CLOSE WINDOW

N4125: bslab pa kun las btus pa
Wyliee-texts based on the ACIP/ALL Input

བཞིན་དུ་ནི་སེམས་པས་སོ། །བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་མཁན་པོ་ཞི་བ་ལྷས་མཛད་པ་རྫོགས་སོ།། །།བསླབ་པ་ཀུན་ལས་བཏུས་བ་ཞིབ་ལྷས ་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཡ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པ། བམ་པོ་དང་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང ་མ་ཐོས་པས་དམྱལ་བ་ལ་སོགས་གཡང་སར་ནི། །བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟད་མཛའ་ཡས་དག་།སེམས་མ་ཞི་བ་ཁྱེད་ཀྱིས་ཡང་ཡང་མྱོང་གྱུར་པ། །དེ་ནི་མཉན་ཕྱིར་གུས་པ་ཤིན་ཏུ ་རྒྱ་ཆེར་བསྟེན། །གང་ཐོས་ནས་ཀྱང་གཡེང་བ་མེད་པའི་བདག་ཅན་གྱིས། །སྡིག་སྤོང་སྔོན་བྱས་མང་པོ་མ་ལུས་ཟད་བྱེད་ལ། །སྔོན་ཆད་མ་ཐོབ་པ་ཡི་བདེ་བའང་རབ ་འཐོབ་ཅིང། །བདེ་བ་ལས་ནི་ནམ་ཡང་ཉམས་པར་མི་འགྱུར་དང། །རྫོགས་པའི་བྱང་ཆུབ་སེམས་དཔའ་བདེ་མཆོག་མི་ཟད་དང། །སངས་རྒྱས་གོ་འཕང་མཉམ་མེད་ཕུན་ཚོགས་ཐོབ་བྱེད་པ། །ཤིན་ཏུ་རྙེད་དཀའ་ཨི་རིན་ཆེན་ཆོས་དེ་དེང་ཐོབ་ན། །ལེགས་པར་བརྗོད་པ་འདི་ལ་དེ་ལ? ་ཐོབ་གུས་པར་ཉོན། །ཁམས་གསུམ་ཕན་མཛད་གཅིག་པོ་དེ་ཡི་གསུང་མཉན་ཕྱིར། །ལྷ་དང་ཀླུ་དང་གྲུལ་བུམ་དྲི་ཟ་གནོད་སྦྱིན་དང། །མཁའ་ལྡིང་ལྟ་མིན་མི་འམ་ཅི་དབང་འདྲེ་ལ་སོགས། །དགའ་བཅས་ཉན་པར་མོས་ཤིང་ཡང་དད་འདིར་ཤོག་ཅིག། བདེར་གཤེཌ ་ཆོས་ཀྱི་སྐུ་མངའ་སྲས་བཅས་དང། །ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། །བདེར་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་རྣམས། །མདོར་བསྡུས་དོན་གྱི་ངག་གིས་བརྗོད་པར་བྱ། །སྔོན་ཚད་མ་བྱུང་ཅི་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པ་འང ་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་གྱི་དོན་དུ་བདག་མི་འབད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་རྩམས། །དགེ་བ་བསྒོམ་ཕྱིར་བདག་གིས་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཤིག་འཕེལ་འགྱུར་ལ། །བདག་དང་སྐལ་པ་མཉམ་པ་གཞན་གྱིས་ཀྱང། །ཇི་སྟེ་འདི ་དག་མཐོང་ན་དོན་ཡོད་འགྱུར། །དལ་འབྱོར་ཤིན་ཏུ་རྙེད་པར་དཀའ་བ་དང། །སྐྱེས་བུའི་དོན་བསྒྲུབ་འདི་ནི་རྙེད་གྱུར་པས། །གལ་ཏེ་འདི་ལ་ཕན་པ་མ་བསམས་ན། །ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོར ་འཕགས་པ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས་མི་ཁོམ་པ་བརྒྱད་ལས་ལྡོག་པ་ཡང་རྙེད་པར་དཀའ་།མིང་གྱུར་པ་ཡང་རྙེད་པར་དཀའ་། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་དཀའ་། སངས་རྒྱས་འབྱུང་བ་ཡང ་རྙེད་པར་དཀའ་། དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ་། །སངས་རྒྱས་ཀྱི་ཆོས་མཉན་པ་ཡང་རྙེད་པར་དཀའ་། སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ་། །ཡང་དག་པའི་དགེ་པའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ་། །ཡང་དག་པའི་ ་ཚུལ་རྗེས་སུ་བསྟན་པ་ཉེ་བར་སྦྱོར་བ་ཡང་རྙེད་པར་དཀའ་། ཡང་དག་པར་འཚོ་བ་ཡང་རྙེད་པར་དཀའ་། མིའི་འཇིག་རྟེན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པ་ཡང་རྙེད་པར་དཀའ་ ་ན་ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་དེ་ལྟ་བུ་དང་ཕྲད་པ་ལ་རྟེན་ནས། སེམས་ཅན་ཆེན་པོ་གང་ལ་།གད་ཆེ་བདག་དང་གཞན་དག་ཀྱང། །འཇིགས་དང་སྡུག་བསྔལ་མི་འདོད་པ། །དེ་ཚེ་དེ་སྲུང་གཞན་པ་གང། །བདག་དང?་བྱེ་བྲག་ཇི་ཞིག་ཡོད། །སྙམ་པ་དེ་ལྟ་བུའི་སོ ་སོར་དཔྱོད་པ་སྐྱེས་ནས་དེ་བདག་དང་སེམས་ཅན་གྱི་ཁམས་རྣམས་ཀྱི་།སྡུག་བསྔལ་མཐར་འབྱིན་འདོད་པ་དང། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །འདི་ལྟར་དཀོན་མཆོག་ཏ་ལ་ལའི་གཟུངས་ལས། རྒྱལ ་དང་རྒྱལ་བའི་ཆོས་ལ་དང་གྱུར་ཅིང། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དང་བྱེད་བ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཅིང ་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཅིང། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དད་ནོར་དང་རྐང་པའི་མཆོག། ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་ ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོད་ཅིང་ཐོབ་བྱེད་ཡིན། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང། །ཉོན་མོངས་རྣམ་པར་སེལ་བའི་གཞི ་རྟེན་ཡིན། །དད་པ་རང་བྱུང་ཡོན་ཏན་རྣམས་ཀྱང་ཚོལ། །དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། མི་དལ་སྤངས་ཞིང་དལ་བ་མཆོག་ཅིག་ཡིན། །དད་པ་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ས་བོན་མ་དུལ?་ཡོན་ཏན་རྣམས་ཀྱི་རྒྱུ། ། ་དད་པ་བྱང་ཆུབ་ཤིང་ནི་རྣམ་པར་བསྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད། །དད་པ་རྒྱལ་བ་ཐམས་ཅད་རྟེན་པ་ཡིན། །གང་དག་རྟག་ཏུ་སངས་རྒྱས་དང་གུས་བཅས། །དེ་དག་ཚུལ་ཁྲིམས་བསླབས་པ་ཡོངས་མི་འདོར།། ་གང་དག་ཚུལ་ཁྲིམས་བསླབ་པ་མི་འདོར་བ། །ཡོན་ཏན་ལྡན་དེ་ཡོན་ཏན་ལྡན་པས་སྟོང། །གང་དག་རྟག་ཏུ་ཆོས་ལ་དད་གུས་བཅས། །དེ་དག་རྒྱལ་བའི་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ། །གང་དག ་རྟག་ཏུ་དགེ་འདུན་དང་གུས་བཅས། །དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན། །གང་དག་མི་ལྡོག་དགེ་འདུན་རབ?་དད་པ། །དེ་དག་དང་པའི་སྟོབས་ཀྱིས་མི་ལྡོག་འགྱུར། །གང་དག་དད་པའི་སྟོབས་ཀྱིས་མི་ལྡོག་པ། །དེ་དག་དབང་པོ་རྣོ་ཞིང་རབ་ཏུ་གསལ། ། ་གང་དག་དབང་པོ་རྣོ་ཞིང་རབ་གསལ་བ། །དེ་དག་སྡིག་པའི་གྲོགས་པོ་རྣམ་པར་སྤངས། །གང་དག་སྡིག་པའི་གྲོགས་པོ་རྣམས་སྤངས་པ། །དེ་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་སུ་བཟུང། །གང་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་བཟུང་བ། །དེ་དག་དགེ་བ་རྒྱ་ཆེན་སོགས་པར?་བྱེད ་གང་དག་དགེ་བ་རྒྱ་ཆེན་སོགས་བྱེད་པ། །བདག་ཉིད་ཆེན་པོ་དེ་དག་རྒྱུ་སྟོབས་ལྡན། །བདག་ཉིད་ཆེན་པོ་རྒྱུ་སྟོབས་གང་ལྡན་པ། །དེ་དག་མོས་པའི་ཁྱད་པར་རྒྱ་ཆེན་འགྱུར། །གང་དག་མོས་པའི་ཁྱད་པར་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཀུན་གྱིས་རྟག་བྱིན་བརླབས། །གང་དག་རྒྱལ ་བ་ཀུན་གྱིས་བྱིན་བརླབས་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །གང་དག་བྱང་ཆུབ་དོན་དུ་སེམས་སྐྱེ་བ། །དེ་དག་དྲང་སྲོང་ཆེན་པོའི་ཡོན་ཏན་བརྩོན། །དྲང་སྲོང་ཆེན་པོའི་ཡོན་ཏན་གང་བརྩོན་པ། །དེ་དག་རིགས་མཐོ་སངས་རྒྱས་རིགས་སུ་སྐྱེ། །གང་དག་རིགས ་མཐོ་སངས་རྒྱས་རིགས་སྐྱེས་པ། །དེ་དག་མཉམ་ཞིང་སྦྱོར་རང་མི་སྦྱོར་སྤངས། །མཉམ་ཞིང་སྦྱོར་དང་མི་སྦྱོར་གང་སྤངས་པ། །དེ་དག་དང་དད་བསམ་པ་རྣམ་པར་དག། གང་དག་དང་དད་བསམ་པ་རྣཾ་དག་པ་།དེ་དག་ལྷག་པའི་བསམ་པ་དམ་པ་མཆོག་།གང་དག་ལྷག ་བསམ་དམ་པ་མཆོག་ལྡན་པ། །དེ་དག་རྟག་ཏུ་ཕ་རོལ་ཕྱིན་པ་སྤྱོད། །གང་དག་རྟག་ཏུ་ཕ་རོལ་ཕྱིན་སྤྱོད་བ། །དེ་དག་ཐེག་པ་ཆེན་པོ་འདི་ལ་ཞུཌ། །གང་དག་ཐེག་པ་ཆེན་པོ་འདིར་ཞུཌ་པ། དེ་དག་སངས་རྒྱས་རྣཾS?་ལ་སྒྲུབ་པS་མཆོད། །གང་དག་སྒྲུབ་པས་སངས་རྒྱས་མཆོད ་བྱེད་པ། །དེ་དག་སངས་རྒྱས་རྗེས་དྲན་མི་ཕྱེད་འགྱུར། །གང་དག་སངས་རྒྱས་རྗེས་དྲན་མི་ཕྱེད་པ། །དེ་དག་རྟག་ཏུ་སངས་རྒྱས་བསམ་ཡས་མཐོང། །གང་དག་སངས་རྒྱས་བསམ་ཡས་རྟག་མཐོང་བ། །དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། །གང་ལ་ནམ་ཡང ་སངས་རྒྱས་མི་བཞུགས་མིན། །དེ་དག་བར་སྐབས་ཆོས་ལས་ཉམས་མི་འགྱུར། ཞེས་བྱ་བ་ལ་སོགས་པ་གསུངས་བ་དང། དད་བའི་རྩ་བ་ཅན་གྱི་ཡོན་ཏན་བརྒྱ་ཆེན་པོ་མཐར་ཡས་པ་ཞིག་དེས་གསུངས་ཏེ། དེ་རྫོགས་ནས་ཡང་མདོར་བསྡུས་ཏེ་གསུངས་པ། ་འདི་འདྲ་ཆོས་ནི་གང་དག་དང་གྱུར་པ། །སེམས་ཅན་སོ་སོ་སྐྱེ་བོའི་ཆོགས་ན་དཀོན། །གང་དག་དགེ་བསགས་བསོད་ནམས་བྱས་གྱུར་པ། །དེ་དག་རྒྱུ་ཡི་སྟོབས་ཀྱི་འདི་ལ་དང། །གངྒཱ་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར ་ཀྱང། །ཆོས་འདིར་དད་པ་བསོད་ནམས་ཅི་འདྲ་བ། །བསོད་ནམས་ཁྱད་པར་དེ་འདྲ་དེ་ལ་མེད། །ཅེས་གསུངས་པ་ཡིན་ནོ། །དེ་སྐད་དུ་ཆོས་བཅུ་པའི་མདོ་ལས་ཀྱང། །གང་གིས་འདྲེན་པ་དེས་འབྱུང་བ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི ་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག?་པ་ལས། །མྱུ་གུ་སྔོན་བོ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་བས་ན་འཕགས་བ་རྒྱ་ཆེར་རོལ་བའི་མདོ་ལས་ཀྱང། ཀུན་དགའ་བོ་དད་བ་ལ ་སྦྱོར་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པའོ་ཞེས་བསྟན་ཏོ། །དེ་སྐད་དུ། སེང་གེས་ཞུས་པའི་མདོ་ལས་ཀྱང། །དད་བས་མི་ཁོམ་སྤོང་བར་འགྱུར། ཞེས་བཀའ་སྩལ་པ་ཡིན་ནོ། །དེ་ལྟར་དང་བའི་རྩ་བ་བརྟན་པར་བྱས་ལ། ། ་བསོད་ནམས་ཐབས་དང་བསྡུ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱའོ། །ཇི་སྐད་དུ་སེངྒེས་ཞུས་པ་ལས། བཅོམ་ལྡན་འདས་ལ་རྒྱལ་བུ་སེངྒེས་ཞུས་པ། ཆོས་རྣམས་ཐམས་ཅད་བསྡུ་བ་ནི། །ཆོས་གང་གིས་ནི་ཐོབ་པར་འགྱུར། གང་དང་གང་དུ་སྐྱེས་པ་དེར། །སེམས་ཅན་རྣམS ་ན་དགའ་བ་ཐོབ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་བ། །དེས་ནི་ཆོས་རྣམས་སྡུ་བ་འཐོབ། །དེས་ནི་དགའ་བ་ཐོབ་བར་འགྱུར། ཞེས་གསུངས་པ་བཞིན་ནོ། །དེ་སྐད་དུ། འཕགས་པ་སྡོད ་བོ་བཀོད་པའི་མདོ་ལས་ཀྱང། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་ཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པས་ས་ལྟ་བུའོ། །ཞེས་བྱ་བ་ནས་། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་སྲུང་བས་ཕ་ལྟ་བུའོ་ཞེས་བྱ་པའི་པར་དང། དེ་བཞིན་དུ་སྦྱར་ཏེ་དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ?་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། ། ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་བགྲ་ཕུམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ།། ་ཉོན་མོངས་པའི་ཤིང་གཅོད་བས་སྟ་རེ་ལྟ་བུའོ། །གཙོ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ལྟ་བུའོ། །འཁོར་བའི་ཆུའི་ནད་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པ་དང་ཁེབས་བའི་རྩ་ཐམས་ཅད་རྣམ་བར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ། ། ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཅན་དེ་དག་དང། ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ ་གཞན་དང་ཡང་ལྡན་ནོ་ཞེས་བརྗོད་དོ། །སོ་སོའི་སྐྱེ་བོ་ལ་ཡང་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། འདི་ཚིག་ཙམ་མ་ཡིན་པར་ཇི་ལྟར་ཤེས་ཤེ་ན་།མདོ་སྡེ་དུ་མ་མཐོང་བ་ལས་ཏེ་།རེ་ཞིག་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ་འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པ་དྲལ་ནས་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་དེ་ལས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་སྐྱེའོ་ཞེས་ཇི་སྐད་དུ་བསྟན་པ་དང། དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང། སོ་སོའི་སྐྱེ་བོ་ལ་ཡང་བྱང་ཆུབ་སེམས་དཔའ་ ་ཞེས་བྱ་བར་ཤེས་ཏེ་།ཇི་སྐད་དུ་།འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཀ་ལ་པིང?་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ཀྱི་ནང་ན་འདུག་པ་སྒོ་ང་མ་བརྟོལ་ཅིང་སྦུབས་ནས་མ་བྱུང་ཡང་ཀ་ལ་པིང་ཀའི་སྒྲ?་ཉིད་དུ་འབྱིན་ཏོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག ་པའི་སྒོ་ངའི་སྦུབས?་ཀྱི་ནང་ན་འདུག་པ་བདག་ཏུ་ལྟ་བ་མ་བརྟོལ་ཅིང་ཁམས་གསུམ་ལས་མ་བྱུང་ཡང་སངས་རྒྱས་ཀྱི་སྒྲ་འདི་ལྟ་སྟེ་།སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྒྲར་འབྱིན་ཏོ། །ཞེས་གསུངས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན ་པ་ལས་ཀྱང། བྱང་ཆུབ་སེམས་དཔའ་རྒྱལ་བཱི་བློ་གྲོས་ལ་སས་པར་མཐོངས་ཕྱེ་ནས་དེ་འཆི་བའི་དུས་བྱས་པ་དང་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ་།དེ་ནི་སྟོང་པ་ཉིད་ལ་མ་དད་ཅིང་སྟོང་པ་ཉིད་དུ་སྨྲ་བ་ལ་ཁོང་ཁྲོ་བ་བྱས་བ་ཡིན་ནོ་ཞེས་གསུངས་སོ། །ངེས་པ་དང ་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང། ཕྱུགས་ཀྱི་ཤིང་རྟ?་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས། དེས ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུགས་ནས། དེ་ཡུན་རིང་པོས་ལམ་རིང་པོར་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་དེར་རླུང་གི་དཀྱིལ་འཁོར་ཆེན་པོས་བཟློག་ནས་དཔག་ཚད་བརྒྱད་ཁྲིར་དེད་དེ་ཕྱིར་ཕུལ་ན་སྐྱེས་བུ་དེས་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམS ་དེ་དག་འདའ་བ་འམ་བསྐལ་པ་ལས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི། བསྐལ་པར་ཡང་འཛིན?་ཏེ་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ་གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག ་གིས་བྱང་ཆུབ་ཏུ་སེཾས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་བསྟན་ཅིང་དེ་དག་དང་ལྷན་ཅིག་ཏུ་སྟེན་པར་བྱེད་ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད་དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ། གཞན་དག་ཀྱང་ཀློག་ཏུ་འཇུག་བ་ནས ་ཁོང་དུ་ཆུད་པར་བྱེད་པའི་བར་དུ་བྱེད་པ་ན་།དེ་ནི་དེས་ཤེས་རབ་རྟུལ་པོར་འགྱུར་ཏེ་།བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ནས་སླར་དྲངས་ནས་ཕྱིར་ལོག་གོ་།བྱང་ཆུབ་སེམས་དཔའ་འདིའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང། ཤེས་རབ ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར་བསྒྱུར་ཞིང་ཉམས་པར་བྱེད་དེ་འདི་ནི་ཕྱུགས?་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཨོ་ཞེས་བཤད་དོ། །དེ་བས་ན་དེ་དག་གི་སྟོང་པ་ཉིད་ལ་མོས་པ་དང་ཐེག་པ་ཆེན་པོ་ལ་མངོན་པར་དགའ་བ་ནི། །མོས་པ་སྤྱོད་པS ་ཡོངས་སུ་མ་རྫོགས་པ་ལ་ཡང་སྦྱར་བ་སྣང་ན་།མོས་པ་རབ་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་ལྟ་ཅི་ཞིག་སྨོས། །ད་ནི་དཀོན་མཆོག་སྤྲིན་ལས་བྱིས་པའི་སྤྱོད་པ་དང་ལེག་པར་འཇུག་པ་ཐམས་ཅད་ལས་འདས་པར་བརྗོད་ཅིང། ཏིང་ངེ་འཛིན་དང་གཟུངས ་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་དང་རིག་པ་གྲངས་མེད་པས་རྣམ་པར་རོལ་པ། ཆོས་མཛའ་ཡས་བ་ལ་དགའ་ཞིང་མེས་པས་ཟང་ཟིང་མེད་པ་ཕྱི་མའི་མཛའ་ཨི་བསྐལ་པའི་མུར་ཐུག་པར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པའི་དགའ་བའི ་ཤུགས་ཀྱི་སྣང་བ་ཐོག་པ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་ཞུགས་པའི་བསྒོམ་པ་སྣ་ཚོགས་ཡོངས་སུ་རྫོགས་པ་གཞན་གྱི་དོན་གྱི་ནན་ཏན་ཚར་ཕྱིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་བསྒྲུབ ་པ་གྲུབ་པའི་སྔོན་གྱི་སྦྱོར་བ་བརྒྱ་སྟོང་ཕུན་སུམ་ཚོགས་པར་བརྗེད་དོ། །ཅི་སྟེ་འདི་དྲང་བའི་དོན་ཡིན་ན་།ཅིའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཞན་ས་འདི་ལ་མི་འདོད་།འདིར་འདོད་པ་ཙམ་གྱིས་དྲང་བའི་དོན་དུ་བྱེད་པའི ་བྱེ་བྲག་གི་རྟགས་ཀྱང་མི་རྙེད་དོ། །མོས་པས་སྤྱོད་པ་ཆེན་པོའི་ཆོས་ཉིད་དུ་གསུངས་པ་ལས་ཀྱང་མོས་བས་སྤྱོད་པ་འབྲིང་དང་ཆུང་དུའི་རྣམ་པ་ཡང་ཅི་ནས་ཡོད་པ་ཉིད་དུ་རྟོགས་སོ། །ཡང་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཇི་སྐད་དུ་བཅོམ་ལྡན ་འདས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སུའི་ལགས། རྒྱལ་པོ་ཆེན་པོ་གང་གིས་ལྷག་པའི་བསམ་པ་མ་འཁྲུགས་པའོ། །གསོལ་པ་བཅོམ་ལྡན་འདས་སུའི་ལྷག་པའི་བསམ་པ་མ་འཁྲུག། བཀའ་སྩལ་པ་།རྒྱལ་པོ་ཆེན་པོ་གང་གི་སྙིང་རྗེ་ཆེན་པོ་སྐྱེ་བའོ། །གསོལ་པ ་བཅོམ་ལྡན་འདས་སུའི་སྙིང་རྗེ་ཆེན་པོ་སྐྱེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་མི་གཏོང་བའི་སེམས་སྐྱེ་བའོ། །གསོལ་བ་བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད ་ཡོངས་སུ་མ་བཏད་བ་ལགས། བཀའ་སྩལ་པ་རྒྱལ་པོ་ཆེན་པོ་ནམ་བདག་བདེ་བ་བཏང་བ་ཡིན་ནོ་ཞེས་གསུངས་པའི་དགོངས་པ་ཅི་ཞིག་ཡིན་ཞེ་ན་།བྱང་ཆུབ་ཀྱི་སེམས་ཙམ་གྱིS་?་པར་འཛིན་པ་རྣཾས་སྙིང་རྗེ་ལ་དགའ་བ་བསྐྱེད་པའི་ཕྱིར་འདི་གསུངས་ཏེ། ་དཔེར་ན་གང་ལ་རྣལ་འབྱོར་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་འདིར་ཡང་བྱང་ཆུབ་ཀྱི་སེམས་གཞན་སྨྲད་པར་རིག་པར་བྱའི། བྱང་ཆུབ་ཀྱི་སེམས་རྣམ་པ་གཞན་དུ་མི་སྐྱེ ་བ་ནི་མ་ཡིན་ནོ། །ཇི་སྐད་དུ་ཆོས་བཅུ་པའི་མདོ་ལས་།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན། དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་བསྐུལ་ཞིང་སྐྱོ་བར་བྱས། ཡང ་དག་པར་འཛིན་དུ་བཅུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ། །རྫོགས་པའི་བྱང་ཆུབ་བམ་བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་བརྗོད་པ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གཉིས་པའོ། །སེ་ནི་མགོན་མེད་པ་དང?་སྐྱབS་མེད་པ་དང་དཔུང་གཉེན་མེད་པ་རྣམས་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ། །དེས་དེ་བཞིན་གཤེགས་པའི ་རྣམ་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་བཞི་པའོ་ཞེས་གསུངས་པ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས ་དང་བྱང་ཆུབ་ཏུ?་ཆས་པའི་སེམས་སོ། །ཇི་སྐད་དུ་སྡོད་པོ་བཀོད་པའི་མདོ་ལས་།རིགས་ཀྱི་བུ་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ནི་སེམས་ཅན་གྱི་ཁམས་ན་དཀོན་ནོ། །དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་བྱང་ཆུབ་ཏུ་སྨོན་པའི་སེམས་ནི་ངས་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སེམས་སྨོན་པ་ལས་སྐྱེས་པ་ཡིན་ཏེ་།འཕགས་པ་དཔལ་བར་འགྲོ་བའི་མདོ་ལས། གཡོ་བྱས་ཏེ ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཀྱང་སངས་རྒྱས་ཀྱི་རྒྱུར་གསུངས་ན་དགེ་བ་སྣ་འགའ་བྱས་ཏེ་སེམས་བསྐྱེད་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །ཇི་སྐད་དུ་བསྐལ་པ་བཟང་པོའི་མདོ་ལས། དེ་བཞིན་གཤེགས་པ་དབྱངས་བྱིན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་སྐར ་མའི་རྒྱལ་པོ་ཆེ་བྱང་པ་ལང་རྫིར་གྱུར་པས་བཀུ་ལའི་མེ་ཏོག་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་གློག་གི་སྒྲོན་མེ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་གྲགས་པ་ཐག་པར་གྱུར་པས་རས་ཀྱི་ཁ་ཆར?་ཕུལ་ཏེ། དང་པོ་བྱང་ཆུབ་ ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོང་མཛའ་ཡས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་འོད་འཕྲོ་ཅན་གྲོང་ཁྱེར་གྱི་སྦྲང་པོར་གྱུར་པས་རྩཝའི་མེ་སྒྲོན་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས ་པ་རྣམ་གནོན་བརྟན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐུབ་དཀའ་ཞིང་ཐུན་དུ་གྱུར་བས་སོ་ཤིང་ཕུལ་ཏེ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འཇམ་དཔལ་གྲགས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་མཚན་སྨན་པཱི ་རྒྱལ་པོར་གྱུར་པས་སྐྱུ་རུ་ར་ཅིག་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེས་ཀྱང་འཁོར་བའི་བདེ་བ་མཛའ་ཡས་པ་བསྐྱེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བྲལ་བ་ལ་ཡང་བརྙས་པར་མི་བྱ་སྟེ། ་ཇི་སྐད་དུ་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་།རིགས་ཀྱི་བུ་འདི་ལྟ་སྟེ་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང། །གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར ་ཟློག་གོ་།རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེན་ན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེཾས་དཔའ་ཨི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ་ཞེས་གསུངས་པ་ལྟ་བུའོ། འདི་ལས་ཀྱང་སྤྱོད་པ་དང་མ་ལྡན་ཡང་བྱང་ཆུབ་ཀྱི་སེམས་ནི་ཕན་པར་འགྱུར་བར་ཤེས་པར་བྱ་སྟེ། གང་གི་ཕྱིར་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱེད་ནི་བྱ་བ་མང་བྱད? ་པ་མར་སྟེ། ཉིན་མཚན་དུ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་བར་མི་ནུས་ཏེ་།དེ་བས་ན་རྒྱལ་པོ་ཆེན་པོ། ཁྱོད་ཡང་དག་པར་རྫོགས ་པའི་བྱང་ཆུབ་ལ་འདུན་པ་དང་དད་པ་དང་དོན་དུ་གཉེར་པ་དང་སྨོན་པ། འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་སད་ཀྱང་རུང་ཟ་ཡང་རུང་འཐུང་ཡང་དུང་རྟག་བར་རྒྱུན་ཏུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག་།སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་དང། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་ལོ་ཐམས་ཅད་དང་བདག་གོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞལ་ཏེ་བརྩིས་ལ་རྗེས་སུ་ཡི་རང་བར་གྱིས་ཤིག་།རྗེས་སུ་ཡི་རང ་པའི་མཆོག་ནས་།ནམ་མཁའ་དང་འདྲ་བ་དང། མྱ་ངན་ལས་འདས་པ་དང་མཚུངས་པའི་བར་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག་།རྗེས་སུ་ཡི་རང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱ ་བར་ཕུལ་ཅིག་།ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག་།དེ་ནས་སེམས་ཅན་ཐཾས་ཅད་ཐཾས་ཅད་མཁྱེན་པའི་བར་དུ་ཐོབ་པར་འགྱུར་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག་།རྒྱལ་པོ་ཆེན་པོ་ཁྱེད་དེ་ལྟར་ཞུགས་ན་རྒྱལ་སྲིད་ཀྱང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང། བྱང་ཆུབ་གྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ་།མདོ་སྡེ་དེ་ཉིད་ལས ་དེའི་རྣམ་པར་སྨིན་པ་ཡང་གསུངས་པ་ནི། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས། ལན་དུ་མར་ལྷའི་ནང་དུ་སྐྱེས་ལན་དུ་མར་མིའི་ནང་དུ་སྐྱེས་ཏེ། ལྷ་དང་མིར་སྐྱེས་པ་ན་ཐངས་ཅད་དུ་ཡང ་དབང་པོ་བྱེད་པར་གྱུར་ཀྱང། ད་དུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ལ་བྲི་བ་འམ་གང་བར་མི་མངོན་ནོ། །དེ་བཞིན་དུ་སྦྱར་ཏེ་འོན་ཀྱང་རྒྱལ་པོ་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ ་ཀྱི་སེམས་གཅིག་གིས་ཀྱང། སེམས་ཅན་ཐམས་ཅད་བསྒྲལ་བར་དམིགས་པ་དང། སེམས་ཅན་ཐམས་ཅད་དགྲོལ་བར་དམིགས་པ་དང། སེམས་ཅན་ཐམས་ཅད་དབུགས་དབྱུང་བར་དམིགས་པ་དང། སེམས་ཅན་ཐམས་ཅད ་ཡོངས་སུ་མྱ་ངན་ལས་འདའ་བར་དམིགས་པའི་ཕྱིར། དགེ་བའི་རྩ་བ་གྲངས་མེད་དཔག་ཏུ་མེད་པ་སོགས་པར་འགྱུར་ན། །གང་དེ་ལྟར་མང་དུ་བྱེད་པ་ལྟ་ཅི་སྨོས་ཞེས་བྱ་བ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་གཟུགས་ཀྱི་སྐུ་མཐོད་པ་ལས་སྐྱེས་པར ་སྔོན་གྱི་རྟོགས་པ་བརྗོད་པ་ལས་འབྱུང་ངོ། །དེ་ལྟར་ན་རེ་ཞིག་སྨོན་པ་བྱང་ཆུབ་ཀྱི་སེམས་སུ་རིག་པར་བྱའོ། །ཅི་སར་མ་ཆུང་པ་ལ་ཡང་བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་དབང་དུ་བྱ་བ་ཡོད་དམ་མེད་ཅེས་བྱ་བ་འདིར་བརྗོད་པར་བྱའོ་ཞེ་ན། ཡོད་པར་རིག ་པར་བྱ་སྟེ། ནམ་མཁའ་ཨི་སྙིང་པོའི་མདོ་ལས་།རྙེད་པ་དང་བཀུར་སྟིའི་རྒྱུ་ལས་རྩ་བའི་ལྟུང་བར་གསུངས་པའི་ཕྱིར་ལ། ས་བཅུ་པའི་མདོ་ལས་ནི་ས་དང་པོ་ལ། བདག་གི་སེམས་ཅན་འདི་དག་ལ་ཡོ་བྱང་མང་པོ་ཐམས་ཅད་ཉེ་བར་སྦྱིན་ནོ་སྙམ་པ་མ་གཏོགས ་པར་སུ་ལས་ཀྱང་བཀུར་སྟི་ཅི་ཡང་མི་འདོད་དོ་ཞེས་བསྟན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ལ་མི་གཡོ་བའི་ཚུལ་གྱིས་ལགས་པར་གནས་པ་ཡིན་ནོ་ཞེས་གསུངས་པ་དང། ཡང་དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་རྫོགས་པའི ་བྱང་ཆུབ་ལ་ཤིན་ཏུ་གཞོལ་བ་ཡིན་ནོ་ཞེས་ཀྱང་གསུངས་སོ། །ནམ་མཁའ་ཨི་སྙིང་པོའི་མདོ་ལས་ཀྱང། ཉེན་ཐོས་ཀྱི་ཐེག་པ་ཡང་དེ་ལ་མེད་ན་ཐེག་པ་ཆེན་པོ་ལྟ?་ག་ལ་ཡོད་ཅེས་གསུངས་ལ། དེ་བཞིན་དུ། འཕགས་པ་དྲག་ཤུལ་ཅན་གྱི་ཞུས་པར་སེར་སྣས་ཡོངས་སུ་བཀྲིས་པ་ལ ་ཡང་བསླབ་པའི་གནས་བཅས་པ་དང་རབ་ཏུ་དགའ་བའི་ས་ལ་བདག་ཏུ་འདུ་ཤེས་པ་དང་འབྲལ་བས་བདག་ལ་ཆགས?་ལ་འང་མེད་ན། ཡོ་བྱད་ཐམས་ཅད་ལ་ཆགས་པ་ལྟ་ག་ལ་ཡོད་ཅེས་གསུངས་སོ། །དེ་བཞིན་དུ་མགོ་ལ་སོགས་པ་སྦྱིན་པ་ཡང་གསུངས་ཏེ། དེ་ལྟ་བུ་དག་ལ ་སོགས་པ་མདོ་སྡེ་ངག་ཏུ་སར་མ་ཆུང་བའི་བསླབ་པ་བཅས་པར་སྣང་ངོ། །གང་དུ་བྱང་ཆུབ་སེམས་དཔའ་ཨི་དབང་དུ་བྱས་ནས་སྤྱིར་བསྟན་པ་དེར་ཡང་གོམས་པར་བྱར་མི་རུང་བའམ། དགག་པའི་ངག་གི་བྱང་ཆུབ་སེམས་དཔའ་ལས་དང་པོ་ང་ས་བསླབ་པར་མི་བྱ་བར་འགྱུར་ཏེ ་དེ་གཉིས་མེད་ན་ནི་ཐམས་ཅད་ལ་བསླབ་པར་བྱའོ། །དེ་ལ་ཡང་བསླབ་པ་གཅིག་བསྒྲུབ་པ་ན་བསླབ་པ་གཞན་བསྲུང་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ། དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟང་པའི་བསྟན་པའི་མདོ་ལས། སྦྱིན་པའི་དུས་ན་ཚུལ་ཁྲིམས་ལ་བརྟུལ་བ་བཏང ་སྙོམས་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །འདི་ལ་ལྟོང་པར་ཡང་མི་བྱ་སྟེ་།ལྷག་མ་གཞན་ལ་མི་སྒྲུབ་པ་ཡང་མ་ཡིན་གྱི། ཅི་ནུས་ཅི་འོས་སུ་དེ་བཞིན་ཉིད་དུ་སྒྲུབ་པོ་ཞིས་ས་བཅུ་པའི་མདོ་ལས་གསུངས་པའི་ཕྱིར་རོ། །སྡོམ་པ་འདི་ནི་བུད་མེད་ཉོན་མོངས་པ་ཆུང ་དུ་སེམས་བྱང་ཆུབ་ཏུ་མོས་པ་ལའང་འགྲུབ་སྟེ་།གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་པ་ལས་།ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཨི་བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། །དགེ་བའི་ཆོས་ཡོངས་སུ་བཙལ་བའི་དོན་དུ་བརྩོན་འགྲུས་བརྩམས་ཏེ་གནས་པ་དང་ཞེས་གསུངས་པ་ཡིན་ནོ། །འདི་ལས་བརྩམས་ཏེ་ལུང་ནོད་པ་ཐམས་ཅད་དང། སྡོམ་པ་བཟུང་བ་ཡང་བྱང་ཆུབ ་སེམས་དཔའ་ཨི་བསླབ་པའི་གནས་ལ་གོམས་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པ་ལས་ནོད་དོ། །དེ་ལྟར་བྱས་ན་དེ་བསླབ་པ་ལས་འདས་ན་རབ་ཏུ་ངོ་ཚ་བར་འགྱུར་ཞིང་བླ་མ་ལ་བསླུས་པར་དོགས་པའི་འཇིགས་པ་སྐྱེ་བ་འམ་དེ་ལ་ནན་ཏན་བྱ་མི་དགོས་པར་དཀའ་བ་དང ་གུས་པ་འགྲུབ་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྤྱན་སྔར་བསླབ་པ་འདིའི་ནང་ནས་།བསླབ་པ་གང་ཡང་རུང་བ་གྲུབ་པར་འདོད་པས་ཡང་དག་པར་ལེན་པར་བྱེད་དོ། །དེ་ལྟར་ན་འདི་ནི་སྡོམ་པའི་སྤྱིའི་ཆོས་ཡིན་ནོ། །ཡང་ན་དེ ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བསྒོམས་ནས། སྡོམ་པ་དབང་དག་གི་སྟོབས་དང་ཡང་སྦྱར་ནས་བླང་སྟེ། དེ་ལྟར་མ་ཡིན་ན་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷར་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ། །གང་གི་ཕྱིར་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་།ཅུང་ཟད་ཅིག་བསམ་ནས་མི་སྦྱིན་པ་ནི་ཡི་དགས་སུ་སྐྱེས་ལ། དམ་བཅས་ནས་མི་སྦྱིན་པ་ནི་སེམས ་ཅན་དམྱལ་བར་འགྲོའོ་ཞེས་གསུངས་ན། འགྲོ་བ་མ་ལུས་པའི་བླ་ན་མེད་པའི་དོན་དམ་བཅས་ནས་སྒྲུབ་པར་མི་བྱེད་པ་ལྟ་ཅི་སྨོས་།དེ་བས་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདེན་པ་ལྷུར་བྱེད་པར ་འགྱུར་བར་བྱ་སྟེ་།རིགས་ཀྱི་བུ་བདེན་པ་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ། །རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན་།གར་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས ་དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང། སེམས་ཅན་རྣམས་ལ་ཡང་ལོག་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སེམས་དེ་ཕྱིས་ཡོངས་སུ་གཏད ་ཞིང། སེམས་ཅན་རྣམས་ལ་འང་ལོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་རྫུན་དུ་སྨྲ་བ་ཐ་མ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས་ཀྱང། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་འམ་རྒྱལ ་པོའི་བློན་པོ་ཆེན་པོས་གྲོང་ཁྱེར་གྱི་སྐྱེ་པོ་ཐམས་ཅད་ལ་སད་ཟན་སྦྱིན་ནོ་ཞེས་མགྲོན་དུ་བོས་ནས་ཡལ་བར་བོར་ཏེ། བཟའ་བ་དང་བཏུད་བ་མ་སྦྱར་ན་དེས་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་བསླུས་བ་ཡིན་ཏེ་།དེ་དག་ཀྱང་བཟའ་བ་དང་བཏུང་བ་མ་ཐོབ་བས ་འཕྱ་ཞིང་སླར་འདོད་པ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་མ་རྒལ་བ?་བསྒྲལ་བ་དང། མ་བྲོལ་བ་གྲོལ་བ་དང་དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར་སེམས་ཅན་ཐམས་ཅད ་དབུགས་ཕྱུད་ལ། མང་དུ་ཐོས་པ་དད་དེ་ལས་གཞན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན་།བྱང་ཆུབ་སེམས་དཔའ་དེ་ནི་ཇི་སྐད་སྨྲས་བ་དེ་བཞིན་བྱེད་བ་མ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་ཡིན་ནོ། །དེ་ལྟ་བུའི་སྔོན་སངས ་རྒྱས་མཐོད་པའི་ལྷ་རྣམས་ཀྱི་མཐོང་ན་འཕྱ་ཞིང་གཞོགས་འཕྱག་བྱེད་ལ་རྣམ་པར་སྲོད་དེ། གང་བདག་མཆོད་སྦྱིན་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་དེ་དག་ནི་དཀོན་ནོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་ཆིག་གད་གིས་ལྷ་དང ་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སླུ་པར་འགྱུར་བའི་ཚིག་དེ་ལྟ་བུ་བྱང་ཆུབ་སེམས་དཔས་སྨྲ་བར་མི་བྱའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་གང་ལ་ཆོས་ཀྱི་དོན་བྱ་པར་གསོལ་བ་བཏབ་པ་དེ་ལ་བྱང་ཆུབ་སེམས ་དབས་ཁེ་བོS་ཁྱོད་ཀྱི་ཆོS་ཀྱི་དོན་འདི་ཡོངས་སུ་ཐོབ་པར་བྱའོ་ཞེས་ཚིག་སྨྲས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ལུས་ནི་ཡོངས་སུ་བཏང་པར་བྱའི་སེམས་ཅན་སླུ་པར་ནི་མི་བྱའོ་ཞེས་གསུངས་ཏེ། དེ་བས་ན་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་ཅིག་ཙམ་ཡང་དག་བར ་བླངས་ལ་བསྲུང་པར་བྱ་སྟེ་།འཕགས་པ་སའི་སྙིང་པོའི་མདོ་ལས་ཇི་སྐད་དུ། དགེ་བའི་ལམ་བཅུ་པོ་འདི་དག་གིས་སངས་རྒྱས་སུ་འགྱུར་གྱི་གང་ཇི་སྲིད་འཚོའི་བར་དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་སྲུང་ལ། །འོན ་ཀྱང་ཚིག་འདི་སྐད་དུ་ད་ནི་ཐེག་བ་ཆེན་པོ་པ་སྟེ་།ད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་ལོ་ཞེས་ཟེར་ན་།གང་ཟག་དེ་ནི་ཤིན་ཏུ་ཚུལ་འཆོས་པ་རྫུན་ཆེན་པོ་སྨྲ་བ་།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན ་སྔར་འཇིག་རྟེན་ལ་སླུ་བར་བྱེད་པ་ཆད་པར་སྨྲ་བ་སྟེ། དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར་ལྷུང་བར་འགྲོའོ་ཞེས་གསུངས་པ་བཞིན་ནོ། །དུས་ཇི་སྲིད་དུ་ནུས ་པ་དེ་སྲིད་དུ་དགེ་བ་ཡང་དག་པར་བླངས་ཏེ་གནས་པར་བྱ་སྟེ་།འདི་ནི་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་མདོ་ལས་བལྟ་བར་བྱའོ། །སེམས་ཅན་ཆེན་པོ་གང་དེ་ལྟ་བུ་ཐོས་ནས་ཀྱང། བྱང་ཆུབ་སེམས་དཔའ་སྤྱོད་པ་དཀའ་བ་ཡང ་ཤེས་རབ་ཀྱིས་རྟོགས་པར་བྱས་ནས་།སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པར་ཁུར་ཁྱེར་བ་སྤྲོས་པ་དེས་ན། ཕྱག་བྱ་བ་དང་། མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། ་སངས་རྒྱས་ལ་བསྐུལ་བ་དང། གསོལ་བ་གདབ་པ་དང། བྱང་ཆུབ་ཏུ་བསྔོ་བ་བྱས་ལ། དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་སྟེ། དེའི་ཚིག་རྗེས་སུ་བརྗོད་པ་འམ། ཡང་ན་བདག་ཉིད་ཀྱིས་བརྗོད་པས་།སློབ་དཔོན ་དགོངས་སུ་གསོལ་བདག་མིང་འདི་ཞེS་བགྱི་བ་ཞེS་སྨོས་ལ། ཇི་ལྟར་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་།བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་སྔོན་གྱི་ཚེའི་རྟོགས་པ་བརྗོད་པ་ལས་སྤྱོད་པ་དང ་ལྡན་པར་བྱང་ཆུབ་ཏུ་སེམས་བསྐྱེད་བ་དེ་བཞིན་དུ་སེམས་བསྐྱེད་པར་བྱའོ། །དེས་འདི་སྐད་ཅེས་འཁོར་བའི་ཐོག་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་བར་བགྱི། །འཇིག ་རྟེན་མགོན་པོའི་སྤྱན་སྔ་འདིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །འགྲོ་བ་ཐམས་ཅད་མགྲོན?་གཉེར་ནས། །དེ་དག་དབུལ་ཞིང་ཕོངས་?་དགྲོལ། །དེ་རིང་ཕན་ཆད་གལ་ཏེ་ཡང། །བདག་གིས་དོད་ཆགས་སེམས་བསྐྱེད་ན།། ་ཕྱོགས་བཅུ་དག་ན་གར་བཞུགས་པའི། །སངས་རྒྱས་ཐམས་ཅད་བསླུས་པར་འགྱུར། །བྱང་ཆུབ་ནམ་ཞིག་ཐོབ་པར་དུ། །ཐ་བའི་སེམས་དང་གནོད་སེམས་དང། །ཕྲག་དོག་དང་ནི་སེར་སྣ་ཡང། །དེ་རིང་ཕན་ཆད་མི་བྱའོ། །ཚངས་པའི་སྤྱོད ་པ་བདག་གི་སྤྱད། །སྡིག་པ་འདོད་པ་ཡོངས་སུ་བཏང། །ཚུལ་ཁྲིམས་སྡོམ་དང་ངེས་པ་ལ། །སངས་རྒྱས་རྗེས་སུ་བསླབ?་པར་བྱ། །བདག་ནི་བྱང་ཆུབ་རིང་ཚུལ་དུ། །འཚང་རྒྱར་མོས་ཤིང་སྤྲོ་བ་མེད། །ཕྱི་མཐར་ཐུག་གི་བར་དུ་ཡང། །སེམས་ཅན་གཅིག ་ཕྱིར་སྤྱད་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་ཞིང་ནི་སྤྱད་བར་བགྱི། །ཕྱོགས་རྣམས་བཅུ་པ་ཐམས་ཅད་དུ། །བདག་གི་མིད་ནི་གྲགས་པར་འགྱི། །ལུས་དང་ངག་གི་ལས་རྣམས་ཀྱང། །རྣམ་པ་ཀུན་ཏུ་བདག་གིས་སྤྱང། ་ཡིད་ཀྱི་ལས་ཀྱང་སྤྱད་བར་བགྱི། །མི་དགེ་ལས་ནི་སྤྱད་མི་བགྱི་ཞེས་བརྗོད་དོ། །འདི་ལ་དུས་ཐམས་ཅད་དུ་སྡོམ་པ་བཟུང་བ་ལས་ཚེ་རབས་གཞན་དུ་ལྟུང?་བ་འབྱུང་བར་དགོས་པར་ཡང་མི་བྱ་སྟེ་།མདོ་འདི་ཉིད་ལས་མི་འཁྲུགས་པའི་སྨོན་ལམ་གནང ་བའི་ཕྱིར་རོ། །དེ་ལས་འདི་སྐད་དུ། ཇི་ལྟར་དེ་བཞིན་གཤེགས་བ་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའ་གྱུར་པ་ན་ཚིག་འདི་སྐད་དུ་།གལ་ཏེ་བདག་ཚེ་རབས་ཐམས་ཅད་དུ་རབ་ཏུ་མ་བྱུང་ན་བདག་གིས་སངས་རྒྱས་ཐམས་ཅད ་བསླུས་པར་འགྱུར་རོ་ཞེས་བརྗོད་དོ་།ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་རྗེས་སུ་བསླབ་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་བསླབས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རབས་ཐམས་ཅད ་དུ་རབ་ཏུ་འབྱུང་སྟེ་།དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང། གདོན་མི་ཟ་བར་བདག་ཁྱིམ་གྱི་གནས་ནས་འབྱུང་ངོ། །དེ་ཅིའི་ཕྱིར་ཞེ་ན་། ཤའིའི་བུ་འདེ་ལྟར་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་འདི་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་རྙེད་པའི་མཆོག་གོ་།དེ་བཞིན་དུ་སྦྱར་ཏེ་།ཆུང་མ་དང་བུ་དང་བུ་མོ་ལ་དེ་ཆགས་པར་མི་འགྱུར་རོ་ཞེས་གསུངས་སོ། །ཇི་ལྟར་ཚེ་རབས་གཞན་དུ་ཉེས་བ་འདིར་མི་འགྱུར་བ་དེ་ལྟར་ནི ་འདི་ཉིད་དུ་འཆད་བར་འགྱུར་པ་དེས་ན་རེ་ཞིག་བཞག་གོ་།དེས་ལྟར་སྡོམ་པ་ཡང་དག་པར་བཟུང་བ་ལ་ལྟུང་བའི་མཚན་ཉིད་གང་གི་བརྗོད་པའི་དངོས་པོ་བདག་ཉིད་གྱིས་བརྟགས་ཏེ་།སྤོང་བ་དང། ལྟུང?་བའི་གཟུགས་བརྙན་དང ་ལྟུང་བ་མ་ཡིན་བའི་གཟུགས་བརྙན་ལ་རྨོངས་པར་མི་འགྱུར་པར་ལྟུང་བའི་སྤྱིའི་མཚན་ཉིད་བརྗོད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་དང་མ་འོངས་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ ་བ་དང། ད་ལྟར་དང་མ་འོངས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར། །གཡོ་མེད་པར་ལུས་དང་ངག་དང་ཡིད་བརྩོན་པས་ནན་ཏན་མི་བྱེད་པ་དང། དེའི་རྐྱེན་ཚོགས་པ་མི་ཆོལ་བ་དང། དེའི་བར་དུ་གཅོད་བའི་གཉན ་བོ་ལ་མི་འབད་བ་དང། སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆུང་ངུས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་འགྱུར་བ་མི་སྐྱེད་པ་དང། དོན་ཆེན་པོ་སྒྲུབ་པའི་ཕྱིར་དོན་ཆུད?་དུ་ཉམས་པར་མི་བྱེད་པས། སྐད་ཅིག་གཅིག ་ཙམ་ཡང་ཡལ་པར་བོར་ན་ལྟུང་བ་དང་བཅས་པ་ཡིན་ནོ། །མདོར་ན་རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ་།དོན་མེད་བ་ཉིད་ཀྱིས་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར་རོ། །གཞན་ལ་ནི་རང ་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དུ་གཟུ་བ་ཁོ་ནའོ། །རང་གི་ནུས་པའི་སྤྱོད་ཡུལ་མ་ཡིན་བ་གང་ཞིག་ལ་བརྩོན་པར་བྱེད་ན་ལྟུང་པར་འགྱུར་ཏེ་།དེ་ནི་བསམ་མི་དགོས་པར་སྤྱིར་སྡིག་པ་བཤགས་པའི་ནད་དུ་འདུས ་པས་དེ་ལས་གྲོལ་བར་འགྱུར་རོ། །དེ་དག་ནི་མངོར་ན་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་ཁོག་པ་ཡིན་ཏེ། རྒྱས་པར་ནི་བསྐལ་པ་དཔག་ཏུ་མེད་པ་མཛའ་ཡས་པར་བཤད་དུ་ཡོད་དོ། །ཡང་ན་མདོར་ན་བྱང་ཆུབ་སེམས་དཔའ་ཨི ་ལྟུང་བ་རྣམ་པ་གཉིས་ཏེ་།ཅི་ནུས་པར་རིག?་པ་དང་མི་རིགས་པ་དང་མ་བརྟགས་པར་བརྩོམས་པ་འམ་ལྡོག་པ་འམ་བཏང་སྙོམས་སུ་འཇོག་པ་ནི་ལྟུང་པ་དང་བཅས་པ་ཡིན་ནོ། །བརྟགས་ཏེ་གར་འོས་པ་ལས་འདའ་བར་བྱེད་ན། ཐ་ན ་གདོལ་པའི་བྲན་གྱིས་དཔྱས་ན་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །འདི་གང་ལས་ཤེས་ཤེ་ན་།ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་གསུངས་པ་ལས་ཏེ་།བྱམས་པ་རྒྱུ་བཞིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས ་པའི་སྤོབས་པར་རིག་པར་བྱའོ། །བཞི་གང་ཞེ་ན་།བྱམས་པ་འདི་ལ་སྤོབས་པ་དོན་དང་ལྡན་པ་ཡིན་ཏེ་དོན་མེད་པ་དང་ལྡན་པ་མ་ཡིན་པ་དང་།ཆོས་དང་ལྡན་པ་ཡིན་ཏེ་ཆོས་མ་ཡིན་པ་དང་ལྡན་པ་མ་ཡིན་པ་དང། ཉོན་མོངས ་པ་འབྲི་པར་བྱེད་པ་ཡིན་ཏེ་ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང་།མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་ཡིན་ཏེ་འཁོར་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་མ་ཡིན་པ་སྟེ་འདི་བཞིས་སོ། །དེ་བཞིན ་དུ་སྦྱར་ཏེ་བྱམས་པ་གང་ལ་ལ་རྒྱུ་འདི་བཞིས་སྤོབས་སམ་།སྤོབས་པར་འགྱུར་བ་དེ་ལ་རིགས་ཀྱི་བུ་འམ་།རིགས་ཀྱི་བུ་མོ་དད་པ་དག་གིས་སངས་རྒྱས་སུ་འདུ་ཤེས་བསྐྱེད་པར་བྱའོ། །སྟོན་པར་འདུ་ཤེས་བྱས་ཏེ་དམ ་པའི་ཆོས་མཉན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་།བྱམས་པ་གང་ཅུང་ཟད་ལེགས་པར་སྨྲས་པར་དེ་ཐམས་ཅད་ནི་སངས་རྒྱས་ཀྱི་གསུངས་པ་ཡིན་ནོ། །བྱམས་པ་དེ་ལ་སུ་སྤོབས་པ་འདི་དག་ལ་འདི་སངས་རྒྱས་ཀྱི་བཤད་པ་མ་ཡིན་ནོ ་ཞེས་སྤོང་བ་དང་གང་ཟག་དེ་ལ་ཞེ་སྡང་བའི་ཕྱིར་རོ། །དེ་དག་ལ་རི་མོར་མི་བྱེད་ན་། དེ་སངས་རྒྱས་ཀྱི་བཤད་པའི་སྤོབས་པ་ཐམས་ཅད་སྤངས་པར་འགྱུར་རོ། །ཆོས་སྤངས་པས་ཆོས་ཀྱིས་ཕོངས ་པར་འགྱུར་བ་དང་མཐུན་པའི་ལས་ཀྱིས་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །ཡང་གང་ཞིག་གོམས་པའི་དོན་དུ་འདི་ཤེས་པར་འདོད་པ་དེས་བསླབ་པ་ཀུན་ལས་བཏུས་པ་འདི་ལ་སྤྱོད་པའི་སྒོ་ཙམ་བསླབ་པའི ་ཕྱིར་བརྩོན་པར་བྱས་ཏེ་།བསླབ་བ་ལ་བརྩོན་པ་འབྲས་བུའི་ཤིང་དུ་ཆེ་བའི་ཕྱིར་རོ། །རབ་ཏུ་ཞི་བའི་རྣམ་པར་ངེས་པའི་ཚོ་འཕྲུལ་གྱི་མདོ་ལས་།འཇམ་དཔལ་གང་གི་།གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས ་ལས། སངས་རྒྱས་རེ་རེ་ལ་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་རབ་ཏུ་བཀང་སྟེ་དབུལ་བ་ཕུལ་ལ་དེ་ལྟར་འབུལ་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་དབུལ་བ་ཕུལ ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་གི་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདི་ལྟར་སེམས་ཀྱིས་མངོན་པར་རྟོག་ཅིང། །འདི་ལྟ་བུའི་ཆོས་ལ་བསླབ་པར་བྱའོ་ཞེས་སློབ་པར་འདོད་ན། ་ངེས་མ་བསླབས་སུ་ཟིན་ཀྱང་བསོད་ནམས་ཆེས་མང་དུ་སྐྱེད་དེ་། བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་སྦྱིན་པའི་བསོད་ནམས་ནི་དེ་ལྟ་མ་ཡིན་ནོ་ཞེས་ཇི་སྐད་དུ་གསུངས་པ་བཞིན་ནོ། །དེ་བས་ན་དེ་ལྟ་བུའི་ཕན་ཡོན ་མཐོད་པའི་བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་ཕྱིར་མི་ལྡོག་པར་བྱ་སྟེ་།དེ་ཉིད་ལས་འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དེ་དག་ལས་།སེམས་ཅན་རེ་རེ་ནས་ཛམྦུའི? ་གླིང་ལ་དབང་བའི་རྒྱལ་པོར་འགྱུར་ཏེ་།དེ་དག་ཐམས་ཅད་ཀྱི་ཚིག་འདི་སྐད་ཅེས། བདག་ཅག་གི་གང་ཐེག་པ་ཆེན་པོ་ལེན་པ་དང། འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེའི་ཤ་ལས་ཉི་མ་རེ་རེ་ཞིང་ཡང་སྤང་ལྔ་ལྔ་སེན་མོས་གཅད་པར་བྱ་སྟེ་།དེ་ཚུལ་དེ་ལྟ ་བུས་སྲོག་དང་དཔྲལ་ལོ་ཞེས་སྨྲ་བ་ལ། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དེ་སྐད་སྨྲ་བས་མི་སྐྲག་མི་དངང་དངང?་བར་མི་འགྱུར་ཏེ་། ཐ་ན་སྐྲག་བའི་སེམས་གཅིག་ཀྱང་མི་བསྐྱེད་ཞུམ་བ་མེད་གོང་པ་མེད་ཐེ་ཚོམ་མེད་ལ་ཕྱིར་ཞིང་ཆོས་ཡོངས་སུ་བཟུང ་བ་ལ་བརྩོན་ཏེ། ཀློག་པ་དང་ཁ་ཏོན་བྱེད་པ་ལ་བརྩོན་བར་འགྱུར་པའི་བྱང་ཆུབ་སེམས་དཔའ་དེ་ནི། འཇམ་དཔལ་སེམས་དཔའ་བ། སྦྱིན་པ་ལ་དཔའ་བ། །ཚུལ་ཁྲིམས་ལ་དཔའ་བ་།བཟོད་པ་ལ་དཔའ་བ། བརྩོན་འགྲུས་ལ་དཔའ་བ། བསམ ་གཏན་ལ་དཔའ་བ་།ཤེས་རབ་ལ་དཔའ་བ་།ཏིང་ངེ་འཛིན་ལ་དཔའ་བ་ཞེས་བྱའོ། །འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་གསོད་པའི་མི་དེ་ངག་ལ་མི་ཁྲོ་ཞིང་ཐ་པ་དང་ཞེ་སྡང་གི་སེམས་མི་སྐྱེད་ན་།འཇམ་དཔལ་བྱང་ཆུབ་སེམས་བ་དེ ་ནི་ཚངས་བ་དང་མཚུངས་པ་།དབང་པོ་དང་མཚུངས་བ་མི་གཡོ་བ་ཡིན་ནོ་ཞེས་ཇི་སྐད་གསུངས་བ་བཞིན་ནོ། །འདི་ལས་ཀྱང་ད་ལྟར་གྱི་དུས་ན་བསླབ་པ་ལ་གུས་བར་བྱེད་པ་འབྲས་བུ་རྣམ་པར་སྨིན་བ་ཆེ་བ་ཡིན་ཏེ་།ཟླ་བ་སྒྲོན་མའི་མདོ་ལས་གསུངས ་པ་བསྐལ་བ་བྱེ་བ་གངྒཱའི་བྱེ་སྙེད་དུ། །སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་ལ། །གདུགས་དང་བ་དན་མར་མེ་ཕྲེང་བ་དང། །ཟས་དང་སྐོམ་གྱིས་དང་སེམས་མཆོད་པ་བས། །གང་གིས་དམ་པའི་ཆོས་འདི་འཇིག་པའི་ཚེ། བདེ་བར་གཤེགས་པའི་བསྟན་པ་འགག་པ་ན། ་ཉིན་ཞག་ཏུ་ནི་བསླབ་པ་གཅིག་བཟུང་བ། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས་ཞེས་གསུངས་ཏེ། དེ་བས་ན་བསླབ་པ་ལ་གུས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ནི། །རྒྱས་བར་ཐེག?་པ?་ཆེ་ལས་འབྱུང། །བཅོམ་ལྡན་འདས་གྱིས་མདོ་དག་ལས། བྱང་ཆུབ་བས?་དེའི་བསླབ་པཱི་གཞི་རྣམས་གསུངས་ཏེ། ་འཕགས་པ་དཀོན་མཆོག་སྤྲིན་ལས་།རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་རྣམས་བྱང་ཆུབ་སེམས་དཔའ་ཨི་བསླབས་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན་།འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ་སོ་སོར ་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་གཤེགས་པས་གང་འདི་མདོ་སྡེ་དང་དེ་དག་ལས། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་བྱང་ཆུབ ་སེམས་དཔའ་ཨི་བསླབ་པའི་གནས་བཅས་པ་གང་ཡིན་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟར་རྒྱ་ཆེར་གསུངས་པས། བདག་ལྟ་བུ་བློ་ཞོན?་པས་བྱང་ཆུབ་སེམས་དཔའ་ཨི་སྡོམ ་བ་ཤེས་པར་དཀའ་བས། །དེ་ལ་ཇི་ལྟར་བྱ་བའི་རིགས་ཤེ་ན་།གང་གིས་ལྟུང་པར་མི་འགྱུར་བ། །གནད་ཀྱི་གནས་རྣམས་འདིར་རིག་བྱ། །གནང་ཀྱི་གནས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། བདག་གི་ལུས་དང་ལོངས་སྤྱོད་དང། །དགེ་བ་དུས ་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང། །དེ་བསྲུང་དག་པ་སྤེལ་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་བསྡུས་པ་ཡིན་ཏེ་།འདི་ལ་བྱང་ཆུབ་སེམས་དཔའ་རྣམས་སྒོམ་པ་གློང་ན་ཡང་ལྟུང་པར་འགྱུར་པ་ནི། བྱང ་ཆུབ་སེམས་དཔའ་ཨི་སོ་སོར་ཐར་བའི་མདོ་ལས་གསུངས་པ་བཞིན་ཏེ་།བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཕྱིར། སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གང་བཟུང་བ་དེ། བྱང་ཆུབ་སེམས་དཔའ་འཛིན་ཅིང་གནས་པས། བསྐལ ་པ་བྱེ་བ་འདས་ནས་།ཐ་ན་འདུག་པ་ཙམ་གྱིས་བདེ་བ་འདོད་པའི་སེམས་ཅིག་སྐྱེས་ན་ཡང། དེ་ལ་བྱང་ཆུབ་སེམས་དཔས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་འདི་ལྟར་འདུས་པ་ནི་སེམས་ཅན་ཐམས་ཅད་ལ་གནོད་བསྐུར་རོ་ཞེས་སོ། འདུལ? ་བ་ཡོངས་སུ་དག་པའི་མདོ་ལས་ཀྱང། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མཚམས་མེད་པ་གང་དག་དང་ལྡན། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང?་རྒྱ་པའི ་མཚམས་མེད་པ་ནི་འདི་ལྟ་སྟེ་།ལྔ་གང་ཞེ་ན་།ལྟའི་བུ་ནམ་བྱང་ཆུབ་སེམས་དཔའ་ལྟག་པཱི་བསམ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བར་མ་དོར?་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་བསྐྱེད་ན ་ལྷའི་བུ་འདི་ནི་མཚམས་མེད་པ་དང་པོའོ། །བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་སེམས་བསྐྱེད་ལ་བར་མ་དོར་སེར་སྣའི་སེམས་དང་ལྷན་ཅིག་མི་གནས་པ་འདི་ནི་ལྟའི་བུ་མཚས་མེད་པ་གཉིས་པའོ། །སེམས་ཅན་ཐམས་ཅད་བདག་གིས ་བསྐྱབ་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ་བར་མ་དོར་སེམས་ཞུམ་པར་མི་བྱེད་པ་འདི་ནི་ལྟའི་བུ་མཚམས་མེད་པ་གསུམ་པའོ། །ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཁྱེད?་དུ་ཆུད་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ་བར་མ ་དེར་ལྟ་བར་གྱུར་པའི་ནང་དུ་མ་ལྟུང་བ་འདི་ནི་ལྷའི་བུ་མཚམས་མེད་པ་བཞི་པའོ། །སྐད་ཅིག་གཅིག་དང་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ་ཐམས་ཅད ་མཁྱེན་པ་ཉིད་མ་ཐོབ་པར་དུ་བར་མདོར་མི་འདུག་ཅིང་རྒྱུན་མི་གཅོད་པ་འདི་ནི་ལྷའི་བུ་མཚམས་མེད་པ་ལྔ་པའོ་ཞེས་བྱའོ། །དེ་ལྟ་བས་ན་ལུས་དང་ལོངས་སྤྱོད་དང་བསོད་ནམས་རྒྱུན་མི་འཆད་པར་བཏང་བ་དང་བསྲུང་པ་དང་དག་པ་དང་སྤེལ་བ ་ཅི་རིགས་པར་བསྒོམ་པར་བྱའོ། །དེ་ལ་རེ་ཞིག་གཏང་བའི་ཕྱིར་ཡོངས་སུ་འཛིན་བའི་ཉེས་པ་བསྒོམ་པའི་སྒོ་ནས་འདོད་ཆགས་དང་བྲལ་བ་བསྐྱེད་ཅིང་གཏོང་པའི་ཕན་ཡོན་ཡང་སྒོམ་མོ། །ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། རུལ་པར་གྱུར་པའི་ལུས་འདི་དང། །སྲོག་གྱང ་གཡོ་བ་དབང་མེད་ཅིང། །རྨི་ལམ་སྒྱུ་མ་འདྲ་བ་ལ། །བྱིས་པ་འདི་དག་ཆགས་པས་ན། །ཤིན་ཏུ་མ་རུངས་ལས་བྱས་ཏེ། །སྡིག་པའི་དབང་དུ་སོང་བ་དང། །མི་མཁས་འཆི་བདག་བཞོན་པས་སོང། །དེ་དག་མི་བཟད་སེམས་དམྱལ་འགྲོ་ཞེས་གསུངས ་པ་བཞིན་ནོ། །དེ་སྐད་དུ་སྒོ་མཛའ་ཡས་པ་བསྒྲུབ་པའི་གཟུངས་ལས་ཀྱང། སེམས་ཅན་གང་དག་ཁ་ཅིག་རྩོད་གྱུར་པ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་པ་སྤོངས། །སྲེད་པ་སྤང་བ་བྱས་ན་གཟུངས་སུ་འགྱུར་ཞེས་གསུངས་སོ། །བྱང་ཆུབ ་སེམས་དཔའ་ཨི་སོ་སོར་ཐར་པ་ལས་ཀྱང། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་གཞན་གྱིང་འདུ་ཤེས་བསྐྱེད་དེ་དེ་དངོས?་པོ་ཅི་ཡང་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལེན་པ་ནི་འཇིགས་པ་ཡིན་ནོ་ཞེས་གསུངས། །དྲག་ཤུལ་ཅན་གྱི་ཞུས་པའི་མདོ་ལས་ཀྱང ་གང་བྱིན་བ་དེ་ནི་ཡང་བསྲུང་བར་བྱ་བ་མ་ཡིན་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་བསྲུང་བར་བྱའོ། །གང་བྱིན་པ་དེ་ནི་སྲེད་པ་ཟད་པར་འགྱུར་བའོ། །གང་ཁྱིམ་ན་བཞག་པ་དེ་ཕྲེང་པ་རྣམ་པར་འཕེལ་པའོ། །གང་བྱིན ་པ་དེ་ནི་ཡོངས་སུ་མི་འཛིན་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་ཡོངས་སུ་འཛིན་པ་དང་བཅས་པའོ། །གང་བྱིན་བ་དེ་ནི་འཇིགས་པ་མེད་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་འཇིགས་པ་དང་བཅས་པའོ། །གང་བྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའོ། །གང་ཁྱིམ་ན། ་བཞག་པ་དེ་ནི་བདུད་ཀྱི་ཕྱོགས་ཉེ་བར་སྟོན་པའོ། །གང་བྱིན་པ་དེ་ནི་ཟད་མི་ཤེས་པའོ། །གང་ཁྱིམ?་ན?་བཞག་པ་དེ་ནི་ཟེད་པར་འགྱུར་བའོ། །གང་བྱིན་པ་དེ་ནི་བདེ་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་ཀུན་བསྲུང་དགོས་པས་སྡུག་བསྔལ་བའོ། །གང་བྱིན་པ་དེ་ནི་ཉོན ་མོངས་པ་སྤོང་བར་འགྱུར་བའོ། །གང་ཁྱིམ་མན་བཞག་པ་དེ་ནི་ཉོན་མོངས་པ་འཕེལ?་པར་བྱེད་པའོ། །གང་བྱིན་པ་དེ་ནི་ལོང་སྤྱོད་ཆེན་པོར་འགྱུར་བའོ། །གང?་ཁྱིམ་ན་བཞག་པ་དེ་ནི་ལོང་སྤྱོད་ཆེན་པོར་མི་འགྱུར་བའོ། །གང་བྱིན་པ་དེ་ནི་སྐྱེས་བུ་དམ་པའི་ལས་སོ། །གང་ཁྱིམ ་ན་བཞག་པ་དེ་ནི་སྐྱེས་བུ་ངན་པའི་ལས་སོ། །གང་བྱིན་བ་དེ་ནི་སངས་རྒྱས་ཀྱིས་བསྔགས་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་བྱིས་པད?་སྐྱེ་བོས་བསྔགས་པའོ་ཞེས་བྱ་བ་ནས། གལ་ཏེ་དེས་བུ་ལ་ལྷག་པར་སྡུག་པ་བསྐྱེད་ལ་དེ་བཞིན་དུ་སེམས་ཅན་གཞན་ལ་མ་ཡིན་ནོ ་དེས་སྤྱོད་པ་གསུམ་གྱིས་རང་གི་སེམས་ལ་སྤྱོད་པར་བྱ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་ནི་སེམས་སྙོམས་པའི་བྱང་ཆུབ་སེམས་དཔའ་?་ཡིན་གྱི་སེམས་མི་སྙོས?་པའི་མ་ཡིན་ནོ། །བྱང་ཆུབ་ནི་ལྔ་དག་པར་སྤྱོད་བའི་བྱང་ཆུབ་བས?་དེའི་ཡིན་ཕྱིས་ལོག་པར་སྦྱོར་བ་དེའི་ནི་མ་ཡིན་ནོ། །བྱང་ཆུབ་ནི་ཐ་དད་པ་མེད་པར་སྤྱོད་པའི་བྱང ་ཆུབ་སེམས་དཔའ་ཡིན་གྱི་ཐ་དད་དུ་སྤྱོད་པའི་ནི་མ་ཡིན་ཏེ་སྤྱོ་བ་གསུམ་པོ་འདི་དག་གིས་རང་གི་སེམས་ལ་སྤྱོས་ནས། བུ་དེ་ལ་མི་སྡུག་བའི་འདུ་ཤེས་བསྐྱེད་པར་བྱའོ། །འདི་ན་མི་སྡུག་བ་སྟེ་།བདག་གི་སྙིང་དུ་སྡུག་པ་ཡིན་ན། །གང་བདག་གི་དེའི་དོན་དུ་བུ་དེ་ལ་ནི་ལྷག་པར ་སྡུག་པ་བསྐྱེད་ལ་སེམས་ཅན་གཞན་ལ་ནི་དེ་ལྟ་མ་ཡིན་པས་སངས་རྒྱས་ཀྱིས་བཀའ་སྩལ་པའི་བསླབ་པ་དང་འགལ་བར་འགྱུར་རོ། །བདག་གིས་དེའི་ཕྱིར་དགེ་བའི་རྩ་བ་ལ་ཡང་གནོད་པ་བྱས་སྲོག་ལ་ཡང་བག་མེད་དེ་གནོད་པར་འགྱུར་བས་འདི་ནི་བདག་ལ་གནོད ་པར་བྱེད་པའོ། །བདག་དེའི་ཕྱིར་བྱང་ཆུབ་ཀྱི་ལམ་དང་མི་མཐུན་པའི་ལིམ?་ལ་སྤྱོད་བས། འདི་ནི་བདག་ལ་ཕྱིར་སྒྲལ?་བའོ་སྙམ་དུ་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །དེས་བུ་དེ་རྒྱུར་བྱས་ཏེ་།ཇི་ལྟ་ཇི་ལྟ་བུར་བུ་དེ་ལ་སྡུག་པར་སེམས་པ་དང་ལྡན་པ་བཞིན་དུ་སེམས ་ཅན་ཐམས་ཅད་ལ་བྱམས་པ་བསྐྱེད་པ་དང། བདག་ཕངས་པར་སེམས་པ་དང་ལྡན་པ་བཞིན་དུ་བྱམས་པ་བསྐྱེད་པ་དེ་ལྟ་བུར་དེ་སེམས་བསྐྱེད་པར་བྱའོ། །དེ་ཡང་འདི་ལྟར་འདི་ཡང་གུས་ནས་འོངས་ལ་བདག་ཀྱང་གུད་ནས་འོངས་མོད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྔོན་བདག ་གི་བུར་གྱུར་ལ་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་བུར་གྱུར་ཏེ། འདི་ལ་ནི་བདག་གི་འམ་པུའི?་སེམས་ཅན་གང་ཡང་མེད་དོ་སྙམ་དུ་།ཚུལ་བཞིན་དུ་བརྟག་པར་བྱའོ། །ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔས་དངོས་པོ་གང་ལ་ཡང་བདག་གི་སྙམ་དུ་ཡོངས་སུ་བཟུང་བར་མི་ ་བྱ་ཆགས་པར་མི་བྱའོ། །གཡོ་དང་སྲེད་པའི་བག་ལ་ཉལ་མི་བྱའོ། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་བའི་དྲུང་དུ་སློང་བ་འོངས་ལ་།དངོས་པོ་ཞིག་བླངས་བ་ལས་།གལ་ཏེ་དེས་དངོས་པོ་མ་གཏང་ན། དེས་འདི་ལྟར ་དངོས་པོ་འདི་བཏང་ཡང་རུང་མ་བཏང་ཡང་རུང་སྟེ། བདག་ནི་དངོས་པོ་འདི་དང་གདོན་མི་ཟ་བར་འབྲལ་བར་ཡང་འགྱུར་།མི་འདོད་བཞིན་དུ་འཆི་པར་ཡང་འགྱུར་ཞིང། དངོས་པོ་འདིས་བདག་འདོར་བདག་གིས་ཀྱང་དངོས་པོ་འདི་འདོར་གྱིས་།དངོས་པོ་འདི ་བཏང་ལ་ཡིད་དགའ་བ་དང། སྙིང་པོ་བླངས་ཏེ་འཆི་པའི་དུས་བྱའོ། །འདི་ཡོངས་སུ་བཏང་ན་བདག་འཆི་བའི་དུས་ཀྱི་ཚེ་སེམས་ཀུན་ནས་ཟིན་ཏེ་གནས་པར་མི་འགྱུར་ཏེ། འདིས་ནི་བདག་འཆི་བའི་དུས་ཀྱི་ཚེ་དགའ་བ་དང་མཆོག་ཏུ་དགའ་བ་དང་རངས་པ་དང ་འགྱོད་པ་མེད་པ་སྐྱེ་བར་འགྱུར་སྙམ་དུ་སེམས་ངེས་པར་བསམ་པར་བྱའོ། །གལ་ཏེ་དེ་ལྟར་བསམས་ཀྱང། དངོས་པོ་གཏོད་མ་ནུས་ན་དེས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱ་སྟེ། བདག་ནི་ད་དུང་མཐུ་ཆུད་ཞིང་དགེ་བའི་རྩེ་བ་ཡོངས་སུ ་མ་སྨིན་ཏེ་།ཐེག་པ་ཆེན་པོ་ལ་ལས་དང་པོ་པ་དང་བདག་ནི་མི་གཏོང་པ་ལ་སེམས་ཀྱི་དབང་དུ་གྱུར་བ་དང་བདག་ནི་ཉེ་བར་ལེན་པའི་ལྟ་བ་དང་བཅས་པ་དང་བདག་གིར་འཛིན་པ་ལ། །གནས་པ་ལགས་ཀྱིས་།སྐྱེས་བུ་དམ་བ་བཟོད་བར་མཛོད་ཅིག ་ཡོངས་སུ་གདུང་པར་མི་མཛད་དུ་གསོལ། །ཇི་ལྟར་ཁྱོད་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་བདག་གིས་བགྱིའོ། །དེ་ལྟར་བསྒྲུབ་པོ་དེ་ལྟར་བརྩོན་འགྲུས་བརྩམ་མོ་ཞེས་ཁྱིམ་བདག་དེ་ལྟར ་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱའོ་ཞེས་གསུངས་སོ། །སློང་བ་ལ་ཀུན་གོ་བར་བྱེད་བ་འདི་ཡང་བྱང་ཆུབ་སེམས་དཔའ་དེ་ལ་མདང་བའམ་བྱང་ཆུབ་སེམས་དཔའ་ལ་སློང་བ་མི་དང་པར་འགྱུར་བའི ་ཉེས་པ་གཞན་སྤངས་བའི་ཕྱིར་གསུངས་པར་ཟད་ཀྱི་།སེར་སྣའི་ཁ་ན་མ་ཐོ་བ་མེད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་ལ་འདི་སྨོད་དོ། །བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་བ་ལས་ཇི་སྐད་དུ་།ཤཱ་རིའི་བུ་ཆོས་འདི་བཞི་ནི་བྱང ་ཆུབ་སེམས་དཔའ་རྣམས་ལ་མེད་དེ། བཞི་གང་ཞེ་ན་།བྱང་ཆུབ་སེམས་དཔའ་རྣམས་ལ་གཡོ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སེར་སྣ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྲག་དོག་དང་ཕ་མ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བདག་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་བར་འཚང་རྒྱ་མི་ནུས་སྙམ་པའི་ཞུམ་བའི་སེམས་མེད་དོ། །ཤཱ་རིའི་བུ་གང་ལ་ཆོས་བཞི་པོ་འདི་དག་ཡོད་པ་དེ་ལ་ནི་མཁས་བ་རྣམས་ཀྱིས། །ཀྱེ་མའོ་འདྲ་ནི་ཚུལ་འཆོས་པའི?། །ཀྱེ་མའོ་འདི་ནི་?་བསག་ཅན་ནོ།། ་ཀྱེ་མའོ་འདི་ནི་ཆོས་ལས་ཉམས་པའོ། །ཀྱེ་མའོ་འདི་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནོ། །ཀྱེ་མའོ་འདི་ནི་འཇིག་རྟེན་གྱི་ཟང་ཟིང་ལྷུར་བྱེད་པའི། །ཀྱེ་མའོ་འདི་ནི་གོས་དང་ཟས་ཆེད་ཆེར་བྱེད་པའོ་ཞེས་རིག ་པར་བྱའོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་སེམས་དཔའ་བ་ཡིན་ཏེ་།ལག་པའི་བར་དུ་ཡོངས་སུ་གཏོང་པ་ཡིན། རྐང་པ་ཡོངས་སུ་གཏོང་བ་དང། སྣ་ཡོངས་སུ་གཏོང་བ་དང། མགོ་ཡོངས་སུ་གཏོང་བ་དང། ཡན་ལག་དང་ཉིད་ལག་ཡོངས་སུ་གཏོང་བ་དང ་བུ་ཡོངས་སུ་གཏོང་པ་དང། བུ་མོ་ཡོངས་སུ་གཏོང་བ་དང། ཆུད་མ་ཡོངས་སུ་གཏོང་བ་དང། དགའ་བ་ཡོངས་སུ་གཏོང་པ་དང། ནོར་ཡོངས་སུ་གཏོང་བ་དང། བདེ་བ་ཡོངས་སུ་གཏོང་པ་དང། ཁྱིམ་ཡོངས་སུ་གཏོང་བ་དང། གནས་ཡོངས་སུ་གཏོང་བ་དང། ཡུལ་ཡོངས་སུ ་གཏོང་བ་དང། རིན་པོ་ཆེ་ཡོངས་སུ་གཏོང་བ་དང། བདོག་བ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །དེ་སྐད་དུ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང། དངོས་པོ་གང་ལ་དེ་གཏོང་པའི་སེམས་མི་སྐྱེ་བ་དང་གཏོང་བའི་བློ་མི་འཇུག་བའི་དངོས ་པོ་དེ་བསྲེལ་བར་མི་བྱའོ། །ཡོངས་སུ་འཛིན་པ་གང་ལ་སྤོད་བའི་སེམས་མི་སྐྱེ་བའི་།ཡོངས་སུ་འཛིན་པ་དེ་ཡོངས་སུ་བཟུང་པར་མི་བྱའོ། །གང་སློང་བ་དག་གིས་བསླབས་ན་ཡོངས་སུ་བཟུང་པའི་བློ་སྐྱེ་བར་འགྱུར་བའི་གཡོག ་དེ་ལྟ་བུ་བཅང་བར་མི་བྱའོ། །རྒྱལ་སྲིད་དེ་བཟུང་བར་མི་བྱའོ། །ལོངས་སྤྱོད་དེ་དག་དང་རིན་པོ་ཆེ་དེ་དག་བཅང་བར་མི་བྱའོ། །དངོས་པོ་གང་ལ་ཡང་བྱང་ཆུབ་སེམས་དཔའ་ཡོངས་སུ་མི་གཏོང་བའི་བློ་སྐྱེ་བར་འགྱུར་བ་ཡིན་ན། ནོར་གྱི་དངོས་པོ་གང་ཡང ་རུང་བའི་བར་དུ་བཅང་བར་མི་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ་། བདག་གི་ལུས་འདི་ཡབ་སེམས་ཅན་ཐམས་ཅད་ལ་བྱིན་ཞིང་ཡོངས་སུ་བཏང་ན་།ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས ་ཏེ། སེམས་ཅན་གང་དང་གང་ལ་ཅི་དང་ཅིས་ཅི་དང་ཅི་དགོས་པར་འགྱུར་བ་དེ་དང་དེ་དག་ལ་དེ་དང་དེ་སྤྱིན་ནོ། །ཡོད་དེ་ཡོད་ན་ལག་བ་འདོད་པ་ལ་ལག་པ་སྦྱིན་ནོ། །རྐང་བ་འདོད་བ་ལ་རྐང་པ། མིག་འདོད་པ་ལ་མིག་སྤྱིན་ནོ། །ཤ་འདོད་པ་ལ་ཤ། ་ཁྲག་འདོད་པ་ལ་ཁྲག་།རྐང་འདོད་པ་ལ་རྐང་།ཡན་ལག་དང་ཉིད་ལག་འདོད་པ་ལ་ཡན་ལག་དང་ཉིད་ལག་།།མགོ་འདོད་པ་ལ་མགོ་ཡོངས་སུ་གཏོང། ཕྱི་རོལ་གྱི་དངོས་པོ་འདི་ལྟ་སྟེ་།ནོར་དང་འབྲུ་དང་དངུལ་དང ་རིན་པོ་ཆེ་དང་རྒྱན་དང་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་བཞོན་པ་དང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་རྒྱལ་སྲིད་དང་ཡུལ་འཁོར་དང་རྒྱལ?་པོའི?་ཕོ་བྲང་འཁོར་དང་ཚོང་དུས་དང་བྲན་ཕོ་དང་ལས་བྱེད་པ་དང་ཞོ་ཤས་འཆོ་བ་དང་བུ་དང་བུ་མོ་དང་གཡོག་རྣམས་ལྟ་སྨོས་ཏེ། སེམས ་ཅན་གང་དང་གང་ལ་གང་དང་གང་གི་ཕྱིར་དང། ཅི་དང་ཅི་དགོས་པར་འགྱུར་བ་།སེམས་ཅན་དེ་དང་དེ་དག་ལ་དེ་དང་དེ་ཡོད་པ་སྦྱིན་ནོ། །ཅི་ནས་སེམས་ཅན་འདི་དག་ཡོངས་སུ་བསྡུས་པས་།བདག་བྱང་ཆུབ་ཐོབ་པའི་ཆོས་ཤེས་པར་འགྱུར་རོ་སྙམ་ནས། སེམས་ཅན་ལ ་ཕན་གདགས་པ་དང་སེམས་ཅན་ལ་སྙིང་རྫེབ་དང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར། འགྱོད་པ་མེད་ཅིང་མྱ་ངན་མི་བྱེད་བ་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པར་ཡོངས་སུ་གཏང་ངོ། །ཆགས་པ་མེད་པར་སྦྱིན་ནོ། །དེ་བཞིན་དུ་སྦྱར་ཏེ་།རིགས་ཀྱི་བུ་དཔེར་ན། རྩིའི་སྡོང་པོ་རྩ་བ ་ནས་བླངས་ཀྱང་རུང། སྡོང་པོ་ལས་བླངས་ཀྱང་རུང། ཡལ་ག་ལས་བླངས་ཀྱང་རུང། མཐུན?་སྤགས་ལས་བླངས་ཀྱང་རུང། ལོ་མ་ལས་བླངས་ཀྱང་རུང་།མེ་ཏོག་དང་འབྲས་བུ་དང་སྙིང་པོ་ལས་བླངས་ཀྱང་རུང་སྟེ། དེ་འདི་ལྟར་བདག་རྩ་བ་ནས་བླངས་སོ། །བདག་གི་རྩ ་པ་ནས་བླངས་སོ། །བདག་གི་སྙིང་པོའི་བར་དུ་བླངས་སོ་སྙམ་དུ་རྣམ་པར་རྟོག་པ་མི་འབྱུང་མོད་ཀྱི། རྣམ་པར་རྟོག་པ་མེད་བཞིན་དུ་སེམས་ཅན་རབ་འབྲིང་ཐ་མ་རྣམས་ཀྱི་ནད་མེད་པར་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་འབྱུང ་པ་ཆེན་པོའི་ལུས་འདི་ལ་རྩིའི་སྡོང་པོ་བཞིན་དུ་འདུ་ཤེས་པ་སྐྱེད་ཅིང་སེམས་ཅན་གང་དང་གང་དག་ལ་ཅི་དང་ཅི་དགོས་པ་ཁྱེར་ཏེ་།ལག་པ་འདོད་ན་ལག་པ་རྐང་པ་འདོད་ན་རྐང་པ་ཁྱེར་ཅིག་ཅེས་སྔ་མ་བཞིན་དུ་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པའི ་མདོ་ལས་ཀྱང་།ལུས་འདི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་དེངས་པར་བྱ་སྟེ། དཔེར་ན་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་འབྱུང་བ་ཆེན་པོ་བཞི་པོ་འདི་དག་སྒོ་སྣ་ཚོགས་དང་རྣམ་གྲངས་སྣ་ཚོགས་དང་དམིགས ་པ་སྣ་ཚོགས་དང་ཡོ་བྱད་སྣོགས?་དང་ལོང་སྤྱོད་སྣ་ཚོགས?་ཀྱི་སེཾས་ཅན་རྣཾས་ཉེ་བར་ལོངས་སྤྱོད་བ་ན་བྱེད་པ་དེ་བཞིན་དུ། བདག་གིས་ཀྱང་འབྱུང་པ་ཆེན་པོ་བཞིའི་ཁོག་པའི་ལུས་འདི་སྒོ་སྣ་ཚོགས་དང་རྣམ་གྲངས་སྣ་ཚོགས་དང་དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་ལོངས་སྤྱོད་སྣ ་ཚོགས་ཀྱིས་རྒྱ་ཆེར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱའོ་སྙམ་སྟེ། དེ་དོན་གྱི་དབང་འདི་མཐོང་བས་།ལུས་སྡུག་བསྔལ་བར་ཡང་སོ་སོར་རྟོག་ལ་སེམས་ཅན་ལ་བལྟ་བའི་ཕྱིར་ལུས་སྡུག་བསྔལ་བས་ཀྱང་ཡོངས་སུ་མི་སྐྱེའོ་ཞེས་བསྟན་ཏོ།། །། ་བམ་པོ་གཉིས་པ། །བདག་དང་ལོངས་སྤྱོད་དང་བསོད་ནམས་བཏང་བ་ནི། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་པ་ན། དགེ་བའི་རྩ་བ་ཐམས་ཅད་ཀྱི ་ཕན་འདོགས་པས་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དག་གི་སེམས་པར་བྱེད་པ་དང། བདག་ཉིད་མར་མེ་དང་འདྲ་བ་སེམས་ཅན་ཐམས་ཅད་ལ་ཉེ་བར་བཞག་པ་དང། བདག་ཉིད་བདེ་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པ་དང། བདག ་ཉིད་ཆོས་ཀྱི་སྐྱེ་གནས་དང་འདྲ་བར་འགྲོ་བ་ཐམས་ཅད་ཡང་དག་པར་འཛིན་པ་དང། བདག་ཉིད་སྣང་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་གཞིར་མཐོང་བ་དང། བདག་ཉིད་དགེ་བའི་རྩ་བའི་རྐྱེན་དུ་གྱུར་པར་མཐོང ་བ་དང། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང། བདག་ཉིད་མཛའ་བོ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་ངེས་པར་སྤྱོར་བ་དང་བདག་ཉིད་སེམས་ཅན་ཐམས་ཅད་ལ་ལམ་དང་འདྲ་བར་སྟོན་པ་དང། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད ་པའི་བདེ་བའི་ཡོ་བྱད་དུ་ཡོངས་སུ་སྤྱོད་བ་དང། བདག་ཉིད་ཉི་མ་དང་འདྲ་བར་འཇིག་རྟེན་ཀུན་ཏུ་མཚུང་པར་བྱེད་པ་དང། སེམས་ཅན་ཐམས་ཅད་ལ་བདག་ཉིད་དེ་ལྟ་བུའི་ཆོས་དང་ལྡན་པར་རབ་ཏུ་སྦྱིན་པར་བྱེད་པ་དང། འཇིག་རྟེན་ཐམས་ཅད་ན་བདག་ཉིད་ཅི་འདོད་པ་བཞིན ་དུ་བྱ་བ་ལ་དབང་དུ་གྱུར་པར་མཐོང་བས་འཇིག་རྟེན་ཀུན་ཏུ་བདག་ཉིད་མཆོད་རྟེན་གྱི་མཆོག་ཏུ་འགྱུར་བར་བྱ་སྟེ་བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་མཐོང་བ་དང། འཇིག་རྟེན་ཀུན་དུ་སེམས་མཉམ་པར་བསྒྲུབ་པ་དང། བདག་ཉིད་འགྲོ་བ་ཀུན་ཏུ་ཡོ ་བྱད་ཐམས་ཅད་ཀྱི་མུ་སྟེ་གསུ་མཐོང་བ་དང། བདག་ཉིད་འཇིག་རྟེན་ཐམས་ཅད་ལ་བདེ་བ་སྦྱིན་པར་སོ་སོར་རྟོག་པ་དང། བདག་ཉིད་འགྲོ་བ་ཀུན་གྱི་སྦྱིན་བདག་ཏུ་མོས་པ་དང། བདག་ཉིད་འཇིག་རྟེན་ཀུན་ཤེས་པ་དང་འདྲ་བར་བྱས་པ་དང། བདག་ཉིད་བྱང ་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་ལྡན་པར་སྐྱེད་པ་དང། བདག་ཉིད་ཇི་སྐད་སྨྲས་བ་དེ་བཞིན་དུ་བྱེད་པ་ལ་འཇུག་པ་དང། བདག་ཉིད་ཐམས་ཅད་མཁྱེན་པའི་གོ་ཆ་བགོས་པར་སོ་སོར་རྟོག་པ་དང་སྔོན་མགྲོན་དུ་གཉེར་བའི་སེམས་ཅན་རྗེས་སུ་སྐྱོད་པ་དང། བདག ་ཉིད་ནན་བསྟན་ལ་གནས་པར་བྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་གཏོང་བའི་སེམས་ཡིད་ལ་བྱེད་ཅིང་སེམས་ཅན་ཐམས་ཅད་ལ་བདག་ཉིད་སྐྱེད་མོས་ཚལ་དང་འདྲ་བར་ལྟ་བ་དང། འཇིག་རྟེན་ཐམས་ཅད་ལ་བདག་ཉིད་ཆོས་ཀྱི་དགའ་བ་དང་འདྲ་བར་སྟོན་པ་དང། བདག ་ཉིད་སེམས་ཅན་ཐམས་ཅད་ལ་ཡིད་བདེ་བ་སྦྱིན་པ་ཉིད་དུ་གནས་པ་དང། བདག་ཉིད་དགའ་བ་མཛའ་ཡས་པ་བསྐྱེད་པར་འགྲོ་བ་ཐམས་ཅད་ལ་གཏང་ཞིང་འཇིག་རྟེན་ཀུན་ཏུ་བདག་ཉིད་དཀར་པོའི་ཆོས་སྐྱེ་པའི་སྒོ་ལྟ་བུར་ཡོངས་སུ་འཛིན་པ་དང། བདག་ཉིད་སེམས ་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་སྦྱིན་པར་སྨོན་ལམ་འདེབས་པ་དང། སྐྱེ་དགུ་ཐམས་ཅད་ལ་བདག་ཉིད་ཕ་དང་འདྲ་བར་འཇུག་པ་དང། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་མཆོད་བ་མེད་པར་བྱ་བའི་ཕྱིར་བདག་ཉིད་རབ་ཏུ་གནས་པ་ཡིན ་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་གཡོག་ཏུ་སྦྱིན་པར་བྱེད་པ་ན། སློང་བ་དག་ལ་དགའ་བ་ཡིད་ལ་བྱེད་པའི་སེམས་དང་ལྡན་པས། ས་ལ་སྟན་འདིད?་བའི་སེམས་དང་ལྡན་པར་བྱ་སྟེ། ས་དང་འདྲ་བར་སྡུག་བསྔལ་ཐམས་ཅད་བཟོད་པ་ཡིད་ལ་བྱེད་པ་བསྒྲབ? ་ཅིང། །སེམས་ཅན་ཐམས་ཅད་ཀྱི་རིམ་གྲོ་བྱ་བ་ལ་ངལ་བ་མེད་པའི་ཡིད་དང་ལྡན་པ། བྱིས་པའི་སྐྱེ་བོས་སྦྱར་བའི་ཉེས་བྱས་དང་དུ་བླང་བ་ལ་བརྟན་ཞིང་སྲན་ཐུབ་པའི་རང་བཞིན་ཅན་ལེགས་པར་གནས་པའི་དགེ་བའི་རྩ་བ་ལ་མངོན་པར་བརྩོན་ཞིང་སེམས་ཅན་གྱི་ཁམས་ཐམས ་ཅད་ནི་རིམ་གྲོ་བྱ་བ་ལ་རབ་ཏུ་ཞུགས་པ་ཡིན་ནོ། །སློང་བ་འོངས་བ་དག་ལ་རྣ་བ་འམ་སྣ་ཡོངས་སུ་གཏོང་བ་ནི། བྱང་ཆུབ་སེམས་དཔའ་སྤྱོད་པས་ཟིན་ཅིང་དེ་བཞིན་གཤེགས་པའི་རིགས་ཀྱི་རིགས་མ་ཐོབ་ལས་བྱུང་བའི་སེམས་དང་ལྡན་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་རྗེས་སུ་དྲན་པའི་གནས་པ་ལས་བྱུང་བ་དང། འཇིག་རྟེན་གསུམ་པོ་ཐམས་ཅད་སྙིང་པོ་མེད་པ་ལས་སྙིང་པོར་རྟོག་པ་དང། རང་གི་ལུས་ལ་མ་ཆགས་པའི་རྒྱུད་དང་ལྡན་པ་དང། གནས་མེད་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་དྲན་པ་ལ ་གནས་པ་དང། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པའི་བསམ་པ་དང་ལྡན་པས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ལྕི་བླངས་མ་ཐག་ཏུ་ཚིག་འཇམ་ཞིང་དགའ་བར་འགྱུར་བ་བྱམས་པར་སྤྱོད་པའི་སེམས་ཀྱི་རྒྱལ་པོ་ལ་འོས་པའི་སེང་གེའི་ཁྲི་བཟང་པོ་ལ་བཞག ་ནས། སློང་བ་དེ་ལ་མངོན་པར་སྨྲ་སྟེ། སེམས་མ་ཁྲོས་པར་བྱས་།སེམས་མ་སྨྲས་པ་དང། སེམས་མ་ཉམས་པ་དང། སེམས་བདག་ཉིད་ཆེན་པོའི་རིགས་ཀྱིས་མཐོ་བ་དང། སེམས་སངས་རྒྱས་ཀྱི་གདུང་ལས་བྱུང་བ་དང། སེམས་མ་བརྙོགས?་པའི་རྒྱུད་དང་མཐུ་སྟོབས ་ཆེན་པོ་བསྐྱེད་པ་དང། སེམས་ལུས་ལ་མ་ཆགས་པ་དང། སེམས་ཁ་བཞིན་ལ་མངོན་པར་མ་ཞེན་ཅིང། པུས་མོའི་ལྷ་ང་ས་ལ་བཙུགས་པའི་ལུས་སུ་བྱས་ཏེ་།རང་གི་ཁ་ནས་ལྕེ་ཕྱུང་ལ་སློང་བའི་ལུས་ལ་གཏང་དེ་།ཚིག་འཇམ་ཞིང་མཉེན་ལ་དགའ་བར་འགྱུར་བ་བྱམས ་པ་ཉེ་བར་སྤྱོད་པ་འབྱིན་ཅིང། ཁྱོད་དེའི་ལྕེ་ཁྱེར་ལ་ཇི་ལྟར་ཁྱོད་དགའ་བར་འགྱུར་བ་དང། ཡིད་དགའ་བ་དང་ཡིད་བདེ་པ་དང། རབ་ཏུ་དགའ་ཞིང་རངས་པ་དང། མོས་པ་སྐྱེས་པར་འགྱུར་བར་ཅི་འདོད་པ་བཞིན་གྱིས་ཤིག་ཅེས་ཟེར་རོ། །དེ་མགོ་ཡོངས་སུ་གཏོང་བ་ན་ཆོས་ཐམས ་ཅད་ཀྱི་མཆོག་གི་མགོ་ལྟ་བུའི་ཡེ་ཤེས་ལ་འཇུག་ཅིང། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་མགོ་བྱང་ཆུབ་ཁོང་དུ་ཆུད་པར་བྱེད་པ་དང། འགྲོ་བ་ཐམས་ཅད་ཀྱི་མཆོག་དཔེ་མེད་པའི་ཡེ་ཤེས་མགོ་ལྟ་བུ་མངོན་པར་འདོད་པ་དང། ཀུན་མཁྱེན་པའི་མགོ་ཐོབ་པའི་ཡེ ་ཤེས་ཀྱི་རྒྱལ་པོ་ལ་མོས་པར་བྱེད་པ་དང། ཆོས་ཐམས་ཅད་གྱི་དབང་ཕྱུག་གི་མགོ་མཛའ་ཡས་པ་ཡོངས་སུ་རྫོགས་པར་འདོད་ཅིང། སློད་པ་མཛའ་ཡས་པ་དགའ་བས་ཡོངས་སུ་ཁྱབ་པའི་སེམས་ཀྱིས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སློང་བ་དག་ལ་ལག་པ་དང་རྐང་པ་ཡོངS ་སུ་གཏོང་བ་ན་དད་པའི་ལག་པ་དང་ལྡན་པ་དང། རྗེས་སུ་ཕན་འདོགས་པར་སྤྱོད་པ་དང། བྱང་ཆུབ་སེམས་དཔའ་ཨི་རྩལ་གྱིས་གཏོང་བའི་ལག་པ་བརྐྱང་ཞིང་།སྦྱིན་པ་ལ་མངོན་པར་དགའ་བར་ལག་པ་ཡོངས་སུ་གཏོང་བ་དང། རྟེན་ཆེན་པོ་ལ་རྐང་པ་འདོར་བ་བྱང་ཆུབ་སེམས་དཔའ་ཨི ་སྤྱོད་པ་ལ་མོས་པ་དང། ཚོར་བས་མ་ཉམས་པའི་སྤྱིན་པའི་མཐུས་སེམས་བསྐྱེད་པ་དྲི་མ་མེད་པར་གནས་ཤིང། ཡེ་ཤེས་ཡོངས་སུ་དཀྲིས་པ་མེད་པ་དང། ཆོས་ཀྱི་ལུས་རྒྱུན་མི་འཆད་པ་མ་ཤིགས་པ་མི་ཆོད་པའི་ལུས་དང་ལྡན་པ། བདུད་ཐམས་ཅད་ཀྱིས་མི་བསྐྱོད་པ། སེམས་དགེ་བའི ་བཤེས་གཉེན་གྱི་ཉེ་བར་བརྟན་ཞིང་འཕེལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སྤྱོད་པ་གཅིག་ཏུ་གནས་ཤིང་གཏོང་བ་གཅིག་པུས་ངེས་པར་འབྱུང་བས་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་ལུས་དྲལ་ཏེ་སློང་བ་དག་ལ་ཁྲག་བྱིན་པ་ན། བྱང་ཆུབ་ཀྱི་སེམས་རབ་ཏུ་དགའ་བ ་དག་སེམས་བྱང་ཆུབ་ཀྱི་སྤྱོད་པ་འདོད་པ་དང། སེམས་ཚོར་བས་ཡོངས་སུ་མ་ཟིན་པ་དང། སེམས་སློང་བ་ཐམས་ཅད་འདོད་པ་དང། སེམས་ཡོངས་སུ་ལེན་པ་ཐམས་ཅད་ལ་མི་སྡང་བ་དང། སེམས་བྱང་ཆུབ་སེམས་པའི་གཏོང་བའི་ལམ་ཐམས་ཅད་ཞུགས་པ་དང། སེམས་རང་གི་ལུས་ལ་མི་ལྟ ་ཞིང་མི་ལྡོག་ལ་རྒྱུན་མི་འཆད་པས་རང་གི་ལུས་ཀྱི་ཁྲག་སྦྱིན་པར་བྱེད་དེ། ཡེ་ཤེས་ཀྱི་སྐྱེ་མཆེད་ཀྱི་སེམས་ཐེག་པ་ཆེན་པོ་ལ་ཞུགས་པ། ཡིད་ཆེས་པ་དང། ཡིད་འདོད་པ་དང། ཡིད་ཚིམ་པ་དང། ཡིད་རངས་པ་དང། ཡིད་མགུ་བ་དང། ཡིད་དགའ་བ་དང། ཡིད་བདེ་བ་དང། ཡིད་དང་བར ་གྱུར་ཏེ་།རབ་ཏུ་དགའ་ཞིང་མོས་པ་དང་།རངས་པ་དང། ཡིད་བདེ་བ་སྐྱེས་པ་ཡིན་ནོ། །སློང་བ་རྣམས་ལ་རང་གི་ལུས་ལས་རྐང་དང་ཤ་ཡོངས་སུ་གཏོང་བ་ན། དགེ་བར་གཏོང་སྟེ་།སློད་པ་འདོད་པའི་ཚིག་གི་ཁྱེད་དའི་ལུས་ལ་ཤ་དང་རྐང་ཅི་འདོད་པ་བཞིན་བྱ་ཡིས་ཁྱེར་ཅིག་ཅེས་སློང་བ་དག ་ལ་སྨྲ་ཞིང། དགའ་བ་མཚུངས་པ་མེད་པ་རྣམ་པར་སྤེལ་བའི་གཏོང་བའི་སེམས་དང། བྱང་ཆུབ་སེམས་དཔའ་ཨི་མཁས་པའི་ཚོགས་བསྟེན་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་གྲོགས་སུ་གྱུར་པར་དང། འཇིག་རྟེན་གྱི་དྲི་མ་བསལ་བའི་ལྷག་པའི་བསམ་པ་མཆོག་རབ་དང། བྱང་ཆུབ་སེམས ་དཔའ་ཨི་མཉམ་པ་ཉིད་ཀྱིས་ཟིན་པའི་སྦྱིན་བ་རྩོམ་པ་ཆེན་པོ་ཡིད་ཀྱི་འདོད་པར་འགྱུར་བ་དང། སློང་བ་ཐམས་ཅད་ཡི་མི་བཅད་པར་སྦྱིན་པ་གཏང་བའི་དངོས་པོ་དག་གིས་ཤིན་དུ་སོ་སོར་བརྟགས་པའི་ལས་ཀྱི་རྣམ་པར་སྨིན་པའི་རྐྱེན་དང། འཇིག ་རྟེན་གྱི་ཁམས་ཐམས་ཅད་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པའི་མཆོད་པ་དང། འགྲོ་བ་ཐམས་ཅད་མངོན་དུ་ཕྱོགས་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་སྐྱོབ་པ་དང། སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་གྱུར་པའི་སྟོབས་བཅུ་རྣམ་པར་སྤྱོད་པ་དང། འདས ་པ་དང་མ་འོངས་བ་དང། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་དུ་གྱུར་པའི་དགེ་བའི་རྩ་བ་གཅིག་གིས་རིམ་གྲོ་བྱ་བ་དང། མི་འཇིགས་པ་ཐམས་ཅད་མངོན་དུ་གྱུར་པའི་ཁྱུ་མཆོག་དང་སེངྒེའི་སྒྲ་སྒྲོགས་པ་དང། དུས་གསུམ་མངོན་དུ་གྱུར་བའི་དུས་ཐཾས་ཅད ་མཉམ་པ་ཉིད་དུ་ཤེས་པ་དང། འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པ་ཕྱི་མའི་མཛའ་ཨི་མུར་ཐུག་པའི་བསྐལ་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་དང། ཡོངས་སུ་ཡིད་མི་ཆད་པ་མངོན་དུ་གྱུར་པའི་མི་སྐྱོ་པའི་སེམས་བསྐྱེད་པས་ཡིན་ནོ། །བྱང་ཆུབ་སེམས ་དཔའ་སློང་བ་དག་ལ་རང་གི་སྙིང་གཏོང་པ་ན། སེམས་སྦྱིན་པའི་རིགས་ལས་བསླབས་པ་དང། སེམས་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པ་དང། སེམས་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ཐམས་ཅད་ལ་མི་དགོད་པར་ཤིན་ཏུ་གནས་པ་དང། སེམས་རྟེན་གྱི་སློང་བ་ཐམས་ཅད་ལ་རི་མོར ་བྱེད་པ་དང། ལྷག་པའི་བསམ་པ་ཡོངས་སུ་སྦྱོད་བ་དང། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་ལ་ཞུགས་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་གནས་པ་དང། ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་ཅིང་སྨོན་ལམ་མ་གཏང་བས་ཡིན་ནོ།། ་དེ་སློང་བ་དག་ལ་རྒྱུ་མ་དང། མཁལ་མ་དང། མཆིན་པ་དང། གློ་བ་སྦྱིན་པ་ན། སློང་བ་ལ་རབ་ཏུ་དང་བ་དང། དགའ་བའི་རྣམ་པའི་མིག་དང། བྱང་ཆུབ་སེམས་དཔའ་ལས་བྱུང་བའི་བྱམས་པ་དང། མི་དལ་བའི་ཡིད་ལ་བྱེད་པའི་གཏོང་བ་དང། སྙིང་པོ་མེད་པའི་ལུས་ལས་ལེགས ་པར་བརྟགས་པའི་སྙིང་པོ་ལེན་པའི་སེམས་དང། མཐར་དུར་ཁྲོད་དུ་འགྲོ་བར་ལུས་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་དང། ལུས་གཞན་ལ་རག་ལས་པར་ཡིད་ལ་བྱ་བ་དང། མི་རྟག་པ་ཉིད་ཀྱིས་ཟིན་པའི་ལུས་དང། གཞན་གྱི་ཟས་སུ་སེམས་པས་ལུས་ལ་སྤྱང་ཀི་དང། ཅེས?་སྤྱད? ་དང་ཝ་དང་ཁྱིའི་ཟས་སུ་རྟོག་ཅིང། དེ་ལྟར་ཆོས་ཡིད་ལ་བྱེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སློང་བ་དེ་དག་ལ་མིག་མི་འཛུམས་ཤིང་སེམས་འདི་ལྟར་བསྐྱེད་དེ། གལ་ཏེ་བདག་གིས་སློང་བ་འདི་ལ་ལུས་ལས་རྒྱུ་མ་དང། མཁལ་མ་དང་མཆིན་པ་དང་གློ་བ་བྱིན་ཀྱང ་རུང་གལ་ཏེ་མ་བྱིན་ཀྱང་རུང་སྟེ། མཐར་ཆེ་ཟད་ན་འདི་མི་རྟག་སྟེ་ཐ་མ་དུར་ཁྲོད་དུ་འགྲོའོ་ཞེས་དེ་ལྟར་ཡིད་ལ་བྱེད་པས་ཚིམ་པར་བྱས་པའི་རྒྱུད་དང། དེ་ལྟ་བུའི་ཆོས་ཤེས་པའི་བསམ་པ་དང། དགེ་བའི་བཤེས་གཉེན་དུ་འདུ་ཤེས་སུ་གནས་པས་སློང་བ་ལ་ལྟ་བ་དང། ་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་ལེན་འདོད་པས་ཡིན་ནོ། །ཆོས་འདོད་པས་རང་གི་ཤ་སེན་མོ་དང་བཅས་པ་གཏོང་བ་ན་ཡང། དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་དོ། །ལུས་བཏང་བ་བྱས་ནས་།ལོངས་སྤྱོད་དང་བསོད་ནམས་བཏང་བ་དེ་ཉིད་ལས་།དེ་ལྟར་བྱང་ཆུབ ་སེམས་དཔའ་ཨི་སྦྱིན་གནས་དང་ལེན་པ་སྣ་ཚོགས་ཕྱོགས་གཞན་དང་གཞན་ནས་འོངས་པའི་གང་ཟག་དང། སློང་བ་ཕོངས་པ་དང་བཀྲེན་པ་མང་པོ་ཚད་མེད་པ་བྱང་ཆུབ་སེམས་དཔའ་ཨི་སྒྲ་ཐོས་ཏེ་འོངས་པ་དང། བྱང་ཆུབ་སེམས་དཔར་རེ་བའི་སྐབས་ཀྱིས་འོངས་པ་དང། བྱང་ཆུབ་སེམས ་དཔའ་ཨི་སྦྱིན་པ་དང་སྔོན་གྱི་སྨོན་ལམ་ཐོས་པ་རྣམས་དང། བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་དང། སྨོན་ལམ་གྱིས་སེམས་ཀྱིས་མགྲོན་དུ་གཉེར་བ་རྣམས་དང། ཐམས་ཅད་གཏོང་དུ་རེ་བའི་ཡིད་ཅན་རྣམས་འོངས་པ་མཐོང་ནས་།སློང་བ་ལ་རི་མོ་བྱ་བས་མི་ངོམས་པའི་སེམས་ཀྱིས་སློང་བ ་འོངས་པ་རྣམས་ལ་བཟོད་པ་གསོལ་བའི་སེམས་དང་ལྡན་པས་བདག་ཉིད་ཕྱོགས་དེ་དག་ཏུ་སོང་ལ་ཁྱེད་འོངས་པ་ཉོན་མོངས་པར་མི་འགྱུར་བར་རི་མོར་བྱ་བ་ཞིག་ན་ཞེས་དེས་སྤྱི་བོས་གཏུགས་ཏེ་བཟོད་པ་གསོལ་ལོ། །སློང་བ་ཐམས་ཅད་ལ་བཟོད་པ་གསོལ་ཁྲུས་བྱས་ལུས་ངལ་བསོས་པར ་བྱས་ནས། ཡོ་བྱད་ཅི་འོས་པ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ། ནོར་བུའི་ཤིང་རྟ་ཛམྦུའི་གླིང་ན་བཟང་བའི་ན་ཆུང་རིན་པོ་ཆེས་ཡོངས་སུ་གང་བ་དང། འདི་ལྟ་སྟེ་གསེར་གྱི་ཤིང་རྟ་ཡུལ་གྱི་ནི་ཆུང་རིན་པོ་ཆེ་རྣམ་པར་དག་པས་ཡོངས་སུ་གང་བ་དང། འདི་ལྟ་སྟེ ་བཻཌཱུརྱའི་ཤིང་རྟ་གླུ་དབྱངས་དང་སིལ་སྙན་རྗེས་སུ་མཐུན་པ་ལེན་པས་གང་བ་དང། དེ་བཞིན་དུ་ཤེལ་གྱི་ཤིང་རྟ་བུ་མོ་རིན་པོ་ཆེ་བཞིན་བཟང་ཞིང་ཆ་བྱད་སྡུག་གུས་ཤིན་ཏུ་བརྒྱན་པ་གཟུགས་ལྟན་སྡུག་ཅིང་ཚུལ་མཁས་པས་གང་བདག་སྦྱིན་པར་བྱེད་དོ་ཞེས་གསུངས་པ་དང། ་དེ་བཞིན་དུ་དེ་ཉིད་ལས་ནོར་བུའི་ཤིང་རྟ་གླང་པོ་ཆེ་ཅང་ཤེས་རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་གཡོགས་པ་དང་ལྡན་པ་ཕྲུགས་སུ་མཐུན་པས་འདྲེན་པ་དག་རབ་ཏུ་སྦྱིན་པར་བྱེད་།ཙན་དན་གྱི་ཤིང་རྟ་རིན་པོ་ཆེའི་ལྔ?་ལོ་དང་རྩིབས་སྦྱར་གར་ནོ་ཆེའི་སེངྒེའི་ཁྲི་བཙུཌ་པ། རིན་པོ་ཆེའི་གདུགས་སྣ་ཚོགས་ཀྱིས་? ་པ། རྒྱལ་མཚན་དང་བ་དན་གྱིས་ཕྱོགས་བཞིར་བརྒྱན་པ་།སྤོས་སྣ་ཚོགས་ཀྱིས་ཤིན་ཏུ་བདུགས་ཤིང་སྤོས་ཀྱི་སྙིང་པོའི་བྱུག་པ་ཐམས་ཅད་ཀྱིས་ལེགས་པར་བྱུགས་པ་།མེ་ཏོག་གི་བཀོད་པ་ཐམས་ཅད་བཀྲམ་པ། བུ་མོ་བརྒྱད་སྟོང་རིན་པོ་ཆེའི་ཐ་གུས་འདྲེན་པ། མི་ལྡེག་མ་འགྱུར ་པར་འགྲོ་ཞིང་དྲག་དལ་མ་ཁྱེར་བར་འབྱོར་པ་ནས་།སྤོས་ཀྱི་ངད་ཡིད་དུ་འོང་ཞིང་རྗེས་སུ་མཐུན་པ་དང། བུ་དང་བུ་མོར་བཅས་པའི་སྨྲ་བ་ཉེ་བར་སྦྱོར་བ་དང་ལྡན་པ། སྤོས་ཀྱི་ཕྱེ་མ་སྣ་ཚོགས་གཏོར་བས་གཙང་སྦྱར་བྱས་པ་དག་སྦྱིན་པར་བྱེད་དོ་ཞེས་གསུངས་པ་དང། དེ་བཞིན་དུ ་གཞན་ཡང་དེ་ཉིད་ལས། བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་དམ། སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱ་བར་དབུལ་ལམ། རྒྱལ་སྲིད་ཡོངས་སུ་གཏོང་ངམ། མཁར་རམ་།གྲོང་ཁྱེར་རམ། རྒྱལ་པོའི་ཕོ་བྲང་རྒྱན་ཐམས་ཅད་ཀྱིས་རྣམ་པར་སྤུང་པའམ་།གཡོག་ཐམས་ཅད ་ཀྱང་སློང་བ་རྣམས་ལ་ཅི་རིགས་པར་ཡོངས་སུ་གཏོང་དམ། སློང་བ་དག་ལ་བུ་དང་བུ་མོ་དང་ཆུང་མ་སྦྱིན་པར་བྱེད་དམ། ཁྱིམ་ཐམས་ཅད་གཏོང་བ་ནS?་ལོ་སྤྱོད་?་སྤྱོད་པ་ཐམས་ཅད་སྦྱིན་པར་བྱེད་དམ། དེ་བཞིན་དུ་སྐོམ་སྦྱིན་པ་དང། རོའི་སྦྱིན་པ་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱེད ་པ་ན། བཟང་ཞིང་རྣམ་པ་སྣ་ཚོགས་པ་རྒྱ་ཆེ་བ་གཙང་བ་རྣམ་པ་ཐ་དད་པ་ཁ་བ་དང་ཚ་བ་དང་བསྐ་བ་དང་ལན་ཚྭའི་རོ་མཆོག་སྣ་ཚོགས་དང་ལྡན་པ་ཤིན་ཏུ་ཆིམ་པར་བྱེད་པའི་རོ་མང་པོ་དང་ལྡན་པ་དང། ཁམས་འཁྲུགས་པ་སྙོམས་པར་བྱེད་པ། ལུས་དང་སེམས་ཀྱི་སྟོབས་སྟན་པ ་དགའ་བ་དང་མོས་པ་དང་མཆོག་ཏུ་དགའ་བ་དང། བདེ་བ་བསྐྱེད་པ་ནས་།ཕ་རོལ་གྱི་གནོད་པར་བྱེད་པ་སེལ་བ་།ནད་ཐམས་ཅད་ཞི་ཞིང་ནད་མེད་པ་བསྐྱེད་པ་དག་སྦྱིན་པར་བྱེད་དོ། །དེ་བཞིན་དུ་གོས་སྙིན་པ་དང་མེ་ཏོག་སྦྱིན་པ་དང་སྤོན་སྦྱིན་པ་དང་བྱུག་པ་སྦྱིན་པ་དང། ཕྲེང་བ་སྦྱིན ་པ་དང་མལ་ཆ་སྦྱིན་པ་དང་གནས་སྦྱིན་པ་དང་རྟེན་སྦྱིན་པ་དང། མར་མེ་སྦྱིན་པ་དང་ན་པའི་གསོས་སྨན་སྦྱིན་པ་དང་ཡོ་བྱད་ནས་ཁ་ཟས་རྣམ་པ་སྣ་ཚོགས་ཡོ་ལངས་ཆེར་བཤམས་པ་དག་བྱང་ཆུབ་སེམས་དཔས་སྦྱིན་པར་བྱེད་དོ། །བཟོ་སྣ་ཚོགས་སུ་བྱས་པའི་སྡེར་གྱི་སྣོད་ཚོགས ་པ་ཚད་མེད་པས་སྤྲས་པ་རྣམ་པ་དུ་མ་དང། དབྱིག་དང་གསེར་དང་དངུལ་གྱི་ཕྱེ་མ་རྣམས་།སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་བ་ན། སྦྱིན་པའི་གནས་བསམ་གྱིས་མི་ཁྱབ་པར་མོས་སོ། །འདི་དག་བྱང་ཆུབ་སེམས་དཔའ་ཨི་དཀོན་མཆོག་ལ་དབུལ་ན་།དགེ་བའི་བཤེས་གཉེན ་ཤིན་ཏུ་རྙེད་དཀའ་བས་སེམས་བསྐྱེད་པས་དབུལ་ལོ། །འཕགས་པའི་དགེ་འདུན་ལ་དབུལ་ན་སངས་རྒྱས་ཀྱི་ཆོས་ཉེ་བར་བརྟན་པའི་ཕྱིར་དབུལ་ལོ། །གང་ཟག་གམ་ཉན་ཐོས་སམ་རང་སངས་རྒྱས་དག་ལ་དབུལ་ན། འཕགས་པའི་ཡོན་ཏན་ལ་ཤིན་ཏུ་དང་པའི་སེམས་ཀྱིས་དབུལ ་ལོ། ཕ?་མ་ལ་སྦྱིན་ན་བླ་མ་ལ་སྲི་ཞུ་དང་རིམ་གྲོ་བྱ་བའི་སེམས་ཀྱིས་སྦྱིན་ནོ། །སློབ་དཔོན་དང་བླ་མ་དང་སྦྱིན་པའི་གནས་དེ་དང་དེ་དག་ལ་དབུལ་ན། བླ་མའི་ཚོགས་ཀྱིས་བསྟན་པ་བསླབ་པ་ལ་འཇུག་གོ་།དབུལ་པོ་དང་ཕོངས་པ་དང་སློང་བ་དག་ལ་གོས་དང་ཟས་སྦྱིན་པ་ན། ་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་མིག་དང། བྱམས་པ་ཡོངས་སུ་བསྒོམས་པས་སྦྱིན་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་ཅད་ཤེས་ཡན་ལག་བདུན་རབ་ཏུ་གནས་པ། ལོ་དྲུག་ཅུ་ལོན་པ་མཆེ་བ་དྲུག་ཡོད་པ་སྤུ་མདོག་པདྨ་འདྲ ་གདོང་རྣམ་པར་དག་པ་གསེར་གྱིས་རྒྱན་གྱིས་རྣམ་པར་བརྒྱན་པ་།ལུས་གསེར་གྱི་དྲ་བS་གཡོཌ་བ། སྣ་རིན་པོ?་ཆེའི་རྒྱན་སྣ་ཚོཌ་ཀྱིས་གཡོཌ་པ། བཀོད་པ་སཕྲས་པ། གསེར་གྱི་གཡོཌ་པ་ལྷན་སྡུག་པ་དཔག་ཚད་སྟོང་དུ་མི་ངལ་བར་འགྲོ་ཞིང་རྒྱུ་བ་སྦྱིན་པར་བྱེད། རྟ ་ཅང་ཤེས་ཞོན་ན་བདེ་ཞིང་ལུས་བདེ་བ་དང་ལྡན་པ། བང་ཕུན་སུམ་ཚོགས་པ། ཕྱོགས་བཞིར་བགྲོད་པ་བཀུར་བའི་མགྱོགས་པ་དང་ལྡན་པ། ཟས་ཕུན་སུམ་ཚོགས་པ་།ལྷའི་མཚུངས་པ་མེད་པའི་རྒྱན་ཐམས་ཅད་དང་ལྡན་པ་དག་སྦྱིན་པར་བྱེད་དོ། ་།དེ་དག་སྦྱིན་མེད་གཏོང་བ་ན་གུས་པས་སྐྱེ་བོ་བླ་མ་དང་དགེ་བའི་བཤེས་གཉེན་དང་ཕ་མ་དང་དབུལ་པོ་དང་ཕོངས་པ་དང་སློང་བ་དང་ལེན་པཱའི་གྲོ་བ་ཐམས་ཅད་ལ་ལྷུག་པར་གཏོང་བའི་སེམས་དང་གཟུང་བ་མེད་པའི་སེམས་ནས། སྙིང་རྗེ་ཆེན་པོས ་ཕྱོགས་སུ་ཁྱབ་པའི་རྒྱུད་ཀྱི་གཏོང་བ་ཆེན་པོ་ཚད་མེད་པ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་དག་ལ་ནན་ཏན་བྱེད་པ་དང། རིགས་བཙུན་པ་བྱང་ཆུབ་སེམས་དཔའ་ཨི་བསམ་པ་ཡོངས་སུ་སྦྱོང་ཞིང་སྦྱིན་པར་བྱེད་དོ། །དེ་ལྟར་སེམས་ཅན་དག་ལ་སྟན་སྦྱིན་ཞིང་གཏོང་ན་རྒྱལ་པོའི་ཁྲི ་བཟང་པོ་བཻཌཱུརྱའི་རང་བཞིན་།སེང་གེས་བསྟན་པ་།གསེར་གྱི་ཐ་གུ་དང། རིན་པོ་ཆེའི་དྲ་པའི་བླ་རེ་དང་གོས་འཇམ་པོ་དུ་མ་བཏིང་བ་ཉེ་འཁོར་སྤོས་ཀྱི་སྙིང་པོ་ཐམས་ཅད་ཀྱིས་ཤིན་ཏུ་དྲི་ཞིམ་པར་བྱས་པ། ནོར་བུའི་རྒྱལ་པོ་སྣ་ཚོགས་ཀྱི་རྒྱལ་མཚན་དུ་མ་བསྒྲེང ་བ། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བརྒྱན་བཀོད་པ། གསེར་གྱི་དྲ་བའི་བླ་རེ་བྲེས་པ། གསེར་གྱི་དྲིལ་བུ་གཡེར་གའི་དྲ་བ་འཁྲོལ་བའི་སྒྲ་ཡིད་དུ་འོང་བའི་དབྱངས་འབྱུང་བ། རིན་པོ་ཆེའི་འབྲུ་བྱེ་བ་ཁག་ཁྲིག་ཕྲག་བཅུས་ཀུན་ནས་བསྐོར་ཏེ་རྣམ ་པར་ཕྱེ་བས་ཤིན་དུ་འཕགས་ཤིང་བལྟ་ན་མཛེས་པ་།སྲོག་ཆགས་བྱེ་བ་ཁྲག་ཁྲིག་གྲངས་མེད་པས་ཀུན་ནས་ལྟ་བ་།གདུགས་ཁབ་གཅིག་གིས་ས་ཆེན་པོ་ཐམས་ཅད་སྐྱོང་བར་དབང་བསྐུར་བ་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བའི་སྟན་དུ་བྱ་བ། དེ་ལ ་འདུག་ཅིང་འཁོར་ལོ་ཐོགས་པ་མེད་པས་བསྐྱད་པ་དང་ཚིས་བྱ་བ་ལ་རྒྱལ་པོའི་བཀའ་ཐམས་ཅད་ཉམས་པ་མེད་པར་ཉན་པ་དེ་ལྟ་བུའི་སྟན་གྱི་རྣམ་པར་སྦྱིན་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་གདུགས་རྣམས་སྦྱིན་པ་ན་།རིན་པོ་ཆེ་ཆེན་པོའི་བཀོད་པས ་རབ་ཏུ་བ་རྒྱན་པ། རིན་པོ་ཆེའི་ཡུ་བཅན་དྲིལ་བུ་གཡེར་གའི་དྲ་བས་ཀུན་ནས་ཁེབས་པ་།རིན་པོ་ཆེའི་སྲད་བུ་དང་རྣ་རྒྱན་དང་མགུལ་རྒྱན་གྱི་ཕྲེང་བས་ཁུགས་ཅན་དུ་གྱུར་པ། ནོ་བུ་བཻཌཱུརྱའི་ཕྲེང་བ་མངོན་པར་དཔྱངས་པ་།ཉེ་འཁོར་ན་དགའ་བའི་དབྱངས་དང་ཡིད་དུ་འོང ་བའི་སྒྲ་འབྱུང་བ། གསེར་གྱི་དྲ་བ་རྣམ་པར་དག་པས་ནང་ལོགས་ཁེབས་པར་བྱས་པ། རིན་པོ་ཆེའི་ཐུར་མའི་རྒྱན་བརྒྱ་སྟོང་བྲེས་པ་ནོར་བུ་རིན་པོ་ཆེའི་མཛོད་ཀུན་ཏུ་འཛིན་པ། ཨ་ཀ་རུ་དང་ཙན་དན་དང་སྤོས་ཀྱི་དམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཉེ་འཁོར་དྲི་ཞིམ ་པར་བསྒོས་ཤིང་འདུགས་པ་།འཛམྦུའི་ཆུ་བོའི་གསེར་ལྷར་འོད་གསལ་ཞིང་དག་པ་།རྒྱན་བྱེ་བ་ཁྲག་ཁྲིག་མཛའ་ཡས་པས་བརྒྱན་པའི་གདུགས་དེ་འདྲ་བ་རྣམས་དང། དེ་བས་ཀྱང་ཆེས་ལྷག་པའི་གདུགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་།ཁ་ན་མ་ཐོ་བ་མེད་པའི ་སེམས་ཀྱིས་སྦྱིན་པར་བྱེད་ཅིང། སེམས་ཅན་གྱི་གཙོ་བོ་མངོན་དུ་གྱུར་པའམ་།དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་བརྒྱན་པའི་ཕྱིར་རམ་།ཆོས་བཙལ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དང། དགེ་བའི་བཤེས་གཉེན་ནམ་།བྱང་ཆུབ ་སེམས་དཔའ་ཆོས་སྨྲ་བ་བཙུན་པར་བྱ་བ་དག་གམ་།ཕ་དང་མ་འམ་དགེ་འདུན་དཀོན་མཆོག་གམ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ནས་།ལེན་པ་པོ་ཐམས་ཅད་ཀྱི་བར་དག་ལ་དབུལ་བ་དང་ཡོངས་སུ་གཏོང་པ་དང་སྟེར་བར་བྱེད་པ་དང། སྦྱིན་པར་བྱེད་ན་།དེ་དགེ་བའི་རྩ་བ་དེ ་དག་འདི་ལྟར་ཡོངས་སུ་བསྔོ་བ་སྟེ་ཞེས་གསུངས་སོ། །རེ་ཞིག་ཇི་ལྟར་ཡོངས་སུ་བསྔོ་བ་དང་པོར། དགེ་བའི་རྩ་བ་ཐམས་ཅད་ཀྱིས་སྐབས་ནས་ཇི་སྐད་དུ་།སྨོན་ལམ་འདི་ལྟར་ཡང་འདེབས་ཏེ་།ཅི་ནས་དགེ་བའི་རྩ་བ་འདི་དག་རྣམ་པར་དག་པའི་ཆོས་ཀྱི་མཛའ་ཀླས་པར་འགྲོ་བ་ཐཾས་ཅད ་ལ་ཉེ་བར་འཚོ་བ་དང་ཕན་པར་གྱུར་ཅིག་།དེས་ན་དགེ་བའི་རྩ་བ་འདི་དག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་ངན་སོང་རྒྱུན་ཆད་པར་གྱུར་ཅིག་།དུད་འགྲོའི་སྐྱེ་གནས་པ་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག ་བསྔལ་བའི་ཕུང་པོ་རྣམ་པར་ལོག་པར་གྱུར་ཅིག་ཅེས་སྨི་ལམ་འདེབས་སོ། །དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ། །དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ་།དགེ་བའི་རྩ་བ་འདིས་བདག་སྡུག་བསྔལ་གྱི་ཕུང་པོ་བཟློག་པའི་ཕྱིར་སེམས་ཅན་ཐཾས་ཅད ་ཀྱི་གནས་སུ་གྱུར་ཅིག་།ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བའི་ཕྱིར་སེམས་ཅན་ཐམས་ཀྱི་སྐྱོབ་པར་གྱུར་ཅིག་འཇིགས་པ་ཐམས་ཅད་ལས་བསྲུང་བའི་ཕྱིར་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཅིག་།ས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར ་སེམས་ཅན་ཐཾས་ཅད་ཀྱི་རྟེན་དུ་གྱུར་ཅིག་།ཤིན་ཏུ་གྲུབ་པ་དང་བདེ་བ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་ཅིག་།རབ་རེབ་མེད་པའི་ཡེ་ཤེས་ཀུན་ཏུ་བསྟན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྣང་བར་གྱུར་ཅིག་།མ་རིག་པའི་མུན ་པ་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྒྲོན་མེར་གྱུར་ཅིག་།ཤིན་ཏུ་རྣམ་པར་དག་པ་ལ་རབ་ཏུ་དགོང་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་གསལ་པར་བྱེད་པར་གྱུར་ཅིག་།ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་གཟུང་བའི་ཕྱིར་སེམས་ཅན་ཐཾས་ཅད་ཀྱི ་འདྲེན་པར་གྱུར་ཅིག་།སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་ཉེ་བར་བསྟན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་འདྲེན་པར་གྱུར་ཅིག་།དེ་བཞིན་དུ་སྦྱར་ཏེ། དེ་ཡང་བསམ་པ་ཐག་པ་ནས་ཡོངས་སུ་བསྔོ་བའི་ཚིག་ཙམ་གྱི་མ་ཡིན་ནོ། །དེ་ཡང་དགའ་བའི་སེམས ་ཀྱིས་ཡོངས་སུ་བསྔོའི། མགུ?་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དང་བའི་སེམས་དང་རབ་ཏུ་དགའ་བའི་སེམས་དང། གཉེན་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །བྱམས་པའི་སེམས་དང། མཛུལ་བའི་སེམས་དང། ཕན་དགས་པའི་སེམས་དང། ཕན་པའི་སེམས ་དང། བདེ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །དེ་འདི་ལྟར་ཡོངས་སུ་བསྔོ་སྟེ་།བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་རྣམ་པར་དག་པར་གྱུར་ཅིག་།སྐྱེ་བ་རྣམ་པར་དག་པར་གྱུར་ཅིག་།བསོད་ནམས་ཀྱི་ཆེ་བའི་བདག་ཉིད་ཡོངས་སུ་དག་པར་གྱུར་ཅིག་། ་ཟིལ་གྱིས་མི་གནོད་པར་གྱུར་ཅིག་།ཡོངས་སུ་ཟད་པ་མེད་པར་གྱུར་ཅིག་།ཐུབ་པར་དཀའ་བའི་སེམས་དང་ལྡན་པར་གྱུར་ཅིག་།བརྗེད་པ་མེད་པར་གྱུར་ཅིག་རྟོགས་པ་དང་བློ་གྲོས་དང། ངེས་པ་དང་ལྡན་པར་གྱུར་ཅིག་།བློ་ཚད་མེད་པ་དང་ལྡན་པར་གྱུར་ཅིག་།ལུས་ཀྱི ་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཡོན་ཏན་གྱི་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ་དང་ལྡན་པར་གྱུར་ཅིག་།བདག་གི་དགེ་བའི་རྩ་བ་འདི་ས་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པར་གྱུར་ཅིག་།མཉེས་པར་བྱས་ནས་ཀྱང ་མི་མཉེས་པར་མི་བྱེད་པར་གྱུར་ཅིག་།སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་དད་པ་མི་ཕྱེད་པ་ཐོབ་པར་གྱུར་ཅིག་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལས་ཆོས་བསྟན་པ་ཉན་པར་གྱུར་ཅིག་།མཉན་ནས་ཀྱང ་ཐེ་ཚོམ་ཐམས་ཅད་རྣམ་པར་ལོག་པར་གྱུར་ཅིག་།ཇི་ལྟར་ཐོས་པ་བཞིན་འཛིན་པར་གྱུར་ཅིག་།གཟུང་ནས་ཀྱང་སྒྲུབ་པ་རྫོགས་པར་བྱེད་པར་གྱུར་ཅིག་།དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་སྟེན་པར་བྱེད་པར་གྱུར་ཅིག་།སེམས་ལས་སུ་རུང་བ་ཡང་ཐོབ་པར ་གྱུར་ཅིག་།ཁ་ན་མ་ཐོ་བ་མེད་པའི་ལས་རྣམས་ཡང་དག་པར་སྒྲུབ་པར་གྱུར་ཅིག་།བདག་ཉིད་དགེ་བའི་རྩེ་བ་ཆེན་པོ་རྣམས་ལ་འཇོག་པར་གྱུར་ཅིག་།ཤིན་ཏུ་དབུལ་བ་ཐམས་ཅད་རྣམ་པར་བཟློག་པར་གྱུར་ཅིག་།ནོར་བདུན་རྙེད་པ་ཡོངས་སུ་རྫོགས་པར་གྱུར་ཅིག་།སངས་རྒྱས ་ཐམས་ཅད་ཀྱི་རྗེས་སུ་སློབ་པར་གྱུར་ཅིག་།དགེ་བའི་དབང་པོ་ཐོབ་པ་རྟགས་པར་གྱུར་ཅིག་།རྒྱ་ཆེན་པོ་ལ་མོས་པ་མཉམ་པ་ཉིད་ཨཡོངས་སུ་སྒྲུབ་པར་གྱུར་ཅིག་།ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་སྐབས་ཐོབ་པར་གྱུར་ཅིག་།འགྲོ་བ་ཐམས་ཅད་ལ་ཐོགས་པ་མེད་པའི ་མིག་སྐྱེད་པར་གྱུར་ཅིག་།མཚན་གྱིས་རྒྱན་པའི་ལུས་རྫོགས་པ་ཡོངས་སུ་ཐོབ་པར་གྱུར་ཅིག། ཡོན་ཏན་ཐམས་ཅད་ཀྱི་རྒྱན་དང་ལྡན་པའི་དག་ཡོངས་སུ་དག་པ་ཡོངས་སུ་འཛིན་པར་གྱུར་ཅིག། དབང་པོ་བསྡམས་པ་དང། སྟོབས་བཅུ་དང་ལྡན་པའི་སེམས ་དགེ་བ་ཡང་དག་པ་སྒྲུབ་པར་གྱུར་ཅིག། མི་བརྟེན་པར་གནས་པ་ཡོངས་སུ་རྫོགས་པར་གྱུར་ཅིག་།སངས་རྒྱས་ཐམས་ཅད་བདེ་བའི་ཡོ་བྱད་གང་དང་ལྡན་པའི་བདེ་བའི་ཡོ་བྱད་དེ་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར་ཅིག་ཅེས་བསྟན་པ་དང། དེ་བཞིན་དུ་ཡོངས་སུ་བསྔོ་བ་དྲུག ་པ་ལས་གསུངས་པའི་ཚུལ་གྱིས་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཆགས་པ་མེད་པར་ཞུགས་པའི་སེམས་དང་ལྡན་ཞིང་ཡེ་ཤེས་ཀྱི་ཟས་ཅན་དུ་གྱུར་ཅིག་།ཟས་ལ་ཞེན་པ་མེད་ཅིང་ཟས་ཡོངས་སུ་ཤེས་པ་དང་ལྡན་པ་དང། དགའ་བ་ཟ་ཞིང་ཟང་ཟིང་མེད་པའི་སེམས ་དང་ལྡན་པ་ནས། འདོད་པ་ལ་སྲེད་པ་རབ་ཏུ་ལྡོག་པའི་བར་དུ་གྱུར་ཅིག་།སེམས་ཅན་ཐམས་ཅད་ཆོས་ཀྱི་ཁུ་ཤུགས་དང་ལྡན་པའི་སྦྲིན་ལས་ཆང?་འབེབས་པ་དང། ཆོས་ཀྱི་དགའ་བ་བླ་ན་མེད་པས་སེམས་ཀྱི་རྒྱུད་ཚིམ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་རོ་བྲོ་བ་ཐམས་ཅད་ལ ་ཆགས་པ་མེད་ཅིང་རོལ་མཚོན་མར་མི་འཛིན་བར་གྱུར་ཅིག་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་འཇུག་པ་དང། ཐེག་པ་མ་ཉཾས་པ་དང་ལྡན་པ་དང། ཐེག་པ་མཆོག་དང་ལྡན་པ་དང་།ཐེག་པ་དམ་པ་དང་ལྡན་པ་དང། ཐེག་པ་མྱུར་བ་དང་ལྡན་པ་དང། ཐེག་པ ་སྟོབས་ཅན་དང་ལྡན་པར་གྱུར་ཅིག་།སངས་རྒྱས་ལ་དགའ་བ་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་མཐོང་ན་ངོམས་མི་ཤེས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱིས་ཐོས་ན་ཡིད་གཉིས་ཐམས་ཅད་ལྡོག་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན ་མཐོང་ཞིང་སེམས་ཀྱི་རྒྱུད་ལ་གནོད་པ་མེད་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ལ་དུག་སེལ་བའི་སྨན་གྱི་རྒྱལ་པོ་ལྟ་བུ་སྣང་ཞིང་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དུག་ཟློག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་སེལ་བའི་ཕྱིར། ་སེམས་ཅན་ཐམས་ཅད་ཀྱི་ཉི་མའི་དཀྱིལ་འཁོར་ཤར་བ་ལྟ་བུར་མཐོང་པར་གྱུར་ཅིག་།ཅེས་བདག་དེ་ལྟར་བདག་ཉིད་ངེས་པར་བརྟགས་ནས་རང་གི་བསམ་པ་དང་མཐུན་པར་བརྗོད་པར་བྱའོ། །སེམས་ཅན་ཐམས་ཅད་མངོན་པར་མཛེས་པ་མཐོང་བར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད ་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པ་དང། མི་ཆོད་པའི་ཚུལ་ཁྲིམས་དང། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚུལ་ཁྲིམས་ཅན་དུ་གྱུར་ཅིག། སེམས་ཅན་ཐམས་ཅད་གཏོང་པ་ཐམས་ཅད་ཡོངས་སུ་གཏོང་བ་ཅན་དུ་གྱུར་ཏེ་སྦྱིན་པས་བསྒོས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད ་མི་འཁྲུགས་པའི་སེམས་རྙེད་ཅིང་བཟོད་པས་བསྒོས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཆེན་པོའི་གོ་བགོས་ཤིང་བརྩོན་འགྲུས་ཀྱི་བསྒོས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ད་ལྟར་བྱུང་བའི་སངས་རྒྱས་དང་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་ཅིང ་བསམ་གཏན་གྱིས་བསྒོས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཨི་ཡོངས་སུ་བསྔོ་བས་བསྒོས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་དཀར་པོའི་ཆོས་ཐམས་ཅད་ཀྱིས་བསྒོས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཡེ་ཤེས་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་མི ་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་ལྷའི་མལ་ཆ་ཐོབ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་སོ་སོའི་སྐྱེ་བོ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒོ་པའི་ཕྱིར་འཕགས་པའི་མལ་ཆ་ཐོབ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་འཁོར་བར་གཏོགས་པའི་སྡུག་བསྔལ་ཐམས ་ཅད་ཡོངས་སུ་སྤང་བའི་ཕྱིར་བདེ་བའི་མལ་ཆ་ཐོབ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཆོས་ལ་རེག་པ་དང་ལྡན་ཞིང་ཉམས་བདེ་བའི་མལ་ཆ་ཐོབ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཡོན་ཏན་གྱི་གནས་དང་ལེགས་པར་ལྡན་ཞིང་གནས་ཀྱི་གནས་ལས་བསྐྱོད་དེ་སངས་རྒྱས ་ཀྱི་གནས་བླ་ན་མེད་པ་དང་མི་འབྲལ་ཞིང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་གནས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སངས་རྒྱས་ལ་ཉེ་བར་བརྟེན་ཅིང་གནས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་མཛའ་ཡས་པ་ཐོབ་པར་གྱུར ་ཅིག། སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་གཅིག་ཏུ་རྒྱས་པར་འགེངས་ཤིང་ཐོགས་པ་མེད་པའི་སྣང་བ་ཅན་དུ་གྱུར་ཅིག། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཐོབ་ཅིང་ལུས་ལ་ནང་མེད་པར་གྱུར་ཅིག། སེམS ་ཅན་ཐམས་ཅད་རྣམ་པར་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཅིང་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག་།སེམས་ཅན་ཐམས་ཅད་འགྲོ་བ་གསོ་བ་ལ་ཞུགས་ཤིང་ཐོགས་པ་མེད་པའི་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག་སེམས་ཅན་ཐམས་ཅད་མཁྱེན་པའི་ནད་མེད་པ་ཐོབ ་ཅིང་ནད་དང་ཟུག་རྔུ་འགགས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་སྨན་སྦྱོར་བྱེད་པར་གྱུར་ཅིག། འགྲོ་བ་ཐམས་ཅད་ཀྱི་སྨན་ལ་མཁས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་ནང་ཐམས་ཅད་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས ་ཅན་ཐམས་ཅད་མཐུ་དང་སྟོབས་ཡོངས་སུ་མི་ཟད་པའི་ལུས་དང་ལྡན་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐཾས་ཅད་འཁོར་ཡུག་གི་རི་ལྟར་ཇི་བ་མེད་པའི་ལུས་ཀྱི་སྟོབས་དང་ལྡན་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྟོབས་ཐམས་ཅད་ཀྱིས་བརྟན་པ་ལ་ཆོག ་མི་ཤེས་པར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་སྣོད་ཚད་མེད་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ནམ་མཁའ་ཨི་ཁམས་ལྟར་རྒྱ་ཆེ་བ་དང། དྲན་བའི་དབང་པོ་དང་ལྡན་པ་དང། འཇིག་རྟེན་པ་དང་འཇིག་རྟེན་ལS་འདS་པའི་ཚིག་ཐཾས་ཅད་བཟུང་ཞིང་བླང་བ་ལ་དྲན་པ་རྨོངས་པ་མེད ་པར་གྱུར་ཅིག་སེམས་ཅན་ཐམས་ཅད་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱུར་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་དང་པ་མི་ཕྱེད་པ་མཆོག་འཛིན་ཅིང་དགེ་བ་རྣམ་པར་དག་པའི་སྣོད་དུ་གྱུར་ཅིག། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱིས་ཀུན་ཏུ་འགྲོ་བ་འཐོབ་ཅིང་དགའ་དགུར་འགྲོ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སེམས་ཅན་ཀུན་ལ་ཁོང་ཁྲོ་བ་མེད་པ་དང་ལྡན་པའི་སེམས་སུ་གྱུར་ཅིག་།སེམས་ཅན་ཐམས་ཅད་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པར་འགྲོ་ཞིང་སེམས་ཀྱི ་སྐད་ཅིག་གཅིག་ལ་ཆོས་ཀྱི་དབྱིངས་ཐམས་ཅད་ནོན་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་ངལ་བ་མེད་པའི་ཡིད་ཀྱིས་ལུས་ཐོབ་ཅིང་ངལ་པ་དང་དུབ་པ་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་རྗེས་སུ་ཚོལ་ཞིང་བདེ་བར་འགྲོ་བ་ལ་འཇུག་པར་གྱུར་ཅིག། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བྱས་པ་གཟོ་བ་དང་བྱས་པ་རྗེས་སུ་སྐྱོང་བས་དགེ་བའི་བཤེས་གཉེན་མི་གཏོང་པའི་སེམས་མི་འདོར་བར ་གྱུར་ཅིག་།སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་མཐུན་པར་འཛིན་པས་དགེ་བའི་བཤེས་གཉེན་རྣམས་དང་དོན་གཅིག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་དགེ་པའི་བཤེས་གཉེན་ལ་བརྟེན་པ་ཕུན་སུམ་ཚོགས་པར་ལ་གནས་པའི་རྗེས་སུ་འཇུག ་པའི་དགེ་བའི་བསམ་བ་ཅན་དུ་གྱུར་ཅིག་།སེམས་ཅན་ཐམས་ཅད་སྨོན་ལམ་གཅིག་ཏུ་གྱུར་ཏེ་དགེ་བཱི་རྩ་བཤེས་གཉེན་གྱི་དགེ་བཱི་རྩ་བཱི་ལS་ཀྱི་རྣམ་པར་སྨིན་པ་རྣམ་པར་དག་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་གཞོལ་ཞིང་ཡང་དག ་པར་བཞུགས་ནས་ཐོགས་པ་མེད་པར་ཐམས་ཅད་མཁྱེན་པའི་མཐར་འགྲོ་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཤིན་ཏུ་ཁེབས་ཤིང་སངས་རྒྱས་ཐམས་ཅད་ཀྱི་མངོན་དུ་བསྲུང་བ་དང་ཡོངས་སུ་སྤ་བ་ཐོབ་པར་གྱུར་ཅིག། སེམས་ཅན ་ཐམས་ཅད་ཡོན་ཏན་དང་ཡེ་ཤེས་ཀྱི་མངོན་པར་ཁེབས་ཤིང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལས་ལྡོག་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ལེགས་པར་བྱས་པ་རྣམ་པར་མ་འཁྲུགས་ཤིང་དཀར་པོའི་ཆོས་ཅན་དུ་གྱུར་ལ ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུན་ཉམས་པ་མེད་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྟོབས་བཅུའི་བླར?་དང་ལྡན་ཞིང་གདུགས་ལྟ་བུར་གྱུར་ཅིག་།སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཁྲི་སྟན་ཤིན་ཏུ་ཐོབ་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་སངས་རྒྱས་རྣམ ་པར་རོལ་པའི་སེངྒེའི་གདན་ཁྲི་ཐོབ་ཅིང་འགྲོ་བ་ཐམས་ཅད་ཀྱིས་བལྟ་པའི་འོས་སུ་གྱུར་ཅིག་ཅེས་གསུངས་པ་ཡིན་ནོ། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང། བདག་གི་དགེ་པའི་རྩ་བ་འམ་ཆོས་ལ་མཁས་པ་གང་ཡིན་པར ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་མི་འགྱུར་བར་མ་གྱུར་ཅིག་ཅེས་གསུངས་སོ། །འདས་བ་དང་མ་འོངས་པའི་དགེ་བ་བཏང་བ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དགེ་བའི་སེམས་དང་སེཾས་པས་བྱུང་བ་རྣཾས་རྗེས་སུ་དྲན་ལ་རྗེས་སུ་དྲན?་ནས ་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལམ་མཁས་པ་འདི་ནི་འདས་པ་ལ་མཁས་པའོ། །གང་མ་འོངས་པའི་དགེ་པའི་རྩ་བ་ངེས་པར་སེམས་ཤིང་བྱང་ཆུབ་ལ་མངོན་དུ་ཕྱོགས་པའི་ལས་ལ་སེམས་པས་བདག་ལ་དགེ་བའི་སེམས་བསྐྱེད་པ་འབྱུང་བ་གང་ཡིན་པ་དེ ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་གསུངས་སོ། །དེ་ལྟར་གོམས་པའི་སེམས་ལས་བྱུང་བས་ཐམས་ཅད་བཏང་བ་ལ་མོས་པ་ཡོངས་སུ་རྫོགས་ནས་གཏོང་བའི་སེམས་ཀྱི་ཤུགས་དང་འབྲེལ་པས་ལུས་ཡོངས་སུ་བཏང ་པས་ཡོངས་སུ་འཛིན་པ་ཐམས་ཅད་བཏང་བ་ནི། ཡོངས་སུ་འཛིན་པའི་རྩ་བ་ལས་བྱུང་པའི་སྲེད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་བས་གྲོལ་བ་ཞེས་བྱའོ། །བར་དུ་ཡང་བསྐལ་པ་གཞལ་དུ་མེད་ཅིང་གྲངས་མེད་དཔག་ཏུ་མེད་པར་འཇིག་རྟེན་པ་དང་འཇིག་རྟེན་གS?་འདS ་པའི་བདེ་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་རྣམ་པ་སྣ་ཚོགས་མཛའ་ཡས་པ་ཡང་མྱོང་བར་འགྱུར་རོ། །རང་གི་ལུས་ལ་སོགས་པའི་མཆིལ་པའི་གཟན་ལྟ་བུར་བདག་ལོང་སྤྱོད་པར་མི་འདོད་པ་ངེས་ཀྱང་གཞན་དག་དྲངས་ནས་སྒྲོལ་ལོ། །དེའི ་ཕྱིར་འཕགས་པ་དཀོན་མཆོག་སྦྲིན་ལས་ཀྱང་སྦྱིན་པ་ནི་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་པོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་ལུས་ལ་སོགས་པ་བཏང ་པ་འདི་དག་ཀྱང་བསྲུང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན་།འདི་ལྟར་སེམས་ཅན་རྣམས་ཀྱིས་ལོངས་སྤྱད་ཕྱིར། །ལུས་ལ་སོགས་པ་སྦྱིན་པར་བྱ། །མ་བསྲུངས་ལོངས་སྤྱོད་ག་ལས་འོངས། །གང་མི་སྤྱོད་པས་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་ལོངས་སྤྱད་ཕྱིར། །ལུས་ལ་སོགས ་བ་བསྲུང་བར་བྱ། །བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་པ་ལས། ཤཱ་རིའི་བུ་གཞན་བསྲུང་ངོ་སྙམ་ན་བདག་བསྲུངས་བར་བྱའོ་ཞེས་བྱ་བ་ནས་དེ་བཞིན་དུ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕན་པ་འདོད་པ་དང་ལྡན་པས་སྲོག་གི་ཕྱིར་ཡང་སྡིག ་པའི་ལས་མི་བྱེད་དོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཁྱིམ་བདག་དཔལ་བྱིན་གྱིས་ནུས?་པའི་མདོ་ལས་ཀྱང། ཁུར་གྱི་དོན་དུ་ཤིང་རྟ་ལྟར་ཆོས་ཀྱི་བློ་འབའ་ཞིག་གིས་གཟུང་བར་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ། འཕགས་པ་བློ་གྲོས་མི་ཟད་པའི་བསྟན་པའི་མདོ་ལS ་ཀྱང། སེམས་ཅན་ལ་བལྟ་བས་ལུས་ཀྱི་སྡུག་བསྔལ་གྱི་ཡོངས་སུ་མི་སྐྱོའོ་ཞེས་གསུངས་སོ། །ལུས་ལ་སོགས་པ་དེ་ཇི་ལྟར་བརྐྱང་ཞེ་ན། དགེ་པའི་བཤེས་གཉེན་མི་བཏང་ཞིང། སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་དཔལ་འབྱུང་གིས་ཇི་སྐད་བསྟན་པ་ལྟ་བུ་སྟེ། ་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ། །དགེ་བའི་བཤེས་གཉེན་གྱི་བསམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས ་གཉེན་གྱི་བརྐྱང་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས ་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་བར་དཀའ་བ་ཡིན་ནོ། །དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །བག་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །འཁོར་བའི་གྲོང ་ཁྱེར་ནས་འདོན་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆྡ་པས་དགེ་བའི་བཤེས་གཉེན་རྣམས་ཀྱིས་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱེ་བའི་ཕྱིར་ས་ལྟ་བུའི་སེམས་དང། མི་ཕྱེད་པའི ་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ?་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང། ལས་ཐམས་ཅད་ཉམས་སུ་བླང་པ་ལ་མི་སྨོད་བས་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤང་བས་ཕྱག་དར་བ་ལྟ་བུའི ་སེམས་དང། ཁུར་ལྕི་བ་བཀུར་པས་ཐེག་པ་ལྟ་བུའི་སེམས་དང། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང། འགྲོ་ཞིང་འོང་བས་ཡོངས་སུ་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་འཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་རང་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང། ནན་ཏན་ཉམས་སུ་བླངས་པ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི ་བུ་ཁྱོད་ཀྱིས་རང་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་པའི་བཤེས་གཉེན་ལ་ནི་དཔའ་པོའི་འདུ་ཤེས་དང། རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་དེ་ཉིད་ལས་དགེ་བསྙེན་མ་མི་གཡོ་མའི ་རྣམ་པར་ཐར་པ་ལས་ཀྱང། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང། མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ་ཞེས་གསུངས ་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ནོར་བཟང་གིས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་རྐང་པ་གཉིས་ལ་མགོ་པོས་ཕྱག་འཚལ་ཏེ། ལན་བརྒྱ་སྟོང་དུ་མས་བསྐོར་པ་བྱས་ནས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་ལ་བཏུད་དེ་ཕྱག་འཚལ་ནས། ཡང་དང་ཡང་བལྟ་ཞིང་ཡང་དང་ཡང་མངོན ་པར་བལྟ་བ་དང། ཕྱག་བྱ་བ་དང། རབ་ཏུ་འདུད་པ་དང། གུས་པར་བྱ་བ་དང། རིམ་གྲོར་བྱ་བ་དང། ཡིད་ལ་བྱ་བ་དང། བསམ་པ་དང། བསྒོམ་པ་དང། ཡོངས་སུ་བསྒོམ་པ་དང། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དང། ངོ་མཚར་དུ་བྱ་བ་དང། ཡོན་ཏན་མངོན་དུ་བྱ་བ་དང། རྗེས་སུ་བསྔགས ་པ་དང། རྗེས་སུ་འབྲང་བར་བྱ་བ་དང། རྗེས་སུ་དྲན་པར་བྱ་བ་དང། བརྟན་པར་བྱ་བ་དང། མི་བཏང་བ་དང། ཡིད་ལ་བསམ་པ་དང། ཉེ་བར་འབྲེལ་པར་བྱ་བ་དང། སྨོན་ལམ་གྱི་རྗེས་སུ་འཇུག་པར་བྱ་བ་དང། མཐོང་ན་དགའ་བ་དང། དབྱངས་ཀྱིས་མཚན་མར་གཟུང་བ་དང། ་གཟུགས་ཀྱི་རྗེས་སུ་བསམ་པ་དང། མིང་ཡོངས་སུ་གཟུང་བའི་རྗེས་སུ་སོང་བའི་སེམས་དང་ལྡན་པར་བྱ་བ་དང། ཁ་དོག་དང་དབྱིབས་རྗེས་སུ་དྲན་པར་བྱ་བ་དང། ཡེ་ཤེས་ཀྱི་ཡུལ་རྗེས་སུ་བསམ་པ་དང། ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་པར་བྱ་བ་དང། སྨོན་ལམ་གྱི་ཡུལ ་ལ་རྗེས་སུ་འབྲང་བར་བྱ་བ་དང། སྤྱོད་ཡུལ་གྱི་ཡུལ་རྣམ་པར་དཔྱད་པར་བྱ་བ་དང། ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་བཟུང་པར་བྱེད་ཅིང་དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་དྲུང་ནས་སོང་ངོ། །དེ་བཞིན་དུ་དགེ་པའི་བཤེས་གཉེན་ལས་འོངས་པའི་ཐམས་ཅད་མཁྱེན་པ་ཉིད ་ལ་ཡང་དག་པར་བལྟ་ཞིང་གདོང་མཆིམས་གང་བར་དུས་ཏེ། དྲ་བྱི་ལ་སྨིན?་ལ་ལན་བརྒྱ་སྟོང་དུ་མར་བསྐོར་པ་བྱས་ནས་ཡང་དང་ཡང་བལྟས་ཏེ་ཕྱག་འཚལ་ཞིང་དྲ?་བྱི་ལ་སྤྲིན་གྱི་དྲུང་ནས་སོང་ངོ། །བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་པ་ལས་ཀྱང། ཤཱ་རིའི་བུ་འདི ་ལ་བྱང་ཆུབ་སེམས་དཔའ་ནི་མཁན་པོ་དང་སློབ་དཔོན་ལ་གུས་པས་གང་ཡོངས་སུ་མ་གཏོང་བའི་རིན་པོ་ཆེད་དེ་འཇིག་རྟེན་ན་མེད་དོ། །གང་ལུས་ཀྱི་རིམ་གྲོ་མི་བྱ་པ་དེ་མེད་དོ། །གང་རྐང་པས་གཏང་པ་ལ་མི་སྤྲོ་བ་དེ་མེད་དོ། །གང་དག་གི་ལས་ལ་མི་སྤྲོ་བ་དེ་མེད་དོ། །དེ་བཞིན་དུ་ ་སྦྱར་ཏེ་།དེ་ཅིའི་ཕྱིར་ཞེ་ན་།ཆོས་འདི་ནི་འཆིང་བ་ཐམས་ཅད་གཅད་པར་འགྱུར་བའོ། །ཆོས་འདི་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་གཅོད་པར་འགྱུར་བའོ།། ་སྙམ་ནས་རིན་པོ་ཆེའ་སེམས་བསྐྱེད་དེ་།ཆོས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱེད་པར་འགྱུར་བས་བདག་གི་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱེད་པའི་ཆོས་འདི་ལྟ་བུ་འདོད་པར་བྱའོ་སྙམ་མོ་ཞེས་གསུངས་སོ། །ཁྱིམ ་བདག་དྲག་ཤུལ་ཅན་གྱི་ཞུས་པ་ལས་ཀྱང། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་ཀློག་པ་དང་ཁ་ཏོན་བྱ་བ་དོན་དུ་གཉེར་བས་སྦྱིན་པ་དང། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ལྡན་པ་འམ ་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་ཚོགས་སོགས་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་བཅད་པ་སུ་ལས་མཉན་ཏམ་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེས་ཆོས་ཀྱི་གུས་པ་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱི་ཚིགས་སུ་བཅད་པ?