CLOSE WINDOW

N4128: bslab pa me tog snye ma zhes bya ba
Wyliee-texts based on the ACIP/ALL Input

བསླབ་པ་མེ་ཏོག་སྙེམ་ཞེས་བྱ་བ་རྣམ་སྒ?་སྲུང་བར་མཛད་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། ཤིཀྵ་ཀུ་སུ་མ་མཉྫ་རི་ནཱ་མ། །བོད་སྐད་དུ། བསླབ་པ་མེ་ཏོག་སྙེ་མ་ཞེས་བྱ་བ། །དཔལ་འཇམ ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་གཡོ་བའི་ཀུན་རྟོག་རླབས་ཀྱིས་མི་འཁྲུགས་པ་ཡིས་ཟབ་གྱུར་ཅིང། །རྣམ་པར་འཕྲོ་བའི་སྣ་ཚོགས་ཡོན་ཏན་འབྱུང་གནས་ཉིད་དང་དེ་བཞིན་དུ། སྣ་ཚོགས་ཐབས་ཀྱི་ས་མ་ལུས་འགྲོ ་དོན་ཕུན་སུམ་ཚོགས་པས་རྒྱ་ཆེ་བའི། །མཚོ་འདྲའི་སངས་རྒྱས་གང་ཡིན་དེ་ལ་འཆི་མེད་དོན་དུ་སྐྱབས་སུ་མཆི། །གལ་ཏེ་ལུས་དང་ལོང་སྤྱོད་དང་ནི་དགེ་བ་གསུམ། །བཏང་དང་བསྲུང་བ་དང་ནི་ངག་དང་སྤེལ་བ་རྣམས། །གཞན་དོན་བརྩོན ་པས་ངེས་པར་བྱེད་པར་འདོད་འགྱུར་ན། །བླ་མེད་བསླབ་པ་ཀུན་ལས་བཏུས་པ་ལ་བརྟེན་བྱ། །མདོ་སྡེ་རིན་ཆེན་སྣ་ཚོགས་ཀྱི། །རྒྱ་མཚོ་ཆེན་པོ་གཅིག་པོ་ཡིས། །བརླབ་ཀུན་བསྡུས་པ་འདི་མཐོང་ན། །སྲེད་པ་ཀུན་ནས་གཅོད་པར་བྱེད། ་ཤིན་ཏུ་རྒྱས་བས་འཇིགས་པས་ན་།བདག་འདྲའི་སེམས་ཀྱི་རྒྱུད་དག་ལ། །དེ་ཡི་གཟུགས་བརྙན་འཆར་བ་ནི། །བདེ་བླག་ཏུ་ནི་འདིར་མི་འབྱུང། །དེ་ཕྱིར་རང་གི་སེམས་ཀྱི་རྒྱུད། །དག་པ་ཙམ་གྱི་དོན་གྱི་ཕྱིར། །བདག་གི་དྲན་པ ་ལས་འོངས་པ། །ཅུང་ཟད་བཏུས་ཏེ་བྲི་བར་བྱ། །འཕགས་པ་ཞི་པའི་ལྷ་གང་གིས། །བཤད་བྱ་ཐམས་ཅད་མཚོན་བྱེད་པའི། །གང་ཞིག་བསླབ་བཏུས་འགྲེལ་པ་ནི། །ཡོད་པའི་ཚིགས་བཅད་གཅིག་གསུངས་པ། །འདི་ལྟ་སྟེ། ་བདག་གིས་ལུས་དང་ལོང་སྤྱོད་དང། །དགེ་བ་དུས་གསུམ་བསགས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང། །དེ་བསྲུང་དག་པ་སྤེལ་བའོ། །ལུས་ནི་འདི་ནི་རབ་གྲགས་པའི། །འདི་ལྟར་ཕུང་པོ་ལྔ་པོའོ། །ལོང་སྤྱོད་ཉེར་མཁོ ་ཐམས་ཅད་དེ། །དེའི་གནས་པ་ཡི་རྒྱུར་གྱུར་པའོ། །དགེ་བ་ལེགས་པ་ཐམས་ཅད་དེ། །འདས་དང་མ་འོངས་ད་ལྟར་བའོ། །བཏང་བ་ལ་སོགས་རྣམ་པ་བཞི། །དེ་དག་སོ་སོ་ནས་བསྟན་ཏེ། །སྙིང་པོ་མེད་པ་སྙིང་བླང་ཕྱིར། །གུས་པས་སྦྱིན་པར་བྱ ་བ་ཡིན། །ལུས་སོགས་སྙིང་པོ་མེད་པ་འདི། །མངོན་སུམ་དང་ནི་ལུང་གིས་གྲུབ། །ཇི་སྐད་དུ་།གང་ཞིག་བྱིན་དེ་ཉམས་མིན་ཏེ། །གང་ཞིག་ཁྱིམ་ན་གནས་དེ་ཉམས། །གང་དེ་ཁྱིམ་ནས་མྱ་ངན་རྒྱུ། །གང་ཞིག་བྱིན་དེ་བདེ་འབྱུང་བྱེད། །གང ་ཞིག་བྱིན་དེ་བདེ་འགྲོ་བ། །མཐོ་རིས་ཀྱི་ནི་སྐས་སུ་གནས། །གང་དེ་ཁྱིམ་ནས་ངན་འགྲོ་དེར། །སྡུག་བསྔལ་ཡང་དག་འབྱུང་བའི་རྒྱུ། །གང་ད་ཁྱིམ་ནས་ཡུན་རིང་དུ་།འཁོར་བའི་ལམ་དུ་ལྟུང་བར་བྱེད། །གང་བྱིན་དེ་ནི་ཐར་པ་ཡིན། །གྲོང་ཁྱེར་ལམ ་ན་སྟོན་པར་བྱེད། །ཁྱིམ་གནས་གང་དེ་འཁོར་བ་ཡི། །དུག་གི་སྡོང་བུ་འཕེལ་བར་བྱེད། །གང་ཞིག་བྱིན་དེ་ཉོན་མོངས་པའི། །དགྲ་ཡི་ཕྱོགས་རྣམས་སེལ་བར་བྱེད་།ཁྱིམ་གནས་གང་དེ་ཕ་རོལ་གྱི། །ཁང་པའི་སྒོར་ནི་འགྲོ་བའི་རྒྱུ ་གང་ཞིག་བྱིན་དེ་འདོད་པ་ལས། །གང་བའི་ཁང་བཟང་འབྱུང་བའི་རྒྱུ། །སེར་སྣས་བཅིངས་པ་ལས་བྱུང་བའི། །དེ་ལྟར་སྐྱོན་རྣམས་མཐོང་ནས་ནི། །འགྲོ་བའི་དོན་ནི་བསྒྲུབ་པའི་ཕྱིར། །སྦྱིན་པ་ལ་ནི་གོམས་པར་བྱ། །རིམ་གྱིས་གོམས་པ ་འཕེལ་བ་ལས་།བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེའི་གཏེར། གང་ཞིག་མགོ་དང་རྐང་བར་གྱི། །ལུས་ནི་སྦྱིན་པར་བྱེད་པས་ན། །དེ་ལ་རྨི་ལམ་རྒྱུ་མཚུངས་པའི། །སྡུག་པའི་བུ་ལ་སོགས་པ་དང། །དེ་བཞིན་ལོངས་སྤྱོད་ཐམས་ཅད་ལ།། ་སྦྱིན་མི་བྱ་བ་ཡོད་དམ་ཅི། །ཁྱི་དང་ཝ་དང་སྟག་སོགས་ཀྱི། །ཟས་སུ་འདི་དག་གསལ་པར་ནི། །ཡང་དག་མཐོང་བས། འདོད་རྣམས་ལ། ལུས་ནི་སྦྱིན་པར་ཅིས་མི་བྱ། །གཞན་ལ་བཏང་བའི་རང་བཞིན་འདི། །ལམ་དུ་མཁས་པ་རྣམས་ཀྱིས ་བསྟེན། །འགྲོ་བའི་དོན་ནི་རབ་སྒྲུབ་ཆེད། །གཞན་དག་དེ་ཡིས་མངོན་མ་གཟིགས། །དེ་བཞིན་གཤེགས་པའི་ཡོན་ཏན་ཚོགས། །རིན་ཆེན་རྒྱན་ནི་དྲན་པ་དང། །སེར་སྣའི་ཉེས་པ་རྣམས་མཐོང་བ། ། ་གཉིས་པོ་སྦྱིན་པ་ལ་འཇུག་རྒྱུ། །དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །།དེ་ནི་སྦྱིན་པར་གྱུར་ཀྱང་ནི། །བསྲུང་བ་དག་ནི་མ་བྱས་ན། །ལུས་སོགས་ལོངས་སྤྱོད་དུ་མི་འགྱུར། །དེས་ན་བསྲུང་བ་རྣམས་བྱའོ། །འགྲོ་བའི་དོན ་རྣམས་བསྒྲུབ་དོན་དུ། །ལོངས་སྤྱོད་ཉིད་དུ་བྱ་བའི་ཕྱིར། །ལྟ་མཛེས་ཤིང་གི་ས་བོན་བཞིན། །སྙིང་རྗེའི་བདག་ཉིད་ཅན་གྱིས་བསྲུང། །གཞན་དུ་དུས་མི་ཤེས་པ་ཡིས། །སྨིན་པར་མ་གྱུར་བྱང་ཆུབ་ཀྱི། །སེམས་ཀྱི་མྱུ་གུ་ཉམས ་པ་ཡིས། །ཇི་ལྟར་འདོད་པའི་འབྲས་སྟེར་འགྱུར། །ལུས་ཀྱི་བསྲུང་བ་གང་ཞེ་ན། །གཞན་ལ་གནོད་པ་སྤོང་བ་སྟེ། །དེ་ནི་བདག་ཅག་ཆགས་བྲལ་པས། །དེ་ནི་དམ་ཆོས་ཡོངས་བཟུང་དང། །དགེ་བའི་བཤེས་གཉེན་དམ་པ་རྣམས།། ་ཇི་བཞིན་རྟག་ཏུ་བསྟེན་པ་དང། །སེམས་ཅན་ཀུན་ལ་བརྩེ་བ་ལས། །འབྱུང་བར་མདོར་བསྡུས་ནས་ནི་བརྗོད། །གནོད་པར་འགྱུར་བ་གཞན་རྣམས་ཀྱི། །བྱ་དང་བྱ་མིན་བལྟ་བ་དང། །ཉེས་པ་མེད་པར་གནས་པ་ལ། །ལུས་དང ་སེམས་དང་ངག་གིས་ནི། །ཉེས་པ་ཉེ་བར་འདོགས་པ་དང། །དེ་བཞིན་གཞན་ལ་གནོད་སེམས་དང། །ཡང་དག་བྱང་ཆུབ་སེཾས་བསྐྱེད་ལ། །མི་སྙན་རྗོད་པར་བྱེད་པ་དང། །སྡིག་ཅན་འདི་ནི་བལྟ་མིན་ཞེས། །གང་ཞིག་མ་དང་ཁྲོ ་སེམས་ཀྱིས། །བྱང་ཆུབ་སེམས་དཔའ་ལ་ནི་གདོང། །ཕྱིར་ཕྱོགས་པར་ནི་བྱེད་པ་དང། །ཆགས་པས་འདོད་རྣམས་ལ་ཞེན་དང། །སྡིག་པའི་གྲོགས་པོའི་རྗེས་འཇུག་དང། །དགེ་བའི་བཤེས་གཉེན་སྤོང་བ་དང། །འཇིག་རྟེན་ཆོས་ལ ་འབྲིས་བྱེད་དང། །ཚུལ་བཞིན་མ་ཡིན་རབ་ལྡན་པའི། །སྦྱིན་པ་ལ་སོགས་གནོད་པ་ཉིད། །སྒྲིབ་པ་ཐམས་ཅད་ཡོངས་དག་པའི། །མདོ་ལས་རབ་ཏུ་རྟོགས་བྱ་སྟེ། །འདི་ལྟར། སྦྱིན་པ་གཏོང་ན་བདག་ཉིད་ནི། །གཅིག་པུ་ཁོ་ན་གཏོར་བྱེད་ཅེས ་བདག་ཉིད་ང་རྒྱལ་ལྡན་པ་ཡིས། །སེར་སྣ་ཅན་ལ་བརྙས་འདི་དང། །ཚུལ་ཁྲིམས་སྲུང་བར་བྱེད་པ་ན། །ཚུལ་ཁྲིམས་འཆལ་རྣམས་ལ་བསྙས་ཤིང། །བདག་ཉིད་ཚུལ་ཁྲིམས་ལྡན་རིག་ཕྱིར། །དེ་སྐྱོན་འཇིག་རྟེན་ལ་བརྗོད་དང། །བཟོད་པ ་གོམས་པར་བྱེད་པ་ན། །བཟོད་མེད་རྣམས་ལ་སྙས་བྱེད་ཅིང། །བདག་ཉིད་ཁོ་ན་སངས་རྒྱས་ཉིད། །ཐོབ་འགྱུར་ཞེས་པའི་བློ་ལྡན་དང། །དེ་བཞིན་བརྩོན་འགྲུས་བསམ་གཏན་དང། །དེ་བཞིན་ཡང་དག་བྱང་ཆུབ་ཀྱི། །རྒྱུར་འགྱུར་དམ ་ཆོས་གཞན་ལ་ཡང། །གང་ཞིག་མདོ་སྡེ་གཅིག་ཉིད་ལ། །ལེགས་ཞེས་རབ་ཏུ་བརྗོད་པ་དང། །ཚིགས་བཅད་གཞན་དང་ཚིག་གཞན་དག་།གསལ་བར་གང་ཞིག་བརྗོད་པ་དང། །ཤེས་རབ་ཉིད་ལ་སྦྱོར་བྱེད་ཀྱི། །ལྷག་མའི་ཕ་རོལ་ཕྱིན་པ ་མིན། །དེ་ལྟའི་ཤེས་རབ་འཆལ་རིགས་ཀྱི། །སྤྱོད་པ་ཡང་ནི་བལྟ་བར་བྱ། །འདོད་ཡོན་ལྔ་ཡི་རོལ་པ་ཡིས། །བྱེད་པའི་ཆོས་ནི་སྨྲ་བ་ལ། །སྤྱོད་པ་ལྡན་པར་གནས་མིན་ཞེས། །གང་ཞིག་ཡིད་ཀྱིས་སེམས་བྱེད་པ། །དེ་ལྟའི་གནོད་དང་ཡང ་དེ་ཡིས། །རྣམ་སྨིན་ཆེས་ནི་རྩུབ་པ་ལ། །སྣ་ཚོགས་ཐམས་ཅད་འདོད་པ་ལས། །མཁས་པ་རྣམས་ཀྱིས་དང་བར་བྱ། །དམ་ཆོས་དྲན་པ་ཉེར་བཞག་པ། །ལ་སོགས་མདོ་སྡེ་རྣམས་ལ་ནི། །གུས་དང་གཡོ་བ་མེད་པ་ཡི། །སེམས་ཀྱིས་ངེས ་པར་བལྟ་བ་ཡིས། །གནོད་པ་དང་ནི་སྤོང་བ་ལ། །གུས་པ་ཡང་ནི་བསྒྲུབ་ཕར་བྱ། །རང་ནི་དོན་འགྲོས་འཇིགས་སྐྲག་ནས། །མཐོང་དང་མ་མཐོང་དོན་སྒྲུབ་ཕྱིར། །སྟས?་པའི་དགེ་བའི་བཤེས་གནས་པའི། །སེམས་ཅན་རྣམས་ལ་ཐམས ་ཅད་དུ། །ནམ་ཡང་ཁོང་ཁྲོ་བ་དག་གི་།སྐབས་ནི་རབ་ཏུ་དབྱེ་མི་བྱ། །གང་ཕྱིར་དཔའ་བར་འགྲོ་བའི་མདོར། །གཟིགས་པ་ཉམས་མེད་སངས་རྒྱས་ཀྱིས། །བླ་མེད་བྱང་ཆུབ་ཆེན་པོ་རུ། །སེམས་ཅན་ཐམས་ཅད་ལུང་བསྟན ་ཏོ། །བྱང་ཆུབ་སེམས་དཔའ་གཞན་དག་གི་།སྤྱོད་པ་ལ་ནི་སྨད་མི་བྱ། །སེམས་ཅན་རྣམས་ཀྱི་སྤྱོད་པ་ནི། །འཕགས་མིན་མིག་གི་སྤྱོད་ཡུལ་མིན། །གང་ཟག་གཞན་གྱིས་གང་ཟག་གཞན། །ཚད་འཛིན་པར་ནི་བྱེད་པ་དག་།རང་གིས ་རང་ཉིད་ཉམས་བྱེད་པར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །མཆོད་རྟེན་སྐོར་བ་བྱ་བ་དང། །ཡོན་གནས་རྣམས་དང་འདྲིས་པ་དང། །དེ་བཞིན་ཕྱི་མའི་དུས་སུ་ནི། །དམ་པའི་ཆོས་ནི་འཛིན་པ་ཡིས། །སྨན་པ་ནད་པ་སྨན ་དང་ནི། །མི་བཟད་ནད་ཀྱི་འདུ་ཤེས་ཀྱིས། །དགེ་བཤེས་བདག་ཉིད་དམ་ཆོས་དང། །ཉོན་མོངས་རྣམས་ལ་རིག་པར་བྱ། །གནོད་པ་ཡོངས་སུ་སྤང་དོན་དུ། །བག་ཡོད་པ་ནི་ཡོངས་སུ་བཟུང། །རྙེད་དང་བཀུར་སྟི་མི་འདོད་པར། ། ་བརྗོད་ཅིང་ཀུན་དགའ་ར་སོགས་ཡང། །དེ་ལ་བག་ནི་ཡོད་པ་ནི། །བག་ཡོད་པ་ནི་མདོར་བསྡུ་ན། །གང་ཞིག་རང་སེམས་འདུལ་བ་དང། །གཞན་སེམས་རྗེས་སུ་འཇུག་པ་སྟེ། །ཕུན་སུམ་ཚོགས་པ་ཀུན་གྱི་ཕྱིར། །སྐྱེ་བོ་ངན ་པས་བརྟེན་པ་ཡི། །རྙེད་དང་བཀུར་སྟི་ལ་གཞོལ་ཡིད། །མྱུར་དུ་འབིགས་པར་བྱེད་པས་ན། །ཚེར་མ་དང་མཚུངས་མཁས་པས་སྤང། །འཕྲལ་དུ་ཕྱིང་བར་བྱེད་ཉིད་ཀྱིས། །འདམ་གྱི་འདུ་ཤེས་ཀྱིས་ཞེས་བྱ། །དྲན་པའི་རིན ་ཆེན་ཉམས་བྱེད་ཕྱིར། །ཚོམ་རྐུན་གྱི་ནི་འདུ་ཤེས་བྱ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནོད་པ་སྤོང་བའོ།། །།གནོད་པ་སྤོང་བ་ཚུལ་ཁྲིམས་ཏེ། །དེ་ནི་དྲན་པ་ཉེར་གནས་ལས། །ཞི་གནས་མི་ཉམས་རྒྱུར་འགྱུར་བའི། ། ་དྲན་པ་བཅུ་གཉིས་དག་ཏུ་གསུངས། །སངས་རྒྱས་བཀའ་ལས་འདས་བྱུང་བའི། །རྣམ་སྨིན་ལ་གྲུབ་དྲན་པ་དང། །ལུས་མི་གཡོ་བ་གཉིས་གནས་པའི། །དྲན་པ་ཡང་ནི་གཞན་ཡིན་ནོ། །ཤིན་དུ་མ་དད་པས་བྱས་པའི། །སྦྱིན་སོགས་དམ་པའི ་དྲན་པ་དང། །སྤྱོད་ལམ་དང་ནི་ཐམས་ཅད་ལ། །གུས་པར་བྱ་ཞེས་དྲན་པ་དང། །གཞན་གྱི་དོན་ལ་མི་མཁོ་བའི། །ཡན་ལག་དག་ནི་འདིར་མཐོང་ན། །དེ་ཆེ་བསྡུས་ནས་སླར་ཡང་དེ། །གཞན་གྱི་དོན་སྦྱོར ་དྲན་པ་དང། །སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཞི་གནས་ཀྱི་ནི་ཀ་བ་ལ། །རྟག་ཏུ་གདགས་པའི་དྲན་པ་ཡང། །འདི་ནི་དྲུག་པར་གསུངས་པ་ཡིན། །ཇི་ཙམ་དག་གི་སྒྲ་ཡིས་ནི། །ཉན་པས་དོན་ནི་ངེས་འགྱུར་བ། །དེ་ལས་ལྷག་བ་དོན་མེད་པའི ་སྒྲ་མི་བརྗོད་པའི་དྲན་པ་ཡང། །སྤྱོད་ལམ་ལྷག་པ་གང་ཞིག་ལ། །བསྲུང་བའི་དོན་གྱི་དྲན་པ་གཞན། །དྲན་པ་ལྷག་མ་མདོ་ཡི་ནི། །རྗེས་སུ་འབྲངས་ནས་ཤེས་པར་བྱ། །གང་ཞིག་སྒོ་བསྲུངས་གྱུར་པས་ཉོན་མོངས་དང། །བདུད་རྣམས ་དག་གིས་ཟིལ་གྱིས་མི་ནོན་ཅིང། །ལམ་མིན་ལམ་ངན་དག་ཏུ་མི་ལྟུང་བའི། །ཡང་དག་དྲན་པ་ཞི་གནས་ཀྱི་ནི་རྒྱུ། །དྲན་པ་གང་ཞིག་ཕུལ་བྱུང་ཉིད། །ཤེས་བཞིན་ཞེས་ནི་བརྗོད་པ་སྟེ། །གང་ཞིག་ལུས་དང་སེམས་ལ་ནི། །ཡང་དང་ཡང ་དུ་རྟོག་པ་པོ། །དྲན་པ་དང་ནི་ཤེས་བཞིན་ལས། །ཏིང་ངེ་འཛིན་ཀྱང་འབྱུང་བར་འགྱུར། །ཏིང་འཛིན་ཞི་གནས་ལ་གཞན་མིན། །ཚུལ་ཁྲིམས་དེ་མེད་པར་མི་འབྱུང། །གང་ཕྱིར་ཏིང་འཛིན་ཚུལ་ཁྲིམས ་ལས། །འབྱུང་བས་ཏིང་ངེ་འཛིན་གྱི་རྒྱུ། །སྦྱོར་བས་གཞན་དག་གསུངས་པ་རྣམས། །ཐམས་ཅད་ཚུལ་ཁྲིམས་ཁོངས་སུ་འདུས། །དེ་ཕྱིར་དྲན་དང་ཤེས་བཞིན་དག། ལྡན་པ་ཏིང་འཛིན་དོན་གཉེར་བྱ། །ཚུལ་ཁྲིམས་འདོད་བས་ཞི་གནས་ལ། །རྟག་ཏུ ་225 ་གུས་པས?