CLOSE WINDOW

N4126: de bzhin gshegs pa'i snying po yi ge brgya pa'i bsrung ba dang sdig pa bshags pa'i cho ga
Wyliee-texts based on the ACIP/ALL Input

ལམ་འདིར་འཇུག་པར་འདོད་པའི་སྐྱེ་བོ་རྣམས། །དགའ་བས་ཆོས་འདི་ཕྱོགས་བཅུར་རྒྱས་བྱེད་ཤོག། །དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་།དཔལ་རྡོ་རྗེ་སེམS ་དཔའ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་སྙིང་པོ་བརྒྱད་སྟོང་བཟླས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་ཡང་གང་ཞེ་ན། ན་མ་ལྟར་ཡ་དཏྭི?་ཀཱ་ནཱཾ་།ཏ་ཐཱ་ག་ཏཱ ་ནཱཾ། སརྦབ་ཏྲཱ?་ཨ་བྲ་ཏི་ཧ་ཧཱ་པཱ་པཏི། དྷ་?་ཏཱ་པ་ལི་ནཱཾ་། ས་མ་ས་མ་།ས་མནྟ་ཏེ་ནེ་ནྟཱ་པཱཔཏི་ཤཱ་ས་ནི་།ཧ་ར་ཧ་ར་སྨ་ར་སྨ་ར་ཎ་།བི་ག་ཏ་རཱ་ག་བུ་དྡྷ་དྷ་བསྨ?་ཏ་།ས་ར་ས་ར་།ས་མ་པ་ལ་།ཧ་ས་ཧ་ས་།ཏྲ་ཡ་ཏྲ་ཡ་།ཕ་ག་ཝ་ན་མ་ཧཱ ་པ་ར་ལེ་ཀྵ་ཎེ་།ཛཝ་ལ་ཛཝ་ལ་ན་སཱ་ག་རེ་སྭཱཧཱ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡིན་ཏེ། འདི་ལ་གུས་པ་བླ་ན་མེད་པ་བྱའོ། །འདིས་ལས་དང་པོ་པ་དག་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ།། ་འདི་ཉིད་བདུད་ལ་སོགས་པ་དང་མ་རུངས་པ་ཐམས་ཅད་ལས་སྲུང་པར་བྱེད་པའི་མཆོག་ཡིན་ནོ། །ཐལ་མོ་བརྡབ་པ་འམ་།ཐལ་པ་འམ། ཡུངས་ཀར་རམ་།ཆུ་འམ། བལྟ་པ་འམ། ཡིད་ཀྱིས་ཀྱང་མཚམས་གཅོད་པར་བྱེད་དོ། ། ་ནང་ཀྱིས་བཏབ་ན་སྨན་གྱི་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་ངོ། །ཡང་ན་མཆོད་རྟེན་ནམ། སྐུ་གཟུགས་སམ་།དམ་པའི་ཆོས་ཀྱི་གླེགས་བམ་ལ་ནགས་ཀྱི་མེ་ཏོག་སེམས་མཉམ་པར་བཞག་སྟེ་འབུལ་ཞིང་ཟླ་བ་ཕྱེད་སྦྱོར་པ་བྱས་ན་རྒད?་ཆོན? ་པོ་དག་ལས་ཐར་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པ་དང། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་།སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པའི་སེམས་ཀྱིས་བཟང་པོའི་སྤྱོང་པ་སྔོན་དུ་བྱས་པས ་བཟླས་བརྗོད་བྱའོ། །ཆོ་ག་འདི་ནི་ཆོ་ག་དེའི་མཇུག་ནས་འབྱུང་བའོ། །དམ་ཆག་གསུམ་གྱི་བཟླས་རྗོད་བྱེད་པ་ནི་ཁྲུས་མ་བྱས་ཀྱང་ཉེས་པ་མེད་དོ། །ལྷག་མ་དང་གཙང་སྦྲ་མ་བྱས་ཀྱང་ཉེས་པ་མེད་དོ། །ཕྱག་རྒྱ་འདྲ་བ་དག་མ་བཟའ་ཨོ། །མི་འགོམ ་མོ། །ཁྲི་ལ་ཉལ་བར་མི་བྱའོ། །ཆང་མི་བཏུང་ངོ། །མོས་པས་སྤྱོད་བའི་བསླབ་པའི་གཞི་དག་ལས་མི་གཡོ་བ་དང་ཐེ་ཚོམ་མེད་ན་སྔོན་ངང་ཚུལ་ངན་པར་གྱུར་ཀྱང་འགྲུབ་པོ། །མཁས་སམ་མི་མཁས་ཀྱང་རུང་སྟེ་ངེས་པར་འགྲུབ་བོ། །དེ་སྐད ་དུ་དེ་ཉིད་ལས། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང། །བློ་གྲོས་ཆགས་པ་མེད་པ་དང། །ཐེ་ཚོམ་དག་ཀྱང་མི་བྱེད་པ། །དེ་ལ་དེས་པར་འགྲུབ་པར་འགྱུར་ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་བསྟན་པ་ནི་འདིར་སོ་སོ་སྐྱེ་བོ ་ནི་སྟོབས་དང་ལྡན་པར་དེས་པར་བྱ་བའི་ཕྱིར་གསུངས་ཀྱི། །སར་ཆུད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །འདི་ལ་མ་ཤེས་ན་སྔགས་རྣམས་ཡི་གེ་ལྷག་པར་བརྗོད་ཀྱང་ཉེས་པ་མེད་དོ། །ཉུང་ཡང་ཉེས་པར་མི་འགྱུར་རོ། །ཆོ་ག་ཉམས་ཀྱང ་ཉེས་པར་མི་འགྱུར་རོ། །འོན་ཀྱང་དང་པའི་ཤུགས་དང། བྱང་ཆུབ་ཀྱི་སེམས་ཀྱི་ཤུགས་དང། རང་གི་དོན་དོར་བའི་སེམས་བརྩོན་པར་བྱ་སྟེ་།རྣམ་པར་མི་བརྟག་པར་བརྗོད་ན་གདོན་མི་ཟ་བར་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་མཐོང ་221 ་པ་དང་ཅི་འདོད་པ་ཡང་འགྲུབ་པར་འགྱུར་རོ། །བསླབ་པ་ཀུན་ལས་བཏུས་པ་ལས་འབྱུང་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཡི་གེ་བརྒྱ་བའི་བསྒྲུབ་པ་དང་སྡིག་པ་བཤེགས་པའི་ཆོ་ག་།སློབ་དཔོན ་ཞི་བའི་ལྷས་མཛད་པ་རྫོགས་སོ།། །། *། །བསླབ་པ་ཀུན་ལས་བཏུས་ཀྱི་མངོན་རྟོགས་གསེར་གླིང་པས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། ཤིཀྵ?་ས་མུ་ཙྪ་ཡ་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། ་བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྟོབས་བཅུ་ལྡན་པ་གང་གི་ཞབས་རྡུལ་ལ། །ལྷ་རྣམས་ཅོད་པན་གྱིས་གཏུགས་དེ་བཏུད་དེ། །འཇམ་པའི་དབྱངས ་ཀྱི་ཞབས་གཏུགས་ཞི་བའི་ལྷས། །བསླབ་པའི་གནས་རྣམས་མདོ་སྡེ་ཀུན་ལས་བཏུས། །དང་པོ་གཉིས་ནི་ཕྱི་མ་བདུན་གྱིས་བཤད། །གཉིས་གྱི་དོན་ནི་རྣམ་དགུར་ཤེས་པར་བྱ། །ལྔ་ཡི་འོག་དང་གཉིས་ཀྱི་གོང་མ་ནི། །དང་པོ ་ཡིན་ཏེ་གཞན་ན་གཉིས་པ་ཡིན། །གཉིས་ཀའི་དོན་ནི་ཟླ་བ་ཆོས་པ་དང། །ཉ་དང་སྡིག་པ་གསེར་གྱི་འཁོར་ལོ་དང། །གླང་པོ་གདུགས་དང་ཐིག་ལེ་དང་པོ་དང། །འཇམ་པའི་དབྱངས་ཀྱི་ཕྱག་ན་རལ་གྲི་འཛིན། །རིན་པོ་ཆེ་ནི་ཁྱད་པར ་གཉིས་དང་བཅས། །དང་དང་བླ་མའི་ཚོགས་དང་གོ་ཆ་དང། །བྱིན་རླབས་ཕྱིར་མི་ལྡོག་དང་སྤྱད་པ་དང། །ལུང་བསྟན་པ་ནི་སྐུ་གསུམ་ཡོན་ཏན་བཅས། །བཞི་ལས་འབྲས་བུར་གྱུར་པ་དང་པོ་སྟེ། །གསུམ་ནི་ཡང་དག་སྤོང་བར་རབ ་ཏུ་གནས། །གཉེན་པོ་གང་ལ་དེ་ཡི་ངོ་བོ་སྟེ། །རྟེན་དང་ཉེས་པ་སྤོང་བ་དང་པོ་ཡིན་ནོ། །སུན་འབྱིན་པ་ནི་དེ་ཡི་གཉིས་པར་བརྗོད། །གཉེན་པོ་སྤྱོད་པ་གཉིས་པའི་དང་པོ་སྟེ། །སྤྱོད་པ་ཐ་མ་དེ་ཡི་གཉིས་པ་ཡིན། །མི་མཐུན་པ་ནི་རྣམ་པ ་