་བསྟན་པ་དེ་སྟེང ་ཀྱི་བསྐལ་བར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པར་རྙེད་པ་དང་བཀུར་སྟེ་དང་མཆད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཀྱང་ཁྱིམ་བདག་ད་དུང་སློབ་དཔོན་ལ་སློབ་དཔོན་གྱི་གུས་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་ན་ཆོས་ཀྱི་གུས་པ་ལྟ་ཅི་སྨོས ་ཤེས་གསུངས་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོད་པ་ལས་ཀྱང། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ་བསྐྱེད་པར་བྱའོ། །ཕངས་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་དེ་ལྟ་བུའི ་རང་བཞིན་གྱི་ཡོན་ཏན་དག་དང་བླ་མ་ལ་གུས་པ་ཡིད་ལ་བྱེད་པ་དག་དང་ལྡན་པས་སོང་བས་མཐར་གྱིས་གྲོང་ཁྱེར་གཞན་ཞིག་ཏུ་ཕྱིན་པ་དང། དེའི་གྲོང་བར་གྱི་ཚོང་འདུས་ཀྱི་དབུས་སུ་ཕྱིན་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གི་ལུས་བཙོངས་ལ། ་དེའི་རིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་པ་ལ་བཀུར་སྟི་བྱའོ། །ཡུན་རིང་པོ་ནས་བདག་གི་ལུས་སྟོང་ཞིག་ཅིང་ཟད་དེ་བཙོངས་སོ། །འཁོར་བ་དཔག་ཏུ་མེད་པ་ན་འདོད་པའི་ཕྱིར་འདོད་པའི་རྒྱུས་ཡང་དང་ཡང་སེམས་ཅན་དམྱལ་བའི་སྡུག ་བསྔལ་དཔག་ཏུ་མེད་པ་དག་མྱོང་ཡང་འདི་ལྟ་བུའི་ཆོས་ཀྱི་ཕྱིར་རམ་འདི་ལྟ་བུའི་སེམས་ཅན་ཆེན་པོ་ལ་བཀུར་སྟི་བྱ་བའི་ཕྱིར་མ་ཡིན་ནོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་གྲོང་བར་གྱི་ཆོང་འདུས་ཀྱི་དབུས་སུ་འདུག་སྟེ་།མི་སུ་འདོད ་མི་སུ་འདོད་ཅེས་སྒྲ་བསྒྲགས་ཤིང་སྐད་ཀྱིས་ཐོས་པར་པོས་སོ། །དེ་བཞིན་དུ་སྦྱར་ཏེ་།དེ་ནས་བདུད་སྡིག་ཅན་གྱིས་ཅི་ནས་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་མི་སུ་འདོད་སུང་ཉོ་བར་འདོད་ཅེས་ཟེར་བའི ་སྒྲ་མི་ཐོས་པར་འགྱུར་བ་དེ་ལྟ་བུར་ཡོངས་སུ་བསྒྲིབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་གང་གི་ཚེ་བདག་ཉོ་བ་མ་རྙེད་པ་དེའི་ཚེ་ཕྱོགས་གཅིག་ཏུ་སོང་ནས་མཆི་མ་ཕྱུང་སྟེ་འདི་ལྟར་བདག་གིས་ལུས་བཙོངས་ལ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན། ལུས་ཉོ་བ་ཡང་བདག་གིས་མ་རྙེད་དེ། ཀྱེ་མ་བདག་ནི་ཐོབ་པ་ངན་པ་ཐོབ་བོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་།འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྟག་ཏུ་དུ་འདི་ལྟ་སྟེ་ཆོས་འདོད་པའི་ཕྱིར་བདག་གི་ལུས་ཡོངས་སུ་བཏང་པར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནམ་མ་ཡིན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་ལ་བདག་གིས་སང་པར་བྱའོ་སྙམ་སྟེ། ལྷའི་དབང་པོ་བརྒྱ་བྱིན ་བྲམ་ཟེའི་ཁྱེའུའི་ཆ་བྱང་དུ་མངོན་བར་སྤྲུལ་ནས་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུག་ལ་བ་དེར་སོད་སྟེ་འོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་ཡིད་མི་དགའ་ཞིང ་ཡིད་གདུང་ལ་མཆི་མ་འགྱུར་བ་ཅི་ཏེ?། དེས་སྨྲས་པ། བྲམ་ཟེའི་ཁྱེའུ་དེ་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་བཙོངས་ཏེ་།ཆོས་ལ་མཆོད་པར་བྱ་བར་འདོད་ན་།ལུས་ཉོ་བ་དེ་དེས་མ་རྙེད་ནས་དེ་ལ་ང་འདི་སྙམ་སེམས་སོ། །ཀྱེ་མང་ནི ་བསོད་ནམས་ཆུང་བས་འདི་ལྟར་ལུས་བཙོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱ་བ་དང། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡང་བཀུར་སྟི་བྱ་སྙམ་ན་བདག་གི་ལུས་ཉོ་བ་མ་རྙེད་དོ་སྙམ་མོ།། ་དེ་ནས་བྲམ་ཟེའི་ཁྱེའུ་ངེས་བྱང་ཆུབ་སེཾས་དཔའ་སེཾས་དཔའ་ཆེན་པོ་རྟག་ཏུ་དུ་ལ་འདི་སྐད་ཅེས་སྨྲས་སོ། རིགས་ཀྱི་བུ་ངལ་མིས་ནི་བྱ་བ་མེད་ཀྱི། ང་མཆོད་སྦྱིན་ཞིག་བྱེད་དེ་དེར་མིའི་སྙིང་དང་ཁྲག་དང་རུས་པ་དང་རྐང་དག་ང་ལ་དགོས་ན་དེ་རིན་གྱིས་ཉོར་བྱིན་ཅིག ་ཅེག་བྱས་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་འདི་སྙམ་དུ་སེམས་ཏེ། གང་བདག་གི་བྲམ་ཟེའི་ཁྱེའུ་ངེས། སྙིང་དང་ཁྲག་དང་རུས་པ་དང་རྐང་ཉོ་བ་རྙེད་པ་འདི་ནི་བདག་གི་རྙེད་པའི་མཆོག་ལེགས་པར་རྙེད་དོ། །བདག་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་ནས། དེས་སེམས་དགའ་བ་དང་སེམས་བདེ་པ་དང་རབ་ཏུ་དགའ་བར་གྱུར་ནས། བྲམ་ཟའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ངའི་ལུས་འདི་ལས་ཁྱོད་གང་འདོད ་བ་སྦྱིན་ནོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་རིན་དུ་ཅི་འདོད་པ་སྦྱིན་ནོ་ཞེས་སྨྲས་པ་དང། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟའི་ཁྱེའུ་ཁྱོད་ཀྱིས་གང་ཡོངས་སུ་བཏང་བ་དེ་ང་ལ་བྱིན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་རྟག་ཏུ་དུས་མཚོན་རྣོན་པོ་ཐོགས་ནས། ལག་པ་གཡས་པ་ཕུག་སྟེ་ཁྲག་གཟགས་སོ། །བརླ་གཡས་པ་ཤ་མེད་པར་གཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་ངོ། །དེ་ནས་ཚོང་དཔོན་གྱི་བུ་མོ་ཞིག་ཁང་བའི་ཡང་ཐོག་ན་འདུག་པ་ངེས། བྱང་ཆུབ ་སེམས་དཔའ་སེཾས་དཔའ་ཆེན་པོ་རྟག་ཏུ་དུ་བརླ་ཤ་མེད་པར་གཏོགས་ནས། རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདི་ཅིའི་ཕྱིར་བདག་ཉིད་ལ་བདག་ཉིད་འདི་ལྟ་བུའི་ན་ཚ་བྱེད་པ་བདག་རིགས་ཀྱི་བུ་དེའི་དྲུང་དུ་སོང ་སྟེ་དྲིའོ་སྙམ་ནས་ཚོང་དཔོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་ཁྱོད་བདག་ཉིད་ལ་འདི་ལྟ་བུའི ་ན་ཚ་དག་བྱེད། ཁྲག་དང་རུས་པ་དང་རྐང་འདིས་ཅི་ཞིག་བྱ་།རྟག་ཏུ་དུས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུའི?་འདི་ལ་བརྩོངས་རྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱའོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་ཆོས་འཕགས ་ལ་ཡང་བཀུར་སྟི་བྱའོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་བདག་གི་སྙིང་དང་ཁྲག་དང་རུས་པ་དང་རྐང་ཡང་བཙོངས་ཏེ་རིགས་ཀྱི་བུ་དེ་ལ་བཀུར་སྟི་བྱ་བར་འདོད་པ། ་ཁྱོད་ལ་ཡོན་ཏན་གྱི་རྣམ་པ་ཅི་ཞིག་འགྲུབ་པར་འགྱུར་།དེས་དེ་ལ་སྨྲས་པ་བུ་མོ་རིགས་ཀྱི་བུ་དེ་གོང་ལ་ངེས་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དག་སྟོན་པར་འགྱུར་ཏེ། དེ་ལ་དས་བསླབས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཚོང་དཔོན་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ལ་འདི་སྐོང་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་འདི་ལྟར་ཆོས་རྒྱ་ཆེན་པོ་འདི་དག ་ཡོངས་སུ་བརྗེད་པ་ནི་ངོ་མཚར་ཏེ། རིགས་ཀྱི་བུ་ཆོས་འདི་ལྟ་བུ་རེ་རེའི་ཕྱིར་ཡང་བསྐལ་བ་གངྒཱའི་གླུ་?གི་ཕྱེ་མ་རྙེད་དུ་ལུས་ཡོངས་སུ་བཏང་བར་བྱ་བ་ཡིན་ན་།གཅིག་ལྟ་ཅི་སྨོས་ཏེ་།དེ་ཙམ་དུ་ཁྱོད་ཀྱིས་ཆོས་འདི་དག་རྒྱ་ཆེར་ཡོངས་སུ་བརྗོད་ན་རིགས་ཀྱི་བུ་ཁྱོད ་གང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་བའི་གསེར་རམ་ནོར་བུ་འམ་མུ་ཏིག་གམ་བཻཌཱུརྱ་འམ་ཞེས་བྱ་བ་ནས། བདག་ཀྱང་ཁྱེད་ཀྱི་སྩལ་པའི་གཡོག་མོ་ལྔ་བརྒྱ་འདི་དག་དང་ལྷན་ཅིག་ཏུ་ཆོས ་འཕགས་ལ་མཆོད་པ་བགྱི་བའི་སྐད་དུ་མཆིའོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྦྱར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བསྟན་ལས་ལངས་ཏེ། བདག་གི་ཁྱིམ་དུ་ཞུགས་པ་དང་ཞེས་བྱ་བ་ནས། ལོ་བདུན་གྱི་བར་དུ་ཏིང་ངེ ་འཛིན་གཅིག་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བའི་བར་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་ཡང་ལོ་བདུན་གྱི་བར་དུ་འདོད་པའི་རྟོག་པ་མ་བྱུང་གནོད་སེམས་ཀྱི་རྟོག་པ་མ་བྱུང། རྣཾ་པར་འཚེ་བའི་རྟོག་པ་མ་བྱུང། རོལ་བསྒི?་བ་མ་སྐྱེས་ཏེ། གཞན་དུ་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ནམ་ལྡང་བར་འགྱུར། བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཆོས་ཀྱི་ཁྲི་གང་པ་རིགས་ཀྱི་བུ་དེ་འདུན་ནས་ཆོས་སྟོན་པར་འགྱུར་བའི་ཆོས་ཀྱི་ཁྲི ་བཤམས་ན། བདག་གིས་ཕྱོགས་འདི་ཆག་ཆག་མ་བཏབ་ཀྱི་ལེགས་པར་བྱུགས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ། ས་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་རབ ་ཏུ་སྟོན་པར་འགྱུར་བ་དེ་ལེགས་པར་བྱུག་པར་བྱའོ་སྙམ་མོ། །ཚོད་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ངང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཨི?་ཆེན་པོ་རྟག་ཏུ་དུའི་རྗེས་སུ་སློབ་ཅིང་སྤྱོད་ལམ་གཉིས་ཀྱི་དུས་འདྲའ་བར་བྱེད་དེ་བྱ་བ་ཐམས་ཅད ་ཀྱང་དེའི་རྗེས་སུ་འཇུག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་རྟག་ཏུ་དུས་ལྟའི་སྒྲ་ཆོས་ཏེ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཞག་བདུན་ན་ཏིང་ངེ་འཛིན་ལས་ལྡང་སྟེ་།ལངས་ནས་ཀྱང་གྲོང་ཁྱེར་གྱི་དབུས་སུ? ་འདུག་སྟེ་ཆོས་སྟོན་པར་འགྱུར་རོ་ཞེས་གྲགས་ནས་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་ལྷའི་སྒྲ་དེ་ཐོས་པ་དང། དགའ་མགུ་ཡི་རངས་རབ་ཏུ་མགུ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཆོང?་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ ་བརྒྱ་དང། ས་ཕྱོགས་དེ་ཕྱགས་ནས། ཆོས་ཀྱི་ཁྲི་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་བཤམས་སོ། །དེ་ནས་བུ་མོ་དེ་དག་གིས་རང་རང་གི་བླ་གོས་ཕུང་དེ་།སྟན་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདུག་ནས་ཆོས་སྟོན་པར་འགྱུར་བ་དེར ་བཏིང་ངོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་ས་ཕྱོགས་དེར་ཆག་ཆག་གདབ་པར་འདོད་ན། བདུད་སྡིག་ཅན་གྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་ནས། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་ཆུ་མ་རྙེད་ནས་ཡིད ་མི་དགའ་ཞིང་སེམས་སྡུག་བསྔལ་ཏེ་སེམས་གཞན་དུ་འགྱུར་བ་དང། དགེ་བའི་རྩ་བ་ནུབ་པར་འགྱུར་བ་དང། མཆོད་པ་དེ་ཡང་མི་མཛེས་པར་བྱ་བའི་ཕྱིར་ཆུ་དེ་དག་མི་སྣང་པར་བྱས་ནས། ཀུན་ཏུ་ཆུ་བཙལ་ན་མ་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་རྟག་ཏུ་དུ་འདི་སྙམ་དུ་སེམས་ཏེ། བདག་གིས་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདི་ཆག་ཆག་གདབ་པོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་འདི་ནི་རྡུལ་ཆེ་སྟེ། རྡུལ་གྱི་ཁམས་བ་འདི་ནས་བྱུང་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ལུས ་ལ་ཕོག་ན་མི་རུང་སྟེ། བདག་གི་ལུས་གདོན་མི་ཟ་བར་འཇིག་པ་འདིས་ཅི་ཞིག་བྱ་བ་དག་གིས་ལུས་འདི་ལྟ་བུའི་བྱ་བ་ལ་ཞིག་པ་ནི་བླའི། ནུས་པ་མེད་པའི་བྱ་བ་ལ་འདོད་པའི་ཕྱིར་འདོད་པའི་བཞིས་འཁོར་བདག་ན་བདག་གི་ལུས་བརྒྱ་སྟོང་མང་པོ་ད་ལྟ་བུའི་གནས་སུ་ཞིག་པ་ནི ་ཅིར་ཡང་མི་རུང་ངོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་མཚོན་རྣོན་པོ་བླངས་ཏེ། བདག་གིས་ལུས་ཀུན་ཏུ་ཕུག་ནས་རང་གི་ཁྲག་གིས་ས་ཕྱོགས་དེ་ཁོར་ཡུག་ཏུ་ཆག་ཆག་བཏབ་པོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ ་དུའི་རྗེས་སུ་སློབ་པ་ཚོང་དབོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་མཚོན་རྣོན་པོ་བླངས་ཏེ། རང་རང་གི་ལུས་ཕུག་ནས་རང་རང་གི་ཁྲག་གིS་ས་ཕྱོགས་དེ་ཆག་ཆག་བཏབ་སྟེ། གང་དེ་དག་ལ་བདུད་སྡིག་ཅན་གྱིས་དགེ་བའི་ཕྱོགས་ཀྱི ་བར་ཆད་བྱ་བར་བླངས་རྙེད་པར་མི་འགྱུར་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བུ་དང་བུ་མོ་དེ་དག་སེམས་གཞན་དུ་འགྱུར་བ་མེད་དོ་ཞེས་གསུངས་སོ། །དེ་བས་ན་ཆོས་བཞི་པའི་མདོ་ལས་ཀྱང། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོས་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངས་སུ་བཏང་བར་མི་བྱ་བ་དང་ཞེས་གསུངས་སོ། །ད་ལྟར་དགེ་བའི་བཤེས་གཉེན་མི་བཏང་པས་བདག་ལ་སོགས་པ་བསྲུང་པ་ལ་སོགས་པ་བྱའོ། །མདོ་སྡེ་དག་ལ་རྟག་བལྟ་བས་ཀྱང་སྟེ། བྱང་ཆུབ་སེམས་དཔའ་ཨི ་བསླབ་པའི་བཞི་རྣམས་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ་།མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའ་ཨི་ཀུན་ཏུ་སྤྱད་པ་དང་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་རྣམས་བཅས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་མ་ལྟས་ན་ལྟུང་བས་འབྱུང ་ཡང་མི་ཤེས་པས་མི་སྤོང་བར་འགྱུར་བས་རྟག་ཏུ་མདོ་སྡེ་བལྟ་བ་ལ་གུས་པར་བྱའོ། །དེས་ན་འདིས་ནི་དགེ་བའི་བཤེས་གཉེན་མི་བཏང་བ་དང། མདོ་སྡེ་བལྟ་བས་དམ་པའི་ཆོས་ཡོངས་སུ་བཟུང་བར་བརྗོད་པ་ཡིན་ནོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལS། ་རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་དག་གིས་བརྗོད་དུ་མེད་པ་འདུས་མ་བྱས་ཀྱི་ཆོས་དེ་བརྙེད་པའི་ཡི་གེའི་དེས་པའི་ཚིག་དེ་དག། གང་ལེན་པ་དང། འཛིན་པ་དང། སྟོན་པ་དང། རབ་ཏུ་ཤེས་པར་བྱེད་པ་དང། འཇོག་པ་དང། རྣམ་པར་འགྲེལ་པ་དང། རྣཾ ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་རབ་ཏུ་སྟོན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་སྟོན་པ་དང་སྒྲུབ་པ་སྙིང་པོར་བྱེད་པའི་ཆོས་སྨྲ་བ་དེ་དག ་ལ་གང་བསྙེན་པ་དང་བསྟེན་པ་དང་བསྙེན་བཀུར་བྱེད་པ་དང་ལྡང་བ་དང་རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང། ཞེས་བྱེད་པ་དང་།བསྟི་བྱེད་པ་དང། ཀུན་ཏུ་བསྲུང་བ་དང། སྤེད་པ་དང། ཡོངས་སུ་འཛིན་པ་དང། གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས ་སྨན་དང་ཡོ་བྱད་སྦྱིན་བ་དང། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང། རྗེ་བོ་ལྟར་ཀུན་ཏུ་བསྟུད?་པ་དང། དགེ་བ་ཀུན་ཏུ་བསྲུང་བ་དང། བསྔགས་པ་བརྗོད་པ་དང། མི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན ་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང། ཆོས་མ་ཡིན་པས་རྩོད་པ་རྣམས་ཆོས་དང་མཐུན་བར་ཆེར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུད་དང། སེམས་ཅན་ཐམས་ཅད་བསྔོ་བ་དང་རབ་ཏུ་ཐང་བར་བྱའི ་བློ་དང་ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་བཞིན་དུ་སྦྱར་ཏེ་།རིགས་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུ་འམ་ཆོས་བསྟན་པའི་རྒྱུར་ཐན་ཁོམ་པ་གཅིག་འཇོར?་རམ་ཐ་ན་དབུགས་གཅིག ་འབྱིན་ཏམ?་རྡུབ་ཀྱང་རུང་སྟེ་།འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །རིགས་ཀྱི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་ཀྱེ་མའོ་སེམས ་འདི་ནི་ཕྱིན་ཅི་ལོག་གི་ཡུལ་ལ་རབ་ཏུ་འཕྱར་བ་སྟེ་།གང་དེ་ཟློག་པ་དང་ཡོངས་སུ་བསྲུང་བ་དང། རྩེ་གཅིག་ཏུ་འགྱུར་བ་དང་དུལ་བ་དང་ཞི་བ་དང་ཉེ་བར་ཞི་བ་དང་འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ་།རིགས་ཀྱི་བུ་གཞན་ཡང་ཆོས ་གང་གི་ཆོས་གང་འབྱུང་པའི་ཆོས་དེ་ཡོངས་སུ་མི་འཛིན་པ་དང་མི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ལ་ཆོས་སྨྲས་པ་ལ་བརྟེན་པ་ལ་སོགས་པས་དགེ་བའི་བཤེས་གཉེན་མི་བཏང་བ་དང་གེ་བའི་བཤེས་གཉེན ་གྱི་མཚན་ཉིད་ནི་བཤད་ཟིན་ཏོ། །དེའི་ཕྱིར་དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་མེད་ན། སྲུང་བར་མི་འགྱུར་དག་པར་མི་འགྱུར་འཕེལ་བར་མི་འགྱུར་ལ། །དེའི་ཕྱིར་དེ་ཡང་བྱང་ཆུབ་སེམས་དཔའ་མི་འགྱུར་བས་།ངེས་པར་དམ་པའི་ཆོས ་ཡོངས་སུ་གཟུང་བར་བྱའོ། །དཔལ་ཕྲེང་སེངྒེའི་སྒྲའི་མདོ་ལས་ཀྱང། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་གངྒའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་དག་ནི་སྨོན་ལམ་ཆེན་པོ་གཅིག་གི་ནང་དུ་འུབ་ཅིང་འདུས་ཏེ་རྗེས་སུ་ཞུགས་པ་ལགས་ཏེ་འདི་ལྟ ་སྟེ་དམ་པའི་ཆོས་ཡོངས་སུ་འཛིན་པར་རོ། །བཅོམ་ལྡན་འདས་དེ་ལྟར་ན་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ཡུལ་ཆེན་པོ་ལགས་སོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ལྷ་མོ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་ཆེན་པོ་དང་ལྡན་པས་གནད་དུ་མི་དྲག་པར་བསྣུན་ན?་ཡང ་གནོད་པར་འགྱུར་ཞིང་མི་བདེ་བར་བྱེད་དོ། །ལྷ་མོ་དེ་བཞིན་དུ་དམ་པའི་ཆོས་ཡོངས་སུ་འཛིན་པ་ཆུང་ངུས་ཀྱང་བདུད་སྡིག་ཅན་ལ་གནོད་པར་འགྱུར་ཞིང་མྱ་ངན་སྐྱེད་དེ་སྨྲེ་སྔགས་འདོན་པར་བྱེད་པར་འགྱུར་རོ། །ལྷ་མོ་འདི་ལྟར་དམ་པའི་ཆོས་ཡོངས་སུ་འཛིན་པ་ཆུང ་དུས་ཀྱང་བདུད་སྡིག་ཅན་ལ་གནོད་པར་འགྱུར་ཞིང་སྡུག་བསྔལ་བསྐྱེད་དེ། སྨྲེ་སྔགས་འདོན་པར་བྱེད་པ་ལྟ་བུའི་ཆོས་གཞན་ནི་ངས་གཅིག་ཀྱང་མ་མཐོང་ངོ་ཞེས་གསུངས་སོ། །ཡང་དེ་ལས་ལྷ་མོ་འདི་ལྟ་སྟེ་དཔེར་ན་རའི་རྒྱལ་རི་རབ་ཀྱི་གནམ་འཕང་དང་ཞེང ་རྒྱས་རི་ནག་པོ་ཐམས་ཅད་ཟིལ་གྱིས་མནན་ནས་ཀུན་ཏུ་ཐལ་ལེ་ཞིང་མངོན་པར་ཐལ་ལེ་འདུག་གོ་།ལྷ་མོ་དེ་བཞིན་དུ་ཐེག་པ་ཆེན་པོ་པ་ལུས་དང་སྲོག?་ལ་མི་ལྟ་བ་གཟུང་པ་མེད་པའི་སེམས་དང་ལྡན་པའི་དམ་པའི་ཆོས་ཡོངས་སུ་འཛིན་པས་ཀྱང། ཐེག་པ་ཆེན་པོ ་པ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་ཟིལ་གྱིས་མངོན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང། དེ་བཞིན་གཤེགས ་པའི་དམ་པའི་ཆོས་འཛིན་པ། །རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར། །ལྷ་དང་ཀླུ་དང་མི་འམ་ཅི་རྣམས་དང། །བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་བཟུང་བར་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་ལྡན་བློ་གྲོས་ལྡན་ཞིང་བློ ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་བདུད་ཀྱི་སྐྱོན་ཆགས་རྙེད་མི་འགྱུར། །དེ་ལ་འགྱོད་དང་དེ་བཞིན་དོགས་པ་མེད། །དེ་ལ་བཅིང ་མེད་སྒྲིབ་པ་ཅུང་ཟད་མེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཞིང་སྟོང་དག་ཏུ་ནམ་ཡང་མི་སྐྱེ་སྟེ། །སྐྱེ་བ་ཀུན་ཏུ་དེས་ནི་རྒྱལ་བ་མཐོང། །མཐོང་ནས་དེ་ལ་དད་པ་རབ་ཏུ་འཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ཆོས་ཀྱིས་བདག ་ཉིད་ཆེན་པོ་སྐྱེ་དྲན་འགྱུར། །ཡང་དང་ཡང་དུ་རབ་ཏུ་འགྱུར་བ་འཐོབ། །སྤྱོད་པ་ཡོངས་དག་སྒྲུབ་པ་སྙིང་པོར་བྱེད། །དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པའི་དཾ་པཱི་ཆོས་འཛིན་པ། །ཚུལ་ཁྲིམས་ཐོབ་པས་འཕགས་པའི་ཆོས་སྤྱོད་པ། །མཁས་པས་མངོན་ཤེས་ལྔ་ལས ་མྱུར་དུ་རེག་།མ་སྨད་བསམ་གཏན་རྣམ་པར་ཐར་པ་འཐོབ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་ཟབ་ཆོས་རྟོགས་པར་ཁོང་དུ་ཆུང། །སངས་རྒྱས་སྤྱོད་ཡུལ་སྟོང་ཉིད་ཐེ་ཚོམ་མེད། །སེམས་ཅན་བདག་མེད་པར་ཡང་མོས་པར་འགྱུར། །དེ་བཞིན ་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་སོ་སོ་ཡང་དག་རིག་པ་འཐོབ། །འཇིགས་མེད་ཤེས་རབ་རྣོ་ཞིང་ཆགས་མེད་དག། དེ་ནི་སྲོག་ཆགས་ཀུན་གྱི་ཐེ་ཚོམ་གཅོད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །མཁས་པ་དེ་ནི་གཟུངས་རྣམས་ཐོབ་པར ་འགྱུར། །བསྐལ་པ་བརྒྱར་ཡང་གང་ཐོས་ཆུད་མི་ཟ། །སྤོབས་དང་ལྡན་ཞིང་ཆགས་པ་མེད་པར་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ལ་མཁས་པ་རྟག་ཏུ་དགའ་བར་འགྱུར། །ལྷ་དང་ལྷ་མིན་མི་ཅིའི་ཡིད་དུ་འོང། །དེ་ལ་སངས་རྒྱས་བུ ་གཅིག་བཞིན་དུ་སྐྱོང། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང། །འཁོར་ལོས་སྒྱུར་དང་མེ་ཡི་རྒྱལ་པོར་འགྱུར། །བདེ་དང་ཡིད་བ་དེས་བྱང་ཆུབ་དེ་འཚང་རྒྱ། །དེ་བཞིན ་གཤེགས་པའི་དམ་པའི་ཆོས་འཛིན་པ། དེ་ལུས་སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང། །མཁས་པ་ཡན་ལག་སྨད་པ་མེད་པར་འགྱུར། །དེ་ལ་བལྟས་པས་ངོམས་པར་ཡོད་མི་འགྱུར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །གང་དག ་ཆོས་ཀྱི་ཕྱག་རྒྱ་འདི་སྟོན་པའི། །དགེ་བའི་བཤེས་གཉེན་དེ་ལ་དཀོན་མི་འགྱུར། །ཆོས་མཛོད་ཟད་མི་ཤེས་པ་ཉན་པར་བྱེད། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །ལུས་དང་ངག་དང་ཡིད་ཀྱང་རྣམ་པར་དག་།ཚུལ་ཁྲིམས་ཏིང་འཛིན་ཤེS ་རབ་རྣམ་པར་དག་།རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག་།དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་བྱང་ཆུབ་སེམས་བརྗོད་འགྱུར་བ་མེད། ཕ་རོལ་ཕྱིན་ལ་སྤྱེད་དང་འགལ་མི་འགྱུར། །དགེ་བ་རྒྱ་རྣམས་ཀྱིས་ཀྱང་རབ་ཏུ ་བཟུང་ཞེས་འབྱུང་ངོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས། དམ་པའི་ཆོས་ཡོངས་སུ་བཟུང་བའི་ལེའུ་སྟེ་གཉིས་པའོ།། །།གསུམ་པོ་རྣམས་ཀྱིས་བསྲུང་བ་ལ་སོགས་པའི་ཐབས་ནི་སྤྱིར་བཤད་ཟིན་ཏེ། བསྲུང་བ་ལ་སོགས ་པ་བརྗོད་པར་བྱའོ། །དེ་ལ་ལུས་བསྲུང་བ་གང་ཞེ་ན། མནོད་འགྱུར་སྤོང་བ་གང་ཡིན་པའོ། །དེ་ལ་ཞེས་བྱ་བ་ནི་དམ་པའི་ཆོས་འཛིན་པར་གནས་པ་ནི། ཇི་ལྟར་གཞན་ཉམས་པར་མི་བྱེད་པ་དེ་ལྟར་དེའི་ལུས་བསྲུང་བ་དཔྱད་པར་བྱའོ། །གནོད?་པར ་འགྱུར་བ་སྤོང་བ་འདི་ཡང། འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལS་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་འཛིན་པ་ལ་བརྩོན་པ་རྣམས་ཀྱིས། བཅོམ་ལྡན་རྐང་གཉིས་དམ་པ་ནི། །མྱ་ངན་འདས་སླད་བདག་ཅག་རྣམས། །ལུས་དང་སྲོག་ཏུ་བཅས་བཏང་སྟེ།། ་དམ་པའི་ཆོས་ནི་བཟུང་བར་སྤྲོ། །རྙེད་དང་བཀུར་སྟི་སྤངས་ནས་སུ། །བསྟེན་པ་ཀུན་ཀྱང་རབ་སྤངས་ཏེ། །སངས་རྒྱས་ཡེ་ཤེས་སྟོན་བྱེད་པའི། །ཆོས་འདི་ཡོངས་སུ་མི་གཏོང་ངོ། །དམ་པའི་ཆོས་ནི་བཟུང་སླད་དུ། །གཤེ་དང་མི་སྙན་འཆི་བ་དང། །ངན་དུ་སྨྲ་བའི ་ཚིག་རྣམས་ཀྱང། །བཟོད་པས་དེ་དག་དང་དུ་བླང། །ཚུལ་འདི་རབ་ཏུ་གཟུང་ནས་སུ། །ཅོ་འདྲི་བ་དང་བསྡིགས་པ་དང། །མི་བསྔགས་པ་དང་མི་སྙན་དང། །དེ་དག་ཐམས་ཅད་བཟོད་པར་བགྱི། །དེ་བཞིན་དུ་སྦྱར་ཏེ། དགེ་སློང་རྒྱལ་པོ་རབ་འཁྲུག་ཅིང།། ་དེ་ལྟར་རབ་ཏུ་མ་རུངས་པ། །རྣམ་པར་འཇིག་ཚེ་སེམས་ཅན་ཕྱིར། །བདག་ཅག་དམ་ཆོས་གཟུང་བར་བགྱི། །མདོ་སྡེ་གང་དག་རབ་ཟབ་ཅིང། །རྣམ་གྲོལ་འབྲས་བུར་ལྡན་པ་རྣམས། །རབ་ཏུ་འཛིན་པར་མི་བགྱིད་དོ། །དེ་དག་སྣ་ཚོགས་གཏམ་རྣམས་བགྱི་བ ་དེ་བཞིན་དུ་སྦྱར་ཏེ། ཚུལ་འདི་རབ་ཏུ་གཟུང་ནས་སུ། །གང་དག་ཆོས་ལམ་གནས་པའི། །སེམས་ཅན་རྣམས་ལ་བྱམས་པར་བགྱི། །དེ་དག་ལ་ནི་སྙིང་རྗེ་འང་བགྱི། །སེམས་ཅན་རྙེད་དང་འདོད་གནས་པ། །ཚུལ་ཁྲིམས་འཆལ་ཕམ་རྟོང་ནས་སུ། །དེ་ཡི་འགྲོ་བ་ཅིར ་འགྱུར་ཞེས་།མཆི་མའང་རབ་ཏུ་དབྱུང་བར་བགྱི། །དམ་པའི་ཆོས་ལ་སྐུར་འདེབས་པ། །དེ་དག་འཕྲལ་དུ་མཐོང་ནས་ཡང། །དེ་དག་གཤེ་པར་མི་འགྱུར་བར། །རེང་ནས་བྱམས་པ་བཅོལ་བར་བགྱི། །རབ་ཏུ་བསྡམས་ནས་དག་གི་ལས། །ཉམས་ཀྱི་ཅི ་ནུས་བསྲུང་བར་བགྱི། །སྡིག་པ་ལ་ནི་རབ་གནས་པ། །ད་ལ་གློ་བུར་གཏམ་མི་བགྱི། །ནོར་སྦྱིན་དེ་བཞིན་བསྟི་སྟང་གིས། །མི་རྣམས་ཡོངས་སུ་སྨིན་བགྱིས་ནས། །ཡང་དག་སྡིག་མེད་སྤྱོད་ཡུལ་གྱིས། །སླད་ཀྱི་དེ་དག་བསྐུལ་བར་བགྱི། །ཁྱིམ་དང་སྟེན་པ་ཀུན་སྤངས ་ཏེ། དོན་དུང་བ་དང་བགྱིད་ཉུང་བ། །པས་མཛའ་དགོན་པའི་སྤྱོད་ཡུལ་ལ། །རི་དགས་བཞིན་དུ་འགྱུར་བར་བགྱི། །དེ་བཞིན་དུ་སྦྱར་ཏེ། །དུལ་བ་དང་ནི་ཞི་བ་དང། །གྲོལ་བས་གང་དུ་ཞུགས་ནས་ཀྱང། སེམས་ཅན་གང་དག་ཆོས་ཚོལ་བ། །དེ་ལ་བདག་ཅག ་ཆོས་བསྟན་ཏོ། །ཆོས་འདོད་པར་ནི་རྟོགས་ནས་ཀྱང། །ཤིན་ཏུ་རིང་དུ་འང་མཆི་བར་བགྱི། །ཆོས་ལ་འགའ་ཞིང་མོས་རྙེད་ནས། །ལུས་ཅན་རྣམས་ཀྱི་དོན་ཡང་བགྱི། །སེམས་ཅན་རྣམས་ཀྱི་འཁྲུལ་མང་པོ། །དེ་དག་མངོན་དུ ་མཐོང་ནས་ཀྱང། །ཆོས་དང་ངེས་པར་རབ་གནས་ནས། །བདག་ལ་རབ་ཏུ་བརྟགས་པར་བགྱི། །བསྟི་སྟང་བགྱིས་དང་མ་བགྱིས་དང། །རི་རབ་ལྟ་བུར་གྱུར་ནས་སུ། །འཇིག་རྟེན་གྱིས་ནི་མི་གོས་པ། །འཇིག་རྟེན་འདྲེན་པར་འགྱུར་བ་བགྱི། །དགེ་སློང ་ཚུལ་ལས་ཉམས་རྣམས་ཀྱི། །མི་སྙན་པ་དག་རྟོགས་ནས་ཀྱང། །ལས་ནི་བདག་གིར་བྱ་བར་བགྱི། །དེ་དག་ལས་ནི་སྨིན་མ་གྱུར། །ཆོས་རྣམས་ལ་ནི་གནས་པ་དང། །དེད་ལ་དེ་འདྲའི་ཆོས་རྣམས་ནི། །ཇི་ལྟ་བུར་ཡང་ཡོད་མེད་ཅེས། གཤིང་མ་དག་ཀྱང་འགྱེད ་པར་འགྱུར། །བདག་ཅག་མིང་གི་དགེ་སྦྱོང་སྟེ། །དགེ་སྦྱོང་ཡོན་ཏན་མེད་དོ་ཞེས། །ཡང་དག་བསྐུལ་བ་ཐོས་པ་དང། །མདོ་སྔོ་འདི་ནི་སྤོང་བར་འགྱུར། །སྣ་དང་རྣ་ཆད་དེ་དག་ནི། །མེ་ལོང་དགའ་བར་མི་འགྱུར་ལྟར། །ཡང་དག་བསྐུལ་བ་ཐོས་པ་དང།། ་དེ་དག་དམ་ཆོས་སྤོང་བར་འགྱུར། དགེ་སློང་གང་དག་དམ་པའི་ཆོས། །རབ་ཏུ་འཛིན་པ་འབྱུང་འགྱུར་བར། དེ་དག་དེ་བཞིན་ཚུལ་འཆོས་ཏེ། །གང་ཡང་ཆོས་འདི་མི་ཉན་ཏོ། །རྒྱལ་པོ་རྣམས་ཀྱང་སླུ་བར་བགྱི། །སྐྱེ་བོ་ཆེན་པོ་འབྱེད་འགྱུར་ཡང། །སངས་རྒྱས་ཀྱི་ནི་བྱིན ་བརླབས་གྱིས། །སེཾས་ཅན་དེ་དག་ཆོས་ཉན་འགྱུར། །དུས་ངན་དེ་ཚེ་བདག་ཅག་རྣམས། །སེམས་ཅན་དག་ལ་ཕན་སླད་དུ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །དམ་པའི་ཆོས་ནི་བཟུང་བར་བགྱི་ཞེས་བརྗོད་པ་ཡིན་ནོ།། །།བམ་པོ་གསུམ་པ། །འཕགས་པ ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང། །ཆོག་སྤྱོད་ཡུལ་བསྲུང་བྱ་ཞིང། །འདུ་འཇི་མེད་ལ་གཙང་བར་བྱ། །རྒྱལ་པོ་དང་ནི་རྒྱལ་བུ་དང། །འདྲིས་བྱེད་རྟག་ཏུ་སྤང་བར་བྱ། །རྒྱལ་པོའི་ཞབས་འབྲིང་གང་ཡིན་དང། །གདོལ་པ་ཟོལ་བ་ཆང་འཚོང་དང། །མུ་སྟེགས་ཅན་ནི་དེ ་དག་དང། །རྣམ་ཀུན་ཏུ་འདྲིས་མི་བྱ། །དགེ་སློང་འདུལ་དང་ལུང་གནས་པ། །དགྲ་བཅོམ་སྙས་དུ་སྙེམས་བྱེད་ཅིང། །ང་རྒྱལ་ཅན་རྣམས་བསྐྱེད་མི་བྱ། །ཚུལ་ཁྲིམས་འཆལ་རྣམས་རྣམ་པར་སྤང། །རྒོད་ཅིང་སྨྲ་བའི་སྤྱོད་ཡུལ་ཅན། །དགེ་སློང་མ་རྣམས་རྟག་ཏུ་སྦག། མ ་བརྟན་པར་ནི་མངོན་པ་ཡི། །དགེ་བསྙེན་རྣམས་ཀྱང་སྤང་བར་བྱ། །བུད་མེད་མ་ནིང་སེམས་ཅན་གང། །དེ་དང་འདྲིས་བྱེ་རྣམ་པར་སྤང། །ཁྱིམ་རྣམས་སུ་ནི་མནའ་མ་དང། །གཞོན་ནུ་མ་རྣམས་སྤང་བར་བྱ། །ཁམས་དང་ལེགས་པར་དྲི་བྱེད་པ། །དེ་དག་ནམ་དཱུང་དགའ་མི ་བྱེད། །ཕག་འཚོག་པ་དང་ཤན་པ་དང། །འདྲིས་པར་བྱེད་པ་རྣམ་པར་སྤང། །དེ་བཞིན་དུ་སྦྱར་ཏེ་།གང་དག་བུད་མེད་གསོ་བྱེད་དང། །གར་མཁན་གྱད་དང་སིལ་ཁྲོལ་བ། །གང་གཞན་དེ་དང་འདྲ་བ་ཡང། །དེ་དག་རྣམས་དང་འདྲིས་བྱེད་སྤང། །རེས་མའི་གཙོ་མོ་བསྟེན་མི ་བྱ། །ཇི་སྙེད་ལོངས་སྤྱོད་འཚོ་བ་གཞན། །ཤིན་ཏུ་དགའ་བ་དེ་དག་ཀྱང། །རྣམ་པ་ཀུན་ཏུ་ཡོངས་སུ་སྤངས། །མཁས་པ་བུད་མེད་རྣམས་ལ་ཡང། །གང་གི་དུས་ན་ཆོས་འཆད་པ། །དེར་ནི་གཅིག་བུ་མི་འགྲོ་སྟེ། །ཅིང་འདུགས་མི་བྱའོ་ཞེས་གསུངས་སོ། །འདི་ནི་གནོད་ལ ་གཞན་ཡིན་ཏེ། །འདི་ལྟ་སྟེ་བདུད་གྱི་ལས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བྱང་ཆུབ་སེམས་དཔའ་ཐེག་པ་ལ་ཡང་དག་པར་ཞུགས་ནས་རིང་བོ་མ་ལོན་པ་དེ་ལ་བདུད་སྡིག་ཅན་ཤིན་ཏུ་རྩོན་པར་བྱའོ་ཅེས་གསུངས་པ་དང། དེ་ཉིད་ལས་ཀུན་དགའ་བོ་གཞན་ཡང་དག ་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཙོན་པར་བྱེད་པ་དེའི་ཆེ། བདུད་སྡིག་ཅན་རྣམས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནང་བ་དང་སྤུ་ཞིང་ཞེས་བྱེད་པར་འགྱུར་ཞིག་གུ་གང་གིས་ནི་འདི་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ལས་སེམས་བསྐྱེད་པ་གཅིག་ཙམ་ལ་ཡང་འབྲི་བར་འགྱུར་ཞིག་གུ་སྙམ་ནས་བྱང་ཆུབ་སེམས་དཔའ་ལ་མཐོ་འཚམས་པ་ཉེ་བར་སྒྲུབ་བོ། །འཇིགས་པ་ཀུན་ཏུ་སྟོན་ཏེ་?་ཕྱོགས་སུ་སྐར་མདའ་སྟོང་ངོ། །ཕྱོགས་སྲེག་པ་འབྱིན་ཞིང་ཀུན་ཏུ་ཏོན་ཏོ་ཞེས་བྱ ་པ་དང། གཞན་ཡང་རྣམ་པར་ཤེས་པ་ལ་འདུ་ཤེས་པས་ཡི་གེར་འདྲི་བ་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་ཅིང་འདི་ལ་བདག་ཅག་གིས་རོ་མྱང་བ་མི་རྙེད་དོ་ཞེས་སྟན་ལས་ལངས་ཏེ་འགྲོ་བར་འགྱུར་རོ། །དེ་བཞིན་གླ་ལ ་པ་དང། སྟེ་ག་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་པར་འགྱུར་བ་ནི་བདུད་ཀྱི་ལས་སོ། །དེ་བཞིན་དུ་ལྗོངས་དང་གྲོང་ལ་སོགས་པ་ལ་རྣམ་པར་རྟོག་པ་དང། དེ་བཞིན་དུ་མཁན་པོ་དང་སློབ་དཔོན་དང་ཕ་མ་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཆོག ་ཡིད་ལ་བྱེད་པ་དང་།དེ་བཞིན་ཚོམ་རྐུན་ཡིད་ལ་བྱེད་པ་དང། དེ་བཞིན་དུ་གོས་ལ་སོགས་པ་ཡིད་ལ་བྱེད་པ་འབྱུང་ངོ། །གཞན་ཡང་ཆོས་སྨྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་ནས། བཀླག་པའི་བར་ལ་འདུན་པར་གྱུར་ལ། ཆོས་ཉན ་བ་ནི་ལེ་ལོ་ཅན་དུ་གྱུར་པ་དང། དེ་ལས་བཟློག་པ་དང། ཆོས་སྨྲ་བ་ནི་ཡུལ་གཞན་དུ་འགྲོ་བར་འདོད་ལ་ཆོས་ཉན་པ་ནི་དེ་ལྟར་མ་ཡིན་པ་ཡང་དེ་བཞིན་དུ་སྦྱར་རོ། །ཆོས་སྨྲ་བ་ནི་འདོད་པ་ཆེ་ལ་ཆོས་ཉན་པ་ནི་འདོད་པ་ཆུང་པ་ཡང་དེ་བཞིན་དུ་སྦྱར་རོ། །མདོར་ན་ཆོས་སྨྲ་བ་དང ་ཆོས་ཉན་པ་གཉིས་མི་འཛོམ་པར་གྱུར་བ་དེ་དག་ཐམས་ཅད་བདུད་ཀྱི་ལས་ཡིན་ནོ། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང། དེ་ལྟར་མི་དགེ་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་དགེ་བའི་ཆོས་སྤོང་བ་དེ་དག་ཐམས་ཅད་ནི་བདུད་ཀྱི་ལས་སོ་ཞེས་གསུངས་སོ། །འཕགས ་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ཏེ། བས་མཐར་གནས་མལ་བཅའ་བར་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོག་ཤེས་ཏེ་རབ་ཏུ་དབེན་པ། ཁྱིམ་པ་དང་རབ་ཏུ་བྱུང་བ་ནི་དང་མི ་འདྲེལ་དེ་དོན་ཉུང་བ་དང་བགྱི་བ་ཉུང་བས་བདེ་བར་གནས་ཏེ། གཡོ་བ་མ་མཆིས་ཀྱང། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང། །སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང། ཆོས་ཉན་པ་ལ་བརྩོན་པ་མི་གནས་པ་དང་།ཆོས་ཀྱི་གཏམ་དང་དོན་རྣམ་པར་དེས་པའི་གཏམ ་བགྱི་བ་ལ་རྒྱུན་དགུམ་པར་སེམས་ཏེ་ཡོངས་སུ་འདྲི་བའི་རང་བཞིན་ཅན་མ་ལགས། དགེ་བ་ཅི་ཞིག་ཚོལ་བ་ལ་མི་བརྩོན་།དེ་དགོན་པ་ལ་གནས་པ་དང། གཅིག་པུར་དགའ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མ་རྒྱུ་སྟེ། དེ་ཀུན་ནས་སྡང་བ་གནོད་པ་ཙམ་གྱིས་དཔའ་བ་ཐོབ ་ཅིང་བག་ལ་ཉལ་ཡང་དག་པར་གཞོམ་པའི་སླད་དུ་ལན་བསྒོམ་པར་མི་བགྱིད་དེ། དེ་ན་བདག་གི་དོན་དང། གཞན་གྱི་དོན་གྱི་སླད་དུ་བརྩོན་པར་མི་འགྱུར་བ་འདི་ནི། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་དགོན་པ་ལ་གནས་པ་དང་རབ་ཏུ་ལྡན་པའི་བདུད་གྱི་ལྕགས ་ཀྱུ་སྟེ་བདུན་པའོ། །དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོ་གང་དག་དེ་བསྡུ་བའི་དངོས་པོ་རྣམས་ལས་འདུན་པ་བཟློག་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བགྱིད ་པ་ལས་འདུན་པ་བཟློག་པ་དང། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་བཟློག་པ་དང། བསོད་ནམས་ཀྱི་ཚོགས་ལས་འདུན་པ་བཟློག་པ་དང། རབ་ཏུ་དབེན་པ་ལ་སྦྱོར་བ་དང། དོན་ཆུང་ཞིང་བགྱིད་པ་ཉུང་བ་ལ་སྦྱོར་བ་དང། ཉན་ཐོས་དང་རང་སངས་རྒྱས ་དང་ལྡན་པའི་བཀའ་མཆིད་དེ་ལ་རྒྱུན་ཏུ་མང་དུ་སྟོན་པ་དང། ཐེག་པ་ཆེན་པོ་དང་ལྡན་པའི་བཀའ་མཆིད་དེ་ལ་མི་སྟོན་པ་དག་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བགྱིད་པ་དང། གང་གི་ཚེ་བྱང་ཆུབ་སེམས་དཔའ་དབེན་པར་གནས་པས་ཐེག་པ་ཆེན་པོ་ལས་ལྡང་བའི ་ཚེ་བྱེད་ཆུབ་སེམས་དཔའ་གདོན་མི་ཟ་བར་ཞལ་ཏ་བྱེད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་བ་དང། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཏེ་བགྱིད་པའི་དྲི་མ་ལ་སྦྱོར་བ་དེའི་ཚེ་དབེན་པ་ལ་སྦྱོར་ཞིང་དེ་ལ་འདི་སྐད་དུ་བྱང་ཆུབ་ནི་བྱང་ཆུབ ་སེཾས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་གྱི་ལེ་ལོ་ཅན་ནི་མ་ཡིན་ནོ། །གལ་ཏེ་ཁྱོད་བསྐལ་པ་བརྒྱད་དམ་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ན་ཕྱིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ ་པར་རྫོགས་པར་སངས་རྒྱས་པར་མི་ནུས་སོ་ཞེས་མཆི་ལ། བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་གང་སྒྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་པའི་གནས་མཆིས་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི ་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ་པའོ། །དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་དག་བདུད་ཀྱི་ལྕགས་ཀྱུས་ཟིན་པ་ཆོས?་བ་ལ་སྤྱོད་པ་དེ་དག་ལ་དག་བརྙེད་པ་དང་དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་གྱུར་པ་དང། ་དེ་དམན་པ་ལ་བརྟེན་ཅིང་ཁྱད་པར་དང་བྲལ་བས་འདི་ལྟ་སྟེ་ཞན་པའི་འགྲོ་བ་བླུན་པ་འོན་པ་ལྐུགས་པའི་འགྲོ་བ་དམན་པ་ཉིད་དུ་མཆི་བར་འགྱུར་ཏེ་འདི་ནི་བདུང་ཀྱི་ལྕགས་ཀྱུ་བཅུ་གཅིག་པའོ་ཞེས་གསུངས་ཏེ། གང་གིས་དེ་ལྟར་བརྩོན་འགྲུས་ཤིན ་ཏུ་བརྩམས་པ་སྐྱོ་བར་གྱུར་པས། རྟག་ཏུ་བྱང་ཆུབ་སེམས་དཔའ་ཨི་དངོས་པོ་ཉིད་མི་འགྱུར་བའོ། །དེ་བས་ན་དཀོན་མཆོག་སྤྲིན་ལས། འདི་ལ་བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཐམས་ཅད་བརྩོན་འགྲུས་བརྩོམ་པ་ན། །ཅི་ནས་ལུས་སྐྱོ་བར་མི་འགྱུར་པ ་དང་སེམས་སྐྱོ་བར་མི་འགྱུར་བ་དེ་ལྟར་བརྩོམ་སྟེ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་རྟག་པའི་བརྩོན་འགྲུས་སུ་ཤེས་པར་བྱའོ་ཞེས་གསུངས་སོ། །གང་གིས་སྐྱེ་བར་འགྱུར་པའི་བརྩོན་འགྲུས་དེ་ཅི་འདྲ་བ་ཞེ་ན། གང་འདི་སྟོབས་ཆུང་པ་ལས་ལྕི་བ་འམ་དུས་རིང་པོ ་རྩོན་པ་འམ་མོས་པ་ཡོངས་སུ་མ་སྨིན་པ་རྣམས་བྱ་དཀའ་བའི་ལས་རྩོམ་པ་སྟེ་དཔེར་ན་རང་གི་ཤ་སྦྱིན་པ་ལ་སོགས་པ་ལྟ་བུའོ། །འདིས་སེམས་ཅན་རྣམས་ལ་ལུས་བྱིན་ཟིན་མོད་ཀྱི། །འོན་ཀྱང་དུ་ས་མ་ཡིན་པར་ཡོངས་སུ་སྤྱོད་པ་ལས་བཟློག་པར་ཟད་དེ། གཞན་དུ ་ན་སེམས་ཅན་དེ་དག་ལ་བྱང་ཆུབ་སེམས་དཔའ་སྐྱོ་བར་འགྱུར་བས། བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་ཆུང་ཟ་བའི་ཕྱིར་འབྲས་བུའི་ཕུང་པོ་ཆེན་པོ་ཆུང་ཟ་བར་འགྱུར་རོ། །དེའི་ཕྱིར་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས། དུས་མ་ཡིན་པར་འདོད་པ་ནི་བདུད་? ་སོ་ཞེས་གསུངས་སོ། །དུས་མ་ཡིན་ཞེས་ཏེ་ལུས་བཏང་བའི་སེམས་མི་བསྐྱེད་པ་ཉིད་ཀྱང་མ་ཡིན་ཏེ། གོམས་པ་མ་བརྩམས་པའི་ཕྱིར་ནམ་ཡང་སྦྱིན་པར་མི་བྱ་བར་འགྱུར་རོ། །དེ་ལྟ་བས་ན་དེ་ལྟར་དྲན་པ་ཉེ་བར་གཞག་ནས་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྨིན ་པ་དང་འགལ་བ་དང་གཏི་མུག་གི་རང་གི་དོན་ལ་གནོད་པ་དང་ཤ་ཟ་བ་དང་ལས་བྱེད་པ་རྣམས་ལ་ལུས་བསྲུང་བར་བྱའོ། །དཔེར་ན་སྨན་ཤིང་ལྗོན་པ་བལྟ་ན་སྡུག་པ། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །བྱིན་ཡང་དུས་མིན་སྤྱང་ལས་བསྲུང་བྱ་བ། །རྫོགས་པའི་སངས ་རྒྱས་སྨན་ཤིང་དེ་བཞིན་ནོ། །མདོར་བསྡུ་ན་བདུད་ཀྱི་ལས་འདི་ནི་གནོད་པ་ཡིན་ནོ། །འདི་རྣམ་པར་སྤང་བ་ནི་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་ཡོངས་སུ་སྤོང་བའི་ཐབས་ལ་མཁས་པ་ཡིན་ཞེ་ན། འདི་ལ ་བྱང་ཆུབ་སེམས་དཔའ་མི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ། །མི་མཐུན་པའི་ཡུལ་ན་གནས་པ་དང་འཇིག་རྟེན་རྒྱང་པན་པའི་གསང་ཚིག་བསྟེན་ཅིང་སྒོམ་པ་དང། རྙེད་པ་དང་བཀུར་སྟི་དང་མཆོད་པ་དང་རིམ་གྲོ་ལ་ཆགས་པ་ཐཾས་ཅད ་ནས་ཐམས་ཅད་དུ་ཡོངས་སུ་སྤོང་ངོ། །ཉེ་བའི་ཉོན་མོངས་པ་གང་གཞན་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་གྱི་བར་དུ་གཅོད་པ་དེ་དག་ཐམས་ཅད་ནས་ཐམས་ཅད་ཡོངས་སུ་སྤོང་ངོ། །དེ་དག་གི་གཉེན་པོ་ཡང་སྟེན་ཏོ་ཞེས་གསུངས་སོ། །དེ་ཉིད་ལས་མི་དགེ་བའི་བཤེS ་གཉེན་གྱི་མཚན་ཉིད་གསུངས་པ། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པ་ཡོངས་སུ་སྤངས་པར་རིག་པར་བྱའོ། །དེ་བཞིན་དུ་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང། འདུ་འཛི་ལ ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་སྤངས་པ?་དང་།འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པ་དང། ཁྱིམ་པ་དང་བསྟེན་པ་རྣམ་པར་སྤངས ་བས་སྡིག་པའི་གྲོགས་པོ་ཡོངས་སུ་རྣམ་པར་རིག་པར་བྱ་སྟེ། །རིགས་གྱི་བུ་དེས་དེ་དག་ཡོངས་སུ་སྤོང་བའི་ཚེ། གང་ཟག་དེ་དག་ལ་སྡང་བའི་སེམས་བསྐྱེད་པར་མི་བྱ། །ཁོང་ཁྲོ་བའི་སེམས་དང་བརྙས་པའི་སེམས་བསྐྱེད་གང་མི ་བྱའི་དེས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང། སེམས་ཅན་རྣམས་ནི་ཁམས་སོ་སོ་བསྟེན་ཏེ། བསྟེན་པར་གྱུར་ནས་ཆུད་ཟ་བར་འགྱུར་རོ་ཞེས་བཀའ་སྩལ་ཏེ། དེ་བས་ན་བདག་གི་བསྟེན་པོ་ཡོངས་སུ་སྤངས་པར་སེམས་ཉེ་བར་བཞག་པར་བྱའོ་ཞེས ་གསུངས་སོ། །བྱང་ཆུབ་ཀྱི་སེམས་བརྗོད་པ་ཡང་གནོད་པ་ཡིན་ཏེ། དེའི་རྒྱུ་ནི་དཀོན་མཆོག་བརྩེགས་པ་ལས། འོད་བསྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་བརྗོད་པར་འགྱུར་ཏེ། གཞི་གང་ཞེ་ན། འོད་ལྟ་སྟེ། མཁན ་པོ་དང་སློབ་དཔོན་དང་བླ་མ་དང་སྦྱིན་གནས་ལ་སླུ་བ་དང། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་མི་སྙན་པ་དང་བརྗོད་པ་མ་ཡིན་པ? ་དང། ཚིགས་སུ་བཅད་པ་མ་ཡིན་པ་འབྱིན་པ་དང། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་ཞེས་གསུངས་སོ། །འདི་རྣམ་པར་སྤང་བ་ཡང་དེ་ཉིད་ལས། །འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་སྐྱེ ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སྲོག་གི་ཕྱིར་རམ་ཐ་ན་བཞན་གང་གི་ཕྱིར་ཡང་ཤེས་བཞིན་དུ ་རྫུན་གྱི་ཚིག་མི་སྨྲ་བ་དང། སྒྱུ་དང་གོ་ལ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད ་པ་དང། སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་ཉི་ཚེ་བའི་ཐེག་པ་མི་འདོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འོད་སྲུངས་བཞི་པོ་དེ་དག་གོ་ཞེས་གསུངས་སོ། །སེངྒེས་ཞུས་པ ་ལས་ཀྱང། གང་ཞིག་ཆོས་ཀྱི་སྦྱིན་པ་ལ། ནམ་ཡང་བར་ཆད་མི་བྱེད་པ། །དེ་ནི་དེས་ན་རབ་མྱུར་བར། །འཇིག་རྟེན་མགོན་དང་ཕྲད་པར་འགྱུར། །དེ་བཞིན་དུ། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །གཞོན་ནུ་དེ་ལྟར་ཤེས་པར་གྱིས་ཞེས་གསུངས་པ་དང། དེ་སྐད་དུ་དེ་ཉིད ་ལས། སྐྱེ་བ་ཀུན་ཏུ་བྱང་ཆུབ་སེམས། །རྨི་ལམ་ན་ཡང་སེམས་དེ་ནི། །འདོར་མི་འགྱུར་ན་མ་ཉལ་ཚེ། །སྨོས་མི་འཚལ་བར་གང་གིས་འགྱུར། །བཀའ་སྩལ་པ། གྲོང་དང་གྲོང་ཁྱེར་རྣམས་སུ་འམ། །གང་དུ་གནས་པའི་ཡུལ་རྣམས་སུ། །བྱང་ཆུབ་ལ་ནི་ཡང་དག་འཛུབ ་དེས་ན་སེམས་འདོར་མི་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྨོན་ལམ་མི་འདོར་དོ། །དེ་བཞིན་དུ་སྦྱར་ཏེ། ང་རྒྱལ་བཅོམ་པ་ཡིན་ཕྲག ་དོག་དང་སེར་སྣ་ཡོངས་སུ་སྤངས་པ་ཡིན་།ཕ་རོལ་གྱི་འབྱོར་པ་མཐོང་ན་ཡིད་དགའ་བ་ཡིན་ནོ། །ཞེས་གསུངས་པ་དང། དཀོན་མཆོག་བརྩེགས་པ་དེ་ཉིད་ལས་།སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་པ་དང་བྱང་ཆུབ་ཀྱི་སྔོན་དུ་འགྲོ་བ་རང་ཞེས ་གསུངས་པ་གང་ཡིན་པ་འདི་ནི་འདིར་བྱང་ཆུབ་ཀྱི་རྒྱུར་ཤིན་ཏུ་གསལ་བ་ཉིད་དོ། །དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང། ཁྱེད་ལ་མོས་བྱ་ཁོང་དུ་ཆུད་པར་བྱ། །ཇི་ལྟ་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། དེ་ལྟ་དེ་ལྟར་དེ་ལ་སེམས ་གཞོལ་འགྱུར་ཞེས་གསུངས་སོ། །སྤྲོ་བ་མེད་པ་ཡང་གནོད་པ་ཡིན་ཏེ་།དེ་སྤང་བ་ནི་དཀོན་མཆོག་སྤྲིན་ལས་མཐོང་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མི་འགྱུར་བས་ནི་བྱང་ཆུབ་ཐོབ་པར་དཀའ་ལ། བདག་གི་བརྩོན་འགྲུས་འདི་ཡང་ཆུང་ཞིང་ཞན་ཏེ ་བདག་ནི་ལེ་ལོ་ཅན་ནོ། །བྱང་ཆུབ་ནི་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བསྐལ་བ་མང་པོ་བསྐལ་པ་བརྒྱ་ཕྲག་མང་པོ་བསྐལ་པ་སྟོང་ཕྲག་མང་པོར་བསྒྲུབ་དགོས་པས་བདག་ནི་དེ་ལྟ་བུའི་སྩལ་བ ་བཀུར་བར་མི་སྤྲོའོ་སྙམ་དུ་སེམས་མི་བསྐྱེད་དེ། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་དང། གང་དག་མངོན ་པར་རྫོགས་པར་འཚང་རྒྱ་བ་དེ་དག་དང། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཀྱང། ཚུལ་འདི་འདྲ་བ་དང་ལམ་འདི་འདྲ་བ་དང་བརྩོན་འགྲུས་འདི་འདྲ་བར་མངོན་པར་རྫོགས་པ་སངས་རྒྱས་ནS། མངོན་པར་རྫོགས་པར་?་རྒྱ། མངོན་པར་རྫོགས་པར ་འཆང་རྒྱ་བར་འགྱུར་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར་གྱུར་པ་ཤ་སྟེག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱིས། བདག་ཅག་ཀྱང་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས་ཅད་དང་ཐུན་མོང་གི་བརྩོན་འགྲུས་དང། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱི་བདག་གིS་ཀྱང་དེ་ལྟ་དེ་ལྟར་རྩོལ་ལོ་འབད་དོ་ཞེས་གསུངས་སོ། །གཞན་ཡང་གནོད་པ་ནི་དཀོན ་མཆོག་བརྩེགས་པ་ལས་མཐོང་སྟེ། །སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་རྟོན་པ་བྱང་ཆུབ་སེམས་དཔའ་ཨི་འཁྲུལ་པ་དང། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའ་ཨི་འཁྲུལ་པ་དང། རྒྱུ ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའ་ཨི་འཁྲུལ་པ་དང། ཡང་དག་པར་ཉེ་བར་གནས་པའི་སེམས་ཅན་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་རྣམས་ལ་བརྙས་ཤིང་ཆུབ་ཁྲིམས་འཆལ་བའི་སྡིག་པའི་ཆོས ་ཅན་སྡུད་པ་ནི་བྱང་ཆུབ་སེམས་དཔའ་ཨི་འཁྲུལ་པ་ཞེས་བྱའོ། །མེས་པ་མེད་པ་ཡང་གནོད་པ་ཡིན་ཏེ། འཕགས་པ་ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང། སངས་རྒྱས་ལ་ཡང་མོས་པ་ཡོད་མིན་ལ། །ཆོས་དང་ཚོགས་ལ་དེ་ནི་མོས་པ་མེད། །གསུམ་དང་སྦྱངས་པ་རྣམS ་པ་དེ་མི་མོས། །སྡིག་པའི་བླ་ཅན་ངན་སོང་གསུམ་ཕྱོགས་པ། །དེ་ནི་མི་ནང་འདི་ནས་ཤི་འཕོས་ནས། །ལས་ཀྱི་དབང་གིས་མི་མཁས་རྣམ་པར་རྨོངས། །དམྱལ་བ་འམ་འོན་ཏེ་དུད་འགྲོའི་འགྲོ་བ་རྣམས་སམ། །ཡི་དགས་འགྲོ་བ་རྣམས་སུ་སྡུག་བསྔལ་རྙེད་ཅེས་ཇི་སྐད་གསུང ་པ་ལྟ་བུའོ། །དེ་རྣམ་པར་སྤངས་པ་ནི་དཀོན་མཆོག་བརྩེགས་པའི་མདོ་ལས་མཐོང་སྟེ། ཆོས་ཟབ་མོ་གང་དག་དེའི་བློས་མི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་ནི་མཛའ་ཡས་ཤིང། སེམས་ཅན་མོས་པ་ཐ་དད་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས ་བསྟན་པ་འཇུག་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི་བདག་གིས་ནི་མི་ཤེས་ཏེ། དེ་བཞིན་གཤེགས་པ་ཉིད་དབང་དུ་གྱུར་པ་ཡིན་ནོ་ཞེས་བྱས་ནས་མི་སྤོང་བ་ཞེས་བྱའོ། །ཞལ་ཏ?་བྱེད་པའི་ཚེ་དོན་མ་ཡིན་པ་རྣམ་པར་སྤང་བ་ལ་མཁས་པར་བྱའོ། །བྱང་ཆུབ ་སེམས་དཔའ་ཨི་སོ་སོར་ཐར་པ་ལས། ཆོས་དང་མཐུན་པ་དང་ཆོས་ཉན་པ་དང་དེ་བཞིན་གཤེགས་པ་མཆོད་པ་ལ་ཞལ་ཏ་བྱ་བར་བསྟན་ཏོ། །དེ་ལ་ཞལ་ཏ་བྱ་བ་གང་ཡིན་པ་ནི་རིན་པོ་ཆེའི་ཕུང་པོའི་མདོ་ལས་གསུངས་ཏེ། དེ་ལ་དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་དགེ ་འདུན་ཐམས་ཅད་ཀྱི་སེམས་མགུ་བར་བྱའོ། །དེ་ལ་དགེ་སློང་དགོན་པ་བས་མཛའ་ཨི་གནས་མ་ལ་བསྟེན་པ་གང་ཡིན་དེ་དག་ནི་དགེ་སློང་ཞལ་ཏེ་བྱེད་པས་ཐམས་ཅད་དུ་ལས་སུ་བསྐོ་བར་མི་བྱའོ། །གལ་ཏེ་དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་བྱ་བར་གཏོགས་པ་སློབ་པའི་ལས ་རེས་བབ་ན། དགེ་སློང་ཞལ་ཏ་བྱེད་པ་དེས་ལས་དེ་བདག་གིས་བྱའོ། །ཡང་ན་དགེ་སློང་གཞན་ཞིག་བསྐོས་པ་ལ་ལས་དེ་བྱེད་དུ་གཞུག་སྟེ། དགེ་སློང་དགོན་པ་པ་ལ་གནོད་པར་མི་བྱའོ། །དེ་ལ་དགེ་སློང་བསོད་སྙོམས་སྤྱོད་པ་གང་ཡིན་པ་དེ་ལ་དགེ་སློང་ཞལ་ཏེ་བྱེད་པ་དེས་ཁ་ཟླ ་བསོད་པ་བགོ་བཤའ་བྱའོ། །འོད་སྲུངས་དེ་ལ་དགེ་སློང་གང་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་ལ། དགེ་སློང་ཞལ་ཏ་བྱེད་པས་མཐུན་པའི་འཚོག་ཆས་དང། ན་པའི་གསོས་སྤྱན་དང་ཡོ་བྱད་རྣམས་སྦྱིན་པར་བྱའོ། །དགེ་སློང་རྣལ ་འབྱོར་སྤྱོད་པ་དེས་ཕྱོགས་གང་ལ་གནས་པའི་ས་ཕྱོགས་དེར་དགེ་སློང་ཞལ་ཏ་བྱེད་པ་དེས། སྒྲ་ཆེན་པོ་དང་སྐད་དྲག་པོ་མི་འབྱུང་ཞིང་བྱེད་དུ་འང་མི་གཞུག་གོ། དགེ་སློང་ཞལ་ཏེ་བྱེད་པས་དགེ་སློང་རྣལ་འབྱོར་སྤྱོད་པ་དེ་བསྲུང་ཞིང་མལ་ཆ་ཡང་སྦྱར་བར་བྱའོ། །ཁ་བས ་བསོད་པ་དང་ཡིད་གར་འོང་བ་དང་རྣལ་འབྱོར་སྤྱོད་པའི་ས་དང་མཐུན་པའི་བཟའ་བ་དང་བཅའ་བ་རྣམས་སྦྱིན་པར་བྱའོ། །དེ་བཞིན་སྦྱར་ཏེ། དགེ་སློང་གང་དག་མང་དུ་ཐོས་པར་བྱེད་པ་ལ་བརྩོན་པ་དེ་དག་སྤྲོ་བ་བསྐྱེད་པར་བྱ་ཞིང། དེ་དག་ལ་བསྲུང་བའི ་བར་དུ་བྱའོ། །ཆོས་སྨྲ་བའི་དགེ་སློང་གང་ཡིན་པ་དེ་དག་ལས་སུ་མི་བསྐོ་བར་བྱའོ། །ཆོས་ཉན་པ་ལ་བརྩོན་པར་འགྱུར་བའི་བར་དུ་བྱའོ། །འཁོར་གྱི་དཀྱིལ་འཁོར་བཤམ་པར་བྱའོ། །འབྲེལ་པའི་གཏམ་གྱི་དཀྱིལ་འཁོར་རྣམ་པར་སྦྱང་བར་བྱ་བ་ནས་དེ་ལ་ལེགས་སོ་ཞེS ་བྱ་བ་མང་བར་འགྱུར་བའི་བར་དུ་བྱའོ། །དེ་བཞིན་དུ་སྦྱར་ཏེ། དངོས་པོ་གང་ལ་ཡང་དབང་བྱ་བའི་འདུ་ཤེས་བསྐྱེད་པར་མི་བྱའི། བྱ་བ་ཇི་ཙམ་དུ་ཆུང་བ་ཡང་དགེ་འདུན་གྱི་གྲོས་བཞིན་བྱ་ཞིང་རང་དགར་མི་བྱའོ། །དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་གྱི ་དང་མི་བསྲེ་བའི་བར་དུ་བྱ་སྟེ་བཟློག་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་མཆོད་རྟེན་གྱི་དང་ཕན་ཚུན་བསྲེ་བ་ཡང་བཀག་གོ། གལ་ཏེ་ཕྱོགས་བཞིའི་དགེ་འདུན་བྲེལ་ཕོངས་སུ་གྱུར་ལ་དགེ་འདུན་གྱི་རྙེད་པ་ཆེ་བར་གྱུར་ན་དགེ་སློང་ཞལ་ཏེ་བྱེད་པ་དེས་དགེ་སློང ་གིས་དགེ་འདུན་བསྡུས་ལ་གྲོས་མཐུན་པར་བགྱིས་ཏེ་།དགེ་འདུན་གྱི་རྙེད་པ་ལས་ཕྱོགས་བཞིའི་དགེ་འདུན་ལ་བཤུགས་པར་བྱའོ། །མཆོད་རྟེན་ཞིག་རལ་དུ་གྱུར་ན་ཡང་དེ་བཞིན་དུ་བྱའོ། །སྦྱིན་པ་པོ་དང་སྦྱིན་བདག་ལ་གསོལ་བ་ཐོབ་ལ་གསོལ་བར་བྱའོ།། ་འོད་སྲུངས་གལ་ཏེ་མཆོད་རྟེན་གྱི་རྙེད་མ་ཇི་ལྟར་མང་དུ་གྱུར་དུ་ཟིན་ཀྱང་དེ་དག་དགེ་སློང་ཞལ་ཏ་བྱེད་པས་དགེ་འདུན་དང་ཕྱོགས་བཞིའི་དགེ་འདུན་ལ་བཤུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དད་ཅིང་དང་བ་མང་པོ་དག་གི་མཆོད་རྟེན་ལ་ཕུལ་བ་ནི་ཐ་ན་རས ་གྱི་ཁ་ཚང་གཅིག་ཙམ་གང་ཡིན་པ་དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་མཆོད་རྟེན་ཡིན་ན། རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་དག་ལྟ་སྨོས་ཅི་དགོས། མཆོད་རྟེན་ལ་གོས་ཕུལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ཉིད་དུ ་རླུང་དང་ཉི་མ་དང་ཆར་པས་དངོས་ཀྱང་བླའི་མཆོད་རྟེན་ལ་ཕུལ་བའི་གོས་ཟོང་གསེར་དུ་བསྒྱུར་དུ་མི་རུང་སྟེ་།མཆོད་རྟེན་ལ་ན་མཆོད་རྟེན་གྱི་ཟོད་ཅིས་ཀྱང་བྲེལ་ཕོངས་པ་མེད་དོ། །འོད་སྲུངས་དགེ་སློང་གི་ཞལ་ཏ་བྱེད་པ་གང་ལ་ལ་ཞིག་ཚུལ་ཁྲིམས་དང་ལྡན་པ་སྦྱིན ་པའི་གནས་རྣམས་ལ་སེམས་ཁྲོས་སམ་དབང་བྱེད་ཅིང་བསྒོ་བླག་བྱེད་ན་དེ་མི་དགེ་བའི་ལས་དེས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་མིའི་འཇིག་རྟེན་དུ་འོངས་ན་ཡང་བྲན་དང་གཞན་གྱི་ལས་བྱེད་པར་འགྱུར་བ་དང་ཁུ་ཚུར་དང་ཐལ་ལྕག་དང་ལོག ་ཆ་མཉེམ་པས་བརྡེག་པ་དང་ཕྲད་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དགེ་སློང་ལ་ཆད་པས་གཅོད་པ་དང། འཇིགས་པར་བྱེད་པ་དང་བསྡིགས་པ་དང། དུས་མ་ཡིན་པར་བསྒོ་བར་བྱེད་ན། དེ་མི་དགེ་བ་དེས་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཕུར་པ་མང་པོ་ཞེས་བྱ་བ ་དེར་སྐྱེ་བར་འགྱུར་ཏེ། ཕུང་པ་སྟོང་གི་བར་དག་གིས་ལུས་ལ་ཟུག་ཅིང། འབར་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་བར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། ལྕེའི་ཚད་དཔག་ཚད་བརྒྱ་པར་འགྱུར་ཞིང། དེའི་ལྕེའི་དབང་པོ་དེ་ལ་ལྕགས་ཕུར་བརྒྱ་སྟོང་ཀུན ་ཏུ་འབར་བདག་གིས་ཀུན་ཏུ་འབུབས་པར་འགྱུར་རོ། །འོད་སྲུངས་དགེ་སློང་ཞལ་ཏེ་བྱེད་པ་གང་།ལ་ལས་དགེ་འདུན་གྱི་རྙེད་པ་འདུས་ཤིང་འདུས་པ་བཞག་སྟེ་དུས་དུས་སུ་མི་སྦྱིན་ཞིང་མཐོ་བརྩམས་ལག་ཅེས་ནས་སྦྱིན་པ་ ་དང་ཁ་ཅིག་ལ་བྱིན་ན་དེ་མི་དགེ་པའི་རྩ་བ་དེས་ཡི་དགས་ཀྱི་སྐྱེ་གནས་རྐྱག་འབྱིན་བྱིན་པ་ནུབ་ཅེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེར་ཡི་དགས་གཞན་གྱི་ཁ་ཟས་བླང?་སྟེ་དེ་ལ་བསྟན་ན། བསྟན་པའི་ཚེ། མིག་གཉི་ག་མི་འཛུམ?་པར་ཟས་དེ་ལ་བལྟ ་ཞིང་བཀྲེས་པ་དང་སྐོམ་པས་ཉེན་པའི་སྡུག་བསྔལ་གྱི་ཚོར་བ་མྱོང་གི་ལོ་བརྒྱ་སྟོང་དུ་ཟས་དེ་ནི་ཐོབ་པར་མི་འགྱུར་རོ། །ཇི་སྟེ་བརྒྱལ་བརྒྱ་ལམ་ན་ཟས་དེ་ཐོབ་ཀྱང་ངན་སྐྱུགས་དང་རྣག་ཁྲག་ཏུ་འགྱུར་རོ་ཞེས་གསུངས་སོ། །དགེ་འདུན་སྲུངས་ཀྱི་རྟོགས་པ་བརྗོད་པ་ལས ་ཀྱང་གནོད་པ་གསུངས་ཏེ། དགེ་འདུན་སྲུངས་ཁྱོད་ཀྱིས་སེམས་ཅན་རྩིག་པ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ནི་སྔོན་དགེ་སློང་ཡིན་ཏེ་།དེ་དག་གིས་དགེ་འདུན་གྱི་རྩིག་ངོས་ལ་དར་སྣབས་ཀྱི་མ་རུངས་པར་བྱས་པས་ལས་དེའི་རྣམ་པར་སྨིན་པས་རྩིག་པ་འདྲ་བར ་གྱུར་ཏོ། །དགེ་འདུན་སྲུངས་ཁྱོད་ཀྱི་སེམས་ཅན་ཀ་བ་འདྲ་བ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ་།དེ་དག་གིས་དགེ་འདུན་གྱི་ཀ་བ་ངར་སྣབས་ཀྱི་མ་རུངས་པར་བྱས་པས་དེའི་ཕྱིར་ཀ་བ་འདྲ་བར་གྱུར་ཏོ། །དགེ་འདུན་སྤུངས་ཁྱོད་ཀྱིས་སེམས་ཅན ་ཤིང་ལྟ་བུ་དང་ལོ་མ་ལྟ་བུ་དང་མེ་ཏོག་ལྟ་བུ་དང་འབྲས་བུ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ་།དེ་དག་གིས་དགེ་འདུན་གྱི་ཤིང་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་གང་ཟག་གིས་ཡོངས་སུ་སྤྱད་པར་སྤྱད་པས་ན་དེའི་ཕྱིར་ཤིང་དང་ལོ་མ ་དང་མེ་ཏོག་དང་འབྲས་བུ་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཐག་པ་ལྟ་བུ་དང་ཕྱགས་མ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་ཐག་པ་དང་ཕྱགས་མ་གང་ཟག་གིས་ཡོངས་སུ་སྤྱད་པར་སྤྱད་པས་ན་དེའི ་ཕྱིར་ཐག་པ་ལྟ་བུ་དང་ཕྱགས་མ་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་གཞོང་པ་ལྟ་བུ་གང་མཐོང་བ་དེ་སྔོན་དགེ་ཚུལ་ཡིན་ཏེ། དེ་གཞོང་པ་འཁྲུ་ཞིང་འདུག་པ་དང། དགེ་སློང་དག་གཅིག་གློ་བུར་དུ་ལྷགས་ཏེ་དེ་དག་གི་དེ་མཐོང་ནས་དྲིས་པ་དགེ་ཚུལ་བ ་ཅི་དེང་དགེ་འདུན་ལ་སྐོམ་ལྟ་ཡོད་དམ་།དེས་སེར་སྣས་ནོན་པའི་སེམས་ཀྱིས་སྨྲས་པ། ཅི་གཞོང་པ་དཀྲུས་པ་འོད་མ་མཐོང་དམ་སྐོམ་འཐུངས་ཟིན་ཏོ། །དེ་དག་གི་དུས་ཡོལ་ཟིན་པ་ལྟ་སྙམ་དུ་བསམས་ནས་རེ་བ་ཆད་དེ་དམན་ཞིང་ཡིད་བསད་པའི་བཞིན་གྱིས ་དོང་ངོ། །དེ་ནི་ལས་དེའི་རྣམ་པར་སྨིན་པས་གཞོང་པ་ལྟ་བུར་གྱུར་ཏོ། །ཁྱོད་ཀྱི་སེམས་ཅན་གཏུན་ལྟ་བུ་གང་མཐོང་བ་དེ་ཡང་སྔོན་དགེ་སློང་ཡིན་ཏེ་།དེ་ལ་ལྷུང་བཟེད་ཀྱི་ལས་ཤིག་བྱུང་བ་དེའི་ཚེ། དགེ་ཚུལ་བ་དགྲ་བཅོམ་པ་གཅིག་གཅིག་ལ་དམ་བཞག་པཱི ་ལས་ངེས་བབ་ནས་དེ་ལ་དེས་སྨྲས་པ། དགེ་ཚུལ་བ་ཚིགས་མ་ཅུང་ཞིག་བརྡུངས་ལ་ཁོ་བོ་ལ་བྱིན། དེས་སྨྲས་པ་གནས་བརྟན་བདག་བྲལ་གྱིས་ཅུང་ཞིག་གཟེས་ཤིག་།སླད་ཀྱི་བརྡུངས་ཏེ་གསོལ་ལོ་ཞེས་བྱ་བ་དང། དེ་ཁྲོས་ནས་སྨྲས་པ། དགེ་ཚུལ་བ་གལ ་ཏེ་ཁོ་བོས་བཏུན་ལ་རེག་ཏུ་རུད?་ན་ནི་ཁྱོད་ཉིད་ཁོ་བོས་གཏུན་གྱི་ནང་དུ་བཅུག་སྟེ་བརྡུངས་ན་ཚིགས་མ་ཅུང་དེ?་ཞིག་བརྡུངས་པ་ལྟ་ཅི་སྨོས་།དགེ་ཚུལ་བ་དེས་དེ་ཀུན་ནས་བཀྲིས་པ་དྲག་པོས་བཀྲིས་པར་རིག་ནས་།གལ་ཏེ་བདག་གི་དེ་ལ་ལན་བླན་ན་དེ་བས་ཀྱང་ཁྲོས ་པར་འགྱུར་རོ་སྙམ་ནས་ཁ་རོག་སྟེ་འདུག་གོ་།གང་གི་ཚེ་དེ་ཀུན་ནས་བཀྲེས་པ་དང་བྲལ་བར་གྱུར་པ་དེའི་ཚེ་དེའི་གན་དུ་སོང་ནས་སྨྲས་པ་།གནས་གཏན་ཁྱོད་ཀྱིས་ཁོ་བོ་སུ་ལགས་མཁྱེན་ཏམ་།དེས་སྨྲས་པ་ཤེས་ཏེ་ཁྱོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས ་འོད་སྲུངས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་ཚུལ་པའོ། །ཁོ་བོ་ནི་དགེ་སློང་གནས་བརྟན་ནོ། །དགེ་ཚུལ་བས་སྨྲས་པ་།དེ་ལྟ་ཡིན་དུ་ཟིན་ཀྱང་ཁོ་བོས་ནི་རབ་ཏུ་བྱུང་ནས་བྱ་བ་གང་ཡིན་པ་དེ་བྱས་སོ། །ཅི་ཞིག་བྱས། །ཉོན་མོངས་པ་སྤངས་སོ། །འཆིང་བ་མཛའ་ ་དག་བཅད་དོ་བཅིངས་པ་ལས་རྣམ་པར་གྲོལ་ལོ། །ཁྱོད་ཀྱིས་ནི་ཞེ་གཅོད་པའི་དག་གི་ལས་སྨྲས་ཀྱིས་ཉེས་པ་ལ་ཉེས་པར་མཐོལ་ཅིག་།འོན་ཏང་ལས་དེ་ཡོངས་སུ་བྱང་ཞིང་བསྲབས་ཏེ་ཡོངས་སུ་ཟད?་པར་འགྱུར་རོ། །དེས་ཀྱང་ཉེས་པ་ལ་ཉེས་པར་བཤགས་སོ། ། ་ལས་དེས་ན་གཏུན་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་ཕྲུ་ཆེན་ལྟ་བུ་གང་དག་མཐོང་བ་དེ་དག་ནི་སྔོན་དགེ་སློང་རྣམས་ཀྱི་རིམ་གྲོ་བ་རུང་བ་བྱེད་པ་ཡིན་ཏེ། དེ་དག་སྨན་འཚེད?་པའི་ཚེ་དགེ་སློང་རྣམས་ཀྱིས་མི་སྙན་པ་སྨྲས ་པས་དེ་དག་སེམས་འཁྲུགས་ནས་ཁྲུ་ཆེན་བཅགས་པས་དེའི་ཕྱིར་ཕྲུ་ཆེན་ལྟ་བུར་གྱུར་ཏོ། །ཁྱོད་ཀྱིས་སེམས་ཅན་རྐེད་པར་ཆད་ལ་སྐུད་པས་ཐོགས་པར་གང་མཐོང་བ་དེ་ཡང་སྔོན་དགེ་སློང་ཡིན་ཏེ་།རྙེད་པ་འཛིན་པར་བྱེད་པ་ན། དེ་སེར་སྣས་ནོན་པས ་དུས་བསྣོར་ཏེ་དབྱར་གྱི་གང་ཡིན་པ་དེ་ནི་དགུན་གྱིར་བྱས་དགུན་གྱི་གང་ཡིན་པ་དེ་ནི་དབྱར་གྱིར་བྱས་པས་ལས་དེའི་རྣམ་པར་སྨིན་པས་རྐེད་པར་ཆད་ལ་སྐུད་པས་ཐོགས་ཤིང་འགྲོའོ་ཞེས་བྱ་བའོ། །ཆོས་སྨྲས་པ་ལ་སོགས་པ ་བསྲུང་བའི་ལེའུ་སྟེ་གསུམ་པའོ།། །།གཞན་ཡང་མདོ་སྡེ་དག་ལས་གནོད་པ་ཆེན་པོ་དག་གསུངས་ཏེ། རེ་ཞིག་འཕགས་པ་ནམ་མཁའ་ཨི་སྙིང་པོའི་མདོ་ལS། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་པོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། ་རྩ་བའི་ལྟུང་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་།ཕམ་པར་གྱུར་ཅིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན། ་རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་གམ་དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ་འཕྲོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་པ་དང་པོའོ། །གང་ཡང་ཆོས་སྤོང་ཞིང་འགོག་ཏུ ་འཇུག་སྟེ་།ཉན་ཐོས་ངེས་པར་འབྱུང་བ་བཤད་པ་འམ་།རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་བཤད་པ་འམ་།ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ། །གང་ཡང་དེའི་ཕྱིར ་རབ་ཏུ་བྱུང་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ། བསླབ་པ་གཟུང་ཡང་རུང་མ་བཟུང་ཡང་རུང། ཚུལ་ཁྲིམས་འཆལ་པ་ཡང་རུང་ཚུལ་ཁྲིམས་དང་ལྡན་པ་ཡང་རུང་སྟེ་།དེའི་གོས་ངུར་སྨྲིག་འཕྲོག་གམ་ཁྱིམ་ན་གནས་པར་བྱེད ་དུ་འཇུག་གམ་ལུས་ལ་ལག་ཆས་བསྣུན་ནམ་བརྩོན་རར་འཇུག་གམ་སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གསུམ་པའོ། །རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ། མིའི་སྲོག་གཅོད་པ་དང་ཕ་དང་བཅོམ་ལྡན་འདས་ཀྱིས་ཉན ་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང། དགེ་འདུན་འདུམ་པ་བྱེད་པ་དང། ཆེད་དུ་བསམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ་།མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད ་པ་འདི་ནི་རྩ་བའི་ལྟུང་བ་བཞི་པའོ། །རྒྱལ་རིགས་གང་ཡང་རུང་རྒྱུ་མེད་པར་སྨྲ་བར་གྱུར་ལ་།འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ་།མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་ཤིང་སེམས་ཅན་གཞན་མང་པོ་དག་ཀྱང་མི་དགེ་བ་བཅུའི་ལS ་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ་།འདུལ་ཞིང་འཛུད་པ་འགོད་པ་འདི་ནི་རྩ་བའི་ལྟུང་བ་ལྔ་པའོ། །དེ་བཞིན་དུ་སྦྱར་ཏེ་གང་ཡང་གྲོང་འཇོམས་པ་དང་ལྗོངས་འཇོམས་པ་དང་གྲོང་ཁྱེར་འཇོམས་པ་དང། ཡུལ་འཁོར་འཇོམས་པར་བྱེད་པ་འདི་ཡང་རྩ ་བའི་ལྟུང་བའོ། །དེ་བཞིན་དུ་སྦྱར་ཏེ་།རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ལས་དང་པོ་པ་རྣམས་ཀྱི་རྩ་བའི་ལྟུང་བ་བརྒྱད་དེ་རྩ་བའི་ལྟུང་བ་དེ་དག་གིས་ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པ་ལས་དང་པོ་པ་འཁྲུལ་པ་རྣམས་དགེ ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་ཕམ་པར་འགྱུར་ཞིང། ལྷ་དང་མི་དང་ཐེག་པ་ཆེན་པོའི་བདེ་བའི་གནས་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར། །ཡུན་རིང་པོར་འཁོར་བ་ན་འཁོར་བར་འགྱུར། དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་རོ། ། ་བརྒྱད་གང་ཞེ་ན། སེམས་ཅན་གང་དག་སྔོན་ཉེས་བར་སྤྱད་པའི་རྒྱུས་སྙིགས་མ་ལྔ་དང་ལྡན་པ་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་བ་དེ་དག་ནི་དགེ་བའི་རྩ་བ་ཆུང་བ་སྟེ་།དགེ་བའི་བཤེས་གཉེན་ལ་བརྟེན ་ནས་ཐེག་པ་ཆེན་པོ་མཆོག་ཏུ་ཟབ་པ་འདི་ཉན་ཏོ། །རིགས་ཀྱི་བུ་བློ་ཆུང་ངུ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ལ་དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའ་ཨི་ལས་དང་པོ་གང་དག་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་མཆོག ་ཏུ་ཟབ་པ་འདི་ཉན་པ་དང་ལུང་ནོད་པ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དེ་དག་ཇི་ལྟར་ཐོས་པ་དང་ཇི་ལྟར་ཆུབ་པར་བྱས་པ་བཞིན་དུ་།སྔ་མའི་བློ་དང་འདྲ་བ་གཞན་དག་གི་མདུན?་དུ་།དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་རྒྱས་པྲ་དྲན་པར་བྱེད་ཅིང་རབ་ཏུ་སྟོན་ལ། དེ་དག ་ནི་ནན་ཏན་ཏུ་མ་སྤྱངས་པས་བྱིས་པ་སོ་སོའི་སྐྱེ་བོ་དག་སྟེ་།མཉན་ནས་སྐྲག་ཅིང་དངང་སྟེ་དངང་བར་འགྱུར་ཞིང། དེ་དག་དངང་ནས་བླ་ན་མད་པེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལོག་སྟེ་ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན་འདི་ནི་བྱང་ཆུབ་སེམS ་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་དང་པོ་སྟེ་།རྩ་བའི་ལྟུང་བ་དེས་རིགས་ཀྱི་བུ་དེ་དགེ་བའི་རྩ་བ་སྔོན་སྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་བམ་པ་གྱུར་ཅིང་མཐོ་རིས་དང་མཐར་པའི་བདེ་བའི་གནས་ལས་ལྟུང་བ་དང་དེའི་བྱང་ཆུབ་སེམས་ཀྱང་བསླུས་ཤིང་ངན་སོང་དུ ་འགྲོ་བར་འགྱུར་རོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གཞན་དག་གང་ཟག་གཞན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་ཤེས་པར་བྱས་ལ། བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་བགས་ཀྱི་ཆོས་བསྟན་པར་བྱ་སྟེ། དཔེར་ན་རྒྱ་མཚོ་ཆེན ་པོར་བགས་ཀྱིས་འཇུག་པ་བཞིན་དུ་བྱའོ། །དེ་བཞིན་དུ་སྦྱར་ཏེ། གཞན་ཡང་བྱང་ཆུབ་སེམས་པ་ལས་དང་པོ་པ་ཁ་ཅིག་ལ་འདི་སྐད་དུ་ཁྱོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་སྤྱད་པར་མི་ནུས་།ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་འཆང་རྒྱ་བར་མི་ནུས་ཀྱིས་།ཁྱད་ཉན་ཐོས་ཀྱི་ཐག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་མྱུར་དུ་སེམས་སྐྱེད་ཅིག་དང། དེས་ན་ཁྱོད་འཁོར་བ་ལས་ངེས་པར་འབྱུང་ངོ་ཞེས་སྨྲས་པ་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་པ་གཉིས་པ་སྟེ ་གང་དུ་ཇི་ལྟར་སྨོས་པའི་བར་དུའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཁ་ཅིག་ལ་འདི་སྐད་དུ་ཀྱེ་སོ་སོར་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་ལེགས་པར་བསྲུངས་པས་ཅི་ཞིག་བྱ། ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སེམས་སྐྱེད་ལ་ཐེག་པ་ཆེན་པོ་ལྷོགས་ཤིག་དང། དེས་ན་ཁྱོད་ཀྱི་ཉོན་མོངས་པའི་རྐྱེན་གྱིས་ལུས་དང་ངག་དང་ཡིད་རྣམས་ཀྱིས་མི་དགེ་བའི་ལས་གང་བསྒྲུབས་པ་དེ་དག་རྣམ་པར་སྨིན་པར་མི་འགྱུར་བར་དག་པར་འགྱུར་རོ་ཞེས་སྨྲས་པ་འདི་ནི ་བྱང་ཆུབ་སེམས་དཔའ་ཨི་ལས་དང་པོ་པའི་རྩ་བའི་ལྟུང་བ་གསུམ་པ་སྟེ་གོང་དུ་ཇི་སྐད་སྨོས་པའི་བར་དུའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཁ་ཅིག་ལ་འདི་སྐད་དུ་རིགས་ཀྱི་བུ་དག་ཁྱོད་ཉན་ཐོས་ཀྱི་ཐེག་པ་པའི་གཏམ་མ ་ཉན་ཅིག་མ་ཀློག་ཅིག་གཞན་དག་ལ་ལུང་མ་འཕོག་ཅིག་ཉན་ཐོས་ཀྱི་ཐེག་པའི་གཏམ་ཆོབས་ཤིག་ངེས་ནི་ཁྱོད་ཀྱིས་འབྲས་བུ་ཆེན་པོ་རྙེད་པར་མི་འགྱུར་ཞིང་གཞི་དེས་ནི་ཁྱེད་ཀྱི་ཉོན་མོངས་པ་མཐར་འབྱིན་པར་མི་ནུས་ཀྱིས། ཐེག་པ་ཆེན་པོའི་གཏམ་འདི་ཉིད ་ལ་དད་པར་གྱིས་ཤིག་ཐེག་པ་ཆེན་པོ་ཉོན་ཅིག་།ཐེག་པ་ཆེན་པོ་ལྷོགས་ཤིག་།གཞན་དག་ལ་ཡང་ལུང་ཕོག་ཅིག་དང། དེས་ན་ཁྱོད་ཀྱི་ངན་འགྲོ་དང་ངན་སོང་གི་ལམ་ཐམས་ཅད་ཞི་བར་འགྱུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར ་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྨོས་ལ་།གལ་ཏེ་དེ་དག་གིས་དེའི་ཚིག་བཞིན་དུ་མཉན་ཏེ་འདི་འདྲ་བའི་ལྟ་བར་འགྱུར་བ་བླངས་ན་གཉིས་ཀ་ལ་སྔ་མ་བའི་ལྟུང་བར་འགྱུར་ཏེ་།དེ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་བཞི་པའོ། །གཞན ་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དག་ལྕེ་གཉིས་བྱེད་པ་ཡིན་ཏེ། གཞན་དུ་སྟོན་ཅིང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་འཐོབ་པ་དང་བཀུར་སྟིའི་ཕྱིར་ཐེག་པ་ཆེན་པོ་འདི་ཚིག་ཏུ་འདོན་པ་དང། ཁ་ཏོན་བྱེད་པ་དང། ཀླག་པ ་དང་སྟོན་པ་དང། ཐོས་པ་ཙམ་གཞན་ལ་ཡང་སྟོན་ལ། འདི་སྐད་དུ་བདག་ནི་ཐེག་པ་ཆེན་པོ་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྨྲ་ཞིང། གཞན་དག་གིས་ཕ་རོལ་པོ་གང་དག་ལས་ལོང་སྤྱོད་དང་ཡོངས་སུ་སྤྱོད་པ་རྙེད་པར་འགྱུར་བ་དེའི་རྐྱེན་གྱིས། འཐོབ་པ་དང ་བཀུར་སྟིའི་ཕྱིར་དེ་དག་གཞན་དག་ལ་ཕྲག་དོག་བྱེད་དེ། དེ་དག་འཁྲུགས་པར་འགྱུར་ཞིང། དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་དོ། །སྨོད་དོ་བཤུད་དོ་རྣམ་པར་སྨོད་དོ། །དེ་དག་ལ་འདུད་པ་དེ་རྣམས་ལ་ཡང་ཕྲག་དོག་གི་རྒྱུས་བདག་བསྟོད་ཅིང་མིའི ་ཆོས་བླ་མ་བདག་ཉིད་ལ་སྒྲོགས་སོ། །དེའི་ཕྱིར་དེ་དག་དངོས་པོ་དེས་ཕམ་པར་འགྱུར་ཞིང་ཐེག་པ་ཆེན་པོའི་བདེ་བ་ལས་ལྟུང་སྟེ་།དེ་དག་ལ་ལྕི་བ་ཆེན་པོའི་ལྟུང་བ་དེ་འབྱུང་ཞིང། དེས་ན་ངན་སོང་དུ་འགྲོ་བར་འགྱུར་རོ། །དཔེར་ན་མི་ལ་ལ་ཞིག་རིན་པོ་ཆེའི ་གླིང་དུ་འགྲོ་བར་འདོད་ནས་གྲུ་ལས་རྒྱ་མཚོར་ཞུགས་ལ། དེ་རྒྱ་མཚོ་ཆེན་པོའི་ནང་དུ་བདག་ཉིད་ཀྱིས་གྲུ་བཤིག་ནས་དེ་ཉིད་དུ་འཆི་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཐེག་པ་ཆེན་པོའི་རྒྱ་མཚོར་འཇུག་པར་འདོད་པ་གང་དག་ཕྲག ་དོག་གི་རྒྱུས་དེ་དང་དེ་སྨྲས་ཏེ་དེའི་རྐྱེན་གྱིས་དེ་དག་གི་དད་པའི་གྲུ་བཤིག་ནས་ཤེས་རབ་ཀྱི་སྲོག་དང་བྲལ་བར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱིས་པ་དེ་དག་ལ་ཕྲག་དོ་གི་རྒྱུ་དང་བརྫུན་གྱི་རྐྱེན་གྱིས་ལྕི་བ་ཆེན་པོའི་ལྟུང་བ་འབྱུང ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་ལྔ་པའོ། །གཞན་ཡང་མ་འོངས་པའི་དུས་ན་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་སེམས་དཔའ་ནན་ཏན་དུ་སྦྱངས་པ་མཁས་པ་སྦྱངས་པ་སྐྱེས་བུ་ཆེན ་པོའི་གཟུངས་དང་བཟོད་པ་དང་ཏིང་ངེ་འཛིན་གྱིས་ས་ལ་ལེགས་པར་སྦྱངས་པ་བྱས་པ་རྣམས་ཀྱི་སྤྱོད་ཡུལ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་གང་ཡིན་པ་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་འཛིན་ཅིང་ཚིག་ཏུ་འདོན་ལ་ཁ་ཏོན་དུ་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཀློག ་ཅིང་རབ་ཏུ་སྟོན་ཏེ་།ཆོས་འདི་དག་ནི་ཁོ་བོ་ཉིད་ཀྱིས་བློས་རྟོགས་ནས་ཁོ་བོ་སྙིང་རྗེ་བས་དེ་བཞིན་དུ་ཁྱོད་ལ་བསྟན་གྱིས་ཁྱོད་ཀྱིས་ཀྱང་ཅི་ནས་འདི་སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ལ་མངོན་སུམ་དུ་འགྱུར་བ་དེ་ལྟར་སྒོམས་ཤིག་།དེ་ལྟར་བྱས་ན་ཁྱོད་ད་ལྟར་ཁོ ་བོ་བཞིན་དུ་ཡེ་ཤེས་མཐོང་བར་འགྱུར་རོ། །ཞེས་སྨྲའི་འདི་སྐད་དུ་ཁོ་བོས་མདོ་སྡེ་ཟབ་མོ་ཟབ་པ་འདི་ལྟ་བུ་འདི་བཀླགས་པ་ཙམ་གྱིས་བསྟན་པར་ཟད་ཀྱི་མངོན་སུམ་དུ་བྱས་ལ་ནི་མ་ཡིན་ནོ་ཞེ་ནི་མི་སྨྲ་སྟེ་རྙེད་པ་དང་བཀུར་སྟིའི་ཕྱིར་བདག་འཚོང་ཞིང་།དེའི་རྐྱེན ་གྱི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམS་དཔའ་དང་འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྤྱན་སྔར་ཉེས་པ་དང་བཅས་པ་ཡིན་ཏེ་ལྕི་བ་ཆེན་པོའི་ལྟུང་བར་འགྱུར་རོ། ། ་ཐེག་པ་ཆེན་པོས་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ། །དེ་ནི་ཉན་ཐོས་ཀྱི་ཐེག་པར་ཡང་མི་འགྱུར་ན་ཐག་པ་ཆེན་པོ་ལ་འཇུག་པར་ཁྱད་པར་འཐོབ་པ་ལྔ་སྨོས་ཀྱང་ཅི་དགོས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས ་དཔེར་ན་མི་ལ་ལ་ཞིག་འབྲོག་དགོན་པ་ཆེན་པོར་ཆས་ལ་བཀྲེས་པ་དང་སྐོམ་པས་ཉེན་པས་དེ་དེར་ཁ་ཟས་ཀྱི་ཕྱིར་འབྲས་བུ་ཆེན་པོའི་ཤིང་ལ་འཇིགས་ལ། དྲི་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་མ་མྱངས་པར་འབྲས་བུ་ཆེན་པོའི་ཤིང་བོར་ཏེ། དུག་གི་ཤིང ་ལ་འཛེགས་ནས་དུག་གི་འབྲས་བུ་ཟོས་ལ་ཟོས་ནས་ཀྱང་འཆི་བའི་དུས་བྱས་བ་ལྟར་གང་ཟག་དེ་ཡང་དེ་དང་འདྲའོ་ཞེས་སྨྲའོ། །གང་དག་རྙེད་པར་དཀའ་བའི་མི་རྙེད་ལ་རྙེད་ནས་དགེ་བའི་བ་ཤེས་གཉེན་ལ་བརྟེན་ཏེ་ཐེག་པ་ཆེན་པོ་ལ་འཇུག་པར་འདོད་ལ། རྙེད་པ ་དང་བཀུར་སྟིའི་རྒྱུས་བདག་ལ་བསྟོད་ཅིང་གཞན་ལ་སྨོས་པས་ལྕི་བ་ཆེན་པོའི་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། ལྟུང་བཅི་བ་དེས་མཁས་པ་ཐམས་ཅད་ཀྱིས་སྨད་པར་གྱུར་ལ་ངན་སོང་དུ་འགྲོ་བའི་མི་གང་ཟག་དེ་ལྟ་བུ་ནི་རྒྱལ་རིགས་དང་བྲི ་ཟེ་དང་རྗེའུ་རིགས་དང་།དམངས་རིགས་ཐམས་ཅད་ཀྱིས་བསྡེན་པར་བྱ་བ་མ་ཡིན་ནོ། །གང་དེ་ལ་བརྟེན་པ་དེ་ནི་མཁས་པ་ཐམས་ཅད་ཀྱིས་སྤངས་པར་འགྱུར་ཏེ་།འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་དྲུག་པའོ། །རིགས་ཀྱི་བུ་གཞན་ཡང ་མ་འོངས་པའི་དུས་ན་།རྒྱལ་རིགས་རྣམས་ཀྱི་མདུན་ན་འདོན་གདོལ་པ་དང?་བློན་པོ་གདོལ་པ་དང་ཤོར་བ་གདོལ་པ་དང་བློན་པོ་མཁས་བེད?་རྒྱལ་ཅན་ནོར་ཆེ་བ་ལོང་སྤྱོད་ཆེ་བ་དག་འབྱུང་སྟེ་།དེ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམ་པ་མང ་པོ་དག་ལ་སྣད་སྟེ་།གཏོད་བས་རྒྱགས་ཤིང་དྲེགས་པ་དེ་དག་ད་རྒྱལ་དང་རྒྱགས་པ་དང་དྲེགས་པས་།རྒྱལ་རིགས་དང་དགེ་སྦྱོད་དང་དགེ་སྦྱོད་དང་རྒྱལ་རིགས་རྣམས་འབྱེད་པའི་དབེན་བྱེད་ཅིང་དེ་དག་རྒྱལ་རིགས་བསྟེན་ནས་དགེ་སྦྱོང་རྣམས་ལ་ཆད་པS་གཅེད?་དུ་འཇུག་ཆད་པS་ནོར ་ཕྲོག་ཏུ་འཇུག་སྟེ་།གནོད་པ་དེས་དགེ་སྦྱོད་དེ་དག་གང་ཟག་གི་འམ་དགེ་འདུན་གྱི་འམ་ཕྱོགས་བཞིའི་དགེ་འདུན་གྱི་འམ་མཆོད་རྟེན་གྱི་དག་དགེ་སྦྱོད་རྣམས་རྐུད་བཅུག་ནས་དེ་དག་ལ་སུག་ཏུ་འབུལ་ལོ། །གདོལ་པ་དེ་དག་གིས་ཀྱང་རྒྱལ་རིགས་དེ་དག་ལ ་འབུལ་བར་འགྱུར་ཏེ་དེ་དག་གཉིས་?་རྩ་བའི་ལྟུང་བར་འགྱུར་རོ། །འདི་ནི་རྩ་བའི་ལྟུང་བ་འདུན་པའོ། །རྒྱལ་རིགས་གདོལ་པ་དེ་དག་ཀྱང་དགེ་སྦྱོང་ནམས་ལ་རབ་ཏུ་སྡང་བར་འགྱུར་ཏེ་།ཆོས་འདི་ལྟ་བུ་ནི་ཆོས་མ་ཡིན་པར་འདོགས་ཤིང་ཆོས་སྤངS ་ནས་ཆོས་མ་ཡིན་པ་ལ་འཇོག་པར་འགྱུར་རོ། །མདོ་དང་འདུལ་བ་དང་བསླབ་པ་ལ་མི་ལྟོ་ཞིང། ནག་པོ་བསྟེན་པ་དང་ཆེན་པོ་བསྟན་པ་སྤངས་ཏེ་།སྙིང་ཆེ་ཆེན་པོའི་ཚུལ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པའི་བསླབ་པ་དང་མདོ་སྡེ ་གཞན་དག་ལས་བསླབ་པ་བསྟན་པ་དེ་དག་ཀྱང་སྤངས་ནས་ཆོས་འདི་ལྟ་བུ་དང་ལྡན་པའི་དགེ་སློང་རྣམས་ལ་གཙེ་བའི་ཕྱིར་བཀའ་ཁྲིམས་གང་གིས་དགེ་སློང་རྣམས་ལ་གནོད་པར་འགྱུར་བ་དང། ཞི་གནས་དང་ལྷག?་མཐོང་དང་མཐུན་པའི་རྣལ་འབྱོར ་ཡིད་ལ་བྱེད་པ་འདོར་པར་བྱེད་པ་དང། འཕྱེ་བ་དང་གནོད་སེམས་མང་དུ་འགྱུར་བའི་ཁྲིམས་འཆའ་བར་བྱེད་དོ། །རྒྱུ་དེས་ན་དགེ་སློང་རྣམས་ཉེ་བར་མ་ཞི་བའི་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་མི་འགྱུར་བསྲབས་པར་མ་འགྱུར་རོ། །དེའི་ཚེ་དགེ་སློང?་དེ་དག་བསམ ་པ་ཉམས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར། ཆོ་ག་ཉམས་པར་འགྱུར་།ལྟ་བ་ཉམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་།སྒྱིད་ལུག་པར་གྱུར་པ་དང། བྱ་བ་མང་བར་གྱུར་པ་དང། དགེ་སྦྱོད་མ་ཡིན་པར་དགེ་སྦྱོད་དུ་ཁས་འཆེ་བ་དང། ཚངས?་བར་སྤྱོད ་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་ལུང་བོད་ལྟར་སྤྱོད་པས་སོ། །རེག་པར་བྱ་བའི་ཆོས་སྟོན་པ་དེ་དག་ལྷག་པར་རྒྱལ་རིགས་འཁོར་དང་བཅས་པས་བཀུར་སྟི་བྱས་པར་འགྱུར་རིམ་གྲོ་དང་མཆོད་པ་བྱས་པར་འགྱུར་རོ། །དེ་དག་ཀྱང་ཁྱིམ་པ་རྣཾS?་ལ་དགེ་སློང་སྤོང་བར?་བརྩོན ་རྣས་ཀྱིS་བསྔགས་པ་མ་ཡིན་པ་བརྗོད་པར་འགྱུར་རོ། །རྒྱལ་རིགས་འཁོར་དང་བཅས་པ་དེ་ཡང་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ལ་རབ་ཏུ་སྡད་བར་འགྱུར་འཕྱ་བར་འགྱུར་ཏེ། དེས་ནི་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་གང་ཡིན་པ ་དེ་དགེ་སློང་ཁ་ཏོན་བྱེད་པ་ལ་དགའ་བ་རྣམས་ལ་སྦྱིན་པར་འགྱུར་ཏེ་།དེ་དག་གཉི་ག་ལ་ཡང་རྩ་བའི་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་།དགེ་སློང་བསམ་གཏན་པ་ནི་ཞིང་དམ་པ་ཡིན་གྱི་།ཀློག་པ་དང་ཞལ་ཏ་བྱེད་པ་ལ་གནས་པ་དང་ཀློག་པ་ལ་བརྩོན ་པ་ནི་ཏིང་ངེ་འཛིན་དང་གཟུངས་དང་བཟོད་པའི་ས་རྣམས་ཀྱི་སྣོད་དུ་གྱུར་པ་འམ་ཤིན་ཏུ་སྦྱིན་གནས་སུ་འགྱུར་རམ། སྣོད་དུ་གྱུར་པ་དང། འཇིག་རྟེན་ལ་སྣང་བར་བྱེད་པ་འམ་ལམ་ཉེ་བར་སྟན་པར་བྱེད་པ་འམ་ལས་ཀྱི་ཞིང་དང་ཉོན་མོངས་པའི་ཞིང་ལས ་སེམས་ཅན་རྣམས་སྒྲོལ་བ་དང་མྱ་ངེན་ལས་འདས་པར་འགྲོ་བའི་ལམ་ལ་འཇོག་པ་མ་ཡིན་པའི་ཕྱིར་ཏེ། རིགས་ཀྱི་བུ་བརྒྱད་པོ་འདི་དག་ནི་རྩ་བའི་ལྟུང་བའོ་ཞེས་གསུངས་སོ། །འདི་དག་གི་ངེས་པར་འབྱུང་བ་ཡང་མདོ་འདི་ལས ་གསུངས་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ཨི་སྙིང་པོའི་མིང་ཐོས་ནས་ངན་སེང?་དུ་ལྟུང་བས་འཇིགས་པའི་ཕྱིར་མཐོང་བར་འདོད་ཅིང་རྩ་བའི་ལྟུང་བ་འཆགས?་པར་འདད་ལ། གལ་ཏེ་དེ་དག་བྱང་ཆུབ་སེཾས་དཔའ་?་སེཾས་དཔའ་?་ཆེན ་པོ་ནམ་མཁའ་ཨི་སྙིང་པོ་ལ་ཕྱག་འཚལ་ཞིང་དེའི་མིང་ཡང་བརྗོད་ན་།རིགས་ཀྱི་བུ་དེ་དག་གི་མདུན་དུ་སྐལ་པ་ཇི་ལྟ་བ་བཞིན་དུ་དེ་རང་གི་གཟུགས་ཀྱི་གནས་པར་འགྱུར་ཏེ་།བྲམ་ཟེའི་གཟུགས་ནས་བུ་མོའི་གཟུགས་ཀྱི་བར་གྱིས་མདུན་དུ་གནས་པར་འགྱུར་རོ། །བྱང ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ལ་ལྟུང་བ་ཇི་ལྟ་བུ་བྱུང་བ་དེ་དག་འཆགས་སུ་འཇུག་གོ་།དེ་ཐབས་ལ་མཁས་པ་ཟབ་མོ་དང། ཐེག་པ་ཆེན་པོ་ལ་སྤྱད་པ་འང?་ཉེ་བར་སྟོན་ཏོ། །ཕྱིར་མི་ལྡོག་པའི་སའི་བར་ལ་ཡང་རབ་ཏུ་འཇོག་གོ། དེ་བཞིན་དུ་སྦྱར་ཏེ་།གལ་ཏེ་དེ ་ལ་གསོལ་བ་འདེབས་པ་གང་ཡིན་པ་དེ་དག་ལ་མངོན་དུ་སྟོན་པར་མི་བྱེད་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་དེས་ཐོ་རངས་ལངས་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ་འདུག་པས་བདུག་པར་བྱ་།ལྷའི་བུ་སྐྱ་རེངས་ལ་གསལ་བ་གདབ་པར ་བྱ་སྟེ་།ཚིག་འདི་སྐད་དུ་སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་སྐལ་པ་ཆེན་པོ་ཁྱོད་ཛམྦུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ་།ནམ་མཁའ་ཨི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས ་གང་གིས་བདག་ལྟུང་བ་འཆགས་པར་འགྱུར་བ་དང་ཐེག་པ་ཆེན་པོ་འཕགས་པ་ལ་ཐངས་དང་ཤེས་རབ་འཐོབ་པར་འགྱུར་བའི་ཐབས་དེ་བདག་གིས་རྨི་ལམ་དུ་བསྟན་དུ་གསོལ་ཞེས་སྨྲས་ལ། དེའི་ཚེ་དེ་མལ་དུ་གཉིད་ལོག་པར་བྱ་སྟེ་ཛམྦུའི་གླིང་འདིར་སྐྱ་རེངས་ཤད ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ཨི་སྙིང་པོ་དང་ཕྲད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་དུ་དེའི་གཟུགས་མདུན་དུ་འདུག་སྟེ་རྩ་བའི་ལྟུང་བ་དེ་དག་འཆགས་སུ་འཇུག་གོ་།དེ་ལ་ཐེག་པ་ཆེན་པོའི་ཐབས་ཀྱི་ཐབས་ཤེས་པ་འདི་ལྟ་བུ་ཡང་? ་ཏེ། ཐབས་ཤེས་པ་ལ་མཁས་པ་ངེས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེས། དེས་ཉིད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པོ། །ཐེག་པ་ཆེན་པོ་ལ་བརྟན་པོར་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་ན་མདོ་སྡེ་དེ་ཉིད་ལས ་གསོལ་བ་གདབ་པའི་སྔགས་སྔར་སྨོས་པ་གང་ཡིན་པ་དེས་ཆོ་ག་འདི་བྱས་ཏེ་དེ་ལས་འདི་སྐད་དུ་བྱུང་དོན་དགོན་པའམ་ནགས་འདབ་བམ་བླ་ག་མ་མེད་པར་ཨ་ཀ་རཱུམ་རྒྱ་སྤོས་སམ་དུས་ཀྱི་རྗེས་སུ་འབྲང་བས་བདུགས་ལ་ཐལ་མོ་སྦྱར་ཏེ་ཕྱོགས་དང་ཕྱོགས་མཚམས ་ཀུན་ཏུ་ཡན་ལག་ལྔས་ཕྱག་བྱས་ལ་སྔགས་ཀྱི་ཚིག་འདི་དག་བརྗོད་པར་བྱའོ། །འདི་ལྟ་སྟེ། སུ་སྨྲ་ཤི་ཀཱ་རུ?་སྨྲ་ཤ་ཀཱ་རུ་ཎི་ཀ་།ཙ་ར་ཙ་ར་བི་ཙ་ར། སཉྩ་ར། ཀཱ་རུ་ཎི་ཀ། མུ་ར་མུ་ར་བེ་ག་རདྷ་རི་།མུཙ་མེ། བྷུ་ཝུ་ཛ་ཤ་ཏ། ཀཱ་རུ་ཎི་ཀ། ཙིན་ཏཱ་མ་ཎི་པཱ་ར་ཡ། ཀཱ་རུ་ཎི་ཀ་སརྦ་ཤཱ་མ་སྠ་པ ་ཡ། ཨཱཛྙ་དྷ་རཱི་སྤུ་གུང་སཕུ་གུང། རུ་ཏི་བི་བེ་ཀ་གུ:། གྲཥྚི་བི་བེ་ཀ་གུ། པཱུ་ར་ཡ་ཀཱ་རུ་ཎི་ཀ། པཱུ་ར་ཡང་ཏུ་མ་མ་ཨཱ་ཤ་།སརྦ་ཐ་ཙ། ཨ་ཤོ་ཀ་གཏི་སྭཱཧཱ། ཆོ་ག་ནི་སྔ་མ་བཞིན་ནོ། །ནད་དང་སྡུག་བསྔལ་ཐམས་ཅད་དང་འཇིགས་པ་ཐམས་ཅད་དང་ཡོ་བྱད་ཀྱི་ཕོངས་པ་ཐམས་ཅད་གསལ ་བ་དང་འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར་བྱའོ། །གལ་ཏེ་རྒྱལ་རིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་ན་ཇི་ལྟར་དེ་དག་གི་ལྟུང་བ་ངེས་ཤིང་གཞན་དག་གི་ནི་མ་ངེས་ཇི་སྟེ་དེ་དག་སྡོམ་པ་ཅན་མ་ཡིན་ན་ནི། དེ་དག་གི་ལྟུང་བར་ཇི་ལྟར་རྣམ་པར་གཞག་ཅིང། སྡོམ ་བ་ཅན་དག་ཉེས་པ་དེས་ཟིན་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདི་ནི་ཉེས་པ་མེད་དེ་དེ་གང་དུ་གང་དག་ལ་མང་དུ་འབྱུང་བ་དེ་དག་ལ་དེར་རང་གི་མིང་ནས་སྨོས་ཏེ་བསྟན་ནས་འཇིག་པ་བསྐྱེད ་པའི་ཕྱིར་བཟློག་གོ་།ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དུ་ལྟུང་བ་ཐམས་ཅད་སྤངས་པར་བྱའོ། །རང་བཞིན་གྱི་ཁ་ན་མཐོ་བ་ཆེ་བས་ན་གང་གིས་ཡང་དག་པར་མ་བླངས་ན་ཡང་སྐལ་བ་མེད་པ་དང་དགེ་བའི་རྩ་བ་འཆད་པར་འགྱུར་བ་དེས་ ་སྡོམ་པ་ཅན་ལ་ཤིན་ཏུ་ཆེས་འགྱུར་ཏེ་དེ་ལྟར་དཔྱད་པས་ཆོག་གོ་།ཐབས་ལ་མཁས་པའི་མདོ་ལས་ཀྱང་རྩ་བའི་ལྟུང་བ་གསུངས་ཏེ་།རིགས་ཀྱི་བུ་བཞན་ཡང་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་ལ་སློབ་ཅིང་བསྐལ་པ་བརྒྱད་སྟོང་དུ་རྩ་བ ་དང་འབྲས་བུ་ཟ་བ་གྱུར་ལ། སེམས་ཅན་རྣམས་གྱིས་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་བཟོད་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་གནས་ན་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ལྟུང་བ་ལྕི་བའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར ་ན་ཉན་ཐོས་ཀྱི་ཐེག་པ་ཅན་ལ་རྩ་བའི་ལྟུང་བ་བྱུང་ན་ཕུང་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་སྐལ་བ་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་ལྟུང་བ་མ་བཤགས་ཤིང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དེ་མ་སྤངས་ན་སངས་རྒྱས་ཀྱིས ་ལ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་སྐལ་བ་མེད་དོ་ཞེས་འབྱུང་ངོ། །རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་གཟུང་བ་དང་འགའ་ཞིག་གི་ལུས་གནས་པར་བྱ་བའི་ཕྱིར་བསྡུ་བའི་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ། །དཀོན་མཆོག་གསུམ་གྱི ་དཀོར་ཁྲོགས་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྡོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང། །དུར་སྨིག་འཕྲོགས་དང་བརྡེག་པ་དང། །བཙོན་རར་འཇུག་པ་བྱེད་པ ་དང། །རབ་ཏུ་བྱུང་ལས་འབེབས་པ་དང། །མཚམས་མེད་ལྔ་པོ་བྱེད་པ་དང། །ལོག་པར་ལྟ་བ་འཛིན་པ་དང། །གྲོང་ལ་སོགས་པ་འཇིག་པ་ཡང། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ ་དང། སངས་རྒྱས་ཉིད་ལ་ཞུགས་པ་དག་།རྫོགས་པའི་བྱང་ཆུབ་ཟློག་པ་དང། །སོ་སོར་ཐར་པ་ཡོངས་སྤངས་ཏེ་།ཐེག་པ་ཆེ་ལ་སྦྱོར་བ་དང། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན ་འཇུག་དང། །རང་གི་ཡོན་ཏན་བརྗོད་པ་དང། །རྙེད་པ་དང་ནི་བཀུར་སྟི་དང། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང། །དགེ་སྦྱོང་ཚད་པས་གཅོད་འཇུག་དང། །དཀོན་ཆོགས་གསུམ ་གྱིས་སྦྱིན་བྱེད་དང། །སྦྱིན་པ་ལེན་པར་བྱེད་པ་དང། །ཞི་གནས་འདོར་པར་བྱེད་པ་དང། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ ་ནམ་མཁའ་ཨི་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང། །ཆགས་དང་སེར་སྣ་མི་བཟང་པས། །སློབ་ལ་སྦྱིན་པར་མི་བྱེད་དང། །བསྒྲིམས་ཏེ་དགའ་བར་བྱེདཔ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས ་སེམས་ཅན་བརྡེག་པ་དང། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ། །འཕགས་པ་སའི་སྙིང་པོའི་མདོ་ལས་ཀྱང། ཚངས་པ་ཆེན་པོ་གང་ངའི་ཕྱིར་རབ་ཏུ་བྱུང་བ་།ཚུལ་ཁྲིམས་འཆལ་པ་སྡིག་པ་སྤྱོད་པའི་།དགེ་སློང་ལྗོངས ་པ་ཤིང་རུལ་པ་ལྟ་བུར་གྱུར་པ། དགེ་སྦྱོང་མ་ཡིན་ལ་དགེ་སྦྱོང་དུ་ཁས་འཆེ་བ་དང། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་འཆེ་བ། ཉོན་མོངས་པ་སྣ་ཚོགས་ཀྱིས་བཤིག་པ་ལྟུང་བ་ལམ་པ་ཡིན་ཡང་ཚུལ་ཁྲིམས་འཆལ་པ་སྡིག་པ ་སྤྱོད་པའི་དགེ་སློང་དེ་།དེའི་ཚེ་ན་ཡང་ལྷ་ཐམས་ཅད་དང་མི་རྣམས་ཀྱི་བར་དང་བསོད་ནམས་ཀྱི་གཏེར་དག་གི་བར་སྟོན་པ་དག་དགེ་བའི་བཤེས་གཉེན་ཡིན་ནོ། །དེ་སྣོད་དུ་གྱུར་པ་མ་ཡིན་དུ་ཟིན་ཀྱང། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་དུར་སྨིག་བགོས་ལ ་པ་དང་སྤྱོད་ལམ་བསྟན་པའི་རྒྱུ་དེས་ཀྱང་སེམས་ཅན་མང་པོ་དག་གི་དགེ་བའི་རྩ་བ་སྣ་ཚོགས་སྟོན་པར་བྱེད་པ་དང་བདེ་འགྲོའི་ལམ་སྟོན་པ་ཡིན་ནོ་།དེ་ལྟ་བས་ན་བའི་ཕྱིར་རབ་དུ་འབྱུང་བ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས ་འཆལ་བ་ཡང་རུང་སྟེ་།གང་ངའི་ཕྱིར་རབ་ཏུ་བྱུང་བ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡང་ཆོས་དང་མཐུན་པས་ཀྱང་ལུས་ལ་ཆོད་པས་གཅོད་པ་དང་བཙོན་རར?་འཇུག་བ་དང་ཡན་ལག་དང་ཉིད་ལ་གཅོད་པ་དང་སྲོག་ན་དུ་མི་གནང་ན་ཆོS་མ་ཡིན་པ་ལྟ་ཅི་སྨོས། ཆོས་འདུལ ་བ་ལ་ཤི་བ་ལྟ་བུར་བརྗོད་དུ་ཟིན་ཀྱང་གང་ཟག་གང་གི་ཝང་དང་གླ་རྩི་དང་མཚུངས་ཞེས་གསུངས་སོ། །ཡང་དེ་ཉིད་ལས། དེའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་ཏམ་སྣོད་དུ་མ་གྱུར་ཀྱང་རུང་བ་རྣམས་ལ་གང་དག་འཚོ་བ་དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས ་པའི་སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་ཉེས་པ་དང་བཅས་པ་ཡིན་ནོ། །དགེ་བའི་རྩ་བ་ཆད་པ་དང་རྒྱུད་ཚིག་པ་དང་མནར་མེད་པར་གཞོལ་བ་ཡིན་ནོ་ཞེས་གསུངས་པ་དང། ཡང་དེ་ཉིད་ལས། འདི་ལྟ་སྟེ་།སངས་རྒྱས་ཐཾས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གོས ་དུར་སྨྲིག་འདི་ནི་ཐར་པའི་རྒྱལ་མཚན་ཡིན་ནོ་ཞེS་གསུངས་པ་དང། ཡང་དེ་ཉིད་ལས་དེའི་ཚེ་ཉན་ཐོས་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དང། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་སྔོན་བྱས་པའི་ལས་ཀྱི་སྒྲིབ་པ་འདི་ལྟ་བུར་བཅོམ་ལྡན ་འདས་ལ་འཆགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་ལ་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་རྣམས་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་ཀྱི ་ཐེག་པ་ཅན་གྱི་གང་ཟག་ལ་སྨད་དོ་བཤུངས་སོ་ཁྲོས་སོ་བསྔགས་པ་མ་ལགས་པ་དང་མི་སྙན་པའི་བཀའ་མཆིད་བརྗོད་དོ། །ལས་ཀྱི་སྒྲིབ་པ་དེས་ན་བདག་ཅག་ངན་སོང་གསུམ་དུ་སྡུག་བསྣལ་གྱི་ཚོར་བ་དྲག་པོ་མི་བཟད་པ་རྣམ་པ་མང་པོ ་མྱོང་ངོ། །དེ་བཞིན་དུ་སྦྱར་ཏེ། བདག་ཅག་ལས་ཀྱི་སྒྲིབ་པའི་ལྷག་མ་དེ་ད་ལྟར་བཅོམ་ལྡན་འདས་ལ་འཆགས་སོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་ཚིག་གིས་བསྡིགས་སོ་སྦྱོས་རྒྱད་དོ་ཞེས་འཇེར་ཏོ། །ཁ་ཅིག ་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྣོད་དུ་གྱུར་པ་དང། སྣོད་དུ་མ་གྱུར་པ་རྣམས་ལ་།རྡགས་བསྣན་ཏོ་ཞེས་འཛེར་ཏོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་གོས་ཕྲོགས་སོ་ཞེས་འཛོར?་ཏ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ལོང་སྤྱོད་དང་ཡོངས་སུ་སྤྱོད་པ་རྣམས་ཕྲོགས་སོ་ཞེས་འཛེར་ཏོ། །ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ་རྣམས་ཁྱིམ་པར་ཕབ་སྟེ་གནས་མ་ལགས་པ་ཐོབ་པར་བགྱིས་སོ་ཞེས་འཛར?་ཏོ། །ཁ་ཅིག་ནི ་བཅོམ་ལྡན་འདས་བདག་ཅག་གིS་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་ནོངས་པ་མཆིས་པ་རྣམས་ཁྲི་མོན་དུ་སྩལ་ཏེ་བདག་ཅག་ལས་ཀྱི་སྒྲིབ་པ་དེས་བསྐལ་པ་མང་པོར་ངན་སོང་གསུམ་དུ་སྡུག་བསྔལ་དྲག་པོ་མི་བཟད་པ ་རྣམ་པ་མང་པོ་མྱོང་དོ་ཞེས་འཛེར་ཏོ། །དེ་བཞིན་དུ་སྦྱར་ཏེ་།བདག་ཅག་ད་ལྟར་ལས་ཀྱི་སྒྲིབ་པའི་ལྷག་མ་དེ་བཅོམ་ལྡན་འདས་ལ་འཆགས་སོ། །སླན་ཆད་ཀྱང་སྡོམ་པར་བགྱིད་དོ། །བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གཟུང་དུ་གསོལ། བཅོམ ་ལྡན་འདས་ཀྱིས་བདག་ཅག་ངན་སོང་མི་བཟད་པ་ལས་གདོན་དུ་གསོལ་ཞེས་རྒྱ་ཆེར་གསུངས་སོ།། །།བམ་པོ་བཞི་པ། །རབ་ཏུ་བྱུང་བའི་བར་དུ་གཅོད་པའི་མདོ་ལས་ཀྱང། །གནོད་པ་བསྲུངས་ཏེ། མིང་ཆེན་ཁྱིམ་པ་ཆོས་བཞི་དང་ལྡན་ན་སྐྱེ་བ་དེ་དང་དེར་མི་དལ་བ་རྙེད ་པར་འགྱུར་དམུས་ལོང་དང་བླུན་པ་དང་ལྕེ་མེད་པ་དང་གདོལ་པར་འགྱུར་།ནམ་དུ་ཡང་བདེ་བར་མི་འགྱུར་སྐུར་པ་འདེབས་པ་མང་བར་འགྱུར་།ཟ་མ་དང་མ་ནིད་དང། །རྟག་པར་བྲན་དང་བུད་མེད་དུ་འགྱུར། ཁྱི་དང་ཕག་པ་དང་བོང་བུ་དང་རྔ་མོ་དང་སྤྲུལ ་གདུག་པར་འགྱུར་རོ། །བཞི་གང་ཞེན་།མིང་ཆེན་འདི་ལ་ཁྱིམ་བ་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པའི་སེམས་ཅན་རྣམས་ཀྱི་སྔོན་པར་འབྱུང་བའི་སེམས་དང་རབ་ཏུ་འབྱུང་བའི་སེམས་དང་འཕགས་པའི་ལམ་གྱི ་སེམས་ཀྱི་བར་ཆད་བྱེད་པ་འདི་ནི་དང་པོའོ། །གཞན་ཡང་ནོར་ལ་ཆགས་ཤིང་བུ་ལ་ཆགས་ནས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཏེ། བཱུམ་བུ་མོའམ་ཆུང་མ་འམ་ཉོ་དུའི་ཚིགས?་དབང་ཕྱུག་གི་གནས་ལ་འཁོད་པ་རབ་ཏུ་འབྱུང་པའི་བར་ཆད ་བྱེད་པ་འདི་ནི་གཉིས་པའི་ཞེས་གསུངས་སོ། །གཞན་གཉིས་ནི་དམ་པའི་ཆོས་སྤོང་བ་དང། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཁོང་ཁྲོ་བའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་གནོད་པ་ནི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་།རྣམ་པར་སྨིན་པ་དྲག ་པོ་གསུངས་པ་ལྟ་བུར་བལྟ་སྟེ། དེ་ལས་ཅུང་ཟད་ཙམ་ཞིག་བརྗོད་པར་བྱའོ། །སྲོག་གཅོད་པའི་རྣམ་པར་སྨིན་པ་ཉུང་ཟད་ཅིག་སྨོས་པ་འདི་ལྟ་སྟེ། མེ་ལྕེ་ལ་རྒྱུ་བ་ཞེས་བྱ་བའི་བྱ་ནི་གང་དག་མེའི་རྩེ་མོ་ལ་གནས་ཀྱང་མི་འཚིག་པ་སྟེ། ཤིན་ཏུ་དགའ་ཞིང ་སེམས་ཅན་དམྱལ་བ་པ་རྣཾས་ཀྱི་མགོ་བརྟོལ་ནས་ཁྲག་འཐུང་ངོ། །ཐོད་པའི་ཕྲག་ན་རྒྱུ་བ་ཞེས་བྱ་བའི་བྱ་ནི་གང་དག་ཀླད་པ་བརྟོལ་ནས་རབ་ཏུ་འབར་ཞིང་ཀླད་རྒྱས་འཐུང་བའོ། །ལྕེའི་ཤ་ཟ་བ་ཞེས་བྱ་བའི་བྱ་ནི་གང་དག་ལྕེ་དྲལ་ནས ་མངོན་དུ་ཟ་བ་སྟེ། ལྕེ་དེ་ཟོས་ཤིང་ཟོས་ནས་ཡང་སྐྱེ་སྟེ་། པདྨའི་འདབ་མ་བས་ཀྱང་འཇམ་མོ། །དེ་ལྟར་དོན་དང་མཐུན་པའི་མིང་ཅན་ནོ། །སོ་འབྱིན་ཞེས་བྱ་བ་དང། མགུལ་བའི་མིད་པ་འདྲེན་ཞེས་བྱ་བ་དང། གློ་བ་ལ་གནས་པ་དང། ་པོ་བ་ཟ་བ་དང། མཆིན་པ་རློག་པ་དང། རྒྱུ་མའི་ནང་ཕྲི་ཟ་བ་དང། རྒལ་ཚིགས་ལ་དགའ་བ་ཞེས་བྱ་བ་དང་གཤིས་ཀྱི་གསང་བ་པ་ཞེས་བྱ་བའི་བྱ་རྣམས་ཀྱིས་གང་དག་གཤིས་ཐམས་ཅད་ཕྱེ་སྟེ་གཤིས་ཀྱི་བུ་ག་བརྟོལ་ནས་བུ་གར་ཞུགས་ཏེ ་དུ་བཞིན་པ་རྣམས་ཀྱི་བྲང་གི་སྙིང་ཁྲག་འཐུང་ངོ། །ཁབ་ཀྱི་བུ་ག་ཞེས་བྱ་བའི་བྱ་ནི་གང་དག་ཁབ་ལྟ་བུའི་མཆུས་ཁྲག་འཐུང་བའོ། །དེ་བཞིན་དུ་རུས་པའི་ཕྲག་ན་གནས་པ་དང། པགས་པ་དག་ཟ་བ་དང། སྡེར་མོས་འབྲང་པ་དང། ཚིལ་ཟ་བ་དང། རྒྱུད ་པ་འདོན་པ་དང། སྐྲ་ཤད་འཇིངས་པ་ཞེས་བྱ་བཱི་བྱ་རྣམས་ནི་གང་དག་སྐྲ་རྩ་བ་ནས་འདོན་པའོ། །དེ་ལྟར་དེ་མནར་མེད་པའི་ཕྱོགས་གཅིག་ན་བྱ་འདབ་འཇིགས་ཞེས་བྱ་བ་དཔག་ཚད་སུམ་འབུམ་པར་གྱུར་ཏེ་བྱ་དེ་དག་དང་སེམས་ཅན་དམྱལ་བའི་བྱ ་གཞན་དག་དང་ལྷན་ཅིག་ཏུ་དེ་ལ་ལོ་བརྒྱ་སྟོང་དུ་མར་ཟ་ཡང་ཡང་སྐྱེའོ། །དེ་རྒྱ་ཞིག་ལ་དེ་ནས་ཐར་ཀྱང་དེ་སྡུག་བསྔལ་མང་པོ་བསྐོར་ཏེ། ས་ཕྱོགས་གཉིས་པ་གཡང་སའི་ངམ་གྲོག་ཅེས་བྱ་བ་དེར་འགྲོ་ཞིང། མགོན་འཚོལ་སྐྱབས་དཔུང་གཉེན ་འཚོལ་ལོ། །ཁོར་ར་ཁོར་ཡུག་ཏུ་མེའི་ཕུང་པོ་བཅུ་གཅིག་གིས་བསྐོར་ཏེ། ལས་ཀྱི་ཞགས་པས་བཅིངས་ཤིང་གྲོགས་མེད་ལ། དགྲ་རྣམས་ཀྱིས་ཁོར་ཡུག་ཏུ་བསྐོར་ཏེ་དགོན་པར་ཕྱིན་ཏེ། དེ་སྔར་གྱི་སེམས་ཅན་དམྱལ་བའི་ཚོགས་ཐམས ་ཅན་པས་ཆེས་ལྷག་པའི་སྡུག་བསྔལ་རྙེད་ཅིང་དམ་གྲོག་རབ་ལྷུང་ཞེས་བྱ་བའི་གཡང་སའི་ཕྱོགས་སུ་རྒྱུག་སྟེ། ལྷུང་ནས་རྐང་པ་ཤིན་ཏུ་ཞུའོ། །བཏེག་ན་ནི་ཡང་ཤིན་ཏུ་གཞན་ཞིང་ཤིན་ཏུ་འཇམ་པར་སྐྱེ་ལ་ཆོར་བ་དྲག་པོ་མི་བཟང་པ་རྣམས་ཀྱིས་ཉེན ་ཏོ། །དེ་ལྟར་འཇིགས་པས་དཀྲུགས་པའི་བཞིན་དུ་གྱུར་ནས་རྐང་ལག་དང་ཡན་ལག་དང་ཉིད་ལག་ཐམས་ཅད་རབ་ཏུ་ཞུ་བ་དེ་ལས་ཕྱོགས་དེར་དམ་གྲོག་ཅེས་བྱ་བའི་གཡང་ས་འབྱུང་སྟེ། དེ་ཕྱོགས་དེར་ལྟུང་ཞིང་ངམ་པ་ནས་དཔག་ཚད་སུམ ་འབུམ་དུ་ཡང་གཡང་དུ་ལྷུང་ཞིང། ཡང་ལས་ཀྱི་བྱས་པའི་རླུང་གིས་འདེགས་སོ། །དེ་ལྷུང་བ་ན་བྱ་ཀང་ཀ་དང་ཁྭ་དང་བྱ་རྒོད་དང་འུག་པ་རྣམས་ཀྱིས་ཟའོ། །དེ་ལྟར་དེ་བཏེག་ཅིང་ལྷུང་བ་ན་ལོ་བརྒྱ་སྟོང་ཕྲག་ཏུ་མ་འདའ་བར་འགྱུར་རོ། །བརྒྱ་ཞིག་ལ ་དེ་ནས་ཐར་ཀྱང་ཡོངས་སུ་བསྐོར་བའི་འཁོར་ལོའི་མཚན་མའི་ཕྲག་ཅེས་བྱ་བའི་ཕྱོགས་སུ་རྒྱུག་སྟེ་།ཕྱོགས་དེར་ཡང་འཁོར་ལོ་རྡོ་རྗེའི་ལྟེ?་བ་ཅན་མེ་ལྕེ་རྣོན་པོ་འབར་བ་མྱུར་དུ་བསྐོར་བའི་འཁོར་ལོ་སྟོང་འབྱུང་བར་འགྱུར་ཏེ ་དེ་དེར་སོང་མ་ཐག་ཏུ་ལུས་ལ་འཁོར་ལོ་དེ་དག་བབ་ནས་འཁོར་རོ། །དེ་བཞིན་དུ་སྦྱར་ཏེ་།ཡན་ལག་སོ་སོ་ཐམས་ཅད་ཀྱང་བཤིག་ནས་བསྲེག་གོ་།དེའི་རྐང་མཐིལ་ནས་ནི་གསལ་ཤིང་གིས་འབིགས་སོ། །དེ་ལྟར་གནང་འཇོམས་པའི་རི་ལ ་གནད་འཇོམས་པའི་སྲོག་ཏུ་གྱུར་པ་རྣམས་ཀྱིས་ཕྱིན་རྡུལ་ཕྲ་རབ་ཙམ་ཡན་ཆད་ཟོས་པར་འགྱུར་རོ། །ཟོས་ཤིང་ཟོས་ནས་ཀྱང་ཡང་ཤིན་ཏུ་གཞོན་པར་སྐྱེའོ། །ཤིན་ཏུ་གཞོན་ཤ་ཅན་ཉིད་ཀྱིས་ཀྱང་སྡུག་བསྔལ་དྲག་པོ་འབྱུང་བར་འགྱུར ་ཏེ། ཟོས་ཤིང་ཟོས་ནས་ཀྱང་དེ་ལ་ཤ་ཆེས་ཆེ་བར་སྐྱེ་བར་འགྱུར་ཏེ་།སྲོག་གཅོད་པ་བྱས་ཤིང་བསགས་པ་དེའི་འབྲས་བུ་ནི་དེ་ཡིན་ཏོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་གསུངས་པ། ཉེས་པར་བྱས་པའི་ལས་ཀྱི་མཛའ་བྱེད་པ་དེ། མགལ ་མེ་བསྐོར་བ་དང་སྤྲུལ་པ་དང་དྲི་ཟའི་གྲོང་ཁྱེར་དང་སྨིག་རྒྱུ་ལྟ་བུའི་ནོར་གྱི་རྣམ་པ་ཆེན་པོར་གྱུར་པ་རིན་པོ་ཆེ་དང་གོས་དང་ནོར་དང་འབྲུ་མང་པོ་མཐོང་སྟེ་།ཆགས་པས་ཟིལ་གྱིས་ནོན་ཅིང་ལས་ཀྱིས་རྨོངས་བར་གྱུར་པ་དེ་འདི་སྙམ་དུ་འདི་ནི་བདག ་གིས་ཡིན་ནོ་སྙམ་དུ་སེམས་ཏེ་།དེ་ལྟར་རྨོངས་པ་སྡིག་པ་བྱེད་པ་དེ། མེ་མདག་དང་ལྕི་སྐམ་གྱི་མེ་རབ་ཏུ་འབར་བ་འབོགས་ནས་།ནོར་ཡོད་པ་དེར་བརྒྱུགས་པ་དང། དེར་གཤིན་རྗེའི་མི་ལས་ཀྱིས་བྱས་པ་རྣམས་ཀྱིས་གཟུང་ནས་མཚོན་ཆ ་འབར་བའི་ནང་དུ་ཁྲིད་དེ་ཡན་ལག་དང་ཉིད་ལག་ཐམས་ཅད་གཤེགས་གཏུབས་ནས། བསྲེགས་ཏེ་རུས་པ་འབའ་ཞིག་ལུས་པར་བྱེད་དེ་།དེ་ལྟ་བུའི་གནས་སོན་ཀྱང་དེའི་ཆགས་པ་ཐོག་མ་མེད་པ་ནས་ཞུགས་པ་དེ་ཡོངས་སུ་འབྲི་བར་མི་འགྱུར་རོ་ཞེས་བྱ ་བའོ། །འདོད་པ་ལ་ལོག་པར་གཡེམ་པའི་དབང་དུ་བྱས་ཏེ། དེ་ལྟར་སྡིག་པ་བྱེད་པ་དེ་མཚོན་ཆའི་ཉམ་ད་བ་དེ་ལས་ཐར་ནས། མེ་མདག་དང་ལྕི་སྐམ་གྱི་མེར་འབོགས་ཏེ། ལས་ཀྱི་བསྐོས་པའི་ས་ཕྱོགས་ལོག་པར་མཐོང་བ་ཞེS་བྱ་བ་གཞན་དུ་འགྲོའོ ་དེར་ཡང་དྲན་པ་ཉམས་པར་གྱུར་པ་ངེས་སྔོན་གང་དག་མཐོང་བ་ལྟ་བུའི་བུད་མེད་ལས་ཀྱིས་བྱས་པ་དག་མཐོང་སྟེ། མཐོང་ནས་ཀྱང་དེའི་འདོད་ཆགས་ཐོག་མ་མེད་པའི་དུས་ནས་གོམས་པའི་མེ་འབྱུང་ངོ། །དེ་བུང་མེད་དེ་དག་གལ་བ་དེར་བརྒྱུཌ ་པ་དང། ལས་ཀྱིས་བྱས་པ་ལྕགས་ཀྱི་རང་བཞིན་གྱི་མི་དེ་དག་གིས་དེ་བཟུང་སྟེ། བཟུང་ནས་ཀྱང་ཁའི་མཆུ་ལ་སོགས་པ་ཅིག་ནས་ལུས་དེ?་ལོ་ལྟག་མ་ཡུངས་འབྲུ་ཙམ་ཡང་མི་ལུས་པ་དེ་ལྟར་ཟ་ཡང་སྐྱོ་བོ་ཡང་ཟའོ། །དེ་ཚོར་བ་དྲག་པོ ་མི་བཟད་པS་མྱོང་ཡང་འདོད་ཆགས་ཀྱི་མེ་དེ་ལས་མི་ལྡོག་སྟེ་བུད་མེད་དེ་དག་ག་ལ་བ་དེར་ཡང་བརྒྱུག་གོ། དེའི་གནོད་པ་དེ་ནི་འདོད་ཆགས་ཀྱི་མེ་ཇི་ལྟ་བ་དེ་ལྟར་གནོད་པ་མ་ཡིན་ནོ། །རྡོ་རྗེ་དང་ལྕགས་ཀྱི་བུད་མེད་དེ་དག་ཡང་ལུས་རབ་ཏུ་འབར ་ཞིང་མེ་ལྕེ་འཁྲུག་པས་མི་དེ་བཟུང་ནས་སེམས་ཅན་དམྱལ་བ་པ་དེའི་ལུས་ཐམས་ཅད་བྱེ་མ་བཅངས་པ་བཞིན་དུ་བཀྲུམ་ཡང་སླར་འབྱུང་སྟེ་སྔ་མ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཀུན་ཏུ་ནོར་འཇིག་དང། །ངན་སོང་རྩ་བ ་བུད་མེད་ཡིན། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བར་ག་ལ་འགྱུར་ཞེས་བྱ་བ་ནས།། བུད་མེད་འཕུང་བར་བྱེད་པ་དེ། །འཇིག་རྟེན་འདི་དང་ཕ་རོལ་འཕུང། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྣམ་པར་སྤང་ཞེས་བྱ ་བའི་བར་དུ་གསུངས་སོ། །བརྫུན་དུ་སྨྲ་བའི་དབང་དུ་བྱས་ཏེ། དེ་གཤིན་རྗེའི་མི་དེ་དག་གིས་བཟུང་སྟེ། བཟུང་ནས་ཀྱང་དེའི་ཁ་ཕྱེ་ནས་དེ་ནས་ལྕེ་འདྲེན་ཏེ། ལས་ཀྱི་དབང་དང་རྫུན་དུ་སྨྲ་བ་དེའི་འབྲས་བུས་ལྕེ་དཔག་ཚང་ལྔ་བརྒྱ་པར་འགྱུར་རོ། ། ་དེའི་ལྕེ་འབྱུང་བའི་དུས་ན་གཤིན་རྗེའི་མི་དེ་དག་གིས་ལྕགས་ཀྱིས་རབ་ཏུ་འབར་བ་ལ་བལྡག?་ཏུ་འཇུག་གོ་།ལས་ཀྱིས་བྱས་པའི་ཐོང་གཤོལ་ཐོང་ལྕགས་འབར་བ་དང་ལྡན་པ་སྟོང་ཡང་འབྱུང་ཞིང་གླང་བུ་སྟོབས་དང་ལྡན་པ ་རྣམས་ཀྱིས་དེའི་ལྕེ་ལ་རྨོ་པར་འགྱུར་ཏེ་།དེར་རྣག་ཁྲག་དང་སྲིན་བུ་འཇིག་པའི་རྒྱུན་འབབ་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། ལྕེ་དེའི་ཡང་ལྟ་རྣམས་ཀྱི་མིག་ཇི་ལྟ་བ་བཞིན་དུ་གཞོན་པ་ནས་།དེ་ཚོར་བས་ཉམ་ཐག་པ་ཞེས་བྱ་བའི་བར་དུ་སྟེ། ་འཁུན་ཅིང་དུ་ལ་ཀུ་ཅོ་འདོན་ཀྱང་དེ་ལ་སྡུག་བསྔལ་སེལ་བ་སུ་ཡང་མེད་དོ་ཞེས་རྒྱ་ཆེར་གསུངས་པ་དང། དེ་ལྟར་ཚོར་བ་དྲག་པོ་མྱོང་བ་དེ་ལ་ལོ་བརྒྱ་སྟོང་དུ་མར་ལྕེ་རྨོ་པར་འགྱུར་ཞིང་དེའི་ལྕེ་དེ་ཇི་སྟེ་ན་དམྱལ་བ་པའི་ཁའི་ནང་དུ་ཆུད་པར་འགྱུར་རོ།། ་དེ་འཇིགས་པས་དཀྲུགས་པའི་བཞིན་དུ་གྱུར་ཅིང་གར་བབ་བབ་ཏུ་འབྲོས་སོ། །མེ་མདག་དང་ལྕི་སྐམ་གྱི་མེའི་ནང་དུ་ནུབ་ཅིང་ཚིག་ལ་དེ་དེ་ལྟར་སྡུག་བསྔལ་གྱི་ཉམ་ཐག་པ་ན་།སྐྱབས་མེད་དཔུང་གཉེན་མེད་ཅིང་གཤིན་རྗེའི་མི་ལག་ན་ཐོ་བ་དང་རལ་གྲི་ཐོགས ་པ་དག་འབྱུང་སྟེ། དེ་དག་གི་མི་དེའི་ཀླད་པ་ནས་རྐང་པའི་བར་དུ་ཕྱེ་མར་རློག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྲ་མ་བྱེད་པའི་རྣམ་པར་སྨིན་པ་ནི་རྫུན་སྨྲ་བ་དང་མཐུན་ནོ། །ལྕེ་དཔག་ཚད་སུམ་བརྒྱ་པར་འགྱུར་ཞེས་བྱ་བ་ནི་བྱེ་བྲག་སྟེ། ་གཤིན་རྗེའི་མི་སྙིང་རྗེ་མེད་བ་དེ་དག་གིས་ལྕེ་རབ་ཏུ་འབར་བ་ལ་བཟུང་ནས་གཤེགས་པར་བྱེད་དོ། །?་དག་ཀྱང་ཕྱོགས་གཞན་ནས་ཟ་ཞིང་མཆོག་ཏུ་གྲགས་པའི་སྡུག་བསྔལ་མྱོང་ལ་དུ་ཞིང་ཀུ་ཅོ་འདོན་ཏེ། ལྕེ་མེད་པས་སྒྲ་མི་གསལ་ལོ་ཞེས་བྱ ་བ་ལ་སོགས་པའོ། །དག་རྩུབ་མོའི་རྣམ་པར་སྨིན་པ་གསུངས་པ་ནི། དེ་དག་གིས་དེའི་ཁ་བྱེ་ནས་ལྕེ་བཟུང་སྟེ་།བཟུང་ནས་ཀྱང་མཚོན་རྣོན་པོས་བཅད་དེ། དེ་ཉིད་ཀྱི་ཟས་སུ་སླར་ཡང་ཁར་འཇུག་ལ་དེ་ཡང་བཀྲེས་པས་ཉམ་ཐག་ཅིང་བཀྲེས ་པའི་བཞིན་གྱིས་རང་གི་ཁྲག་དང་ཁ་ཆུ་འཛག་པ་དང་ལྕེ་དེ་ཉིད་ཟའོ། །ལྕེ་དེ་ཡང་བཅད་ཅིང་བཅད་ནས་ཀྱང་ལས་ཀྱི་དབང་གིས་སླར་ཡང་སྐྱེ་ཞིང། དེ་སྡུག་བསྔལ་གྱི་ཉམ་ཐག་པས་ས་ལ་འདྲེ་ལྡོག་ཅིང་ཀུ་རྩོ་འདོན་ཏོ། །དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག ་ཅིང་མིག་གི་འབྲས་བུ་ཡོངས་སུ་གྱུར་ལ་སྡུག་བསྔལ་གྱི་ཉམ་ཐག་པ་དམན་པ་གྲོགས་མེད་པ་གཅིག་པུར་གྱུར་བས་རང་གིས་བྱས་པ་ལ་སྤྱོད་པ་དེ་ལ་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པའི་ཚིགས་སུ་བཅད་པ་སྨྲས་པ། ཁྱོད་ཀྱིས་ལྕེ་ཡི་གཞུ་ཡིས་ན། །རྩུབ་མོ་ཞེས་ནི ་གང་བརྗོད་པ། །དག་གི་མདའ་རྣོན་འཕངས་གྱུར་པས། །དེ་ཡི་འབྲས་བུ་འདི་འོངས་སོ་ཞེས་བྱ་བའོ། །ཚིག་བཀྱལ་པའི་རྣམ་པར་སྨིན་པ་གསུངས་བ་ནི། དེའི་ལྕེ་དེ་བཟངས་རབ་ཏུ་འབར་བས་བསྲེག་གོ་།ལྕེ་བསྲེགས་ནས་མགུལ་བ་བསྲེག་གོ་།མགུལ་པ ་གསྲེག་ནས་སྙིང་བསྲེག་གོ་།སྙིང་བསྲེག་ནས་རྒྱུ་མ་བསྲེག་གོ། རྒྱུ་མ་བསྲེག་ནས་ཕོ་བ་བསྲེག་གོ། །ཕོ་བ་བསྲེགS་ནས་ཀྱང་ཐུར་དུ་འབྱུང་ངོ། །གཤིན་རྗེའི་མི་ཡིས་ཚིགས་སུ་བཅད་པ་སྔ་ཕྱིའི་ཚིག་ནི་མ་འབྲེལ་ཅིང། དོན་མེད་པ་དང་འཆལ་གྱུར ་ལ། །མ་འབྲེལ་ཁྱོད་ཀྱིས་གང་སྨྲས་པ། །དེ་ཡི་འབྲས་བུ་འདིར་འོངས་སོ། །གང་རྟག་བདེན་པར་མི་སྨ་ཞིང། །ཁ་ཏོན་ལྷུར་ལེན་མི་བྱེད་པ། །དེ་ལ་མཁས་པས་ལྕེར་མཐོང་གི། ཤ་དུ་མ་ཉིད་དུ་མིན་ནམ་ཅི་ཞེས་བྱ་བའོ། །བརྣབ་སེམས་ཀྱི་རྣམ་པར་སྨིན ་པ་གསུངས་པ་ནི་།དེ་ནས་ལས་གྱིས་བྱས་པའི་རྫས་གཞན་གྱི་ཡོངས་སུ་བཟུང་བ་གསོབ་གསོག་སྙིང་པོ་མེད་པ་མཐོང་ནས་ལས་ཀྱིས་བསྐུལ་བ་རྨོངས་པ་དེ་འདི་སྙམ་དུ་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ནས་སེམས་ཅན་དམྱལ་ཕ་པ་དེ་རྫས་ག་ལ་དེར ་བརྒྱུག་གོ་།སེམས་ཅན་དམྱལ་བ་བ་དེས་ནོར་གང་མཐོང་བ་དེ་ནི་བརྣབ་སེམས་ཞེས་བྱ་བ་ཡིད་ཀྱིས་མི་དགེ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པ་དེའི་འབྲས་བུ་ཡིན་ཏེ་།དེ་ལྟར་མཐོང་བ་ན་བརྣབ་སེམས་མད་པ་དེའི་ལ་གནས་མཚོན་ཆ་འབྱུང ་སྟེ། ངེས་དེར་བརྒྱུགས་པ་དང་སེམས་ཅན་དམྱལ་བ་པ་གཞན་དེ་དག་གི་ལག་ནས་ཀྱང་མཚོན་ཆ་རྣམས་འབྱུང་སྟེ། དེ་དག་དང་དེ་མཚོན་ཆས་འཐབ་པ་ན་ཅི་ནས་ལུས་ལ་ཤ་ཡུངས་འབྲུ་ཙམ་ཡང་མ་ལུས་པ་དེ་ལྟར་བཞར་ཏེ ་ཀེང་རུས་ཉི་ཚེ་ལུས་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། གཞན་གྱི་འབྱོར་བ་མཐོང་ནས་ནི། །བདག་གིར་གྱུར་ཅིག་སྙམ་བསམ་པ། །བརྣབ་སེམས་ལང་དག་བསྐྱེད་གྱུར་པ། །ལས་དེའི་འབྲས་བུ་འོངས་པ་ཡིན་ཞེས་བྱ་བའོ། །གནོད་སེམས་ཀྱི་འབྲས ་བུ་གསུངས་པ་ནི། །ལས་ཀྱིས་བསྐྱེད་པའི་སེངྒེ་དང་གཟིག་དང་སྦྲུལ་ཁྲོ་བས་ཟིལ་གྱིས་ནོན་པ། རྣམས་དེའི་མདུན་ན་འདུག་པ་དེ་དག་གིས་དེ་འཇིགས་སྐྲགས་ནས་གར་བབ་བབ་ཏུ་བྲོས་ཀྱང་མི་དགེ་བའི་ལས་ཀྱིས་དེ་འབྲོས་ཇི་ལྟར་ནུས། །དེ་དག་གིས་དེ ་བཟུང་ནས་ཀྱང་ཐོག་མ་ཀླད་བ་ཟ་བ་ནས་སྦྲུལ་ཆེ་བ་གདུག་པ་རྣམས་ཀྱིས་རྩི་བ་ལོགས་ཀྱི་བར་དུ་བཟུང་ཞིང་ཟ་ལ་སྟག་རྣམས་ནི་རྒྱབ་ནས་ཟ་བར་འགྱུར་རོ། །རྐང་པ་ནི་མེས་བསྲེག་སོ། །གཤིན་རྗེའི་མི་རྣམས་ཀྱང་རྒྱང་རིང་པོ་ནས་མདའའཕེན་ཏོ ་ཞེས་རྒྱ་ཆེར་རོ། །ལོག་པར་ལྟ་བའི་འབྲས་བུ་ནི་དཔག་ཏུ་མེད་པ་གསུངས་ཏེ་མདོར་བསྡུས་ནས་བརྗོད་པ་ནི་མཚོན་ཆའི་ཆར་དང། མཚོན་རྩེ་གཅིག་པ་དང། རྡོ་རྗེའི་ཆར་དང། གནམ་ལྕགས་དང། རྡོའི་ཚར་རྣམས་ཀྱིས་བཏབ་ཅིང་མེའི་ཕུང ་པོ་བཅུ་གཅིག་རྣམས་དང་ཁ་ནས་བཀྲེས་པ་དང་སྐོམ་པའི་མེ་འབྱུང་བས་ཀྱང་རྒྱུན་ཏུ་སྲེག་གོ་ཞེས་བྱའོ། །འདོད་པ་ནི་གནོད་པ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་དག་གིས་ཤིན་ཏུ་ཡིད་འབྱུང་པར་བྱའོ། །ཇི་ལྟར་འདི་ཉིད་ལས་མེ་ཐབས་ཅེས་བྱ ་བའི་སེམས་ཅན་དམྱལ་བ་ཡོད་དེ་།དེར་ལས་གང་གིས་སེམས་ཅན་རྣམས་སྐྱེ་ཞེ་ན་།གང་དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཁས་འཆེ་ཞིང་བུད་མེད་ཀྱི་གླུ་དང་གར་དང་རྒྱན་རྣམས་ཀྱི་སྒྲ་ཐོས་པ་དང་རྒོད་དང་འཇོ་བ་དང་རྩེ་བ་རྣམས་ཐོས་ནས། ཚུལ ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཕངས་པའི་བློས་ཁུ་བ་འཚོར་བར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ་།སེམས་ཅན་དམྱལ་བ་པ་དེ་དག་ལྕགས་ཀྱི་ཆར་པས་ཡན་ལག་དང་ཉིད་ལག་ཐམས་ཅད་ཕྱི་མར་རློག་ལ་མེ་མ་མུར་གྱི་ཆར་གྱིས་ཀྱང་སྲེག ་ཅིང་འཚིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ལྟར་སྔོན་འདོད་པ་ཉམས་སུ་བླངས་པ་དྲན་པས་པདྨ་ཞེས་བྱ་བའི་སེམས་ཅན་དམྱལ་བ་གསུངས་ཏེ། མྱོང་བ་རྨི་ལམ་དུ་དྲན་པས་ཀྱང་དེར་སེམས་ཅན་དམྱལ་བ་པ་དེ་དག་ཕྲུ་བ་རྣམS ་སུ་རྩོ་ཞིང་གཞོང་ཁུང་དུ་ལྕགས་ཀྱི་རྟུན་རྣམས་ཀྱིས་བརྡུད་དོ་ཞེས་རྒྱ་ཆེར་རོ། །དེ་དེ་ལྟར་ལྟའི་བུ་མོ་འདོད་པའི་ཕྱིར་ཚངས་པ། སྤྱོད་པ་ཡོངས་སུ་བསྔོ་བས་ན་།པདྨ་ཆེན་པོ་ཞེས་བྱ་བའི་སེམས་ཅན་དམྱལ་བ་གསུངས་ཏེ། དེ་ན་ཚ་སྒོ་ཅན་གྱི་འབབ ་ཆུ་དཔའ་རླབས་ཅན་ཞེས་བྱ་བ་འབབ་སྟེ། འབབ་ཆུ་དེ་ལ་ཉ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་པ་དེ་དག་གོ་།རུས་པ་གང་ཡིན་པ་དེ་དག་ནི་རྡོ་བའོ། །འཇི?་མ་གང་ཡིན་པ་དེ་དག་ནི་སྐྲའོ། །འདམ་རྫབ་གང་ཡིན་པ་དེ་དག་ནི་ཤའོ། །ཆུ་གང་ཡིན ་པ་དེ་དག་ནི་རོ་ཉེ་བསྐོལ་བའོ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་སྐྱེས་པས་སྐྱེས་པ་ལ་འཁྲིག་པ་ལོག་པར་བཅུག་པའི་ཆད་བའི་བྱེ་བྲག་དཔག་ཏུ་མེད་པར་བརྗོད་དོ། །དེ་བཞིན་དུ་བྱིས་པ་རྣམས་ལོག་པར་འཇུག་པ་ཡང་ཆེ་སྒོ་ཅན་གྱིས ་ཆུས་ཁྱེར་བའི་ཁྱེའུ་དག་མཐོད་ནས་དེ་དག་གིས་དེ་ལ་བོས་པ་དང། དེ་བྱིས་པ་དེ་དག་ལ་ཤིན་ཅུ་སྡུག་པར་སེམས་པ་དང་ལྡན་ཞིང་མྱ་དང་དང་སྡུག་བསྔལ་གྱི་ཤུགས་ཀྱི་ཆུ་དེར་འཇུག་གོ་།པ་དང་རྟ་རྒོད་མ་དང་ར་མོ་དང་ལུག་མོ་ལ་སོགས་པ་ཡང ་དེ་བཞིན་ཏེ། འདོད་པ་ལ་ལོག་བར་གཡེམ་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་རྣམ་པར་སྨིན་པ་ཤིན་ཏུ་དྲག་པར་གསུངས་སོ། །དུད་འགྲོ་ལ་འདོད་པ་སྟོན་པ་དེ་ནི་མི་དགེ་བས་སྤྲུལ་པའི་ལྕགས་ཀྱི་བ་དང་རྟ་རྒོད་མ་ལ་སོགས་པ་འབར་བ་དེ་དག་ ་ཉིད་ཀྱི་སྐྱེ་གནས་ཀྱི་ལམ་ནས་འཇུག་སྟེ་དེ་དག་གི་ལྟོ་མེ་མདག་རབ་ཏུ་འབར་བའི་ཕུང་པོས་ཡོངས་སུ་གང་བར་ལོ་བརྒྱ་སྟོང་མང་བོར་འཆེད་ཅིང་སྲེག་གོ་ཞེས་ཏེ་རྒྱ་ཆེར་དེ་ཉིད་དུ་བལྟའོ། །དེ་བཞིན་དུ་གཞན་གྱིས ་ཉལ་པོ་བྱས་ཟིན་བའི་དགེ་སློང་མ་རྣམས་ལ་ལོག་པར་ཞུགས་པ་རྣམས་ཀྱི་ཆད་པ་ཡང་སེམས་ཅན་དམྱལ་བ་ཆེན་པོར་བཤད་དོ། །རང་གི་ཆུང་མ་ལ་སྐྱེ་གནས་ཀྱི་ལམ་མ་ཡིན་པར་བྱས་པ་ཡང་དེ་བཞིན་ནོ། །གཞན་གྱི་ཆུང་མ་ལ་ནན་གྱིས ་བྱས་པ་དང་མི་དབང་བའི་བུ་མོ་ལ་བྱས་པ་ཡང་དེ་བཞིན་ནོ། །བསྙེན་གནས་བ་ལ་གནས་བ་རྣམས་ལ་ཡང་དེ་བཞིན་ནོ། །བླ་མ་རྣམས་ཀྱི་ཆུང་ལམ་བྱས་པ་ཡང་དེ་བཞིན་ནོ། །གཉེན་དུ་འཐམས་པ་རིམ་གྲོ་བྱས་པ་རྣམས་ལ་ལོག་པར་ཞུགས ་པའི་ཆད་པ་ཡང་དྲག་ཅིང་དཔག་ཏུ་མེད་དེ། སེམས་ཅན་དམྱལ་བ་ཆེན་པོ་ཡིན་པར་བཤད་དོ། །འཁྲིག་པ་བདུན་དང་ལྡན་པའི་མདོ་ལས་ཀྱང། བྲམ་ཟེ་འདི་ལ་ཁ་ཅིག་བདག་ཚངས་པར་སྤྱོད་བར་ཁས་འཆེ་ཞིང་དེ་བུད་མེད་གཉིས་ཀྱི་གཉིས ་མི་སྦྱོར་ཡང་བུད་མེད་དེ་ལ་མིག་གི་གཟུགས་ལ་ངེས་པར་སེམས་ཤིང་བལྟ་སྟེ། དེས་དེའི་རོ་མྱང་ཞིང་རྟོག་ལ་ཞེན་ཏེ། ལྷག་པར་ཞེན་ནས་གནས་པ་འདི་ནི་བྲམ་ཟེ་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ། ་ཚངས་བར་སྤྱོད་པ་ཡོངས་སུ་མ་དག་བར་སྤྱོད་པའོ། །དེ་བཞིན་དུ་བུད་མེད་དང་ལྷན་ཅིག་རྩེ་བ་དང་ཅ་ཅོ་འདོན་བ་ཉམས་སུ་ལེན་པ་ཡང་ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པའོ་ཞེས་གསུངས་པ་དང། བུད་མེད་ཀྱི་བསྙེན་བཀུར་བྱས་པ་ཉམས་སུ ་ལེན་པ་ཡང་དེ་བཞིན་ནོ། །རྩིག་པས་ཆོད་པ་འམ་ཡོལ་བས་ཆོད་པའི་བུད་མེད་ཀྱི་རྒྱན་དང་གླུ་གར་ལ་སོགས་པའི་སྒྲ་ཉམས་སུ་ལེན་པ་འང་དེ་བཞིན་དུ་འཁྲིག་བ་དང་ལྡན་པ་ཡིན་ནོ་ཞེས་གསུངས་པ་དང། ཕ་རོལ་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན ་པ་ལ་བལྟས་ནས་ཉམས་སུ་ལེན་པ་ཡང་དེ་བཞིན་ནོ། །ལྷ་ལ་སོགས་པའི་གནས་སུ་ཚངས་པར་སྤྱོད་པ་ཡོངས་སུ་བསྔོ་བ་ཡང་དེ་བཞིན་དུ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་དྲན་པ་དང་སློན་པའི་ཡུལ་དུ་གྱུར ་བ་འདོད་པ་དེ་དག་ནི་གནོད་བ་བྱེད་པ་ཉིད་དོ། །དེའི་ཕྱིར་འདོད་པ་ལ་གདམས་པའི་མདོ་ལས། དགེ་སློང་འདོད་པ་རྣམས་ལས་སེམས་ཟློག་ཅིག་།ལམ་འདི་ནི་འཇིགས་པ་དང་བཅས་པའོ། །རབ་ཏུ་འཇིགས་པ་དང་བཅས་པའོ། །ཚེར ་མ་དང་བཅས་པའོ། །ཐིབས་པོ་དང་བཅས་པའོ་ལམ་གོལ་བའོ། །ལམ་ངན་པའོ། །ལམ་ཁ་བྲག་གོ་།སྐྱེས་བུ་དམ་པ་མ་ཡིན་པས་བསྟོན་པའོ། །ཁྱོད་འདི་ལྟར་འདོད་པ་རྣམས་ནི་རོ་མྱང་བ་ཆུང་བ་ནི། བཅོམ་ལྡན་འདས་ཀྱིས་ཀྱང ་སྡུག་བསྔལ?་མང་བ་གནོད་བ་མང་བ་འཁྲུག་པ་མང་བ་སྟེ་འདི་ལ་ནི་ཉེས་དམིགས་མང་ངོ། །དགེ་སློང་དག་འདོད་པ་རྣམས་ནི་ནང་དང་འབྲས་དང་ཟུག་རྡུ་དང་སྡིག་པ་དང་སྡིག་པའི་རྩ་བ་དང་ཤ་དང་བཅས་པའི་མཆིལ་བ་ལྟ་བུ་ཡིན་ལ། འདོད ་བདག་ནི་འཆི་བ་མི་རྟག་བ་གསོག་བརྫུན་པ་སླུ་བའི་ཆོས་ཅན་ཏེ། འདོད་པ་རྣམས་རྨི་ལམ་ལྟ་བུ་ཡིན་ཞིང་འདི་དག་ནི་བྱིས་པ་འདྲེད?་པའོ་ཞེས་གསུངས་པ་སྙམ་དུ་མི་སེམས་སམ་།དེ་བཞིན་དུ་སྦྱར་ཏེ་།དཔེར་ན་རི་དགས་ཤོར་བའི་ཁོག་ཚེ་དང། ་བྱ་ཤོར་བའི་རྒྱ་དང། ཉ་ཤོར་བའི་དོལ་དང། སྤྲེའུ་ཤོར་བའི་རྙོང་དང། ཕྱེ་མ་ལེབ་ཤོར་བའི་མེའི་ཕུང་པོ་ཇི་ལྟ་བར་འདོད་པ་རྣམས་ཀྱང་དེ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། འདོད་པ་ཚལ་ཞིང་སྤྱོད་པ་ན་ཡུན་རིང་པོར་སེངྒེ་རྣམས ་ཀྱི་ཁར་ཆུད་པའི་མཛའ་ཡང་མི་མངོན་པ་ནས་བ་ལང་གསོད་ཅིང་པ་ལང་གི་ཤ་ཟ་བ་རྣམས་ཀྱི་ཁར་ཆུད་པའི་བར་གྱི་མཛའ་ཡང་མི་མངོན་ནོ། །སྦལ་བ་དག་ཏུ་གྱུར་ནས་སྤྲུལ་རྣམས་ཀྱི་?་ཆུད་པའི་བར་གྱི་མཛའ་ཡང་མི་མངོན་ནོ། །ཡུན་རིང ་པོར་འདོད་པ་བསྟེན་པ་ནི་ཆོམ་རྒུན་ཡིན་ཞེས་བཟུང་ནས་མགོ་བཅད་པའི་མཛའ་ཡང་མི་མངོན་ནོ། །གཞན་གྱི་ཆུང་མ་ལ་འཕྱོ་བ་དང་རྐུན་པོ་དང་གྲོང་འཇོམས་པ་ནས་མདུང་པ་འགྲེལ་པའི་བར་ཡིན་ནོ་ཞེས་བཟུང་ནས་མགོ ་གཅོད་པའི་མཛའ་ཡང་མི་མངོན་ནོ། །སྡུག་བསྔལ་དྲག་པ་རྩུབ་པ་མི་བཟང་པ་ཉམས་སུ་མྱོང་བའི་ཁྲག་ཟགས་ཤིང་བབ་པ་ནི་རྒྱུ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་མང་ངོ། །དེ་བཞིན་དུ་སྦྱར་ཏེ་།ལུས་ཉེས་དམིགས་མང་བ་འདི་ནི་རུས་པ་འདུས་པ། ་ཆུ་རྒྱས་ཀྱིས་སྦྲེལ་པ་།ཤས་གླན་པ་།པགས་པས་དཀྲིས་ཤིང་ཕྱི་རོལ་གཡོག་པ། བུ་ག་ཆེ་ཆུང་ཅན། སྲིན་བུའི་ཚོགས་གནས་པ། སེམས་ཅན་ལ་གནོད་པ། ཉོན་མོངས་པའི་ཆོས་རྣམས་ཀྱི་གནས་ཡིན་ནོ། །ལུས་འདི་ལ་ནང་ཀྱི་རྣམ ་པ་འབྱུང་བ་འདི་ལྟ་སྟེ། མིག་ནད་དང་རྣ་ནང་ནས་གཞང་འབྲུམ་དང་ཕོལ་མིག་དང་མཚན་པར་རྡོལ་གྱི་བར་དག་གོ་།དེ་བཞིན་དུ་སྦྱར་ཏེ་།ལུས་ཀྱི་ཀུན་ཏུ་གདུང་བ་རྣམས་།ལུས་ཀྱི་སྡུག་བསྔལ་དང། ལུས་ཀྱི་འཁོགས་པ་དང། དགུ་པ་དང། ་སྒུར་བ་དང་།སྤྱི་ཆེར?