་འབྲད་པར་བྱ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུས་བསྲུང་པའོ།། །།ལུས་བསྲུང་བ་ཡང་བྱ་བའི་ཕྱིར། །ལོང་སྤྱོད་ཀྱང་ནི་བསྲུང་བར་བྱ། །ལོང་སྤྱོད་རྣམ་པ་གཉིས་ཡིན་ཏེ། །གོས་དང ་ཁ་ཟས་དབྱེ་བས་སོ། །དེ་ལ་ཟས་སྲུང་གང་ཞེ་ན། །ཁ་ན་མ་ཐོ་མེད་པ་གང། །དེ་དང་གཞན་ནི་ཁ་གསག་དང། །ཚུལ་འཆོས་དང་བྲལ་བསོད་སྙོམས་སོ། །གང་ཚེ་རྒྱལ་བའི་སྲས་འདི་ནི། །བསོད་སྙོམས་ལ་ནི་རྒྱུ་བ་ན། །དེ་ཚེ་བློ་དང་ལྡན ་བ་དེས། །བློ་ནི་རྣམ་གསུམ་བསྐྱེད་བྱ་སྟེ། །ལུས་ལ་ཆོས་འཛིན་བློ་དང་ནི། །ལུས་ཀྱི་སྲིན་བུ་གསོ་བ་དང། །གཞན་ཡང་སྦྱིན་བ་དག་རྗེས་སུ་ནི། །གཟུང་བའི་བློ་ནི་བསྐྱེད་བར་བྱ། །གང་ཞིག་གཞན་གྱི་དོན་དུ་ནི། །ལོངས་སྤྱད་བྱས་ན་དེ་བསྲུང ་ཡིན། །གང་གིས་རང་ཉིད་ཁོ་ན་སྤྱོད། །དེ་ལས་ཉོན་མོངས་ལྟུང་བར་འགྱུར། །གཞན་ཡང་གཞན་ལ་ཞེན་པ་ཡི། །སེམས་ཀྱི་འདོད་བས་གཞན་གྱི་ནོར། །ཡོངས་སུ་ལོངས་སྤྱོད་བྱེད་པ་གང། །ཉོན་མོངས་མིན་བའི་ལྟུང་བར་འགྱུར། །གྱི་ཞེས་ནས ་ནི་རང་གི་ནོར། །གང་གིས་ལོངས་ནི་སྤྱད་གྱུར་ན། །དེ་ནི་རང་ལྟོ་འགེངས་པ་སྟེ། །བརྐུས་པ་ཡི་ནི་ལྟུང་བར་འགྱུར། །དེ་ཕྱིར་སེམས་ཅན་དོན་ལ་ནི། །བརྩོན་པས་དམ་ཆོས་འཛིན་པའི་ལུས། །འདི་ནི་གནས་པར་བྱ་བའི་ཕྱིར། །ཡོངས་སུ་ལོངས ་སྤྱོད་བྱེད་པ་ཡིན། །སངས་རྒྱས་ཀྱིས་གནང་ཆོས་གོས་ལས། །ལྷག་པ་བློ་ལྡན་གྱིས་མི་གཟུང། །བསྟན་པའི་རྒྱལ་མཚན་བསྲུང་དོན་དུ། །མ་གནང་བློ་ལྡན་གྱིས་མིང་གཏང། །འདིར་ནི་སེམས་ཅན་མང་པོ་ཡིས། །སྨད་པ་ཡོངས་སུ ་བསྲུང་བའི་ཕྱིར། །སློང་པར་བྱེད་པ་འགའ་ལ་ཡང། །ཆོས་གོས་གསུམ་པོ་སྦྱིན་མི་བྱ། །དེ་དག་ནི་ལོངས་སྤྱོད་བསྒྲུབ?་པའོ།། །།རྣམ་པར་སྨིན་པ་མི་བཤེད?་པས། །དགེ་བ་ཀུན་དུ་བསྲུང་བ་འགྱུར། །འཇིག་རྟེན་པ་ལས་བསྒྲཌ ་@225བ ་མིན་བར། །བྱས་ཏེ་མི་དགའ་ཨི་ལས་བཞིན་ནོ། །དེ་བཞིན་དུ་། ང་རྒྱལ་མེད་ཀྱང་རྟག་པར་ནི། །རྙེད་དང་བཀུར་སྟི་ཡོངས་སྤོང་དང། །སེམས་ཅན་ཀུན་ལ་དང་བ་ཡིས། །དགེ་བ་ཀུན་ཏུ་བསྲུང་བར་འགྱུར། །འདི་ལྟར་ཡང་།ཁེངས་པ་མེད ་པར་གྱུར་ན་ནི། །བདེ་གཤེགས་ཡོན་ཏན་ངང་གིས་འབྱུང། །རི་བོ་ཡོངས་སུ་སྤངས་ནས་ནི། །ཆུ་བོ་རྒྱ་མཚོར་འབབ་པ་བཞིན། །ཞེ་སྡང་དབང་དུ་གང་གྱུར་པ། །ངན་འགྲོར་འགྲོ་དང་དམན་པ་ཡི། །རིགས་སུ་སྐྱེ་བ་ཡོངས་འཛིན་དང། །མི ་ཁོམ་བ?་རྣཾས་ཡོངས་སུ་འཛིན། །མ་དད་པ་ནི་ཞེ་སྡང་སྟེ། །ཁོང་ཁྲོ་ཞེས་པ་མིང་གཞན་ན། །གང་ཞིག་བསྐལ་པ་དུ་མ་རུ། །བསགས་པའི་དགེ་བ་འཇོམས་པས་སོ། །དེ་ཕྱིར་འཇོམས་པར་བརྩོན་པ་ཡི། །སེམས་ཅན་ལ་ཡང་དང་བྱ་སྟེ། །སྐྱེ་བོའི་ཚོཌ ་ཆེན་བསྡིགས་བྱེད་པའི། །རྒྱལ་པོའི་སྐྱེས་བུ་གཅིག་བཞིན་དུ། །ཤིན་ཏུ་ཕྱི་ཐག་ལྟ་བྱེད་པ། །དེ་ཡིས་འདི་གཅིག་ལ་ཡང་མཐོང། །གང་ཕྱིར་སྐྱེ་པོའི་ཚོགས་ཆེན་གྱི། །རྒྱལ་པོ་ཆེ་དཔུང་དེ་ཡི་དཔུང། །རྒྱལ་པོ་ཁྲོས་པས་འདིར་ནི་དམྱལ ་བར་བྱེད་ནུས་སམ། །དེ་བཞིན་གལ་ཏེ་གུས་པས་བདེ་གཤེགས་ཉིད་མཚུངས་འདི་ལྟར་རམ། །དེ་བཞིན་སེམས་ཅན་མགུ་པ་ལས་བྱུང་སངས་རྒྱས་ལྟ་ཞོག་གི་།དེ་ལྟར་རང་ཉིད་སྙན་དང་སྐལ་བ་བཟང་བ་མ་མཐོད་དམ། །གང་ཞིག་མགུ ་ལས་སྲིད་གསུམ་མཚོ་ཡི་ཕ་རོལ་སོན་གྱུར་ཅིག་།སྔོན་གྱི་རྒྱལ་བའི་ཡོན་ཏན་ཡུན་མི་རིང་བར་རྫོགས། །བློ་དམན་རྣམས་ཀྱིས་གཞན་དག་མགུ་མི་བྱས་པས་དམྱལ་བ་ཐོབ། །དེས་ན་ལེགས་འདོད་བདག་ནི་སེམས་ཅན་རྣམས་ལ་ཅིས་ནི ་འདུད། །དེ་བཞིན་དུག་།སེམས་ཅན་རྣམས་ལ་ཕུན?་སེམས་ཤིང། །སྙན་པ་ཆེན་པོ་སྨྲ་བྱེད་པ། །རྟེན་པ་ཞེས་ནས་འཇུག་པ་དང། །བདེན་པ་སྨྲ་པར་དགའ་བ་ནི། །སྐྱེ་བ་ཀུན་ཏུ་སྐྱེས་ཙམ་གྱིས། །ངང་གིས་འབྱུང་བ་དག་དང་ནི། །ཡང ་དག་རྫོགས་པའི་བྱང་ཆུབ་སེམས། །འབད་པ་མེད་པར་སྐྱེ་བར་འགྱུར། །དེ་དག་ནི་དགེ་བ་བསྲུང་བའོ།། །།འདིར་ཡང་ད་ནི་ལུས་ཀྱིས་ཡང། །ཡོངས་སུ་དག་པ་བརྗོད་པར་བྱ། །དེ་ཡང། མདོར་ན་ལུས ་ཀྱི་སྡིག་པ་ནི། །ཟད་དང་ཉོན་མོངས་སྤྱད་བའོ། །བསྐལ་པ་དུ་མར་བསགས་བ་ཡི། །སྡིག་པ་ཟད་པར་བྱེད་པའི་རྒྱུ། །ཆོས་བཞིའི་མདོ་ལས་བརྟེན་པ་ཡི། །ཆོས་བཞི་ཡོངས་སུ་གཟུང་བར་བྱ། །དེ་ལ་ཆོས་བཞི་ནི་།སུན་འབྱིན་ཀུན་ཏུ ་སྤྱོད་པ་དང། །གཉེན་པོ་ཡོངས་སུ་འཛིན་པ་དང། དེ་ནས་ཉེས་པ་ལས་ལྡོག་སྟོབས། །དེ་ནས་རྟེན་གྱི་སྟོབས་དག་གོ་།མི་དགེའི་ལས་ནི་བྱས་པ་ན། །སེམས་ནི་འགྱོད་པར་བྱེད་པ་ཉིད། །སུན་འབྱིན་ཀུན་དུ་སྤྱོད་པ་སྟེ། །དེ་ཉིད་སྡིག་པ ་བཤགས་པའོ། །དེ་ལ་སུན་འབྱིན་པ་ཀུན་ཏུ། །སྤྱོད་པ་འདི་ནི་བསྒོམ་པར་བྱ། །ལུས་དང་སེམས་དང་ངག་རྣམས་ཀྱིས། །བདག་གིས་མི་ཤེས་གང་བགྱིས་པ། །མགོན་པོ་རྣམས་ཀྱི་མདུན་གནས་ཏེ། །སྡིག་པ་དེ་དག་བཤགས ་པར་བགྱི། །མདོ་སྡེ་རྒྱལ་པོ་གསེར་འོད་དམ་པ་ལས། རབ་ཏུ་གསུངས་པའི་བཤགས་པ་དེ་དག་གིས། །བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །འགྱོད་པས་བདག་གི་འཁྲུལ་པའི་སྡིག་གཤགས་བྱ། །བྲལ་བར་བྱ་བ་འདོད་པ་ཡིས ་ལྟུང་བ་ཐམས་ཅད་བཤགས་པར་བྱ། །དུག་དང་བཅས་པའི་ཁ་ཟས་ནི། །མ་སྐྱུགས་བདེ་བའི་རྒྱུར་མི་འགྱུར། །དེ་ཡང་ལྕེ་དང་ཡང་བ་དང། །འདིར་ནི་ལྟུང་བ་གཉིས་སུ་འདོད། །དེ་ལ་ཞེ་སྡང་ལས་བྱུང་བ། །ལྕི་ཞིང་ཆགས་ལས ་བྱུང་བ་ཡང། །རང་བཞིན་ཁ་ན་མཐོ་ལྕི། །བཅས་པ་ཡི་ནི་སྤང་བའོ། །གང་ཕྱིར་སྡོང་དང་ཆགས་པ་ལས། །སེམས་ཅན་གཏོད་དང་འཛིན་པའི་རྒྱུ། །ཞེ་སྡང་ལས་སྐྱེས་རྒྱལ་སྲས་ཀྱི། །ཐབས་སུ་གྱུར་པ་མ་ཡིན་གྱི། །གནོད་པ་ཆེན? ་པོའི་རྒྱུ་ཡིན་པར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །གང་ཕྱིར་ཀུན་སྡུད་ཤེས་པ་ནི། །ཐབས་སུ་མདོ་རྣམས་ལས་ནི་མཐོང། །ཤེས་རབ་ཀྱིས་ནི་དེ་ཡོངས་གཅོད། །དེས་ནི་དེ་ལྟར་གཉིས་ཀ་མིན། །གང་ཚེ་ཆགས་སྐྱེས་སངས་རྒྱས་ཉིད།། ་མྱུར་དུ་མི་འགྱུར་ཆུག་ན་ཡང། །གལ་ཏེ་ཐབས་ལ་མཁས་པ་ཡིས། །སྔོན་གྱི་སེམས་ཅན་བསྡུས་གྱུར་ན། །ཚངས་པ་ཡི་ནི་འཇིག་རྟེན་དུ། །སྐྱེ་བར་འགྱུར་བ་གང་གིས་ཟློག་།གལ་ཏེ་མིན་ན་དུས་རིང་དུ། །ངན་སོང་དག་ཏུ་སྐྱེ་པར་འགྱུར།། ་གལ་ཏེ་དེ་ཚེ་གཞན་དོན་དུ། །ལོངས་སྤྱོད་ཀྱི་གཞན་བུད་མེད་དང། །ཆོས་ཀྱི་རྒྱལ་མཚན་ཅན་གཞན་ལ། །འདོད་པ་ལོག་པར་སྤྱོད་མི་འགྱུར། །གལ་ཏེ་དམྱལ་བའི་སྡུག་བསྔལ་ཡང། །བསྲན་པ་རང་གིས་ཁས་བླངས་པས། །གཞན་གྱི ་སྲོག་ནི་བསྲུང་བའི་ཕྱིར། །དེ་ཚེ་ཉེས་པ་འབྱུང་མི་འགྱུར། །ཇི་ལྟར་ཁྱེའུ་སྐར་རྒྱལ་ནི། །སྙིང་རྗེའི་དབང་དུ་གྱུར་པ་ཡིས། །ཆགས་པའི་སྐལ་ལྡན་མཆོག་ལ་ནི། །སྲོག་བསྲུང་དོན་དུ་བཞུགས་པ་བཞིན། །ཚངས་པར་སྤྱོད་པ་ལ་སོགས་པའི།། ་ཆོས་ཀྱི་རྒྱལ་མཚན་ཅན་རྣམས་ལ། །རྣམ་པ་གཞན་དུ་བྱས་པ་ཡིས། །དེ་ལས་འཇུག་བ་རིགས་མ་ཡིན། །གཞན་ལ་གནོད་པ་བཟློག་པས་ན། །ཁྲོ་བ་འདི་ལས་ཐལ་བ་མིན། །བག་ཆགས་ས་བོན་བསགས་པ་དང། །སྐབས་ཕྱེ་བ་ལས ་སྙིང་རྗེ་ཉམས། །གཞན་ཡང་མི་དགེ་བ་ལས་བཟློག་ན་འང་གལ་ཏེ་ན། །བྱང་ཆུབ་སེམས་དཔའ་ལ་ནི་ཡིད་བྱུང་ན། །རྟག་ཏུ་ངན་འགྲོའི་སར་ནི་འགྲོ་འགྱུར་ཏེ། །དེ་ཡིས་བདག་གཞན་གཉི་གའི་བྱ་བྱས་མིན། །འོན་ཏེ་ཐབས་བྲལ་རང་བཞིན ་གྱི། །ཆགས་པ་ལ་ཡང་སྐྱོན་འདི་ཡིན། །གང་ཕྱིར་བདག་བདེ་ལ་ཞེན་བས། །གཞན་གྱི་སྡུག་བསྔལ་བཏང་སྙོམས་འདོར། །དེ་ནི་མ་ཡིན་ཏེ། གང་གིས་རང་གི་སྡུག་བསྔལ་བཞིན་དུ་གཞན་སྡུག་བསྔལ། །སྙིང་རྗེ་དམན་པས་མཛའ་ ་གཅིག་ཏུ་ནི་གོམས་མ་བྱས། །དེ་ནི་རང་གི་བདེ་ལ་ཞེན་པས་གཞན་སྡུག་བསྔལ། །དུས་མཛའ་ཡས་སུ་བཏང་སྙོམས་འདོར་བར་བྱེད་པ་བདེན། །དེ་དག་ནི་སུན་འབྱིན་པ་ཀུན་དུ་སྤྱོད་པའོ།། །། ་སྡིག་པའི་ལས་ནི་བྱས་གྱུར་ཀྱང། །སླར་ཡང་དགེ་པའི་དོན་བརྩོན་པ། །སངས་རྒྱས་དམིགས་པ་ལ་སོགས་པ། །གཉེན་པོ་ཀུན་དུ་སྤྱོད་པ་ཡིན། །འདི་ལྟ་སྟེ་།བྱང་ཆུབ་སེམས་ནི་བསྐྱེད་པ་དང། །དེ་བཞིན་རྒྱལ་བའི་གཟུགས་བརྙན་དང།། ་བཅོམ་ལྡན་འདས་ལ་ཕྱག་འཚལ་དང། །སངས་རྒྱས་མྱ་ངན་འདས་པ་ཡི། །མཆོད་རྟེན་མེ་ཏོག་འབུལ་བ་དང། །ཁྱད་པར་དུ་ནི་ཁྱིམ་གནས་ལས། །ངེས་འབྱུང་ཚུལ་ཁྲིམས་རྫོགས་པ་དང། །བདེ་གཤེགས་ལ་ནི་མཆོད་བྱས་པའི། །དམན ་མ་སེལ་བར་བྱེད་པ་དང། །བྱུག་པ་འམ་མར་མེ་ཆུ་སྙིམ་གང། །དབུལ་བ་མེ་ཏོག་གཅིག་འདོགས་པ། །ཡང་དག་རྒྱལ་བ་ཡིས་གསུངས་པ། །རྒྱུ་རྐྱེན་དག་དང་ལྡན་པ་ཡི། །ཆོས་རྣམས་གལ་ཏེ་ཤེས་གྱུར་ན། །ངན་སོང་དག་ཏུ་འགྲོ་མི ་འགྱུར། །མིག་གཉིས་བཙུམས་ནས་ཡིད་ཀྱིས་ནི། །མདུན་དུ་སངས་རྒྱས་དམིགས་བྱས་ཏེ། །གསང་སྔགས་རྒྱལ་པོ་ཡི་གེ་བརྒྱ། །སྟོང་ཕྲག་བརྒྱད་དུ་བཟླས་པར་བྱ། །གང་ན་རྩེ་གཅིག་ཡིད་ཀྱིས་ནི། །སྐུལ་བྱེད་མ་ཡི་གཟུངས ་སྔགས་དག་།ཇི་སྲིད་སྡིག་པ་ཟད་པའི་རྟགས། །རྨི་ལམ་མ་མཐོང་བར་དུ་བཟླས། །འདི་ལྟ་སྟེ་།ཟས་ངན་དག་ནི་སྐྱུགས་པ་དང། །ཞོ་དང་འོ་མ་ཟ་བ་དང། །ནམ་མཁའ་ལ་ནི་འགྲོ་བ་དང། །ཉི་ཟླ་དག་ཀྱང་མཐོང་བ་དང། །རྨི་ལམ་དུ་ནི ་མི་དག་ལས། །རྒྱལ་ན་སྡིག་པ་ཟད་ཤེས་བྱས། མ་ཧེ་དང་ནི་དེ་བཞིན་དུ། །སྐྱེས་བུ་ནག་པོ་འང?་མཚོན་བྱེད་ཡིན། །སྨན་གྱི་བླ་མ་བཻཌཱུརྱ། །འོད་ཀྱི་རྒྱལ་པོ་དེ་བཞིན་གཤེགས། །ཇི་བཞིན་ཡིད་ལ་བྱེད་པ་ན། །མི་དགེ་རྣམས་ནི་ཟད ་པར་འགྱུར། །དེ་དག་ནི་གཉན་པོ་ཀུན་ཏུ་སྤྱོད་པའོ།། །།སླར་ཡང་སྡོམ་བ་འཛིན་པ་ནི། །མི་མཐུན་ལས་ལྡོག་སྟོབས་བརྗོད་དོ། །གང་ཞིག་མི་དགེ་བ་ཡི་ལས། །སླར་ཡང་སྡོམ་པའི་བདག་ཉིད་དོ། །དེ་དག་ནི་མི་མཐུན་པའི ་ཕྱོགས་ལས་ལྡོག་པའི་སྟོབས་སོ། །དེ་ལ་རྟེན་སྟོབས་སངས་རྒྱས་དང། །ཆོས་དང་དགེ་འདུན་ལ་བརྟེན་དང། །དེ་བཞིན་མི་ཕྱེད་དད་པ་ཡིས། །བྱང་ཆུབ་སེམས་ལ་བརྟེན་པ་སྟེ། །དཀོན་མཆོག་གསུམ་ལ་ཆོ་ག་ཡིས་ནི་སྐྱབས་སུ་སོང་གྱུར ་པའི། །ཆེས་མང་འབྲས་བུ་གང་ཡིན་ཕག་མོའི་རྟོགས་པ་བརྗོད་པ་ལས་ཤེས་བྱ། །གང་ཞིག་བྱང་ཆུབ་སེམས་ལ་བརྟེན་པ་ལས་བྱུང་འབྲས་བུ་དག་།དེ་ནི་སྣ་ཚོགས་མདོ་རྣམས་དག་ནི་བལྟས་པ་ལས་ཤེས་བྱ། །དེ་དག་ནི་སྡིག་པ་སྦྱངས་པ ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།གང་ཕྱིར་མི་བཟོད་ཐོས་སོགས་ལ། །བརྩོན་འགྲུས་ཉམས་པར་གྱུར་པ་ཡིན། །དེ་ཕྱིར་མི་སྐྱོ་བརྩོན་པ་ཡིས། །ཐོས་པ་སྤེལ་ཕྱིར་བཟོད་པ་བྱ། །གང་ཕྱིར་ཐོས་པ་མ་གཏོགས་པར། ། ་བསམ་གཏན་སྤྱོད་ཡུལ་ཐབས་མེ་གཏོགས། །དེས་ན་སྐྱོ་བ་མེད་ཡིད་ཀྱིས། །འབད་པས་ཐོས་པ་བཙལ་བར་བྱ། །གང་ཕྱིར་གོང་དང་འདྲེས་པ་ན། །སྤྱོད་ལམ་ཤེས་པར་གྱུར་ཀྱང་ནི། །མཉམ་གཞག་ཡང་དག་སྐྱེ་མིན་པ། །དེ་ནས་ནགས་སུ་གནས་པར ་བྱ་།ནགས་སཱུང་གཡེང་བཞི་མེད་ན། །སེམས་ནི་མཉམ་པར་འཇོག་མི་འགྱུར། །ངེས་ན་མཁས་པ་དག་གིས་ནི། །མཉམ་པར་བཞག་ལ་སྦྱར་པར་བྱ། །ཉོན་མོངས་སྤྱང་པ་ལས་གཞན་པའི། །མཉམ་གཞག་འབྲས་བུ་ཡོད་མ་ཡིན། །དེ་ཕྱིར ་ཉོན་མོངས་རྣམ་སྦྱང་ཕྱིར། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཉོན་མོངས་དག་ནི་སྦྲང་བའི་ཕྱིར། །དེ་ལྟར་མདོར་བསྟན་ཚིག་རྣམས་གསུངས། །ད་ནི་ཉོན་མོངས་སྦྱང་བའི་ཕྱིར། །རྒྱས་པར་ཡང་དག་བརྗོད་པར་བྱ། །གང་ཞིག་དངོས་པོ་བཟོད ་པ་སྟེ། །དེ་ཡང་རྣམ་པ་གསུམ་དུ་དབྱེ། །སྡུག་བསྔལ་གཞན་གྱིས་གནོད་བྱས་དང། །ཆོས་ལ་ཡང་ནི་སྐྱེ་བར་འགྱུར། །ཕལ་ཆེར་མི་འདོད་བྱུང་བ་དང། །སྡུག་དང་བྲལ་དབྱུང་ལས་སྡུག་བསྔལ། ་གང་ཞིག་སྡུག་བསྔལ་ལས་འཇིགས་པ། །དེ་བཟོད་མི་མཐུན་ཕྱོགས་སུ་འདོད། །དེ་ལ་སྡུག་བསྔལ་དང་དུ་ལན་པའི་བཟོད་པ་བསྒོམ་པའི་རིམ་པ་ནི་འདི་ཡིན་ཏེ། །སྡུག་བསྔལ་རབ་སེལ་བྱེད་པ་ཡི། །ཀུན་མཁྱེན་རིན་ཆེན་འདོད་པ་ན། ་ཆུང་དུ་བཟོད་པས་རིམ་གྱིས་ནི། །གནོད་པ་དྲག་པོ་བཟོད་འགྱུར་ཏེ། །རེ་ཞིག་ཤིན་ཏུ་དམན་པའི་འབྲས་བུ་ཡི། །དང་པོ་ལ་ནི་ཞེན་པའི་སེམས། །ཉ་པ་ཞིང་པ་ལ་སོགས་པ། །གནོད་པ་བཟོད་པར་བྱེད་མཐོང་ན། །བདུད་ཀྱི་ཁར་ཆུད ་གྱུར་པ་ཡི། །འགྲོ་བ་བཅིངས་པ་དགྲོལ་བ་ཡིས། །ཡང་དག་དམ་བཅས་བྱས་པ་དག་། སྡུག་བསྔལ་མཐོང་བས་ཇི་ལྟར་ལྡོག་།གང་ཞིག་གནོད་མ་བྱས་ཀྱང་དགྲར་གྱུར་ཟག་པ་ཡིས། །དགྲ་བོ་གཞོམ་ཕྱིར་སྐད་ཅིག་ཀྱང་ནི་ཁྲོ་བ་རུ། །མི ་བྱེད་པ་དེ་དག་གི་རིགས་པའི་དངོས་མིན་ཞིང། །གང་ཞི་དགྲ་མ་ཐུབ་པ་ང་རྒྱལ་ཅན་དངོས་མིན། །ཤིན་ཏུ་དུས་རིང་དག་ཏུ་སྡུག་བསྔལ་གྱིས་ཐོབ་པའི། །དགེ་བའི་ནོར་ནི་འཕྲོག་པ་དག་ཏུ་བརྩོན་གྱུར་ཞིང། །བསྲན་པས་བདག་གི་སྡུག ་བསྔལ་ཚོར་བའི་རྒྱུར་གྱུར་ལ། །གཞོམ་པར་འདོད་བཅིའི་ཕྱིར་ན་འབྱུང་མི་འགྱུར། །ཇི་ལྟར་མཛའ་གཅིག་ཏུ་ནི་རིམ་གྱིས་གོམས་པ་ཕུལ་བྱུང་སྟོབས་དག་ལས། །མི་རྣམས་ལ་ནི་སྡུག་བསྔལ་ལ་ཡང་བདེ་བར་འདུ་ཤེས་སྟོབས་ལྡན་འབྱུང ་དེ་བཞིན་ཡང་དག་བྱང་ཆུབ་གཞོལ་བའི་ཡིད་ཅན་འདི་དག་ལ། །སྡུག་བསྔལ་ལ་ཡང་མཚུངས་མེད་བདེ་བར་འདུ་ཤེས་འབྱུང་བར་འགྱུར་བ་ཉིད། །ཡབ་སྲས་མཇལ་བའི་མདོ་ལས་ནི། །དེ་ཡི་རྒྱུ་མཐུན་འབྲས་བུ་གསུངས། །ཆོས་ཀུན ་བདེ་བ་གནས་པ་ཞེས། །བྱ་བའི་ཏིང་ངེ་འཛིན་ཡོད་དེ། །ཏིང་འཛིན་དེ་ནི་ཐོབ་ཙམ་གྱིས། །དམིགས་པའི་དངོས་པོ་ཐམས་ཅད་ལ། །བྱང་ཆུབ་སེམས་དཔའ་བདེ་བ་ཡི། །ཚོར་པ་ཉིད་འབྱུང་གཞན་དུ་མིན། །འདི་ལྟར། མགོ་བོ་གཅོད་པར་བྱེད་པ ་འམ། །དེ་བཞིན་རྐང་ལག་ལ་སོགས་པ། །སྦ་ཡིས་གཞུ་བ་བྱས་ཀྱང་ནི། །བདེ་བའི་འདུ་ཤེས་འབའ་ཞིག་འབྱུང། །དམྱལ་བ་དང་ནི་མི་ཡི་འམ། །སྡུག་བསྔལ་དག་ནི་བྱེད་པ་ནའང། །གཤེད་མ་རྣམས་ལ་དགའ་བ་ནི། །མངོན་དུ་བྱེད་པ་འབྱུང ་བར་འགྱུར། །བདག་ལ་ལུས་ཅན་འདི་ཀུན་གྱིས། །གལ་ཏེ་འབིགས་སམ་གཅོད་བྱེད་པ། །དེ་ལྟ་ན་འང་གནོད་པའི་སེམས། །བདག་གིས་བྱ་བའི་རིགས་མིན་ཏེ། །གང་ཕྱིར་བདག་ལ་སེམས་ཅན་གྱིས། །གནོད་བྱས་དམྱལ་པའི་སྡུག ་བསྔལ་ལ། །སྟོང་ཕྲག་དག་ཏུ་བྱས་པ་ཡི། །ཆད་ཡང་ཕོད་པ་མ་ཡིན་ནོ། །གནོད་སེམས་དག་ནི་འབྱུང་བའི་རྒྱུ། །བདག་ཉིད་ལ་ཆགས་བཀུར་བ་དང། །ཆེན་པོར་མངོན་པར་ཞེན་པ་སྟེ། །དེ་ཡི་གཉེན་པོ་བཟོད་པར་འདོད། །བདག་གི་དག་དང ་བཤེས་ཀྱི་དགྲ། དགྲ་བོའི་བཤེས་ལས་འགྱུར་བ་ཡི། །གནོད་སེམས་རྒྱུ་དགུ་ལས་བྱུང་སྟེ། །རེ་རེ་དུས་གསུམ་དབྱེ་བས་སོ། །དེ་དག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། །།དེ་ལྟར་བཟོད་པ་ལ་གནས་པས། །ཐོས་པ་ལ ་ནི་བརྩོན་འགྲུས་བརྩམས། །གང་ཕྱིར་ཐོས་ལས་ཤེས་རབ་སྟེ། །ཤེས་རབ་ལས་ནི་ཉོན་མོངས་སྤོང། །དེ་ཡང་རྣམ་པ་བརྒྱད་ཅུ་ཡིས། །ཐོས་པ་གོང་དུ་འཕེལ་བར་འགྱུར། །དེ་ལ་འདུན་པའི་རྣམ་པ་དང། །གཞན་ཡང་རྟེན་གྱི་རྣམ་པ་དང། །གཞན ་ཡང་ལྷག་བསམ་རྣཾ?་བ་དང། །སྦྱོར་བའི་རྣམ་པ་ཞེས་བྱ་དང། །སེམས་ནི་དགའ་བའི་རྣམ་པ་དང། །ཆོག་ཤེས་པ་ཡི་མཚན་ཉིད་དང། །དྲན་པ་སྐྱེད་པའི་རྣམ་པ་དང། །གཏོད་པ་སྦེལ་བའི་མཚན་ཉིད་དང། །གཞན་ཡང་སངས་རྒྱས་ཆོས་ཀུན་ལ་?་མི་ ་229 ་ངོམས་པ་ཡི་རྣམ་པ་དང། །མ་ཐོས་ཉན་པའི་མཚན་ཉིད་དང། །སྔོན་ཤེས་ཉན་པའི་རྣམ་པ་དང། །དེ་བཞིན་སྡུག་བསྔལ་སྟོང་པ་དང། །མི་སྡུག་བདག་མེད་ཞི་རྣམས་དང། །རང་སེམས་བསྲུང་བའི་རྣམ་པ་དང། །བརྩོན ་འགྲུས་སྤེལ་བའི་རྣམ་པ་སྟེ། །འདི་ཡང་རྒྱས་པར་འཕགས་པ་ནི། །བློ་གྲོས་མི་ཟད་མདོར་ཤེས་བྱ། །ཐོས་པ་ཉིད་ལ་ཆོས་ཀྱི་ནི། །ཆོ་ག་ཤེས་བྱ་བ་མིང་གཞན་ཡིན། །གང་ཚེ་ཡོངས་སུ་སྦྱིན་པ་ནི། །དེ་ཉིད་ཡེ་ཤེས་ཚོགས་ཡིན་ཏེ། །ཆོས་ཀྱི ་ཚོགས་ཀྱི་སྦྱར་བ་ཡིས། །མཐུན་རྒྱུ་དག་ཏུ་བརྗོད་པ་ནི། །དོན་ཉུང་བྱ་བ་ཉུང་ཉིད་དང། །སྨྲ་བ་ཉུང་ལ་མངོན་དགའ་དང། །ཡང་དང་ཡང་དུ་ཐོས་པའི་དོན། །སེམས་ཤིང་ཆོས་ལ་གཞོལ་ཉིད་དང། །སེམས་དང་བ་དང་ཡོ་བྱད་དག་།ཉུང?་ལ ་མངོན་པར་དགའ་བ་དང། །དགོན་པར་མངོན་པར་ཕྱོགས་པ་དང། །གཞན་ཡང་ཅིག་པུར་དགའ་བ་དང། །དྲན་མི་ཉམས་དང་རྟག་ཏུ་ནི། །གཏོང་དང་ཚུལ་ཁྲིམས་ཕྱོགས་དགའ་དང། །ཆད་པ་ལུགས་ཀྱི་བསྟན་བཅོས་སོགས། །གང ་ཡང་རོལ་མོའི་བསྟན་བཅོས་དང། །འཇིག་རྟེན་རྒྱད་པན་པ་དག་གི་།བསྟན་བཅོས་ཀུན་ནི་ཡོངས་སྤོང་བའོ། །དེ་དག་ནི་བརྩན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།དྲག་ཤུལ་ཙན་གྱིས་ཞུས་པ་ལས། ཁྱིམ་སོགས་ཉེས་པའི་ཕུང ་པོར་ནི། །མཐོང་ནས་ཐོས་པ་ལྡན་པ་ཡིས། །དེ་ནས་ན་གསུ་གནས་པར་བྱ། །ཁྱིམ་གནས་རྨོངས་པ་འདི་ནི་བུ་དང་ནོར་དང་ཆུད་མ་ལ་སོགས་པ། །དགའ་བའི་སྦྱོར་བས་སེམས་གཡེངས་གྱུར་བས་རབ་ཏུ་ཞི་བ་གལ་འགྱུར། །དེ་བཞིན ་སངས་རྒྱས་རྣམས་ཀྱི་རྒ་དང་འཆི་མེད་ཞི་ཞིང་མཚུངས་མེད་པའི། །གོ་འཕང་བདག་གཞན་ཕན་པ་ཕུན་ཚོགས་གནས་གྱུར་པ་ཡང་ཐོབ་འགྱུར་རམ། །ནོར་དང་ཆུང་མ་བདག་ཉིད་ཞེས་པ་འཆིང་བ་དམ་པའི་གསུམ་པོ་འདི། །ཞེན་པ ་@229བ ་མེད་ཅིང་ལྷན་ཅིག་སྐྱས?་པ་རྟོགས་པའི་གནས་ལ་གནས་པ་སྟེ། །འདི་རྣམས་ལ་ནི་གང་ཞིག་གང་ཚེ་གང་གིས་ཇི་ལྟར་སྐྱེ་བར་འགྱུར། །མིན་པས་སྙིང་པོ་མེད་པ་ཉིད་དུ་ཤེས་པའི་དཔྱོད་པ་སྟེ་སྟོབས་ལྡན། །ཐོས་པ་ལྡན་ཡང་རྙེད་སོགས་ལ། །ཞེན ་ན་སེམས་སྤྱོད་མི་འགྱུར་ཏེ། །དེ་ཚེ་ལྟར་བཅས་འཇིག་རྟེན་ན། །དེ་ནི་གཅིག་ཏུ་བསླུས་པའི་མཆོག་།ཇི་ལྟར་རྒྱ་མཚོ་ཆེན་པོར་ཁྱེར་བ་ཡི། །མི་ཤེས་སྐྱེ་བོ་སྐོམ་པས་དུས་བྱེད་ལྟར། །དེ་བཞིན་དལ་འབྱོར་ཐོབ་ནས་སྐད་ཅིག་ཀྱང། །སེམས ་མ་སྦྱངས་ན་འོག་ཏུ་འགྲོ་བར་འགྱུར། །མཁས་པ་རྣམས་ཀྱིས་བྱིས་པ་རྣམས་ནི་འཐབ་མས་བསྐྲད་པ་མ་ཡིན་ཏེ། །གང་ཕྱིར་མཁས་པ་རྣམས་ནི་སྙིང་རྗེས་བཀུར་སྟིར་བྱས་ནས་དེ་དག་གཏོང། །དེ་བཞིན་སྒུག་པ་རྣམས་ལ་དང་པོ་མཚུངས་པར་བདེ་བ ་ཉེར་བསྟན་ནས། སླར་ཡང་དགྲ་བྱེད་གང་ཡིན་དེ་དང་ལྷན་ཅིག་དགའ་བར་གལ་འགྱུར། །དེ་ཕྱིར་ཉོན་མོངས་སྤངས་པའི་ཕྱིར། །འཇིག་རྟེན་པ་དང་འདྲེ་པ་སྤག། །དེ་དག་ཉིད་ནི་སེམས་ཅན་གྱིས། །དགེ་བ་མངོན་པར་འཕེལ་བའི་རྒྱུ། །ཡང་ནི ་གལ་ཏེ་སྐལ་མི་མཉམ་པའི་སེམས་ཅན་གྱི། །ཚོགས་ལ་རྗེས་སུ་ཆགས་ལས་འཁོར་འདོད་ཡིད་འབྱུང་ཞིང། །རྙེད་དང་གྲགས་པའི་རྒྱུ་ཕྱིར་འདུད་པར་གྱུར་ན་ནི། །ནགས་འདི་ཡང་ནི་ཁྱིམ་དང་ཁྱད་པར་མེད་མིན་ནམ། །བསོད་སྙོམས་རྒྱུ་བའི ་ཡུལ་དག་དང། །ཤིན་ཏུ་རིང་བ་མ་ཡིན་ཞིང། །ཉེ་བ་ཡང་ནི་མ་ཡིན་པའི། །ནགས་དེ་དག་ཏུ་གནས་བྱ་སྟེ། །ཡུལ་གང་ན་ནི་དྲི་མ་སྲོག་ཆགས་ལས་བྱུང་བའི། །སྐྱོན་དང་བྲལ་བའི་ཆུ་དག་ཀྱང་ནི་ཡོད་པ་དང། །གང་ན་འབྲས་བུའི་ལྕིང་ཀྱིས ་དུད་པའི་ཤིང་ཡོད་ཅིང། །གདུག་པའི་སྤྲུལ་དག་དང་ནི་བྲལ་བའི་ཕུག་ཡོད་པ། །དེ་རུ་འདི་ནི་ཉིན་དང་མཚན་དུ་ཡང་ནི་གསུང་རབ་འདོན་པ་དང། །སླར་སྔགས་གང་ཡིན་དེ་ནི་སླར་ཡང་རིགས་པའི་ཚོགས་ཀྱིས་དཔྱོད་པར་བྱེད། །དེ་ནས་བསོད ་ནམས་ལས་བྱུང་མཚན་མ་རྣམས་ནི་འཛིན་པར་བྱེད་གྱུར་ཅིང། བྱིང་དང་རྒོང་པའི་དུག་དང་བྲལ་བས་རང་གི་སེམས་ལ་དགའ་བ་བསྐྱེད། །རྒྱལ་པོ་འམ་ནི་རྒྱལ་བཱུམ། །བྲམ་ཟེ་འམ་བློན་པོ་ལ་སོགས་པ། ། ་དགེ་སློང་དགོན་པ་པ་དག་གི་།དྲུང་དུ་འོངས་པར་གྱུར་ན་ནི། །ངེས་ནི་དེ་ལ་གུས་པ་ཡིས། །ལེགས་པར་བྱོན་ནམ་ཞེས་བྱ་དང། །ཇི་ལྟར་བཤམས་པའི་སྟན་དག་ལ། །རང་གིས་མཁྱེན་བཞིན་བཞུགས་ཞེས་བྱ། །རྒྱལ་པོ་འགྲེང་ན་?་བསྟན ་ལས། །བདག་ཉིད་ཀྱང་ནི་འགྲེང་བྱ་ལ། །བཞུགས་ན་འདུག་པར་བྱས་ནས་ནི། །དགའ་བར་བྱེད་པའི་བཏམ་བྱ་སྟེ། །སྐལ་ལྡན་ཁྱོད་ཀྱི་ཡུལ་དུ་ནི། །ཐོས་མང་ཚུལ་ཁྲིམས་ལྡན་པ་ཡི། །དགེ་སྤྱོང་བྲམ་ཟེ་ལ་སོགས་པ། །རྟག་པར་བདེ་བར ་གནས་ལགས་ཞེས། །གལ་ཏེ་བསྟན་ཞིང་དུལ་བ་དང། །དབང་པོ་ཀུན་ནི་ཞི་གྱུར་ན། །ལས་དང་རྗེས་སུ་མཐུན་འབྱུང་བ། །རྣམ་སྨིན་བཅས་པའི་གཏམ་བྱའོ། །གལ་ཏེ་རྒྱལ་པོ་ཡིད་བྱུང་ལྡན། །ཡིད་བྱུང་རྗེས་མཐུན་པ་བརྗོད་པའམ། །ཟབ་དང ་རྒྱ་ཆེའི་མཚན་ཉིད་ཀྱི། །སངས་རྒྱས་ཀྱི་ནི་ཆེ་བ་བརྗོད། །བྱང་ཆུབ་སེམས་དཔའ་ནགས་ཕྱིན་ན། །ཡང་ནི་འདི་ལྟར་བསམ་བྱ་སྟེ། །བདག་ནི་ཁྱིམ་གྱི་གནས་སྤངས་ནས། །ཅི་ཡི་དོན་དུ་ནགས་སུ་འོང། །ལྷ་ལ་སོགས་པས་མཆོད་བྱའི ་དགེ་སློང་གོ་འཕང་ནི། །གལ་ཏེ་ནགས་སུ་གནས་པ་ཙམ་གྱིས་འདིར་འབྱུང་ན། །ནགས་ཆ་རྒྱུ་བའི་སྤྲེའུ་དང་ཆོམ་རྐུན་སེང་གེ་རྣམས། །དེ་དག་ཀྱང་ནི་དགེ་སྦྱོང་གོ་འཕང་ཡོན་ཏན་གྱིས་བརྒྱན་འགྱུར། །གཞན་ཡང་ང་རྒྱལ་ཁེངས ་པའི་ཡོངས་སུ་གདུང་བ་དང། །སེར་སྣ་སྡང་ཆགས་རྟག་ཏུ་འཇིགས་མང་དང། །རེག་གཟུགས་རོ་དང་དྲི་ཡི་འཇིགས་པ་དང། །ཕུང་པོ་བདུད་ཀྱི་འཇིགས་པས་འདར་ལ་དང། །ཉོན་མོངས་བདུད་ཀྱི་འཇིགས་པས་མེས་གདུངས་ཤིང། ་ལྟ་ཡི་བདུད་ཀྱིས་འཇིགས་པས་དེ་བཞིན་སྐྲག་།འཆི་བདག་བདུད་ཀྱི་ཡང་ཡང་བལྟས་པ་ཡིས། །ད་ལྟ་བདག་ནི་ནགས་སུ་འོངས་མིན་ནམ། །དེ་ཕྱིར་ན་གསུ?་གནས་པ་འདི། །བདག་ཉིད་དཔོན?་པའི་ཕྱིར་བསྟེན་ནམ། །ཇི་ལྟར་བདག་ལ་འཇིགས་? ་རྣམས་ཡོད། །དེ་ནི་ཇི་ལྟར་འབྱུང་བར་འགྱུར། །འདིར་ནི་འཇིགས་པ་རྣམས་ཀྱི་རྒྱུ། །འཇིག་ཚོགས་ལྟ་བ་གཅིག་པུ་ཉིད། །གང་ཕྱིར་འཇིགས་པ་ཐམས་ཅད་ནི། །དེ་ལས་ཀུན་ཏུ་འབྱུང་བ་ཡིན། །མ་རིག་ཉེ་བསླང་འཁྲུལ་པ་དང། །གཉིས ་སྦྱོར་བདག་ཏུ་རིག་པ་རྣམས། །ཕྱིན་ཅི་ལོག་ལས་ཀུན་འབྱུང་བ། །འཇིག་ཚོགས་ལྟ་བའི་རྣམ་གྲངས་སོ་།གཟུགས་སོགས་ཕུང་པོ་ལྔ་རྣཾས་ལ། །བདག་ཞེས་ཡང་དག་མི་འཛིན་པའི། །འཇིག་ཚོགས་ལྟ་བ་རྩ་བ་ནི། །སྲིད་པའི་ལྕུགས་མ་འཕེལ་པའི་རྒྱུ།། ་དེ་ཕྱིར་འཇིགས་པ་ཀུན་གཅད་ཕྱིར། །བདག་ཏུ་ཞེན་པ་སྤངས་པ་ལ། །ད་ནི་བདག་གིས་བསྟན་པ་རུ། །རབ་ཏུ་འཐད་པ་དག་ཏུ་བྱ། །དགོན་པ་ཆེན་པོར་གནས་པ་ཡི། །ལྗོན་ཤིང་གེལ་པ་ལྕུག་མ་སོགས། །དེ་དག་སུ་ལའང་མི་འཇིགས་ན། །བདག ་ནི་དེ་ལས་ལྷག་པར་སྔར། །འདི་ན་འགའ་ཞིག་བདག་གམ་ནི། །སྐྱེས་བུ་འམ་ནི་གང་ཟག་གམ། །ཤེད་ལས་སྐྱེས་སམ་ཤེད་བཱུང། །ཚད་མས་དཔྱད་ན་ཡོད་མ་ཡིན། །དེ་ལྟར་འཇིགས་པ་དག་གི་རྒྱུ། །ཡང་དག་མ་ཡིན་ཀུན་རྟོག་འདི། །དེ་ཕྱིར་ལུང ་དང་ཚད་མ་ཡི། །མིག་གི་དེ་ཉིད་གཞོམ་པར་བྱ། །གཞན་ཡང། དབྱེ་བ་མེད་པའི་ཆོས་རྣམས་ལ། །འབྱེད་འདི་ཚུལ་བཞིན་མ་ཡིན་པ། །ཚུལ་བཞིན་མ་ཡིན་སྐྱོན་ཅན་ཏེ། །དེ་ཡང་སྐྱེ་བ་མེད་པའི་དངོས་།གཞན་ཡང་འདིར་ནི་དག་ན་གནས ་པ། །ཆོས་རྣམས་ཀུན་ལ་འདྲེ་མེད་དེ། །མ་འདྲེས་རབ་ཏུ་མི་གནས་དང། །དཔྱོད་མེད་རྗེས་སུ་འཛིན་བྱེད་པའོ། །གལ་ཏེ་ཡོན་ཏན་མ་ཐོབ་པར། །གཅན་གཟན་ཁྲོ་བོ་ཉེར་འོངས་ནས། །འཇིགས་པ་སྤང་བ་བསྒྲུབ་པའི་ཕྱིར། །དེས་ནི་འདི་ལྟར་སེམས་གདུལ? ་བྱ། །སྔར་ནི་སེམས་ཅན་དོན་བསྒྲུབ་ཕྱིར། །ལུས་འདི་བདག་གིས་བཏང་བ་ཡིན། །སྦྱིན་པ་བྱིན་ནས་མི་ཤེས་པས། །དེ་ལ་ཇི་ལྟར་བདག་གདུང་བྱེད། །གང་ལས་ཀྱང་འཇིགས་མི་བྱ་སྟེ། །རང་གི་ཉེས་བྱས་ཀྱིས་འཇིཌ ་བྱ། །གང་ཕྱིར་འཇིགས་ཀུན་འདི་ལ་སྟེ་ཐཾས་ཅད་དེ་ཡི་སྤྲུལ་པར་གསལ། །སྐྱེ་བ་དང་ནི་འཇིག་པ་དག་།ཇི་ལྟར་བདག་མེད་གལ་བ་དང། །ལྕུག་མ་ལ་སོགས་སྐྱེད་དང་ནི། །འཇིགས་འགྱུར་དེ་བཞིན་བདག་གི་ཡང། །སྐྱེ་བ་ཡང་ནི་འཇིག་པ་ཡི། །རྒྱུ་དང་རྐྱེན ་ནི་ཚོགས་པ་ལས། །རྩཝ་དང་འཁྲི་ཤིང་སྐྱེ་བ་དང། །འཇིག་པ་དེ་བཞིན་བདག་གི་ཡང། །སྐྱེ་དང་འཇིག་སྟེ་དོན་དམ་མིན། །དེ་དག་ནི་དགོན་པའི་བསྔགས་པ་བརྗོད་པའོ།། །།ནགས་ཆལ་ཉིད་ལ་བརྟེན་ནས་ནི། །ཏིང་ངེ་འཛིན་ལ ་སྦྱར་བྱ་སྟེ། །གང་ཕྱིར་མི་གཡེངས་མེད་པ་ནི། །འཇིག་རྟེན་ཕུན་ཚོགས་ཀྱང་མེད་པས། །དང་པོར་འདུན་པའི་མིང་ཅན་གྱི། །སེམས་སྐྱེད་ཉེ་བར་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །གནོད་པ་སྤངས་ཕྱིར་འབད་པར་བྱ། །འདི ་ལྟར་སྤྱོད་ཡུལ་གཟུགས་ནི་མཐོང་བ་ན། །བརྣབ་སེམས་ཡིད་མི་བདེ་བ་འམ། །གཞན་ཡང་མི་དགེ་བ་ཡི་ཆོས། །སེམས་ལ་སྐད་ཅིག་བྱུང་གྱུར་ན། །དེ་ཚེ་བསྡམས་ཕྱིར་དེ་དག་གི་།མིག་གི་དབང་པོས་ཚར་གཅད་བྱ། །ཚར་གཅད་པ་ནི་མཚན? ་མ་དག། གསལ་བར་རྗེས་སུ་གཟུང་ལས་བྱུང། །དེ་བཞིན་རྣ་བ་སྣ་དང་ནི། །ལྕེ་དང་ལུས་ཀྱི་དབང་པོ་རྣམས། །རྟག་ཏུ་སེམས་ནི་བསྲུང་བའི་ཕྱིར། །སོ་སོ་དག་ཏུ་བསྟན་པར་བྱ། །སད་པ་དང་ནི་ཉལ་བ་དང། །འདུག་དང་འགྲོ་དང་སྨྲ་བ་དང།། ་མི་སྨྲ་གྱུར་དང་ཀུན་ཏུ་ཡང། །མཉམ་པར་བཞག་པ་འདོར་མི་བྱ། །རྙེད་དང་མ་རྙེད་བསྟོད་སྨད་དང། །བདེ་དང་སྡུག་དང་སྙན་མི་སྙན། །ཡིད་བདེ་བྱེད་དང་གཞན་པ་རྣམས། །སྤྲུལ་པ་བཞིན་དུ་བསམ་པར་བྱ། །དེས་ནི་འདི་ནི་མི་རྒོད་ཅིང། །ལུས ་ཞི་སེམས་ནི་མ་འཁྲུལ་ཅིང། །རྟག་ཏུ་དབང་པོ་མི་གཡོད་ཞིང། །སྤྱོད་ལམ་དགེ་བའི་སྤྱོད་ཡུལ་དང། །དམིགས་པ་གསལ་བར་རྒྱུ་པ་ནི། །གང་ཆེ་སེམས་ལམ་མཐོང་ཞིང། །བྱིད་ན་གཟེངས་ནི་བསྟོད་པའི་ཕྱིར། །ཡིད་ལ་དགའ་བ་བསྒོམ ་པར་བྱ། །རྒོད་པ་འཇིག་རྟེན་ཆོས་རྣམས་ལ། །གལ་ཏེ་བདག་མེད་པ་སྐྱས་ན། །ཀུན་མཁྱེན་གྱིས་གསུངས་ནི་རྟག་པ། །མྱུར་དུ་མངོན་དུ་བྱ་བ་དང། །གཉི་གའི་དོན་དུ་གཉེན་པོ་ནི། །རྙེད་དཀའ་དལ་བ་ཕུན་ཚོགས་པ། །དྲན་བྱ་དེ་བཞིན ་བསྐལ་པ་ནི། །བྱེ་བར་རྙེད་དཀའ་ཨི་རྒྱལ་བྱུང་བའོ། །གཞན་ཡང། སྡུག་དང་ཕྲད་པ་འདི་ནི་ཉི་མ་འགའ་ཞིག་དག་ཏུ་བདེ་སྟེར་ཏེ། །ཕྱིས་ནི་དྲན་པར་གྱུར་ནས་མཚུངས་པ་མེད་པའི་གདུང་བསྐྱེད་བྱེད་པ། །དེ་བཞིན་སྐྱེ་དང་སྐྱེ་བར་དྲན་པའི་ཡུལ་དུ ་གྱུར་ནས་འཇིག་རྟེན་པ། །ཇི་ལྟར་སྲིད་པའི་འཁྲུལ་པ་སྤོང་བར་མི་ནུས་འགྱུར་བ་དེ་ལྟར་བྱེད། །རྒ་དང་ནད་དང་འཆི་བདག་རྒུད་པ་ཞེས་བྱ་བཞི་པོ་འདི་དག་ནི། །གནོད་པ་ཆེན་པོར་སྐྲག་པའི་ཡིད་ཀྱིས་ཉིན་མཚན་སོ་སོ་དྲན་བྱ་སྟེ། །གང་ཕྱིར ་ནད་ཀྱིས་བདེ་དང་འཆི་བདག་གིས་ནི་སྲོག་ནི་འཕྲོག་བྱེད་ཅིང། །རྒུད་ལས་ཕུན་ཚོགས་ཉམས་བྱེད་ལང་ཚོ་དག་ནི་རྒ་བ་དག་གིས་སོ། །གནད་རྣམས་གཅོད་པར་བྱེད་པ་དང། །གྲོགས་མེད་གཅིག་པུར་གྱུར་པ་དང། །འཇིག་རྟེན་འདི་ནི་ཡོངས་སྤངས ་ཤིང། །འཇིག་རྟེན་གཞན་དུ་འཕོ་འགྱུར་ཏེ། །འཆི་བདག་ཁར་ནི་ཞུགས་པ་ལ། །དགེ་བའི་ལས་ལ་གཞན་པ་ཡི། །ཆུང་མ་ནོར་དང་གྲོགས་དང་གཉེན། །སྲུང་བར་བྱེད་པ་ཡོད་མ་ཡིན། །སྣབས་དང་ཁ་ཆུ་དྲི་མ་གཅིན་གོས་ཤིང། །དབུགས ་ཀྱི་ལྷག་མ་འཛིན་པར་བྱེད་པའི་ལུས། །ཡང་སྲིད་པ་ནི་དམིགས་པར་བྱེད་པ་ན། །ལེགས་བྱས་མ་གཏོགས་སྐྱབས་བྱེད་དགའ་ཡོད་མིན། །གྲང་བས་ཉེན་ལ་མེ་དང་ནི། །སྐོམ་པས་ཉེན་ལ་ཆུ་ཇི་བཞིན། །ཇི་ལྟར་ངལ་འགྲིབ་སྟེ། །དེ་བཞིན ་ཆོས་ནི་གཞན་དག་ཀྱང། །དེ་ཕྱིར་སྐྱེས་བུ་རྣམས་ཀྱི་འཁོར་དང་ནོར་དང་ལང་ཚོ་དག་།གློག་དང་མཚུངས་པར་མཐོང་ནས་འཇིག་པའི་ཆོས་ཅན་དུ། །སྐྱེ་དང་ལྡན་པས་མ་ལུས་དེ་ལྟར་བརྟགས་ནས་ནི། །སྲིད་བའི་འཆིང ་བ་འཇིག་ལས་གྲོལ་ཕྱིར་འབད་བར་བྱ། །ཡང་ནི་གཡེང་བ་ཆེན་པོའི་རྒྱུ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །བྱམས་པའི་རྟེན་འབྲེལ་བསྒོམ་པ་སྟེ། །རྟག་ཏུ་རྒྱུན་ཡང་སྤོང་བྱེད་ཅིང། །གཉེན་པོ་ཡང་ནི་བསྒོམ་པར་བྱ། །འདོད ་ཆགས་དག་ནི་སྐྱེ་བའི་རྒྱུ། །བུད་མེད་གཅིག་བུ་ཁོ་ནའོ། །མི་སྡུག་བསྒོམ་བ་གང་ཞེ་ན། །མི་གཙང་ལ་སོགས་འདུ་ཤེས་ཀྱིས། །མགོ་བོ་ནས་ནི་རྐང་པའི་བར། །གང་ཞིག་བསྡུས་ནས་སྤྱོད་བ་སྟེ། །འདི་ལྟར་སྐྲ་དང་བ་སྤུ་དང། །སེན་མོ ་སོ་དང་པགས་པ་རྩ། །ཤ་རུས་རྒྱུས་པ་སྙིང་དང་མཆིན། །རྒྱུ་མ་ཞག་དང་དྲི་མ་དང། །གཞུངས་པ་མཆི་མཆུ་སེར་རྡུལ། །ཆིལ་དང་སྣབས་དང་གློ་བ་དང། །གླང་པ་དང་ནི་གླད་རྒྱས་དང། །གཅིན?་དང་རྣག་དང་ཁྲག་དག་གིས། །དང་པོ་འདི་དག ་ལ་རྨོངས་པའི། །ཤེས་རབ་འཆལ་པ་གཞན་དག་ནི། །གཅིག་ལ་སོགས་པ་རློམ་པ་ལས། །དགེ་བ་དགའ་བར་ག་ལ་འགྱུར། །འབྱུང་བ་བཞི་ལས་གྲུབ་བའི་རང་གི་ལུས་པ་འདི་ལ་སླར་ཡང་ནི། །ས་དང་ཆུ་དང་མེ་དང་རླུང་ཞེས་སོ་སོ་དག་ཏུ་རྟོག ་བྱེད་ལ། །དེ་ནས་ཇི་ལྟར་སྣ་ཚོགས་འབྲུ་ཡི་གང་བའི་ཕུར་མ་བཞིན། །དེ་བཞིན་ལུས་འདི་ཡང་ནི་བརྟན་པའི་བླེ་ཡིས་རྣམ་པར་བལྟ་བྱ་སྟེ། །བྱང་ཆུབ་སེམས་དཔའ་འདི་ནི་དུར་ཁྲོད་ཞུགས་ནས་སུ། གང་ཚེ་རོ་ཡི་ངོ་བོ་ཡོངས་སུ་ལྟ་བྱེད་པ། །དེ་ཚེ་དེས ་ནི་ཉིན་ཞག་འདས་ལས་བྱུང་བ་ཡི། །དུལ་དངོས་དག་ཏུ་རང་གི་ལུས་དང་མཚུངས་པར་རྟོག་།ཤིན་ཏུ་ཕོངས་གདངས་ཁ་ནི་ཟངས་ལྟར་གྱུར་པ་ཡི། །ས་སྟེང་ལྟུང་བར་གྱུར་པའི་རོ་ཡི་ལུས་པོ་ནི། །སྲིད་པའི་བདེ་ལ་ཞེན་པའི་སེམས་ལྡན་མི ་རྣམས་ལ་།རང་གི་མི་སྡུག་དངོས་པོ་སྟོན་པར་བྱེད་པ་འདྲ། །དེ་དག་ནི་འདོད་ཆགས་ལ་ཀུན་དུ་སྤྱོད་པའི་གཉེན་པོའོ།། །།གཞན་ལ་ཕན་དང་བདེ་སྲེད་དང། །འདོད་དང་སྨོན་དང་དགའ་བ་ཡི། །རྣམ་པ་འདིར་སྐྱེ་གང་ཡིན་པའི། །བྱམས་དེ ་རྣམ་གསུམ་དུ་དབྱེ་སྟེ། །དེ་ལ་སེམས་ཅན་ལ་དམིགས་ཤིང། །ཆོས་ལ་དམིགས་པ་ཡང་ན་གཞན། །དང་གི་འབྱུང་ཞི་དམིགས་མེད་པ་།བྱམས་པ་ཆེན་པོ་རབ་ཏུ་གསུངས། །དང་པོའི་སེམས་ལ་དང་པོ་སྟེ། །གཞན་ནི་སྤྱོད་ལ་དགའ་བ ་ཡིན། །དམིགས་པ་མེད་པ་མི་སྐྱེ་པའི། །ཆོས་ལ་བཟོད་ཐོབ་སྤྱོད་ཡུལ་ལོ། །དེ་དག་ཀུན་ལ་གོམས་བྱའི་ཕྱིར། །བསྒོམ་བྱའི་རིམ་པ་བཤད་པར་བྱ། །དེ་ལ་དང་པོ་སྡུག་པ་བཞིན། །བར་མ་རྣམས་ལ་བསྒོམ་པར་བྱ། །གང་ཕྱིར་སྡུག་བཞིན ་ཤེས་པ་ནི། །ལྷག་མ་རྣམས་ལ་སྐྱེ་བར་འགྱུར། །དེ་ཚེ་གོམས་པ་ཕྱི་ནས་ཡང། །དགྲ་ཡི་ཕྱོགས་ལ་བསྒོམ་པར་བྱ། །གང་ཚེ་རྣལ་འབྱོར་པ་དག་ནི། །ཕྱོགས་གཅིག་ཏུ་ནི་དགྲ་དག་ཀྱང། །གྲོགས་པོ་བཞིན་དུ་སྣང་གྱུར་ན། །དེ་ཚེ་ཕྱོགས ་ཀུན་ལ་བསྒོམ་བྱ། །ཇི་ལྟར་སེམས་ཅན་ལ་དམིགས་པ། །བསྒོམས་ལས་ཉེ་བ་སྐྱེ་འགྱུར་པའི། །ངལ་བ་ཆོས་ལ་དམིགས་པ་དག་།ལ་སོགས་པ་ནི་ཡོད་མ་ཡིན། །དེ་བཞིན་དུ། གལ་ཏེ་རང་གི་དགེ་བ་སྐྱེ་པོ་གཞན་རྣམས་ཀྱིས། །བདེ་གཤེགས་ཉིད་ཐོབ ་བྱ་ཕྱིར་ཡོངས་སུ་སྔོ་བྱེད་ན། །དེ་ཡི་བྱམས་པ་འདི་ནི་ཤིན་ཏུ་མཆོག་འགྱུར་ཞིང། །རང་གི་བྱང་ཆུབ་སེམས་པ་ནི་རྡོ་རྗེ་ལྟར་རྟན་བྱེད། །གཞན་ཡང་བདེ་བར་གཤེགས་བ་རྣམས་ཀྱི་དགེ་བ་དང། །དེ་བཞིན་རྒྱལ་སྲས་དང་ནི་སེམས་ཅན་གཞན་གྱི་ཡང།། ་དེ་དག་མ་ལུས་པ་ཡང་འགྲོ་བ་སྲིད་བའི་བཙོན་ར་ཡིས། །གཅིངས་པ་གྲོལ?་བར་བྱ་ཕྱིར་ཡོངས་སུ་སྔོ་བྱེད་པ། །སྣ་ཚོགས་སྙིང་རྗེའི་སྙིང་པོ་ཅན། །ཡོངས་སུ་བསྔོ་བ་གང་དག་ཡིན་ནོ། །དེ་ཀུན་བྱམས་པ་ཉིད་ཀྱི་ནི། །རྗེས་སུ་འཇུག་པར་ཐེ་ཚོམ་མེད། །དེ་དག་ནི་ ་233 ་ཞེ་སྡང་ལ་ཀུན་ཏུ་སྤྱོད་པའི་གཉེན་བོའོ།། །།གཞན་ཡོད་བ་ལ་བརྟེན་ནས་ནོ། །མེ་ལོང་གི་ནི་གཟུགས་བརྙན་བཞིན། །གང་གི་དངོས་པོ་སྣང་གྱུར་བ། །དེ་ལ་རང་དངོས་ག་ལ་ཡོད། །དེ་ཕྱིར་རྐྱེན་ལས་བྱུང་བ་ཡི།། ་དངོས་པོ་རྣམས་ནི་དངོས་མེད་ཉིད། །རང་གི་མཚན་ཉིད་མ་སྐྱེས་བ། །སྟོང་ཉིད་ཤིན་ཏུ་ཟབ་བ་ཉིད། །དངས་པོ་དེ་དག་མི་སྤོང་ཞིང་དེས་ཀྱང་དངོས་པོ་མི་སྤོང་སྟེ། །མེད་ན་མི་འབྱུང་ངེས་པཱི་ཕྱིར། །མེ་དང་སྲེག་པར་བྱེད་པ་བཞིན། རྟེན་འབྲེལ་ཡན་ལག་བཅུ་གཉིས་འདི། །ཕྱི་མ ་ཕྱི་མ་འབྲས་བུ་དང། །སྔ་མ་སྔ་མ་རྒྱུ་ཡིན་པར། །མ་རིག་ལ་སོགས་རིམ་ཤེས་བྱ། །མ་རིག་པ་ནི་གང་ཞེ་ན། །ཡང་དག་མིན་པས་ཁམས་ལྔ་ལ། །གཅིག་དང་བདག་དང་རྟག་སོགས། །མ་རིག་སྐྱེ་བ་གང་ཡིན་པའི། །འདུ་བྱེད་ཡུལ ་ནི་འདི་དག་ལ། །འདོད་ཆགས་ལ་སོགས་འཇུག་བའོ། །རྣམ་ཤེས་འདི་ལས་སྐྱེས་བ་ཡི། །དངོས་པོ་བརྟག་བའི་མཚན་ཉིད་དོ། །གཟུགས་མིན་ཕུང་པོ་བཞི་དང་ནི། །འབྱུང་བ་ཆེན་པོ་བཞི་རྣམས་ལ། །གཅིག་ཏུ་མངོན་པར་བསྡུས་པ་ཉིད ་འདི་ལ་མིང་དང་གཟུགས་ཞེས་བརྗོད། །དེ་སྐྱེས་མིག་ལ་སོགས་པ་ནི། །སྐྱེ་མཆེད་དྲུག་གི་མིང་ཅན་ནོ། །གསུམ་རྣམས་འདུས་པ་དག་ལ་ནི། །རེག་བ་ཞེས་སུ་མངོན་པར་བརྗོད། །རེག་པ་མྱོང་བ་མ་ལུས་བའི། །བདེ་སོགས་རྣམ་པའི་རང་བཞིན ་ཅན། །ཚོར་བ་ཞེན་པ་སྲེད་པ་སྟེ། །དེ་ནི་འདོད་བའི་རྣམ་པའོ། །སྲེད་པ་ཉིད་ན་འཕེལ་བ་ལ། །ལེན་བ་ཞེས་ནི་བརྗོད་པ་ཡིན། །ལེན་པ་ལས་ནི་སྲིད་པ་སྟེ། །དེ་ལ་ཕུང་པོ་དངོས་འབྱུང་སྐྱེ། །ཕུང་པོ་བརྙིངས་པ་རྒ་བ་སྟེ། །ཡང་ནི་ཉམས་པ་འཆི་བའོ།། ་རང་ཉིད་ཅེས་ལས་ཤི་འདོད་པས། །ནང་གི་གདུང་བ་མྱ་ངན་སྟེ། །བདེ་བ་དྲན་པ་ལས་བྱུང་བའི། །སྨྲེ་བ་གང་ཡིན་སྨྲེ་སྔགས་འདོན། །སྡུག་བསྔལ་རྣམ་ཤེས་ལྔ་པོ་ཡི། །ལུས་བྱུང་མི་བདེ་ཚོར་བའོ། །དེ་ལྟར་མཛའ་གཉིས་ལས་གྲོལ ་@233བ ་པའི། །རྟེན་ཅིང་འབྲལ་བའི་མཚན་ཉིད་ནི། །སྣ་ཚོགས་མགལ་མའི་འཁོར་ལོ་ལྟར། །ཕན་ཚུན་རྒྱུ་ཡིས་འཁོར་བ་ཡིན། །ས་ལུ་ལྗང་སོགས་མདོ་ལས་ནི། །ཕྱི་དང་ནང་གི་དབྱེ་བ་ཡིས། །རྟེན་ཅིང་འབྲེལ་བར་འབྱུང་བ་དེ། །རྣམ་པ་གཉིས་བལྟ་བྱ་སྟེ།། ་རྒྱུ་དང་རྐྱེན་གྱི་རྒྱུ་ལས་ནི། །དེ་ནི་སླར་ཡང་རྣམ་པ་གཉིས། །དེ་ལ་དང་པོ་ནང་གི་ནི། །རྣམ་པ་གཉིས་སུ་དབྱེ་བྱ་སྟེ། །མ་རིག་ལ་སོགས་ཕན་ཚུན་དུ། །རྒྱུ་ཡིས་དངོས་པོར་གནས་པ་དག་།དེ་ནི་རྒྱུ་ཡི་རྒྱུར་ནི་འདིར། །བདག་གིས་གོང་དུ་བཤད་ཟིན་ཏོ།། ་ཡང་ནི་རྐྱེན་གྱི་རྒྱུ་དག་ཉིད། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་རྣམ་ཤེས་རྣམས། །གཅིག་ཏུ་འདུས་པར་གྱུར་བ་སྟེ། །ལུས་ལས་ཁམས་གང་ཞེ་ན། །སྲ་བ་འཛིན་པ་གང་ཡིན་བའོ། །རླན་ལ་སོགས་བརྗེས་འཛིན་གང། །དེ་ནི་ཆུ་ཡི་ཁམས་སུ ་བརྗོད། །ཟོས་དང་འཆོས་དང་འཐུངས་པ་དང། །ཐམས་ཅད་རིམ་གྱིས་འདུ་བྱེད་པའི། །ལུས་འདི་དྲོ་བའི་མཚན་ཉིད་ཅན། །དེ་ནི་མེ་ཡི་ཁམས་སུ་བཤད། །བྱ་བ་བདུན་ལ་རབ་འཇུག་པའི། །དབུགས་འབྱུང་རྡུབ་བའི་བྱ་བ་དང། །ལུས་འདི་ལ་ནི་བྱེད་པ ་གང། །དེ་ནི་རླུང་གི་ཁམས་སུ་བརྟན། །ལུས་འདི་ལ་ནི་ཡོངས་མཐོང་བའི། །ནང་གི་སྟོང་པའི་རང་བཞིན་གང། །ཀུན་གྱི་གོ་སྐབས་འབྱེད་བའི་ཕྱིར། །ནམ་མཁའ་ཨི་ཁམས་ཞེས་བརྗོད་བར་བྱེད། །རྣམ་ཤེས་ཁམས་ནི་གང་ཞེ་ན། །འདིར་ནི་ཟག་བཅས ་ཡིད་གང་དང། །དེ་བཞིན་རྣམ་ཤེས་ལྔ་ཡི་ནི། །ཚོགས་གང་ཀུན་ཏུ་སྦྱོང་བའོ། །མིང་དང་གཟུགས་ཀྱི་མྱུ་གུ་ཡི། །ས་བོན་ངོ་བོར་གནས་པ་ཡི། །ནང་གི་བདག་ཉིད་རང་བཞིན་ལ། །རྐྱེན་གྱི་རྒྱུ་ཞེས་བརྗོད་པ་ཡིན། །དེ་བཞིན་དུ། རྣམ་ཤེས ་ས་བོན་རང་བཞིན་ཏེ། །ལས་ནི་ཞིང་གི་རང་བཞིན་ནོ། །སྲེད་བས་རྣམ་ཤེས་རླན་བྱེད་དེ། །མ་རིག་པ་ནི་ས་བོན་འདེབས། །ལས་ནི་འདི་ལྟར་བདག་གིས་ནི། །འདུ་བྱེད་ལས་བྱུང་རང་བཞིན་གྱི། །རྣམ་ཤེས་ས་བོན་དག་བྱ་དང། །ཞིང་གི་བྱ་བ་བྱས ་མི་སེམས། །སྲེད་པ་འང་འདི་ལྟར་བདག་གིས་ནི། །རྣམ་ཤེས་རླན་ཞེས་ཤེས་པ་མེད། །མ་རིག་པ་འང་འདི་ལྟར་བདག། ས་བོན་དེ་ནི་གདབ་མི་སེམས། །ས་བོན་རྣམ་ཤེས་དེ་ལ་ཡང། །རྐྱེན་འདི་དག་གིས་འབར ་པ་ཡིས། །བདག་ནི་བསྐྱེད་པ་ཡིན་ཞེས་བའི། །དེ་ལྟའི་ཤེས་པ་ཡོད་པ་མ་ཡིན། །འོན་ཀྱང་རྣམ་ཤེས་ས་བོན་ནི། །ལས་ཀྱི་ཞིང་གིས་བརྟེན་པ་དང། །སྲིད་པའི་རླན་གྱིས་བརླན་པ་དང། །ས་བོན་མ་རིག་གིས་བཏབ་པས། །སྐྱེ་བ་དེ་དང་དེ་དག ་དང། །རིམ་པ་དེ་དང་དེ་དག་གིས། །མ་ཡི་དཀུར་ནི་དུས་ཀྱིས་སུ། །མིང་གཟུགས་མྱུ་གུ་བསྐྱེད་པ་ནི། །བདག་ལས་མ་ཡིན་གཞན་ལས་མིན། །དབང་ཕྱུག་གིས་ཀྱང་སྤྲུལ་མན?་ལ། །མིང་དང་གཟུགས་ཀྱི་མྱུ་གུ་འདི། །རྒྱུ་མེད་ལས་ཀྱང ་སྐྱེ་བ་མིན། །དེ་ལྟར་བདག་མེད་ཆོས་རྣམས་ནི། །སྒྱུ་མའི་མཚན་ཉིད་དག་ཏུ་འབྱུང། །རྒྱུ་དང་རྐྱེན་ནི་ཚོགས་པ་ལས། །རྒྱུན་མི་འཆད་པར་འབྱུང་འགྱུར་ཏེ། །མིག་དང་གཟུགས་དང་སྣང་བ་དང། །དེ་བཞིན་ནམ་མཁའ་དེ་སྐྱེད་ཡིན། །རྒྱུ་ལྔ་དག་ནི་ཚོགས་པ་ལས ་མིག་གི་རྣཾ་ཤེས་འབྱུང་འགྱུར་ལ། །རྐྱེན་འདི་དག་ནི་མེད་པ་ན། །མིང་གི་རྣཾ་ཤེས་འབྱུང་མིན་ཡང། འདི་དག་སོ་སོ་དག་ལ་ནི། །བཙལ་ན་རྙེད་པ་མ་ཡིན་ནོ། །དེ་ལྟར་དབང་བོ་ལྷག་མ་ལས། །སྐྱེས་པ་རྣམ་ཤེས་རིམ་པ་འདི། །ནམ་མཁའ་འཇའ་ཚོན་དག་མཚུངས་པར། །རྐྱེན་མ ་རིག་ལས་ཤེས་པར་བྱ། །ཡང་ནི་རྐྱེན་ལས་བྱུང་བ་དེ། །མཚན་ཉིད་ལྔ་རུ་ཤེས་བྱ་སྟེ། །རྟག་དང་ཆད་དང་བྲལ་བ་དང། །དེ་བཞིན་འཕོ་བ་སྤངས་པ་དང། །ཡང་ནི་རྒྱུ་ནི་ཆུང་བ་ལས། །འབྲས་བུ་ཆེན་པོར་འབྱུང་བ་དང། །འདྲ་བ་དག་དང་ལྡན ་པ་ཡི། །རྒྱུ་མཐུན་འབྲས་བུ་འབྱུང་བའོ། །གང་ཕྱིར་སྐྱེ་བ་ལ་ཕྱོགས་པའི། །ཕུང་པོ་དག་ནི་འཆི་བ་ལ། །ཕྱོགས་པ་འབྱུང་བ་དེ་ཡི་ཕྱིར། །རྟག་པ་མིན་པར་འདི་ཤེས་བྱ། །ཆད་མིན་གང་ཕྱིར་ཕུང་པོ་རྣམས། །རྒྱུ་རྣམས་ཡོད་པ་དག་དང་ནི། །མེད ་པ་དག་ལས་སྐྱེད་མིན་ཕྱིར། །སྲང་མདའི་མཐོ་དམན་ཅི་བཞིན་ནོ། །གང་གི་ཕུང་པོ་རིགས?་མཐུན་ཕྱིར། །སླར་ཡང་སྐྱེ་བ་གཞན་དུ་ནི། །རིགས་མི་མཐུན་པར་སྐྱེ་འགྱུར་བ། །དེ་ཕྱིར་འཕོ་བར?་ལས་ཀྱང་མིན། །གང་ཕྱིར་ལས་ཆུང་བྱས་པ་ལས། །འབྲས ་བུ་ཆེན་པོ་འབྱུང་འགྱུར་ཏེ། །དེ་ཕྱིར་རྒྱུ་ནི་ཆུང་དུ་ལས། །འབྲས་བུ་ཆེན་པོར་འགྱུར་བ་ཡིན། །གང་ཕྱིར་ཅི་འདྲའི་ལས་བྱས་པ། །དེ་ཡི་གཟུགས་བརྙན་མི་འདོར་བ། །དེ་འདྲའི་རྒྱུ་ནི་འབྱུང་བས་ན། །དེས་ན་རྒྱུ་དང་འདྲ་བར་བརྗོད། །ཆོས་གང་འཇིག་རྟེན་འདི ་ནས་ནི། །གཞན་དུ་འཕེལ་བ་འགའ་མེད་ཀྱང། །འོན་ཀྱང་ལས་དང་འབྲས་བུ་དག། ཡོད་པ་རུ་ནི་བརྟགས་པ་ཡིན། །མ་རིག་ལེན་པ་སྲེད་པ་ཞེས། །བྱ་བ་ཉོན་མོངས་བསྡུས་བ་སྟེ། །འདུ་བྱེད་སྲིད་པ་ཞེས་བྱ་བ། །ལས་ཀྱི་མིང་དུ་ཤེས་པར་བྱ། །རྣམ་བས ་མིང་དང་གཟུགས་དང་ནི། །དེ་བཞིན་སྐྱེ་དང་རེག་པ་དང། །རྒ་ཤི་དང་ནི་ལྷག་མ་དག། །སྡུག་བསྔལ་མིང་ཅན་འདུ་ཤེས་བྱ། །སྟོང་པ་ཉིད་ནི་སྟོན་པ་ཆེ། །འོག་ནས་སྟོན་པར་འགྱུར་བས་ན། །ཟློས་བའི་སྐྱོན་དུ་ཐལ་འགྱུར་ཕྱིར། །ཕྱི་ཡི་མཚན ་ཉིད་མ་བསྟན་ཏོ། །གང་གིས་འགྲོ་བའི་རང་བཞིན་རྐྱེན་ལས་བྱུང་བ་རུ། །ཇི་ལྟ་བ་བཞིན་འདི་དག་ཤེས་རབ་ཀྱིས་རྟོགས་པ། །ཕྲ་བའི་བློ་ལྡན་དེ་ཡིས་དེ་བཞིན་གཤེགས་པ་ནི། །ཀུན་བཞི་དག་དང་ཡང་དག་ལྡན་པ་མཐོང་བར་འགྱུར། ་འདི་དག་ནི་གཏི་མུག་ལ་ཀུན་ཏུ་སྤྱོད་བའི་གཉེན་པོའོ།། །།དེ་ལྟར་སེམས་ནི་ལས་རུང་བས། །ལུས་དང་ཚོར་བ་ཉིད་དང་ནི། །སེམས་དང་དེ་བཞིན་ཆོས་རྣམས་ལ། །དྲན ་པ་ཉེར་གཞག་གུས་པར་བསྒོམ། །རྐང་ལག་བྱིན་པ་བྲང་དང་སུམ་མདོ་མགྲིན་བ་སྲག་པ་ལྟོ་བ་བྲང། །འགྲམ་པ་རྒྱ་བ་དང་ནང་ཁྲོལ་དང་ནི་མགོ་བོའི་ཚོགས་རྣམས་འདུས་པའི་ལུས་འདི་ནི། །དེ་བཞིན་སླར་ཡང་ཀུན་ནས་ཉོན་མོངས་སོ་སོའི་དུག ་ཅན་གནས་སུ་གྱུར་པ་འདི། །མི་རྟག་པ་ཞེས་ཀུ་ཤའི་རྩེ་འདྲའི་བློ་ཅན་རྣམས་ཀྱིས་ལེགས་པའི་དོན་དུ་དཔྱད། །ཡང་དག་མིན་ལ་བརྟགས་ལས་གཞན། །ལུས་པོ་འདི་ནི་སྔོན་གྱི་མཛའ་། །གང་ཞིག་ནས་ཀྱང་འོང་བ་ཡིན། ། ་ཕྱི་མའི་མཛའ་ཡང་འགྲོ་མིན་པས། །ཐོག་མ་ཐ་མ་དབུས་རྣམས་སུ། །གང་ཡང་གནས་པ་མེད་པར་བརྟག། དེས་ན་རྩད་ནས་མེད་པ་ཡི། །ལུས་པོ་འདི་ལ་ཡོངས་འཛིན་མེད། །དེ་ལྟར་ཆ་ཡི་ཚོགས་འདི་ལ། །ལུས་པོ་དོན་དམ་དུ་མེད་པས།། ་མཁས་པས་ལུས་པོ་ནམ་མཁའ་བཞིན། །རྗེས་སུ་དྲན་པ་རྟག་པར་བཞག། དེ་ཡང་འཇིག་རྟེན་པ་ཡི་ཐ་སྙད་དུ། །གྲུབ་པའི་ལུས་པོ?་དང་ནི་ཕུང་པོ་དང། །ཁོག་པ་དང་ནི་གནས་འདི་ཞེས་བྱ་བ། །འདི་དག་མ་ལུས་གློ་བུར་བ་ཡིན་ནོ། །ལུས ་ལ་རྗེས་དྲན་བསྒོམས་པ་ལས། །སེམས་ཅན་རྣམས་ཀྱི་ལུས་གཞན་ལ། །རང་ལུས་དང་མཚུངས་བརྟན་བ་རུ། །བྱང་ཆུབ་སེམས་དཔའ་འདུ་ཤེས་སྐྱེ། །སྙིང་པོ་མེད་བའི་ལུས་པོ་ལ། །ལུས་དང་ལོང་སྤྱོད་སྙིང་པོ་དང། །དེ་བཞིན་འཚོ་བའི་སྙིང ་པོ་སྟེ། །སྙིང་པོ་གསུམ་གྱིས་བླང་བར་གྱིས། །བདག་གི་ལུས་འདི་མི་རྟག་ཅེས། །སེམས་ཅན་རྣམས་ཀྱིས་སློབ་མ་རུ། །འགྱུར་བར་བསྒྲུབ་པ་གང་ཡིན་པ། །དེ་ལ་ལུས་ཀྱི་སྙིང་པོར་བརྗོད། །ལུས་གསོབ་ཡིན་ཕྱིར་ལོངས་སྤྱོད་ལ། །གང་ཞིག ་དགའ་བར་མི་བྱེད་པ། །དེ་ནི་ཐམས་ཅད་གཏོད་དང་ལྡན། །དེ་ཡིས་ལོངས་སྤྱོད་སྙིང་པོ་འཐོབ། །སྙིང་པོ་མེད་བའི་ལུས་དྲན་ན། །ལ་ཚོ་བའི་དོན་དུ་བདག་ཉིད་ཀྱིས། །སྡིག་བའི་ལས་རྣམས་བྱེད་མིན་པ། །དེ་ཡིས་འཚོ་བའི་སྙིང་བོ་འཐོབ ་ལུས་འདི་རྟག་ཏུ་ཡོངས་སུ་མ་བསྐྱངས་ན། །འཕེལ་མི་ནུས་པས་བྱིས་པ་རྣམས་དང་མཚུངས། །ཁང་པ་རྙིང་པ་དང་མཚུངས་ལུས་པོ་འདི། །འབད་པས་ལེགས་པར་བསྐྱངས་ནས་གཟུང་བར་བྱ། །བཀའ་སྩལ་མང་བས་རྒྱལ་བོ་རྣམས་དང ་མཚུངས། །སླུ་བར་བྱེད་བའི་རང་བཞིན་གྲིབ་མ་བཞིན། །ཤིན་ཏུ་འབད་པའི་སྒོ་ནས་གཟེམ་དགོས་པས། །ལུས་འདི་སོ་མ་བཏང་བའི་བུམ་པ་མཚུངས། །ཆུ་བོ་ཆེན་པོ་ཚོགས་ཀྱི་རྒྱུན་འབབ་བཞིན། །ལུས་ཀྱི་ཐ་མ་འཆི་བའི་མཚོ་ལ་གཏུཌ།། ་མདུང་ཐུང་བཞིན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ། །རྟག་ཏུ་ཕན་མི་བྱེད་པས་དགྲ་དང་མཚུངས། །ནམ་ཡང་ཡིད་ཆེས་རྡུལ་ཕྲ་ཙམ་གྱི་ཡང། །གནས་མེད་པས་ན་རྐུན་མ་རྣམས་དང་མཚུངས། །རེག་པའི་སྲན་མི་བཟོད་པས་རྨ་དང་མཚུངས། །སྒྱུ ་མ་བཞིན་དུ་སྟོང་བའི་བདག་ཉིད་ཡིན། །ཇི་ལྟར་འོ་མ་ཡིས་ནི་བཀྲུས་གྱུར་ཀྱང། །སོལ་བ་ནམས་ཡང་དཀར་པོར་འགྱུར་མ་ཡིན། །གཙང་ཞིང་དག་པས་བྱི་དོར་བྱས་གྱུར་ཀྱང། །དེ་ལྟར་ལུས་ཀྱི་རང་བཞིན་མདོར་མི་བྱེད། །དེས་ན་བདག་པོ་མེད ་པ་ཡི། །འཁྲུལ་འཁོར་ལྟ་བུའི་ལུས་བོ་འདི། །བཟའ་བཏུང་སོགས་ལས་བྱུང་བའོ་ཞེས། །རྒྱས་བར་ཡང་དང་ཡང་དུ་བརྟག་།དེ་དག་ནི་ལུས་དྲན་པ་ཉེ་བར་གཞག་པའོ།། །།དེ་ལྟར་རབ་ཏུ་བསྒོམས་པའི་མཐུས། །ལུས་གཡེང་རབ་ཏུ ་ཞི་བ་དེས། །ཚོར་བ་དྲན་པ་ཉེར་གཞག་པ། །བརྟན་པ་ཡིས་ནི་རྣམ་པར་བསྒོམ། །དེ་ལ་ལོག་བར་མངོན་ཞེན་ལས། །ཚོང་བ་རྣམ་པ་གསུམ་ཡིན་ཏེ། །བདེ་དང་སྡུག་བསྔལ་དང་གཞན་ནི། །བདེ་མིན་སྡུག་བསྔལ་མིན་རིག་བྱ། །འདི་ལ་ཚོར ་བྱེད་འགའ་མེད་ཅིང། །ཚོར་བྱའི་དངོས་པོ་འང་ཡོད་མིན་པས། །རྟེན་ཅིང་འབྲེལ་བ་ལས་བྱུང་བའི། །ཚོར་བ་འདི་ནི་བདག་མེད་པའོ། །དེ་ལྟར་ནམ་མཁའ་ཨི་དངོས་གྱུར་པ། །གང་ཞིག་ལ་ནི་ཞེན་བྱེད་པ། །དེ་ནི་རྨོངས་པས་ཆུ་ནང་གི། ཟླ ་བ་ལེན་བར་འདོད་པ་ཡིན། །དེ་བཞིན་སྡུག་བསྔལ་གྱིས་གདུངས་པ། །གང་ཞིག་ཕྱིར་ཞིང་འཇོམས་བྱེད་པ། །དེ་ནི་རྨོངས་པས་མིག་ནང་གི་།གཟུགས་བརྙན་ཁ་ལ་འོ་བྱེད་ཡིན། །རྨོངས་པ་གང་ཞིག་བདེ་མིན་ཞིང། །སྡུག་བསྔལ ་ཡང་མིན་རིག་པ་དེ། །འགྲོ་ཚེ་རྩལ་རེག་པ་ལ། །བཟུང་བར་མངོན་པར་རློམ་དང་མཚུངས། །གཞན་ཡང་ཚོར་བ་ཐམས་ཅད་ལ། །མིང་གཞན་དུ་བྱས་འཁོར་བ་སྟེ། །ཆོས་ཡང་དག་བར་བསྡུས་པའི་མདོར། །ཀུན ་མཁྱེན་རང་ཉིད་ཀྱིས་གསུངས་པ། །ཉེར་ལེན་དང་ནི་ཕྱིན་ཅི་ལོག་།ཉེ་བར་དམིགས་དང་ཡོངས་སུ་འཛིན། །ཚུལ་བཞིན་མ་ཡིན་ཡ་ཨི་བྱེད་བ། །ཚོར་བ་ཡིན་ཞེས་ངེས་པར་གསུངས། །འདི་ལྟར་གང་ཚེ་སྡུག་བསྔལ་གྱིས། །བྱང་ཆུབ་སེམས་དཔའ་ ་ལ་རེག་པ། །དེ་ཚེ་སྡུག་བསྔལ་གྱིས་ཉེན་བའི། །སེམས་ཅན་རྣམས་ལ་བརྩེ་བས་དམིགས། །གང་གི་ཚེ་ན་ཐུགས་རྗེ་ཅན། །ཚོར་བ་བདེ་བ་མྱོང་བྱེད་བ། །དེ་ཚེ་ཆགས་པས་གདུངས་རྣམས་ལ། །དེ་ཡི་བརྩེ་བ་ཆེར་དྲག་སྐྱེ། །གང་ཆེ་བདེ་མིན་སྡུག ་བསྔལ་མིན། །རྒྱལ་བའི་སྲས་བོས་མྱོང་བྱེད་བ། །དེ་ཚེ་རྨོངས་པར་བྱིར་རྣམས་ལ། །འདི་ཡི་བརྩེ་བ་ཤས་ཆེར་འཕེལ། །འགའ་ཞིག་བྱང་ཆུབ་སེམས་དཔའ་ལ། །མངོན་དུ་གྱུར་བ་སྐྱེ་འགྱུར་བ། །དེ་ཉིད་ཀྱི་ཚེ་དམིགས་མེད་པས། །དམིགས་པ ་བྱས་བ་ལྟ་བུར་སྐྱེ། །མཚན་མར་འཛིན་པ་ཡིན་པས་ན། །ཚོར་བ་ཉིད་ལ་སྲེད་པར་བརྗོད། །གང་ཚེ་དེ་ཉིད་མི་གནས་པ། །དེ་ཚེ་མྱ་ངན་འདས་པར་བརྗོད། །དེ་དག་ནི་ཚོར་བ་དྲན་བ་ཉེ་བར་གཞག་བའོ།། །།དེ་ལྟར་གུས་པར་ཚོར ་བ་ལ། །དྲན་བ་ཉེར་གཞག་བསྒོམ་བྱས་ཏེ་དེ་ཡི་རྗེས་ལ་འབད་བ་ཡིས། །སེམས་རྗེས་དྲན་བ་ཉེར་གཞག་བསྒོམ། །མི་གཙང་གཙང་བར་འདུ་ཤེས་པས། །སེམས་ནི་སྦྲང་མ་རྣམས་དང་མཚུངས། །སྡུག་བསྔལ་ཐམས་ཅད་བསྐྱེད་བས་ན། །སྡང་བའི ་དགྲ་བོ་དང་ཡང་མཚུངས། །འདོད་པ་སྔར་བག་ཡུད་ཙམ་ལ། །བདེ་བ་ཉིད་དུ་འདུ་ཤེས་དང། །མཆིལ་བའི་གཟན་ལ་ཆགས་པ་ཡི། །ཉ་ཡི་ལྕེ་དང་དེ་ཡང་མཚུངས། །གཞན་དག་རྣམས་ལ་གླགས་ཚོལ་ཕྱིར། །མདངས་འཕྲོག་གནོད ་སྦྱིན་དང་ཡང་ཚུངས། །དགེ་བའི་ནོར་རྣམས་འཕྲོག་པའི་ཕྱིར། །དེ་ནི་ཆོམ་རྐུན་དང་ཡང་མཚུངས། །སེམས་ནི་སྐད་ཅིག་ཉིད་ཙམ་གྱིས། །འཇིག་པའི་ཕྱིར་ན་གློག་དང་མཚུངས། །རྐྱེན་ལ་རག་ལས་སྐྱེ་བའི་ཕྱིར། །མར་མེའི་འོད་ཀྱི་རྒྱུན་དང ་མཚུངས། །སེམས་ནི་སྡོད་པ་མ་ཡིན་པས། །ཆུ་བོ་ཆེན་པོའི་རྒྱུན་དང་མཚུངས། །ཉོན་མོངས་གློ་བུར་བ་རྣམས་ཀྱི། །སྒྲིབ་པས་སེམས་ནམ་མཁའ་དང་མཆུངས། །འདི་ལྟར། གཟུགས་ལ་དམིགས་ནས་གཟུགས་རྣམས་ལ། །དགའ་བ་ཕྱེ་མ་ལེབ ་ཀྱི་མིག་དང་མཚུངས། །སྒྲ་ལ་དགའ་བས་སེམས་ནི་མངོན་པ་ཡི། །གླུ་ལ་སྙན་པའི་ཨེ་ཎེ་ཡ་དང་མཚུངས། །སེམས་ནི་མང་ནག་སྣོད་ཀྱིས་རེག་པ་ལ། །དག་ལ་བས་ཆགས་པའི་སྦྲང་མ་རྣམས་དང་མཚུངས། །རོལ་དགའ་བས་ཟས་ཀྱི་ལྷག་མ་ལ།། ་བརྐམ་ཞིང་ཆགས་བའི་བྲན་མོ་རྣམས་དང་མཚུངས། །དྲི་ལ་དགའ་བས་མི་གཙང་ཕུང་པོ་ལ། །ཤུགས་དྲག་རྒྱུག་བའི་ཕག་ཕྲུག་རྣམས་དང་མཚུངས། །དེ་ལྟ་ན་ཡང་བརྟགས་ཤིང་དཔྱད་བ་ན། །སེམས་དེ་གང་ནས་ཀྱང་ནི་རྙེད་མ་ཡིན། །འདས་པའི ་སེམས་ནི་འགག་པ་ཡིན་པས་མེད། །མ་འོངས་སེམས་ནི་མ་ཐོབ་པས་ཡོད་མིན། །ད་ལྟར་གནས་པ་བཅིངས་ནས་ཡོད་མིན་ཏེ། །གང་ལྟར་ཡང་དེ་ཚད་མའི་དཔྱད་བྱར་མེད། །སེམས་དེ་ཤིན་དུ་འབད་པས་བཙལ་གྱུར་ཀྱང། །འདས་པ་ཡོད་མིན ་ད་ལྟ་བ་ཡང་མེད། །མ་འོངས་བ་ཡང་ཡོད་མིན་དེ་ལྟར་ན། །དེ་ནི་དུས་གསུམ་དག་ལས་འདས་བར་འདོད། །གང་ཞིག་དུས་གསུམ་ལས་ནི་འདས་པ་དེ། །ཡོད་པ་ཉིད་མ་ཡིན་ཞིང་མེད་པ་འང་མིན། །དེ་ལྟར་མཛའ་གཉིས་ལས་ནི་རྣམ་གྲོལ་བ། །དེ་ནི ་གང་གི་འང་སྤྱོད་ཡུལ་མ་ཡིན་ནོ། །སེམས་ནི་གང་ན་འང་དགའ་མེད་ཅིང། །གང་ན་འང་མི་དགའ་ཡོད་མིན་ཏེ། །ནམ་མཁའ་བཞིན་དུ་མ་སྐྱེས་བ། །སྐུན་ཕྱུང་མ་ཡིན་རྨོངས་བྱ་མིན། །སླར་ཡང་འདི་ཡི་རང་བཞིན་འབད་བཙལ་ན། །ཕུང་པོ་ཁམས་དང་སྐྱེ་ ་237 ་མཆེད་རྣམས་ལ་ནཾ། །གང་ཡང་གང་དུ་འང་ནམ་ཡང་མ་མཐོང་བའི། །སེམས་ཀྱི་རྒྱུན་དེ་འདོད་པར་བྱ་བའམ་ཅི། །དམིགས་པ་ལས་ནི་སེམས་སྐྱེ་བ། །རེ་ཞིག་འདི་ལྟར་བརྟག་བྱ་སྟེ། །དམིགས་པ་ལས་ནི་ཐ་དང་དམ ་ཐ་མི་དད་ཅེས་ཡོངས་སུ་བརྟག། ཐ་དང་མངོན་བར་ཁས་ལེན་ན། །ཁམས་གསུམ་ཐམས་ཅད་སེམས་མེད་འགྱུར། །ཐ་མི་དང་ན་བདག་ཉིད་ལ། །ནང་གི་བྱ་བ་ཟློག་པར་དཀའ་། །མཇུབ་མོའི་རྩེ་མོ་དེ་ཉིད་ཀྱིས། །དེ་ཉིད་ལ་རེག་ནུས་མ་ཡིན ་དེ་བཞིན་རལ་གྲིའི་སོ་དེ་ཡིས། །དེ་ཉིད་གཅོད་པར་ནུས་མ་ཡིན། །ལེགས་པར་བསླབས་ཀྱང་རང་ཉིད་ཀྱིས། །ཕྲག་པ་ལ་ནི་འགོང་མིན་ལྟར། །སེམས་ཀྱི་སེམས་ནི་རེག་མིན་ཞེས། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསུངས། །དྲག་ལ ་འཁོར་ཞིང་འཚུབས་པའི་རླུང་དམར་ལྟར། །ཡིད་ཀྱི་རྒྱུ་བ་ཤིན་ཏུ་རྟོགས་དཀའ་འདི། །གང་གི་དེ་ལས་བདེ་གཤེགས་དཔའ་འབྱུང་བའི། །ཞི་གནས་ལ་ནི་འབད་པས་རྣམ་པར་བསྒྲུབས། །རྩེ་གཅིག་རྣམ་པར་མ་འཕྲོས་དང། །མ་ཡེངས ་པ་དང་རབ་ཏུ་ཞི། །ཞི་གནས་ཀུན་ཏུ་གནས་པའོ་ཞེས། །སེམས་རྗེས་དྲན་བ་རྒྱས་པར་བསྒོམ། །སེམས་ཀྱི་ཆོས་ཉིད་མི་སྤང་ཞིང། །དེ་བཞིན་རྣམ་པར་སྦྱོང་བ་འང་མིན། །སེམས་འདི་སྒྱུ་མ་ལྟ་བུ་ཞེས། །བྱ་བ་སེམས་ཀྱི་ཆོས་ཉིད་དོ།། ་གང་དག་དངོས་ཀུན་ཡོངས་བཏད་ནས། །སངས་རྒྱས་ཞིང་དུ་ཡོངས་དག་བར། རབ་ཏུ་བསྔོ་བ་དེ་རང་གི་སེམས་ཀྱི་རྣམ་པར་སྦྱོར་བར་གསུངས། དེ་དག་ནི་སེམས་དྲན་པ་ཉེ་བར་གཞག་པའོ། །དེ་ལྟར་སེམས་རྗེས་དྲན ་པ་ཉེར་གཞག་པ། །ཡང་དག་གནས་ནས་ཆོས་དྲན་ཉེར་གཞག་བསྒོམ། །དེ་ནི་མདོར་ན་ཆོས་རྣམས་ཐམས་ཅད་ལ། །སྤོང་ལེན་སྤངས་ནས་འབད་མེད་རྟོགས་པ་ཡིན། །ཉོན་མོངས་རྣམས་ལ་ཡང་དག་ཏུ་སྣང་བ། །འདོད་ཆགས་ཡོད་མིན་ཞེས ་@237བ ་སྡང་ཡོད་མ་ཡིན། །གཏི་མུག་ཡོད་མིན་ཞི་བ་ཡོད་མ་ཡིན། །འདུས་བ་ཡོད་མིན་ཕུང་པོ་འང་ཡོད་མ་ཡིན། །དེ་ལྟར་རྟོགས་པས་དོན་དམ་དུ་དཔྱད་ན། །ཀུན་ཉོན་མོངས་མེད་རྣམ་བྱང་ཡོད་མིན་པ། །དེ་ལྟར་ཆོས་རྣམས་ཡིན་ཞེས་ངེས?