་དང། སྐྲ་སྐྱ་དང་།གཉེར་མ་མང་བ་དང། དབང་པོ་རྣམས་ཡོངས་སུ་སྨིན་པ་དང། ཡོངས་སུ་འཇིག་པ་དང། འདུ་བྱེད་རྣམས་སྙིགས་པར་གྱུར་པ་དང། ཤག་ཤིག་ཏུ་གྱུར་པ་ནས་འཛག་པ་དང་།རབ་ཏུ་འཛག་པ་དང། ་སྨད་པའི་བར་གྱི་ལུས་འདི་ལྟ་བུ་འདི་ནི་རྟེན་པའི་འོས་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་།དགེ་སློང་ཁྱོད་ཀྱི་འདོད་པ་དག་ཡོད་པ་གང་ཡིན་ནོ་།ཁྱོད་གང་ལ་རབ་ཏུ་ཆགས། ཁྱོད་ཇི་ལྟར་བཅིངས་ཤིང་བརྒྱལ་ཏེ་ཞེན་ཅིང་ལྷག་པར་ཞེན་པར་གྱུར། ་ན་མ་ང་ཡོངས་སུ་མྱ་ངན་ལས་འདས་ཤིང་དམ་པའི་ཆོས་ཀྱང་ནུབ་པར་གྱུར་ལ། །བྱོད་ཀྱང་འདོད་པ་རྣམས་བསྟེན་ནས་རྣམ་པར་ལྟུང་བར་སོང་བ་ན་ནམ་ཞིག་རྒ་བ་དང་འཆི་བ་ལས་བདག་ཐར་བར་འགྱུར། དགེ་སློང་ཆོག་གི་འདོད་པ་རྣམས་ལས་སེམས་ཟློག ་ཅིག་།འདི་ནི་འདོད་པ་བཙལ་པའི་དུས་མ་ཡིན་གྱི་ཆོས་བཙལ་བའི་དུས་ཡིན་ནོ་ཞེས་གསུངས་སོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང། དེས་འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་བྱ་སྟེ། བདག་གིས་ཆུང་མས་ཆོག་པར་འཛིན ་པ་དང། གཞན་གྱི་ཆུང་མ་ལ་འདོད་པ་མེད་པ་དང?་།མ་ཆགས་པའི་མིག་གིས་བལྟ་བ་དང་ཡིད་འབྱུང་བའི་ཡིད་དང་འདོད་པ་དག་ནི་ཤིན་ཏུ་སྡུག་བསྔལ་པའོ་སྙམ་དུ་མ་ཆགས་པའི་ཡིད་ལ་བྱེད་པ་ལ་བརྩོན་པར་བྱའོ། །དེ་གང་གི་ཚེ་རང་གི་ཆུང་མ་ལ ་རྣམ་པར་རྟོག་པ་བྱུང་པ་དེའི་ཚེ་ཡང་ཉོན་མོངས་པའི་དབང་འགྱུར་པས་ན། ངེས་རང་གི་ཆུང་མ་ལ་མི་སྡུག་པར་རྗེས་སུ་ལྟ་བ་དང། སྐྲག་པའི་ཡིད་ཀྱི་འདོད་པ་བསྟེན་པར་བྱའོ་ཞེན་པས་ཟིན་བཞིན་དུ་ནི་མ་ཡིན་ཏེ་།རྟག་ཏུ་མི་རྟག་པ་བདག་མེད་ལ་དང་མི ་གཙང་པའི་འདུ་ཤེས་སུ་བྱའོ། །དེས་དེ་ལྟར་དྲན་པ་ཉེ་བར་གཞག་ནས་ཅི་ནས་ཡིད་ཀྱི་དགུ་ལ་ཡང་འདོད་པ་སྤྱད་པར་མི་བྱ་ན་།མཚན་ཉིད་སྤྲད་པ་འམ་ཡན་ལག་མ་ཡིན་པར་འཇུག་པ་ལྟ་ཅི་སྨོས་ཏེ། བདག་ག་དེ་ལྟར་བྱའོ་སྙམ་མོ་ཞས་གསུངས ་པ་དང། ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ནི་དགའ་ཞིང་རྩེ་བའི་གྲོགས་ཡིན་གྱིས་འདི་འཇིག་རྟེན་ཕ་རོལ་གྱི་གྲོགས་ནི་མ་ཡིན་ནོ། འདི་ནི་བཟའ་བ་དང་བཏུང ་པའི་གྲོགས་ཡིན་གྱི་།འདི་ལས་ཀྱི་རྣམ་པར་སྨིན་པ་མྱོང་པའི་གྲོགས་ནི་མ་ཡིན་ནོ། །འདི་ནི་བདེ་བའི་གྲོགས་ཡིན་གྱི་སྡུག་བསྔལ་གྱི་གྲོགས་མ་ཡིན་ནོ་སྙམ་པའོ་ཞེས་བྱ་བ་ནས་ཡང་གསུམ་སྟེ། ཚུལ་ཁྲིམས་ཀྱི་བར་དུ་གཅོད་པར་འདུ་ཤེས ་པ་དང། ཏིང་འཛིན་གྱི་པར་དུ་གཅོད་པར་འདུ་ཤེས་པ་དང་། ཤེས་རབ་གྱི་པར་དུ་གཅོད་པར་འདུ་ཤེས་པའོ། །ཡང་གསུམ་སྟེ་།ཆོམ་རྐུན་རུ་འདུ་ཤེས་པ་དང། བཙོན་སྲུངས་སུ་འདུ་ཤེས་པ་དང་།སེམས་ཅན་དམྱལ་བའི་སྲུངས་མར ་འདུ་ཤེས་པའོ་ཞེས་གསུངས་སོ། །བུ་མོ་ཟླ་མཆོག་གིས་ཞུས་བ་ལས་ཀྱང་བཤད་དེ། དེ་ནས་བུ་མོ་ཟླ་མཆོག་གི་སྐྱེ་བོ་ཕལ་བོ་ཆེ་རྒྱུག་པ་དེ་མཐོང་མ་ཐག་ཏུ་།དེའི་ཚེ་ནམ་མཁའ་བར་སྣང་ལ་ཤིང་ཏ་ལའི་སྲིད་དུ་མངོན་བར་འཕས ་ཏེ་འདུག་ནས་།སྐྱེ་བོ་ཕལ་པོ་ཆེ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ་།གསེར་གྱི་ཁ་དོག་ལྟ་བུར་རབ་འབར་ཞིང། །ཡིད་དུ་འོང་བའི་བདག་ལུས་འདི་ལ་ལྟོས། །ཀྱེ་མ་རབ་ཏུ་ལུས་མཛེས་འདི་ལྟ་བུ། །ཆགས་བའི་སེམས་དང་ལྡན་ལ་ཡོད་དེ་སྐན། ་གང་དག་ཡུལ་རྣམས་ལ་ནི་ཆགས་མེད་ཅིང། །མེ་མདག་ལྟ་བུར་འདོད་པ་འབར་སྤོང་དང། །དབང་པོ་དྲུག་པོ་སྡོམ་བས་བསྡམས་པ་དང། །གང་དག་ཚངས་སྤྱོད་རྣམ་པར་དག་སྤྱོད་དང། །གང་དག་གཞན་གྱི་ཆུང་མ་མཐོང་གྱུར་ན། །མ་དང་སྲིད ་མོའི་འདུ་ཤེས་སྐྱེད་བྱེད་བ། །དེ་དག་མཛེས་ཤིང་བལྟ་ན་སྡུག་པ་དང། །རྟག་བར་མཆོག་ཏུ་ཡིད་དུ་འོང་བར་འགྱུར། །གྲོང་ཁྱེར་འདི་ལ་ཀུན་ཏུ་གསལ་ལྟོས་དང། །བདག་སྦུ་ཁུང་ནས་སྤོས་དང་གང་བྱུང་བ། །བདག་གི་འདོད་ཆགས་སེམས ་ཀྱི་དེ་མ་བསྒྲུབས། །འདི་ནི་སྦྱིན་དང་དུལ་བའི་འབྲས་བུ་ཡིན། །བདག་ལ་འདོད་ཆགས་སེམས་ནི་སྐྱེ་བ་མེད། །འདོད་ཆགས་བྲལ་བ་ལའང་ཆགས་མི་སྐྱེད། །ཇི་ལྟར་བདེན་པར་ཤེས་ཀྱི་ལོག་མིན་པར། །བདག་གི་མདུན་བཞུགས་ཐུབ་དབང་འདི ་དབང་ཡིན། །ཁྱོད་ནི་སྔོན་ཆད་བདག་གི་བར་གྱུར་ཅིང། །བདག་ཀྱང་ཁྱེད་ཅག་རྣམས་ཀྱི་མར་གྱུར་ལ་། །མིང་སྲིང་དག་དང་བར་ཡང་གྱུར་གྱུར་ན། །མ་ལ་འདོད་ཆགས་སེམས་ནི་སུ་ཞིག་སྐྱེད། །བདག་གིས ་སྔན་ཆད་ཁྱེད་རྣམས་ཐམས་ཅད་བསད། །བདག་ཀྱང་ཁྱེད་ཀྱི་སྔན་ཆད་གཤེགས་ཤིང་བཏུབས། །ཀུན་ཀྱང་ཕན་ཚུན་དག་དང་གསོད་པ་ཡིན། །ཁྱེད་ཅག་ཇི་ལྟར་འདོད་ཆགས་སེམས་ཀྱང་བསྐྱེད། །འདོད་ཆགས་ཅན་ནི་གཟུགས་དང་ལྡན་མི ་འགྱུར། །འདོད་ཆགས་སེམས་ལྡན་བདེ་འགྲོར་འགྲོ་མ་ཡིན། །འདོད་ཆགས་སེམས་ལྡན་མྱ་ངན་འདས་མི་འགྲོ། །དེ་ལྟ་བས་ན་འདོད་ཆགས་ཡོངས་སུ་སྤང། །འདོད་པའི་རྒྱུས་ནི་སེམས་ཅན་དམྱལ་བར་ལྟུང། །འདོད་ཆགས་ཀྱིས་ནི་ཡི ་དག་མ་དུད་འགྲོར་གྱུར། །གང་དག་འདོད་ཆགས་སེམས་ནི་ལྡན་པ་རྣམས། །གྲུལ་བུམ་གནོད་སྦྱིན་ལྟ་མི་ཤ་ཟར་འགྱུར། །འདོད་ཆགས་ཀྱིས་ནི་མི་སྡུག་གཟུགས་ཅན་དང། །ལྕེ་མེད་པ་དང་གྱོལ་དང་ཞིང་བར་འགྱུར། །གང་དག་སྨད་པའི ་སྤྱད་པ་སྤྱོད་བྱེད་པ། །དེ་དག་རྣམ་པ་སྣ་ཚོགས་སྐྱོན་ལྡན་འགྱུར། །འཁོར་ལོ་སྒྱུར་བ་ཉིད་ན་ཐོབ་བ་དང། །སུམ་ཅུ་རྩ་གསུམ་དབང་ཕྱུག་བརྒྱ་བྱིན་དང། །ཚངས་དང་དབང་ལྡན་དབང་སྒྱུར་གང་ཡིན་པ། །དེ་ནི་ཚངས་སྤྱོད་རྒྱ་ཆེན་སྦྲང་པར་གྱུར།། ་འདོད་ལ་བརྐམ་བ་རྟག་ཏུ་དམུས་ལོང་དང། །འོན་པ་གླེན་པ་ཕག་དང་རྔ་མོ་དང། །ལུག་བོང་སྤྲེ་དང་གླང་ཆེན་བ་ལང་དང། །སྟག་དང་རྟ་དང་ཕྱེ་ལེབ་སྦྲང་མར་འགྱུར། །གང་དག་ཚང་སྤྱོད་རྒྱ་ཆེར་སྤྱད་པ་ན། །རྒྱལ་བ་དགའ་དང་ལྡན་པ་ཉིད་དུ་འགྱུར།། ་ཚོང་དཔོན་ཁྱིམ་བདག་བློན་པོ་རྣམས་སུ་འང་འགྱུར། །བདེ་དང་ཡིད་བདེ་བ་ཡང་འཕེལ་བར་འགྱུར། །འདོད་བའི་ཁོལ་བོ་རྣམས་ནི་གཤེགས་ཅིང་གཏུབ། །དུ་བས་བདུག་ཅིང་གཅིང་དང་བྱ?་རྡོག?་པ་དང། །བསྡིགས་དང་མགོ་དང་རྣ་བ་ལག་པ་དང། །མིག ་དང་སྣ་དང་རྐང་པ་འང་བཅད་ཕྱུང་འགྱུར་ཞེས་གསུངས་སོ། །བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ལས་ཀྱང་སྨད་དེ་། རྨ་མཐོང་ནས་ནི་སྦྲང་མ་བརྒྱུགས་པ་དང། མི་གཙང་མཐོང་ནས་ལུག་པོད་བ་རྒྱུགས་པ་དང། །ཕྱུགས་ཀྱི་ཤ་ཕྱིར་ཁྱི་ཡང ་བརྒྱུག་པ་ལྟར། །མི་མཁས་བུད་མེད་དགའ་བ་དེ་བཞིན་བརྒྱུག། བྱིས?་བ་རྣམས་ནི་མ་རིག་བསྒྲིབས། །མུན་པའི་ཕུང་པོས་ཀུན་ཏུ་བསྒྲིབས། །བུད་མེད་ཆགས་པ་དེ་བཞིན་རྨོངས། །དུན་སྒྱུགས་གནས་ལ་བྱ་ཁྭ་བཞིན། །ངན་འགྲོར་གང་དག ་ཞུགས་པ་དང། །མྱོང་བའི་འདུ་ཤེས་ཆགས་བྱེད་དེ། །ངན་སྐྱུགས་གནས་སུ་སྲིན་བུ་འདྲ། །དེ་དག་བདུད་ཀྱི་སྤྱོད་ཡུལ་ཡིན། །ངན་སྐྱུགས་བུམ་པ་རི་མོ་ཅན། །གང་དང་གང་དུ་སྣང་པ་ཡང། །གཅིན་དང་བཤད་བས་གང ་བ་དང། །རྐྱལ་པ་རླུང་གིས་གང་བ་བཞིན། །སྣབས་དང་མ་མཆིལ་མ་ཁ་ཆུ་དང། །བད་ཀན་རྣག་དང་ཀླང་རྒྱས་དང། །བྱིས་པ་རྣམས་ཀྱི་ལུས་ལ་ནི། །འདྲིང་འཛག་སྟེ་སྦྲང་རྩི་བཞིན། །རུས་བས་རྒྱུས་གྱུར་ཁ་སྒོ་ནས། །ཕགས་པ་ཤ་ལ་སོགས་པས་བཀྲིས།། ་ལུས་འདི་ཕོལ་མིག་འདྲ་བ་སྟེ། །སྨད་པ་ཡིན་ཞིང་དྲིང་ཅན། །དཔེར་ན་ཕོལ་མིག་རྨ་ཁ་ནི། །སྲོག་ཆགས་སྣ་ཚོགས་རྣམས་ཀྱིས་གང། །དེ་བཞིན་དུ་ནི་ལུས་འདི་ཡང། །མི་གཙང་སྣ་ཚོགས་སྣོད་ཡིན་ནོ། །ལྟོ་ནི་གཉེ་མས་གང་བ་སྟེ། །མཆེར་བ་དང་ནི་གློ་བ ་དང། །མཁལ་མ་ཁྲག་དང་མཁྲིས་པ་དང། །ཀླང་རྒྱས་རུས་པ་རྐང་གིས་གང། །གང་དག་ཁོང་ན་གནས་པ་ནི། །སྲིན་བུའི་གྲོང་ཁྱིམ་བརྒྱད་ཁྲི་ཡིན། །གཏི་མུག་དྲ་བས་བསྒྲིབས་པས་ན། །བྱིས་བ་རྣམས་ཀྱིས་མི་ཤེས་སོ། །བུ་གའི་སྒོ་ནི་དགུ་དག་ནས། །མི ་གཙང་རྣག་དང་དྲི་ང་འཛག་།སྨྲ་བ་དང་ནི་མཐོང་བས་ཀྱང། །བྱིས་བ་དག་ནི་མཚན་མར་འཛིན། །བྱིས་བ་ངན་སྐྱུགས་སྤྱོད་ཡུལ་ཅན། །མཆིལ་མ་དང་ནི་སྣབས་ཟ་བ། །ཆགས་པར་གྱུར་ནས་ཕྱོགས་གང་ཞིག་།ཀུན་ཏུ་སྨད་བ་མི་ཤེས་སོ། །སྦྲང་མ་རྣམས་ཀྱིས ་རྨ་མཐོང་ལྟར། །སྨད་པའི་གནས་ལ་ཆགས་བར་བྱེད། །མཆན་ཁུང་གཉིས་ནས་རྡུལ་འཛག་ཅིང། །བཙོག་པའི་དྲི་ནི་འབྱུང་བར་འགྱུར། །གང་གིས་ངན་འགྲོར་འགྲོ་བ་ཡི། །ཉེས་པར་བྱེད་པའི་ལས་བྱེད་ཅིང། །འདོད་པ་དང་ཕེན་པ་བསྟེན་པ་དང། །དམན ་པའི་ཆོས་རྣམས་སྟེན་བྱེད་བ། །ཤེས་རབ་འཆལ་བ་མནར་མེད་སོང། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །ངན་སྐྱུགས་བཞིན་དུ་དྲི་ང་ཞེས་སངས་རྒྱས་རྣམས་ཀྱི་བུད་མེད་སྨད། །དེ་ལྟ་བས་ན་དམན་པ་ནི། བུད་མེད་དམན་པ་རྣམས་དང་འདྲེ། །བྱིས་དྲ? ་གང་ཞིག་ངན་སྐྱུགས་ཀྱིས། །རྒྱལ་བ་ཐོགས་ནས་ཁྱིམ་དུ་འགྲོ། ལས་ནི་ཅི་འདྲ་བྱེད་པ་ཡིན། །འབྲས་བུ་ཡང་ནི་དེ་འདྲ་འཐོབ་ཅེས་གསུངས་སོ། །ཡང་དེ་ཉིད་ལས་གསུངས་པ། སྡུག་བསྔལ་བས་བཙལ་བའི་ལོང་སྤྱོད་རང་གསོ་བའི་ཕྱིར་བསྒྲུབས་པ་དགེ་སྦྱོང ་དང་བྲམ་ཟེ་རྣམས་དང་བཀྲེན་པ་དང་སྡུག་ཕོངས་དང་སློང་བ་རྣམས་ལ་སྦྱིན་པ་གཏོང་བར་མི་ནུས་ཏེ། བུད་མེད་གྱི་དབང་དུ་གྱུར་ཅིང། བུད་མེད་ཀྱི་ཐུལ་འོག་ཏུ་ཆུད་ལ་བུད་མེད་ཀྱིས་ཚར་ཆོད་པ་བུད་མེད་ཀྱིས་འཁོལ་བ་རྣམས་ནི། བུད་མེད་ལ་?་བ་དེ་ཉིད་ཀྱིས་དེ་གསོ་བའི་ཕྱིར་སྦྱིན་པ་གཏོང་བར ་མི་ནུས་ཚུལ་ཁྲིམས་ཡང་དག་པར་འཛིན་མི་ནུས་སོ། །དེ་དེ་ལ་ཆགས་པས་བུད་མེད་ཀྱིས་སྤྱོད་པ་འང་བཟོད་བསྡིགས་ཤིང་ལྟ་བ་དང་རྒྱག་པ་ཡང་བཟོད་དོ། །བུད་མེད་ཀྱིས་བསྡིགས་པའི་མི་དེ་ཞུམ་ཞིང་སྤྲོ་ཤི་ལ་དེའི་གདོང་དུ་བལྟ་སྟེ་།འདོད་པའི་རྒྱུ་དང་འདོད་པའི ་གཞན་དབང་དུ་སོང་བ་ཡིན་ནོ། །རྒྱལ་པོ་ཆེན་པོ་འདི་ནི་འདོད་པ་ལ་སྐམ་པ་ངན་སྐྱུགས་ཀྱི་སྒོ་ལ་གདུ་བ་མི་གཙང་བ་ལ་དགའ་བ་ཤེས་བཞིན་མེད་པ་སྤྱོད་པའི་མིའི་སྐྱོན་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་།འདི་འདྲ་ཐོས་ཀྱང་སྐྱོ་བ་དང། །ཡིད་འབྱུང་མི་འགྱུར་དེ་དག་ནི།། ་རབ་ཏུ་རྨོངས་ནས་བུད་མེད་དང། །ཕྱར་ཞིང་སྟེན་པར་བྱེད་པར་འགྱུར། །བཙོག་ཅིང་ཤིན་ཏུ་སྨད་བྱ་བ། །འདོད་པ་སྡུག་བསྔལ་སྟེན་བྱེད་ཅིང། །ཆོས་ཐོས་ནས་ནི་རབ་རྨོངས་ཤིང། །ལེགས་པ་སྨྲས་ཞེས་སྨྲ་བར་བྱེད། །དེ་ཡི་སེམས་ནི་མོ་ཕྱོར་སོང། །བྱི་བ་ལ་ནི་བྱ ་ལ་བཞིན། །རྒྱལ་བས་བཤད་བ་ཐོས་ནས་ཀྱང། །ཡུད་ཙམ་ཞིག་ནི་ཡིད་འབྱུང་འགྱུར། དེ་ནས་དེ་ནི་ཡང་འཁྲུག་སྟེ། །དཔེར་ན་དྲག་བོའི་དུག་དང་འདྲ། །ཇི་ལྟར་ཕག་ནི་ཡུད་ཙམ་ཞིག་།དངས་ཤིང་སྐྲག་པར་གྱུར་ཀྱང་ནི། །ངན་སྒྱུགས་མཐོང་བར་གྱུར་པ་དང།། ་དེ་ནི་བསྐམ་པ་སྐྱེད་པ་བཞིན། །དེ་ལྟར་བྱིས་པ་བདེ་འདོད་པ་།རྒྱལ་བའི་སྟན་པ་སྤངས་ནས་སུ། །གང་གིས་ངན་འགྲོར་འགྲོ་བ་ཡི། །འདོད་བ་དམན་པ་སྟེན་པར་བྱེད། །འདོད་པ་རྣམས་ལ་ཆགས་ཞེན་ནས། །ཤིན་ཏུ་སྡུག་བའི་ལས་བྱས་ཏེ། །ཚུལ་ཁྲིམས་ ་ལྡན་ལ་སྐུར་བ་ནི། །ཕྱི་ནས་ངན་འགྲོར་འགྲོ་བར་འགྱུར། །སྐྱེས་བུ་གང་ཞིག་ཆོས་ཚུལ་འདི་འདྲ་བ། །རིག་ནས་བུད་མེད་རྣམས་ལ་བག་བྱེད་པ། །དེས་ནི་མཐོ་རིས་ལམ་ཡང་རྟག་པར་སྦྱངས། །དེ་ལ་བྱང་ཆུབ་རབ་མཆོག་དཀོན ་མ་ཡིན། །དལ་རྙེད་ཤེས་རབ་ལྡན་གྱུར་ཅིང། །འདི་འདྲ་བ་ཡི་ཆོས་ཐོས་པ། །འདོད་པ་ཐམས་ཅད་འདིར་སྤངས་ཏེ། །མཁས་པ་རབ་འབྱུང་མངོན་པར་འབྱུང་ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་གནོད་པ་གཞན ་གསུངས་ཏེ། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་སྲོག་གཅོད་དམ་དེ་དག་གིས་བདོག་པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང། ་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གཅིག་གི་སེམས་བསྐྱེད་པ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཆགས་གཅིག་སྦྱིན་དང་ལྡན་པའི་དགེ་བའི་རྩ་བའི་བར་ཆད་བྱས་ན། དེ་དེ་བས་ཆེས་སྡིག་པ་གྲངས་མེད་པར ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་འབྱུང་བ་སྐྱེད་པའི་དགེ་བའི་རྩ་བའི་བར་ཆད་བྱེད་པར་གནས་བའི་ཕྱིར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང་སེར་སྣ ་བྱེད་ན། དེས་དེའི་ཚེ་གཞི་དེ་ལས་འཇིགས་པ་ཆེན་པོ་གསུམ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བའི་འཇིགས་པ་དང། དམུས་ལོང་གི་འཇིགས་པ་དང། ཡུལ་མཛའ་འཁོབ་ཏུ་སྐྱེ་བའི་འཇིགས་པ་ཞེས་བྱ་བའོ། ། ་ཡང་གསུངས་པ། མི་གང་དེ་ལ་དགའ་བར་མི་བྱེད་ཅིང། །ཡོད་པ་མིན་དང་བསྔགས་པ་མི་སྨྲ་དང། །མི་གང་ཁྲོས་ནས་མི་སྙན་སྨྲ་བ་འམ། །ཡང་ན་དེ་ལ་འཁྲུག་པ་བྱེད་པ་དག། སེམས་ཅན་དམྱལ་བར་སྐྱེ་འགྱུར་ཏེ། །ལུས་ནི་ཆེན་པོར་གྱུར་ནས་སུ ་དེ་ཡི་སྡུག་བསྔལ་མྱོང་འགྱུར་ཏེ། །ཡིད་རབ་མི་བདེ་མ་རུངས་འགྱུར། །དཔག་ཚད་ལྔ་བརྒྱའི་ཚད་ཙམ་དུ། །དེ་ཡི་ལུས་ནི་སྐྱེ་བར་འགྱུར། །སྡིག་པའི་ལས་ཀྱིས་རྟག་ཏུ་ཁྱི། །བྱེ་བས་བསྐོར་ནས་ཟ་བར་འགྱུར། །བསྐལ་པ་དག་ནི་དུ་མར་ཡང། །ལུས ་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །དེ་ལས་ཉུང་བར་མི་འགྱུར་རོ། །མགོ་རྣམས་རེ་རེ་དག་ལ་ཡང། །ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ། ལྕེ་གཅིག་ལ་ཡང་ཐོང་གཤོལ་ན། །ལྔ་བརྒྱར་ཚང་སྟེ་མི་ཉུང་བ། །འབར་པས་དེ་ལ ་རྨོ་བྱེད་དེ། །སྐུར་འདེབས་རྡེགས་པའི་ལས་ཀྱིས་སོ། །ཚིག་རྩུབ་དག་ནི་སྨྲས་པས་ན། །ཤིན་ཏུ་ཚ་བས་སྲེག་པར་འགྱུར། །གང་དག་སྡོམ་བར་མི་བྱེད་ཅིང། །བྱང་ཆུབ་སེམས་དཔའ་གནོད་བྱེད་པ། །དེ་ནི་སེམས་ཅན་དམྱལ་རྙེད་དེ། །དུད་འགྲོའི་སྐྱེ ་གནས་འགྲོ་བར་འགྱུར། །ཆུལ་འདི་སྤོང་བར་བྱེད་པ་ནི། །བསྐལ་བ་བྱེ་བ་སྟོད་རྣམས་དང། །བརྒྱ་དང་ཁྲག་ཁྲིག་རྣམས་སུ་ཡང། །མནར་མེད་པར་ནི་སྡུག་བསྔལ་རྙེད། །དེ་ནས་ཤི་འཕོས་རབ་གདུག་ཅིང། །ཤིན་ཏུ་མི་བཟང་སྤྲུལ་དུ་འགྱུར། །བཀྲེས་ཤིང ་སྐོམ་བས་མངོན་གཟེར་ཀྱང། །ཤིན་ཏུ་མི་བཟད་ལས་རྣམས་བྱེད། །བཟའ་བ་རྙེད་ཀྱང་སྡིག་པ་ཡིས། །ནམ་ཡང་ཚིམ་པར་མི་འགྱུར་རོ། །གལ་ཏེ་དེ་ནས་ཤི་འཕོས་ནས། །མི་ཡི་ནང་དུ་སྐྱེས་ན་ཡང། །ཡིད་མི་གཞུངས་ཤིང་དམུས་ལོངས་འགྱུར། །གནོད ་བར་སེམས་ཤིང་སྡོམ་པ་མེད། །ཉེས་པ་ཚིག་རྣམས་སྨྲས་ནས་ནི། །འཕགས་པ་མཉེས་པར་མི་བྱེད་པ། །མི་ཡི་ནང་ནས་ཤི་འཕོས་ནས། །སླར་ཡང་ངན་འགྲོར་འགྲོ་བར་འགྱུར། །བསྐལ་བ་བྱེ་བ་སྟོང་རྣམས་སུ་།ནམ་ཡང་སངས་རྒྱས་མཐོང་མི ་འགྱུར་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པ་འམ། །བརྙས་པའི་སེམས་བསྐྱེད་པ་ཇི་ཙམ་པ་དེ་སྙེད་ཀྱི་བསྐལ་བར་བྱང་ཆུབ་སེམས་དཔའ་དེས་སེམས ་ཅན་དམྱལ་བ་པ་རྣམས་སུ་གནས་པར་གོ་ཆ་བགོ་བར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་ལས་གཞན་གང་གིས་ཀྱང་ལོག་པར་?་བར་བྱེད་མི ་ནུས་སོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་རྡོ་རྗེ་ནི་རྡོ་རྗེ་ཉིད་མ་གཏོགས་པར་ཤིང་དམ་བོང་བའམ་དབྱུག་པ་འམ་རྔོ་བ་འམ་མཚོན་ཆས་བཅག་པར་མི་ནུས་སོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའ་ལ་སྐབས ་བཏབ་པ་མ་གཏོགས་བར་ལས་གཞན་གྱིས་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས་སོ། །དང་བའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཁྲོས་ནས་ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན?་ར་མུན་ནག་དག་ཏུ་བཅུག་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཁྲོས་ཏེ་བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་མི་བལྟའོ་ཞེས་ཟེར་ན ་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་ཕྲོགས་པ་བས། གཞན་གང་གིས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ ་ཡང་རུང་བ་ལ་སྨད་ན་འདི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་དང་བསྲེགས ་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་བའི་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་ཐབ་དང་ཁྲོ་བའི་སེམས་སྐྱེ་དེ་གཤེས་པ་དང་མི་སྙན་པར་སྨྲས་ནས་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ངེས་པར་འབྱུང་ལ། སངས་རྒྱས་ལས་མཆོད་རྟེན་རྣམས་དང་ལྟའི་རིགས་ཐམས་ཅད་ཀྱིས་བདེ་བའི་ཡོ་བྱད་ཐམས་ཅད་འབྱུང་ངོ། །བྱང་ཆུབ་སེམས་དཔའ་ ་བསྟི་སྟང་མ་བྱས་ན་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་མ་བྱས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་བསྟི་སྟོང་བྱས་པ་ནི་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་མཆོད་པ་བླ་ན་མེད་པས་མཆོད་པ་བྱེད་འདོད་པ་བྱང་ཆུབ ་སེམས་དཔའ་རྣམས་མཆོད་པར་བྱའོ་ཞེས་གསུངས་སོ། །དེ་མཆོད་པའི་རྣམ་པར་སྨིན་པ་ནི་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། གང་ཞིག་ཆོས་དང་ལྡན་པ་ཡི། །ཆོས་སྨྲ་དེ་དག་སྲུང་བྱེད་པ། །ངན་འགྲོ་རྣམས་ནི་ཀུན་སྤངས་ནས། །བརྒྱ་བྱན? ་རྫུ་འཕྲུལ་ཆེན་པོར་འགྱུར། །ཚངས་པ་དགའ་ལྡན་འཐབ་བྲལ་དང། །དབང་བྱེད་བར་ཡང་དེ་འགྱུར་རོ། །གལ་ཏེ་མིང་ནི་གྱུར་ན་ཡང། །རྟག་ཏུ་འཁོར་ལོས་སྒྱུར་བར་འགྱུར། །ཚོང་དཔོན་དང་ནི་ཁྱིམ་བདག་འགྱུར། །རྟག་ཏུ་སྐྱིད་ཅིང་ནོར་ཆེར་འགྱུར། །ཇི ་ལྟར་གངྒཱའི་བྱེ་སྙེད་ཀྱི། །བསྐལ་པ་དེ་སྙེད་རྟག་ཏུ་ཡང། །འཇིགས་མེད་དྲན་པ་ཕུན་སུམ་ཚོགས། །བདེ་དང་ལྡན་ཞིང་གནོད་པ་མེད་ཅེས་གསུངས་སོ། །ཕན་པ་བྱེད་པ་དང་གནོད་པ་བྱེད་པ་བསམ་པ་འདི་བྱང་ཆུབ་སེམས་དཔའ་གང་གི་དབང་དུ་བྱས་ཤེ་ན།། ་སོ་སོའི་སྐྱེ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། དད?་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཇི་སྐད་དུ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གི་སེམས་ཅན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་རྙེད་དག་ལ ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་ལྟའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང། དེ་བཞིན་དུ་ལྟའི་གོས་རྣམས་བྱིན་པ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་དགེ་བ་བཅུའི ་ཀྱི་ལམ་དང་ལྡན་པ་ཞིག་ལ་།འདིས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་བསླབས་པའོ་སྙམ་དུ་བསམ་ནས། ཉིན་ཅིག་ཟན་ཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས ་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་དྲག་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་དེ་བཞིན་དུ་ལྟའི་གོས་རྣམས་སྦྱིན་པ་བྱིན་པས་རིག་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གི་དགེ་སློང་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་བསོད་ནམས་གྲངས་མེད་པར་སྐྱེད་དོ་ཞེས ་གསུངས་པ་བཞིན་ནོ། །དེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང། འཇམ་དཔལ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཀུན་གྱི་མིག་ཕྱུང་བར ་གྱུར་ལ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་བྱམས་པའི་སེམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལ་མིག་དེ་དག་སྐྱེད་བ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་གི་ཐེག ་བ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་བའི་སེམས་ཀྱིས་ལྟ་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་སེམས་ཅན་བཙོན ་རང་བཅུག་པ་ཐམས་ཅད་བཙོན་ར?་ནས་བཏོན་ཏེ། འཁོར་ལོ་སྒྱུར་བའི་བདེ་བ་འམ་ཚངས་པ་ཉིད་ཀྱི་བདེ་བ་ལ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་གི་ཐེག་པ་ཆེན་པོ་ལ་མོས་པ་ལ་དད་བའི་སེམས ་ཀྱི་ལྟ་བ་ཐོབ་པར་གྱུར་ཅིང་དེའི་སྔགས་པ་ཡང་བརྗོད་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ་ཞེས་གསུངས་སོ། །དེ་སྐད་དུ་སའི་སྙིང་བོའི་མདོ་ལས་ཀྱང། བཙུན་པ་བཅོམ་ལྡན་འདས་རྒྱལ་རིགས་དགེ་བ་འམ་བློན་པོ་དགེ་བ་འམ་ཤོར ་བ་དགེ་བ་འམ་དགེ་སྦྱོང་དགེ་བ་འམ་བྲམ་ཟེ་དགེ་བ་གང་ཞིག། གཞན་སྲུང་བ་དང་བདག་སྲུང་བ་དང་འཇིག་རྟེན་ཕ་རོལ་སྲུང་བ་དང། བཅོམ་ལྡན་འདས་ཀྱི་བསྟན་པ་དང། ཉན་ཐོས་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་ཡང་རུང་སྐྲ་བྲེགས་ནས་གོས ་ངུར་སྨྲིག་གི་ཚལ་བུ་བགོས་པ་ཡོངས་སུ་སྲུང་བ་དང། ཉན་པ་དང། མཆོད་པ་དང། ཉན་ཐོས་ཀྱི་གཏམ་དང། ཐེག་པ་ཆེན་པོའི་གཏམ་ཉན་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན ་གྱིས་ཕྱུག་པ་གྲོལ་བ་དང། རིག་པའི་སྤོབས་བཅན་དག་ལ། །མཆོད་པ་དང། དེ་དག་དང་ལྷན་ཅིག་ཏུ་དགའ་བ་དང་རྩེ་བ་དང་ཡོངས་སུ་འདྲི་བ་དང་ཡོངས་སུ་འདྲི་བ་འཇུག་པ་དང་དེ་དག་ལས་མཉན་ཅིང་བྱའོ་སྙམ་དུ་སེམས་ཤིང་བྱ་བ་ནས་།དེ་བཞིན ་དུ་སྦྱར་ཏེ། དེའི་སྡིག་པ་ཇི་ཙམ་ཞིག་འབྱད་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་སྐྱེས་ལ། དེས་ཛམྦུའི་གླིང་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། སངས་རྒྱས ་བཅོམ་ལྡན་འདས་བཞུགས་པ་དེ་རྣམས་ལ་དབུལ་བ་ཕུལ་ལ་ཉི་མ་གུང་གི་དུས་སུ་ཡང་དེ་བཞིན་ཕྱེ་མ་རེད་ཀྱི་དུས་སུ་ཡང་དེ་བཞིན་དབུལ་ཞིང། །རྣམ་གྲངས་འདིས་ལོ་བརྒྱ་སྟོང་དུ་འདི་ལྟར་དབུལ་བ་ཕུལ་ན། འདི་ཇི་སྙམ་དུ་སེམས་མི་དེ ་བསོད་ནམས་མང་དུ་བསྐྱེད་དམ། གསོལ་བ། བཙུན?་པ་བཅོམ་ལྡན་འདས་མི་དེ་བསོད་ནམས་ཀྱི་ཕུང་པོ་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་སྐྱེད་དེ། །དེའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་གང? ་གིས་ཀྱང་ཚད་བཟུང་བར་ནུས་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་རིགས་དགེ་བ་འམ་ཞེས་བྱ་བ་ནས་གོང་དུ་ཇི་སྐད་སྨོས་པའི་བར་དུ་དེ་བཞིན་དུ་སྦྱར་ཏེ། དེ་བསོད་ནམས་ཀྱི་ཕུང་པོ་ཤིན་དུ་མང་དུ་སྐྱེད་གནས? ་བསོད་ནམས་ཕུང་པོ་ཤིན་ཏུ་ལྔས?་པ་དང་ཤིན་ཏུ་ཚད་མེད་པ་དང་ཤིན་ཏུ་གྲངས་མེད་བའི་བར་དུ་སྐྱེད་དོ། །གང་ཞིག་ལྔ་བརྒྱ་པ་ཐ་མ་ལ་ངའི་དམ་པའི་ཆོས་ཀྱི་ཚུལ་སྲུང་བ་དེ་ནི་བདག་སྲུང་བ་དང་གཞན་སྲུང་བ་དང་འཇིག་རྟེན་ཕ་རོལ་སྲུང་བདེ་འདའ་ཨི་བསྟན་བསྲུང ་པ་དང། ཉན་ཐོས་སྣོད་དུ་གྱུར་བ་དང་སྣོད་དུ་མ་གྱུར་པ་ཡང་རུང་སྐྲ་བྲེགས་ཏེ་གོས་དུར་སྨྲིག་བགོས་པ་རྣམས་ཡོངས་སུ་བསྲུངས་པ་དང། མི་འཚེ་བ་ནས་རང་གི་ལུས་འཁོར་གྱི་བར་དུ་འཕེལ་བར་བྱེད་པ་དང། ངན་སོང་ཟད་པར་བྱེད ་པ་དང། ལྷའི་གནས་འཕེལ་བར་བྱེད་པ་དང། ཚེ་རིང་དུ་སྐྱོང་བ་དང། རང་གི་ཉོན་མོངས་པ་དང་གཞན་གྱི་ཉོན་མོངས་པ་རྣམས་སེལ་བ་དང། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པ་དང། ངན་སོང་ཐམས ་ཅད་རྣམ་པར་སྤོང་བ་དང། འཁོར་བ་ན་རིང་དུ་མི་འཁོར་བ་དང། རྟག་ཏུ་དགེ་བའི་བཤེས་གཉེན་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཕྲད་ཅིང། རྟག་ཏུ ་དགེ་བའི་བཤེས་གཉེན་རྣམས་མི་འབྲལ་བར་འགྱུར་རོ། །ཇི་ལྟར་བསམ་པའི་སངས་རྒྱས་ཀྱི་ཞིང་དུ་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་བར་འགྱུར་རོ། །དེ་ནས་ལྷའི ་དབང་པོ་ཐམས་ཅད་འཁོར་དང་བཅས་པ་ནས་ཤ་ཟའི་དབང་པོ་བར་དུ་འཁོར་དང་བཅས་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན ་འདས་ད་ལྟར་དང་མ་འོངས་བའི་དུས་ལྔ་བརྒྱ་པ་ཐ་མའི་བར་དུ་རྒྱལ་རིགས་དགེ་བ་རྣམས་དང་ཁྱིམ་བདག་དགེ་བའི་བར་དག་དང་དེ་བཞིན་ཏུ་སྦྱར་ཏེ། དེ་ལྟར་དམ་པའི་ཆོས་སྲུང་བ་དང་དེ་ལྟར་དཀོན་མཆོག་གསུམ་གྱི་རིགས་འབར་བར ་བགྱིད་པའི་རྒྱལ་རིགས་དགེ་བ་ནས་ཁྱིམ་བདག་དགེ་བའི་བར་དེ་དག་ལ་།བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་རྣམ་པ་བཅུའི་བར་གྱིས་བསྲུང་བར་བགྱི། ཡོངས་སུ་བརྐྱང་བར་བགྱི་འཕེལ་བར་བགྱིའོ། །བཅུ་གང་ཞེ་ན། ་དེའི་ཚེ་འཕེལ་བར་བགྱི་བ་དང། ཚེའི་བར་ཆད་ཀྱང་ཆོས་ཀྱི་བཟློག་པར་བགྱི་བ་དང། བྲོ་ནང་མ་མཆིས་པ་དང། འཁོར་དང་ཆོས་ཀྱི་ཕུང་པོ་དང། ལོང་སྤྱོད་པ་དང། དབང་ཕྱུག་དང། །སྙན་པ་དང། དགེ་བའི་བཤེས་གཉེན་རྣམ ་དང། ཤེས་རབ་ཕུན་སུམ་ཚོགས་པ་ཡང་འཕེལ་བར་བགྱི་བ་སྟེ། བཅུ་པོ་དེ་དག་གིས་བསྲུང་བར་བགྱི་འོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལྟར་ན་སར་མཆུད་པ་རྣམས་ལ་ཡང་རྣམ་པར་སྨིན་པ་འདི་རྒྱ་ཆེར་བལྟ་བར་བྱའོ། །སྤྱན་རས་གཟིགས ་ཀྱི་མདོ་ལས་ཀྱང། །སྲོགས་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བ་བྱེད་པ་ནི། །སྐྱེ་བ་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། དྲན་དང་ལྡན་ཞིང ་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ནས་བཀའ་སྩལ་པ། སངས་རྒྱས་སྲས་པོ་དེ་དག་ལ། །མི་གང་མི་དགེ་འབྱེད་པ་དེ། །ལྷ་དང་མི་ནི་སྤངས་ནས་སུ། །དེ་དག་སེམས་དམྱལ་སྤྱོད་ཡུལ ་འགྱུར་ཞེས་རྒྱ་ཆེར་གསུངས་སོ། །གོང་མ་བཞིན་དུ་འདིར་ཡང་ཁྱད་པར་གྱི་རྒྱུ་གང་ཡང་བསྟན་པར་མི་ནུས་ཏེ། དེ་དཔྱད་པས་ཆོག་གོ་།ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང་།སྒྲིབ་པའི་སྒྲ་ནི་གནོད་པར་གསུངས་ཏེ། འཇམ་དཔལ་ ་སྒྲིབ་པ་ཞེས་བྱ་བ་ནི། འདོད་ཆགས་སྒྲིབ་པ། ཞེ་སྡང་སྒྲིབ་པ། གཏི་མུག་སྒྲིབ་པ། སྦྱིན་པ་སྒྲིབ་པ། ཚུལ་ཁྲིམས་སྒྲིབ་པ། བཟོད་པ་སྒྲིབ་པ། བརྩོན་འགྲུས་སྒྲིབ་པ། བསམ་གཏན་སྒྲིབ་པ། ཤེས ་རབ་སྒིབ་པའོ། །དེ་བཞིན་དུ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སྦྱིན་པ་བྱིན་པའི་ཚེ་སེར་སྣ་ཅན་རྣམས་ལ་མ་དད་པར་བྱེད་དེ། དེ་དག་མ་དད་པ་དེས་ཁོང་ཁྲོ་བའི་སེམས་བསྐྱེད་པས་ན། ཁོང་ཁྲོ ་བའི་ཐ་པའི་སྐྱོན་དེས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེའོ། །དེ་དག་ཚུལ་ཁྲིམས་སྲུང་བའི་ཚེ་འཆལ་བའི་ཚུལ་ཁྲིམས་ཅན་ལ་སྨོད་ཅིང་གཤེ་ལ་དེ་དག་གིས་མི་སྙན་པར་སྨྲའོ། །དེ་དག་ལས་དེ་དག་གིས་སྐྱོན་ཐོས་ནས་སྐྱེ་བོ་མང་པོ་མ ་དང་པར་བྱེད་དོ། །དེ་དག་མ་དང་པ་དེས་ན་ངན་འགྲོར་འགྲོ་བར་འགྱུར་རོ། །དེ་དག་བཟོད་པ་སྒོམ་པའི་ཚེ་བདག་ཅག་ནི་བཟོད་པ་དང་ལྡན་པ་ཡིན་དེ་དག་གཞན་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ་སྙམ་དུ་བཟོད་པའི་རྒྱགས ་པས་བག་མེད་པར་འགྱུར་ཏེ། བཟོད་པའི་རྒྱགས་པས་བག་མེད་པ་དེ་དག་བག་མེད་པའི་རྩ་བ་ལས་བྱུང་བའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །དེ་དག་བརྩོན་འགྲུས་རྩོམ་བའི་ཚེ་དགེ་སློང་འདི་དག་ནི་ལེ་ལོ་ཅན་དུ་གནས་པ ་མངོན་པར་མི་རྩོམ་པ་དད་པས་བྱིན་པ་ཡོངས་སུ་སྤྱོད་པ་སྟེ། འདི་དག་ནི་ཆུ་ཕོར་གང་གི་འོས་ཀྱང་མ་ཡིན་ནོ་སྙམ་དུ་བདག་ལ་བསྟོད་དེ། དེ་དག་བརྩོན་འགྲུས་བརྩོན་པ་དེས་བདག་ལ་བསྟོང་ཅིང་གཞན་ལ་སྨད་པ་དེ་དག་ནི་བྱིས་པ་ཡིན་ནོ ་ཞེས་ང་སྨྲའོ། །དེ་དག་བསམ་གཏན་ལ་མཉམ་པར་འཇོག་པའི་ཚེ་བསམ་གཏན་དང་སྙོམས་པར་འཇུག་པ་དེས་འདོད་པ་སྐྱེད?་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ཏིང་ངེ་འཛིན་ལ་གནས་པ་ཡིན་དགེ་སློང་འདི་དག་གཞན་ནི ་སེམས་གཡེང་བར་གནས་པ་ཡིན་ཏེ། འདི་དག་ནི་སངས་རྒྱས་སུ་ག་ལ་འགྱུར་ཞེས་རྒྱ་ཆེར་རོ། །ཆོས་ཐམས་ཅད་འབྱུང་བ་མེད་བར་བསྟན་པ་ལས་ཀྱང། བྱང་ཆུབ་སེམས་དཔའ་ལ་ལྟུང་བས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ། ། ་ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་ཏོ། །ཕྲག་དོག་གིས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ། །སྤྱོད་ལམ་གྱི་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ལ་དམན་པའི་འདུ་ཤེས་དང་བདག་ལ་རྒྱ་ཆེ་བའི ་འདུ་ཤེས་བསྐྱེད་ན་བདག་སྨས་པ་དང་ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་ཏོ། །གལ་ཏེ་དེ་བྱང་ཆུབ་ཡོངས་སུ་མི་གཏོང་ན་འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ལ་གདམས་པ་དང་རྗེས་སུ་བསྟན་པའི་ཚེ་སྟོན་པའི་འདུ་ཤེས་ཉེ་བར་བཞག ་སྟེ་གདམས་པར་བྱ་རྗེས་རྗེས་སུ་བསྟན་པར་བྱའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ལ་བརྙས་པར་ནི་མི་བྱའོ། །ལྷའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་འཆང་བ་དེ་ལྟ ་བུ་ནི་གང་ན་ཡང་མེད་དོ་ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་མ་སྐྱེད་བའི་སེམས་ཅན་བྱང་ཆུབ་ཀྱི་སྐལ་བ་ཅན་ལ་ཡང་བསྙས་པ་བཀག་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་མོས་ཀྱང་ཅི་དགོས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི ་མདོ་ལས། བློ་གྲོས་བརྟན་པ་དེ་ལ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་བསྟན་པ་གང་ཞེ་ན། བློ་གྲོས་བརྟན་པ་འདི་ལ་གང་ཟག་ལ་ལ་ཞིག་འགྲོ་བ་ལྔའི་འཁོར་བར་ཡང་ན་ནི་སེམས་ཅན་དམྱལ་བ་འམ་ཡང་ན་དུད་འགྲོའི་སྐྱེ ་གནས་སམ་ཡང་ན་གཤིན་རྗེའི་འཇིག་རྟེན་ནམ་ཡང་ན་ལྟ་འམ་ཡང་ན་མིར་སྐྱེས་པར་གྱུར་ལ། གང་ཟག་དེ་ཡང་དབང་པོ་རྣོ་བརྒྱ་ཆེན་པོ་ལ་མོས་པ་ཡིན་ན། དེ་ལ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། སྐྱེས་བུ་གང་ཟག ་འདི་ནི་བསྐལ་པ་འདི་སྙེད་བསྐལ་བ་བརྒྱ་ཕྲག་བ་འདི་སྙེད་བསྐལ་པ་སྟོང་ཕྲག་འདི་སྙེད་བསྐལ་པ་བརྒྱ་སྟོང་ཕྲག་འདི་སྙེད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ན་བྱང་ཆུབ་མངོན་པར་རྫོགས་པ་? ་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། བློ་གྲོས་བརྟན་པ་དེ་ནི་བྱང་ཆུབ་ཏུ་སེ?་སམ་སྐྱེད་བར་ལུང་བསྟན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་བདག་ཅག་དང་སླན་ཆད་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་གང་ལ་བྱང་ཆུབ་ཏུ་ཡོངས་སུ་སྨིན་བའི་དབང་པོ་རྣམས་མཆིས་བ་དང་གང་ལ་མ་མཆིས་པ ་འཚལ་བར་འཇུག་པ་དེ་བདག་ཅག་ལམ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་བདག་ཅིག་ལ་འཚལ་པ་མ་མཆིས་པས་སེམས་ཅན་དེ་ལྟ་བུ་དག་ལ་དམན་པའི་འདུ་ཤེས་བསྐྱེད་ན། །དེས་བདག་ཅག་སྨྲས་པར་འགྱུར་རོ། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་བ། འོད་སྲུངས་ལེགས་ལེགས་སོ། །ཚིག་འདི་ནི་ལེགས་པར་སྨྲས་བའོ། །འོད་སྲུངས་ངེས་དོན་གྱི་དབང་འདི་མཐོང་ནས་དགེ་སློང་དག་ང་འམ་ང་དང་འདྲ་བས་གང་ཟག་གིས་དྲོད་གཟུང་གི་།གང་ཟག ་གི་གང་ཟག་ལ་དྲོད་མི་གཟུང། །དགེ་སློང་དག་གང་ཟག་གིས། གང་ཟག་ལ་དྲོད་གཟུང་ན་སྨས་པར་འགྱུར་བར་ཤེས་པར་གྱིས་ཤིག་ཅེས་ཁྱེད་ལ་དེ་ལྟ་བུའི་ཆོས་བསྟན་ཏེ། འོད་སྲུངས་བསྟན་པ་དེས་བྱང་ཆུབ་སེམས་དཔའ་ ་འམ་ཉན་ཐོས་ཀྱིས་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བའི་གང་ཟག་ཡིན་དུ་འོད་ཞེས་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །དེས་ན་དེར་བསྲུང་བར་བྱའོ་ཞེས་ཇི་སྐད་གསུངས་པ་བཞིན་ནོ། །གང་ལ་ངེས ་པར་བྱང་ཆུབ་འཐོབ་པའི་མཚན་མ་ཡོད་པ་དེ་ལ་བརྙེས་པ་ཤིན་ཏུ་བསྲུང་བར་བྱ་སྟེ། དམ་པའི་ཆོས་པདྨ་དཀར་བོའི་མདོ་ལས། ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང། །དེ་ཕྱིར་ས་རྡུལ? ་ཕུང་པོ་དག་ལས་ཀྱང། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང། །བྱིས་པས་རྩོད་མོར་དེ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག། བྱ་མ་ལས་ནི་ཕུང་པོར་བྱས་པ་ཡང། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར ་ཞེས་བྱ་བ་ནས་གང་གི་རྩིག་དེས་གཟུགས་ཀྱི་རིམ་དག་།བསོད་ནམས་བརྒྱས་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སུམ་འདྲི་རུ་བཅུག་ཀྱང་རུང། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ ་གཞོན་ནུ་འང་རུང། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བ་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་སོ་བྲིས་བ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། ་བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཁྲོལ་བརྡུང་བཅུག་དང། །ཆུ་ལ་བརྡབས་དང་ཐལ་མོས་བརྡབས་པ་དང། །ཡིད་དུ་འོང་ཞིང་སྙན་པའི་གླུ་དབྱངས་དང། །རིང་བསྲེལ་དེ་དག་རྣམ་མང་མཆད་བྱས་པ ་དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དང། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་ཅིག་ཙམ་གྱིས་ནི་མཆོད་པ་དང། །བདེ་གཤེགས་གཟུགས་དང་རྩིག་དོས་བྲིས་པ་ལ། ། ་འཁྲུག་བཞིན་པ་ཡི་སེམས་ཀྱི་མཆོད་པ་ཡང། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང། །མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚངས་བ་འམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང། །དེ་བཞིན་ལན་ཅིག ་ལུས་ཀྱང་བཏུད་པ་དང། །གང་གི་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་དགའ་བརྗོད་པར་བྱས་པ་ཡང། །དེ་དག་ཀུན་གྱི་བྱང་ཆུབ་མཆོག་འདི་ཐེག?། ་?་ཚེ་བདེ་བར་གཤེགས་པ་དེ་དག་ནི། །མྱ་ངན་འདས་སམ་ཡང་ན་བཞུགས་ཀྱང་རུང། །སེམས་ཅན་གང་གིས་ཆོས་འདི་མིང་ཐོས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར་ཞེས་ཇི་སྐད་གསུངས་པ་བཞིན་ནོ། །སྙིང་རྗེ་ཆེན་པོའི་མདོ་ལས ་ཀྱང། །འདི་ལྟ་སྟེ་དཔེར་ན་ཉ་བ་མཆིལ་བ་ཐོགས་པས་ཉ་བ་ཤོར་བའི་ཕྱིར་མཆིལ་པ་གཟན་མ་དང་བཅས་པ་མཚོ་ཆེན་པོར་བཅུག་ལ་དེ་བཅུག་པ་དེ་ལས?་མེད་པར་གྱུར་ན་།ཉ་དེ་མཚོ་ཆུའི་ནང་ན་འཕྱོ་ཡང་དེ་སྲད་བུ་སྲ་བ་ཡུ་བསྐམ་ས ་ལ་གཏགས་པས་བརྟོད་བ་ཞེས་བརྗོད་པར་བྱ་སྟེ། ཉ་བ་མཆིལ་པས་འཆོང་པ་འོངས་ནས་སྲད་བུ་ཐང་ཤེས་བྱེད་པ་ལས་ཉ་ཟིན་པར་ཤེས་ཏེ་དེས་སྲད་བུ་དྲངས་ནས་དེ་སྐམ་ལ་ཕྱུང་སྟེ། དགའ་མགུར་སྤྱོད་དོ། །དེ་བཞིན་དུ་སེམས ་ཅན་གང་དག་བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱི་དགེ་བའི་རྩ་བ་བསྐྱེད་ན། ཐ་ན་དད་བའི་སེམས་གཅིག་སྐྱེད་ན་ཡང་སེམས་ཅན་དེ་དག་ཉེས་བར་བྱས་བའི་ལས་ཀྱི་སྒྲིབ་པས་མི་ངལ་བ་རྣམས་སུ་སྐྱེས་སུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང་བསྡུ་བའི་དངོས་པོའི་སྲང་བུས་སེམས་ཅན་དེ་དག་གཟུང་ནས་འཁོར་བའི་མཚོ་ཆུ་ལས་བཏོན་ཏེ་མྱ་ངན་ལས་འདས་བའི་ཐད་ལ་འཇོག་གོ་ཞེས་གསུངས་སོ། །དེ་ལྟ་བས་ན་དེ་དག་ལ་སྟོན་པའི ་འདུ་ཤེས་བསྐྱེད་པར་བྱའོ། །ཕ་རོལ་ཕྱག་འཚལ་བའི་ཚེ་འདི་གསར་བུ་ཡིན་ཡང། བྱང་ཆུབ་ཀྱི་སེམས་སྟོབས་བསྐྱེད་བས་ཕྱག་བྱ་བའི་འོས་ཡིན་ནོ་སྙམ་དུ་བསམ་ལ་ཡིད་ཀྱིས་ཕྱག་བྱས་ཏེ། དཔེར་ན་དྲ་བྱེ་ལ་སྤྲིན་བྱང་ཆུབ་སེམས་དཔའ་ ་ཆེན་པོ་ཡིན་ཡང་གསར་བུ་འཕགས་པ་ནོར་བཟངས་ལ་ལུས་ཐམས་ཅད་ཀྱི་གཏུགས་ནས་ཕྱག་བྱས་པ་ལྟ་བུ་དང་ལྷག་པའི་བསམ་པ་བསྐུལ་བ་ལ་སོགས་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་ཐམས་ཅད་ལ་ཕྱག་བྱ་བར ་གསུངས་པ་ལྟ་བུ་ཡིན་ཏེ། འདི་ནི་ངེས་པའི་དོན་ཡིན་ནོ། །ཕྱག་བྱ་བ་དང་ཕྱག་བྱེད་པ་གཉིས་གཅིག་ལ་འདུ་བ་ཇི་ལྟར་མི་འགལ་ཞེན། ཕན་ཚུན་ཕྱག་བྱ་བར་དམིགས་བའི་ཕྱིར་རོ། །ཉམས་སུ་བླངས་པ་མརྡ་པས་བསོད་ནམས་མ་ཡིན ་པར་ཡང་མི་འགྱུར་རོ། །ཅི་སངས་རྒྱས་རྣམས་ཀྱང་དེ་ལྟ་འམ་ཞེ་ནམ་ཡིན་ཏེ་།ཐུག་པ་མེད་པ་དང་གཅིག་དམའ་བར་འགྱུར་བའི་ཕྱིར་རོ། །འཕགས་པར་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས་ཀྱང་གནོད་པ་གསུངས་ཏེ། འཇམ ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལས། ལ་ལ་ནི་བཟང་བར་འདུ་ཤེས་ལ་ལ་ངན་པར་འདུ་ཤེས་ལ་ལ་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས ་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིཌ་པའོ་འདི་ནི་མི་རིགས་པའོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བ་ཡིན་ནོ། །དས་འདི་ན་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་འམ་རང་སངས་རྒྱས་དང ་ལྡན་པ་འམ་ཐེག་པ་ཆེན་པོ་དང་ལྡན་པར་ཆོས་ཐ་དད་པར་བསྟན་པ་གང་ཡང་མེད་ན། མི་བླུན་པོ་དེ་དག་དའི་ཆོས་འདི་ལ་འདི་ནི་ཉན་ཐོས་རྣམས་ལ་བཤད་པ་འདི་ནི་སངས་རྒྱས་ལ་བཤད་པའོ་ཞེས་ཐ་དང་དུ་འབྱེད་དེ། དེ་ཐ་དང་པའི་འདུ ་ཤེས་ཀྱི་དམ་པའི་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པའོ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་ལ་སྤབས་པ་ཡོད་དོ་ཞེ་འམ་སྤོབས་པ་མེད་དོ་ཞེས ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ནི་ཆོས་མ་ཡིན་པར་སྟོན་ཏོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སངས་རྒྱས་འབྱུང་བ་མེད་པར་གཟུངས་ཐོབ་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བའི་སྤྱོད་པ་ལ་སུན ་འབྱིན་པ་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །བག་མེད་པར་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་ལམ་གྱི་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤྱོད་པ་དང་ཚུལ་ཁྲིམས་ཉམས ་པས་གླེང་ན་ཆོས་སྤོང་བ་ཡིན་ནོ། །སྤོབས་པས་གོ་བར་མི་བྱེད་དོ་ཞེས་ཟེར་ན་ཆོས་སྤྱོད་པ་ཡིན་ནོ། །ཆོས་རྣམས་ཀྱི་སྣང་བ་ལེགས་པར་མ་བཤད་དོ་ཞེས་ཟེར་ན་ཆོས་སྒོད་པ་ཡིན་ནོ། །ཁོང་དུ་མ་ཆུད་པས་ཚིག་དང་ཚིག་ཏུ་འགལ་བར ་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང ་ཚིགས་སུ་བཅད་པ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོད་བ་ཡིན་ནོ། །དོན་ལ་ལ་ལ་མོས་ཤིང་དོན་ལ་ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་འཆད་པའི་ཚེ་གཏམ་གཞན་དུ་གྱུར་ན་ཆོས་སྤོང་བ་ཡིན་ནོ། །བཀྲུག ་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་སྤྱོད་འདི་ལ་མི་སྦྱོད་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལགས་པར་གསུངས་པ་འདི་ནི་ལེགས་བར་གསུངས་པ་མ་ཡིན་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདིས་ནི ་སངས་རྒྱས་ཀྱི་གསུང་གི་དམ་ཚིག་སྨྲས་སོ་འདིས་ནི་སངས་རྒྱས་ཀྱི་གསུང་གི་དམ་ཚིག་མ་སྨྲས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འཇམ་དཔལ་དེ་ལྟར་ན་ཇི་ཙམ་དུ་ཅུང་ཟད་འགལ་བར་བྱེད་པ་དེ་ཙམ་དུ་ཆོ་སྤོང་བ་ཡིན་ནོ། །དགེ་སློང་དམ ་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མས་ཆོས་སྨྲ་བ་ལ་འདི་ནི་འདྲའོ་ཞེས་སེམས་སམ་སྨྲན་ཐམས་ཅད་དམ་པའི་ཆོས་སྤོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དེ་ཉིད་ལས་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་མྱ ་ངན་ལས་འདས་པ་ན་འགའ་ཞིག་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་བར་བྱེད་པ་ན་འཁོར་དེ་ལ་སེམས་ཅན་ཁ་ཅིག་སྤུ་ཟིང་ཞེས་བྱེད་དམ་ཁ་ཅིག་མཆི་མ་འབྱུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཐུས་གྱུར་བ ་ཡིན་ནོ། །དེ་ལ་སྐྱེས་བུ་བླུན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པར་བྱང་ཆུབ་སེམས་དཔར་ཁས་འཆེ་བ་བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ཆོས་རྐུ་བ་ཚུལ་འཆོས་པ་དེ་དག་འདི་སྐད་ཅེས་སྟོན་པ་རྣམས་ལ་འདིས་ཅི་ཞིག་རྟོག་པ་ཞེས ་ཟེར་བ་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་ཏེ་།གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བརྙས་པ་དེ་དག་ནི་སེམས་ཅན་དམྱལ་བ་ན་གནS་པ་མཐར་ཕྱིན་པར་ད་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན་།གང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ ་བརྙས་པ་དེ་ནི་སངས་རྒྱས་ལ་སྨོད་པ་ཡིན་ནོ། །དེ་ནི་ཆོས་སྤོང་བ་ཡིན་ནོ། །དེ་ནི་དགེ་འདུན་ལ་བཤུད་བ་ཡིན་ནོ། །གང་ཆོས་སྨྲ་བ་ལ་སྨོད་པ་དེ་སངས་རྒྱས་ལ་མི་གུས་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མི་གུས་པ་དེ ་སངས་རྒྱས་མཐོང་བར་མི་འདོད་པ་ཡིན་ནོ། །གང་ཆོས་སྨྲ་བ་མཐོང་བར་མི་འདོད་པ་དེ་སངས་རྒྱས་ལ་མི་སྙན་པར་བརྗོད་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེ་སངས་རྒྱས་ཡོངས་སུ་གཏོང་བ་ཡིན་ནོ། །གང་སེམས་དང ་པོ་བསྐྱེད་བའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་སུ་བྱེད་པ་ཡང་དེ་བཞིན་དུ་སྦྱར་རོ། །བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱིས་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་གང་ཡིན་པ་དེ་ལ་མི་བླུན་ ་པོ་དེ་དག་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་ང་པས་བསླབ་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེS་ཟེར་ཞིང། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་ལ་སུན་འབྱིན་བར་སེམས ་ན། མ་ཕམ་པ་འདི་ཇི་སྙམ་དུ་སེམས་།ཀ་ཤིའི་རྒྱལ་པོར་གྱུར་པས་ཕུག་རོན་གྱི་ཕྱིར་ཁྲ་ལ་རང་གི་ཤ་བྱིན་པ་དེ་འཆལ་བའི་ཤེས་རབ་ཅན་ཡིན་ནམ་།བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་བ། བྱམས་པ་ངས་བྱང་ཆུབ་སེམས་ཀྱི་སྤྱོད་པ་སྤྱད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསྒྲུབས་བའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏན། །བྱམས་པས་གསོལ་བ། བཅོམ་ལྡན་འདས་དེ་ནི ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། །བསྐལ་པ་དྲུག་ཅུར་ཚུལ་ཁྲིམS་ཀྱི་ཕ་རོལ་ཏུ་ཕྱིར་བ་དང་།བསྐལ་པ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ ་ཕྱིན་པ་དང། བསྐལ་བ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསྐལ་བ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་བདེ་ལ་།མི་གཏི་མུག་ཅན་དེ་དག ་འདི་སྐད་དུ་།འདི་ལྟ་སྟེ། བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་ཚུལ་དུ་ཚུལ་གཅིག་པ་ཡིན་ནོ་ཞེས་ཟེར་ན་དེ་དག་སྦྱོད་བ་ཡོངས་སུ་མ་དག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །ལེའུ་བཞི་པའོ།། །།བམ་པོ་ལྔ་པ། །གནོད་པ་མདོ་ཙམ ་བཤད་ཟིན་ཏེ། དེ་རྣམས་སྤང་བར་བྱ་བའི་ཐབས་ནི་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནོད་པ་རྣམ་པ་འདི་ལྟ་བུ་དག་ཐོས་ནས་སྐྲག་སྟེ་།ཡི་དམ་བླངས་པར་གསུངས། ་བ་དེ་བཞིན་དུ་བྱའོ། །དེ་དག་གིས་ནི་འདི་སྐད་ཅེས་བཅོམ་ལྡན་འདས་དེང་སླན་ཆད་བདག་ཅག་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འདི་ལྟ་བུར་བཅའ་བར་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གི་དེད་སླན་ཆད་བྱང་ཆུབ་སེམས ་དཔའ་ཨི་ཐེག་པའི་གང་ཟག་གི་ལྟུང་བ་མད་དམ་མི་མད་ཀྱང་རུང་སྟེ་། གླེང་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི?་སངས་རྒྱས་རྣམས་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གི་དེང ་སླན་ཆད་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་ལ་བརྙས་སམ་དེ་ལ་མི་སྙན་པར་བརྗོད་པ་ན་།བདག་ཅག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ ་ཏེ་བདག་ཅག་དེང་སླད་ཆད་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བའི་གང་ཟག་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་ཡོངས་སུ་སྤྱོད་པ་མཐོང་ནས་མ་དད་པར་བགྱིད་དམ་མ་རངས་པའི་སེམས་བསྐྱེད་དམ་མ་གུས་པའི ་སེམས་བསྐྱེད་དམ་དེ་ལ་སྟོན་པར་འདུ་ཤེས་མ་བསྐྱེད་ན་བདག་ཅག་གི་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་མཛའ་བཤེས་ཀྱི་ཁྱིམ་མམ?། །སློངས་མོ་སྟེར་བའི་ཁྱིམ ་གྱི་རྒྱུས་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་རྣམས་ཀྱི་ལུས་ལ་གནོད་པའི་སེམས་ལ་གནོད་བ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་བར་འགྱུར་རོ། །བཅོཾ་ལྡན་འདS་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བྱང་ཆུབ་སེམས་དཔའ་ཨི ་ཐེག་པ་བའི་གང་ཟག་མཐོང་ན་ཡིད་དུ་མི་འོང་པའི་ཚིག་གཅིག་ཙམ་ཞིག་སྨྲས་ན་ཡང་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེད་སླན་ཆད་ཉིན་ལན་གསུམ་མཚན་ལན ་གསུམ་དུ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་ལ་ཕྱག་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བརྟུལ་ཞུགས ་དེ་ཡང་དག་པར་བླང་བའི་སླད་དུ་རྒྱལ་སྲིད་ཐོབ་པ་འམ་ནོར་ཐོབ་བའམ་ལུས་དང་སྲོག་ཀྱང་ཡོངས་སུ་མ་བཏད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གི་དེང་སླན་ཆད་ཉན་ཐོས་ ་ཀྱི་ཐེག་པ་འམ་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ལ་བརྙས་ཏེ་བདག་ཅག་ནི་ཆེས་དྲག་གི་།དེ་ལྟ་ནི་དེ་ལྟར་མ་ཡིན་ནོ་སྙམ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག ་གིས་དེང་སླན་ཆད་དམན་པའི་སེམས་དང་གདོལ་པ་དང་ཁྱིའི་སེམས་ལྟ་བུར་གནས་པར་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད ་བདག་ལ་བསྟོད་ཅིང་གཞན་ལ་སྨད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་གནོད་སེམས་དང། རྩོད་པའི་འཇིགས་པས་བསྐུལ་མ་ཐག་ཏུ ་དཔག་ཚད་དམ་དཔག་ཚད་བརྒྱ་མ་བྱོལ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བདག་ཉིད་ཚུལ་ཁྲིམས་དང་ལྡན་པར་ཁས་འཆེ་འམ། མང་དུ་ཐོས་པ་དང། ་སྦྱངས་པའི་ཡོན་ཏན་དང་ལྡན་པ་འམ་ཡོན་ཏན་གང་ཡང་རུང་བ་ཞིག་གིས་བདག་བརྗོད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དང་སླན་ཆད་དགེ་བ་མི་སྦྱོམས་ཤིང་སྡིག་པ་མི ་འཆབ་པར་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ་ཞེས་སྨྲས་བ་དང་།དེ་བཞིན་དུ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདS་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས ་པ་ལ་བཀའ་སྩལ་བ། བྱམས་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལས་ཀྱི་སྒྲིབ་སྤང་བར་འདོད་པས། ཇི་ལྟར་རིགས་ཀྱི་བུ་འདི་དག་གི་བྱས་པ་དེ་བཞིན་དུ་ཡི་དམ་བཅའ་ཨོ་ཞེས་གསུངས་བ་ལྟ་བུའོ། །ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པ་ལས་ཀྱང། ་ཉིན་དང་མཆན་མ་དེ་བཞིན་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་བཅལ་ལོ། །གང་ཚེ་འདོད་པའི་ཡོན་ཏན་ལྔས་རྩེ་མཐོང། །དེ་ལས ་འཁྲུལ་པ་ཅི་ཡང་མི་བཙལ?་ཏེ། བྱང་ཆུབ་སྤྱོད་མཆོག་ཡོན་ཏན་མཛའ་ཡས་པ། །དེ་ལ་དེ་དག་རེ་ཤིག་རེ་སྙམ་བསམ། །རིགས་པའི་རིམ་དང་བྱ་བའི་རིམ་གྱིས་ནི། །རྒྱལ་བར་འགྱུར་གྱི་ཐད་གཅིག་གི་མི་འགྱུར། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་ཞིག་ན། ། ་དེ་དག་གོ་ཆ་འཇུག་འགྱུར་གཞན་དུ་མིན་ཞེས་གསུངས་སོ། །དེ་ཉིད་ལས་རིགས་ཀྱི་བུ་གང་དག་ལS་ཀྱི་སྒྲིབ་པ་འདི་ལྟ་བུས་གནོད་བར་འགྱུར་བདེ་དག་གིས་བྱང་ཆུབ་སེམས་དཔའ་ཅིག་ཤོས་ཀྱི་བསླབ་བ་ཐམས་ཅད་ལག་པར་བསྒྲུབ་པར་མི་བྱའི་དེའི ་བྱ་བ་ཐམས་ཅད་ལ་མོས་པར་བྱས་ཏེ། འདི་སྙམ་དུ་སེམས་ཅན་གྱི་སྤྱད་པ་ནི་ཤེས་པར་དཀའ་བས་བདག་གིས་ཕ་རོལ་གྱི་སེམས་མི་ཤེས་སོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་གཟིགས་ནས ་གང་ཟག་གིས་གང་ཟག་གི་དྲོང་མི་གཟུང་གི་།ང་འམ་ད་དང་འདྲ་བས་གང་ཟག་གི་དྲོང་མི་གཟུང་ངོ་ཞེས་དེ་སྐད་ཆོས་སྟོན་ཏེ། །རིགས་ཀྱི་བུ་གང་བསྲུང་བར་འདོད་པ་ངེས་སུའི་སྤྱོད་པ་ལ་ཡང་རྣམ་པར་དབྱེ་བར་མི་བྱེད་དོ། །འདི་ནི་འདི་འདྲའོ་འདི་ནི་འདི ་འདྲའོ་ཞེས་གཞན་ལ་དཔྱས་པར་མི་བྱའོ། །སངས་རྒྱས་ཀྱི་ཆོས་ལ་ཉིན་མཚན་དུ་ཆོས་ཀྱི་ཡོངས་སུ་དགའ་བའི་ཡིད་ཀྱི་བརྩོན་པར་བྱའོ་ཞེས་གསུངས་སོ། །དེ་སྐད་དུ་སའི་སྙིང་པོའི་མདོ་ལས་ཀྱང། །དེ་ནས་དེའི་མོད་ལ ་སེམས་ཅན་མཁས་པ་བརྒྱ་སྟོང་མང་བསྟན་ལས་ལངས་ཏེ་།བཅོམ་ལྡན་འདས་ག་ལ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་འདི་སྐད་འཚལ ་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཡུན་རིང་པོར་ཇི་སྲིད་དུ་འཁོར་བ་ན་འཁོར་བ་འཁོར་བ་དེ་སྲིད་དུ་།བཟོད་པ་མ་ཐོབ་པར་རྒྱལ་པོའི་གནས་འཐོབ་པར་མ་གྱུར་ཅིག་།བློན་པོའི་གནས་སུ་མ་གྱུར་ཅིག་།གྲོང་ཁྱེར་གྱི་གཙོ ་བོའི་གནས་སུ་མ་གྱུར་ཅིག་།གྲོང་གི་གཙོ་བོའི་གནས་སུ་མ་གྱུར་ཅིག་།གྲོང་རྡལ་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག་།མདུན་ན་འདོན་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག་།ཤར་བའི་གཙོ་བོའི་གནས་སུ་མ་གྱུར་ཅིག་།དད་དཔོན་གྱི་གཙོ ་བོའི་གནས་སུ་མ་གྱུར་ཅིག་།མཁན་པོ་གཙོ་བོའི་གནས་སུ་མ་གྱུར་ཅིག་།དགེ་སྦྱོང་གཙོ་བོའི་གནས་སུ་མ་གྱུར་ཅིག་ཁྱིམ་བདག་གཙོ་བོའི་གནས་སུ་མ་གྱུར་ཅིག་།ཁབ་སོ་པའི་གཙོ་བོའི་གནས་སུ་མ་གྱུར་ཅིག་།བདག་ཅག་བཟོད་པ་མ ་ཐོབ་ཀྱི་བར་དུ་བདག་ཅག་གཞི་གང་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་།ལས་ཤིན་ཏུ་མི་བཟང་པ་འདི་ལྟ་བུ་འཕེལ་བར་འགྱུར་བ། སེམས་ཅན་རྣམས་ཀྱི་བདག་པོའི་བར་གྱི་གནས་དག་ཐམས་ཅད་དུ་ཐོབ ་པར་མ་གྱུར་ཅིག་ཅེས་རྒྱ་ཆེར་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང། །གཞོན་ནུར་གྱུར་བ་དེ་དག་ནི། །སྡིག་མི་བྱེད་པ་ཡོངས་མེད་དེ། །ཕྱི་མའི་དུས་ན་དེ་དག་དང། །ཁྱོད་ནི་སྟེན་བར་མ་བྱེད་ཅིག་སྨྲ་བ་དང་ནི་གཏམ་གྱིས་ལ། ་དེ་དག་ལ་ནི་རི་མོར་གྱིས། །བྱང་ཆུབ་དམ་པ་དོན་གྱི་ཕྱིར། །ཞུམ་པ་མེད་པར་བཀུར་སྟི་གྱིས། །ལོ་གྲངས་དུ་ལོན་ཀུན་དྲིས་ལ། །དེ་དག་རྒན་པར་གྱུར་ན་ཡང། །དེ་ལ་རི་མོ་ལེགས་གྱིས་ལ། །རྐང་པ་ལ་ཡང་མགོས་ཕྱག་ཚོལ། །བྱང་ཆུབ་སྙིང་པོ? ་རྣམས་ལྟས་ན། །དེ་དག་འཁྲུལ་པ་མི་བལྟའོ། །དེ་ལ་ཁོང་ཁྲོ་མི་སྐྱོད་ཅིང། །རྟག་ཏུ་བྱམས་པའི་སེམས་སུ་བྱ། །གང་གི་འཁྲུལ་པ་ཅི་མཐོང་ཡང། །དེ་དག་ཉེས་པ་མི་བསྒྲག་སྟེ། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཐོབ་པར་འགྱུར།། ་ཟླ་བའི་བཞིན་ནི་འཛུམ་བཞིན་དུ། །རྒན་རབས་དང་ནི་གསར་བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང། །དེས་ཤིང་ང་རྒྱལ་བཅོམ་པར་བྱ། །གོས་རྣམས་དང་ནི་ཟས་དག་གིས། །དེ་དག་ལ་ནི་ཕན་གདགས་ཤིང། །འདི་དག་ཐམས་ཅད་འདྲེན ་འགྱུར་ཞེས། །དེ་ལྟར་ཁྱོད་ཀྱི་སེམས་ཞོག་ཅིག་ཅེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་གང་ཞིག་དང་པ་དང་གུས་པ་མི་བསྐྱེད་པ་དེས་བདག་དན་འགྲོར་ལྷུང་བས་འཇིགས་པ་ལས་བསྲུང་བ་དང་ཚེ་འདི་དང་ཚེ་གཞན་ལ་མཆོག་ཏུ་དགའ་བ་མྱང་བར ་བྱ་བ་དང། རང་གི་སེམས་ཀྱི་རྙོག་པ་སངས་པ་དང་སེམས་དགེ་བ་དང་ལས་སུ་རུང་བ་ཐོབ་པར་བྱ་བའི་ཕྱིར་སྡོང?་པོ་བཀོད་པའི་མདོ་ལ་།བཅོམ་ལྡན་འདས་འཕགས་པ་བྱམས་པས་འཕགས་པ་ནོར་བཟང་གི་ཆེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡོན་ཏན ་ཇི་སྐད་བརྗོད་པ་བཞིན་དུ་བསྒོམ་པར་བྱ་སྟེ། འདིས་ནི་རྒ་དང་ནད་ཀྱི་མནར་བ་ཡི། །སྲོག་ཆགས་སྡུག་བསྔལ་བརྒྱ་ཡིས་གཙེས་པ་རྣམས། །སྐྱེ་ཤི་མྱ་ངན་འཇིགས་པས་གདུངས་མཐོང་ནས། །དེ་དག་དོན་དུ་སྙིང་རྗེའི་སེམས་ཀྱིས་སྤྱོད། །འགྲོ་བ་རྒྱུད ་ལྔའི་འཁོར་ལོ་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་བཙིར་བྲའི་འགྲོ་མཐོང་ནས། །སྡུག་བསྔལ་འཁྲུལ་འཁོར་འཁོར་ལོ་འཇོམས་པ་ཡི། །ཡེ་ཤེས་རྡོ་རྗེས་པ་འདི་ཚལ་ལོ། །འདོད་ཆགས་ཞེ་སྡང་རྩ་སྡོང་ཚར་མ་ཅན། །ལྟ་ཆགས་རྩ་མང? ་ཡོངས་སུ་འཛིན་པ་ཡི། །སེམས་ཅན་ཞིང་ནི་ཡོངས་སུ་སྦྱང་བྱའི་ཕྱིར། །ཤེས་རབ་གཤོལ་བརྟན་བཟང་པོ་འདི་ཚོལ་ལོ། །གཏི་མུག་མ་རིག་ཐིབས་པོའི་བསམ་བ་ཅན། །འགྲོ་བ་ཤེས་རབ་མིག་སྟོར་དམིགས་མེད་བ། །དེ་ལ་ཕྱགས ་བདེ་སྟོན་པའི་མཐུ་ཡོད་པའི། །འགྲོ་བའི་དེད་དཔོན་བཟང་པོར་འདི་འགྱུར་རོ། །བཟོད་པའི་གོ་བགོས་རྣམ་ཐར་བཞོན་བཞོན། །ཤེས་རབ་རལ་གྲི་མྱ་ངན་དགྲ་འཇོམས་པས། །མི་འཇིགས་སྦྱིན་པའི་དཔའ་བོར་གྱུར་བ་འདི། །འགྲོ་བ་རྣམས་ཀྱི་ལམ་སྟོན ་འགྱུར་བ་ཡིན། །འདི་ནི་ཆོས་ཀི་གྲུ་རབ་སྦྱོར་བ་སྟེ། །ཡེ་ཤེས་རྒྱ་མཚོའ?་ལམ་ལ་བསླབས་པའོ། །ཞི་བ་རིན་ཆེན་མཆོག་གི་གླིང་སྐྱེལ་བ། །འདི་ནི་ཁམས་གསུམ་ས་མཚོའི་སྐྱ་བ་འཛིན། །ཡེ་ཤེས་འོད་ཟེར་སྨོན་ལམ་དཀྱིལ་འཁོར་ཅན། །སེཾས ་ཅན་ཀུན་གྱི་གནས་སུ་སྣང་བྱེད་པའི། །ཆོས་དབྱིངས་མཁའ་ལ་འོད་ཆེན་རབ་ལྡན་པར། །འདི་ནི་སངས་རྒྱས་ཉི་མར་འཆར་བར་འགྱུར། །བྱམས་པའི་དགའ་ལྡན་ཏིང་འཛིན་དང་བསིལ་བའི། །སེམས་ཅན་ཀུན་ལ་སྙོམས་སེམས་འོད་བཟང་ལ། །དཀར ་པོའི་ཆོས་ཀྱི་དཀྱིལ་འཁོར་ཡོངས་རྒྱས་པའི། །སངས་རྒྱས་ཟླ་བར་འདི་ནི་འཆར་བར་འགྱུར། །བསམ་པའི་གཞི་རྟེན་བརྟན་ལ་རབ་གནས་པ། །བྱང་ཆུབ་སྤྱོད་པ་རིམ་གྱིས་འཕགས་པ་བསྟེན། །ཆོས་ཀུན་རིན་ཆེན་འབྱུང་གནས་ལྡན་པ་ཡི།། ་ཡེ་ཤེས་རྒྱ་མཚོའི་མཆོག་ཏུ་འདི་འགྱུར་རོ། །བྱང་ཆུབ་སེམས་ཀྱི་ཀླུ་ཡིད་དབང་པོས་ཕྱུང། །ཆོས་ཀྱི་དབྱིངས་ཀྱི་མཁའ་ལ་མངོན་པར་འཕགས། །དཀར་བའི་འབྲས་བྱའི་ལོ་ཏོག་འཕེལ་བྱེད་པའི། །འདི་ནི་འགྲོ་བར་ཆོས་སྤྲིན་ཆར་འབེབས ་འགྱུར། །དག་པའི་སྙིང་པོ་དྲི་བསྲུང་མུན་སེལ་བ། །བྱམས་པའི་སྣུམ་ཡོད་དྲན་པའི་སྣོད་རྟེན་ལ། །དྲི་མེད་བྱང་ཆུབ་སེམས་མེ་འོད་བཟང་པའི། །ཆོས་ཀྱི་མར་མེ་འདི་ནི་འབར་བྱེད་འགྱུར། །བྱང་ཆུབ་སེམས་ནི་མར་མེར་སྙིང་རྗེ་སྐ། །བྱམས ་པ་རྡོས?་པ་མི་གཡོ་བསམ་པ་མཁྲེགས། །བྱང་ཆུབ་ཡན་ལག་མཐར་གྱིས་བྱུང་བ་ཡི་། །སངས་རྒྱས་སྲས་སུ་འདི་ནི་ཡང་དག་སྐྱེ། །བསོད་ནམས་སྙིང་པོ་མངོན་པར་འཕེལ་བར་བྱེད། །ཡེ་ཤེས་སྙིང་པོ་ཡོངས་སུ་སྤྱོད་པར་འགྱུར། །འདི་ནི་ཤེས་པའི་སྙིང ་པོ་འཆར་པར་བྱེད། །སྨོན་ལམ་ཇི་བཞིན་སྙིང་པོ་ཡང་དག་བྱུང། །སྙིང་རྗེ་བྱམས་པས་སྤྲུལ་པ་འདི་འདྲ་བ། །སེམས་ཅན་དགྲོལ་བློ་ཕན་པའི་བསམ་ལྡན་པ། །རྣམ་དག་ཡིད་ཅན་འདི་ནི་ཅི་འདྲ་བ། །དེ་འདྲའི་འགྲོ་བ་ལྷ་དང་མི་བཅས་དཀོན། །འདི ་འདྲའི་བསམ་པ་རབ་ཏུ་རྩ་བརྟན་པ། །འདི་འདྲའི་སྦྱོར་བ་བརྟན་པས་རྣམ་འཕེལ་ཞིང། །སྲིད་གསུམ་ཡོག་པར་བྱེད་པ་འདི་འདྲ་བའི། །ཡེ་ཤེས་འབྲས་ཅན་ཤིང་ཆེན་འབྱུང་བ་དཀོན། །འདི་ནི་ཡོན་ཏན་ཀུན་གྲུབ་དོན་དུ་གཉེར། །ཆོས་རྣམས་ཐམས ་ཅད་ཡོངས་སུ་དྲིས་བར་མོས། །ཐེ་ཚོམ་ཐམས་ཅད་རྣམ་པར་བསལ་དོན་དུ། །ལེ་ལོ་མེད་པར་བཤེས་གཉེན་ཐམས་ཅད་བསྟེན། །འདི་ནི་བདུད་ཀྱིས་བཀྲུག་མ་ཉོན་མོངས་འཇོམས། །འདི་ནི་བལྟ་པའི་དྲི་མ་སྲེད་པ་སེལ། །འདི་ནི་འགྲོ་བ་ཐམ ་ཅད་དགྲོལ་ལ་བརྩོན། །མཁས་པ་འདི་ནི་རྟག་ཏུ་ཁྱད་པར་ཚོལ། །ཡོན་ཏན་ལམ་ལ་མ་ནོར་འདི་གནས་བས། །འདི་ནི་ངན་སོང་ཐམས་ཅད་སྦྱོང་བར་འགྱུར། །མཐོ་རིས་ལམ་ཡང་ཉེ་བར་སྟོན་པར་འགྱུར། །ཐར་པའི་ལམ་དུ་འགྲོ་བ་འཛུར་པར ་འགྱུར། །འདི་ནི་འགྲོ་རྒྱུད་ཀུན་གྱི་སྡུག་བསྔལ་སེལ། །འདི་ནི་འགྲོ་རྒྱུད་ཀུན་གྱི་བདེ་བ་སྟོབས། །འདི་ནི་སྲིད་པ་ཀུན་གྱི་ཞགས་པ་འཐུབ། །སྲེད་པའི་འགྲོ་རྒྱུད་ཐམས་ཅད་སེལ་བར་འགྱུར་ཞེས་གསུངས་སོ། །དེ་ལྟར་བསྒོམས་པས་འདིས་གནོད ་པ་རྣམ་པར་སྤངས་སླ་བར་འགྱུར་རོ། །དེ་སྐད་དུ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཀྱང། །གནོད་པ་རྣམ་པར་སྤང་བ་གསུངས་ཏེ། །བྱམས་པ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བའི་གང་ཟག་ཆོས་བཞི་དང་ལྡན་ན། ཕྱི་མ་ལྔ་བརྒྱ་ཐ་མ་ལ་དམ ་ཆོས་རྣམ་པར་འཇིག་པའི་ཚེ། མ་སྣོད་ཅིང་མི་སྨོས་ལ་བདེ་བར་ཐར་བར་འགྱུར་རོ། །བཞི་གང་ཞེ་ན། བདག་གི་འཁྲུལ་བ་ལ་སོ་སོར་རྟོག་བ་དང། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པའི་གང་ཟག་གཞན་གྱི་ཉེས་པ་མི་གླང་བ་དང་།མཛའ་? ་བཤེས་ཀྱི་ཁྱིམ་དང་སློང་མེ་སྟེར་བའི་ཁྱིམ་ལ་མི་ལྟ་བ་དང། ཡིད་དུ་མི་འོང་བའི་ཚིག་སྤོད་བ་སྟེ། བྱིས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཞེས་བྱ་བ་སྔ་མ་བཞིན་དུ་།ཡང་བཞི་སྟེ། བཞི་གང་ཞེ་ན་།ཐོས་པ་ཉུང་ངུའི་སེམས་ཅན་ཡོངས་སུ་སྤང་པ་དང། འཁོར་མི ་བསྡུ་བ་དང། བས་མཛའ་ཨི་གནས་མལ་བསྟེན་པ་དང། བདག་དུལ་བ་དང་ཞི་གནས་ཀྱི་རྣལ་འབྱོར་ལ་བརྩོན་པ་སྟེ་བཞི་པོ་དེ་དག་གོ་ཞེས་བྱ་བ་དང། ཡང་དེ་ཉིད་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ལས་དང་པོ ་པས་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང། རྙེད་པ་དང་བཀུར་སྟི་ཡོངས་སུ་སྤང་བ་དང་རྙེད་པ་དང་བསྐུར་སྟིའི་ཉེས་པ་མཐོང་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ་འདུ་འཛི་ལ་དགའ་བ་ཡོངས་སུ་སྤང་བ་དང་འདུ་འཛི་ལ་དགའ་བའི་ཉེས་བ་མཐོང་བར་བྱའོ། །སྨྲ་བ ་ལ་དགའ་བ་ཡོངས་སུ་སྤང་བ་དང། སྨྲ་བ་ལ་དགའ་བའི་ཉེས་བ་མཐོང་པར་བྱའོ། །གཉིད་ལ་དགའ་བ་ཡོངས་སུ་སྤང་པ་དང་གཉིད་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། །ལས་ལ་དགའ་བ་ཡོངས་སུ་སྤང་བ་དང་ལས་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ། ་སྤྲོས་པ་ལ་དགའ་བ་ཡོངས་སུ་སྤང་བ་དང་སྤྲོས་པ་ལ་དགའ་བའི་ཉེས་པ་མཐོང་བར་བྱ་སྟེ་།དེ་བཞིན་དུ་སྦྱར་ཏེ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་སྐྱེད་པ་ཡིན་པར་བརྟག་པར་བྱའོ། །རྙེད ་པ་དང་བཀུར་སྟི་ནི་དྲན་པ་འཇོམས་པར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ཁེངས་པ་དང་འདུད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད་པར་བརྟག་པ་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདག་གི་དོན? ་སྒྲུབ་པས་ཁྱིམ་ལ་སེར་སྣ་བྱེད་པ་དང་ཆགས་པ་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་གཡོ་སྐྱེད་བར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་འཕགས་པའི་རིགས་བཞི་ཡོངས་སུ་སྤོང་བས་ངོ་ཚ་མི་ཤེས་པ་དང། །ཁྲེལ་མེད་པ ་སྐྱེད་པར་བརྟག་པར་བྱའོ། །རྙེད་བ་དང་བཀུར་སྟི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་གནང་བར་བརྟག་པར་བྱའོ། །རྙེད་པ་དང་བསྐུར་སྟི་ནི་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་སྐྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བླ་མ་རྣམས་ལ ་ཁྱད་དུ་གསོད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་བདུད་ཀྱི་ཕྱོགས་ཡིན་པ་དང་གཅིག་ཏུ་བག་མེད་བའི་རྩ་བ་ཡིན་པ་དང། རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པ་དང། རྙེད་པ་དང་བཀུར་སྟི་ནི་ཟློག་དང་འཁོར་ལོ་དང་ལྕེ་འབབ ་བ་ལྟ་བུ་དང། རྙེད་པ་དང་བཀུར་སྟི་ནི་སྤགས་པ་མང་པོས་སྤགས་པ་དང། མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་པའི་ཁྱིམ་དང་ལྟ་བ་དང་ཡིད་མི་བདེ་བ་སྐྱེད་པ་དང། བློ་རྣམ་པར་འཁྲུག་པར་བྱེད་པ་དང་།རྙེད་པ་དང་བཀུར་སྟི་ནི་སྡུག་པའི་དངོས ་པོ་རྣམ་པར་འགྱུར་པར་བྱེད་པའི་ཕྱིར་མྱ་ངན་སྐྱེད་པར་བྱེད་པ་དང། དྲན་པ་ཉེ་བར་གཞག་པ་བཞི་རྫད་པར་བྱེད་དཀར་པོའི་ཆོས་ཉམ་ཆུང་པར་བྱེད་པ་དང། རྙེད་པ་དང་བཀུར་སྟི་ནི་ཡང་དག་པར་སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པ་དང། རྫུ་འཕྲུལ ་དང་མངོན་པར་ཤེས་པ་ཡོངས་སུ་ཉམས་པར་བྱེད་པ་དང། སྔར་བཀུར་སྟི་བྱེད་ལ་ཕྱས་བཀུར་སྟི་མི་བྱེད་པར་བྱེད་པ་དང། རྙེད་པ་དང་བཀུར་སྟེ་ནི་མི་མཛའ་བ་དང་གནས་པར་བྱེད་པ་དང་ཛའ་བོ་སྤོང་བ་དང། རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འདྲིང ་པས་སྨད་འཚོང་མ་འདྲ་བ་དང། རྙེད་བ་དང་བཀུར་སྟི་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤོང་བ་དང་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་པ་དང། རྙེད་པ་དང་བཀུར་སྟི་ནི་ལྷས་བྱིན་དང་ལྟག ་སྤྱོད་གྱི་ཆོ་ག་དང་མཐུན་པར་བརྟག་པར་བྱའོ། །བྱམས་བ་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་དག་བརྟག་པར་བྱ་བ་ནི་འདི་དག་གོ་།བརྟག་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང ་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་།བྱམས་པ་འདོད་པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་འདི་དག་མེད་པའི་ཕྱིར་ཏེ། དེའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན་།ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཡིད་བྱུང་བར་མི་འགྱུར་བ་ཡིན་།ལྷ་དང ་མི་རྣམས་བསམ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་གནས་པས་རྗེས་སུ་བསྲུང་བར་འོས་པ་ཡིན། ངན་འགྲོ་ལོག་པར་ལྟུང་པ་ཐམས་ཅད་ཀྱིས་སྐྲག་པ་མེད་པ་ཡིན། བསྡིགས་པ་དང་བྲལ་བས་ཟིལ་གྱིས་མི་ནོན་པ་ཡིན་།བདུད་ཀྱི་ཡུལ་ལས ་ཡོངས་སུ་གྲོལ་བས་མི་འཕྲོག་པ་ཡིན་།སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན་།ལྷ་དང་མི་རྣམས་ཀྱི་མངོན་པར་འདོད་པར་བྱ་བ་ཡིན་།བསམ་གཏན་ལ་།གོམས་པར་བྱེད་པར་གནས་པས་གསལ་བ་ཡིན་།གཡོ་དང་སྒྱུ་སྤངས ་པ་དང་འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་ལྟ་བས་བག་ཡོད་པ་ཡིན་།འཕགས་པའི་རིགས་ལ་གནས་པས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་།མཁས་པ་རྣམས་དང་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ཀྱིས་འདོད་པ་ཡིན་ཏེ། བྱམས་པ་ཕན་ཡོན ་འདི་ལྟ་བུ་དག་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པས་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤོང་བའི་ཕྱིར་ལྟག་བའི་བསམ་པས་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང། འདོད་པ་ཆུང་བ་ལ་བསྟེན་པར་བྱའོ་ཞེས་བྱའོ། །འདུ་འཛི་ལ་དགའ་ ་བའི་དབང་དུ་བྱས་ཏེ་གསུངས་པ། འདོད་ཆགས་སྤངས་ཤིང་ཞེ་སྡང་རབ་སྤངS་ནས། རྣལ་འབྱོར་ཅན་ནི་འདུ་འཛིར་མི་གནས་ཏེ་དེ་ནི་དེ་ལ་གཞོལ་ཞིང་དེ་ལ་འབབ། །ཉེས་པ་དེས་ན་དགའ་བར་བྱེད་མི་འགྱུར། །རྒོད་དད་བཞད་གད་དེ་བཞིན་རྣམ་རྟོག་པ།། ་འདི་དག་ཐམས་ཅད་འདུ་འཛི་རྣམས་ལས་བྱུང། །སྙིང་པོ་མེད་པའི་འདུ་འཛིས་སུ་བྱེད་པ། །དེ་ནི་ལང་ལོང་སྤྱོད་ཅིང་མ་བསྡམས་ཡིན། །བྱིས་པ་དག་ནི་འཇིག་རྟེན་སྨྲ་ལ་དགའ་། །བྱིས་པ་དེ་དག་མཆོག་གི་གཏམ་ལས་ཉམས། །ཞེ་སྡང་འཕེལ་ཞིང ་རྣམ་རྟོག་ཤེས་ཀྱང་ཆེ། །ཉེས་པ་དེས་ན་དེ་ལ་མི་ཆགས་སོ། །རིགས་པ་མ་ཡིན་སྨྲ་ལ་དགའ་བསྐྱེད་ནས། །དགེ་སློང་ཐོས་པ་རྣམ་པར་འཕེལ་མི་བྱེད། །དེ་ལྟ་བས་ན་མི་རིགས་སྨྲ་སྤོངས་ལ། །ཆོས་ལ་རྟག་ཏུ་དགའ་བ་འཐོབ་པར་གྱིས། །བྱང་ཆུབ་མངོན་པར ་འདོད་ཕྱིར་ང་ཡིས་ནི། །རང་གི་ཡན་ལག་ལན་སྟོང་སྙེད་དུ་བཏང། །ཆོས་ཉན་པས་ནི་ང་ལ་ངོམས་མེད་ན། །དེ་དག་ཆོས་ཉན་པ་ལ་སྐྱོ་བར་འགྱུར། །རིས་མིན་སྨྲ་དང་དམ་པ་མ་ཡིན་སྨྲ། །རྣམ་པ་ཀུན་ཏུ་ཡོངས་སུ་སྤང་བར་བྱ། །བསྐལ་པ་བརྒྱ་ཕྲག་ཏུ་མར? ་གང་དཀོན་པ། །ཆོས་ཀྱི་དམ་པ་དེ་ལ་དགའ་སྐྱིད་ཅིག་།ཡོན་ཏན་འདོད་པ་ན་གས་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས ་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བསྙས་པར་ཡོངས་མི་བྱ། །བསྐལ་པ་གཅིག་གིས་ཐར་པ་ཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལ་གོ་རིམ་ཡིན་ཞེས་གསུངས་སོ། །དེ་ཉིད་ལས་སྨྲ་བ་ལ་དགའ་བའི་དབང་དུ་བྱས་ཏེ་གསུངས་པ། ་ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འགྱེད་པའི་སྨྲ་པ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་།ནང་གི་སེམས་ལས་ཤིན་ཏུ་རིང་བར་འགྱུར། །ལུས་དང ་སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར། །ཁེངས་པ་དང་ནི་འདུད་པ་མང་པོར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་།བྱིས་པ་དམ་པའི་ཆོས་བསམ་རབ་ཏུ་ཉམས། །སེམས་ནི་མི་མཉེན་ཤིན་ཏུ་རྩུབ་པར་འགྱུར། །ཞི་གནས་ལྷག་མཐོང་དག ་དང་རབ་ཏུ་རིང། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་།རྟག་ཏུ་བླ་མ་དག་ལ་གུས་པ་མེད། །སྤགས་པའི་གཏམ་ངག་ལ་ནི་དགའ་བ་སྐྱེད། །སྙིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། ་དེ་ནི་ལྷ་ཚོགས་རྣམས་ཀྱིས་མི་བཀུར་ཞིང། །དེ་ཚེ་དེ་ལ་འདོད་པ་ཡང་མི་སྐྱེད། །དེ་ནི་སོ་སོ་ཡང་དག་རིག་ལས་ཉམས། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་།གང་དག་ལུས་ནི་མངོན་སུམ་མང་ཡོད་པ། །མཁས་པ་དེ་དག་གི་ནི་སྤྱོད་པར་འགྱུར། ། ་དེ་ཡི་སྲོག་ནི་དོན་མེད་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པའི་དག་གོ་།བདག་ནི་བསྒྲུབས་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་པཱི ་ཉེས་པ་འདི་དག་གོ་།རྩཝ་བསྐྱོད་བཞིན་དུ་འགུལ་ཞིང་གཡོ་བ་སྟེ། །དེ་ནི་དེ་ལྟར་ཐེ་ཚོམ་འགྱུར་དུ་ངེས། །དེ་ནི་ནམ་ཡང་བློ་བརྟན་མི་འགྱུར་ཏེ། །སྨྲ་ལ་དགའ་པའི་ཉེས་པ་འདི་དག་གོ་།གར་མཁན་ལྟར་མོའི་ཁྲོམ་ནང་འདུག་པ་ཞིག་།དཔའ་བོ ་གཞན་གྱི་ཡོན་ཏན་རྗོད་བྱེད་ལ། །བདག་ཉིད་བསྒྲུབ་ལས་ཉམས་པར་འགྱུར་བ་བཞིན། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་།དེ་ནི་གཡོ་ལྡན་ཡང་ཞིང་རེ་ཆད་འགྱུར། །ཕྱི་ཕྱིར་ཞིང་ནི་རྣམ་པར་འགྱེད་པ་རྩོམ། །འཕགས་པའི་དམ་པའི་ཆོས་ལས ་རབ་ཏུ་རིང། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་།མཐུ་ཆུད་བསྟི་སྟང་གིས་ནི་དགར་འགྱུར་ཏེ། །མི་ཤེས་ལྡན་པ་འཁྲུག་ཅིང་རྣམ་པར་འགྱུར། །སྤྲེ་ལྟར་དེ་ཡི་སེམས་ནི་གཡོ་བར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་ཞེས་བྱ་བ་དང་དེ ་བཞིན་དུ་སྦྱར་ཏེ་།ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེ་ནི་བདག་ཉིད་དགའ་པ་མི་ཐོབ་བོ། །ཚིག་གང་དགའ་བ་མཛའ་ཡས་འཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། ། ་དགའ་བར་བྱ་བའི་རོ་ནི་ནང་ན་འདུག་།ཤུན་པ་ཟོས་ནས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ ་དོན་སོམས་ཤིག་།ཅེས་གསུངས་སོ། །གཉིད་ལ་དགའ་བའི་ཉེས་པའི་དབང་དུ་བྱས་ཏེ། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་གཏི་མུག་དྲ་བ་ཆེན་པོ་འཕེལ། །དེ་ནི་ལྟ་བ་རྙེད་ནས་ཐེ་ཚོམ་འགྱུར། །དེ་ལ་ལྟ་གྱུར་གཞན་ཡང་མང ་དུ་འབྱུང། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་དེ་ཉམས་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། ་མི་ཤེས་ལེ་ལོ་སྙོམས་ལས་ཤེས་རབ་འཆལ། །དེ་ལ་མི་མ་ཡིན་པས་གླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ན་འཚེ་བར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་པ། །དེ་ནི་དགེ་སེམས་རྟག་ཏུ་མི་འདོད་དེ། །དེ་ནི་ཆོས་ལ་འདུན་པ ་སྐྱེད་མི་བྱེད། །ཕྱིར་ཞིང་ཆོས་མ་ཡིན་པ་དེ་དགའ་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་རྨོངས་ཤིང་ཆོས་ལ་འདུན་བ་ཉམས། །བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས། །དཀར་པོ་འཇོམས་ཤིང་མུན་པར་འགྲོ་བར ་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །འཇིགས་པར་འགྱུར་ཞིང་སེམས་ཀྱང་རབ་ཏུ་ཞུམ། །དེ་ནི་རྟག་པར་མཆོག་ཏུ་དགའ་མི་འགྱུར། །གཉིད་ཀྱི་ནོན་པ་ལུས་ཀྱང་ལྷོད་པར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་ ་འགྱུར་བ། །བདག་ཉིད་མི་ཤེས་ལེ་ལོ་ཅན་གྱུར་ནས། །བརྩོན་འགྲུས་སྟོབས་དང་ལྡན་ལ་ཕྲག་དོག་བྱེད། །བརྩོན་འགྲུས་ལྡན་པ་རྣམས་ལ་མི་སྙན་སྨྲ། །ཞེས་བྱ་བ་དང། དེ་བཞིན་དུ་སྦྱར་ཏེ། གང་ཞིག་སྡུག་བསྔལ་མུན་པ་ཀུན་འཇིག་ཅིང།། ་ངན་སོང་ཡོངས་སྤོངས་རྩ་བར་གྱུར་པ་དང། །སངས་རྒྱས་ཀུན་གྱིས་བསྔགས་པར་འགྱུར་པ་ཡི། །བརྩོན་འགྲུས་འཕགས་པ་དེ་ལ་རྟག་ཏུ་བརྟེན། །ཞེས་གསུངས་སོ། །ལས་ལ་དགའ་བའི་དབང་དུ་བྱས་ནས། བླ་མས་བསྐུལ་ན ་བཀའ་བློ་མི་བདེ་ཞིང། །རྗེས་སུ་བསྟན་པ་མཐུན་པར་འཛིན་མི་བྱེད། །དེ་ནི་མྱུར་དུ་ཚུལ་ཁྲིམས་ཉམས་པར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །ཁྱིམ་ན་གནས་པའི་ལས་རྣམས་རྟག་སེམས་པས། །དེ་ནི་རྟག་ཏུ་གདུང་བར་འགྱུར་བ་སྟེ། བསམ ་གཏན་དང་ནི་སྤོང་བ་དེང་མི་བྱེད། །ཉེས་པ་འདི་དག་ལས་ལ་དགའ་པའི་ཡིན། །དེ་ཡི་འདོད་ཆགས་ཤས་ནི་ཆེ་བར་སྐྱེ། །དེ་ནི་རོ་བྲོ་རྣམས་ལ་ཆགས་ཤིང་ཞེ་ན། །དེ་ནི་ངན་དོན་ཙམ་གྱི་དགར་མི་འགྱུར། །ཉེས་པ་འདེ་དག་ལས་ལ་དགའ་བའི་ཡིན། །དེ་ནི ་འཁོར་མང་པོ་ལ་དགའ་འགྱུར་ཏེ། །དེ་ཉམས་ན་ནི་ཤིན་ཏུ་སྡུག་བསྔལ་འགྱུར། །དེ་ནི་བོང་བུ་བཞིན་དུ་འདྲེ་པར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་བཞིན་དུ་སྦྱར་ཏེ་།ཉིན་དང་མཚན་མོ་སེམས་གཞན་མེད་པར་ནི། །ཟས་དང་གོས ་ལ་རྒྱུན་དུ་སེམས་པར་བྱེད། །དེ་ནི་རྟག་ཏུ་ཡོན་ཏན་འདོད་མ་ཡིན། །ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན། །དེ་ནི་འཇིག་རྟེན་པ་ཡི་བྱ་བ་འདྲི། །རིགས་པ་མིན་པའི་སྨྲ་བ་རྣམས་ལ་དགའ་། །རིགས་པའི་སྨྲ་ལ་དེ་ནི་དགའ་མི་འགྱུར། །ཉེས་པ་འདི་དག ་ལས་ལ་དགའ་པའི་ཡིན། །དེ་བཞིན་དུ་སྦྱར་ཏེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་ལ་རྣམས་བརྩོམ་པའི་བྱང་ཆུབ་སེམས ་དཔའ་དེ་དག་ནི། །ཤེས་རབ་ཤིན་དུ་ཆུད་ཞིང་ཤེས་རབ་རྣམ་པར་ཉམས་པར་འགྱུར་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། །། ་བྱམ་པ། དེ་དེ་བཞིན་ཏེ་ཇི་སྐད་སྨྲས་པ་དེ་བཞིན་ནོ། །གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་པ་རྣམས་བརྩོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་བར་འགྱུར་རོ། །བྱམས་པ་ཁྱོད་མོས་པར་བྱའོ་ཁྱོད་ཀྱི་ཁོང་དུ་ཆུད ་བར་བྱའོ། །གང་དག་ལ་བརྩོན་པ་མེད་པ་དང། བསམ་གཏན་མེད་པ་དང། སྤོང་པ་མེད་པ་དང་།ཁ་ཏོན་བྱ་བ་དང་མང་དུ་ཐོས་པ་ཡོངས་སུ་ཚོལ་བ་མེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། ་བྱམས་པ་དེ་བཞིན་གཤེགས་པའི་བསྟན་པ་ནི་བསམ་གཏན་དང་སྤོང་བས་རབ་ཏུ་ཕྱེ་བ། ཡེ་ཤེས་ཀྱིས་འདུས་བྱས་པ་ཡེ་ཤེས་ཀྱིས་མཉམ་པར་བཞག་པ། །མངོན་པར་བརྩེན་པས་རབ་ཏུ་ཕྱེ་བ་ཡིན་གྱི་ཁྱིམ་བའི་ལས་ཀྱི་མཛའ་དང་ཞལ་ཏ་བྱེད་པས་རབ་ཏུ་ཕྱེ ་བ་ནི་མ་ཡིན་ནོ། །མི་རིགས་པ་ལ་བརྩོན་པ་དང་འཁོར་བ་ལ་མངོན་པར་དགའ་བ་རྣམས་ཀྱི་ལས་ནི་འདི་ཡིན་ཏེ། འདི་ལྟར་ཞལ་ཏ་བྱེད་པ་དང་འཇིག་རྟེན་བའི་བྱ་པས་གཟིངས་པ་སྟེ་།དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདོད་པ་བསྐྱེད་པར་མི་བྱའོ།། ་བྱམས་པ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་གལ་ཏེ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་འདི་བཀད་ཡང་དེས་ང་མཉེས་པར་བྱས་པར་མི་འགྱུར་རིམ་གྲོ་བྱས་པར་མི་འགྱུར་བ་སྟི? ་སྟང་བྱས་པར་མི་འགྱུར་རོ། །དེ་བཞིན་དུ་སྦྱར་རོ། །དེ་ལ་ཞལ་ཏ་བྱེད་པའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ཡོངས་སུ་གང་བ་དེ་དག་གིས་།ལུང་འཕོགས་པ་དང་ཁ་ཏོན་ལ་བརྩེན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་རིམ་གྲོ་དང་བསྙེན་བཀུར ་བྱའོ། །ལུང་འབོག་པ་དང་ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་གི་ཚད་སྙེད་ཀྱིས་།ནང་དུ་ཡང་དག་འཇོག་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་ཅིག་ལ་རིམ་གྲོ་དང་བཀུར་སྟི་བྱའོ། །དེ་བཞིན་དུ་སྦྱར་རོ། །དེ་ཅིའི་ཕྱིར ་ཞེ་ན་།འདི་ལྟ་སྟེ་།ཤེས་རབ་ཀྱི་ལས་འདི་ནི་བྱ་དཀའ་བའི་ལས་ཡིན་ནོ། །བླ་མའོ་བླ་ན་མེད་པའོ་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ་མངོན་པར་འཕགས་པའོ། །བྱམས་པ་དེ་ལྟ་བས་ན་བྱང ་ཆུབ་སེམས་དཔའ་བརྩོན་པར་འདོད་པ་དང། བརྩོན་འགྲུས་བརྩོམ་པར་འདོད་པས་ཤེས་རབ་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ནས། དེས་ནི་མི་ཁོམ་བརྒྱད་དང་རིང་མི་འགྱུར། །དེ་ནི་ངལ་བ་ཕུན་ཚོགས ་མཆོག་མི་འགྱུར། །དེ་ལ་གནོད་པ་འདི་དག་རྟག་འབྱུང་སྟེ། །སྤྲོས་སྤྱོད་དེ་ཡི་ཉེས་པ་དེ་དག་གོ་།དེ་བཞིན་དུ་སྦྱར་ཏེ་།མཁས་པས་ཉེས་འདི་ཡང་དག་རིག་ནས་ནི། །སྤྲོས་པ་ཐམས་ཅད་ཡོངས་སུ་སྤང་བར་བྱ། །སྤྲོས་སྤྱོད་དག་ནི་གནོད་པ་རྙེད ་པར་སླ། །དེ་ལྟ་བས་ན་སྤྲོས་ལ་གནས་མི་བྱ། །གང་ན་སྤྲོས་པ་འམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག་།གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །རང་བྱུང་དོན་འདོད ་ཡོན་ཏན་འདོད་པ་རྣམས་།སྡང་བའི་སེམས་ཀྱིས་རྩོད་པར་མ་བྱེད་ཅིག་།གང་གི་དོན་དུ་སྤྲོས་པ་འདི་འབྱུང་བ། །ཁྱེད་ལ་ཞིང་མེད་ཞིང་ལས་ཚོང་བྱ་མེད། །ཁྱེད་ལ་ཆུང་མ་བུ་དང་བུ་མོ་མེད། །ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་པ་མིན། ། ་བྲན་པོ་བྲན་མོ་མེད་ཅིང་དབང་ཕྱུག་མེད། །རབ་ཏུ་བྱུང་ནས་རྩོད་པར་མ་བྱེད་ཅིག་།ཞི་ཞིང་རབ་ཏུ་ཞི་བས་བསྟེན་པ་ཡི། །ངུར་སྨིག་གོས་དག་དད་པས་བླངས་ནས་ནི། །ཞི་ཞིང་རབ་ཞི་ཉེ་བར་ཞི་བར་ཀྱོས། སྤྲོས་པ་རྣམ་པར་སྤོངས་ལ་བཟོད་པ་བསྐྱེད།། ་མི་བཟོད་སེམས་ནི་སྦྲུལ?་གདུག་འདྲ་བར་སྲུང། །སྤྲོས་པ་སྤྱོད་པ་སེམས་ཅན་དམྱལ་བ་དང། །དུད་འགྲོ་གཤིན་རྗེའི་ཡུལ་དང་རིང་མི་འགྱུར། །དེ་ལྟ་བས་ན་བཟོད་དང་བརྩོན་འགྲུས་བསྐྱེད། །དེ་བཞིན་དུ་སྦྱར་ཏེ་།ཐེག་པའི་སྟོབས་འདི་ཡིས་ནི ་དག་འགྱུར་ཞིང། །ལས་ཀྱི་སྒྲིབ་པ་མ་ལུས་བྱང་ནས་ནི། །སྟོབས་དང་བཅས་ཤིང་བཞོན་བཅས་བདུད་ཐུལ་ཅིག། བསྟན་པ་གང་ཡིན་དེས་ནི་བཟོད་པ་བསྐྱེད་ཅེས་གསུངས་སོ། །གནོད་པ་རྣམ་པར་སྤང་པ་མདོར་བསྟན་པས་བྱམས་པ་དེ་ལྟ་པས་ན་བྱང ་ཆུབ་སེམས་དཔའ་ཨི་ཐེག་པ་པའི་རིགས་གྱི?་བུ་འམ་རིགས་ཀྱི་བུ་མོ་ཕྱི་མ་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། མ་སྣང་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐད་གར་འདོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འདོད་པས། འདུད?་ཇི ་མེད་པ་ལ་དགའ་བ་དང་དགོན་པ་དང་ནགས་དང་བས་མཐར་གནས་པ་ལ་བརྩོན་པར་བྱ་ཞིང། མངོན་པར་མི་བརྩོན་པའི་སེམས་ཅན་ཡོངས་སུ་སྤང་པ་དང། བདག་གི་འཁྲུལ་བ་ལ་བལྟ་བ་དང། གཞན་གྱི་འཁྲུལ་པ་ལ་མི་བལྟ་བ་དང་།ཅང་མི ་སྨྲ་ལ་དགའ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་བརྩོན་པར་བྱེའོ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྦྲིན་ལས་ཀྱང། གནོད་པ་རྣམ་པར་སྤང་པ་གསུངས་པ་ནི། ནམ་དེའི་དོན་གྲུབ་པར་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད ་དེ་གཞན་དུ་ན་གནས་གང་ན་ཁྱི་ཟ་བ་འམ་བ་དྲུས་མའམ་དུང་འགྲོའི་སྐྱེ་གནས་སུ་གཏོགས་པ་རང་བཞིན་གྱི་ངང་ཚུལ་དན་པའི་སྲོག་ཆགས་སམ་།བུད་མེད་དང་སྐྱེས་པ་དང་ཁྱེའུ་དང་བུ་མོ་ཀྱལ་ཀ་བྱས་པའི་བསམ་པ་ཅན་དག་ཡོད་པ་འམ་སྨད་པའི་གནS ་དེ་དག་ཐཾས་ཅད་ནས་ཐཾས་ཅད་ཡོངས་སུ་སྤོང་ཞེས་བྱ་བ་སྟེ་།འདིས་ནི་ཚེ་འདི་ལ་ཡང་གནོད་པར་འགྱུར་བ་རྣམ་པ་དེ་ལྟ་བུ་མ་སྤངས་ན་ལྟུང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟ་བུ་ལ་སོགས་པས་གནོད་པ་རྣམ་པར་སྤང་པ་གང་ཡིན་དེ་ཀུན་གང ་གིས་འཐོབ་ཅེ་ན། འབྲས་བུ་མེད་པའི་བྱེད་སྤོང་བས། འདི་ལ་འབྲས་བུ་ནི་གཞན་གྱི་དོན་བྱ་བ་སྟེ་།དེའི་དོན་དུ་གང་སྦྱོང་བར་མི་འགྱུར་བ་དེ་ནི་འབྲས་བུ་མེད་པ་ཡིན་པས་ཡོངས་སུ་སྤང་པར་བྱ་བ་ཡིན་ཏེ། ཟླ་བ་སྒྲོན་མའི ་མདོ་ལས་།ལུས་ཀྱི་སྡོམ་བུའི་སྐབས་ནས་ཇི་སྐད་དུ་ལག་པ་མི་རྒོད་པ་མི་རྒོད་ཅིང་རྐང་ལག་བསྡམས་པ་ཞེས་བྱ་པའི་བར་དུ་གསུངས་པ་ལྟ་བུའོ། །དེ་སྐད་དུ་ཆོས་བཅུ?་པའི་མདོ?་ལས་ཀྱང། ལག་པ་བསྐྱོད་པ་དང་རྐང་པ་? ་པ་དང་ཀུན་དུ་རྒྱུག་པ་དང་ཡོངས་སུ་རྒྱུག་པ་དང་མཆོད་པ་དང་རྐྱལ་པ་འདི་ནི་ལུས་ཀྱི་གནས་ངན་ལེན་ཞེས་བྱའོ་ཞེས་བསྟན་ཏོ། །འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བ་ལས ་གཞན་མི་བྱེད་པ་དེ་ལྟ་བུ་གསལ་བར་ཡོངས་སུ་བསྟན་ཏེ་།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ལས་གང་ཅི་ཡང་རུང། ངག་དང་ཡིད་ཀྱི་ལས་གང་ཅི་ཡང་རུང་།དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྟ་བས་འཇུག་གོ་། ་སྙིང་རྗེ་ཆེན་པོའི་དབང་དུ་འགྱུར་བའོ། །སེམས་ཅན་ལ་ཕན་པའི་གནས་ཀྱི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ལས་འབྱུང་ངོ། །དེའི་ཕན་པའི་བསམ་པ་འདི་ལྟ་བུ་འགྱུར་ཏེ། གང་སེམས་ཅན་ཐམས་ཅད་ལ་ཕན ་པ་སྒྲུབ་པ་དང་བདེ་བ་སྒྲུབ་བའི་སྒྲུབ་བ་དེ་བདག་གིས་བསྒྲུབ་པོ་སྙམ་མོ། །དེ་བཞིན་དུ་སྦྱར་ཏེ། སྐྱེ་མཆེད་རྣམས་ལ་གྲོད་སྟོང་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་སྐྱེ་མཆེད་ཡོངས་སུ་དོང་བ་ཡང་མི་འཚལ་ལོ་ཞེས་གསུངས་སོ། །འཕགས་པ་ནམ་མཁའ་མཛོད་ཀྱི ་མདོ་ལས་ཀྱང། འདི་ལྟ་སྟེ་དཔེར་ན་བུག་ནས་རླུང་འཇུག་པ་དེ་བཞིན་དུ་གང་དང་གང་ནས་སེམས་ལ་སྐྱོན་འབྱུང་པ་དང་དེ་ཉིད་ནས་བདུད་ཀྱི་གླགས་རྙེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔས་རྟག་ཏུ་སེམས་ལ་སྐྱོན་མེད་པར་བྱའོ། །དེ་ལ་སེམས་པ ་སྐྱོན་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོད་པ་ཉིད་ཡོངས་སུ་རྫོགས་པའི་ཞེས་གསུངས་སོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་གང་ཞེ་ན། གང་འདི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ ་ཡོངས་སུ་མི་གཏོང་པས་དངོས་པོ་ཐམས་ཅད་སྟོད་པ་ཉིད་དུ་གོམས་པར་བྱེད་པ་འམ་གོམས་པར་བྱས་པ་སྟེ་།དེ་ནི་གཙུག་ན་རིན་པོ་ཆེའི་མདོ་ལས་རྒྱ་ཆེར་བསྟན་ཏོ། །དེ་སྐད་དུ་སློ་གྲོས་མི་ཟད་པའི་མདོ་ལས་ཀྱང་།སྡིག་པ་མི་དགེ་པའི་ཆོས་རྣམས ་སྤངས་པའི་ཕྱིར་འདུན་པ་སྐྱེད་དོ་ཞེས་བྱ་བའི་སྐབས་དེ་ནས་།གང་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གཡེང་བར་འགྱུར་བ་སེམས་གཡེང་པར་བྱེད་པ་གཞན་གང་ཡང་རུང་སྟེ། དེ་ནི་ཏིང་ངེ་འཛིན་གྱི་གཡེང་བ་ཞེས་བྱའོ་ཞེས་བྱ་བ་ནས་འདི་དག་ནི་སྡིག་པ་མི ་དགེ་བའི་ཆོས་རྣམས་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནོད་པ་རྣམ་པར་སྤང་བ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།འབྲས་བུ་མེད་པའི་སྤྱོད་པ་རྣམ་པར་སྤང ་པ་བཤད་ཟིན་ཏོ། །དེ་ཇི་ལྟར་འགྲུབ་ཅེ་ན་།སྨྲས་པ། དེ་ཡང་རྟག་ཏུ་དྲན་པས་འགྲུབ་ཅེས་བྱའོ། །དྲན་པ་བཅུ་གཉིས་པོ་འདི་དག་ནི་འབྲས་བུ་མེད་པའི་སྤྱོད་པ་སྤོང་བར་འགྱུར་བ་སྟེ་།འདི་ལྟར་དེ་བཞིན་གཤེགས་པའི་བགའ་ལས་མི་འདའ་བར་སྲུང་ཞིང ་རྣམ་པར་སྨིན་པ་ལ་གུས་པར་བྱ་བའི་དྲན་པ་དང། ལུས་ཐམས་ཅད་མི་གཡོ་བའི་ངོ་བོ་ཉིད་དུ་གནས་པར་བྱ་བའི་དྲན་པ་དང་།སེམས་ཅན་གྱི་དོན་བྱ་བ་ན་ཡན་ལག་གང་མཁོ་བ་དེ་ལ་དྲན་པ་བརྟན་པས་བལྟས་ཏེ་མི་གཡོ་བར་བཞག་ལ་མོས་པས ་གཞན་གྱི་ཁ་ན་ལས་པར་བྱས་པས་བརྟན་པ་ཐམས་ཅད་ཀྱི་སྤྱོད་པ་དྲན་པ་དང། གསར་བུའི་འཇིགས་པ་དང་དགའ་སྟོན་ལ་སོགས་པ་དང་འབྲེལ་བས་གུས་པར་བྱ་བ་ལ་ལུས་བསྐྱོད་པའི་དྲན་པ་དང། སྤྱོད་ལམ་བཞི་བྱ་བ་ལ་དཔྱོད་པའི་དྲན་པ ་དང། སྐབས་སྐབས་སུ་སྤྱོད་ལམ་འཁྲུགས་པ་སྲུང་བའི་ཕྱིར་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱ་བ་ལ་བལྟ་བའི་དྲན་པ་དང་།སྨྲ་བའི་དུས་ལ་བབ་པ་ན་མ་དད་པ་དང། རྒོད་པ་དང་ཁྲོས་པ་དང་ཉེ་མགྲོན་གྱི་ཕྱོགས་སུ་ལྟུང་བ་ལ་སོགས་པའི་དབང་གིS ་རྐང་ལག་དང་མགོ་དང་གདོང་གིས་འགྱུར་བ་ཤིན་དུ་མི་མཛེས་པར་འགྱུར་པ་སྡམས་པའི་དྲན་པ་དང་།ཉན་པ་ལ་བརྗོད་པར་བྱ་བ་གང་ཡིན་པ་དེ་སྒྲ་ཇི་ཙམ་གྱིས་དོན་རྟོགས་པར་འགྱུར་པའི་སྒྲ་དེ་ལས་ལྷག་པར་སྨྲེ་བར་མི་བྱ་བའི ་དྲན་པ་དང་།གཞན་དོགས་པར་འགྱུར་བའི་ཉེས་པ་འབྱུང་ཞིང་མ་བསླབས་པའི་སྐྱེ་བོ་དང་ཕྲད་དེ་ཉམ་ང་བ་ན་རང་གི་སེམས་དང་བར་བྱ་བ་དེ་ལ་བསྒྲིམ་པའི་དྲན་པ་དང། སེམས་ནང་དུ་ལྷག་མཐོང་དང་ཞི་གནས་ཀྱི་ཀ་བ་ལ་རྟག་ཏུ་གདགས་པའི་དྲན་པ ་དང། ཡང་ནས་ཡང་དུ་སེམས་ཀྱི་གནས་པ་ལ་སོ་སོར་བརྟག་པ་དྲན་པ་དང། སྐྱེ་པོ་ཕལ་པོ་ཆེ་ཚོགས་པ་ན་གང་ཡང་ཕལ་ཆེར་མ་ཤོར་དུ་ཟིན་ཀྱང་ཇི་སྐད་བསྟན་པ་བཞིན་དུ་དྲན་པ་བསྲུང་བ་དེ་ལ་བསྒྲིམ་པའི་དྲན་པ་སྟེ། དེ་ལྟར་དྲན་པ་དེ་དག་གིས་འབྲས ་བུ་མེད་པའི་སྤྱོད་པ་རྣམ་པར་སྤང་བ་འགྲུབ་པོ། །དྲན་པ་དེ་ཡང་ཤིན་དུ་གུས་ལས་འབྱུང། དེ་ལས་གུས་པ་ནི་བྱ་བ་རྣམས་ལ་སྙིང་ནས་མངོན་དུ་ཕྱོགས་པར་ཏེ་ཁྱད་དུ་བསོད་པའི་གཉེན་པོ་ཡིན་ནོ། །གུས་པ་དེ་ནི་ཞི་བའི་ཆེ་བ་ཉིད། །ཤེས་པར་གྱུར་ན ་བརྟུན་པས་སྐྱེ། །ཞི་བ་ཞེས་བྱ་བ་དེ་གང་ཞེ་ན་།འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ཞི་གནས་སུ་བསྟན་པ་གང་ཡིན་པ་སྟེ་།དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན་།གང་སེམས་ཞི་བ་དང། རབ་ཏུ་ཞི་བ་དང། ཉེ་བར་ཞི་བ་དང། ་མི་གཡེང་བ་དང། དབང་པོ་བསྡམས་པ་དང། མི་རྒོད་པ་དང། མི་འཕྱར་བ་དང། མུ་ཆོར་མི་སྨྲ་བ་དང། མི་བརྟན་པ་མེད་པ་དང་།མི་གཡོ་བ་དང། དེས་པ་དང། བསྲུངས་པ་དང། ཅང་ཤེས་པ་དང། ལས་སུ་རུང་པ་དང། རྩེ་གཅིག་པ་དང། ་གཅིག་པུར་དགའ་བ་དང། འདུ་འཛི་རྣམ་པར་སྤོང་བ་དང། དཔེན་པ་ལ་དགའ་བ་དང། ལུས་དབེན་པ་དང། སེམས་བསླད་པ་མེད་པ་དང། དགོན་པ་ལ་ཕྱོགས་ཤིང་ཡིད་ལ་བྱེད་པ་དང། སྡིག་པ་འདོད་པ་མ་ཡིན་པ་ནས་སྤྱོད་ལམ་བསྲུང་བའི་བར་དང། ་དུས་ཤེས་པ་དང། ཚོད་ཤེས་པ་དང། རན་པ་ཤེས་པ་དང། རིགས་པ་ཤེས་པ་དང། མགུ་སླ་བ་དང། གསོ་སླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞི་བ་དེའི་ཆེ་བ་ཉིད་ཇི་ལྟ་བུ་ཞེ་ན་།ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་ནུས་པ་སྟེ། འདི ་ལྟར་མཉམ་གཞག་ཡང་དག་ཇི་བཞིན་དུ། ཤེས་པར་འགྱུར་ཞེས་ཐུབ་པས་གསུངས་།ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་དུ་།ཡིད་མཉམ་པར་བཞག་པས་ཡང་དག་དེ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ ་བ་བཞིན་དུ་མཐོད་བས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ་།བདག་གིས་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་སྒོ་འདི་དང་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ ་མཐོད་པ་འདི་གྲུབ་པར་བྱའོ་སྙམ་མོ། །དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་ངའི་ཚུལ་ཁྲིམས་དང། ལྟག་པའི་སེམས་དང། ལྟག་པའི་ཤེས་རབ་ལ་བསླབ་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་འཚང་རྒྱའོ། །དེ་ལྟ་བས་ན་བདག་གི་ཚུལ་ཁྲིམས་མི་གཡོ་བ་དང་མི་ལྟོད་པར་གནས་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཞི་པའི་ཆི་བའི་བདག་ཉིད་བདག་དང་གཞན་ངན་སོང་ལ་སོགས་པའི་སྡུག་བསྔལ་མཛའ་ཡས་པ་ལས་ཡང ་དག་པར་འདའ་བ་དང་འཇིག་རྟེན་པ་དང་འཇིག་རྟེན་པ་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་འདི་རྟོགས་ནས་།ཀུན་ཏུ་འབར་བའི་ཁྱིམ་གྱི་ནང་དུ་ཆུད་བ་ཆུ་བསིལ་བ་འདོད་པ་བཞིན་དུ་འདོད་པས་བརྟུན་བ་བསྒོམ ་པར་བྱ་སྟེ་།དེས་ན་བསླབ་པ་རྣམས་ལ་གུས་པར་འགྱུར་ཞིང་དེ་ལས་ཀྱང་དྲན་པ་ཉེ་བར་འཇོག་ལ་དྲན་པ་ཉེ་བར་གཞག་པས་ནི་འབྲས་བུ་མེད་པ་རྣམ་པར་སྤོང་བར་བྱེད་ཅིང་འབྲས་བུ་མེད་པ་སྤངས་པ་གང་ཡིན་པ་དེ་ལ་གནོད་པ་མི་འབྱུང་ངོ། །དེ་ལྟ་བས་ན ་ལུས་བསྲུང་བར་འདོད་པས་དྲན་པའི་རྩ་བ་བཙལ་ཏེ་རྟག་ཏུ་དྲན་བ་ཉེ་བར་བཞག་པར་བྱའོ། །དེ་བས་ན་དྲག་ཤུལ་ཅན་གྱི་བྱིན་པས་ཞུས་པ་ལས་།བྱང་ཆུབ་སེམས་དཔའ་ཁྱིམ་པའི་དབང་དུ་བྱས་ཏེ་གསུངས་པ་དེས ་འབྲུའི་ཆད་དང་སྦྱར་བའི་ཆང་མྱོས་པར་འགྱུར་བའི་བཏུང་བ་སྤོང་བར་བྱ་སྟེ་།དེར་རོ་བ་མེད་པ་དང་མྱོས་པ་མེད་པ་དང་འཁྲུལ་པ་མེད་པ་དང་ཚིག་མ་འཆལ་བ་དང་མི་འབྱར་བ་དང་མི་རྒོད་པ་དང་མི་གཡེང་བ་དང་དྲན་པ་ཉེ་བར་གནས་པ་དང་ཤེས་བཞིན་རང ་ལྡན་པར་བྱའོ་ཞེས་གསུངས་སོ། །དེ་ཉིད་ལས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཨི་དབང་དུ་བྱས་ཏེ་དྲན་པ་དང་ཤེས་བཞིན་ནི་མི་གཡེང་བའོ་ཞེས་གསུངས་སོ། །དེ་ལ་དྲན་པ་ནི་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་།དྲན་པ་གང་གི་ཉོན ་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང། དྲན་པ་གང་གིས་བདུང་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང། དྲན་པ་གང་གིས་ལམ་ལོག་པ་དང་ལམ་ངན་པར་མི་འགྲོ་བ་དང། དྲན་པ་སྒོ་བ་ལྟ་བུ་གང་གིས་སེམས ་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ་ཞེས་གསུངས་སོ། །ཤེས་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཏེ་།སྤྱོད་ན་ཡང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ། ་འགྲེང་ན་ཡང་བདག་འགྲེང་དོ་ཞེས་རབ་ཏུ་ཤེས་སོ། །འདུག་ན་ཡང་བདག་འདུག་གོ་ཞེས་རབ་ཏུ་ཤེས་སོ། །ཉལ་ན་ཡང་བདག་ཉལ་ལོ་ཞེས་རབ་ཏུ་ཤེས་སོ། །དེའི་ལུས་ཇི་ལྟ་ཇི་ལྟ་བུ་གནས་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་རབ་ཏུ་ཤེས་སོ། །དེ་བཞིན་དུ ་སྦྱར་ཏེ། དེ་འགྲོ་བ་དང་འོང་བ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །ལྟ་བ་དང། རྣམ་པར་ལྟ་བ་དང་བསྐུམ་པ་དང་མྱང་བ་དང་ཆོས་གོས་སྣམ་སྦྱར་དང་ཐད་བ་དང་ལྷུང་བཟེད་དང་ཆོས་གོས་གྱོན་པ་དང་ཟ་བ་དང་འཐུང་པ་དང་འཆང་བ་དང ་གཉིད་དང་སྙོམས་པ་གསལ་བ་དང་འོང་བ་དང་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་གཉིད་ཀྱི་ལོག་པ་དང། གཉིད་ཀྱིས་མ་ལོག་པ་དང་སྨྲ་བ་དང་ཅང་མི་སྨྲ་བ་དང། ནང་དུ་ཡང་དག་འཇོག་པ་ཤེས་བཞིན་དུ་སྤྱོད་དོ་ཞེས་གསུངས་སོ། །ཚུལ་ཁྲིམས་ཀྱི་ནི་ཏིང་ངེ ་འཛིན་འགྲུབ་པ་ཡིན་ཏེ་།ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ་།ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཏིང་ངེ་འཛིན་གྱི་རྒྱུའི་སྤྱོར་བ་གང་ཅི་ཡིན་པ་དེ་དག་ནི་ཚུལ་ཁྲིམS ་ཀྱི་ནང་དུ་འདུས་པར་ཤེས་སོ། །དེ་ལྟ་བས་ན་ཏིང་ངེ་འཛིན་དོན་དུ་གཉེར་བས་དྲན་པ་དང་ཤེས་བཞིན་གྱི་ངང་ཚུལ་ཅན་དུ་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་དོན་དུ་གཉེར་བས་ཀྱང་ཏིང་ངེ་འཛིན་ལ་འབད་པར་བྱ་སྟེ་།མདོ?་དེ་ཉིད་ལས་ཏིང་ངེ་འཛིན་གྱི་ཕན་ཡོན ་གྱི་སྐབས་ནས་།དེ་ནི་ཆོ་ག་མེད་མ་ཡིན། །ཆོ་ག་དག་ལ་རབ་ཏུ་གནས། །སྤྱོད་ཡུལ་ལ་ནི་རྣལ་འབྱོར་པ། །སྤྱོད་ཅིང་སྤྱོད་ཡུལ་མ་ཡིན་སྤོང། །ཡོངས་སུ་གདུང་བ་མེད་པར་གནས། །དབང་པོ་བསྲུང་ཞིང་བསྡམས་པ་ཡིན། ཞེས་གསུངས་སོ། །ཚུལ་ཁྲིམས་དང་ཏིང ་ངེ་འཛིན་གཅིག་གི་གཅིག་འཕེལ་བར་བྱེད་པ་འདི་གཉིས་ཀྱིས་སེམས་ཡོངས་སུ་སྤྱོད་པ་ཡོངས་སུ་འགྲུབ་པོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་འདི་ནི་འདིར་ཟད་དེ། འདི་ལྟ་སྟེ་སེམས་ཡོངས་སུ་སྤྱོད་པའོ། །འདི་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། འཕགས ་པ་དཀོན་མཆོ་སྤྲིན་ལས། སེམས་ནི་ཆོས་ཐཾས་ཅད་ཀྱི་མངོན་དུ་འགྲོ་བ་སྟེ་སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་བྱ་བ་དང། ཡང་འཇིག་རྟེན་སེམས་ཀྱི་ཁྲིད་པ་སྟེ་།སེམས་ཀྱིས་སེམས་ནི་མི་མཐོད་དོ། ། ་དགེ་བ་འམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱི་བསགས་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རླབས་དང་འདྲ་བར་གཡོ། །སེམས་ནི་ནགས་ཀྱི་མེ་བཞིན་སྲེག་།སེམས་ནི་ཆུ་ཆེན་བཞིན་དུ་སྐྱེད། །དེས་དེ་ལྟར་བརྟག་པ ་077 ་སེམས་ལ་དྲན་པ་ཉེ་པར་གཞག་པར་གནས་ཏེ་སེམས་ཀྱི་དབང་དུ་མི་འགྲོའི་སེམས་དེའི་དབང་དུ་འགྲོའོ། །སེམས་དེའི་དབང་དུ་གྱུར་ན་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་ཡིན་ནོ་ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལS ་ཀྱང། །བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་གསོལ་པ། ཆོས་ཆོས་ཞེས་བགྱི་པའི་ཆོས་གང་ལེགས་པ་དེ་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ་གཞན་དུ་ན་ཆོས་ནི་རང་གི་སེམས་ལ་རག་ལས་སོ། །དེ་ལྟ་པས་ན་བདག་གིས ་རང་གི་སེམས་ཤིན་ཏུ་བཟུང་བ་དང། ཤིན་ཏུ་མཐར་གཏུགས་པ་དང། ཤིན་ཏུ་ཐུལ་བ་དང། ཤིན་ཏུ་མཉམ་པར་བརྩམ་པ་དང། ཤིན་ཏུ་ཚར་གཅད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གང་ན་ཡོད་པ་དེ་ན་ཡོན་ཏན་དང་ཉེས་པ་རྣམས ་ཡོད་ཀྱིས་།སེམས་མེད་པ་ལ་ཡོན་ཏན་དང་ཉེས་པ་མེད་དོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་ལས་སེམས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ་།དེ་ལྟ་བས་ན་ཆོས་སེམས་ལ་རག་ལས་བྱང་ཆུབ་ནི་ཆོས་ལ ་རག་པས་ཤེས་བགྱིའོ། །བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་འཛིན་པ་ལགས་ཏེ། བདེ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་སྡོད་པོ་བཀོད་པའི་མདོ་ལས་ཀྱང། བྱང་ཆུབ་སེམS ་དཔའ་ཨི་སྤྱད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་གདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་བདག་འདི་སྙམ་དུ་སེམས་ཏེ་།དགེ་བའི་རྩ་བ་ཐམས་ཅད་ཀྱིས ་རང་གི་སེམས་ཉེ་བར་བརྟན་པར་བྱའོ། །ཆོས་ཀྱི་སྤྲིན་རྣམས་ཀྱི་རང་གི་སེམས་ཡོངས་སུ་བརླན་པར་བྱའོ། །སྒྲིབ་པར་འགྱུར་པའི་ཆོས་རྣམས་ལས་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ། །བརྩོན་འགྲུས་ཀྱི་རང་གི་སེམས་བརྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ ་@077བ ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་དེ་ཉིད་ལས། འཕགས་པ་ནོར་བཟང་ལྷ་མོ་སྒྱུ་མ་མཐོད་པས་སྐོམ་པར་གྱུར་པ་ལ། །གོང་གི་ལྷ་མོ་རིན་ཆེན་མིག་གིས་དེ་མཐོད་བའི་དོན་དུ་འདི་སྐད་རྗེས་སུ་བསྟན་ཏེ་།རིགས་ཀྱི་བུ་ཁྱོད་ཀྱི་འཁོར་བའི་ཡུལ་ཐམས་ཅད་ལ་དགའ་བ ་མི་གནས་པས་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་བསྲུང་བ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ལྟག་པར་དམིགས་པས་སེམས་ཀྱི་གྲོབ་ཁྱེར་བརྒྱན་པ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱི་ཕྲག་དོག་དང ་སེར་སྣ་དང་གཡོ་དང་བྲལ་བས་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་སྤྱོད་བ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་གྱི་ཡོངས་སུ་གདུད་བ་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་པར་གྱིས ་ཤིག། རིགས་ཀྱི་བུ་ཁྱོད་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ལ་བརྩོན་འགྲུས་ཆེན་པོའི་ཤུགས་རྣམ་པར་སྤེལ་བས་སེམས་ཀྱི་གྲོང་ཁྱེར་རྣམ་པར་སྤེལ་བ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་བསམ ་གཏན་དང། རྣམ་པར་ཐར་པ་དང་ཆོས་ཀྱི་གཞལ་མེད་ཁད་ཡངས་པའི་རྣམ་པར་སྤྱོད་པ་ལ་དབང་སྒྱུར་བས་སེམས་ཀྱི་གྲོང་ཁྱེར་དང་གནས་ཀྱི་མཇོད་བརྒྱན་པ་དང་བསྲུང་བ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ཡང་དག་པ་སྒྲུབ་པའི་ས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་པར་བཙལ་བས་སེམས་ཀྱི་གྲོང་ཁྱེར་སྣང་བར་བྱ་བ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན ་གཤེགས་པ་ཐམས་ཅད་ཡང་དག་པར་འབྱུང་བའི་ཐབས་ཀྱི་ལམ་གྱིས་རང་གི་སེམས་ཀྱི་གྲོང་ཁྱེར་ཉེ་བར་བསྟན་པ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྤྱད་པ་སྤྱོད་པའི་སྨོན་ལམ་མངོན་པར་བསྒྲུབ་པའི་སེམས་རྣམ་བར ་དག་པས་སེམས་ཀྱི་གྲོང་ཁྱེར་གྱི་ར་བ་བརྟན་པ་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱི་ཉོན་མོངས་པ་དང་བདུད་ཀྱི་རིས་ཀྱི་སྡིག་པའི་གྲོགས་པོ་དང་བདུད་ཀྱི་འཁོར་གྱིས་མི་ཆོམ་པར་བྱ་བས་སེམས་ཀྱི་གྲོང་ཁྱེར ་རྒལ་དཀའ་བ་དང་མི་ཤིགས་པར་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱི་བྱམས་པ་ཆེན་པོ་འགྲོ་བ་ཐམས་ཅད་ལ་རྒྱས་པར་དགང་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་རྒྱས་པར་བྱ་བ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱིས་མི་དགེ ་བའི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཆོས་ཀྱི་གདུགས་སྤངས་པ་བསྒྲུབ་པས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་དགའ་བ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱི་ཕྱི་ནང་གིས་དངོས་པོ་འགྲོ་བ་ཐམས་ཅད་ལ་བསྟབས་པའི་ཕྱིར་སེམས་ཀྱི་གྲོང་ཁྱེར་གྱི་སྒོ་དབྱེ་བ་ལ་བརྩོན་པར ་གྱིས་ཤིག་།རིགས་ཀྱི་བུ་ཁྱོད་ཀྱི་མི་དགེ་བའི་ཆོས་ཀྱི་རྒྱུད་ཐམས་ཅད་མི་སྲིད་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་མཁྲེག་པར་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག་།རིགས་ཀྱི་བུ་དེ་ལྟར་སེམས་ཀྱི་གྲོང་ཁྱེར་རྣམ་པར་དག་པར་བྱ་བ་ལ་བརྩོན་པའི ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་བསྒྲུབ་པ་འཐོབ་པར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དེའི་མདུན་ནི་སངས་རྒྱས་མཐོང་བར་བྱ་བ་ལ་སྒྲིབ་པ་འམ་ཆོས་མཉན་པར་བྱ་བ་ལ་སྒྲིབ ་པ་འམ་སྒྲིབ་པ་ཐམས་ཅད་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟ་བས་ན་སེམས་ཡོངས་སུ་སྦྱང་བར་བྱ་བ་དེ་ཉིད་བྱང་ཆུབ་སེམས་དཔའ་ཨི་བབླབ?་པ་ཡིན་ནོ། །ཞེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ། །མི་གཡོ་བའི་སེམས་དང་ལྡན་པ ་དེ་ནི་ཕྱི་རོལ་གཡོ་བ་བཟློག་པ་ཡིས། །སེམས་ནི་ཞི་ལས་མི་གཡོ་འགྱུར། །ཤེས་བཞིན་མེད་པའི་གཞན་གྱི་དབང་དུ་གྱུར་ཅིང་བརྗེད་ངས་པ་ནི་འདོད་པའི་དམིགས་པ་ལས་གཞན་དུ་ཁྲིད་པའི་ཕྱིར་སེམས་གཡོ་བར་འགྱུར་རོ། །གང་གི་ཚེ་དྲན་པ་དང ་ཤེས་བཞིན་དང་ལྡན་ཞིང་ཕྱི་རོལ་དུ་གཡོ་བ་བཟློག་པར་གྱུར་པ་དེའི་ཚེ་དེའི་དབང་དུ་གྱུར་པས་དམིགས་པ་གཅིག་ལ་བཏགས་པས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་ལ་།དེ་ལས་སྔ་མ་བཞིན་དུ་ཕན་ཡོན་རྒྱ་ཆེར་འབྱུང་ངོ། །དང་པོ་ཡིན་དུ་ཟིན་ཀྱང་སེམས་ཅན ་གྱི་དོན་བཟོད་པ་ཉིད་དེ་དང་བར་བྱེད་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། ཀུན་དུ་མི་རྒོད་འཇམ་པ་དང། །རན་ཅིང་མཉེན་པར་སྨྲ་བ་ཡིས། །སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །གཟུང་བར་འོས་པ་འང་སྐྱེ་བར་འགྱུར། །འདི་ལྟ་སྟེ། སེམས་ཅན་འདུན་པར་བྱ་བ་དེ་ཉིད ་བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འཕགས་པ་མཐོང་དགས་གསོལ་པ་།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཅི་ནས་སེམས་ཅན་རྣམས་ཀྱི་མཐོང་མ་ཐག་ཏུ་དགའ་བར་འགྱུར་བ་དེ་ལྟ་དེ ་ལྟར་བསྒྲུབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན་།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་བགྱི་བ་གཞན་མ་མཆིས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་པར་བས་ཏེ་།བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་ཡང་དག་པར་བརྗོད་པ ་ལགས་སོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་མ་བྱས་ན་ཅི་ཉེས་ཤེ་ན་སྨྲས་པ། དེ་ནི་གཟུང་འོས་མ་ཡིན་ན། །ཐལ་བས་གཡོགས་པའི་མེ་བཞིན་དུ། །འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །སེམས་ཅན་དམྱལ་ལ་སོགས་པར་བསྲེག་།སྔར་ཇི་སྐད་དུ་བསྟན་པ ་བཞིན་ནོ། །གང་གི་ཕྱིར་དེ་ལ་བརྙས་པ་དེ་ཉིད་གནོད་པ་ཡིན། དེ་ཕྱིར་རྒྱལ་པས་སོར?་མ?་པའི་མདོར། །གང་གི་སེམས་ཅན་མ་དང་འགྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཨི ་ཡང་དག་པར་སྤྱོད་པ་དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གི་ཕྱིར་དེ་ལ་སེམས་ཅན་རྣམས་མ་དད་པར་འགྱུར་བའི་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པར་མི་སྤྱོད། དུས་མ་ཡིན་པར་མི་སྨྲ་བ་ཡིན། དུས་མི་ཤེས་པ་མ་ཡིན། ཡུལ་མི་ཤེས་པ ་མ་ཡིན། ཚོད་མི་ཤེས་པ་མ་ཡིན་ཏེ། དེ་སེམས་ཅན་རྗེས་སུ་བསྲུང་བ་དང་བདག་གི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་པ་ཕུན་སུམ་ཚོགས་ཤིང་འཇམ་པར་སྨྲ་བ་དང། དལ་དུ་ས་སྨྲ་བ་དང། འདུ་འཛི་མི་མང་བ་དང། ་རབ་ཏུ་དབེན་པ་ལ་མངོན་པར་ཕྱོགས་པ་དང། བཞིན་གྱི་མདངས་རབ་ཏུ་དད་པ་ཡིན་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཆེས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། གང་སེཾས་ཅན་སྲུང་བ་དེ་ཚུལ་ཁྲིམས་སྲུང་པ་ཡིན་ཞེས་བསྟན་ཏོ། །ཚུལ་འདིས་ན་དོགས་པར་འགྱུར ་བའི་བུད་མེད་དང་ལྷན་ཅིག་ཏུ་དབེན་པའི་གནས་ལ་སོགས་པར་གནས་པར་མི་བྱའོ་ཞེས་འཇིག་རྟེན་བསྲུང་བ་མཛད་པར་གྱུར་ཏོ། །དེ་ལྟར་ན་ལོངས་སྤྱོད་པའི་ཆུ་འམ་ཐད་ལ་གཅིན་དང་ཕྱིས་དང་མཆིལ་མ་དང་རྣག་ལ་སོགས་པ་སྨད་པ་རྣམས་དབེན ་ཡང་རུང་མི་དབེན་ཡང་རུང་སྟེ་ལྷ་དང་མིའི་སེམས་བསྲུང་བའི་ཕྱིར་མི་འདོར་རོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཀྱང་།ལྐོག་ཏུ་ལྷག་མར་བྱས་ཏེ་ལྷག་མ་མི་ཟ་བདག་ལ་བྱིན་ན་ཡི་དགས་ཀྱི་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་པ་ལས་ཀྱང། མ་དད?་པ་སྤང་བའི་ཕྱིར་མདུན་དུ་སེ་ཤིང་བཟའ་བར་མི་བྱ་མཆིལ་མ་དོར་བར་མི་བྱའོ་ཞེས་གསུངས་སོ། །གུས་པ་དང་འཛེམ་པར་བྱ་བའི་ཆོ་ག་འདི་ནི་ཚངས་པ་མཚུངས་པར་སྤྱོད་པ་ཉི་ཚེ་ལ་བྱ་བ་མ་ཡིན་གྱི ་ཐམས་ཅད་དུ་བྱ་བར་བལྟའོ། །མདོ་འདིར་ནི་དེ་དག་གི་མདུན་དུ་བྱས་ན་ཉེས་པ་ཤིན་ཏུ་ལྕི་པའི་འཇིགས་པ་བསྟན་པའི་ཕྱིར་ཚངས་པ་ཚུངས་པར་སྤྱོད་པའི་ཆེད་དུ་བསྟན་པ་ཡིན་ཏེ་།ཇི་ལྟར་འདི་ཉིད་ལས་སྒྲ་དྲག་པོ་མི་བྱའོ་ཞེས་གསུངསྤའི་ཆོ་ག་འདི་ཉིད་ཚེ་བ ་མ་ཡིན་པ་བཞིན་ནོ། །དེ་སྐད་དུ་།ཚངས་པས་ཞུས་པའི་མདོ་ལས་ཀྱང། བག་སར་བཞིན་དུ་བྱའོ་ཞེས་གསུངས་སོ། །དེ་བཞིན་དུ་སོ་སོར་ཐར་པ་ལས། འཇིག་རྟེན་མ་དད་པར་བྱེད་པར་བསྟན་པ་བརྟགས་ཏེ་བསལ་བར་བྱའོ། །དེ་ལ་རེ་ཞིག་ཁ་བཀང་བ་དང་སྒྲར ་བཅས་དང། །ཁ་གདངས་ནས་ནི་བཟའ་མི་བྱ། །རྐང་བ་བརྐྱང་སྟེ་མི་འདུག་ཅིང། །ལག་པ་མཉམ་དུ་མི་མཉེའོ། །དེ་བཞིན་དུ་རང་གིས་ཀྱང་བརྟགས་པ་དང། མཐོང་བ་དང་ཐོས་པས་འཇིག་རྟེན་མ་དད་པར་འགྱུར་བ་བསྲུང་བར་བྱའོ།། །།བམ་པོ་དྲུག་པ། ་མ་དད་པར་བྱེད་པའི་ཚིག་སྤང་བ་ནི་སླ་སྟེ་དྲན་པ་བསྐུལ་པ་ཙམ་གྱི་ཕྱིར་བསྟན་པར་བྱའོ། །འཕགས་མ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཚིགས་ཞུམ་པ་མེད་པ་ཡིན་།ཚིག་སུབ་སུབ་པོ་མེད་པ་ཡིན་།ཚིག་ནོག་ནོག་པོ་མེད་པ་ཡིན་།འཕར་བར་བྱེད་པའི་ཚིག ་མེད་པ་ཡིན་།ཅོ་འདྲི་བའི་ཚིག་མེད་པ་ཡིན་།འདོད་ཆགས་ཀྱི་རྗེས་སུ་ཆགས་པའི་ཚིག་མེད་པ་ཡིན། ཕལ་པའི་ཚིག་མེད་པ་ཡིན་།ཀུན་ཏུ་མ་བསྲུངས་པའི་ཚིག་མེད་པ་ཡིན་།གནོད་སེམས་འབར་བའི་ཚིག་མེད་པ་ཡིན། འཐབ་པ་དང་རྩོད་པ་དང། འགྱེད་པའི ་ཚིག་མེད་པ་ཡིན་།ཐོབ་ཀྱི་འཇལ་བའི་ཚིག་མེད་པ་ཡིན་།ཚིག་འགྱུར་བ་མེད་པ་ཡིན་།ཚིག་མི་བརྟན་པ་མེད་པ་ཡིན། མུ་ཆོར་སྨྲ་བའི་ཚིག་མེད་པ་ཡིན་།གང་གི་ལྟད་མོ་བ་ལྟ་བུའི་ཚིག་མེད་པ་ཡིན་།ངོར་སྐུར་པ་འདེབས་པའི་ཚིག་མེད་པ་ཡིན་ནོ་ཞེས ་གསུངས་སོ། །འཕགས་པ་དེ་བཞིན་གཤེགས་པའི་གསུང?་པའི་མདོ་ལས་ཀྱང་།ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་ཨི་དག་ནི་།ཆགས་པ་འམ་སྡང་བ་འམ་།རྨོངས་པ་འམ་།ཉོན་མོངས་པ་འམ་།ཐོགས་པ་འམ་ཉེ་བར་ཐོགས་པ་འམ། རང་གི་ཕྱོགས་བསྟོད་པཱི ་ཚིག་གམ་།གཞན་གྱི་ཕྱོགས་ཚར་གཅད་པའི་ཚིག་གམ་།བདག་བསྟོད་པ་ལ་རྗེས་སུ་ཆགས་པའི་ཚིག་གམ་།གཞན་གྱི་བསྟོད་པ་ལ་བར་དུ་གཅོད་པའི་ཚིག་གམ་།ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་པའི་ཚིག་གམ་།མངོན་པའི་ང་རྒྱལ་གྱིས་བརྡ་སྤྲོད་བའི་ཚིག་མི་འབྱིན ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པས་བཅུའི་མདོ་ལས་ཀྱང། དག་གང་དག་ཡིད་དུ་མི་འོངས་པས་སྙིང་ན་བར་བྱེད་ཅིང་གདུད་བར་བྱེད་པ་དང། བདག་གི་རྒྱུད་དང་གཞན་གྱི་རྒྱུད་མ་རུངས་པར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་སྤངས་ཏེ་།དག་འདི་འཇམ་པ ་དང་མཉེན་པ་དང། ཡིད་དུ་འོང་པ་དང། རྫུན་མ་ཡིན་པ་དང། རྣར་སྙན་པ་དང། སྙིད་དུ་སྡུག་པ་དང། གྲོང་ཁྱེར་བ་དང། སྐྱེ་བོ་མང་པོ་ཡིད་དུ་འོང་བ་དང། ཡིད་དགའ་པར་བྱེད་བ་དང་།ཡིད་ཚིམ་པར་བྱེད་པS་བདག་གི?་རྒྱུ?་དང་གཞན་གྱི ་རྒྱུ་དང་བར་བྱེད་པ་དང་།ལན་ལེགས་པར་གློན་པའི་ཚིག་དང། དུས་སུ་སྨྲ་བ་དང། ཡང་དག་པར་སྨྲ་བ་དང། ཆས་སྨྲ་བ་དང། རིགས་པ་དང་སྨྲ་བ་དང། འདུལ་བ་སྨྲ་བ་དེ་ལྟ་བུའི་ཚིག་བརྗོད་དོ། །དེ་ཐ་ན་གཞད་གང་དུ་བྱ་བའི་ཚིག་ཡོངས་སུ་སྤང་བར ་བྱ་བ་ཡང་ཡོངས་སུ་སྤོང་ན། ཚིག་གི་གཞན་རྣམ་པར་གཡེང་བར་ལྟ་ཅི་སྨོས་ཞེས་བྱ་བའི་བར་དུ་གསུངས་སོ། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་ཀྱང། བླ་མའི་དག་མི་གཅོག་པ་དང་ཕ་རོལ་གྱི་ཚིག་མི་ཟློག་པས་ཆག་གཟུང་བར་འོས་པར་འགྱུར་རོ་ཞེས ་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་གྱིས་གསོལ་པ་ལས་ཀྱང། བྱང་ཆུབ་སེམས་དཔས་གང་གི་སེམས་ཅན་རྣམས་ལ་གནོད་པར་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གིས་གཞན་ལ ་གདུང་བར་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །བྱང་ཆུབ་སེམས་དཔས་གང་གཞན་གྱི་འཚལ་བར་མི་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་གཞན་གྱི་དོན་མ་ལགས་པ་དང། དོན་མ་མཆིས་པའི་ཚིག་དེ་སྨྲ་བར་མི་བགྱིའོ། །གང་སེམས་ཅན ་རྣམས་ཀྱི་སྙིང་ལ་མི་འབབ་པ་དང། འཁོར་གོ་བ་མ་ལགས་པ་དང། རྣར་མི་སྙན་པའི་ཚིག་དེ་སྨྲ་བར་མི་བགྱིའོ་ཞེས་གསུངས་སོ། །མདོར་ན་གཞན་དད་པར་མི་འགྱུར་བ་བསྲུང་བར་བྱ་བར་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བསྟན་ཏེ། གཞན ་ཡང་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ་།བདག་གི་འཁྲུལ་པ་ལ་རྟོག་པས་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའོ་ཞེས་བྱའོ། །གང་གིས་སེམས་ཅན་ཐམས་ཅད་སྲུང་པར་བྱེད་པ་འདི་ནི་བདག་ལུས་སྲུང་བ་སྟེ་།ཅི་ནས་གཞན ་དག་གི་མ་རུངས་པར་མི་འགྱུར་བ་དང་ཅི་ནས་གཞན་དག་མི་རུང་པར་མི་འགྱུར་བའོ། །གཞུང་རྒྱས་པ་འདིའི་དོན་བསྡུས་པ་འདི་ནི་བྱང་ཆུབ་སེམས་དཔས་ཡིད་ཀྱི་རྟག་ཏུ་གཟུང་བར་བྱ་སྟེ་།ཤིན་ཏུ་དེས་ཤིང་རབ་དང་དང། །བརྟན་ཞིང་གུས་བཅས་ཞེ་སར་བཅས། །ངོ ་མཚར་ལྡན་ཞིང་འཇིགས་བཅས་དང། ཞི་ཞིང་གཞན་དགའ་བྱེད་ལ་བརྩོན། །ཕན་ཚུན་མི་མཐུན་བྱིས་པ་ཡི། །འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང། །ཉོན་མོངས་སྐྱེས་པ་འདི་དག་གི་།སེམས་འདི་ཡིན་སྙམ་པ་རྩེར་ལྡན་དང། །ཁ་ན་མ་ཐོ་མེད་དངོས་དང། །བདག ་དང་སེམས་ཅན་དབང་བྱས་ནས། །སྤྲུལ་པ་བཞིན་དུ་ད་མེད་པར། །ཡིད་ནི་རྟག་ཏུ་བཟུང་བར་བྱ་ཞེས་བྱའོ། །ཅི་བདག་བསྲུང་པ་འདི་དེ་ཙམ་དུ་ཟད་དམ་ཞེ་ན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྨན་དང་གོས་ལ་སོགས་བཅས་པས། །དེ་ལ་སྨན་ནི་རྣམ་པ་གཉིས་ཏེ། ་གཏན་དུ་བའི་སྨན་དང་ན་བའི་རྐྱེན་སྨན་ནོ། །དེ་ལ་གཏན་དུ་པའི་དབང་དུ་བྱས་ཏེ། །འཕགས་པ་དཀོན་མཆོག་སྤྲིན་ལས་བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པས་མཚུངས་པར་སྤྱད་པ་རྣམས་ཀྱི་སྤྱིར་བཞག་གོ་གཉིས་པ་ནི་སྡུག་བསྔལ་པ་རྣམས་ཀྱི་སྤྱིར་བཞག་གོ། ་གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་པ་རྣམས་ཀྱི་སྤྱིར་བཞག་གོ་།ཆ་བཞི་པ་ནི་བདག་ཟའོ། །དེ་ཟ་པ་ན་འདོད་ཆཌ་མེད་པར་ཟ་སྟེ་ཆཌ་པར་མ་ཡིན་བསྐམ་པར་མ་ཡིན་ཞེན་པར་མ་ཡིན་གྱི་གཞན་དུ་ན་ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དང་འཚོ་བར་བྱ་བའི་ཕྱིར་ཟ་སྟེ། ་ཇི་ལྟར་ཧ་ཅང་ཡང་ཉམས་དམའ་པ་དང་ཧ་ཅང་ལུས་ལྕི་བར་མི་འགྱུར་བ་དེ་ལྟར་ཟའོ། །དེ་ཅིའི་ཕྱིར་ཞེ་ན་།ཧ་ཅང་ཡང་ཉམས་དམས་ན་ནི་དགེ་པའི་ཕྱོགས་ལ་རྒྱབ་ཀྱིས་བལྟས་པར་འགྱུར་རོ། །ལུས་ཧ་ཅང་ཡང་ལྕིས་ན་ནི་གཉིད་ཀྱིས་ནོན་པར་འགྱུར་རོ། ་དེ་བས་ན་བསོད་སྙོམས་དེ་ཟོས་ནས་དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་རིན་པོ་ཆེའི་ཕུང་པོ་ལས་།ངེས?་གྲོད་དམ་གྲོང་ཁྱེར་རམ་གྲོང་རྡལ་དུ་བསོད་སྙོམས་སྤྱོད་པ་ན་ཆོས་ཀྱི་གོ་ཆ ་081 ་བགོས་ལ་བསོད་སྙོམས་སྤྱད་པར་བྱའོ། །དེ་ལ་ཆོས་ཀྱི་གོ་ཆ་གང་ཞེ་ན། མིག་གིས་ཡིད་དུ་འོང་བའི་གཟུགས་རྣམས་མཐོང་ན་རྗེས་སུ་ཆགས་བར་མི་བྱའོ། །ཡིད་དུ་མི་འོང་བའི་གཟུགས་རྣམས་མཐོང་ན་ཁོང་ཁྲོ་བར་མི་བྱའོ། །དེ་བཞིན་དུ་སྒྲ ་དང་དྲི་དང་རོ་དང་རེག་པ་ཡིད་དུ་འོང་བ་དང་ཡིད་བུ་མི་འོང་བ་རྣམས་ལ་རྗེས་སུ་ཆགས་ཕ་དང་ཁོང་ཁྲོ་བར་མི་བྱའོ། །དབང་པོ་ཤིན་ཏུ་བསྡམས་པ་དང་མིག་མི་གཡེང་བ་དང་གཉའ་ཤིང་གང་ཙམ་དུ་བལྟ་བ་དང་དུལ་པ་དང་ཅང་ཤེས་ཀྱི་སེམས་དང་སྔོན ་ཡིད་ལ་བྱེད་པའི་ཆོས་མི་འདོར་བ་དང་ཟད་ཟིང་གིས་མ་འབགས་བའི་རྒྱུད་ཀྱིས་བསོད་སྙོམས་སྤྱད་པར་བྱའོ། །མཐར་ཆགས་སུ་བསོད་སྙོམས་བླད་བར་བྱའོ། །གང་ནས་བསོད་སྙོམས་རྙེད་པ་དེར་རྗེས་སུ་ཆགས་པད་མ་བྱའོ། །གང་ནས་མ་རྙེད་པ་དེར་ཡང་ཁོང་ཁྲོ ་བར་མི་བྱའོ། །ཁྱིམ་བཅུར་བླངས་པ་ལས་ཁྱིམ་བཅུ་གཅིག་པ་ལས་བསོད་སྙོམས་མ་རྙེད་ན་ཡང་ཡོངས་སུ་ཡི་ཆད་པར་མི་བྱའི། །དེ་འདི་སྙམ་དུ་བྲམ་ཟེ་དང་ཁྱིམ་བདག་འདི་དག་ནི་བྱ་བ་མང་བ་དག་ཡིན་པས་དེ་དག་གིས་བདག་ལ་སྦྱིན་པར་ངེས་པ་མེད་དེ་དག ་བདག་ལ་སེམས་པ་ཡང་ངོ་མཚར་ཆེན་བསོད་སྙོམས་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟར་ཡོངས་སུ་ཡི་ཆད་པ་མེད་པར་བསོད་སྙོམས་སྤྱད་པར་བྱའོ། །སེམས་ཅན་གང་དག་དེའི་མིག་ལམ་དུ་སྣང་བར་གྱུར་པ་སྐྱེས་བ ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་འོད་བ་དེ་དག་ལ་ཡང་བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་པར་བྱའོ། །ཇི་ནས་ཀྱང་སེམས་ཅན་གང་དག་བདག་གི་མིག་ལམ་དུ་སྣད་བར་གྱུར་བ་འམ་བསོད་སྙོམས་སྦྱིན་པ་དེ་དག་མཐོ་རིས་སུ ་འགྲོ་བར་འགྱུར་བ་དེ་ལྟར་བྱའོ་དེ་ལྟར་བརྩོན་པར་བྱའོ། །དེས་བསོད་སྙོམས་ངན་ནམ་བཟང་ཡང་རུང་བླངས་ཏེ། གྲོང་དང་གྲོང་ཁྱེར་རམ་གྲོད་རྡལ་འདི་ན་བདག་གི་བསོད་སྙོམས་འདི་ལ་བགོ་བཤའ་བྱ་དགོས་པའི་སེམས་ཅན་དེ་བུ་ལ་བསུ་ཡོད་སྙམ་དུ་ཕྱོགས ་@081བ ་བཞི་ཀུན་ཏུ་བལྟ་བར་བྱའོ། །གལ་ཏེ་སེམས་ཅན་དབུལ་པོ་ཞིག་མཐོང་ན་དེས་བསོད་སྙོམས་དེ་ལ་བགོ་བཤའ་བྱའོ། །གལ་ཏེ་སེམས་ཅན་དབུལ་པོ་མ་མཐོང་ན་དེས་འདི་ལྟར་གང་དག་གི་མིག་ལམ་དུ་སྣང་བར་མ་གྱུར་ཏེ་།མི་སྣང་བའི་སེམས་ཅན་དེ་དག་ལ་བསོད ་སྙོམས་ཀྱི་ཐོག་མའི་ཆ་སྐལ་སྦྱིན་གྱིས་བྱིན་པ་ལེན་པ་དག་ཡོངས་སུ་སྤྱོད་ཅིག་སྙམ་དུ་སེམས་བསྐྱེད་ལ། དེ་བསོད་སྙོམས་དེ་ཁྱེར་ཏེ། དགོན་པའི་གནས་དེར་སོང་ལ་ལྷུང་བཟད་དང་ལག་པ་བཀྲུས་ཏེ། དགེ་སྦྱོང?་གི་སྤྱོད་པ་དང་ཆོ་ག་དང་ལྡན་པའི་སྤྱོད་པ་བཟང ་པོས་བྱིན་གྱིས་བརླབས་ལ་དེས་སྐྱིལ་མོ་ཀྲུང་བཅས་ཏེ་བསོད་སྙོམས་དེ་བཟའ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཟས་ཟོས་ནས་འདི་སྙམ་དུ་ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་པ་དག་འདིའི་མཐུས་བདེ་བར་གནས་པར་གྱུར་ཅིག་།དེ་ལྟ་ནི་འདི་དག་ཟང་ཟིང ་གིས་བསྡུ་བར་བྱའོ། །བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེའི་ཉུང་བར་གྱུར་ན་ངེS་འདི་སྙམ་དུ་ཁ་ཟས་ཅུང་བས་ནི་བདག་གི་ལུས་ཡང་དག་པར་འགྱུར་སྡོད་བ་བཟོད་པར་འགྱུར་བདག་གི་བཤད་གཅི་འབྱུང་བ་ཉུང་བར ་འགྱུར་བདག་ལ་དད་པས་བྱིན་པ་ཆུང་བར་འགྱུར་བདག་གིས་ལུས་ཡང་བ་དང་སེམས་ཡང་བར་འགྱུར། བདག་རྨུགས་པ་དང་གཉིད་ཆུང་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་དེས་བསོད་སྙོམས་མང་ཞིག་།རྙེད་ན་དེ་ལ་ཡང་དན ་པར་བཟའ་པར་བྱའོ། །དོར་བའི་ཆོས་ཉིད་དུ་ཡང་བྱ་སྟེ། བསོད་སྙོམས་དེ་ལས་རྡོ་ལེབ་གང་ཡང་རུང་བའི་སྟེང་དུ་བཏོར?་ལ་འདི་སྙམ་དུ་གཅན་གཟན་དང་བྱའི་ཚོགས་གང་ལ་ལ་ཟང་ཟིང་གི་ཟས་འདོད་པ་བྱིན་ནས་ལེན་པ་དེ་དག་བྱིན་པའི་སྦྱིན་པ་བྱིན་པ་འདི་ལ་ཟོ་ཞིག ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །ཡང་བཀའ་སྩལ་པ། དེས་ཁ་ཟས་བཟང་པོ་རྣམས་ལ་རོ་བྲོ་པའི་འདུ་ཤེས་ཐམས་ཅད་ཀྱིས་ཐམས་ཅད་དུ་བསྐྱེད་པར་མི་བྱའོ། །དེས་འདི་ལྟར་བདག་གིས་གདོས་བུ་ལྟ་བུ་དང་ལུས་དང་སེམས་གཙང་མར་བྱའི ་ཁ་ཟས་ཀྱི་ལུས་གཙང་མར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཟས་བཟང་པོ་ཇི་སྙེད་ཅིག་ཟོས་ཀྱང་དེ་ཐམས་ཅད་ནི་ཐ་མར་རྣག་ཏུ་ཟག་གོ་།ཐ་མར་མི་མཐུན་ནོ། །ཐ་མར་དྲིད་བའོ། །དེ་ལྟ་བས་ན་བདག་གིས་ཟས་བཟང་པོ་འདོད་པ་མི ་བྱའོ་སྙམ་དུ་བསླབ་པར་བྱའོ་དེ་བཞིན་དུ་སྦྱར་རོ། །དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་ལ་སྐྱེས་པ་བསོད་སྙོམས་སྟེར་གྱི་བུད་མེད་ནི་མ་ཡིན་ནོ་ཞེ་འམ། བདག་ལ་བུད་མེད་བསོད་སྙོམས་སྟེར་གྱི་སྐྱེས་བ་ནི་མ་ཡིན་ནོ་ཞེ་འམ། བདག་ལ་ཁྱེའུ་བསོད ་སྙོམས་སྟེར་གྱི་བུ་མོ་མ་ཡིན་ནོ་ཞེ་འམ། བདག་ལ་བུ་མོ་བསོད་སྙོམས་སྟེར་གྱི་ཁྱེའུ་ནི་མ་ཡིན་ནོ་ཞེ་འམ། བདག་གིས་བཟང་པོ་རྙེད་ཀྱིས་ངན་པ་ནི་མ་ཡིན་ནོ་ཞེ་འམ། བདག་གིས་བསྟི་སྟང་དུ་བྱས་ནས་རྙེད་ཀྱིས་བསྟི་སྟང་མ་བྱས་པར་ནི་མ་ཡིན་ནོ་ཞེ་འམ ་དག་གིས་བདེ་བླག་ཏུ་རྙེད་ཀྱི་ཤ་ཐང་བར་ནི་མ་ཡིན་ནོ་ཞེ་འམ། བདག་ལ་སྐྱེས་པ་དང་བུད་མེད་དང། ཁྱེའུ་དང་བུ་མོས་སུ་བར་འགྱུར་རོ་ཞེ་འམ། ཕྱིན་མ་ཐག་ཏུ་བདག་ལ་སེམས་བར་འགྱུར་རམ་།བདག་སྡོད་དགོས་པར་འགྱུར་རམ། ཤིན་ཏུ་བརྡོགS ་པ་རྙེད་པར་འགྱུར་རམ། བདག་གིས་བཟང་པོའི་རོ་སྣ་ཚོགས་དང་ལྡན་བ་སྙེད་བར་འགྱུར་གྱི་དབུལ་བོའི་ཟས་ལྟ་བུ་ངན་པ་ནི་རྙེད་པ་མ་ཡིན་ནོ་སྙམ་དུ་ངེས་མི་དགའ་བ་ཡིད་ལ་བྱེད་པ་ཐམས་ཅད་བསྐྱེད་བར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། སེམས་ཅན་ཕལ་ཆེར ་ནི་རོ་ལ་བརྐམ་སྟེ་ཟས་ཀྱི་ཕྱིར་སྡིག་བའི་ལས་རྣམས་བྱས་ནས་སེམས་ཅན་དམྱལ་བར་སྐྱེའོ། །གང་དག་ཆོག་ཤེས་པ་མི་བརྐམ་པ་མ་ཞེན་པ་རོ་ལ་མི་གདུང་བ་ལྕེའི་དབང་པོ་ཆོག་ཤེས་པ་ཟས་ངན་དོན་ཇི་ཙམ་གྱིས་ཀྱང་འཚོ་བ་དེ་དག་ནི་ཤའི?་འཕོས་ཏེ་ཤི་བའི་དུས?་བྱས་ནས་མཐོ ་རིས་སུ་སྐྱེ་བར་འགྱུར་ལྷ་དང་མི་རྣམས་ཀྱི་ནང་དུ་བདེ་འགྲོར་འགྲོ་བར་འགྱུར་ལྷར་སྐྱེས་ནས་བདུད་རྩི་ཟ་བར་འགྱུར་རོ། །འོད་སྲུངས་དེ་ལྟར་ན་བསོད་སྙོམས་སྤྱོད་པའི་དགེ་སློང་གིས་རོ་ལ་སྲེད་པ་ཟློག་སྟེ་།སེམས་ངེས་པར་སེམས་པས་ལྷད་ཟན་ཞག་བདུན་ལོན་པ་ཟ ་ཡང་ཡིད་ཆད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་གསོ་བ་དང་འཕགས་བའི་ལམ་གྱི་ཆོགས་བསགས་པའི་དོན་དུ་བདག་གི་ཟས་བཟའ་ཨོ་སྙམ་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་གལ་ཏེ་སྤྲིན་འདུས་ཤིང་ཆར་འབབ་སྟེ། བསོད་སྙོམས་སྤྱོད ་བའི་དགེ་སློང་བསོད་སྙོམས་ལ་འཇུག་མི་ནུས་བའི་དུས་ཀྱི་ཚེ། བྱཾས་པའི་ཟས་ཀྱི་གོ་བགོས་ཏེ་།ཆོས་སེམས་པ་ཡིད་ལ་བྱེད་པ་ལ་གནས་ཞག་གཉིས་སམ་ཞིག་གསུམ་ཞིག་ཟན་ཆད་ན་།འདི་ལྟར་ཡི་དགས་གཤིན་རྗེའི་འཇིག་རྟེན་བ་ཉེས་པར་བྱེད་པའི་ལས་བྱས ་བ་གང་དག་ལོ་བརྒྱར་ཡང་མཆིལ་མའི་ཐལ་བ་འགའ་བཟར་མི་རྙེད་པ་དག་ཀྱང་ཡོད་དེ་།དེ་ལྟ་བས་ན་བདག་ཚུལ་བཞིན་དུ་ཆོས་སེམས་པ་ལ་གནས་པས། ལུས་ཉམ་ཆུང་བ་འམ་སེམས་ཉམ་ཆུང་བསྐྱེད་བར་མི་བྱ་སྟེ། དཀྲེས་པ་དང་སྐོམས་པས་ཇི་མི་སྙམ་པར ་བྱའོ། །འཕགས་པའི་ལམ་བསྒོམ་པ་ལ་བརྩོན་འགྲུས་རྒྱུན་མི་འཆད་པར་བྱའོ་སྙམ་དུ་འདུ་ཤེས་བསྐྱེད་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་གང་ན་བསོད་སྙོམས་གཙང་མ་བྱེད་པའི་ཁྱིམ་དེར་སྟན་ལ་འདུག་སྟེ་བསོད་སྙོམས་གཙང་མ་བྱེད་མ་ཟིན་གྱི་བར་དུ་ཆོས་ཀྱི་གཏཾ ་བརྗོད་བར་བྱའོ། །དེ་ནས་བསོད་སྙོམས་དེ་བླངས་ལ་སྟན་ལས་ལངས་ཏེ་འགྲོ་བར་བྱའོ། །འོད་སྲུངས་བསོད་སྙོམས་སྤྱོད་པའི་དགེ་སློང་གིས་འཁོད་བར་མི་བྱ་ཁ་གསག་མི་བྱ་ཚུལ་འཆོས་བར་མི་བྱའོ། །དེ་ལ་འཁོང་བ་གང་ཞེ་ན། གང་གཞན་དག་ལ་ཚིག་འདི ་སྐད་སྨྲ་བ་སྟེ། བདག་གི་བསོད་སྙོམས་ནི་ངན་པའོ་བདག་གི་བསོད་སྙོམས་ནི་རྩུབ་པའོ། །བདག་གིས་སྔོན་འདི་ལྟ་བུ་དང་མ་འདྲངས་བར་མ་ཟོས་སོ། །བདག་གི་བསོད་སྙོམས་ནི་སྐྱེ་བོ་མང་པོ་དང་ཐུན་མོང་དུ་བྱས་སོ། །བདག་གིས་ཉུང་ཞིག་ཟོས་ཏེ་བདག་མ ་འདྲངས་པས་བདག་གིས་ལུས་ཉམ་ཆུང་ངོ་ཞེས་བྱ་བ་སྟེ་འདི་ལྟར་འཁོད་པའི་མཚན་མ་གང་ཅི་ཡང་རུང་བ་འདི་ལྟ་བུ་འདི་ནི་སེམས་ཀྱི་ཚུལ་འཆོས་པ་ཞེས་བྱ་སྟེ། དགེ་སློང་བསོད་སྙོམས་སྤྱོད་པས་དེ་དག་ཐམས་ཅད་མི་བྱའོ། །གང་ལྷུང་བཟེད་དུ་འོངས་པ་ངན ་ཀྱང་རུང་བཟང་ཡང་རུང་ཉུང་ཡང་རུང་མང་ཡང་རུང་གཙང་ཡང་རུང་མི་གཙང་ཡང་རུང་སྟེ་བཟའ་བར་བྱའོ། །ཡོངས་སུ་གདུད་པ་མེད་པ་དང། བསམ་པ་ཡོངས་སུ་དག་པ་དང་ཆོས་ངེས་པར་སེམས་པ་མང་བ་དང། ལུས་གསོ་བ་དང་འཕགས་པའི་ལམ་ཉེ་བར ་བསྟན་པའི་ཕྱིར་དེས་བསོད་སྙོམས་བཟའ་བར་བྱའོ་ཞེས་བྱ་བའོ། །དེ་སྐད་དུ་དྲག་ཤུལ་ཅན་གྱིས་བྱིན་པས་ཞུས་པའི་མདོ་ལས་ཀྱང། གང་ལ་ལ་བསོད་སྙོམས་བླངས་ཏེ། བདག་དང་གཞན་གྱི་དོན་རྫོགས་པར་བྱེད་ནུས་ན་ངས་བྱང་ཆུབ་སེམས་དཔའ་མགྲོན་དུ ་འགྲོ་བར་གནད་ངོ་ཞེས་གསུངས་སོ། །དེ་ལྟར་རེ་ཞིག་རྟག་ཏུ་བའི་སྨན་གྱིས་ལུས་བསྲུང་བར་བྱ་བ་ཡིན་ནོ། །དེ་ལ་ཡང་ཉ་དང་ཤས་ནི་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས་བཀག་པའི་ཕྱིར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག ་ཉིད་ཙན་གྱིས་ཤ་ཐམས་ཅད་མི་བཟའ་ཨོ་ཞེས་བཤད་དོ། །དེ་བཞིན་དུ་སྦྱར་ཏེ། འཁྲུལ་པ་དང་ནི་གཉེན་བཤེས་དང། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ་། ཤ་རྣམས་དང་ནི་སྒོག་བརྩོང ་དང། །ཆད་དག་རྣམ་པ་སྣ་ཚོགས་དང། །ཀེའུ་དང་སྒོག་སྐྱ་དེ་བཞིན་དུ། །རྣལ་འབྱོར་ཅན་གྱི་རྟག་ཏུ་སྤང། །འབྲུ་མར་གྱིས་ཀྱང་བྱུག་པ་སྤང། །ཁྲི་ལ་བརྟེན་པའི་སེམས་ཅན་རྣམས། །བུག་བུ་གར་འཇིག་འགྱུར་ཕྱིར། །ཁྲི་ལ་ཉལ་བར་མི་བྱའོ། །དེ ་བཞིན་དུ་སྦྱར་ཏེ། ཁེ་ཡི་ཕྱིར་ན་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉི་ག་སྡིག་ལས་ཅན། །དུ་འབོད་བྱེད་ལ་སོགས་པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་ཟན། །འཇིག་རྟེན་གཉིས་ནི ་བཤིག་པའི་ཕྱིར། །ཤཱཀྱའི་བསྟན་ལས་བརྟུལ་ཞུགས་བླངས། །ཤིན་དུ་མི་བཟད་དམྱལ་བར་ཡང། །སྡིག་པའི་ལས་ཅན་དེ་དག་འདོད། །མ་རུངས་དུ་འབོད་ལ་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི་།མ ་བརྟག་པ་དང་མ་བསླངས་དང། །མ་བསྐུལ་བ་ཡང་ཡོད་མེད་པས། །དེ་བས་ཤ་ནི་མི་བཟའ་ཨོ། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ་། །ད་དང་སངས་རྒྱས་དག་གིས་བཤད། །སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟ་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང ་སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར། །གདོལ་པ་སྨེ་ཤ་ཅན་རིགས་དང། །བཅོ་བླག་མཁན་དུ་ཡང་ཡང་སྐྱེ། །མཁའ་འགྲོ་རིགས་ཀྱི་སྐྱེ་གནས་དང། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་མངལ་དུ་སྐྱེ། །གླང་པོ་རྩལ་དང་སྤྲིན་ཆེན?་དང། ་མྱ་ངན་འདས་དང་སོར་ཕྲེང་དང། །ལང་ཀར་གཤེགས་པའི་མདོ་ལས་ཀྱང། །ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཉན་ཐོས་རྣམས་ཀྱིས་སྨྲས་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས ་པ་སྤང་བའི་ཕྱིར། །བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་ཞེས་པ་ཡིས། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡིས། །རྟོག་ག་བ་རྣམས་མི་ཤེས་སོ།། ་ཇི་ལྟར་འདོད་ཆགས་ཐར་པ་ལ། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆད་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག་།ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་རྣམས་ཀྱི་བཤད ་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང། །བུ་ཡི་ཤ་དང་མཚུངས་པ་ཡང། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱི་ཟས་ལ་སྤྱོད། །སེང་གེ་དག་དང་སྟག་རྣམས་དང། །ཝ་ལ་སོགས་དང་འགྲོགས་འགྱུར་བས། །ངས་ནི་བྱམས་པས་གནས་པ་ལ། །རྟག ་པར་རྣམ་པ་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་དངང་བར་འགྱུར་པའི་ཤ། དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ་ཞེས་གསུངས་སོ། །ཡེ་ཤེས་ལྡན་གྱི་ལེའུ་ལས། །ཤ་ཟ་བ་གང་འབྱུང་བ་དེ་ནི་དོན་ཆེན་པོ་བསྒྲུབ ་བའི་ཕྱིར་ཉེཾས?་པ་མེད་དེ། དེ་ལ་འདི་སྐད་དུ། དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། །ཛམྦུའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདིས་གསོས་པས་ནི་ཏིང་འཛིན་རྣམས་ཀྱང ་ཐོག་།ཅེས་གསུངས་སོ། །དེ་ནི་སྙིང་རྗེ་ཆེན་པོ་ལ་མངོན་པར་བརྩོན་པ་སྟེ། དེ་ལ་བྱམས་པ་མེད་དུ་མི་དོགས་པས་ཉེས་པ་མེད་དོ། །འཕགས་པ་དཀོན་མཆོག་སྤྲིན་ལས། དུར་ཁྲོད་པས་ཤ་དང་འབགས་པ་མེད་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་དེ? ་ནི་དེ་ལས་གཞན་པའི་རང་བཞིན་ཅན་གྱི་སེམས་ཅན་གྱི་དོན་དུ་བསྟན་པའི་ཕྱིར། འདུལ་བ་ལས་དེ་ལ་རྣམ་པ་གསུམ་ཡོངས་སུ་དག་བ་ཟོས་ན་སྤོང་བའི་བར་ཆད་དུ་མི་འགྱུར་རོ་ཞེས་གང་གནང་བ་དེ་ནི་ཡོངས་སུ་སྤངས་པས་དག་བར་ལྟ་བ་རྣམས་ཀྱི་མངོན་པའི་ང་རྒྱལ ་གསལ་བ་དང། སྐལ་པ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་འཇུག་མི་ནུས་པ་སྤངས་པའི་ཕྱིར་རོ། །དེ་སྐད་དུ་ལང་ཀར་གཤེགས་པའི་མདོ་ལས་ཀྱང། བསྟན་པ་བརྗོད་པ་དེ་དང་དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐས་ཀྱི་རྡང་བུ་བྲེ་བའི ་ཚུལ་དུ་རྣམ་པ་གསུམ་བཅས་ནས་དེའི་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ་དེ་ནས་རང་ཤི་བ་བཅུའི་ཤ་ཡང་བཀག་གོ་ཞེས་གསུངས་སོ། །རྟག་ཏུ་པའི་སྨན་བཤད་ཟིན་ཏོ། །ན་བའི་གསོས་སྨན་ཡང་བརྗོད་པར་བྱ་བ་ཉིད་དོ། །བདག་གི་དོན་དང་ཚངས་པར ་སྤྱོད་པ་གནས་བར་བྱ་བའི་ཕྱིར་ཉན་ཐོས་ཀྱི་འདུལ་བ་ལས་ཀྱང། ལྷུང་བཟད་དང་ཆོས་གོས་ཀྱང་བཅོད་ལ་ལུས་བཟུང་བར་གསུངས་ན། སྐྱེ་བོ་དཔག་ཏུ་མེད་པ་ཡོངས་སུ་བསྐྱབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་ཨི་ལུས་ལྷ་ཅི་སྨོས་ཏེ། ངལ་བའི་དགའ་བ་ཕུན ་སུམ་ཚོགས་པ་འདི་ལྟ་བུ་ནི་རྙེད་བར་དཀའ་ཨོ། །དེ་རབ་ཏུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་དང་དེར་བདག་ཉིད་སྨན་ལ་ཉེ་བར་སྦྱོར་བར་བསྟན་ཏོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། །དེ་ནམ་ཚོད་བཟང་བར་གྱུར་པ་དེའི་ཚེ། ཉི་ཚེད་ཡོད་དམ ་མེད་ཀྱང་རུང་སྟེ། དེ་དག་གིས་ལུས་གསོ་བའི་ཡོ་བྱད་འདི་ལྟ་སྟེ། མར་རམ། འབྲུ་མར་རམ། སྤྲང་རྩི་འམ། བུ་རམ་མམ། རྩ་བའི་ཁུ་བ་འམ། སྡོང་པོའི་ཁུ་བ་འམ། འབྲས་བུའི་ཁུ་བ་དེ་ལྟ་བུ་དག་བཟར་མི་རུང་སྟེ། གཞན་ཟ་བ་མཐོང་ནས་ཡང ་ཁོང་ཁྲོ་བའི་སེམས་དང་འཇུངས་བའི་སེམས་ཀྱང་མི་སྐྱེད་དོ། །ཡང་གལ་ཏེ་ཟས་ཕྱིས་མི་ལེན་པའི་བྱང་ཆུབ་སེམས་དཔའ་དེ་ཇི་ལྟ་བུའི་ནད་ཀྱིས་སྲོག་གི་བར་ཆད་དུ་འགྱུར་བ་འམ། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་ཏེ། ན་ཚབས་ཆེན་དེས་འགྱོད་པ་མེད་ཅིང ་ཐེ་ཚོམ་མེད་པར་བྱས་ལ་དེ་སྨན་ཡིན་པར་སེམས་ཉེ་བར་གཞག་སྟེ་སྤྱད་པར་བྱའོ་ཞེས་གསུངས་སོ། །གོས་ཀྱི་ལོངས་སྤྱོད་ཀྱིས་སྦྱོར་བ་ནི་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བསྟན་ཏེ། ངོ་ཚ་ཞིང་འཛེམ་པས་ཁྲེལ་ཡོད་པས་དཀྲི་བ་དང། ཤ་སྦྲང་དང ་སྦྲང་བུ་དང་རླུང་དང་ཉི་མ་དང་སྡིག་སྦྲུལ་གྱིས་རེག་པར་འགྱུར་བས་གཡོག་པ་དང། དགེ་སྦྱོང་གི་རྟགས་བསྟན་པ་དང། དུ་རི་སྨྲག་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ནོ་སྙམ་ནས་མཆོད་རྟེན་གྱི་ཕྱིར་ཡང་དག་པར་བཟུང་བར ་བྱ་བ་དང། དེ་དག་ནི་ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བས་ཁ་དོག་བསྒྱུར་བ་ཡིན་གྱི། འདོད་ཆགས་ཀྱིས་ཁ་དོག་བསྒྱུར་བ་མ་ཡིན་པ་དང། འདི་དག་ནི་ཉེ་བར་ཞི་བ་དང་མཐུན་པ་ཡིན་གྱི་ཉོན་མོངས་པ་འབར་བ་དང་མཐུན་པ་མ་ཡིན་པ་དང། ངུར ་སྨྲིག?་འདི་དག་གིས་དཀྲིས་ཤིང་གཡོགས་ནས་སྡིག་པ་ལས་ལྡོག་པར་བྱ་བ་དང། ལགས་པར་བྱ་བའི་ལས་བྱ་བ་དང། ཆོས་གོས་ཀྱིས་ཆ་བར་སྦྱོར་བ་ལ་བརྩོན་པ་མ་ཡིན་པ་དང། དུར་སྨྲིག་འདི་དག་འཕགས་པའི་ལམ་གྱི་ཚོགས་དང་མཐུན་པ་ཡིན་པ ་ཤེས་ནས་སྐད་ཅིག་གཅིག་ལ་ཡང་རྙོག་པ་དང་འགྲོགས་པར་མི་བྱ་བར་ངུར་སྨྲིག་རྣམས་བཅད་བར་བྱ་བ་སྟེ་ཞེས་གསུངས་སོ། །འདི་ལ་ཆད་པ་ནི་རིན་པོ་ཆེའི་ཕུང་པོའི་མདོ་ལས། འོད་སྲུངས་གང་དག་ལྷོད་ཅིང་ཡང་དག་པར་མི་སྡོམ་པ་དང་དགེ་སྦྱོང་གི་ཡོན་ཏན ་085 ་གྱི་ཆོས་འདི་དག་ལས་ཉམས་པ་ལུས་ལ་དུར་སྨྲིག་འཆང་བ་རྣམས་ནི་དེ་ལ་གུས་པ་མི་སྐྱེད་དོ། །འོད་སྲུངས་དེ་ལ་དགེ་སྦྱོང་གི་ཁ་དོག་དང་གཟུགས་ཅན་ཞེས་བྱ་བའི་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཡོད་དེ་།འོད་སྲུངས་ཉི་ཚེ་བའི་སེམས་ཅན ་དམྱལ་བ་དེར་དགེ་སྦྱོང་གི་གཟུགས་སུ་གྱུར་བཞིན་དུ་གོས་འབར་པ་དག་དང་མགོ་འབར་བ་དག་དང་ལྷུང་བཟེད་འབར་བ་དག་དང་སྟན་འབར་བདག་དང་མལ་ཆ་འབར་བདག་གནོད་པ་བྱེད་དེ་།དེ་དག་གི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་གང་ཅི་ཡོད་པ་དེ་ཐམས ་ཅད་འབར་རབ་ཏུ་འབར་ཏེ་ཀུན་དུ་རབ་ཏུ་མཆེད་ཅིང་འབར་ལ་དེ་མེ་ལྕེ་གཅིག་ཏུ་གྱུར་ཏེ། དགེ་སྦྱོང་གི་ཁ་དོག་དང་གཟུགས་ཀྱིས་གནོད་པ་དེ་དག་མྱོང་བར་འགྱུར་རོ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། །བྱང་ཆུབ་སེམས ་དཔའ་བླ་གབ་མེད་པ་ལ་ལུས་ན་འམ་ལུས་ཀྱིས་མི་ནུས་པར་གྱུར་ན་དེས་གཙུག་ལག་ཁང་དུ་གནས་ཏེ། འདི་སྙམ་དུ་ཉོན་མོངས་པའི་གཉེན་པོའི་ཕྱིར་དེ་བཞིན་གཤེགས་པས་སྦྱངས་པའི་ཡོན་ཏན་བཅས་ཏེ་ཅི་ནས་ཀྱང་བདག་བཙུག་ལག་ཁང་ན་གནས་བཞིན ་དུ་ཉོན་མོངས་པ་རྣམས་སྤོང་བར་འདོད་པ་སྟེ་དེ་ལྟར་བྱ་སྟེ། གཙུག་ལག་ཁང་དེ་ལ་ཡང་ཆགས་པར་མི་བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེ་འདི་ལྟར་སེམས་ཏེ་སྦྱིན་པའི་བདག་པོ་རྣམས་ལ་ཕན་གདགས་པར་བྱའི་བདག་ཅག་གིས་བདག་ཉིད་གསོ་བར་ནི་མི་བྱའོ ་སྙམ་མོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་དེ་དག་ཉལ་བ་ན་གློ་གཡས་པས་ཉལ་བར་བྱེད་དེ་རྐང་པའི་སྟེང་དུ་རྐང་བ་གཞག་ནས་།ལུས་ཆོས་གོས་དག་གིས་ཤིན་དུ་ཡོངས་སུ་གཡོགས་ཤིང་།དྲན་པ་དང་ཤེས་བཞིན་དང་ལྡན་བཞིན་དུ་སྣང་བའི་འདུ་ཤེས་དང་ལྡང ་བའི་འདུ་ཤེས་སུ་ཉལ་བར་བྱེད་དེ་གཉིད་ཀྱི་བདེ་བ་ལ་ཆགས་བར་མི་བྱེད་།གཉིས་པའི་བདེ་བ་ལ་ཡང་མ་ཆགས་ཏེ། གཞན་དུ་ན་དེ་དག་ཇི་ཙམ་དུ་འབྱུང་བ་ཆེན་པོ་རྣམས་གནས་ཤིང་འཚོ་བའི་ཕྱིར་ཉལ་བར་བྱེད་པ་ལ་རྟག་ཏུ་རྒྱུན་མི་འཆད་པ་ཡང་དགེ་བའི་ཕྱོགས ་@085བ ་ལ་མངོན་དུ་ཕྱོགས་པ་ཡིན་ནོ་ཞེས་གསུངས་སོ། །ཕྱོགས་འདིས་ཡོངས་སུ་སྤྱད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། དེས་ན། བདག་ལ་སྲེད་པས་ལོངས་སྤྱད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །ཟླ་བ་སྒྲོན་མའི་མདོ་ལས་? ་སྐད་དུ། དེ་དག་ཁ་ཟས་རོ་ཞིམ་བསོད་བ་དག་།རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང། །དེ་དག་ལ་ནི་ཟས་དེ་གདུག་པར་འགྱུར། །བ་ལང་ཕྲུ་གུས་པད་རྩམ་བཀྲུས་བཞིན་།ཞེས་གསུངས་པ་ལྟ་བུའོ། །འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང། ་བཅོམ་ལྡན་འདས་ཀྱིས་དད་པས་ཕྱིན་པ་ཡོངས་སུ་སྤྱོད་པ་ཡོངས་སུ་བསྟན་པ་དང། དེ་ནས་འཁོར་དེ་ཉིད་ནས་རྣལ་འབྱོར་སྤྱོད་པའི་དགེ་སློང་ཉིས་བརྒྱས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་རབ་ཏུ་དུས་ཏེ་མཆི་མ་ཟག་ཅིང་ཆིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་ནི་གུམ ་ཡང་རུང་སྟེ་འབྲས་བུ་མཐོབ་ཀྱི་བར་དུ་དད་པས་སྩལ་བའི་བསོད་སྙོམས་གཅིག་ཙམ་ཡང་ཡོངས་སུ་སྤྱད་པར་མི་བགྱིའོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ལེགས་སོ་ལེགས་སོ། །ངོ་ཚ་ཤེས་པ་དང་འགྱོད་པ་དང་ལྡན་པ་དང་འཇིག ་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་རྣམ་པ་འདི་ལྟ་བུ་དག་གིས་གསུང་རབ་འདི་མཛེས་སོ། །འོད་སྲུངས་ངས་དགེ་སློང་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན། ལྡན་པ་དང་གྲོལ་བའོ། །དགེ་སློང་དག་དགེ་སློང་ལྡན་པ་རྣལ་འབྱོར་སྤྱོད་པ ་ངའི་བསྟན་པ་ལ་ཞུགས་པ་འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་རིག་།ཆོས་ཐམས་ཅད་ལ་བདག་མེད་པར་མོས་མྱ་ངན་ལས་འདས་པ་ཞི་བར་རྟོགས་པ་ནི་རི་རབ་ཙམ་གྱི་ཁམ་དག་གིས་དད་པས་བྱིན་པ་ཡོངས་སུ་སྤྱད ་ཀྱང་དེའི་ཡོན་ཏན་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །སྦྱིན་པ་པོ་དང་སྦྱིན་བདག་གང་དག་ལས་དད་པས་བྱིན་པ་ཡོངས་སུ་སྤྱད་པ་དེ་ལས་དེ་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པ་འབྱོར་བ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རྫས ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་གང་བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དེ་མཆོག་ཡིན་པའི་ཕྱིར་རོ། །འོད་སྲུངས་དགེ་སློང་གང་ཞིག་སྦྱིན་པ་པོ་དང་སྦྱིན་བདག་གི་ཆོས་གོས་དང་བསོད་སྙོམས་དང་མལ ་ཆ་དང་ཡོ་བྱད་རྣམས་ཡོངས་སུ་སྤྱད་ནས་སེམས་རྣམ་པར་གྲོལ་བ་ཚད་མེད་པ་ལ་སྙོམས་པར་འཇུག་ན་སྦྱིན་བ་པོ་དང་སྦྱིན་བདག་དེའི་རྣམ་པར་སྨིན་པ་ཡང་ཚད་མེད་པར་ཤེS་པར་བྱའོ་འོད་སྲུངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་རྒྱ་མཚོ ་ཆེན་པོ་རྣམས་ནི་ཡོངས་སུ་ཟད་པར་འགྱུར་ཡང་སྲིད་ཀྱི་དེའི་བསོད་ནམས་ཀྱི་རྒྱུ་མཐུན་པ་ནི་ཡོངས་སུ་ཟད་པར་གང་ཡང་མི་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་བསོད་སྙོམས་འགྲོ་བར་རྩོམ་མ་མ་ཟས་ཟ་བར་རྩོམ་པ་ན། སྦྱིན་པ་པོ་ལ་ཕན་གདགས་པ་དང། ལུས་ཀྱི ་སྲིན་བུ་བསྡུ་བ་དང། སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་པ་སྟེ་གནས་གསུམ་ལ་དྲན་པ་ཉེ་བར་གཞག་དམ་པའི་ཆོས་ཡོངས་སུ་གཟུང་བ་དང། དེ་བཞིན་གཤེགས་པའི་བཀའ་བསྒྲུབ་པ་དང། བྱ་བ་ཐམས་ཅད་ལ་དྲན་པ་དང་ལྡན་བར་བྱའོ། །ལ་སོགས ་བ་ཞེས་བྱ་བ་ནི་གསང་སྔགས་རྣམས་ཀྱིས་ཀྱང་ཡོངས་སུ་བསྲུང་བར་བྱའོ། །དེ་ལ་ཐོག་མར་རེ་ཞིག་དཀྱིལ་འཁོར་དང་དམ་ཚིག་གི་ཕྱིར། དམ་ཚིག་གསུམ་གྱི་རྒྱལ་པ་ལས་འབྱུང་བའི་རིགས་སྔགས་འདི་བརྗོད་པར་བྱའོ་།ན་མ:སརྦ་བུདྡྷཱ་བོ་དྷི་སཏྭ་ནཱཾ ་ཨོཾ་བ་རི་ཇཱི?་བི་ར་ཛཱི་།མཧཱ་བི་ར་ཛཱི་།སཱ་ཏ་སཱཏ། སཱ་ར་ཏེ་སཱ་ར་ཏེ་།ཏྲཱ་ཡི་ཏྲཱ་ཡི་།བི་དྷ་མ་ཧཱ་ཏཱི། སམ་བྷན་ཛ་ནི། ཏརྨ་ཏི། སིདྡྷ་ཨ་གྲེ་ཏྲཱཾ་སྭཱཧཱ་།འདིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཡང་ན་དེ་བཞིན་གཤེགས་པའི་སྙིང་པོ་བརྒྱ་སྟོང ་བཟླས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ། །དེ་གང་ཞེ་ན་།ན་མསྟྲེ་ཡ་དྷཝིཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ་།སརྦ་ཏཱ་ཨ་པྲ་ཏི་ཧ་ཏཱ་བཱ་པཏི་དྷརྨ་ཏཱ་བ་ལི་ནཱཾ་། ས་མ་ས་མ་།ས་མནྟ་ཉོ་ནནྟཱ་བཱ་པཏི་ཤཱ་ས་ནི། ཧ་ར་ཧ་ར། ་སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ་།ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝན་མཧཱ་བ་ར་ལ་ཀྵ་ཎེ་།ཛྲ་ལ་ཛཝ་ལ་ན་སཱ་ག་རེ་སྭཱཧཱ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་གྱི་སྐུ་ཡིན་ཏེ་འདི་ལ་གུས་པ་བླ་ན་མེད་པར་བྱའོ། །འདིས་ལས་དང་པོ་བདག ་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛའ་ཡས་པ་བྱེད་པར་འགྱུར་རོ། །འདི་ཉིད་བདུད་ལ་སོགས་པ་དང་མ་རུངས་པ་ཐམས་ཅད་ལས་སྲུང་བར་བྱེད་པའི་མཆོག་ཡིན་ནོ། །ཐལ་མོ་བརྡབས་བ་འམ། ཐལ་བ་འམ་ཡུངས་ཀར་རམ། །ཆུ་འམ་ལྟ་བ་འམ། ་ཡིད་ཀྱིས་ཀྱང་མཚམས་གཅོད་པར་བྱེད་དོ། །ནད་ཀྱི་བཏབ་ན་སྨན་ནམ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་ངོ། །ཡང་ན་མཆོད་རྟེན་ནམ་སྐུ་གཟུགས་སམ་དམ་པའི་ཆོས་ཀྱི་གླེགས་བམ་ལ་སེམས་ཀྱི་མེ་ཏོག་སེམས་མཉམ་པར་བཞག་སྟེ་དབུལ་ཞིང་ཟླ་བ་ཕྱེད ་སྦྱོར་བ་བྱས་ན་ནང་ཆེན་པོ་དག་ལས་ཐར་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པ་དང། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པའི་སེམས་ཀྱིས་བཟང་པོ་སྤྱོད་པ་སྔོན་དུ་བྱས་པས་བཟླས ་བརྗོད་བྱའོ། །ཆོ་ག་འདི་ནི་ཆོག་དེའི་མཇུག་ནས་འབྱུང་ངོ། །དམ་ཚིག་གསུམ་གྱི་བཟླས་རྗོད་བྱེད་པས་ནི་ཁྲུས་མ་བྱས་ཀྱང་ཉེས་པ་མེད་དོ། །ལྷག་མ་དང་མི་གཙང་བས་ཀྱང་ཉེས་པ་མེད་དོ། །ཕྱག་རྒྱ་འདྲ་བ་དག་མི་བཟའ་ཨོ་མི་འགོ་མོ་ཁྲིལ་ཉལ་བར་མི་བྱའོ། ། ་ཆང་མི་བཏུང་ངོ། །མོས་བས་སྤྱོད་པའི་བསླབ་པའི་གཞི་དག་ལས་མི་གཡོ་བ་དང་ཐེ་ཚོམ་མེད་ན་སྔོན་དང་ཚུལ་ངན་པར་གྱུར་ཀྱང་འགྲུབ་བོ། །མཁས་སམ་མི་མཁས་ཀྱང་རུང་སྟེ་ངེས་པར་འགྲུབ་བོ། །དེ་སྐད་དུ་དེ་ཉིད་ལས་།གང་ཞིག་བྱང་ཆུབ་སེམས་བརྟན་ཞིང། །བློ་གྲོས ་ཆགས་པ་མེད་པ་དང། ཐེ་ཚོམ་དག་ཀྱང་མི་བྱེད་པ། །ངེས་འདི་ངེས་པར་འགྲུབ་པར་འགྱུར་ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་བརྟན་པ་ནི་འདིར་སོ་སོ་སྐྱེ་བོའི་སེམས་སྟོབས་དང་ལྡན་པར་ངེས་བར་བྱ་བའི་ཕྱིར་གསུངས་ཀྱི་སར་ཆུང་པའི་དབང་དུ་བྱས་པ་ནི་མ་ཡིན་ཏེ ་འདི་ལྟར་དེ་ཉིད་ལས། སླར་དབྱུང་བར་བྱ་བ་དང། སྣང་བར་བྱ་བ་ཐོབ་པར་འདོད་པ་དང། མུན་པ་ཆེན་པོའི་ཁྲོད་ནས་སྣང་བར་འཇུག་པར་འདོད་པ་དང། ལོག་པར་ལྟུང་བས་ལྷག་པར་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །དེ་བཞིན ་དུ་བདག་ལྟ་བུ་བསོད་ནམས་ཆུང་དུ་ལ་འགྲུབ་པར་ག་ལ་འགྱུར་ཞེས་སེམས་ཞུམ་པ་བཀག་གོ། །ས་ལ་གནས་པ་ངན་འགྲོ་ལས་ཤིན་ཏུ་འདས་པ་སྤྲོ་བའི་རླབས་མང་བ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསགས་པ་ལ་ནི་གོང་དུ་སྨོས་པའི་ཉེས་པ་འདི ་མི་སྲིད་དོ། །འདི་ལམ་ཤེས་ནས་སྔགས་རྣམས་ཡི་གེ་ལྷག་པར་བརྗོད་ཀྱང་ཉེས་པ་མེད་དོ། །ཉུངས་ཀྱང་ཉེས་པར་མི་འགྱུར་རོ། །ཆོ་ག་ཉམས་ཀྱང་ཉེས་པར་མི་འགྱུར་རོ། །འོན་ཀྱང་དད་བའི་ཤུགས་དང་བྱང་ཆུབ་ཀྱི་སེམས་ཀྱི་ཤུགས་དང། རང་གི་དོན་དོར ་བའི་ཤུགས་བརྩན་བར་བྱས་ཏེ། རྣམ་པར་མི་བརྟག་པར་བརྗོད་ན་གདོན་མི་ཟ་བར་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་མཐོང་བ་དང་ཅི་འདོད་པ་ཡང་འགྲུབ་བར་འགྱུར་རོ། །ཡང་ན་རྡོ་རྗེ་འཛིན་ཐམས་ཅད་ཀྱི་སྔགས་འདིས་བསྲུང་བར་བྱའོ། །ནམ་སྟེ་ཡ ་དྡཝི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ་།སརྦ་བཛྲ་དྷ་རཱ་ཎཱཾ། ཨོཾ་ཙཎྜ་ལཱ་ཙཎྜ་ལཱ། ཙ་ལ་ཙ་ལ། བཛྲ་བཛྲ་ཤཱནྟ་ནཱ་ཤཱནྟ་ནཱ། ཕ་ལ་ན་ཕ་ལ་ན་།ཏ་ར་ཏ་ར། མཱ་ར་མཱ་ར་།བཛྲ་ད་ལ་།སྤོ་ཊ་ཡ་སཕོ་ཊ་ལ། ལི་ཤི་ཁ་ར་ས་མནྟ་བཛྲི་ཎི། ཛཝཱ་ལ་ནེ་ཛཝཱ་ལ་ནེ། ས་མ་སྠ་། གྲེ་ཨ ་གྲ་ཤ་ས་ཀཱ་ནཱཾ། ར་ཎཱ་ར་ཎཱ་།ཧཱུཾ་ཕཊ། བཛྲ་ཨུ་ཏ་མེ་སྭཱཧཱ། །འདི་བཏོན་བཙམ་གྱིས་བགེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་མི་འོང་ངོ། །ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱིས་མི་བཟོད་དོ། །བཟའ་བ་དང་བཏུང་བ་དང་མལ་ཆ་དང་མཆོད་པའི ་ཡོ་བྱད་རྣམས་ཀྱང་སྔགས་ཆུ་འམ་བལྟ་བ་འམ་ཡིད་ཀྱིས་བསྲུང་ངོ། །ཡང་ན་མི་གཡོ་བའི་སྙིང་བོས་དེ་ཐམས་ཅད་བྱའོ། །དེ་ནི་འདི་ཡིན་ཏེ། ན་མ་:ས་མན་ཏ་བཛྲ་ཎཱཾ་ཏྲཱ་ཊ། ཨ་མོ་གྷ་ཙཎྜ། མ་ཧོ་རོ་ཥ་ཎ་སཕོ་ཊ་ཡ་ད། ཧཱུཾ་བྷྲ་མ་ཡ་བྷྲ་མ་ཡ། ཧཱུཾ་མ?། ་ཧཱུཾ་མཱམ་ཨོཾ་བ་ལན་ད་དེ་ཏེ་ཛོ་མཱ་ལི་ནི་སྭཱཧཱ། འདིས་ཁམ་དང་པོ་ལ་ལན་བརྒྱད་སྔགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨན་གྱི་རྒྱལ་པོ་ཉིད་དུ་བསམས་ཏེ་བཟའ་ཨོ། །དུག་གཞིལ་བ་ནི་འདི་ལྟ་སྟེ་།ི་ལི་མི་ད་ཏེ་།ི་ལི་མི་ད་ཏེ། ཨི་ལི་མི་ལི ་མི་ཏ་ཏེ་ཏི་ལི་ཏི་ལི་མིད་ཏེ། དུམ་བེ་དུམ་བེ་།དུ་མ་བཱ་ལི་ཡ། དུམ་ཧེ། དུས་སེ་།ཏ་ག་ཀེ་།ཏ་ཀ་ར་ཎེ་།མ་མ་མེ་མ་མ་རེ་ཎེ་།ཀཥཾཱི་རེ། ཀཤམཱི་ར་མུ་ག་ཏེ། ཨི་ལི་མེ། ཨི་ལ་ཏི་ལི་མེ། ཨ་གྷེ། ཨ་གྷ་ནཱ་གྷ་ནེ། ཨི་ལཱི་ཡེ། ཨི་ལི་ཨི་ལཱི་ཡེ། མི་ལི་མི་ལཱི་ཡེ། ཨ་ག་ཨི་ཡ། ཨ་པ ་ཨི་ཡེ། ཤྭ་ཏེ། ཤྭ་ཏེ་ཏུ་ཎ་ཌེ་། ནཱ་ནུ་ར་ག་ཏེ། ཨ་རུ་རུག་ཀེ་།ཏྲཾ་ཨོཾ། བ་ཤ་ནི་ཀེ་ཏ་ནི་སྭཱཧཱ་།གང་ཞིག་རིག་སྔགས་འདི་ལན་ཅིག་ཐོས་པས་ཀྱང་དེ་ལ་སྦྲུལ་མི་ཟའོ་དེའི་ལུས་ལ་དུག་གིས་མི་ཚུགས་སོ། །སྤྲུལ་གང་དེ་ལ་ཟ་བ་དེའི་མགོ་ཨརྫ་ཀའི་དོག་པ་བཞིན ་དུ་ཚལ་བ་བདུན་དུ་འགས་སོ། །སུ་རིག་སྔགས་འདི་འཆང་བ་དེ་ལ་ཇི་སྲིད་འཆོའི་བར་དུ་སྦྲུལ་མི་ཟའོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ་གསང་སྔགས་ཀྱི་ཚིག་འདི་དག་སྤྲུལ་གྱི་མདུན་དུ་གདོན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་འཆི་བར་འགྱུར་བའི ་ཕྱིར་རོ། །འདི་ལྟ་སྟེ་།ི་ལ་ལ་ཙི་ལ་ལ་།ཙག་ཀོ་བག་ཀོ་།ཀོ་ཌཱ་ཀོ་ཌེ་ཏི། ཀུ་ར་ཌཱ། ཀུ་ར་ཌེ་ཏི། པོ་ཌཱ་བ་ཌེ་ཏི། པུ་རུ་ཎ་།པུ་རུ་ཌེ་ཧེ། མོ་ཏྲ་ཏ། མོ་ཌེ་ཏི། ནི་ཀུ་རུ་ཌཱ། ?་ནི་ཀུ་རུ་ཌེ་ཏི། མུ་ར་ཌཱ། མུ་རུ་ཌེ་ཏི། ནི་མ་མུ་རུ་ཌཱ། ནིམ་མུ་རུ་ཌེ་ཏི། བུ་རུ་ཌེ། ་ཕུད་ཊ་ར་ཧེ། ཕུད་ཊ་ར་ཧེ། ཕུད་ཊ་ད་ཌ་ན་ཌ་ར་ཧེ་།ཕུ་ད་ཊ་ད་ཌ་ན་ཌ་ར་ཧེ། སརྦ་ར་ཧེ་།སརྦ་རྡ་ད་ན་ར་ཧེ་།ད་ཚེ་།ད་ཚལ། ཨད་ཚ་ལེ། ཚ་ལ་བི་ཤ་ཤཱ་ཏེ་།ཤི་ཏ་བང་ཏེ་ལེ་།མ་ཏ་ལེ། ཧ་ལེ་ཧ་ལེ། ཧ་ལ་ཧ་ལ། ཧ་ལ་ལེ། ཨི་ལ་ལེ། ཀེ་བ་ཙ་ལེ། མི་ལ་ལེ། ཏན་ཌི་ཌ ་ན་ཏི། ཏ་ཊ་ཏ་ཊ། སཕུ་ཊ་སཕུ་ཊ། ཕཊ་ཕཊ་སྭཱཧཱ། དགེ་སློང་དག་དེ་ལྟར་ན་དུག་སེལ་གྱིས་འབྱུང་པོ་འདུས་པ་ཐམས་ཅད་ལ་རིག་སྔགས་བརྗོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་ནོ། །གཞན་མ་ཡིན་དེ་བཞིན་ནོ་ཡང་དག་པའོ། །བདེན་པའོ། །མ་ནོར་བའོ ་ཕྱིན་ཅི་མ་ལོག་པའོ། །དུག་འདི་མི་འདུག་པར་གྱུར་ཅིག། སྦྱིན་པར་བྱེད་པའི་གན་དུ་སོང་ཞིག་།འཛིན་པའི་གན་དུ་སོང་ཞིག་མེའི་ནང་དུ་སོང་ཞིག་།ཆུའི་ནང་དུ་སོང་ཞིག། ཐང་ལ་སོང་ཞིག་།ཀ་བའི་ནང་དུ་སོང་ཞིག་།རྩིག ་པའི་ནང་དུ་སོང་ཞིག། ནམ་ཁཱ་ལ་སོང་ཞིག་།སའི་ནང་དུ་སོང་ཞིག་།ཞི་བར་གྱུར་ཅིག་སྭཱཧཱ་།རྐུན་པོ་ལ་སོགས་པ་བཟློག་པའི་ཕྱིར་འོད་ཟེར་ཅན་བཟླས་པར་བྱའོ། །པ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་ད་ཡ་མ་སི་།ནཻ་ར་མ་སི། ཨརྐ་མ་སི། མརྐ་མ་སི། ཨུརྨ ་སི། བནདྷ་མ་སི། གུལ་མ་མ་སེ་།ཙཱི་བ་ར་མ་སི། མ་ཧཱ་ཙཱི་བ་མ་ར་སི་།ནདྷ་རྡྷE?་ན་མ་ན་སི་སྭཱཧཱ། ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག། ལམ་ལོག་པ་ལས་སྐྱོབས་ཤིག་།བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས་ཤིག་།བདག་གྱལ་པོའི་འཇིཌ ་པ་ལས་སྐྱོབས་ཤིག། བདག་རྐུན་པོའི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག་།བདག་གླང་པོ་ཆེའི་འཇིགས་པ་ལས་སྐྱོབས་ཤིག་།བདག་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག། བདག་སྟག་གི་འཇིགས ་པ་ལས་སྐྱོབས་ཤིག། བདག་སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག། བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག་།བདག་ཕྱིར་རྒོལ་བ་དང་གྲོགས་པོ་ངན་པ་ཐམས་ཅད་ལས་སྐྱོབས་ཤིག་།འཁྲུག་པ་དང་མ་འཁྲུག་པ་དང། ཉམས་པ་དང་མ་ཉམས་པ ་དག་ཏུ་ཡང་བདག་ལ་སྲུངས་ཤིག་བདག་ལ་སྲུངས་ཤིག་།འདི་ལྟ་སྟེ། ཨཱ་ལེ་ཏཱ་ལི། ཀོ་ལེ་ཨ་ལེ་།ཀི་ལ་ཨད་ཆིད་ཏེ། བདག་ལ་འཚེ་བ་དང་འཇིགས་པ་དང། ནད་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱཧཱ་།དཀོན་མཆོག་གསུམ་ལ་ཕྱག ་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར་བྱའོ། །འདི་ལྟ་སྟེ། ཨོཾ་བ་ཏཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི་།སརྦ་དུཥྚན་ནི་བཱ་ར་ཡ། བན་དྷ་བན་དྷ་བན་དྷ་མུ་ཁི་ཛམ་བྷ་ཡ་།སྟཾ་བྷ་ཡ་།མོ་ཧ་ཡ་སྭཱཧཱ། ་ཨོཾ་མཱ་རཱི་ཙཡཻ་སྭཱཧཱ། ཨོཾ་བ་ར་ལེ་བ་ད་ལེ། བ་རཱཧ་མུ་ཁི་སརྦ་དུཥྚན། བན་དྷ་བན་དྷ་སྭཱཧཱ། འཇིགས་པ་ཐམས་ཅད་ལས་བསྲུང་བའི་ཕྱིར། རིག་སྔགས་འཆང་བའི་སྡེ་སྣོད་ལས་འབྱུང་བའི་རིག་སྔགས་ཚེ་རབས་མཛའ་ཡས་པ་དྲན་པར་འགྱུར་བའི་རྒྱུ་མཐུ་ཆེ་བ ་ཡི་གེ་ལྔ་བཅུ་རྩ་བདུན་པོ་འདི་ལ་ཡང་སྦྱར་བར་བྱའོ། །འདི་ལ་སྟེ། ཨ་ཊ་ཌ་བ་ཌ་ཊེ་།ན་ཌ་ཌེ། ཀུ་ན་ཌ་ཌེ་།ཊ་ཀེ་ཋ་ཀེ་།ཋེ་ར་ཀེ་ཋ་ཀེ། ཨུ་རུ་མ་ཏི། རུ་རུ་མ་ཏི། །ཏུ་རུ་།ཧི་ལི་མི་ལི། སརྦ་ཉ་ཙ་བི་བ་དགག་།ན་མོ་སབ་བ་སཾ་མ་སཾ་བུད་དྷཱ་ཎཱཾ། སིདྡྷན ་དུ་མེ་མན་ཏྲ་པ་དཱ་སྭཱཧཱ། འདི་ནི་བདག་ལུས་བསྲུང་བ་སྟེ་།སྨན་དང་གོས་ལ་སོགས་བཅས་པས་ཀྱང་སེམས་ཅན་གྱི་དོན་བྱེད་པའི་དྲན་པ་སྔར་བྱས་ལ་བྱའོ། །བདག་ལ་སྲེད་བས་ལོངས་སྤྱོད་ན། ཉོན་མོངས་བཅས་པའི་ལྟུང་པར་འགྱུར་ཞེས་བྱ་བ་ལ་བྱང་ཆུབ ་སེམས་དཔས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏང་བ་དེ་ལ་།གལ་ཏེ་བརྗེད་ནས་གཞན་གྱིས་བདག་གསོ་བའི་སྲེད་པས་སྤྱད་ན་ཉོན་མོངས་པ་ཅན་གྱི་ལྟུང་བར་འགྱུར་རོ། །ཇི་སྟེ་སྲེད་པ་ནི་མེད་ལ་གཞན་ལ་ཆགས་སམ་སེམས་ཅན་གྱི་བྱ་བ ་བརྗེད་ནས་སྤྱོད་ན་ཉོན་མོངས་པ་ཅན་མ་ཡིན་བའི་ལྟུང་བར་འགྱུར་རོ། །གཞན་གྱི་རྫས་སུ་འདུ་ཤེས་ལ་བདག་གི་ཕྱིར་སྤྱོད་ན་བརྐུས་པའི་ལྟུང་བར་འགྱུར་རོ། །རིང་ཐང་ཆེད་ན་སོ་སོར་ཐར་པ་ལས་ཕམ་པར་འགྱུར་རོ། །བདག་པོ་དང་བཅས་པའི་ལོང་སྤྱོད་རྣམས་ཀྱི ་བདག་པོ་དང་བཅས་པའི་ལུས་བསྲུང་ངོ་སྙམ་བས་སྤྱད་ན་ཉེས་པ་མེད་དེ། བྲན་རྟག་ཏུ་རྗེ་བོའི་ལས་བྱེད་པ་གང་གིས་འཚོ་བ་བདག་གི་རྫས་ཡོད་པ་ནི་མ་ཡིན་ནོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། སེམས་ཅན་ཐམས་ཅད་ཀྱི་ཅི་བྱ་བ་ཐོབ ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་བྲན་ལྟ་བུར་བྱའོ་ཞེས་གསུངས་སོ། །ཤིན་ཏུ་རྗེ་བོའི་དོན་ལ་བརྩོན་བའི་བྲན་གྱིས་རྗེ་བོ་ན་བ་ལ་སོགས་པས་རྨྱ་བའི་བློ་ཅན་གྱིས་གནང་བ་མེད་པར་སྤྱད་ཀྱང་ཉེས་པ་མེད་དོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ཐད ་089 ་དུ་འགའ་ཞིག་གི་དེ་ཁོ་ན་མ་རིག་པར་མ་དད་པར་བྱ་བ་མི་རིགས་ཏེ། གཏོང་བའི་སེམས་ངོ་མཚར་ཆེན་པོ་ཅན་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཚུལ་འདི་ལ་ནི་འགའ་ཞིག་གི་ཐེ་ཚོམ་བྱ་བར་མི་རིགས་སོ། །ཐམས་ཅད་བཏང་བ་ནི་བཅོམ ་ལྡན་འདས་ཀྱི་ཞལ་ནས་གསུངས་པས་གོང་དུ་བཤད་པ་ཡིན་ནོ། །དེ་ལྟར་ན་ལུས་བསྲུང་བ་ནི་སེམས་ཅན་གྱི་དོན་ཉིད་དུ་བསྟན་པ་དེ་གསལ་བར་རྟོགས་པར་བྱ་བའི་ཕྱིར་རིགས་པ་འདི་གསལ་བར་བྱས་སུ་ཟད་ཀྱི་རང་གར་བྱས་པ་ནི་མ་ཡིན་ནོ། །བསླབ་བ ་ཀུན་ལས་བཏུས་པ་ལས་ལུས་བསྲུང་བའི་ལེའུ་སྟེ་དྲུག་པའོ།། །།དེ་ལྟར་རེ་ཞིག་ལུས་བསྲུང་བར་རིག་པར་བྱའོ། །ལོངས་སྤྱོད་བསྲུང་བ་བརྗོད་པར་བྱ་སྟེ་།ལེགས་སྦྱང་དག་ལ་བརྩམ་པར་བྱ། །ཐམས་ཅད་ལ་ཡང་ཚོད་རིག་བྱ། ་དེ་ལྟར་བསླབ་པའི་གཞི་འདི་ལས། །དེ་ཡི་ལོང་སྤྱོད་བསྲུང་མི་དཀའ་། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང། ཤིན་ཏུ་བརྟགས་ཏེ་ལས་བྱེད་པ་དང་ལེགས་པར་བྱ་བའི་ལས་བྱེད་བ་ཞེས་བསླབ་པའི་གཞི་གསུངས ་པས་ལོང་སྤྱོད་རྣམས་བཞག་ཉེས་པ་དང་མ་བརྟགས་པ་དང་གཡེལ་པ་བཀག་པ་གྲུབ་པ་ཡིན་ནོ། །ཞི་གནས་ཀྱི་སྐབས་ནས་ཀྱང་ཚོད་ཤེས་པ་དང་རིགས་པ་ཤེས་པ་གསུངས་ཏེ། དེས་ན་གང་འདི་ལོང་སྤྱོད་ཆུང་དུ་དང་དན་པས་ཀྱང་དགོས་པ་འགྲུབ་པ ་བལྟ་ན་བདག་གམ་གཞན་དག་གིས་ཀྱང་རུང་སྟེ་། ལོང་སྤྱོད་མང་པོ་དང་བཟང་པོ་ཆུད་གཟོན་པ་ལ་ཡལ་བར་མི་དོར་པ་དེ་གྲུབ་པ་ཡིན་ནོ། དེ་པས་ན་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང། བུ་དང་ཆུང་མ་དང་བྲན་པོ་དང་བྲན་མོ་དང་ལས་བྱེད ་པ་དང་ཞོ་ཤས་འཚོ་བ་རྣམས་ཡང་དག་པར་ཡོངས་སུ་སྦྱང་པ་ཞེས་གསུངས་ཏེ་།ཅི་ནས་ཀྱང་བདག་དང་གཞན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་ཐོས་པ་ལ་སོགས་པའི་བར་ཆང་དུ་འགྱུར་བའ?་གཏོང་བ་འོམ?་མི་གཏོང་པ་གཉི་ག་མི་བྱའོ། །སེམས་ཅན་ག་ཡི་དོན་མ་ནུས ་@089བ ་བ་ཆེ?་བ་འམ་ནུས་པ་མཚུངས་པའི་བྱང་ཆུབ་སེམས་དཔའ་ཨི་ལྷག་པ་འམ། མཚུངས་པའི་དགེ་པ་བར་ཆད་བྱེད་པའི་གཏོང་པ་དང། མི་གཏོང་པ་མི་བྱ་བ་གྲུབ་པ་ཡིན་ནོ། །འདི་ལས་དགོངས་ནས་།བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་པ་ལས་ཀྱང་བསྟན་ཏེ། ཤཱ ་རིས་སུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་གང་ཡིན་པ་དེས་ཇི་ལྟར་སྦྱིན་བ་སྦྱིན་པར་བྱ། སྦྱིན་པ་ཇི་ཙམ་ཞིག་སྦྱིན་?་བྱ། སྦྱིན་པའི་རང་བཞིན་ཅི་འདྲ་བ་ཞིག་སྦྱིན་བར་བྱ། དེ་བཞིན ་དུ་སྦྱར་ཏེ། ཆོས་སྦྱིན་བ་དང་ཆོས་ཀྱི་སྦྱིན་བདག་ཏུ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀད་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བར། །ཤཱ་རིའི་བུ་རབ་ཏུ་བྱུང་པར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མད་དུ་སྐྱིད་དེ་། ཤཱ་རིའི་བུ་དེ་བཞིན ་གཤེགས་བས་ནི་རབ་ཏུ་བྱུང་པས་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནད་དོ། །དེ་བཞིན་དུ་སྦྱར་ཏོ་། ཤཱ་རིའི་བུ་།གང་གི་ལྷུང་བཟེད་དུ་འོངས་པ་ལྷུང་བཟོད་དུ་རླུང་པའི་རྙེད་བཅོས?་དང་མཐུན་པ་ཆོས་ཀྱི་རྙེད་པར་གྱུར་ན། ངེས་ཚངས་པ་མཆུངས་པར་སྤྱད་པ ་རྣམས་དང་ཐུན་མོང་དུ་བཟའ་བར་བྱའོ། །གལ་ཏེ་ལ་ལ་ཞིག་འོངས་ནས་ལྟུང་བཟེད་དམ་ཆོས་གོས་སློང་ལ། གལ་ཏེ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ་?་བར་གྱུར་ན་ཇི་ལྟར་བཏང་སོ་བཞིན་དུ་སྦྱིན་པར་བྱའོ། །གལ་ཏེ་དེ་ཆོས་གོས ་ཉུང་བར་གྱུར་ན་གང་ལ་བརྟེན་ཏེ་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ་བཏང་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །དེ་བཞིན་གཤེགས་པས་ཆོས་གོས་གསུམ་བཏང་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔས་ཆོས ་གོས་གསུམ་ཡོངས་སུ་བཏང་སྟེ་།སློང་པ་པོ་གཙོ་བོར་བྱེད་པར་གྱུར་ན་དེས་འདོད་པ་ཆུང་བ་བསྟན་པ་མ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔས་གང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ངས་ཆོས་ལ་བསྟེན་པར ་བྱ་སྟེ། དེས་དེ་ལ་མངོན་པར་བརྩོན་པར་བྱའོ། །གཞན་དུ་ན་སེམས་ཅན་གཅིག་བསྡུ་བའི་ཕྱིར་སེམས་ཅན་གྱི་ཆོ་གས་ཆེན་པོ་དང། །སེམས་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའ་ཨི་བསམ་པ་ཡོངས་སུ་སྤྱད་པར་བྱ་བའི་བར་ཆད་དུ་བྱས་པས་།དོན་ཆེན ་པོ་དམ་པར་བྱས་པར་འགྱུར་རོ། །དེ་བས་ན་དགེ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤངས་བས་མ་བསྲུངས་པ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལྟར་རེ་ཞིག་གཏོང་བ་བཀག་གོ་།མི་གཏོང་བ་དགག་པ་ནི། འཕགས་པ་བློ་གྲོས་རྒྱ་མཆོས་ཞུས་པའི་མདོ་ལས་ཀྱང ་ཐེག་པ་ཆེན་པོའི་བར་དུ་གཅད་པའི་རྙེད་པ་མང་པོ་ཇི་སྐད་གསུངས་པ་ལྟ་བུའོ། །བདག་གིས་ཆོ་གར་བསྟན་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔས་གཞན་ལ་ཡང་སྒྲུབ་པར་བྱའོ་ཞེས་བྱ་བར་ཅི་མངོན་ཞེ་ན། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པའི ་མདོ་ལས་བསྟན་པའི་ཕྱིར་ཏེ་།གཞན་གྱི་བྱ་བ་བྱ་ཞིང་རང་གི་བྱ་བ་ཡོངས་སུ་བཏང་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་སྐད་དུ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང། འཁོར་བའི་འཇིགས་པས་སྐྲག་པས་ཅི་ལ་བརྟེན་པར་བྱ། །སྨྲས ་པ། འཇམ་དཔལ་འཁོར་བའི་འཇིགས་པས་སྐྲག་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆེ་བ་ཉིད་ལ་བརྟེན་པར་བྱའོ་སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་དེ་ལྟར་གནས་པར་བྱ། སྨྲས་པ་།སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས ་པར་འདོད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་བྱའོ། །སྨྲས་པ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་འདོད་པས་གནས་པས་གང་དུ་གནས་པར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་གནས་པར་བྱ ་པའི་བར་དུ་གསུངས་སོ། །དེ་སྐད་དུ་ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད་བྱང་ཆུབ་པར་འཆལ་བར་བགྱི་སྟེ་བདག་ཉད་ནི་མ་ལཌ ་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ་ཞེས་བྱ་བའི་བར་དུ་གསུངས་སོ། །གཏད་བས་དེའི་རང་གི་དོན་བྱ་བ་མེད་པར་གྲུབ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་དོན་ཉམས་པས་འཇིགས་པའི་ཕྱིར་སྐལ་པ་མེད་པའི་སེམས་ཅན ་ལ་རང་གི་ཁུར་ཁས་འཆེ་བར་མི་བྱེད་དོ། །གང་དུ་སེམས་ཅན་གྱི་དོན་ཉམས་པར་མ་མཐོང་བ་དེར་རང་གི་བྱས་སམ་གཞན་གྱི་འགྲོ་བ་ལ་ཕན་པར་སྤྱད་པར་བྱེ་བྲག་ཅི་ཡོད་ན་། དེ་བྱང་ཆུབ་སེམས་དཔའ་གཞན་གྱི་དགེ་བ་གྲུབ་པའི་ཕྱིར། རང་གི་དགེ་བ་མི་འདོད་།ཅི་སྟེ ་བདག་ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ན་ཅིག་ཤོས་ཀྱང་སྡུག་བསྔལ་དེ་ཉིད་ཀྱིས་འཇིགས་སོ། །ཇི་སྟེ་དེ་སྡུག་བསྔལ་བས་བདག་ལ་གནོད་པ་མེད་དོ་སྙམ་དུ་ཡལ་བར་འདོད་ན་གོང་དུ་སྨོས་པའི་མདོ་རྣམས་ལས་འབྱུང་བ་བཞིན་ཉེས་པ་དང་བཅས་པར་འགྱུར་རོ།། ་ཡང་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པའོ་ཞེས་བྱ་བ་ལས་བརྩམས་ཏེ། བདག་གིས་བདེ་བ་དོན་དུ་གཉེར་པ་ཡིན་ཏེ་སེམས་ཅན་གྱི་སྡུག་བསྔལ་བསལ་བ་དོན་དུ་གཉེར་བ་མ་ཡིན་པའོ། ། ་ཞེས་གསུངས་སོ། །དེ་ལྟ་བས་ན་དྲག་ཤུལ་ཅན་གྱིས་ཞུས་པའི་ཚུལ་ལྟར་སྔ་མ་བཞིན་དུ་བདག་ལ་སྨད་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་འདི་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། འཕགས་པ་བརྩོན་པ་མེད་ཀྱིས་ཇི་སྐད་བསྟན་པ་ལྟ་བུ་སྟེ། རིགས ་ཀྱི་བུ་སྒྲུབ་པ་ལ་གནས་པར་ཇི་ལྟར་རིགས་པར་བྱ། སྨྲས་པ། གང་སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པའོ། །སྨྲས་པ། སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པ་ཇི་ལྟ་བུ་།སྨྲས་པ་།གང་སེམས་ཅན་རྣམས་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་མི་འདོར ་པའོ། །རབ་འབྱོར་གྱིས་སྨྲས་པ་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་གང་ཡིན། སྨྲས་པ། གང་ལུས་དང་སྲོག་དང་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་ལན་དུ་ཕན་འདོགས་པར་རེ་བ་ཡང ་མེད་པའོ། །སྨྲས་པ་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་གང་ཡིན་།སྨྲས་པ་།གང་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད་བྱང་ཆུབ་པར་འདོད་ཀྱི་བདག་ནི་མ་ཡིན་པའོ་ཞེས་བྱ་བའོ། །ཡང་དེ་ཉིད་ལས་།སྙིང་རྗེ་ཆེན་པོ་ནི་བང་ཆུབ ་སེམས་དཔའ་བསླབ་པ་ཐམས་ཅད་ཀྱི་རྩ་བའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་དོན་དུ་གཉེར་བ་གང་ཡང་རུང་བས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་ན་།གང་གིས་སྦྱིན་པ་པོ་ཡོན་གནས་ཆེན་པོས་དོན་ཆེན་པོ་སྦྱིན་པ་ལས་བསོད་ནམས ་ཀྱི་རྒྱ་མཚོ་ཕུང་པོ་ཆེན་པོ་སྣང་བར་འགྱུར་བ་འདི་ནི་གདོན་མི་ཟ་བར་བཅོཾ་ལྡན་འདས་ཀྱིས་བཟློག་པར་བྱ་བ་མ་ཡིན་པ་དང། གདོན་མི་ཟ་བར་བསྟན་ཏོ་ཞེས་བྱ་བ་ཡང་ངེས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཕོངས་པས་འཆིང་བ་འབའ་ཞིག་ཏུ་ཟད་དོ། །རབ་ཏུ་ཞི་བ་རྣམ་པར ་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་།རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལོ་སྟོང་གི་འགོད་པ་གང་ཡིན་པ་དེ་དག་ཐམས་ཅད་བསྡོམས་ཏེ། དགེ་སློང་གཅིག་ལ་བྱིན་པར་གྱུར་ཅིག་།དེ་བཞིན་དུ་ཐམས་ཅད་དགེ་སློང་ཐམས་ཅད་ལ་སོ་སོར་བྱིན་པར་གྱུར་ལ། གང་ཡང ་ལུང་འབོག་པ་དང་ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གུས་པ་དང་བཅས་པ་ཆོས་འདོད་པ་ཞིག་གིས་དང་པས་བྱིན་པ་ཆེན་པོ་ལ་འོས་པ་བླངས་ཏེ། འདི་ལྟར་སྦྱིན་པ་འདིས་བདག་གིས་ཆོས་ཡོངས་སུ་བཙལ་བ་བརྩམ་མོ་སྙམ་དུ་སེམས་བསྐྱེད་ན། ་དགེ་བའི་རྩ་བ་འདི་ལ་བཏང་བར་བྱ་བའི་ཆོས་ཡོངས་སུ་བཏང་བ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་གང་བསྟན་པ་ནི་ཁྱིམ་གྱི་བདེ་བ་ལ་ཆགས་པའི་དབང་དུ་བྱས་ནས་གསུངས་པ་སྟེ་།སྔར་བསྟན་པའི་ཚུལ་གྱིས་ཉེས་པ་ཅི་ཡང་མེད་དོ། །ལོང་སྤྱོད་སྲུང་བ ་མདོ་ཙམ་བསྟན་ཟིན་ཏོ། །བསོད་ནམས་བསྲུང་བ་བརྗོད་པར་བྱ་སྟེ། དེ་ལ། །རང་དོན་རྣམ་སྨིན་སྲེད་སྤངས་པས། དགེ་བ་ཀུན་ཏུ་བསྲུངས་པར་འགྱུར། །སྲེད་མེད་ཀྱི་བུས་ཞུས་པ་ལས་ཇི་སྐད་དུ། དེ་རྒྱལ་སྲིད་ཀྱི་ཕྱིར་ཁྲིམས?་མི་སྲུང། མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ ་ཕྱིན་གྱི་ཕྱིར་མ་ཡིན་།ཚངས་པའི་ཕྱིར་མ་ཡིན། ལོངས་སྤྱོད་ཀྱི་ཕྱིར་མ་ཡིན། དབང་ཕྱུག་གི་ཕྱིར་མ་ཡིན་། གཟུགས་ཀྱི་ཕྱིར་མ་ཡིན་།ཁ་དོག་གི་ཕྱིར་མ་ཡིན་བསྙན་པའི་ཕྱིར་མ་ཡིན་ནོ། །དེ་བཞིན་དུ་སྦྱར་རོ། །དམྱལ་བའི་འཇིགས་པས་འཇིགས་པས་ཚུལ ་ཁྲིམས་སྲུང་བ་མ་ཡིན། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱིས་འཇིགས་སྐྲག་པས་ཚུལ་ཁྲིམས་བསྲུང་བ་མ་ཡིན་ཏེ་།གཞན་དུ་ན་སངས་རྒྱས་ཀྱི་རྩུལ་ལ་དགོད་པའི་ཕྱིར་ཚུལ་ཁྲིམས་བསྲུང་བ་ནས་སེམས་ཅན་ཐམས་ཅད་ལ་ཕན ་པ་དང་བདེ་བ་དང་གྲུབ་པ་དང་བདེ་བ་དོན་དུ་གཉེར་བས་ཚུལ་ཁྲིམས་བསྲུང་ངོ། །ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་བཅུ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་འཁོར་ལོས་སྒྱུར་བའི ་རྒྱལ་སྲིད་པས་ཡོངས་སུ་མི་ཉམས་ཏེ་དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་ཡིན། བརྒྱ་བྱིན་ལས། ཡོངས་སུ་མི་ཉམས་ཏེ་དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་དང། སངས་རྒྱས་མཐོང་བར་འདོད་པ་ཡིན་།དེ་བཞིན་དུ་ཆངས་པ་དང། སངས་རྒྱས་མཐོང ་བ་མི་ཕྱེད་པ་ཐོབ་པ་དང། ཆོས་ཉན་པ་ལས་ཡོངས་སུ་མི་ཉམས་པ་ནས་ཇི་ལྟར་ཐོས་པའི་ཆོས་བསྒྲུབ་པ་ལ་ནན་ཏན་བྱེད་པ་དང་།བྱང་ཆུབ་སེམས་དཔའ་ཨི་ཡི་དམ་གྱི་བར་ལས་ཡོངས་སུ་མི་ཉམས་པ་དང། སྤོབས་པ་རྒྱུན་མི་འཆེད་པ་དང། དགེ་བའི་ཆོས་ཐམས་ཅད་དོན་དུ ་གཉེར་བ་དང། བསམ་གཏན་ལས་ཡོངས་སུ་མི་ཉམས་པའོ། །དེ་བཞིན་དུ་སྦྱར་ཏེ་།དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པཻན། གནོད ་སྦྱིན་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། དྲི་ཟ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཡིན། ཀླུའི་དབང་པོ་དང་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱིས་རྟག་ཏུ་བརྗོད་པ་ཡིན། བྲམ་ཟེ་དང་རྒྱལ་རིགས་དང་ཆོད་དཔོན་དང་ཁྱིམ་བདག་རྣམས་ཀྱི་རྟག་ཏུ་གསོལ ་བ་ཡིན། མཁས་པ་རྣམས་ཀྱི་རྟག་ཏུ་འགྲོ་བར་བྱ་བ་ཡིན། སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན་།ལྟ་དང་བཅས་པའི་འཇིག་རྟེན་གྱིས་སྟོན་པ་དང་མཚུངས་བར་བཀུར་བ་ཡིན། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཡིན་ནོ། །དེ་བཞིན་དུ ་སྦྱར་རོ། །འགྲོ་བ་བཞིར་མི་འགྲོ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ་།སེམས་ཅན་ཡོངས་སུ་སྨིན་བར་བྱ་བ་མ་གཏོགས་པར་མི་ཁོམ་པའི་འགྲོ་བར་མི་འགྲོ་བ་དང། སངས་རྒྱས་མེད་པའི་ཞིང་གིས་འགྲོ་བར་མི་འགྲོ་བ་དང། ལོག་པར་ལྟ་བ་ཅན་གྱི་རིགས་སུ་སྐྱེ་བའི ་འགྲོ་བར་མི་འགྲོ་བ་དང། ངན་འགྲོའི་འགྲོ་བ་ཐམས་ཅད་དུ་མི་འགྲོ་བའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་སྔར་བཏང་བའི་བསོད་ནམས་ཉོན་མོངས་པའི་དབང་གིས་ཡང་ལེན་པ་བསྲུང་བར་བྱའོ། །བསོད་ནམས་བྱིན་བའི་བསོད་ནམས་གང་ཡིན་པ ་དེ་ལས་གཞན་གྱི་དོན་ལས་མ་གཏོགས་པ་རྣམ་པར་སྨིན་པ་མི་འདོད་པར་བྱའོ། །གཞན་ཡང་བསོད་ནམས་བསྲུང་བར་འདོད་པས་། འགྱོད་པར་ཡང་ནི་མི་བྱ་སྟེ། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཇི་སྐད་དུ་།བྱིན་ནས་འགྱོད་པའི་སེམས ་བསྐྱེད་པར་ནི་མི་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། མཇུག་མཐུ་ཆུང་བར་བྱས་པས་མཐུ་ཆུང་བར་འགྱུར་ཏེ། འགྱོད་པས་སྡིག་པ་ཟད་པ་བཞིན་དུ་བསོད་ནམས་ཀྱང་ཟད་པར་འགྱུར་བར་དགོངས་པའོ། །བྱས་པར་གྱུར་ཀྱང་བསྒྲག་མི་བྱ། བཅོམ་ལྡན ་འདས་ཀྱི་རྣམ་གྲངས་དུ་མར་དགེ་བ་མི་བྱམས?་པ་དང། སྡིག་པ་བཤགས་པ་གསུངས་སོ། །དེ་ལ་ཡིད་མི་བདེ་བའི་ཕྱིར་སྡིག་པ་ནི་བཤགས་པས་ཟད་པར་འགྱུར་རོ། །བསོད་ནམས་ནི་དེ་ལྟར་ཟད་པར་མི་འགྱུར་ཏེ་ཡིད་བདེ་བའི་ཕྱིར་ཡང་མི་ཟད་དེ། སེམས་ཅན ་གྱི་དོན་གྱི་ཕྱིར་ཟང་ཟིང་མེད་པའི་སེམས་ཀྱིས་བསྒྲགས་པ་ནི་ཉེས་པ་མེད་དེ་།དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། སྨན་པའི་དབེས་བདག་ལ་བསྟོད་པ་ཉེས་པ་མེད་པར་བསྟན་པ་ལྟ་བུའོ། །ཡང་བསོད་ནམས་བསྲུང་བར་འདོད་པས། རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང། ་ཁེངས་བརྟག་ཏུ་སྤང་བར་བྱ་། བྱང་ཆུབ་སེམས་དཔར་དང་བྱ་ཞིང། །ཆོས་ལ་ཡིད་གཉིས་སྤང་བར་བྱ། །འདི་ནི་དཀོན་མཆོག་བརྩབས་པ་ལས། འོད་སྲུངས་བྱང་ཆུབ་སེམས་?་དཔའ་ཆོས་བཞི་དང་ལྡན་པའི་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར ་འགྱུར་ཏེ་དགེ་བའི་ཆོས་དེ་དག་གི་རྒྱས་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མངོན་པའི་ང་རྒྱལ་གྱིས་འཇིག་རྟེན་རྒྱད་པ་ན་པའི་གསང་ཚིགས་ཆོལ་བ་དང། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པས་ཁྱིམ་ལ་ལྟ་བ་དང། བྱང་ཆུབ་སེམས་དཔའ་ལ་རྣམ ་པར་ལྡང་ཞིང་སྐུར་པ་འདེབས་པ་དང། མཐོས་པ་དང་མ་ཟིན་པའི་མདོ་སྡེ་རྣམས་སྤོང་བ་ཞེས་བསྟན་ཏོ། །འབགས་པ་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་གཞུང་ལས་ཀྱང། དགེ་སློང་དག་དགེ་སློང་གི་འདི་ལྟར་སྐ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱི ་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟ་ལགས་སོ། །དགེ་སློང་དག་དགེ་སློང་འདིS་ས་ཇི་ཙམ་ཞིག་ནོན་པའི་འོག་དཔག་ཚད་བརྒྱད། བྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་།དགེ་སློང་འདིས་འཁོར ་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འབྱུང་དུ་ཡོངས་སུ་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ནས། དེ་ནས་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་དགེ་སློང ་དགེ་བའི་རྩ་བ་དེ་ལྟ་བུར་ཆེ་བར་གསུངས་ན།། བཅོམ་ལྡན་འདས་དགེ་བའི་རྩ་བ་དེ་དག་གང་བསྲབས་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར། ཉེ་བར་འཁོར་ཇི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་བྱུང་བ་དང་རྨས་པར་བྱས་པ་དེ་ལྟ་བུ་ནི་ངས་མ་མཐོང་སྟེ་ ་093 ་ཉེ་བར་འཁོར་དེས་དགེ་བའི་རྩ་བ་ཆེན་བོ་འདི་དག་བསྲབས་པ་དང་ཡོངས་སུ་བྱང་བ་དང་ཡོངས་སུ་ཟད་པར་འགྱུར་རོ། །ཉེ་པར་འཁོར་དེ་ལྟ་པས་ན་ཅི་ནས་འགལ་བ་ལ་ཡང་སེམས་ཀྱིས་གནོད་པར་མི་བྱ་ན་རྣམ་བར་ཤེས་པ་དང་བཅས་པའི་ལུས་ལྟ ་སྨོས་ཀྱང་ཅི་དགོས་ཞེས་འདོན་ཏོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་བ་བརྒྱར་བསགས་པའི་དགེ་པའི་རྩ་བ་འཛོམས་བས་དེའི་ཕྱིར་ཁོང་ཁྲོ་བ་ཞེས་གསུངས་སོ། །འཕགས་པ་སྡོང་པོ་བཀོད ་བའི་མདོ་ལས་།མཚན་མོའི་ལྷ་མོ་སེམས་ཅན་ཀུན་སྐྱོབ་པའི་དཔལ་གྱིས་སྔོན་གྱི་རྟོགས་པ་བརྗོད་པ་བསྙད་པ་ལས་ཀྱང་།དེ་དག་ཕན་ཚུན་བརྙས་པའི་མི་དགེ་བའི་རྩ་བ་འདུས་པས་ཚེའི?་ཚད་ལས་ཀྱང་ཉམས་བར་འགྱུར་། ཁ་དོག་དང་སྟོབས་དང་བདེ་བ་ལས ་ཀྱང་ཡོངས་སུ་ཉམས་པར་འགྱུར་ཞེས་གསུངས་སོ། །འདིར་ནི་བརྒྱ་ལམ་ན་ཡང་ཁེངས་བར་མི་བྱའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རྟག་ཏུ་ཞེས་བརྗོད་དོ། །རྙེད་པ་དང་བསྐུར་སྟི་ནི་ཇི་སྟེན་ཁས་བླང་བར་བྱ་སྟེ་།དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། དེ་ལ་བྱང་ཆུབ ་སེམས་དཔས་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་ཐོབ་ན་ཡང་ལེན་ཏོ། །དངོས་པོ་རན་པ་ཞིག་ཐོབ་ན་ཡང་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན་དེ་འདི་ལྟར་སེམས་ཏེ་སེམས་ཅན་འདི་དག་ནི་སེར་སྣ་ཅན་བརྐམ་པ་འདོད་པས་བཀོལ་པ་འཇུངས་པ་ཡིན་ཏེ། རྒྱུ་དེ་དང་རྐྱེན ་དེ་དང་གཞི་དེས་ཆུའི་ཕུང་པོ་ཆེན་པོས་ནོན་པ་བཞིན་དུ་འཁོར་བའི་རྒྱ་མཚོར་འབྱུང་ནུབ་བྱེད་པ་དེ་དག་ལ་ཡུན་རིང་པོར་དོན་དང་ཕན་པ་དང་བདེ་བར་འགྱུར་རོ་སྙམ་སྟེ་།དེ་བླངས་ནས་བདག་གིར་མི་བྱེད་ཆགས་པའི་སེམས་མི་བསྐྱེད་དོ། །གཞན་དུ་ན་སེམས་ཅན ་ཐམས་ཅད་དང་ཐུན་མོང་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཡང་བྱ་བ་བྱེད་དོ། །སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཡང་ཕན་པར་འདོད་དོ། །སྦྱིན་པའི་བདག་པོ་དེ་ཡང་གཟེངས་བསྟོད་པ་དང་ཤིན་ཏུ་དགའ་བར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ།། ་@093བ ་དེ་བཞིན་དུ་དེ་ཉིད་ལས་།སྦྱིན་པ་དེས་ཁེངས་པར་ཡང་མི་འགྱུར་ཞེས་གསུངས་སོ། །ཡང་དེ་ཉིད་ལས་།གལ་ཏེ་ཡང་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ཞིག་བྱུང་ཡང་ངེས་ཁེངས་པར་མི་འགྱུར་ང་རྒྱལ་མི་སྐྱེ་རྒྱགས་པ་མི་སྐྱེ་སྟེ ་དེ་འདི་སྙམ་དུ་སེམས་ས། །རིང་པོར་མི་ཐོགས་པར་གྲགས་བ་དང་སྒྲ་དང་ཆིགས་སུ་བཅད་པ་འདི་སུ་ལ་ཉེ་བར་གནས་པ་དང། སུ་དག་གིས་ཉེ་བར་གནས་པར་བྱས་པ་དང། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་གང་ཞིག་ཉེ་བར་གནས་པ་འདི་གསུམ་གང་ཡང ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་ན་དེ་ལ་མཁས་པའི་རང་བཞིན་ཅན་སུ་ཞིག་མི་རྟག་ཅིང་མི་གནས་པའི་ཆོས་མི་བརྟན་པ་ཡིད་བརྟན་དུ་མི་རུང་བ་དག་ལ་དགའ་བའི་སེམས་བསྐྱེད་པ་འམ། ཁེངས་པར་འགྱུར་བ་འམ། ང་རྒྱལ་དང་རྒྱགས་པས་དྲེགས་པར ་འགྱུར་སྙམ་སྟེ་།དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་དང་བཀུར་སྟི་དང་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་རྣམས་ལ་དྲན་བ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ་ཞེས་གསུངས་སོ། །གཞན་ཡང་དམན་པའི་ཡིད་ཀྱིས་གདོལ་བུ་ལྟ་བུར་འཇིག་རྟེན་ན་སྤྱོད་བ་ཡིན། ་རྟག་ཏུ་རྒྱུན་མི་འཆད་པར་བསོད་སྙོམས་སློད་པའི་འདུ་ཤེས་ཉེ་བར་བཞག་པས་དམན་ཞིང་དམན་པའི་ཡིད་ཀྱི་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་དང་བྲལ་བ་རྣམས་ཡིན་ནོ་ཞེས་གསུངས་སོ། །ཡང་གསུངས་བ། །རིག་སྐྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ་རབ་ཏུ་བྱུང་ནས་བདག་གི་གྲོགས་པོ་དང་བློན་པོ་དང་གཉེན་གཤེགས་དང་སྣག་གི་གཉེན་མཚམས་ལ་ཤི་པ་དང་འདྲའོ་ཞེས་ང་རྒྱལ་བཅོམ་པ་ཡིན་།བདག་གི་གཟུགས་མི་སྡུག་པར་ཁས་བླངས་ཤིང་བདག་གི་གོས?་ཁ་དོག་མི་སྡུག ་པ་བགོས་ཏེ་ཚུལ་གཞན་དུ་བསྒྱུར་རོ་ཞེས་ང་རྒྱལ་བཅོམ་བ་ཡིན། སྤྲད་པོའི་རྒྱུ་སྤྲང་པོའི་ཕྱིར་མགོ་བྲེགས་ཤིང་ལག་ན་ལྷུང་བཟེད་ཐོགས་ནས་གྲོང་ནས་གྲོང་དུ་འགྲོའོ་ཞེས་ང་རྒྱལ་བཅོམ་པ་ཡིན་།གདོལ་བུ་དང་འདྲ་བར་དམའ་བ་དམའ་པའི་སེམས་ཀྱི་བསོད་སྙོམS ་ཀྱི་ཕྱིར་འགྲོའོ་ཞེས་ང་རྒྱལ་བཅོམ་པ་ཡིན་།བདག་ནི་བསོད་སྙོམས་པ་སྟེ་བདག་གི་འཚོ་བ་གཞན་ལ་རག་ལུས་སོ་ཞེས་ང་རྒྱལ་བཅོམ་པ་ཡིན། བརྙས་པའི་བསོད་སྙོམས་ངན་དོན་ལེན་ཏོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག ་གིས་སློབ་དཔོན་དང་བླ་མ་དང་སྦྱིན་པའི་གནས་རྣམས་མཉེས་པར་བྱ་དགོས་སོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་ཚངས་པ་མཚུངས་བར་སྤྱོད་པ་རྣམས་ལ་འདི་ལྟ་སྟེ་ཆོ་ག་དང་སྤྱོད་ཡུལ་དང་ཀུན་སྤྱོད་པ་དེ་དང་དེས་མགུ་བར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན། ་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན། སེམས་ཅན་ཁྲོས་པ་དང་གནོད་སེམས་རྣམས་ཀྱིས་ནང་ན་བཟོད་པ་མང་བར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན་ནོ་ཞེས་གསུངས་སོ།། །།བམ་པོ་བདུན་པ། །འཕགས ་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང། དེ་ལུས་ཡོངས་སུ་དག་པ་ཡིན་ཏེ། ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང། བསོད་ནམས་ཀྱི་རྒྱུ་མཐུན་པའི་ཤིན་ཏུ་རྣམ་པར་ཕྱེ་བ་དང། དབང་པོ་མཚང་བ་མེད ་བ་དང། ཡན་ལག་དང་ཉིད་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཡང། གཟུགས་ཀྱི་རྒྱགས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ། །དེ་ཆོས་གཟུང་བར་བྱ་བའི་ཕྱིར་སེམས་ཅན་ཅི་ཙམ་དུ་དམན་པ་གཟུགས་མ་ཚང་བ་རྣམས ་ལ་ཡང་འདུད་དོ་རབ་ཏུ་འདུད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ། །དེ་གཞོལ་བའི་སླད་དུ ་ཆུ་ཀླུང་ཐམས་ཅད་དང་ཆབ་མིག་དང་འབབ་ཆུ་ཐམས་ཅད་ཚོགས་ཆུང་དུས་དེར་འབབ་བོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ་བླ་མ་དང་སྦྱིན་གནས་ལ་གུས་བ་ལ་ཡང་ཚེགས་ཆུང་དུས་ཆོས་ཟབ་མོའི་སྒོ?་རྣམས་རྣ་བའི ་དབང་བོ་ལ་གྲག་པར་འགྱུར་ཞིང་དྲན་པ་ལ་ཡང་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ང་རྒྱལ་གྱིས་རེངས་པར་གྱུར་ཏེ་།བླ་མ་དང་སྦྱིན་གནས་རྣམས་ལ་ཀུན་དུ་མི་འདུད་ཅིང་འདུད་པར་མི་བགྱིད་ལ་རབ་ཏུ ་མི་འདུད་ན། བཅོམ་ལྡན་འདས་ཀྱེ་མའོ་བྱང་ཆུབ་སེམས་དཔའ་འདི་ནི་ང་རྒྱལ་གྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱིའོ་ཞེས་གསུངས་སོ། །འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང། ཀྱི་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ད ་རྒྱལ་གྱི་ལས་སོ། །བཅུ་གང་ཞེ་ན་།འདི་ལྟ་སྟེ་།བླ་མ་དང་སྦྱིན་གནས་དང་སློབ་དཔོན་དང་ཕ་མ་དང་དགེ་སྤྱོད་དང་བྲམ་ཟེ་དང་ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ལ་མི་གུས་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་སྨྲ་བ་དང། ཁྱད་པར་ཅན་གྱི་ཆོས ་ཁོང་དུ་ཆུད་པ་དང། ཆོས་རྒྱ་ཆེན་པོ་སྟོན་པ་དང་ཐག་པ་ཆེན་པོ་ལ་ཞུགས་པ་དང་འབྱུང་བའི་ལམ་གྱི་ཚུལ་ཤེས་པ་དང་གཟུངས་དང་མདོ་སྡེ་ལ་ཤིན་ཏུ་བྱང་བ་རྣམས་ལ་མི་འདུད་དེ། ཁེངས་ཤིང་འགྱིད་ལ་ཆོས་དང་ཆོས་སྨྲ་བ་ལ་གུས་ལ་མི་སྐྱེད་ཅིང་སྲིད་ཞུ་དང་ཞེས་མི ་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །ཆོས་མཉན་པ་དང་ཡང་དག་པའི་གཏམ་བྱ་བར་འདུག་པ་ན། ཆོས་ཀྱི་ཤུགས་རྒྱ་ཆེན་པོ་སྐྱེས་ཀྱང་ལ་ལ་ཞིག་འདི་ལ་དད་པ་སྐྱེས་པར་འགྱུར་དུ་འོང་སྙམ་སྟེ་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་བར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །མངོན ་བའི་ང་རྒྱལ་བསྐྱེད་ནས་བདག་གཟེངས་བསྟོད་ཅིང་ཕ་རོལ་ཁྱད་དུ་གསོད་པ་དང་བདག་ཤེས་པ་ལ་མི་འཇུག་ཅིང་སེམས་ཀྱི་ངེས་བར་སེམས་པ་མི་སྐྱེད་པ་ནི་ང་རྒྱལ་གྱི་ལས་སོ། །ལྷག་པའི་ང་རྒྱལ་བསྐྱེད་ནས་ཤས་ཤིང་རྟོགས་བཞིན་དུ་བསྔགས་པར་འོས་པའི་གང ་ཟག་རྣམས་ཀྱི་བསྔགས་པ་འཆབ་པ་དང་མི་སྙན་བར་བརྗོད་ཅིང་གཞན་གྱི་ཡོན་ཏན་བསྔགས་པས་ཡིད་མི་དགའ་བར་འགྱུར་བ་ནི་ང་རྒྱལ་གྱི་ལས་སོ། །འདི་ནི་ཆོས་སོ་འདི་ནི་འདུལ་བའོ་འདི་ནི་ཡང་དག་བར་རྫོགས་པའི་སངས་རྒྱས་སྐྱི་བཀའ་ཡིན་ནོ་ཞེས་བྱ་བར་ཡང་ཤེས ་ལ། གང་ཟག་ལ་ཞེ་སྡང་ཞིང་ཆོས་ལ་ཞེ་སྡང་བ་དང་དམ་པའི་ཆོས་སྤོང་བ་དང་གཞན་དག་ཀྱང་རྩོད་དུ་འཇུག་ཅིང་ལྡོག་པར་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །སྟན་མཐོན་པོ་འདོད་པ་དང་གཅེས་ཏེ་ལས་སུ་མི་བསྐོ་བའི་ཆོས་ཆོལ་བ་དང་གཞན་གྱི ་རིམ་གྲོ་བྱ་བར་སྡོད་ཅིང་མངོན་པར་དགའ་བ་དང་གནས་བརྟན་རྒན་པོ་ཚངས་བར་སྤྱོད་པ་ཡུན་རིང་དུ་སྤྱད་པ་རྣམས་ལ་མི་ལྡང་ཞིང་མི་བསུ་བ་དང་བསྙེན་བཀུར་མི་བྱེད་པ་ནི་ང་རྒྱལ་གྱི་ལས་སོ། །བཞིན་ཁྲོ་གཉེར་ཅན་དུ་བྱས་ཤིང་མི་འཛུམ་པ་དང། ཚིག་འཇམ ་ཞིང་མཉེན་པ་མེད་ལ་རྟག་ཏུ་ཁེངས་པའི་སེམས་ཀྱི་གླགས་བལྟ་སྐབས་ཆོལ་བ་ནི་ང་རྒྱལ་གྱི་ལས་སོ། །མངོན་པའི་ང་རྒྱལ་ཅན་དུ་ལྷུང་ཞིང་མཁས་པའི་གན་དུ་མི་འགྲོ་མི་བསྙེན་མི་བརྟེན་བསྙེན་བཀུར་མི་བྱེད་ཡོངས་སུ་མི་འདྲི་ཞིང་དགེ་བ་ནི་ཅི་མི་དགེ་བན་ཅོ། ཅི་བྱས་ན་ཡུན་རིང་པའི་དོན་དང ་ཕན་བ་དང་བདེ་བར་འགྱུར་།ཅི་བྱས་ན་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་མི་བདེ་བར་འགྱུར་ཞེS་མི་འདྲི་སྟེ། དེ་རྨོངས་པ་ལS་ཆེS་རྨོངས་བར་གྱུར་ནས་གཏི་མུག་གི་བློང་ཞིང་ང་རྒྱལ་གྱི་བརྒྱལ་ཏེ་འབྱུང་བ་མི་མཐོང་བ་ནི་ང་རྒྱལ་གྱི་ལས་སོ། །མངོན་པའི་ང་རྒྱལ་གྱི་ཟིལ་གྱིས་ནོན་པས་སངས ་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་དང་སྔོན་གྱི་དགེ་བའི་རྩ་བ་ཟད་པར་བྱེད་པ་དང་གསང་དུ་མི་སྐྱེད་པ་དང། བཤད་པར་མི་བྱ་བ་འཆད་པ་དང་འཐབ་མོ་བྱེད་ཅིང་རྩོད་པ་མང་བར་འགྱུར་ཏེ། འདི་ལྟ་བུའི་ཆོས་ལ་གནས་པས་འདོད་རྒྱལ་ཆེན་པོར་ལྷུང་བའི་གནས་སུ ་གྱུར་ཀྱང། བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་སྐྱེད་པས་དབང་ཕྱུག་ཐོབ་པར་འགྱུར་ཡང། དེས་བསྐལ་པ་བརྒྱ་སྟོང་དུ་སངས་རྒྱས་འབྱུང་བ་ཡང་མི་མཐོང་ན་ཆོས་ཉན་པར་ལྟ་ག་ལ་འགྱུར་ཏེ་འདི་ནི་ང་རྒྱལ་གྱི་ལས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས ་དཔའ་དག་གི་ང་རྐྱལ་གྱི་ལས་བཅུ་བོ་དེ་ལྟ་བུ་དེ་དག་ཡོངས་སུ་སྤངས་ནས་།ཡེ་ཤེས་ཀྱི་ལས་བཅུ་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ་།དེ་ཉིད་ལས་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པ་ཞེས་ཡེ་ཤེས་ཀྱི་ལས་ལེགས་པར་བཤད་དོ། །འཕགས་པ་ཡུལ་འཁོར་སྐྱོང ་གིས་ཞུས་པའི་མདོ་ལས་ཀྱང། རྨོངས་པ་དེ་དག་ང་རྒྱལ་དབང་གིས་ནི། །ངན་སོང་ས་དང་མི་ཁོམ་སྐྱེ་བ་དང། །དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང། །དམུས་ལང་མདོག་ངན་མཐུ་ཆུང་ཉིད་འཛིན་བྱེད། ཅེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང་སེམས་ཅན ་གྱི་ཞིང་ནི་བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་ཞིང་སྟ་།སངས་རྒྱས་ཀྱི་ཞིང་གང་ལས་སངས་རྒྱས་ཀྱི་ཆོས་རྣམས་འཐོབ་པར་འགྱུར་བ་དེ་ལ་ལོག་པར་བསྒྲུབ་པ་མི་རིགས་སོ་སྙམ་མོ་། ། དེ་ཡང་འདི་སྙམ་དུ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ཐམས་ཅད ་ནི་སེམས་ཅན་ལ་བརྟེན་ནས་འབྱུང་ངོ། །ཉེས་པར་སྤྱད་པ་ལ་བརྟེན་ནས་ནི་ངན་སོང་རྣམས་འབྱུང་ངོ། །ལེགས་པར་སྤྱད་པ་ལ་བརྟེན་ནས་ནི་ལྷ་དང་མིར་འགྱུར་རོ་སྙམ་མོ་ཞེས་གསུངས་སོ། །དེ་བས་ན་དཀོན་མཆོག་ཏ་ལ་ལའི་གཟུངས་ལས་ཀྱང། ཀྱེ་རྒྱལ་བའི་སྲས་དག་འདི་ལ་ལས་དང ་བོ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་ཐོག་མ་ཉིད་དུ་སེམས་རྣམ་པ་བཅུ་བསྐྱེད་དེ་།རྣམ་པ་བཅུ་གང་ཞེ་ན་།འདི་ལྟ་སྟེ། ཕན་པའི་སེམས་དང། བདེ་བའི་སེམས་དང། བརྩེ་བའི་སེམས་དང། གཉེན་པའི་སེམས་དང། སྡུག་བའི་སེམས་དང། ཕན་བར?་ནS ་བའི་སེམས་དང། ཀུན་དུ་སྲུང་བའི་སེམས་དང་།སྙོམས་པའི་སེམས་དང། སློབ་དཔོན་གྱི་སེམས་དང། སྟོན་པའི་སེམས་ཏེ། སེམས་རྣམ་པ་བཅུ་པོ་འདི་དག་བསྐྱེད་དོ་ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། བདག་ཉིད་ནི ་སེམས་ཅན་ཐམས་ཅད་ཀྱི་སློབ་མར་ཁས་ལེན་པ་ལ་གནས་ཤིང་སེམས་ཅན་གཞན་དག་ཀྱང་སློབ་མར་ཁས་ལེན་པ་ལ་བཞག་གོ་སྙམ་དུ་དབུགས་དབྱུང་བ་རྙེད་དོ། །དེ་བཞིན་དུ་སྦྱར་ཏེ་།རྣམ་པར་འདུད་པ་དང་རབ་ཏུ་འདུད་པ་ལ་གཞག་གོ་སྙམ་དུ་དབྱུག་དབྱུང?་བ་རྙེད ་ཅེས་གསུངས་སོ། །དེ་ལ་རྣམ་པར་འདུད་པ་དང་རབ་ཏུ་འདུད་པ་ནི་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་བ་ཉིད་དོ། །དེ་བཞིན་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྐྱེ་བར་བྱ་བའི་ཕྱིར་སེམས་ཅན་ཐཾས་ཅད ་ལ་སྟོན་བ་ལྟར་གཅེས་པར་བྱེད་ཅེས་གསུངས་སོ། །སྟན་གདིང་བ་དང་རྐང་པ་འཁྲུ་བ་ལ་སོགས་པའི་ལས་བྱེད་པ་ན་ཡང་འཇིག་རྟེན་མ་དད་པར་འགྱུར་བ་བསྲུང་བའི་ཕྱིར་།སེམས་ཀྱི་གཅེས་པ་དང་གུས་པར་བསམ་པ་གོམས་པར་བྱའོ། །འཕགS་། ་བ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་གསུངས་ཏེ་།དེས་སེངྒེའི་ཁྲི་ཆེན་པོ་དེ་ལ་འདུག་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་མངོན་དུ་ཕྱོགས་པར་འགྱུར་ཏེ་ཐལ་མོ་སྦྱར་ནས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་སྦྱར་ཏེ་།རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱིས ་དཀྱིལ་འཁོར་རབ་ཏུ་སྒྲོགས་པ་ངེས་སློང་མོ་བ་དེ་དག་མཐོང་བའི་མོད་དེ་ལ་དེའི་རྒྱུས་ཆེས་དགའ་བར་འགྱུར་གྱི། བསྐལ་པ་ཚད་མེད་པའི་མཐས་ཀླས་བར་ཞེས་བྱ་བ་ནས་།གནས་གཙང་མའི་ལྷའི་རྣམ་པར་ཐར་བ་ཞི་བའི་བདེ་བ་ལ་གནས་པ་ཐོབ་པ་ནི་མ ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྲེད་པ་ལ་སྤྱོད་པ་ཕ་མ་དང་ཕུ་ནུ་དང་བུ་སྲིད་དང་མཛའ་བོ་དང་བློན་པོ་དང་གཉེན་བཤེས་དང་བུ་དང་བུ་མོ་དང་ཆུང་མ་དང་ཡུན་རིང་མོ་ཞིག་ཏུ་བྲལ་བ་འབྲོག་དགོན་པར་འཁྱམས ་ཏེ། དེ་དག་མཐོང་བར་འདོད་པ་ལས་དེ་དག་དང་ཕྲད་ན་དེ་དག་མཐོང་བས་མི་ངོམས་ཤིང་དགའ་བ་དང་ཆགས་པ་ཆེན་པོ་སྐྱེ་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོགས་པས་སློང་མོ་པ ་དེ་དག་མཐོང་བར་གྱུར་པའི་མོད་ལ་དགའ་བའི་ཤུགས་ཆེན་པོ་སྐྱེས་སོ། །སེམས་ཀྱི་དགའ་བའི་རོ་བདེ་བ་དང་ལྡན་པར་གྱུར་ཏོ། །སེམས་སྤྲོ་བའི་ཤུགས་རབ་ཏུ་བྱུང་ངོ་ཞེས་བྱ་བ་ནས་།སློང་མོ་པ་དེ་དག་ལ་བུ་གཅིག་པའི་འདུ་ཤེས་སྐྱེད་པའི་ཕྱིར་རོ། །ཕ་མའི་འདུ ་ཤེས་དང་སྦྱིན་པའི་གནས་ཀྱི་འདུ་ཤེས་དང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང། དཀོན་པའི་འདུ་ཤེས་དང། དཀའ་བ་བྱེད་པའི་འདུ་ཤོས་དང། གཅེས་སྤྲས་བྱེད་པའི་འདུ་ཤེས་དང་།ཕན་འདོགས་པ་དམ་པའི་འདུ་ཤེས་དང། བྱང་ཆུབ་ཀྱི་ལམ་ཉེ ་བར་སྟོན་པའི་འདུ་ཤེས་དང། མཁན་པོའི་འདུ་ཤེས་དང། སྟོན་པའི་འདུ་ཤེས་སྐྱེད་པའི་ཕྱིར་ཏེ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལྟ་བུའི་ཐབས་གཞན་མེད་ན་སེམས་ཅན་གྱི་གན་དུ་འགྲོ་བ་དང་རིམ་གྲོ་བྱེད་པའི་ཚེ་ཐམས་ཅད་དུ་གཏད་བ་དྲན ་པར་བྱ་སྟེ། བདག་གི་ལུས་འདི་ནི་འདི་དག་གི་ཡིན་གྱི། བདག་བདེ་བའི་དོན་དུ་ས་བྱི་དོར་བྱེད་པ་དང་བསྐུ་བ་ལ་སོགས་པ་བྱེད་པ་བཞིན་དུ་འདི་ལ་རྩི་དགར་སྤྱོད་ཅིག་སྙམ་དུ་བསམས་སོ། །ཡང་ན་ཇོ་བོ་མི་དགའ་བས་འཇིགས་པ་དང་དེ་དགའ་བར་འདོད་པས་དེས་བསྒོ ་བ་སྒྲུག་ལྟར་ཡིད་ལ་བྱའོ། །རྟེན་གཞན་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རིམ་གྲོ་མཛད་པ་ཡང་དགེ་སློང་ནད་པས་ཉམས་སུ་བླངས་སོ། །དགེ་སློང་གི་བྱ་བ་རྒྱས་བ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་མ་འཇིགས་ཤིག་། ་།དགེ་སློང་ངས་ཁྱོད་ཀྱི་རིམ་གྲོ་བྱའོ། །དགེ་སློང་ཁྱོད་ཀྱི་གོས་རྣམས་ཚུར་བྱིན་ཅིག་ངས་བཀྲུའོ། །དེ་སྐད་ཅེས་བཀའ་སྩལ་བ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ ་འདིའི་གོས་མི་གཙང་བས་འབགས་པ་རྣམས་མི་བཀྲུ་བར་གསོལ། བཅོམ་ལྡན་འདས་བདག་གིས་བཀྲུ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་དགེ་སློང་འདིའི་གོས་རྣམས་ཁྲུས་ཤིག་།དེ་བཞིན་གཤེགས་པས ་ནི་ཆུ་བླུགས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ནི་དགེ་སློང་ནད་པ་དེའི་གོས་བཀྲུས་སོ། །བཅོམ་ལྡན་འདས་ཀྱིས་ནི་ཆུ་བླུགས་སོ། །དེ་བཞིན་དུ་སྦྱར་ཏེ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་ནད་པ་དེ་ཤིན་ཏུ་ལེགས་པར་བླངས་ཏེ་ཕྱི་རོལ་ཏུ་ཕྱུང་ནས་བཀྲུས་སོ།། ་བཅོམ་ལྡན་འདས་ཀྱིས་ནི་ཆུ་བླུགས་སོ་ཞེས་གསུངས་པ་བཞིན་ནོ། །ཡང་སྨྲས་པ་།གང་དག་མགུ་བས་ཆེ་ཉིད་དང། །མ་མགུས་མི་བཟང་རྒུད་འགྱུར་བ། །དེ་དག་སྲོག་ཀྱང་ཡོངས་བཏང་ནས། །མགུ་བར་བྱ་བར་རིགས་པ་ཡིན། །གང་དག་མགུ་བྱས་མང་པོ་རྣམས། ། ་097 ་གྲུབ་དེ་སེམས་ཅན་འདི་དག་ཉིད། །འཇིག་རྟེན་ན་ནི་སེམས་ཅན་ལས། གྲུབ་པའི་ཞིང་གཞན་ཡོད་མ་ཡིན། འདི་དག་ཡིད་བཞིན་ནོར་བུ་དང། །བུམ་བཟང་འདོད་འཇོའི་བ་དང་ནི། །བླ་མ་དང་ནི་ལྷ་འདྲ་བ། །དེས་ན་འདི་དག་མགུ་བར་བྱ། ་གཞན་ཡང་གཡོ་མེད་གཉེན་གྱུར་ཅིང། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པར། །གཞན་གང་ཞིག་གིས་ལན་ལོན་གྱུར། །རལ་པའི་ནང་གནས་སེམས་ཅན་རྣམས། །འབད་པས་གཡོ་བ་མེད་པར་ནི། །ཇི་ལྟར་བཞེད་བཞིན ་མགོན་པོས་སྔོན། །དབུ་ཡིས་བཟུང་བར་གྱུར་བ་ཡིན། །གང་ཕྱིར་སྐུ་གཏོང་མནར་མེད་འཇུག་པ་ལ། །དེ་ལ་བྱས་བས་ལན་ལོན་ཉིད་འགྱུར་བ། །དེས་ན་གནོད་ཆེན་བྱེད་ཀྱང་དེ་དག་ལ། །ལེགས་པ་ཐམས་ཅད་རབ་ཏུ་སྤྱད་བར་བྱ། །རེ་ཞིག་བདག་གི་རྗེར་གྱུར་ཉིད་ཀྱང ་ནི། །གང་ཕྱིར་རང་གི་སྐུ་ལ་མི་གཟིགས་པ། །རྗེ་བོ་དེ་དང་དེ་ལ་ཇི་ལྟར་བདག། ང་རྒྱལ་བྱེད་ཅིང་བྲན་གྱི་དངོས་མི་བྱེད། །གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་དབང་ཀུན་དགྱེས ་ཤིང། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །དེ་བས་བདག་གིས་འགྲོ ་ལ་གནོད་བྱས་པས། །ཐུག་རྗེ་ཆེ་ཀུན་མི་དགྱེས་གྱུར་པ་གང། །སྡིག་དེ་དི་རིང་སོ་སོར་བཤགས་བགྱི་ཡིས། །མི་དགྱེས་གང་ལགས་དེ་ཐུབ་བཟོད་བར་གསོལ། །དེ་བཞིན་གཤེགས་རྣམས་མཉེས་པར་བགྱིད་སླད་དེ་དང། །བདག་ཉིད་ཀུན་གྱིས་འཇིག ་རྟེན་བྲན་དུ་མཆི། །འགྲོ་མང་བདག་འདིའི་མགོ་ལ་རྡོག་བསྣུན་ནམ། །ཡང་ན་གསོད་པར་བྱེད་བཟོད་འཇིག་རྟེན་མགོན། །འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་དེས། །བདག་ཏུ་མཛད་བ་འདི་ལ་ཐེ་ཚོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་དག་ནི། །མགོན་དེ་དག ་@097བ ་ཉིད་ཅི་ཕྱིར་གུས་མི་བྱེད། །འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་སྒྲུབ་བྱེད་འདི་ཉིད་ཡིན། །འཇིག་རྟེན་སྡུག་བསྔལ་སེལ་བ་འང་འདི་ཉིད་དེ། །དེས་ན་བདག་ཉིད་རྟག་ཏུ་དེ་ཉིད་བྱ། །དཔེར་ན་རྒྱལ་པོའི་མི་འགའ་ཞིག་།སྐྱེ་བོ་མང་ལ་གདོད ་བྱེད་ཀྱང། །སྐྱེ་བོ་མིག་རྒྱད་རིང་པོ་དག་།ནུས་ཀྱང་སླར་གནོད་མི་བྱེད་དེ། །འདི་ལྟར་དེ་གཅིག་མ་ཡིན་གྱི། །རྒྱལ་པོའི་མཐུ་སྟོབས་དེ་ཡི་མཐུ། །དེ་བཞིན་གནོད་བྱེད་ཉམ་ཆུང་བ། །འགའ་ཡང་ཁྱད་དུ་གསང་མི་བྱ། །འདི་ལྟར་དམྱལ་བའི་སྲུང་མ་དང། །ཐུགས་རྗེ ་ལྡན་རྣམས་དེ་ཡི་དཔུང། །དེ་ལ་དམངས་ཀྱི་རྒྱལ་གཏུམ་བཞིན། །སེམས་ཅན་རྣམས་ནི་མགུ་བར་བྱ། །རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང། །སེམས་ཅན་མི་མགུ་བྱས་པ་ཡིས། །མྱོང་བར་འགྱུར་བ་གང་ཡིན་པ། །དམྱལ་བའི་གནོད་པ་དེས་བྱེད་དམ། །རྒྱལ་པོ་ལྟ་ཞིག ་མགུ་ན་ཡང། །སེམས་ཅན་མགུ་ལས་བྱུང་བ་ཡི། །ཐོབ་པར་གྱུར་པ་གང་ཡིན་པ། །སངས་རྒྱས་ཉིད་སྦྱིན་མི་སྲིད་དོ། །སེམས་ཅན་མགུ་བ་ལས་བྱུང་བའི། །མ་འོངས་བྱས་འགྲུབ་ལྟ་ཞོག་།ཚེ་འདི་ཉིད་ལ་དཔལ་ཆེན་དང། །ཕྲགས་དང་སྐྱིད་གྱུར་ཅིས་མ་མཐོང། །མཛེས་པ ་ཉིད་དང་ནད་མེད་དང། །རབ་དགའ་ཡུན་རིང་འཚོ་བ་དང། །འཁོར་ལོས་སྒྱུར་བའི་བདེ་རྒྱས་ནི། །འཁོར་ཚེ་བཟོད་པས་ཐོབ་པར་བྱེད། །བྱམས་སེམས་ལྡན་ལ་མཆོད་བྱ་གང། །དེ་ནི་སེམས་ཅན་ཆེ་བ་ཉིད། །སངས་རྒྱས་དང་བའི་བསོད་ནམས་གང། །དེ་ནི་སངས་རྒྱས ་ཆེ་བ་ཉིད། །དེ་ལྟ་བས་ན་ཟླ་བ་སྒྲོན་མའི་མདོ་ལས་ཀྱང། བྱམས་པས་བསྒོམས་པའི་འབྲས་བུ་བརྗོད་དེ། མཆོད་པ་ཚད་མེད་རྣམས་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ ་གྲངས་དང་ཆར་མི་ཕོད་ཞེས་བྱའོ། །དེ་ལྟ་བས་ན་སྦྱིན་པའི་གནས་ཆེན་པོ་དེ་ལྟ་བུ་དག་ལ་ཁེངས་པ་རྟག་ཏུ་སྤང་བར་བྱ། །ཁེངས་པ་འདི་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཕྱིར་དེ་ལ་མི་འཇུག་པར་སྒྲིམ་པར་བྱ་སྟེ། དཀོན་མཆོག་སྤྲིན་ལས་ཇི ་སྐད་དུ། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཅིག་པོ་ལྐོག་ཏུ་སོང་སྟེ་རབ་ཏུ་དབེན་པར་གནས་ཤིང། འདི་ལྟར་བདག་ནི་མ་འདྲེས ་བར་གནས་པ་སྟེ། བདག་ནི་རབ་ཏུ་དབེན་པ་ན་གནས་བའོ། །བདག་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་ཞུགས་བའོ། །དགེ་སློང་དམ་བྲམ་ཟེ་གཞན་གང་ཡིན་པ་དག་ནི་ཀུན་ཀྱང་འདྲེས་བས་གནས་པ། །འདུ་འཇི་མང་བ་དེ་བཞིན་གཤེགས་པའི་ཆོས ་འདུལ་བ་ལས་ཉམས་པའོ་སྙམ་དུ་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་བའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས་འདི་ལ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པ་ན་བརྩོན ་འགྲུས་དེའི་རོ་མྱང་བར་མི་བྱེད་དེ། བརྩོན་འགྲུས་དེས་གཞན་ལ་མི་སྨོད་བདག་ལ་མི་བསྟོད་དོ། །དེ་འདི་སྙམ་དུ་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་སུ་ཞིག་བདག་གི་ལས་ལ་བརྩོན་པས་གཞན་ལ་སྨོད་སྙམ་དུ་སེམས་ཏེ་།རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ ་སེམས་དཔའ་བསྙེམས་པ་མེད་པའི་བརྩོན་འགྲུས་ཅན་ཡིན་ནོ་ཞེས་གསུངས་སོ། །བསོད་ནམས་བསྲུང་བ་མདོར་བསྡུས་པ་ནི་འདི་ཡིན་ཏེ་།བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པའོ། །ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། །དགེ ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་འགལ་ཡང་ཟད་པར་མི་འགྱུར་རོ། །བཙུན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་བའི་མཐར་མ་ཐུག་གི་བར་དུ ་བར་མ་དོར་ཟད་པ་མེད་དོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ལོང་སྤྱོད་དང་བསོད་ནམས་བསྲུང་བའི་ལེའུ་སྟེ་བདུན་པའོ།། །།ལུས་ལ་སོགས་པ་གསུམ་བསྲུང་བ་བཤད་ཟིན་ཏེ། ད་ནི་དག་པ་བརྗོད་བར་བྱའོ། །ཅིའི་དོན་དུ་ཞན། ་ལུས་ནི་རྣམ་པར་སྦྱངས་བྱས་ན། །ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། །འབྲས་ཆེན་ལེགས་པར་ཚོས་པ་དང། །གཟེགས་མེད་ལུས་ཅན་ཕན་པ་འདྲ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཇི་སྐད་དུ། གང་ཡང་གྲོང་ཁྱེར་ཆེན་པོ་དག་གི་དུར་ཁྲོད་ཆེན ་པོ་སྲོག་ཆགས་བརྒྱ་སྟོང་དུ་མས་གང་བར་གྱུར་བ་དེར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་གི་ལུས་ཆེན་པོ་ཤི་ཞིང་དུས་ལས་འདས་པར་སྟོན་ཏོ། །དེར་ཡང་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་གི་ཇི་ཙམ་འདོད་པར་ཤ་ལ་ཟོས་ནས ་ཚེའི་མཐར་ཕྱིན་ཏེ་འཆི་བའི་དུས་སུ་གྱུར་ཅིང་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བ་དང། དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་བར་གྱི་རྒྱུར་འགྱུར་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཡོངས་སུ་དག་པའི་ཕྱིར ་ཏེ། སེམས་ཅན་ཡང་དག་གི་བདག་འཆི་བའི་དུས་སུ་གྱུར་པའི་ཤ་ཟོས་པ་དེ་དག་ལ་དེ་ཉིད་མཐོ་རིས་སུ་སྐྱེ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་པའི་བར་གྱི་རྒྱུར་གྱུར་ཅིག་ཅེས་གང་གི་ཡུན་རིང་པོ་ནས་སྨོན་ལམ་བཏབ་སྟེ་ཚུལ་ཁྲིམས་དང་ལྡན་པ་དེའི་བསམ་པ་གྲུབ་པ་དང ་དོན་དུ་གཉེར་བ་གྲུབ་པ་དང་སྨོན་ལམ་གྲུབ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡང་དེ་ཉིད་ལས་དེ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ན་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཐོས་པ་དང་རེག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞི་བའི་བློ་གྲོས་འདི ་ལྟ་སྟེ་དཔེར་ན་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་རྩི་ཐམས་ཅད་བསྡུས་ཏེ་རྩིའི་ཤིང་མང་པོ་ལས་བུ་མོའི་གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ་ལེགས་པར་བྱས་ཏེ་ལེགས་པར་ཟིན་ཅིང་ལེགས་པར་བྱི་དོར་བྱས་པ་དེ་འོང་དམ་འགྲོ་འམ་འགྲེང་ངམ་འདུག ་གམ་ཉལ་ཡང་རྟོག་པ་བྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེར་ནད་པ་གང་བཙུན་པ་བཙུན་པ་རྒྱལ་པོའི་བློན་ཆེན་པོ་འམ་རྒྱལ་པོའི་བུ་འམ་ཚོང་དཔོན་ནམ་ཁྱིམ་བདག་གམ་བློན་པོ་འམ་རྒྱལ་ཕྲན་གང་དག་འོང་བ་དེ་དག་སྨན་བའི་རྒྱལ་པོ་འཚོ་བྱེད་ཀྱི་སྨན་གྱི་བུ? ་མོ་དེ་དང་སྦྲང་ནས་དེ་དང་ཕྲད་མ་ཐག་ཏུ་ནད་ཐམས་ཅད་བྱང་སྟེ་ནད་མེད་ཅིང་བདེ་བ་ལས་ཉམས་པ་མེད་པར་འགྱུར་རོ། །ཞི་བའི་བློ་གྲོས་སྨན་པ་གཞན་ལ་མེད་པའི་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་འཇིག་རྟེན་གྱི་ནད་གསོ་བའི་ཤེས ་པ་ལ་ལྟོས། ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡང་སེམས་ཅན་བུད་མེད་དང་སྐྱེས་པ་ཁྱེའུ་དང་བུ་མོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཡོངས་སུ་གདུངས་པ་ཇི་སྙེད་པ་དེ་དག་གིས་ལུས་ལ་རེག་ན། རེག་མ ་ཐག་ཏུ་དེ་དག་གི་ཉོན་མོངས་པ་ཐམས་ཅད་སེལ་བར་འགྱུར་རོ། །ལུས་ཡོངས་སུ་གདུང་བ་དང་བྲལ་བར་ཡང་ཤེས་སོ། །དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་རོ་ཞེས་གསུངས་སོ། །དེའི་དོན་དུ་ལུས་སྦྱུང? ་བར་བྱའོ། །གཞན་ཡང་ཇི་ལྟར་ལོ་ཏོག་བཅིས?་ཁེབས་ན་།ནད་ཀྱི་ཞུམ་ཞིང་རྒྱས་མི་འགྱུར། །དེ་ལྟར་སངས་རྒྱས་མྱུ་གུ་ཡང། །ཉོན་མོངས་ཁེབས་ན་རྒྱས་མི་འགྱུར། །གཉེན་པོས་བསལ་ན་འཕེལ་བར་འགྱུར་ཞེས་བྱ་བར་དགོངས་པའོ། །ལུས་ཀྱི་དག་པ ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམ་སྤྱོད་ཡིན། །རྫོགས་སངས་རྒྱས་ཀྱི་གསུངས་ཚུལ་དུ། །འབད་པ་མེད་ན་ངན་སོང་འགྲོ། །དེ་ལ་སྡིག་པ་སྦྱང་བ་ནི་ཆོས་བཞི་བསྟན་པའི་མདོ་ལས་བསྟན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས ་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་པ་སོགས་པ་ཟིལ་གྱིས་ནོན་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང། གཉེན་པོ་ཀུན་ཏུ་སྤྱོད་པ་དང་།ཉེས་པ་ལས་ཟློག་པའི་སྟོབས་དང། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར ་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱོད་པ་དེ་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ཤིན་ཏུ་བརྩོན་བའོ། །དེ་ལ་ཉེས་པ་ལས་ཟློག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་? ་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱམས་པ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་ན་སྡིག་པ་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ་ཞེས་བྱ་བའོ། །དེ་ལ་རྣམ་པར་སྨོད་པ་ཀུན་ཏུ་སྤྱོད་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། །གསེར་འོད་དམ་པའི་མདོ་ལས་ཇི་སྐད་བསྟན་པ་ལྟ་བུ་སྟེ། སངས་རྒྱས ་རྐང་གཉིས་དམ་པ་དག། ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གི་སྡན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་མཆིས་ནས་ནི། ? ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང། །སངས་རྒྱས་རྣམས་སུ་མི་འཛིན་དང། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང། །ཕྱུག་པའི་རྒྱགས་པས་དྲེགས་པ་དང། །རིགས་དང་ལོངས་སྤྱོད་རྒྱགས་པ་དང། །གཞོན་པའི ་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །ཉེས་པའི་དམིགས་སུ་མ་མཐོང་བས། །ཉེས་པ་བགྱིས་པའི་ལས་དང་ནི། །ཉེས་པར་བསགས་ཤིང་ཉེས་སྨྲས་པའི། །སྡིག་ལས་བདག་གིས་གང་བགྱིས་དང། །བྱིས་པའི་བློ་ཡི་འཇུག་པ་དང།། ་མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང། །ཉོན་མོངས་རྣམ་པར་འཁྲུག་སེམས་དང། །རྩེད་མོ་དགའ་བའི་དབང་ཉིད་དང། །མྱ་ངན་དང་ནི་ནང་དབང་དང། །ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང།། ་འཕགས་མིན་སྐྱེ་བོ་འདྲེ་བ་དང། །ཕྲག་དོག་སེར་སྣ་སྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང། ཕྱུག་པ་མ་ཡིན་གྱུར་པ་ཡིས། །བདག་གི་སྡིག་པ་གང ་བགྱིས་དང། །གཡོ་བའི་སེམས་ཀྱི་དབང་ཉིད་དང། །འདོད་དང་ཁོང་ཁྲོད་དབང་དག་དང། །བཀྲེས་དང་སྒོམ་གྱིས་ཉེན་པ་ཡིས། །བདག་གི་སྡིག་པ་གང་བགྱིས་དང། །བཟའ་བ་དག་དང་བཏུང་བ་དང། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། ། ་ཉོན་མོངས་གདུང་པ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང། ལུས་དང་ངག་དང་ཡིད་ཀྱིས་སྡིག། ཉེས་སྤྱད་རྣམ་པ་གསུམ་བགགས་ནི། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས ་རྣམས་དང། །དེ་བཞིན་ཉན་ཐོས་རྣམས་ལ་ཡང། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང། །གུས་པ་མ་ལགས་བགྱིས་པ་རྣམས་།དེ་དག་ཐམས་ཅད ་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང། །གུས་པ་མ་ལགས་བགྱིས་པ་དང། །ཆོས་ལ་གུས་པ་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་རུ་མ་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང། ཕ་མ་རྣམས་ལ་མགུས ་གང། དེ་དག་ཐམས་ཅད་དང་བ?་ཆགས་སོ། །བློན་པོ་དང་ནི་བྱིས་པ་དང། །འདོད་ཆགས་ཞེ་སྡང་གཏི་མུག་དང། །ང་རྒྱལ་དྲེགས་པས་བསྒྲབ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གི་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བ་ནུ་རྣམས་ལ ་མཆོད་པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་དགོང་པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང། །ཐམས་ཅད་དེ་བཞིན་གཤེགས་གྱུར ་ཅིག། ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་མཐར་བགྱི་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསལ?་བ་བྱ་བར་སྦྱར་བར་བགྱི། །གསེར་འོད་དམ་བ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བགྱིད་པ། །ཟབ་མོ་དག་ནི་སྟན་པ་འདི། །སེམས ་ཅན་དེ་དག་བསྟན་པར་བགྱི། །གང་གི་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟང་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གི་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་གྱུར་བ། །གསེར་འོད་དམ་པ་དགེ་བ ་ཡི་བཤཌ་པ་འདི་དག་བཤཌ་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ཡོན་ཏན་སྣང་བར་བགྱི། །སྲིད་བའི་མཚོ་ལས་བསྒྲལ་བར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་དང། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན ་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་བགྱི། །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་བགྱི། །དགོངས་པའི་ཐུགས་ཀྱིས ་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་གཟུང་དུ་གསོལ། །བདག་གི་བསྐལ་བ་བརྒྱ་རྣམས་སུ། །སྔན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན ་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱི། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱད་བགྱིད་པ། །བདག་ནི་གང་དུ་འང་དགའ་མ་མཚས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར། ་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱི་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར ་བགྱིས། སྔོན་ཆད་བདག་གིས་གང་བགྱིས་དང། །ད་ལྟར་བདག་གི་སྡིག་པ་གང། །དེ་དག་ཐམས་ཅད་བདག་འཆགས་སོ། ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སྨན་ཆད་མི་བགྱིད་བསྡམ་པར་བགྱི། །བདག་གིས་ནོངས་བར་བགྱིས་པ་གང། །སྡིག་དེ་བཅབ ་101 ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང། །དག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་གྱི་བགྱིས་དང་ངག་གི་ལས། །ཡིད་ཀྱི་རྣམ་པར་བསམས་པ་དང། །ལས ་རྣམས་བཅུ་པོ་བགྱིས་པ་དག། དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེ་ལས་བཅུ་སྡངས་ནས་སུ། །དགེ་བ་བཅུ་པོ་བསྟན་བགྱིས་ཏེ་།ས་བཅུལ་ནི་བདག་གནས་བགྱི། །སྟོབས་བཅུ་མཆོག་ཏུ་འགྱུར་བར་བགྱི། །བདག་གིས་སྡིག་པའི་ལས་གང་དག། ་མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཛམྦུའི་གླིང་འདིར་གང་དག་དང། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་བ། །དེ་དག་ཀུན་ལ་ཡིད་རང་ངོ། །ལུས་དང་རང ་དང་ཡིད་ཀྱིས་ཀྱང། །བདག་གི་བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱི། །སྲིད་མཚོ་ཉམ་དང་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟང་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་མངར་མཆིས་ནས ་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་པ་སྲིད་པ་ཉམ་ད་དང། །འཇིག་རྟེན་ཉམ་ད་གཡོ་སེམས་ཉམ་ད་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་པ ་དང། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་པ་དང། །སྲིད་པ་ཉམ་པ་འདོད་ཆགས་ཉམ་པ་དང། །ཞེ་སྡང་གཏི་མུག་མུན་པ་ཉམ་པ་དང། །དལ་པ་ཉམ་པ་དུས་ཀྱིས་ཉམ་པ་དང། །བསོད་ནམས་བསྒྲུབ་པ་ཉམ་ད་དག་གིས་ཀྱང། །རྒྱལ་བ་ཡང་དག་མངོན་སུམ་མཆིས ་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི་ཞེས་གསུངས་སོ། །ཁྱད་པར་དུ་ནི་བྱང་ཆུབ་སེམས་དཔའ་ཨི་མ་ལྟུང་བ་ལྕི་བ་དང་ཡང་བ་རྣམས་བཤགས་པ་ནི་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་གསུངས་པ་གང་ཡིན་པའོ། །ལྟུང་བ་ལྕི་བ་ཡང་གང ་@101བ ་ཡིན་ཞེ་ན། སྤྱིར་དེ་ལས་གསུངས་པ་ནི། ཉེ་བར་འཁོར་གལ་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གངྒཱའི་ཀླུང་གི་བྱེ་མ་སྙོད་བྱུང་ལ། གང་ཞ་སྡང་དང་ལྟུང་བ་གང་ཡིན་པ་ནི་གཅིག་བྱུང་ན་བྱང ་ཆུབ་སེམས་དཔའ་ཨི་ཐེག་པ་བརྩན་པར་བྱ་ན། དེ་གཉིས་ལས་གང་ཞེ་སྡང་དང་ལྡན་ན་ལྟུང་བ་དེ་ནི་ཤིན་ཏུ་ལྕིའོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཞེ་སྡང་གིས་ནི་སེམས་ཅན་ཡོངས་སུ་གཏོང་བར་བྱེད་ལ། འདོད་ཆགས་ནི་སེམས་ཅན་སྡུང་བར་བྱེད་པའི་ཕྱིར་རོ། །ཉེ་བར ་འཁོར་དེ་ལ་ཉོན་མོངས་པ་གང་སེམས་ཅན་སྡུད་པར་འགྱུར་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་འཇོམ་པའང་མེད་འཇིགས་པ་ཡང་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཉེ་བར་འཁོར་དེ་ལྟ་བས་ན་ཁྱོད་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར ་བཤད་དོ་ཞེས་བྱའོ། །འདི་ལ་དགོངས་པ་གང་ཞེ་ན། སེམས་ཅན་སྡུད་པ་ཉིད་དེ་སྔར་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ། །བསྟན་པ་འདི་ནི་ལྷག་པའི་བསམ་པ་དང་སྙིང་བརྩེ་བ་དང་ལྡན་པ་ལས་ཡིན་ཏེ་།དེ་ཉིད་ལས་དེ་མ་ཐག་ཏུ་ཉེ་བར་འཁོར་དེ་ལ་གང་ཐབས་ལ་མི་མཁས ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འདོད་ཆགས་དང་ལྡན་པས་འཇིགས་ཀྱི་ཞེ་སྡང་དང་ལྡན་པས་ནི་མ་ཡིན་ནོ། །ཉེ་བར་འཁོར་བྱང་ཆུབ་སེམས་དཔའ་གང་དག་ཐབས་མཁས་པ་དེ་དག་ནི་ཞེ་སྡང་དང་ལྡན་པའི་ལྟུང་བས་འཇིགས་ཀྱི་འདོད་ཆགས་དང་ལྡན་པས་ནི་མ ་ཡིན་ནོ་ཞེས་གསུངས་སོ། །ཐབས་མཁས་པ་ཡང་གང་ཞེ་ན། གང་དག་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་སེམས་ཅན་གཏོང་བས་ལས་ཟློག་པའོ། །གཉི་ག་ལྟར་ཡང་སེམས་ཅན་གཏོང་བར་འགྱུར་ཏེ། ཤེས་རབ་གཅིག་པུས་ན་སྡུག་བསྔལ་སྟོང་ཉིད་?་དུ་ཆུད་པའི ་ཕྱིར་དང། སྙིང་རྗེ་གཅིག་པུས་ནི་ཉོན་མོངས་པའི་དབང་གིས་རིང་པོ་མི་ཐོགས་པར་སྙིང་རྗེ་ཉམས་པར་འགྱུར་བའི་ཕྱིར་རོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང། རིགས་ཀྱི་བུ་དཔེར་ན། གསང་སྔགས་དང་རིག་སྔགས་འཛིན་པའི་མིའི་རྒྱལ་པོས་བཟུང་སྟེ། ཐེག་པ ་ལྔའི་བཅིང་བས་བཅིང་སུ་ཟིན་ཀྱང་དེ་གང་གིས་ཚེ་གསང་སྔགས་དང་རིག་སྔགས་ཀྱི་སྟོབས་བསྐྱེད་པ་གཅིག་གིས་བཅིངས་པ་ཐམས་ཅད་གཏུབས་ཏེ་འགྲོའོ། །རིགས་ཀྱི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁS་པ་ཡང་གང ་གི་ཆེ་འདོད་པའི་ཡོན་ཏན་ལྔ་ལས་དགའ་བར་མྱོང་ཞིང་དེ་དག་དང་ལང་ལོང་དུ་གྱུར་པར་གནས་ཀྱང་གང་གི་ཚེ་འདོད་པར་གྱུར་བ་དེའི་ཚེ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་པའི་ཡོན་ཏན ་ཐམས་ཅད་བཅོམ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་གསུངས་སོ། །ཞེ་སྡད་ལ་ཡང་དེ་ལྟར་ཅིའི་ཕྱིར་འདོད་པར་མི་བྱེད་ཅེ་ན། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་དང་སྙིང་རྗེ་དང་བྲལ་ན་ཐབས་ཉིད་མི་སྲིད་པའི་ཕྱིར་རོ། །ཡང་ན་གཞན་གྱི་དོན་གྲུབ་པ་རང ་གིས་དོན་ལས་ཤིན་ཏུ་ལྕི་བར་ལྷག་པར་མོས་པ་ན། ཁྲོ་བ་ལ་གནས་པས་ཀྱང་གཞན་ལ་རྗེས་སུ་བསྟན་ནས། གདུང་བ་སྔོན་དུ་འགྲོ་བས་དེ་མ་ཐག་ཏུ་ཕྱིན་ཆད་མི་བྱེད་པའི་སྡོམ་པ་འཐོབ་པོ། །གནོད་པ་ལས་བཟློག་པའི་ཕྱིར་ཁོས་པ་ལ་ཉེས་པ་ཅི་ཡོད། སྐབས ་ཕྱེ་ན་དེའི་བག་ཆགས་གསོས་པར་འགྱུར་བས་སྙིང་རྗེ་ཉམས་པའི་ཉེས་པར་འགྱུར་རོ། །དེ་བཅད་ན་རྩ་བ་འཆད་པར་འགྱུར་རོ་ཞེས་འོག་ནས་བསྟན་པར་བྱའོ། །གལ་ཏེ་སེམས་ཅན་དེ་ལ་ཕན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཉམས་པས་སེམས་ཅན་གྱི་དོན་ཆེན་པོའི ་རྒྱུན་ཉམས་པར་འགྱུར་རོ། །འཕགས་པ་བདེན་པ་པོའི་ལེའུའི་དཔེས་སྙིང་རྗེ་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེར་ཧ་ཅང་སྙིང་རྗེ་བ་བཀག་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་དོན་ལ་མཁས་པས་འཇིག་རྟེན་འདུན་པར་བྱ་བའི་ཕྱིར་རོ། །ཟློག་ན་ཡང་གལ་ཏེ་ཕམ ་པར་འདོད་པའི་བྱང་ཆུབ་སེམས་དཔའ་འཁོར་ཁྲོ་བར་གྱུར་ན་།དེ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་ཞིང་གཉི་ག་ལ་གནོད་པར་འགྱུར་རོ། །འདོད་ཆགས་ཀྱང་ཉེས་པ་ཡིན་ཏེ། །འདོད་པ་དག་ལ་བརྟེན་པའི་མི་།ལྡོངས་འགྱུར་ཕ་མ་གསོད་པར་འགྱུར ་འདོད་བསྟེན་ཚུལ་ཁྲིམས་ལྡན་པ་འང་གསོད། །དེས་ན་ཆགས་པ་རྟག་ཏུ་སྤངས་པར་བྱ་ཞེས་བསྟན་ཏེ། བདག་བདེ་བ་ལ་ཆགས་པས་ནི་གཞན་གྱི་སྡུག་བསྔལ་ཡལ་བར་འདོར་བ་མཐོང་ཞེ་ན། གང་གཞན་གྱི་སྡུག་བསྔལ་བདག་གི་སྡུག་བསྔལ་བུམ་གོམས་པ་དེ་ལ་ནི་མཐོང་? ་གང་ཤིན་ཏུ་གོམས་པ་དེ་ལ་ནི་ཉེས་པ་གཉི་ག་མི་འབྱུང་ངོ། །ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཀུན་དགའ་བོ་འདི་ལྟ་སྟེ་།དཔེར་ན་འདི་ལ་སྐྱེས་བུ་ལ་ལ་ཞིག་རྐང་པས་ནས་སྤྱི་བོའི་བར་དུ་འབར་བར་འགྱུར་ཏེ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་བ་དེ་ལ། ་སྐྱེས་བུ་ལ་ལ་ཞིག་དེར་ཉེ་བར་འོངས་ཏེ། འདི་སྐད་དུ་ཀྱེ་སྐྱེས་བུ་ཚུར་ཤོག་།ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་རྩེས་ཤིང་དགའ་བར་གྱིས་དགའ་མགུར་སྤྱོད་ཅིག་ཅེས་ཟེར་ན་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ་སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་འགྱུར་ཏེ་རྩེ་བ་དང་དགའ་བ་དང་དགའ་མགུར་སྤྱོད་པར་བྱེད་དམ། ཀུན་དགའ་བོས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་པ། ཀུན་དགའ་བོ་ཡོངས་སུ་བརྟག་པ་བཟུང་སྟེ་སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་འགྱུར་ཏེ། རྩེ་བ་དང་དགའ་བ་དང་དགའ་མགུར་སྤྱོད་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་སྒོན་བྱང་ཆུབ་སེམས་དཔའ་ཨི ་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ངན་སོང་གསུམ་གྱི་སྡུག་བསྔལ་བར་གྱུར་ཅིང་དབུལ་བ་དག་མཐོང་ནས་ཡིད་བདེ་བ་འམ་སེམས་དགའ་བར་མ་བྱུང་ངོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །འཇིག་རྟེན་ན་ཡང་བུ་གསལ་ཤིང་ལ་སྐྱོན་པ་མཐོང་ན་ཕམ ་རང་གི་ཚུལ་དང་མཐུན་པར་སྙིང་རྗེ་བའི་དབང་གིས་རང་གི?་བདེ་བ་ལ་མི་ཆགས་པར་སྣང་ངོ། །དཔེན་བ་ཞིག་ཏུ་བྱས་ན་ཁྱོད་ཡོད་པ་འམ། མགོ་བཙད?་དམ་རིགས་དང་ཆོས་དང་རྒྱལ་མཚན་གྱིས་བསྲུངས་པ་ལ་ཡང་རུང་སྟེ་འདོད་པ་ལ་ལོག་པར་གཡེམ་པར ་མི་འགྱུར་རོ། །སེམས་ཅན་གྱི་དོན་དུ་འགྱུར་བ་སེམས་ཅན་ལ་ཡང་མི་གནོད་པ་བསྒྲུབ་ན་ཉས་པ་མེད་དོ། །ཡང་དག་པར་ཚངས་པར་སྤྱོད་པ་རྣམས་ན་དོན་བྱས་པའི་ཕྱིར་དེ་དག་ལ་མ་སྲིང་ལ་སོགས་པ་བཞིན་དུ་རིང་དུ་སྤངས་ཤིང་མཚད་དོ། །དེ ་ལྟ་ན་ནི་དགེ་སློང་གིས་ཀྱང་བྱ་བར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ་།དེ་བཞིན་དུ་ཚངས་པར་སྤྱོད་པའི་རྣམ་པས་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དེས་དུས་དང་དུས་མ་ཡིན་པ་བཏང་སྙོམས་བྱའོ་ཞེས་གསུངས ་སོ། །ཅི་སྟེ་དེ་ལས་སེམས་ཅན་གྱི་དོན་དུ་འགྱུར་པ་ལྷག་པ་མཐོང་ན་བསླབ་པ་དབུལ་ལོ། །བསྐལ་པ་མང་པོར་གོམས་པས་བདག་ཉིད་དུ་གྱུར་པའི་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་ལ་སོགས་པ་ཡོངས་སུ་རྫོགས་པའི་དགེ་བའི་རྩ་བ་ཅན་གྱི་བྱང་ཆུབ་སེམས ་དཔའ་རྣམས་ལ་འདོད་ཆགས་ཀྱི་བར་དུ་གཅོད་པར་བྱེད་པར་འགྱུར་རམ་ཅི་འདི་ནི་མི་སྲིད་པ་ཉིད་དོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང་བསྟན་ཏེ། བྲམ་ཟེའི་ཁྱེའུ་སྐར་མ་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྦྱོང་པའི་དབང་དུ་བྱས་ནས་དེས་གོམ ་པ་བདུན་ལ་གནས་ཏེ་སྙིང་རྗེ་སྐྱེས་ནས་བདག་གི་བརྟུལ་ཞུགས་འདི་བཤིག་སྟེ། སེམས་ཅན་དམྱལ་བར་སོང་བར་གྱུར་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་མྱོང་བར་བཟོད་ཀྱི། བུད་མེད་འདི་ཤིང་འོང་གི་བདེ་བར་གྱུར་ཅིག་ཅེས་རིགས་ཀྱི ་བུ་བྲམ་ཟེའི་ཁྱེའུ་སྐར་མ་དེ་སླར་ལེག་སྟེ་བུད་མེད་དེ་ལ་ལག་པ་གཡས་པ་ནས་བཟུང་ནས་སྲུ་མོ་ཁྱོད་ཅི་འདོད་པ་བྱས་ལོངས་ཤིག་ཅེས་དེ་སྐད་སྨྲས་སོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་ང་འདོད་པ་ངན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད ་པས་ཀྱང་བསྐལ་བ། བྲིར་འཁོར་བ་ཕྱིར་བསྙིལ་ཏེ་སྤངས་པར་གྱུར་ཏོ། །རིགས་ཀྱི་བུ་སེཾས་ཅན་གང་དག་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་དེས་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཚངས་པའི་འཇིག་རྟེན་དུ་སྐྱེས་བ་ལ་ལྟོས་ཞེས་གསུངས་སོ། །ཡང་དེ་ཉིད་ལས། གལ་ཏེ་བྱང ་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་དགེ་བའི་རྩ་བ་སྐྱེད་པར་འགྱུར་བ་ལྟན་།ལྟུང་བ་ཇི་ལྟ་བུ་བྱུང་བས་བསྐལ་བ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་འཆོ་བར་འགྱུར་བ་དེ་འདྲ་བའི་ལྟུང་བ་བྱུང་ཡོད། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱུང་བ ་བྱུང་བ་དང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ལ་སྤྲོ་བ་ཉིད་དུ་བགྱིས་ཏེ། སེམས་ཅན་གཅིག་པོ་དེའི་དགེ་བའི་རྩ་བ་ཡོངས་སུ་བཏང་བ་དང་ཡོངས་སུ་བྲ་བར་ནི་མི་བགྱིའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས ་པ་བརྒྱ་ལ་ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ཉེས་པ་བྱུང་ན་དེ་འདི་ལྟར་སློབ་སྟེ། གལ་ཏེ་བདག་གི་ཕུང་པོ་འདི་དག་གི་ཡོངས་སུ་མྱ་ངན་ལས་འདའ་པར་བྱ་ན་ནི་བདག་གི་སེམས་ཡོངས་སུ་གདུང་བ་དང་ལྡན་པར་ཡང་གྱུར་གྱིས་འདི་ལྟར་བདག་གིས་སེམས ་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཛའ་ཨི་མུར་ཐུག་པར་གནས་པ་དེ་ལྟ་བུའི་གོ་ཆ་བགོས་ལ། བདག་གིས་སེམས་ལ་གདུང་བར་ནི་མི་བྱའི། ཇི་ལྟ་ཇི་ལྟར་འཁོར་བར་འཁོར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ། །ལྟུང་བ་འདི་ཡང་ཆོས་བཞིན ་དུ་གསོ་བར་བྱའོ། །ཕྱིས་ཉེས་པ་མི་བྱའོ་སྙམ་དུ་སེམས་སོ། །རིགས་ཀྱི་པུ་ཡོངས་སུ་བརྟགས་པ་བཟུང་ན་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྩ་བའི་ལྟུང་བ་བཞི་པོ་ཐམས་ཅད་ཞིག་པར་གྱུར་ཀྱང། ཐབས་ལ་མཁས་པའི་འདིས་སེལ?་བར་བྱེད་པ་ལྟ་ན། ་བྱང་ཆུབ་སེམས་དཔའ་ལ་ལྟུང་བར་མི་འགྱུར་བར་ད་སྨྲའོ་ཞེས་གསུངས་སོ། །འདི་ནི་དཀོན་མཆོག་སྤྲིན་ལས་ཀྱང་གསལ་བ་ཉིད་དེ། མཚམས་མེད་པ་བྱེད་པར་འདོད་པའི་མི་གསད་པར་གནད་པའི་ཕྱིར་རོ། །ཉན་ཐོས་ཀྱི་འདུལ་བ་ལས་ཀྱང། རྩ་བའི་ལྟུང་བའི་གནས ་ཉིད་ལ་སྙིང་རྗེ་བས་རི་དགས་ལ་སོགས་པ་བཏང་བས་ཉེས་པ་མེད་པར་གསུངས་སོ། །གང་བྱང་ཆུབ་སེམས་དཔའ་འདོད་ཆགས་སྐྱེས་ནས་བདེ་འགྲོ་ཐོབ་པ་འདི་ནི་འདོད་ཆགས་ཡོན་ཏན་ཅན་ཡིན་ཏེ་ཁྲོ་བ་ནི་དེ་ལྟ་མ་ཡིན་ནོ། །འཕགས་པ་ཐབས་ལ་མཁས་བའི་མདོ་ལས་ཇི ་སྐད་དུ། བྱང་ཆུབ་སེམས་དཔའ་དགའ་བྱེད་ལ་བུ་མོ་དཔལ་ཡོན་ཏན་གྱི་མཆོག་ཆགས་པར་གྱུར་བའི་དབང་དུ་བྱས་ནས། དགའ་བྱེད་སྨོན་ལམ་གྱི་ཕྱིར་འདེབས་པ་ནི། །བུད་མེད་གང་དག་ཆགས་སེམས་ཀྱིས་བལྟ་བ། །དེ་ནི་བུད ་མེད་ལུས་ཀྱང་ཡོངས་སྤངས་ཏེ། །སྐྱེས་བུ་ཡངས་པའི་སེམས་ཅན་གྱུར་བར་ཤོག། གང་གིས་སེམས་ཅན་གཞན་དག་དམྱལ་འགྲོ་བ། །དེས་ནི་དཔའ་བོ་དག་ལ་ཆགས་བསྐྱེད་ན། །མཐོ་རིས་འགྲོ་ཞིང་སྐྱེས་པ་ཉིད་འགྱུར་བ། །དེ་ཡི་ཡོན་ཏན་འདི་འདྲ ་ཀུན་དགའ་ལྟོས། །དེ་བཞིན་དུ་སྦྱར་ཏེ། སུ་ཞིག་རྩི་རྒྱལ་གྲགས་པ་ཆེན་པོ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཞེ་སྡང་སྐྱེད། །དེ་དག་ཉོན་མོངས་ལས་ཀྱང་བདེ་སྦྱིན་ན། །དེ་ལ་བཀུར་སྟི་བྱེད་བ་སྨོས་ཅི་དགོས་ཞེས་གསུངས་སོ། །དེ་ལྟར་སེམས་ཅན་གྱི ་དོན་གྱི་ཐབས་གཞན་མེད་ན། འདོད་ཆགས་ལས་བྱུང་བའི་ཉེས་པ་ཡང་ཉེས་པ་མ་ཡིན་པར་བཤད་དོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང། །སྨད་འཚོད་མ་ལྟར་དོན་བྱས་ནས་བྱང་ཆུབ་སེམས་དཔའ་བཏང་སྙོམས་སུ་བྱེད་དེ་སེམས་ཅན་དེ་འདོར་རོ ་ཞེས་རྒྱས་བར་གསུངས་སོ། །ས་ཐོབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལ་འདི་བསམ་པར་བྱའི་གཞན་ལ་ནི་མ་ཡིན་ནོ། །དེ་ལྟར་ཞར་ལ་འོངས་པ་ཡིན་ཏེ་རེ་ཞིག་བཞག་གོ་།དེའི་ཕྱིར་ཞེ་སྡང་གི་སྐབས་དབྱེ་བར་མི་བྱའོ། །ཉེ་བར་འཁོར་གྱིས་ཞུས་པ ་ལས་ཀྱང། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལྟུང་བ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཞེ་སྡང་དང་ལྡན་པ་དང། གཏི་མུག་དང་ལྡན་པའོ། །དེ་བཞིན་དུ་སྦྱར་ཏེ། ཤཱ་རིའི་བུ་དེ་ལ་བྱང ་ཆུབ་སེམས་དཔའ་དང་པོས་ཐོག་མའི་ལྟུང་བ་སྡེ་བཅུ་ལས་ལྕི་བ་རྣམས་བཤགས་པར་བྱའོ། །ལྟུང་བ་ཡོད་པ་སྡེ་ལྔ་ལས་ལྕི་མ་རྣམས་བཤགས་པར་བྱའོ། །ཤཱ་རིའི་བུ་བུད་མེད་ཀྱི་ལག་པ་ནས་འཛིན་པ་དང། མིག་གིས་བལྟ་བ་དང། གནོད་སེམས ་ཀྱང་ལྟུང་བ་སྟེ་གང་ཟག་གཅིག་གམ་གཉིས་ལ་ཡང་བཤགས་པར་བྱའོ། །བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་དང་ལྡན་པའི་ལྟུང་བ་དང། བུད་མེད་ལས་ལྟུང་བ་བྱུང་བ་དང་ལག་པ་ལས་ལྟུང་བ་བྱུང་བ་དང། ཁྱེའུ་ལས་ལྟུང་བ་བྱུང་བ་དང། མཆོད ་རྟེན་ལས་ལྟུང་བ་བྱུང་བ་དང། དགེ་འདུན་ལས་ལྟུང་བ་བྱུང་བ་དང། དེ་ལས་གཞན་པའི་ལྟུང་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་ལ་གཅིག་པོས་ཉིན་མཚན་དུ་བཤགས་པར་བྱའོ། །དེ་ལ་ལྟུང་བ་བཤགས་པ་ནི་འདི་ལྟ་སྟེ། བདག་མིང་འདི ་ཞེས། བགྱི་བ་སངས་རྒྱས་ལ་བསྐྱབས་སུ་མཆེའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་འཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་ཤཱཀྱ་ཐུབ་བ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག ་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔས་བྱིན་ལ་ཕྱག་འཚལ་ལོ། །ཚངས་བ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྟ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ ་བཟང་ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཛའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་དོན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པའི་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེའི་འོད་ཟེར་རྣམ་པར་རོལ་པས་མངོན་བར་མཁྱེན་པ་ལ་ཕྱག་འཚལ་ལོ། །ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ ་105 ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ་ཕྱག་འཚལ་ལོ། །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པས་གཤེགས་པ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདམོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་ཏེ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་འཇིག་རྟེན་གྱི་ཁམས་ཐམས་ཅད་ན ་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསལ། གང་དག་གི་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་ཐོག་མ་མ་མཆིས་པའི་སྐྱེ་བ་ནས་འཁོར་བར་འཁོར་བ་ན། སྡིག་པའི་ལས་བགྱིས་པ་དང། བགྱིད་དུ ་རྒྱལ་བ་དང། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང། མཆོད་རྟེན་གྱི་དང་དགེ་འདུན་གྱི་དང། ཕྱོགས་བཞིའི་དགེ་འདུན་གྱི་ནོར་འཕྲོགས་པ་དང། འཕྲོག་ཏུ་སྩལ་པ་དང་འཕྲོག་པ་ལ་རྗེས་སུ་ཡི་རང་བར་གྱུར་བ་དང། མཚམས་མ་མཆིས་པའི་ལས་བགྱིS ་པ་དང། བགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང། མི་དགེ་བ་བཅུའི་ལས་ཀྱི་ལམ་བཟུང་སྟེ་སྤྱོད་པ་དང་སྤྱོད་དུ་སྩལ་པ་དང་རྗེས་སུ་ཡི་རང་བར་གྱུར་པ་དང། ལས་ཀྱི་སྒྲིབ་པ་གང་གིས་སྒྲིབས་ཏེ་སེམས་ཅན་དམྱལ་བར་མཆི ་བའམ། དུད་འགྲོའི་སྐྱེ་གནས་དཔག་ཤིན་རྗེའི་ཡུལ་དུ་མཆི་བ་འམ། ཡུལ་མཛའ་ཁོབ?་ཀྱི་ཀླ་ཀློ་རྣམས་སུ་སྐྱེ་བར་འགྱུར་བ་འམ། ལ་ཚེ་རིང་པོར་སྐྱེ་བ་འམ། དབང་པོ་མ་ཚང་བར་འགྱུར་བ་དང། ལེག་བུར་ལྟ་བ་ཡོངས་སུ་འཛིན་པ་དང། སངས་རྒྱས་འབྱུང ་@105བ ་བ་མཉེས་པར་མི་བགྱིད་པའི་ལས་ཀྱི་སྒྲིབས་པ་དེ་ཐམས་ཅད་།ཡེ་ཤེས་སུ་གྱུར་པ་སྤྱན་དུ་གྱུར་པ། །དབང་དུ་གྱུར་པ་ཚད་མར་གྱུར་ཏེ་སངས་རྒྱས་བཅོམ་ལྡན་འདས་མཁྱེན་ཅིང་གཟིགས་པ་དེ་དག་གི་སྤྱན་སྔར་སོ་སོར་བཤགས་སོ། །མཐོལ་ལོ། །མི་འཆབ་པོ། །སླན ་ཆད་ཀྱང་སྡོམ་པར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ། །གང་བདག་གིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་ཐོག་མ་མ་མཆིས་པའི་སྐྱེ་བ་ནས་འཁོར་པའི་ཚེ་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཚངས་གཅིག་ཙམ ་སྦྱིན་པ་སྩལ་བ་དང། ཚུལ་ཁྲིམས་བསྲུངས་བར་གྱུར་པ་དང། བདག་གིས་ཚངས་པར་སྤྱད་པར་གནས་པའི་དགེ་བཱི་རྩ་བ་དང། བང་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་དང། གང་བདག་གིས་བྱང་ཆུབ་ཀྱི་སེམས་ཀྱི་དག་བའི་རྩ ་བ་དང། གང་བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་དེ་ཐམས་ཅད་གཅིག་ཏུ་བསྡུས་གཅིག་ཏུ་སྤུངས་བཙལ་ཏེ་མངོན་པར་བསྡུས་ནས། བླ་མའི་ཡང་བླ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔོས?་པ་དང། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན། དས་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དང་།ཇི་ལྟར་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་བསྔོ་བ་བཞིན་དུ་བདག་གིས་ཀྱང ་ཡོངས་སུ་བསྔོའོ། །སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་བོ། །བདག་བླ་ན་མེད་པའི་ཡེ་ཤེས་སུ་གྱུར་ཅིག། མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དག་གང་དག་འདས ་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཛའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི། །བྱང་ཆུབ་སེམས་དཔའ་གང་དག་སྙིང་རྗེའི་སྟོབས་ལྡན་ཞིང། །དཔའ་བོ་སེར་ས་ཅན་རྣམས་ལ་ཕན་ཕྱིར་སྤྱོད་བྱེད་པ། །དེ་དག་རྣམས་ཀྱིས ་སྐྱབས་མེད་སྡིག་བྱེད་བདག་ལ་སྐྱོབས། །བྱང་ཆུབ་སེམས་དཔའ་དེ་དག་རྣམས་ལ་བདག་སྐྱབས་འཆི། །ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་།སངས་རྒྱས་སུམ་ཅུ་སོ་ལྔ་འདི་དག་ལ་སོགས་པ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡིད་ལ་བྱེད་པས་སྡིག་པ་ཐམས་ཅད་རྣམ་པར་དག་པར་བྱའོ། །དེ་དེ་ལྟར་སྡིག་པ་ཐམས་ཅད་རྣམ་པར་དག་བས་།སེམས་ཅན་རྣམས་ཐར་བར་བྱ་བའི་ཕྱིར་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཞལ་ཉེ་བར་སྟོན་ཏོ། །དེ ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་འཁྲུལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཚིག་འབྲུ་སྣ་ཚོགས་ཀྱི་རྣམ་པ་ཉེ་བར་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་མི་གཡོ་འོ་དེ་བཞིན་དུ་སྦྱར་རོ། །བྱང་ཆུབ་སེམས་དཔས་ཉིན་མཚན་དུ་སངས་རྒྱས་བཅོམ་ལྡན་འདས ་དེ་དག་གི་མཚན་འཛིན་པ་དང་ཡོངས་སུ་བརྗོད་པ་དང་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཀློག་པས་ལྟུང་བ་འགྱོད་པ་ལས་འབྱུང་པ་དང། ཏིང་ངེ་འཛིན་ཀྱང་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐག་པ་ཐམས་ཅད་ཀྱི་ལྟུང་བ་འགྱོད ་བའི་གནས་རྣམ་པར་སྤྱད་པར་མི་ནུས་སོ་ཞེས་གསུངས་སོ། །རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་བཤད་ཟིན་ཏོ། །གཉེན་པོ་ཀུན་ཏུ་སྤྱོད་པ་བཤད་པར་བྱ་སྟེ། དེ་ལ་མདོ་སྡེ་ཟབ་མོ་ལ་བརྟེན་པས་སྡིག་པ་ཟད་པར་འགྱུར་ཏེ། རྡོ་རྗེ་གཙོད་པ་ལས་ཇི ་སྐད་དུ། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེ་ཚིག་འདི་དག་ལེན་པ་དང། འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་གྱུར་ཤིན་ཏུ་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི ་ལྟར་སེམས་ཅན་དེ་དག་གི་ཚེ་རབ་སྔ་མའི་ནི་དགེ་པའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་དང་མཐུན་པ་བྱས་པ་གང་དག་ཡིན་པའི་ཚེ་རབས་སྔ་མའི་མི་དགེ་བའི་ལས། དེ་དག་ཚེ་འདི་ལ་མནར་བས་བྱད་པར་འགྱུར་ཏེ་།སངས་རྒྱས་ཀྱི་བྱང་ཆུབ་ཀྱང ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །སྟོང་པ་ཉིད་ལ་མོས་པས་ཀྱང་སྡིག་པ་དག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་གསང་བའི་མཛོད་ཀྱི་མདོ་ལས། འོད་སྲུངས་གང་གི་བ་ཡང་ཡིན་ལ། རང་སངས་རྒྱས་ཀྱང་ཡིན་པ་དེ་དག་སྲེག་བཅད་ན་དེ ་ནི་སྲོག་གཅོད་པ་དེའི་ནང་ནས་མ་རུངས་པའོ། །འདི་ལྟ་སྟེ་།དཀོན་མཆོག་གསུམ་གྱི་དཀོར་བརྐུན་འདི་ནི་མ་བྱིན་པར་ལེན་པའི་ནང་ན་མི?