་པ་གང། །དེ་འདིར ་ཆོས་རྗེས་དྲན་པར་ཡང་དག་བརྗོད། །དེ་ལྟར་ཆོས་རྣམས་སུས་ཐོས་པ། །དེ་ཡིས་ཆོས་དང་སངས་རྒྱས་དང། །བྱང་ཆུབ་དང་ནི་ལམ་རྣམས་དང། །ཆོས་ཀུན་ཐ་དང་མཐོང་མ་ཡིན། །སླར་ཡང་ཉོན་མོངས་ཀུན་ལ་འདི། །བཅོས་པའི་འདུད་ཤེས ་སྐྱེད་བྱེད་པ་།དེ་བཞིན་ཆོས་གཞན་རྣམས་ལ་འང། །སྒྱུ་མའི་རྣམ་པར་རབ་ཏུ་བརྟག། ངེས་བྱེད་དེ་བཞིན་ཉིད་ཀྱི་བཅུད་ཀྱིས་ནི། །ཕུག་ནས་ཆོས་རྣམས་ཐམས་ཅད་ཡོངས་སུ་རྟོག་།རབ་རིབ་སྒྲིབས་མ?་ལུས་རྣམ་སྤངས་པ། །དེ་ནི་ཐུགས་རྗེ་ཆེན ་པས་རྒྱན་དུ་བྱེད་།ཇི་ལྟར་མེ་དང་འབྲུ་མར་སྡོང་བུ་དང། །རྐོད་བུ་རྣམས་ལས་མི་ཡིས་མེ་མར་མཐོང། །དེ་ལྟར་རྐྱེན་རྣམས་ལ་སྐྱེས་ཆོས་རྣམས་ལ། །སྟོང་ཉིད་སྙིང་པོ་ཅན་ཞེས་ཐ་སྙད་བྱེད། །ཆོས་རྣམས་ཐམས་ཅད་མདོར་བསྡུ་ན། །ཕུང་པོ་ཁས ་དང་སྐྱེ་མཆེད་དེ། །རྐྱེན་ལ་རག་ལས་སྐྱེ་བཞིན་དུ། །འཕོ་བ་སྤངས་ནས་ཡོད་མ་ཡིན། །ཇི་ལྟར་རྒྱལ་བརྟེན་ནས་ནི། ?་།གང་དུ་རྒྱ་ཡེ་རྗེས་མཐོང་བ། །རྒྱ་དེ་?་ཡན ་ཞིང། །དེ་མེད་པར་ཡང་མེད་བཞིན་ནོ། །བདག་དང་གང་ཟག་ཤེད་པུ་གསོབ་བོ། །སྲོག་དང་ཤེས?་སྐྱེས་བྱེད་པ་ཚང་བ་བོ། །གང་ཡང་ཅུང་ཟད་མཛའ་ཅིག་ཏུ་མེད་པའི། །ཉོན་མོངས་དེས་གང་འཆིད?་བྱེད་གྲོལ་བར་ཁྱེད། །མིང་རྣམས་ཐམས ་ཅད་མིང་གིས་སྟོང་བའི་ཕྱིར། །ཆོས་རྣམས་ཐམས་ཅད་མིང་དེས་སྟོང་བ་ཡིན། །སྣ་ཚོགས་རང་བཞིན་མེད་གིས་གང་བརྗོད་པ། དེ་ནི་ཀུན་རྫོབ་བདེན་པ་འཕགས་པས་གསུངས། །རང་བཞིན་གང་ཞིག་མིང་གིས་བརྗོད་པ་དང། །རྫོགས ་སངས་རྒྱས་ཀྱིས་མ་གསན་གཟིགས་མ་ཡིན། །སྐྱེ་མེད་འགག་པ་མེད་པའི་རང་བཞིན་ཕྱིར། །འཇིག་རྟེན་འདི་ནི་བརྡ་ཙམ་ལས་ལ་མིན། །དེ་དག་ནི་དྲན་པ་ཉེ་བར་ཞག་པ་རྣམས་སོ།། །། ་དེ་ལྟར་སེམས་ལས་དུང?་ནས་དེས། །སྡུག་བསྔལ་རྒྱ་མཚོར་བྱིད་བ་ཡི། །མགྲོན་གདོན་པ་ཡིས་བསམ་པ་ཡིས། །སྟོང་ཉིད་རབ་ཏུ་གསལ་བྱས་པའི། །ཡོན་ཏན་དཔག་ཏུ་མེད་པ་ནི། །མདོ་སྡེ་ཟླ་བ་སྒྲོན་མ་ལས། །ཡོན་ཏན་རིན་ཆེན ་གྱིས་རབ་བརྟན། །སྟོང་ཉིད་མཐོང་བ་བདེ་བར་གཤེགས་པ་ཡི། །བསླབ་པའི་ལམ་ལ་ངེས་པར་ལྡོག་མ་ཡིན། །རང་བཞིན་གྱིས་ནི་དབང་པོར་གྱུར་པས་ན། །ནམ་ཡང་བུད་མེད་དབང་དུ་འགྱུར་མ་ཡིན། །ཡུན་མི་རིང་བར་ལྟར ་བཅས་འཇིག་རྟེན་འདིར། །འདི་ཉིད་རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །ཡང་དག་ཆོས་རྣམས་དེས་པར་ཤེས་ནས་ནི། །ངན་སོང་དུ་ནི་ལྟུང་བར་མི་འགྱུར་ཞིང། །མཚན་དང་དཔེ་བྱད་ཕུན་སུམ་ཆོགས་པ་དང། །མངོན་པར་ཤེས ་པ་ལྔ་པའང་འཐོབ་པར་འགྱུར། །ཆོས་རྣམས་ལ་བདག་མེད་པ་དང། །དེ་བཞིན་རང་བཞིན་མེད་པ་དང། །ལས་དང་འབྲས་བུ་ཇི་ལྟ་བར། །འབྲེལ་བ་ལ་ཡང་འགལ་བ་མེད། །བྱང་ཆུབ་སེམས་ཀྱི་སྤྱོད་པ་དང། །མཐོང་བའི་ཆོས་ལ ་འགལ་མེད་ཅེས། །དེ་སྐད་ཡབ་སྲས་མཇལ་བ་ལས། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གསུངས། །ཁམས་དྲུག་རེག་པའི་སྐྱེ་མཆེད་དྲུག། ཡིད་ཀྱི་ཉེ་བར་སྤྱོད་པ་ནི། །བཅོ་བརྒྱད་པོ་རྣམས་འདུས་པ་ལས། །རེ་ཞིག་སྐྱེས་བ་ཞེས་བརྗོད ་དོ། །རྣམ་ཤེས་ནམ་མཁའ་རླུང་དང་མེ། །ཆུ་དང་ས་རྣམས་མ་ལུས་པ། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །སྣ་ཚོགས་འཛིན་པར་བྱེད་ཕྱིར་ཁམས། །རྣམ་པར་ཤེས་ལས་སྐྱེ་ཞེས་བརྗོད། །དེ་ནི་རྒྱུན་དུ་མཆོད་བྱེད་པའི། །མིག ་ལ་སོགས་པ་རྣམ་དྲུག་པོ། །དེ་དག་སྐྱེ་མཆེད་དུ་བརྗོད་དོ། །གཟུགས་རྣམས་མཐོང་བའི་མིག་ལ་ནི། །རག་པའི་སྐྱེ་མཆེད་དུ་འདོད་དེ། །རང་རང་གི་དོན་གསལ་བྱེད་ཕྱིར། །སྐྱེ་མཆེད་ལྷག་མ་འང་དེ་བཞིན་ནོ། །མིག་ལ་སོགས་པ་རང་རང་གིས། ། ་རག་པ་དྲུག་འདིར་སྐྱེད་པར་བྱེད། །སོ་སོར་ཡིད་བདེ་ལ་སོགས་པའི། །དབྱེ་བས་དེ་ནི་རྣམ་པ་དྲུག། དེ་ལྟར་ཡིད་ཀྱི་ཉེ་བ་ནི། །སྤྱོད་པ་བཅོ་བརྒྱད་གསལ་བར་བརྗོད། །འདི་རྣམས་ཀུན་ཏུ་ཚོགས་པ་དང། །འདུས་པ་སྐྱེས་བུ་ཞེས་བྱའོ། །གང་ཞིག་ནང ་གི་སྲ་བ་ཉིད། །ལུས་འདི་ལ་ནི་དམིགས་པ་ཡི། །སེན་མོ་སོ་སོགས་དབྱེ་བ་ནི། །ནང་གིས་ཡི་ཁམས་ཡིན་ནོ། །གང་ཡང་ཕྱེ་ཡི་འཇམ་པ་དང། །ཅུང་ཟད་སྲ་བ་ཉིད་མཐོང་བའི། །ས་འཛིན་སོགས་བྱེད་གང་ཡིན་པ། །དེ་ནི་སྤྱི་ཡི་ཁམས་ཡིན་ནོ། །ནང ་གི་བདག་ཉིད་སྐྱེ་བཞིན་པ། །འདི་ནི་གང་ནས་ཀྱང་འོངས་མིན། །དེ་བཞིན་འགག་པའི་ཚེ་ན་ཡང། །གང་དུ་འང་ཉམས་པར་འགྱུར་བ་མེད། །དེ་ལྟར་བུད་མེད་རྣམས་ཀྱི་སླར། །ནང་དུ་བུད་མེད་ང་ཞེས་རྟོག། བརྟགས་ནས་སླར་ཡང་ཕྱི་རོལ་ཏུ།། ་སྐྱེས་པའོ་ཞེས་མངོན་པར་རློམ། །དེ་ནས་ཡང་དག་ཆགས་སེམས་དེ། །སྐྱེས་བ་དང་ནི་ལྷན་ཅིག་ཏུ། །ཕྲད་པར་འདོད་ཅིང་རྩེ་བ་དང། །ཟ་བར་འདོད་ན་ཤས་ཆེར་སྤྲེ། །སྐྱེས་པ་འང་དེ་བཞིན་ནང་འདི་ལ། ་སྐྱེས་པའོ་ཞེས་རྟོག་བྱེད་ཅིང། །མ་རིག་སྟོབས་ཀྱིས་བསྐྱེད་པ་ཡི། །གྲོང་པའི་ཆོས་ཀྱི་འདོད་པ་འབྱུང། །དེས་ན་དེ་གཉིས་བདེ་བ་ནི། །འདོད་པས་དབེན་པར་སོང་ནས་ནི། །གང་གིས་ནུར་ནུར་པོ་སྐྱེད་པའི། །སྦྱོར་བ་དེ་འདྲ་བྱེད་པར ་འགྱུར། །དེ་ལ་བརྟགས་པ་གང་ཡིན་དང། །རྟོག་པ་ལས་བྱུང་ཀུན་རྟོག་གང། །ཡང་དག་མིན་པར་བརྟགས་ལས་གཞན། །དེ་དག་རང་བཞིན་གྱིས་གྲུབ་མིན། །དེ་བཞིན་མོ་ལ་བུད་མེད་མེད། །སྐྱེས་བ་ལ་ཡང་སྐྱེས་བ་མེད། །སྙོམས་པར ་འཇུག་ན་སྙོམས་པ་མེད། །ནུར་ནུར་ལ་ཡང་ནུར་ནུར་མེད། །ནུར་ནུར་རང་བཞིན་མེད་གྱུར་པ། །དེ་ཚེ་ཡང་དག་ཇི་བཞིན་རིག། དེ་གཉིས་ཡོད་པར་མ་གྱུར་ཕྱིར། །སྐྱེ་བ་མེད་པ་ཡིན་ཞེས་གནས། །མ་སྐྱེས་པ ་ཡིས་ཇི་ལྟར་ན། །སྲ་བ་ཉིད་ནི་སྐྱེ་བར་འགྱུར། །དེས་ན་ཡོད་མིན་ཀུན་རྟོག་ལས། །སྲ་ཉིད་འབྱུང་བར་ཤེས་པར་བྱ། །ཕྱི་རོལ་གྱི་ནི་ས་ཡི་ཁམས། །ལྕགས་རི་དང་ནི་རི་དབང་བོ། །རི་བོ་མཆོག་རབ་ལ་སོགས་པ། །འཇིག་རྟེན་ཁམས་རྣམས ་མ་ལུས་པའོ། །དེ་ཡི་སྲིད་པ་ཉིད་གང་དེ། །འོངས་བ་མེད་ཅིང་འགྲོ་བ་མེད། །ཁམས་ཡིན་ནོ་ཞེས་འཇིག་རྟེན་པའི། །ཐ་སྙད་བྱེད་པ་ཙམ་དུ་ཟད། །གང་གི་ཚེ་ནས་ཆེན་འདི། །མེ་ཡིས་ཡོངས་སུ་བསྲེགས་ནས་ནི། །ཆུ་རྣམས་ཀྱིས་ནི ་རྣམ་པར་བཀྲུས་།རླུང་གིས་ཤིན་ཏུ་གཏོར་གྱུར་པ། །དེ་ཚེ་མར་ནག་བསྲེག་པ་འམ། །མར་གསར་བསྲེགས་པ་ཇི་བཞིན་དུ། །སྡོང་རོ་ཡི་ནི་ཕྱེ་མ་འམ། ཐ་ལ་རྗེས་ཙམ་ཡང་མེད་པར་རུང། །དེ་ལྟར་ས་ཡི་ཁམས་ཀྱི་ནི། །སྐྱེ་བ་སྟོང་བ་ངེས ་པ་ལྟར། །དེ་བཞིན་གནས་དང་སྟོང་པ་ཡང། །རང་བཞིན་ཉིད་ཀྱིས་སྟོང་པ་ཡིན། །ཡང་ནི་ཆུ་ཁམས་གང་ཞེ་ན། །ལུས་ཀྱི་རྡུལ་དང་མཆི་མ་གཅིན། །སྣབས་མཁྲིས་ཁྲག་ཚིལ་འོ་མ་རྣག་།གཞན་ཡང་གཤེར་བ་གང་ཡོད་པའོ། ། ་དེ་ལ་མྱ་ངན་ཟུག་རྡུ་དང། །བྱམས་དང་བྲང?་ལས་མཆི་མ་འབྱུང། །བསོད་ནམས་ལྡན་པ་ལ་ལ་ལ། །ཆོས་ཀྱི་ཤུགས་ཀྱིས་འབྱུང་བ་ཡིན། །དེ་ཡང་གང་ནས་ཀྱང་འོངས་མིན། །བསྐམས་ཚེ་གང་དུ་འང་སོང་བ་མེད། །བྱུང་ངོ་བསྐམས་སོ ་ཞེས་པ་ཡང། །ཐ་སྙད་འཇུག་པ་ཙམ་དུ་བས་།གང་ཆེ་སྦྲིན་སྟུག་ཆུ་རྒྱུན་གྱིས། །འཇིག་རྟེན་འདི་ནི་འཇིག་བྱེད་ཅིང། །ས་ཆེན་ཚངས་པའི་འཇིག་རྟེན་པར། །རྒྱ་མཚོ་གཅིག་ཏུ་བྱས་གྱུར་བ། །དེ་ཚེ་དེ་འདྲའི་ཆུ་ཡི་ཚོགས། །གང་ཞིག ་ནས་ནི་འོངས་པར་འགྱུར། །ཉི་མ་བཅུ་གཉིས་མེ་ཡིས་ནི། །བསྐམས་ནས་བརླག་ཆེ་གང་དུ་སོང། གཞན་ལ་བལྟོས་ནས་བྱུང་བ་ཡི། །ཁམས་གཞན་རྣམས་ཀྱི་སྐྱེ་བ་དང། །གནས་པ་དང་ན་འཇིག་པ་ཡང། །དེ་ལྟར་དངོས་མར་ཤེས་པར་བྱ ་ས་སོགས་འབྱུང་བ་བཞི་པོ་ལ། །བརྟེན་པའི་དང་བ་གང་ཡིན་པ་།མཆོད་ཅིང་འདི་གསལ་བྱེད་པའི་ཕྱིར། །མིག་གི་སྐྱེ་མཆེད་དུ་བརྗོད་དོ། །ས་ཡི་ཁམས་ཀྱི་དང་བ་འདིར། །མིག་གི་སྐྱེ་མཆེད་དུ་མི་འདོད། །དེ་བཞིན་ཆུ་དང་མེ་དང་ནི། རླུང་ཁམས ་དང་བ་འདོད་མ་ཡིན། །དེ་ལྟར་དེ་ནི་བརྟག་བཟོད་པའི། །མིག་གི་སྐྱེ་མཆེད་འགའ་ཡང་མེད། །ཐ་སྙད་ཙམ་ལས་མ་གཏོགས་པ། །འདི་དག་བྱ་བ་དང་བྲལ་ཡིན། །ཁམས་རྣམས་སོ་སོ་སྣང་བ་ལ། །དང་བ་འགའ་ཡང་ཡོད་མ་ཡིན། །ཆོས་རྣམས ་ཐམས་ཅད་སྟོང་བའི་ཕྱིར། །དང་པ་དེ་དངོས་གང་ཞིག་ཡིན། །དེས་ན་མིག་གི་སྐྱེ་མཆེད་ལ། །ཐོག་མ་མེད་ཅིང་ཐ་མ་མེད། །རང་བཞིན་སྟོང་པ་ཉིད་ཀྱིས་ན། །གནས་ཀྱང་དམིགས་ཕ་མ་ཡིན་ནོ། །གང་ཞིག་རང་བཞིན་དང་བྲལ་ཏེ། །སྐྱེས་པ་མ ་ཡིན་བུད་མེད་མིན། །རློམ་སེམས་རློམ་སེམས་མིན་པ་འང། །རང་བཞིན་གྱིས་ནི་འགག་པ་ཉིད། །མདོ་རྗེས་འབྲངས་ནས་རིགས་པ་འདིས། །རྣ་བ་སོགས་ལ་འང་ཤེས་བྱ་སྟེ། །དེ་དག་རྣམས་ཀྱི་རྟོགས་པ་འང་མཐར། །ཆོས་ཀྱི་དབྱིངས་ལ་ཐུག ་ཕྱིར་རོ། །མིག་ནི་ཡུལ་གཟུགས་ལས་ཡིན་ཞེས། །གསུངས་པ་ཡིན་བདེ་ཡི་ཕྱིར། གཟུགས་རྣམས་ཉིད་ལ་དམིགས་པའི་མིག། གཟུགས་རྣམས་ལ་ནི་ཐོགས་དང་བཅས། །དེ་ལྟར་སྒྲ་ལ་སོགས་པ་ལ། །དམིགས་པའི་རྣ་བ་ལ་སོགས་པ། །རང་རང་ཡུལ་ལ་ཐོགས་བཅས་ཞེས། ། ་ཡུལ་དངོས་རིམ་པས་ཤེས་པར་བྱ། །མཐུན་པ་ལ་སོགས་དབྱེ་བ་ཐ་དད་པའི། །གཟུགས་རྣམས་ལ་ནི་དམིགས་པར་བྱེད་པའི་མིག་།མཐུན་པ་ལ་ནི་སྡུག་པར་འདུ་ཤེས་ཤིང། །མི་མཐུན་པ་ལ་མི་སྡུག་པར་འདུ་ཤེས། །མཐུན་པ་མ་ཡིན་མི་མཐུན ་པ་ཡང་མིན། །གཟུགས་ལ་བཏང་སྙོམས་ཚུལ་བྱས་འདུ་ཤེས་ཏེ། །དེ་ལྟར་ཡིད་ཀྱི་ཆོས་རབ་རིམ་བཞིན་དུ། །རང་བློ་རབ་ཏུ་གསལ་བ་ལས་མཚོན?