་རུངས་པའོ། །འདི་ལྟ་སྟེ་མ་ཡང་ཡིན་ལ་དགྲ་བཅོམ་པ་ཡིན་པ་དེ་ལ་ལོགS་པར་སྤྱད་པ་འདི་ནི་འདོད་པ་ལ་ལོག་པར་སྤྱད་པ་རྣཾས? ་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་འདི་ནི་བརྫུན་དུ་སྨྲ་བའི་ནང་ནས་མ་རུངས་པའོ། །འདི་ལྟ་སྟེ། འཕགས་པའི་དགེ་འདུན་ལོ་མི་སྙན་པ་བརྗོད་པ་འདི་ནི་ཕྲ་མའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་འཕགས་པ་རྣམས་ལ ་གནོད་པ་འདི་ནི་ཚིག་རྩུབ་པོའི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ་ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་བཀྱལ་པའི་ནང་ནམ་རུངས་པའོ། །འདི་ལྟ་སྟེ་མཚམས་མེད་པ་བྱེད་བར་ཤོམ་པ་འདི་ནི་གནོད་སེམས་ཀྱི་ནང་ན་མ་རུངས ་པའོ། །འདི་ལྟ་སྟེ་ཡང་དག་པར་སོང་བ་རྣམས་ཀྱི་རྙེད་པ་འཕྲོགས་པའི་སེམས་འདི་ནི་བརྣབ་སེམས་རྣམས་ཀྱི་ནང་ན་མ་རུངས་པའོ། །འདི་ལྟ་སྟེ། ལྟ་བས་གཟིགས་པ་འདི་ནི་ལོག་པར་ལྟ་བའི་ནང་ན་མ་རུངས་པ་སྟེ་།འོད་སྲུངས་འདི་ནི་མི་དགེ་བ་བཅུའི ་ལས་ཀྱི་ལམ་འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །འོད་སྲུངས་གལ་ཏེ་སེམས་ཅན་གཅིག་ཅིག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཁ་ན་མ་ཐོ་པ་ཆེན་པོ། ད་བཅས་པ་འདི་དག་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན ་པའི་ཆོས་སྟོན་པ་ལ་འཇུག་སྟེ་།འདི་ལ་བདག་གམ། སེམས་ཅན་ནམ་།སྲོག་གམ་།གང་ཟག་གམ། གང་བྱེད་པ་འམ། གང་མྱོང་བ་ནི་གང་ཡང་མེད་དོ་སྙམ་ནས། ཆོས་ཐམས་ཅད་ནི་བྱས་བ་མེད་པ་དང། མངོན་པར་འདུས་བྱས་པ་མེད་པ ་དང། སྒྱུ་མ་ལྟ་བུའི་ཆོས་ཉིད་དང། ཀུན་ནས་ཉོན་མོངས་པའི་ཆོས་ཉིད་དང། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང། ཆོས་ཐམས་ཅད་གོང་དམ་ནས་དག་པར་ཡིད་ཆེས་ཏེ་མོས་ན། སེམས་ཅན ་དེ་ངན་སོང་དུ་འགྲོ་བར་ད་མི་སྨྲའོ་ཞེས་གསུངས་སོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ལྟུང་བ་ལ་ལྟུང་བ་མ་ཡིན་པར་མཐོང་བ་དང་འདུལ་བ་མ་ཡིན་པ་ལ་འདུལ་བར་མཐོང་བ ་དང། ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་མཐོང་བ་དང། འཁོར་བའི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དེས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པོ་ཞེས་གསུངས་སོ། །དམ་ཚིག་གསུམ་གྱི་རྒྱལ་པོ་ལས་ཀྱང་། ་སྡིག་པའི་གཉེན་པོ་ཀུན་དུ་སྤྱད་པར་གསུངས་ཏེ། མིག་བཙུམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་སེམས་ཀྱིས་ཡི་གེ་བརྒྱ་པ་ལན་སྟོང་ཕྲག་བརྒྱད་བཟླས་བརྗོད་བྱས་ནས་།མིག་བཙུམས་བཞིན་དུ་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་མཐོང་བར་འགྱུར། སྡིག་པ་དང་བྲལ་བར་འགྱུར་རོ། །ཡང་ན་མཆོད་རྟེན་ལ་བསྐོར་བ་བྱེད་ཅིང་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །སྐུ་གཟུགས་དང་དམ་པའི་ཆོས་ཀྱི་གླགས་བམ་གང་ཡང་རུང་བ་ཞིག་མདུན་དུ་བཞག་ནས་ཀྱང ་སྟེ་བསྐོར་ཞིང་ལན་སྟོང་བཟླས་བར་བྱ་སྟེ་ཆོ་ག་ནི་འདི་ཉིད་དོ་ཞེས་གསུངས་སོ། །སྐུལ་བྱེད་མའི་གཟུངས་ལས་ཀྱང། ཇི་སྲིད་དུ་སྡིག་བ་བྱང་བའི་མཆན་མ་མཐོང་བ་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ་།མི་རྨི་ལམ་ན་ཟས་ངན་སྐྱུག་པ་དང། ཞོ་དང་འོ་མ་ལ་སོགས་པ ་འཐུང་བ་དང། སྐྱུག་པ་དང། ཉི་མ་དང་ཟླ་བ་མཐོང་བ་དང། ནམ་མཁའ་ལ་འགྲོ་བ་དང། མེ་འབར་བ་དང་མ་ཧེ་དང་མི་ནག་པོ་ཐུབ་པ་དང། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང། འོ་མ་འབྱུང་བའི་ཤིང་དང་བླང་པོ་དང་ཁྱུ་མཆོག་དང། རི་དང ་སེངྒེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེག་པ་དང། ཆོས་ཉན་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། སྡིག་པ་བྱང་བར་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པས་གཟུངས་ཀྱི་ལེའུ་ལས་ཀྱང་གཉེན་པོ་ཀུན་ཏུ་སྤྱོད་པ་གསུངས་ཏེ། དཔེར་ན་མི ་ཞིག་ངན་སྐྱུགས་ཀྱི་རེག་པ་ལས་ལེགས་པར་བཀྲུས་ཏེ་ཁྲུས་བྱས་ནས་སྤོས་ཀྱི་བྱུག་ན་།དེའི་དྲིང?་བ་མེད་ཅིང་བྲལ་བར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་ལྔ་བྱས་པའི་སྡིག་དེ་བྱང་བར་འགྱུར་རོ། །གང་ཡང་མི་དགེ་བཅུའི་ལས་ཀྱི་ལམ་དང་ལྡན་པར ་གྱུར་ལ། །དེ་བཞིན་གཤེགས་པ་ལ་དང་པ་རྙེད་ནས་དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་བྱེད་ན་དེའི་སྡིག་པ་ཡང་མི་མངོན་པར་འགྱུར་རོ། །བྱེ་བྲག་ཏུ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང། བྱེ་བྲག་ཏུ་ནི་ཁྱིམ་གྱི་གནས་ནས་འབྱུང་བ་ཚུལ་ཁྲིམS ་དང་ལྡན་པའི་སྡིག་བ་བྱང་བར་འགྱུར་རོ་ཞེས་གསུངས་སོ། །མེ་ཏོག་བརྩེགས་པའི་གཟུངས་ལས་ཀྱང་གསུངས་ཏེ་།སེང་གེ་རྣམ་པར་རྩེ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་ལ་ལོ་གཅིག་གམ་ལོ་བརྒྱ ་འམ་ལོ་སྟོང་ཡང་རུང་སྟེ་།བདེ་བའི་ཡོ་བྱང་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང། བྱང་ཆུབ་ཀྱི་སེམས་ཀྱི་ཡང་དག་པར་ཟིན་པ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི ་མཆོད་རྟེན་ལ་མ་ཏོག་འགའ་དབུལ་ལམ། ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲི་འམ། མེ་ཏོག་ཉལ་ཉེལ་ཕྱག་གམ། བྱུག་པ་འབུལ་ལམ་།སྤོས་འབུལ་ལམ། བདུག་སྤོས་འབུལ་ལམ། མར་མེ་འབུལ་ཏེ་ཕུལ་ནས་དགའ་བའི་སམས ་གྱི་གོམས་པའི་གར་སྟབས་འགའ་བོར་ཏེ་།སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེངྒེ་རྣམ་པར་རྩེ་པ་བསྐལ་པར་དམ་བསྐལ་པ་བརྒྱ་འམ་བ་སྐལ་པ་སྟེང་དུ་འམ་བསྐལ་བ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བར ་འགྲོ་བར་འགྱུར་བ་དེའི་གནས་མེད་དོ་ཞེས་གསུངས་སོ། །སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་མདོ་ལས་ཀྱང། གང་དག་ཡང་བསླབ་པའི་གཞི་ལྔ་པོ་དག་འཛིན་པ་དང། གང་དག་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང། གང་དག་བྱང་ཆུབ ་སེམས་དཔའ་ཨི་སྡོམ་པ་བསླབ་པའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང། ཁྱིམ་གྱི་གནས་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བ་རྒྱ་པོ་དག་འཛིན་པ་སྟེ། གང ་དག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་སྡོམ་པ་དེ་དག་གི་ནད་ནས་བསླབ་པའི་གཞི་གང་ཡང་རུང་བ་ཞིག་ལས་ཉམས་བར་གྱུར་ཏེ། ངན་འགྲོ་ངན་སོང་གི་འཇིགས་སྐྲག་བ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེ་ལ ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན་།དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །བུད་མེད་གང་དག་ལ་ལ་བུ་རྩ་བའི་དུས་ན་སྡུག་བསྔལ་མ་རུངས་པ་དྲག་པོ་བྱུང་བ་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ ་བཻཌཱུརྱའི་འོད་དེ་ལ་མཆོད་ན་དེ་མྱུར་དུ་ཡོངས་སུ་ཐར་པར་འགྱུར་།བུ་ཡང་ཡན་ལག་ཡོངས་སུ་ཚང་བར་བཙའ་ཞིང་གཟུགས་བཟང་བ་དང་མཛེས་པ་དང། བལྟ་ན་སྡུག་པ་དང། དབང་པོ་རྣོ་བ་དང། བློ་དང་ལྡན་པ་དང། ནད་མེད་ཅིང་གནོད་པ་ཉུང་བར་འགྱུར ་རོ།། ད་ལ་མི་མ་ཡིན་པས་མདངས་འཕྲོག་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་བ། །ཀུན་དགའ་བོ་གང་གི་ཕྱིར་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་དེའི་ཡོན ་ཏན་བརྗོད་པར་ཁྱོད་དང་དམ་ཡིད་ཆེས་སམ་།ཡང་ན་ཁྱེད་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་འདི་ལ་ཡིད་གཉིས་སམ་སོམ་ཉི་འམ། ཐེ་ཚོམ་ཟ་བ་དེ་མེད་དམ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན ་བ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ་སོམ་ཉི་འམ་ཐེ་ཚོམ་འཚལ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ ་དག་པ་མི་མངའ་བའི་སླད་དུའོ། །བཅོམ་ལྡན་འདས་གདུགས་དང་དགུང་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་གཉིས་ནི་དོགས་ལ་ལྟུང་ཡང་གདའ་། རིའི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་གདའ་ཨི་སངས་རྒྱས་རྣམས་ཀྱི་བཀའ་ནི་གཞན་དུ་མི་འགྱུར་ལགས་སོ། །བཙུན ་པ་བཅོམ་ལྡན་འདས་དེ་ལྟར་ལགས་ཀྱིས་ཀྱང་། སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག་མཆིས་ཏེ་།སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་འདི་ཐོས་ན་དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་མཆན་འདི་དྲན་པ་ཅི? ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་ཕན་ཡོན་དུ་འགྱུར་སྙམ་ནས་དེ་དག་མི་དད་ཅིང་ཡིད་མི་ཆེས་ཏེ་སྤོང་བས་ཡུན་རིང་པོར་གནོད་པ་དང་ཡིད་མི་བདེ་བ་དང་རྣམ་པར་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།ཀུན་དགའ་པོ་དེ་བཞིན་གཤེགས ་པ་དེའི་མཚན་སུའི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་།དན་འགྲོ་ངན་སོང་དུ་འགྲོ་བར་འགྱུར་བ་ནི་གནས་མེད་དོ་གོ་སྐབས་མ་ཡིན་ནོ། །ཀུན་དགའ་པོ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་ཨོ། །ཀུན་དགའ་བོ་ཁྱོད་དད་ཅིད་ཡིད ་ཆེས་པར་གྱུར་པ་དེ་ནི། དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་པ་གཅིག་གིས་ཐོགས་པ་རྣམས་མ་གཏོགས་པར་འདི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་། ་དད་མའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ་།ལོ་གཅིག་གམ་ཟླ་བ་གསུམ་དུ་བསླབ་པའི་གཞི་རྣམས་འཛིན་ཅིང། གང་དག་གི་བསམ་པ་འདི་ལྟ་བུས་། བདག་གིས་དགེ་བའི་རྩ་པ་འདིས ་109 ་ནུབ་ཕྱོགས་གང་ན་དེ་བཞིན་གཤེགས་པ་ཆེ་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པ་དག་ལས། གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན ་གྱི་བླ་བཻཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་འཆི་བའི་དུས་ཀྱི་ཆེ་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷག་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་དེར་པདྨ་ཚོན་ཁ་དོག་སྣ་ཚོགས་པ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །གང་ལེ་ལ་དག་ལྷའི ་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་དག་ནི་། དེར་སྐྱེས་ནས་སྔོན་གྱི་དགེ་བའི་རྩ་བ་དེ་ཟད་པར་མི་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་ནས་ཤི་འཕོས་ནས་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་འགྱུར་རོ། །ཡང་གཞན་དག་ནི་རྒྱལ་རིཌ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་བདག་དང། ཁྱིམ་བདག ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང། ནོར་དང་འབྲུ་དང་མཛོད་དང་བདེ་བ་མང་པོ་འབྱོར་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཏེ་། གཟུགས་ཕུན་སུམ་ཚོགས་པ་དང། གཡོག་ཕུན་སུམ་ཚོགས་པ་དང། དཔའ་བ་དང་བརྟུལ་པོད་པ་དང་ཚན་པོ་ཆེ ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །བུད་མེད་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ཤིང་བཟུང་བ་དེའི་བུད་མེད་ཀྱི་དངོས་པོ་དེ་ཐ་མ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ།། །།བམ་པོ་བརྒྱད་པ། །འཇམ་དཔལ ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་ལས་ཀྱང། །ཡེ་ཤེས་བླ་མ་འོད་ཀྱི་ཏོག། དེ་བཞིན་སྨོན་ལམ་བློ་གྲོས་དང། །དབང་པོ་ཞི་དང་འཇམ་དབྱངས་ལ། །བདག་ནི་གུས་པར་ཕྱག་འཚལ་ལོ། །སུ་ཞིག་བྱང་ཆུབ་སེམས་དཔའ་འདི་དག ་@109བ ་གི་མིང་འཛིན་པ་བུད་མེད་ཀྱི་དངོས་པོར་མི་འགྱུར་རོ་ཞེས་གསུངས་སོ། །གཉེན་པོ་ཀུན་ཏུ་སྤྱད་པ་མངོན་པར་བསྟན་ཟིན་ཏོ། །ད་ནི་ཉེས་པ་ལས་བཟློག་པའི་སྟོབས་བརྗོད་པར་བྱ་སྟེ་།འཕགས་པ་སའི་སྙིང་པོའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།སྲོག་གཅོད་པ་སྤོང ་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ཏེ་།སྐྲག་པར་མི་བྱེད་འཁྲུགས་པར་མི་བྱེད་སྤུ་ཟིང་ཞེས་འགྱུར་བར་མི་བྱེད་དོ། །དེ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེ་དང་དེ་སྲོག་གཅོད་པ་སྤོང་པའི་འཁོར་ལོ་དེས་སྔོན་གྱི་མཛའ་ཨི ་མུ་ནས་འགྲོ་བ་ལྔའི་འཁོར་ལོར་ཞུགས་ཤིང་འཁོར་བའི་ཆུ་བོར་ཁྱེར་ནས་།སྲོག་གཅོད་པའི་རྒྱུས་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དང་ཆོས་ཀྱི་སྒྲིབ་པ་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི ་རང་བ་གང་ཡིན་པ་ཐམས་ཅད་འཇོམས་ཏེ་།མ་ལུས་པ་རྣམ་པར་སྨིན་པར་མི་འགྱུར་བའི་བར་དུ་བྱེད་དོ། །དེ་ལ་རིགས་མཐུན་པའི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ། །ནད་མེད་པ་དང་ཚེ་རིང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་གང་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་སྤངས་པར་གྱུར་ཅིང་སེམས་ཅན་ཐཾས་ཅད་མི་འཇིགས་པ་སྦྱིན་ལ་གཞན་ལ་འགྲན་པ་མེད་པ་དང་འཁྲུག་པ་མེད་པ་རང་གི་རྙེད་པས་ཆོག་ཤེས་ཤིང། ཆོས་མ་ཡིན་པའི་ལོང་སྤྱོད་མི་འདོད་དེ། དགེ་བའི ་རྩ་བ་དེས་མ་བྱིན་པར་ལེན་པའི་རྒྱུ་ལས་བྱུང་བའི་བར་གྱི་ལས་ཀྱི་སྒྲིབ་པ་འཇོམས་སོ། །རབ་ཏུ་འཇོམས་སོ། །མ་ལུས་པ་རྣམ་པར་སྨིན་པར་མི་འགྱུར་བའི་བར་དུ་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ་།དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རང་གི་མི་མཐུན་པའི ་ཕྱོགས་མི་དགེ་བ་རྣམས་འཇོམས་པར་གསུངས་སོ། །དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང། གནོད་སེམས་སངས?་པས་སྡིག་བཟད་པར་འགྱུར་བ་འབྱུང་སྟེ། ཇི་སྐད་དུ་།འདིར་ནི་ཡང་དག་མ་ལགས་པར། །བྱིས་པ་རྣམས་ཀྱིས་མཚང་བྲུ་དང། །སྤྱོས་པ་དང ་ནི་བཟོད་བགྱི་སྟེ། །སྨོད་པ་འང་འདྲེན་པ་དང་དུ་བླང། །བྱང་ཆུབ་སེམས་དཔས་གཞན་དག་ལ། །བདག་གིས་གནོད་སེམས་བསྐྱེད་པ་དང། །སྔོན་ཆད་བདག་གི་སྡིག་པའི་ལས། །བགྱིས་པ་རྣམས་ནི་སྤྱད་པར་བགྱི་ཞེས་གསུངས་པ་ལྟ་བུའོ། །ཉེས ་པ་ལས་བཟློག་པའི་སྟོབས་བཤད་ཟིན་ཏོ། །རྟེན་གྱི་སྟོབས་བརྗོད་པར་བྱ་སྟེ། །འདིར་ཕག་གི་རྟོགས་པ་བརྗོད་པ་དཔེར་བྱའོ། །གང་དག་སངས་རྒྱས་སྐྱབས་དོང་པ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡིས་ལུས ་ཐོབ་བོ་ཞེས་གསུངས་ཏེ། དེ་བཞིན་དུ་ཆོས་དང་དགེ་འདུན་གྱི་དབང་དུ་བྱས་ཏེ་གདོན་ཏོ། །འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང། བྱང་ཆུབ་ཀྱི་སེམས་ཀྱི་སྡིག་པ་རྣམ་པར་དག་པ་གསུམ་ཏེ་།ཉེས་པ་བྱས་པ་ཐམས་ཅད་བསྲེགས་པས་སྲེག་པའི ་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར ་དུ་འགྱུར་རོ། །དངུལ་ཆུ་སྲད་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བ་འམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐཾས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་ཡེ་ཤེས་ཀྱི་བཟུང་བ་གཅིག ་གི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ་།ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་བཅག་པོ་དེ་ནི་ལས་དང་ཉོན་མོངས ་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བ་འམ་ཟད་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མར་མེ་གཅིག་གིས་ཁྱིམ་མམ་ཁད་བུ་ཇི་ལྟ་བུར་བཅུག་ཀྱང་རུང་སྟེ་བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་པའི་མུན་པ་ཡང་རྣམ་པར ་སེལ་ཅིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་མར་མེ་གཅིག་གིས་ཀྱང་སེམས་ཅན་གྱི་བསམ་པའི་ཐིབས་པོ་མ་རིག་པའི་མུན་པ་དང་ལྡན་པ་ཇི་ལྟ་བུ་ཡང་རུང་པར་ཞུགས་ན་ཞུགས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་བརྗོད་དུ་མེད་པར་བསགས་པའི་ལས ་དང་ཉོན་མོངས་པའི་སྒྲིབ་པ་དང་མུན་པ་ཐམས་ཅད་རྣམ་པར་སེལ་ཅིང་ཡེ་ཤེས་ཀྱི་སྣང་བ་སྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱི་གནད་པར་བྱ་བའི་འཇིགས་པ ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང། ངན་སོང་དང་ངན་འགྲོས་གནོད་པ་བྱ་བའི་འཇིགས་པ་མེད་དོ་ཞེས་བྱ་པའོ། །འཕགས་པ ་ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང། ཉེ་བར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་ནས་ལྟུང་བ་བྱུང་ཡང། ཕྱི་དྲོའི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ་།དེ་ལྟར ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོ་མཛའ་མེད་དོ། །གལ་ཏེ་ཕྱི་དྲོའི་དུས་ན་ལྟུང་བ་བྱུང་ཡང། ཕྱི་ཕྱེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ་།དེ་ལྟར་ན་ཐེག་པ་ཆེན་པོ ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོའི་མཛའ་མེད་དོ། །གལ་ཏེ་ཕྱིར་ཕྱེད་ཀྱི་དུས་ན་ལྟུང་བ་བྱུང་ཡང་སྲོད་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་མཛའ་མེད ་དོ།། གལ་ཏེ་སྲོད་ལ་ལྟུང་བ་བྱུང་ཡང་ནམ་ཕྱེད་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ་།དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་མཛའ་མེད་དོ། །གལ་ཏེ་ནམ་ཕྱེད་ན་ལྟུང་བ་བྱུང་ན་ཡང་ཐོ་རངས་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ ་བར་གནས་ཏེ་།དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ཕུང་པོའི་མཛའ་མེད་དོ། །ཉེ་བར་འཁོར་དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་བསླབ་པའི་བཅོས་སུ་རུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་འགྱོད་པ་ཀུན་ནས་ལྡང་བ་དེ་སྐྱེས་ན་ཧ་ཅང་མི་དགའ་བར་མི་བྱའོ། །ཉེ་བར་འཁོར་དེ་ལ་གལ་ཏེ་ཉན་ཐོས་པའི་གང་ཟག་ལ། ལྟུང་བ་ཡང་དང་ཡང་བྱུང་ན། ཉན་ཐོས་ཀྱི་ཐེག་པ་བའི་དང་བྲག ་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པར་བྱེད་དོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་སྡིག་པ་སྦྱང་པའི་ལེའུ་སྟེ་བརྒྱད་པའོ།། །།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ།། །།དེས་ན་དེ་ལྟར་རྒྱུན་མི་འཆད་པར ་སྡུག་བསྔལ་མང་པོ་དང་ལྡན་པའི་འཚལ་བའི་ཚུལ་ཁྲིམས་སྐྱེ་བ་བསྲུང་ཞིང་བ་ལྟར་ལས་ཀྱི་སྒྲིབ་པའི་གེགས་སེལ་བ་དེས་ཉོན་མོངས་པ་རྣམ་པར་སྤྱོད་བ་ལ་འབད་བར་བྱའོ། །ད་ལ་ཐོག་མར་རེ་ཞིག་བཟོད་བྱ། མི་བཟོད་པ་ནི་སྐྱོ་བ་སྲན་མི་ནུས ་པའི་ཕྱིར་ཐོས་པ་ལ་སོགས་པ་ལ་བརྩོན་པ་ཉམས་པར་འགྱུར་ཞིང། ཐོས་པ་དང་མི་ལྡན་པས་ནི་བསམ་གཏན་གྱི་ཐབས་དང་ཉོན་མོངས་པ་རྣམ་པར་སྤྱོད་པའི་ཐབས་ཀྱང་མི་ཤེས་ཏེ་།དེ་བས་ན་སྐྱེ་བ་མེད་པར། ཐོས་པ་བཙལ་བར་བྱ། ཤེས་སུ ་ཟིན་ཀྱང་འདྲེན་མར་སྤྱོད་པས་མཉམ་པར་བཞག་དཀའ་བར་འགྱུར་ཏེ། དེའི་ཕྱིར་དེ་ནས་ནགས་སུ་གནས་པར་བྱ་།དེར་ཡང་རྣམ་པར་གཡེང་བ་ཞི་བར་བྱ་བ་ལ་མི་བརྩོན་པས་སེམས་མཉམ་པར་འཇོག་པར་མི་འགྱུར་བས། མཉམ་པར་བཞག་ལ་བརྩོན་བྱ ་ཞིང། མཉམ་པར་བཞག་པའི་འབྲས་བུ་ནི་ཉོན་མོངས་པ་སྦྱོང་བ་མ་གཏོགས་བ་ཅི་ཡང་མེད་པས་དེའི་ཕྱིར་།མི་སྡུག་ལ་སོགས་བསྒོམ་པར་བྱ། །དེ་ལྟར་འདི་དག་ནི་རེ་ཞིག་ཉོན་མོངས་བ་སྦྱང་བ་བསྟན་པའི་ཚིག་གོ་།དེ་ནི་བཤད་པ་བརྗོད་དོ། །དེ་ལ ་བཤད་པ་ནི་།ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གཞན་གྱི་གནོད་པར་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པའོ་ཞེས་རྣམ་པ་གསུམ་གསུངས་སོ། །དེ་ལ་སྡུག་བསྔལ ་ཉན་སུ་ལེན་པའི་བཟོད་པའི་མི་མཐུན་པའི་ཕྱོགས་ནི་།སྡུག་བསྔལ་གྱིས་འཇིགས་པ་ཉིད་མི་འདོད་པ་བྱུང་བ་དང་ཕྲད་པ་དང། རང་གི་བདེ་བ་ལ་མངོན་པར་ཆགས་པ་ཉིད་འདོད་པའི་གེགས་བྱེད་པ་དང་ཕྲད་པ་སྟེ་།དེ་དག་ལས་ཡིད་མི་བདེ་ཞིང། དེ་ལས ་ནི་སྡང་པ་འམ་ཞུམ་པ་ཉིད་དོ། །དེ་པས་ན་ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། བདེ་བ་ལ་མི་ཆགས་པ་དང་།སྡུག་བསྔལ་ལ་མི་སྐྱོ་བའོ་ཞེས་གསུངས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། གང་ནང་གི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ ་དང་ཡིད་མི་བདེ་བ་དང་འཁྲུག་པ་དེ་དག་བཟོད་ཅིང་དང་དུ་ལེན་ཏོ་ཞེས་གསུངས་སོ། །འཕགས་པ་དྲག་ཤུལ་ཅན་གྱི་ཞུས་པ་ལས་ཀྱང། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་འཇིག་རྟེན་གྱི་ཆོས་བརྒྱད ་ལ་མཉམ་པ་ཉིད་ཐོབ་པར་བྱའོ། །དེས་ལོངས་སྤྱོད་རྙེད་དམ་ཆུང་མ་དང་བུ་རྙེད་དམ་ནོར་དང་འབྲུ་དང་རྫས་རྙེད་ཀྱང་ཁེངས་པར་ཡང་མི་བྱའོ། །ཐམས་ཅད་མ་འབྱོར་ཡང་དེ་ཞུམ་པར་ཡང་མི་བྱ་ཡི་མུག་པར་ཡང་མི་བྱའོ། །དེས་འདི་ལྟར་བརྟག་པར་བྱ་སྟ། ་འདུས་བྱས་ཐམས་ཅད་ནི་སྒྱུ་མའི་རྣམ་པ་ལྟ་བུ་རྣམ་པར་བསྒྲུབས་པས་སོ་སོར་ཉེ་བར་གནས་པའི་མཚན་ཉིད་དོ། །འདི་ལྟ་སྟེ་། ཕ་མ་དང་ཆུང་མ་དང་བྲན་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན ་མཚམས་དེ་དག་ནི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ་ཡིན་ཏེ། བདག་དབང་པ་མ་ཡིན་ལང་ཡང་འདི་དག་གི་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་གལ་ཏེ་བཅོས་སུ་ཡོད་ན་ནི་།དེ་ལ་མི་དགའ་བྱ་ཅི་དགོས། །དེ་སྟེ་བཅོས་སུ་མེད་ན་ནི། །དེ་ལ་མི ་དགའ་བྱས་ཅི་ཕན། །བཅོས་ཀྱང་ཡིད་མི་བདེན་ན་ནི། །ཁྲོ་བས་རྒྱལ་བ་འཐད་པ་འམ། །ཞུམ་པའི་ཕྱིར་ན་སྤྲོ་ཉམས་པས། །རྒུད་པ་ཆེན་པོས་ཟིན་པར་འགྱུར། །དེ་ལ་ཡང་དག་ཡང་སེམས་པས། །ཚེ་ཡང་ཐུང་བར་འགྱུར་བ་ཡིན ་དེ་ལྟ་བས་ན་གོམས་པ་ལས། །གནོད་པ་བཞིན་དུ་དོན་མེད་སྤངས། །ཡིད་མི་བདེ་བ་སྤངས་བ་ཡང་ཇི་ལྟར་གོམས་པར་བྱ་ཞེ་ན། ཡང་བ་དང་སྟི?་བའི་སེམས་སྤངས་པ་ལས་ཏེ་། དྲག་ཤུལ་ཅན་གྱི་ཞུས་པ་ལས་ཇི་སྐད་དུ་།ཤིང་བལ་གྱི་འདའ་བ་ལྟ་བུའི་སེཾས ་དང་བྲལ་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་སྡོད་པོ་བཀོད་པ་ལས་ཀྱང་།བུ་མོ་ཁྱོད་ཀྱི་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་པར་དཀའ་པའི་སེམས་བསྐྱེད་པར་བྱའོ། །མངོན་པར་ཞེན་པ་ཐམས་ཅད་གཞིག་པའི་ཕྱིར་གཞན་གྱིས་མི ་ཐུབ་པའི་སེམས་བསྐྱེད་པར་བྱའོ། །མི་མཐུན་པའི་བསམ་པ་ཅན་གྱི་སེམས་ཅན་རྒྱ་མཚོའི་ཀློང་འཁྱིལ་ལྟ་བུ་བབ་པ་རྣམས་ལ་མི་འཁྲུག་པའི་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །གོམས་པར་གྱུར་ན་དཀའ་བ་ཅུང་ཟད་ཀྱང་མེད་དོ། །འདི་ལྟར་རེ་ཞིག ་ཤིན་ཏུ་བླུན་པ་ཁུར་ཚ་བ་དང་ཉ་པ་དང་ཞིང་པ་ལ་སོགས་པ་དག་ཀྱང་སྡུག་བསྔལ་ལ་གོམས་པ་ལས་འབྲས་བུ་ཤིན་དུ་ཆུང་དུ་དང་ལྡན་པའི་དངོས་པོ་ལ་ཡང་ཡུན་རིང་པོ་ནས་སྨད་དུ་གྱུར་པའི་མཚན་མ་ཅན་གྱི་སེམས་འཁྲང?་བ། སྒྱིད་ལུག་པས་ཟིལ་གྱིས་མི་ནོན་ན ་འཁོར་བའི་བདེ་བ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཨི་བདེ་བ་ཐམས་ཅད་དང་བླ་ན་མེད་པའི་གོ་འཕངས་ཐོབ་པའི་འབྲས་བུ་ཅན་གྱི་ལས་ལ་སྨོས་སུ་ཡོད་དམ་ཅི། འདི་ལྟར་ཕལ་པ་དག་ཀྱང་ཅུང་ཟད་གནོད་པ་བྱེད་པ་བདག་གི་ཉེས་པར་བྱས་པས་བཅོམ ་ཞིང་རང་ཉིད་འཆི་བ་རྣམས་ལ་བརྡག་པའི་ཆེད་དུ་།དྲག་ཏུ་བརྡེག་པ་མྱོང་ཡང་གཡུལ་དུ་འཇུག་ན་།དུས་ཤིན་ཏུ་རིང་བོར་གནོད་པ་བྱེད་པ་དཀའ་བས་བསྒྲུགས་པའི་དགེ་བའི་ནོར་བག་ཙམ་བརྐུ་བའི་རྐུན་པོ་དམྱལ་གཉིད་ཀྱི་གསད་སར་གསད་རྒྱའི ་གཤེད་མར་གྱུར་པ་སྲིད་པའི་བརྩོན་རའི་སྲུང་མར་ངེས་པར་འབྱུང་བའི་ལམ་གྱི་ཕྱིར་ཕྱོགས་མ་རུངས་པར་བྱེད་པ་རྗེས་སུ་མཐུན་པ་འདྲ་ཡང་གནོད་པ་དྲག་པོ་བྱེད་པ་གནོད་པ་མ་བྱས་པར་དགྲར་གྱུར་པ། ཐོག་མ་མེད་པའི་བསྐལ་པ་ནས་དམ་དུ་འབྲེལ་པའི་ཤ་འཁོ་ན ་ཉོན་མོངས་པའི་དགྲ་རྣམས་ལ་གཞོམ་པར་སྤྲོ་བ་འམ་སྡུག་བསྔལ་བཟོད་པར་གོ་ཇི་ལྟར་མི་འགྱུར་ཏེ། ས་གསུམ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་ཆས་ཤིང་བདུད་ཀྱི་རི་ཁྲོད་པའི་བདག་པོས་ཟིན་པའི་འགྲོ་བ་གཞན་ཡང་བཙོན་ར་ལས་ཐར་པར་བྱ་བའི་ཕྱིར ་གཡུལ་དོར་ཞུགས་པ་ནི་ཁྱད་པར་དུ་ཡང་འགྱུར་བ་ཁོ་ནའོ། །དེ་ལ་སྡུག་བསྔལ་ཆུང་དུ་ལ་གོམས་པར་བྱ་བ་སྔོན་དུ་བཏང་ན། དཀའ་བ་དང་ཤིན་ཏུ་དཀའ་བ་ལ་ཡང་གོམས་པ་འགྲུབ་སྟེ། དཔེར་ན་གོམས་པའི་དབང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་བདེ ་བར་འདུ་ཤེས་པ་དེ་བཞིན་དུ་སྡུག་བསྔལ་འབྱུང་བ་ཐམས་ཅད་ལ་བདེ་བར་འདུ་ཤེས་ཉེ་བར་བཞག་པ་གོམས་བས་བདེ་བའི་འདུ་ཤེས་ཉིད་དུ་ཉེ་བར་གནས་པར་འགྱུར་རོ། །འདིའི་རྒྱུ་མཐུན་པའི་འབྲས་བུ་ནི་ཚེས་ཐམས་ཅད་བདེ་བས་ནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ ་པ་ཡིན་ནོ། །ཡབ་དང་སྲས་མཇལ་བའི་མདོ་ལས་། བཅོམ་ལྡན་འདས་ཆོས་ཐམས་ཅད་བདེ་བས་ནེ་ན་པ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ་།ཏིང་ངེ་འཛིན་དེ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པའི་དངོས་པོ་ཐམས་ཅད་ལ་བདེ་བའི་ཚེར ་བ་ཤ་སྡུག་མྱོང་བར་འགྱུར་ཞིང་སྡུག་བསྔལ་ག་ཡི་ཚོར་བ་མི་མྱོང་ལ་སྡུག་བསྔལ་ཡང་མ་ལགས། བདེ་བ་ཡང་མ་ལགས་པ་ཡང་མི་མྱོང་སྟེ་།སེམས་ཅན་དམྱལ་བའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་མེའི་གནོད་པS་གནོད་པར་བགྱིས ་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་།ལག་པ་བཅད་དམ་རྐང་བ་བཅད་དམ་།རྐང་ལག་བཅད་དམ། རྣ་བའམ། རྣ་བ་དང་སྣ་གཏུབས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་།སྤ?་ལྕག་གིས་གཞུས་སམ་།སྤ་ལྕག་ཕྱེད་ཚལ་ལམ། ་113 ་ལྕག་གི་གཞུས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང། བཙོན་དར་བཅུག་གམ་།ལྕག་སྒྲོག་དང་ཤིང་སྒྲོག་དུ་བཅུག་གམ་།བཅོན་ཆ་དམ་པོ་ལ་རྒྱས་བཏབ་པ་མ། བྱིས་པའི་གཙུག་ཕུད་ལྟར་བཅིངས་སམ། ་བུ?་ཀྱི་གནོད་ལྟར་བདུགས་སམ། བུ་?་ཤིང་བརྡུངས་པ་ལྟར་སྡུངས་མ། འདམ་བུ་བཅོམ་པ་ལྟར་བཅོམ་མམ་།འབྲུ་མར་གྱི་མར་མེ་འབར་བར་བྱས་སམ་།མར་གྱི་མར་མེ་དང་ཞོ་བསྐོལ་བ་ལྟར་འབར་བར་བྱས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང། མེའི ་ནང་དུ་བོར་རམ་།སེངྒའི་ཁང་བསྟབས་སམ་།དེ་བཞིན་དུ་སྦྱར་ཏེ་།སྐམ་རིམ་བྱ་བ་ལྟ་དྲིལ་ཏམ་།བྱི་བོའི་ཆད་པ་ལྟ་བུས་བཅད་དམ་།ཉེག་པ་བྱུང་བལྟར་བསྒྲེགས?་སམ་།ཀར་ཥ?་པ་ན་ཅམ་དུ་གཏུབས་སམ། འབྲས་ཕྱེ་བཅོས་པ་ལྟར་བཅོས་སམ།། ་གླང་པོ་ཆེ་རྣམས་གྱིས་བཅོམ?་ཡང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང། མིག་ཕྱུང་ངམ། གསལ་ཤིང་གི་རྩེ་མོ་ལ་བཞག་གམ། གསད་པའི་གནས་སུ་ཁྲིད་དེ་རྣམ་པ་ཐམས་ཅད་དུ་མགོ་བཅད་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར ་འགྱུར་ཏེ་བདེ་བ་ཡང་མ་ལགས་མི་བདེ་བ་ཡང་མ་ལགས་པའི་འདུ་ཤེས་རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་དེས། ཡུན་རིང་པོ་ནས་སྤྱད་པ་སྤྱོད་པའི་ཚེ། སྨོན་ལམ་འདི་ལྟར་བཏབ་སྟེ་གང་གིས་བདག་ལ་ཁ་ཟས་བྱིན ་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག་།གང་གིས་བདག་ལ་སྐོམ་བླུད་པ་དེ་དག་དང། གང་གིས་བདག་ལ་རིམ་གྲོ་བྱས་པ་དང་བཀུར་སྟི་བྱས་པ་དང་པ་སྟི?་སྟང་བྱས་པ་དང་མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང། ཉེ་བར་ཞི་བའི་བདེ་བ་ཐོབ་པར ་གྱུར་ཅིག་།གང་ཡང་བདག་ལ་གཤེ་བར་བྱེད་པ་དང་མི་བདེ་བར་བྱེད་པ་དང་རྔག?་པ་དང་མཚོན་གྱི་འདེབས་པ་དང་རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས ་@113བ ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ་།དེ་ཡིད་ལ་བྱེད་པ་དེ་དག་དང་ལྡན་ཞིང། དེ་ལྟ་བུའི་ལས་དང་དེ་ལྟ་བུའི་སྨོན་ལམ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བདེ་བའི་འདུ་ཤེས་ལ་རྟེན་ཅིང ་བསྙེན་ལ་བསྒོམ་ཞིང་མང་དུ་བྱེད་དེ་།དེ་ལས་དེའི་རྣམ་པར་སྨིན་པས་ཆོས་ཐམས་ཅད་ལ་བདེ་བས་ནོན་པ་ཞེས་བྱ་བའི་ཏིང་འཛིན་རབ་ཏུ་ཐོབ་བོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་བདེ་བས་ནོན་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དེའི ་ཚེ་བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་མི་འཁྲུགས་པར་འགྱུར་རོ། །ཞེས་རྒྱས་པར་གསུངས་སོ། །སྦྱོར་བ་འདི་ནི་གཏོང་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང། བྱ་བར་དཀའ་བའི་སྤྱོད་པ་ཐམས་ཅད་བསྒྲུབ་པ་དང། བཟོད་པ་ཐམས ་ཅད་རྟེན་པར་བྱེད་པ་དང། བརྩོན་འགྲུས་ཐམས་ཅད་ལ་ནུར་བ་མེད་པར་བྱད་པ་དང། བསམ་གཏན་དང་ཤེས་རབ་ཀྱི་ཡན་ལག་གི་ཚོགས་ཐམས་ཅད་ལ་སྦྱོར་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་བས་ན་རྟག་ཏུ་དགའ་བར་བྱ་སྟེ་།ཟླ་བ་སྒྲོན་མའི་མདོ་ལས། གུས་དང ་བཅས་ཤིང་ཡིད་ནི་རྟག་ཏུ་དགའ་བར་འགྱུར། །ཞི་བའི་ལྟ་བ་ལ་ནི་རྟག་ཏུ་གནས་པར་འགྱུར་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་གསུངས་པ་།དེ་ལ་དགའ་བ་ཆེན་པོ་གང་ཞེ་ན། གང་སངས་རྒྱས ་གྱི་ཆོས་རྣམས་དྲན་པ་དང་རྗེས་སུ་དྲན་པ་དང་དགའ་བ་དང། དད་པ་དང་མཆོག་ཏུ་དགའ་བ་དང་སེམས་མ་གོང་ཞིང་མི་རྫི་བ་དང་སྲིད་པ་མེད་པ་དང། འདོད་པའི་དགའ་ཐམས་ཅད་གཏོང་བ་དང། ཆོས་ཀྱི་དགའ་པ་ཐམས་ཅད་ཀྱི་རྟེན་དང་སེམས་རབ་ཏུ་དགའ་བ ་དང། ལུས་རབ་ཏུ་སིམ་པ་དང། སངས་རྒྱས་ལ་དགའ་ཞིང་ཡིད་འཕར་པ་དང། །དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པས་མཚན་དང་དཔེ་བྱད་བཟང་པོའི་རྐྱེན་ཚོལ་བ་ལ་མཁས་པ་དང། དགེ་བའི་ཆོས་མཉན་པས་མི་སྐྱོ་བ་དང། དེ་ཁོ་ནའི ་ཆོས་ལ་བརྟེན་པའི་ནན་ཏན་དང། དགའ་བ་དང་མགུ་བ་དང་རངས་པ་དང་རབ་ཏུ་དགའ་བས་ཆོས་ལ་མོས་པ་དང། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པའི་བློ་དང། སངས་རྒྱས་ཀྱི་ཆོས་ཚོལ་པ་ལ ་འདུན་པ་དང། ཆོས་ལ་འདུན་པ་དེ་ཡང་མི་འདོར་བ་དང། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་ཤིང་རྣམ་པར་གྲོལ་བ་དང། ཉི་ཚེ་བའི་ཐག་པ་དང་མ་འདྲེས་པའི་སེམས་བསྐྱེད་པ་དང། སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང། ནོར ་གང་སེམས་ཀྱི་སྦྱིན་འདོད་པ་དེ་སྦྱིན་ཞིང་བྱིན་ནས་འཁོར་གསུམ་དག་པར་ཡོངས་སུ་སྦྱངས་པ་དང། སྦྱིན་པ་ལ་དཀའ་བ་དང་།ཆུལ་ཁྲིམས་དང་ལྡན་པ་རྣམས་ལ་རྟག་ཏུ་དང་བ་དང། ཚུལ་ཁྲིམས་འཆལ་པ་རྗེས་སུ་འཛིན་ཅིང་བྱམས་པ་དང། བདག ་གི་ཚུལ་ཁྲིམས་ཡོངས་སུ་དག་པ་དང། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པར་དབུགས་འབྱིན་པ་དང། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་བསྔོ་བ་དང། བརྟན་ཞིང་མི་ཕྱེད་བ་དང། ཕ་རོལ་གྱིས་ངན་པར་བརྗོད་པ་དང་ངན ་པར་སྨྲས་པའི་ཚིག་གི་ལམ་ལ་ཁོང་ཁྲོ་བ་མེད་པའི་སེམས་ཉིད་དང། བཟོད་ཅིང་དེས་པ་དང། ང་རྒྱལ་མེད་པ་དང། བླ་མ་ལ་འདུད་ཅིང་རིམ་གྲོ་བྱེད་པ་དང། རྟག་ཏུ་བཞིན་འཛུམ་པ་དང། ཁྲོ་གཉེར་མེད་པ་དང། སྔོན་དུ་གསོང་པོར་སྨྲ་བ་དང། ཚུལ ་འཆོས་པ་མེད་པ་དང། ཁ་གསག་མེད་པ་དང། ཐོབ་ཀྱིས་འཇལ་བ་མེད་པ་དང། བསམ་པ་དག་པ་དང། སེམས་ལ་བརླང་བ་མེད་པ་དང། གྱ་རྒྱུ་མེད་པ་དང། ཐམས་ཅད་ལ་ལེགས་པར་བལྟ་བ་དང། སྐྱོན་མེད་པར་ལྟ་བ་དང། ལྟུང་བ་མི་གླེད་བ་དང། ་ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ལྟར་ཕངས་པར་འཛིན་པ་དང། ཆོས་རྣམས་ལ་བདག་བཞིན་དུ་ཕངས་པར་འཛིན་པ་དང། དེ་བཞིན་གཤེགས་པ་ལ་སྲོག་བཞིན་དུ་ཕངས་པར ་འཛིན་པ་དང། བླ་མ་ལ་ཕ་མ་བཞིན་དུ་ཕངས་པར་འཛིན་པ་དང། སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་པར་འཛིན་པ་དང། མཁན་པོ་དང་སློབ་དཔོན་ལ་སངས་རྒྱས་བཞིན་དུ་ཕངས་པར་འཛིན་པ་དང། ནན་ཏན་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་ཕངས ་བར?་འཛིན་པ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་ཕངས་པར་འཛིན་པ་དང། ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་པར་འཛིན་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་ཕངས་པར་འཛིན་པ་དང། རྗེས་སུ་བསྟན ་པ་ལ་དགའ་བའི་རྩེད་མོ་བཞིན་དུ་ཕངས་པར་འཛིན་པ་དང། ཆོག་ཤེས་པ་ལ་ནད་མེད་པ་བཞིན་དུ་ཕངས་པར་འཛིན་པ་དང། ཆོས་ཚོལ་བ་ལ་སྨན་བཞིན་དུ་ཕངས་པར་འཛིན་པ་དང། སྐུལ་ཞིང་དྲན་པར་བྱེད་པ་ལ་སྨན་པ་བཞིན་དུ་ཕངས་པར་འཛིན་པ་སྟེ། ་དེ་ལྟར་གང་དབང་པོ་ཐམས་ཅད་ལ་དབང་པོ་མ་གོང་བ་འདི་ནི་དགའ་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་བསླབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་།འཕགས་པ་སྤྲིན་ཆེན་པོའི་མདོ་ལས་།སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར ་ཡང་འགྱུར་བ་དང། སེམས་ཅན་དམྱལ་བའི་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གཏོང་བའི་ངང་ཚུལ་ཅན་དུ་འང་འགྱུར་བ་དང། སེམས་ཅན་དམྱལ་བའི་ཚོང་རྔལ་གྱི་ཚོང་པར་ཡང་འགྱུར་བ་དང། སེམས་ཅན་དམྱལ་བའི་འཐོབ་པ་མི་གཏོང་བར ་ཡང་འགྱུར་བ་དང། སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་འགྱུར་ཞེས་གསུངས་པའི་ཚིག་འདིས་རྒྱན་པར་བྱེད་དོ། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བཤད་ཟིན་ཏོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་བཟོད་པ ་རྣམ་པ་གསུམ་གསུངས་ཏེ། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན་པ་ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་སམ། བདུད་རྣམས་སམ། ་བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སམ་།བདུད་ཀྱི་ཕོ་ཉ་རྣམས་ཀྱི་གཙེས་སམ་རྣམ་པར་གཅེས་སམ་བསྐྱོད་དམ་ཀུན་ཏུ་བསྐྱོད་དམ། བཀྲུགས་སམ་ཀུན་ཏུ་བཀྲུགས་སམ། བསྡིགས། ་སམ་བརྡེག་ཀྱང། བྱང་ཆུབ་ཏུ་བསམ་པ་བསྐྱེད་པ་དེ་ལས་མི་ཕྱེད་པ་དང། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱེད་པའི་སྙིང་རྗེ་ཆེན་པོས། བརྩོན་འགྲུས་བརྩམས་པ་ལས་མི་ཕྱེད་པ་དང། དཀོན་མཆོག་གསུམ་གྱིས་རིགས་མི་འཆད ་པར་བྱ་བ་ལ་བརྩོན་པ་ལས་མི་ཕྱེད་པ་དང་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བ་ལ་སྦྱོར་བ་ལས་མེ་ཕྱེད་པ་དང། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་འགྲུབ་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་མི ་ཕྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་པ་མངོན་པར་བསྒྲུབ་པར་བརྩོན་པ་ལས་མི་ཕྱེད་པ་དང། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར་བརྩོན་པ་ལས་མི་ཕྱེད་པ་དང། སེམས་ཅན་ཐམས་ཅད་ཡོངས ་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་བདག་བདེ་བ་ལ་མི་ཆགས་པ་ལས་མི་ཕྱེད་པ་སྟེ་།དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་གྱུར་པས་།སེམས་ཅན་ཐམས་ཅད་ཀྱི་ཅོ་དྲིས་ཀྱང་བཟོད། ཐིང་སླད་བྱས་པ་དང། སྨད་པ་དང། ་བཤུབ་བ་བྱས་ཀྱང་བཟོད་སེམས་ཅན་ཐམས་ཅད་ཀྱིས་མཚང་བྲུས་སམ་སྤྱོས་སམ། བསྡིགས་སམ། དན་དུ་བརྗོད་དམ་།ངན་དུ་སྨྲས་པའི་ཚིག་གི་ལམ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བཟོད། སེམས་ཅན་ཐམས ་ཅད་ཀྱི་ཁུར་ཡང་བཟོད་།སྒྲོལ་བས་ཀྱང་སྐྱོ་བ་མེད་།ཞུམ་པ་མེད་།ཀུན་ཏུ་ཞུམ་པ་མེད་།སྒྱིད་ལུག་པོ་མེད་།ཡིད་ཆད་པ་མེད་།སྟོབས་ཉེ་བར་སྟོན་པར་བྱེད་།མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་ལ་།བརྟུལ་བས་རྟུལ་བར ་བྱེད་དེ་སྤོ་བ་སྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ། །མཆེད་བྲུས་ཀྱང་སླར་མཚང་མི་འབྲུ་བ་དང་།བརྡེག་ཀྱང་སླར་མི་བརྡེག་།ཁྲོས་ཀྱང་སླར་མི་ཁྲོ། །གཤེ་བ་ལ་སླར་མི་གཤེ་བ་སྟེ་།དེ་ལྟར་སེམས་འགྲང་བའི་གོ་ཆ་གྱོན་ནོ། །འདི་ལྟ་སྟེ་ཐེག་པ་ཆེན ་པོའི་མདོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཐེག་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་གྱི་རྗེས་སུ་འགྲོ་བ་དག་གོ་།བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བར་འདོད་པའོ། །སེམས་ཅན་དེ་དག་ནི་ཕན་ཚུན་མི་མཐུན་པ་དག་གོ་།བདག་ནི ་སེམས་ཅན་ཐམས་ཅད་ཀྱི་མི་མཐུན་པ་སྤང་བའི་ཕྱིར་གོ་ཆ་བགོས་པའོ། །སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བ་དག་གོ་།བདག་བཟོད་པ་དང་ངེས་པ་ཡོངས་སུ་ཚོལ་བའོ། །སེམས་ཅན་དེ་དག་ནི་གཅིག་ལ་གཅིག་འདྲིང་ཅིན་ཡོངས་སུ་འདྲིང་པ་གནས་པ་དག་གོ་།བདག ་ནི་ཤེས་རབ་ཀྱིས་དོམས་པ་ཡོངས་སུ་ཚོལ་བའོ། །གལ་ཏེ་ཕྱོགས་བཅུའི་རབ་ཏུ་དབྱེ་བས་རབ་ཏུ་ཕྱེ་བའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད། །རལ་གྲི་དང་ཤག་ཏེ་དང་མདུང་ཐུང་དང་མཚོན་རྩེ་གཉིས་པ་ལ་སོགས་པ་ལག་ན་ཐོགས་ཏེ་བདག་གི་ཕྱི ་བཞིན་འབྲད་ཡངས་ཕྱོགས་གང་དུ་འགྲེད་ངམ་འདུག་གམ་འཆག་གམ་ཉལ་ཡང་རུང་སྟེ་བྱང་ཆུབ་གྱི་སེམས་སྐྱེ་བར་འགྱུར་བ་དང། སྦྱིན་པའི་སེམས་སམ་།ཚུལ་ཁྲིམས་ཀྱི་སེམས་སམ། བཟང་པོའི་སེམས་མ་།བརྩོན་འགྲུས་ཀྱི་སེམས་སམ་།བསམ་གཏན་གྱི་སེམས་སམ། ་ཤེས་རབ་ཀྱི་སེམས་སམ་།ཐོས་པའི་དགེ་བའི་རྩ་བའི་སེམས་སྐྱེ་བར་འགྱུར་བའི་ས་ཕྱོགས་དེར་བདག་གིས་ལུས་རྒྱ་ཤུག་གི་ལོ་མའི་བརྒྱ་ཆ་ཙམ་དུ་གཏུབས?་སམ་རྣམ་པར་གཏོར་རམ། རྣམ་པར་བཅོམ་མམ་།སེམས་ཅན་དེ་དག་ཐམས་ཅད་ལས ་གཞན་མི་བྱེད་པར་རྒྱུན་ཏུ་གཤ་འམ། བསྡིགས་སམ་།སྨད་དམ། བཤུང་ངམ་།ཚིག་ངན་པ་དང། ངག་རྩུབ་པོ་སྨྲ་བར་གྱུར་ཀྱང་བདག་གི་སེམས་ཅན་འགའ་ལ་ཡང་འཁྲུག་པའི་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་།སྔོན་གྱི་མཛའ་ནས ་འཁོར་བ་ཚང་མེད་པར་བྱས་ཏེ། གང་དུ་བདག་གི་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ་།དུད་འགྲོའི་སྐྱེ་གནས་སུ་སོང་ངམ། གཤིན་རྗེའི་འཇིག་རྟེན་དུ་སོང་ངམ་།མིར་གྱུར་ཀྱང་རུང་སྟེ་།འདོད་པའི་ཟས་ཀྱི་དྲི་མས་དྲ་མ? ་ཅན་དུ་གྱུར་ནས་ཆོས་ཐོས་པ་དང་མི་ལྡན་ཞིང། ཡང་པའི་འཚོ་བའི་སྤྱོད་ཡུལ་དོན་མེད་པས་འཚོ་བཅན་དུ་འགྱུར་ཏེ་།ཡན་ལག་དང་ཉིང་ལག་རྣམ་པ་པ་རྒྱར་གཤགས་ཤིང་གཏུབས་ཏེ་ཕྱི་ཞིང་ཕྲལ་ལ་བྱ་བ་རྣམ་པ་མང་པོ་བྱས་ཀྱང་བདག་གི་གཞི་དེ ་ལས་བདག་གི་དོན་བྱས་ཀྱི། གཞན་གྱི་དོན་མ་བྱས་ཀྱིས་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕྱི་མ་མཐར་བདག་གི་ལུས་བཤགས་གཏུབས་རྣམ་པར་གཏོར་རྣམས་བཅོམ་པ་དེ་ལྟ་བུར་གྱུར་ཀྱང་བདག་གི་ཐམས་ཅད་མཁྱེན་པ་ཡཽངས་སུ་མི་གཏོང་ངོ། །སེམས ་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ། །དགེ་བའི་ཆོས་འདོད་པ་ཡོངས་སུ་མི་བཏང་ངོ། །དེ་ཅིའི་ཕྱིར་ཞེ་ནག་ལུས་གཏུབས་པའི་ལུས་ཀྱི་གནོད་པ་འདི་ཐམས་ཅད་ཀྱི་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་བརྒྱའི་ཆར་ཡང་ཉ་བར་མི་འགྲོ་བ་ནས ་རྒྱུའི་བར་དུ་ཡང་མི་བཟོད་དོ། །བདག་ནི་སེམས་ཅན་དམྱལ་བར་གནས་པས་སྤྲོའི་བདག་གི་སངས་རྒྱས་ཀྱིས་ཆོས་བཏང་བར་ནི་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། གང་གི་གཞི་ལས་གནོད་སེམས་བྱུང་བའི་ཆོས་དེ་བདག་གི་སྤང་བར་བྱའོ་སྙམ་མོ། །ཆོས ་དེ་གང་ཞེ་ན་།འདེ་ལྟ་སྟེ། ལུས་ལ་དགའ་བ་དང་ལུས་ལ་གནས་པ་དང་ལུས་ལ་ཆགས་པ་སྟེ། ལུས་བཏང་ན་གནོད་སེམས་ཀྱང་གཏོང་ངོ། །བློ་གྲོས་རྒྱ་མཚོ་དེ་ལྟར་ཆོས་འགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས ་ཅན་ཐམས་ཅད་ཀྱི་གནོད་པ་བཟོད་དོ་མི་སྐྱོ་མི་ཁྲོའོ། །དེ་བཞིན་དུ་སྦྱར་ཏེ་།བློ་གྲོས་རྒྱ་མཚོ་དེ་ལ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཨི་ལུས་གཅོད་པ་ན་།ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་ཇི་ལྟར ་ན་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཨི་ལུས་གཅོད་པ་ན་།ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན་།གང་ལུས་འདོར་བ་དང་ལུས་ཡོངས་སུ་གཅོད་བ་དང་ལུས་ལ་མི་ལྟ་བ་འདི་ནི། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ལས ་གཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང། ཚོར་བ་རྣམས་ཀྱིས་མི་འཕྲོག་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་ཡོངས་སུ་གཅོད་པ་ན་གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐར་པར་བྱ་བའི་ཕྱིར ་གཟོད་ཅིང་སེམས་གྱི་རྨ་འབྱིན་ཏེ་།བཟོད་པའི་སྟོབས་ཉེ་བར་སྟོན་པ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེན་པ་དེ་ལ་འདོད་པ་མི་འདོར་ཞིང་སེམས་གྱི་སྟོབས་བསྐྱེད་པ་ཡང་རབ་ཏུ་འཛིན་ལ་།འཁོར་བའི་རྗེས་སུ ་ཡང་འབྲང་ཞིང་དགེ་བའི་རྩ་བ་བརྩམ་པ་ཡང་།རྩོམ་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་རྣམ་པར་འདོར་བ་ན་ཐམས་ཅད་མཁྱེན་པར་སེམས་སྐྱེད་པ་རིན་པོ་ཆེ་དེ་མི་བརྗེད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་དང། ཞི་བ་དང་རབ་ཏུ་ཞི་བ་ལ་སོ ་སོར་རྟོག་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་གཅོད་པ་ན་ལུས་ལ་?་དང་རྩིག་པ་དང་ཤིང་དང་རྔོ་དང་མིག་ཡོར་ལྟ་བུར་སོ་སོར་རྟོག་ཅིང། ལུས་ལ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་ཡང་དག་པར་ན་མི་རྟག་པ་ཉིད་དང། ཡང་དག་པར་ན ་སྡུག་བསྔལ་བ་ཉིད་དང། ཡང་དག་པར་ན་བདག་མེད་པ་ཉིད་དང། ཡང་དག་པར་ན་ཞི་བ་ཉིད་དུ་ལུས་ལ་རྟོག་པ་འདི་ནི་།དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་སྦྱར་ཏེ་།གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ་།སེམས་ཅན་དེ་འདི་ནི་ལེ་ལོ་ཅན ་དགེ་བའི་ཆོས་དང་བྲལ་བ་སྟེ་།དེ་ནི་བདག་ལ་མཚང་བྲུ་ཞིང་གཤེ་བའོ། །བདག་ནི་བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངས་སུ་བཙལ་བར་བརྩོན་པ་ལ་མདོ་ལས་པར་བྱ་སྟེ་།སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འདུག་པར་བྱས་ལ། ཕྱིས་བདག་ ་117 ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་དུ་དེ་ལྟར་གོ་ཆ་གྱོན་པ་འདི་ནི་།དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་སྦྱར་ཏེ་།སེམས་ཅན་མ་དུལ་གམ་ཞི ་བ། མ་སྦས་པ། ཉེ་བར་མ་ཞི་བ། འདི་ལྟ་བུ་འདི་དག་གི་དོན་དུ་བདག་གི་གོ་ཆ་ཆེན་པོ་བགོས་ཏེ་།འདི་ལྟར་སེམས་ངེས་པར་སེམས་སུ་གཞུག་གོ་སྙམ་པ་འདི་ནི་།དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་བའོ། །དེ་བཞིན་དུ་སྦྱར་ཏེ། བདག་ནི་ཆོས་ཉིད ་ལ་བརྟེན་པར་བྱའོ་སྙམ་ནས་།དེ་ལ་གཤེ་བ་དང་ཁྲོ་བས་སུ་ཡིན་ཞེས་ངེས་ཡོངས་སུ་ཚོལ་བ་ན་གང་གཤེ་པ་དང་ཁྲོ་བོའི་ཆོས་དེ་མི་དམིགས་སོ། །དེ་བདག་དང། གཞན་མི་དམིགས་བས་དམིགས་པར་ལྟ་བ་དང་བྲལ་བར་བཟོད་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་མ་ལས་ཀྱང་གསུངས་ཏེ་།འདི་ལྟར་བདག་གི་སེམས་ཅན་ཐམས་ཅད་ཀྱི་རྩོད་པ་དོར་བར་བྱེ་བ་ཡིན་ན་།བདག་ཉིད་རྩོད་པར་བྱེད་དམ་།བདག་གང་སྨྲ་བ་ལ་སླར་སྨྲ་ན་ནི། བདག་གིས་མ་རྙེད་པ་དང་ཉེས ་པ་རྙེད་པར་འགྱུར་རོ། །ཇི་ལྟར་བདག་གི་ནི་སེམས་ཅན་ཐམས་ཅད་ཀྱི་ཟམ་པ་ལྟ་བུར་བྱས་ན། བདག་གཞན་ལ་ཁྱོད་ཅེས་བྱ་བའི་ཚིག་གམ་ཚིག་རྩུབ་པོ་སྨྲ་བར་བྱ་བ་འམ་།འདི་ནི་བདག་གིས་སྨྲ་བར་མི་བྱ་སྟེ་།འཐབ་པ་དང་རྩོད་པའི་ནང་དུ ་བདག་གིས་བེམ་པོ་ལྟ་བུ་དང། ལུག་ལྟར་ལྐུགས་པ་ལྟ་བུར་བྱའོ། །གཞན་གྱིས་ངན་དུ་སྨྲས་པ་དང་ངན་དུ་བརྗོད་པའི་ཚིག་ལ་ཐོས་ན་སེམས་ཀྱི་ཀུན་ཏུ་གནོད་སེམས་སུ་མི་བྱའོ། །བདག་གིས་གཞན་དག་ལ་གང་གཞན་གྱིས་ཉེས་པ་གཞན ་སྐྱེད་ན་དེ་ནི་བདག་ལ་ལེགས་པ་མ་ཡིན་བདག་གི་ཆ་མ་ཡིན་ནོ། །གང་བདག་གིས་གཞན་དག་གིས་ཉེས་པ་གཞན་མཉན་པར་བསམས་པ་དེ་ནི་བདག་གི་ཆེ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་བསམ་པ་རྣམ་པར་འཁྲུག་པར་མི་བྱའོ།། ་@117བ ་འདི་ལྟར་བདག་གིས་ནི་སེམས་ཅན་ཐམས་ཅད་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་བྱ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ་།མྱ་ངན་ལས་འདས་པར་བྱ་བ་ཡིན་ན། དེ་ལ་བདག་གནོད་སེམS ་སུ་བྱེད་དམ་།ཤིན་ཏུ་ཉེས་པ་བྱས་ཀྱང་གཞན་དག་ལ་གནོད་སེམས་མི་བྱ་བ་ཡིན་ན་དེ་ལ་བདག་གཏི་མུག་ཏུ་འགྱུར་རམ། འདི་ནི་བདག་གིས་བྱ་བའི་ཆ་ཡིན་ཏེ། བརྟུལ་བ་བརྟན་པར་བརྟུལ་པར་བྱའོ། །སྲོག་གི་བར་ཆད་བྱེད་ཀྱང་བདག་གིས་འཁྲུགས ་པར་མི་བྱའོ། །བདག་གི་ཁྲོ་གཉེར་ཅན་གྱི་བཞིན་དབྱུང་བར་མི་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སོ་སོར་ཐར་པ་ལས་ཀྱང། སེམས་ཅན་གང་དག་ཁྲོས་པ་དེ་དག་ལ་དབུགས་འབྱིན་ཏོ་ཡིད་ཕེབས་པར་བྱེད་དོ ་བཟོད་པ་གསོལ་ལོ་རྗེས་སུ་མཐུན་པར་བྱེད་དོ་ཆོས་ཀྱིས་ཚིམ་པར་བྱེད་དོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་བཟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ལྟར་བཟོད་པ་ལ་གནས་ནས་ཐོS་པ་ལ་བརྩོན་འགྲུས་རྩོམ་སྟེ་།གཞན་དུ་ན ་དེའི་ཐོས་པ་ཆུད་ཟ་བ་ཉིད་དུ་འགྱུར་ཏེ་།ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ་།ཇི་སྙེད་ཆོས་རྣམས་མང་པོ་ཆུབ་བྱས་ཀྱང། ཐོས་པས་རྒྱགས་ནས་ཚུལ་ཁྲིམས་མི་བསྲུང་བ། །ཚུལ་ཁྲིམས་འཆལ་བ་ངན་འགྲོར་གང་འགྲོ་བ། །དེ་ལ་མང་དུ་ཐོས་པས་སྐྱོབ་མི་ནུས ་ཞེས་གསུངས་པ་ལྟ་བུའོ། །མང་དུ་ཐོས་པའི་བསྔགས་པ་ནི་སྲད་མེད་ཀྱི་བུས་ཞུས་པའི་མདོ་ལས་གསུངས་ཏེ་།འདི་ལྟར་རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས ་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ་ཞེས་བྱའོ། །དེ་ལས་ཡང་དྲང་སྲོད་ཆེན་པོ་བླ་མའི་སྐྱེས་པའི་རབས་རྒྱ་ཆེར་མཛད་ནས་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ ་རྣམས་ལ་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དག་ཞལ་ཉེ་བར་སྟོན་ཏོ་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་ཕ ་རྣམས་ལ་ནི་ཆོས་ཀྱི་གཏེར་རི་སུལ་དང་ཤིང་གི་ནང་དུ་བཅུག་པ་དད་ཆོས་ཀྱི་གླེགས་བམ་དུ་གྱུར་པ་མཛའ་ཡས་པ་དག་ཀྱང་ལག་མཐིལ་དུ་གནས་པར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འདོད་པ་རྣམས་ལ་སྔོན ་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་ཉེ་བར་སྒྲུབ་བོ། །དེ་བཞིན་དུ་སྦྱར་ཏེ་།ཚེ་ཡོངས་སུ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷ་རྣམས་ཚེ་དང་སྟོབས་ཉེ་བར་སྒྲུབ་བོ། །དེ་དག་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་ལྷའི་བྱིན ་གྱིས་བརླབས་ཀྱིས་འདོད་ན་ལོ་སྟོང་དུ་ཡང་གནས་སོ། །དེ་བཞིན་དུ་སྦྱར་ཏེ། བསྐལ་པའམ་བསྐལ་པའི་ལྷག་མ་ནས་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་གནས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་གུས་པ་སྐྱེད་པ་རྣམས་ལ་སངས ་རྒྱས་བཅོམ་ལྡན་འདས་རྣམས་རྒ་བ་ཡང་སེལ་བར་མཛད་དོ། །ནད་ཀྱང་སེལ་བར་མཛོད། །དྲན་པ་ཉེ་བར་སྒྲུབ་བོ། །རྟོགས་བ་དང་བློ་གྲོས་དང་སྤོབས་པ་ཡང་ཉེ་བར་སྒྲུབ་བོ། །དེ་བཞིན་དུ་སྦྱར་ཏེ། ལྟ་བར་གྱུར་པ་ཡང་སེལ་ཏོ། །ཡང་དག་པའི་ལྟ་བ་ཡང་ཉེ་བར་སྒྲུབ་བོ། །དྲི་མ་མེད ་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་གུས་པ་རྣམས་ལ་ཕ་རོལ་གྱི་གནོད་པའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ། །དྲི་མ་མེད་པའི་གཟི་བརྗིད་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོས་པའི ་ཚོགས་ལ་མཁས་པ་ལ་མངོན་པར་བརྩོན་པར་བྱའོ་ཞེས་གསུངས་སོ། །ཐོས་པའི་རྣམ་པ་ཇི་ལྟ་བུ་བྱང་ཆུབ་སེམས་དཔའ་ཨི་འདུལ་བ་ལ་བསྔགས་ཤེན། འཕགས་པ་བློ་གྲོས་མ་ཟད་པས་ཞུས་པའི་མདོ་ལས་།ཐོས་པའི་རྣམ་པ་ནི་བརྒྱད་ཅུ་སྟེ། འདི་ལྟ་སྟེ། ་འདུན་པའི་རྣམ་པ་དང། བསམ་པའི་རྣམ་པ་དང། ལྷག་པའི་བསམ་པའི་རྣམ་པ་དང། སྦྱོར་བའི་རྣམ་པ་དང། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང། ང་རྒྱལ་མེད་པའི་རྣམ་པ་དང། བག་ཡོད་པའི་རྣམ་པ་དང། རི་མོར་བྱེད་པའི་རྣམ་པ་དང། ་མཐུན་པའི་རྣམ་པ་དང། བཀའ་བློ་བདེ་བའི་རྣམ་པ་དང། བསྙེན་བཀུར་བྱེད་པའི་རྣམ་པ་དང། རྣ་བླགས་ཏེ་ཉན་བའི་རྣམ་པ་དང། ཡིད་ལ་བྱེད་པའི་རྣམ་པ་དང། མི་གཡེང་བའི་རྣམ་པ་དང། གནས་པའི་རྣམ་པ་དང། རིན་པོ་ཆེར་འདུ་ཤེས་པཱི་རྣཾ་པ་དང། སྨན་དུ་འདུ ་ཤེས་པའི་རྣམ་པ་དང་ཉོན་མོངས་པཱི་ནད་ཐཾས་ཅད་ཞི་བར་བྱེད་པའི་རྣམ་པ་དང། དྲན་པའི་སྣོད་ཀྱི་རྣམ་པ་དང། ཤེས་པ་རྟོགས་པའི་རྣམ་པ་དང། བློ་གྲོས་འདོད་པའི་རྣམ་པ་དང། བློ་ལ་འཇུག་པའི་རྣམ་པ་དང། སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ་དང། ་གཏོང་བ་སྤེལ་བའི་རྣམ་པ་དང། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང། མང་དུ་ཐོས་པ་ལ་བརྟེན་པའི་རྣམ་པ་དང། གུས་པར་དགའ་བར་ཉོང་པར་བྱེད་པའི་རྣམ་པ་དང། ལུས་བདེ་པའི་རྣམ་པ་དང། སེམས་དགའ་པའི་རྣམ་པ་དང། མི་སྐྱོ་བར་ཉན་པའི ་རྣམ་པ་དང་།དོན་ཉན་པའི་རྣམ་པ་དང། ཆོས་ཉན་པའི་རྣམ་པ་དང། ནན་ཏན་ཉན་པའི་རྣམ་པ་དང། གཞན་གྱི་བསྟན་པ་ཉན་པའི་རྣམ་པ་དང། ཆོས་མ་ཐོས་པའི་ཉན་པའི་རྣམ་པ་དང། མངོན་པར་ཤེས་པ་ཉན་པའི་རྣམ་པ་དང། ཐེག་པ་གཞན་ལ ་འདོད་པ་མེད་པའི་རྣམ་པ་དང། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཉན་པའི་རྣམ་པ་དང། བསྡུ་པའི་དངོས་པོ་ཉན་པའི་རྣམ་པ་དང། ཐབས་ལ་མཁས་པའི་ཉན་པའི་རྣམ་པ་དང། ཚངས་པའི་གནས་པ་ཉན་པའི་རྣམ ་པ་དང། དྲན་པ་དང་ཤེས་བཞིན་ཉན་པའི་རྣམ་པ་དང། སྐྱེ་པ་ལ་མཁས་པ་ཉན་པའི་རྣམ་པ་དང། མི་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང། མི་སྡུག་པའི་རྣམ་པ་དང། བྱམས་པའི་རྣམ་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་པ་དང། མི་རྟག་པ་ཉན ་པའི་རྣམ་པ་དང། སྡུག་བསྔལ་བའི་རྣམ་པ་དང། བདག་མེད་པའི་རྣམ་པ་དང། ཞི་བའི་རྣམ་པ་དང། སྟོང་པ་ཉིད་ཀྱི་རྣམ་པ་ང?་བ། །མཚན་མ་མེད་པའི་རྣམ་པ་དང། སྨོན་པ་མེད་པའི་རྣམ་པ་དང། མངོན་པར ་འདུ་མི་བྱེད་པའི་རྣམ་པ་དང། དགེ་བ་མངོན་པར་བྱེད་བའི་རྣམ་པ་དང། བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་དང། ཆུང་མི་གཟན་པའི་རྣམ་པ་དང། རང་དབང་གིས་རྣམ་པ་དང། །བདག་གིས་སེམས་སྲུང་བའི་རྣམ་པ་དང། བརྩོན་འགྲུས་མི ་གཏོང་བའི་རྣམ་པ་དང། ཆོས་ལ་ངེས་པར་རྟོག་པའི་རྣམ་པ་དང། ཉོན་མོངས་པའི་གཉེན་པོའི་རྣམ་པ་དང། །བདག་གི་ཕྱོགས་སྲུང་བའི་རྣམ་པ་དང། ཕ་རོལ་གྱི་ཕྱོགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང། ནོར་བདུན་ལ་བརྟེན ་པའི་རྣམ་པ་དང། །དབུལ་བ་ཐམས་ཅད་ཚར་གཅོད་བའི་རྣམ་པ་དང། མཁས་པས་བསྔགས་པའི་རྣམ་པ་དང། མཁས་པས་མངོན་པར་དགའ་བའི་རྣམ་པ་དང། །འཕགས་པས་ཀུན་ཤེས་པའི་རྣམ་པ་དང། འཕགས་པ་མ་ཡིན་པ་རྣམས་མོས ་པར་བྱེད་པའི་རྣམ་པ་དང། བདེན་པ་མཐོང་བའི་རྣམ་པ་དང། ཕུང་པོའི་ཉེས་པ་སྤངས་པའི་རྣམ་པ་དད་།འདུས་བྱས་ཀྱི་ཉེས་པ་ཡོངས་སུ་འཇལ་བའི་རྣམ་པ་དང། དོན་ལ་བརྟེན་བའི་རྣམ་པ་དང། ཆོས་ལ་བརྟེན་པའི་རྣམ་པ་དང། ཡེ་ཤེས ་ལ་བརྟེན་པའི་རྣམ་པ་དང། །ངེས་པའི་དོན་གྱི་མདོ་སྡེ་ལ་བརྟེན་པའི་རྣམ་པ་དང། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང། བདག་དང་གཞན་ལ་ཕན་པའི་རྣམ་པ་དང། །ལེགས་པར་བྱས་པའི་ལས་ཀྱི་རྣམ་བ་དང། མི་འགྱོད་པའི་རྣམ་པ་དང། ་བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་སྟེ་།འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་པའི་རྣམ་པ་བརྒྱད་ཅུ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་གསུངས་པ། གང་ཆོས་ཀྱི་ཚོགས་ལ་སྦྱོར ་བ་དེ་ནི་དེའི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་སུ་སྦྱོར་བ་གང་ཞེ་ན་།གང་འདི་ནི་དོན་ཉུང་བ་དང་བྱ་བ་ཉུང་བ་དང་སྨྲ་བ་ཉུང་བ་དང་ཡོ་བྱད་ཉུང་བ་དང་སྲོད་དང་ཐོ་རངས་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པས། ཐོབ་བའི་དོན་ལ་རྟོགས་པ་དང། ་ཡང་དང་ཡང་ཚོལ་བ་དང་།སེམས་ལ་རྙོག་པ་མེད་པ་དང་།སྒྲིབ་པ་རྣམས་གནོན་པ་དང། ལྟུང་བ་རྣམས་ལས་འབྱུང་བ་ཤེས་ཤིང་འགྱོད་པ་མེད་པ་དང་ཀུན་ནས་ལྡང་བ་མེད་པ་དང། ནན་ཏན་སྙིང་པོར་བྱེད་པ་དང། ཆོས་ལ་གཞོལ་བ་དང། ཆོས་ལ ་འབབ་པ་དང། ཆོས་ལ་བབ་པ་དང། མཐུ་དང་ལྡན་པ་དང། ཡེ་ཤེས་ཚོལ་བ་ལ་མགོ་དང་གོས་ལ་མེ་འབར་བ་ལྟ་བུ་དང། །དེ་ལ་མ་ཆགས་པར་གནས་པ་དང། །ཚུལ་ཁྲིམས་ལ་མི་ལྟོང་པ་དང། བརྩོན་པ་མི་གཏོང་བ་དང། བྱེ་བྲག་ཏུ་འགྲོ། ་བ་དང། །འདུ་འཛི་ལ་མི་དགའ་བ་དང་།གཅིག་པུ་ལ་དགའ་བ་དང། དགོན་པ་ལ་མངོན་པར་ཕྱོགས་ཤིང་ཡིད་ལ་བྱེད་པ་དང། །འཕགས་པའི་རིགས་ཀྱི་ཆོག་ཤེས་པ་དང། སྦྱངས་པའི་ཡོན་ཏན་ལས་མི་གཡོ་བ་དང། ཆོས་ཀྱི་དགའ་བ་ལ་དགའ་ ་ཞིང་མོས་པ་དང། འཇིག་རྟེན་པའི་སྔགས་དྲན་པར་མི་བྱེད་པ་དང། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་དང། དྲན་པ་ཉམས་པ་མེད་པ་དང། དོན་རྟོགས་པའི་རྗེས་སུ་འགྲོ་བ་དང། བློ་གྲོས་ཀྱི་ལམ་དང་མཐུན་པ་དང། བརྟན་པས་སྡོམ ་པ་དང། རྐྱེན་གྱིས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་དང། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པས་བརྒྱན་པ་དང། །ཡེ་ཤེས་ཀྱི་རྗེས་སུ་འགྲོ་པ་དང། ལྷུར་བྱེད་པ་དང། མི་ཤེས་པ་སེལ་བ་དང། མ་རིག་པ་དང། གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་མུན ་པས་ཆོད་པ་གསལ་བ་དང། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང། བློ་ཤིན་ཏུ་རྣམ་པར་དག་པ་དང་བློ་རྒྱ་ཆེ་བ་དང། བློ་མ་ཞུམ་པ་དང། བློ་མ་གྱེས་པ་དང། མངོན་སུམ་དུ་ཤེས་པ་དང། ཡོན་ཏན་གཞན་ལ་རག་མ་ལུས་པ་དང། བདག ་གི་ཡོན་ཏན་མི་བསྙེམས་པ་དང། གཞན་གྱི་ཡོན་ཏན་ཀུན་ལ་བརྗོད་པ་དང་།ལེགས་པར་བྱ་བའི་ལས་བྱེད་པ་དང། ལས་ཀྱིས་རྣམ་པར་སྨིན་པ་དང་འགལ་བར་མི་བྱེད་པ་དང། ལས་ཡོངས་སུ་དག་པའི་ཡེ་ཤེས་འདི་ནི། བཙུན་བ་ཤཱ ་རདྭཱ?་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་གསུངས་སོ། །ཅི་མཉན་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས་།དོན་དང་བཅས་པའི་བསྟན་ཆོས་རྣམས་བསླབ་པར་བྱའོ། །དོན་མེད ་པ་རྣམས་ཡོངས་སུ་སྤངས་པར་བྱའོ། །འདི་ལྟ་སྟེ་འཇིག་རྟེན་རྒྱད་པན་བའི་བསྟན་བཅོས་རྣམས་དང། ཆད་པའི་ཚུལ་གྱིས་བསྟན་བཅོས་རྣམས་དང། བྱང་སེམས་གྱི་བསྟན་བཅོས་རྣམས་དང་།སྨྲ་བ་རིག་པའི་བསྟན་བཅོས་རྣམས་དང། བཞོན་ནུ ་རྩེ་བའི་བསྟན་བཅོས་རྣམས་དང། རྨུགས་བྱེད་ཀྱི་རིག་པའི་བསྟན་བཅོས་རྣམས་སོ། །དེ་བཞིན་དུ་སྦྱར་ཏེ་།དེ་ལས་གཞན་པ་གང་ཅི་ཡང་རུང་སྟེ་།རྣམ་པར་ཐར་པ་དང་མི་མཐུན་པའི་བསྟན་བཅོས་ཤེས་པ་རྨོངས་པར་འགྱུར་བ་དེ་དག་ཐམས་ཅད ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ལ་ཡང་དག་པར་ཞུགས་པས་སྤང་བར་བྱའོ་ཞེས་གསུངས་སོ། །དེ་ལྟར་ཐོས་པ་དང་ལྡན་པར་སེམས་སྦྱོང་བའི་ཕྱིར་དགོན་པར་གནས་པར་བྱའོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་བསམ་བ་ཕུན་སུམ་ཚོཌ་པ་མ ་ཡིན་པ་ལ་ཡང་ཁྱིམ་གནད་པ་ཇི་ལྟར་ཡིན་ཞེ་ན་།འབད་པ་དང་ལྡན་མི་ནུས་པའི་ཕྱིར་རོ། །འོ་ན་གཞན་གྱི་ཆུང་མ་ལ་ཡང་ལྟུང་བ་མེད་པར་འགྱུར་རོ། །དེ་ནི་མ་ཡིན་ཏེ། དེ་དག་ལ་མི་ནུས་སུ་ཟིན་ཀྱང་རང་བཞིན་གྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཁྱིམ་དུ་གནས་པ་ནི ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་རོ། །བསླབ་པ་ཀུན་ལས་བཏུས་པ་ལས། བརྩོན་འགྲུས་ཀྱི་ལེའུ་སྡེ་བཅུ་པའོ།། །།དེ་ལྟར་དྲག་ཤུལ་ཅན་གྱིས་ཞུས་པའི་ཚུལ་ཁྲིམ་གྱིས་སྐྱོན་རྣམས་བསྒོམས། ཏེ་དགོན་པ་ལ་གནས ་བྱའོ་ཞེས་བྱ་བར་གནས་སོ། །ཇི་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས། འདོད་པ་དག་ནི་རབ་ཏུ་སྟོན་བྱེད་ཅིང། །བུ་དང་ཆུང་མ་དག་ལས་སྲེད་བསྐྱེད་ནས། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་འཐོབ། །གང་དག་འདོད་པ ་ལྕི་སྐམ་མེ་བཞིན་སྤོང། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ་། །གང་གི་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོ་འདི་འཐོབ་པ་ཡི། །སངས་རྒྱས ་གང་དག་སྔོན་ཆད་མ་བྱུང་སྟེ་།མ་འོངས་པ་ནའང་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས་།དབེན་པ་འདོད་དེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ནས་བདུད་ནི་བགོམས་ནས་སུ། །བྱང་ཆུབ་རྡུལ་མེད ་འདུས་མ་བྱས་འཚང་རྒྱ། །དེ་བཞིན་དུ་སྦྱར་ཏེ་།རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བ། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ ་རབ་ཏུ་འདོད་བྱེད་ཅིང། །འདུས་བྱས་ངན་ལས་ཡིད་བྱུང་སེམས་ཅན་གྱི། །དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་པོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས་ཞེས་གསུངས་སོ། །གལ་ཏེ་སྐལ་པ་མི་འདྲ་བའི་སེམས་ཅན་ལ་རྗེས་སུ་ཆགས་པ་དང་འཁོར ་འདོད་པ་དང་རྙེད་པ་ལ་སོགས་པ་འདོད་པས་དབེན་པའི་ཕྱོགས་ན་སྡོད་ན་།དེའི་ཕྱིར་འདི་ལས་གསུངས་པ་།འདི་དག་བདག་ལ་གནོད་སེམས་ལྡན་བ་ཞེས། །མཁས་པ་བྱིས་པ་རྣམས་དང་རྩོད་མི་བྱེད། །བསྟི་སྟང་བྱས་ཏེ་བྱིས་པ་ཡོངས་སུ་སྤོང། །བྱིས ་པའི་ཆོས་ལ་འདྲིས་པར་ཡོངས་མི་བྱེད། །བྱིས་པ་ཇི་སྲིད་ཡུན་རིང་ལེགས་བསྟེན་ཀྱང། །དེ་དག་ཕྱིར་ཞིང་མི་མཛའ་འགྲས་འགྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱིས་རྒྱུས་ཤེས་ནས་།མཁས?་པ་བྱིས་པ་དག་དང་བསྟེན་མི་བྱེད། བྱིས་པ་རང་བཞིན་ངོ་བོ་ཐ་ ་121 ་དད་དེ། །སོ་སོའི་སྐྱེ་བོ་རྣམས་ལ་མཛའ་མེད་ཅེས། །བྱིས་བ་རྣམས་ཀྱི་ངོ་བོ་ཉིད་ཤེས་ནས། །མཁས་འདིར་བྱིས་པ་རྣམས་ལ་ཡིད་མི་རྟོན། །ཆོས་དང་མཐུན་བའི་ཚིག་གི་སྨྲས་གྱུར་ཀྱང། །ཀྲོ་དང་ཞེ་སྡང་ཡིད་མཆིས་པ་དག ་རབ་ཏུ་སྨྲ་སྟེ་འདི་ནི་བྱིས་པའི་ཆོས། །དོན་དེ་རྣམ་པར་ཤེས་ནས་ཡིད་མི་རྟོན། །བྱིས་པ་རྣམས་ནི་བྱིས་པ་དག་དང་མཚུངས། །དཔེར་ན་ངན་སྐྱུགས་དང་ནི་ངན་སྒྱུགས་བཞིན། །མཁས་པ་རྣམས་ནི་མཁས་དང་ལྷན་ཅིག་སྟེ། །མར་དང་མར་གྱི་ཉིད་ཁུར? ་མཚུངས་པ་བཞིན་ཞེས་བྱའོ། །དེ་སྐད་དུ་ཡང་དེ་ཉིད་ལས་།གང་དག་དགའ་དང་མི་དགའ་ཅུང་ཟད་མེད། །གང་དག་ནགས་དང་རི་སུལ་ལ་དགའ་བ། །དེ་དག་མི་ཡི་འཇིག་རྟེན་རྟེག་རབ་བདེ། །དགེ་སྤྱོད་ཉིད་ཀྱི་རབ་བདེ་མྱོང་བར་འགྱུར། །གང་དག་བདག ་གིར་བྱེད་པ་ཅི་ཡང་མེད། །གང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ་།གང་དག་འཇིག་རྟེན་ལ་ནི་ཡིད་མི་ཆགས། །དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ། །དགའ་དང་མི་དགའ་ ་ལ་ནི་ཆགས་མེད་པ། །དེ་དག་འདི་ནི་རྟག་ཏུ་སེམས་རླུང་འདྲ། །གང་དག་མི་སྡུག་དེ་ཕྲད་སྡུག་བསྔལ་ཏེ། །གང་དག་སྡུག་དེ་དང་བྲལ་སྡུག་བསྔལ་ཡིན། །མཛའ་དེ་གཉི་ག་རབ་ཏུ་སྤངས་ནས་སུ། །མི་གང་ཆོས་ལ་དགའ་བ་དེ་དག་བདེ་ཞེས་གསུངས་སོ། །ཡང ་དེ་ཉིད་ལས། ཉེས་པའི་ཆོས་མེད་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང། །རྣལ་འབྱོར་ཅན་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཡོན་ཏན་འདི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །དེ་ནི་འཇིག ་རྟེན་རྩི་ལའང་འདོད་པ་མེད། །ཟག་བ་དག་ནི་རྣམ་བར་འཕེལ་མི་འགྱུར། །ནགས་ན་གནས་པ་འདི་ཡི་ཡོན་ཏན་འདི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་རྒྱུ། །ལུས་དང་ངག་དང་ཡིད་ཀྱང་རབ་བསྔམས་འགྱུར། །དགོན ་@121བ ་པར་གནས་པ་འདི་ལ་ཡོན་ཏན་མང། །དེ་ནི་ཐར་བའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ན་གནས་ཤིང་རྣམ་གྲོལ་སྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདི་ཀུན་འབྱུང་ཞེས་གསུངས་སོ། ཡང་དེ་ཉིད་ལས། གྲོང ་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར་ཞེས་གསུངས་སོ། །འཕགས་བ་ཡུལ་འཁོར་སྐྱོང་གིས་ཞུས་པའི ་མདོ་ལས་ཀྱང། སྐྱོན་གྱིས་གཟིངས་པ་མཛའ་ཡས་ལྡན་བའི་ཁྱིམ་སྤངས་རྟག་ཏུ་ནོར་མི་ལྷ། །དེས་ཤིང་ཡོན་ཏན་ལྡན་བདེ་དག་དགོན་པར་དགའ་ཞིང་དབང་པོ་དུལ། །དེ་དག་གང་དུ་འང་བུད་མེད་རྣམས་དང་སྐྱེས་པ་དག་དང་འདྲིས་མི་བྱེད། །བསེ་ལྟར ་གཅིག་པུར་གནས་ཤིང་བསམ་པ་དྲི་མེད་དག་ལ་དྲི་མ་བྲལ། །དེ་དག་ཐོབ་པ་རྣམས་ཀྱིས་དགའ་བར་མི་འགྱུར་མ་ཐོབ་ཡིད་ཞུམ་མེད། །འདོད་བ་ཆུང་སྟེ་ངན་དོན་ཅི་ལ་དགའ་ཞིང་སྒྱུ་དང་ཆུལ་འཆོས་སྤོངས། །སེམས་ཅན་དན་ཕྱིར་བརྩོན་འགྲུས་ཡིད་ལྡན ་འདུས་བ་ལ་ཡང་གནས། །སངས་རྒྱས་ཡེ་ཤེས་དོན་གཉེར་བསམ་གཏན་བརྩོན་འགྲུས་ཡོན་ཏན་ཕ་རོལ་ཕྱིན། །ལུས་དང་དེ་བཞིན་སྲོག་ལ་མི་ལྟ་སྡུག་པའི་རྩ་ལག་རྣམས་སྤངས་ཏེ། །བསམ་པ་རྡོ་རྗེ་ལྟ་བུར་རབ་བརྟན་རྟག་ཏུ་བྱང་ཆུབ་ལམ་ལ་སྦྱོར ་ལུས་ནི་དུམ་བུ་དུམ་བུང་བཅད་ཀྱང་དེ་དག་སེམས་ལ་གཡོ་བ་མེད། །ཐམས་ཅད་མཁྱེན་ཉིད་རེ་བ་ཕྱིར་ཞིང་བརྩོན་འགྲུས་ཤིན་ཏུ་བརྟན་འདིར་རྩོམ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱི་ཞུས་པ་ལས་ཀྱང། བདག་ནི་སེམས་ཅན་དང་འདྲེ་བར་མི་བྱའོ། །བདག ་གིས་སེམས་ཅན་གཅིག་གི་དགེ་བའི་རྩ་བ་བསྐྱེད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཐོས་པ་དང་ལྡན་པ་ངལ་བ་ཕུན་སུམ་ཚོགས་པ་འདི་སྙེད་ནས་རྙེད་པ་ལ་སོགས་པ་ཆགས་པའི་སེམས་མེ་སྦྱོང་ན་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ ་གཅིག་པུར་འགྱུར་རོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་རྒྱ་མཚོའི་ཆུ་ཆེན་པོས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་བཞིན་དུ་འོད་སྲུངས་འདི་ན་དགེ་སྦྱོང ་དང་བྲམ་ཟེ་ཁ་ཅིག་ཆོས་མང་བོ་བླངས་ཏེ་ཀུན་ཆུབ་པར་བྱས་ཀྱང། །འདོད་ཆགས་ལ་སྲེད་པ་མི་སེལ་ཞེ་སྡང་ལ་སྲེད་པ་མི་སེལ་གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག་ནི་ཆོས་ཀྱི་རྒྱ་མཚོ་ཆན་པོས་ཁྱེད་ལ། ཉོན་མོངས་པའི་སྒོམ་པས་འཆི་བའི་དུས་བྱེད་པར་འགྱུར ་ཏེ། ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟ་བསན་གདོན་མི་ཟ་བར་དགོན་པ་ལ་གནས་པར་བྱའོ། །གནས་དེ་ལྟ་བུ་དག་ནི། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང། གནས་གང་དག་ན་བསོད་སྙོམས་བླང་བའི་སྤྱོད་ཡུལ་དང་ཧ་ཅང་ཡོད ་མི་རིང་ཧ་ཅང་ཡང་མི་ཉེ་བ་དང། གནས་གང་དག་ན་ཆུ་དང་ཞིང་རྙོག་མ་མེད་པ་གཙང་ཞིང་དྲི་མ་མེད་པ་ཆོགས་ཚུང་བ་ཡོད་པ་དང། གནས་གང་དག་ན་ཤིང་ཕུན་སུམ་ཚོགས་པ་མེ་ཏོག་ཕུན་སུམ་ཚོགས་པ་འབྲས་བུ་ཕུན་སུམ་ཚོགས་པ་ལོ་མ་ཕུན ་སུམ་ཚོགས་པ། གཅན་གཟན་ཁྲོ་བ་མེད་པ་ཕུག་དང་ལྡན་པ་སྨན་གཤོང་དང་ལྡན་པ་ཐག་ཐུག་མེད་པ་འགྲོན་བདེ་བ་གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ན་གནས་སོ། །དེ་གནས་དེ་དག་ན་གནས་ཤིང། གང་དེས་སྔོན་བླངས་པ་དང་སྔོན་ཐོས་བ་དེ་ཉིད ་ལན་གསུམ་དུ་སྒྲ་ཧ་ཅང་མི་ཆེ་ཧ་ཅང་མི་ཆུང་བ་དང། དབང་པོ་མི་རྒོད་ཅིང་ཕྱི་རོལ་དུ་མ་སོང་བའི་སེམས་དང་དད་པས་ཉེ་བར་འཚོ་ཞིང་ཚིག་ཉེ་བར་བཟུང་སྟེ། མཚན་མར་འཛིན་ཅིང་གཉིད་ཀྱིས་མ་ལོག་པར་ཁ་ཏོན་བྱེད་དོ། །གལ་ཏེ་དགེ་སློང ་དགོན་པ་བའི་དྲུང་དུ་རྒྱལ་པོ་འམ་བློན་པོ་འམ་དེ་མ་ཡིན་པ་གཞན་བྲམ་ཟེ་འམ་རྒྱལ་རིགས་མ་གྲོང་བ་འམ་ཡུལ་མི་དག་འོངས་ན། དེས་དེ་དག་ལ་གུས་བར་ལེགས་པར་འོངས་སོ་ཞེས་བརྗོད་པར་བྱ་སྟེ་།དེས་རྒྱལ་པོ་ཆེན་པོ་ཇི་ལྟར་སྙན?་བཏིང་བ་ལ ་བཞུགས་ཤིག་ཅེས་དེ་སྐད་བྱས་ནས་གལ་ཏེ་འདུག་མ་གཉིས་ཀ་ཡང་འདུག་པར་བྱའོ། །དེ་སྟེ་མི་འདུག་ན་ཡང་གཉི་ག་མི་འདུག་པར་བྱའོ། །གལ་ཏེ་དབང་པོ་རྒོད་པར་གྱུར་ན་རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་ཕྱོགས་ན་དགེ་སློང་དང་བྲམ་ཟེ་རྣམས་ཚུལ་ཁྲིམས ་དང་ལྡན་པ་ཡོན་ཏན་དང་ལྡན་པ་མང་དུ་ཐོས་པ་དག་མི་རྒོང་དང་སྤྲེའུ་རྣམས་ཀྱིས་མ་གཅོས་པར་གནས་པ་དེ་ནི་རྙེད་པ་ལགས་པར་རྙེད་ངོ་ཞེས་བསྟན་པར་བྱའོ། །དེ་སྟེ་བརྟན་ཞིང་དུལ་བ་དབང་པོ་རབ་ཏུ་ཞི་བ་ཞིག་ཡིན་ཏེ་ཆོས་བསྟན་པར་རུང་ན་ངལ་ཆོས་སྣོཌ?་བསྟན ་པར་བྱའོ། །དེ་སྟེ་ཆོས་སྣ་ཚོགས་བསྟན་པ་ལ་མི་དགའ་ན་དེ་ལ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པར་བྱའོ། །དེ་སྟེ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པ་ལ་མི་དགའ་ན་དེ་ལ་དེ་བཞིན་གཤེགས་པའི་ཆེ་བརྒྱ་ཆེ་བ་དག་བསྟན་པར་བྱའོ། །བྲམ་ཟེ་དང་རྒྱལ་རིགས་དང་གྲོང ་བ་དང་ཡུལ་མི་དག་ལོངས་ན་ཡང་ཅི་རིགས་པར་བྱ་བ་དག་བྱའོ། །དེ་དེ་ལྟར་མང་དུ་ཐོས་པས་ཆོས་ཉན་པ་རྣམས་ཀྱི་སེམས་མགུ་བར་བྱེད་ནུས་པ་ཡིན་ཏེ་།སེམས་ཅན་དེ་དག་ཀྱང་དེ་ལ་དགའ་བ་དང་དད་པ་དད་རངས་པ་འཐོབ་པར་འགྱུར་རོ་ཞེས་གསུངས་སོ།། །། ་བམ་པོ་དགུ་པ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པ་ལ་གནས་པ། འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ། འདི་ན ་མ་བྱུང་བ་མ་སྦས་བ་མ་ཞི་བ་མ་དུལ་བ་མི་འགྲུས་པ་རབ་ཏུ་མི་བརྩོན་བ། འདི་ལྟ་སྟེ་རི་དགས་དང་སྤྲེའུ་དང་བྱ་མང་པོ་དང་ཆོམ་རྐུན་དང་གདོལ་བ་དག་ཀྱང་མང་དུ་གནས་ཏེ། དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དད་ལྡན་པ་མ་ཡིན་པས། །གང་གི་ཕྱིར་བདག ་དགོན་པ་ལ་གནས་པ་འདི་ལྟ་སྟེ་། དགེ་སྤྱོད་གི་དོན་དེ་ཡོངས་སུ་རྫོགས་ཡང་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས་བདག་ཅིའི་ཕྱིར་དགོན་པར་འོངས་སྙམ་དུ ་བརྟག་པར་བྱ་སྟེ་།དེས་ཡང་འདི་ལྟར་བདག་ནི་འཇིགས་ཤིང་སྐྲག་པའི་ཕྱིར་དགོན་པར་འོངས་སོ། །ཅི་ཞིག་གིས་འཇིགས་ཤིང་སྐྲག་ཅེ་ན། འདུ་འཛིས་འཇིགས་ཤིང་སྐྲག་གོ་འགྲོགས་པས་འཇིགས་ཤིང་སྐྲག་གོ་།འདོད ་ཆགས་དང་ཞེ་སྡང་དང་གཏི་མུག་གིས་འཇིགས་ཤིང་སྐྲག་གོ་།ང་རྒྱལ་དང་རྒྱགས་པ་དང་དྲེགས་པས་འཇིགས་ཤིང་སྐྲག་གོ་།ཆགས་པ་དང་ཕྲག་དོག་དང་སེར་སྣས་འཇིགས་ཤིང་སྐྲག་གོ་།གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱས་འཇིགས་ཤིང ་སྐྲག་གོ། ཕུང་པོའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ་།ཉོན་མོངས་པའི་བདུད་ཀྱིས་འཇིགས་ཤིང་སྐྲོག། །འཆི་བདག་གི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ་།ལྷའི་བུའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ་།རྨི་རྟག་པ་ལ་རྟག་པར་ཉིན་ཅི་ལོག་པས ་འཇིགས་ཤིང་སྐྲག་གོ་།སྡུག་བསྔལ་བདེ་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ་།བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ་།མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ་།སེམས་དང་ཡིད ་དང་རྣམ་པར་ཤེས་པས་འཇིགས་ཤིང་སྐྲག་གོ་།སྲེད་པས་འཇིགས་ཤིང་སྐྲག་གོ་།འཁོར་བས་འཇིགས་ཤིང་སྐྲག་གོ་།སྒྲིབ་པ་དང་ཆོད་པ་དང། ཀུན་ནས་ལྡང་བས་འཇིགས་ཤིང་སྐྲག་གོ་།འཇིགས་ཚོགས་ལ་ལྟ་བས་འཇིགས་ཤིང་སྐྲག་གོ ་བདག་ཏུ་འཛིན་པ་དད་བདག་གིར་འཛིན་པས་འཇིགས་ཤིང་སྐྲག་གོ་།རྒོད་པས་འཇིགས་ཤིང་སྐྲག་གོ་།བགྱོད་པ་དང་ཐེ་ཚོམ་གྱིས་འཇིགས་ཤིང་སྐྲག་གོ་།སྡིག་པའི་གྲོགས་པོས་འཇིགས་ཤིང་སྐག་གོ་།རྙེད་པ་དང་བཀུར་སྟིས་འཇིགས་ཤིང ་སྐྲག་གོ་།མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ་།མ་མཐོང་བར་མཐོང་ངོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐག་གོ་།མ་ཐོས་པར་ཐོས་སོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ། མ་དྲན་པར་དྲན་ནོ་སྙམ་དུ་འཛིན་པས་འཇིགས་ཤིང ་སྐྲག་གོ་།བྱེ་བྲག་མ་ཕྱེད་པར་བྱེ་བྲག་ཕྱེད་དོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ་།མི་ཤེས་པར་ཤེས་སོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ། དགེ་སྦྱོང་གི་དྲི་མས་འཇིགས་ཤིང་སྐྲག་གོ་།གཅིག་ལ་གཅིག་གནོད་པར་སེམས་པས་འཇིགས་ཤིང ་སྐྲག་གོ་།འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱིས་འཇིགས་ཤིང་སྐྲག་གོ་།སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བས་འཇིགས་ཤིང་སྐྲག་གོ་།སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་ཡི་དགས་ཀྱི་ཡུལ་དུ ་འགྲོ་བས་འཇིགས་ཤིང་སྐྲག་གོ་།མི་ཁོམ་བས་འཇིགས་ཤིང་སྐྲག་གོ་།མདོར་ན་མི་དགེ་བའི་ཆོས་ཐམས་ཅད་ཡིད་ལ་བྱེད་པས་འཇིགས་ཤིང་སྐྲག་སྟེ་།བདག་དེ་ལྟ་བུའི་འཇིགས་ཤིང་སྐྲག་པས་འཇིགས་ནས་དགོན་པར་འོངས་སོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག ་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཇིགས་ཤིང་སྐྲག་ནས་དགོན་པ་ལ་གནས་པས་འདི་ལ་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་དག་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་སྐྱེས་སོ། །བདག་ཏུ་མངོན་པར་ཆགས་པ་དང། བདག་ཏུ་ཡོངས་སུ་འཛིན་པ ་དང། བདག་གི་གཞི་དང་བདག་ཏུ་འདུ་ཤེས་པ་དང། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང། བདག་ཏུ་ལྟ་བ་དང། བདག་གི་གནས་དང། བདག་ཡོངས་སུ་རྟོག་པ་དང། བདག་བསྲུང་བ་ལས་སྐྱེས་ཏེ་།གལ་ཏེ་བདག་དགོན་པ་ལ་གནས་ལ་བདག་ཏུ་འཛིན་པ་ཡོངས་སུ ་མ་སྤངས་བདག་ཏུ་མངོན་པར་ཆགས་པ་དང། བདག་ཏུ་ཡོངས་སུ་འཛིན་པ་དང། བདག་གི་གཞི་དང། བདག་ལ་སྲེ་པ་དང། བདག་ཏུ་འདུ་ཤེས་པ་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང། བདག་ཏུ་ལྟ་བ་དང། བདག་གི་གནས་དང། བདག་ཏུ་ཡོངས་སུ་རྟོག་པ་དང། བདག་སྲུང ་བ་ཡོངས་སུ་མ་སྤངས་ན་ནི། བདག་དགོན་པ་ལ་གནས་པ་དོན་མེད་པར་འགྱུར་རོ་སྙམ་དུ་བསླབ་པར་བྱ་སྟེ། བདག་ཏུ་འདུ་ཤེས་པ་ལ་ནི་དགོན་པ་ལ་གནས་པ་གནས་པ་མེད་དོ། །གཞན་དུ་འདུ་ཤེས་པ་ལ་ཡང་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་དགོན ་པ་ལ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མི་བརྟེན་པར་གནས་པའོ། །ཆོས་ཐམས་ཅད་ལ་མི་འཛིན་པར་གནས་པའོ། །མཚན་མ་ཐམས་ཅད་ལ་མི་ཆགས་པར་གནས་པའོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་ཐམས་ཅད་ལ་མི ་བརྟེན་པར་གནས་པའོ། །སྒྲ་དང་དྲི་དང་རོ་དང་རེག་པ་ཐམས་ཅད་ལ་མི་བརྟེན་པར་གནས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དང་མི་འགལ་བར་གནས་པའོ། །སེམས་ཤིན་ཏུ་ཞི་བས་ཤིན་ཏུ་སྦྱངས་པར་གནས་པའོ། །འཇིགས་པ་ཐམས་ཅད་སྤངས་པས ་མི་འཇིགས་པར་གནས་བའོ། །ཉོན་མོངས་བ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆུ་བོ་ལས་བརྒལ་བར་གནས་པའོ། །བརྟན་པར་གནས་པའོ། །ངན་དོན་གྱིས་ཆོག་ཤེས་པར་འཛིན་ཅིང་འདོད་པ་ཆུང་བས་འཕགས་པའི་རིགས་རྣཾས་ལ་རབ་ཏུ་དགའ་བར་གནས ་པའོ། །དགང་སླ་ཞིང་གསོ་སླ་བས་ཆོག་པར་འཛིན་པར་གནས་པའོ། །ཤེས་རབ་ཀྱི་ཕྱིར་ཚུལ་བཞིན་ལ་སྦྱོར་བས་ཐོས་པ་ལ་གནས་པའོ། །རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོ་སོར་རྟོགས་པས་ཐར་པར་གནས ་བའོ། །བཅིངས་པ་བཅད་པས་རྣམ་པར་གྲོལ་བར་གནས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན་པས་མདུལ་བ་རྣམས་ཉེ་བར་ཞི་བར་གནས་པའོ། །ཤིན་ཏུ་རྣམ་པར་དག་པས་བྱ་བ་བྱས་པར་གནས་པའོ། །ཁྱིམ་བདག་འདི་ལྟ་སྟེ་དཔེར་ན། ་དགོན་པ་ལ་རྩཝ་དང་ཤིང་གེལ་པ་དང་ནགས་ཚལ་གནས་ཀྱང་འཇིགས་པ་མེད་ཅིང་མི་སྐྲག་སྐྲག་པར་མི་འགྱུར་རོ། །ཁྱིམ་བདག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་ཀྱང་ལུས་རྩཝ་དང་ཤིང་གེལ་པ་དང་སྨན་དང་རྩིག ་པ་དང་ཤིང་དང་མིག་ཡོར་ལྟ་བུ་དང་སྒྱུ་མ་དང་མཚུངས་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ་།འདི་ལས་སུ་ཞིག་འཇིགས་པར་འགྱུར་འདི་ལ་སུ་ཞིག་སྐྲག་པར་འགྱུར་སྙམ་པའི་སེམས་བསྐྱེད་པར་བྱའོ། །དེས་འཇིགས་ཤིང་སྐྲག་པར་ལྟ་ན། འདི་ལྟར་ལུས་འདི? ་ལ་ནི་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བ་འམ་གསོ་པ་འམ་སྐྱེས་བཱུམ་གང་ཟག་གམ་ཤེད་ལས་སྐྱེས་པ་འམ་ཤེད་བུ་མེད་དེ། འདི་ལྟར་འཇིགས་པ་ཞེས་བྱ་བ་འདི་ནི། ཡང་དག་པ་མ་ཡིན་པ་ཀུན་བརྟག་པ་ཡིན་གྱིས་བདག་གིས་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟཌ ་པ་དེ་ལ་རྟག་པར་མི་བྱའོ་སྙམ་དུ་ལུས་ལ་ཚུལ་བཞིན་དུ་བརྟག་པར་བྱའོ། །དེས་ཇི་ལྟར་དགོན་པ་ལ་རྩཝ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་གནས་པ་རྣམས་དའི་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཡང་ངའི་བ་མེད་པ་ཡོངས་སུ་འཛིན་པ་མེད་པས་ཆོས་ཐམས ་ཅད་དགོན་པ་ཉིད་དོ་སྙམ་དུ་ཤེས་ནས་ཉེ་བར་བསྒྲུབས་ཏེ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་ལ་གནས་པ་ནི་ཉོན་མོངས་པ་གཅོད་པ་སྟེ་དའི་བ་མེད་པ་སྟེ་ཡོངས་སུ་འཛིན་པ་མེད་པའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གཞན་ཡང་བྱང ་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་སངས་རྒྱས་ཀྱི་དགོན་པ་ལ་གནས་པར་བཀའ་སྩལ་བར་ཤེས་ནས་དགོན་པ་ལ་གནས་པར་བྱ་སྟེ་།དེར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་བའི་རྩ་བས་ཉེ་བར་བརྟན་ནས་།ཕྱིས་གྲོང་དང་གྲོང་ཁྱེར་དང ་གྲོང་རྡལ་དང་ལྟོངས་དང་ཡུལ་དང་ཕོ་བྲང་འཁོར་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལུང་དང་ཁ་ཏོན་ནོད་པའི་ཕྱིར་ཚོགས་ཀྱི་ནང་དུ་འཇུག་ན་དེས་དེར་གུས་པ་དང་བཅས་པར་བྱ་སྟེ། ་སློབ་དཔོན་དང་མཁན་པོ་རྣམས་དང་།གནས་བརྟན་དང་བར་མ་དང་དགེ་སློང་གསར་བུ་རྣམས་ལ་ཞེས་དང་བཅས་པར་བྱའོ་ཚུལ་མཁས་པར་བྱའོ། །སྙོམས་ལས་མེད་པར་རང་གིས་བྱས་པ་དང་གཞན་ལ་གདུང་བ་མེད་པར་བྱའོ། །དེས་བསྙེན་བཀུར་ལག་དུ ་བར་མི་བྱའོ། །དེས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་བཅས་པའི་འཇིག་རྟེན་དང། བདུད་དང་བཅས་པ་དང། ཚངས་པ་དང་བཅས་པ་དང། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང། ལྷ་དང་མི་དང་ལྷ ་125 ་མ་ཡིན་དུ་བཅས་པས་མཆོད་པ། སྦྱིན་གནས་སུ་གྱུར་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་གང་ལས་ཀྱང་རིམ་གྲོར་བྱ་བ་བདག་གིར་མི་མཛད་ན། །བདག་ཅག་མ་བསླབ་པ་པོ་སློབ་འདོད་པ་རྣམས་ལྟ་ཅི་སྨོས་ཏེ། བདག་གིས་སེམས་ཅན ་ཐམས་ཅད་ལ་བསྙེན་བཀུར་བྱའི། གང་ལས་ཀྱང་བསྙེན་བཀུར་བྱ་བ་བདག་གིར་མི་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་།ཁྱིམ་བདག་དགེ་སློང་བསྟེན་བཀུར་ལ་སྡུ་བ་ནི་ཡོན་ཏན་གྱི་ཆོས་རྗེས་སུ་གཟུང་བ་ཆུད་གཟོན་པ་ཡིན་ཏེ། དེས་གང ་དག་སྡུད་པ་དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་བསྙེན་བཀུར་གྱི་ཕྱིར་སྡུད་ཀྱི་ཆོས་ཀྱི་ཕྱིར་ནི་མ་ཡིན་ནོ་སྙམ་མོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་དགོན་པ་པ་ཆོས་ཉན་པར་འདོད་དམ་།མཁན་པོ་དང་སློབ་དཔོན ་ལ་ལྟ་བར་འདོད་ནས། ནད་དྲི་པའི་ཕྱིར་གྲོང་གི་གནས་སུ་འོངས་ནས། དེས་རྒོངས་སུ་སླར་ལྡོག་པར་བྱ་བའི་ཕྱིར་འགྲོ་བའི་སེམས་བསྐྱེད་པར་བྱའོ། །དེ་གལ་ཏེ་ལུང་གནོད་པ་དང་ཁ་ཏོན་བྱ་བ་གཞན་ལ་རག་ལས་གཙུག་ལག་ཁང་ན་གནས་ན་ཡང། དེས ་དགོན་པ་ལ་གཞོལ་བའི་སེམས་ཀྱིས་གང་དངོས་པོ་ཐམས་ཅད་ལ་དགོན་པར་འདུ་ཤེས་པ་དང་ཆོས་ཚོལ་བས་མི་དོམས་པ་དེ་ཉིད་དགོན་པ་ལ་གནས་པ་ཡིན་ནོ་སྙམ་དུ་བསམ་པར་བྱའོ་ཞེས་གསུངས་སོ། །འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང། ་གལ་ཏེ་དགེ་སློང་དགོན་པ་པ་འབྲས་བུ་མ་ཐོབ་པ་སོ་སོའི་སྐྱེ་བོའི་དྲུང་དུ་སྡིག་སྤྲུལ་དང་གཅན་གཟན་གཏུམ་པོ་དག་འོངས་ན་།དེས་དེ་ལ་འཇིགས་པ་དང་སྐྲག་པར་མི་བྱའོ། །ངོས་འདི་སྙམ་དུ་བདག་ཐོག་མ་ཉིད་ནས་ལུས་དང་སྲོག་བོར་ཏེ་དགོན་པའི་གནS ་སུ་འོངས་ཀྱི་འདི་ལ་བདག་གིས་འཇིགས་པར་མི་བྱ་སྐྲག་པར་མི་བྱའི། །བྱམས་པའི་སེམས་བསྐྱེད་བར་བྱ་ཞེ་སྡང་རྣམ་པར་སྤང་བར་བྱ་འཇིགས་པ་སྤང་བར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱའོ་སྐལ་ཏེ་དེ་ལྟར་བྱས་ནས་སྤྲུལ་དང་གཅན་གཟན་དེ་དག་གི་སྲོག་གཅོད་ཅིང་ཟ་ན་ཡང ་@125བ ་དེས་འདི་སྙམ་དུ་གཅན་གཟན་འདི་དག་ལ་བདག་གི་ཟང་ཟིང་ཙམ་གྱི་ཚིམ་པར་བྱེད་མི་ནུས་ཀྱི། དེ་དག་གིས་བདག་གི་ཤ་ཟོས་ནས་བདེ་བ་ལ་རེག་པར་གནས་པར་འགྱུར་བ། བདག་གིས་ཀྱང་སྙིང་པོ་མེད་པའི་ལུས་ལས་སྙིང་ངོ། བླང་བར་འགྱུར་བ་ནི་བདག་གིས ་རྙེད་པ་ལེགས་པར་རྙེད་དོ། །དེ་བཞིན་དུ་སྦྱར་ཏེ། གལ་ཏེ་དགོན་པའི་གནས་དེ་ན་གནས་པ་ནི་མི་མ་ཡིན་བ་འོངས་ན་མདོག་སྡུག་ཀྱང་རུང་མི་སྡུག་ཀྱང་རུང། དེ་ལ་ཆགས་པར་མི་བྱ་ཁོང་ཁྲོ་བར་མི་བྱའོ། །གལ་ཏེ་སྔོན་སངས་རྒྱས་མཐོང་བའི་ལྷ་དག་དགེ་སློང་དགོན ་པ་པའི་དྲུང་དུ་འོངས་ཏེ་དྲི་བ་ཡོངས་སུ་འདྲི་ན། དེ་ལ་དགེ་སློང་དགོན་པ་པ་དེས་ཇི་ལྟར་ཐོས་པ་བཞིན་དུ་ལྷ་དེ་དག་ལ་ཆོས་བཤད་པར་བྱའོ། །ཅི་སྟེ་ལྷ་དེ་དག་ཟབ་མོའི་དྲི་བ་ཡོངས་སུ་དྲིས་ཏེ་དགེ་སློང་དགོན་པ་པ་དེས་ལན་མི་ཐབས་པ་ལྟ་ན། དེས་ང་རྒྱལ་མེད་པར ་བྱས་ལ་འདི་སྐད་ཅེས་མ་བསླབས་པ་ལ་བརྙས་པར་མི་བྱ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་ལུང་ནོད་ནས་འབད་དེ་ཁོང་དུ་ཆུད་པའི་ཆོས་རྣམས་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དྲིས་པ་ཐམས་ཅད་ཀྱི་ལན་གདབ་པར་བྱའོ། །བདག་ནི་ཆོས་ཉན་པ་ཡིན་གྱིས་ཁྱེད ་སྤོབས་པར་གྱིས་ཤིག་ཅེས་བརྗོད་པར་བྱ་སྟེ། འོད་སྲུངས་དགེ་སློང་དགོན་པ་པས་ད་ལྟར་ལྷ་དེ་དག་ལ་གོ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ་།དགོན་པའི་གནས་དེ་ན་གནས་པ་དེས་རྩཝ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་དེ་དག་ཇི་ལྟར་འབྱུང་བ་དང་ཇི ་ལྟར་འཇིགས་པར་འགྱུར་བ་དང། ཇི་ལྟར་ཕྱི་རོལ་གྱི་དངོས་པོ་འདི་དག་བདག་པོ་མེད་པ། གཡོ་བ་མེད་པ། བྱེད་པ་མེད་པ། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་གི་།རྒྱུ་དང་རྐྱེན་མཚད་ན་མི་འབྱུང་བ་སྟེ་།འདི་ལ་དོན་དམ་པར་སྐྱེ་བ་དང་འགག་པའི ་ཆོས་གང་ཡང་མེད་དོ། །སྙམ་དུ་མཚན་མ་གཟུང་བར་བྱའོ་ཞེས་འབྱུང་ངོ། །ཡང་གསུངས་པ་།དེ་དགོན་པའི་གནས་དེ་ན་གནས་པ་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ་།འདི་ལྟར་བདག་ནི་ལམ་རིང་པོ་ནས། འདིར་འོངས་ལ་གཅིག་པུ་གཉིས་སུ་མེད་པ་སྟེ། ་ལེགས་པར་བྱས་པ་འམ་ཉེས་པར་བྱས་པ་བསྐུལ་བའི་གྲོགས་ནི་གང་ཡང་མེད་ཀྱི་།ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སངས་རྒྱས་བཅོམ་ལྡན་འདས་ཡང་དག་གི་སེམས་ཀྱིས་བསམ་པ་ཤེས་པ་དག་ཡོད་དེ། བདག་དགོན ་པའི་གནས་ན་གནས་ལ་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དེ་དག་དབང་དུ་འགྱུར་རོ། །བདག་ལམ་དིང?་པོ་ནས་འོངས་ཤིང་གཅིག་པུ་གཉིས་སུ་མེད། རྟེན་བ་མེད་བདག་གི་མེད་ཡོངས་སུ་འཛིན་པ་མེད་ལ། གལ་ཏེ་འདོད་པ་ལ་རྣམ་པར་རྟོག་པས་རྣམ ་པར་རྟོག་།གནོད་སེམས་ཀྱི་རྣམ་པར་རྟོག་བས་རྣམ་པར་རྟོག་།འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་གམ་།མི་དགེ་བ་གཞན་ལ་རྣམ་པར་རྟོག་པས་རྣམ་པར་རྟོག་པར་གྱུར་ན། བདག་འདུ་འཇི་དང་འདུལ་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས ་དང། བྱེ་བྲག་མེད་པར་འགྱུར་ཏེ། བདག་གི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ལ་བསླུས་པར་འགྱུར་ཞིང་།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་མཉེས་པར་བྱས་པར་འགྱུར་གྱིས། ཅི་ནས་ཀྱང་བདག་ལ་ལྷ་རྣམས་འཕྱ་བར་མི་འགྱུར་བ་དང། སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགྱེས་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །དགོན་པ་བརྗོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ལྟར་དགོན་པ་ལ་གནས་ནས་མཉམ་པར་བཞག་པ་ལ ་སྦྱར་བར་བྱ་སྟེ། བཅོམ་ལྡན་འདས་མ་ལས་དེ་སེམས་ཅན་དེ་དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་སྤྱོད་པས་སེམས་གཡོད་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེང་བ་ལ་ནི་འཇིག་རྟེན་པའི་བསམ ་གཏན་བསྐྱེད་པའང?་དཀོན་ན་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་།དེ་ལྟ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་སྙམ་དུ་སེམས་སོ་ཞེས ་གསུངས་སོ། །ཡང་དེ་ཉིད་ལས། རབ་འབྱོར་གཞན་ཡང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ ་བྱེད་པས་བསམ་གཏན་ལ་སྙོམས་པར་འཇུག་སྟེ་།དེ་མིག་གིས་གཟུགས་རྣམས་མཐོང་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ། །གང་གི་ཕྱིར་མིག་གི་དབང་པོ་སྡོམ་པས་མ་བསྡམས་པར་གནས་ཏེ་བརྣབ་སེམས་དད་ཡིད་མི་བདེ ་བ་དང་སྡིག་པ་མི་དགེ་བའི་ཆོས་གཞན་ལ་ཡང་སེམས་རྗེས་སུ་འཇུག་པ་དེ་དག་སྡོམ་པར་བྱེད་མིག་གི་དབང་པོ་སྲུང་བར་བྱེད་དོ། །དེ་བཞིན་དུ་རྣ་བས་སྒྲ་ཐོས་པ་དང། སྣས་དྲི་ཚོར་བ་དང། ལྕེས་རོ་མྱོང་བ་དང། ལུས་ཀྱིས་རེག་བྱ་ལ་རེག་པ་དང། ཡིད་ཀྱིས་ཆོས ་རྣམ་པར་རིག་པ་ན་མཚན་མར་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ། །གང་གི་ཕྱིར་ཡིད་ཀྱི་དབང་པོ་སྡོམ་པས་མ་བསྔམས་ཏེ་སྡིག་པ་མི་དག་པའི་ཆོས་རྣམས་ལ་རྗེས་སུ་འཇུག་པ་དེ་དག་སྡོམ་པར་བྱེད་ཡིད་ཀྱི་དབང་པོ་སྲུང་བར་བྱེད་དོ། །དེ་འགྲོའམ ་འགྲེང་ངམ་འདུག་གམ་ཉལ་ལམ་སྨྲ་འམ་མི་སྨྲ་ཡང་རུང་སྟེ་།མཉམ་པར་བཞག་པར་གནས་པ་དང་ཞི་བར་གནས་པ་མི་འདོར་རོ། །དེ་ལག་པ་མི་རྒོད་པ་དང། རྐང་པ་མི་རྒོད་པ་དང། མུ་ཅོར་མི་སྨྲ་བ་དང། ཚིག་འཆལ་བ་མེད་པ་དང། དབང་པོ་མི ་གཡེང་བ་དང། མི་རྒོད་བ་དང། ཡང་ཡབ་པོ་མ་ཡིན་པ་དང། གཟུ?་ལུམས་ཅན་མ་ཡིན་བ་དང། ལུས་འཁྲུལ་པ་མེད་པ་དང། སམས་འཁྲུལ་པ་མེད་པ་དང། ལུས་ཞི་བ་དང། དག་ཞི་བ་དང། སེམས་ཞི་བ་དང། དབེན་ཡང་རུང་མི་དབེན་ཡང་རུང ་སྟེ་སྤྱོད་ལམ་བཅོས་པ་མེད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཆག?་ཤེས་པ་དང། གསོ་སླ་བ་དང། དེ་གང་སླ་བ་དང་འགོགས་ན་བདེ་བ་དང། ཆོ་ག་དེང་སྤྱོད་ཡུལ་གང་བ་དང། འདུ་འཇིའི་ནད་ན་ཡང་སྤྱོད་ཡུལ་གཟེན?་བ་དང། རྙེད་པ་དང་མ་རྙེད་པ་ལ་ཡང་མཉཾ? ་ཞིང་འགྱུར་བ་མེད་པ་ཡིན་།།བེངས་པ་མེད་ཅིང་འདུག་པ་མེད་པ་ཡིན། དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་པ་དང་བསྟོང་པ་དང། སྨད་པ་དང། སྙན་པ་དང་མི་སྙན་པ་དང། འཚོ་བ་དང་འཆི་བ་ཡང་མཉམ་ཞིང་འགྱུར་བ་མེད་པ་ཡིན ་ཁངས་པ་མེད་ཅིང་འདུད་པ་མེད་པ་ཡིན་།དེ་བཞིན་དུ་དགྲ་དང་མཛའ་བོ་དང་།ཡིད་དུ་འོང་པ་དང་ཡིད་དུ་མི་འོང་བ་དང། འཕགས་པ་དང་འཕགས་པ་མ་ཡིན་པ་དང། སྒྲ་དང་གཟུགས་སྡུག་པ་དང་མི་སྡུག་པ་རྣམས་ལ?་ཡང་མཉམ་ཞིང་འགྱུར་པ་མེད་པ་ཡིན། ་ཁེངས་པ་མེད་ཅིང་འདུད་པ་མེད་བ་ཡིན། རྗེས་སུ་ཆགས་པ་དང་མི་མཐུན་པ་དང་གྲལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ཞིང་བྱུང་བ་མེད་པ་དང་རྫོགས་པ་མེད་པ་དང། མངོན་དུ་གྲུབ་པ་མེད་པར་མཐོང ་བའི་ཕྱིར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་ཡིད་ཞུམ་ན་དགའ་བ་བསྒོམ་པས་གཟེད་བསྟོང་པར་བྱའོ། རྒོད་པར་གྱུར་ན་མི་རྟག་པ་ཡིད་ལ་བྱ་བས་རབ་ཏུ་ཞི་བར་བྱའོ། །གཉི་གའི་གཉེན་པོའི་དོན་དུ་ནི། འཕགས་པ་ཡུལ་འཁོར་སྐྱོད་གི་བརྗོད་བའི་ཚིཌ ་སུ་ཅད་པ་དྲན་པར་བྱ་སྟེ་།སངས་རྒྱས་འཇིག་རྟེན་ཕན་པ་དྲང་སྲོད་ཆེ། །བསྐལ་བ་བྱེ་མང་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟ་དལ་བ་དམ་པ་རྙེད་པ་ལ། གལ་ཏེ་ཐར་འདོད་བག་མེད་སྤང་བར་གྱིས་ཞེས་གསུངས་སོ། །དེ་བཞིན་དུ། འདི་ན་སྒྱུ་མ་ལྟ་བུར་བདེན ་པ་མིན། །འདུས་བྱས་རྨི་ལམ་མཚུངས་པར་བརྟགས་ནས་ནི། །འདི་ན་རྟག་ཏུ་སྡུག་པ་ཐམས་ཅད་དང། །མྱུར་དུ་འབྲལ་བར་མི་འགྱུར་གང་ཡང་མེད། །ཕ་རོལ་ཕྱིན་དང་ས་དང་སྟོབས་རྣམས་ལ། །རྟག་ཏུ་བརྩོན་པར་གྱིས་ཤིག་འབད་པར་གྱིས། །རྡུལ ་མེད་བྱང་ཆུབ་སངས་རྒྱས་མ་གྱུར་བར། །བརྩོན་འགྲུས་ནམ་ཡང་ཉམས་པར་གྱུར་ཏ་རེ་ཞེས་གསུངས་སོ། །འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཀྱང། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ནི་འཆི་མེད་རབ་འབར་མགོན་མེད་བ། །སྲིད་ལས་འབྱུང ་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་བའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་བརྟན་སྟོན་ཁའི་སྤྲིན་ནང་འདྲ། །འགྲོ་བའི་སྐྱེ་འཆི་གང་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའ་ཨི་བློག་འདྲ་སྟེ། །རི་གཟར་འབར་ཆུ་ལྟ་བུར་བྱུང?་མགྱོགས ་འགྲོ། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང། །དྲི་ཞིམ་རོ་མཆོག་རེག་པ་བདེ ་བྱེད་པ་དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་བའི་རྙི་ལ་སྤྲེའུ་ཐོགས་པ་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲི་སོ་འདྲ་དུག་སྡོང་པོ་མ་མཚུངས། །རན་སྐྱུགས་སྟོང ་ལྟར་འཕགས་པའི་སྐྱེ་བས་སྤངས། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་བཅས། །རྟག་ཏུ་དྲན་པ་བརྗེད་བྱེད་མུན་པ་བྱེད། །རྟག་ཏུ་འཇིགས་པའི་རྒྱུད་བྱེད་སྡུག་བསྔལ་རྩ། །སྲིད་པའི་སྲེད་པ་འཁྲི?་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་འོབས་ནི་འཇིགས ་བཅས་པ། །དེ་ལྟ་འདོད་འདི་འཕགས་པའི་སྐྱེ་བོས་རིག་།འདམ་རྫབ་ཆེ་འདྲ་རལ་གྲི་གཤེད་གནས་འདྲ། །རལ་གྲིའི་སོ་ལ་སྦྲང་རྩིས་བསྐུས་དང་མཚུངས། །ཇི་ལྟར་སྤྲུལ་གྱི་མགོ་དང་ངན་སྐྱུག་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག་།བྱ་ཤ་ཁམ ་བུ་འདྲ་ཞིང་གསལ་ཤིང་འདྲ། རོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན། །འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང། །མིག་ཡོར་འདྲ་ཞིང་གར་ལ་ལྟ་འདྲ་དང། །རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས ་རིག། འདོད་པའི་ཡོན་ཏན་སྐད་ཅིག་ཡ་མ་བརླ། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན། །ཆུ་བུར་དབུ་བ་ལྟ་བུར་ཡང་དག་མིན། །ཡོངས་སུ་བརྟགས་ལས་བྱུང་བར་མཁས་པས་རྟོག་།ན་ཚོད་ཐོག་མར་གཟུགས་མཆོག་འཛིན་པའི་ཚེ། །ཕངས་ཤིང་སྡུག་འདོད ་འདི་ནི་བྱིས་པའི་སྦྱོད། །རྒན་སྡུག་བསྔལ་གཟི་བརྗིད་ལུས་བཅོམ་པ་ནས། །རྣམ་པར་སྤོང་སྟེ་རི་དགས་རླུང་སྐངས་བཞིན། །ནོར་བུ་དམ་པ་རྫས་མང་སྟོབས་ལྡན་ཆེ། །ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད། །ནོར་ཉམས་སྡུས་བསྔལ་ལྔ ་ནི་གྱུར་པའི་ཚེ། །རྣམ་པར་སྤོང་སྟེ་མི་ཡི་འབྲོག་སྟོང་བཞིན། །ཇི་ལྟར་མེ་ཏོག་ཤིང་དང་འབྲས་བཅས་ཤིང། །དེ་ལྟར་སྦྱིན་འདོད་མི་ལ་དགའ་བར་བྱེད། །ནོར་ཉམས་རྒ་བས་ཉེན་ཅིང་སྤོང་བྱེད་པ། །དེ་དག་དགའ་བར་མི་འགྱུར་བྱ་རྒོད་བཞིན་དུ་རྫས ་ལྡན་གཟུགས་མཆོག་ལྡན་ཚེ་དཔོན་པོ་བཞིན། །ཕྲད་ན་སྡུག་ཅིང་དབང་པོ་དགའ་བར་བྱེད། །རྒན་སྡུག་བསྔལ་ཉེན་ཅིང་ནོར་ཟད་པ། །དེ་ཚེ་འདོད་པར་མི་འགྱུར་འཆི་བདག་བཞིན། །རྒ་བས་རྒ་བྱས་ན་ཚོད་ཡལ་གྱུར་ན། །སྡོང་བོ་གནམ་ལྕགས་ཀྱིས ་ནི་བཅོམ་པ་བཞིན། །རྒ་བས་འཁོགས་ན་འཇིགས་བཅས་ཁང་རུལ་འདྲ། །རྒ་ལས་འབྱུང་བ་ཐུབ་པ་མྱུར་དུ་སྨྲོས། །བུད་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམས། །འཁྲིད་ཤིང་ས་ལའི་ནགས་ལ་རླུང་དམར་བཞིན། །རྒ་བས་བརྩོན་འགྲུས་རྩལ་དང ་ཤུགས་འཕྲོག་སྟེ། །དཔེར་ན་སྒྱེས་བུ་འདམ་བུ་བྱིང་བ་བཞིན། །རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག་།རྒ་བས་བདེ་བ་འཕྲོག་ཅིང་རྙས་པར་བྱེད། །རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང ་འཕྲོག། ནད་པ་རྒྱ་མང་དང་ནང་ཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཅེས་ཏེ་མི་ཡི་རི་དགས་བཞིན། །རྒ་དང་ན་བས་བཅོམ་བའི་འགྲོ་ལྟོས་ལ། །སྡུག་བསྔལ་ལས་ནི་འབྱུང་བ་མྱུར་ཤོད་ཅིག་།དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། །རྩི་ཤིང་གེལ ་པ་ནགས་སྨན་མདངས་ཀྱང་འཕྲོག་།དེ་ལྟར་ནང་འདི་འགྲོ་བའི་མདངས་འཕྲོག་ཅིང། །དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྱེད། །ནོར་འབྲུ་ནོར་ཆེན་ཐ་མར་ཟད་པར་བྱེད། །ནང་ནི་རྟག་ཏུ་འགྲོ་བ་རྙས་པར་བྱེད། །གནོད་པ་བྱེད་ཅིང་སྡུག་ལ་སྡད? ་པར་བྱེད། །ཡོངས་སུ་གདུང་བྱེད་པS་མཁའ་ལས་ཉི་མ་བཞིན། འཕྱི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་བྲལ། །ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་རླུང་རྒྱུན་མཚུངས་ཏེ ་འཆི་བ་དབང་ཡོད་པ་ངག་དབང་མེད་བྱེད། །འཆི་བ་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུ་འགྲོ། །རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད། །འཆིབས་སྲོག་ཆགས་བརྒྱ་ཕྲག་མདེ་འཛིན་ཏེན?་།འབྱུང ་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །སླུལ་མཁའ་ལྡིང་གླང་ཆེན་སེང་གེ་འདྲ། །རྩཝ་རྩི་འབྱུང་པོའི་ཆོགས་ལ་མེ་དང་མཚུངས་ཞེས་གསུངས་སོ། །རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞིན་རི་ཆེན་པོ ་སྲ་ག་སྙིང་བོ་དང་ལྡན་པ། མ་ཞིག་པ་།མགས་པ། །བ་ཕན་མེད་པ། ཤིན་ཏུ་མཁྲེགས་པ་གཅིག་ཏུ་སྡུག་པོ་བཞི། གནམ་ལ་རེག་ཅིངས་རློག་སྟེ། །རྩཝ་དང་ཤིང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང། སེམས་ཅན་སྲོག་ཆགས་འབྱུང?་པོ་བདི? ་ཕྱེ་མར་འཐག་ཅིང་འོད་བ་ལས་ནི། མགྱོགས་པས་འབྲོས་པ་འམ། སྟོབས་ཀྱིས་བཟློག་པ་འམ། ནོར་གྱིས་བཟློག་པ་འམ། རྫས་དང་སྔགས་སྨན་རྣམས་ཀྱིས་བཟློག་པར་བསླབ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ། འཇིགས་པ་ཆེན་པོ་བཞི་པ ་འདི་དག་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོག་པ་འམ། སྟོབས་ཀྱིས་བཟློག་བ་འམ། །ནོད་གྱིས་བཟློག་པ་འམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་བར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་།ན་བ་དང། འཆི་བ་དང། རྒུད་པའོ ་རྒྱལ་པོ་ཆེན་པོ་རྒ་བ་ནི་དེར་ལ་བབ་པ་འཛོམས་ཤིང་འོངས། །ནད་ནི་ནད་མེད་པ་འཇོམས་ཤིང་འོང། རྒུད་པ་ནི་ཕུན་སུམ་ཚོགས་པ་འཇོམས་ཤིང་འོང་།འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས ་129 ་བཟློག་པ་འམ། ནོར་གྱིས་བཟློག་བ་འམ། རྫས་དང་སྔགས་དང་སྨན་རྣམས་ཀྱི་ཞི་བར་སླབ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཉིད?་ལྟ་སྟེ་།དཔེར་ན་རི་དགེས?་གྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཚོགས་ཀྱི་ནང་ན་བཞུགས་ནས་རི་དགས ་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དགས་དེ་ནི་སྟོབས་པོ་ཆེའི་ཁ་མི་ཟད་པས་བཟུང་བས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ་།རྒྱགས་ཕ་དང་ནི་བྲལ་།མགོན་ནི་མེད། ་སྐྱབས་ནི་མེད་།དཔུང་གཉེན་ནི་མེད་།གཤིས་ནི་འཇིག་།ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་བསྐམས། ལུས་ནི་ནད་ཀྱིས་གདུངས་།སྐོམ་ནི་སྐོམ་།བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་སྣབས ་དང་གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས་།མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་དག་ནི་འགག་།སྐྱིགས་བུ་ནི་འབྱུང། སྒྲ་དར་ངར་པོ་ནི་འཐོན། སྨན་པས་ནི་བོར་།སྨན་དང་ཁ་ཟས་དང་བཟའ་བ་དང་ཐུག་པ་ཐམས་ཅད་ཀྱིS ་ནི་ཀླེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ་།ཐོག་མ་མེད་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ་།སྲོག་ནི་ཅུང་ཟད་ཅིག་ནི་ལུས་།གཤིན་རྗེའི་མིས་ནི་འཇིག་སྐྲག། བྱུར་གྱི་དབང་དུ་ནི ་སོང། དབུགས་རྒྱུ་བ་ནི་འཆད། །ཁ་དང་སྣ་ནི་གདངས་སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས་། ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག། གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ་།འཇིག་རྟེན་འདི་ནི་འདོར། འཇིག ་རྟེན་ཕ་རོལ་དུ་ནི་འགྲོ། སྐྱས་ཆེན་པོར་ནི་འདེབས། མུན་པ་ཆེན་པོར་ནི་ཞུགས་། །གཡང་ས་ཆེན་པོར་ནི་ལྟུང། ཁྲོད་སྟུག་པོར་ནི་འཇུག་།དགོན་བ་ཆེན་པོར་ནི་འགྲོ་།རྒྱ་མཚོ་ཆེན་པོས་ནི་ཁྱེར། །ལས་ཀྱི་རླུང་གིས་ནི ་@129བ ་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ་།གཡུལ་ངོ་ཆེན་པོར་ནི་འཇུག་། གདོན་ཆེན་པོས་ནི་ཟིན་། ནམ་མཁའ་ལ་ནི་འཆེལ། ཕ་མ་དང་ཕུ་ནུ་དང། སྲིང་མོ་དང་བུ་དང་བུ་མོས་ནི་བསྐོར་།དབུགས་ནི་འཆད། ནོར་བགོ་བ་ཤའ་བྱ་ཞེས་ནི་ཟེར། ་ཀྱི་ཧུང་མ་ཀྱི་ཧུང་ཕ་ཀྱི་ཧུང་བུ་ཞེས་ནི་ཟེར་།སྐྲ་ནི་ཞིག་ཏེ་།སྦྱིན་པ་དང་དཀའ་ཐུབ་དང་ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད། མགོན་གཞན་མེད་གནས་གཞན་མེད་དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི ་ཚེ་དེའི་དུས་མཚོས་ནི་གླིང་དང་གནས་དང་མགོན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། གྲངས་པས་ཉེན་པ་ལ་མེ་དང། མེས་རབ་ཏུ་གདུངས་པར་གྱུར་པ་མེ་གསོད་པ་དང་ཚ?་པ་ཉེན་པ་ལ་བསིལ་བ་དང། འགྲོན་པོ་ངལ་བ་ལ་གྲིབ་མ་དང་རླུང ་བསིལ་བ་དང། ལམ་དུ་ཞུགས་པ་ལ་བཞོན་པ་དང། ཉལ་བ་ལ་མལ་འཇམ་པོ་དང། སྐོམ་པ་ལ་ཆུ་གྲང་མོ་དང། ཤིན་ཏུ་བཀྲེས་པ་ལ་ཐས?་བཟང་པོ་དང། མྱ་ངན་གྱི་ནོན་པ་ལ་དབུགས་འབྱིན་པ་དང། གདུངས་པ་ལ་སིམ་པར་བྱེད་པ་དང། དགོན་པར་ལམ་སྟོར ་མ་ལ་ལམ་མཚོན་པར་བྱེད་པ་དང་།ནད་ཀྱིས་བཏབ་པ་ལ་སྨན་པ་དང་སྨན་དང་ནད་གཡོག་བྱེད་པ་དང་ཆུས་ཁྱེར་བ་ལ་གཟིངས་དང། འདམ་དུ་བྱིང་བ་ལ་འཇུས་དང། རྒལ་དཀའ་བ་ལ་ཟབ་པ་དང། ཉམ་ང་བ་ལ་འབབ་སྟེགས་དང་།མུན་ཁུང་ན་སྒྲོན ་མེ་དང་།རྒྱ་མཚོ་ཆེན་པོ་ལ་གྲུ་དང། ལྷག་པས་ཉེན་པ་ལ་རླུང་མེད་པའི་གནས་དང། ཡུལ་གཞན་དུ་སོང་བ་ལ་ལམ་རྒྱགས་དང། དབུལ་པོ་ལ་ནོང་དང། བྱེད་པར་འདོད་པ་ལ་གྲོགས་དང། གཅད་པར་འདོད་པ་ལ་ལག་ཆ་དང། གཞིག་པར་འདོད་པ ་ལ་རྡོ་རྗེ་དང། གཡུལ་ངོར་ཞུགས་པ་ལ་གོ་ཆ་དང། འཇིགས་པ་ལ་སྟོབས་དང་ལྡན་པའི་གྲོགས་དང། འཐབས་པ་ལ་དཔུང་གཉེན་དང་དོག་པ་ལ་གོ་འབྱེད་པ་དང། མུ་གེ་ལ་ནོར་དང་ལྡན་པ་དག་མགོན་དང་སྐྱབས་དང་གནས་དང་རྟེན་དུ་འགྱུར་བ་དེ་བཞིན ་དུ། རྒྱལ་པོ་ཆེན་པོ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ་།རྒྱགས་པ་དང་ནི་བྲལ་།མགོ་ནི་མེད་། སྐྱབས་ནི་མེད་།དཔུང་གཉེན་ནི་མེད་།གཤིས་ནི་འཇིག་།ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་སྒོམས། ལུས་ནི། ་ཀྱིས་གདུངས་།སྐོམ་ནི་སྐོམ། བཞིན་ནི་འགྱུར་།རྐང་ལག་ནི་གཡོ་བ། ལས་ནི་མི་ནུས་།མཐུ་ནི་མེད། ཁ་ཆུ་དང་སྣབས་དང་གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས་། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་དག་ནི་འགང། །སྐྱ་བོ ་བུ་ནི་འབྱུང། སྒྲ་ངར་ངང?་པོ་ནི་འཐོན་།སྨན་པས་ནི་བོར་།སྨན་དང་ཁ་ཟས་དང་བཟའ་བ་འཐུང་བ་ཐམས་ཅད་ཀྱིས་ནི་ཀླེས་ལ་བོར་ཏེ་།འགྲོ་བ་གཞན་དག་ཏུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་རྒ་བ་དང་འཆི་བའི་འཁོར ་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལུས་།གཤིན་རྗེའི་མིས་ནི་འཇིགས་སྐྲག་།བྱུར་གྱི་དབང་དུ་ནི་སོང། དབྱུགས་རྒྱུ་བ་ནི་འཆད། །བ་དང་སྣ་ནི་གདངས། །སོ་ནི་གཙིགས་།སྦྱིན་པ་ནི་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་འདེབས། ལས་ཀྱི་སྲིད་པ་ནས་ཡང ་སྲིད་པ་ལ་ནི་འཇུག། གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོད། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སངས་རྒྱས་ཆེན་པོ་ནི་འདེབས། །མུན་པ་ཆེན་པོར་ནི་ཞུགས་།གཡང་ས་ཆེན་པོར་ནི་ལྟུང། ཁྲོད་སྟུག་པོར་ནི་འཇུག་།དགོན་པ་ཆེན་པོར་ནི ་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར་།ལས་གྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ་བ་?་ཆོས་མ་གཏོགས་པར་མགོན་གཞན་མེད་སྐྱེབས་གཞན་མེད་།དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་ཆོས་ནི་དེའི་ཚེ་དེའི་དེས?་སུ?་ན་གླིང་ཆེན་པོ་དང ་གནས་དང་མགོན་དང་སྐྱབས་དང་དཔུང་གཉེན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེའི་ཚེ་། འདི་སྙམ་དུ་སེམས་ཏེ་།ཀྱི་ཏུབ?་གང་དུ་འགྲོ་བར་འགྱུར། །ཕྱོགས་གར་འགྲོ་བར་འགྱུར་།གང་དུ་ཡོངས་སུ་འཛིན་པར་བྱེད་པར་འགྱུར་།བདག་གི་མར་ནི ་སུ་ཞིག་འགྱུར་སྙམ་པ་ལས་།དེས་སེམས་ཅན་དམྱལ་བར་སྐྱེ་བར་མཐོང་བར་འགྱུར་ན་།འདི་ལྟ་སྟེ། མནར་མེད་པ་དང། ཚ་བ་དང། རབ་ཏུ་ཆ་བ་ལ་སོགས་པའི་སེམས་ཅན་དམྱལ་བ་རྣམས་སུ་ལོ་མང་པོ་ལོ་བརྒྱ་ཕྲག་མང་པོ་ལོ་བརྒྱ་སྟོང་ཕྲག་མང་པོར་སྡུག ་བསྔལ་ཆེན་པོ་སྡུག་བསྔལ་མེ་བཟང་པ་དྲག་པ་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། ཇི་སྲིད་དུ་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཟད་ཅིང་བྱང་བར་མ་གྱུར་པ་དེ་སྲིད་དུ་འཆི་བའི་དུས་བྱེད ་པར་མི་འགྱུར་རོ། །དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་མཐོང་བར་གྱུར་ན་།འདི་ལྟ་སྟེ་། རྒྱ་མཚོ་ཆེན་པའི་ནད་དུ་ཉ་རློན་དང་ཉ་རློན་མིད་ལ་སོགས་པ་སྲོག་ཆགས་གཅིག་གིས་གཅིག་བསོད་པ་དང་འཚེ་བ་དང་དབང་མེད་པར་སྐྱེའོ། །བདག་ཡི་དགས་ཀྱི་གནས་སྐྱེ་བར ་མི་འགྱུར་རམ་སྙམ་ན། འདི་ལྟ་སྟེ། ལོ་མང་པོ་དང་ལོ་བརྒྱ་ཕྲག་མང་པོ་དང་ལོ་བརྒྱ་སྟོང་ཕྲག་མང་པོ་དང་ལོ་སྟོང་ཕྲག་མང་པོར་ཆུའི་སྒྲ་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱི་མི་རྟག་།པར་བལྟ་ཞིང་ཟད ་བས་དེངས་པར་བལྟ་བར་བྱ་སྟེ་འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱི་རྒྱལ་སྲིད་གྱིས་ཤིག་།ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོས་དང་མཐུན་པར་གྱིས་ཤིག་ཆོས་མ་ཡིན་པ་དང་མཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན ་པོ་ཁྱོད་ཀྱི་ལུས་འདི། འདི་ལྟར་ལེགས་པར་ཡོངས་སུ་བསྲུངས་ལེགས་པར་ཡོངས་སུ་བཙས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཤིན་ཏུ་ཡུན་རིང་པོར་བཟའ་བ་དང། བཅའ་བ་དང་མྱང་བ་དང་ངོམས་པར་འགྱུར ་བ་བསོད་པ་གཙང་མ་མང་པོས་ཚིམ་པར་བྱས་ཏེ་བསྐྱེད་བསྐྱེད་པ་ཡང་ཐ་མའི་མལ་ན་འདུག་པའི་ཚེ་།སྨན་བས་པོར་ཞིང་སྨན་དང་ཁ་ཟས་དང་བཟའ་?་བ་དད་ཐུག་པས་ཀླེས་ལ་བོར་ནས་བཀྲེས་པ་དང་སྐོམ་པས་ཉེན་ཆིང་ཡིང་མི་བདེ་བར་འཆི་བའི་དུས་བྱེད་པར ་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ལུས་བཀྲུས་ཤིང་བསྐུས་ཏེ་བདུག་པས་བསྒོས་མེ་ཏོག་དྲི་ཞིམ་པས་བསྐས་ཀྱང། གདོན་མི་ཟ་བར་དུས་སུ་རང་བཞིན་གྱིས་ལྷན་ཅིག་སྐྱེས་པའི་དྲི་ང?་བར་འགྱུར་རོ། །རྒྱལ་པོ་ཆེན ་པོ་འདི་ལྟར་གོས་ཀ་ཤི་ཀ་དང། སྲིན་བལ་དང་དུ་ཀུ་ལ་དང། དར་དང་འདབ་མ་དང། བལ་དང་གསོ་རས་ལ་སོགས་པའི་གོས་ཀྱི་བྱེ་བྲག་གི་གཡོགས་ཀྱང་ཐ་མའི་མ་ལན་འདུག་པའི་ཚེ་།སྣུཾ་རྣཾ་བ་བབ་པོ་དང་ཆུས་རེག་ཅི་དགོས་ནི་མ་ཅན་གོན་ཞིང་འཆི་བའི་དུས ་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་བུང་མེད་ཀྱི་ནང་ན་འདུག་བཙུན་མོའི་འཁོར་གྱི་ནང་ན་འདུག་སྟེ། བུད་མེད་ཀྱི་ཚོགས་ཀྱི་བསྐོར་ཅིང་གང་དང་གླུ་དང་རོལ་མོ་སིལ་སྙན་བྱེད། ཕེག?་རྡོབ་པི་བང་དང་གླིང་བུ་ལེན། རྡ་བརྡུང་ཞིང་ཡིང?། བདེ་བར ་རྩེ་དགའ་ཞིང་དགའ་ཨམ་གུར་སྤྱོད་པ་ཡང་འཆི་བས་འཇིགས་སྐྲག་ནས་ཤིན་ཏུ་ཡིད་མི་བདེ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཀྱི་ཁྱིམ་གྱི་ནང་ན་སྤོས་དྲི་ཞིམ་པོའི་བསྐུལ་བས་ནི་བསྐུས། གཏན་པ་ནི་བཅུག། སྐར་བུད་ནི་ལེགས ་བར་བཅད། བྱུག་པ་མང་པོས་ནི་བྱུག་།འབྲུ་མར་དྲི་ཞིམ་པོ་དང་ལྡན་པའི་མར་མེ་ནི་འབུར། དད་གྱི་ལྔ་ལྡི་མང་པོ་ནི་བྲིས་།མེ་ཏོག་དྲི་ཞིམ་པོའི་སིལ་མ་མང་པོས་ནི་ཆལ་བར་བཀང། བོག་པོར་ནས་ནི་བདུགས། ཁྲིའི་རྩ་བ་གསེར་དང་དངུལ་དང་བཻཌཱུརྱ ་ལས་ནི་བྱས་པ་ཏི་ཀ་དང། དྲེའུ་རྔོ?་གི་སྟན་དང། སྟན་ནང་ཚངས་ཅན་དང། ཟ་འོག་གི་སྟན་དང། ཡུལ་ཀ་ལིང་ཀ་པའི་སྟན་དང་།སྟེང་དུ་གདིད་བ་དང། དེའི་སྟེང་དུ་གདིང་པར་ནི་བཀབ་།གཡས་གཡོན་དུ་དར་མང་པོའི་སྔས་ནི་བཞག་པའི་ཁྲི ་ལ་ཉལ་བ་ཡང་བྱ་རོག་དང་བྱ་རྒོད་དང་ཝ་དང་རོ་དང། ཤ་དང་རུས་པ་དང་སྐྲ་དང་ཁྲག་དང་ཞག་དང་ཆུ་སེར་དང་རྣག་གི་གནས་མཆོག་ཏུ་འཇིགས་སུ་རུང་བའི་དུར་ས་ཆེན་པོར་བོར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་དུ་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱ་ལ་བའམ་རྟའི་རྒྱབ་བམ་ཤིང་རྟ་ལ་ཞོན་ཏེ། དུང་དང་རྔ་དང་འཁར་རྔ་དང། རོལ་མོའི་སིལ་སྙན་གྱི་བྱེ་བྲག་ལེན་པ་དང། གདུགས་དང་རྒྱལ་མཚན་དང་བ་དན་དང་རྣམ་པར་རྒྱལ་བའི་བ་དན་ནི་བསྒྲེང། བསིལ་ཡབ་ནོར ་བུའི་ཡུ་བ་ཅན་དང། རྔ་ཡབ་དང་ཤིང་ཏཱ་ལ་ལས་བྱས་པ་ནི་གཡོ་བ་ཅིང་། གླང་པོ་ཆེ་དང་རྟ་བ་དང་དབུང་བུ་ཆུང་དུ་མ་ནི་ཕྱི་བཞིན་འབྲང། རྒྱལ་བུ་དང་བྲམ་ཟེ་བསླབ་པ་ཕོག་པའི་བློན་པོ་དང་མདུན་ན་འདོན་པ་དང་སྐྱེ་བོ་ཐལ་མོ་སྦྱར་པ་བརྒྱ་སྟོང་དུ་མས་ནི་ཕྱག ་བྱ་ཞིང་རྒྱལ་བར་སྦྱོན་ཅིག་རྒྱལ་བར་སྤྱོན་ཅིག་ཅེས་སྙན་པ་བརྗོད་དེ་ཕྱིར་འབྱུང་མྱོང་བ་ཡང་རིང་པོ་མི་ཐོགས་པར་གཡོ་བ་མེད་ཅིང་མལ་དུ་ཤི་ནས་མི་བཞིས་བཏེག་སྟེ་།ཕ་དང་མ་དང་ཕུ་ནུ་དང་སྲིང་མོ་དང་ཆུད་མ་དང་བུ་ཕོ་དང་བུ་མོ་དང་བྲན་ཕོ་དང་བྲན་མོ ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། ཚལ་ཟ་བ་དང། བློན་པོ་དང། གྲོང་ཁྱེར་པའི་སྐྱེ་བོ་དག་མྱ་ངན་གྱི་དབང་དུ་སོང་སྟེ་།ལག་པ་བཏེག་ནས་བྲང་བརྡུང་ཞིང་མཆོག་ཏུ་སྙིང་རྗེ་བར་།ཀྱི་ཧུད་བུ་ཀྱི་ཧུད་མགོན་པོ་ཀྱི་ཧུད་ཕུ་བོ་ཀྱི་ཧུད་ཇོ་བོ ་ཞེས་དུ་ཞིང། ཞམ་རིང་བ་དང་གྲོང་ཁྱེར་པའི་སྐྱེ་བོ་དག་གི་འཇིགས་པ་དང་བཅས་པར་མཐོང་སྟེ་།གྲོང་བྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་ཕྱུང་ནས་།སའི་འོག་ཏུ་བཅུག་གམ། འབྲོག་དགོན་པར་སའི་ནད་དུ་བཅུག་ཀྱང། བྱ་རོག་དང་བྱ་རྒོད་དང་ཝ་ལ ་སོགས་པས་ཤ་ཟོས་ཤིང། རུས་བ་དེ་དག་མེས་བསྲེགས་སམ་ཆུས་བསྐུར་རམ་སའི་འོག་ཏུ་བཅུག་ཀྱང་རླུང་དང་ཉི་མ་དང་ཆར་བས་ཕྱེ་མར་བྱས་ཏེ་།ཕྱོགས་ཕྱོགས་སུ་གཏོར་ཞིང་དེ་ཉིད་དུ་རུལ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་སེམས་ཅན ་ཐམས་ཅད་ཀྱི་ལུས་ཀྱང་འདི་བཞིན་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་འདུ་བྱེད་ཐམས་ཅད་ནི་དེ་ལྟར་མི་རྟག་པ་དེ་ལྟར་མི་བརྟན་པ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལ་ཉོན་མོངས་པ་གཙོར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཏེ། དེ་དག་གི་ནང ་ནས་གང་ལ་མཆོག་ཏུ་གནོད་པར་བྱེད་པའི་གཉེན་པོ་གང་ཡིན་པ་དེ་ཐོག་མར་བསྒོམ་ཞིང་དེའི་གཞི་ཡང་ཡོངས་སུ་སྤང་བར་བྱའོ། །དེ་ལ་རེ་ཞིག་འཕགས་པ་དཀོན་མཆོག་སྤྲིན་ལས། དེ་འདོད་ཆགས་ཀྱི་གཉེན་པ་ལ་བརྟེན་ཅིང ་འདོད་ཆགས་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤོང་ངོ། །འདོད་ཆགས་ཀྱི་གཉེན་པོ་དེ་ནི་གང་འདོད་ཆགས་སྐྱེ་བའི་རྐྱེན་དེ་དག་གང་ཞེ་ན། མི་སྡུག་པ་བསྒོམ་པ་ནི་འདོད་ཆགས་ཀྱི་གཉེན་པོའོ། །ཡུལ་གྱི་བཟང་མོ་ནི་འདོད་ཆགས་སྐྱེ་བའི་རྐྱེན་ནོ། །མི་སྡུག་པ་བསྒོམ ་བ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ་ལུས་འདི་ལ་སྐྲ་དང་སྦུ་དང་སེན་མོ་དང་སོ་དང་རྡུལ་དང། དྲི་མ་དང། པགས་པ་དང་ཤ་དང་རུས་པ་དང་རྒྱུས་པ་དང་རྩ་དང་མཁལ་མ་དང་སྙིང་དང་མཆིན་པ་དང་གློ་བ་དང་རྒྱུ་མ་དང་གཉེ་མ་དང་ཕོ་བ་དང་སུལ་མངས་དང་ལོང་ག་དང ་མཆེར་པ་དང་ཕྱིས་དང་མཆིལ་མ་དང་རྡུལ་དང་སྣབས་དང་དར་སྣབས་དང་ཞག་དང་ཆུ་སེར་དང་རྐང་དང་ཚིལ་དང་མཁྲིས་པ་དང་བད་ཀན་དང་རྣག་དང་ཁྲག་དང་གླང་པ་དང་གླང་རྒྱས་དང་གཅིན་དག་ཡོད་དེ། དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང ་བཞིན་ཅན་ཡིན་ཏེ་ཡོངས་སུ་རྟོག་པའི་རང་བཞིན་ཅན་དེ། འདི་སྙམ་དུ་བྱིས་བ་བླུན་པོ་མི་བསལ་བ་མི་མཁས་པ་དེ་ཡང་དངོས་གསུངས་སོ། །བཅོམ་ལྡན་འདས་མ་ལས་ཀྱང། གཞན་ཡང་བྱང་ཆུབ་དང་ལྡན་པའི་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་སྟེ། དེ་ལྟར ་ན་བྱང་ཆུབ་སེམས་དཔའ་མི་སྡུག་བ་རླང?