་བྱ། །དེ་ལྟར་དྲུག་ལ་སོ་སོར་གསུམ་གསུམ་དུ། །ཕྱེ་བ་ལས་འདིར ་ཡིད་ཀྱིས་ཉེ་བ་རུ། །སྤྱོད་པ་རབ་ཏུ་བརྟགས་པའི་ཡིད་ཀྱིས་ནི། །ཉེས་བར་སྤྱོད་པ་བཅོ་བརྒྱད་དུ་གསུངས་སོ། །དེ་ལྟར་ཁམས་སོགས་རང་བཞིན་གྱིས། །སྒྱུ་མ་ལྟ་བུར་ཤེས་བྱས་ནས། །ཀུན་ལ་ཆགས་པ་ལས་གྲོལ་བ། །སྤྲུལ་པའི་གླང་ཆེན ་བཞིན་དུ་སྦྱང། །རྨི་ལམ་གཞོན་ནུ་མ་དང་ཕྲད་པ་ཡི། །དགའ་བ་དེ་ཉམས་གཉིད་ལོག་སད་པའི་ཚེ། །འདི་ན་གྱིས་པའི་རིགས་ཅན་ལས་གཞན་མིན། །དེ་ལྟར་ཞེ་ན་ཅིང་ཀུན་ཏུ་ཆགས་པ་དེས། །ལུས་དང་ངག་དང་ཡིད་ཀྱི་དབྱེ་བ་ཡིས། །འདོད ་ཆགས་ལས་ནི་རབ་ཏུ་སྐྱེས་པའི་ལས། །རྣམ་པ་བཅུ་ནི་མངོན་པར་འདུ་བྱེད་དོ། །གང་ཞིག་མངོན་པར་འདུས་བྱས་པ། །དེ་ཀུན་གདོང་ནས་རབ་མི་གནས། །གང་ཕྱིར་ཕྱི་རོལ་ནང་དག་ལས། །མ་བརྟེན་པས་ན་གནས་མེད། །གཞན ་ཡང་ཇི་ལྟར་ཐ་མར་འགག་པ་ཡི། །རྣམ་ཤས་དེ་ལྟར་དང་པོའི་རྣམ་ཤེས་སྐྱེད། །ལས་དང་དམིགས་པའི་དབང་པོར་གྱུར་བ་ནི། །ཉིན་མཚན་འགྲོ་བ་རྣམས་ལ་སོ་སོར་སྦྱར། །རང་བཞིན་མཚུངས་པ་ཡིན་པའི་ཕྱིར། །སེམས་ཀྱི་རྒྱུད་ནི་རབ ་ཏུ་འཇུག་ན་ཡང། །གང་དུ་བདེ་དང་སྡུག་བསྔལ་སྤྱོད་བ་ཡི། །རྣམ་པར་སྨིན་པ་ཡང་དག་མྱོང་བར་བྱེད། །ཤེས་འགག་ཐ་མ་གང་ཡིན་པ། །དེ་ལ་འཆི་འཕོར་འདོད་པ་ཡིན། །དང་པོའི་རྣམ་ཤེས་འབྱུང་བ་ལ། །འདིར་ནི་སྐྱེ་བར་འདོད་པ ་འང་ཡིན། །དེ་ལྟ་བས་ན་ཤེས་པའི་དང་པོ་ནི། །སྐྱེ་བའི་ཚེ་ན་གང་ནས་ཀྱང་འོངས་མིན། །དེ་ནི་ངེས་པར་འགག་པའི་ཚེན་ཡང། །གང་དུ་སོང་བ་འང་སྤུངས་ནས་ཡོད་མ་ཡིན། །དེ་ལྟར་དང་པོའི་རྣམ་ཤེས་དང། །ལས་རྣམས་ཀྱིས་ནི་སྐྱེ་བ ་དག། རང་བཞིན་སྟོང་ཕྱིར་གང་ནས་ཀྱང། །འོངས་པ་འམ་གང་དུ་འང་སོང་བ་མེད། །ཐོག་མ་ཐ་མ་གཉིས་ཀྱི་ནི། །ཤེས་པ་ཤེས་པ་ཉིད་ཀྱིས་སྟོང། །དེ་བཞིན་དུ་ནི་འཆི་འཕོ་ཡང། །འཆི་འཕོའི་རང་བཞིན་ཉིད་ཀྱིས་སྟོང། །དེ་ལྟ་འང་བདེ་? ་སོགས་ཀྱི་ནི། །དབྱེ་བས་བཀག་པ་མེད་པ་ཡིས། །སྣ་ཚོགས་ལས་ཀུན་རྣམ་སྨིན་དང། །སོ་སོར་རིག་པ་ཤེས་པར་བྱེད། །འཇིག་རྟེན་པ་ཡི་སྤྱོད་པ་ཡ། །མིང་དང་བརྡ་ཙམ་ཉིད་ལས་གཞིན། །ཡང་དག་བརྟག་བྱང་བཟོད་བ་ཡི། །བྱེད ་བོ་མེད་ཅིང་ཟ་པོ་མེད། །ཇི་ལྟར་རྨི་ལམ་སྤྱོད་ཡུལ་དུ། །དགྲ་དང་གཡུལ་ངོར་དགྱིས་ནས་ནི། །སང་ཚེ་ཞེན་བར་གྱུར་ཞེ་ན། །དེ་འདི་མཁས་པར་བརྗོད་དམ་ཅི། །དེ་བཞིན་ཤེས་རབ་འཆལ་བ་ཡི། །རིག་ཅན་མིག་གི་སྤྱོད་ཡུལ་ནི། །ཡིད་མི་བདེ ་བར་བརྟེན་པ་ལ། །བལྟས་ནས་མངོན་ཞེན་དང་ལྡན་འགྱུར། །ང་ནས་རབ་ཏུ་རླག་པ་ཡི། །ངན་པས་འདོད་ཆགས་ལས་བྱུང་ལས། །རྣམ་པ་བཅུ་གཉིས་སྔར་བཞིན་དུ། །སླར་ཡང་མངོན་པར་འདུས་བྱེད་དོ། །བཏང་སྙོམས་གནས་ལ ་བལྟས་ནས་ནི། །གང་ཞིག་གཟུགས་ལ་ཞེན་པ་ཡི། །རྨོངས་པ་དེ་ཡིས་སྔར་བཞིན་དུ། །ལས་ནི་རྣམ་བཅུ་སོགས་པར་བྱེད། །དེ་བཞིན་སོ་སོར་རྣམ་པ་གསུམ། །སྒྲ་ལ་སོགས་པའང་ཤེས་པར་བྱ། །གང་གི་རྨི་ལམ་སྣང་བ་བཞིན། །སྣང་བ ་འདི་ནི་སྐྱེ་བ་མེད། །ཀུན་རྫོབ་དང་ནི་དོན་དམ་དབྱེ་བ་ཡིས། །འདིར་ནི་བདེན་པ་རྣམ་གཉིས་རྒྱལ་བས་གསུངས། །སྟོང་ཉིད་ལེགས་པར་མཐོང་བ་གང་ཡིན་པ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད། །འཇིག་རྟེན་པ་ཡི་སྤྱོད་པ་ལ་།མགོན་བོS? ་འཇིག་རྟེན་ཀུན་རྫོབ་གཟིགས། །དོན་དམ་སྣ་ཚོགས་ཤེས་པ་ཡིས། །སྤྱོད་ཡུལ་ལས་ནི་ཤིན་དུ་འདས། །རྒྱུ་མེད་རྣཾས་པར་ཤེས་པ་མེད། །བརྡ་ཡོད་མ་ཡིན་རྟེན་ཡོད་མིན། ཕུང་པོ་ལྔ་མིན་དེ་ལས་གཞན། །དོན་དམ་པ་ཡི་མཚན་ཉིད་མིན། །ཤིན་ཏུ་ ་241 ་ཟབ་བར་གྱུར་དོན་སྟོང་ཉིད་དེ་།རིམ་གྱིས་ཡང་དག་སྒྲོལ་བའི་རྒྱུ་མཚན་ཉིད། །འགྲོ་བ་དང་བ་བསྐྱེད་ཕྱིར་འདི་ཀུན་རྫོབ། །ཐུགས་རྗེ་ཆེར་གྲགས་ཐུབ་བའི་དབང་པོར་གསུངས། །གཞན་ཡང་རྟེན་མེད་པས་ན ་འཇིག་རྟེན་པའི། །ཆོས་རྣམས་ཀྱིས་ཀྱང་དགའ་བར་མིང་བྱེད་དོ་།སྐྱེ་བ་མེད་པའི་རང་བཞིན་བརྒྱད་པོ་ཡིས། །སྟོང་ཉིད་གང་ཡིན་དངོས་སུ་སྟོན་པར་བྱེད། །མདོར་ན་སེམས་ནི་སྦྱང་བའི་ཕྱིར། །གཞན་ལ་གུས་པར་བྱ་བ་དང། །བདག་ཉིད ་ལ་ནི་བརྙས་བ་སྟེ། །གཞན་ཡང་འདི་གཉིས་འབང་པས་བསྒོམ། །གཞན་བདེ་གཞན་ནི་མ་ཡིན་ན། །གཞན་ལ་དངོས་སུ་རྙས་བྱེད་ལྟར། །གོམས་པ་གཉི་ག་དེ་ལྟ་བུར། །ནུས་པར་འགྱུར་བ་དཀའ་བ་མེད། །གལ་ཏེ་རྟག་ཏུ་ཕུང་པོ་རྣཾS།། ་མཉམ་པ་ཉིད་དུ་ཡོད་འདོད་ན། །དེ་ཚེ་གཅིག་ལ་བདག་ཉིད་དང། །གཞན་ཉིད་ཇི་ལྟར་སྦྱར་བར་བྱ། །ཡོད་མིན་བ་ཡི་དམིགས་པ་ལ་འང། །དེ་ལྟར་ཡུལ་ཅན་སྤྱོད་པ་ནི། །ཐོག་མ་མེད་པ་ནས་རྟོག་པ། །གོམས་པའི་ཕྱིར་ན་དགའ་བ ་མེད། །ཆགས་ལ་རག་ལས་སྐྱེས་པ་ནི་།ཁོང་ཁྲོ་རྗེས་ཆགས་ཡིན་པའི་ཕྱིར། །ཆགས་པ་སྤངས་ལས་མྱུར་དུ་ནི། །སེམས་ཀྱི་དགའ་བ་རབ་ཏུ་སྐྱེ། །གང་ལ་ཁོང་ཁྲོ་ཆགས་ཡོད་པ། །དེ་ལ་གཞན་ལ་སྨོད་པ་དང། །སེར་སྣ་བསྐཾ ་ཆགས་ང་རྒྱལ་སོགས། །ཐམས་ཅད་འབད་མེད་འབྱུང་མི་ཁོགས། །དེ་དག་ནི་བདག་གི་ལུས་དག་པའོ།། །།ཡང་དག་འཚོ་བ་སྦྱངས་པ་ཡིས། །འདིར་ནི་ལོང་སྤྱོད་དག་པར་འདོད། །ཆོས་ཀྱི་ལོངས་སྤྱོད་ཆོལ་བ་ནི། །ཡང ་དག་འཚོ་བ་སྦྱོང་བ་ནི། །མཁས་པས་སྦྱིན་བདག་ལས་ལེགས་ལེན་པ་ན། །རྙེད་པའི་དོན་དུ་སྤྱོད་ལམ་འཆོས་མི་བྱེད། །གཉའ་ཤིང་གང་ཙ་མ་ལས་ནི་མི་བལྟ་ཞིང། །གོམས་བ་ཇོམ?་གྱིས་བདལ་ནས་འདོར་མི་བྱེད། །བྱང་ཆུབ་སེམས་དཔ ་@241བ ་དག་བཀྱལ་གཅམ?་བུ་དང། །འཇམ་པོར་བསྒྱུངས?་ཤིང་ནམ་ཡང་སྨྲ་མི་བྱེད། །རྙེད་པ་དང་ནི་བཀུར་སྟི་ལི?་དོན་དག་ཏུ། །དེ་ནི་མཐུན་འཇུག་ནམ་ཡང་བྱེད་མ་ཡིན། །ཚིག་ཏུ་འདོད་པ་ཆུད་བར་བྱས་ནས་ནི། །སེམས་ལ་སྲེད་པ་ཆེན་པོ་སྐྱེད་ན་ནི།། ་ནད་དུ་གདུང་བར་བྱེད་པ་འདི་ལས་གཞན། །འདིར་ནི་ལྷག་པ་ཡོད་པ་མ་ཡིན་ནོ། །རྙེད་པ་དང་ནི་བཀུར་སྟིའི་རྒྱུ་མཚན་དུ། །དབང་པོ་སྡོམ་པ་བྱོད?་པ་ཚུལ་འཆོས་ཡིན། །རྙེད་པ་དང་ནི་བཀུར་སྤྲིའི?་རྒྱུ་མཚན་དུ། །གསོད་པོར་སྤྱན?་པར་སྨྲ་བྱེད། ་ཁ་གསག་ཡིན། །ཚུལ་འཆོས་ཁ་གསག་སྤངས་པ་ནི། །འཚོ་བདག་པ་ཉིད་ཡིན་པས། །གཡོ་ཟོལ་རྒྱུ་ཐབས་སྤངས་པ་ལས། །ལོང་སྤྱོད་དག་པར་ཤེས་པར་བྱ། །དེ་དག་ནི་ལོངས་སྤྱོད་དག་པའོ། །གང་ཚེ་སྦྱིན་པ་ལ་སོགས་ལྔ། །སྟོང ་ཉིད་སྙིང་རྗེའི་སྙིང་པོ་ཅན་།རྣམ་པ་ཀུན་ནས་བྱེད་གྱུར་པ། །དེ་ཚེ་བསོད་ནམས་དག་པ་ཡིན། །རྒྱུ་དང་ལྡན་པ་མཚན་པ་དང། །ཡིད་ཉིད་རྣམ་པར་དག་པ་དང། །བདག་དང་བདག་གིར་བྱེད་པ་རྣམས། །དག་བས་སྦྱིན་པ་དག་པ་ཡིན། །གཏོང ་བའི་ཚེ་ན་ཡང་དག་རྫོགས་པ་ཡི། །ཀུན་མཁྱེན་ཉིད་དུ་ཡོངས་སུ་སྔོ་བྱེད་ཅིང། །འབྲས་བུ་ལ་ནི་ཕྱོགས་པར་མི་བྱེད་ན། །སྦྱིན་པའི་དག་པ་མཁའ་དང་མཉམ་སྐྱེད་ཡིན། །བརྩེ་བས་གང་སྦྱིན་སྦྱིན་པ་དག་པ་ཡིན། །རང་ལག་གི་སྦྱིན་སྦྱིན་པ་དག་པ ་ཡིན། །གཞན་ཕན་གང་སྦྱིན་སྦྱིན་པ་དག་པ་ཡིན། །དུག་མཚོན་མིན་གང་སྦྱིན་པ་དག་པ་ཡིན། །འོ་ན་དྲག་ཤུལ་ཅན་ཞུས་ལས། །གང་གིས་གང་ཞིག་གང་གི་ཆེ། །མཁོ་བ་དེ་ལ་དེ་སྦྱིན་ཞེས། །གསུངས་པ་དང་ནི་འགལ་ཞེ་ན། །དེ་མིན ་སྤྱི་མདོ་ལས་གཞན་བར། །དེ་ནི་བཀག་པ་ཡིན་ཕྱིར་རོ། །ཐུགས་རྗེས་ཅན་གྱི་སེམས་ཅན་ནི། །བསྡུ་པར་བྱ་ཕྱིར་བཀག་པ་གནང། །ཐུགས་རྗེ་དང་ནི་ལྡན་པ་ཡིས། །དད་པ་སྐྱེད་ཐབས་གཞན་མེད་ན། །གང་གིས་བསྡུ་བའི་སེམས་ཅན་ལ། །མཐོད ་ནས་ཆང་སོགས་སྦྱིན་པ་གནད། །གང་ཞིག་གཞན་ལ་གནོད་དེ་སྦྱིན་དོན་ཡིན། །གང་ཞིག་དུས་མིན་བྱིན་དེས་སྦྱིན་དོན་ཡིན། །དེ་དག་ནི་སྦྱིན་པ་དག་པའོ།། །སེམས་ཅན་ཀུན་ལ་རློམ་བྱེད་པས། ་ཚུལ་ཁྲིམས་བཏུལ་ཞུགས་མཆོག་འཛིན་དང། །ལྟ་བ་རྣམ་པར་དག་པ་ཡིས། །ཡང་ནི་ཚུལ་ཁྲིམས་དག་པ་བསྐྱེད། །ཉན་ཐོས་བསེ་རུ་ལ་སོགས་རྣམས་སྤངས་ཏེ། །རྣམ་པར་མཉམས་སེམས་ཀྱིས་ནི། །ཆོས་རྣམས་རྐུན་ལ་མཁའ་དང་མཉི ་པ་ཡིས། །ཚུལ་ཁྲིམས་རྣམ་པར་དག་པ་འཐོབ་པར་འགྱུར། །ཁོང་ཁྲོ་རྣམ་པར་སྤངས་པ་ལས། །བཟོད་པའི་དགེ་བ་སྐྱེ་པར་འགྱུར། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །མཉམ་པ་ཉིད་ཀྱི་སེམས་དཔའ་ལ། །ཐང་ཤིང་གི་ནི་ནགས་བཅད་ ་ཀྱང། །ཁྲོ་མེད་མུན་པ་མེད་པ་ལྟར། །བྱང་ཆུབ་སེམས་དཔའ་བཅང་ཀྱང་ནི། །བཟོད་པ་དག་པས་དེ་བཞིན་ནོ། །གཟུགས་བརྙན་དང་ནི་མཚུངས་པ་རུ། །རང་གི་ལུས་ལ་ཡང་དག་ལྟ། །དག་ལ་འང་བརྗོད་དུ་མེད་པར་ལྟ། །དེ་བཞིན ་ཤིན་དུ་ཞི་བ་ཡི། །ཤེས་པར་སེམས་ལ་ལྟ་བྱེད་ན། །བརྩོན་འགྲུས་དག་པར་རབ་ཏུ་འཐོབ། །རྟེན་ཅིང་འབྲེལ་འབྱུང་སྦྱོར་བ་ཡིས། །བརྩོན་འགྲུས་དག་པ་བླ་ན་མེད། །དེ་བཞིན་བརྩེ་བ་ཆེན་པོའི་སེམས། །བྱིན་གྱིས་བརླབ་ཀྱི ་བྱིན་བརླབ་པཱི། །བྱམS་པའི་གོ་ཆའི་ཚོགས་ཀྱིས་ནི། །དགྲ་ཡི་དཔུང་ཚོགས་རྣམ་པར་འཇོམས། །རྣམ་ཀུན་མེད་ན་མི་འབྱུང་བའོ། །དེ་བཞིན་ཉིད་དོན་མཐོང་པ་ལས། །བསྒྲིམ་མི་དགོས་པར་བརྟན་འགྱུར་པས། །བསམ་གཏན་དག་པ ་བླ་ན་མེད། །རྣམ་ཀུན་མཆོག་དང་ལྡན་པ་ཡི། །སྟོང་ཉིད་གང་ཞིག་ཡིན་པར་འདོད། །ཞེ་ན་བྱང་ཆུབ་ཕྱོགས་ཀྱི་ཆོས། །ཐམས་ཅད་མ་སྤངས་གང་ཡིན་དང། །ཚད་མེད་རྣམ་པ་བཞི་དང་ནི། །བསྡུ་བའི་དངོས་པོ་རྣམ་དགུ་དང། །ཕ་རོལ་ཕྱིན་ན ་རྣམ་དྲུག་དང། །མཚན་དཔེ་རྣམས་ཀྱང་མ་སྤངས་པའོ། །རང་བཞིན་ཞི་བ་ཉིད་ཡིན་ཡང། །ཉོན་མོངས་ལས་ཀྱིས་ཞི་མ་ཡིན། །ཆོས་རྣམས་བཏང་སྙོམས་ཉིད་ཡིན་ཡང། །རང་མཚན་དེ་བཞིན་ཉིད་ལ་རྨོངས། །འགྲོ་དོན་བྱ་བས་འབྲེལ་གྱུར་ཀྱང།། ་བྱ་བ་སྙིང་པོ་ཡོད་མ་ཡིན། །རང་བཞིན་བསིལ་བ་ཉིད་གྱུར་ཀྱང། །རབ་ཏུ་འབར་བར་སེམས་ཅན་འཚེད། །དེ་ལྟར་ཕྱོགས་ཙམ་བསྟན་བ་ཡིས། །བསམ་གཏན་དག་པ་ཡོངས་སུ་བརྗོད། །ཤེས་རབ་ཕ་རོལ་སྦྱིན་པ་ཡི། །དག་པ་དེ་ལྟར་རྣམ་པར ་བསྒོམ། །དེ་དག་ནི་བསོད་ནམS་དག་པ་མདོར་བསྡུས་པའོ།། །།ལེན་པར་བྱེད་པ་རབ་མང་ལ། །བསགས་པ་འང་ན་ཉུང་གྱུར་ན། །ད་ནི་གསུམ་གྱི་སྤེལ་པ་ཡང། ཉུང་ཟད་རྣམ་པར་བཤད་པ་ནི། །འདི་ལྟར་སངས་རྒྱས་མཛད་ཚིམ་བྱར? ་སངས་རྒྱས་ཉིད་འདིར་འདོད་པ་ཡིན། །གཞན་དུ་དག་པ་ཙམ་གྱིས་ནི། །ཉན་ཐོས་རྣམས་དང་མཚུངས་པར་འགྱུར། །བདག་ལུས་སྤེལ་པ་གང་ཞེ་ན། །སྟོབས་དང་བརྩོན་འགྲུས་སྤེལ་བའོ། །སྟབས་ནི་མནུས?་མེད་པ་སྟེ། །རྒྱུ་བཅུ་ལས་ན་སྟོབས ་དེ་འབྱུང། །གལ་ཏེ་བྱང་ཆུབ་སེམས་དཔའ་ཡིས། །ལུས་དང་སྲོག་ལ་བབ་གྱུར་ཀྱང། །དམ་ཆོས་ནམ་ཡང་མི་གཏོང་བ། །དེ་ནི་སྟོབས་ཀྱི་རྒྱུ་གཅིག་ཡིན། །རྒྱལ་བ་འཕེལ་བ་མེད་པར་ནི། །སེམས་ཅན་ཀུན་ལ་ཕྱག་བྱེད་དང། ཉམ ་ཆུང་རྣམས་ལ་བཟོད་པ་ཡིས། །ཁ་ཟས་རབ་མཆོག་སྟེར་བ་དང། །ནང་པ་རྣམས་ནི་གསོ་བ་དང། །སེམས་ཅན་ཕོངས་པར་གྱུར་རྣམས་ལ། །ལོང་སྤྱོད་གཏོང་བར་བྱེད་པ་རྣམས། །དེ་བཞིན་བདེ་གཤེགས་མཆོད་རྟོན་ལ། །རྔ་ཐལ་འབྱུག ་པར་བྱེད་པ་དང། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །དགའ་བས་སྨྲ་བར་བྱེད་བ་དང། །ཕོངས་པས་སྡུག་བསྔལ་གྱུར་རྣམས་ལ། །ལོངས་སྤྱོད་དགོད་པར་བྱིད?