་དུ་བསྒོམ་པ་ཡིན་ཞེས་གསུངས་སོ། །བཅོམ་ལྡན་འདས་མ་ལས་ཀྱང། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ལུས་འདི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ ་ཏུ་ཤེས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བ་ལང་གི་བཤེན་པའམ་བ་ལང་གི་བཤན་པའི་སློབ་མས་བ་ལང་བསད?་དེ་གྲི་རྣོན་པོས་བག་གཞིར་གཤེགས་ནས་འགྲང་དམ་འདུག་སྟེ་སོ་སོར་རྟོག་གོ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཡང། ལུས་འདི་ལ་ཡོད་པ་ནི་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་སོ་ཞེས་ལུས་འདི་ལ་ཁམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར ་ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་།ཆུན་པའི་རྫང། འབྲས་སཱ་ལུ་དང། འབྲུ་དང། ཏིལ་དང། འབྲས་དང། མོན་སྲན་སྡེའུ་དང་།མོན་སྲན་གྲེའུ་དང། ནས་དང་།གྲོ་དང། སྲན་ཆུང་དང། ཡུངས་ཀར་དང། འབྲུ་སྣ་ཚོགས་ཀྱིས་གང་བ་དེ་དག་ལ། སྐྱེས་བུ་མིག ་དང་ལྡན་པས་བརྟགས་ན་།འདི་ལྟར་འདི་དག་ནི་འབྲས་སཱ་ལུའོ། །འདི་དག་ནི་འབྲུའོ། །འདི་དག་ནི་ཏིལ་ལོ། །འདི་དག་ནི་འབྲས་སོ། །འདི་དག་ནི་མོན་སྲན་སྡེའུའོ། །འདི་དག་ནི་མོན་སྲན་གྲེའུའོ། །འདི་དག་ནི་ནས་སོ། །འདི་དག་ནི་གྲོའོ། །འདི་དག་ནི་སྲན་ཆུང་དོ།། ་འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་།ལུས་འདི་ལ་རྐང་མཐིན་ཡན་ཆད་ཀླད་རྒྱས་མན་ཆད་སེན་མོ་དང་སྤུ་དང་བགས་པ་ལ ་ཐུག་པ་མི་གཙང་པ་རྣམ་པ་སྣ་ཚོགས་ཀྱིས་གང་སྟེ་།ལུས་འདི་ལ་ཡོད་པ་ནི་སྒྲ་དང་སྤུ་ནས་ཀླད་པ་དང་ཀླད་རྒྱས་དང་མིག་གི་རྡུ་མ་དང་རྣ་ལྤགས་ཀྱི་བར་དག་གོ་ཞེས་སྔ་མ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར ་གཞན་ཡང་བྱང་ཆུབ་སེམས་དཔའ་དུར་ཁྲོད་དུ་སོན་ཏེ་།དུར་ཁྲོད་དུ་བོར་བའི་རོའི་གནས་སུ་བསྐྱལ་བ། ཤི་ནས་ཞག་གཅིག་ལོན་པའམ་།ཤི་ནས་ཞག་གཉིས་ལོན་པ་འམ་ཤི་ནས་ཞག་གསུམ་པ་འམ། ཤི་ནས་ཞག་བཞི་ལོན་པའི། །ཤི་ནས་ཞག་ལྔ་ལོན་པའི། །རྣམ་པར་བི་བ ་འམ?། །རྣཾ་པར་བསྔོས་པ་འམ་།རྣམ་པར་རྣགས་པ་འམ་།རྣམ་པར་འབུས་བཤིག་པའི་རོ་སྣ་ཚོགས་མཐོང་ན་།དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ། །དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱར་རོ། །རབ་འབྱོར་དེ ་133 ་ལྟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་བཞིན་དུ་སྦྱར་ཏེ་།གཞན་ཡང་གང་གི་ཆེ་ཤི་བའི་རོ་དུར་ཁྲོད་དུ་བོར་གཤི་ནས ་ཞག་དྲུག་ལོན་པ་འམ་། ཤི་ནས་ཞག་བདུན་ལོན་པ་འམ། བྱ་རོག་གི་གཏོགས་པ་།ནེའུ་ལེ་འམ། བྱ་རྒོད་དམ། ཁྱི་འམ། ཅེ་སྤྱད་དམ། དེ་ལས་གཞན་པ་སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱིས་ཟ?་བ་མཐོང་ན་དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན ་ཅན། དེ་ལྟར་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱར་རོ། །དེ་བཞིན་དུ་སྦྱར་ཏེ་།གཞན་ཡང་གང་གི་ཚེ་ཤི་བའི་རོ་དུར་ཁྲོད་དུ་བོར་ན་།རྣམ་པར་ཟོས་བ། མི་གཙང་བ། དྲིང་བ་མཐོང་ན། དེ་ལུས་འདི ་ཡང་དེ་དང་སྦྱར་རོ། །ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་གང་གི་ཚེ། དུར་ཁྲོད་ན་ཀེང་རུས་དང་།ཤ་དང་ཁྲག་འདི?་ཆགས་པ་ཆུ་རྒྱུས་བྲང་བྲེད་ཐོགས་པ་མཐོང་ན་། དེ་ལུས་འདི་ཡང་དེ་དང་སྦྱར་རོ་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་གང་གི་ཚེ ་དུར་ཁྲོད་ན་ཀེང་རུས་སུ་གྱུར་པ་ཤ་དང་ཁྲག་ར་རི་དང་ཆུ་རྒྱུས་མེད་པ་མཐོང་ན་། དེ་ལུས་འདི་ཡང་ཞེས་བྱ་བ་སྔ་མ་བཞིན་ནོ། །གཞན་ཡང་གང་གི་ཚེ་དུར་ཁྲོད་ན་རུས་བ་ཕྱོགས་དབུས?་?་ཚམས་སུ་འཐོར་བ་འདི་ལྟ་སྟེ་། རྗེ་དར་གྱི་དུས་པ་ཡང་གཞན་ན། བརླའི ་རུས་པ་ཡང་གཞན་ན། འདོད་མོ་ཡང་གཞན་ན་།སྒལ་ཚིགས་ཀྱང་གཞན་ན་།རྩིབ་མ་ཡང་གཞན་ན། མཇིད་ཆིགས་ཀྱང་གཞན་ན། དབུང་པའི་དུས་པ་ཡང་གཞན་ན་འདུག་པ་མཐོད་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན་ནོ།། ་དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱོར་རོ། །དེ་བཞིན་དུ་སྦྱར་ཏེ་།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དུར་ཁྲོད་ན ་@133བ ་རུས་པ་ལོ་དུ་མ་ལོན་པ་རླུང་དང་ཉི་མས་གདུངས་པ་དཀར་བ་དུང་ལྟ་བུ་མཐོང་ན་།དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ། །དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་།དུར་ཁྲོད་ན་རུས་པ་ལོ་དུ་མ་ལོན་པ་ཐི་བའི་མདོག་ལྟར་སྔོ་བ། སོབ་སོབ་པར་གྱུར་བ་ཟགས་པས་ལ་རྡུལ་དང་མཚུངས་ཤིང་མཉམ་པར་གྱུར་པ་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ།། ་དེ་ལྟ་བུའི་ཆོས་ཅན་ནོ། །ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱོར་རོ་ཞེས་གསུངས་སོ། །འདི་ནི་རེ་ཞིག་འདོད་ཆགས་ལ་ཀུན་ཏུ་སྤྱོད་པའི་གཉེན་པོ་མདོར་བསྡུས་པའོ། །ཞེ་སྡང་གི་གཉེན་པོ་ནི་བྱམས་པ་དང་མི་སྡུག་བའི་སེམས་ཅན་མི་མཐོང་བ ་འམ་དེ་དང་ལྷན་ཅིག་ཏུ་ཟས་ལ་སོགས་པ་དོན་ཅིག་པས་དགའ་བ་སྐྱེའོ། །དེ་ལ་གཞན་ལ་བདེ་བ་འདོད་པ་དང་དོན་དུ་གཉེར་བ་དང་མོས་པ་དང་མངོན་པར་དགའ་བ་ནི་བྱམས་པ་སྟེ་། འདོད་པ་ལ་འདོད་ཆགས་དང་ལན་དུ་ཕན་འདོགས་པའི་རྒྱུ་དག་ལས་ཉོན་མོངS ་པ་ཅན་མ་ཡིན་པའི་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་རྣམ་པ་གསུམ་སྟེ་།འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་།སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས ་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་གསུངས་སོ། །ཡང་སངས་རྒྱས་ལ་དམིགས་པ་དང། བྱང་ཆུབ ་སེམས་དཔའ་ལ་དམིགས་པ་དང། ཉན་ཐོས་དང་རང་སངས་རྒྱས་ལ་དམིགས་པ་དང། སེམས་ཅན་ལ་དམིགས་པའོ། །དེ་ལ་སེམས་ཅན་ལ་དམིགས་པ་ནི་གང་ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་ཕན་པ་དང་བདེ་བ་ཉེ་བར་བསྒྲུབ་པར་བསམ་པ ་གོམས་པར་བྱེད་ཅིང་དེ་དང་མཐུན་པའི་བྱམས་པ་ཉེ་པར་བསྒྲུབ་པ་།དེའི་འོག་ཏུ་འདྲེས་པ་རྣམས་ལའོ། །དེའི་འོག་ཏུ་ཐ་མལ་པ་རྣམས་ལའོ། །དེའི་འོག་ཏུ་ཉེ་འཁོར་བ་རྣམས་ལའོ། །དེའི་འོག་ཏུ་རང་གི་གྲོང་ན་གནས་པ་རྣམས ་ལའོ། །དེ་བཞིན་དུ་གཞན་གྱི་གྲོང་བ་ནས་ཕྱོགས་གཅིག་གི་བར་དུ་མོས་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཕྱོགས་བཅུར་ཡང་དེ་བཞིན་ནོ། །སངས་རྒྱས་ལ་སོགས་པ་ལ་དམིགས་པ་ལ་ནི་སྦྱོར་བ་འདི་མེད་དེ། དེ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཡོངས ་སུ་བསྔོ་བ་ལས་།དེ་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ན། གཟུགས་ཡིད་དུ་འོང་བ་འམ་ཡིད་དུ་མི་འོད་བ་གང་ཇི་སྙེད་ཅིག་མཐོང་བ་དང། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཡིད་དུ་འོང་བ་འམ། ཡིད་དུ་མི་འོང་པ་ཁ་ན་མ་ཐོ་བ་མེད་པ ་དག་ལ་བདེ་བ་རྒྱ་ཆེ་བ་འོད་གསལ་བ་འམ། གང་གི་ཡིད་བདེ་བ་སྐྱེ་བ་དང། དགའ་བ་འབྱུང་བ་དང། མཆོག་ཏུ་དགའ་བ་ལ་གནས་པ་དང། མགུ་བ་འབྱུང་བ་དང། ཡིད་མི་བདེ་བ་ལྡོག་པ་དང། སེམས་དགེ་བ་འབྱུང་བ་དང། སེམས་ལས་སུ་རུང་བར་འགྱུར་བ ་དང། བསམ་པ་གཉེན་པར་འགྱུར་བ་དང། དབང་པོ་རབ་ཏུ་ཚིམ་པར་འགྱུར་བའི་བདེ་པ་མྱོང་བ་ན་།སངས་རྒྱས་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་ཏེ། ཡོངས་སུ་བསྔོ་བ་འདིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བས་ཀྱང་སངས་རྒྱས་ཀྱི་གནས་པའི་བདེ ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག། སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་མཚུངས་པ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག། སངས་རྒྱས་ཀྱི་བདེ་བ་མཛའ་ཡས་པས་རྒྱ་ཆེར་བརྟན་པར་གྱུར་ཅིག་།སངས་རྒྱས་ཀྱི་རྣམ་པར་ཐར་པའི་བདེ་བ་ཚད ་མེད་པ་དང་ལྡན་པར་གྱུར་ཅིག་།སངས་རྒྱས་ཀྱི་ཚེ?་འཕྲུལ་གྱི་བདེ་བ་དཔག་ཏུ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག་།སངས་རྒྱས་ཀྱི་གནས་པ་ཆགས་པ་མེད་པའི་བདེ་བ་བསམ་གྱིས་མི་ཁྱབ་པས་ལེགས་པར་ཡོངས་སུ་ཟིན་པར་གྱུར་ཅིག་།སངས་རྒྱས་ཀྱི ་ཁྱུ་མཆོག་ཏུ་གྱུར་བའི་བདེ་བ་བསྙེན་པར་དཀའ་བ་རྒྱུན་མི་འཆད་པར་གྱུར་ཅིག་།སངས་རྒྱས་གྱི་སྟོབས་ཀྱི་བདེ་བ་དཔག་ཏུ་མེད་པས་ཤིན་ཏུ་བདེ་པར་གྱུར་ཅིག་།ཚོར་བ་ཐམས་ཅད་ཞི་བ་མི་སྐྱེ་པའི་བདེ་བས་འགྱུར་བ་མེད་པར་བདེ་པར་གྱུར་ཅིང། དེ་བཞིན ་གཤེགས་པའི་ཆགས་པ་མེད་པར་གནས་པར་རྟག་ཏུ་མཉམ་པར་བཞག་པ་གཉིས་ཀུན་ཏུ་མི་སྤྱོད་པས་རྣམ་པར་མི་འཁྲུག་པར་བདེ་བར་གྱུར་ཅིག་།བྱང་ཆུབ་སེམས་དཔས་དེ་ལྟར་དག་བའི་རྩ་བ་དེ་དེ་བཞིན་གཤེགས་པ་རྣམས་ལ་ཡོངས་སུ་བསྔོས་ནས་བྱང་ཆུབ་སེམས་? ་དཔའ་རྣམས་ལ་ཡོངས་སུ་བསྔོ་སྟེ་།གང་འདི་བསམ་པ་ཡོངས་སུ་མ་རྫོགས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང། ཐམས་ཅད་མཁྱེན་པའི་ལྷག་པའི་བསམ་པ་ཡོངས་སུ་མ་དག་པ་རྣམས་ཡོངས་སུ་དག་པར་བྱ་བ་དང། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོང ་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུའི་གནས་སུ་བྱ་བ་དང། ཐམས་ཅད་མཁྱེན་པ་ལས་ཕྱིར་མི་ལྡོག་པའི་གོ་ཆ་རྒྱུན་མི་གཅད་པ་དང། བྱང་ཆུབ་ཀྱི་སྒོའི་དགེ་བའི་རྩ་བ་རྣམས་བསྐྱེད་པ་དང། འགྲོ་བ་ཐམས་ཅད ་ལ་མཉམ་པ་ཉིད་དུ་གནས་པའི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་གནས་པ་ཐམས་ཅད་རྟོགས་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་དབང་པོ་ཐམས་ཅད་མངོན་པར་ཤེས་བ་རྣོ་བར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི ་དགེ་བའི་རྩ་བ་ཐམས་ཅད་མཁྱེན་པ་ཉིད་དུ་རེག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བསྔོས་ནས་།སངས་རྒྱས་ཀྱི་བསྟན་པ་ལ་སྤྱོད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ ་དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ་།སེམས་ཅན་གང་ལ་ལ་དག་སེ་གོལ་གཏོག་པ་སྲིད་དུ་སངས་རྒྱས་ཀྱི་སྒྲ་ཉན་པ་འམ་།ཆོས་ཀྱི་སྒྲ་ཉན་པ་འམ། འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བྱེད་བ་དེ་དག་གི་དགེ་པའི་རྩ་བ་དེ་།བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །སངས་རྒྱས་རྗེས་སུ་དྲན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་རྗེས་སུ་དྲན་པ་ལ་སྦྱོར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །འཕགས་པའི་དགེ་འདུན་ལ་གུས་པ་? ་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་མཐོང་བ་དང་མི་འབྲལ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཡོན་ཏན་དཔག་ཏུ་མེད་པ་བསྒྲུབ ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །མངོན་པར་ཤེས་པ་ཐམས་ཅད་ཀྱི་དགེ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །ཆོས་ལ་ཡིད་གཉིས་ཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །ཇི་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་རྣམས་དང་ཉན་ཐོས་དད་རང ་སངས་རྒྱས་རྣམས་ལ་བསྔོ་བ་དེ་བཞིན་དུ་།བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དེ་ཡོངས་སུ་བསྔོ་སྟེ། གང་འདི་སེམས་ཅན་དམྱལ་བ་པའི་ལམ་ལས་རྣམ་པར་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ། །དུད་འགྲོའི་སྐྱེ་གནས་རྣཾ་པར་གཅད ་པའི་ཕྱིར་ཡོངས་སུ་བསྔོའོ། །གཤིན་རྗེའི་འཇིག་རྟེན་ཉེ་བར་གཅད་པའི་བདེ་བའི་ཕྱིར་ཡོངས་སུ་བསྔོའོ། །ངན་སོང་མ་ལུས་ཐམས་ཅད་ཀྱི་འགྲོ་བར་སྐྱེ་བ་རྣམ་པར་གཅད་པའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་དུ་སྦྱར་ཏེ། སེམས་ཅན་དེ་དག་བླ་ན་མེད་པའི ་བྱང་ཆུབ་ལ་མོས་པ་རྣམ་པར་སྤེལ་བའི་ཕྱིར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ལྟག་པའི་བསམ་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་སྤོང་པའི་ཕྱིར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན ་པ་ཉིད་ཀྱི་ཤིན་ཏུ་བདེ་བ་གྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཡེ་ཤེས་མཛའ་ཡས་པ་རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། དེ་བཞིན་དུ ་སྦྱར་ཏེ་།བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་དང་ལྡན་པ་དང། དེ་བཞིན་དུ་སྦྱར་ཏེ། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཡིད་དང་ལྡན་པ་དང། དགེ་བའི ་རྩ་བ་རྟག་ཏུ་བརྩན་པ། རྒྱགས་པ་དང་བག་མེད་པ་བཟློག་པ་དང། དེ་བཞིན་དུ་སྦྱར་ཏེ། ཉོན་མོངས་བ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་སློབ་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང ་ཞེ་མ་འགྲས་པ། ཡེ་ཤེས་ཀྱི་ས་ལ་བརྟེན་པ། མཁས་པ་དང་འགྲོགས་པར་དགའ་བ་དང། དེ་བཞིན་དུ་སྦྱར་ཏེ་།བུད་བ་ལྟར་དགེ་བའི་རྩ་བ་བསྒོགས་བ། འགྲོ་བ་ཐམས་ཅད་ལས་སྐྱོབ་པའི་རྒྱུད་དང་ལྡན་པ། འདུས་བྱས་ཐམས་ཅད་ལ་མངོན ་བར་ཞེན་པ་མེད་པ་དེའི་གོས་དང་ཟས་དང་ན་པའི་གསོས་སྨན་དང་ཡོ་བྱད་དང། འོང་བ་དང། འགྲོ་བ་དང། ལུས་ཀྱི་བསྙེན་བཀུར་དང་འདུག་པ་ལ་སོགས་པ་སྟན་པའི་གནས་ལ་འཇུག་པའི་ལས་དང། སྤྱོད་ལམ་གྱི་གནས་དང། སྤྱོད་ལམ་རྣམ ་པར་མི་འཁྲུགས་པ་དང། ལུས་ཀྱི་ལས་དང། དག་གི་ལས་དང། ཡིད་ཀྱི་ལས་དང། ལེགས་པ་ད་སྤྱད་པ་དང། དབང་པོ་དྲུག་སྡོམ་པ་དང། རང་གི་ལུས་གཡོག་པ་དང། མཉེ་བ་དང། བཀྲུ་བའི་ལས་དང། ཟོས་པ་དང། འཆོས་པ་དང། མྱངས ་པ་དང། བསྐུམ་པ་དང། རྨྱང་བ་དང། ལྟ་བ་དང་རྣམ་པར་ལྟ་བ་དང། གཉིད་ཀྱིས་ལོག་པ་དང། གཉིད་ཀྱི་མ་ལོག་པ་དང། །རང་གི་ལུས་སུ་གཏོགས་པའི་བསྙེན་བཀུར་གང་ཅི་ཡང་རུང་བ་སྟེ་དེ་ཐམས་ཅད་ཐམས་ཅད་མཁྱེན ་པ་ཉིད་དུ་ཡོངས་སུ་མ་བསྔོ་བ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ནས་རང་གི་བ་རྣམས་དང་དེ་ལས་གཞན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ལ་འབྲས་ཆེན་པོ་གསུམ་གང་དམ་ཟན་ཆངས་གཅིག་ཙམ་ཡོངས་སུ་གཏོང་པ་ཡང་སྐྱེ་བ་དེ་དང་དེ་དག་ཏུ་དེ་དག་ཉིད་ལ ་ཕན་པ་དང་དེ་ཉིད་ཡོངས་སུ་དགྲོལ་བའི་ཕྱིར་དེ་ཐམས་ཅད་ཡོངས་སུ་བསྔོའོ། །སེམས་ཅན་དེ་དག་དུད་འགྲོའི་སྐྱེ་གནས་དེ་དང་སྡུག་བསྔལ་གྱི་རྒྱ་མཆོ་དེ་དང་སྡུག་བསྔལ་ཉེ་བར་ལེན་པ་དེ་དང་སྡུག་བསྔལ་གྱི་ཕུང་པོ་དེ་དང། སྡུག་བསྔལ ་གྱི་ཚོར་བ་དེ་དང། སྡུག་བསྔལ་ཉེ་བར་བསགས་པ་དེ་དང། སྡུག་བསྔལ་མངོན་པར་འདུ་བྱེད་པ་དེ་དང། སྡུག་བསྔལ་གྱི་གཞི་དེ་དང། སྡུག་བསྔལ་གྱི་རྩ་བ་དེ་དང། སྡུག་བསྔལ་གྱི་གནས་དེ་ལས་རྣམ་པར་བཟློག་པའི་ཕྱིར་ཡོངས་སུ་བསྔའོ། །དེ་ལ ་དམིགས་པས་སེམས་ཅན་ཐམས་ཅད་ལ་དམིགས་པར་བྱེད་དོ། །སེམས་ཅན་རྣམས་མངོན་དུ་བྱེད་དོ། །ཡིད་ལ་བྱེད་དོ། །འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད་པས་དགེ་བའི་རྩ་བ་དེ་ལ་སྔོན་དུ་འགྲོ་བར་བྱེད་དོ། །བྱང་ཆུབ་ཏུ ་སེམས་བསྐྱེད་པས་རབ་ཏུ་འཛིན་ཏོ། །དགེ་བའི་རྩ་བ་དེ་ལ་སྦྱོར་རོ། །འཁོར་བའི་དགོན་པ་ལས་རྣམ་པར་བཟློག་གོ། སངས་རྒྱས་ཀྱི་བདེ་བ་སྒྲིབ་པ་མེད་པ་མངོན་དུ་བྱེད་དོ། །འཁོར་བའི་རྒྱ་མཚོ་ལས་འབྱིན་ཏོ། །སངས་རྒྱས་ཀྱི་ཆོས་དང་ལྡན་པའི ་བྱམས་པས་ཁྱབ་པར་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསེར་འོད་དམས་པ་ལས་གསུངས་པའི་བྱམས་པ་དང་སྙིང་རྗེའི་སྙིང་པོ་ཅན་གྱི་ཚིགས་སུ་བཅད་པ་འདི་དག་གུས་པ་ཐམས་ཅད་ཀྱིས་བསམས་ཏེ་ཐ་ན་ཚིག་གིས་ཀྱང་བསྒོམ་པར་བྱའོ། ་གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང། །དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག་།རྔ་བོ་ཆེའི་སྒྲ་སྐད་འདི་ཡིས་ནི། ། ་འཇིག་རྟེན་ཕོངས་པ་ཐམས་ཅད་ཞི་གྱུར་ཅིག། ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགS་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག་།ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །སྐྱེ་དགུའི ་ཏིང་འཛིན་བྱང་ཆུབ་ཡན་ལག་གི་ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐམས་ཅད་ཚངས་བའི་དབྱངས་ལྡན་འགྱུར། །སངས་རྒྱས་བྱང་ཆུབ་དམ་པ་མཆོག་རོག་ཤོག་།ཆོས་ཀྱི་འཁོར་ལོ་དགེ་བུ་བསྐོར ་གྱུར་ཅིག་།བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག། འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག་།ཉོན་མོངས་འཇོམས་འགྱུར་སྡུག་བསྔལ་སེལ་བར་ཤོག། འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག་།སེམས་ཅན་གང་དག་ངན་སོང་སར་གནས་ཏེ། ་རུས་པ་དང་ནི་ལུས་གདུང་རབ་འབར་བ། །དེ་དག་རྔ་ཆེན་བསྒྲགས་པས་ཐོས་གྱུར་ནས། །སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་སྨྲ་ཤོག་། སེམས་ཅན་ཀུན་གྱིས་སྐྱེ་བ་བརྒྱ་དག་དང་།སྐྱེ་བ་སྟོང་ཕྲག་བྱེ་བར་སྐྱེ་དྲན་ཤོག་།ཐུབ་པའི་དབང་བོ་རྟག་ཏུ ་དྲན་གྱུར་ཅིག་།དེ་དག་གི་ནི་རྒྱ་ཆེན་གསུང་ཐོས་ཤོག་།རྔ་བོ་ཆེའི་སྒྲ་སྐད་འདི་ཡིས་ནི། །སངས་རྒྱས་རྣམས་དད་རྟག་ཏུ་འགྲོགས་རྙེད་གྱུར། །སྡིག་པའི་ལས་རྣམས་རྣམ་པར་སྤོང་བར་ཤོག་།བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག། དེ་བཞིན་དུ་སྦྱར་ཏེ། ་ཞིང་རྣམས་ཀུན་ན་སྲོགས་ཆགས་ཐམས་ཅད་ཀྱང། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞིར་གྱུར། །སེམས་ཅན་དབང་པོ་མཚང་ཡན་ལག་ཉམས། །ད་ཀུན་ད་ལྟར་དབང་པོ་ཆེད་བར་ཤོག་།གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང། །ཕྱོགས་བར ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག་།ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག་།གང་དག་རྒྱལ་པོ་ཆོམ་རྐུན་ཤོར་བས་བསྡིགས་གསང་འོས། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །སེམས་ཅན ་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིགས་མཆོག་མི་བཟང་བརྒྱ་པོ་དེ་ལས་ཐར་གྱུར་ཅིག་།གང་དག་བརྡེག་ཅིང་བཅིངས་དང་བཅིངས་པས་གཟིར། །ཕོངས་བ་སྣ་ཚོགས་དག་ན་གནས་གྱུར་ཅིང། །ཉོན་མོངས་སྟོང་ཕྲག་དུ་མས་དཀྲུག་ནས་ཀྱང།། ་137 ་འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད་དེ། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག་།མནང་བ་དག་ནི་བརྡེག་ལས་ཐར་བར་ཤོག་།གསད་བྱ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག་།ཕོངས་གྱུར་ཐམས་ཅད་འཇགས ་པ་མེད་པར་ཤོག། སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག་།ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག་།འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག། གཅེར་དུ་རྣམས་ཀྱིས ་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག་།ནོར་བུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག། གང་ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར། །སེམས་ཅན་ཐམས་ཅད ་བལྟ་ན་སྡུག་པ་དང། །གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་བར་ཤོག་།རྟག་ཏུ་བདེ་བ་དུ་མ་བསོགས་གྱུར་ཅིག། ཡིད་ཀྱིས་ཟས་སྐོམ་རབ་འབྱོར་བསོད་ནམས་དག། བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག། རྫ་རྔ་ཕྲག་རྔ་བི་བར་སྒྲ་སྙན་དང། ་ཆུ་མིག་མཚེའུ་དང་རྫིང་བུ་ལྟེད་ཀ་དག། གསེར་གྱི་པདྨ་ཨུཏཔལ་པདྨ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག། རྒྱན་གསེར་རིན་ཆེན་སྣ་ཚོགས་བེཌཨཱརྱ། །དེ་དག་བསམ་མ་ཐག་ཏུ་གྲུབ་གྱུར་ཅིག་དེ་བཞིན་དུ་སྦྱར་ཏེ། འཇིག་རྟེན་གང་ནའང་སྡུག ་བསྔལ་སྒྲ་མ་འབྱུང། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང། །ཕན་ཚུན་དུ་ནི་འོད་བྱེད་གྱུར་བར་ཤོག་།མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་བསམ་པས་སྐྱེ་བར་དེ་དག་གྱུར། བསཾ ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག་།སྤོས་དང་ཕྲེང་བ་དག་དང་བྱུག་པ་དང། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག་།ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག་།སེམས་ཅན་མཛའ་དག་ལེན ་@137བ ་ཅེ?་དེ་དགར་གྱུར་ཅིག་།དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང། རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང། །རྡུལ་བྲལ་དྲི་མེད་བརྟན་པའི་ཆོས་ལ་ཡང་།ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག་།འགྲོ་པ་དམའ་བ་ཐམས་ཅད ་སྤོང་གྱུར་ཅིག་།མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག་།དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག་།རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག་།དེ་བཞིན་དུ་སྦྱར་ཏེ། རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག་།ནོར་དང་འབྲུ་ཡི་མཛེད་རྣམས ་འབྱོར་གྱུར་ཅིག། སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག། བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་བརྟུལ་ཕོད་མཁས་ཤིང་གསལ་བར་ཤོག། དེ་དག་ཀུན་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར། ་ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག། །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང། །སངས་རྒྱས་བདེར་བཞུགས་རིན་ཆེན་ཤིང་དབང་དྲུང། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻཌཱུརྱའི། །ཁྲིལ་བཞུགས་པ་དག་ནི་མཐོང་གྱུར་ཅིག། ཆོས་བསྟན་པ་ཡང ་དེ་དག་གིས་ཐོས་ཤོག་ཅེས་བྱའོ།། །།བམ་པོ་བཅུ་པ། །གཏི་མུག་གི་ཕྲ་རྒྱས་ཀྱི་གཉེན་པོ་ནི་རྟེན་ཅིང་འབྲེལ་བ་འབྱུང་བ་ལ་ལྟ་བའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ལས་ལུ་ལྗང་པའི་མདོ་ལས་བསྟན་པ་སྟེ་།དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་བ་གང ་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་བྱ་བའི་བར་བྱའོ། །གལ་ཏེ་མ་རིག་པ་མ་བྱུང་ན་འདུ་བྱེད་ཀྱང་མི་མངོན་ཞིང། །དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མངོན་བ་ཞིག་འོན་ཀྱང ་མ་རིག་།པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གི་འདུ་བྱེད་རྣམས་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ།། ་འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིགས་པས་མངོན་པར་སྒྲུབས་སོ་སྙམ་དུ་མི་སེམས་བ་ནས། །དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་དུ་བདག་གི་རྒ་ཤི་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་ཤིང། ག་ཤི་ཡ ་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་བར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ་།འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང ་འབྱུང་བར་འགྱུར་ཏེ། ད་ལྟར་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་བར་བལྟའོ། །གང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བ་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་བྱས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི ་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་སའི་ཁམས་གང་ཞེ ་ན། གང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ། །གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ། །གང་ལུས་ཀྱི་ཟོས་པ་དང་འཐུངས་པ་དང་འཆོས་པ་དང་མྱངས་པ ་དང། འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ། །ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ། །གང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནི་ནམ་མཁའ་ཨི་ཁམས་ཞེས་བྱའོ། །གང་མདུད་ཁྱིམ་གྱི ་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ་རྣམ་པར་ཤེས་པ་ལྔའི་ཚོགས་སུ་གཏོགས་པ་དང། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྐྱེན་འདི་དག་མེད་པར ་ལུས་སྐྱ་བར་མི་འགྱུར་གྱི་ནམ་ནང་གི་སའི་ཁམས་ཚང་ཞིང་དེ་བཞིན་དུ་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་འགྱུར་ལ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལས ་མའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་སྒྲུབ་པོ་སྙམ་དུ་མི་སེམས་སོ། །ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མེའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱིས་ཟོས་པ ་དང་འཐུང་པ་དང་འཆོས་པ་དང་མྱང་ས་པ་རྣམས་འཇུ་བར་བྱའོ་སྙམ་དུ་མི་སེམས་སོ། །རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའ་ཨི་ཁམས་ཀྱང་འདི་སྙམ་དུ་བདག་པས་ལུས་ཀྱི་ནང་སྐབས ་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ། །རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་མིང་དང་གཟུགས་མངོན་པར་བསྒྲུབ་བོ་སྙམ་དུ་མི་སེམས་སོ། །ལུས་ཀྱང་འདི་སྙམ་དུ་བདག་གི་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་ནི་མི་སེཾས་མོད་ཀྱི། ། ་འོན་ཀྱང་རྐྱེན་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ། །དེ་ལ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་བོ་མ་ཡིན། ཤད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན་།བུད་མེད་མ་ཡིན། སྐྱེས་?་བ་ཡིན། མ་ནིང་མ་ཡིན། ་པ་མ་ཡིན། བདག་མ་ཡིན། གཞན་སུ་ཡི་ཡང་མ་ཡིན་ནོ། །དེ་བཞིན་དུ་སའི་ཁམས་ངང་ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སོག ་མ་ཡིན་།སྐྱེ་པ་པོ་མ་ཡིན། ཤེས་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན་།ང་མ་ཡིན། བདག་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ། །དེ་ལ་མ་རིག་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག ་པུར་འདུ་ཤེས་པ་དང། རིལ་པོར་འདུ་ཤེས་པ་དང། རྟག་པར་འདུ་ཤེས་པ་དང། བརྟན་པར་འདུ་ཤེས་པ་དང། ཐེར་ཟུག་ཏུ་འདུ་ཤེས་པ་དང། བདེ་བར་འདུ་ཤེས་པ་དང། བདག་ཏུ་འདུ་ཤེས་པ་དང། སེམས་ཅན་དང། སྲོག ་དང། སྐྱེ་པ་པོ་དང། གསོ་བ་དང། སྐྱེས་བུ་དང་གང་ཟག་ཏུ་འདུ་ཤེས་པ་དང་ཤེད་ལས་སྐྱེས་པ་དང་ཤེད་བུར་འདུ་ཤེས་པ་དང། ང་ཞེས་བྱ་བ་དང་བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་པ་འདི་ནི ་མ་རིག་པ་ཞེས་བྱའོ་དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏུ་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །དངོས ་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱད་མཆེད་དྲུག་གོ། ཆོས་གསུམ་འདུས་པ་ནི་རེག་པའོ།། ་རེག་པ་མྱོང་བ་ནི་ཚོར་བའོ། །ཚོར་བ་ལ་ཞེན་པ་ནི་སྲེད་པའོ། །སྲེད་པ་འཕེལ་བ་ནི་ལེན་པའོ། །ལེན་པ་ལས་སྐྱེ་བ་ཡང་སྲིད་པ་སྐྱེ་བའི་ལས་ནི་སྲིད་པའོ། །རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ། །སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ། །རྒས་ནས ་ཕུང་པོ་འཇིག་པ་ནི་འཆི་བའོ། འཆིབ་ན་རྨོངས་པ་མངོན་པར་ཆགས་པ་དང་བཅས་བའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ། །མྱ་ངན་ལས་འབྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་བའོ། །རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་བ་དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ་ཞེས་དེ་བཞིན་དུ་སྦྱར་ཏེ། དེ་ལ་མུན་པ་ཆེན་པོའི་ཕྱིར ་མ་རིག་བའོ། །མངོན་བར་འདུ་བྱེད་བའི་ཕྱིར་འདུ་བྱེད་རྣམས་སོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །རྟེན་པའི་ཕྱིར་མིང་དང་གཟུགས་སོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ་།རེག་བའི་ཕྱིར་རེག་པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར ་སྲེད་པའོ། །ཉེ་བར་ལེན་བའི་ཕྱིར་ལེན་པའོ། །ཡང་སྲིད་བ་སྐྱེད་བའི་ཕྱིར་སྲིད་པའོ། །ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ། །ཕུང་པོ་སྨིན་བའི་ཕྱིར་རྒ་བའོ། །འཇིགས་པའི་ཕྱིར་འཆི་བའོ། །ངན་བྱེད་པའི་ཕྱིར་མྱ་ངན་ཏོ། །ཚིག་གི་སྨྲེ་བའི་ཕྱིར་སྨྲེ་སྔོ་ནས ་འདོན་བའོ། །ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་ལོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་འཁྲུག་བའོ། །གཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་རྟོགས་པའི་མི་ཤེས་པ་ནི་མ་རིག་པའོ། །དེ་ལྟར་མ་རིག་པ་ཡོད ་ན་འདུ་བྱེད་རྣམ་པ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང། །བསོད་ནམས་མ་ཡིན་བར་ཉེ་བར་འགྲོ་བ་དང། མི་གཡོ་བར་ཉེ་བར་འགྲོ་བ་སྟེ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །བསོད་ནམས་སུ་ཉེ་བར ་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། མི ་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ་འདི་ནི་འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱའོ། །མིང་དང་གཟུགས་ཀྱང་དེ་བཞིན་ནོ། །མིང་དང་གཟུགས་རྣམ་པར་འཕེལ ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་བ་རྣམས་འབྱུང་སྟེ་དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་པོ་དག་ལས་རེག་བའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །ཇི་ལྟ་བུར ་རེག་པ་འབྱུང་བ་དེ་ལྟར་བུ་ཚོར་བ་འབྱུང་སྟེ་དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་མངོན་པར་དགའ་བ་དང་ལྷག་པར་ཞེན་པ་དང། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར ་བའི་རྐྱེན་གྱི་སྲེད་པ་ཞེས་བྱའོ། །མྱོང་བ་དང་མངོན་པར་དགའ་བ་དང་ལྷག་པར་ཞེན་པ་དང་ལྷག་པར་ཞེན་ནས་འདུག་པ་ལ་བདག་སྡུག་པའི་ངོ་བོ་དང་བདེ་བའི་ངོ་བོ་དང་འབྲལ་བར་མ་གྱུར་ཅིག། སྙམ་དུ་མི་གཏོང་བ་དང་ཕྱིར་ཞིང་དོན་དུ་གཉེར ་བ་འདི་ནི་སྲིད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་དོན་དུ་གཉེར་བ་ན་ཡང་སྲིད་པ་སྐྱེད་པའི་ལས་དང་ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་འགྲུབ་པ་གང ་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་དང་ཡོངས་སུ་སྨིན་པ་ལས་འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང ་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་གཅིག་གི་རྒྱུ་གཅིག་གཅིག་གི་རྐྱེན་གཅིག། རྟག་པ་མ་ཡིན་མི་རྟག་བ་མ་ཡིན་།འདུས་བྱས་མ་ཡིན་འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན་རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་བ་མ་ཡིན། ཟད་པའི ་ཆོས་མ་ཡིན། འཇིག་བའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཞུགས་པ་རྒྱུན་མ་ཆད་པར་རླུང་གི་རྒྱུན་བཞིན་རྗེས་སུ་ཞུགས་མོད་ཀྱི་།འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ ་བསྡུ་བར་བྱ་བའི་རྒྱུར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་དང་ལས་དང་རྣམ་པར་ཤེས་པའོ། །དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ། །ལས་ནི་ཞིང་གི་རང་གི་རང་བཞིན་གྱི་རྒྱུ་བྱེད་དོ། ། ་མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱི་རྒྱུ་བྱེད་དོ། །དེ་ལ་ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་བསྐྱེད་དོ། །དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ། །སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་རྒྱུན།། ་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ་རྐྱེན་དེ་དག་མེད་ནས་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི ་སེམས་སོ། །སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་པ་ཡང་འདི་སྙམ་དུ་བདག་གི་ས་བོན་རྣམ་པར་ཤེས་པ་གདབ་པོ་སྙམས་དུ་མི་སེམས་སོ། །ས་བོན་རྣམ་པར་ཤེས་པ་ཡང་འདི ་སྙམ་དུ་བདག་ནི་རྐྱེན་འདི་དག་གི་བསྐྱེད་དོ་སྙམ་དུ་མི་སེམས་ཏེ་འོན་ཀྱང་ས་བོན་རྣམ་བར་ཤེས་པ་ལས་ཀྱི་ཞིང་ལ་བརྟེན་བ་སྲེད་པའི་བརླན་གྱིས་བརླན་པ་མ་རིག་པས་བཏབ་པ་སྐྱེ་བ་ན་།སྐྱེ་བའི་གནས་ཉིད་འཚམས་སྦྱོར་བ་མའི་མངལ་དེ་དང ་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ་།མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས་གཉིགས་མ་བྱས་དབང་ཕྱུག་གིས་མ་བྱས་དུས་ཀྱིས་མ་བསྒྱུར་རང་བཞིན་ལས་མ་བྱུང་བྱེད་པ་ལ་རག་ལས་པ་མ་ཡིན ་རྒྱུ་མེད་བ་ལས་ཀྱང་མ་སྐྱེས་པ་སྟེ་།འོན་ཀྱང་ཕ་མ་ཕྲེང?་བ་དང་དུས་དང་ལྡན་པ་དང་རྐྱེན་གཞན་ཚོགས་ན་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ ་ཚད་?་མིན་པའི་ཕྱིར་སྐྱེ་གནས་སུ་ཉིད་འཚམས་སྦྱོར་བ་མའི་མངལ་དེ་དང་དེར་མྱོང་བ་དང་ལྡན་བའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབ་གོ་།འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔ་ལས་བྱུང་སྟེ། ལྔ་གང་ ་141 ་ཞེ་ན། མིག་ལ་བརྟེན་པ་དང་གཞུགས་དང་སྣང་བ་དང་ནམ་མཁའ་དང་དེ་བསྐྱེད་པའི་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་རོ། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད ་དོ། །གཟུགས་ནི་མིག་གི་རྣམ་པར་ཤེས་བ་དམིགས་པའི་བྱ་བ་བྱེད་དོ། །སྣང་བས་ནི་མངོན་པའི་བྱ་བ་བྱེད་དོ། །ནམ་མཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད་དོ། །དེ་སྐྱེད་པའི་ཡིད་ལ་བྱེད་བས་ནི་སེམས་པའི་བྱ་བ་བྱེད་དོ། །རྐྱེན་དེ་དག་མེད ་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། ནམ་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལ། དེ་བཞིན་དུ་གཟུགས་དང་སྣང་བ་དང་ནམ་མཁའ་དང་དེ་སྐྱེད་པའི་ཡིད་ལ་བྱེད་པ་དག་ཀྱང་མཚང་བར་མ་གྱུར་ཏེ། ཐམས་ཅད་འདུས་པ་དེ ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དེ་ལ་མིག་ནི་འདི་སྙམ་དུ་བདག་གིས་མིག་གིས་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྣང་བ་ཡང་འདི་སྙམ་དུ་བདག་གིས་རྣམ་པར་ཤེས་བའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི ་སེམས་སོ། །དེ་བསྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་སེམས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི ་སེམས་ཏེ་།འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་དབང་པོ་ལྷག་མ་རྣམS་ལ་ཡང་ཅི་རིགས་སུ་བྱའོ། །དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི། རྒྱུ ་@141བ ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པར་ཡང་ཡོད་དོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ་དཔེར་ན་རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི་དཀྱིས་འཁོར་དུ་མ་འགོས ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་མོས་པ་མེད་ལ་གཞན་དུ་ཡང་མ་སྐྱེས་ཏེ། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་བའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད ་དོ། །འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ། འོན་ཀྱང་སྣོད་ཆུ་དུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད ་ཆུང་དུ་ཆུས་གང་བའི་ནང་དུ་སོང་བ་ཡང་མེད་མོད་ཀྱི་རྒྱུ་དང་རྐྱེན་མཚད་བ་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ། གཞན་སུ་ཡང་མ་སྐྱེས་མོད་ཀྱི་རྒྱུ་དང་རྐྱེན་རྣམས ་མཚད་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན། མེ་ནི་རྒྱུ་དང་རྐྱེན་མཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ། །དེ་བཞིན་དུ་བདག་པོ་མེད་པའི་ཆོས་བདག་གི་མེད་བ་འཛིན་པ་མེད་པ་ནམ་མཁའ་ ་དང་མཚུངས་བ་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་རྣམས་མཚད་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིད་འཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་བ་རྣམས་ཀྱིས་བསྐྱེད་པ་མིང་དང་གཟུགས ་ཀྱི་མྱུ་གུ་མངོན་པར་སྒྲུབ་བོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང། ཆད་པར་མ་ཡིན་པ་དང་།འཕོ་བར་མ་ཡིན་པ་དང། རྒྱུ་ཆུང་དུ་ལས་འབྲས་བུ་ཆེན་པོར་འབྱུང་བ་དང། དེ ་དང་འདྲ་བའི་རྒྱུད་དུའོ། །ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་ཐབ་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ་སྐྱེ་བའི་ཆར་གཏོགས་བ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ་སྐྱེ་བའི ་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགག་ལ་དེ་ཉིད་ཀྱི་ཆེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཇི་ལྟར་ཆད་པར་མ་ཡིན་ཞེ་ན། ཐ་མའི་འཆི་བའི ་ཕུང་པོ་རྣམས་འགགས་པ་ལས་སྐྱེ་བའི་ཆར་གཏོགས་བའི་ཕུང་པོ་རྣམས་འབྱུང་བ་མ་ཡིན་མ་འགགས་པ་ལས་ཀྱང་མ་ཡིན་གྱི་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་བའི་ཕུང་པོ་རྣམས་སྲང་མདའི་མཐོན ་དམན་བཞིན་དུ་འབྱུང་བར་འགྱུར་ཏེ་དེའི་ཕྱིར་ཆད་པ་མ་ཡིན་ནོ། །ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་བ་མངོན་པར་འགྲུབ་པ་དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ཇི་ལྟར་རྒྱུ ་ཆུད་དུ་ལས་འབྲས་བུ་ཆེན་པོར་འབྱུང་ཞེ་ན། ལས་ཆུང་དུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་བ་མྱོང་སྟེ་དེའི་ཕྱིར་རྒྱུ་ཆུང་དུ་ལས་འབྲས་བུ་ཆེན་པོའི་མངོན་བར་འགྲུབ་བོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟ་བུར ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ། །བཙུན་པ་ཤཱ་རིའི་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པ་འདི་གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ ་ཀྱིས་འདི་ལྟར་ཡང་དག་པའི་ཇི་ལྟ་བ་བཞིན་དུ་རྟག་བར་རྒྱུན་ཏུ་སྲོག་མེད་པ་དང་སྲོག་དང་བྲལ་བདག་ཇི་ལྟ་བུ་ཉིད་དང། མ་ནོར་བ་དང། མ་སྐྱེས་པ་དང། མ་བྱུང་བ་དང། མ་བྱས་པ་དང། འདུས་མ་བྱས་པ་དང། ཐོགས་པ་མེད་པ་དང། དམིགས ་བ་མེད་པ་དང། ཞི་བ་དང། འཇིགས་པ་མེད་པ་དང། མི་འཕྲོགས་པ་དང། མི་ཟད་པ་དང། རྣམ་པར་མ་ཞི་བའི་རང་བཞིན་དུ་མཐོང་བ་དང། མེད་པ་དང། གསོག་དང། བསོ་བ་དང། སྙིང་པོ་མེད་པ་དང། ནད་དང། འབྲས་དང། ཕྲུག་དུ? ་དང། སྡིག་བ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། ཅི་བདག་སྔོན་གྱི་དུས་ན་བྱུང་བ་ཞིག་གམ་འོན་ཏེ་མ་བྱུང་བ་ཞིག་སྙམ་དུ་སྡོན་གྱི་མཛའ་ལ་མི་རྟོག་གོ། མ་འོངས ་བའི་དུས་ན་ཅི་འགྱུར་ཅི་ལྟ་བུར་འགྱུར་ཞེས་མ་འོངས་པའི་མཛའ་ལ་མི་རྟོག་གོ། འདི་ཅི་བཞིག་འདི་ཅི་ལྟ་བུ་ཞིག་ཡོད་ཅིང་འགྱུར་སེམས་ཅན་འདི། གང་ནས་འོངས་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་དེ་ལྟར་བྱུང་ལ་ཡང་མི་རྟོག ་གོ་ཞེས་བྱ་བའོ། །འཕགས་པ་ས་བཅུ་པའི་མདོ་ལས་ཀྱང། དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱི་རྒྱུན་མ་ཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི ་རྒྱུན་མི་འཆད་པར་རབ་ཏུ་རྣམ་པར་ཕྱེའོ། །དེ་བཞིན་དུ་སྦྱར་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཛའ་ལ་བལྟོས་པའོ། །རྣམ་པར་ཤེས་པ་ནས་ཚོར་བའི་བར་དེ་ནི་ད་ལྟར་བྱུང་བ་ལ་བལྟོས་པའོ། །སྲེད ་པ་ནས་སྲེད་པ་ཞེས་བྱ་བའི་པར་དེ་ནི་ཕྱི་མའི་མཛའ་ལ་བལྟོས་པ་སྟེ། དེ་ཕན་ཆད་ཡང་དེ་དག་རབ་ཏུ་འབྱུང་ངོ། །དེ་བཞིན་དུ་སྦྱར་ཏེ། དེ་འདི་སྙམ་དུ་སེམས་ཏེ། ལྡན་པ་ལས་ནི་འདུས་བྱས་འབྱུང་ངོ་བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ། །ཚོགས ་པ་ལས་ནི་འདུས་བྱས་འབྱུང་ངོ་མ་ཚོགས་པ་ལས་ནི་མི་འབྱུང་ངོ། །མ་ལ་དེ་ལྟས་བདག་གི་འདུས་བྱས་ཉས་པ་མང་པོའི་སྐྱོན་ཆགས་པ་འདི་ལྟ་བུ་འདི་ཤེས་པར་བྱས་ལ། འདུ་བ་འདི་དང་ཚོགས་པ་འདིའི་རྒྱུན་གཅད་པར་བྱའོ། །སེམས་ཅན ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས། ཤིན་ཏུ་ཞི་བར་བྱ་བ་ཐོབ་པར་ཡང་མི་བྱའོ་སྙམ་མོ་ཞེས་གསུངས་ཏེ། འདི་ནི་གཏི་མུག་སྦྱད་བ་མདོར་བསྡུས་པའོ། །བསླབ་པ་ཀུན་ལས་བཏུས་པ་ལས། སེམས ་ཡོངས་སུ་སྦྱང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ལྟར་སེམས་ལས་སུ་རུང་ནས་དྲན་པ་ཉེ་བར་བཞག་པ་ལ་འཇུག་སྟེ། དེ་ལ་མི་སྡུག་པའི་སྐབས་ནས་ལུས་དྲན་པ་ཉེ་བར་གཞག་པ་བཤང་ཟིན་དོ། །དེ་ཉིད་དབྱེ་བ་བག ་ཙམ་གྱིས་ཆོས་ཡང་དག་བར་སྡུད་པའི་མདོ་ལས་གསུངས་ཏེ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་བ་དང། རྐང་སོར་དང། བྱིན་པ་དང། བརླ་དང། སྐུ་དོ་དང། ལྟོ་བ་དང། ལྟེ་བ་དང། སྒལ ་ཚིགས་དང། སྙིང་དང་།རྩིབ་ལོགས་དང་།སོག་པ་དང་།ལག་པ་དང། ལག་དར་དང། དཔུང་པ་དང། ཐལ་གོང་དང། མཇིང་པ་དང། འགྲམ་པ་དང། དཔྲལ་བ་དང། མགོ་དང། མགོའི་ཐོད་བ་འདུས་བཙམ་སྟེ། ལས ་འབྱུང་བའི་བྱེད་པ་པོས་བསགས་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ཏུ་རྟོག་པ་དང། རྣམ་པར་རྟོག་པ་ཐ་དད་པ་བརྒྱུ་སྟོང་གི་གནས་སུ་གྱུར་པའོ། །འདིར་ཁམས་ཀྱི་རྫས་མང་པོ་འདུས་པ་ནི་འདི་ལྟ་སྟེ། སྐྲ་དང་སྤུ་དང་སེན་མོད? ་སོ་དང་དུས་པ་དང་ལྤགས་པ་དང་ཤ་དང་ཤའི་པྲི་དང་རྒྱུས་པ་དང་ཚིལ་དང་ཞག་དང་ཆུ་སེར་དང་མཆེར་བ་དང་གཅིན་དང་ཕྱིས་དང་ཕོ་པ་དང་ལོད་ཀ་དང་ཁྲག་དང་སྣབས་དང་མཁྲིས་པ་དང་རྣག་དང་མཆིལ་མ་དང་ཀླད་པ་དང་ཀླད་རྒྱས་རྣམས ་ཏེ། དེ་ལྟར་རྫས་མང་པོ་འདུས་པ་ཡིན་ན་།འདི་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ། དེ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ནམ་མཁའ་ལྟར་དྲན་པ ་ཉེ་བར་འཇོག་གོ། དེ་ཐམས་ཅད་ནམ་མཁའ་ལྟར་མཐོང་ངོ། །དེ་ལུས་ཡོངས་སུ་ཤེས་པའི་ཕྱིར་ཡང་གང་དུ་ཡང་དྲན་པ་མི་འཇོག་གོ། རྣམ་པར་མི་འཇུག་གོ་རྣམ་པར་མི་འཕྲོ་བའོ་ཞེས་བྱ་བའོ། །ཡང་གསུངས་པ། ལུས་འདི་ནི་སྔོན་གྱི་མཛའ་ ་ནས་ཀྱང་མ་འོངས། ཕྱི་མའི་མཐར་ཡང་མི་འགྲོ། སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ལ་ཡང་མི་གནས་ཏེ། གཞན་དུ་ན་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ལས་བྱུང་བ། བྱེད་པ་པོ་དང་ཚོད་པ་པོ་མེད་པ། ཐོག་མ་དང་ཐ་མ་དང་དབུས་མེད་པ། རྩལ་གནས་པ་མེད ་པ། བདག་པོ་མེད་པ་དའི་པ་མེད་པ་ཡོངས་སུ་འཛིན་པ་མེད་པ་སྟེ་།ཚོགས་ཞེས་བྱ་བ་དང་ལུས་ཞེས་བྱ་བ་དང་ལོང་སྤྱོད་ཅེས་བྱ་བ་དང་གནས་ཞེས་བྱ་བ་དང་རྟེན་ཞེས་བྱ་བ་དང་ཚད་ཞེས་བྱ་བ་དང། སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་གྱི་ཐ་སྙད?་རྣམས་ཀྱི་ཐ་སྙད ་བཏགས་པའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་མའི་ཁུ་བ་དང་ཁྲག་ལས་བྱུང་བ་མི་གཅང་བ་རུལ་བ་རང་བཞིན་གྱི་དྲི་མི་ཞིམ་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཇིགས་པ་དང་སྒྱིད་ལུག་པའི་རྐུན་པོས་དཀྲུགས་པ། རྟག ་ཏུ་འཇིགས་པ་འབྲུལ་པ་བྲལ་བ་རྣམ་པར་འཐོར་བ་རྣམ་པར་འཇོམས་པའི་ཆོས་ཅན། །ནད་ཐ་དང་བ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ་ཞེས་བྱ་བའོ། །འཕགས་པ་བཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང། ཀྱེ་མའོ་ལུས ་འདི་ནི་མེ་རྟག་པའི་རྣམ་པ་སྟེ་རིང་པོར་མི་གནས་ཐ་མར་འཆི་བ་ཡིན་པར་ཤེས་ནས་ལུས་ཀྱི་ཕྱིར་མི་མཐུན་བའི་འཚོ་བ་མི་སྤྱོད་ཅིང་སྙིང་པོ་ལེན་ཏོ། །དེ་སྙིང་པོ་གསུམ་ལེན་ཏེ། གསུམ་གང་ཞེ་ན། ལུས་ཀྱི་སྙིང་པོ་དང། ལོངས་སྤྱོད་ཀྱི་སྙིང་པོ ་དང། འཚོ་བའི་སྙིང་པོའོ། །དེ་ལུས་མི་རྟག་གོ་སྙམ་ནས་སེམས་ཅན་ཐམས་ཅད་ཀྱི་བྲན་དང་སློབ་མར་ཁས་བླངས་ཏེ་ཅི་བྱའོ་ཅོག་ལ་འབད་པ་ཡི། ལུས་མི་རྟག་གོ་སྙམ་ནས་ལུས་ཀྱི་ཉེས་པ་ཡོན་པོ་དང་གཡོ་དང་ཚུལ་འཆོས་པ་ཐམས་ཅད་མི ་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་སྲོག་ལ་བག་མི་རྟེན་པར་འགྱུར་ཏེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དོ། །ལུས་མི་རྟག་གོ་སྙམ་ནས་ཡོངས་སྤྱོད་ལ་སྲེད་ཅིང་ཆགས་བར་མི་བྱེད་དེ་བདོག་པ་ཐམས་ཅད ་ཡོངས་སུ་གཏོང་བ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་པ། བདག་གི་ལུས་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་འདོགས་ཤིང་བདག་གི་སེམས ་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི་གནས་ལ་གནས་པར་བྱའོ་སྙམ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གྲག་པ་མེད་པ་ལྟར་རང་གི་ལུས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་དུ་བརྟག་གོ་།དེ་ཟག་པ་མེད་པའི་ཆོས་ལ་མཁས་པས ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེའི་མཚན་ཉིད་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱིམ་བདག་དཔའ་བྱིན་གྱིས་ཞུས་པ་ལས་ཀྱང་འདི་ལྟ་སྟེ་སུས་འདི་མཐར་གྱིས་འགྲུབ་པ་དང་མཐར་གྱི་འཇིག་པ་དང་རྡུལ་ཕྲ་རབ་བསགས་པ ་དང་ཁོང་སྟོང་དུ་གྱེ་གུ་ཅན་དང་བུ་ག་དགུ་དང་སྤུའི་ཁུང་བུ་ནས་ཟག་པ་དང། གྲོག་མཁར་ལྟར་སྦྲུལ་གདུག་པའི་གནས་སུ་གྱུར་པ་དང། མ་སྐྱེས་དགྲའི་སྤྲེའུ་ལྟར་གྲོགས་ལ་འཁུ་བ་དང། བཤེས་གཉེན་ངན་པ་ལྟར་འདྲིད་པའི་བདག་ཉིད ་ཅན་དང། དབུ་བ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་དང། ཚུའི་ཆུ་བུར་ལྟར་བྱུང་ནས་འཇིག་ཅིང་འཇུ་བ་དང། སྨིག་རྒྱུ་ལྟར་སླུ་བའི་བདག་ཉིད་ཅན་དང། ཆུ་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་དང། སྒྱུ་མ་ལྟ་བུར་སླུ་བའི ་བདག་ཉིད་ཅན་དང། རྒྱལ་པོ་ལྟར་བསྒོ་བླག་མང་བ་དང། དགྲ་ལྟར་གླགས་ལྟ་བ་དང། རྐུན་པོ་ལྟར་ཡིད་བརྟན་དུ་མི་རུང་བ་དང། གཤེད་མ་ལྟར་རྗེས་སུ་ཆགས་པ་མེད་པ་དང། མི་འཛའ་བལྟར་མི་ཕན་པར་འདོད་པ་དང། གསོད་པ་ལྟར ་ཤེས་རབ་ཀྱི་སོག་གི་བར་ཆད་བྱེད་པ་དང། གྲོང་སྟོང་ལྟར་བདག་དང་བྲལ་བ་དང་རྫ་མཁན་གྱི་སྣོད་ལྟར་མཐར་འཇིག་པ་དང། རྫང་ལྟར་མི་གཅང་བ་སྣ་ཚོགས་ཀྱི་ཡོངས་སུ་གང་བ་དང། སྤང་མའི་སྣོད་ལྟར་མི་གཙང་བ་ཟག་པ་དང། དེ་བཞིན ་དུ་སྦྱར་ཏེ། རྨ་ལྟར་བསྐྱོད་མི་བཟོད་པ་དང། ཟུག་རྡུ་ལྟར་གནོད་པའི་བདག་ཉིད་ཅན་དང། ཁང་སྙིང་ལྟར་བཅོས་ལགས་བྱ་ཞིང་བསྟན་པ་དང། གྲུ་རྙིང་ལྟར་བཅོས་ལེགས་བྱ་ཞིང་སྤྱད་པ་དང། བུམ་པ་སོ་མ་བཏང་བ་ལྟར་ནན་ཏན་གྱིས་བག་བྱ ་དགོས་པ་དང། དེ་བཞིན་དུ་སྦྱར་ཏེ། ཆུ་འགྲམ་གྱི་ཤིང་ལྟར་གཡོ་ཞིང་འགུལ་བ་དང། ཆུ་གླུང་ཆེན་པོའི་རྒྱུན་ལྟར་མཐར་འཆི་བའི་རྒྱ་མཚོ་ལ་ཐུག་པ་དང། གློ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དང། མགོན་མེད ་པའི་གནས་ཁང་ལྟར་ཡོངས་སུ་བཟུང་བ་མེད་པ་དང། བརྩོན་སྲུངས་ལྟར་གསུག་གི་བསྒྲུབ་པར་བྱ་བ་དང། དེ་བཞིན་དུ་སྦྱར་ཏེ། བྱིས་པ་ཆུང་དུ་ལྟར་རྟག་ཏུ་ཡོངས་སུ་བསྐྱང་དགོས་པའོ་ཞེས་གསུངས་སོ། །ཡང་གསུངས་པ། འདི་ལྟར་མི་གཙང་ཕུང་པོའི ་ལུས་ལ་ནི། །གཟུགས་ཀྱི་ང་རྒྱལ་ཅན་གང་གཅེས་འཛིན་པ། །བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། དེ་ཡི་སྣ་ནས་རྣག་གི་རྣམ་པ་འཛག། ཁ་ནས་དྲི་མི་ཞི་མ་པ་རྟག་ཏུ་འབྱུང། །སྐྱེ་བོ་ཁ ་འགྲན་མིག་ནི་སྲིན་བུ་བཞིན། །དེ་ལ་སུ་ཞིག་ཆགས་ཤིང་གཅེས་པར་བྱེད། །དཔེར་ན་བྱིས་བ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་བདར་བྱེད་ཀྱང། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །ཕྱིས་བློ་ཕྱིན་ཅི་ལེག ་ཏུ་མངོན་པར་རློམ། །དེ་ལྟར་མི་གང་གཙང་སྒྲའི་བློ་གྲོས་ལྡན། །ང་ཡིས་ལུས་འདི་གཙང་མར་ཞེས་བྱ་སྟེ། །བསྐས་ཕྱིས་འབབ་སྟེགས་བརྒྱུར་ནི་ཁྲུས་བྱས་ཀྱང། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །བྱང་ཆུབ་སེམས་དཔའ་ ་145 ་དེ་ལྟར་ལུས་ལ་འཇིགས་པ་དང། །བུ་ག་དགུའི་སྒོ་ནས་འཛག་པར་བརྟག་པར་བྱ་བ་ནས་བྱང་ཆུབ་སེམས་དཔའ་ཨི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ་བའི་བར་དུའོ། །དེ་བཞིན་དུ་སྦྱར་ཏེ། བྱང ་ཆུབ་སེམས་དཔའ་ཨི་ལུས་ལ་སྤྱད་ཀི་དར་ཅེ་སྦྱད་དང་ཁྱི་དང་རྗེན་ཤ་ཟ་བ་དང་གཞན་གྱི་ཟས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔའ་ལུས་ལ་རུས་པ་དང་རྒྱུས་པའི་བོང་རེག་སྦྲེལ་པས་འཁྲུལ་འཁོར་ལྟ་བུར་བརྟག་པར་བྱ་།བྱང་ཆུབ་སེམས ་དཔས་ཟས་དང་སྐོམ་ལས་བྱུང་བ་སྟེ་རང་གི་ཁ་ན་ལས་པ་མ་ཡིན་པར་བརྟག་པར་བྱའོ། །ཞེས་ཏེ་རྒྱ་ཆེར་ནི་དེ་ཉིད་ལས་ཤེས་པར་བྱའོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི་།དེ་ཞིག་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཇི་སྐད་དུ་།རིགས་ཀྱི་བུ ་འདི་ལ་བྱང་ཆུབ་སེར་འཚོར་བ་རྣམ་?་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་བ་བསྒོམ་པ་ནི་ཚོར་བ་ལ་བདེ་བར་གནས་པའི་སེམས་ཅན་རྣམས་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་འདི་ལྟར་གང་ལ་ཚོར་བ་མེད་པ་དེ་ནི་བདེ་བ་ཡིན་ནོ་ཞེས་སློབ་སྟེ ་དེས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྤང་བའི་ཕྱིར་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པ་བསྒོམ་མོ། །དེ་སེམས་ཅན་རྣམས་ཀྱི་ཚོར་བ་འགོག་པའི་ཕྱིར་གོ་ཆ་བགོས་ཀྱང་བདག་གི་ཚོར་བ་འགོག་པར་ཡང་མི་བྱེད་དོ། །ངེས་ཚོར ་བ་གང་ཅི་མྱོང་ཡང་ཚོར་བ་དེ་དག་ཐམས་ཅད་སྙིང་རྗེ་ཆེན་བོས་ཡོངས་སུ་བཟུང་ཞིང་མྱོང་བར་བྱེད་དོ། །དེ་ནམ་བདེ་བའི་ཚོར་བ་མྱོང་བའི་ཚེ་ན་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་འདོད་ཆགས་ཀྱི་བག་ལ་ཉལ་བ ་ཡང་ཡོངས་སུ་སྤོང་དོ། །ནམ་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ཚེ་ན་། ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་ཞེ་སྡང་གི་བག་ལ་ཉལ་ཡང་རབ་ཏུ་སྤོང་ངོ། །ནམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི ་@145བ ་ཚོར་བ་མྱོང་བའི་ཚེ་ན་གཏི་མུག་ལ་སྦྱོར་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་གཏི་མུག་གི་བག་ལ་ཉལ་ཡང་རབ་ཏུ་སྤོང་ངོ། །བདེ་བའི་ཚོར་བ་རྗེས་སུ་ཆགས་པར་མི་འགྱུར་ཏེ་རྗེས་སུ་ཆགས་པར་ལེགས་པར་འཇོམས་པར་ཡང་བྱེད ་དོ། །སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བར་ཡང་མི་འགྱུར་ཏེ་། ཁོང་ཁྲོ་བ་ལེགས་པར་འཇོམ་པར་ཡང་བྱེད་དོ?་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིག་པ་དང་ལྡན་པར་མི་འགྱུར་ཏེ་མ་རིག་པ་ལེགས་པར་འཇོམས་པར་ཡང་བྱེད་དོ། ། ་དེས་ཚོར་བ་གང་ཅི་མྱོང་བ་དེ་དག་ཐམས་ཅད་ཀྱང་མི་རྟག་པར་ཤེས་ཤིང་མྱོང་བར་བྱེད་དོ། །སྡུག་བསྔལ་དུ་ཤེས་ཤིང་མྱོང་བར་བྱེད་དོ། །བདག་མེད་པར་ཤེས་ཤིང་མྱོང་བར་བྱེད་དོ། །དེ་བདེ་བའི་ཚོར་བ་ལ་ནི་མི་རྟག་པར་ཤེས་པར ་འགྱུར་རོ། །སྡུག་བསྔལ་གྱི་ཚོར་བ་ལ་ནི་ཟུག་རྔུར་ཤེས་པར་འགྱུར་རོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་ནི་ཞི་བར་ཤེས་པར་འགྱུར་རོ། །དེ་ལྟར་གང་བདེ་བ་དེ་ནི་མི་རྟག་པའོ། །གང་སྡུག ་བསྔལ་བ་དེ་ནི་སྡུག་བསྔལ་བ་ཉིད་དོ། །གང་བདེ་བ་ཡང་མ་ཡིན་སྡུག་བསྔལ་པ་ཡང་མ་ཡིན་པ་དེ་ནི་བདག་མེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང། སྡུག་བསྔལ་ཀྱིས ་ཚོར་བས་རེག་ན་ངན་སོང་དང་མི་ཁོམ་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ་།ཚོར་བ་ནི་མངོན་པར་ཞེན་པའོ། །ཚོར་བ་ནི་ཡོངས་སུ་འཛིན་པའོ། །ཚོར་བ་ནི་ཉེ་བར་ལེན་པའོ། །ཚོར་བ ་ནི་དམིགས་པའོ། །ཚོར་པ་ནི་ཕྱིན་ཅི་ལོག་གོ་།ཚོང་པ་ནི་རྣམ་པར་རྟོག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། །ཚོར་བ་མྱོང་བར་རབ་བསྟན་པ། །ཚོར་བ་ལས ་གཞན་ཚོར་བ་པོ་།གུད་ན་ཡོད་པ་མ་ཡིན་ན། །གང་གི་དེ་ནི་ཚོར་བར་འགྱུར། །བྱང་ཆུབ་ཅི་འདྲ་དེ་བཞིན་དུ། །ཞི་ཞིང་དག་ལ་འོད་གསལ་བར། །ཚོར་བ་འདི་ལ་མཁས་པ་རྣམས། །དྲན་པ་དེ་ལྟར་ཉེ་བར་གཞག ་ཅེས་གསུངས་སོ། །འདི་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་མདོར་བསྡུད་པའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ་། དེ་འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ་། འདོད་ཆགས་པར་འགྱུར་བ་འམ ་ཞེ་སྡང་བར་འགྱུར་བ་འམ་གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན། ཅི་འདས་པའམ་མ་འོངས་པའམ་ད་ལྟར་བྱུང་བ་ཞིག་ཡིན། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ་མ་འོང་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ་ད་ལྟར་བྱུང་བ་ནི ་གནས་པ་མེད་དོ་སྙམ་མོ། །འོད་སྲུངས་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་མེད་གཉི་ག་ན་ཡང་མེད་ཅིང་མི་དམིགས། འོད་སྲུངས་སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་།རྟེན་མེད་པ། སྣང་བ་མེད་པ། ་རྣམ་པར་རིག་པ་མེད་པ་།གནས་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར། ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན། །འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་ཏེ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པས་སྐྱེ་བ་རྣམ་པ ་མང་པོ་ཡོངས་སུ་འཛིན་ཏོ། །དེ་བཞིན་དུ་སྦྱར?་ཏེ། འོད་སྲུངས་སེམས་ནི་འབབ་ཆུའི་རྒྱུན་དང་མཚུངས་ཏེ་མི་གནས་པ་སྐྱེས་ནས་འཇིག་ཅིང་ངེས་པའོ། །འོད་སྲུངས་སེམས་ནི་རླུང་དང་མཚུངས་ཏེ་རིང་དུ་འགྲོ་ཞིང་གཟུང་དུ་མེད་པར་རྒྱུའོ། །འོད ་སྲུངས་ས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ་རྒྱུ་དང་རྐྱེན་ལས་འབྱུང་བའོ། །འོད་སྲུངས་སེམས་ནི་ནམ་མཁའ་དང་མཚུངས་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའོ། །འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ་སྐད་ཅིག་ཏུ་འཇིག ་ཅིང་མི་གནས་པའོ། །དེ་བཞིན་དུ་སྦྱར་ཏེ་།འོད་སྲུངས་སེམས་ནི་སྡུག་བསྔལ་ཐམས་ཅད་སྐྱེད་པའི་ཕྱིར་མི་མཛའ་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་བྱེ?་མའི་ཁད་པ་དང ་ཚུངས་སོ། །འོད་སྲུངས་སེམས་ནི་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པའི་ཕྱིར་ཉའི་མཆིལ་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་རྨི་ལམ་དང་མཚུངས་སོ། །འོད་སྲུངས་སེམས་ནི་མི ་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིར་སྦྲད་མ་སྔོན་པོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་གནོད་པ་རྣམ་པ་མང་པོ་བྱེད་པས་ཕྱིར་རྒོལ་བ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར་གནོད་སྦྱིན་མདངས ་འཕྲོག་པ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྟག་ཏུ་གླགས་ལྟ་བས་དགེ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པས་རྟག་པར་མཐོ་དམན་ཅན་ནོ། །འོད་སྲུངས་སེམས་ནི་དགེ་བའི་རྩལ་ཐམས་ཅད ་རྐུ་བས་ཆོམ་རྐུན་དང་འདྲའོ། །འོད་སྲུངས་སེམས་ནི་གཟུགས་ལ་དགའ་བས་ཕྱི་བྱི་ཞོ་ལའི་མིག་དང་མཚུངས་སོ། །འོད་སྲུངས་སེམས་ནི་སྒྲ་ལ་དགའ་པས་གཡུལ་གྱི་?་དད་མཚུངས་སོ། །འོད་སྲུངས་སེམས་ནི་ཕག་མིག་ཙང་བའི་དྲི་ལ ་དགའ་བ་བཞིན་དུ་དྲི་ལ་དགའ་ཨོ། །འོད་སྲུངས་སེམས་ནི་རོལ་དགའ་ཞིང་ཟས་ཀྱི་ལྷག་མ་ཟ་བའི་བྲན་མོ་དང་མཚུངས་སོ། །འོད་སྲུངས་སེམས་ནི་རེག་བྱ་ལ་དགའ་བས་སྦྲང་མ་འབྲུ་མར་གྱི་སྣོད་ལ་ཆགས་པ་དང་མཚུངས་སོ། །འོད་སྲུངས་སེམS ་ནི་ཀུན་ཏུ་བཙལ་ཀྱང་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་འགྱུར་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན་མ ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་པ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ?་སོགས་པ་གསུངས་སོ།། ་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང། དེ་སེམས་ཀུན་ཏུ་ཆོལ་བས་ན་སེམས་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང། སེམས་ཕྱི་རོལ་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང། ཕུང ་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཁམས་རྣམ་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ངེས་སེམས་ཡང་དག་པར་རྗེས་སུ་མི་མཐོང ་བས། སེམས་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ་། དམིགས་པ་ཡོད་པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ་།ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ་ཡང་གཞན ་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་འོན་ཏེ་དམིགས་པ་ཡང་གཞན་ལ་སེམས་དེ་ཡང་གཞན་ན་ནི་།སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན་ནི་སེམས་ཀྱིས་སེམས ་དེ་ཉིད་ཇི་ལྟར་མཐོང་པར་འགྱུར་ཏེ་།སེམས་ཀྱིས་སེམས་མཐོང་པར་མི་རུང་ངོ། །འདི་ལྟ་སྟེ་དཔེར་ན་རལ་གྲི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དད་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་རེག་པར་མི་ནུས་པ ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་མོ། །དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་གང་མ་གྱོགས་པ་རབ་ཏུ་མགྱོགས་པ་མི་གནས་པར་རྒྱུ་བ་སྤྲེའུ་དང་རླུང་འདྲ་བ་འབབ་ཆུའི་རྒྱུན་དང་འཐུ་མར་གྱི་མར་མེ ་འདྲ་བ། རྒྱད་རིང་པོར་འགྲོ་བ། ལུས་མེད་པ་།ཡུལ་ལ་བསྐམ་པ་།སྐྱེ་མཆེད་དྲུག་ལ་སྤྱོད་པ། གཞན་དང་གཞན་གྱི་ཤེས་པ་དང་ལྡན་པའི་སེམས། གནས་པ། རྩེ་གཅིག་པ་།མི་འཕྲོ་བ་།རྣམ་པར་མི་འཕྲོ་བ་།ཞི་གནས་ལ་རྩེ ་གཅིག་པ། གཡེང་བ་མེད་པ་འདི་ནི་སེམས་གནས་པའོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་། བདག་གི་རྣམ་པར་བསྒྲུབ་པར་བྱ་བ་ལ་བརྩོན་པར་བྱ་སྟེ་སེམས་ཀྱི་ཆོས་ཉིད་འདི་ཡང་མི་འདོར་རོ་སྙམ ་མོ། །དེ་ལ་སེམས་ཀྱི་ཆོས་ཉིད་ནི་གང་རྣམ་པར་བསྒྲུབ་པ་ནི་གང་ཞེ་ན་།སེམས་ནི་སྒྱུ་མ་ལྟ་བུ་སྟེ་འདི་ལ་གང་ཡང་སྦྱིན་པ་མེད་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ་སངས་རྒྱས་ཀྱི་ཞིང ་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བ་འདི་ནི་རྣམ་པར་བསྒྲུབ་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་རྗེས་སུ་དྲན་པ་ནི་?་ཞིག་དེ་ཉིད་ལས་ཇི་སྐད་དུ་། བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ ་ནི་གང་ལས་སངས་རྒྱས་ཀྱི་ཆོས་མེད་པ་དང། གང་ལས་བྱང་ཆུབ་མེད་པ་དང་།གང་ལས་ལམ་མེད་པ་དང། གང་ལས་ཐར་པ་མེད་པ་དང། གང་ལས་དེས་པར་འབྱུང་བ་མེད་པའི་ཆོས་དེ་གང་ཡང་མི་མཐོང་ངོ། །དེས་ཆོས་ཐམས་ཅད ་འབྱུང་བར་ཤེས་ནས་སེམས་ཅན་རྣམས་ལ་སྒྲིབ་པ་མེད་པར་ཤེས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ། །དེས་ཆོས་ཐམས་ཅད་དང་ཉོན་མོངས་པ་ཐམས་ཅད་ལ་ཡང་སྒྱུ་མར་འདུ་ཤེས་པ་འཐོབ་སྟེ། ཆོས་འདི ་དག་ནི་ཉོན་མོངས་པ་མེད་པ་སྟེ་འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ངེས་པའི་དོན་ལ་རྟོན་པ་སྟེ། ཉོན་མོངས་པ་རྣམས་ནི་ཚོགས་མེད། ཕུང་པོར་གྱུར་པ་མེད། ་འདོད་ཆགས་ཀྱི་དངོས་པོ་མེད། ཞེ་སྡང་གི་དངོས་པོ་མེད་། གཏི་མུག་གི་དངོས་པོ་མེད་པ་སྟེ་། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ་ཞེས་དེ་ལྟར་དྲན་པ་ཉེ་བར་འཇོག་གོ་ཞེས་གསུངས་སོ། །འཕགས་པ ་གཙུག་ན་རིན་པོ་ཆེ་ལས་ཀྱང། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་གནས་པ་འདི་སྙམ་དུ་སེམས་ཏེ་།སྐྱེ་བ་ན་ཆོས་རྣམས་ཁོ་ན་སྐྱེ། འགག་པ་ན་ཆོས་རྣམས་ཁོ་ན་འགག ་སྟེ། འདི་ལ་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བ་པོ་འམ་གསོ་པ་འམ་སྐྱེས་བུ་འམ་གང་ཟག་གམ་ཤེད་ལས་སྐྱེས་པ་འམ་ཤེད་བུ་འམ་གང་སྐྱེ་པ་འམ་རྒ་བ་འམ་འཆི་པ་འམ་འཕོ་བ་འམ་སྐྱེ་པར་འགྱུར་པ་གང་ཡང་མེད་དོ། །འདི་ནི ་ཆོས་རྣམས་ཀྱི་ཆོས་ཉིད་དེ་།གལ་ཏེ་བསྒྲུབས་ན་ནི་འགྲུབས་། གལ་ཏེ་མ་བསྒྲུབས་ན་ནི་མི་འགྲུབ་སྟེ། དགེ་བ་ཡང་རུང་མི་དགེ་བ་ཡང་རུང་མི་གཡོ་བ་ཡང་རུང་ཇི་ལྟ་བུར་བསྒྲུབས་པ་དེ་ལྟ་བུར་འགྲུབ་མོད་ཀྱི། ཆོས་རྣམས་ལ་སྒྲུབ་པར ་བྱེད་པ་ཡང་མེད་ལ་།ཆོས་རྣམས་རྒྱུ་མེད་པར་ཡང་གང་ཡང་མི་སྐྱེའོ་སྙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དེ་ཉིད་ལས་། དེ་གང་ཅུང་ཟད་ཆོས་ཟབ་མོ་ལ་སོ་སོར་རྟོག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེཾས ་རྗེས་སུ་དྲན་པ་དེ་ཡང་མི་འདོར་ཞེས་གསུངས་སོ། །འཕགས་པ་རྒྱ་ཆེ་རོལ་པ་ལས་ཀྱང། འདུ་བྱེད་མི་བརྟག་བརྟན་པ་མ་ཡིན་ཏེ། །རྫ་སོ་མ་བཏང་ལྟ་བུར་འཇིག་པའི་བདག་། གཞན་གྱི་རྫས་ནི་བརྙན་པོ་བྱས་དང་མཚུངས། །བྱེ་མའི་གྲོང་ཁྱེར ་ལྟ་བུར་རིད་མི་ཐོགས། །འདུ་བྱེད་འདི་དག་འཇིག་པའི་ཆོས་ཅན་ཏེ། །དབྱང་གྱི་ཞལ་ཞལ་ཇི་ལྟར་འགོགས་པ་བཞིན། །ཆུ་དོགས་བྱེ་མ་ཡོད་པ་འདྲ་བ་སྟེ། །རྐྱེན་ལ་རག་ལས་རང་བཞིན་ཉམ་ཆུང་བ། །འདུ་བྱེད་མར་མེའི་འོད་འཕྲོ་འདྲ་བ་སྟེ།། ་མྱུར་དུ་འབྱུང་ཞིང་འགག་པའི་ཆོས་ཅན་ཡིན། །རླུང་དང་མཚུངས་པར་རིང་དུ་མི་གནས་ལ། །སྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །འདུ་བྱེད་གཡོ་བ་མེད་ཅིང་སྟོང་པ་སྟེ་། བརྟགས་ན་ཆུ་ཤིང་དག་གི་ཕུང་པོ་འདྲ། སྒྱུ་མ་ལྟ་བུ་སེམས་ནི ་རྨོངས་པར་བྱེད། །ལག་བཅངས་སྟོང་པས་བྱིས་པ་འབྲིང་དང་མཚུངས། །འདུས་བྱས་གྱུར་པ་ཐམས་ཅད་རྒྱུ་དག་དང། །རྐྱོན་རྣམས་ཀྱིས་ནི་རབ་ཏུ་འབྱུང་བ་སྟེ། གཅིག་གིས་གཅིག་རྒྱུ་བྱས་ཏེ་བརྟེན་ནས་བྱུང། །བྱིས་པའི་སྐྱེ་བོས་འདི་འདྲ ་འདི་མ་རྟོགས། །དཔེར་ན་གྲེས་མ་མུན་ཛ་བརྟེན་བྱས་ལ། །བརྩལ་བའི་སྟོབས་ཀྱི་ཐག་པར་འགྱུར་བ་དང། །ཟོ་ཆུན་རྒྱུད་མོ་འཁོར་ལོར་བཅས་པ་ཡང། །དེ་དག་རེ་རེ་འགྲུབ་པར་འགྱུར་བ་མེད། །དེ་ལྟར་སྲིད་པའི་ཡན་ལག་ཀུན་གྲུབ ་པ། །གཞན་དང་གཞན་ཚོགས་པ་ལ་བརྟེན་ནས་ནི། །དེ་དག་སོ་སོ་རེ་རེས་འགྲུབ་པ་ནི། །སྔོན་གྱི་མཛའ་དང་ཕྱི་མའི་མཛའ་མི་དམིགས། །ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་དེ་ཉིད་མྱུ་གུ་མིན། །དེ་ལས་གཞན་མིན ་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །མ་རིག་པ་ནི་འདུ་བྱེད་རྐྱེན་ཡིན་ཏེ། །འདུ་བྱེད་དེ་ཡང་ཡང་དག་ཉིད་དུ་མེད། །མ་རིག་པ་དང་འདུ་བྱེད་དེ་དག་ཀྱང། །རང་བཞིན་སྟོང་སྟེ་གཡོ་བ་མེད་པ་ཡིན། །རྒྱ་ལས་རྒྱ་ཡི ་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་དམིགས་པ་འང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལས་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །མིག་དང་གཟུགས་ལ་བརྟེན་པ་བྱས་ནས་སུ། །མིག་གི་རྣམ་པར་ཤེས་པ ་149 ་འདིར་བྱུང་ཡང། །མིག་ནི་གཟུགས་ལ་བརྟེན་པ་མ་ཡིན་ལ། །གཟུགས་ཀྱང་མིག་ལ་འཕོ་བ་ཡོད་མ་ཡིན། །འདི་དག་བདག་མེད་མི་སྡུག་ཆོས་ཅན་ཡང། །དེ་དག་བདག་དང་སྡུག་པར་བརྟགས་པ་སྟེ། །ནོར་པ ་ཡང་དག་མ་ཡིན་བརྟགས་ཡིན་ཡང། །དེ་ལ་མིག་གི་རྣམ་པར་ཤེས་པ་འབྱུང། །རྣམ་པར་ཤེས་པ་འགགས་ནས་བྱུང་གྱུར་ཏེ། །མཁས་པས་སྐྱེ་དང་འཇིག་པ་རྣམ་པར་མཐོང། །གང་དུ་མ་སོང་གང་ནས་འོངས་པ་མིན། །རྣལ ་འབྱོར་པས་ནི་སྟོང་པ་སྒྱུ་ལྟར་མཐོང། །དཔེར་ན་གཙུབས་ཤིང་དང་ནི་གཙུབས་གཏན་དང། །ལག་པས་བསྩོལ་བ་བྱས་པ་གསུམ་ཚོགས་པ། །དེ་ལས་བརྟེན་ནས་མེ་ནི་འབྱུང་འགྱུར་ཏེ། །བྱུང་ནས་རིང་པོར་མི་ཐོགས་འགག་པར ་འགྱུར། །དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། །འདི་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟགས་བྱས་ན། །དེ་ནི་འོང་བའམ་འགྲོ་བ་མི་དམིགས་སོ། །ཕུང་པོ་དག་དང་སྐྱེ་མཆེད་ཁམS ་རྣམས་ཀྱི། །རྐྱེན་ནི་མ་རིག་པ་དང་སྲེད་དང་ལས། །དེ་དག་ཚོགས་པ་སེམས་ཅན་ཞེས་བརྗོད་ཀྱང། །དེ་ནི་དམ་པའི་དོན་དུ་དམིགས་སུ་མེད། ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསླབ་པ་ཀུན་ལས་བ་བྱས་པ་ལས་དྲན་པ་ཉེ་བར་གཞག ་བའི་ལེའུ་སྟེ། བཅུ་གསུམ་པའོ།། །།དྲན་པ་ཉེ་བར་གཞག་པ་བཤད་ཟིན་ཏོ། །དེ་ལྟར་སེམས་འོས་སུ་གྱུར་ནས་ཡང་སྟོང་པ་ཉིད་ལ་འཇུག་པར་བྱ་སྟེ། །གང་ཟག་སྟོང་པ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ། །དེ ་ཅིའི་ཕྱིར་རྩ་པ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་ངོ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཇི་སྐད་དུ་།ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ ་@149བ ་ཐམས་ཅད་སྐམས་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞིན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །སྟོང་པ་ཉིད་བསྒོམ་པའི་ཕན་ཡོན་ནི་མུ་མེད་དེ། ་རེ་ཞིག་ཟླ་བ་སྒོན?་མའི་མདོ་ལས་ཇི་སྐད་དུ་། དེ་ནི་ནམ་ཡང་བདེ་གཤེགས་རྣམས་ཀྱི་བསླབ་མི་འདོར། །དཔའ་བོ་དེ་ནི་ནམ་ཡང་བུད་མེད་དབང་མི་འགྲོ་།དེ་ནི་བདེ་གཤེགས་རྣམས་ཀྱི་བསྟན་ལ་དགའ་བ་རྙེད། །དེ་ནི་ཆོས་ཀྱི་རང་བཞིན་རབ ་ཏུ་ཞི་བ་ཤེས། །དེ་འདིར་རིང་པོར་མི་ཐོགས་རྐང་གཉིས་དབང་པོར་འགྱུར། །དེ་ནི་བདེ་བ་སྦྱིན་པར་བྱེད་པའི་སྨན་པར་འགྱུར། །དེ་ནི་སྡུག་བསྔལ་རྩིས་ཀྱི་ཟུག་རྔུ་ཀུན་ཏུ་འབྱིན། །དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །མི་ཡི་ཟླ་བ་དེ་ནི་བཟོད ་པའི་སྟོབས་ཀྱིས་འཕགས། །དེ་ནི་རྡོ་དབྱུག་དག་གིས་བསྣུན་ཀྱང་འཁྲུག་མི་འགྱུར། །དེ་ནི་ཡན་ལག་ཉིད་ལག་བཅད་ཀྱང་འཁྲུག་མི་འགྱུར། །དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས། །དེ་ནི་ནམ་ཡང་ངན་འགྲོར་སྐྱེ་བར་འགྱུར་མ་ཡིན། །རྟག ་ཏུ་གཟུགས་ནི་མཛེས་ཤིང་མཚན་དང་ལྡན་པར་འགྱུར། །དེས་ནི་རྟག་ཏུ་མངོན་ཤེས་ལྔ་པོ་འདི་དག་བསྒོམ། །དཔའ་དེ་འདིར་རྟག་བདེ་གཤེགས་རྣམས་ཀྱི་མདུན་ན་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་མ་ལས་ཀྱང། ཤཱ་རིའི་བུ ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པ་དང། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བགྱད་པ་ཟད་པོ་བརྒྱད་ཅུ་ཐོབ་པར་འདོད་པ་དང། སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ ་དང་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བ་དང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མི་བརྗེད་པ་ཐོབ་པར་འདོད་པ་དང། སྡིག་པའི་གཉེན་དང་སྡིག་པའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤང་བར་འདོད་པ་དང་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དགེ ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་བྱ་བར་འདོད་པ་དང། བདུད་ཀྱི་རིས་ཀྱི་ལྟ་ཐམས་ཅད་གདུལ་བར་འདོད་པ་དང། སྒྲིབ་པ་ཐམས་ཅད་རྣམ་པར་སྤྱད་པར་འདོད་པ་དང། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་ཐོབ ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེ་དག་གི་བདག་གི་བསྔགས་པ་བརྗོད་དོ་སྙམ་ན ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་། སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་རྙེད་འདའ་བར་འདོད་པ་དང། ་དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཐམས་ཅད་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་ཇི་ལྟར་ཆོས་ཐམས་ཅད་བདག་མེད་ཀྱང་ལས་དང་འབྲས་བུར་འབྲེལ་པ་མི་འགལ་བ་དང། ་རང་བཞིན་མེད་ཀྱང་ཇི་ལྟར་མཐོང་བཞིན་པའི་ཆོས་ཐམས་ཅད་མི་འགལ་པ་དེ་ལྟར་ནི། ཡབ་དང་སྲས་མཇལ་བའི་མདོ་ལས་བསྟན་ཏེ་།རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ་།རེག་པའི་སྐྱེ་མཆེད་དྲུག་པ། ཡིད་ཀྱི་ཉེ་བར ་སྤྱོད་པ་བཅོ་བརྒྱད་པའོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཞེས་གང་སྨྲས་པ་དེ་ཅི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ་། དྲུག་གང་ཞེ་ན། འདི་ལྟ་སྟེ་། སའི་ཁམས་དང། ཆུའི་ཁམས་དང། མེའི ་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ། །རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་དག་ནི་ཁམས་དྲུག་པའོ་ཞེས་གང་ངེས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །སྐྱེས་བུ་འདི ་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་སྨྲས་པ་དེ་ནི་ཅི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད་དྲུག་ནི་འདི་དག་སྟེ་།དྲུག་གང་ཞེ་ན། གཟུགས་རྣམས་ལ་ལྟ་བའི་ཕྱིར་མིག་རེག་པའི་སྐྱེ་མཆེ་དང། སྒྲ་རྣཾས་ལ་ཉན་པའི་ཕྱིར་རྣ་བ་རེག་པའི་སྐྱེ་མཆེད་པ། དེ་རྣཾ? ་ལ་སྣོམ་བའི་ཕྱིར་སྣར?་རེག་པའི་སྐྱེ་མཆེ་དང། རོ་རྣམས་ལ་མྱང་བའི་ཕྱིར་ལྕེ་རེག་པའི་སྐྱེ་མཆེད་དང། རེག་བྱ་རྣམས་ལ་རེག་པའི་ཕྱིར་ལུས་རེག་པའི་སྐྱེ་མཆེད་དང། །ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་རེག་པའི་སྐྱེ་མཆེད་རོ། །རྒྱལ་པོ་ཆེན་པོ་དེ་དག་ནི ་རེག་པའི་སྐྱེ་མཆེད་དྲུག་སྟེ། སྐྱེས་བུ་འདི་དག་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ་ཞེས་སྨྲས་པ་དེ་ཅི་ལས་རྟེན་ཏེ་?་ཤེ་ན། རྒྱལ་པོ ་ཆེན་པོ་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་ནི་འདི་དག་སྡེ་། བཅོ་བརྒྱད་གང་ཞེ་ན། འདི་ལ་མིག་གིས་གཟུགས་མཐོང་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་སུ་འགྱུར་བར་གཟུགས་ལ་ཉེ་བར་སྤྱོད་དོ། །དེ་བཞིན་དུ་རྣ་བ་ལ་སོཌ་པ་ཡང་བརྗོད་པར་བྱའོ། །རྒྱལ་པོ ་ཆེན་པོ་དེ་ལ་གང་དག་ཡིད་བདེ་བར་ཉེ་བར་སྤྱོད་པ་དྲུག་དང། གང་དག་ཡིད་མི་བདེ་བར་ཉེ་བར་སྤྱོད་པ་དྲུག་དང། གང་དག་བཏང་སྙོམས་སུ་ཉེ་བར་སྤྱོད་པ་དྲུག་པོ་དེ་དག་གཅིག་ཏུ་བསྡུས་ནS་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ་།རྒྱལ་པོ་ཆེན་པོ་ནང་ག་སའི ་ཁམས་གང་ཞེ་ན་།གང་ཅི་ཡང་རུང་སྟེ་།ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང་མཁྲད?་བའི་རྣམ་བ་དང་ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ན་།འདི་ལྟ་སྟེ་།སྐྲ་དང་སྦུ་དང་སེན་མོ་དང་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་སའི་ཁམས་གང ་ཞེ་ན། གང་ཅི་ཡང་རུང་སྟེ་། ཕྱི་རོལ་གྱི་སྲ་བ་དང་མཁྲང་བའི་རྣམ་པ་དང་།ཉེ་བར་མ་གྱུར་པ་དང་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་དེ་ལ་ནང་གི་སའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་།འགག་པའི་ཆ་གང་དུ་ཡང་བསོཌ ་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་བུད་མེད་ནང་དུ་བདག་ནི་བུད་མེད་དོ་ཞེས་རྟོགས་པའི་དུས་དེ་ཡོད་དེ། །དེ་ནང་དུ་བུད་མེད་ཅེས་བརྟགས་ནས་ཕྱི་རོལ་ཏུ་སྐྱེས་པ་ལ་སྐྱེས་པ་ཞེས་རྟོག་གོ་།དེ་ཕྱི་རོལ་དུ་སྐྱེས་པ་ཞེས་བརྟགས ་ནས་ཆགས་པར་གྱུར་ཏེ་ཕྱི་རོལ་གྱི་སྐྱེས་པ་དང་ཕྲད་པར་འདོད་དོ། །སྐྱེས་པ་ཡང་ནང་དུ་སྐྱེས་བ་ཞེས་རྟོག་སྟེ་དེ་ནང་དུ་བདག་ནི་སྐྱེས་པ་ཞེས་བརྟགས་ནས་ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་རྟོག་གོ།། །།ཕྱི་རོལ་དུ་བུད་མེད་ལ ་བུད་མེད་ཅེས་བརྟགས་ནས་ཆགས་པར་གྱུར་ཏེ་། ཕྱི་རོལ་གྱི་བུད་མེད་དང་ཕྲད་པར་འདོད་དོ། །ཕྲད་པར་འདོད་པས་ཕྲད་པར་འགྱུར་རོ། །ཕྲད་པའི་རྐྱེན་གྱི་མེད་མེར་པོ་སྐྱེ་བར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་ལ་ཀུན་ཏུ་རྟོག་པ་གང ་ཡིན་པ་དང། ཀུན་ཏུ་རྟོག་པ་པོ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་དོ། །བུད་མེད་ལ་ནི་བུད་མེད་མེད་དོ། །སྐྱེས་པ་ལ་ནི་སྐྱེས་པ་མེད་དོ། །དེ་ལྟར་མེད་ཅིང་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པ་སྐྱེ་སྟེ་ཀུན་ཏུ་རྟོག་པ་དེ་ཡང་ངོ་བོ་ཉིད་ཀྱི་མེད་དོ།། ་ཀུན་ཏུ་རྟོག་པ་ཇི་ལྟ་བ་བཞིན་དུ་ཕྲད་པ་དང་མེར་མེར་པོ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །གང་ངོ་བོ་ཉིད་ཀྱིས་མེད་པ་དེ་ཇི་ལྟར་སྲབ་སྐྱེད་པར་འགྱུར། རྒྱལ་པོ་ཆེན་པོ་དེ་ལྟར་ཀུན་ཏུ་རྟོག་པ་ཤེས་པར་བྱས་ནས་སྲ་བ་ཉིད་རྟོག་པར་བྱ་སྟེ། ཅི་ནས་སྲབ ་ནི་སྐྱེ་པའི་ཚེ་གང་ནས་ཀྱང་མི་འང་བར་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི་མཐར་འགྱུར་བའི་དུས་དེ་ཡོད་དེ་།དེའི་སྲ་བ་དེ་འཇིག་ཅིང་འགག་པར་འགྱུར་བའི་ཚེ་། ཤར་ཕྱོགས་སུ་མི་འགྲོ། ལྷོ་ཕྱོགས ་དང། ནུབ་ཕྱོགས་དང་།བྱང་ཕྱོགས་དང། སྟེང་དང་འོག་དང། ཕྱོགས་མཚམས་རྣམས་སུ་ཡང་མི་འགྲོ་སྟེ་།རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་ནི་དེ་ལྟར་བལྟའོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ནམ་མཁར་གྱུར་པ་ལ། ཚངས ་པའི་གཞལ་མེད་ཁང་རིན་པོ་ཆེས་ན?་བདུན་གྱི་རྒྱ་ལས་གྲུབ་པ་ལ་གནས་པའི་དུས་དེ་ཡོད་དེ་།རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི ་རྒྱུ་ལས་གྲུབ་པ་བྱུང་ཡང་རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ། །ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ་སྲ་ཞིང་བརྟན་ལ་ལྷུན་སྟུག་པ་རྣམས་གནས་པར་གྱུར་ཀྱང་དེ་དག་གི་སྲབ་དེ་འབྱུང་བའི ་ཚེ་གང་ནས་ཀྱང་མི་འོང་ངོ། །རིའི་རྒྱལ་པོ་རི་རབ་དང། གཉའ་ཤིང་འཛིན་དང། །མུ་ཁྱུད་འཛིན་དང། གཤོལ་མདའའཛིན་དག་དང་།རྡོ་རྗེ་འཛིན་དག་དང། སེང་ལྡེང་ཅན་དག་དང། རྣམ་པར་འདུད་དག་དང། རི་རྟ་རྣ་དག་དང། བལྟ་ན ་སྡུག་དགེ་དང། བལྟ་ན་སྡུག་ཆེན་པོ་དག་དང། ཐེར་སྒྲེ་དག་དང་།སྤོས་གྱི་དང་ལྡང་དག་དང་།གངས་ཀྱི་རི་དག་དང་།དེ་མ་ཡིན་པའི་རི་ནག་པོའི་བར་དག་གནས་པ་དག་དང། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནS ་དང་རྣམས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ་རྒྱར་དཔག་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང་རྒྱལ་པོ་ཆེན་པོ་ས་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་དོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཚེ། ས་ཆེན་པོ་འདི ་མེས་ཚིག་པ་འམ་། ཆུས་བཤིག་པ་འམ་། རླུང་གི་གཏོར་བར་འགྱུར་བའི་དུས་དེ་ཡོད་དེ། །དེ་མེས་ཚིག་ན་ནི་དུ་བ་ཡང་མི་མངོན་ཐལ་པའི་ལྟག་མ་ཡང་མི་མངོན་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། མར་རམ་འབྲུ་མར་མེས་བསྲེཌ ་ན་དུ་པ་ཡང་མི་མངོན་ཞིང། ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་མེས་ཚིག་པའི་ཚེ་དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། །ཆུས ་བཤིག་པའི་ཚེ་ཡང་ལྷག་མ་ཅིའང་མི་མངོན་པར་འགྱུར་ཏེ་།འདི་ལྟ་སྟེ་དཔེར་ན་ལན་ཚྭ་ཆུའི་ནང་དུ་ཞུ་བའི་ལྷག་མ་ཅུང་ཟད་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆུས ་བཤིག་པའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རླུང་གི་གཏོར་པའི་ཚེ་ཡང་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་རྣམ་པར་འཐོར་རླུང་གི་བདས་པའི་བྱིའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར ་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རླུང་གི་གཏོར་བའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བ་ཡང་སྦྱོང། སའི་ཁམས་འཇིག་པ་དང། འབྱུང་བ ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ། །རྒྱལ་པོ་ཆེན་པོ་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་ཁམས་ཉིད་དུ་མི་དམིགས་ཏེ་།ཐ་སྙད་དེ་ཡང་བུད་མེད་མ་ཡིན་། སྐྱེས་པ་མ་ཡིན་གྱིས་།རྒྱལ་པོ་ཆེན་པོ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན ་གྱིས་ཤེས་རབ་ཀྱིས་རྟོགས་ཤིག་། རྒྱལ་པོ་ཆེན་པོ་དེ་ལ་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང། ཕྱི་རོལ་གྱིའོ། །ནང་གི་ཆུའི་ཁམས་གང་ཞེ་ན་།གང་ཅི་ཡང་རུང་སྟེ་ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང་ཆུ་ཉིད་དང། རླན ་པ་དང་།རླན་པའི་རྣམ་པ་དང་རླན་པ་ཉིད་དང་གཤེར་བ་ཉིད་དང། ཉེ་བར་གྱུར་བ་དང་ཟིན་པའོ། །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང། རྡུལ་དང། མཆིལ་མ་དང། སྣབས་དང། ཆུ་སེར་དང། ཆིལ་དང། མཁྲིས་པ་དང། ་ངར་སྣབས་དང། རྣག་དང། ཁྲག་དང། འོ་མ་དང། གཅིན་དང། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན། ཆུ་དང་ཆུའི་རྣམ་པ་དང། ཆུ་ཉིད་དང་རླན་པ་དང་རླན་པའི་རྣམ་པ་དང་རྐན?་པ་ཉིད་དང་གཤེར་བ་ཉིད་དང། ཉེ་བར་གྱུར་པ་དང་ཟིན་པ ་འང་ནི་ནང་གི་ཆུའོ་ཁམས་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ་།རྒྱལ་པོ་ཆེན་པོ་ནང་གི་ཆུའི་ཁམས་དེ་ཡོངས་སུ་སྐམས་པར་འགྱུར་པའི་དུས་ཡོད་དེ་།རྒྱལ་པོ་ཆེན་པོ་སྡུག་པ་མཐོང་ན་མཆི་མ་འབྱུང་བ་དང། སྡུག་བསྔལ་གྱིས་ཉེན་པ་དང་ཆོས་ཀྱི་ཤུགས ་ཀྱི་མཆི་མ་འབྱུང་བ་དང་རླུང་གིས་བཏབ་བམ། རྣམ་པ་གཞན་དག་གིས་ཀྱང་མཆི་མ་འབྱུང་སྟེ། དབྱད་བྱས་པས་ཀྱང་ནང་གི་ཆུའི་ཁམས་འཕེལ་བར་འགྱུར་བའི་དུས་དེ་ཡོད་དེ་།རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང ་དོ། །དེ་ཡོངས་སུ་སྐམས་ཤིང་འགག་པའི་ཆོ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་གང་ནང་གི་མེའི་ཁམས་ཤས་ཆེ་བར་གྱུར་ན་།དེས་ནང་གི་ཆུའི་ཁམས་ཡོངས་སུ་གདུང་བར་འགྱུར་པའི་དུས་དེ་ཡོད་དེ་།གདུངས་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ ་པོ་ཆེན་པོ་དེ་བཞིན་དུ་ནང་གི་ཆུའི་ཁམས་འབྱུང་བའི་ཆོ་གང་ནས་ཀྱང་མི་འོད་ངོ། །འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་ཆགས་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འདི་ཆགས་པར་འགྱུར ་བའི་ཚེ། ནམ་མཁའ་འདི་ལ་ཀུན་དུ་སྤྲིན་ཤིན་ཏུ་སྟུག་པའི་ཚོགས་སུམ་ཅུ་རྩ་གཉིས་འཁྲིགས་པར་འགྱུར་རོ། །དེ་དག་འཁྲིགས་པས་ཐམས་ཅད་དང་ལྡན་པའི་སྟོད་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཡོད་པར་འགྱུར ་ཏེ། དེ་ལས་བསྐལ་བ་པར་མ་ལྔའི་བར་དུ་གཤོལ་མངའ་ཙམ་གྱིས་ཆར་གྱི་རྒྱུན་འབབ་བོ། །བསྐལ་པ་བར་མ་ལྔའི་བར་དུ་གླང་པོ་ཆེའི་ཕོ་མཚན་ཙམ་གྱི་ཆར་འབབ་གོ་།བསྐལ་བ་བར་མ་ལྔའི་བར་དུ་རྒྱུན་མི་འཆད་པའི་ཆད་འབབ་བོ། །བསྐལ་པ ་བར་མ་ལྔའི་བར་དུ་ཐིགས་པ་ཆེན་པོའི་ཆར་འབབ་བོ། །དེས་ས་ཆེན་པོ་འདི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་ཁྱབ་པར་གང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆུའི་ཕུང་པོ་ཆེན་པོ་དེ་འབྱུང་པའི་ཚེ་འང་གང་ནས་ཀྱང་མི་འོང་ངོ། །རྒྱལ་པོ་ཆེན་པོ་གང་འཇིག ་153 ་རྟེན་འདི་འཇིག་པར་འགྱུར་པའི་དུས་དེ་ཡོད་དོ། །འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ་།ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་།ཉི་མ་གཉིས་འཛིན?་དུ་བྱུང་བས་ཆུ་མིག་དང་ཆུ་བྲན་རྣཾས་སྐམ་པར་འགྱུར་རོ།། ་དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ་།ཉི་མ་གསུམ་འཇིག་རྟེན་དུ་བྱུང་བ་ན་ཆུ་མིག་ཆེན་པོ་དང་ཆུ་ཀླུང་ཆེན་པོ་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་འཇིག་རྟེན་དུ་བྱུང་བས་གང་ནས་ཆུ་ཀླུང་ཆེན་པོ་བཞི་པོ་དེ ་དག་འབབ་པའི་མཚེ་ཆེན་པོ་མ་དྲོས་པ་དེ་དེ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་སྐམ་པར་འགྱུར་ཐིམ་པར་འགྱུར་ཏེ་མེད་པར་འགྱུར་རོ། །དེ་ནས་ཉི་མ་ལྔ་འཇིག་རྟེན་འབྱུང་སྟེ་།ཉི་མ་ལྟ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་གཅིག་ཙམ་གྱི་ཆུ ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲི་པར་འགྱུར་རོ། །དཔག་ཚད་གཉིས་དང་།དཔག་ཚད་གསུམ་དང་།བཞི་དང་།ལྔ་དང་།བཅུ་དང་།ཉི་ཤུ་དང་།སུམ་ཅུ་དང་།བཞི་བཅུ་དང་།དཔག་ཚད་ལྔ་བཅུ་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་བ་ནས་དཔག་ཚད ་བཞི་ཁྲིའི་བར་གྱི་ཆུ་ལས་པར་འགྱུར་བ་དང། ཤིང་ཏཱ་ལ་གཉིས་ཙམ་ནས་མཆན་ཁུང་ནུབ་ཙམ་དང། བ་ལང་གི་རྗེས་ཀྱི་ཆུ་ཙམ་གྱི་བར་དུ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལས་ཟིལ་པ་ཕྲམ་ཕྲོམ ་ཙམ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལ་མཛུབ་མོ་སྣུན་པ་ཙམ་གྱི་ཆུ་འང་མ་ལས་པར་འགྱུར་པའི་དུས་དེ་ཡོད་དོ། །རྒྱལ་པོ་ཆེན་པོ་དེ་ཙམ་དུ་ཡང་ཆུའི་ཁམས་དེ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་སྟེ། ཤར་ཕྱོགས ་དང་ལྷོ་ཕྱོགས་དང་ནུབ་ཕྱོཌ་དང་བྱང་ཕྱོཌ་དང་སྟེང་དང་འོག་དང། ཕྱོགས་མཚམས་རྣམས་སུ་མི་འགྲོའོ། །རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་སྐྱེ་བ་ཡང་སྟོང། །འཇིག་པ་ཡང་སྟོད། གནས་པའི་ཚེ་ཡང་ཆུའི་ཁམས་དེ་རང་བཞིན་གྱིས་སྟོང་སྟེ་།རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་ཐ ་@153བ ་སྙད་ཙམ་མ་གཏོགས་པར་ཆུའི་ཁམས་ཀྱིས་སྟོང་ཞིང་མི་དམིགས་པ་སྟེ་།ཐ་སྙད་དེ་ཡང་བུད་མེད་མ་ཡིན་།སྐྱེས་པ་མ་ཡིན་ནོ་ཞེས་བྱ་བ་སྔ་མ་བཞིན་ནོ། །མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང། ཕྱི་རོལ་གྱིའོ། །ནང་གི་མེའི་ཁམས?་གང་ཞེ་ན། གང ་ཅི་ཡང་རུང་སྟེ་།ལུས་འདི་ལ་མེ་དང་མེའི་རྣམ་པ་དང། དྲོ་བ་དང་དྲོ་བའི་རྣམ་བ་དང། ཉེ་བར་གྱུར་བ་དང་ཟིན་པའོ། །དེ་ཡང་གང་ཞེ་ན་།གང་གིས་ལུས་འདི་གདུང་བ་དང་།ཀུན་ཏུ་གདུང་བ་དང་ཡོངས་སུ་གདུང་བ་དང། གང་གིས་ཟོས?་པ་དང་འཐུངས་པ་དང། ་འཆོས་པ་དང་མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ་བར་འགྱུར་པ་དང། གང་གིས་ཤས་ཆེ་ན་།རིམས་སོ་རིམ་སོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན་།གང་ཕྱི་རོལ་གྱི་མེ་དང་མེའི་རྣམ་པ་དང། དྲོ་བ ་དང་དྲོ་བའི་རྣམ་པ་དང། ཉེ་བར་མ་གྱུར་པ་དང་མ་ཟིན་པ་སྟེ་།དེ་ནི་མི་དག་གཙུབས་ཤིང་ལྡན་པ་དང་རྩཝ་དང་ལྡན་པ་འམ་།བ་ལང་གི་ལྕི་བའི་བུར་མ་འམ་ཤིང་བལ་གྱི་འདའ་བ་དང་ལྡན་པར་བྱས་ཤིང་མ་འབྱིན་ཏེ་།དེ་བྱུང་ནས་གྲོང་ཡང་ཚིག་གྲོང ་གི་ཕྱོགས་སམ་ཡུལ་ལམ་ཡུལ་གྱིས་ཕྱོགས་སམ། གླིང་ངམ། །རྩཝའི་གཏོགས་སམ། ནག་ས་སམ། །ཤིང་ངམ། རྩཝ་འམ། བ་ལང་ལྕི་བ་ངག་སྲེག་ཅིང་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་དེ་ལ་ཕྱི་རོལ་གྱི་མེའི་ཁམས་ནི་འབྱུང ་བའི་ཚེ་འང་གང་ནས་ཀྱང་མི་འོང། །འགག་བའི་ཚེ་གང་དུ་ཡང་མི་འགྲོ་སྟེ་།དེ་ནི་རང་བཞིན་དང་བྲལ་བའི་ཕྱིར་མེད་པ་ལས་ཡོད་པར་འགྱུར་ཞིང་ཡོད་པར་གྱུར་ནས་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རླུང་གི་ཁམས་ནི་གང་ཞེ་ན། གད ་ལུས་འདི་ལ་རླུང་དང་རླུང་གི་རྣམ་པ་དང་།ཡང་བ་ཉིད་དང་གཡོ་པ་ཉིད་དང་།ཉེ་བར་གྱུར་པ་དང་ཟིན་པའོ། །དེ་ཡང་གང་ཞེ་ནས་འདི་ལྟ་སྟེ་།གྱེན་དུ་འགྲོ་པའི་རླུང་དང། ཐུར་དུ་འགྲོ་བ་དང། ཐད་ཀར་འགྲོ་བ་དང། རྒྱབ་ཏུ་འགྲོ་བ་དང། རྒྱབ་ན་གནS ་པ་དང། ལྟོན་གནས་པ་དང། འཆད་པར་བྱེད་པ་དང། འགག་པར་བྱེད་པ་དང། གཟེར་བ་དང། འདར་བ་དང། སྣ་སྐད་དང། རླུང་སྲན་དང། དབུགས་འབྱུང་བ་དང། རྡུབ་པ་དང་ལྡན་པ་དང་།ཡན་ལག་དང་ཉིད་ལག ་ལ་གནས་པའི་རླུང་དག་དང་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་གྱི་རླུང་དེ་ཡང་ཤར་ཕྱོགས་ཀྱི་རླུང་ཡོད་དོ། །ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ཀྱི་རླུང་ཡོད་དོ། །རྡུལ་དང་བཅས་པ་དང་རྡུལ་མེད་པ་དང་ཆུང་བ་དང་ཆེ་བའི་? ་ཡོད་དོ། །ཀུན་ཏུ་ཁྱབ་པའི་རླུང་དང། རྣམ་པར་འཐོར་བའི་རླུང་དང། ཚུབ་མའི་རླུང་དག་ཀྱང་ཡོད་དོ། །རྒྱལ་པོ་ཆེན་པོ་རླུང་གི་ཕུང་པོ་ཆེན་པོ་ལངས་ནས་ཤིང་དག་ཀྱང་གཅོག་།བརྩིགས་པའི་ཁ་དག་དང་རི?་བརྩོམ?་མོ་བསྙིལ་ཞིང་བརྙིལ་ནས ་སྨིག་མེད་པར་འགྱུར་བ་དག་དང་།ཡང་སེམས་ཅན་དག་གོས་ཀྱི་ཐ་མའམ་སྤྱད་པ་འམ་རླུང་གཡབ་དག་གིས་རླུང་གཡོབ་པའི་དུས་དེ་ཡོད་དེ། གཞན་ཡང་གང་ཚུལ་འདི་དང་འདྲ་པ་དེ་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། །། ་བམ་པོ་བཅུ་གཅིག་པ། །ནང་གི་ནམ་མཁའ་ཨི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་།ཟིན་པ་དང་།ནམ་མཁའ་ཨི་དང། ནམ་མཁའ་ཨི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ་།མ་གང་བ་དང་ཕགས ་པ་དང་ཤ་དང་ཁྲག་གི་དགང་བར་བྱ་བ་མ་ཡིན་པའོ། །དེ་ཡང་གང་ཞེ་ན་།ལུས་འདི་ལ་མིག་གི་ནང་ཞེ་འམ། རྣ་བ་འམ་སྣའི་ནང་ཞེ་འམ?་བདི?་ནང་ཞེའཾ་དེའི་སྒོ་ཞེལ་ལྐོག་མ་ཞེ་འམ། མིད་པ་ཞེ་འམ། གང་ནས་ཀྱང་མིང་པ་དང། གང་དུ་གནས ་པ་དང། གང་གིས་ཟས་པ་དང་འཐུངས་པ་དང་འཆོས་པ་དང་མྱངས་པ་རྣམས་ཐུར་དུ་རྒྱུ་བར་བྱེད་པ་དང། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་།ཟིན་པ་དང། ཕུང་པོར་གྱུར་པ་འམ་སྐྱེ་མཆེད་དུ་གྱུར་པའི་ཁམས་སུ་གྱུར་པ་དག་གིས ་ནམ་མཁའ་ཨི་རྣམ་པ་དང། མ་གང་བ་དང། པགས་པ་དང་ཤ་དང་ཁྲག་གིས་གང་བར་བྱ་བ་མ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། དེ་དག་ནི་ནང་གི་ནམ་མཁའ་ཨི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ནམ་མཁའ་ཨི་ཁམས་གང་ཞེ་ན་།གང་ཅི་ཡང ་རུང་སྟེ་།ཕྱི་རོལ་གྱི་ནམ་མཁའ་དང་ནམ་མཁའ་ཨི་རྣམ་པ་དང། མ་གང་བ་དང། གཟུགས་སུ་གྱུར་པས་གང་བར་བྱ་བ་མ་ཡིན་པ་དང། མ་འདྲེས་པ་ཁོང་སྟོང་དང་བུ་གར་གྱུར་པ་འདི་ནི་ཕྱི་རོལ་གྱི་ནམ་མཁའ་ཨི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་གང་ལས་ཀྱི ་རྐྱེན་གྱིས་སྐྱེ་མཆེད་རྣམས་འབྱུང་བའི་དུས་དེ་ཡོད་དེ་།དེ་དག་ནམ་མཁའ་ཨི་ཁམས་ལ་ཀུན་ནས་སྐོར་བར་བྱེད་དོ། །དེ་ནང་གི་ནམ་མཁའ་ཨི་ཁམས་ཞེས་བྱ་བའི་གྲངས་སུ་འགྲོ་ཡང་དེ་ནི་གང་ལས་ཀྱང་མ་འོངས་སོ། །རྒྱལ་པོ་ཆེན་པོ་གཟུགས་ཞིག་ན་ཐམས་ཅད་ནམ་མཁར ་འགྱུར་བའི་དུས་དེ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ཨི་ཁམས་ནི་ཟད་མི་ཤེས་པའི་ཕྱིར་རོ། །དེ་ལྟ་ན་ནང་གི་ནམ་མཁའ་ཨི་ཁམས་ནི་གནས་ཤིང་མི་གཡོ་བའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་།འདུས་མ་བྱས་དེ་ནི་མྱ་ངན་ལས་འདས་པའི ་དབྱིངས་ཏེ་།དེ་བཞིན་དུ་ནམ་མཁའ་ཨི་ཁམས་ཀྱང་ཐམས་ཅད་དུ་སོང་བར་བལྟ་བར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་།མི་ཞིག་གི་ཐང་ལ་ཁྲོན་པ་འམ་རྫིང་བུ་འམ་ཁྲོན་རིངས་སམ་རྫིང་ཞིག་བསྐོས་ན་།རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས ་དེའི་ནམ་མཁའ་དེ་གང་ལས་འོངས། །གསོལ་པ་བཅོམ་ལྡན་འདས་དེ་ནི་ག་ལས་ཀྱང་མ་མཆིས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་།མི་ངེས་ཁྲོན་པ་ནས་རྫིང་གི་བར་དེ་དག་ཕྱིར་བཀང་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས་།དེའི་ནམ་མཁའ་དེ ་གང་དུ་སོང། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་དུ་ཡང་མ་མཆིས་ཏེ་།དེ་ཅིའི་སླད་དུ་ཞེ་ན། ནམ་མཁའ་ཨི་ཁམས་ནི་འགྲོ་བ་འམ་འོང་བར་ཉེ་བར་གནས་པ་མ་ལགས་།བུད་མེད་ཀྱི་དངོས་པོ་དང་སྐྱེས་པའི་དངོས་པོར་ཉེ་བར་གནས་པ་མ་ལགས ་བའི་སླད་དུའོ། །བཀའ་སྩལ་པ་།རྒྱལ་པོ་ཆེན་པོ་དེ་ལྟར་ན་ཕྱི་རོལ་གྱི་ནམ་མཁའ་ཨི་ཁམས་ནི་མི་གཡོ་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན་།ནམ་མཁའ་ཨི་ཁམས་ནི་ནམ་མཁའ་ཨི་ཁམས་ཀྱིས་སྟོང་ཞིང་།ནམ་མཁའ་ཨི་ཁམས་ནི་ནམ་པའི ་ཁམས་དང་བྲལ་བ་སྟེ་།ནམ་མཁའ་ཨི་ཁམས་ནི་བུད་མེད་ཀྱི་དངོས་པོར་ཉེ་བར་མི་གནས་།སྐྱེས་པའི་དངོས་པོར་ཉེ་བར་མི་གནས་ཀྱིས་།དེ་ལྟར་ཡང་དག་པ་ཇི་ཕྱི?་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག་།རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར ་ཤེས་པའི་ཁམས་གང་ཞེ་ན་།མིག་གི་དབང་པོ་ནི་བདག་པོ། །གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པ་འམ། སེར་པོ་དང་དམར་པོ་དང་ཁྲ་བོ་རྣམ་པར་རིག་པ་འམ་།རིང་པོ་དང་ཐུང་ངུ་དང ་སྦོམ་པོ་དང་ཕྲ་མོ་རྣམ་པར་རིག་པ་སྟེ་།རྒྱལ་པོ་ཆེན་པོ་འདི་ལྟར་གང་ཅི་ཡང་རུང། ཁ་དོག་དང་དབྱིབས་རྣམ་པར་རིག་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་བཞིན་དུ་གང་ཅི་ཡང་རུང། རྣ་བའི་དབང་པོ་ནི་བདག་པོ་ནས། ་ཡིད་ཀྱི་དབང་པོ་ནི་བདག་པོ། །ཆོས་ནི་དམིགས་པ་སྟེ་།སྒྲ་རྣམ་པར་རིག་པའམ་།དྲི་རྣམ་པར་རིག་པའམ། རོ་རྣམ་པར་རིག་པའམ། རིག་པ་རྣམ་པར་རིག་པའམ། ཆོས་རྣམ་པར་རིག་པ་འདི་ནི། རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད ་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། ཡུལ་དྲུག་ནི་དམིཌ་པ་ཡིན་ལ། ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པའི་ཁམས་དེ་ནི་དབང་པོ་ལ་མི ་བརྟེན། ཡུལ་རྣམས་ལས་མ་འོངས་།བར་གྱི་དབུས་ན་མི་གནས་ཏེ་།དེ་ནི་ནང་ན་ཡང་མ་ཡིན་།ཕྱི་རོལ་ན་ཡང་མ་ཡིན་།གཉིས་ཀ་མེད་པར་ཡང་མ་ཡིན་ནོ། །རྣམ་པྲ་ཤེས་པའི་ཁམས་དེ་ནི་དངོས་པོ་སོ་སོར་རྣམ་པར་རི་གནས་འགག་སྟེ་།དེ་འབྱུང ་པའི་ཚེ་གང་ནས་ཀྱང་མ་འོངས་།འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་སྟོང། འཇིག་པ་ཡང་སྟོང་སྟེ། རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་རང་བཞིན་གྱིས་སྟོང་ངོ། །རྒྱལ་པོ་ཆེན་པོ ་དེ་ལྟར་ན་།ཐ་སྙད་མ་གཏོགས་པར་རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་སྟོང་སྟེ་།ཐ་སྙད་དེ་ཡང་སྐྱེས་པ་མ་ཡིན་།བུད་མེད་མ་ཡིན་གྱི་།དེ་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས ་རྟོགས་ཤིག་།རྒྱལ་པོ་ཆེན་པོ་དེ་ལ་མིག་གི་སྐྱེ་མཆེད་གང་ཞེ་ན་།དེ་ནི་འབྱུང་བ་ཆེན་པོ་བཞི་དང་བསྟེ། འདི་ལྟར་སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་སོ། །དེ་ལ་སའི་ཁམས་དང་བ་ནི་སྐྱེ་མཆེད་མ་ཡིན་ནོ། །ཆུའི ་ཁམས་ངར་བ་ཡང་མ་ཡིན་ནོ། །མེའི་ཁམས་དང་བ་ཡང་མ་ཡིན་ནོ། །རླུང་གི་ཁམས་དང་བ་ཡང་མིག་གི་སྐྱེ་མཆེད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་།སའི་ཁམས་དང་བ་ནི་ཆོས་གང་ལ་ཡང་སྐྱེ་མཆེད་དམ་སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས ་སོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་བར་དང་བ་ནི་ཆོས་གང་ལ་ཡང་སྐྱེ་མཆེད་དམ་སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་མཆོས?་དེ་དག་ནི་སེམས་པ་མེད་ཅི་བྱེད་པ་མེད་པ་ཅི་ལ་ཡང་མི་ནུས་པ་སྟེ་།རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་དེ? ་གནས་བཙལ་ན་ཐ་སྙད་མ་གཏོགས་པར་མིག་གི་སྐྱེ་མཆེད་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་སའི་ཁམས་དང་སྟོང་།རླུང་གི་ཁམས་དང་བའི་བར་ནི་རླུང་གི་ཁཾས་དྲང་ངས་སྟོང་སྟེ་།ཆོས་གང་དག་རང་བཞིན་གྱིས་སྟོང་པ་ང ་དག་ལ?་དང་བ་འམ་འཁྲུགས་པར་འགྱུར་བ་འང་ག་ལ་ཡོད་དེ། གང་ལ་དང་བ་འམ་འཁྲུགས་པ་མི་དམིགས་པ་དེ་དག་ཇི་ལྟར་གཟུགས་ལ་བལྟ་བར་འགྱུར། དེ་ལྟར་མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་ཤིན་ཏུ་སྟོང་སྟེ་།དེ་ནི་འོང ་བ་དང་འགྲོ་བ་མེད་པའི་ཕྱིར་སྔོན་གྱི་མཛའ་ཡང་མི་དམིགས་ཕྱི་མའི་མཛའ་ཡང་མི་དམིགས་སོ། །རང་བཞིན་མེད་པའི་ཕྱིར་ད་ལ་གནས་པ་ཡང་མི་དམིགས་སོ། །གང་རང་བཞིན་གྱིས་མེད་པ་དེ་ནི་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་ནད? ་ཡིན་ནོ། །གང་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པ་དེའི?་ངེས་རློམ་སེམས་སུ་གལ་འགྱུར་ཏེ། རྒྱལ་པོ་ཆེན་པོ་རློམ་སེམས་ནི་བདུད་ཀྱི་སྤྱོད་ཡུལ་ལོ། །རློམ་སེམས་མེད་པ་ནི་སངས་རྒྱས་ཀྱི་སྦྱོར་ཡུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས ་ཅད་ནི་རློམ་སེམས་དང་བྲལ་བའོ། །དེ་བཞིན་དུ་སྦྱར་ཏེ་།རྒྱལ་པོ་ཆེན་པོ་དེ་ལ་རྣ་བའི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་དང་བའོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་བར་ནི་རྣམ་པར ་ཐར་པ་ལ་མངོན་པར་ཕྱོགས་པ་ཆོས་ཀྱི་དབྱིངས་སུ་དེས་བ་།ནམ་མཁའ་ཨི་ཁམས་ཀྱི་མཐས་ཀླས་པ་།གདགས་སུ་མེད་པ་།ཐ་སྙད་མེད་པ་།བརྗོད་དུ་མེད་པ་།བརྗོད་བར་བྱ་བ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ་གང་ལ་དབང་པོ་རྣམས་ཐོགས་པར ་འགྱུར་བ་དེ་ནི་ཡུལ་རྣམས་ཞེས་བྱ་སྟེ་།མིག་ནི་གཟུགས་རྣམས་ལ་ཐོགས་པར་འགྱུར་བས་དེའི་ཕྱིར་གཟུགས་རྣམས་ནི་མིག་གི་ཡུལ་ཞེས་བྱའོ། །དེ་བཞིན་དུ་རྣ་བ་ནི་སྒྲ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་མིག་གཟུགས་རྣམས་ལ་ཐོགས་སོ ་ཞེས་བྱ་བ་འདི་ནི་འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ་།འདི་ལྟར་མིག་གིས་གཟུགས་རྣམས་ལ་རྣམ་པ་གསུམ་དུ་འབབ་སྟེ་།མཐུན་པ་རྣམས་ལ་སྡུག་བའི་འདུ་ཤེས་ཀྱི་བབ་བ་དང་? ་།མི་མཐུན་པ་རྣམས་ལ་ཁོང་ཁྲོ?་བའི་འདུ་ཤེས་ཀྱི་འབབ་པ་དང། མཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་བཏང་སྙོམས་ཀྱིས་འདུ་ཤེས་ཀྱི་འབབ་པའོ། །དེ་བཞིན་དུ་ཡིད་ནི་ཆོས་རྣམས་ལ་ཞེས་བྱ་བ་ལ ་སོགས་པ་སྟེ་།ཡུལ་དེ་དག་ནི་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱ་སྟེ་།དེ་ལ་ཡིད་སྤྱོད་ཅིང་རྣམ་པར་སྤྱོད་པས་དེའི་ཕྱིར་ཡིད་ཀྱི་སྦྱོད་ཡུལ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་ཡིད་དེ་མཐུན་པའི་གཟུགས་རྣམས་ལ་རྗེས་སུ་ཆགས་པར་སྤྱོད་པ་དེས་ནི་འདོད་ཆགས་སྐྱེ་བར ་འགྱུར། མི་མཐུན་པའི་གཟུགས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ནི་དེའི་ཞེ་སྡང་སྐྱེ་བར་འགྱུར་།མཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་རྨོངས་པར་སྤྱོད་པ་དེས་ནི་དེའི་གཏི་མུག་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་སྒྲ་དང་དྲི་དང ་རོ་དང་རེག་བྱ་རྣམས་ལ་ཡང་ཆོས་རྣམ་པ་གསུམ་ལ་དམིགས་པ་མྱོང་བར་འགྱུར་ཏེ་།སྔ་མ་བཞིན་ནོ་།རྒྱལ་པོ་ཆེན་པོ་དེ་ལ་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་ཡུལ་རྣམས་ནི་རྨི་ལམ་ལྟ་བུར་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞི། ་ཉལ་བའི་རྨི་ལམ་ན་ཡུལ་གྱི་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པར་རྨིས་ལ་།དེ་ཉལ་བ་ལས་སད་ནས་བུད་མེད་ཡུལ་གྱི་བཟང་མོ་དེ་རྗེས་སུ་དྲན་པར་གྱུར་ན་།རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་།རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ ་ཡོད་དམ་།གསོལ་པ་།བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་པ་རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་སྐྱས་བུ་གང་རྨི་ལམ་ན་ཡུལ་གྱི་བཟང་མོ་མཐོང་བའི་བུད་མེད་དེ་དང་ལྷན་ཅིག་ཏུ་རྩེ་བ་དང་དགའ་བ་དང། མངོན་པར་ཞེན་པར་གྱུར་པ་དེ ་མཁས་པའི་རང་བཞིན་ཅན་ཡིན་ནམ་གསོལ་པ་།བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་དང་ལྷན་ཅིག་ཏུ་སྤྱོད་པ་ལྟ ་ག་ལ་མཆིས་ཏེ་གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་ཤིན་དུ་ཕོངས་ཤིང་དུ་བ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོཾ་ལྡན་འདས?་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐབS?་དང་མི་ལྡན་བ་ཡང་མིག་གིས་གཟུགས་མཐོང་ ་157 ་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་སྔོན་པར་ཞེན་པར་གྱུར་ནས་རྗེས་སུ་ཆགས་པར་འགྱུར་རོ། །རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། །ཡོངས་སུ་ཆགས་པར་གྱུར་ནས ་འདོད་ཆགས་ལས་བྱུང་པའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་དག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དོ། །ལས་མངོན་བར་འདུ་བྱས་པ་དེ་ཡང་ཐོག་ན་ཉིད་ནས་ཟང་ཅིང་འགགས་ལེ་བྲལ་ཞིང་རྣམ་པར ་འགྱུར་བ་སྟེ་།ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་།ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་།འོག་དང། སྟེང་དང། ཕྱོགས་མཚམས་སུ་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན་།འདི་ན་མ་ཡིན་ཕག་ནི་མ་ཡིན། །བར་མེ?་དོན་མ ་ཡིན་ཏེ་།དུས་གཞན་ན་འཆི་བའི་དུས་དང་ཚོང་ཉེ་བར་གནས་པའི་ཚེ་།སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་དེ་དང་སྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ། འདི་ལྟ་སྟེ་དཔེར་ན་ཉམ་ཉལ་བ་ལས ་སང་པའི་ཡུལ་གྱིས་བཟང་མོ་དང་འདྲ་བར་ཡིད་ཀྱི་དམིགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང་ལས་དམིགས་པ་དེ་དང་རྐྱེན་གཉིས་ཀྱི་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། ་ཡང་ན་ནི་སེམས་ཅན་དམྱལ་བར་།ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ་།ཡང་ན་ནི་ལྟ་མ་ཡིན་གྱི་རིས་སུ་ཡང་ན་ནི་མིའི་ནང་དུ་།ཡང་ན་ནི་ལྷའི་ནང་དུ་འབྱུང་བར་འགྱུར་ཏེ་།རྣམ་པར་ཤེས་པ་དང་བ ་སྐྱེ་བའི་ཆར་གཏོགས་པ་དེ། འགག་མ་ཐག་ཏུ་པར་མ་ཆད་པར། གང་ལ་རྣམ་བར་སྨིན་པ་མྱོང་བར་འགྱུར་བ་མངོན་བའི་སེམས་ཀྱི་རྒྱུད་སྐལ་པ་འང་བ་འབྱུང་ངོ། །དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི ་@157བ ་གྲངས་སུ་འགྱུར་རོ། །གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ལ་ནི་སྐྱེ་བ་ཞེས་བྱ་སྟེ་།རྒྱལ་པོ་ཆེན་པོ་དེ་ལྟ་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་འང་མེད་ལ་འཆི་འཕོ་དང་སྐྱེ་པར་མངོན་པ་འང་ཡོད་དེ། །རྒྱལ་པོ་ཆེན་པོ་རྣམ ་པར་ཤེས་པ་ཐ་མ་དེ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང། འགག་པའ?་ཚེ་ཡང་གང་དུ་ཡང་མི་འགོའོ། །ལས་ཀྱང་སྐྱེ་པའི་ཚེ་ཡང་གང་ནས་ཀྱང་མི་འོང་འགག་པའི་ཚེ་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པ་སྐྱེ་པའི་ཚེ་ཡང་གང་ནས ་ཀྱང་མི་འོང་འགག་པའི་ཆ་ཡང་གང་དུ་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་པོ་ཉིད་མེད་པའི་ཕྱིར། །རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་།ལས་ནི་ལས་ཀྱིས་སྟོང། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང། ་འཆི་འཕོ་ནི་འཆི་འཕོས་སྟོང་།སྐྱེ་པ་ནི་སྐྱེ་བས་སྟེང། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་བ་ཡང་ཡོད་དེ་།དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ་ཟབ་བོ་གང་ཡང་མེད་དོ། །རྒྱལ་པོ་ཆེན་པོ ་འདི་ལྟ་སྟེ་དཔེར་ན། མི་ཞིག་ཉལ་བའི་རྨི་ལམ་ན་དགྲ་དང་འཐབ་པ་ཞིག་རྨིས་ལ་།ཉལ་བ་ལས་སད་ནས་དེ་ཉིད་དྲན་བར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་རྨི་ལམ་དུ་རྨིས་བའི་དགྲ་འམ་དགྲ་དེ་དང་འཐབ་པ་ཡོད་དམ། གསོལ་པ་བཅོཾ ་ལྡན་འདས་དེ་ནི་མ་མཆིས་སོ། །བཀའ་སྩལ་བ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་དགྲ་ལ་མངོན་པར་ཞེན་པ་འམ་དགྲ་དང་འཐབ་པར་འགྱུར་བ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ་།གསོལ་པ་བཅོམ་ལྡན ་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན་།བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་དགྲ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་དེ་དང་འཐབ་པ་ལྟ་ག་ལ་མཆིས་ཏེ་གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུ་བ ་པའི་སྐལ་བ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གི་གཟུགས་མཐོང་ན་ཡིད་མི་བདེ་བར་འགྱུར་བ་རྣམས་ལ ་ཡང་མངོན་པར་ཞེན་པར་འགྱུར་ཏེ་མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། །ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར་ཞེ་སྡང་བར་གྱུར་ནས་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་དག་གི་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུཾ ་མངོན་པར་འདུ་བྱེད་དེ་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་།དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་འདྲེས་ནོན་པར་རྨིས་ཏེ་འཇིགས་ཤིན་ཏུ་རྨོངས་པར་འགྱུར་ལ་།ཉལ་པ་ལས་ད་ནས་འདྲེ་དེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ། ་དྲན་པར་གྱུར་ན་།རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་འདྲེ་དེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རྒྱལ་པ་ཆེན་པོ་འདི་ཇི་སྙམ་དུ་སེམས་འོ་ན་དེ ་ལྟར་རྨི་ལམ་ན་མཐོང་བའི་འདྲེ་དེ་ལ་མངོན་པར་ཞེ་ན་ཅིང་ཤིན་ཏུ་རྨོངས་པར་འགྱུར་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་འགས་ཏེ་།དེ་ཅིའི་སླད་དུ་ཞེ་ན་།བཅོམ་ལྡན་འདས་རྨི་ལམ་གྱི་འདྲེ ་དེ་ནི་ཤིན་ཏུ་མ་མཆོས་ཤིང་མི་དམིགས་ན་ཤིན་ཏུ་རྨོངས་པ་ལྟ་ག་ལ་མཆིས་ཏེ་།གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན ་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གི་གཟུགས་མཐོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་བར་ཞེན་པར་འགྱུར་ཏེ་།མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ། །ཤིན་ཏུ་རྨོངས་ནས་? ་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཉིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །རྒྱལ་པོ ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་པའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་གླུ་ལེན་པའི་གླུ་སྙན་པ་དང་པི་བང་ལེན་པའི་སྒྲ་སྙན་པ་ཉན་ཅིང་དེ་གླུ་དང་རོལ་མོའི་སྒྲ་དེས་ཡོངས་སུ་སྤྱོད་པ་རྨིས་ལ། །ཉལ་བ་ལས་སད་ནས་གླུ་དང་རོལ་མོ ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དང་གླུ་དང་རོལ་མོའི་སྒྲ་དེ་ཡོད་དམ་།གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རྒྱལ་པོ་ཆེན་པོ་འོ་ན་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དང་གླུ་དང་རོལ་མོའི་སྒྲལ་མངོན་པར་ཞེན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ་།གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། རྨི་ལཾ ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་།དེའི་གླུ་དང་རོལ་མོའི་སྒྲ་ལྟ་ག་ལ་མཆིས་ཏེ་།གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས ་གྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་རྣ་བས་སྒྲ་ཐོས་ན་ཡིད་དུ་འོང་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་བཞིན་དུ་དྲི་ལ་སོགས་པ ་ལ་ཡང་རྣམ་པ་གསུམ་གསུམ་དུ་རིག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་།རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཇི་ལྟར་ན་བདག་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མིག་དང། སྒྲོན་མ་དང། མར་མེ་དང། སྣང་བ་དང། གྲུ་དང། དོགས་དང། འབབས་སྟེགས ་དང། འདྲེན་པ་དང། ཡོངས་སུ་འདྲེན་པ་དང། སྟོན་པ་དང། དེད་དཔོན་དང། སྔོན་དུ་འགྲོ་བར་འགྱུར་སྙམ་པ་དང། བདག་གྲོལ་ནས་དགྲོལ་པར་བྱའོ། །རྒལ་ནས་བསྒྲལ་བར་བྱའོ?། །དབུགས་ཕྱིན་ནས་དབུགས ་དབྱུང་བར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་ཡིད་ལ་བཞག་གོ་།རྒྱལ་པོ་ཆེན་པོ་དབང་ཕྱུག་ཞིག་ན་སྔོན་མྱོང་བར་གྱུར་པའི་མཛའ་ཡང་མི་མངོན་ཏེ་།རྒྱལ་པོ་ཆེན་པོ་དེ་ལྟར་དབང་པོ་རྣམས་ནི་སྒྱུ་མ་ལྟ ་བུ་སྟེ་ཆོ་ག་མི་ཤེས་སོ། །ཚིམ་པར་མི་འགྱུར་པའོ། །ཡུལ་རྣམས་ནི་རྨི་ལམ་ལྟ་བུ་སྟེ་ཚིམ་བར་མི་ནུས་པ་ངོམས་པར་མ་གྱུར་པའོ་ཞེའོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཛའ་ཡས་ཀྱི་གཏམ་རྒྱུད་ལས་མཐོ་རིས་ནས་ལྷུང་སྟེ། དེའི ་ཚེ་རྒྱལ་པོ་ཆེན་པོ་དང་གྲོང་ཁྱེར་པས་བསྐོར་བ་ལས་འདི་སྐད་ཅེས་འབྱུང་སྟེ། འདི་ལྟ་སྟེ་།དཔེར་ན་མར་གྱི་གོང་བུ་འམ། མར་གསར་གྱི་གོང་བུ་བྱེ་མ་ཚ?་བ་ལ་གཞག་པ་ནི་འཇུ་ཞིང་མི་གནས་སོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ་གྲགས ་པ་མཛའ་ཡས་ཀྱང་བྱིང་ཞིང་མི་གནས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དགའ་བྱེད་ཀྱིས་།རྒྱལ་པོ་ཆེན་པོ་གྲགས་པ་མཛའ་ཡས་དེ་ལྟར་བྱིང་བ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་གྲགས་པ་མཛའ་ཡས་ཀྱིས་ལེགས་པར་བརྗོད་པ་ཇི་སྐད་ཅིག ་གསུངས་ཞེས་མཆིན་བདག་གི་འཇིག་རྟེན་པ་རྣམས་ལ་ཇི་སྐད་ཅིག་ལུང་བསྟན་པར་བགྱི་།དེས་སྨྲས་པ་།རྒྱལ་པོ་ཆེན་པོ་གྲགས་པ་མཛའ་ཡས་ནི་གླིང་ཆེན་པོ་བཞི་ང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཤིང་བསམ་པ་ཡིད་བཞིན་དུ་གྲུབ ་ལ་དོན་མེད་པར་མ་གྱུར་པའང་མྱོང། ཤིང་ཐམས་ཅད་ལ་དུས་མ་ཡིན་པར་ཡིད་བཞིན་དུ་འབྲས་བུ་ཆགས་པ་དང། གནོད་པ་ཐམས་ཅད་རྒྱན་ཆད་པ་དང་།སེམས་ཅན་ཐམས་ཅད་ཀྱིས་ཡིད་ལ་བསམ་པ་དོན་ཡོད་པ་དང། སྤོས་ཆུའི་ཆར ་དབབ་པ་དང། ལྷའི་ཡིད་བཞིན་གྱི་གོས་ཀྱིས་ཆར་དབབ་པ་དང། དབྱིག་གི་ཆར་དབབ་པ་དང། གསེར་གྱི་ཆར་དབབ་པ་དང། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དབབ་པ་དང། ཡོ་བྱད་ཐམས་ཅད་ཀྱི་ཆར་དབབ་པ་ཡང་མྱོང་པར་གྱུར་ནས། གླིང་ཆེན་པོ ་བཞི་དག་ཏུ་གནས་ཏེ་གླིང་ཆེན་པོ་བཞིའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས་།རྒྱ་བྱིན་གྱིས་སྟན་ཕྱེད་མནན་པ་ལས་འདོད་པ་ཆེན་པོས་མ་བཏང། །འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་སོ་ཞེས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུང་སྟོན་ཅིག ་དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་།ཡུལ་རྣམས་ནི་རྨི་ལམ་ལྟ་བུའོ་ཞེས་དེ་ལྟར་རིག་པར་བྱས་ནས་སེམས་ངེས་པར་བཞག་པར་བྱ་སྟེ་།གཞན་གྱི་དྲིང་མི་འཇོག་པར་བྱའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། སྨིག ་རྒྱུའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དེ་ཉིད་ལས་གསུངས་པ། ་འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱི་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན་ལེགས་པར་མངོན་དུ་མཛད ་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྦྱོང་པར་དེ་བཞིན་གཤེགས་པས་གཟིགས་སོ། །དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ་།ཤེས་པར་བྱ་བ་མ་ཡིན་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་ཡོངས་སུ་ཤེས ་པར་བྱ་བ་མ་ཡིན་པ་།མ་བསྟན་པ་རབ་ཏུ་མ་བསྟན་པ་།མ་ཐོས་པ་ཐོས་པར་མ་བྱས་པ་།མ་ཤེས་པ་རྣམ་པར་མ་ཤེས་པ། མ་བསྟན་པ་མ་མཐོང་བ། མ་གཏོགས་པ་འཛིན་དུ་མ་བཅུག་པ་།རྟོགས་པར་མ་བྱས་པ་ཐོབ་པར་མ་བྱས་པ་མ་ཐོབ་པ། ་ཉེ་བར་མ་བསྙེན་པ་མ་བོར་མ་བཞག་པ་།མ་སྤངས་པ་བྱ་བ་མེད་པ་བྱེད་པ་མེད་པ། རབ་ཏུ་ཞི་བ་མེད་པ། མ་སྨད་པ་མ་བསྟོད་པ། ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ་སྡུག་སྔལ་མ་ཡིན་པ། སྙན་པ་མ་ཡིན་པ་མི་སྙན་པ་མ་ཡིན་པ། གཟུཌ ་མ་ཡིན་པ་གཟུགས་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དང། གང་གི་བདེ་བར་གཤེགས་ལས་འགྲོ་བ་རྣམས། །བདེ་པའི་དོན་དུ་དད་པ་སྐྱེ་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས ་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དགས་དང། །ལྷ་མིན་རིས་དང་མི་དང་ལྟ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་དེ་བཞིན་མཐོ་བའི་རིགས་རྣམས་དང། །བྱུག་པོའི་ཁྱིམ ་དང་དབུལ་བའི་ཁྱིམས་རྣམ་དན་ཞེས་བྱ་བ་ལ་སོགས་པའོ། །ཡང་གསུངས་པ། གང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་གང་ཞིག་།ཅི་གཟུགས་སམ། འོན་ཏེ་ཚེར་བའི། འོན་ཏེ་འདུ་ཤེས་མ། ་འོན་ཏེ་འདུ་བྱེད་དམ། འོན་ཏེ་རྣམ་པར་ཤེས་པ་ཞིག་བཅོམ་ལྡན་འདས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ?་ཏུ་ལུང་བསྟན་སྙམ་ནས་།དེ་དག་འདི་སྙམ་དུ་སེམས་ཏེ། གཟུགས་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ལུང་མ་བསྟན་པ་ནས་།རྣམ་པར་ཤེས་པའི་བར་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱང་མ་སྐྱེས་པ་།བྱང་ཆུབ་ཀྱང་མ་སྐྱེས་པ་སྟེ་།ཇི་ལྟར་མ་སྐྱེས་པས་མ་སྐྱེས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་།དེ་བཞིན་དུ་རྣམ་པར་ཤེས་པའི་བར ་དུ་ཤེས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཆོས་ཐམས་ཅད་མི་དམིགས་ན་།འདི་ལ་སངས་རྒྱས་ནི་གང་།བྱང་ཆུབ་སེམས་དཔའ་ནི་གང། བྱང་ཆུབ་ནི་གང། ལུང་བསྟན་པ་ནི་གང། གཟུགས་ནི་གཟུགས་ཀྱིས་སྟོང་པ་ནས་རྣམ་པར་ཤེས་པའི་བར ་དུའོ། །དེ་བཞིན་དུ་སྦྱར་ཏེ་།དེ་དག་ནི་ཐ་སྙད་ཙམ་མིང་ཙམ་བརྡ?་ཙམ་ཀུན་རྫོབ་ཙམ་བརྗོད་པ་ཙམ་གདགས་པ་ཙམ་སྟེ་།དེ་ལ་མཁ་པ་རྣམ་ཀྱིས་མངོན་པར་ཞེན་པར་བྱ་བའི་མི་ཆའོ་ཞེའོ། །ཡང་དེ་ཉིད་ལས་འདི་སྐད་ཅེས་གསུངས་ཏེ། འཕྲུལ་དགའ་ཨི་ལྷ་རྣཾ ་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་ཅག་གི་འཚལ་བ་ལྟར་།ཆོས་ཐམས་ཅད་ནི་ཡང་དག་པའི་མཛའ་དང། སྒིརྦ་པ་མ་མཆིས་པའི་མཛའ་དང། མཛའ་ཡས་པའི་མཛའ་དང་།མི་གནས་པའི་མཛའ་ཞེས་བྱ་བ་ལ་སོགས་པ་དང ་བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་མ་མཆིས་བ་ནི་བྱང་ཆུབ་ལགས་པར་རིག་པར་བགྱིའོ། །ཐ་ན་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་པོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་རང་བཞིན་མ་མཆིས་པ་སྟེ་།མཚམས་མེད་པ་རྣམས ་ཀྱང་རང་བཞིན་མ་མཆིས་པ་ལགས་པས་དེའི་སླད་དུ་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ཅེས་བགྱིའོ། །བཅོམ་ལྡན་འདས་གང་སྩ་དག་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་བ་དེ་དག་ནི་གནད་པར་འགྱུར་བའི་ཆོས་ཅན་ཏེ་།དེ་ཅིའི་སླད་དུ་ཞེ་ན་།གལ་ཏེ་འཁོར་བར ་ཞུགས་པ་ཞིག་མཆིས་ན་ནི་མྱ་ངན་ལས་འདས་པ་ཡང་འཚལ་བར་འགྱུར་ན་ཞེས་བྱ་བའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གསོལ་བ། བཅོམ་ལྡན་འདས་འཕྲུལ་དགའ་ཨི་ལྷ་རྣམས་ཀྱིས་ཡང་དག་པའི་མཛའ་ཞེས་གང་སྨྲས་པ་དེ་ལ་བདག་ཅག་གིས་ནི ་ཡང་དག་པ་ཡང་མ་དམིགས་ན་དེའི་མཛའ་ལྟ་སྨོས་ཀྱང་ཅི་འཚལ་།དེ་ཅིའི་སླད་དུ་ཞེ་ན་།བཅོམ་ལྡན་འདས་གང་ལ་ལ་ཞིག་གི་ཡང་དག་པ་དམིགས་ན་ནི། མཛའ་ཡང་དེས་དམིགས་པར་འགྱུར་ཏེ་།དེ་ནི་གཉིས་ཀྱིས་སྤྱོད་པའོ་ཞེས་སོ། །དེ་ཉིད་ལས ་འདི་སྐད་དུ་།མི་མཛེས་ཀྱི་བདག་པས་སྟོན་པ་ལ་བསྟོང་པ། ཇི་ལྟར་མི་ཞིག་རྨི་ལམ་བཀྲེས་གྱུར་པས། །ཁ་ཟས་རོ་བརྒྱ་ཟོས་པས་འདྲངས་འགྱུར་པ། །དེ་ལ་བཀྲེས་མེད་ཟས་མེད་སེམས་ཅན་མེད། །རྨི་ལམ་དེ་འདྲར་ཆོས་རྣམས་ཐཾས་ཅད་གཟིགས། །མི་ཞིག་ཡིད་ ་161 ་དུ་འོད་པའི་ཚིག་སྨྲས་ན། །དགའ་བར་འགྱུར་ཡང་ཚིག་ལ་འཕོ་བ་མེད། །ཚིག་ཉིད་མེད་ཅིང་དགར་འགྱུར་དངོས་ཀྱང་མེད། །དེ་མཁྱེན་དེ་ལ་ཐེ་ཚོཾ་ཡང་མི་མངའ་། །པི་བང་སྒྲ་སྙན་མཉན་ན་རྣར་སྙན་ཏེ། །སྒྲ་དེ་རང་བཞིན་གང་ཡང ་མ་ཡིན། །དེ་ལྟར་མཁས་པས་ཕུང་པོ་འདི་གཟིགས་ན། །ཕུང་པོའི་རང་བཞིན་གང་ཡང་དམིགས་མི་མངའ་། །ཇི་ལྟར་མི་ཡིས་དུང་གི་སྒྲ་ཐོས་ཏེ། །སྒྲ་དེ་གང་ལས་བྱུང་ཞེས་བརྟགས་བྱས་ཀྱང། །རང་བཞིན་སྟོང་པའི་དངོས་དེ ་མི་དམིགས་པ། །མི་དབང་ཁྱེད་ཀྱི་དེ་བཞིན་ཆོས་ཀུན་གཟིགས། །ཇི་ལྟར་མི་ཞིག་བསོད་པའི་ཁ་ཟས་ལ། །ཡན་ལག་སྲོག་པ་ན་ཇི་ལྟར་འགྱུར་བརྟགས་ན། །དངོས་མེད་ཡན་ལག་སྲོག་ཀྱང་དེ་བཞིན་ཏེ། །དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས། །ཇི ་ལྟར་མི་ཞིག་ནམ་མཁའ་ཨི་འཇའ་མཐོང་ན། །ཡན་ལག་གཞིགས་བརྟགས་རང་བཞིན་མེད་ཅིང་སྟོང། །འཇའའདྲར་ཡན་ལག་དེ་དག་སྟོང་པ་ཉིད། །དྲང་སྲོང་ཚེ་ཁྱོད་དེ་བཞིན་ཆོས་ཀུན་གཟིགས། །གྲོང་ཁྱེར་མཆོག་ཀྱང་ཡན་ལག་རྣམས་གཟིགས་ན། གྲོང་ཁྱེར ་རང་བཞིན་དེ་བཞིན་མིང་མི་དམིགས། །གྲོང་ཁྱེར་ཇི་བཞིན་དེ་ལྟར་ཡན་ལག་སྟོང། །མི་དབང་ཁྱོད་ཀྱི་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུ་དགའ་བར་རྔ་ཞིག་བརྡུངས་བགྱིས་ན། །དགའ་བ་སྐྱེས་ཀྱང་སྒྲ་ཡི་རང་བཞིན་སྟོང། །ཇི་ལྟར་སྒྲ་བཞིན་དེ་ཡི་ཡན་ལག ་སྟོང། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི་སྐད་རྔ་དེ་བརྡུངས་པའི་ཚེ། །སྒྲ་ནི་ཕྱོགས་སུ་མི་འགྲོ་འབྱུང་བ་མེད། །ཕྱོགས་སུ་དེ་བཞིན་འགག་པར་མི་འགྱུར་ཏེ། །མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས། །སྐྱེས་བུས་ཇི ་ལྟར་རྔ་དེ་བརྡུངས་པའི་ཚེ། །ཐོགས་པ་མེད་ཅིང་སྙན་པའི་རང་བཞིན་ཏེ། །སྒྲ་འདྲར་དེ་ཡི་ཡན་ལག་དེ་རང་བཞིན། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས། །སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། སྒྲ་དེ་རང་དབང་མ་བྱུང་ཡན་ལག་མིན། །ཇི ་@161བ ་ལྟར་སྒྲ་བཞིན་ཁྱོད་ཀྱིས་ཡན་ལག་སྟོད། །མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས་ཤེའོ། །ཡང་གསུངས་པ། བྱམས་པ་དགེ་བསྒོམས་སེམས་ཅན་དམིགས་པ་ཡིན་ཞེས་འདྲེན་པས་བཀའ་སྩལ་ལ། །སེམས་ཅན་རྣམ་པར་གཤིག་ཅིང་འགྲོ་བ་ཐམས་ཅད ་སེམས་ཅན་མེད་པར་མཁྱེན། །དེ་ལྟར་རྐང་གཉིས་དམ་པ་རྙོག་པ་མི་མངའ་ཐེ་ཚོམ་བྲལ་ཐུགས་ལྡན། །དེས་ན་བདེ་གཤེགས་རྣམ་བརྟགས་བློ་མངའ་མཆོད་འོས་ཁྱོད་ལ་མཆོད་བར་འཚལ། །བདེ་བར་གཤེགས་པ་སྡུག་བསྔལ་ཕྱོགས་བཅུར་གནས་པ་ཀུན་ཏུ ་མི་དམིགས་ཀྱང། །ལྷ་ཡི་ལྷར་བྱུང་ཁྱོད་ཀྱིས་སེམས་ཅན་རྣམས་ལ་སྙིང་རྗེ་བགྱི་བར་གསུངས། །དེ་ལྟར་རྒྱལ་མཆོག་བདག་ཅག་རྒྱལ་བའི་དགོངས་པ་ཇི་བཞིན་ཀུན་ཏུ་འཚལ། །དེས་ན་རྐང་གཉིས་གཙོ་བོ་མི་མཆོག་མཆོད་འོས་ཁྱེད་ལ་མཆོད་པར་འཚལ།། ་ཐུབ་པ་ཁྱོད་ཀྱིས་སེམས་ཅན་དང་ནི་བསལ་བགྱི་སྡུག་བསྔལ་མ་གཟིགས་ལ། །དགྱེས་བ་སྐྱེས་ནས་རབ་ཏུ་དགྱེས་པའི་ཐུགས་ཀྱིས་མི་དགྱེས་རྣམ་པར་བསལ། །དེ་ལྟར་སངས་རྒྱས་ཚུལ་ནི་བསམ་གྱིས་མི་ཁྱབ་ཚུལ་འདི་ཇི་བཞིན་འཚལ། །དེས་ན་མི་མཆོག་ཁྱོད་ལ་མཆོད? ་ནས་མཉེས་པའི་འབྲས་བུ་ཐོབ་པར་བགྱི། །ཐུབ་པས་སྐུ་ནི་རྣམ་པར་སྤང་བས་སྐུ་བཙལ་མཛད་ན་མ་བརྙེད་ཀྱང། །དེ་ལྟར་འདྲེན་པ་དྲན་པ་མ་གསུངས་མ་ལགས་བསྙེལ་བ་ཡང་མི་མངའ་། །བདེ་བར་གཤེགས་པས་ལུས་ལ་སོང་བའི་བསྒོམ་བ་བསྒོམ ་པར་གྱིས་ཞེས་གསུངས། །སངས་རྒྱས་ཚུལ་འདི་རིག་ནས་བདེ་བར་གཤེགས་པ་སྐྱོབ་ལ་མཆོད་པ་བགྱིས། །སྡུག་བསྔལ་ཞི་བྱ་ཕྱིར་ནི་ཞི་གནས་ལྷག་མཐོང་ལམ་ཡང་བསྒོམ་ཞེས་གསུངས། །བཅོམ་ལྡན་གང་གིས་འགྲོ་བ་ཉོན་མོངས་བག་ཆགས ་བཅས་དྲི་དེ་དག་ཞི། །ཐུབ་པ་ཞི་གནས་ལྷག་མཐོང་དྲི་མ་ཐམས་ཅད་སྟོང་པ་སྟེ་།འདི་ལ་ལྷ་ཆོགས་གང་དུ་འང་ཐེ་ཚོམ་མ་མཆིས་སྐྱོན་བྲལ་ཁྱོད་ལ་མཆོད། །ཡང་གསུངས་པ་།མིག་ནི་མིག་གི་རང་བཞིན་དང་བྲལ་བ། ཁམས་ནི་ཁམས་ཀྱི་རང ་བཞིན་དང་བྲལ་བའི་སླད་དུ་སྟེ་།ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ་གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་བའོ། །གང་ཡོངས་སུ་མ་གྲུབ་པ་དེ་ལ་ནི་སྐྱེ་བམ?་མཆིས་སོ། །གང་སྐྱེ ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་སོ། །དེ་བཞིན་དུ་སྦྱར་ཏེ་།གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིག་མ་ལགS་དབང་པོ་མ་ལགས་སོ། །གང་མིག་མ་ལགས་ཤིང་དབང་པོ་མ་ལགས་པ་དེའི་ཐ་སྙད་ཇི་ལྟར་འཚལ་བར་བགྱི། །འདི་ལྟ་སྟེ་དཔེར་ན། ་ཆད་པ་སྟོང་པ་ནི་བརྫུན་པ་ཡང་དག་པ་མ་ལགས་པ་མ་མཆིས་པ་སྟེ་།འདི་ལྟར་མིང་དུ་གདག་པར་བས་ཀྱིས་དོན་དམ་པར་ནི་སྟོང་པར་ཡང་མི་དམིགས་ཆད་པ་ཡང་མི་དམིགས་སོ། །དེ་བཞིན་དུ་མིག་དང་དབང་པོ་དང་ཆད་པ་སྟོང་པ་ལྟར་བརྫུན་ཞིང ་མ་མཆིས་ལ་ཡང་དག་པ་མ་ལགས་པ་སྟེ་།གསོབ་གསོག་ལོག་པ་སླུ་བའི་ཆོས་ཅན་བྱིས་པ་འདྲིད་པ་གླེན་བ་རྨོངས་པར་བགྱིད་པ་སྟེ་།འདི་ལྟར་མིང་དུ་གདག་པར་པས་ཀྱི་དོན་དམ་པར་ནི་མིག་ཀྱང་མི་དམིགས་པ་ཞེས་བྱ་བའོ། །ཡང་དེ་ཉིད ་ལས་གསུངས་པ་།རྨི་ལམ་ཆར་ཆེན་འབབ་པ་ལྟར། །དེ་བཞིན་ཟག་པ་རྣམས་འབྱུང་བར། །ཟག་པ་འབྱུང་བ་མཁས་པ་པོ། །དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན། །རྨི་ལམ་དག་ན་མགོ་བཅད་བཞིན། ཁྱོད་ཀྱིས་ཟག་པ་ཟད་པ་གཟིགས། །དེ་ནི ་མཁས་པ་རྣམས་ལ་བསྟན། །ཐམས་ཅད་གཟིགས་ལ་ཕྱག་ཀྱང་འཚལ། ཞེས་སོ། །འདི་ཉིད་ལས་མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་ནས་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།སྟོང་པ་ཉིད་དང་ལུང་བསྟན་པ་བདག་གིས་མ་འཚལ ་ཞེས་སྨྲ་པ་།གལ་ཏེ་འགའ་ཞིག་མི་སྟོང་ན། རྒྱལ་བསུང?་ལུང་བསྟན་མི་གསུང། །ཅི་ཕྱིར་ཞེ་ན་འདི་ལྟ་བུར། །རང་གི་རང་བཞིན་གནས་གྱུར་ན། །འགྱུར་བ་མེད་ཅིང་ཐེར་ཟུག་སྟེ། །དེ་ལ་འཕེལ་མེད་འགྲིབ་པ་མེད། །དཔེར་ན་རང་བཞིན་སྟོང་པ ་ཡི། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་བ་ཆོས་རྣམས་ཤེས་པར་གྱིས། །ཆོས་ཀྱི་དབྱིངས་ནི་འགྱུར་མེད་ན། །མཆོད་པའི་ཡན་ལག་འགྱུར་གང་ཞེས། །ཡན་ལག་རྣམས་ལ་བརྟག་བྱོས་ལ། །ལྗོན་པ ་མཆོད་པ་འདི་ལ་སྤྱོད། །གཡོ་བ་མ་མཆིས་པ་གྱི་བ་རྣམས། །བརྟན་པ་མ་འཚལ་ཞེས་སྨྲས་པ། །ཤིང་རྟའི་ཡན་ལག་འདུས་པ་དང། །ཤིང་རྟའི་བྱ་བ་བཞིན་དུ་རྟོག། །ངས་ནི་ལས་ཀྱི་རྣམ་པར་བསྟན། །ཕྱེད་པ་ཕྱོགས་བཅུ་རྣམས་ན་མེད། །ཤིང ་རྣམས་རླུང་གིས་བསྒུལ་པ་ལས་མེ་འབྱུང་འགྱུར་བ་ཇི་བཞིན་ནོ། །བདག་ཅག་མེ་འདི་བསྐྱེད་བྱ་ཞེས། །རླུང་དང་ཤིང་ལ་སེམས་པ་མེད། །འོན་ཀྱང་མེ་ནི་འབྱུང་བ་ལྟར། །ལས་ཀྱི་བྱེད་པ་དེ་བཞིན་ནོ། །གང་ཡང་བསོད་ནམས་ཚོགས་དང་ནི། །བྱང་ཆུབ ་ཡང་དག་བསྒྲུབ་པ་དང། །ལེགས་སྤྱོད་ཡོད་མིན་ཞེས་ཟེར་བ། །དེ་ཚུལ་ཡང་དག་མཉན་པར་བྱོས། །མི་ཡི་ཚེ་ཚད་ལོ་བརྒྱ་ནི། །འཚོ་བ་ཡིན་ཞེས་ཇི་སྐད་བརྗོད། །ལོ་ལ་ཕུང་པོར་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས་སོ་ཞེས་སོ། །བཅོམ་ལྡན་འདས ་མ་ལས་ཀྱང། ཚེ་དང་ལྡན་པ་རབ་འབྱོར་ཅི་ཆོས་མ་སྐྱེས་པ་སྐྱེ་འམ་འོན་ཏེ་སྐྱེས་པ་སྐྱེད། རབ་འབྱོར་གྱིས་སྨྲས་པ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་པ་སྐྱེ་བར་ཡང་མི་འདོད་སྐྱེས་པ་སྐྱེ་བར་ཡང་མི་འདོད་དོ་ཞེས་གསུངས་སོ། །འཕགས་པ ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་།རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱིས་ཚིག་བླ་དགས་ཏེ་སྟོང་པ་ཉིད་དེ་ནི་མི་སྐྱེ་མི་འགག་གོ་།སྨྲས་པ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས ་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ་།བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ་ཇི་ལྟར་ཁོང་དུ་ཆུད་པ་བཞིན་ཏེ་།ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ་སྨྲས་པ་།གང་འདི་བཅོམ་ལྡན་འདས ་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེ་བོ་འགག་གོ་ཞེས་གསུངས་པ་ནི་དེ་བཞིན་གཤེགས་པས་འདི་ཅི་ལ་དགོངས་ཏེ་གསུངས་།སྨྲས་པ་རིགས་ཀྱི་པུ་ལ་འགྲི? ་རྟེན་གནས་པ་སྐྱེ་བ་དང་འགག་པ་ལ་མངོན་པར་ཆགས་པས་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་དང་ངས་པའི་གནས་གསལ་བའི་ཕྱིར་ཐ་སྙད་ཀྱིས་དབང་གིས་སྐྱེ་བོ་འགག་གོ་ཞེས་གསུངས་ཏེ་།འདི་ལ་ཆོས་གང་ཡང་སྐྱེ་བ་དང ་འགག་པ་མེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་།བཅོམ་ལྡན་འདས་དེ་ལ་མིག་གི་གཟུགས་རྣམས་ལ་སྒྲ་མི་འབྱིན། །རྣ་བས་སྒྲ་རྣམས་དང་།སྣས་དྲི་རྣམས་དང། ལྕེས་རོ་རྣམས་དང། ལུས་ཀྱི་རེག་བྱ་རྣམས་དང། ཡིད་ཀྱིས་ཆོས་རྣམས་ལ ་སྒྲ་མི་འབྱིན་པ་དེ་ནི་ཆོས་སོ། །དེ་ལ་ཇི་ལྟར་ན་མིག་གི་གཟུགས་རྣམས་ལ་སྒྲ་མི་འབྱིན་ཞེ་ན་།ཕྲད་པ་མ་མཆིས་པའི་སླད་དུའོ། །མིག་ནི་གཟུགས་ལ་ཕྲད་པར་མི་བགྱིད་པ་ནས་།རྣ་བས་སྒྲ་ལ་མ་ལགས་།སྣས་དྲི་ལ་མ་ལགས་།ལྕེས་རོལ?་མ་ལགS། ་ལུས་ཀྱི་རེག་བྱ་ལམ་ལགས། ཡིད་ཀྱི་ཆོས་ཀྱི་བར་ལ་ཕྲད་པར་མི་བགྱིད་དོ། །གང་ཕྲད་པར་མི་བགྱིད་པ་དེ་ནི་སྒྲ་མི་འབྱིན་པའོ། །བཅོམ་ལྡན་འདས་གཉིས་སུ་མ་མཆིས་ན་ཆོས་ལ་སྒྲ་འབྱིན་པ་མ་མཆིས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི ་གཉིས་སུ་མ་མཆིས་པ་སྟེ་གཅིག་གིས་གཅིག་མ་འཚལ་རྣམ་པར་མ་འཚལ། མི་རྟོག་རྣམ་པར་མི་རྟོག། འབྱུང་བར་མི་བགྱིད་འཇིག་པར་མི་བགྱིད། །འབྲི་བར་མི་བགྱིད་འཕེལ་བར་མི་བགྱིད། ཆགས་པར་མི་བགྱིད་མི་ཆགས་པར་མི་བགྱིད། ་འཁོར་བར་མི་བགྱིད། ཡོངས་སུ་མྱ་ངན་ལས་འདའ་བར་མི་བགྱིད་དེ། །འདི་དག་ནི་སུའི་ཡང་མ་ལགས། །འདི་དག་གི་སྐུའི?་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་དག་ནི་སྐྱོ་བར་ཡང་མི་བགྱིད་ཆགས་པར་ཡང་མི་བགྱིད་དོ། །བཅོམ་ལྡན ་འདས་ཆོས་འདི་དག་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་རྣམ་པར་བྱང་བར་ཡང་མི་འགྱུར་རོ། །བཅོམ་ལྡན་འདས་བདག་གི་དེ་ལྟར་འཚལ་ཏོ། །བདག་གིས་དེ་ལྟར་རྟོགས་སོ། །བཅོམ་ལྡན་འདས་གང་དག་བདག་འདི་ལྟར་འཚལ་འདི་ལྟར་བརྟགས་སོ་ཞེས་དེ་སྐད ་མཆི་ན་དེ་ནི་སྐྱེ་མཆེད་རྣམས་ཀྱིས་འགྱུར་བའོ། །བཅོམ་ལྡན་འདས་སྐྱེ་མཆེད་རྣམས་ནི་འདི་སྙམ་དུ་འདི་དག་ནི་བདག་གི་འགྱུར་བའོ་སྙམ་དུ་མི་སེམས་སོ། །གང་དེ་ལྟར་འཚལ་བ་དེ་ནི་སུ་དང་ཡང་མི་རྩོད་དོ། །གང་མི་རྩོད་པ་དེ་ནི་དགེ་སྦྱོང་གིས་ཆོས་སུ་རྗེས་སུ་འཇུག ་པའོ། །གང་དགེ་སྦྱོང་གི་ཆོས་ཀྱི་རྗེས་སུ་འཇུག་པ་དེ་ནི་གང་ནས་ཀྱང་འཇུག་པར་མི་བགྱིད་མི་འཇུག་པ་ཡང་མི་བགྱིད་།སྦྱོར་བར་ཡང་མི་བགྱིད་།མི་སྦྱོར་བ་ཡང་མི་བགྱིད། འགྲོ་བར་ཡང་མི་བགྱིད་སྡོང་པར་ཡང་མི་བགྱིད་འབྲི་བར་ཡང་མི་བགྱིད་འཕེལ ་བར་ཡང་མི་བགྱིད་དེ། ཐམས་ཅད་ཆོས་ཀྱི་ཚུལ་དུ་མཐོང་ངོ། །ཐམས་ཅད་རྣམ་པར་གྲོལ་བའི་ཚུལ་དུ་མཐོང་ངོ། །ཆོས་ཀྱི་དབྱིངས་ཉིད་དུ་མཐོང་ངོ། །དེ་ལྟར་ཐམས་ཅད་འབྱུང་བར་མཐོང་སྟེ་།གང་འབྱུང་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། ་གཞན་དུ་ན་མིང་ཙམ་དང་བཏགས་པ་ཙམ་དང་ཐ་སྙད་ཙམ་དུ་མཐོང་བ་ནི་མ་མཆིས་པ་མ་ལགས་སོ། །མིང་དེ་ཡང་ཡིད?་མ?་མཆིས་པའོ། །བཏགས་པ་ཡང་བཏགས་པ་མ་མཆིས་པའོ། །ཐ་སྙད་ཀྱང་ཐ་སྙད་མ་མཆིས་པའོ། །ཆོས་མཐོང་བས་སངས་རྒྱས ་མཐོང་ངོ། །སངས་རྒྱས་མཐོང་བས་སེམས་ཅན་ཐམས་ཅད་མཐོང་ངོ། །སེམས་ཅན་ཐམས་ཅད་མཐོང་བས་རྒྱུ་དང་རྐྱེན་མཐོང་ངོ། །རྒྱུ་དང་རྐྱེན་མཐོང་བས་སྟོང་པ་ཉིད་མཐོང་ངོ། །སྟོང་པ་ཉིད་མཐོང་པ་ནི་མཐོང་བ་མ་མཆིས་པའོ། །བཅོམ་ལྡན་འདས ་ཆོས་ཐམས་ཅད་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས་གསུངས་སོ། །བཞི་མེད་པར་ཀུན་རྫོབ་བཅུ་ཇི་ལྟ་རུང་ཞེ་ན་།ཇི་ལྟར་མི་རུང་སྟེ། ཇི་ལྟར་སྡོང་པོ་མེད་ན་སྐྱེས་བུར?་འཁྲུལ་པ་བཞིན་ནོ། །གང་ལས་བརྟེན་ནས་སྐྱེས་བུ་འཁྲུལ་པར་འགྱུར་བ་སྟོང་པ་ཉིད ་སྨྲ་བ་ལ་སྡོང་པོ་དེ་དོན་དམ་ཇི་ལྟར་འགྲུབ། ཆོས་ཐམས་ཅད་ནི་རྩ་བ་མེད་པ་སྟེ་།ཡང་དག་པར་ན་རྩ་བ་མི་འཐད་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། །ཡང་དག་པ་མ་ཡིན་པར་ཀུན་རྟོག་པཱི ་རྩ་བ་གང་ཡིན། སྨྲས་པ་ཡང་དག་པ་མ་ཡིན་པར་ཀུན་རྟོག་པའི་རྩ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སོ། །སྨྲས་པ་ཕྱིན་ཅི་ལོག་གི་རྩ་བ་གང་ཡིན་།སྨྲས་པ་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་ནི་རྟེན་པའོ། །སྨྲས་པ་རྟེན་མེད ་པའི་རྩ་བ་གང་ཡིན། སྨྲས་པ་འཇམ་དཔལ་གང་རྟེན་མེད་པ་དེའི་རྩ་བར་འགྱུར་བ་ཅི་ཞིག་ཡོད། དེ་ལྟར་ཆོས་ཐམས་ཅད་ནི་རྟེན་མེད་པའི་རྩ་བ་ལ་གནས་པའོ་ཞེས་གསུངས་སོ། །འདི་ནི་སེམས་སྐྱད་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ ་པར་བྱ་བ་མདོར་བསྡུས་པ་སྟེ་།བསྒོམས་ནས་ཀྱང་ཉོན་མོངས་པའི་དགྲ་དང་འཐབ་པ་ལ་མཁས་པར་བྱའི་རང་གི་ཁྱིམ་ན་དཔའ་བར་ནི་མི་བྱའོ། །འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། སྟོང་པ་ཉིད་སྨྲ་བ་ནི་མི ་གནས་པའི་ཕྱིར་འཇིག་རྟེན་གྱི་ཆོས་རྣམས་ཀྱི་མི་འཕྲོགས་ཏེ་།རྙེད་པས་དགའ་བ་ཡང་མེད་མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་ཡིད་སོས་པ་ཡང་མེད་མ་གྲགས་པས་སྲོ་ཤི་བ་ཡང་མེད་།སྨད་པས་ཞུམ་པ་ཡང་མེད་བསྟོད་པས་དགའ་བར་སེམས་པ ་ཡང་མེད་།དེ་བས་ཆགས་པར་འགྱུར་བ་ཡང་མེད་སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བའང་མེད་།གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱི་མི་འཕྲོགས་པ་དེ་ནི་སྟོང་པ་ཉིད་ཤེས་པ་སྟེ། །དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་སྨྲས་ཁོང་དུ་ཆུད་པར ་བྱའོ་ཞེས་བྱ་བ་དང་།དེ་བཞིན་དུ་སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང་ཆགས་པའམ་མི་ཆགས་པ་མེད་དེ་།གང་ལ་ཆགས་པ་དང་གང་ལ་མི་ཆགས་པ་དེ་སྟོང་པ་ཉིད་དུ་ཤེས་སྟོང་པ་ཉིད་དུ་མཐོང་ངོ། །གང་གི་ཆོས་གང་ལ་ཆགས་པ་དང་ཆགས་པ་མེད་པ་དེས་ནི་སྟོང་པ ་ཉིད་དུ་ཤེས་སོ། །དེ་བཞིན་དུ་གང་ལ་ལ་འཐབ་ཅིང་རྩོད་པ་བྱེད་པ་དེ་ནི་སྟོང་པ་ཉིད་མི་ཤེས་ཏེ་།དེ་གང་དང་འཐབ་ཅིང་རྩོད་པར་བྱེད་དེ་སྟོང་པ་ཉིད་དུ་ཤེས་ཏེ་སྟོང་པ་ཉིད་དུ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་སེམས་སྦྱད?་པ་མདོང་བསྡུས་པའོ། །གང་ལ ་འབད་པ་བྱས་ན་མྱུར་དུ་སེམས་དགའ་བར་འགྱུར་ཞེ་ན་།བདག་ལ་བསྟོད་པ་དང་གཞན་ལ་བརྙས་པ་སྤངས་པས་སོ། །འདི་ཉིད་ཀྱི་རྩ་བ་ནི་བདག་དང་སེམས་ཅན་དུ་བལྟ་སྟེ། དེ་ཡང་འདི་གོམས་པར་བྱས་ན་སྤང་སླ་བར་འགྱུར་ཏེ་།གཞན་ལ་གུས་པར་བྱ་བ ་དང་བདག་ཁྱད་དུ་གསང་པ་དེ་ལྟར་བསྒོམ་པར་བྱའོ། །གལ་ཏེ་སེམས་ཅན་ཕུང་པོ་རྣམས། །རྣམ་བ་ཀུན་དུ་མཉམ་གནས་ན། །གཅིག་ལ་བདག་དང་གཞན་ཉིད་དུ། །འགལ་བར་འབྱུང་བ་ཇི་ལྟར་འགྱུར། །དེ་ནི་དམིགས་པ་མེད་པར་ཡང། ཐོག་མེད་རྟོག་པ ་གོམས་པ་ཡིས། །ལུས་ཅན་དག་ནི་ཀུན་དུ་སྤྱོད། །གོམས་ན་དཀའ་བ་ཅི་ཞིག་ཡོད། །དེ་ལྟར་གོམས་པའི་བདག་ཉིད་དུ། །མཚུངས་ན་ཅི་ཕྱིར་བདེ་བའི་རྒྱུ། །གཞན་ལ་གུས་བྱས་བཏང་ནས་ནི། །རང་སྡུག་འགྱུར་བ་གཞན་འདོད་བྱེད། །ཡིད་བཞིན་ནོར་བུའི ་གཏམ་བརྗོད་ལས། །བུས་བྱར་བྱ་བཱི་རྒྱུ་ཡོད་དེ། །བདག་ལ་གུས་བྱེད་སྐལ་ངན་གྱི། །སྐྱེ་བོ་ལས་འདིར་བདེ་བ་འང་མེད། །དེ་ལྟས་བདག་ལ་ཆགས་ལྡན་པ། །བརླང་ཞིང་ང་རྒྱལ་སེར་སྣ་ཅན། །ཀུན་ལས་འཕགས་པའི་ཚུལ་ལྟ་བུ། །དེ་ལས་ཟློག་སྟེ་བསྒོམ ་བར་བྱ། །བདག་ལ་གུས་པར་བྱེད་པ་འདི། །བསྟོད་སྨད་ལ་སོགས་ཆུས་བཅུས་པས། །འཕེལ་ཏེ་དམྱལ་བའི་ཚུལ་ཞག་གིས། །བཏབ་པས་དམྱལ་བའི་མེ་བཞིན་ནོ། །རེ་ཞིག་དགྲ་ལས་སེམས་མེད་ཕྱིར། །བདག་ལ་བསྟོད་དོ་སྙམ་མི་སྲིད། །བདག ་ལ་གཞན་དགའ་གྲགས་སྙམ་པ། །འདི་ནི་བདག་གི་བློ་གྲོས་འཁྲུལ། །དེ་མགུ་བ་ལ་བདག་དགའ་བ། །དེ་ནི་རྟག་ལ་སྤྱིར་འགྱུར་མོང། །དེ་བདེས་བྱ་བ་མེད་ཅེ་ན། །དགའ་ངེས་བདག་ལ་ཅི་ཞིག་བྱ། །གཞན་ནམ་ཡང་ན་བདག་ལའང་རུང། །གཞན་དགས་བདག ་165 ་ལ་ཅི་ཞིག་བྱ། འདི་ན་གཞན་གྱིས་དགའ་བས་བདག་།ལུས་ཀྱི་བདེ་བ་འདོད་མ་ཡིན། །དེ་ལྟར་ཤེས་ནས་གཞི་མེད་ཀྱི། །རྣམ་པར་རྟོག་པ་སྤང་བར་བྱ། །མ་གྲགས་སྨང་དང་མ་བཀུར་བ། །དེ་ལྟ་དོན་མེད་ཤེས་པར་བྱ། ། ་ཕྱག་འཚལ་སོགས་པས་ཆོས་མི་འགྱུར། །ཚེ་དང་ནང་མེད་སྟོབས་མི་འགྱུར། །ཆོས་འདྲེ་བྱེད་པའི་ཚེ་ན་ནི། །གཞན་གྱི་ལུས་སྒྱུར་བྱེད་དང་མཚུངས། །དགའ་འམ་འོན་ཏེ་མི་དགའ་ཡང། །རྙེད་དང་མི་རྙད?་མཚུངས་པར་འགྱུར། །དེ་ལྟར་དོན་མེད་རྣམ ་སྤངས་ཏེ། །རི་དང་མཚུངས་པའི་ཡིད་དུ་བྱ། །འདྲིས་པ་སྤངས་པས་སེམས་མྱུར་དུ་དག་པར་འགྱུར་རོ། །འདིར་ཡང་བསམ་པར་བྱ་སྟེ་།མཚན་མར་འཛིན་ལས་བྱུང་བ་ཡི། །ངོ?་ཤེས་པས་ནི་ཡང་དང་ཡང། །རྗེས་སུ་ཆགས་པར་སྐྱེད་པར་བྱེད།། ་དེ་ལས་ཁོང་ཁྲོ་འབྱུང་བར་འགྱུར། །གང་ལ་རྗེས་ཆགས་ཁོང་ཁྲོ་ཡོང། །དེས་ནི་སྡིག་པ་བཟློག་མ་ཡིན། །ཕྲག་དོག་སེར་སྣ་ལྷན་ཅིག་ཏུ། །བཀུར་བ་འདེབས་པ་སྣ་ཆོགས་འབྱུང། །རྙེད་ལ་སོགས་པ་འདོད་པ་དང། །ང་རྒྱལ་ལ་སོགས་མང་པོ ་འབྱུང། །དེས་ན་འབད་པ་ཐམས་ཅད་ཀྱིས། །ཐུབ་པས་འདྲིས་པ་ཐམས་ཅད་སྤང། འདྲི་ཕྱིར་འདི་ནི་གཞན་ཡིན་ཡང། །འཁྲུལ་པས་དེ་ནི་འདིའོ་ཞེས། །རྒྱུན་རྒྱུད་བཞིན་དུ་རྟོག་དེའི་ཕྱིར། །སྟོབས་ཀྱིས་དེ་ཉིད་ལ་གནས་བྱ། །འདྲ་བ་འདི་ནི ་དངོས་མེད་དེ། །ཁྱེད་ལ་སྡུག་བསྔལ་བསྐྱེད་པར་འགྱུར། །ད་དང་དེ་དག་ཐམས་ཅད་ཀྱང། །རིང་པོར་མི་ཐོགས་མེད་པར་འགྱུར། །བསླབ་པ་ཀུན་ལས་བཏུས་པ་ལས་ལུས་ཡོངས་སུ་དག་པའི་ལེའུ་བཅུ་བཞི་པའོ།། །།ཡང་དག་འཚོ་བ་སྦྱངས ་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཇི་སྐད་དུ་།ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ཀྱི་ལོངས་སྤྱོད་ཚོལ་གྱིས་ཆོས་མ་ཡིན་པས་ནི་མི་ཆོས་ལོ། །མཐུན་པས་ཚོལ་གྱི་མི་མཐུན ་@165བ ་བསམ་ཡིན་ནོ། །ཡང་དག་པར་འཚོ་བ་ཡིན་གྱིས་ལོག་པས་འཚོ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་དང། སྦྱིན་བདག་མཐོང་ན་སྤྱོད་ལམ་མི་འཆོས་སོ་ཞེ་ན། གཉའ་ཤིང ་གང་ཙམ་དུ་བལྟ་བ་དང། སྐྱོ་བར་བལྟ་བ་དང། སྒྲིབ་པ་མེད་པར་བལྟ་བས་གོམ་པ་བགས་ཀྱིས་དལ་ནས་དལ་ནས་འདོར་ཞིང་འདེག་པ་མ་ཡིན་ཏེ། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ། །དག་གི་ཚུལ་འཆོས་པར་མི་བྱེད་དོ། ། ་།ཇི་ལྟར་ན། ངག་གི་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་རྙེད་པའི་རྒྱུ་རྙེད་པའི་ཕྱིར་གཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན་འཇམ་པོར་སྨྲ་བ་མ་ཡིན་དགའ་བར་སྨྲ་བ་མ་ཡིན་རྗེས་སུ་འབྲང་བའི་ཚིག་བརྗོད་པ་མ་ཡིན་ཏེ། དེ་ལྟར་ན་ངག་གི་ཚུལ་འཆོས ་པ་མི་བྱེད་དོ། །ཇི་ལྟར་ན་སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་འབྱེད་པའམ་སྦྱིན་པའི་བདག་པོས་རྙེད་པ་བསྟབས་ན། ཚིག་གིས་འདོད་པ་ཆུང་བར་སྟོན་ཅིང་སེམས་ཀྱིས་འདོད་པ་བསྐྱེད་པ་ཡིན་ནོ། །རིགས་ཀྱི་བུ་འདི ་ལྟ་སྟེ། ཚིག་གི་འདོད་པ་ཆུད་ལ་སེམས་ཀྱིས་རྙེད་པ་འདོད་པ་འདི་ནང་གི་གདུང་བ་ཡིན་ཏེ་།དེ་ལྟར་ན་སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་ཁ་གསག་གི་རྙེད་བ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པའམ་སྦྱིན་བདག་མཐོང་ན་བདག་གོས་ཀྱིས་ཕོངས་སོ་བདག་ལྷུང་བཟེད་ཀྱིས་ཕོངས་སོ། །བདག་ན་བའི་གསོས་སྨན་གྱིས་ཕོངས་སོ་ཞེས་གཞོག་སློངས་མི་བྱེད ་ཅིང། སྦྱིན་པ་བྱེད་པའམ། སྦྱིན་པའི་བདག་པོ་ལ་མི་སློང་ཞིང་ཚིག་ཏུ་མི་བརྗོད། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཞོགས་སློངས་ཀྱི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་འཐོབ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ ་སེམས་དཔའ་ནི་སྦྱིན་པ་བྱེད་པ་དང་སྦྱིན་བདག་མཐོང་ན་བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གིས་དངོས་པོ་ཆེ་གེ་མོ་ཞིག་བྱིན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ཞིག་བྱས་སོ། །དེས་ཀྱང་བདག་ལ་ནི་ཚུལ་ཁྲིམས་དང་ལྡན་པར་རིག་སྟེ་མང་དུ་ཐོས ་པའོ་འདོད་པ་ཆུང་བའོ་ཞེས་འདི་དང་འདི་བྱིན་ནོ། །བདག་གིས་ཀྱང་དེ་ལ་སྙིང་རྗེ་བའི་སེམས་ཉེ་བར་གཞག་སྟེ་བླངས་སོ་ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐོབ་ཀྱིས་འཇལ་བའི་རྙེད་པ་དང་ཐལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན་།རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་རྨ་བྱུང་བ་དང་སེམས་ལ་རྨ་བྱུང་པར་རྙེད་པ་ཚོལ་བ་མ་ཡིན་ནོ། །དེ་ལ་ལུས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པའི་རྒྱུ་རྙེད་པའི་ཕྱིར་བརྐྱུགས་པ་དང་ཀུན་དུ་བརྒྱུག ་པ་དང་ཚུལ་ཁྲིམས་འཆལ་བ་ལ་སྤྱོད་པའོ། །སེམས་ཀྱི་སྨིན?་འདི་ལྟ་སྟེ། རྙེད་པ་ལ་སྨོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱི་རྙེད་པ་དག་ལ་གནོད་སེམས་མང་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་བྱང་ཆུབ་སེམས་དཔའ་སྲང་ལ་སྒྱུ་མེད་པ་དང་བཅལ་བ་ལ་སྒྱུ་མེད་པ་དང་ཡིད་བརྟན་པ་ལ་གནོད་པར་བྱེད་པ་མེད་པ་དང་གཡོས་རྙེད་པ་མི་སྒྲུབ་པ་སྟེ། དེ་ལྟར་ན་བྱང ་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པའམ་ཆོས་ཀྱི་དང་འདྲེས་པ་འམ། དགེ་འདུན་གྱི་དང ་འདྲེས་པའམ་མ་བྱིན་པ་མ་གནང་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད། ཆགས་པའི་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ ་འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང་བདག་གིར་མི་བྱེད། །ནོར་དུ་མི་རྩེ?། ཚོགས་སུ་མི་བྱེད་ཅིང། །དུས་དུས་སུ་དགེ་སྦྱོང་དང་བྲམ་ཟེ་དང་ཕ་མ་དང་མཛའ་བོ་དང་བློན་པོ་དང་གཉེན་བཤེས་དང་སྣག་གི་གཉེན་མཚམས་དག་ལ་གཏོང་ཞིང་དུས་དུས་སུ་བདག ་ཀྱང་ཡོངས་སུ་སྤྱོད་ལ། ཡོངས་སུ་སྤྱོད་པའི་ཚེ་ཆགས་པ་མེད་པ་དང་ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ། །རྙེད་པ་མ་རྙེད་ན་ཡང་སྐྱོ་བའི་སེམས་མི་སྐྱེད་ཅིང་ཡོངས་སུ་ཡི་མི་འཆད་དེ་།སྦྱིན་པ་བྱེད་པ་དང་སྦྱིན་བདག་རྣམས་ལ་མ་དད་པར་མི་འཛིན་པ་ཡིན་ཏེ་ཞེས་བྱ་བ ་ལ་སོགས་པ་གསུངས་སོ། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་གསུངས་པ། འདི་ལྟ་སྟེ་།དང་འཛིན་པ་རྣམ་པར་དག་པ་སྦྱིན་པ་དེ་སྦྱིན་ནོ། །ད་ཡིད་འཛིན་པ་རྣམ་པར་དག་པར ་སྦྱིན་པ་དེ་སྦྱིན། རྒྱུ་རྣམ་པར་དག་བར་སྦྱིན་པ་དེ་སྦྱིན། །ལྟ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན་།མཚན་མ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ཐ་དད་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྣམ་པར་སྨིན་པ་ལ་མི་རེ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན ་ནམ་མཁའ་དང་མཚུངས་པའི་སེམས་རྣམ་པར་དག་པར་སྦྱིན་པ་སྦྱིན་ཏེ། །རྣམ་པར་དག་པ་བརྒྱད་པོ་འདི་དག་གི་སྒོ་ནས་སྦྱིན་པ་དེ་སྦྱིན་ནོ། །ཇི་ལྟར་ནམ་མཁའ་མཛའ་མེད་པ་བཞིན་དུ་སེམས་མཛའ་མེད་པར་བྱ་སྟེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་རྒྱ་ཆེ་ཞིང་སྒྲིགས ་པ་མེད་པ་བཞིན་དུ་བྱང་ཆུབ་ཏུ་བསྔོས་ཏེ་སྦྱིན་པ་དེ་སྦྱིན་ཏེ། ཇི་ལྟར་ནམ་མཁའ་ལ་གཟུགས་མེད་པ་བཞིན་ཏུ་གཟུགས་ཐམས་ཅད་ལ་མི་གནས་པར་སྦྱིན་པ་དེ་སྦྱིན་།ཇི་ལྟར་ནམ་མཁའ་ལ་ཚོར་བ་མེད་པ་དེ་བཞིན་དུ་ཚོང་བ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན།། ་ཇི་ལྟར་ནམ་མཁའ་ལ་འདུ་ཤེས་མེད་པ་དེ་བཞིན་དུ་འདུ་ཤེས་ཐམས་ཅད་ཀྱི་མདུད་པ་མེད་པར་སྦྱིན་པ་དེ་སྦྱིན་།ཇི་ལྟར་ནམ་མཁའ་འདུས་མ་བྱས་པ་དེ་བཞིན་དུ་འདུས་བྱས་ཐམས་ཅད་མེད་པར་སྦྱིན་པ་དེ་སྦྱིན་།ཇི་ལྟར་ནམ་མཁའ་མཚན་ཉིད་རྣམ་པར་རིག་པ ་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་མི་གནས་པར་སྦྱིན་པ་དེ་སྦྱིན་།ཇི་ལྟར་ནམ་མཁའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་སྦྱིན་པ་དེ་སྦྱིན་།ཇི་ལྟར ་ནམ་བཱ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་སྦྱིན་པ་དེ་སྦྱིན་།ཇི་ལྟར་ནམ་མཁའ་ལ་ངའི་བ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཡིད་ལ་བྱེད་པ་ཐམས་ཅད་དང་གྲེལ་པར་སྦྱིན་པ་དེ་སྦྱིན། ་ཇི་ལྟར་སྤྲུལ་བས་སྤྲུལ་པ་ལ་སྦྱིན་པ་ལྟ་བུར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་འགྲུབ་སྟེ་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ལ་རེ་བ་མེད་པ་དེ་ལྟར་རྣཾ་པ་ཤེས་པ་དང་བྲལ་བའི་ཕྱིར་སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་རྣམ་པར་དོག ་པར་བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་སྦྱིན་ཏེ་།རིགས་ཀྱི་བུ་གང་དེ་ལྟ་བུར་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི། ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་འདོར་ཞིང་ཐབས་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་མི ་ལ་གཏོང་བ་སྟེ་།རིགས་ཀྱི་བུ་དེ་ལྟ་བུར་གཏོང་བའི་སེམས་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང། སེམས་ཅན་རྣམས་ལ་གནོད་པའི་སྦྱིན་པ་མེད་པ་ནས ་ཇི་སྐད་སྨོས་པ་ལས་བྲི་བའི་སྦྱིན་པ་མེད་པའི་བར་དང། སེམས་ཅན་ཐམས་ཅད་ལ་སྦྱིན་གནས་མ་ཡིན་ནོ་ཞེས་བརྙས་པའི་སྦྱིན་པ་མེད་པའི་བར་དང། དེ་བཞིན་ཉིད་དུ་སྦྱར་ཏེ། སྨེ་བའི་སྦྱིན་པ་མེད་དོ། །སློང་བ་རྣམས་ལ་གནོད་པའི་བར་བགྱི་སྦྱིན ་པ་མི་དང། བསྟིང་བ་དང་བྲིང་པའི་སྦྱིན་པ་མེད་དོ། །རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་མེད་དོ། །བོར་བའི་སྦྱིན་པ་མེད་དོ། །བརྙས་པའི་སྦྱིན་པ་མེད་དོ། །རང་གི་ལག་མདར་བའི་སྦྱིན་པ་མང་དོ། །དེ་བཞིན་དུ་སྦྱར་ཏེ་།མི་རུང་བ་སྦྱིན་པ་མེད་དེ་།དུས ་མ་ཡིན་པའི་སྦྱིན་པ་མེད་དོ། །དུག་དང་མཚོན་ཆ་སྦྱིན་པ་མེད་དོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་སྦྱིན་པ་མེད་དོ་ཞེས་གསུངས་སོ། །དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། དེས་གཞན་དག་ལ་ཆང་ཡང་སྦྱིན་ཏེ། དེས་འདི་སྙམ་དུ་འདི་ནི་སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པའི་དུས་ཡིན་ཏེ། གད་ཅི་འདོད་པ་དེ་ལ་དེ་སྦྱིན་པའི་དུས་ལ་བབ་ཀྱི་བདག་གིས་འདི་ལྟར་བྱ་སྟེ་།གང་དང་གང་ལ་འདི་ལྟར་ཆང་ཡང་བྱིན་ནས་གང་འདི་འཁྲུལ་པ་མེད་པའི་སྤྱོད་པ་ལ་དེ་དང་དེ་དག་དྲན་པ་དང་ཤེས་བཞིན་ཡང་དག་པར ་འཛིན་དུ་གཞུག་གོ། །སྙམ་པའི་འདྲུ་ཤེས་བསྐྱེད་པར་བྱའོ་ཞེས་གང་གསུངས་པ་ནི། ཆང་གི་སྒོ་ནས་ཀྱང་བྱང་ཆུབ་སེམས་དཔའ་ལ་དེ་ཐག་ཆད་དེ་ཁོང་ཁྲོ་བ་ལྕི་བར་འགྱུར་བས་།འདིས་སེམས་ཅན་སྡུ་བ་ཉམས་པར་འགྱུར་ཏེ་།གཞན་དད་པར་བྱེད ་པའི་ཐབས་སུ་འགར་བས་ཆང་སྦྱིན་ནོ་ཞེས་བྱ་བར་དགོངས་པའོ། །མཚོན་ཆ་ལ་སོགས་པ་ཡང་གལ་ཏེ་གནོད་པར་མི་འགྱུར་བ་ལྟ་ན་ལྕི་ཡང་བརྟགས་ཏེ་བྱིན་ན་ལྟུང་བ་མེད་པར་འདི་ཉིད་ཀྱི་མངོན་ནོ། །མདོ་སྡེ་ལས་ནི་སྤྱིར་བཀག་པ་གསུངས་སོ། །སྦྱིན་པ ་རྣམ་པར་དག་པའི་ཕྱོགས་ཙམ་ཞིག་བཤད་ཟིན་ཏོ། །ཚུལ་ཁྲིམས་རྣམ་པར་དག་པ་ནི། འཕགས་པ་ནམ་མཁའ་མཛོད་ཀྱི་མད?་ལས་གསུངས་ཏེ་།སེམས་ཅན་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་དང། ཚད་མར་གྱུར་པ ་རྣམ་པར་དག་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མེད་པ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཚུལ་ཁྲིམས་རྣམ་པར་དག་པ་ནི་ནམ་མཁའ་དག་པ་སྟེ་ཚུལ་ཁྲིམས་དེ་ཡང་དག་པའོ། །ནམ་མཁའ་དྲི་མ་མེད་སྟེ་ཚུལ་ཁྲིམས་དེ་ཡང་དྲི་མ་མེད་པའོ།། ་ནམ་མཁའ་ཞི་བ་སྟེ་ཚུལ་ཁྲིམས་ཡང་ཞི་བའོ། །ནམ་མཁའ་མི་ཐོ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་མཐོ་བའོ། །ནམ་མཁའ་མི་དམའ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་དམའ་བ་ནས། ནམ་མཁའ་མི་ཆོད་མི་ཕྱེད་པ་སྟེ་ཚུལ་ཁྲིམས་དེ་ཡང་མེ་ཆོད་མི་ཕྱེད་པ་ལ་སོགས་པའི་པར ་དུའོ། །ནམ་མཁའ་ཞེ་འགྲས་པ་མེད་དེ་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང། ནམ་མཁའ་མཉམ་བར་སྦྱར་བ་སྟེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་བའི་བཟོད་བ་ཡོངས་སུ་དག་པ་ཞེས་བྱ་བ་ལ ་སོགས་པའོ། །འདི་ལྟ་སྟེ་དཔེར་ན་ཤིང་ས་ལ་ཆེན་པོའི་ཚལ་ཡོད་པར་ལ་ལ་ཞིག་འོངས་ཏེ་ཤིང་ས་ལ་བཅད་ན་།དེ་ལ་ཤིངས་ལ་བཅད་པའི་ལྷག་མ་རྣམས་འདི་སྙམ་དུ་འདི་དག་ནི་བཅད་དོ། །བདག་གིས་བཅད་དོ་སྙམ་དུ་མི་སེཾས་ཏེ་།དེ་དག་བ་རྗེས་སུ་ཆགས ་བ་ཡང་མེད་ཁོང་ཁྲོ་བ་ཡང་མེད་དེ་མི་རྟོག་རྣམ་པར་མི་རྟོག་ཡོངས་སུ་མི་རྟོག་། དེ་བཞིན་དུ་གོང་བཟོད་པ་ནི་བྱང་ཆུབ་སེམས་དཔའ་བཟོད་བས་ནམ་མཁའ་དང་མཚུངས་པ་ཡོངས་སུ་དག་བའི་མཆོག་གོ་ཞེས་གསུངས་སོ། །འཕགས་བ་གཙུག་ན་རིན ་བོ་ཆེའི་མདོ་ལས། རྒྱ་ཆེར་སྨོས་ཏེ་གསུངས་པ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ཡོངས་སུ་དག་པ་གང་ཞེ་ན། གང་ལུས་ལ་མིག་ཡོང་དང་གཟུགས་བརྙན་དུ་འདུ་ཤེས་པ། །ཚིག་ལ་བརྗོད་དུ་མེད་བར་ཤེས་པ། །སེམས་ལ་ཤིན་ཏུ་ཉེ ་བར་ཞི་བར་ཤེས་པའོ། །དེ་བཞིན་དུ་བྱམས་པ་ཆེན་པོའི་གོ་བགོས། སྙིང་རྗེ་ཆེན་པོའི་གནས་ལ་གནས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་བའི་སྟོང་པ་ཉིད་ཀྱིས་རྣམ་པས་མདོན་བར་བསྒྲུབས་པ་བསམ་གཏན་ཏུ་བྱེད་ངོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི ་མཆོག་དང་ལྡན་བའི་སྟོང་བ་ཉིད་གང་ཞེ་ན། སྦྱིན་བ་མ་ཚང་བ་མེད་པ་ནས་ཐབས་མཚད་པ་མེད་བའི་བར་དང། བྱམས་པ་ཆེན་པོ་རང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་མཚར་བ་མེད་པ་དང། བདེན་པ་ཤེས་པ་ལ་འཇུག་པ་མ་ཚང་བ་མེད་པ་དང། ་བྱང་ཆུབ་ཀྱིས་སེམས་སེམས་ཅན་ལ་ལྟ་བ་མཚད་བ་མེད་པ་དང། བསམ་པ་དང་ལྷག་པའི་བསམ་བའི་སྦྱོར་བ་མཚད་བ་མེད་བ་དང། སྦྱིན་པ་དང་སྙན་བར་སྨྲ་བ་དང་སྒོ་དབྱེད་པ་དང་དོན་མཐུན་པ་མ་ཚང་བ་མེད་པ་དང། དྲན་པ་དང་ཤེས་བཞིན་མ་ཚང་བ་མེད ་པ་དང། དྲན་བ་ཉེ་བར་གཞག་བ་དང་ཡང་དག་པར་སྦོད་བ་དང་རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚད་བ་མེད་པ་དང། ཞི་གནས་དང་ལྷག་མཐོང་མཚད་བ་མེད་པ་དང། དེ་བཞིན ་དུ་སྦྱར་ཏེ་།རང་བཞིན་གྱི་ཉེ་བར་ཞི་བ་ལ་ལས་དང་ཉོན་མོངས་པ་རྣམས་གྱིས་ཉེ་བར་ཞི་བ་དང། ཆོས་ཉིད་ཀྱི་བཏང་སྙོམས་པ་།སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྟ་བ་།རང་གི་མཚན་ཉིད་ཀྱིས་བེམ་པོ་དང། བྱིན་གྱི་བརླབས་བྱ་བའི་ཕྱིར་རྣམ་པར ་གྲོལ་བ་མེད་པ་དང། རང་གི་རང་གིས་མི་ལྡོག་པ་དང། སངས་རྒྱས་གྱི་བྱ་བ་ལ་རྟག་ཏུ་བརྩོན་པ་དང། ཉེ་བར་བཞི་བས་བསིལ་བར་འགྱུར་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟག་ཏུ་འབར་བ་སྟེ་།འདི་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང ་ལྡན་བའི་སྟོང་པ་ཉིད་ཅེས་བྱ་བ་ནས་།རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོད་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུའོ། །འདིས་ནི་ཤེས་རབ་ཡོངས་སུ་དག་པར་ཡང་རིགས་པར་བྱ་སྟེ་།བསོད་ནམས་ཐམས་ཅད ་ལ་ཡང་དེ་བཞིན་ནོ། །བསླབ་པ་ཀུན་ལས་གཏུས་པ་ལས། ལོངས་སྤྱོད་དང་བསོད་ནམས་དག་བའི་ལེའུ་སྟེ་།བཅོ་ལྔ་པའོ།། །།ད་ནི་གསུམ་ཆར་གྱི་འཕེལ་བ་ཡང་བརྗོད་པར་བྱ་སྟེ་།ཅིའི་དོན་དུ་ཞེ་ན། གཟུང་བར་བྱ་བ་རབ?་མང ་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་དུ་ངོམས་པ་བསྐྱེད་མ་ཡིན། །དེ་ཕྱིར་འདི་ནི་འཕེལ་བར་བྱ། །ཤིན་ཏུ་དོམས་པ་ནི་སངས་རྒྱས་ཉིད་ཏེ་།དེ་ནི་ཉན་ཐོས་དང་ཐུན་མོང་བའི་དག་བ་ཙམ་གྱི་སེམས་ཅན་རྣམས་ལ་མི་སྐྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ལུས ་འཕེལ་བྱ་བ་གང་ཞེ་ན། ལེ་ལོ་མེད་དང་སྟོབས་པ་སྐྱེད་ཡིན་།དེ་ལ་འཕགས་པ་དཀོན་མཆོག་སྦྲིན་ལས་སྟོབས་གསུངས་ཏེ་། གང་བྱང་ཆུབ་སེམས་དཔའ་ཨི་སྟོབས་ལ་སྟོབས་ཀྱིས་རྫི་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་མེད་དོ་ཞེས་བྱ་བ་ལ་སོགས ་169 ་པའོ། །དེ་བསྐྱེད་པ་ཇི་ལྟ་བུ་ཞེ་ན་།གང་འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཀྱང་མ་སྐྱེས་འགྲས་།འཕགས་པ་ལག་ན་རྡོ་རྗེའི་སྟོབས་མཐོང་ནས་ངོ་མཚར་དུ་གྱུར་ཅེས་ཞུས་ནས་།བཅོམ་ལྡན་འདས་ཀྱིས ་གསུངས་པ་།རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སྟོབས་འདི་ལྟ་བུ་ཐོབ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་སྟོང་གི་དམ་པའི་ཆོས་ནི་ཡོངས་སུ་མི་གཏོང་བ་དང་སེམས་ཅན་ཐམས ་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་པར་མི་བྱེད་པ་དང། སེམས་ཅན་མཐུ་ཆུད་བ་རྣམས་ལ་བཟོད་ཅིང་ཁྲོ་བར་མི་བྱེད་པ་དང། སེམས་ཅན་བཀྲེས་པ་རྣམས་ལ་ཁ་ཟས་བཟང་པོ་མཆོག་སྦྱིན་པ་དང། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང། སེམས ་ཅན་ནད་པ་རྣམས་ལ་ཡང་དག་པའི་གསོ་བ་བྱ་བར་སྤྲོ་བ་དང། སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་དག་གིས་ཚིམ་པར་བྱེད་པ་དང། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་སྐུད་པ་དང། སེམས་ཅན་རྣམས་ལ་ཀུན་དགའ་བར་འགྱུར་བའི་ཚིག ་སྒྲོགས་བ་དང། སེམས་ཅན་དབུལ་བོ་སྡུག་བསྔལ་བ་ཆད་པ་རྣམས་ཀྱི་ཁུར་ཁྱེར་བར་སྤྲོ་བ་སྟེ་།རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་སྔན་ན་སྟོབས་འདི་ལྟ་བུ་འཐོབ་བ་ཞེས་བྱ་བའོ། །ལེ་ལོ་མེད་པ་བསྐྱེད་པ་གང་ཞེ་ན་།གང་བརྩོན ་འགྲུས་བསྐྱེད་པ་སྟེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྟུལ་བ་བརྟན་པར་བརྩོན་འགྲུས་རྩོམ་པར་བྱའོ། །བྱང་ཆུབ་སེམས་དཔས་བརྩོན་པ་མི་འདོད་པར་མོས ་པ་དྲག་པོ་བྱའོ། །བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་ ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ ་@169བ ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ། །ལེ་ལོ་རྣམས་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་རྣམས་ལ་ནི་གཞན་གྱི་དོན་མེད་དོ་ཞེས་བྱ་བའོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང། ཨུཏཔལ?་ཆུ་ནང་ཇི་བཞིན་དུ། །དེ་ནི་མཐར་གྱིས་རྣམ་པར ་འཕེལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་ལུས་འཕེལ་བ་མདོར་བསྡུས་པའོ། །སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །རྡོ་རྗེ་གཅོད་པ་ལས་ཀྱང། བྱང་ཆུབ་སེམས་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད ་ནམས་ཕུད་པོ་ཚང་གཟུང་བར་སླ་བ་མ་ཡིན་ནོ་ཞེས་ཇི་སྐད་དུ་གསུངས་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ཆུང ་དུ་ཞིག་བྱིན་ལ། ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་གྲངས་མེད་དཔག་ཏུ་མེད་པར་བྱ་བར་འདོད་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གསེར་དང་དངུལ་དང་སྐྱེད་མོས་ཚལ་དང་རྒྱལ་སྲིད་ལ་སོགས་པའི་ཡོ? ་བྱད་ཀྱི་བར་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་མེད་པར་ཅི་ཡང་མི་སྤྱོད་དོ་ཞེས་བརྗོད ་པར་བྱའོ། །འདི་ནི་ལོང་སྤྱོད་འཕེལ་བ་མདོར་བསྡུས་པའོ། །བསླབ་པ་ཀུན་ལས་བཏུས་པ།། །།བམ་པོ་བཅུ་གཉིས་པའོ། །བསོད་ནམས་འཕེལ་པ་ནི་འཕེལ་བ་རྣམས་ཀྱིས་རྩ་བ་ཡིན་པ་དེའི་དོན་དུ་གྲབས་བཤམ་པ་བརྗོད་པར་བྱའོ། །བརྩོན ་དང་བསམ་པ་བརྟན་པ་ཡང། །དང་པོར་ནན་ཏན་བྱས་ནས་ནི། །སྙིང་རྗེ་མདུན་དུ་བཞགས་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །སེམས་སྦྱང་བའི་ཕྱིར་བརྩོན་འགྲུས་དང་པོར་དུས་སུ་བསྒོམ་པ་སྦྱོར་བ་རྩོམ་པའི་ཚེ་ཡང?་སྔོན་དུ་བྱེད་པས་བརྟན་པར་བྱ་བའི ་ཕྱིར་ཚིགས་སུ་བཅད་པའོ། །འཐབ་པའི་དུས་ཉེ་བར་གྱུར་པའི་ཚེ་མཚོན་ཆ་ལ་མཁས་པ་ལ་གུས་པ་བཞིན་དུ་སྦྱར་བ་དང་དུས་མཉམ་དུ་བརྟན་པར་བྱའོ་ཞེས་ལྟོད་པར་བཟློག་པའི་ཕྱིར་དང་པོ་ཞེས་བྱ་བ་སྨྲོས་སོ། །དེ་ལ་བརྩོན་པ་རྟན་པར ་བྱེད་པ་ཇི་ལྟ་བུ་ཞེ་ན་།ཇི་ལྟར་འཕགས་པ་ནོར་བཟང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྗེས་སུ་བསྟན་པ་དེ་ནི་རྗེས་སུ་རྣམ་པར་སེམས། སྔོན་གྱི་མཛའ་ཨི་མུར་ཐུག་པའི་ལུས་མང་པོ་ཡང་དག་པའི་སྤྱོད་པ་ཉམས་སུ་མ་བླངས་པར་ཆུད་ཟོས་པ་ལ་བསམ་པས་ནི་ལུས་ཀྱི ་སྟོབས་།རབ་ཏུ་རྟན་པར་བྱེད། སྔོན་གྱི་མཛའ་ཨི་མུར་ཐུག་པའི་ལུས་དང་སེམས་ཡོངས་སུ་དག་ཀྱང་དོན་མེད་པར་འཁོར་བའི་སེམས་ཀྱི་རྒྱུད་དུ་གྱུར་པ་ལ་བསམ་བས་ནི་སེམས་དང་ཡིད་ལ་བྱ་བ་ཆར་གཅད་།སྔོན་གྱི་མཛའ་ཨི་མུར་ཐུག་པའི་ལས་ཡང་དག་པ་པ ་ཡིན་པས་འཇིག་རྟེན་གྱི་དོན་དུ་གཡིན་སྤྱོ་སྟེ་དོན་མེད་པར་ཤ་ཐང་བ་ལ་བསམ་པས་ནི་ད་ལྟར་བྱུང་བའི་དོན་ཤིན་ཏུ་གཅེས་པ་ལེགས་པར་བསྒྲུབ་པ་རྣམ་པར་སེམས། སྔོན་གྱི་མཛའ་ཨི་མུར་ཐུག་པའི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་ཀུན་ནས་བསླད་པའི་ཕྱིན་ཅི་ལོག ་གི་ཀུན་ཏུ་རྟོག་པས་ཡང་དག་པར་བརྟན་པའི་ཡིད་ལ་བྱེད་པའི་བསམ་བས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ཡང་དག་པའི་རྟོག་པས་མངོན་པར་འདུས་བྱས་པའི་སྟོབས་ཡང་དག་པར་བསྐྱེད། འདས་པའི་ལུས་ཀྱི་བདག་གི་དོན་གྱི་སྦྱོར་བ་ལ ་རྩོམ་པའི་ཡུལ་ལ་ཡོངས་སུ་བསམ་པས་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་བ་ལས་ཁྱད་དུ་འཕགས་པར་ལྟག་པའི་བསམ་བའི་སྟོབས་རབ་ཏུ་རྟན་པར་བྱེད་འདས་པའི་འདོད་པ་ཡོངས་སུ་ཆོལ་བའི་སྤྱོད་པ་རོ་མེད་པ་ལ་ཡོངས་སུ་བསམ་པས་ན་སངས་རྒྱས་ཀྱི་ཆོས ་ཐམས་ཅད་འཐོབ་པའི་སྦྱོར་བས་དབུགས་ཕྱིན་པ་ཆེན་པོ་འཐོབ་པའི་དབང་པོའི་ཤུགS་དྲག་པོ་རྣམ་པར་འཕེལ་བར་བྱེད། འདས་པའི་དུས་ཀྱི་བསམ་པ་ཕྱིན་ཅི་ལོག་དང་ལྡན་པའི་སྦྱོར་བ་ལ་ཡོངས་སུ་བསམ་པས་ནི་ད་ལྟར་བྱུང་བའི་དུས་སུ་བྱིན་ཅི་ལོག་མེད་པ ་དང་ལྡན་པའི་ཡང་དག་པའི་ལྟ་བ་དང་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་ལ་ཡི་དམ་བཅའ་བས་སེམས་ཀྱིས་རྒྱུད་ཡོངས་སུ་རྒྱས་པར་བྱེད། སྔོན་གྱི་མཛའ་ཨི་བརྩོན་འགྲུས་བརྩམས་བ་མི་ཆ་ལ་དོན་མ་ཡིན་པ་དང་ཡོངས་སུ་མ་གྲུབ་པའི་བརྩོན་འགྲུས་ཉམས ་སུ་བླངས་བ་ལ་ཡོངས་སུ་བསམ་པས་ནི་ད་ལྟར་བྱུང་བའི་དུས་སུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་སྟ་གོན་དུ་གནས་པཱི་རྩོན་འགྲུས་ཆེན་པོ་བརྩོམ་པའི་རྣམ་པར་གནོན་པས་ལུས་དང་སེམས་ཀྱི་གཟེངས་མཐོ་བ་ཡང་དག་པར་བསྐྱེད། སྔོན་གྱི་མཛའ་ཨི ་མུར་ཐུག་བའི་འགྲོ་བ་ལྔའི་རྒྱུད་ཀྱི་ངན་སོང་དུ་བདག་དང་གཞན་པོར་བ་ལ་བརྟགས་པས་ལུས་འཚོ་བ་མེད་པ་ཡོངས་སུ་བཟུང་བ་ལ་ཡང་དག་པར་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པ་དང་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བ་དང་དགེ་བའི ་བཤེས་གཉེན་ཐམས་ཅད་བསྙེན་པར་ནུས་པའི་ལུས་ཡོངས་སུ་བཟུང་བས་དགའ་བ་དང་མཆོག་ཏུ་དགའ་བའི་ཤུགས་དྲགས་པོ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད། དེ་ལྟར་བྱུང་བའི་སྐྱེ་བ་མངོན་པར་གྲུབ་པའི་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་གྱི་འབྱུང ་གནས་སུ་འགྱུར་ཏེ་འདུ་བ་དང་འབྲལ་བའི་གཏེར་དུ་གྱུར་པའི་ལུས་ཀྱང། ཕྱི་མའི་མཛའ་ཨི་བསྐལ་པའི་མུར་ཐུག་བར་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྤྱད་པ་ལ་བརྩོན་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ ་བརྩོན་པ་དང་དེ་བཞིན་གཤེགས་པའི་ཞལ་བལྟ་ཞིང་ཞིང་ཐམས་ཅད་དུ་རྒྱུ་བ་དང་ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོ་བྱ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བཟུང་བ་ལ་བརྩོན་པ་དང་ཆོས་ཡོངས་སུ་བཙལ་པའི་གྲོགས་སུ ་གྱུར་པ་དང་དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་བར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་དང་ཡེ་ཤེས་ཀྱི་ལུས་ཀྱི་རྒྱུ་དང་རྐྱེན་དུ་གྱུར་པ་ལ་བལྟས་ཤིང ་དགེ་བའི་རྩ་བའི་དབང་པོ་དང་ཤུགས་བསམ་གྱིས་མི་ཁྱབ་པ་རྣཾ་པར་ཕེལ?་པར་བྱེད་ཅིང་འཕགས་པ་བྱམས་པའི་དྲུང་དུ་སོང་བ་བཞིན་ནོ། །འཕགས་པ་བློ་གྲོས་མི་ཟད་ཐའི?་མདོ་ལས་ཀྱང། །བྱང་ཆུབ་སེམས་དཔའ་ནི་གཅིག་པུ ་གཉིས་སུ་མེད་པ་བླ་ན་མེད་ཅིང་གྲོགས་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་གྱོན་ཏེ། དེ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཡོངས་སུ་ཟིན་བའི་ལྟག་པའི་བསཾ་པས། ཕ་རོལ་གྱིས་སྐབས་མི་འབྱེད་པར་བདག་ཉིད་བྱེད་དོ། །རང་གི་སྟོབས་ཀྱིས་འཕགས ་སོ། །དེ་དེ་ལྟར་གོ་ཆ་སྲ་བ་བགོས་པས་སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ་ཐོབ་པར་བྱ་བ་གང་ཅི་ཡིན་པ་དེ་བདག་གིས་ཐོབ་པར་བྱའོ། །གང་འཕགས་པ་ཐམས་ཅད་དང་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་པར ་མི་འགྱུར་བ་དེ་ནི་བདག་གིས་ཡོངས་སུ་ཐོབ་པར་བྱའོ། །སྦྱིན་པ་ནི་བདག་གི་གྲོགས་མ་ཡིན་བདག་ནི་སྦྱིན་པའི་གྲོགས་སོ། །ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུམ་དང་བསམ་གཏན་དང་ཤེས་རབ་ཀྱི་གྲོགས་མ་ཡིན་གྱི། བདག་ནི་ཚུལ་ཁྲིམས་དང ་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་རྣམས་ཀྱི་གྲོགས་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བདག་ལ་བསྙེན་བཀུར་མི་བྱའི། བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བསྙེན་བཀུར་བྱའོ། །དེ་བཞིན་དུ་བསྡུ་བའི་དངོས་པོ་རྣམས ་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཡང་སྦྱར་རོ། །ཇི་ཙམ་དུ་བདག་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ལ་གནས་ཏེ། བདུད་སྟོབས་རང་བཅས་པ་བཏུལ་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན ་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་གསུངས་སོ། །འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་ཀྱང། འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཉི་མ་འཚར་བ་ན་དམུས་ལོང་གི་ཉེས་པས ་མི་འདུག་གོ་།དྲི་ཟའི་གྲོང་ཁྱེར་གྱིས་ཉེས་པས་མི་འདུག་གོ་།གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སའི་རྡུལ་གྱི་ཉེས་པས་མི་འདུག་གོ། ལྟ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་ཉེས་པས་མི་འདུག་གོ་།དུ་བའི་དཀྱིལ་འཁོར་གྱི་ཉེས་པས་མི་འདུག་གོ་།ཛམ་བུའི ་གླིང་གི་ཉེ་བའི་ཉོན་མོངས་པའི་ཉེས་བས་མི་འདུག་གོ། གྲིབ་མ་ཐ་དད་པའི་ཉེས་པས་མི་འདུག་གོ་།རི་མི་མཉམ་པའི་ཉེས་པས་མི་འདུག་གོ་།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་དང་ཤེས་བཞིན་ཅན་སེམས་ཟབ་ཅིང་རྒྱ་ཆེ་བ་རྣམ ་པར་མ་ཞུམ་པ་ཡོན་ཏན་གྱི་སྤྱོད་པ་དང་ཡེ་ཤེས་ཀྱི་སྤྱོད་པ་མཛའ་གཏུགས་པ་ནི་སེམས་ཅན་འཁུ་བའི་ངང་ཚུལ་ཅན་གྱིས་ཉེས་པས་མི་ལྡོག་གོ་།སེམས་ཅན་དམུ་རྒོད་ཀྱི་ཉེས་པས་མི་ལྡོག་གོ་།དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་མེད་པར་མི་གནས་སོ། །སེམས ་ཅན་དང་ལྟ་བའི་སྙིགས་མའི་ཉེས་པས་མི་ལྡོག་གོ་།སེམས་ཅན་སེམས་འཁྲུགས་པ་རྣམས་དང་རིང་བར་མི་འགྱུར་རོ། །སེམས་ཅན་སེམས་མ་རུངས་པར་གྱུར་པས་བྱང་ཆུབ་ཀྱི་གོ་ཆ་རྒྱུན་གཅོད་པར་མི་བྱེད་དོ། །སེམས་ཅན་གྱི་འཐབ་པའི་རྙོག་པ་རྣམས་ཀྱིས་འགྲོ ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་རྒྱུན་གཅོད་པར་མི་བྱེད་དོ། །ཇི་ཙམ་དུ་བྱིས་པའི་སྐྱེ་བོ་དང་འགྲོགས་པ་དང་སེམས་ཅན་གཞན་གྱི་ཉེས་པ་རྣམས་ཀྱི་སྐྱོ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདི་ལྟ་སྟེ།འགྲོ་བ་ཐམས་ཅད་རྣམ་པར ་དག་པར་གདུལ་པའི་ཕྱིར་སྒྲིབ་པ་མེད་བའི་དཀྱིལ་འཁོར་དུ་འཆར་རོ། །དེ་བཞིན་དུ་སྦྱར་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་དང་།སྒྲིབ་པ་སྣ་ཚོགས་དང་ལས་ཉེ་བར་གནས་པའི་སྒྲིབ་པ་གང་གི་དེ་དག་སངས་རྒྱས་མཐོང་བར་མི་འགྱུར ་བ་དང། ཆོས་ཉན་པར་མི་འགྱུར་བ་དང་དགེ་འདུན་ཤེས་པར་མི་འགྱུར་བ་དེ་ད་དག་གིས་ད་ངག་གི་སྒྲིབ་པར་འགྱུར་བའི་ལས་རྣམ་པ་གསུམ་བསགས་པའི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་འདིས་བླང་བར་བྱའོ། །སེམས་ཅན་དམྱལ་བར་སྐྱེ་པ་དེ་དག་དང་ངན་སོང ་གི་ས་ལ་གནས་པའི་སེམས་ཅན་དེ་དག་ཐམས་ཅད་དེ་ནས་ཤི་འཕོས་པར་གྱུར་ཅིང་བདག་གི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་བླང་བར་བྱའོ། །བརྩོན་པར་བྱའོ། །སྤྲོ་བར་བྱའོ། །མི་ལྡོག?་བར་བྱའོ། །མི་འགྲོས་པར་བྱའོ། །མི ་སྐྲག་པར་བྱའོ། །མི་འཇིགས་པར་བྱའོ། །ཕྱིར་མི་ལྡོག་པར་བྱའོ། །སྒྱིད་མི་ལུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བར་བྱའོ། །བདག་ནི་འདོད་དགར་བྱེད་པ་མ་ཡིན་ཏེ་།བདག་ནི་སེམས་ཅན་ཐམས་ཅད ་བསྒྲལ་བའི་སྨོན་ལམ་ཅན་ཡིན་གྱི་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱའོ། །བདག་གིས་འགྲོ་བ་ཐམས་ཅད་བསྒྲལ་བར་བྱས་ཏེ། སྐྱེ་བའི་དགོན་པ་དང་།རྒ་བའི་དགོན་པ་དང། ནང་ཀྱི་དགོན་པ་དང། འཆི་འཕོ་དང་སྐྱེ་བའི་དགོན་པ་དང། ་ངན་སོང་ཐམས་ཅད་ཀྱི་དགོན་པ་དང། མི་ཁོམས་པའི་དགོན་པ་དང། འདུ་བྱེད་ཐམས་ཅད་ཀྱི་དགོན་པ་དང་།ལྟ་པའི་ཐིབས?་པོ་ཐམས་ཅད་ཀྱི་དགོན་པ་དང། དགེ་བའི་ལས་ཆུད་ཟ་བའི་དགོན་པ་དང། མི་ཤེས་པ་ཀུན་ནས་ལངས ་པའི་དགོན་པ་དེ་དག་ཐམས་ཅད་ལས་།བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་ཐར་པར་བྱའོ། །སྲེད་པའི་དྲ་བར་ཆུད་པ་།མ་རིག་པའི་སྒྲིབ་པས་བསྒྲིབས་པ། སྲིད་པའི་སྲེད་པ་དང་ལྡན་པ་།མཐར་རབ་ཏུ་འཇིས་པར་འགྱུར་བ། ་སྡུག་བསྔལ་གྱི་གཟབ་ཏུ་བཅུག་པ། འཁོར་བའི་བཙོན་ར་ན་གནས་པ་།མི་མཁས་པ་།དམ་བཅས་པ་དང་འགལ་བ་།ཐེ་ཚོམ་ཟ་བར་གྱུར་པ་།རྟག་ཏུ་ཡིད་གཉིས་ཟ་བ་།མི་བདེ་བ་མཐོང་བ། འབྱུང་བ་ལ་མི་མཁས་པ་།སྲིད་པའི་རྒྱ ་མཚོ་གློང་འཁྱིལ་བའི་དཀྱིལ་འཁོར་ན་གཅིག་པུ་རྒྱུ་བའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད་ལ་དགོད་པའི་ཕྱིར་བདག་གིས་སྤྱད་པར་བྱའོ། །བདག་ནི་བདག་འབའ་ཞིག་ཡོངས་སུ་ཐར་པར་བྱ་བ་ལ་བརྩོན་པ་མ་ཡིན་གྱིས། ་བདག་གིས་སེམས་ཅན་འདི་དག་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སེམས་ཀྱིས་འཁོར་བ་འགྲོང་དཀའ་བ་ལས་བསྒྲལ་བར་བྱའོ། །གཡང་ས་ཆེན་པོ་ལས་འབྱུང་བར་བྱའོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་བྱའོ། །འཁོར་བའི་རྒྱུན་ལས ་བསྒྲལ་བར་བྱའོ། །བདག་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཁས་བླངས་སོ། །ཇི་ཙམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་ངན་སོང་ཐམས་ཅད་ཀྱི་སྡུག་བསྔལ་གྱིས་མྱོང་བར་སྤྲོ་བར་བྱའོ། །བདག་གིས་དགེ་བའི ་རྩ་བ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མི་འདོར་བར་བྱའོ། །བདག་ངན་སོང་གཅིག་ཏུ་ཡང་ཕྱི་མའི་མཛའ་ཨི་མུའི་བསྐལ་པར་གནས་པར་བརྩོན་པར་བྱའོ། །ངན་སོང་གཅིག་ལ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི ་ངན་སོང་མ་ལུས་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡོངས་སུ་ཐར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན་།བདག་གཅིག་པུ་སྡུག་བསྔལ་བར་གྱུར་པ་ནི་བླའི། བདག་གི་སེམས་ཅན་ཐམས་ཅད་ངན་སོང་གི་སར་རབ་ཏུ་ལྷུང ་བ་ནི་དེ་ལྟར་མ་ཡིན་ཏེ་།བདག་གིས་འདིར་བདག་ཉིད་གཏར་བཅུག་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་དགོན་པ་ལས་འགྲོ་བ་ཐམས་ཅད་བླུ་བར་བྱའོ། །བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ ་སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཐམས་ཅད་བདག་ཉིད་ཀྱི་ལུས་འདིས་མྱོང་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་གཉའོ་བདེན་པར་སྨྲ་བ་ཡིད་ཆེས་སུ་རུང་བ་མི་སླུ་བ་བྱ་བར་སྤྲོ་སྟེ་བདག་གི་སེམས་ཅན ་ཐམས་ཅད་ཡོངས་སུ་མི་གཏོང་ངོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ཅན་ཐམས་ཅད་ལ་དམིགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་སྟེ། འདི་ལྟར་འགྲོ་བ་ཐམས་ཅད་ཡོངས་སུ་ཐར་བར་བྱ་བའི་ཕྱིར་བདག་དགའ་བ་འདོད་པ་མ་ཡིན་པ ་173 ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་སོ། །བདག་ནི་འདོད་པའི་ཡོན་ཏན་ལྔའི་དགའ་བ་མྱོང་བར་བྱ་བ་མ་ཡིན། །འདོད་པའི་ཡུལ་བརྟེན་པའི་ཕྱིར་མ་ཡིན། །བདག་ནི་འདོད་པའི་ཁམས་སུ ་གཏོགས་པའི་བཀོད་པ་གཞན་དང་གཞན་སྒྲུབ་པའི་ཕྱིར་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྤྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱི་དགའ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་འདོད་པ་བསྟེན་པ་དེ་ནི་བདུད་ཀྱི ་སྤྱོད་ཡུལ་ལོ། །འདི་ལྟ་སྟེ་འདོད་པ་བསྟེན་པའི་ལམ་འདི་ནི་བློ་ངན་པས་བསྟེན་པའོ། །ཉེ་བར་བསྟེན་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་མ་བསྔགས་པའོ། །དེའི་ཕྱིར་ཉེ་བར་བསྟེན་པ་འདི་ནི་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འབྱུང་བ་ཉིད ་ཡིན་ཏེ་།དེ་ཉིད་ལས་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟན?་རྣམས་འབྱུང་ངོ། །སེམས་ཅན་རྣམས་འཐབ་པ་དང་རྩོད་པ་དང་མཚང་འབྲུ་བ་དང་འགྱེད་པ་དང་འཁྲུག་པ་དང་ཀུན་ཏུ་འཁྲུག་པ་རྣམས་འབྱུང་ངོ།། ་སེམས་ཅན་དེ་དག་གིས་འདོད་པ་བསྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐག་རིང་དུ་འགྱུར་རོ། །འདོད་པ་འདི་དག་ནི་མཐོ་རིས་སུ་སྐྱེ་བའི་བར་ཆད་དུ་ཡང་འགྱུར་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད་།སེམས་ཅན་ཐམས་ཅད་ཀྱི ་འགྲུབ་པ་དང་བདེ་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་།དེ་ལྟར་བདག་གི་འདོད་པ་སྐྱོན་ཚད་མེད་པ་དང་རབ་ཏུ་འབར་ཞིང་ཀུན་ཏུ་འབར་བར་མཐོང་གི་།དེ་ལྟ་བས་ན་བདག་གཞི་དེ་ལ་མི་སྤྱོད་པར་ནན་ཏན་བྱའོ། །དེ་བཞིན་དུ་སྦྱར་ཏེ་།ཇི་ལྟ་ཇི་ལྟར ་སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བ་དང། མྱོང་བ་མེད་པའི་བདེ་བ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བའི་བར་དུ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར། བདག་ཁ་ལོ་སྒྱུར་བ་ཡོངས་སུ་འདྲེན་པ། བདག་སྒྲོན་མ་འཛིན་པ། བདག་ཞི་བའི་འགྲོ་ཝ? ་@173བ ་སྟོན་པ། བདག་ངལ་བའི་འགྲོ་བ་ཐོབ་པ། བདག་ཐབས་ཤེས་པ། བདག་དོན་ལ་མཁས་པ་།བདག་འཁོར་བའི་རྒྱ་མཚོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གྲུས་ཡུལ་ཆེན་པོ་ལ་གནས་པ། བདག་ཡོངས་སུ་བསྔོ་བ་ལ་མཁས་པ། ཕ ་རོལ་སྟོན་པ་བདག་གི་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ། །དེ་བཞིན་དུ་སྦྱར་ཏེ་།གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱ་བའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་ཉི་མ་འཆར་བ་མ་ཡིན ་གྱིས་གླིང་བཞི་བ་སྣང་བར་བྱ་བའི་ཕྱིར་ཉི་མ་གཅིག་པོ་འདི་ཁོ་ན་འཆར་རོ། །གང་གིས་དག་ཉིན་མོའི་གྲངས་སུ་ཤེས་པར་འགྱུར་བ་དང་རང་གི་བྱ་བ་ཡོངས་སུ་ཐོབ་པར་འགྱུར་བ་དང། ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་དང། ཉིན་ཅིག་བཞིན་དུ་སྐྱེད་མོས ་ཚལ་དང་གྲོང་ཁྱེར་རྣམས་སུ་དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་པ་མྱོང་བར་འགྱུར་བ་དང། ཕྱོགས་མཐོང་པར་འགྱུར་བ་དང། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འོང་བ་དང་འགྲོ་བར་འགྱུར ་བའི་སྣང་བ་གླིང་བཞི་པར་སྐྱེས་པའི་སེམས་ཅན་རེ་རེའི་ལུས་ལས་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ་།ལྷའི་བུ་ཉི་མ་འཆར་བ་ན་ཉི་མའི་དཀྱིལ་འཁོར་གཅིག་བུ་གཉིས་སུ་མེད་པར་གླིང་བཞི་པའི་ཁམས་ཀྱི་སེམས་ཅན་རྣམས་ལ་སྣང་པར ་འབྱུང་ངོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་བསྒྲུབ་ཅིང་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ཡང་འདི་ལྟར་སེམས་བསྐྱེད་དེ་།སེམས་ཅན་འདི་དག་ལ་ནི་གང་གིས་འདི་དག་བར་གངས་སུ་སྐྱོབ་པར་འགྱུར་བའི་དགེ་བའི་རྩ་བ་དེ་མེད་ན། ་གཞན་སྐྱོབ་པར་ལྟ་སྨོས་ཀྱང་ཅི་དགོས་།བདག་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབ་པར་བྱའོ། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ། །འདི་ལྟ་སྟེ་།སེམས་ཅན་ཐམས་ཅད་ཐར་བར་བྱ་བ་དང། སེམS ་ཅན་ཐམས་ཅད་ལ་སྣང་བར་བྱ་བ་དང། སེམས་ཅན་ཐམས་ཅད་ལ་ཤེས་པར་བྱ་བ་དང། སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བ་དང། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་དང། སེམས་ཅན་ཐམས་ཅད ་ཡོངས་སུ་བསྒྲུབ་པ་དང། སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་བྱ་བ་དང། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་བཅད་པའི་ཕྱིར། བདག་ཉི་མའི་དཀྱིལ་འཁོར་ལྟ་བུར་བྱས་ཏེ་།གཞན་ལ་མི་ལྟོས་བར་བྱ། གཞན་ལ་སྐབས་ཕྱི་ཞིང་སེམས་ཅན ་ལ་གོ་ཆ་དོར་བར་མི་བྱ་།སེམས་ཅན་ཐམས་ཅད་ཀྱི་ཐད་དུ་སེམས་ཅན་བསྐྱབ་པའི་བརྩོན་པ་ལས་ལྡོག་པར་མི་བྱ་།སྡུག་བསྔལ་ཐམས་ཅད་བསལ་བའི་ཡོངས་སུ་བསྔོ་བ་ལས་ལྡོག་བར་མི་བྱ། དགེ་བའི་རྩ་བ་ཆུང་དུ་ཡོངས་སུ་བཟུང་བར་མི་བྱ། ཡོངས་སུ ་བསྔོ་བ་ཆུང་དུས་ཆོག་པར་མི་བསམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་ཀྱང། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གོ་ཆ་བགོའོ་ཞེས་བསྐལ་པ་བགྲང་པས་བྱང་ཆུབ་མི་ཚོལ་གྱི ་བསམ་གྱིས་མི་ཁྱབ་པའི་གོ་ཆ་གྱོན་པར་བྱེད་དོ། །གལ་ཏེ་འཁོར་བའི་སྔོན་གྱི་མཛའ་ཇི་ཙཾ་པ་དེ་ཅིའི?་ཉིན་ཞག་གཅིག་ཏུ་གྱུར་ལ་།ཉིན་ཞག་གི་ཚུལ་དེ་ལྟ་བུའི་ཉི་མ་བཅོ་ལྔས་ཟླ་བ་ཕྱེད་དུ་གྱུར་ལ་།ཉི་མ་སུམ་ཅུས་ཟླ་བ་གཅིག་ཏུ་གྱུར་ཏེ། ་ཟླ་བ་བཅུ་གཉིས་གྱི་ལོ་གཅིག་ཏུ་འགྱུར་ལ། །ལོ་བགྲང་བ་འདིས་ལོ་འབུམ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་མཐོད་ལ། འཇུག་པ་འདི་དང ་བགྲང་བ་འདིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་བསྐྱེད་པ་དང་དེ་བཞིན་གཤེགས་པ་མཐོད་བས་སེམས་ཅན་གཅིག་གི་སེམས་དང་སྤྱོད་པ་ཤེས་པར་གྱུར་ལ། འཇུག་པ་འདི་དང་བགྲང་བ་འདིས་དེ་སྙེད་ཀྱི་སེམས་བསྐྱེད་པ་དང། དེ་བཞིན ་གཤེགས་པ་མཐོང་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམས་ཤེས་པར་གྱུར་ཀྱང། མི་ཞུམ་པའི་གོ་ཆ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་གོ་ཆ་མི་བཟད་པ་ཞེས་གསུངས་སོ། །དེ་བཞིན་དུ་སྦྱིན་བ་ལ་སོགས་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་སྐྱེས ་བུ་ཆེན་པོའི་མཚན་རྣམས་ལ་ཡང་སྦྱར་རོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་མུ་རྒོད་སེམས་ཅན་གདུལ་དཀའ་བར་རིག་སྟེ། དེ་རྣམས་ཀྱི་ཡི་ཆད་ནས་འདི་ལྟ་བུའི་གདུལ་དཀའ་བའི་སེམས་ཅན ་འདི་དག་གིས་ཆོག་གོ་ཞེས་གཞི་དེ་ལས་ཡོངས་སུ་སྐྱོ་ཞིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ་།གང་ན་སེམས་ཅན་འདི་ལྟ་བུ་དག་གི་མིང་ཡང་མི་ཐོས་པའི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་སྨོན་ལམ་ནི་འདེབས་སོ། །སེམས་ཅན་གྱི་དོན་ལ་མ་ཕྱོཌ ་ངའི་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་ཡང་སྐྱེ་བར་མི་འགྱུར་ཏེ་།དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ནི་འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གང་རྣམས་ངན་པ་བརྩོན་འགྲུས་ཆུང་པ་བླུན་པོ་གླེན ་པ་ལུག་ལྟར་ལྐུག་པའི་རང་བཞིན་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའ་ཨི་ཆོས་ཅན། སེམས་ཅན་གྱི་ཁམས་མ་ལུས་པ་འདི་ལས་བསྙིགས་བ་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤང་བར་གྱུར་བ་ཡོད་པ་དེ་དག་བདག་གི་སངས ་རྒྱས་ཀྱི་ཞིང་དུ་འདུས་པར་གྱུར་ལ། བདག་གི་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཏུ་བཅུག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་དེ་།བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད ་པ་རེ་རེ་ལ་ཡང་བདུད་ཀྱི་གནས་ཐམས་ཅད་རབ་ཏུ་གཡོའོ། །སངས་རྒྱས་ཐམས་ཅད་ཀྱང་དེའི་བསྔག་པ་གསུང་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་རེ་ཞིག་བསོད་ནམས་མངོན་པར་སྤོལ་བར་འདོད་པས་བརྩོན་པ་བརྟན་པར་བྱའོ། །ད་ནི་བསམ་པ ་བརྟན་པར་བྱ་བ་བརྗོད་པར་བྱ་སྟེ་།བརྟན་པར་བྱ་བ་འདིས་ཅི་བྱ་སྙམ་དུ་རྟོག་པ་བསལ་བའི་ཕྱིར། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས ་རྣམས་ཀྱི་རྩ་བ་སྟེ་།གང་ལ་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ། །བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ལ་ནི་།གལ་ཏེ་སངས་རྒྱས་མ?་བཞུགས་ན་ཡང་ནམ་མཁའ་ཨི་དཀྱིལ་དང་རྩིག་པ་དང་ཤིང ་རྣམས་ལ་ཆོས་འབྱུང་ངོ། །བྱང་ཆུབ་སེམས་དཔའ་བསམ་པ་ལ་ནི་རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་འབྱུང་ངོ། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པར་བགྱིའོ། ། ་བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་གང་ལ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་བསམ་པ་མཆིས་པ་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ་ཡན་ལག་གི་དམ་པ་མགོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་གང་ལ་མཆིས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་གང་ལ་འཚོ་བ་མཆིས་དེ་ལ་རྙེད་པ་མཆིས་སོ། ། ་བཅོཾ་ལྡན་འདས་དེ་བཞིན་ཏུ་གང་ལ་བསམ་པ་མཆིས་པ་ལ་སངས་རྒྱས་ཀྱི་རྙེད་པ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་ཞུགས་ཤིང་མཆིས་ན་ཞུགས་འབར་གྱི་།ཞུགས་ཤིང་མ་མཆིས་ན་ཞུགས་མི་འབར་རོ། །བཅོམ་ལྡན་འདས ་དེ་བཞིན་དུ་བསམ་པ་མཆིས་པའི་བྱང་ཆུབ་སེམས་དཔའ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་འབར་གྱི་།བསམ་པ་མ་མཆིས་པ་ལ་མི་འབར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་སྤྲིན་ཆགས་ན་ཆར་འབབ་ཀྱི་སྤྲིན་མ་ཆགས་ན་ཆར་མི་འབབ ་པོ། །བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མཆིས་ན་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་གི་བསམ་པ་མ་མཆིས་ན་མི་འབྱུང་ངོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་ཞུགས་ཤིང་གང་རྩ་བ་ཉམས་པ་དེ་ལས་མེ་ཏོག་དང་འབྲས་བུ་རྣམས་མི་འབྱུང ་ངོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་བསམ་པ་ལོག་པར་ཞུགས་པ་དེ་ལས་དགེ་བའི་ཆོས་ཐམས་ཅད་མི་འབྱུང་ངོ། །བཅོམ་ལྡན་འདས་དེ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་རང་གི་བསམ་པ་ཤིན་ཏུ་བཟུང་བ་དང་ཤིན ་དུ་སྲུང་བ་དང་ཤིན་ཏུ་སྦྱང་བར་བགྱིའོ་ཞེས་བྱ་བའོ། །བསམ་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞེ་ན། འཕགས་པ་བློ་གྲོས་མི་ཟང་བའི་མདོ་ལས་།བསམ་པ་དེ་ཡང་མ་བྱས་པས་ན་བཅོས་མ་མ་ཡིན་ནོ། །གཡོ་མེད་པས་ན་བྱས་པ་མ་ཡིན་ནོ། །རབ་ཏུ ་རྟོགས་པས་ན་གཡེ་མེད་པའོ། །སྒྱུ་མེད་པས་ན་རབ་ཏུ་རྟོགས་པའོ། །དག་པས་ན་སྒྱུ་མེད?་པའོ། །དྲ་དེ་པས་ན་དག་པའོ། །གྱ་གྱུ་མེད་པས་ན་དྲང་བའོ། །གསལ་བས་ན་གྱ་གྱུ་མེད་པའོ། །མི་མཉམ་པ་མེད་པས་ན་གསལ་བའོ། །སྲ་བས་ན་མི་མཉམ ་པ་མེད་པའོ། །མི་ཕྱེད་པས་ན་སྲ་བའོ། །མཁྲང་བས་ན་མི་ཕྱེད་པའོ། །མི་གཡོ་བས་ན་མཁྲང་བའོ། །མི་གནས་པས་ན་མི་གཡོ་བའོ་ཞེས་བྱ་བ་ལ་སོགས་པའོ། །ཡོན་ཏན་ལྟག་པ་ཐོབ་བར་བྱ་བའི་ཕྱིར་ཞུགས་པ་ནི་ལྟག་པའི་བསམ་པ་ཞེས་བྱའོ། །དེ་ཉིད་ལས ་ཇི་སྐད་དུ། བྱེ་བྲག་ཏུ་འགྲོ་བའི་ཕྱིར་རྒྱལ་བའི་ལྟག་བའི་བསཾ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང། ཡང་ལྟག་པའི་བསམ་པ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ལ་ངེས་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའོ། །འཕགས་པ་རྣམས་ལ་ཕན་པར་སེམས་པའོ། ། ་འཕགས་པ་མ་ཡིན་པ་ལ་སྙིང་རྗེ་པའོ། །བླ་མ་ལ་རིམ་གྲོ་བྱེད་པའོ། །དཔུང?་གཉེན་མེད་པ་རྣམས་ལ་དབུང་གཉེན་ནོ། །སྐྱབས་པ་མེད་པ་རྣམས་ལ་སྐྱབས་སོ། །གླིང་མེད་པ་རྣམས་ལ་གླིང་ངོ། །མགོན་མེད་པ་རྣམས་ལ་མགོན་ནོ། །གྲོགས་མེད་པ ་པ་རྣམས་ལ་གྲོགས་སོ། །གྱ་གྱུ་ཅན་རྣམས་ལ་དྲང་བའོ། །དམུ་རྒོད་རྣམས་ལ་གསལ་པའོ། །གཡོན་ཅན་རྣམས་ལ་གཡོ་མེད་པའོ། །སྒྱུ་ཅན་རྣམས་ལ་སྒྱུ་མེད་པའོ། །བྱས་པ་མི་གཟོ་བ་རྣམས་ལ་བྱས་པ་གཟོ་པའོ། །འཁུ་བ ་རྣམས་ལ་བྱས་པར་འཚོར་བའོ། །མི་ཕན་པ་རྣམས་ལ་ཕན་འདོགས་པའོ། །ལོག་པར་ཞུགས་པ་ལ་བདེན་པའོ། །ཕོ་ཐེག་ཅན་ལ་ང་རྒྱལ་མེད་པའོ། །ལེཌ་པར་བྱས་པ་རྣམས་ལ་མི་སྨོད་པའོ། །གཞན་གྱི་འཁྲུལ་པ་ལ་མི་རྩོད་པའོ། །ལོག ་པར་ཞུགས་པ་རྣམས་ལ་ཀུན་ཏུ་སྲུང་པའོ། །ཐབས་ཀྱི་དགེ་བ་སྤྱོད་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བའོ། །སྦྱིན་པའི་གནས་རྣམས་ལ་རིམ་གྲོ་བྱེད་པའོ། །བསྟན་པ་ལ་མཐུན་པར་འཛིན་པའོ་ཞེས་བྱ་བ་སོགས་པ་ལྟ་བུའོ། །དེ་ལྟར་བརྩོན་པ་དང ་བསམ་བརྟན་པར་བྱས་ནས་།སྙིང་རྗེ་མདུན་དུ་གཞག་ནས་སུ། །དགེ་བ་སྤེལ་ལ་ནན་ཏན་བྱ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས ་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། བཅོམ ་ལྡན་འདས་སངས་རྒྱས་གྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་དེ་གང་ཞེ་ན་།འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་འཁོར་ལོས་སྒྱུར་པའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆི་བ་དེར་དཔུང་གི་ཚོགས་ཐམས་ཅད་མཆའི། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས ་དཔའ་ཨི་སྙིང་རྗེ་ཆེན་པོ་གང་དུ་མཆི་བ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་གདུགས་ཤར་ན་སེམས་ཅན་རྣམས་ཀྱི་བྱ་བ་ཐམས་ཅད་ཤིན་ཏུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ ་ཆེན་པོ་གང་དུ་ཤར་བར་གྱུར་པ་དེར་བྱང་ཆུབ་བྱེད་པའི་ཆོས་ཀྱི་བྱ་བ་གཞན་རྣམས་ཀྱང་ཤིན་ཏུ་མང་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ཡིད་ཀྱི་བྱིན་གྱིས་བརླབས་པའི་དབང་པོ་ཐམས་ཅད་ནི་རང་གི་ཡུལ་འཛིན་པ་ལ་འཇེབས་པར ་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་ཨི་ཆོས་རྣམས་རང་གི་བྱ་བ་ལ་རབ་ཏུ་འཇེབས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་སྲོག་གི་དབང་ངོ?་ན?་ཆིS་ན་དབང་པོ་གཞན་རྣམས་འབྱུང ་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་།བྱང་ཆུབ་བྱེད་པའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་ཞེས་བྱ་བའོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང། བཙུན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུཌ ་འབྱུང་བ་དང་རྡུབ་པ་ནི་སྐྱེས་བུའི་སྲོག་གི་དཔང་པོའི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་བསྒྲུབ་པའི་སྙིང་རྗེ་ཆེན་པོ་ཡང་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་སྦྱར་ཏེ་།འདི་ལྟ་སྟེ་།དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག ་བུ་གཅིག་པ་ལ་སྙིང་ཐག་པ་ནས་སྡུག་བར་འཛིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་གནས་པ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་ཡིན་ནོ་ཞེས་གསུངས་སོ། །འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ་རང་གི་སྔོན་མྱོང་བ་དང་མྱོང་བར་འགྱུར་བའི་སྡུག་བསྔལ་དང་འཇིག་པ་རྣམ་པ་དུ་མ་རང་གི་ཤིན་ཏུ་མི་འདོད་པ་བསྒོམས་ཏེ། བྱམས་པ་དང་ལྡན་པས་སྡུག་པ་ལ་སོགས་པ་བྱམས་པ་བཞིན་དུ་བསྒོམ་པར་བྱ་བ་འམ་།ད་ལྟར་བྱུང་བའི་སྡུག་བསྔལ་གྱི་ཉེན་པ ་177 ་རྣམས་དང་སྡུག་བསྔལ་ཆེན་པོའི་རྒྱ་མཚོ་འཁོར་བ་ཡུན་རིང་པོ་དུས་ཚིགས་མེད་ན་སྡུག་བསྔལ་དང་ལྡན་པ་རྣམས་ལ་བསྒོམ་པར་བྱའོ། །འཕགས་པས་བཅུ་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།དེ་འདི་སྙམ་དུ་སེམས ་ཏེ། ཀྱེ་མའོ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་མི་ཤེས་པ་རྨོངས་པ་དག་སྟེ་། དེ་དག་གི་ལུས་གྲངས་མེད་པ་འགགས་པ་འགག་པར་འཕྱུར་ཞིང་འགགས་པར་འགྱུར་ཏེ་།དེ་ལྟར་འཆི་ཡང་ལུས་ལ་ཡིད་འབྱུང་བ་མི་སྐྱེད་ཅིང། སྡུག་བསྔལ་གྱི་འཁྲུལ ་འཁོར་ཇེ་བས་ཇེ་འཕེལ་དུ་བྱེད་།འཁོར་བའི་རྒྱུད་ལས་མི་ལྡོག་ཕུང་པོའི་གནས་མི་འདོར། ཁམས་ཀྱི་སྤྲུལ་དག་གིས་སྐྱོ་བར་མི་འགྱུར་།དགའ་བའི་འདོད་ཆགས་ཀྱི་ལྡོངས་པ་རྟོགས་པར་མི་བྱེད་།སྐྱེ་མཆེད་ཀྱི་གྲོང་སྟོང་པ་ལ་མི་ལྟ། ངར་འཛིན ་པ་དང། མིར་འཛིན་པའི་ཕྲ་རྒྱས་མི་སྤོང་།ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན་།འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ལྕེ་འབར་བཞི་བར་མི་བྱེད། མ་རིག་པའི་མུན་པ་མི་སེལ་། སྲིད་པའི་རྒྱ་མཚོ་མི་སྐེམས་།སྟོབས་བཅུའི་དེད་དཔོན་ཡོངས་སུ ་མི་ཚོལ་ཞིང་བདུད་ཀྱི་བསམ་པ་ཐིབས་པོའི་རྫས་སུ་སོང་པ་སྟེ་།འཁོར་བའི་རྒྱ་མཚོ་རྣམ་པར་རྟོག་རྣམ་པ་སྣ་ཚོགས་ཀྱི་ཆུ་སྲིན་འཛིན་ཁྲིས་དཀྲུགས་པས་ཡོངས་སུ་གཡེངས་པ་ངོ་མཚར་ཆེ་སྟེ་།མ་ལ་བདག་གི་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས ་ཉམ་ཐག་པ། མགོན་མེད་པ། དཔུང་མེད་པ། སྐྱབས་མེད་པ། གནས་མེད་པ། གཞི་མེད་པ་།རྟེན་མེད་པ་།ལོད་བར་གྱུར་པ་།མ་རིག་པའི་སྒོ་ངའི་སྦུབས་དད་སྤྲིས་གཡོགས་པ་།མུན་པས་ཟིལ་གྱིས་ནོན་པ་།དེ་དག་གི་དོན ་དུ་གཅིག་པུ་གཉིས་སུ་མེད་པར་གྱུར་ནས་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསག་པར་བྱ་པ་རྣམ་པ་ཇི་ལྟ་བུས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ་འཐོབ་པར་འགྱུར་བ་ནས་།སྟོབས་བཅུའི་སྟོབས་ཀྱི་ཡེ་ཤེས་ཆགས་པར ་@177བ ་མེད་པའི་བར་གྱི་མཐར་ཐུག་པ་འཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚིཌ་བསགས་པར་བྱའོ་ཞེས་བྱའོ། །ཡང་དེ་ཉིད་ལས་གསུངས་པ། ཀྱེ་མའོ་སེམས་ཅན་འདི་དག་ནི་འཁོར་བའི་མྱ་ངན་གྱི་ལམ་དུ་ཞུགས་པ། ཀྱེ་མའོ ་སེམས་ཅན་འདི་དག་ནི་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་གཡངས་ལ་མངོན་དུ་ཕྱོགས་པ་། ལྟ་བ་ངན་པའི་དྲ་བ་ཉམ་ང་བར་ཞུགས་པ་གཏི་མུག་ཐིབས?་པོས་ཀུན་ནས་གཡོགས་པ། ལོག་པའི་ལམ་དུ་ཞུགས་པ། ལྡོངས ་པར་གྱུར་པ་། ཡོངས་སུ་འདྲེན་པ་མེད་བ་ཞེས་བྱ་བ་ནས་།དེ་བཞིན་དུ་སྦྱར་ཏེ་།འཁོར་བ་རྒྱུན་གྱིས་འདས་པ་།སྲེད་པའི་ཀླུང་དུ་ཞུགས་པ་། ཤུགས་དྲག་པོས་བདས་ཏེ་། བལྟ་བའི་མཐུ་མེད་འདོད་པ་དང་གནོད་སེམས་དང་རྣམ་པར་འཚོ་བའི ་རྣམ་པར་རྟོག་པ་མང་པོའི་རྗེས་སུ་ཞུགས་པ་།འཇིག་ཚོགS་ལ་ལྟ་བ་ཆུའི་སྲིན་པོས་ཟིན་པ་།འདོད་པ་ཐིབས་པོའི་ཀློང་དུ་ཞུགས་པ། དགའ་བ་ཅན་དང་འདོད་ཆགས་ཀྱི་དཀྱིལ་དུ་ཀུན་ཏུ་ཐོགས་པ་། ངའི་སྙམ་པའི་ང་རྒྱལ་གྱི་ཐང་ལ་འཁྱམ་པ། དཔུང ་གཉེན་མེད་པ་།སྐྱེ་མཆེད་ཀྱི་གྲོང་ནས་མ་འཕགས་པ་།སྒྲོལ་བ་ལ་མཁས་པ་དང་བྲལ་བར་གྱུར་པ་ཡིན་གྱིས། དེ་དག་བདག་གི་སྙིང་རྗེ་ཆེན་པོ་དང་དགེ་བའི་རྩ་བའི་སྟོབས་ཀྱིས་སྟོན་ཏེ། ཐམས་ཅད་མཁྱེན་པའི་གླིང་འཆེ་བ་མེད་པ་རྡུལ་མེད་པ ་འཇིགས་པ་དང་སྐྲག་པ་ཐམས་ཅད་མེད་པ་ལ་རབ་ཏུ་དགོད་པར་བྱའོ། །ཀྱེ་མ་སེམས་ཅན་འདི་དག་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་མེད་པ་།སྡུག་པ་དང་མི་སྡུག་པར་འབྲེལ་བ་།མྱ་ངན་དང་སྨྲེ་སྔགས་འདོན་པ་དང་བཅས་པའི་རྗེས་སུ་རྒྱུ ་བ། སྲེད་པའི་སྒྲོག་ཏུ་བཅུག་པ་།ཁམས་གསུམ་པའི་མ་རིག་པའི་ཐིབས་པོས་ཀུན་ནས་ཁེབས་པ་ཡིན་གྱིས་།དེ་དག་བདག་གི་ཁམས་གསུམ་པའི་གནས་ཐམས་ཅད་ལས་བདེན་པ་།མྱ་ངན་ལས་འདས་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས ་པའོ། །དེ་ལྟར་བརྩོན་པ་དང་བསམ་པ་དང་སྙིང་རྗེ་གཅིག་གི་གཅིག་བརྟན་པར་བྱས་པ་དེ་དག་གི་བསོད་ནམས་མངོན་པར་སྤེལ་བ་རྩོམ་མོ། །དེ་ལ་རེ་ཞིག་བཟང་པོ་སྤྱོད་པའི་ཆོག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ།། ་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཉིན་ལན་གསུམ་མཚན་ལན་གསུམ་དུ་གཙང་བ་དང་གོས་གཙང་མ་བགོས་ཏེ་། ཕུང་པོ་གསུམ་པ་བཀླག་པར་བྱའོ་ཞེས་གསུངས་སོ། །དེ་ལ་ཕུང་པོ་གསུམ་ནི་སྡིག་པ་བཤེགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང ་བ་དང། སངས་རྒྱས་ལ་བསྐུལ་བ་ཞེས་བྱ་བ་སྟེ་བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ། །དེ་ལ་ཕྱག་འཚལ་བ་ནི་སྡིག་པ་བཤགས་པའི་ནང་དུ་འདུས་ཏེ་སངས་རྒྱས་ལ་ཕྱག་འཚལ་ནས་སྡིག་པ་གཤེགས་པ་ཞེས་ཉེ་བར་འཁོར་གྱིས་ཞུས་པ་ལས ་བསྟན་པའི་ཕྱིར་རོ། །གསོལ་བ་གདབ་པ་ནི་བསྐུལ་བ་དོན་གཅིག་པའི་ཕྱིར་རོ། །མཆོད་པ་ནི་འབྱོར་པ་མེད་པའི་ཕྱིར་མི་རྟག་པས་མ་སྨོས་སོ། །ཡིད་དང་དག་གི་ནི་མདོ་སྡེ་གཞན་ལས་གྲགས་པའི་ཕྱིར་མ་བཤད་དོ། །ཚིག་གསུམ་ནི་གཙོ་བོ་ཡིན་པར་ཤེས ་པར་བྱའོ། །དེ་ལ་ཕྱགས་ཚལ་བ་ནི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ལྟ་བུ་སྟེ་། ཚིགས་སུ་བཅད་པ་བཞི་དང་། ཇི་ལྟར་སྟོན་པའི་བསྟོད་པ་དང། བཟང་བོ་སྤྱོད་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སོ། །མཆོད་པ་ནི་འཕཌ ་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་མེ་ཏོག་གི་རྣམ་བ་འམ་འབྲས་བུའི་རྣམ་པ་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་གང་ཡིན་པ་དེ་རྣམས་ཉིན་ལན་གསུམ་མཚན་ལན ་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ། །དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བདུག་པའི་ཤིང་དམ་སྤོས་ཀྱི་ཤིང་དམ་རིན་པོ་ཆེའི་ཤིང་དམ་དཔག་གསམ ་གྱི་ཤིང་ངམ་མེ་ཏོག་གི་ཤིང་ངམ་འབྲས་བུའི་ཤིང་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་གང་ཡིན་པ་དེ་ལྟ་བུ་དེ་དག་ཀྱང་ཉིད་ལན་གསུམ་མཚན་ལན་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ་ཞེས་བྱའོ། །དམ་ཚིག་གསུམ ་བཀོད་པའི་རྒྱལ་པོ་ལས་ཀྱང་ཐང་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་ཐང་ལས་སྐྱེས་པའི་རིན་པོ་ཆེ་ལ་སོགས་པ་ཕྱོགས་བཅུ་ན་རྣམ་པར་གནས་པ་?་ཡིད་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་རྣམས་འབུལ ་ཞེས་གསུངས་སོ། །ཕྱོགས་འདིས་སྨན་ཐམས་ཅད་དང་བཅུད་ཀྱིས་ལེན་ཐམས་ཅད་དང་ཆུ་ཐམས་ཅད་དང། །བ་ན་མ་ཐོ་བ་མེད་པའི་ཆུའི་དཀྱིལ་འཁོར་ཐམས་ཅད་དང་གསེར་གྱི་དཀྱིལ་འཁོར་ཐམས་ཅད་དང། འཇིག་རྟེན་གྱི་ཁམས་ཆགས་པ་རྣམས་ན་རོ ་དང་རེག་པ་མཆོག་ཕུན་སུམ་ཚོགས་པའི་ས་ཞག་དང་བདུད་རྩིའི་སྦུ་གུ་དང་མ་སྨོས་མ་བཏབ་པའི་འབྲས་སཱ་ལུ་དང་བྱང་གི་སྒྲ་མི་སྙན་གླིང་དང་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་ན་ཡོད་པ་མཆོག་ཏུ་ཉམས་དགའ་པའི་ལོངས་སྤྱོད་རྣམས་འབུལ་ལོ། །འཕཌ ་པ་དཀོན་མཆོག་སྤྲིན་ལས་འདི་སྐད་དུ། དེ་མདོ་སྡེ་རྣམས་ལས་མཆོད་པ་དང་རིམ་གྲོ་བྱ་བརྒྱ་ཆེན་པོ་རྒྱ་ཆེ་བ། གང་ཡིན་པ་དེ་ལྟ་བུ་དག་ཉན་ཅིང། དེ་དག་སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་ལ་ཡོངས་སུ་བསྔོའོ་ཞེས་བྱ་བ་དང་། དེ་བཞིན་དུ་མཆོད་པ་དང་རིམ་གྲོ་སྣ་ཚོགས་བྱ་བ་རྗེས་སུ་སེམས་སོ་ཞེས་གསུངས་སོ། །བཤགས་པ་ནི་སྔར་བརྗོད་པ་ཉིད་དོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ནི་བདག་དང་གཞན་གྱི་སྡིག་པ་བཤགས་པ་ནི ་བསོད་ནམས་ཀྱི་ཚོགས་སུ་བརྗོད་དོ། །རྗེས་སུ་ཡི་རང་བ་ནི་བཟང་པོ་སྤྱོད་པའི་ཚིགས་སུ་བཅད་པ་འམ་།ཟླ་བ་སྒྲོན་མའི་རྗེས་སུ་ཡི་རང་བའི་ལེའུ་ལས་སོ། །གསོལ་བ་གདབ་པ་ནི་བཟང་པོ་སྤྱོད་པ་ཉིད་ཀྱིས་སོ། །ཡོངས་སུ་བསྔོ་བ་ནི་མཛའ་དག་བཟང་པོ་སྤྱོད་པ་ཉིད་དུ ་རྫོགས་པ་འམ་།རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་པ་ཡང་ཡིན་པར་བལྟའོ། །ཡང་ན་བ་བཅུ?་པ་ལས་གསུངས་པའི་སྨོན་ལམ་ཆེན་པོ་རྣམས་ཏེ་།འདི་ལྟ་སྟེ་།སངས་རྒྱས་མ་ལུས་པ་ལ་མཆོད་པ་དང། རིམ་གྲོ་ལྷག་མ་མེད་པ་། ་མཛའ་དག་བྱ་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་།མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ཆོས་ཀྱིས་དབྱངས་ཀྱིས་ཀླས་པར་རྒྱ་ཆེ་པ་།ནམ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས་པ་། ཕྱི?་མའི་མཛའ་ཨི་མུར་ཐུག་པ། བསྐལ་པ ་བགྲད་པར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དང་པོ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ་།དེ་བཞིན་གཤེགས་ལ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱིས ་ཚུལ་ཡང་དག་པར་བཟུང་བ་དང། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་ཡོངས་སུ་བཟུང་བ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་།ཆོས་ཀྱི་དབྱིངས་ཀྱི་མཛའ་ཀླས་པར་རྒྱ་ཆེ ་བ། ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་།ཕྱི་མའི་མཛའ་ཨི་མུང་ཐུག་པ། བསྐལ་པ་བགྲང་བར་སངས་རྒྱས་འབྱུང་བ་བགྲད་བ་ཐམས་ཅད་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་གཉིས་པ་མངོན་པར ་བསྒྲུབ་པོ། །འདི་ལྟ་སྟེ་།འཇིག་རྟེན་གྱི་ཁམས་རབ་འབྱམ་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ་།འཕོ་བ་དང་གཤེགས་པ་དང། ལྷུམས་ན་བཞུགས་པ་དང། ། ་བལྟམས་པ་དང། གཞོན་ནུ་རོལ་པ་དང། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དད། མངོན་པར་འབྱུང་བ་དང་།དཀའ་བསྐྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། བདུད་འདུལ་བ་དང། མངོན་པར་རྫོགས་པར ་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་པ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་དྲུང་དུ་འགྲོ་ཞིང་མཆོད་པ་དང་ཆོས་ཀྱི་ཡང་དག་པར་བསྡུ་བའི་སྦྱོར་བ་སྔོན་དུ་འགྲོ་བས་ཐམས་ཅད་དུས་གཅིག་ཏུ་བསྒྲུབ་པའི་ཕྱིར། ཆོས ་ཀྱི་དབྱིངས་ཀྱི་མཐས་ཀླས་པར་རྒྱ?་ཆེ་བ། ནམ་མཁའ་ཨི་ཁམས་ཀྱི་མཛའ་གཏུགས་པ། ཕྱི་མའི་མཛའ་ཨི་མུར་ཐུག་པ། བསྐལ་པ་བགྲངས་པར་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་གན་དུ་འགྲོ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབ་བོ།། ་འདི་ལྟ་སྟེ་། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ཤིན་ཏུ་རྒྱས་པ་། ཆེ་བ་ཚད་མེད་པ་།ཐ་མི་དད་པ་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་བསྡུས་པ་།ས་ཡོངས་སུ་སྤྱོད་པ་།ཡན་ལག་དང་?་ཉེ་བའི་ཡན་ལག་ཏུ་བཅS ་པ་བསྒྲུབ་པ་དང། མཚན་ཉིད་འདྲ་བ་དང། མི་འདྲ་བ་དང། འདྲ་བ་དང། རྒྱས་པ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པར་གྱུར་པའི་སའི་ལམ་ཐམས་ཅད་ཇི་ལྟ་བ་བཞིན་དུ་སྟོན་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤང་བར་བྱ་བའི་གདམས ་དག་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པས་བརྟན་པའི་སེམས་བསྐྱེད་པ་མངོན་པར་སྒྲུབ་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ་། ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་།ཕྱི་མའི་མཛའ་ཨི་མུར་ཐུག་པ། བསྐལ་པ་བགྲང་པར་སྤྱོད་པ་།བགྲད ་བ་ཐམས་ཅད་དུ་རྒྱུན་མི་འཆང་པར་མངོན་བསྒྲུབ་པའི་སྨོན་ལམ་ཆེན་པོ་བཞི་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ་།སེམས་ཅན་གྱི་ཁཾས་མ་ལུས་པ་ཐམས་ཅད་ཟུགས་ཅན་དང། གཟུགས་མེད་དང། འདུ་ཤེས་ཅན་དང། འདུ་ཤེས་མེད་པ་དང། ་འདུ་ཤེས་མེད་འདུ་ཤེས་མེད་མིན་དང་།སྒོ་དེ་ལས་སྐྱེས་པ་དང། མངལ་ནས་སྐྱེས་པ་དང་།དྲོད་གཤེར་ལས་སྐྱེས་པ་དང་།རྫུས་ཏེ་སྐྱེས་པ་དང་།ཁམས་གསུམ་དུ་གཏོགས་པ། འགྲོ་བ་དྲུག་ཏུ་འདུས་པ་།སྐྱེ་བ་ཐམས་ཅད་དུ་གཏོགས་པ། ་མིང་དང་གཟུགས་ཀྱིས་བསྡུས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བར་སངས་རྒྱས་ཀྱི་ཆོས་ལ་གཟུད་པ་དང་འགྲོ་བ་བགྲངས་པ་ཐམས་ཅད་གཅད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རབ་ཏུ་དགོང ་པའི་ཕྱིར་།ཆོས་ཀྱི་དབྱིངས་ཀྱི་ཀླས་པར་རྒྱ་ཆེ་པ་། ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་། ཕྱི་མའི་མཛའ་ཨི་མུར་ཐུག་པ་། བསྐལ་པ་བགྲང་བར་སེམས་ཅན་གྱིས་ཁམས་བགྲང་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་པའི ་སྨོན་ལམ་ཆེན་པོ་ལྔ་བ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ་།འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པ་དང། ཐ་གྲུ་ཆེ་བ་དང་། ཚད་མེད་པ་དང་། ཕྲ་བ་དང་། རགས་པ་དང་། སྣེལ་ཞི་དང་།སྤྱིའུ་ཚུགས་དང་།ངོས་ཕྱལ་བ་དང། འཇུག ་པའི་ཁྱིམ་ཅན་དང། །མིག་འཕྲུལ་ལྟར་རྣམ་པར་ཕྱེ་བ་དང་། ཕྱོགས་བཅུ་རྣམ་པ་ཐ་དད་པ་རྣམ་པར་འབྱེད་པ་ལ་འཇུག་པ་ལམ་ལུས་པ་ཡེ་ཤེས་ཀྱི་ཁོང་དུ་ཆུད་པར་བྱ་ཞིང་མངོན་དུ་འགྱུར་བར་བྱ་བའི་ཕྱིར་།ཆོས་ཀྱི་དབྱིངས་ཀྱི་ཀླས་པར་རྒྱུ་ཆེ་བ་ནམ ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས་པ་། ཕྱི་མའི་མཛའ་ཨི་མུར་ཐུག་པ་། བསྐལ་པ་བགྲང་བ་འཇིག་རྟེན་གྱི་ཁམས་བགྲངས་པ་ཐམས་ཅད་དུ་འཇུག་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དྲུག་པ་མངོན་པར་བསྒྲུབ་པོ། འདི་ལྟ་སྟེ། ?་ཞིང་གཅིག ་དང། ཞིང་གཅིག་ཞིང་ཐཾས་ཅད?་དུ་ཡང་དག་པར་གཞོལ་བར་བྱ་བ་ཡོངས་སུ་སྦྱོང་བ་དང་།སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་འོད་དང་རྣམ་པར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་དང། ཡོངས་སུ་དག་པའི་ལམ་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་བསལ ་བ་དང། །སེམས་ཅན་ཡེ་ཤེས་ཀྱི་འབྱུང་གནས་ཚད་མེད་པས་རབ་ཏུ་གང་བ་དང་།སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར། སྟན་ཅིང་ཤིན་ཏུ་ཚིམ་པར་བྱ་བའི ་ཕྱིར། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ནམ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས་པ་།ཕྱི་མའི་མཛའ་ཨི་མུར་ཐུག་པ་། བསྐལ་པ་བགྲངས་པར་སངས་རྒྱས་ཀྱི་ཞིང་བགྲངས་པ་ཐམས་ཅད་ཡོངས་སུ་སྦྱོད་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་བདུན་པ ་མངོན་པར་བསྒྲུབ་བོ། །འདི་ལྟ་སྟེ་།བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང་།འགྲན་ཟླ་མེད་པའི་དགེ་བའི་རྩ་བ་བསག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དམིགས་པ་གཅིག་པས་མཉམ་པ་ཉིད ་དུ་བྱ་བ་དང་། རྟག་ཏུ་རྒྱུན་མི་འཆད་པའི་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་མི་འབྲལ་བར་བྱ་བ་དང། སངས་རྒྱས་འབྱུང་བ་ཅི་དགར་བསྟན་པར་བྱ་བ་དང། རང་གི་སེམས་བསྐྱེད་པར་དེ་བཞིན་གཤེགས་པའི་མཐུ་ཡེ་ཤེས་ཀྱི་ཁོངས་དུ་ཆུད ་བར་བྱ་བ་དང། མ་ཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་པ་རབ་ཏུ་ཐོབ་པར་བྱ་བ་དང་།འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་རྒྱུ་བར་བྱ་བ་དང་།འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བ་ཐོབ་པར་བྱ་བ་དང་སྐྱེ་བ་ཐམས་ཅད་དུ་རང ་གི་ལུས་རྗེས་སུ་འགྲོ་བར་བྱ་བ་དང་།ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ་།ནམ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས་པ་། ཕྱི་མའི་མཛའ་ཨི ་མུར་ཐུག་པ་། བསྐལ་པ་བགྲངས་པར་སྤྱོད་པ་བགྲངས་པ་ཐམས་ཅད་དུ་ཐེག་པ་ཆེན་པོ་ལ་འཛུད་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་བརྒྱད་པ་མངོན་པར་བསྒྲུབ་པོ། །འདི་ལྟ་སྟེ་།ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་སྤྱད་པར་བྱ་བ་དང། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང་།མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ངེས་པར་ཐོབ་པར་བྱ་བ་དང། དབྱངས་བརྗོད་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང། དད་པར་གྱུར་མ་ཐག་ཏུ་ཉོན་མོངས ་181 ་པ་ལྡོག་པར་བྱ་བ་དང་།སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཐོབ་པར་བྱ་བ་དང། །ཡིད་བཞིན་གྱི་ནོར་བུའི་ལུས་ཐོབ་པར་བྱ་བ་དང་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་སྤྱད་པའི་ཕྱིར་།ཆོས་ཀྱི་དབྱིངས་ཀྱིས ་ཀླས་པར་རྒྱ་ཆེ་བ་། ནམ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས་པ་། ཕྱི་མའི་མཛའ་ཨི་མུར་ཐུག་པ་། བསྐལ་པ་བགྲངས་པར་སྤྱོད་པ་བགྲངས་པ་ཐམས་ཅད་དོན་ཡོད་པར་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དགུ་པ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། འཇིག ་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་དང་། སྐྲའི་ཁྱོན་གཅིག་ལས་མ་འདས་པའི་ནང་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དུ་སྐྱེ་བ་དང། བྱིས་པའི་ལམ་གཅིག ་དང་ཐ་དད་པར་བྱིས་པའི་ལམ་ཐམས་ཅད་དུ་སྐྱེ་བ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པར་བྱ་བ་དང་།སངས་རྒྱས་ཀྱི་ཡུལ་ཆེན་པོ་མཐུ་དང་ཡེ་ཤེས་ཀྱི་རྗེས་སུ ་འགྲོ་བས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་།སངས་རྒྱས་འབྱུང་པར་ངལ་བ་ལ་རྟོགས་པར་བྱེད་ཞི་བར་བྱེད་ཐོབ་པར་བྱེད་ཅིང་བསྟན་པར་བྱ་བ་དང་། གཅིག་མངོན་དུ་ཡང་དག་པར་རྟོགས་པས་ཆོས་ཀྱི་དབྱིངས་ཐམས ་ཅད་མྱ་ངན་ལས་འདས་པས་རྒྱས་པར་བྱ་བ་དང་། དབྱངས་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ཀྱང་སྤྱོད་པའི་སྟོབས་རྒྱུན་མི་གཅད་པ་དང། ཡེ་ཤེས་ཆེན ་པོས་ཆོས་ཐམས་ཅད་འབྱུང་བར་བྱེད་པ་བསྟན་པར་བྱ་བ་དང་།ཆོས་ཤེས་པ་དང་། རྫུ་འཕྲུལ་དང་སྒྱུ་མའི་མངོན་པར་ཤེས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཀླས་པར་རྒྱ་ཆེ་བ་ནམ་མཁའ་ཨི་ཁམས་ཀྱི་མཐས ་@181བ ་གཏུགས་བ། ཕྱི་མའི་མཛའ་ཨི་མུར་ཐུག་པ་། བསྐལ་བ་བགྲང་བར་མངོན་པར་རྫོགས་པར་བྱང་ཆུབ་པ་བགྲད་པ་ཐཾས་ཅད་དུ་ཐེག་པ་ཆེན་པོ་མངོན་པར་སྒྲུབ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་བརྩུ་པོ་མངོན་པར་བསྒྲུབ་སྟེ། ་སྨོན་ལམ་བཅུ་པོ་འདི་དག་མངོན་པར་བསྒྲུབ་པོ་ཞེས་བྱ་བའོ། །འདི་བསྒོམ་པའི་ཚེ་ཐམས་ཅད་ལ་ཡང་ཡོངས་སུ་བསྔོའོ་ཞེས་བྱ་བ་སྦྱར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐར་པ་ལས་གསུངས་པ་དེ་ཡང ་འདི་ལྟར་བྱ་སྟེ་།དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་གཡང་སའི་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུན་ལས་བྱུང་བའི་འཇིགས་པ་རབ་ཏུ་ཞི་བར་བྱ་བ་དང། སེམས་ཅན་ཐམས་ཅད ་ཀྱི་རྨོངས་བའི་འཇིགས་པ་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་ཀྱི་བཅིང་བའི་འཇིགས་པ་གཅད་པ་དང། སེམས་ཅན་ཐམས་ཅད་ཀྱི་སྲོག་འཆད་པར་བྱེད་པའི་འཇིགས་པ་རྣམ་པར་བཟློག་པ་དང། སེམས་ཅན་ཐམས་ཅད ་ཀྱི་ཡོ་བྱད་དང་བྲལ་བའི་འཇིགས་པ་བསལ་བ་དང། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་མེད་པའི་འཇིགས་པ་ཉེ་བར་ཞི་བར་བྱ་བ་དང། སེམས་ཅན་ཐམས་ཅད་ཀྱི་ཚིགས་སུ་བཅད་པ་མེད་པའི་འཇིགས་པ་ལས་ཤིན་ཏུ་བཟླ་བའི་ཕྱིར་ཡོངས་སུ ་བསྔོའོ། །སེཾས་ཅན་ཐམS་ཅད་འཁོར་བའི་འཇིགས་པ་ཉེ་བར་ཞི་བར་བྱ་བ་དང། སེམས་ཅན་ཐམས་ཅད་འཁོར་གྱི་ནང་དུ་བག་ཚ་པའི་འཇིགས་པ་དང་བྲལ་པར་བྱ་བ་དང་།སེམས་ཅན་ཐམས་ཅད་འཆི་པའི་འཇིགས་པ་ལས་ཤིང་ཏུ་ཟློག་པ་དང། སེམས ་ཅན་ཐམས་ཅད་ངན་འགྲོའི་འཇིགས་པ་ལས་རྣམ་པར་བཟློག་པར་བྱ་བ་དང། སེམས་ཅན་ཐམས་ཅད་ཡང་པའི་འགྲོ་བ་མུན་པ་མུན་ནག་ཅན་བཟློག་པ་ལ་སྣང་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །སེམས་ཅན་ཐམས་ཅད་རིས་མི་མཐུན་པ་དང་ཕྲད ་པའི་འཇིགས་པ་དང་ཤིན་ཏུ་བྲལ་བར་བྱ་བ་དང། སེམས་ཅན་ཐམས་ཅད་ཀྱི་སྡུག་པ་དང་བྲལ་བའི་འཇིགས་པ་འགག་པ་དང། སེམས་ཅན་ཐམས་ཅད་ཀྱི་མི་སྡུག་པ་དང་འགྲོགས་པའི་འཇིགས་པ་བསལ་བ་དང། སེམས ་ཅན་ཐམས་ཅད་ལུས་ལ་ཡོངས་སུ་གནོད་པའི་འཇིགས་པ་དང་བྲལ་བར་བྱ་བ་དང། སེམས་ཅན་ཐམས་ཅད་སེམས་ལས་ཡོངས་སུ་གནོད་པའི་འཇིགས་པ་ལས་ཐར་བར་བྱ་བ་དང། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་ཡིད་མི་བདེ་བ་དང ་འཁྲུག་པ་ལས་ཡང་དག་པར་བཟླ་བའི་ཕྱིར་ཡོངས་སུ་བསྔོའོ་ཞེས་བྱ་བའོ། །མདོར་ན་བཟང་པོ་སྤྱོད་པ་ལས་ཚིགས་སུ་གཅད་པ་གཉིས་འབྱུང་བ་འདི་ནི་ཡོངས་སུ་བསྔོ་བ་བླ་ན་མེད་པ་སྟེ་།འཇམ་དཔལ་དཔའ་བོ་ཇི་ལྟར་མཁྱེན་པ་དང། །ཀུན་ཏུ ་བཟང་པོ་དེས་ཀྱང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོའོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་ངེས། །བདག་གི་དགེ་བ་འདི ་དག་ཐམས་ཅད་ཀྱང། །བཟང་པོ་སྤྱོད་པ་མཆོག་ཕྱིར་བསྔོ་བར་བགྱི་ཞེས་འབྱུང་པའོ། །བསླབ་པ་ཀུན་ལས་བཏུས་པ་ལས་ལེའུ་བཅུ་དྲུག་པའོ།། །།བམ་པོ་བཅུ་གསུམ་པའོ། །ཕྱག་འཚལ་པ་ལ་སོགས་པ་བཤད ་པ་ངེས་བསོད་ནམས་འཕེལ་བར་གྱུར་བར་ཅི་མངོན་ཞེ་ན་།འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས་ཤེས་ཏེ་།དེ་ལས་འདི་སྐད་དུ་།ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང། །སངས་རྒྱས་འབྱུང་བ་རབ ་མཛེས་པ་།མཉེས་པར་བྱེད་འདི་དལ་བ་གཅིག་།མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །དེ་ལོ་ཅན་དུ་དེ་མི་འགྱུར་།དེ་ནི་ཕྱུག་ཅིང་ནོར་ཆེར ་འགྱུར། །བསོད་ནམས་ལྡན་ཞིང་རྫི་བ་མེད། །འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། །ཡང་དང་ཡང་དུ་བསྟི་སྟང་བྱེད། །ཚོང་དཔོན་ཁྱིམ་དང་རྒྱས་པ་དང། །ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། །དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར། ། ་ལྷུག་པར་གཏོང་ཞིང་སེར་སྣ་མེད། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱིས། །ས་ཀུན་ལ་ནི་དེ་བརྟེན་ཅིང། །དེ་ནི་མངའ་བདག་གླིང་གཞི་ཡི། །དབང་ཕྱུག་རྒྱལ་པོ་ཆོས་ལྡན་འགྱུར། །འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར ་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་སྟེང་གི་དབང་ཕྱུག་ཕོ། །ལྷའི་དབང་པོ་བརྒྱ་བྱིན་འགྱུར། །འཇིག་རྟེན་མགོན ་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང། །ནམ་ཡང ་ལོང་ཞིང་མཐེང་མི་འགྱུར། །མཆོད་རྟེན་བསྐོར་བ་བྱས་ནས་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང། །དེ་ནི་མྱུར་དུ་མཁས་པར་འགྱུར། །གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། ། ་བསྐལ་པ་བྱེ་བ་གཞལ་བྱས་བསྟི?་སྟང་བྱས་པ་བས། །གང་ཞིག་ཕྱི་མ་མི་ཟད་བསྐལ་པ་འདི་ལ་ནི་། མཆོད་རྟེན་ཕྱག་འཚལ་དེའི་བསོད་ནམས་ཤིན་ཏུ་ཆེ། །སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ། །སྤྱོད་པ་དམ་པ་སྤྱད་ནས་ཁྱད ་པར་བསྙེས་གྱུར་པ་།མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན། །རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར། །མི་ཡིས་ནང་ནས་ཤི་འཕོས་ནས། །སུམ་ཅུ་གསུམ་དུ་འགྲོ་བར་འགྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱིས།། ་གཞལ་མེད་ཁང་པ་ཐོབ་པར་འགྱུར། །མཆོད་རྟེན་ཕྲེང་བ་འདིར་ཕུལ་ན། །ཁང་བཟང་དག་དང་ཁང་བརྩེགས་པ། །ལྷ་ཡི་བུ་མོས་བསྙེན་པ་རྣམས། །སུམ་ཅུ་རྩ་གསུམ་སྤྱོད་པར་འགྱུར། །ཡན་ལག་བརྒྱད་ལྡན་ཆུས ་གང་ཞིག་།གསེར་གྱི་བྱེ་མ་བདལ་གྱུར་པ། །བཻཌཱུརྱ་དང་ཤེལ་དག་གི་།ལྷའི་རྫིང་བུ་ཐོབ་པར་འགྱུར། །དེར་ནི་ལྷའི་དགའ་སྤྱད་ནས། །མཁས་པས་ཚེ་ཚད་རྫོགས་པར་འགྱུར། །ལྷ་ཡི་འཇིག་རྟེན་ཤི་འཕོས་ནས། །མི་ནང་ལོངས་སྤྱོད་ཆེན་པོར ་འགྱུར། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །ཚེ་རབས་བྱེ་བ་སྟོང་རྣམས་དང། །ཁྲག་ཁྲིག་དག་ནི་བརྒྱ་བགྲང་པ། །ཀུན་ཏུ་བཀུར་བསྟི་བྱས་པར་འགྱུར། །མཆོད་རྟེན་ཕྲེང་བ་འབུལ་བྱེད་པ། །དེ་ནི་འཁོར་ལོས་སྒྱུར་རྒྱལ་འགྱུར། །བརྒྱ་བྱིན་ལྷ་ཡི ་དབང་ཕྱུག་འགྱུར། །ཚངས་པའི་འཇིག་རྟེན་ཚངས་པར་འགྱུར། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ན། །ལྷ་ཡི་དག་དང་མི་རྣཾས་ཀྱི། །དོན་རྣཾས་ཐཾས་ཅད་འགྲུབ་པར་འགྱུར། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྲེད་པའི ་ཁང་པ་བྱས་ནས་ནི། །དེ་ཡི་གཡོག་འཁོར་མི་ཕྱེད་ཅིང། རྒྱལ་པོ་འབྱོར་པ་ཆེན་པོར་འགྱུར། །འཕགས་པ་རྣམས་ཀྱི་གང་སྤངས་པ། །སྡིག་པའི་ལས་ནི་སྤོང་བར་བྱེད། །རྫོགས་སངས་རྒྱས་ཀྱི་བཤད་པ་ཡི། །དགེ་བའི་ལས་ལ་རྟེན་པར ་བྱེད། །ལྷ་འམ་འོན་ཏེ་ཀླུ་རྣམས་སམ། །འཇིག་རྟེན་དག་ན་གང་མ་ལས་པ། །དེ་དག་དགའ་ཞིང་མགུ་པ་དང། །བསྟི་སྟང་བྱས་ཤིང་བསྔགས་པར་འགྱུར། །བརྟན་པ་དེ་ནི་གར་སྐྱེས་པར། །བསོད་ནམས་གཟི་ཡིས་ཤིན་ཏུ་བརྗིད། །ཡུལ་འཁོར་དག ་དང་གྲོང་ཁྱེར་དང། །རིགས་དེར་བསྟི་སྟང་བྱས་པར་འགྱུར། །གང་གི་སྤོས་ཆུད་ཡུངས་འབྲུ་ཙི་བླངས་ཏེ། །བཅོམ་ལྡན་མཆོད་རྟེན་ལ་ནི་བདུག་བྱེད་པ། །དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང། །སྡུག་དང་དྲི་མ་སྤངས་ལ་མཉན་པར་གྱིས། །དེ་ནི ་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ། །ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལྡན། །སྤྱོད་པ་རྣམ་པར་སྤྱོད་ཚེ་མྱ་ངན་འདུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང། །རྒྱལ་སྲིད་ཐོབ་ནས་རྒྱལ་མཆོག་བཀུ་འགྱུར་མཐུ་ཆེན་རབ་མཁས་འཁོར་ལོས ་སྒྱུར་འགྱུར་ཏེ། །གསེར་གྱི་མདོག་ལྡན་མཚོན་གྱི་གོ་ཆ་ཅན། །འཇིག་རྟེན་ཀུན་ན་ཡིད་འོང་རྫི་ལྡན་ཐོབ། །བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས?་བྱས་ན། །དེ་ནི་བཙས་མ་ཐག་ཏུ་གོས་མཆོག་ཐོབ། །ལྷ་ཡི་ཁྱད་འཕགས་དར་གོས་རབ་བཟང་རྙེད། ་བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ། །གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོག་རྟེན་དང། །འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེ་འདིར་མཚུངས་པ་མེད་པའི་ལུས་འཐོབ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། །བཅོམ་ལྡན ་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན། །ལག་མཐིལ་ནས་ནི་མུ་ཏིག་ཕྲེད་མཛས་པ། །སྣ་ཚོགས་དག་དང་སེང་གེའི་ཕྲེང་བ་དང། །གསེར་སྐུད་རབ་མཛེས་བསྐལ་པ་མཛའ་ཡས་འབྱུང། །འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ། །བཅོམ་ལྡན ་མཆོད་རྟེན་བ་དན་ཕུལ་བྱས་ན། །དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་བ་སྤྱོད། །རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོགས་ནོར་མང་རྙེད་པར་འགྱུར། །ཤེས་རབ་མཛའ་ཡས ་མཛོད་ནི་མང་ལྡན་འོང། །སེམས་ཆུང་མི་འགྱུར་དམན་པའི་སེཾས་མི་འགྱུར། །དེ་ནི་གཞན་ལ་གནོད་པའི་སེམས་མི་སྐྱེད། །སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན། །དེ་ལ་མེ་དང་དུག་དང་མཚོན་མི་ཚུགས། །སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར། ་སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི ་མདོག་དན་ཡོང་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང། །ཡུངས་འབྲུ་དག་གིས་བྱུར་བུར་གང་གྱུར་པ། །བགྲང་? ་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །རྒྱན་ཀྱི་བརྒྱན་པའི་གཟུགས་མཛེས་བལྟ་སྡུག་པ། །སུ་ཞིག་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ། །དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ། །གང་གིས ་རྒྱལ་བའི་སྐུ་ནི་རབ་འབར་བ། །སུམ་ཅུ་རྩ་གཉིས་མཚན་གྱིས་བགོས་པར་འགྱུར། ཁྱད་པར་འཕགས་པའི་གཟུགས་དང་གསེར་འདྲ་དང། །འཛམ་གླིང་གསེར་ལྟར་རབ་མཛེས་ལྟ་ན་སྡུག་།མཚན་གྱི་མེ་ཏོག་རྒྱས་པས་མངོན་དུ་གང། །མངོན ་པར་ཤེས་པ་འཐོབ་ཅིང་དབང་ཆེར་གྲགས། །བྱང་ཆུབ་སྤྱོད་མཆོག་དམ་པ་ཞི་པ་ཡོད། །དེ་ནི་ནམ་ཡང་ལོངས་སྤྱོད་འགྲིབ་མི་འགྱུར། །ལྷས་ཀྱང་བསྟི་སྟང་བྱ་ཞིང་མཆོད་པར་འོས། །བརྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དགའ་། །ཚུལ ་ཁྲིམས་རྣམ་དགར་བ་མཁས་ཚངས་པར་སྤྱོད། །ཡི་དམ་བཅས་ནས་ནགས་འདབ་ཉིད་དུ་སོང། །མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར། །བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ། །ཇི་ལྟ་བུར་ཡང་བྱང་ཆུབ ་སེམས་མི་འདོར། །བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར། །དེ་ཡི་ཤེས་པ་ནམས་ཀྱང་ཉམས་པ་མེད། །རོལ་མོ་སྒྲ་ཡིས་མི་མཆོག་མཆོད་བྱེད་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང། །མི་ཡི་འཇིག་རྟེན་ཡིད་འོང ་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དག་པ་འོང། །བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན། །ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར། །རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དག་། སྣའི་དབང་པོ་མཆོག་དང་ལྡན་པར་འགྱུར།། ་དེ་ཡི་ལྕེ་ནི་རབ་མཛེས་བལྟ་ན་སྡུག་།ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང། །དཔེར་ན་ལྷ་ཡི་རིན་ཆེན་བྱི་རུ་འདྲ། །སྒྲ་སྐད་ཡན་ལག་བྱ་བ་དཔག་མེད་འབྱིན། །བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན། །ནམས་ཀྱང་སྦྲུལ་དུ་མི་འགྱུར་ལྕེ་མོང? ་མིན། །ཞར་པ་སྒུར་པོ་ཡ་ཡོ་ཅན་མི་འགྱུར། །ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས། །བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན། །ལྷ་འམ་ཀླུ་འམ་མིའམ?