་པ་དང། །སེམས་ཅན་ངལ་དུབ་ཅན་རྣམས་ཀྱི། །ཁུར་བུ་ཁུར་བར་བྱེད་པ་བོ། །ཕྱག་ན ་རྡོ་རྗེ་སྟོབས་མཐོང་བས། །ངོ་མཚར་སྐྱེས་ནས་མ་སྐྱེས་དགྲས། །ཞུས་ནས་ཐུབ་པས་སྟོབས་ཀྱི་རྒྱུ། །རྣམ་པ་བཅུ་ནི་གསུངས་པ་ཡིན། །བརྩོན་འགྲུས་སྤེལ་བར་གང་བརྗོད་དེ། །ལེ་ལོ ་མེད་པར་སྤེལ་བ་ཡིན། །འདི་ལ་ཡང་དག་རྫོགས་པ་ཡི། །བླ་མེད་བྱང་ཆུབ་ཐོབ་མི་དཀའ་། །སྙོམས་ལས་ཅན་གྱི་ཉན་ཐོས་ཀྱི། །མྱ་ངན་འདས་པའང་མི་འགྲུབ་ན། །འགྲོ་བའི་བསམ་བ་རྫོགས་པ་ཡི། །སངས་རྒྱས་མྱང་འདས་སྨོས་ཅི་དགོས།། ་དེ་དག་ནི་བདག་གི་ལུས་སྤེལ་བའོ། །།སྟོང་ཅིང་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་ལས་ལོངས་སྤྱོད་སྤེལ་བ་སྟེ། །རྡོ་རྗེ་གཅོད་པ་ལ་སོགས་སུ། །སྦྱིན་པ་དེ་ལྟར་རྒྱས་པར་གསུངས། །བྱང་ཆུབ་སེམས་དཔས་གང་གི་ཚེ། །རབ་ཏུ་མི ་གནས་སྦྱིན་བཏང་བ། །བསོད་ནམས་ད་ཡི་ཕུང་པོའི་ཚད། །གཟུང་བར་ནུས་བ་མ་ཡིན་ནོ། །ཡང་དག་རབ་ཏུ་རྩོལ་བ་དང། །བསམ་པ་བརྟན་པར་བྱས་ནས་ནི། །ཐོག་མར་སྙིང་རྗེ་བསྐྱེད་ནས་སུ། །དགེ་བ་འབང་བས་སྤེལ་བར་བྱ། །རྟག ་པར་རབ་ཏུ་དུ་བ་ལྟར། །དགེ་བའི་བཤེས་གཉེན་བརྟེན་པ་ནི། །སངས་རྒྱས་ཉིད་ཀྱི་ཆོས་ཀྱི་རྒྱུ། །རྩོལ་བ་འདི་ལྟར་ཤེས་པར་བྱ། །འཕགས་པ་གཞོན་ནུ་ནོར་བཟང་གིས། །འཇིག་རྟེན་པ་ཡི་དམ་པའི་ལས། །སྔོན་བསགས་བྱེ་བ་རྙེད་བཟུང ་ནས། །འཕགས་པ་བྱམས་པའི་དྲུང་བྱིན་ལྟར། །འདས་པའི་ལུས་ནི་བྱེ་བ་རྙེད། །འབྲས་བུ་མེད་མིན་བསམ་ནས་ནི། །ད་ལྟར་བྱུང་བའི་ལུས་པོ་ཡང། །རྣམ་པར་དག་བ་བླ་མེད་བསམ། །དགའ་བ་རྒྱ་ཆེན་དང་བ་ཡི། །ཤུགས་ཀྱིས་རྒྱ་མཚོར་བ ་འཕེལ་ཞིང། །ཁྱད་པར་དུ་ནི་འགྲོ་བའི་ཕྱིར། །ལྷག་བའི་བསམ་བརྟན་པར་བྱེད། །འགྲོ་དོན་རབ་ཏུ་བསྒྲུབ་པའི་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་གྱུར། །གྲོགས་མེད་གཉིས་པ་མེད་ཀྱང་ནི། །གོ་ཆ་ཆེན་པོའི་སྦྱོར་བར་ལྡན། །གཞན ་ཡང། འདི་ན་བདག་ཉིད་ཅིག་པུ་སྟེ། །གཞན་ཡང་སྟོབས་བཅས་བདུད་ཀྱི་ཚོགས། །བདག་གིས་བྱང་ཆུབ་ཆེན་པོའི་ལམ། །འཐོབ་ལ་གལ་ཏེ་གགས་འབྱུང་སྲིད། །དེ་ལྟ་འང་དེ་དག་སེམས་ཀྱི་ནི། །སྐད་ཅིག་གཅིག་གིས་ངེས་བཅོམ་ནས། །རྡོ་རྗེའི ་རང་བཞིན་ས་གཞི་ལ། །བདག་གིས་སླར་ཡང་བསྡད་པར་བྱ། །སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་བསམ་པ་ཡིན་པར་གསུངས། །བསམ་པོ་མེད་ན་བདེ་གཤེགས་ཀྱི། །ཡོན་ཏན་རྣམས་ནི་ཐག་བསྲིངས་ནས། །ལག་པ་དང་ནི་རྐང་བ ་དག་། མེད་ན་འགྲོ་འོང་མེད་པ་དག་། ཡན་ལག་མཆོག་གི་མགོ་མེད་ན། །འགྲོ་བ་རྣམས་ཀྱི་སྲོག་མེད་དང། །བུད་ཤིང་མེད་པར་གྱུར་ན་ཡང། །མེ་ཡི་འབར་བ་མེད་པ་ལྟར། །དེ་བཞིན་བསམ་པ་མེད་ན་ཡང། །སངས་རྒྱས་ཆོས་དང་ཕྲད་པ་མེད།། ་བསམ་པ་ཡང་དག་དག་གྱུར་པའི། །ཆོས་ཀྱི་སྒྲ་ནི་ནམ་མཁའ་ཨི་དཀྱིལ་ནས་འབྱུང། །བསམ་པ་དག་ན་ཤིང་དང་ནི། །རྩིག་པ་ལས་ཀྱང་གདམ་དག་རྗེས་བསྟན་འབྱུང། །འདིར་ནི་དགེ་བ་སྤེལ་བ་ཡི། །ཡང་ནི་སྙིང་རྗེ་རབ་བསྒོམ་པར། །སངས་རྒྱས་ཆོས ་རྣམས་མ་ལུས་པའི། །སྔོན་དུ་འགྲོ་བར་དེང་འདོད་དོ། །དེ་ལྟ་ཡིན་པས་རྒྱལ་བ་ཡི། །སྲས་པོ་མཁས་པ་ཡིས་ནི་ཆོས། །མང་པོ་ལ་ནི་མི་བསླབ་སྟེ། །ཆོས་གཅིག་ལ་ནི་བསླབ་བྱ་ཞིང། །ཆོས་གཅིག་ལ་ནི་ལེགས་བར་བརྟེན། །སངས་རྒྱས་ཆོས་རྣམས ་མཛའ་ཡས་པ། །དེ་ལས་ཀུན་ཏུ་འབྱུང་ངོ་ཞེས། །ཆོས་ཡང་དག་པར་སྡུད་པ་ལས། །གཅིག་པུ་བརྩེ་ཆེན་ལྡན་པས་གསུངས། །ཇི་ལྟར་འཁོར་ལོ་སྒྱུར་བ་དེའི། །དཔུང་ཚོགས་ཡན་ལག་བཞི་པ་ནི། །འཁོར་ལོ་རིན་ཆེན་རྗེས་འབྲང་བཞིན། །སངས ་རྒྱས་ཆོས་ནི་བརྩེ་རྗེས་འབྲང། །ཡོན་ཏན་དང་ལྡན་བུ་གཅིག་པའི། །རྐང་ལ་ཐུག་པར་ཕ་བརྩེ་བ། །དེ་བཞིན་ལུས་ཅན་རྣམས་ལ་ཡང། །བྱང་ཆུབ་སེམས་དཔའ་ཨི་བརྩེ་བས་ཁྱབ། །འཁོར་བའི་རྒྱུན་ལས་སེམས་ཅན་རྣམས། །ཀུན་ནས་གདོན་པར ་འདོད་པ་ཡི། །དམིགས་པའི་དབྱེ་བས་སྙིང་རྗེ་དེ། །སླར་ཡང་རྣམ་པ་གསུམ་དུ་དབྱེ། །བྱུང་ནས་འབྱུང་དང་འབྱུང་བཞིན་པའི། །སྡུག་འཇིགས་བདག་ཉིད་མི་འདོད་པ། །བསྒོམས་ན་དགའ་བ་ལ་སོགས་པ།། ་སྙིང་རྗེ་བྱམས་པ་བཞིན་དུ་བསྒོམ། །སྙིང་རྗེ་ལ་སོགས་དེ་དག་དེ་ལྟ་བུར། །ཕན་ཚུན་རྗེས་སུ་འབྲེལ་བས་བསོད་ནམས་འཕེལ། །ཕུང་པོ་གསུམ་བ་རྟག་པར་བཏོན་པས་ཀྱང། །བསོད་ནམས་རབ་འཕེལ་སྤུངས་ཕྱིར་ཕུང་པོ་ཡིན། །སྡིག ་པ་གཤགས་དང་སངས་རྒྱས་ལ། །གསོལ་འདེབས་བསོད་ནམས་རྣམས་ལ་ནི། །རྗེས་སུ་ཡི་རང་རྣམས་བསོད་ནམས་ཀྱི། །ཕུང་པོ་ཡིན་ཕྱིར་ཕུང་པོ་གསུམ། །སངས་རྒྱས་ལ་ནི་ཕྱག་འཚལ་ནས། །སྡིག་པ་བཤགས་ཞེས་འབྱུང་བས ་ན། །ཕྱག་འཚལ་སྡིག་པ་བཤགས་པ་ལས། །ལོག་པར་ཐ་སྙད་མི་བྱའོ། །ཉེ་བར་འཁོར་གྱི་ཞུས་པ་ལས། །འཐད་པ་དང་བཅས་རབ་བརྟན་ཕྱིར། །གསོལ་བ་འདེབས་དང་བསྐུལ་བ་ཡི། །དོན་ནི་གཅིག་པ་ཉིད་ཡིན་ནོ། །ཡོ་བྱད ་མེད་པས་མཆོད་པ་ནི། །ངེས་མེད་ཕྱིར་ན་མ་བསྟན་ནོ། །དག་ཡིད་མཆོག་པ་གསུངས་པ་ནི། །མདོ་སྡེ་རྣམས་སུ་རབ་ཏུ་གྲགས། །རྒྱལ་བ་གང་ཟག་ཟླ་མེད་པའི། །སངས་རྒྱས་རྣམས་ནི་ཐམས་ཅད་དང། །ཞེས་པ་ལ་སོགས་ཚིགས ་བཅད་བཞིས། །ཕྱག་འཚལ་བ་ནི་ཡོངས་སུ་བསྒྲགས། །བཟང་སྤྱོད་ལ་སོགས་ཚིགས་བཅད་དང། །བསྟོད་པ་བློ་ལ་གང་ཡོད་དང། །དཀོན་མཆོག་སྤྲིན་སོགས་མདོ་སྡེ་རུ། །གསུངས་པ་བཟུང་ལ་མཆོད་པར་བྱ། །འདི་ལྟ་སྟེ། གང་ཞིག་འདི་ན ་བདག་གེར་མ་བྱས་གཟུང་མེད་པའི། །འབྲས་བུ་ལོ་ཏོག་འབྲུ་ཡི་བྱེ་བྲག་གང་སྐྱེ་པ། །དེ་དག་མ་ལུས་རྒྱལ་བ་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལ་སོགས་ལ་བདག་གིས་ཕྱག་འཚལ་མཆོད་པར་བགྱི། །བཟངས་སྤྱོད་དུ་གསུངས་ཚིཌ ་བཅད་ཀྱིས། །དེ་བཞིན་རྗེས་སུ་ཡི་རང་བྱ། །རྡོ་རྗེ་རྒྱལ་མཚན་ལས་གསུངས་པའི། །བསྔོ་བ་གུས་བས་ཡོངས་སུ་བསྔོ། །སྨོན་ལམ་ཇི་ལྟར་གདབ་བ་ཡང་མདོ་སྡེ་ས་བཅུར་བལྟ་བར་བྱ། །སངས་རྒྱས་ཞིང་ནི་རྣམ་སྦྱང་ཕྱིར། །རྟག་པར་ཡོངས་སུ་བསྔོ་བར ་བྱ། །བསོད་ནམས་གང་ལས་ཤེས་པར་བྱ། །ཞེ་ན་མདོ་སྡེ་ཀུན་ན་སྣང། །ཕན་ཡོན་བཅས་པར་རབ་གསུངས་ཕྱིར། །ཕྱག་འཚལ་ལ་སོགས་རྣམས་ཀྱིས་སོ། །བསམ་པ་དག་པས་ཡང་ནས་ཡང། །སངས་རྒྱས་ལ་ནི་ཕྱག་བྱས་ལས། །མི་ཁོཾ ་བརྒྱད་པོ་རྣམ་སྤངས་ནས། །དལ་ཞིང་ཁོམ་པ་ཐོབ་པར་བྱེད། །དེ་ལ་མི་ཁོམ་པ་བརྒྱད་ནི། །ས་སྟེང་དུ་ནི་རྒྱལ་བས་དམ་ཆོས་བསྟན་ཀྱང་བྱོལ་སོང་ཡི་དགས་འགྲོ་བ་དང། །གཞན་ཡང་ལྷ་ནི་ཚེ་རིང་བོ་ཡིན་ད་དུ་སྐྱེ་དང་འགྲོ་གཞན་དམྱལ ་བ་དང?། །མཛའ་འཁོབ་ཡུལ་དུ་སྐྱེས་པ་དང་ནི་ལྐུགས་པ་ཉིད་དང་ལོག་པར་ལྟ་བ་དང། །མི་ཡི་བཟང་པོ་ཡོངས་སུ་ཟིན་ཀྱང་ཐུབ་པ་དང་བྲལ་དེ་དག་མི་ཁོམ་བརྒྱད། །དེ་དག་ནི་ཕྱག་བཙལ་བ་ལ་སོགས་པའི་ཆོ་ག་བསོད་ནམས་འཕེལ་པའོ།། །། ་དད་དང་གུས་དང་ང་རྒྱལ་སྤངས། །བརྩོན་འགྲུས་ཤེས་བྱ་འདི་རྣམས་ཀྱིས། །ཡོངས་སུ་ཉམ་པར་མི་བྱེད་ཅིང། །ཁྱད་པར་དུ་ཡང་འགྲོ་བར་བྱེད། །དེ་ལ་དད་པ་གང་ཞིག་གིས། །འཕགས་པ་རྣམས་དང་ཉེར་སྤྲོད་ཅིང། །དེ་བཞིན་བྱ་བར་མི་འོས་པ?། ་མཛའ་དག་གང་གིས་མ་བྱེད་པའོ། །གུས་པར་འདི་ནི་ཁྱད་པར་དུ། །བསོད་ནམས་སྐྱེད་པར་བྱེད་པ་དང། །གང་ཞིག་གིས་ནི་དམ་པའི་ཆོས། །མཉམ་པར་བཞག་པས་ཉན་པའོ། །ང་རྒྱལ་སྤངས་པས་ཡོན་ཏན་རྣམས། །འཕེལ་བའི་རྒྱུར་གསུངས་གང ་ཡིན་དང། །གང་གིས་ཡོན་ཏན་ལྷག་པ་ཡིས། །འཕགས་པར་སེམས་ཤིང་ཕྱག་བྱེད་པའོ། །བརྩོན་འགྲུས་དེ་བཞིན་ཁྱད་པར་རྣམས། །འཐོབ་ཕྱིར་ཡོངས་སུ་མི་ཉམས་ཤིང། །ལུས་སེམས་ལས་སུ་རུང་འདི་དག་།གང་གིས་མྱུར་དུ་ཐོབ་པའོ། །དེ་དག་ནི་དང ་245 ་པ་ལ་སོགས་པ་བཞིའོ།། །།དེ་བཞིན་བསོད་ནམས་འཕེལ་བའི་རྒྱུ། །དང་པོ་རྣམ་པ་ལྔ་གསུངས་པ། །དད?་བརྩོན་དྲན་པ་ཏིང་འཛིན་དང། །ཤེས་རབ་རྣམས་ལ་རིམས་བཞིན་བཤད། །དད་པའི་དབང ་པོ་གང་ཡིན་པའི། །དད་པ་དེ་ནི་ཆོས་བཞིན་བྱེད། །དེ་ལ་གང་གིས་དཀར་པོ་དང། །ནག་པོའི་ཆོས་རྣམས་ཀྱི་འབྲས་བུ། །བདེ་སྡུག་རང་བཞིན་སོ་སོ་རུ། །འབྱིན་པར་བྱེད་པ་ཆོས་དང་པོ། །རྒྱལ་བའི་སྲས་པོ་རྣམས་ཀྱི་ནི། །སྤྱོད་པ་གཉིས་ལ་ཡིན ་པར་གསུངས། །གསུམ་པ་འང་འདིར་ནི་གང་ཞིག་གིས། །ཆོས་རྣམས་ཐམས་ཅད་མི་སྤོང་ཞིང། །ལྟ་བ་ཀུན་ལ་ཡང་དག་པར། །དེ་བཞིན་ཞེན་པར་མི་བྱེད་པའོ། །གང་ཞིག་ཐུབ་པ་རྣམས་ཀྱི་ཆོས། །མེ་འཇིགས་ལ་སོགས་མཛའ་ཡས་ལ། །དད ་པར་བྱེད་པ་བཞི་པ་སྟེ། །དེ་དག་དད་པའི་དབང་པོར་འདོད། །དད་པའི་དབང་པོའི་ཆོས་རྣམས་གང། །ངོས་པོས?་དད་པར་བྱས་ནས་ནི། །གང་གིས་ཡང་དག་འཕེལ་བྱེད་པ། །དེ་ནི་བརྩོན་འགྲུས་དབང་པོ་ཡིན། །བརྩོན་འགྲུས་དབང་པོས་ཚེས་རྣམས ་གང། །གསལ་པོར་འཕེལ་བར་བྱས་ནས་ནི། །གང་གིས་ཉམས་པར་མི་བྱེད་པ། །དེ་ནི་དྲན་བའི་དབང་པོར་བརྗོད། །དྲན་པའི་དབང་པོས་ཆོས་རྣམས་གང། །ཉམས་པ་རུ་ནི་མ་བྱས་ལ། །གང་གི་རྩེ་གཅིག་ཏུ་བྱེད་པ། །དེ་ནི་ཏིང་འཛིན་དབང་པོར ་འདོད། །ཏིང་འཛིན་དབང་པོས་ཆོས་རྣམས་གང། །སླར་ཡང་རྩེ་གཅིག་བྱས་ནས་ནི། །བདག་ཉིད་སོ་སོར་ཤེས་བྱེད་པ། །དེ་ལ་ཤེས་རབ་དབང་པོར་བརྗོད། །དེ་དག་ནི་དབང་པོ་ལྔའོ།། །།དད་བརྩོན་དབང་པོ་ལྔ་པོ་ཉིད། །སྟོབས ་ཀྱི་རང་བཞིན་ཉིད་གྱུར་ནས། །གང་ཚེ་བདུད་རྣམས་ཀྱིས་རྒྱལ་བས། །མི་ནུས་དེ་ནི་སྟོབས་འཕེལ་བའི། །སྟོབས་ཀྱི་ཉན་ཐོས་ལ་སོགས་ཀྱིས། །ཐེག་དམན་འདོད་པར་མི་བྱེད་ཅིང། །སྔ་ན་ཐེག་པ་ཆེན་པོ་ལ། །དམ་བཅས་མི་ལྡོག་བརྟན་པར་འགྱུར ་@245བ ་དེ་དག་ནི་སྟོབས་ལྔའོ།། །།བསོད་ནམས་སྤེལ་ཕྱིར་དཀོན་མཆོག་གསུམ། །སླར་ཡང་རྗེས་སུ་དྲན་པར་བྱ། །སངས་རྒྱས་རྗེས་སུ་དྲན་པ་ནི། །ཡུལ་འཁོར་སྐྱོང་གིས་ཞུས་པར་གསུངས། །སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད། །སངས་རྒྱས ་ཆེ་བ་ངེས་བསམས་པས། །སེམས་ལ་གཟུགས་བརྙན་བཞིན་ཤར་ན། །དགེ་བ་མངོན་པར་རབ་ཏུ་འཕེལ། །དེ་དག་ནི་སངས་རྒྱས་རྗེས་སུ་དྲན་པ་བསྟན་པའོ། །ཡོན་ཏན་མཛའ་ཡས་སྒྲུབ་བྱེད་པའི། །ཆོས་ལ་རྗེས་སུ་དྲན་པར་བྱ། །རྒྱལ་བའི་ཡོན ་ཏན་མཛའ་ཡས་གང། །ཆོས་འབའ་ཞིག་ལས་རབ་ཏུ་སྐྱེ། །དེ་བཞིན་འཇིག་རྟེན་པ་དག་དང། །འཇིག་རྟེན་འདས་པའི་བདེ་བ་ཀུན། །ཆོས་ལ་རྫོགས་པར་འགྲུབ་པས་ན། །དེ་ཕྱིར་གུས་པས་སྤྱད་པར་བྱ། །ཇི་ལྟར་སེམས་ཅན་ཐམས་ཅད་ལ།། ་ཆོས་རྣམས་སྙོམས་པར་རབ་ཏུ་འཇུག་།དེ་བཞིན་སེམས་ཅན་ཐམས་ཅད་ལ། །དེ་ནི་བདག་གིས་མཉམ་པར་བསྒྲུབ། །ཇི་ལྟར་ཉིན་དང་མཚན་མོ་རུ། །ཆོས་ནི་མཚུངས་བར་རབ་འཇུག་པ། །ཆོས་བཞིན་མཚུངས་པའི་སེམས་ཀྱིས་ནི།།ད་ནི་བདག ་ཀྱང་འཇུག་པར་བྱ། །འཕགས་པ་འཕགས་མིན་མི་མཚུངས་ཞེས། །ཞིང་དུ་ལྟ་བ་རྣམ་སྤངས་ཏེ། །ཆོས་ནི་རབ་ཏུ་འཇུག་པ་བཞིན། །བདག་ཀྱང་མཚན་ཉིད་ཅིག་ཏུ་འཇུག་།སེམས་ཅན་རྣམས་ཀྱིས་ཆོས་མི་བསྲུང། །ཆོས་ཀྱིས་སེམས་ཅན་སྲང ་པར་བྱེད། །འགྲོ་བའི་སྐྱབས་ནི་ཆོས་ཡིན་གྱིས། །ཆོས་ཀྱི་སྐྱབས་ནི་འགྲོ་བ་མིན། །ཆོས་ནི་སྲིད་པས་མི་འཇིགས་ཤིང། །མྱ་ངན་འདས་ལ་རྗེས་མི་འགལ། །དེ་བཞིན་བདག་ཀྱང་འཇིག་པ་དག་།སྤོང་ཞིང་དེ་དག་རྗེས་སུ་གཞོལ། །དེ་དག་ན་ཆོས་རྗེས ་སུ་དྲན་པའོ།། །།དགེ་འདུན་ཆོས་ཀྱི་སྨྲ་བ་པོ། །དོན་དུ་ཆོས་གཉེར་ཆོས་ལ་སེམས། །ཆོས་ཀྱི་ཞིང་སྟེ་ཆོས་ཀྱི་མཆོག་།དེས་ན་དགེ་འདུན་རྗེས་དྲན་བྱ། །དེ་དག་ནི་དགེ་འདུན་རྗེས་སུ་དྲན་པའོ།། །།དེ་ལྟར་བདག་གིས་ལུས ་སོགས་གསུམ། །བྱང་སེམས་གཟུང་པ་སྔོན་འགྲོ་ཅན། །ཀུན་མཁྱེན་ཉིད་དུ་ཡོངས་བསྔོས་པས། །ཁྱད་པར་དུ་ནི་རྣམ་པར་འཕེལ། །བདག་ཉིད་དྲན་པར་བྱ་ཕྱིར་དང། །དང་པོའི་ལས་ཅན་སེམས་ཅན་ལ། །བདག་གིས ་ཕྱོགས་ཙམ་འདི་བསྟན་བྱས། །བྱེ་བྲག་འཕགས་པའི་སྤྱོད་ཡུལ་ཡིན། །རྒྱལ་བའི་བསླབ་བཅུ་དེ་དག་བསྡུས་བྱས་ལས། །དྲི་མེད་སྟོན་ཀའི་ཟླ་ཟེར་ལྟར་འབར་བའི། །འདིར་ནི་དགེ་བ་ཅུང་ཟད་ཅི་བསགས་པ། །དེ་ཡིས་འགྲོ་བའི་བསླབ་པའི ་རྒྱན་གྱུར་ཅིག་།བསླབ་པ་ཀུན་བསྡུས་ལྗོན་ཤིང་ལས། །ཕྱོགས་ཆ་ཙམ་ཞིག་བླངས་པ་ཡི། །བསླབ་པའི་མེ་ཏོག་སྙེམ་འདི། །མཁས་པ་རྣམས་ཀྱི་རྣ་བར་བཟུང། །བསླབ་པའི་མེ་ཏོག་སྙེ་མ་ཞེས་བྱ་བ་རྫོགས་སོ།། །། ་བི་ཀྲམ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵ་ཏིའི་ཞལ་སྔ་ནས་སྦྱར་བའོ། །དབང་ཕྱུག་དམ་པའི་མངའ་བདག་བོད་རྗེ་ལྟ་བཙན་པོ་ཁྲི་བཀྲ་ཤིས་ནམ་མཁའ་དབང་ཕྱུག་བཙན་གྱི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སུམ་ཏི་ཀཱི་རྟི་དང། ། ་བོད་ཀྱི་ལོ་ཙཱ་བ་ཞ་མ་དགེ་སློང་སེང་རྒྱལ་དང། །གློག་སྐྱ་བཞོན་ནུ་འོ་བར་གྱིས་བསྒྱུར་པ་ལས་།སླང་ནས་བོད་ཀྱི་ལོ་ཙཱ་བ་པནདེ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་