་ལྟོ་འཕྱེ་ཆེ། །སུ་ཡང་དེ་ལ་མ་དང་སྐྱེད་མི་འགྱུར། །དབུགས་ཕྱིན་ཐོབ ་ནས་འཇིག་རྟེན་ཀུན་དུ་རྒྱུ། །བཅོམ་ལྡན་མྱ་ངན་ལས་འདས་པའི་མཆོད་རྟེན་ཕྱགས། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །ཡན་ལག་མ་སྨད་ཁྱད་འཕགས་ལུས་ཐོབ་ཅིང། །མཛེས་ལ་མཚན་གྱིས་གོ་ཆེར་བྱས་པར་འགྱུར། བཅོམ་ལྡན ་མྱ་ངན་འདས་པའི་མཆོད་རྟེན་ཕྱགས། །ལྷ་ཡི་ཙན་དན་ཁྱད་འཕགས་རབ་མཛེས་པའི། །གཞལ་མེད་ཁང་མཆོག་ཡིད་འོང་དྲི་ལྡན་འཐོབ། །དེ་ནི་དེ་ལ་ནམ་ཡང་སྲེད་མི་སྐྱེད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །བཅོམ་ལྡན་འདས་ཀྱིས ་བསྟན་པ་འཇིག་འགྱུར་ཚེ། །ཛམྦུ་གླིང་དུ་སྐྱེ་བར་མི་འགྱུར་ཞིང། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམ། །རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང ་པོར་གནས། །དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །འདི་ནས་ཤི་འཕོས་མཐོ་རིས་ལྟ་དབང་འགྱུར། །རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག་། ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང ་བྱེད། །རྒྱལ་པའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །ཁྱད་འཕགས་ཚིག་ལྡན་སྒྲ་དབྱངས་ཡིད་འོང་འགྱུར། །སྐྱེ་བོ་མང་པོའི་ཡིད་འོང་དགའ་ཞིང་བཀུར། །དེ་ཡི་ཁ་བཞིན་རྟག་ཏུ་གསལ་བར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག ་185 ་ཕུལ་བྱས་ན། །དེ་ནི་ངན་སོང་ས་རྣམས་མ་ལུས་སྤོང། །དེ་བཞིན་གཤེགས་པ་ཉེ་བ་འཐོབ་པར་འགྱུར། །དད་པ་ཐོབ་ཅིང་རྟག་ཏུ་བདེ་བ་དགའ་། །བཅོམ་ལྡན་མཆོད་རྟེན་པ་རྒྱ་བསལ་བྱས་ན། །དེ་ནི་མི་ཁོམ་བརྒྱད་པོ ་ཀུན་སྤོང་ཞིང། །དེ་ནི་དེ་ལ་འགྱུར་དེ་ནི་ཁྱད་པར་འཕགས། །དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར། །འདོད་པའི་ཡོན་ཏན་དག་ལ་དགའ་ ་མི་བསྐྱེད། །མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར། །བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན། །དེ་ནི་ནམས་ཀྱང་བྱང་ཆུབ་སེམས་མི་འདོར། །ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར། །རྣམ་དག་འདོད་ཆགS ་བྲལ་བའི་ཆོས་ཀྱང་འཐོབ། །བཅོམ་ལྡན་མཆོད་རྟེན་བ་རྒྱ་བསལ་བྱས་ན། །དེ་ནི་མདོག་ངན་དུས་རྣམས་རྟག་ཏུ་སྤོང། །འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤོང། །ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོད་ལ་གནས། །བཅོམ་ལྡན་མཆོད་རྟེན ་བ་རྒྱ་བསལ་བྱས་ན། །ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ཞིང། །ཁྱད་འཕགས་ཁ་དོག་ལྡན་ཞིང་བལྟ་སྡུག་པ། །རེག་དང་རབ་མཛེས་གོས་དང་ནོར་རྣམས་འཐོབ། །ངང་པའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ་།མེ་ཏོག་སྐམ ་བོ་ཉལ་ཉིལ་ཕྱགས་བྱས་ན། །འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང། །སྟོབས་བཅུ་མངའ་བའི་དེད་དཕོན་མཉེས་པར་བྱེད། །མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ། །དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར། །སྐྱེ་བོ་མང་པོས་མཆོད ་འོས་བལྟ་འོས་འགྱུར། །དེ་ལ་རྒྱལ་པོ་གནོད་པར་སེམས་མི་འགྱུར། །བཅོམ་ལྡན་མཆོད་རྟེན་དག་ལ་སྔར་བས་མིས། །མེ་ཏོག་ཕུལ་བ་སྐམ་པོ་ཕྱགས་བྱས་ན། །ངན་སོང་སའི་ལམ་ངན་ཐམས་ཅད་གཅོད། །བྱང་ཆུབ་སེམས་དཔའ་ཚུལ ་@185བ ་ཁིམས་ཕུང་པོར་གནས། །མཆོད་རྟེན་མེ་ཏོག་རིང་པ་སུ་འཕྱག་པ། །བག་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང། །ནད་རྣམས་དུ་མ་མ་ལུས་རྣམ་པར་སྤོང། །བསྐལ་པ་མཛའ་ཡས་རྣམས་སུ་དབུགས་འབྱིན་འཐོབ། །མཆོད་རྟེན་མེ་ཏོག་རྙིང་པ ་སུ་འཕྱག་པ། །སྦྱིན་གནས་མཚུངས་མེད་སེམས་རྒྱས་འཐོབ་པར་འོད། །མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་འོས་འགྱུར། །རྣམ་དག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར། །ལྷ་ཡི་མེ་ཏོག་རབ་མཛས་མན་དཱ་ར། །མཚུངས་མེད་པ ་ཏ་ལ་ཡང་སུ་འབུལ་དང། །མཆོད་རྟེན་མེ་ཏོག་ཉལ་ཉིལ་སུ་འཕྱག་པ། །དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར། །འཇིག་རྟེན་སངས་རྒྱས་འགྱུར་བྱར་མོས་བསྐྱེད་དེ། །སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །འཇིག་རྟེན་དག་ན ་བླ་མར་བསྐུར་བསྟི་བྱ། །དེ་ནི་མཛེས་ཤིང་བལྟ་ན་སྡུག་པར་འགྱུར། །དེ་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི། །ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད། །སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར། །དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད ་བསྟེན། །དེ་ཡི་ཡུལ་ལ་སེམས་ཅན་གང་གནས་པ། །དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་པར་འགོད། །དེས་ནི་ངན་སོང་ས་ཡང་རྣཾ་པར་སྤོང། །དེ་དག་རྣམས་ཀྱིས་དོན་མཆོག་དམ་པ་བྱེད། །བསོད་ནམས་བློ་གྲོས་དྲག་ལྡན་མཆོད་འོས་འགྱུར། །དབུ། ་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་དུ་རྒྱུ། །དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན། །བསམ་པ་ཇི་བཞིན་དེ་དག་དགའ་བ་སྐྱེད། །གསལ་སྙན་ངག་གི་སེམས་ཅན་གོ་བར་བྱེད། །དེ་སྲོག་དབང་ཕྱུག་སུས་ཀྱང་ཕན་མི་བྱེད། །སྐྱེ་བོ་ཚོགས་ཆེན ་དག་གིས་བལྟ་འོས་འགྱུར། །དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །སྦྱིན་དང་སྙན་པ་སྨྲ་དང་དོན་དཔྱོད་དང། དོན་མཐུན་པ་དག་སྐྱེ་བོ་མང་ལ་བྱེད། །སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི ་དངོས་མི་སྐྱེད། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ན་ཡང་མི་ཡི་རྒྱལ་པོ་འོད། །དེ་ནི་ནམ་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད ་རྟེན་ཐལ་སྦྱར་ཕྱག་འཚལ་བ། །དེ་ནི་ནམ་ཡང་ངན་སོང་ཕྱིས་མི་ལྟུང། །འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤོང། །ནོར་ཅན་ནང་ན་ཕྱུག་ཅིང་ནོར་མང་འགྱུར། །ཡོན་ཏན་ལྡན་ལ་ཆིག་གཅིག་སུ་སྨྲ་བ། །དེ་ནི་ནམ་ཡང་མི་རིགས་བསྔགས ་མི་སྤྱད། །མི་ཡི་འཇིག་ཏེན་གནས་མིན་སྤྱོད་མི་འགྱུར། །དེ་ལ་སེམས་ཅན་མི་དོམ་དགའ་བར་འགྱུར་ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས་ཀྱང། །ཀུན་དགའ་བོ་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང་བླ ་མར་བྱེད་པ་ནས་མཆོད་པར་བྱེད་པའི་བར་ལྟ་ཞོག། གང་ང་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་།ང་ཡི་ཕྱིར་མཆོད་རྟེན་བྱས་པ་ལ་གང་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་སྟེ། ཀུན་དགའ་ ་པོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན། བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་བ་དེ་ཐམས་ཅད་ཀྱིས་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ།། ་ཐ་མ་མྱ་ངན་ལས་འདས་པར་ང?་སྨྲའོ། །ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན། དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི། ཀུན་དགའ་ ་བོ་གལ་ཏེ་སེམས་ཅན་འགའ་ཞིག་བསྐལ་པ་གཅིག་ཏུ་འཁོར་བ་ཇི་སྲིད་པར་ཀུན་ཏུ་བརྒྱུག་ཅིང་འཁོར་ཡང། འཁོར་བའི་སྔོན་གྱི་མཛའ་མི་ཤེས་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱ་བའི་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་དོའི་མཛའ་ ་དེ་ནི་བརྒྱ་བྱིན་ཉིད་རྣམས་ཀྱི་རྙེད་པར་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་སངས་རྒྱས་ལ་ཕུལ་བའི་ཡེན་ནི་འཁོར་བ་ན་སྤྱོད་པའི་བདེ་བ་ཐམས་ཅད་ཀྱི་མཐར་གཏུག་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་དགེ་བའི་རྩ་བ་དེའི་འབྲས ་བུ་མྱ་ངན་ལས་འདས་པ་ཉིད་ཡིན་པས་ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཀུན་འགའ་བོ་གང་དག་ཁ་ཅིག་མངོན་དུ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་།གང་ངའི་སྐུ་གདུང་དང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྐུ་གདུང་གི་མཆོད་པ་བྱེད་པ་ལྟ་ཡང་ཞོག། ་གང་དའི་ཕྱིར་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟ་ཡབ་ཞོག་།གང་སངས་རྒྱས་ལ་དམིགས་ནས་ཐན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་བ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའ་ཨི་སྐལ་པ་མེད་པ་ཞིག ་གི་སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན་ཡང་ཀུན་དགའ་བོ་དགེ་བཱི་འབྲས་བུ་དེ་ཡང་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་ཏེ་།མྱ་ངན་ལས་འདས་པས་ཀླས་པར་དང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་བསྨྲའོ་ཞེས་གསུངS ་སོ། །ཀླུའི་རྒྱལ་བོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས་ཀྱང། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་དང་འཕྲད་བར་འཐོབ་བོ། །བརྒྱད་གང་ཞེ་ན། སེམས་ཅན་སངས་རྒྱས་ཀྱི་གཟུགས ་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་བ་དང། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང། རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང། སེམས་ཅན་ཐམས ་ཅད་དེ་བཞིན་གཤེགས་པ་བལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་སྒྲ་སྒྲགས་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་པ་དང། རྒྱུན་ཞུམ་པ་མེད་པ་དང། རྒྱུན་རྒྱ་ཆེན་པོར་གྱུར ་ནས་སངས་རྒྱས་ཀྱི་ཡེ་ཤེས་ཆོལ་བའོ་ཞེས་གསུངས་སོ། །བསོད་ནམས་འཕེལ་བར་འདོད་པ་ལ་སངས་རྒྱས་དང་འཕྲང་བ་ཅི་དགོས་ཤེ་ན། དེའི་མཛའ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་མི་ཤེས་ཏེ། འཕགས་པ་སྡོང་པོ་བཀོད ་པ་ལས་ཇི་སྐད་བསྔགས་པ་ལྟ་བུའོ། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང། །སངས་རྒྱས་སྒྲ་ནི་རབ་དཀོན་ན། །ཐེ་ཚོམ་ཐམས་ཅད་གཅོད་པའི་མཆོག། མཐོང་བར་འགྱུར་བ་སྨོས་ཅི་དགོས། །ཆོས་ཀུན་རྟོགས་པར་ཐུགས་ཆུད་ཅིང། །འཇིག ་རྟེན་གསུམ་གྱི་བསོད་ནམས་སྟེགས། །སེམས་ཅན་ཐམས་ཅད་རྣམ་སྦྱོར་བ། །འཇིག་རྟེན་སྒྲོན་མ་མཐོང་བ་ལེགས། །བསོད་ནམས་ཆེ་ལས་གྲུབ་པའི་ཞིང། །ཡེ་ཤེས་དཀྱིལ་འཁོར་རབ་ཤར་བ། །འཇིག་རྟེན་དཔག་མེད་སྣང་བར་མཛད།། ་བསོད་ནམས་ཕུང་པོ་རྣམ་པར་འཕེལ། །སྡུག་བསྔལ་དྲ་བ་གཅོད་མཛད་ཅིང། །ཡེ་ཤེས་ཕུང་པོ་སྦྱོར་བ་ཡི། །རྒྱལ་བ་གང་གི་མཉེས་བྱས་པ། །དེ་དག་ངན་འགྲོའི་འཇིགས་པ་མེད། །རྐང་གཉིས་དམ་པ་མཐོང་ན་ནི། །སེམས་རྒྱ་ཆེན་པོ་སྐྱེད ་འགྱུར་ཞིང། །ཤེས་རབ་སྟོབས་ནི་འོད་གསལ་བ། །གྲངས་མེད་པ་ཡང་སྐྱེ་བར་འགྱུར་ཞེས་གསུངས་སོ། །ཡང་དེ་ཉིད་ལས། སེམས་ཅན་ཀུན་གྱིས་དོན་གྱི་ཕྱིར། །བརྟན་ཞིང་ཐུགས་རྗེ་ཆེ་ལྡན་པ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །དེ་བཞིན ་གཤེགས་པ་རྣམས་ཀྱང་འབྱུང། །དོན་ཀུན་རྩམ་པའི་སངས་རྒྱས་ལ། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང། །ལུས་ཅན་དག་ནི་ཐམས་ཅད་ཀྱིས། །ལན་དུ་ཕན་གདགས་ཇི་ལྟར་ནུས། །ངན་སོང་གསུམ་པོ་མི་བཟད་དུ། །བསྐལ་བ་བྱེ ་པར་བསྲེག་སླ་ཡི། །ཆགས་པ་ཐམས་ཅད་རྣམ་བཟློག་པ། །སྟོན་པ་མི་མཐོང་དེ་ལྟ་མིན། །འཇིག་རྟེན་ཇི་སྙེད་ཐམས་ཅད་ཀྱིས། ངན་སོང་འགྲོ་བ་སོ་སོ་དེར། །ཤིན་ཏུ་ཡུན་རིང་གནས་སླ་ཡི། སངས་རྒྱས་མི་ཐོས་དེ་ལྟ་མིན། །ཅི་ཡི ་ཕྱིར་ན་ངན་སོང་དུ། །ཡུན་རིང་གནས་པར་འདོད་ཅེ་ན། །གང་ཕྱིར་རྒྱལ་བའི་དབང་པོ་དག། མཐོང་ན་ཡེ་ཤེས་འཕེལ་ཕྱིར་རོ། །འཇིག་རྟེན་དབང་ཕྱག་རྒྱལ་མཐོང་ན། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་འགྱུར། རྫོགས་པའི་སངས་རྒྱས་སྤྱོད་ཡུལ་གྱི ་ཡེ་ཤེས་ལ་ཡང་འཇུག་པར་འགྱུར། །མི་མཆོག་སངས་རྒྱས་མཐོང་ན་ནི། །སྒྲིབ་པ་ཐམས་ཅད་ཟད་པར་འགྱུར། །གང་གིས་བྱང་ཆུབ་འཐོབ་འགྱུར་བའི། །བསོད་ནམས་དཔག་ཏུ་མེད་པ་འཕེལ་ཞེས་གསུངས་སོ། །བསོད་ནམས་འཕེལ་བར་བྱ་བ་ལ་སངས་རྒྱས་དང ་འཕྲད་པ་ནི་དེ་ལྟར་དགོས་པ་ཡོད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གཟུགས་ཙམ་མཐོང་བ་ཡང་དེ་ཙམ་དུ་འབྲས་བུ་དཔག་ཏུ་མེད་ན། རང་གི་ངོ་བོ་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། །དང་བའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ ་ལས། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གི། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་?་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང ་དེ་བཞིན་ལྷའི་གོས་རྣམས་སྦྱིན་ཕ་བྱིན་པ་བས། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་སངས་རྒྱས་རི་མོར་བྲིས་པ་འམ་གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེ་ན། ཐལ ་མོ་སྦྱར་བ་འམ་མེ་ཏོག་གམ་བདུག་པ་འམ་སྤོས་སམ་མར་མེ་འབུལ་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་ངོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཀྱང། བསོད་ནམས་སྤེལ་བའི་ཐབས་སུ་གསུངས ་ཏེ། གང་དེ་བཞིན་གཤེགས་པའི་མཆོད་རྟེན་འཕྱག་པ་དེ་སྨོན་ལམ་རྣམ་པར་དག་པ་མཆོག་བཞི་འཐོབ་སྟེ་།བཞི་གང་ཞེ་ན་།གཟུགས་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང། མཉམ་པར་བཞག་པ་བརྟན་པ་ལ་སྨོན་ལམ་རྣམ་པར་དག་པ ་མཆོག་དང། དེ་བཞིན་གཤེགས་པ་མཐོང་བ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང། མཚན་ཕུན་སུམ་ཚོགས་པ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་ཅེས་བྱ་བའོ། །ཡང་དེ་ཉིད་ལས། དེ་བཞིན་གཤེགས་པའི ་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་བ་འམ་སྤོས་རིས་འདྲི་ན་མ་ཚང་བ་མེད་པ་བརྒྱད་འཐོབ་སྟེ་།བརྒྱད་གང་ཞེ་ན། གཟུགས་མཆོད་བ་མེད་པར་འགྱུར་བ་དང། ལོངས་སྤྱོད་མ་ཚང་བ་མེད་པ་དང། གཡོག་འཁོར་མ་ཚང་བ་མེད་པ ་དང། ཚུལ་ཁྲིམས་མཚང་བ་མེད་པ་དང། ཏིང་ངེ་འཛིན་མ་ཚང་བ་མེད་པ་དང། ཐོས་པ་མཚང་བ་མེད་པ་དང། ཤེས་རབ་མཚང་བ་མེད་པ་དང། སྨོན་ལམ་མཚང་བ་མེད་པ་ཞེས་གསུངས་སོ། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང། གང ་དག་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་སོ་སོ་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་འཕང་དུ་འདི་ལྟ་སྟེ། རིའི་རྒྱལ་པོ་རི་རབ་ལྟ་བུ་བྱེད་ལ་དེ་ལ་ཡང་སོ་སོ་ནས་གངྒཱའི་ཀླུང་གི་བྱེ་མ་རྙེད་ཀྱིས་བསྐལ་པར་བསྟི ་སྟང་བྱ་བ་ཐམས་ཅད་ཀྱི་བསྟི་སྟང་བྱེད་པ་བས་བྱང་ཆུབ་སེམས་དཔའ་གང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འདོར་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་བས་བསོད་ནམས་ཆེས་མིང་དུ་བསྐྱེད་དོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་ལ། ཐམས་ཅད་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་དང་ལྡན་པར་གྱུར་ཏེ། འཁོར་ལོ་སྒྱུར་བའི་རྒྱལ ་པོ་རེ་རེས་ཀྱང་མར་མེའི་སྣོད་རྒྱ་མཚོ་ཆེན་པོ་ཙམ་བྱས་ཏེ། རི་རབ་ཙམ་གྱི་མར་མེའི་སྙིང་པོས་མར་མེ་བུས་ལ། སོ་སོ་ནས་དེ་ལྟ་བུའི་མར་མེའི་མཆོད་པས་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མཆོད་པ་བས། བྱང་ཆུབ་སེམས་དཔའ་ ་ཁྱིམ་གྱི་གནས་ནས་འབྱུང་བ་གང་གི་མར་མེའི་སྙིང་པོ་འབྲུ་མར་གྱིས་བསྐུས་ཏེ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་འཛིན་ན། རས་འབྲུ་མར་གྱིས་བསྐུས་བའི་མར་མེ་འདི་ལ་སྔ་མའི་མར་མེ་ཕུལ་བ་དེས་བརྒྱའི་ཆར་ཡང་མི་ཕོད་པ་ནས ་རྒྱུའི་བར་དུ་ཡང་མི་བཟོད་དོ། །འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་དག་གི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བདེ་བར་སྦྱར་བ་ཐམས་ཅད་ཕུ་དུད་བྱེད་པ་བས་།བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང ་གིས་བསོད་སྙོམས་བླངས་ཏེ། ལྷུང་བཟོད་དུ་ཆུང་པ་དེ་གཞན་དག་དང་བགོ་བཤའ་བྱས་ཏེ་ཟ་ན་དེ་ནི་དེ་བས་ཆེས་མང་ཞིང་ཆེས་རིན་ཆེའོ། །གང་ཡང་རྒྱལ་པོ་ཆེན་པོ་དེ་དག་གིས་རི་རབ་ཙམ་གྱི་གོས་ཀྱི་ཕུང་པོ་སངས་རྒྱས་ལ་སོགས ་པ་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། བྱང་ཆུབ་སེམས་དཔའ་འཁྱིམ་གྱི་གནས་ནས་བྱུང་བ་གང་གི་ཕྱི་རོལ་དུ་བྱུང་སྟེ། སངས་རྒྱས་ལ་སོགས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་སློང་གི་དགེ་འདུན་དང། དེ་བཞིན ་གཤེགས་པའི་མཆོད་རྟེན་ལ་ཆོས་གོས་གསུམ་ཕུལ་ན། དགེ་སློང་གི་ཆོས་གོས་བྱིན་པ་འདིས་གོས་བྱིན་པ་སྔ་མ་དེ་ཟིལ་གྱིས་ནོན་པར་འགྱུར་རོ། །ཡང་རྒྱལ་པོ་དེ་དག་རེ་རེས་ཛམྦུའི་གླིང་ཐམས་ཅད་མེ་ཏོག་གིས་མཛེས་པར་བྱས་ཏེ། དེ་བཞིན ་གཤེགས་པའི་མཆོད་རྟེན་ལ་ཕུལ་བ་བས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་བྱུང་བ་གང་གི་ཐ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གཅིག་ཕུལ་ན་སྦྱིན་པ་འདི་ལ་སྦྱིན་པ་སྔ་མ་ངེས་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ་ཡང ་མི་ཕོད་དོ་ཞེས་གསུངས་སོ། །མཐར་གྱིས་ཡང་དག་འཕགས་ཀྱི་ལེའུ་ལས་ཀྱང་བསྟན་ཏེ། ཕན་ཡོན་བཟང་པོ་བཞི་པོ་འདི་དག་མཐོང་ནས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོད་པ་ལ་སྤྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། བདག་གི་ ་189 ་སྦྱིན་གནས་ཀྱི་མཆོག་ལ་མཆོད་པ་བྱས་པར་འགྱུར་བ་དང། བདག་མཐོང་ནས་གཞན་དག་ཀྱང་དེ་བཞིན་དུ་སློབ་པར་འགྱུར་བ་དང། དེ་བཞིན་གཤེགས་པ་ལ་མཆོད་པས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར ་བ་དང། མངོན་སུམ་དུ་མཐོང་བས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་དགེ་བའི་རྩ་བ་སོགས་པར་འགྱུར་བ་སྟེ། བཞི་པོ་དེ་དག་གོ་ཞེས་སོ། །འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བླ་ན་མེད་པ་སྟེ། བློ་གྲོས ་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་དུ། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་བླ་ན་མེད་པའོ། །གསུམ་གང་ཞེ་ན། གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། གང་དམ་པའི་ཆོས་ཡོངས་སུ ་འཛིན་པ་དང། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བསྟན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་མངལ་གྱི་དྲི་མས་མི་གོས ་པར་སྐྱེའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང། མཆོད་རྟེན་ཞིག་པ་འཆོས་པ་དང། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་པ་འབུལ་བ་དང། དེ་བཞིན་གཤེགས ་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང་སྐྱང་ནུལ་བྱ་བ་འབུལ་བ་དང། ཕ་མ་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང། ཚངS ་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང། དེ་ཡང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ་ཟང་ཟིང་དང་བཅས་པས་མ་ཡིན་པ་དང། དགེ་བའི་རྩ་བ་དེ་ཡང་དེ་ལྟར། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི? ་@189བ ་མས་མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང་དེ་ཡང་བསམ་པ་ཐག་པ་ནས་སེམས་པ་སྟེ་།རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་གོ་ཞེས་བྱའོ། །རྗེས་སུ་ཡི་རང་བའི་ཕན་ཡོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཏེ། གང་ཐེག་པ ་ལ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བར་བགྱིད། བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་རྣམས་ཀྱི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བར་བགྱིད། བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ཀྱང་ཕྱིར་མི་ལྡོག་པའི་ཆོས་ཉིད་ལ་རྗེས་སུ་ཡི་རང་བར་བགྱིས་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ ་དང། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀོ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ཚད་ཀྱིས་གཞལ་བས་ཚད་གཟུང་བར་ནུས་ཀྱི་།ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བའི་མདོ་ལས་སྐྱེས་པའི་སེམས་བསྐྱེད་པ་དེ་དག་གི་བསོད་ནམས་ནི་ཚད་གཟུང་བར་མི་ནུས་སོ། །དེ་སྐད་ཅེས་བཀའ་སྩལ་བ་དང། བཅོམ་ལྡན་འདས་ལ་ལྟའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བའི་བར་ལ་རྗེས་སུ་ཡི་རང་བ ་ལས་སྐྱེས་བའི་བསོད་ནམས་འདི་ལྟར་དཔག་ཏུ་མེད་དོ་ཞེས་བྱ་བ་མི་ཉན་པ་དང་མ་འཚལ་བ་དད་རྗེས་སུ་ཡི་རང་བར་མི་བགྱིད་པ་དང་མི་སེམས་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །སེམས་ཅན་དེ་དག་བདུད་ཀྱི་ཕྱོགས་སུ་འགྱུར་བ་ལགས་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཨི་ཐེག་ལ་པ་འམ་རང་སངས་རྒྱས་ཀྱི་ཐེག་པ་པ་འམ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའི་རིགས་ཀྱི་བུ་མོ་གང་དག་གིས་སེམས་བསྐྱེད་བ་ལ་རྗེས་སུ་ཡི ་རང་བ་དེ་དག་གི་མྱུར་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་བར་བྱེད་བར་འགྱུར་གྱི་མི་མཉེས་པར་བྱེད་པར་མི་འགྱུར་རོ། །དེ་ལྟར་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་བའི་སེམས ་བསྐྱེད་བའི་དགེ་བའི་རྩ་བདེ་དག་གིས་གང་དང་གང་དུ་སྐྱེ་བ་དེ་དང་དེར། ཕུ་དུད་དུ་བྱ་བར་འགྱུར་བླ་མར་བྱ་བར་འགྱུར་རི་མོར་བྱ་བར་འགྱུར། མཆོད་བར་བྱ་བར་འགྱུར་རྗེད་བར་འགྱུར་གསོལ་བར་འགྱུར་རོ། །དེ་དག་ནི་ཡིད་དུ་མི ་འོང་བའི་གཟུགས་རྣམས་མཐོང་བར་མི་འགྱུར། དེ་དག་ནི་ཡིད་དུ་མི་འོང་བའི་སྒྲ་རྣམས་ཐོས་པར་མི་འགྱུར་རོ། །དེ་བཞིན་དུ་དྲི་དང་རོ་རྣམས་མ་ཡིན་ཞིང་རེག་བྱ་རྣམས་རེག་བར་མི་འགྱུར་རོ། །དེ་དག་ནི་ངན་སོང་དུ་སྐྱེ་བར་མི ་འགྱུར་བར་ཤེས་པར་བྱའོ། །དེ་དག་ནི་མཐོ་རིས་སུ་སྐྱེ་བར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་དག་གིས་སེམས་ཅན་གྲངས་མེད་པའི་དགེ་བའི་རྩ་བ་སེམས་ཅན་དེ་དག ་ཐམས་ཅད་ལ་བདེ་བ་སྐྱེད་པ་དག་ལ་རྗེས་སུ་ཡི་རང་བའི་ཕྱིར་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྲངས་མེད་པ་དཔག་ཏུ་མེད་བདག་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་བར ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའོ། །ཡང་དེ་ཉིད་ལས་།རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པཱི ་བྱང་ཆུབ་ལ་གནས་པར་གྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ནས་ཀྱང་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དམིགས་པའི་འདུ་ཤེས་ཀྱིས། བསམ་གཏན་བཞི་བ་ལ་སྙོམས་པར་འཇུག་པ་བས། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་ཐབས་མཁས་པས་ཟིན་པ་གང་གིས། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང། ཤེས་རབ་དང་རྣམ ་བར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་དང་ཏིང་འཛིན་དང། ཤེས་རབ་དང། རྣམ་པར་ཀྲོལ་བཱི་ཡེ་ཤེས་མཐོང་བའི་ཐུང་པོ་དང། ཉན་ཐོས་ཀྱི་ཚུལ་ཁྲིམས་དང། ཏིང་ངེ་འཛིན ་དང། ཤེས་རབ་དང། རྣམ་བར་གོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བཟླུམས་ཤིང་གཞལ་ལ་།མ་ལུས་བ་ལ་རྗེས་སུ་ཡི་རང་བའི་མཆོག་གི་རྗེས་སུ་ཡི་རང་བ་དང། གཙོ་བོ་དང་དམ་པ་དང་རབ ་དང་ཕུལ་དང་གྱ་ནོམ་བ་དང་བླ་མ་དང་བླ་ན་མེད་པ་དང་བླ་མའི་བླ་མ་དང་མཉམ་པ་མེད་པ་དང། མི་མཉཾ་པ་དང་མཉམ་པ་དད་དཔེ་ཟླ་མེད་པས་རྗེས་སུ་ཡི་རང་ལ་རྗེས་སུ་ཡི་རང་བའི་མདོ་ལ་སྐྱེས་བའི་བསོད་ནམས་བྱ་བའི་དངོས་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་བའི་མདོ་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ། བྱང་ཆུབ་སེམས་དཔའ་དམིགས་པ་ཅན་གྱིས་།བསམ་གཏན་བཞིའི་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་མ་དེས ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུངས་སོ། །ཚུལ་འདི་ཉིད་ནི་ཡོངས་སུ་བསྔོ་བ་ལ་ཡང་གསུངས་སོ། །གསོལ་བ་གདབ་པའི་ཕན་ཡོན་ནི་དྲག་ཤུལ་ཅན་གྱིས་ཞུས་པ་ལས་།ཆོས་ཡོངས་སུ་བཟུང ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་གཞལ་དུ་མེད་གྲངས་མེད་པ་རྣམས་སུ་ཚེ་ཡོངས་སུ་བསྒྱུར་རོ་ཞེས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་ཕྱག་འཚལ་བ་ལ་སོགས་པའི་ཕན་ཡོན་གྱི་ལེའུ་སྟེ་བཅུ ་བདུན་པའོ།། །།བཟང་པོ་སྤྱོད་པ་ལ་སོགས་པའི་ཚུལ་གྱིས་བསོད་ནམས་འཕེལ་བར་བཤད་ཟིན་ཏོ། །འདི་ཡང་འདིའི་རྒྱུ་གཞན་ཡིན་ཏེ། དད་པ་ལ་སོགས་རྟག་ཏུ་བསྒོམ་པ་གང་ཡིན་པའོ། །དེ་བཞིན་གཤེགས ་པའི་གསང་བའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་རོ། །བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་དད ་པ་ནི་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དད་པ་གང་ཞེ་ན། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲི་བ་དང་མི་བྱ་བ་མི་བྱེད་བའོ། །རྒྱལ་པོ་ཆེན་པོ་གུས་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། གུས ་བ་གང་གིས་འཕགས་པ་རྣམས་ཀྱིས་ལེགས་པར་བཤད་པ་རྣམས་གུས་པར་ཉན་པ་དང་རྣ་བླགས་ཏེ་ཆོས་ཉན་པའོ། །རྒྱལ་པོ་ཆེན་པོ་ང་རྒྱལ་མེད་བ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ་།ང་རྒྱལ་མེད་པ་གང་གི་འཕགས་པ་རྣམས་ལ ་མངོན་པར་འདུད་པ་དང་རབ་ཏུ་འདུད་པ་ལ་ཕྱག་འཚལ་བའོ། །རྒྱལ་པོ་ཆེན་པོ་བརྩོན་འགྲུས་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། བརྩོན་འགྲུས་གང་གང་གིས་ཡང་བ་དང་སེམས་ཡང་བ་འཐོབ་པ་དང་བྱ་བ་ཐམས་ཅད་ཀྱང་ཉམS ་འོག་ཏུ་ཆུད་པར་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་?་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མཉམས་ཤིང་ཁྱད་པར་ཏུ་འགྲོ་བར་འགྱུར་ཞེས་བྱ་བ་སྟེ། དད་པ་ལ་སོགས་པ་འདི་དག་ལ་རྟག་ཏུ་གོམས་པར ་བྱའོ། །ཡང་ན་དད་བ་ལ་སོགས་པ་གཞན་དག་ལ་སྟེ་།འཕགས་པ་བློ་གྲོས་མི་ཟད་བའི་མདོ་ལས་ཇི་སྐད་དུ། བཙུན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་རྣམས་མི་ཟད་པ་སྟེ། དེ?་ལ་དབང་པོ་ལྔ་གང་ཞེ་ན་།གང ་འདི་དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གི་ཆོས་བཞི་ལ་དད་པ་སྟེ་།བཞི་གང་ཞེ ་ན། འདི་ལྟ་སྟེ་།འཁོར་བ་ན་སྦྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་སྟེ་།དེ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན་།དག་བ་འམ་སྡིག་པའི་ལས་གང་དང་གང་བྱས་པ་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ་སྙམ་སྟེ ་སྲོག་གི་ཕྱིར་ཡང་སྡིག་བའི་ལས་མི་བྱེད་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་དད་པ་སྟེ། སྤྱོད་པ་དེ་ལ་ཞུགས་ནས་ཀྱང་ཐེག་པ་གཞན་ལ་འདོད་པ་མི་བསྐྱེད་པ་དང། ཆོས་ཐམས་ཅད་ལ་དོན་དམ་པ་དེས་པའི་དོན་ཟབ་མོ། །རྟེན ་ཅིང་འབྲེལ་བར་འབྱུང་བ་བདག་མེད་པ་སེམས་ཅན་མེད་པ་སྲོག་མེད་པ་གསོ་བ་མེད་པ་གང་ཟག་མེད་བར་རྣམ་པར་དཔྱོད་པ་དང། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ལྟ་བར་གྱུར་པ་ཐམS ་ཅད་བག་ལ་ཉལ་བར་མི་བྱེད་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྟེ། དད་པའི་ཕྱིར་ཐེ་ཚོམ་དང་ནེམ་ནུར་དང་བྲལ་བས་སངས་རྒྱས་ཀྱི་ཆོས་དེ་དག་ཡང་དག་པར་སྒྲུབ་སྟེ་འདི་ནི ་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པའི་དབང་པོ་དད་པར་གྱུར་བའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་བོས་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། ། ་དེ་ལ་དྲན་བའི་དབང་པོ་གང་ཞེ་ན་།ཆོས་གང་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབ་བའི་ཆོས་དེ་དག་དྲན་པའི་དབང་པོས་ཆད་མི་གསོན་ཏེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ། །དེ་ལ་ཏིང་ངེ ་འཛིན་གྱི་དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆོས་གང་ཆུད་མི་གསོན་པའི་ཆོS་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་དེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ་ཆོས་གང་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་ཤིན་ཏུ་རྟོག་པར་བྱེད་དེ་།གང་ཆོས་དེ་དག་དང་དེ་དག་ལ་གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་ཤིང་སོ་སོར་རང་གིས ་ཤེས་པ་དེ་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ན་དབང་པོ་ལྔ་པོ་འདི་དག་ནི་ལྷན་གཅིག་ཏུ་འགྲོགས་ཤིང་རྗེས་སུ་འབྲེལ་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལུང་བསྟན་པའི་སར་ཡང ་གཞོག་གོ་ཞེས་གསུངས་བ་བཞིན་ནོ། །དད་པ་ལ་སོགས་པའི་སྟོབས་རྣམས་ལ་ཡང་རྟག་ཏུ་གོམས་པར་བྱ་སྟེ་།འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཇི་སྐད་དུ་།རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྟོབས་ཀྱི་སྤྱོད ་པ་ཡོངས་སུ་དག་པ་གང་ཞེ་ན། གང་དབང་པོ་དེ་དག་གིས་ཉེ་བར་བརྟན་ནས་བདུད་ཐམས་ཅད་ཀྱི་མི་རྗི་བར་འགྱུར་བ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཀྱི་མི་འཕྲོག་པར་འགྱུར་བ་དང། ཐེག་པ་ཆེན་པོ ་འདི་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་བ་དང། སྔོན་གྱི་དམ་བཅས་པ་ལ་བརྟན་བར་འགྱུར་བ་དང། སེམས་ཀྱི་སྟོབས་ཤིན་ཏུ་བརྟན་པར་འགྱུར་བ་དང། ལུས་ཀྱི་སྟོབས་དང ་ལྡན་བར་འགྱུར་བ་དང། དབང་པོ་རྣམས་སྦེད་པར་འགྱུར་བ་དང། དགྲ་རྣམས་ཀྱིས་མི་ཚུགས་པར་འགྱུར་བ་དང། །ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་བསྐྱོད་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །དེ་ལྟར་དེ་ཞིག་བསོད ་ནམས་སྤེལ་བའི་ཕྱིར། །དད་པ་ལ་སོགས་རྟག་ཏུ་བསྒོམས། །གཞན་ཡང་བྱམས་དང་ཞེས་བྱ་བ་ནི། །ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། བྱེ་བ་ཁྲག་ཁྲིག་དཀྲིས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས ་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད་ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་སངས་རྒྱས་སོགས་དྲན་བྱ། །སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དེ་ཡང་གང་ཞེ་ན། འཕགས་པ ་ཡུལ་འཁོར་སྐྱོང་གི་མདོ་ལས་བསྔགས་པ་སྟེ་།མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། ། ་རྒྱལ་བའི་དབུ་སྐྲ་འཇམ་མཛེས་?་ཞིང་བཟང། །ཁྱོད་ཀྱི་གཙུག་ཏོར་འདི་ན་རི་རྒྱལ་བཞིན། །གཙུག་གཏོར་མི་མཐོང་ཁྱོད་དང་མཚུངས་མ་མཆིས། །ཐུབ་པ་ཁྱོད་ཀྱི་སྨིན་མཚམས་མཛོད་སྤུས་མཛེས། །ཀུན་ད་ཟླ་བ་ཁ་བདུད་ལྟར་དཀར།། ་ཐུགས་རྗེ་གང་གིས་འགྲོ་བ་འདི་གཟིགས་པ། །སྤྱན་མཆོག་བཟང་པོ་ཨུཏཔལ་སྔོན་པོ་འདྲ། །རྒྱལ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ། །ལྗག་ཡངས་སྲབ་ལ་ཟངས་ཀྱི་མདོག་འདྲ་བ། །དེ་ཡིས་རང་གི་ཞལ་གྱི་གདོད་ཡང་ཁེབས། །ཆོས ་གསུངས་པས་ནི་འགྲོ་བ་འདུལ་བར་བགྱི། །འཇམ་སྣུམ་གསུམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཚེམས་བཟང་ཤིན་ཏུ་བརྟན་པ་རྡོ་རྗེ་འདྲ། །བཅུ་དང་སུམ་ཅུ་སྙོམས་ཤིང་ཐགས་བཟང་བ། །འཛུམ་པ་མཛད་པས་འགྲོ་བ་འདུལ་བར་བགྱིད།། ་193 ་བདེན་གཏམ་སྙན་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཁྱོད་ཀྱི་གཟུགས་དང་མཚུངས་མ་མཆིས། །འོད་ཀྱི་ཞིང་བརྒྱ་དག་ཀྱང་སྣང་བར་བགྱིད། །འཇིག་རྟེན་ན་ནི་ཚངས་དབང་སྐྱོང་དེ་དག། བཅོམ་ལྡན་ཁྱོད་ཀྱི་འོད ་ཀྱི་དྲི་ལ་དུ་བརླག་།ེ་ཎེའི་བྱིན་པ་མཉམ་མེད་བཅོམ་ལྡན་འདས། །གླང་པོའི་རྒྱལ་པོ་རྨ་བྱ་སེངྒེའི་སྟབས། །བཅོམ་ལྡན་གཉའ་ཤིང་གང་དུ་གཟིགས་ཤིང་གཤེགས། །ས་དང་རི་དང་དམ་པ་གཡོ་བར་མཛད། །བཅོམ་ལྡན་འདས ་སྐུ་མཚན་གྱི་བརྒྱན་པ་སྟེ། ཁྱོད་ཀྱི་པགས་པ་འཇམ་ཞིང་གསེར་མདོག་འདྲ། །འགྲོ་བ་གཟུགས་འདི་ལྟ་བས་ངོམས་མི་འགྱུར། །ཁྱོད་ནི་མཚུངས་པ་མ་མཆིས་གཟུགས་དང་ལྡན། །ཁྱོད་སྔོན་བསྐལ་པ་བརྒྱར་ནི་དཀའ་ ་ཐུབ་སྤྱད། །ཁྱོད་གཏོང་དུལ་དང་སྦྱིན་པ་ཀུན་ལ་དགྱེས། །སེམས་ཅན་ཀུན་ལ་ཐུགས་རྗེ་བྱམས་ཐུགས་ལྡན། །མཆོག་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་དགྱེས། །ཁྱོད་ནི ་བཟོད་དང་བརྩོན་འགྲུས་དགེས་རབ་བརྟན། །ཁྱོད་ནི་བསམ་གཏན་ཤེས་རབ་འོད་གཟིས་མངའ་། །མཚུངས་མེད་ཡེ་ཤེས་མངའ་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྨྲ་བ་ངན་པའི་ཚོགས་ཅན་འཇོམས། །ཁྱོད་ནི་སེངྒེ་ལྟ་བུར ་འཁོར་དུ་སྒྲོགས། །ཁྱོད་ནི་སྨན་པའི་རྒྱལ་པོ་དྲི་གསུམ་སེལ། །མཆོག་ཏུ་དགའ་མཛད་ཁྱེད་ལ་ཕྱག་འཚལ་ལོ། །ཐུབ་པ་སྐུ་གསུང་ཐུགས་ནི་རྣམ་པར་དག་།པདྨ་ཆུ་ལྟར་སྲིད་པ་གསུམ་མི་གོས། །ཁྱོད་ནི་ཚངས ་དབྱངས་ཀ་ལ་བིང་ཀའི་སྐད། །སྲིད་གསུམ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་འགྲོ་འདི་སྒྱུ་མ་ལྟ་བུ་དང། །གར་ལ་ལྟ་དང་རྨི་ལམ་འདྲ་བ་དང། །བདག་མེད་སེམས་ཅན་མེད་ཅིང་སྲོག་འགྲོ་མེད། །ཆོས་རྣམས་སྨིག ་@193བ ་རྒྱུ་ཆུ་ཟླ་འདྲ་བར་མཁྱེན། །སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མ་ཤེས་པས་ན་འགྲོ་བ་འཁྱམས་འགྱུར་ཏེ། ཐུགས་རྗེས་ཐབས་ཚུལ་རིགས་པ་བརྒྱ་དག་གི། དེ་དག་རྣམས་ནི་འཛུད་པར་མཛད་པ་ལགས། །འདོད་ཆགས་ལ་སོགས་ནད ་མང་བརྒྱ་དག་གིས། །སྐྲག་པར་འགྱུར་བའི་འགྲོ་ལ་རྟག་གཟིགས་ཏེ། །བདེ་གཤེགས་སེམས་ཅན་བརྒྱ་དག་ཡོངས་འགྲོལ་ཅིང། །ཟླ་མེད་དམན་པ་ལྟ་བུ་རྣམ་པར་རྒྱུ། །སྐྱེ་དང་རྒ་དང་འཆི་དང་མྱ་ངན་ནོན། །སྡུག་དང་བྲལ་དང་སྨྲེ ་སྔགས་འདོན་པ་བརྒྱས། །རྟག་ཏུ་ན་བའི་འགྲོ་བ་གཟིགས་ནས་ནི། །ཐུབ་པ་ཐུགས་རྗེས་ཡོངས་སུ་འགྲེལ་ཅིང་རྒྱུ། །དུད་འགྲོ་ཡི་དགས་དམྱལ་བའི་འགྲོ་རྣམས་སུ། །འགྲོ་ཀུན་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར། །གླེན་པ་དམིགས་བུ་མ ་མཆིས་མགོན་མ་མཆིས། །དེ་ལ་ལམ་གྱི་དམ་བསྟན་མཛད་པ། །གཙོ་བོ་མཚུངས་པ་མེད་པས་གང་བསྟན་པ། །འཕགས་ལམ་དེ་ཉིད་གང་དག་སྔོན་ཆད་ཀྱི། །ཆོས་ཀྱི་དབང་ཕྱུག་འགྲོ་བའི་དོན་མཛད་པ། །རྒྱལ་བ་དེ་དག་རྣམས་ཀྱིས ་རབ་ཏུ་གསུངས། །འཇམ་ཞིང་མཉེན་ལ་ཡིད་དུ་འོང་བའི་མཆོག་།ཚངས་ལས་ལྷག་པར་མཆོག་ཏུ་དགའ་བགྱིད་པ། །དྲི་ཟ་མི་ཅི་ལྟ་ཡི་བུ་མོ་མཆོག་།སྒྲ་དེ་ཟིལ་གྱི་མནན་ནས་གསུང་མཛད་པ། །བདེན་དང་དྲད་བ་མི་ཟད་ཐབས ་ཚུལ་གྱིས། །ཡོངས་སྤྱད་ཡོན་ཏན་མཛའ་ཡས་ལྡན་པའི་གསུང། །དེ་ཐོས་སེམས་ཅན་ཁྲག་ཁྲིག་བརྒྱ་དག་དང། །ཐག་པ་གསུམ་གྱིས་ཞི་བར་མཆི་བར་བགྱིད། །ཁྱོད་ལ་མཆོད་བས་ལྷ་ཡི་བདེ་བ་ནི། །རྣམ་པ་མང་དང་དེ་བཞིན་མི ་ཡི་འཐོབ། །མི་ཡི་བདག་པོ་འགྲོ་ལ་ཕན་བགྱིད་པ། །ཕྱུག་ཅིང་ནོར་ཆེ་འབྱོར་པ་ཆེན་པོར་འགྱུར། །མཚུངས་མེད་ཁྱོད་ལ་དད་པ་བསྐྱེད་པ་ནི། །གླིང་བཞི་བདག་པོ་འཁོར་ལོ་སྒྱུར་བ་མཆོག་།འགྲོ་ལ་དགེ་བ་བཅུ་པོ་ཀུན་བྱེད་བ། །རིན་ཆེན ་རབ་བཟང་བདུན་ལྡན་ཐོབ་བར་འགྱུར། །རྒྱལ་བ་ཁྱོད་ལ་མཆོད་པ་བགྱེས་པས་ནི། །ཚངས་པ་བརྒྱ་བྱིན་འཇིག་རྟེན་བདག་པོ་དང། །ཡོངས་སུ་དགའ་ལྡན་ལྷ་ཡི་བདག་པོ་དང། །གཞན་འཕྲུལ་དབང་དང་འཐབ ་བྲལ་རབ་དགར་འགྱུར། །འགྲོ་བ་སྡུག་བསྔལ་རྣམ་མང་སེལ་མཛད་བ། །མཉམ་མེད་ཁྱོད་ལ་མཆོད་དང་མཐོང་བ་དང། །ཐོས་པ་འང་དེ་ལྟར་འབྲས་བུ་མཆིས་འགས་ཏེ། །གནས་མཆོག་རྒ་ཤི་མེད་པ་འཐོབ་པར་འགྱུར། །བཅོམ ་ལྡན་ལམ་ལ་མཁས་ཤིང་ལམ་ཁྱེན་པ། །འཇིག་རྟེན་འདི་ནི་ངན་པའི་ལམ་ལས་ཟློག་།བཅོམ་ལྡན་འགྲོ་བ་དག་ནི་འཕགས་པའི་ལམ། །བདེ་བ་ཞི་བ་རྡུལ་དང་བྲལ་ལ་འགོང་།བསོད་ནམས་གཏེར་ཁྱོད་བསོད་ནམས་དོན ་གཉེར་བའི། །བསོད་ནམས་བགྱི་བ་རྟག་ཏུ་མི་བས་ཏེ་། བྱང་ཆུབ་དམ་པ་མ་ཐོབ་བར་དུ་ནི། །བསྐལ་པ་བྱེ་བ་མང་པོ་བས་མི་འགྱུར། །གཞན་འཕྲུལ་འདྲ་བ་རྟག་ཏུ་དགའ་བགྱིད་པ། །ཡོངས་སུ་དག་ཅིང་མཛེས་པ་ཐོབ་པར ་འགྱུར། །དམ་པའི་ཞིང་དུ་ལུས་དང་ངག་ཡིད་ཀྱིས། །སེམས་ཅན་དག་ནི་རྣམ་པར་དག་པར་འགྱུར། །རྒྱལ་བ་མཆོད་པའི་མི་ཡིས་འདི་ལ་སོགས། །ཡོན་ཏན་རྣམ་པ་དུ་མ་ཐོབ་པར་འགྱུར། །མཐོ་རིས་ཐར་པའི་མི་ཡི་བདེ་བ ་དང། །འགྲོ་བ་ཀུན་གྱི་བསོད་ནམས་གཏེར་ཐོབ་འགྱུར། །ཁྱོད་ཀྱི་བརྗོད་དང་གྲགས་པ་རྒྱ་ཆེན་པོ། །ཕྱོགས་རྣམས་ཀུན་གྱི་ཞིང་མང་བརྒྱར་ཡང་མཆིས། །རྒྱལ་བ་ཁྱོད་ཀྱི་སྔགས་པའི་ཕྲེང་བ་ནི། །བདེ་བར་གཤེགས་རྣམས་འཁོར ་དུ་རྟག་པར་སྒྲོགས། །རིམས་ནད་བྲལ་ཞིང་འགྲོ་བ་ཐར་མཛད་པ། །མཐོང་ན་དགའ་བ་ཐུགས་རྗེ་མཆོག་ལྡན་པ། །བཅོམ་ལྡན་དབང་པོ་ཞི་བཞི་དགྱེས་པ། །མི་མཆོག་དམ་བ་ཁྱོད་ལ་ཕྱག་འཚལ་ལོ། །བདག་གི་རྒྱལ་བ་ཁྱོད་ཀྱི ་གསུངས་ཐོས་ནས། །མངོན་པར་ཤེས་པ་ལྔ་ཐོབ་མཁའ་ལ་གནས། །དཔའ་བོ་བདེ་གཤེགས་མཚུངས་པར་བདག་འགྱུར་ཏེ། །དྲི་མེད་ཆོས་ནི་འགྲོ་ལ་རྣམ་པར་དབྱེ། །ལྷ་དང་མི་དང་ཀླུ་མཆོད་བདེ་བར་གཤེགས། །ཡོན་ཏན་ཀུན་གྱི་མཐར་ཕྱིན ་དེ་བསྟོད་པས། །བསོད་ནམས་རྒྱ་ཆེན་གང་སྒྲུབས་གྱུར་པ་འདིས། །འགྲོ་བ་སངས་རྒྱས་གོ་འཕང་ཐོབ་པར་ཤོག་ཅེས་བྱའོ། །ཡང་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ་སྟེ་།གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མངའ་བ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཅན་།སེམས་ཅན་གྱི་ཕུང་པོ་ཆེན་པོའི་སྐྱབས་སུ་གྱུར་པ་།མགོན་དུ་གྱུར་པ་།སྨན་པ་ཆེན་པོ་གཟུགས་རྔུ?་འབྱིན་པ་།སེམས་ཅན་ཐམས་ཅད ་ལ་སེམས་སྙོམས་པ་།རྟག་ཏུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་པ་། འཁོར་བ་དང་མྱ་ངན་འདས་འདས་པ་ལས་རྣམ་པར་གྲོལ་པ་ནས། སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་པ་།དགྲ་ཟིན་ལ་སེམས་སྙོམས་པའི་བར་དུའོ། །དེ་བཞིན ་དུ་སྦྱར་ཏེ་།འཇིག་རྟེན་ཐམས་ཅད་ཟིལ་གྱིས་ནོན་པ་།འཇིག་རྟེན་ཐམས་ཅད་ཀྱི་སྣང་བར་གྱུར་བ་།རྣལ་འབྱོར་ཆེན་པོ་ལ་རྣལ་འབྱོར་པ་།བསམ་གཏན་པའི་སྤྱོད་ཡུལ་བ་།རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། བདག་ཉིད་ཆེ་བ། ་སྐྱེ་བ་ཆེན་པོའི་ཞམ་འབྲིང་བ་དང་ལྡན་པ་།སྐྱེ་བོ་ཁྱད་པར་ཅན་གྱི་ཞམ་འབྲིང་བ་དང་ལྡན་པ། ལྟ་བ་དང་ཉན་པ་དང་བརྟེན་པ་དང་བསྙེན་བཀུར་བྱེད་པ་མི་ཟློགས་པ། བདག་བདེ་བ་ལ་མི་ལྟ་བ་།གཞན་གྱི་སྡུག་བསྔལ་ཞི་བར་།བྱེད་པ་ལ ་དགྱེས་པ། ཆོས་ལ་གཞོལ་བ། ཆོས་ཀྱི་ནོར་ཅན། ཆོས་ཀྱི་ཟན་ཅན་།ཆོས་ཀྱི་སྨན་ཅན་།ཆོས་ཀྱི་གཏེར་ཅན་།ཆོས་ཀྱི་དབང་ཕྱུག་།ཆོས་ཀི་བདག་པོ?་།ཆོས་ཀྱི་སྦྱིན་བདག་།རྟག་ཏུ་གཏོང་བ་ལ་མངོན་པར་དགྱེས་པ། །རྟག་ཏུ་བག ་ཡོད་པ། རྟག་ཏུ་དབེན་པ་ལ་མངོན་པར་དགྱེས་པ། ཐམས་ཅད་དུ་སྟེགས་དང་ཟམ་པར་གྱུར་པ། རྒྱལ་པོའི་ལམ་ཆེན་པོ་དང་འདྲ་བ་།ཉི་མ་ཆེན་པོ་དང་འདྲ་བ། ཚངས་པ་ཆེན་པོ་དང་འདྲ་བ། ཡེ་ཤེས་ཆེན་པོའི ་རྡོ་རྗེ་འཆང་བ་།ཆོས་ཆེན་པོས་དབུགས་འབྱིན་པ། གཟུགས་བལྟ་བས་མི་ངོམས་པ་མཐོང་བས་མི་དོམས་པ་སྟེ་། སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་ལྟར་རྗེས་སུ་དྲན་ནོ། །དེ་དག་དེ་ལྟར་རྗེས་སུ་དྲན་པས་དེ་དག་གི་ཡོན་ཏན ་ཡོངས་སུ་སྒྲུབ་པའི་ཕྱིར་སྦྱོར་རོ། །དྲན་པ་ཉེ་བར་འཇོག་གོ། བརྩོན་འགྲུས་རྩོམ་མོ། །དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ་།འདི་ནི་བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་རྗེས་སུ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །འདི་ཉིད་ལས ་ཆོས་རྗེས་སུ་དྲན་པ་གསུངས་པ་།འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ་།གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཛའ་ཡས་མུ་མེད་པ་སྟེ་།བདག་ནི་ཆོས་ལས་སྐྱེས་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད ་བ། ཆོས་ཀྱི་སྤྲུལ་པ། ཆོས་ཀྱི་བདག་པོར་གྱུར་པ་།ཆོས་ལས་བྱུང་བ་།ཆོས་ཀྱི་སྤྱོད་ཡུལ་།ཆོས་ལ་རྟོན་པ་།ཆོས་ཀྱིས་གྲུབ་པ་སྟེ་།གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་དེ་དག ་ཀྱང། ཆོས་ལས་སྐྱེས་བ། ཆོས་ལས་རྙེད་པ་ཆོས་ཀྱི་གྲུབ་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱི ་གྲུབ་པའོ། །གང་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱི་གྲུབ་པའོ། །གང་འཇིག་རྟེན་པ་དང། །འཇིག་རྟེན་ལས་འདས་པའི་བདེ་བའི་ཡོ་བྱད་དེ་དག ་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱིས་གྲུབ་པའོ། །དེ་བས་ན་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་ཆོས་གཙོ་བོར་བྱའོ། །ཆོས་སྤྱོད་ཡུལ་བ་དང། ཆོས་ལ་རྟོན་པ་དང། ཆོས་ལ་གཞོལ་བ་དང། ཆོས་སྙིང་པོར་བྱེད་པ་དང། ཆོས ་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་རྗེས་སུ་དྲན་པ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ་།ཆོས་ནི་སེམས་ཅན་ཐམས་ཅད་ལ་མཉམ ་པར་འཇུག་པས་ཆོས་ནི་ཐ་མ་དང་འབྲིང་དང་རབ་མཐོང་ནས་འཇུག་པ་མ་ཡིན་ཏེ་།དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་པའི་སེམས་སུ་བྱའོ། །ཆོས་ནི་ཕྱོགས་སུ་མ་ལྷུང་བས་ཆོས་ནི་དོར་བལྟ་ཞིང། འཇུག་པ་མ་ཡིན་ཏེ་།དེ་ལྟར་བདག་གིS ་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་དུས་ཆད་པ་མེད་པ་། འདི་མཐོང་པ་རང་ལ་ཡོད་པ་རང་གིས་རིག་པས་ཆོས་ནི་དུས་ལ་ལྟ་ཞིང་འཇུག་པ་མ་ཡིན་ཏེ་། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་མཐོ ་དམན་མེད་པས་ཆོས་ནི་རྒྱ་ཆེ་བ་ལ་འཇུག་པ་མ་ཡིན་དམན་པ་ལ་འཇུག་པ་མ་ཡིན་ཏེ་།དེ་ལྟར་བདག་གིས་ཀྱང་ཆོས་དང་མཐུན་པའི་སེམས་སུ་བྱའོ། །ཆོས་ནི་མཆོག་དང་ཐ་མ་དང་བྲལ་བས་ཆོས་ནི་རྣམ་པར་དག་པ་ལ་འཇུག་པ་ཡང་མ ་ཡིན་ཉམས་པ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཞིང་དང་ཞིང་མ་ཡིན་པའི་ལྟ་བ་དང་བྲལ་བས་ཆོས་ནི་འཕགས་པ་ལ་འཇུག་པ་ཡང་མ་ཡིན་སོ་སོའི་སྐྱེ་བོ་ལ་འཇུག ་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་ཏུ་རྒྱུན་མི་འཆད་པར་འཇུག་པས་ཆོས་ནི་ཉིན་མོ་འཇུག་པ་མ་ཡིན་མཚན་མོ་འཇུག་པ་མ་ཡིན་མཚན་མོ་འཇུག་ལ་ཉིན་མོ་མི་འཇུག་པ་མ་ཡིན ་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་གང་ལ་ཡང་ནམ་ཡང་སྡོད་པ་མ་ཡིན་པས་ཆོས་ནི་འདུལ་བའི་དུས་ལས་ཀྱང་མི་འདའ་སྟེ་།དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི ་སེམས་སུ་བྱའོ། ཆོས་ནི་ཐམས་ཅད་དུ་འདོད་པ་མེད་པས་ཆོས་ནི་སྡང་བ་རྣམས་ལ་ཞེ་འགྲས་པ་ཡང་མེད་དད་པ་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་དེ་།དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་བྲི་བ་ཡང ་མ་ཡིན་གང་པ་ཡང་མ་ཡིན་ཏེ་དཔག་ཏུ་མེད་གྲངས་མེད་པས་ནམ་མཁའ་ལྟར་འབྲི་བ་ཡང་མ་ཡིན་འཕེལ་བ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་སེམས་ཅན་རྣམས་ཀྱིས་བསྲུང་བ་མ ་ཡིན་གྱི་ཆོས་ཀྱིས་སེམས་ཅན་རྣམས་བསྲུང་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆེས་ནི་སྐྱབས་ཡོངས་སུ་ཚོལ་བ་མ་ཡིན་པས་ཆོས་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། དེ་ལྟར་བདག་གིས ་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་ཐོགས་པ་མེད་པའི་མཚན་ཉིད་པས་ཆོས་ནི་གང་ལ་ཡང་ཐོགས་པ་མེད་དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་བག་ལ་ཉལ་མེད་པས་བག་ལ་ཉལ་མི་འཇུག?་སྟེ་།དེ་ལྟར ་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ། །ཆོས་ནི་རྟག་ཏུ་རྣམ་པར་མི་རྟོག་པས་ཆོས་ནི་འཁོར་བས་འཇིགས་སྐྲག་པ་ཡང་མ་ཡིན་མྱ་ངན་ལས་འདས་པ་ལ་རྗེས་སུ་ཆགས་པར་ཡང་མ་ཡིན་ཏེ། །དེ་ལྟར་བདག་གིས་ཀྱང་ཆོས་དང ་འདྲ་བའི་སེམས་སུ་བྱའོ་སྙམ་མོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལྟར་དྲན་པ་ཉེ་བར་འཇོག་པས་དེའི་ཕྱིར་ཆོས་རྗེས་སུ་དྲན་པ་ཞེས་བྱ་སྟེ་།རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ་ཞེས་སོ། ། ་དེ་ཉིད་ལས་གསུངས་པ། དགེ་འདུན་ནི་ཆོས་སྨྲ་བ་།ཆོས་སྤྱོད་པ་།ཆོས་སེམས་པ་།ཆོས་ཀྱི་ཞིང། ཆོས་འཛིན་པ། ཆོས་ལ་རྟོན་པ་།ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་སྤྱོད་ཡུལ་པ། ཆོས་སྤྱོད་པ་ཕུན་སུམ་ཚོགས་པ། ་རང་བཞིན་གྱིས་དྲང་བ། རང་བཞིན་གྱི་དག་པ་།སྙིང་རྗེའི་ཆོས་ཅན་།སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པའི་སྤྱོད་ཡུལ་བ་།རྟག་ཏུ་ཆོས་ལ་གཞོལ་བ་།རྟག་ཏུ་དཀར་བོ་སྤྱོད་པའོ་སྙམ་མོ་ཞེས་བྱ་ལ་སོགས་པའོ། །དེ་ལ་བྱང་ཆུབ་སེམས ་དཔའ་ཨི་དགེ་འདུན་རྗེས་སུ་དྲན་པ་ནི་འདི་ལྟ་བུ་ཡིན་ཏེ་།དགེ་འདུན་གྱི་ཡོན་ཏན་ཡང་དག་པ་གང་ཡིན་པ་དེ་དག་བདག་གི་།བདག་དང་སེམས་ཅན་ཐམས་ཅད་ལ་སྒྲུབ་པར་བྱའོ་སྙམ་པ་སྟེ་།འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལS། ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཇི་སྐད་དུ་འབྱུང་བ་དེ་ལྟ་བུར་དགེ་འདུན་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །སེམས་ཅན་ཀུན་གྱི་གཟུགས་དང་ནི། །སྐད་དང་དབྱངས་སུ་གང་བརྗོད་པ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །སྐད་ཅིག ་གཅིག་ལ་སྟོན་པར་བྱེད། །སྒྱུ་མའི་ཆོས་ཀྱི་རྣམ་རྩེན་པ། །དེ་དག་སེམས་ཅན་སྨིན་བྱའི་ཕྱིར། །རྒ་བ་དང་ནི་ན་བར་འགྱུར། །བདག་ཉིད་ཤི་བར་རབ་ཏུ་སྟོན། །ས་རྣམས་རབ་ཏུ་ཚིག་བར་ནི། །བསྐལ་པས་བསྲེག་པར་ཀུན་སྟོན་ཏེ། །སེཾས ་ཅན་རྟག་པར་འདུ་ཤེས་པ། །མི་རྟག་པར་ནི་རབ་བསྟན་ཏོ། །སེམས་ཅན་བྱེ་བ་སྟོང་རྣམས་ཀྱང། །ཡུལ་གཅིག་ཏུ་ནི་མགྲོན་དུ་གཉེར། །ཐམས་ཅད་ཁྱིམ་དུ་ཟན་བྱིན་ཏེ། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །སྔགས་དང་རིག་པ་ཅི ་ཡོད་དང། །གཟོ་གནས་རྣམ་པ་མང་པོ་དག་། ཐམས་ཅད་ཀྱི་ཡང་ཕ་རོལ་ཕྱིན། །སེམས་ཅན་ཐམས་ཅད་བདེ་ཐོབ་བྱེད། །འཇིག་རྟེན་ཡ་མཚན་ཇི་སྙེད་པ། །དེ་དག་ཀུན་ཏུ་རབ་བྱུང་ནས། །ལྟ་བ་ཐ་དད་ཨུགྱུར་པ་ཡི། །སེམས་ཅན་རྣམས་ ་197 ་ནི་ཡོངས་སུ་འགྲེལ། །ཟླ་བ་འམ་ཉི་མར་དེ་འགྱུར་དེ། །བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང། །ཆུ་དང་མེ་ཡང་རབ་འགྱུར་ཏེ། །ས་དང་རླུང་དུ་འང་དེ་བཞིན་ནོ། །ནང་གྱི་བསྐལ་བ་བར་མ་ལ། །དེ་ནི་རྩི་མཆོག་དམ་པར ་འགྱུར། །དེས་ནི་སེམས་ཅན་རྣམ་གྲོལ་ཞིང། །ནད་རྣམས་མེད་ཅིང་བདེ་བར་འགྱུར། །མུ་གེའི་བསྐལ་པ་བར་མ་ལ། །ཟས་དང་སྐོམ་དུ་བསྒྱུར་ནས་སུ། །བཀྲེས་ཤིང་སྐོམ་པ་མེད་བྱས་ཏེ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །མཚོན ་གྱི་བསྐལ་པ་བར་མ་ལ། །དེ་དག་བྱམས་པ་སྒོམ་གྱུར་ཏེ། །སེམས་ཅན་བྱེ་བ་བརྒྱ་མང་པོ། །གནོད་སེམས་མེད་ལ་འཛུད་པར་བྱེད། །གཡུལ་ཆེན་འདྲེས་པའི་ནང་དུ་ནི། །དེ་དག་ཕྱོགས་ལམ་མཉམ་པར་འགྱུར། །བྱང་ཆུབ་སེམས ་དཔའ་སྟོབས་ཆེན་རྣམས། །འདུམ་ཞིང་འདུ་བར་དགའ་བར་བྱེད། །སངས་རྒྱས་ཞིང་ནི་ཇི་སྙེད་པ། །བསམ་གྱིས་མི་ཁྱབ་དམྱལ་བར་ཡང། །སེམས་ཅན་རྣམས་ལ་ཕན་བྱའི?་ཕྱིར། །བསམ་བཞིན་དུ་ནི་དེར་འགྲོའོ། །ཇི་སྙེད་དུད་འགྲོའི ་སྐྱེ་གནས་ཀྱི། །འགྲོ་བར་རབ་ཏུ་བསྟན་པ་ནི། །ཐམས་ཅད་དུ་ཡང་ཆོས་སྟོན་ཏེ། །དེ་ཕྱིར་རྣམ་པར་འདྲེན་ཅེས་བྱ། །འདོད་པའི་ལོངས་སྤྱོད་རྣམས་ཀྱང་སྟོན། །བསམ་གཏན་པ་ལ་བསམ་གཏན་སྟོན། །བདུད་རྣམས་རབ་ཏུ་འཇོམS ་བྱེད་ཅིང། །དེ་དག་གླགས་སུ་འགྱུར་མི་བྱེད། །མེ་དབུས་ན་ནི་པདྨ་ལྟར། །བྱུང་མ་མྱོང་བ་དེ་སྟོན་ཏེ། །དེ་བཞིན་འདོད་དང་བསམ་གཏན་ཡང། །བྱུང་མ་མྱོང་བདེ་སྟོན་ཏོ། །བསམས་བཞིན་སྨད་འཆོང་རྣམས་སུ་སྒྱུར། །སྐྱེས་པ ་རྣམས་ནི་བསྡུ་བའི་ཕྱིར། །འདོད་ཆགས་ལྕགས་ཀྱུས་དྲངས་ནས་སུ། །དེ་དག་སངས་རྒྱས་ཡེ་ཤེས་འགོད། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །གྲོང་མི་དང་ནི་དེད་དཔོན་དང། །མདུན་ན་འདོན་དང་བློན་པོ་དང། །བློན་པོ་ཆེན ་@197བ ་པོར་རྟག་ཏུ་འགྱུར། །སེམས་ཅན་དབུལ་བོ་རྣམས་ལ་ནི། །ཟད་མི་ཤེས་པའི་གཏེར་དུ་གྱུར། །གང་ལ་སྦྱིན་པ་བྱིན་པ་ཡང། །དེ་དག་བྱང་ཆུབ་སེམས་བསྐྱེད་གཙུད། །ད་རྒྱལ་ཁེངས་པའི་སེམས་ཅན་ལ། །དེ་དག་མཚན་ཆེན་མཆོག་གྱུར་ཏེ། ། ་ང་རྒྱལ་ཀུན་ཀྱང་བཅོམ་ནས་སུ། །བླ་མེད་བྱང་ཆུབ་ཆོལ་དུ་བཅུད། །འཇིགས་སྐྲག་སེམས་ཅན་རྣམས་ལ་ནི། །རྟག་ཏུ་དེ་ཡི་མདུན་ན་འདུག་།དེ་དག་མི་འཇིགས་བྱིན་ནས་ཀྱང། །བྱང་ཆུབ་ཏུ་ནི་སྨིན་པར་བྱེད། །དེ་དག་ལྔ་སྔོན་ཤེས་པ་ཡིས། ། ་དྲང་སྲོང་ཚངས་པར་སྤྱོད་གྱུར་ཏེ། །བཟོད་དང་དེས་དང་ཚུལ་ཁྲིམས་དང། །སྡོམ་པ་ལ་ནི་སེམས་ཅན་འགོད། །རིམ་གྲོ་ལྷུར་བྱེད་སེམས་ཅན་རྣམས། །འཇིགས་པ་མེད་པས་འདིར་མཐོང་ནས། །བྲན་དང་གཡོག་ཏུ་ཤིན་ཏུ་འགྱུར། །སློབ ་མར་ཡང་ནི་ཉེ་བར་འགྲོ་། ཡན་ལག་གང་དུ་གང་རྣམས་ཀྱིས། །སེམས་ཅན་ཆོས་ལ་དགར་གྱུར་པ། །ཐབས་ཆེན་ཤིན་ཏུ་བསླབས་པ་དག་།བྱ་བ་དག་ནི་ཐམས་ཅད་སྟོན། །དེ་དག་བསླབ་པ་མཛའ་ཡས་ཤིང། །སྤྱོད་ཡུལ་རྣམས་ཀྱང ་མཛའ་ཡས་ཏེ། །ཡེ་ཤེས་མཛའ་ཡས་རྫོགས་པས་ན། །སྲོག་ཆགས་མཛའ་ཡས་གྲོལ་བར་བྱེད། །བསྐལ་པ་དག་ནི་བྱེ་བ་དང། །བསྐལ་བ་བྱེ་བ་ཕྲག་བརྒྱར་ནི། །བཅོམ་ལྡན་སངས་རྒྱས་རྣམས་ཀྱིས་ཀྱང། །དེ་ཡི་ཡོན་ཏན་མཛའ་བརྗོད ་བཀའ་ཞེས་བྱའོ།། བསླབ་པ་ཀུན་ལས་བཏུས་པ་ལས།། །།བམ་པོ་བཅུ་བཞི་པ་སྟེ་ཐ་མའོ། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རྣམས་ནི། དཀོན་མཆོག་ཏ་ལའི་གཟུངས་ལས་ཇི་སྐད་གསུངས་པ་དེ་ལྟར་ཡང་བསྒོམ་པར ་བྱ་སྟེ། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །བདུག་པ་ཕལ་ཆེར་བདུག་པའི་བླ་རེ་དང། །བདུག་པ ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། བདུག་པ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕལ་ཆེར་སྤོས་དང་སྤོས་ཀྱི་བླ་རེ་དང། །སྤོས་ཀྱི་བཀོད་པའི་འོད་ཟེར་རབ་བགྱི?་སྟེ།། ་སྣ་ཚོགས་སྤོས་རྣམས་ཀུན་ཏུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕྲེང་བ་ཕལ་ཆེར་ཕྲེང་བའི་བླ་རེ་དང། །ཕྲེང་བ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ཕྲེང་བ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང། །བདག ་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕྱེ་མ་ཕལ་ཆེར་ཕྱེ་མའི་བླ་རེ་དང། །ཕྱེ་མ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ཕྱེ་མ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ན་བཟའ་ཕལ་ཆེར་ན ་བཟའ་ཨི་བླ་རེ་དང། །ན་བཟའ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །ན་བཟའ་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤེང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཕལ་ཆེར་གདུགས་དང་གདུགས་ཀྱི་བླ་རེ་དང། །གདུགས་ཀྱི་བཀོད་བའི ་འོད་ཟེར་རབ་བཀྱེ་སྟེ། །སྣ་ཚོགས་གདུགས་རྣམས་ཀུན་དུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རིན་ཆེན་ཕལ་ཆེར་རིན་ཆེན་བླ་རེ་དང། །རིན་ཆེན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །རིན་ཆེན་སྣ་ཚོགས ་ཀུན་ཏུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །པདྨ་ཕལ་ཆེར་པདྨའི་བླ་རེ་དང། །པདྨ་བཀོད་བའི་འོད་ཟེར་རབ་བཀྱེ་སྟེ། །པདྨ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། ། ་རྒྱན་ཕྲེང་ཕལ་ཆེར་རྒྱན་ཕྲེང་བླ་རེ་དང། །རྒྱན་ཕྲེང་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །རྒྱན་ཕྲེང་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །རྒྱལ་མཚན་མཆོག་བཀོད་འོད་ཟེར་རབ ་བཀྱེ་ཞིང། །དེ་དག་རྒྱལ་མཚན་དཀར་དམར་སེར་པོ་དང། །སྔོ་དང་རྒྱལ་མཚན་བཀོད་པ་སྣ་ཚོགས་པ། །དུ་མས་རྒྱལ་བའི་ཞིང་རྣམས་རྒྱན་པར་བྱེད། །ནོར་བུའི་དྲ་བ་སྣ་ཚོགས་བཀོད་པའི་གདུགས། །དར་གྱི་ལྔ་ལྡི་བ་དོན?་རབ ་སྦྱངས་ཤིང། །དྲིལ་གཡེར་དྲ་བ་རྒྱལ་བའི་གསུང་སྒྲེགས་པ། །དེ་བཞིན་གཤེགས་ཀྱི་དབུལ་དེ་དག་འཛིན། །ཡག་པའི་མཐིལ་ནས་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། །རྒྱལ་བ་མ་ལུས ་ཀུན་ལ་འང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲལ་འདི་འདྲའོ། །དེ་དག་འགྲོ་བ་སྡུད་པའི་ཡེ་ཤེས་ཀྱིས། །རྣམ་པར་འཕྲུལ་དང་ཏིང་འཛིན་མཆོག་བསྒྲུབས་ཤིང། །བྱ་བ་དག་དང་བསྙེན་བཀུར་ཀུན་གྱི་བསྒོ། །ཐབས ་སྟོང་དག་གིས་སེམས་ཅན་འདུལ་བར་བྱེད། །ཁ་གཅིག་དེ་བཞིན་གཤེགས་པ་མཆོད་སྒོ་དང། །སྦྱིན་པ་བསམ་གྱིས་མི་ཁྱབ་གཏོང་སྒོ་དང། །སྦྱངས་པའི་ཡོན་ཏན་ཚུལ་ཁྲིམས་ཀུན་སྒོ་དང། །བཟོད་པ་མི་ཟད་མི་འཁྲུག་སྒོ་དག ་དང། །ཁ་ཅིག་བརྟུལ་ཞུགས་དཀའ་ཐུབ་བརྩོན་སྒོ་དང། །བསམ་གཏན་རབ་ཏུ་ཞི་བར་གནས་སྒོ་དང། །དོན་ལ་རྣམ་ངེས་ཤེས་རབ་སྒོ་རྣམས་དང། །སྤྱོད་པ་ཀུན་ལྡན་ཐབས་ཀྱི་སྒོ་དག་དང། །ཚངས་བའི་གནས་པ་དག་དང་མངོན ་ཤེས་སྒོ། །བསྡུ་བའི་དངོས་པོས་ཕན་པར་འདོད་སྒོ་དང། །བསོད་ནམས་བསགས་དང་ཡེ་ཤེས་སྒོ་དག་དང། །བདེན་དང་རྟེན་དང་རྣམ་ཐར་སྒོ་དག་དང། །ཁ་ཅིག་སྟོབས་དང་དབང་པོ་ལམ་སྒོ་དང། །ཉན་ཐོས་ཐེག་བས ་རྣམ་པར་གྲོལ་སྒོ་དང། །རྐྱེན་གྱི་ཐེག་པས་རྣམ་པར་དག་སྒོ་དང། །ཐེག་པ་མཆོག་གི་རྣམ་པར་འཕྲུལ་སྒོ་དང། །ཁ་ཅིག་མི་རྟག་ཉིད་དང་སྡུག་བསྔལ་སྒོ། །ཁ་ཅིག་བདག་མེད་སྲོག་མེད་སྒོ་དག་དང། །མི་སྡུག་འདུ་ཤེས་འདོད ་ཆགས་བྲལ་སྒོ་དང། །ཞི་འགོག་ཏིང་ངེ་འཛིན་གྱི་སྒོ་ཡིས་འདུལ། །འགྲོ་བ་སྤྱོད་པའི་སྒོ་རྣམས་ཇི་སྙེད་བ། །དེ་སྙེད་ཆོས་ཀྱི་སྒོ་ལ་རབ་ཞུགས་ཏེ། །དེ་དག་ཀུན་དུ་རྣམ་ཐར་སྒོ་དག་ནས། །བསམ་པ་ཇི་བཞིན་འཇིག ་རྟེན་སེམས་ཅན་འདུལ། །གང་དག་ཀུན་ཏུ་རྣམ་ཐར་སྒོ་དག་ནས། །བསམ་བཞིན་འཇིག་རྟེན་སེམས་ཅན་འདུལ་བྱེད་པ། །དེ་དག་སུས་ཀྱང་མཚན་མར་གཟུང་མི་ནུས། །ཏིང་འཛིན་རྣམ་པར་འཕྲུལ་པ་དེ་དྲའོ། །དེ་དག་དགའ་བཱི ་བཀོད་པའི་ཏིང་འཛིན་མཆོག་།འགྲོ་བ་ཐམས་ཅད་ཡོངས་སྨིན་མཐུན་བྱེད་པ། །དགའ་བདེ་སྤྲོ་བ་རབ་དགའ་ཀུན་ལྡན་རྣམས། །བསམས་ཤིང་བསྟན་ནས་སེམས་ཅན་འདུལ་བར་བྱེད། །གང་དུ་ལ་ཉེས་འཇིག་རྟེན་ཡོ་བྱད་གང།། ་བདེ་བྱེད་ཐམས་ཅད་རབ་ཏུ་དཀོན་གྱུར་བ། །དེར་ནི་ཀུན་གྱི་བསམ་བཞིན་བྱ་བ་ཡིས། །སྦྱིན་པ་སྦྱིན་ཞིང་འགྲོ་བའི་དོན་རྣམས་བྱེད། །དེ་དག་ཟས་སྐོམ་མཆོག་དང་པོ་མཆོག་དང། །གོས་དང་བགོ་བ་རིན་ཆེན་སྣ་ཚོགས་དང། །རྒྱལ ་སྲིད་ནོར་དང་བདག་ཕངས་ཡོངས་གཏོང་བས། །སྦྱིན་ལ་མོས་པའི་འགྲོ་བ་འདུལ་བར་བྱེད། །བརྟན་པ་དེ་དག་མཆོག་ཏུ་ལུས་སྤྲས་ཤིང། །གོས་དང་རྒྱན་མཆོག་བགོས་ཤིང་བརྒྱན་བྱས་ཏེ། །ཕྲེང་བས་བརྒྱན་ཅིང་སྤོས་ཀྱི་བསྐུས ་པ་ཡིས། །གཟུགས་རྣམས་བསྟན་པས་སེམས་ཅན་འདུལ་བར་བྱེད། །མཐོང་ན་དགའ་ཚིམ་རབ་ཏུ་དགའ་རྣམས་ལ། །བློ་མཆོག་དེ་དག་མཆོག་ཏུ་གཟུགས་བཟང་བ། །གཟུགས་ཀྱི་དམ་པ་ཡོངས་སུ་སྟེན་བྱེད་ཅིང། །གཟུགས་ལ་མོས ་པའི་སེམས་ཅན་འདུལ་བར་བྱེད། །དེ་དག་ཀ་ལ་བིང་ཀའི་སྒྲ་སྙན་དང། །ཁུ་བྱུག་ཀུན་ལ་ངང་པའི་སྒྲ་སྐད་དང། །རྔ་དང་ཚངས་དང་མི་འམ་ཅི་ཡི་སྒྲས། །མོས་པ་ཀུན་ལ་དེ་བཞིན་ཆོས་ཀྱང་སྟོན། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གང ་ཡིན་པས། །རྒྱལ་བ་གང་དག་འགྲོ་བའི་དོན་མཛད་པའི། །ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས། །བསམ་བ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །དེ་དག་བདེ་དང་སྡུག་བསྔལ་གྲོགས་ཀྱང་བྱེད། །དོན་དང་གནོད་པའི་གྲོགས་ཀྱང་དེ ་བཞིན་བྱེད། །བྱ་བ་ཀུན་ལ་གྲོགས་སུ་འགྱུར་བྱས་ཤིང། །གྲོགས་ཀྱི་སྒོ་ནས་སེམས་ཅན་འདུལ་བར་བྱེད། །སྡུག་བསྔལ་གནོད་པ་འདུས་བྱས་སྐྱོན་རྣམ་ལ། །གྲོགས་ཀྱི་དོན་དུ་དེ་དག་བཟོད་བྱེད་ཅིང། །འགྲོ་བ་ཀུན་ལ་ཕན་དོན་བདེ་དོན་ཏུ། །དེ ་དག་གྲོགས་དོན་གནོད་པ་དང་དུ་ལེན། །གང་ན་སྔོན་བྱུང་མེད་ཅིང་ཆོས་མེད་དེ། །དགོན་པར་འགྲོ་དང་ཐར་པ་མི་དམིགས་པ། །དེར་ནི་རྒྱལ་སྲིད་འབྱོར་པ་རབ་སྤངས་ཏེ། །ཞི་བའི་ཡིད་ཀྱིས་གནས་མེད་མངོན་པར་འབྱུང། །དེ་དག་ཁྱིམ་དང ་འཆིང་དང་སྲེད་པའི་གནས། །འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་རྒྱུར། །འདོད་པའི་དགའ་བ་ཀུན་ལ་མི་གནས་པར། །མངོན་པར་བྱུང་ཞིང་ཐར་པ་རབ་ཏུ་བརྗོད། །དེ་དག་སྤྱོད་པ་བཅུ་རྣམས་རྗོད་བྱེད་ཅིང། །སྐྱེས་ཆེན་རྣམས ་ཀྱི་ཆོས་སྤྱོད་གང་ཡིན་དང། དྲང་སྲོང་རྣམས་ཀྱི་སྤྱོད་ཀུན་མ་ལུས་པར། །ཡོངས་སུ་བརྗོད་ཅིང་འགྲོ་བའི་དོན་རྣཾས་བྱེད། །གང་ན་སེམས་ཅན་དཔག་མེད་ཚེ་ལྡན་ཞིང། །བདེ་དང་ལྡན་ལ་ཉོན་མོངས་ཆུང་ཡོད་པ། །དེར་ནི་རྒ་བས་ཉེན་ཅིང ་ནད་བུ་ཅན། །བདག་ལ་དབང་མེད་འཆི་བའི་དབང་གྱུར་སྟོན། །འདོད་ཆགས་འབར་ཞིང་ཞེ་སྡང་རབ་འབར་ལ། །འཇིག་རྟེན་གཏི་མུག་མེ་ཆེན་རབ་འབར་ཞིང། །རྒ་དང་ན་དང་འཆི་བ་རབ་འབར་བའི། །འཇིག་རྟེན་བསྟན ་གནས་སེམས་ཅན་འདུལ་བར་བྱེད། །དེ་དག་སངས་རྒྱས་སྟོབས་བཅུ་བརྩོན་བཞི་དང། །ཆོས་ཀྱི་ཁྱད་པར་བཅོ་བརྒྱད་རྣམས་ཀྱིས་ཀྱང། །སངས་རྒྱས་ཆེ་བའི་བདག་ཉིད་རྗོད་བྱེད་ཅིང། །སངས་རྒྱས་ཡོན་ཏན་རྣམས་ཀྱིས་འགྲོ་དོན ་བྱེད་།དེ་དག་ཀུན་བརྗོད་རྫུ་འཕྲུལ་རྗེས་བསྟན་པས། །གཟུགས་ཀྱི་བྱིན་རླབས་སྟོབས་ཀྱིས་ཐམས་ཅད་དུ་།དེ་བཞིན་གཤེགས་པའི་རྫུ་འཕྲུལ་སྟོན་བྱེད་ཅིང། །རྫུ་འཕྲུལ་རྣམ་པར་འཕྲུལ་པས་སེམས་ཅན་འདུལ།། ་དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད། །འཇིག་རྟེན་མི་ཆགས་ཆུ་ལ་པདྨ་བཞིན། །དགའ་ཞིང་དད་པར་བྱེད་ལ་རྣམ་པར་རྒྱུ། །དེ་དག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར། ། ་གར་མཁན་རྔ་མཁན་གྱད་དང་རོལ་མོ་མཁན། །བཞུགས་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང། སྒྱུ་མ་མཁན་པོ་གཟུགས་མང་ཀུན་ཏུ་སྟོན། །གྲོང་པ་གྲོང་དཔོན་ཁ་ལོ་བསྒྱུར་བར་འགྱུར། །དེ་བཞིན་དེད་དཔོན་ཚོང་དཔོན ་ཁྱིམ་བདག་འགྱུར། །རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང། །སྨན་པ་འཇིགས་མེད་བསྟན་བཅོས་ཆོག་མཁན། །དེ་དག་དགོན་པར་ལྗོན་ཞིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང། །ཡིད་བཞིན ་ནོར་བུ་འདོད་སྦྱིན་སྡོང་པོ་དང། །ལམ་གོལ་དོང་པ་རྣམས་ལ་ལམ་སྟོན་འགྱུར། །འཇིག་རྟེན་བྱུང་ནས་མི་རིང་ཤེས་གྱུར་ཅིག་།སེམས་ཅན་ལས་ཀྱི་ཚུལ་རྣམས་མི་ཤེས་པ། །དེ་དག་ཀུན་ལ་རྨོངས་ཆོས་ཚོང་ཐབས་དང། །སྣ་ཚོགས ་བཟོ་རྣམས་འཇིག་རྟེན་རྗོད་བར་བྱེད། །འཚེ་མེད་གནོད་པ་མེད་པའི་སྦྱོར་བ་གང། །སེམས་ཅན་བདེ་བྱེད་མཁས་པས་རབ་བསྔགས་པ། །རིག་སྟོབས་སྨན་དང་བསྟན་བཅོས་སྣ་ཚོགས་ཀུན། །དྲང་སྲོང་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད ་གང་ལ་ལྷར་བཅས་འཇིག་རྟེན་མོས་འགྱུར་བ། །དྲང་སྲོང་སྤྱོད་མཆོག་དམ་པ་གང་ཡིན་དང། །བརྟུལ་ཞུགས་དཀའ་སྤྱད་དཀའ་ཐུབ་སྤྱོད་ཀུན་ཀྱང། །མཁས་པས་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད། །དེ་དག་སྤྱོད་ཅན་ཀུན་རྒྱུ་མུ་སྟེགས་ཅན ་གདུང་བ་གོའུ་ཏམ་དང་མི་སྨྲར་སྤྱོད། །གཅེར་བུ་གོས་མེད་ལྷུར་ལེན་དགེ་སྦྱོང་ལ། །མུ་སྟེགས་ཅན་གྱི་སློབ་དཔོན་མཁས་པར་སྟོན། །དེ་དག་ཀུན་ཏུ་འཚོ་བའི་ཆོས་འཛིན་དང། །བླ་ན་ཡོད་དང་བླ་ན་མེད་རྣམས་དང། །རལ་པ་རིར་དང ་གཞོན་ནུའི་བརྟུལ་ཞུགས་ཅན། །དེ་དག་ཏུ་ཡང་སློབ་དཔོན་འགྱུར་བ་ཡིན། །ཉི་མའི་རྗེས་ལྟ་དཀའ་ཐུབ་ལྔ་ལྡན་དང། །ཁྱི་དང་པ་ལང་བརྟུལ་ཞུགས་རི་དགས་སྤྱོད། །གླེའུ་ཅན་དང་མུ་སྟེགས་སུམ་ཅུ་པ། །དེ་དག་ཏུ་ཡང་དེ་དག་སློབ ་དཔོན་འགྱུར། །ལྷག་པའི་ཤེས་ལ་འཇུག་པ་དགའ་རྣམས་དང། །མུ་སྟེགས་ཉེ་རིག་ཡུལ་དུ་རྒྱུ་རྣམས་སུ། །རྩ་བ་འབྲས་བུ་ཆུ་སྤྱད་གྱུར་ནས་ཀྱང། །བསམ་ཡས་ཆོས་ལ་དེ་དག་དམ་པ་མཆོག་།ཅོག་བུར་འདུག་དང་གཅིག་པུར་རྒྱུ་བ ་དང། །ཚེར་མ་རྩཝ་དང་ཐལ་བར་ཉལ་བ་དང། །གང་དག་གཏུན་ཤིང་མལ་ཅན་གནས་པ་དང། །དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར། །ཕྱི་རོལ་མུ་སྟེགས་ཅན་རྣམས་ཇི་སྙེད་པ། །དེ་དག་བསམ་པ་མོས་བརྟོགས་བྱས་ཤིང།། ་བསྙེན་དཀའ་མི་བཟད་དྲག་ཤུལ་དཀའ་ཐུབ་ཀྱིས། །མུ་སྟེགས་ཅན་གྱི་སྡུག་བསྔལ་སྤང་བར་འདུལ། །འཇིག་རྟེན་ལྟ་བས་འཁྲུགས་པ་ཤེས་བྱས་ནས། །ལྟ་བ་ངན་ལ་གནས་པའི་མུ་སྟེགས་ཅན། །ཀུན་ལ་ཕྲ་བའི་གཞི་དང་ཐབས ་ཚུལ་གྱིས། །དེ་དག་རྣམས་ལ་བདེན་པ་སྟོན་པར་བྱེད། །ལ་ལར་འགྲོ་ལྡིང་བ་ཡི་སྔགས་ཀྱི་གཞི། །ཤིན་ཏུ་གསང་བའི་གཞི་ཡིས་བདེན་པ་སྟོན། །ལ་ལ་དག་ལ་གསལ་ཞིང་དྲང་ཚིག་གིས། །ལ་ལ་དག་ལ་ལྷ་ཡི་གསང་ཚིགས ་གིས། །ལ་ལ་དགྲ་ལ་ཡི་གེ་དབྱེ་ཚིག་དང། །དོན་ལ་རྣམ་ངེས་རྡོ་རྗེ་གསོད?་རྣམས་དང། །རྒོལ་བ་འདུལ་བར་ཤེས་པའི་ཚིག་རྣམས་དང། །བསྟན་བཅོས་ཐུབ་མེད་ཐར་པའི་ཚིགས་རྣམས་ཀྱིས། ལ་ལ་དག་ལ་མི་སྐད་ཚིག་རྣམས་དང། །ཀུན་ ་201 ་ལ་འཇུག་པ་འདིས་ཚིག་ཚིག་རྣམས་ཀྱིས། །ལ་ལ་དག་ལ་ལྷ་ཡིས་ངེས་ཚིག་དང། །ཀླུ་ཡི་ངེས་ཚིག་གནོད་སྦྱིན་ངེས་ཚིག་གིས། །ལ་ལར་སྲིན་པོ་འབྱུང་པོ་ཤ་ཟ་དང། །དྲི་ཟ་གྲུལ་བུམ་ལྟོ་འཕྱེ་འཕྱེ་ཚིག་དང།། ་མི་ཅི་ལྷ་མིན་མཁའ་ལྡིང་ཚིག་རྣམས་ཀྱིས། །བདེན་པ་བསྟན་ཅིང་ཐར་པར་འདྲེན་པར་བྱེད། །དེ་དག་བདེན་དང་ངེས་ཚིག་ཚུལ་ཤེས་ཏེ། །དེ་ལྟར་རྒྱལ་བའི་ཆོས་རྣམས་མ་ལུས་པའི། །ཆོས་ཉིད་བསམ་བྱས་ཚིག་ལམ་ཤེས་པར་སྟོན།། ་དེ་དག་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །དེ་དག་འགྲོ་བདེ་མཆོག་གི་ཏིང་ངེ་འཛིན། །འགྲོ་བ་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང། །འོད་ཟེར་བསམ་ཀྱིས་མི་ཁྱབ་རབ་ཀྱེ་སྟེ། འོད་ཟེར་བཀྱེ་ནས་སེམས་ཅན་འདུལ་བར་བྱེད། །མཐོང་ན་ལེགས་པའི་འོད་ཟེར་རབ ་གཏོང་ཞིང། །སེམས་ཅན་ཇི་སྙེད་འོད་ཟེར་དེ་ཤེས་པ། །དེ་དག་མཐོང་ལེགས་དོན་མེད་མ་ཡིན་ཏེ། །བླ་ན་མེད་པའི་ཡེ་ཤེས་མཆོག་གི་རྒྱུ། །མི་རྣམས་ཀུན་ལ་སངས་རྒྱས་ཡོངས་བསྟན་ཅིང། །ཆོས་ཀྱང་ཡོངས་སུ་བསྟན་དེ ་ལམ་བསྟན་ཅིང། །རྒྱལ་བའི་སྐུ་གཟུགས་མཆོད་རྟེན་བསྟན་བྱས་པས། །དེས་ན་མཐོང་ལེགས་འོད་ཟེར་གྲུབ་པར་འགྱུར། །ལྷ་ཡི་འོད་ཟེར་ཟིལ་གྱིས་གནོན་པའོ། །འོད་ཟེར་འོད་བྱེད་ཅེས་བྱ་རབ་གཏོང་ཞིང། །རྡུལ་དང་མུན་པ ་ཐམས་ཅད་བསལ་བྱས་ཏེ། །འཇིག་རྟེན་ཕན་པའི་འོད་དེ་རབ་ཏུ་སྣང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དེ་དག་རྒྱལ་པ་མཆོད་ཕྱིར་སྒྲོན་མ་འཛིན། །དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་མ་བཟུང་བས། །འཇིག་རྟེན་སྒོ?་ནས?་མཛད་པའི་རྒྱལ་བར་འགྱུར།། ་འབྲུ་མར་མར་མི་མར་གྱི་མར་མེ་དང། རྩཝ་ཤིང་འདམ་བུ་འོད་མའི་སྒྲོན་མ་དང། སྤོས་དང་བཅུད་ལེན་རིན་ཆེན་སྒྲོན་མ་དང། །རྒྱལ་བ་རྣམས་ལ་ཕུལ་ནས་འོད་བྱེད་ཐོབ། །སྒྲོལ་ཞེས་བྱ་བའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད ་@201བ ་དེས་བསྐུལ་བྱས་ལ། །དེ་དག་སྲེད་སྤངས་སྲེད་པའི་རྒྱ་མཚོ་ལས། །སེམས་ཅན་སྒྲོལ་བའི་དོན་དུ་གོ་ཆ་གྱོན། །གང་དག་སྲེད་སྤངས་སྲེད་པའི་རྒྱ་མཚོ་ལས། །སེམས་ཅན་སྒྲོལ་བའི་དོན་དུ་གོ་གྱོན་པ། །དེ་དག་ཆུ་བོ་བཞི་ལས་རབ་ཏུ་སྒྲོལ། །མྱ ་ངན་མེད་པའི་བདེ་བའི་གྲོང་ཁྱེར་སྟོན། །སྟེགས་དང་ཟམ་པ་དུ་མ་བྱས་པ་དང། །ཆུ་ཀླུང་ལམ་ལ་སྒྲོལ་པའི་གྲུ་བྱིན་ཏེ། །འདུས་བྱས་སུན་ཕྱུང་ཞི་བ་བསྔགས་བྱས་པས། །དེས་ན་སྒྲོལ་བའི་འོད་ཟེར་གྲུབ་པར་གྱུར། །སྐོམ་པ་སེལ ་བའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །འདོད་པའི་ཡོན་ཏན་སྐོམ་པ་རབ་སྤངས་ཤིང། །ཆོས་ལ་མོས་པའི་རེ་ནི་དོན་དུ་གཉེལ་བ། །འདོད་པའི་ཡོན་ཏན་སྐེམ་པ་རབ་སྤངས་ཏེ། །ཆོས་མོས་རོ་ལ ་དོན་དུ་གཉེར་གྱུར་པས། །བདུད་རྩིའི་ཆར་པ་འབེབས་པའི་སངས་རྒྱས་འགྱུར། །འཇིག་རྟེན་སྐོམ་པའི་སྲེད་པ་རྣམ་པར་སྲེལ། །རྫིང་དང་ཁྲོན་པ་ཆུ་ཀླུང་ཆུ་རྡོ་དང། །མཚོ་རྣམས་བྱང་ཆུབ་དོན་དུ་བྱེད་བཙུད་དེ། །འདོད་པ་སྨད ་ཅིང་བསམ་གཏན་བསྔགས་བྱས་པས། །དེས་ན་སྐོམ་པ་སེལ་བ་གྲུབ་པར་འགྱུར། །དགའ་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དགའ་བས་རྒྱས་ཤིང་བྱང་ཆུབ་མཆོག་དོན ་དུ། །རང་འབྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་དོ། །ཐུགས་རྗེ་ལྡན་པའི་སྐུ་གཟུགས་མཚན་བརྒྱན་པ། །པདྨའི་གདན་ལ་བཞུགས་པ་རྣམས་བྱས་ཤིང། །རྟག་ཏུ་སངས་རྒྱས་ཡོན་ཏན་རྣམས་བརྗོད་པ། །དེས་ན་དགའ་ ་བྱེད་འོད་ཟེར་གྲུབ་པར་འགྱུར། །མགུ་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོས་དེས་བསྐུལ་བྱས་པ། །རྟག་ཏུ་སངས་རྒྱས་ལ་ནི་དགའ་མགུ་ཞིང། །ཆོས་ལ་དགའ་མགུ་དགེ་འདུན་དགའ་མགུའོ། །དེ ་དག་རྟག་ཏུ་སངས་རྒྱས་དགའ་མགུ་ཞིང། །ཆོས་ལ་དགའ་མགུ་དགེ་འདུན་དགའ་མགུ་ནས། །སངས་རྒྱས་ཆོས་དང་འཕགས་བའི་ཚོགས་རྣམས་དང། །རྟག་ཏུ་འགྲོགས་ཐོབ་བཟོད་ལ་བླ་མེད་འཐོབ། །སངས ་རྒྱས་རྗེས་དྲན་ཆོས་དང་ཚོགས་མཆོག་ལ། །སེམས་ཅན་མང་པོ་བསྐུལ་ཅིང་དྲན་བྱས་ཏེ། །བྱང་ཆུབ་སེམས་ཀྱི་ཡོན་ཏན་རབ་བརྗོད་པས། །དེས་ན་མགུ་བྱེད་འོད་ཟེར་གྲུབ་པར་འགྱུར། །བསོད་ནམས་བསགས་པའི་འོད་ཟེར་རབ་གཏོང ་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །བླ་ན་མེད་བའི་བྱང་ཆུབ་དོན་གཉེར་ཅིང། །སྦྱིན་པ་སྣ་ཚོགས་དུ་མ་སྦྱིན་པར་བྱེད་།གཏན་པ་མེད་པའི་མཆོད་སྦྱིན་དེ་བྱེད་ཚེ་།བློ་རབ་རྣམས་ཀྱི་བསམ་པ་རྫོགས་བྱེད་དེ།། ་བསམ་པ་ཐམས་ཅད་སྦྱིན་པ་བྱིན་བྱས་པས། །བསོད་ནམས་བསགས་པའི་འོད་ཟེར་གྲུབ་པར་གྱུར། །ཡེ་ཤེས་ལྡན་པའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །ཆོས་གཅིག་སྒོ་མོ་ནས་ནི་དུ་མ་ཡི། །ཆོས ་ཀྱི་སྒོ་རྣམས་ཡུད་ཀྱི་ཁོང་དུ་ཆུད། །ཆོས་ཀྱི་དབྱེ་བ་སེམས་ཅན་འཛིན་བཙུད་དེ། །དོན་ལ་ངེས་པའི་ཡེ་ཤེས་རྣམ་ཕྱེ་ཞིང། །ཆོས་ཀྱི་ཚིག་དོན་བརྗོད་པ་བྱས་པ་ན། །དེས་ན་ཡེ་ཤེས་ལྡན་པའི་འོད་ཟེར་འགྲུབ། ཤེས་རབ་སྒྲོན་མའི་འོད་ཟེར་རབ ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །སྟོང་པ་བདག་མེད་མ་སྐྱེས་མ་བྱུང་ཞིང། །རང་བཞིན་མེད་པའི་ཆོས་ལ་རབ་ཏུ་འཇུག་།བདག་པོ་མེད་ཆོས་སྟོང་པ་བྱེད་མེད་པ། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་མཚུངས་འདྲ་ཞིང། །རྨི ་ལམ་མཚུངས་ལ་གཟུགས་བརྙན་འདྲ་བ་དང། བསྟན་པས་ཤེས་རབ་སྒྲོན་མ་དེ་གྲུབ་པོ། །ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །མི་ཟད་མཛོད་ཀྱིས་གཟུངས་ནི་ཐོབ་གྱུར་ནས། །དེ ་བཞིན་གཤེགས་པ་ཀུན་གྱི་མཛོད་ཀྱང་འཛིན། །ཆོས་འཛིན་རྣམས་ལ་ཡོངས་སུ་ཕན་བཏགས་ཏེ། །དྲང་སྲོང་རྣམས་ལ་ཆོས་ཀྱིས་བསྲུང་བྱས་ཤིང། །འགྲོ་བ་ཆོས་ཀྱི་རྗེས་སུ་གཟུང་བྱས་བས། །ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་གྲུབ་པར་གྱུར། །གཏོང ་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་འཇུངས་པ་གང་དག་དེས་བསྐུལ་བས། །ལོངས་སྤྱོད་མི་བརྟག་མི་བརྟན་ཤེས་གྱུར་ནས། །དེ་དག་རྟག་ཏུ་གཏོང་ལ་དགའ་མོས་འགྱུར། །མ་དུལ་གདུལ་དཀའ་ཨི་སེམས་ཅན་སེར་སྣ་ཅན། །ནོར ་རྣམས་རྨི་ལམ་སྤྲིན་དང་འདྲ་ཤེས་ནས། །དགའ་བའི་ཡིད་ཀྱིས་སྦྱིན་པ་སྤེལ་བྱས་པས། །དེས་ན་གཏོང་དང་ལྡན་པའི་འོད་གྲུབ་བོ། །ཡོངས་སུ་གདུང་མེད་འོད་ཟེར་རབ་གཏོང་ཞིང། །ཁྲིམས་འཆལ་སེམས་ཅན་གང་དག་དེས་བསྐུལ་བ། །ཚུལ་ཁྲིམས ་རྣམ་པར་དག་ལ་གནས་གྱུར་ནས། །རང་བྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་དོ། །དགེ་བའི་ལས་ལམ་ཡོངས་སུ་དག་པ་དང། །ཚུལ་ཁྲིམས་ལ་ཡང་སེམས་ཅན་མང་འཛུད་ཅིང། །བྱང་ཆུབ་སེམས་ཀྱང་ཡང་དག་འཛིན་བཅུག་པས། །ཡོངས ་གདུད་མེད་པའི་འོད་ཟེར་དེ་གྲུབ་པོ། །བཟོད་པ་བཀོད་པའི་འོད་ཟེར་རབ་གཏོང་ཞིང། །མི་བཟོད་སེམས་ཅན་གང་དག་དེས་བསྐུལ་བ། །ཁྲོ་དང་ཐ་བར་རྒྱལ་ཡོངས་སྤོངས་ཤིང། །དེ་ནི་རྟག་ཏུ་བཟོད་མོས་དགའ་བར་འགྱུར། །སྡིག་ལྡན་རྣམས ་ཀྱིས་ཉེས་བྱས་བཟོད་བྱས་ཏེ། །བྱང་ཆུབ་དོན་དུ་འཁྲུག་པ་མ་བྱས་ཤིང། །བཟོད་པའི་ཡོན་ཏན་རྟག་ཏུ་བསྔགས་བརྗོད་པས། །དེས་ན་བཟོད་པ་བཀོད་པའི་འོད་གྲུབ་པོ། །བརྟུན་པར་ལྡན་པའི་འོད་ཟེར་རབ་གཏོང་ཞིང། །ལེ་ལོའི་སེམས་ཅན ་གང་དག་དེས་བསྐུལ་བ། །རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་མེད་མཆོད་པ་བྱེད་པར་འགྱུར། །རིགས་པར་བརྩོན་ལ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ནས། །དེ་དག ་བདུད་བཞིའི་ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །སེམས་ཅན་མང་པོ་བརྩོན་འགྲུས་འཛིན་བཅུག་སྟེ། །དཀོན་མཆོག་གསུམ་ལ་མཆོད་པ་རབ་བྱས་ནས། །ཟད་པའི་དུས་ན་དམ་ཆོས ་ཡོངས་བཟུང་བས། །དེས་ན་བརྟུན་པར་ལྡན་པའི་འོད་ཐོབ་པོ། །ཞི་བར་བྱེད་པའི་འོད་ཟེར་རབ་གཏོང་ཞིང། །རྣམ་འཁྲུགས་སེམས་ཅན་ཇི་སྙེད་དེས་བསྐུལ་བ། དེ་དག་ཆགས་མེད་སྡང་མེད་རྨོངས་མེད་ཅིང། །རྟོགས་པར་གྱུར་ནས་མཉམ ་གཞག་སེམས་སུ་འགྱུར། །སྡིག་པའི་གྲོགས་པོ་སྐྱོན་ལྡན་སྐྱོན་ཅན་དང། །འདྲེ་བ་ཡོངས་སུ་རྣམ་པར་སྤངས་བྱས་ཏེ། །དགོན་པར་རབ་ཞི་བསམ་གཏན་རབ་བརྗོད་པས། །དེས་ན་ཞི་བར་བྱེད་པའི་འོད་གྲུབ་པོ། །ཤེས་རབ་བཀོད་པའི་འོད ་ཟེར་རབ་གཏོང་ཞིང། །ཤེས་འཚལ་སེམས་ཅན་ཇི་སྙེད་དེས་བསྐུལ་པ། །བདེན་དང་རྟེན་དང་རྣམ་ཐར་ཚུལ་རྣམས་དང། །དབང་པོ་ཤེས་པ་རྟོགས་པར་ཁོང་ཆུད་འགྱུར། །ཉི་མའི་སྒྲོལ་མའི་ཏིང་འཛིན་ཐོབ་གྱུར་ནས། །ཤེས་རབ་སྣང་བར ་མཛད་པའི་རྒྱལ་བར་འགྱུར། །རྒྱལ་སྲིད་ནོར་དང་བདག་ཕངས་ཡོངས་བཏང་སྟེ། བྱང་ཆུབ་དོན་དུ་ཆོས་གང་བཙལ་བྱས་པ། །ཆོས་དེ་གུས་པར་བྱས་ནས་རབ་བཤད་པས། །ཤེས་རབ་བཀོད་པའི་འོད་ཟེར་དེ་གྲུབ་པོ། །སངས་རྒྱས་ལྡན་པའི ་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །སངས་རྒྱས་སྟོང་ཕྲག་དུ་མ་བསམ་ཡས་རྣམས། །པདྨ་དམ་པ་རྣམས་ལ་བཞུགས་པར་མཐོང། །སངས་རྒྱས་ཆེ་དང་སངས་རྒྱས་རྣམ་ཐར་དང། །སངས་རྒྱས་རྣམ ་འཕྲུལ་མཛའ་ཡས་བརྗོད་བྱས་ཤིང། །སངས་རྒྱས་སྟོབས་དང་རྫུ་འཕྲུལ་རབ་བརྗོད་པས། །དེས་ན་སངས་རྒྱས་ལྡན་པའི་འོད་གྲུབ་པོ། །མི་འཇིགས་སྦྱིན་པའི་འོད་ཟེར་རབ་གཏོང་ཞིང། །འཇིགས་གཉེན་སེམས་ཅན་གང་ལ་དེས་རེག་པ།། ་འབྱུང་པོ་བཟའ་དང་གསད་བརྡེག་བཅིང་བ་དང། །ནད་འགོ་འཇིགས་པ་ཀུན་ལས་ཐར་པར་འགྱུར། །མི་འཇིགས་སྦྱིན་པས་སེམས་ཅན་གང་བསྐྱབས་དང། །སྲོག་ཆགས་གསོད་ལས་བཟློག་པར་བྱས་པ་དང། །འཇིགས་པ་སྐྱབས་ཚོལ་རྣམས ་ལ་སྐྱབས་བྱས་པས། །མི་འཇིགས་སྦྱིན་པའི་འོད་ཟེར་དེ་གྲུབ་བོ། །བདེ་བ་ཀུན་བྱེད་འོད་ཟེར་རབ་གཏོང་ཞིང། །ནད་པ་ན་བ་གང་དག་དེས་རིག་པ། །རྣམ་པ་ཀུན་དུ་ནད་ཀྱི་སྡུག་བསྔལ་ཐར། །བསམ་གཏན་ཏིང་འཛིན་བདེ་བ་རྣམས་ཀྱང་འཐོབ། །ནད ་གསོས་འབྲས་བུ་སྨན་དང་རྩ་བ་དང། །རིན་ཆེན་བཅུད་ལེན་སྤོས་དང་བྱུག་པ་དང། །བུ་རམ་སྦྲང་རྩི་འོ་མ་མར་དག་དང། །འབྲུ་མར་ཟས་སྐོམ་བྱིན་པ་དེ་ཐོབ་པོ། །སངས་རྒྱས་སྟོན་པའི་འོད་ཟེར་རབ་གཏོང་ཞིང། །ཚེ་ཟད་ཐ་མེར་གང་དག་དེས ་བསྐུལ་བ། །སངས་རྒྱས་རྗེས་དྲན་སངས་རྒྱས་མཐོང་བར་འགྱུར། །དེ་དག་ཤི་འཕོས་སངས་རྒྱས་བཞུགས་ཤིང་འགྲོ། །འཆི་བའི་དུས་སུ་སངས་རྒྱས་དྲན་བྱས་ཏེ། །དགའ་བྱེད་རྒྱལ་བའི་སྐུ་གཟུགས་བསྟན་བྱས་ཤིང། །འཆི་ཀར་སངས ་རྒྱས་སྐྱབས་སུ་བཏང་བརྗོད་པས། །སངས་རྒྱས་སྟོན་པའི་འོད་ཟེར་དེ་ཐོབ་བོ། །ཆོས་རབ་བརྗོད་པའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །ཆོས་ཉན་ཀློག་ཅིང་ཡི་གེར་འདྲི་བར་བྱེད། །དེ་དག་རྟག་ཏུ་ཆོས་ལ ་དགའ་མོས་འགྱུར། །ཆོས་ཀྱི་མུ་གེ་བྱུང་ཚེ་ཆོས་བརྗོད་དེ། །ཆོས་ཚོལ་རྣམས་གྱི་བསམ་པ་རྫོགས་བྱས་ཤིང། །འདུན་པ་བསྐྱེད་དེ་ཆོས་ལ་བརྩོན་གྱིས་ཞེས། །བརྗོད་པས་ཆོས་རབ་བརྗོད་པ་དེ་ཐོབ་བོ། །སངས་རྒྱས་སྲས་རྣམས་ཡོངས་སུ་བསྐུལ ་བའི་ཕྱིར། །དབྱངས་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང། །འཇིག་རྟེན་གསུམ་ན་སྒྲ་རྒྱུན་ཇི་སྙེད་པ། །ཀུན་ཀྱང་དེ་བཞིན་གཤེགས་པའི་གསུང་དུ་ཐོས། །གསང་བསྟོད་སྒྲ་ཡི་དྲང་སྲོང་ཆེ་བསྟོད་དེ། །རྒྱལ་བའི་གསུང་སྒྲ་དོན་དུ་སིལ་སྙན ་དང། སྒྲ་ཆེན་དྲིལ་བུ་སྦྱིན་རྣམས་འགྲོ་ཀུན་ལ། །རབ་ཏུ་བསྔགས་པས་དབྱངས་ལྡན་འོད་གྲུབ་པོ། །འཆི་མེད་སྦྱིན་བའི་འོད་ཟེར་རབ་སྟོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །བག་མེད་སྤྱོད་པ་ཐམས་ཅད ་རབ་སྤངས་ཏེ། །ཡོན་ཏན་ཀུན་ལ་བརྩོན་པ་ཉམས་སུ་ལེན། །འདུས་བྱས་རྟག་ཏུ་བདེ་བ་མེད་པ་སྟེ། །སྡུག་བསྔལ་ཆེ་བ་དུ་མས་ཡོངས་སུ་གང། །འགོག་པ་རྟག་ཏུ་བདེ་ཞིང་ཞི་སྤྱོད་ཅེས། །བརྗོད་པས་འཆི་མེད་སྦྱིན་པ་དེ་ཐོབ་བོ། །ཁྱད་པར ་ལྡན་པའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །རྒྱལ་བ་རྣམས་ཀྱི་ཚུལ་ཁྲིམས་ཁྱད་པར་དང། །ཏིང་འཛིན་ཁྱད་པར་ཤེས་རབ་ཁྱད་པར་ཐོབ། །ཐུབ་ཆེན་རྒྱལ་པོ་ཁྲིམས་ཀྱིས། མཆོག་གྱུར ་ཅིང། །ཏིང་འཛིན་མཆོག་དང་ཤེས་རབ་མཆོག་གྱུར་ཅེས། །བྱང་ཆུབ་དོན་དུ་བསྟོད་ཅིང་བསྔགས་བརྗོད་པས། །དེས་ན་ཁྱད་པར་ལྡན་པའི་འོད་གྲུབ་བོ། །རིན་ཆེན་བཀོད་པའི་འོད་ཟེར་རབ་གཏོད་ཞིང། །སེམས་ཅན་གང་དག་འོད་དེས ་བསྐུལ་བྱས་པ། །རིན་ཆེན་མི་ཟད་གཏེར་རྣམས་ཐོབ་གྱུར་ནས། །དྲང་སྲོང་ཆེ་ལ་རིན་ཆེན་དམ་པས་མཆོད། །རྒྱལ་དང་རྒྱལ་བའི་མཆོད་རྟེན་རིན་ཆེན་ཕུལ། །སྐྱེ་བོ་ཉོན་མོངས་རིན་ཆེན་རྣམས་ཀྱིས་བསྡུས། །རྒྱལ་བ་རྣམས་ལ་རིན་ཆེན ་རབ་ཕུལ་བས། །རིན་ཆེན་བཀོད་པའི་འོད་ཟེར་གྲུབ་པར་འགྱུར། །སྤོས་རབ་སྣང་བའི་འོད་ཟེར་རབ་གཏོང་ཞིང། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པས། །མི་ལ་མེད་སྤོས་ཡིད་འོད་ཚོར་གྱུར་ནས། །སངས་རྒྱས་ཡོན་ཏན་རྣམས་ལ་ངེས ་པར་འགྱུར། །མི་དང་ལྷ་ཡི་སྤོས་དང་བྱུག་པ་ཡིས། །མི་ཡི་གཙོལ?་མཆོད་པ་རབ་བྱས་ཏེ། །སྤོས་ལས་རྒྱལ་བའི་གཟུགས་དང་མཆོད་རྟེན་དག་།བྱས་པས་སྤོས་རབ་སྣང་བ་དེ་གྲུབ་བོ། །སྣ་ཚོགས་བཀོད་པའི་འོད་ཟེར་རབ་གཏོང་ཞིང། །རྒྱལ ་མཚན་པ་དན་གདུགས་མཆོག་སྣ་ཚོགས་དང། །སིལ་སྙན་བསྒྲགས་ཤིང་སྤོས་ཀྱི་བདུག་པ་ཡིས། །ཕོ་བྲང་དམ་པ་མཛེས་བྱས་མེ་ཏོག་བཀྲམ། །སིལ་སྙན་དག་གིས་རྒྱལ་བ་རྣམས་བསུ་ཞིང། །མེ་ཏོག་བདག་པ་བདུག་སྤོས་ཕྱེ་མ་དང།། ་རྒྱལ་མཚན་པ་དན་གདུགས་མཆོག་རྣམས་ཀྱིས་མཆོད། །དེས་ན་སྣ་ཚོགས་བཀོད་པ་གྲུབ་པར་གྱུར། །ཤིན་དུ་དང་བྱེད་འོད་ཟེར་རབ་གཏོང་ཞིང། །ས་རྣམས་ལག་མཐིལ་བཞིན་དུ་གནས་པར་བྱེད། །མཆོད་རྟེན་དྲང་སོང་གནས་རྣམས་སྦྱང་བྱས ་པས། །དེས་ན་ཤིན་ཏུ་དང་བྱེད་འོད་གྲུབ་བོ། །སྤྲིན་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང། །སྤོས་ཀྱི་ཆར་འབེབས་སྤྲིན་རྣམས་ཀུན་ཏུ་གནས། །མཆོད་རྟེན་འཁོར་སར་སྤོས་ཀྱིས་ཆུས་བཏབ་པས། །སྤྲིན་དང་ལྡན་པའི་འོད་དེ་རབ་ཏུ་འཐོབ། །ལྷ་བ ་ལྷུབ་བཀོད་པའི་འོད་ཟེར་རབ་གཏོད་ཞིང། བག་ཅིང་བུ་གོས་གྱོན་རྒྱན་དང་ལྡན་པར་འགྱུར། །གོས་དང་བགོ་བ་རྒྱན་ཕྱེད་སྣ་ཚོགས་དག་།སྦྱིན་པ་བྱས་པས་ལྷབ་ལྷུབ་བཀོད་པ་གྲུབ། །རོ་མཆོག་ལྡན་པའི་འོད་ཟེར་རབ་གཏོང་ཞིང། །བཀྲེས་བ་ཁ ་ཟས་རོ་མཆོག་ཐོབ་པར་འགྱུར། །ཟས་དང་སྐོམ་དང་རེ་མཆོག་སྣ་ཚོགས་རྣམས། །བྱིན་པས་རོ་མཆོག་ལྡན་པའི་འོད་གྲུབ་བ། །ནེར་རྣམས་སྟོན་པའི་འོད་ཟེར་རབ་གཏོང་ཞིང། །དབུལ་པོ་དག་གིས་རིན་ཆེན་གཏེར་རྣམས་འཐོབ། །དཀོན་མཆོག ་གསུམ་ལ་གཏེར་གཞི་མི་ཟད་པ། །དབུལ་བ་བྱས་པས་ནོར་སྟོན་འོད་ཐོབ་པོ། །མིག་རྣམ་སྤྱོད་པའི་འོད་ཟེར་རབ་གཏོང་ཞིང། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ཕུལ ་བས་མིག་སྦྱོད་འོད་ཟེར་གྲུབ། །རྣ་བ་རྣམ་སྐྱེད་འོད་ཟེར་རབ་གཏོང་ཞིང། །རྣ་བ་ཉམས་པས་སྒྲ་མང་ཐོས་པར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །སིལ་སྙན་ཕུལ་བས་སྣ་སྦྱོང་འོད་གྲུབ་པོ།། ་205 ་སྣ་རྣམ་སྦྱོང་པའི་འོད་ཟེར་རབ་གཏོང་ཞིང། །སྔོན་ཆད་མ་ཚོར་དྲི་ཞིན་ཚོར?་བར་འགྱུར། །རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟན་ལ་།སྤོས་རབ་ཕུལ་བས་སྣ་སྦྱོང་འོད་ཟེར་གྲུབ། །ལྕེ་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང ་ཞིང། །སྒྲ་སྙན་ཡིད་འོང་རྣམས་ཀྱི་སངས་རྒྱས་བསྟོད། །མི་སྙན་བརླང་བར་སྨྲ་བ་རྣམས་སྤོངས་ཏེ། །འཇམ་པར་སྨྲ་བས་ལྕེ་སྦྱོང་འོད་ཟེར་གྲུབ། །ལུས་རྣམས་སྦྱོང་པའི་འོད་ཟེར་རབ་གཏོང་ཞིང། །དཔང་པོ་ཉམས་པ་དབང་པོ་ལྡན་པར་འགྱུར། ་རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ། །ལུས་གཏུགས་བྱས་པས་ལུས་རྣམས་སྦྱོར་བ་ཐོབ། །སེམས་རྣམ་སྤྱོད་བའི་འོད་ཟེར་རབ་གཏོད་ཞིང། །མྱོས་པ་ཐམས་ཅད་སེམས་དང་ལྡན་པར་འགྱུར། །ཏིང་འཛིན་དབང་རྗེས་སེམས་འགྲོ་བྱས་པས ་ན། །སེམས་སྦྱོང་བ་ཡི་འོང་ཟེར་དེ་གྲུབ་པོ། །གཟུགS་རྣམ་སྟོང་བའི་འོད་ཟེར་རབ་གཏོང་ཞིང། །མི་དབང་རྣམས་ཀྱི་བསམ་ཡས་སྐུ་མཐོང་སྟེ། །སྐུ་གཟུགས་རི་མོ་སྣ་ཚོགས་མང་པོ་དང། །མཆོད་རྟན་བྱས་པས་གཟུགས་སྦྱོང་འོད་གྲུབ་བོ། །སྒྲ་རྣམས ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང། །སྒྲ་ནི་སྒྲ་མིན་སྟོང་པར་རབ་ཏུ་ཤེས། །རྐྱེན་ལ་བྱུང་བས་བྲག་ཆ་འདྲའོ་ཞེས། །སྒྲ་རྣམས་བསྟན་པས་འོད་ཟེར་དེ་གྲུབ་པོ། །དྲི་རྣམ་སྦྱོད་བའི་འོད་ཟེར་རབ་གཏོང་ཞིང། །དྲི་ང་ཐམས་ཅད་དྲི་ཞིམ ་མཆོག་ཏུ་འགྱུར། །སྤོས་རབ་མཆོག་ཆུས་རྒྱལ་བའི་མཆོད་རྟེན་དག་།ཁྲུས་བྱས་བྱང་ཆུབ་ཞིང་གི་འོད་དེ་ཡིན། །རོ་བྲོ་སྤྱོད་བའི་འོད་ཟེར་རབ་གཏོང་ཞིང། །དུག་ཅན་དུག་མེད་རོ་ཡི་མཆོག་ཏུ་འགྱུར། །སངས་རྒྱས་ཉམ་ཐོས་བཅས་དང ་ཕ་མ་ལ། །རོ་མཆོག་ཐམས་ཅད་བུལ་བའི་འོད་དེ་ཡིན། །རེག་རྣམ་སྤྱོད་བའི་འོད་ཟེར་རབ་གཏོང་ཞིང། །རེག་ན་རྩུབ་བ་འཇམ་ཞིང་བདེ་བར་འགྱུར། །མདུང་ཐུང་རྩེ་གསུམ་རལ་གྲི་མངའ་ཆེན་ཆང། །ཕྲེང་བ་འཇམ་པ་པདྨ་ཨུདྤལ? ་@205བ ་འགྱུར། །བཙས་བུའི་ངས་མང་འཇམ་ཞིང་རེག་བདེ་རྣམས། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་བཏིང་བཀྲམ་སྟེ། །མ་ཏོག་བྱུག་པ་ན་བཟའ་འཇམ་རྣམས་དང། །བདེ་བ་བླ་རེ་ཕུལ་པའི་འོད་དེ་ཡིས། །ཆོས་རྣམ་སྤོང་བའི་འང་གྲེར?་རབ་གཏོང ་ཞིང། །འཇིག་རྟེན་ཕན་མཛད་རྒྱལ་བ་ཐམས་ཅད་ཀྱི། །སྤུ་རྣམས་ཀུན་ནས་ཆོས་རྣམས་བསམ་མི་ཁྱབ། །བྱུང་བ་ཐོས་ནས་མོས་པ་ཐམས་ཅད་ཆིམ། །རྐྱེན་ལས་བྱུང་བས་མ་སྐྱེས་ངོ་བོ་ཉིད། །རྒྱལ་བ་རྣམས་ཀྱི་སྐུ་ནི་ཆོས་སྐུ་སྟེ། །ཆོས་ཉིད་མཁའ་ ་བཞིན་རྟག་དུ་གནས་སོ་ཞེས། །བརྗོད་པས་ཆོས་རྣམས་སྤྱོད་བ་ཐོབ་པར་འགྱུར། །འོད་ཟེར་སྒོ་མོ་དེ་དག་ལ་སོགས་པ། །དྲང་སྲོང་རྣམས་ཀྱི་སྤུ་ཡི་སྒོ་གཅིག་ནས། །འོད་ཟེར་གངྒའི་བྱེ་མ་སྙེད་འབྱར་སྟེ། །ཀུན་ཀྱང་ལས་སྦྱོར་ཐ་དད་ཚུལ་ཅན་ནོ། །ཇི ་ལྟར་སྐུ་ཡི་སྤུ་ཡི་སྒོ་གཅིག་ནས། །འོད་ཟེར་གངྒཱའི་བྱེ་མ་སྙེད་འབྱུང་བ། །མ་ལུས་སྤུ་ནམས་ཀུན་ནས་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམས་འཕྲུལ་འདི་འདྲའོ། །ཡོན་ཏན་གང་ཨི་འོད་ཟེར་གང་འགྲུབ་པའི། །ཡོན་ཏན་དེ་གྲོགས་སྔོན་ཆད་གང ་གྱུར་བ། །དེ་དག་ཉིད་ལས་འོད་ཟེར་རབ་འབྱུང་སྟེ། །དྲང་སྲོང་ཡེ་ཤེས་རྣམས་འཕྲུལ་འདི་འདྲའོ། །དེ་དག་བསོད་ནམས་སྔོན་གྲོགས་གང་ཡིན་ལ། །རྗེས་སུ་ཡི་རང་གསེལ་བ་སུས་བཏབ་དང། །གང་གིས་མཐོང་སྟེ་དག་བ་བསགས་གྱུར་པ། །དེ་དག ་ཀུན་གྱི་འོད་ཟེར་དེ་དག་ཤེས། །གང་དག་བསོད་ནམས་བྱས་ཤིན་དགེ་བསགས་དང། །གང་དག་ཡང་ཡང་སངས་རྒྱས་རྣཾས་མཆོད་ཅིག་།སངས་རྒྱས་ཡོན་ཏན་འདུན་ཏེ་དོན་ཉེར་བ། །དེ་དག་ཀུན་ལ་འོད་ཟེར་དེ་དག་བསྐུལ། །དེར་ན་དམུས་ལོང ་ཉི་མ་མི་མཐོང་ཡང། །དེ་མེད་མ་ཡིན་འཇིག་རྟེན་ཀུན་དུ་འཆང། །མིག་དང་ལྡན་པས་ཤར་བར་ཤེས་གྱུར་ནས། །ཀུན་ཀྱང་རང་རང་སོ་སོའི་ལས་ལ་འཇུག་།དེ་བཞིན་སྐྱེ་ཆེན་འོད་ཟེར་དེ་དག་ཀུན། །རབ་ཏུ་བྱུང་ཡང་ལོག་པས་ཉེན་གྱུར་ཅིང།། ་མོས་ཉམས་ཕལ་བ་རྣམས་ཀྱིས་མི་མཐོང་སྟེ། །བློ་གྲོས་ཡངས་བ་རྣམས་ལ་དེ་དག་མོས། །དཔེར་རྒྱན་ནོར་བུ་གཞོན་པ་གཞལ་མེད་ཁང། །བཅུད་ཀྱིས་ལེན་དང་རིན་ཆེན་བྱུག་པ་སྤོས། །དེ་དག་སྐྱེ་བོ་ཆེ་ལ་ཡོད་མོད་ཀྱི།། ་ཕོངས་པར་གྱུར་བ་རྣམས་ལ་དེ་དག་མེད། །དེ་བཞིན་སྐྱེས་ཆེན་འོད་ཟེར་དེ་དག་ཀུན། །དེ་དག་ཡོད་ཀྱང་ལོག་པས་ཉེན་གྱུར་ཅིང། །མོས་པ་ཉམས་པ་རྣཾ་ཀྱིས་མི་མཐོང་སྟེ། །བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད། །གང་དག་འོད་ཟེར་དབྱེ་བ་འདི ་ཐོས་ནས། །དད་ཅིང་མོས་ལ་དང་བ་སྐྱེས་གྱུར་ནས། །བདག་ནི་ཡོན་ཏན་ཆེར་རྒྱུད་མི་འགྱུར་ཞེས། །དེ་དག་ནོག་དང་སོམ་ཉི་མི་བསྐྱེད་དོ། །དེ་དག་གཡོག་འཁོར་བཀོད་བ་རྣམ་འཕྲུལ་བ། །ཏིང་འཛིན་དམ་པ་མངོན་པར་གྲུབ་བྱེད ་ཅིང། །ཕྱོགས་བཅུ་ཀུན་དུ་ངོ་ཟླ་མེད་རྣམས་ཀྱི། །ཞམ་རིང་སངས་རྒྱས་སྤས་རྣམས་སྟོན་པར་བྱེད། །འོང་བཀོད་དེ་དག་པདྨ་སྣ་ཚོགས་བ་།སྟོང་གསུམ་ཚད་ཙམ་བྱིན་གྱིས་བརླབས་བྱས་ནས། །སྐྱིལ་ཀྲུང་བཅས་པའི་ལུས་ཀྱིས་ཀུན ་ཁྱབ་སྟེ། །ཏིང་འཛིན་རྣམ་པར་འཕྲུལ་པ་འདི་འདྲའོ། །དེ་དག་ཞིང་བཅུའི་རྡུལ་སྙེད་པདྨ་གཞན། །འཁོར་དང་བཅས་པས་བྱིན་གྱིས་བརླབས་བྱས་ཤིང། །སངས་རྒྱས་སྲས་ཀྱི་ཐམས་ཅད་ཡོངས་སུ་བསྐོར། །དེ་དག་ཏིང་འཛིན ་ཏིང་འཛིན་མེད་པར་གནས། །དྲང་སོང་དེ་ཡིས་སེམས་ཅན་གང་དག་རྣམས། །ཡོངས་སུ་སྨིན་བྱས་སངས་རྒྱས་ལེགས་པ་སྒྲུབས་པས། །དེ་དག་པདྨ་ཆེན་པོ་དེ་བསྐོར་ཅིང། །ཀུན་ཀྱང་ཐལ་མོ་སྦྱར་ནས་ལྟ་ཞིང་འཁོད། །གང་དག་ཏིང་འཛིན་གནS ་པར་རབ་ཞུགས་པ། །སྐྱེས་ཆེན་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏེ། རང་གིས་སློབ་མས་ཀུན་ཀྱང་ཡོངས་བསྐོར་ནས། །སྐར་མའི་ཚོགས་ཀྱིས་ཟླ་བ་བསྐོར་བ་བཞིན། །དེ་དག་ཇི་ལྟར་ཕྱོགས་ཅིག་རབ་འཇུག་ཅིང། །ཞམ་རིང་སངས ་རྒྱས་སྲས་རྣམས་སྟོན་བྱེད་པ། །དེ་བཞིན་ཕྱོགས་རྣམས་མ་ལུས་ཀུན་ཏུ་སྟོན། །ཏིང་འཛིན་རྣམ་པར་འཕྲུལ་པ་འདི་འདྲའོ། །དེ་དག་ཕྱོགས་ཀྱི་དྲ་བ་ཁྱབ་གནས་བའི། །ཏིང་འཛིན་དམ་པ་མངོན་པར་སྒྲུབ་བྱེད་ཅིང། །ཁ་ཅིག་མཉམ་གཞག ་ཁ་ཅིག་ལྡང་བར་ཡང། །ཕྱོགས་རྣམས་ཀུན་དུ་རང་གི་ལུས་སྟོན་ཏོ། །དེ་དག་ཤར་གྱི་ཕྱོགས་སུ་མཉམ་བཞག་ཅིང། །ནུབ་ཀྱི་ཕྱོགས་ནས་དཔའ་བོ་རྣམ་པར་ལྡང། །ནུབ་ཀྱི་ཕྱོགས་སུ་མཉམ་པར་བཞག་།གྱུར་ཅིང།། ་།བདག་ཉིད་ཆེན་པོ་ཤར་གྱི་ཕྱོགས་ནས་ལྡང། །དེ་བཞིན་ཕྱོགས་བཅུ་རྣམས་སུ་རབ་ཏུ་འཇུག་།གཞན་གྱི་ཕྱོགས་སུ་མཉམ་པར་བཞག་གྱུར་ལ། །ཡེ་ཤེས་ཡོན་ཏན་ཕྱུག་པོ་གཞན་ནས་ལྡང། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ ་འདི་འདྲའོ། །ཤར་ཕྱོགས་སངས་རྒྱས་ཞིང་རྣམས་གང་ཡིན་པ། །གྲངས་མེད་མ་ལུས་དག་ན་རང་བྱུང་བ། །དེ་དག་སྤྱན་སྔར་ཞེ་པས་དྲུང་དེ་ངག་རྣམས། །ཞི་བའི་ཏིང་ངེ་འཛིན་ལ་གནས་པར་སྣང། །ཕྱོགས་དེར་མཉམ་པར་བཞག་པ་བརྟན་བྱས་ནས།། ་དཔའ་པོ་ནུབ་ཀྱི་ཞིང་རྣམས་མི་ལུས་པར། །རྣམ་པར་ལྡང་ཞིང་མངོན་སུམ་རྒྱལ་ཀུན་ལ། །མཆོད་པ་དུ་མ་རབ་ཏུ་ཡན་པར་སྣང། །ནུབ་ཕྱོགས་སངས་རྒྱས་ཞིང་རྣམས་གང་ཡིན་པ། །གྲངས་མེད་མ་ལུས་དག་ན་ཞུགས་སངས་རྒྱས། །དེ་དག ་སྤྱན་སྔར་ཞབས་དྲུང་དེ་དག་རྣམས། །ཞི་བ་ཏིང་ངེ་འཛིན་ལ་གནས་པར་སྣང། །ཕྱོགས་དེར་མཉམ་པར་བཞག་པ་བརྟན་བྱས་ནས་།དཔའ་བོ་ཤར་གྱི་ཞིང་རྣམས་མ?་ལུས་པར། །རྣམ་པར་ལྡང་ཞིང་མངོན་སུམ་རྒྱལ་ཀུན་ལ་།མཆོད་པ ་དུ་མ་རབ་ཏུ་བྱེད་པར་སུང?། །དེ་བཞིན་ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །ཕྱོགས་རྣམས་མ་ལུས་ཀུན་དུ་བརྟན་ལ་འཇུག་།ཁ་ཅིག་མཉམ་གཞག་ཁ་ཅིག་ལངས་གྱུར་ཅིང། །འཇིག་རྟེན་སྒྲོན་མ་རྣམས་ལ་མཆོད་བྱེད་སྣང། །དེ་དག་མིག་གི ་ལམ་ལ་མཉམ་གཞག་ཅིང། །གཟུགས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང། །གཟུགས་རྣམས་བསམ་གྱིས་མི་ཁྱབ་སྟོན་པ་ན། །དེ་ལ་ལྷར་བཅས་འཇིག་རྟེན་རྨོངས་པར་འགྱུར། །གཟུགས་ཀྱི་ལམ ་ལ་མཉམ་པར་བཞག་གྱུར་ལ། །མིག་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང། །མིག་གི་ལམ་ནས་དྲན་ལྡན་རྣམས་པར་ལྡང། །དེ་དག་རྣ་བའི་ལམ་ལ་མཉམ་གཞག་ཅིང། །སྒྲ་ཡི་ལམ་ནས་བདག་ཉིད ་ཆེན་པོ་ལྡང། །གང་ལ་ལྷར་བཅས་འཇིག་རྟེན་རྨོང་འགྱུར་བ། །སྒྲ་དང་སྐད་རྣམས་ཀུན་ལ་རབ་ཏུ་ཞུགས། །སྒྲ་ཡི་ལཾ་ལ་མཉམ་པར་གཞག་གྱུར་ཅིང། །རྣ་བ་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང།། ་རྣ་བའི་ལམ་ནས་དྲན་ལྡན་རྣམ་པར་ལྡང། །དེ་དག་སྣ་ཡི་ལམ་ལ་མཉམ་གཞག་ཅིང། །དྲི་ཡི་ལམ་ནས་བདག་ཉིད་ཆེན་བོ་ལྡང། །གང་དུ་ལྟར་བཅས་འཇིག་རྟེན་རྨོངས་འགྱུར་བ། །དྲི་མཆོག་དམ་པ་འཇུག་པར་རབ་ཏུ་ཞུགས ་དྲི་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང། །སྣ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང། །སྣ་ཡི་ལམ་ནས་དྲན་ལྡན་རྣམ་པར་ལྡང། །དེ་དག་ལྕེ་ཡི་ལམ་ལ་མཉམ་གཞག་ཅིང། །རེ་མཆོག་ཀུན་གྱི་ལམ ་ནས་རྣམ་པར་ལྡང། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་བ། །བདག་ཉིད་ཆེན་པོ་རོ་མཆོག་རྣམས་ལ་ཞུགས། །རོ་མཆོགས་རྣམས་ལ་མཉམ་པར་བཞག་གྱུར་ཅིང། །ལྕེ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོང་པ་བྱེད་པ་མེད ་པར་རབ་སྟོན་ཅིང། །ལྕེའི?་ལམ་ནས་དྲན་ལྡན་རྣམ་པར་ལྡང། །དེ་དག་ལུས་ཀྱི་ལམ་ལ་མཉམ་གཞག་ཅིང། །རེག་པའི་ལམ་ནས་བདག་ཉིད་ཆེན་པོ་ལྡང། །གང་དུ་ལྟང་བཅས་འཇིག་རྟེན་རྨོངས་གྱུར་པ། །འཇིག་རྟེན་བདེ་བ་བསྐྱེད་པའི ་རེག་ལ་བཞུགས། །རེག་པའི་ལམ་ལ་མཉམ་པར་བཞག་གྱུར་ཅིང། །ལུས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང། །ལུས་ཀྱི་ལམ་ནས་དྲན་ལྡན་རྣམ་པར་ལྡང། །དེ་དག་སེམས་ཀྱི་ལམ་ལ་མཉམ་གཞག་ཅིང། ། ་ཆོས་ཀྱི་ལ་མནས་བདག་ཉིད་ཆེན་པོ་ལྡང། །གང་དུ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་པ། །ཆོས་ལ་གནས་པར་འཇུག་པ་རབ་ཏུ་ཞུགས། །ཆོས་ཀྱི་ལམ་ལ་མཉམ་པར་བཞག་གྱུར་ཅིང། །སེམས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ། །སྟོན་པ་བྱེད ་པ་མེད་པར་རབ་སྟོན་ཅིང། །སེམས་ཀྱི་ལམ་ནས་དྲན་ལྡན་རྣམ་པར་ལྡང། །དེ་དག་བྱིས་པའི་ལུས་ལ་མཉམ་གཞག་ཅིང། །ལང་ཚོ་ཤུགས་ལ་གནས་པ་རྣམས་ལས་ལྡང། །ལང་ཚོ་ཤུགས་ལ་གནས་ལ་རྣམས་ལ་མཉམ་གཞག་ཅིང། །རྒས ་ཤིང་འཁོགས་པའི་ལུས་ལས་རྣམ་པར་ལྡང། །རྒས་ཤིང་འཁོགས་པའི་ལུས་ལ་མཉམ་གཞག་ཅིང། །དད་པའི་དགེ་བསྙེན་མ་ཡི་ལུས་ལས་ལྡང། །དགེ་བསྙེན་མ་ཡི་ལུས་ལས་མཉམ་གཞག་ཅིང། དད་པའི་དགེ་བསྙེན?་ལུས་ལS་རྣམ་ལྡང་པར། །དད་པའི་དགེ་བསྙེན ་ལུས་ལས་མཉམ་ཞག་ཅིང། །དགེ་སློང་མ་ཡི་ལུས་ལས་རྣམ་པར་ལྡང། །དགེ་སློང་མ་ཡི་ལུས་ལ་མཉམ་ཞག་ཅིང། །དགེ་སློང་མང་དུ་ཐོས་པའི་ལུས་ལས་ལྡང། །དགེ་སློང་མང་ཐོས་ལུས་ལ་མཉམ་གཞག་ཅིང། །སློབ་དང་མི་སློབ་ལུས་ལས་རྣམ་པར་ལྡང། ་སློང་དང་མི་སློབ་ལུས་ལ་མཉམ་གཞག་ཅིང། །རྐྱེན་གྱིས་སངས་རྒྱས་ལུས་ལས་རྣམ་པར་ལྡང། །རྐྱེན་གྱིས་སངས་རྒྱས་ལུས་ལ་མཉཾ་གཞག་ཅིང། །སངས་རྒྱས་སྐུ་མཆོག་རབ་ལས་རྣམ་པར་ལྡང། །སངས་རྒྱས་སྐུ་མཆོག་རབ་ལS་མཉམ་གཞག་ཅིང། །ལྷ་ཡི་ལུས་གཟུགས་ལས་ནི་རྣམ ་པར་ལྡང། །ལྷ་ཡི་ལུས་གཟུགས་ལ་ནི་མཉམ་གཞག་ཅིང། །རྫུ་འཕྲུལ་ཆེན་པོ་ཀླུ་ཡི་ལུས་ལས་ལྡང། །རྫུ་འཕྲུལ་ཀླུ་ཡི་ལུས་ལ་མཉམ་གཞིག་ཅིང། །ཛུ་འཕྲུལ་ཆེན་པོ་གནོད་སྦྱིན་ལུས་ལས་ལྡང། །འཕྲུལ་ཆེན་གནོད་སྦྱིན་ལུས་ལ་མཉམ་གཞག ་ཅིང། །འབྱུང་པོ་ཀུན་གྱིས་ལུས་ལས་རྣམ་པར་ལྡང། །འབྱུང་བོ་ཀུན་གྱིས་ལུས་ལ་མཉམ་གཞག་ཅིང། །སྤུ་ཡི་སྒོ་གཅིག་ནས་ནི་རྣམ་པར་ལྡང། །སྤུ་སྒོ?་གཅིག་ལ་མཉམ་པར་བཞག་གྱུར་ཅིག་།སྤུ་སྒོ་ཐམས་ཅད ་ལས་ནི་རྣམ་པར་ལྡང། །སྤུ་སྒོ་ཀུན་ལ་མཉམ་པར་བཞག་གྱུར་ཅིང། །སྐྲ་རྩེ་གཅིག་གི་ཁྱོན་ལས་རྣམ་པར་ལྡང། །སྐྲ་རྩེ་གཅིག་གི་ཁྱོན་ལ་མཉམ་གཞག་ཅིང། །སྐྲ་རྩེ་ཀུན་གྱི་ཁྱོན་ལས་རྣམ་པར་ལྡང། །སྐྲ་རྩེ་ཀུན་གྱི་ཁྱོན་ལ་མཉམ་གཞག ་ཅིང། །ཕྲ་རབ་རྡུལ་གྱི་རྡུལ་ལས་དེ་དག་ལྡང། །རྡུལ་གཅིག་ལ་ནི་མཉམ་པར་བཞག་གྱུར་ཅིང། །མ་ལུས་རྫུབ་རྣམས་ཀུན་ལས་རྣམ་པར་ལྡང། །རྡུལ་རྣམས་མ་ལུས་ཀུན་ལ་མཉམ་གཞག་ཅིང ་རྒྱ་མཚོ་རྡོ་རྗེའི་གཞི་ལས་རྣམ་པར་ལྡང། །རྒྱ་མཚོ་རྡོ་རྗེའི་གཞིལ་མཉམ་གཞག་ཅིང། །ནོར་བུའི་ཤིང་ཏོག་དག་ལས་རྣམ་པར་ལྡང། །ཤིང་ཏོག་རྣམས་ལ་མཉམ་པྲ་བཞག་གྱུར་ཅིང། །རྒྱལ་པ་རྣམས་ཀྱི་འོད་ཟེར་སྒོ་ནས་ལྡང། །རྒྱལ་བའི ་འོད་ཟེར་སྒོ་ལ་མཉམ་གཞག་ཅིང། །རྒྱ་མཚོའི་ཆུ་ཡི་ཆུ་ཀླུང་རྣམས་ལས་ལྡང། །རྒྱ་མཚོའི་ཆུ་ཀླུང་རྣམས་ལ་མཉམ་གཞག་ཅིང། །བདག་ཉིད་ཆེན་པོ་མེ་ཡི་ལམ་ལས་ལྡང། །མེ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང། །རླུང་གི་ལམ ་ལས་དྲན་ལྡན་རྣམ་པར་ལྡང། །རླུང་གི་ལམ་ལ་མཉམ་པར་བཞག་གྱུར་ཅིང། །བདག་ཉིད་ཆེན་པོས་ཡི་གཞི་ལས་ལྡང། །ས་ཡི་གཞི་ལ་མཉམ་པར་བཞག་གྱུར་ཅིང། །ལྷ་ཀུན་གཞལ་མིང་ཁང་ལས་རྣམ་པར་ལྡང། །ལྷ་ཀུན ་གཞལ་མེད་ཁང་ལ་མཉམ་གཞག་ཅིང། །དྲན་ལྡན་དེ་ནི་མཁའ་ལས་རྣམ་པར་ལྡང། །ཡོན་ཏན་མཛའ་ཡས་བསགས་པ་དེ་དག་གི། ཏིང་འཛིན་རྣམ་ཐར་དེ་དག་བསམ་མི་ཁྱབ། །རྒྱལ་བ་ཀུན་གྱིས་བསྐལ་པ་བསམ་ཡས་སུ། །བ་བཤད་པ་མཛད ་ཀྱང་ཟད་པར་མཛད་མི་སྦྱང། །འགྲོ་ལས་རྣམ་སྨིན་པས་མ་གྱིས་མི་ཁྱབ་སྟེ། །རྒྱལ་བ་ཀུན་གྱིས་དེ་དག་གསུངས་པ་ནི། །ཀླུ་ཡི་རྣམ་འཕྲུལ་སངས་རྒྱས་རྣམ་འཕྲུལ་དང། །བསམ་བྱེད་བསམ་གཏན་རྣམ ་འཕྲུལ་བསམ་མི་ཁྱབ། །དེ་དག་ལ་ཡང་དཔེས་སྟོན་བརྗོད་པར་བྱ། །དེ་དག་འདྲ་བའི་དཔེ་ལྟ་ཅང་མེད་དེ། །མཁས་ཤིང་རིག་པའི་སྐྱེ་བོ་དཔེ་རྣམས་ཀྱིས། །བསྟན་ན་མྱུར་དུ་དོན་རྣམས་ཤེས་པ་འགྱུར། །རྣམ་ཐར་བརྒྱད་ཀྱི་དབང་ལ་གནས་པ ་ཡི། །ཉན་ཐོས་གཅིག་ཏུ་གྱུར་ནས་མར་པོར་འགྱུར། །མང་པོར་གྱུར་ནས་ཕྱིར་ཡང་གཅིག་འགྱུར་ཏེ། །མཁའ་ལ་བསམ་གཏན་འཆའ་ཞིང་འབར་བར་བྱེད། །སྨད་ནས་མེ་འབར་སྟོང་ནས་ཆུ་ཡི་རྒྱུན། །སྟོང་ནས་མེ་འབར་སྨད་ནས་ཆུ་ཡི་རྒྱུན།། ་འགྲོ་དང་འགྲེང་དང་ཉལ་དང་འདུག་པ་དང། །ལུས་འཕྲུལ་སྐད་ཅིག་གཅིག་ལ་བསམ་མི་ཁྱབ། །དེ་ནི་སྙིང་རྗེ་ཆེ་དང་མི་ལྡན་ཞིང། །བྱང་ཆུབ་མི་ཚོལ་འཇིག་རྟེན་ཡལ་འདོར་ཡང། །ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །འཇིག ་རྟེན་ཕན་འདོད་ཅི་ཕྱིར་སྟོན་མི་བྱེད། །ཉི་ཟླ་མཁའ་ལས་རྣམ་པར་རྒྱུ་འདོད་ཞིང། །ཕྱོགས་རྣམས་ཀུན་གྱི་ཆུ་ཡི་དོགས་ངག?་དང། །མཚོ་མཚེའུ་མཚོ་བྲན་སྣོད་དང་རིན་ཆེན་དང། །རྒྱ་མཚོ་ཆུ་ཀླུང་རྣམས་སུ་གཟུགས་བརྙེན་སྟོན། །དེ་བཞིན ་གཟུགས་རྣམས་བསམ་གྱིས་མི་ཁྱབ་པ། །སྐྱེས་བུ་དཔའ་བོ་ཕྱོགས་བཅུ་ཀུན་ཏུ་སྟོན། །ཏིང་འཛིན་རྣམ་ཐར་ཀུན་གྱི་ཚུམ?་ལ་མཁས། །དེ་ལ་དེ་བཞིན་གཤེགས་པར་རང་བྱུང་དབང། །དད་བའི་མཚོ་ལ་ཡན་ལག་བཞི་པའི་དམ་ན?། །དེ་དག་སོ ་སོའི་རང་གིས་གཟུགས་བརྙན་མཐོང། །རལ་གྲི་མངའ་ཆེན་གཞུ་དང་མདའ་རྣམས་དང། །གོ་གྱོན་བཞིན་དང་ཐེག་པར་བཅས་སུ་མཐོང། །གང་གི་གཟུགས་གང་གནས་གང་ཆ་བྱད་ཡང། །དེ་དང་དེ་དག་དེ་ལྟར་ཆུ་ལས་མཐོང། །འོན་ཀྱང་ ་209 ་ཆུ་ལ་བྱམས་སྡང་རྣམ་རྟོག་མེད། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ། །རྒྱ་མཚོའི་ལྷ་མོ་སྒྲ་ལྡན་ཞེས་བྱ་བ། །སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་རྣམས་ཀྱིས། །སྒྲ་ཡི་ཡན་ལག་དབྱངས་གྱི་ཚུལ ་མཁས་ཏེ། །རང་གི་སྐད་ཀྱི་སྐད་ཀུན་ཆིམ་པར་བྱེད། །སྒྲ་ལྡན་ཆགས་སྡང་གཏི་མུག་ཅན་དེ་ཡང། །སྐད་རྣམས་ཀུན་གྱིས་སྒྲ་ཡི་ཚུལ་མཁས་ན། །གཟུགས་དང་ཆོས་ཀྱི་སྟོབས་ལ་དབང་ཐོབ་རྣམས། །ལྷར་བཅས་འཇིག་རྟེན་ཅི་ཕྱིར་མགུ ་མི་བྱེད། །ཏུམ་བུ་དུ་ཡི་ཆུང་མ་དབྱངས་ལྡན་མ། །ཚངས་པའི་བུ་མོ་ཡིད་ལ་བྱུང་བ་དེ། །བདེན་དང་དམ་བཅས་མི་འཚེ?་དགའ་རྣམས་ཀྱི། །སེམས་དང་ཡིད་དང་ཁ་ཡི་སྒོར་འཇུག་སྟེ། །དབྱང་ལྡན་ཆགས་བཅས་ཞེ་སྡང་ཅན་དེ་ཡང།། ་བརྟུལ་ཞུགས་གྲུབ་མཐུན་དབྱངས་ཀྱི་ཡན་ལག་གིས། །ཡིད་འོང་སྐད་ཀྱིས་འཇིག་རྟེན་མགུ་བྱེད་ན། །ཡེ་ཤེས་ཡོན་ཏན་ཕྱག་རྣམས་ཅིས་མི་བྱེད། །རིག་སྔགས་ཚུལ་མཁས་སྒྱུ་མའི་མཁན་བོ་ནི། །སྣ་ཚོགས་གཟུགས་མང་མཛའ་ཡས ་སྟོན་པ་བྱེད། །ཉིན་མཚན་ཡུད་དང་ཟླ་བ་ལོ་བརྒྱ་དང། །ཁྱིམ་བཟང་རྒྱས་པ་ཤིན་ཏུ་མཛེས་པ་སྟོན། །འདོད་ཆགས་སྡང་ལྡན་སྒྱུ་མའི་མཁན་པོ་ཡང། །སྒྱུ་མའི་འཕྲུལ་གྱིས་འཇིག་རྟེན་མགུ་བྱེད་ན། །བསམ་གཏན་མངོན་ཤེས་རྣམ ་ཐར་རབ་བསླབས་པ། །སྦྱོད་ཚུལ་མཁས་རྣམས་ཅི་ཕྱིར་མགུ་མི་བྱེད། །ལྟ་དང་ལྷ་མིན་དབང་པོ་འཐབ་པའི་ཚེ། །རྒྱལ་ལྡན་ལྷ་ཡིས་ལྷ་མིན་ཕམ་བྱས་ན། དེ་དག་འཇིགས་པས་གདུགས་བཅས་བཞོན་བཅས་ཤིང། །ཐག་བཅས་དམག ་བཅས་གོ་གྱོན་བཞིན་དུ་བྱེད། །འདོད་ཆགས་སྡང་ལྡན་ལྷ་དབང་དེ་དག་ཀྱང། །ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ན། །དབང་ཕྱུག་རྫུ་འཕྲུལ་དབང་གནས་དཔའ་བ་རྣམས། །ལུས་ཀྱི་རྣམ་འཕྲུལ་ཅི་ཕྱིར་སྟོན་མི་བྱེད། །རྡོ་རྗེ་འཆང ་@209བ ་བའི་བླང་པོས་བསྲུང་བུ། །དབང་བོའི་འཁོར་གྱུར་རྫུ་འཕྲུལ་ཆེན་པོ་དེ། །མགོ་པོ་སུམ་ཅུ་རྩ་གསུམ་མངོན་སྤྲུལ་ཞིང། །མགོ་རྣམས་ཀུན་ལའང་མཆེ་བ་དྲུག་དྲུག་སྟེ། །མཆེ་བ་དེ་དག་སོ་སོ་རེ་རེ་ལའང། །རྫིང་བུ་ཆུ་གང་བདུན་བདུད་སྤྲུལ?་བ་བྱེད། །? ་ཕུ་རེ་ལ་འང་པདྨ་སྣ་ཚོགས་པ། །རྣམ་པར་བཀོད་པ་བདུན་བདུན་སྤྲུལ་པ་བྱེད། །པདྨ་རེ་རེ་ལའང་ལྷ་ཡི་བུ་མོ་དག་།སྒྱུ་རྩལ་ཀུན་ཤེས་བདུན་བདུན་སྤྲུལ་པ་བྱེད། །དེ་དག་རྩད་མི?་གླུ་གར་ཚུལ་ལ་མཁས། །སུམ་ཅུ་རྩ་གསུམ་དབང་པོ་དེ་དང་རྩེ། །གླང ་པོ་དེ་ཡང་ལུས་ནི་སྒྱུར་བྱས་ཏེ། །ལྷ་རྣམས་ཀུན་དང་འགྲོགས་ཤིང་འདྲེ་བར་བྱེད། །སྤྱོད་པའི་ཚུལ་དང་ལོངས་སྤྱོད་ཀུན་ཀྱང་མཐུན། །གླང་པོ་མཆོག་གི་རྣམ་འཕྲུལ་དེ་ལྟར་སྣང། །གླང་བ?་ཆགས་སྡང་གཏི་མུག་ལྡན་དེ་ཡང། །འདི་འདྲའི་རྫུ་འཕྲུལ ་རབ་ཏུ་སྟེན་བྱེད་ན། །ཤེས་རབ་ཐབས་ཀྱིས་སྟེབས་ལ་སྦྱངས་པ་རྣམས། །ཏིང་འཛིན་བརྒྱ་ཡི་རྣམ་འཕྲུལ་ཅིས་མི་བྱེད། །སྒྲ་ཅན་ཇི་ལྟར་འདོད་བཞིན་ལུས་སྤྲུལ་ཏེ། །རྡོ་རྗེའི་གཞི་ལ་རྐང་པ་འཇོག་བྱེད་ཅིང། །རྒྱ་མཚོ་ལྟེ་བར་ཕྱིན་བཙམ་དུ་སྟན། ་རི་རབ་རྩེ་དང་ཉིད་ཀྱི་མགོ་ཡང་སྙོམ། །སྒྲ་ཅན་ཆགས་སྡང་གཏི་མུག་ལྡན་དེ་ཡང། །འདི་འདྲའི་རྫུ་འཕྲུལ་རབ་ཏུ་སྟོན་བྱེད་ན། །འཇིག་རྟེན་སྒོན་མ་བདུན་རྣམས་རབ་འཇོམས་པ། །རྫུ་འཕྲུལ་མཛའ་ཡས་ཅི་སྟེ་སྟོན་མི་བྱེད། །བརྒྱ་བྱིན་རྣམ་འཕྲུལ ་བསམ་ཡས་པ་ལ་ལྟོས། །ལྷ་དང་ལྷ་མིན་དབང་པོ་གཡུལ་འགྱེད་ཚེ། །ལྷ་མིན་བྱེ་བ་འབྱེད་བ་ཇི་སྙེད་པ། །དེ་སྟོང?་བརྒྱ་བྱིན་རང་གི་ལུས་ལས་སྤྲུལ། །ལྷ་མིན་དབང་དང་ལྷ་མིན་ཕལ་ཀུན་གྱིས། །བརྒྱ་བྱིན་རང་རང་མདུན་དུ་འདུག་པར ་ཤེས། །དེ་ནི་རྡོ་རྗེ་འཆང་བས་བཟུང་ངོ་ཞེས། །ལྟ་མིན་དབང་པོ་ཀུན་ཀྱང་མགོ་མྱོས་གྱུར། །འཇིགས་པར་བྱེད་པའི་མིག་སྟོང་རབ་བསྟན་ཏེ། །རྡོ་རྗེ་མེ་ལྕེ་འབར་བ་ཐོགས་བྱེད་ཅིང། །ལུས་ལ་གོ་ཁ་གོས་གཟི་བརྗིད་བསྙེན་དཀའ་བའི། །བརྒྱ་བྱིན ་མཐོང་ནས་ལྷ་མིན་དབང་པོ་འབྱེར། །དེ་ཡང་བསོད་ནམས་ཕལ་བའི་མཐུ་སྟོབས་ཀྱི། །ལྷ་རྒྱལ་དོན་དུ་རྣམ་བར་འཕྲུལ་བྱེད་ན། །འགྲོ་བ་མ་ལུས་ཀུན་གྱི་སྐྱབས་གྱུར་བ། །བསོད་ནམས་མི་ཟད་རྣམས་ལྟ་ཅིས་མི ་འཕྲུལ། །ལྷ་ལ་སྐུལ་མ་འདེབས་པའི་ལྷ་ཡི་རྔ། །ལྷ་ལས་རྣམ་པར་སྨིན་པས་གྲུབ་པར་གྱུར། །ལྷ་རྣམས་བག་མེད་གནས་པར་ཤེས་གྱུར་ནས། །རྔ་དེ་ནམ་མཁའ་ལས་ནི་སྒྲ་སྒྲོགས་ཏེ། །འདོད་བ་ཐམས་ཅད་མི་རྟག་ཐེར་ཟུག་མིན། །ཐ་ཤལ ་མི་བརྟན་དབུ་བའི་ངོ་བོ་ཉིད། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་མཚུངས་ཤིང་འདྲ། །སྲིད་པ་ཐམས་ཅད་རྨི་ལམ་སྦྲིན་དང་མཚུངས་།བག་མེད་ཐམས་ཅད་དགྲ་བཅས་མྱ་ངན་ཅན། །འཆི་བའི་ལམ་ཡིན་མི་འཆིའི་ལམ་མ་ཡིན། །ཇི་སྙེད་སུ་དག ་བག་མེད་གནས་གྱུར་བ། །དེ་དག་འཆི་བདག་ཆུ་སྲིན་ཆེན་པོས་ཟིན། །སྡུག་བསྔལ་རྩ་བ་ཡོངས་འཛིན་ཐམས་ཅད་ཡིན། །སྐྱེ་བ་ཐམས་ཅད་འཕགས་པ་རྣམས་ཀྱི་སྨད། །འདོད་བའི་ཡོན་ཏན་རྣམས་ཀྱི་ཡུལ་ལ་རྨོངས། །ཆོས་ཀྱི་སྟོབས ་ལ་རྟག་དགའ་གྱིས་ཞེས་བསྐུལ། །རྔ་དེས་བསྐུལ་ནས་བརྒྱ་བྱིན་ལྷ་རྣམས་དང། །ལྷ་ཡི་མདུན་ས་ཆོས་བཟང་འདུག་ནས་སུ། །གཏམ་གང་ཞི་ཞི་འདོད་ཆགས་བྲལ་མཐུན་པ། །ཆོས་ཀྱི་གཏམ་དེ་ལྷ་རྣམས་ཀུན་ལ་བརྗོད། །རྔ་དེ་གཟུགས ་མེད་བསྟན་དུ་མི་རུང་ཡང། །དེ་ལྟར་རྔ་སྒྲས་དོན་ཆེན་རབ་བྱེད་ན། །བསམ་པ་ཇི་བཞིན་གཟུགས་ནི་ཡོངས་སྟོན་རྣམས། །འགྲོ་བ་ཀུན་གྱི་དོན་ཆེན་ཅི་མི་བྱེད། །ལྷ་དང་ལྷ་མིན་དབང་པོ་གཡུལ་འགྱེད་ཆེ། །ལྷ་ཡི་བསོད་ནམས་བྱེད་པཱི ་མཐུ་སྟབས་ཀྱིས། །ལྷ་ལ་སྐུལ་མ་འདབས་བའི་ལྷ་ཡི་རྔ། །ལྷ་རྣམས་མ་འཇིགས་ཤིག་ཅེས་སྒྲ་འབྱིན་ཏེ། །རྔ་ཡིས་བསྐུལ་ནས་ལྷ་རྣམས་རབ་དགའ་ཞིང། །སྐྲག་བ་མེད་དེ་སྟོབས་ཀྱང་སྐྱེས་བར་འགྱུར། །ལྷ་མིན་དབང་པོ་སྐྲག་པས་ཉེན་པ ་རྣམས། །འཇིགས་ནས་དམག་བཅས་དེ་ཡི་མོད་ལས་འབྱེར། །དེ་སྐད་སྒྲ་སྐད་འབྱིན་པའི་རྔ་འདྲ་བ། །འགྲོ་བ་ཀུན་གྱི་སྐྱབས་དང་དབུང་གཉེན་པོ། །ཉོན་མོངས་བདུད་བཅོམ་སྙིང་རྗེ་ཆེ་ལྡན་རྣམས། །ཞི་བའི་སྒྲ་བསྒྲགས་ཉོན་མོངས་ཕེལ ་བར་བྱེད། །དབང་པོ་ལྷ་ཡི་བུ་མོ་དགུ་བཅུ་གཉིས། །དབང་པོའི་སྤྲུལ་པས་ཀུན་ཀྱང་དགའ་བར་འགྱུར། །གཅིག་ཀྱང་བདག་དང་བརྒྱ་བྱིན་རྩེ་བར་ཤེས། །གཅིག་ལྟར་ལྷ་མོ་ཀུན་ཀྱང་དེ་བཞིན་ནོ། །ལྷ་མོ་ཀུན་དང་དགའ་བར་གནས་སྣང་ཞིང།། ་ཆོས་བཟང་མདུན་ས་ན་ཡང་དེ་བཞིན་འདུག་།ལྷ་རྣམས་ཀུན་ལ་ཆོས་རབ་སྟོན་སྣང་ཞིང། །བརྒྱ་བྱིན་སྐད་ཅིག་གཅིག་ལ་རྣམ་བར་འཕྲུལ། །བརྒྱ་བྱིན་ཆགས་སྡང་གཏི་མུག་ལྡན་བ་ཡང། །སྤྲུལ་པས་རང་གི་འཁོར་རྣམས་དགའ་བྱེད་ན།། ་འགྲོ་དོན་མི་སྐྱོ་སྦྱོར་རྣམས་ཅི་ཡི་ཕྱིར། །རྫུ་འཕྲུལ་སྟོབས་ཀྱིས་འཇིག་རྟེན་མགུ་མི་བྱེད། །བདུད་ཀྱི་དཀྲུགས་མ་འགྲོ་བའི་དབང་སྒྱུར་བ། །དེ་ཡི་དབང་དུ་སེམས་ཅན་འདི་ཀུན་འདོད། །ལས་དང་ཉོན་མོངས་ཀུན་ཏུ་ཞུགས་པ་ཡིས། ། ་སོ་སོའི་སྐྱེ་བོ་ཐམས་ཅད་བདུད་ཀྱིས་བཅིངས། །ཆགས་སྡང་གཏི་མུག་ལྡན་པའི་བདུད་དེ་ཡང། །འགྲེ་བ་ཐམས་ཅད་དབང་དུ་འགྱུར་བྱེད་ན། །དབང་བཅུ་དབང་ཐོབ་རྣམས་ལ་ཅི་རོབ་སྟེ་།འགྲོ་བ་ཐམས་ཅད་རང་གི་ཕྱོགས་མི་འཇོག་། ་སྟོང་གསུམ་གནས་ཀྱི་བདག་པོ་ཚངས་པ་ཡང། །སྟོང་གསུམ་ཚངས་གནས་ཇི་སྙེད་ཡོད་པ་ན། །དེ་དག་ཀུན་ན་འདུག་པར་རབ་སྣང་ཞིང། །ཚངས་བའི་སྒྲ་དབྱངས་ཤིན་ཏུ་ཡིད་འོང་སྒྲོགས། །ཚངས་དེ་འཇིག་རྟེན་པ་ཡི་ཚངས་ལམ་གྱི། །བསམ ་གཏན་མངོན་ཤེས་རྣམ་པར་འཕྲུལ་བྱེད་ན། །འཇིག་རྟེན་རབ་འདས་བླ་ན་མེད་པ་ཡི། །བསམ་གཏན་རྣམ་ཐར་གནས་པ་ཅིས་མི་འཕྲུལ། །དབང་ཕྱུག་ཆེན་པོའི་ཤེས་པའི་རྣམ་འཕྲུལ་ལྟོས། །རྒྱ་མཚོའི་སྦྲིན་གྱིས་ཆར་ཐིགས་རབ་བཀྱེ་བ། །སྐད་ཅིག ་གཅིག་ལ་ཐམས་ཅད་བགྲང་བ་བྱེད། །ཐིགས་འགའ་ཨི་ཟེར་ཀྱང་མ་ཤེས་དེ་མེད་ན། །བསླབ་པ་བསྐལ་པ་བསམ་ཡས་རབ་བསླབས་ཏེ། །བྱང་ཆུབ་བླ་མེད་ཡེ་ཤེས་ཐོབ་པ་རྣམས། །ཅི་ཕྱིར་སྐད་ཅིག་གཅིག་ལས ་སེམས་ཀྱིས་ནི། །འགྲོ་བ་མ་ལུས་རྣམས་ཀྱི་སེམས་མི་ཤེས། །སེམས་ཅན་ལས་སྨིན་བསམ་གྱི་མི་ཁྱབ་པས། །འཇིག་ཉེན་འདི་ཀུན་རླུང་ལས་ཡོངས་སུ་བྱུང། །རྒྱ་མཚོ་རི་དང་ལྟ་ཡི་བཞལ་མེད་ཁང། །རིན་ཆེན་རྣམ་ཕྱེ?་ས་བོན?་བསམ? ་བ་འང་བྱུང། །རླུང་ལས་བྱུང་གྱུར་སྤྲིན་གྱིས་ཆར་འབེབས་ཤིང། །སླར་ཡང་རླུང་ཉིད་ཀྱིས་ནི་སྤྲིན་ཞི་བྱེད། །འཇིག་རྟེན་གྱིས་ནི་ལོ་ཏོག་རླུང་གིས་བསྐྱེད། །འགྲོ་བ་ཀུན་གྱི་བདེ་མར་རླུང་གིས་བྱས། །རླུང་དེས་ཕ་རོལ་ཕྱིར་ལམ་བསླབས་ཤིང། ་སངས་རྒྱས་ཡོན་ཏན་རྣམས་ལ་མ་བསླབས་པར། །འཇིག་རྟེན་རྣམ་སྨིན་བསམ་མི་ཁྱབ་སྟོན་ན། །མཆོག་ཐོབ་པ་དག་ཅི་སྟེ་སྟོན་མི་བྱེད་ཅེས་བྱ་བའོ། །བསླབ་པ་ཀུན་ལས་བཏུས་པ་ལས་དཀོན་མཆོག་གསུམ་རྗེས་སུ་དྲན་བའི་ལེའུ ་སྟེ་བཅོ་བརྒྱད་བའོ།། །།བསོད་ནམས་འཕེལ་བའི་དོན་དུ་རྒྱུ་གཞན་ཡང་བྱ་སྟེ། གང་ཞིག་།དུས་རྣམས་ཀུན་དུ་སེམས་ཅན་དོན་བྱ་བ་འདི་ཡིན་ནོ། །འདི་ནི་དཀོན་མཆོག་སྤྲིན་ལས། དེ་བཞིན་གཤེགས་པཱི ་མཆོད་རྟེན་ནམ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མེ་ཏོག་གམ་བདུག་པ་འམ་སྤོས་གསོལ་ན་སེམས་ཅན་ཐཾས་ཅད་ཀྱི་ངང་ཚུལ་ངན་པའི་དྲི་ང?་བ?་བསལ་བ་དང། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཐོབ་པར་ཡོངས་སུ་བསྔོའོ། ་དེ་ཕྱག་དར་དང་ཞལ་ཞལ་བྱེད་ན་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་མི་སྡུག་པ་མེད་པར་འགྱུར་བ་དང་སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པར་ཡོངས་སུ་བསྔོའོ། །དེ་མེ་ཏོག་གི་གདུགས་གསོལ་ན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས ་པ་དང་ཉེ་བའི་ཉོན་མོངས་བའི་གདུང་བ་མེད་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་གཙུག་ལག་ཁང་གི་ནང་དུ་འགྲོ་ན་འདི་ལྟར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་བའི་གྲོང་ཁྱེར་དུ་གཟུང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་ཕྱིར་འབྱུང་ན་སེམས་ཅན ་ཐམས་ཅད་འཁོར་བའི་བཙོན་ར་ནས་གདོན་ཏོ་སྙམ་དུ་སེམས་བསྐྱེད་དོ། །དེ་གནས་ཁང་གི་སྒོ་འབྱེད་ན་འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་བདེ་འགོ་ཐམས་ཅད་ཀྱི་སྒོ་དབྱེའོ། །སྙམ་དུ་སེམས་བསྐྱེད་དོ། །དེ་སྒོ་གཅོད་ན་འདི་ལྟར་ངན་འགྲོ ་ཐམས་ཅད་ཀྱི་སྒོ་རྣམས་གཅང་ངོ་སྙམས་དུ་སེམས་བསྐྱེད་དོ། །དེ་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་དོ་སྙམ་དུ་སེམས་བསྐྱེད་དོ། །དེ་གློ་གཡས་པས་ཉལ་ན་འདི་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་ཨོ་སྙམ་དུ་སེམས་བསྐྱེད་དོ། །དེ་དེ་ནས་ལྡང་ན་འདི་ལྟར་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཀུན་ནས་ལྡང་བ་རྣམས་ལས་བསླང་ངོ་སྙཾ་དུ་སེམས་བསྐྱེད་དོ། །དེ་ལུས་ཀྱི་ཆེད་ལ་འགྲོ་ན་འདི་ལྟར་སེམས ་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་འགྲོས་སུ་འགྲོ་བར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །དེའི་ལྟར་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུ་གི་ཟུག་རྡུ་དབྱུང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་བཀྲུ་བཤལ་བྱེད ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་མའི་སྐྱོན་རྣམས་བཀའ་ཨོ?་སྙམ་དུ་སེམས་བསྐྱེད་དོ། །དེ་ལག་པ་བསྙལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་ང་བ་རྣམས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་རྐང ་པ་འཁྲུ་ན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྡུལ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་གདོང་འཁྲུ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་སྒོ་ཡོངས་སུ་སྦྱང་ངོ་སྙམ་དུ་སེམས་བསྐྱེད་དོ། །དེ་སོ་ཤིང་ཟན་འདི་ལྟར ་སེམས་ཅན་ཐམས་ཅད་ཀྱི་དྲི་མ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལུས་ཀྱི་གཡོ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་བའི་མཆོད་རྟེན་ལ? ་ཕྱག་འཚལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཕྱག་བྱ་བར་ཤོག་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་ཇི་སྐད་དུ་གསུང་པ་ལྟ་བུའོ། །ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།ཤཱ་རིའི་བུ ་གཞན་ཡང་གཅན་གཟན་ཁྲོ་བོའི་དགོན་པར་སོང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱེད་སྐྲག་པར་མི་བྱ་དངང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད ་ཡོངས་སུ་བཏང་བའི་ཕྱིར་ཏེ། དེས་འདི་སྙམ་དུ་གལ་ཏེ་གཅན་གཟན་དག་གི་བདག་ཟོས་ན་འདི་ལྟར་སྦྱིན་པ་དེ་བྱིན་བར་གྱུར་ཅིང། །བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ལ་ཡང་ཤིན་ཏུ་ཉེ་བར་འགྱུར་རོ། །ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེ་ན་དུད་འགྲོའི་སྐྱེས་གནས་སུ་སོང་བའི་སེམས་ཅན་ཡོད་ཡེ་མེད་པར་འགྱུར ་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་དོ། །ཤཱ་རིའི་བུ་རྐུན་པོའི་དགོན་བར་སོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་དངང་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོས་དེ་དག་ནི་བདག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་མཁས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཀྱང་ཡོངས་སུ་བཏང་བ་ཡིན་ཡོ་བྱད་དང་འཚོགས་ཆས་ཀྱང་ཡོངས་སུ་བཏང་བ་ཡིན་ཏེ། དེས་འདི་སྙམ་དུ་གལ་ཏེ ་སེམས་ཅན་དེ་དག་གི་བདག་གི་ཡོ་བྱད་དང་འཚོགས་ཆས་རྣམས་ཕྲོགས་ན་དེ་དག་ལ་སྦྱིན་པ་དེ་ཕྱིན་པར་གྱུར་ཅིག་།གལ་ཏེ་དེ་དག་གིས་བདག་གི་སྲོག་གཅད་པར་གྱུར་ཀྱང་དེ་ལ་བདག་གི་ཞེ་སྡང་དང་ཁོང་ཁྲོ་བ་བསྐྱེད་བར་མི་བྱ། །བདག?་གི ་དེ་དག་ལ་ལུས་དང་དག་དང་ཡིད་ཀྱིས་ཀྱང་ཉེས་པ་མི་བྱའོ། །དེ་ལྟར་ན་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞིང། །བདག་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་ཉེ་བར་འགྱུར་ཏེ། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་པའི་ཚེ། །སངས་རྒྱས་ཀྱི་ཞིང་དེ་ན་ཉེས་པ་འདི་དག་དང་གཞན་ཡང་ཡོད་དེ་རྣམ་པ་ཐམས་ཅད ་དུ་མི་འབྱུང་ཞིང་མེད་པར་འགྱུར་བ་དེ་ལྟར་བྱའོ་དེ་ལྟར་བསྒྲུབ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་ཆུའི་དགོན་པར་ཕྱིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་དངང་བར་མི་བྱའོ། ། ་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མི་འཇིགས་པའི་ཆོས་ཅན་ཡིན་ཏེ། དེས་འདི་སྙམ་དུ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྲེད་པ་ཐམS་ཅད་གཅད་པར་བསླབ་བར་བྱའོ། །བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་སྐྲགས་པར་མི་བྱའོ། །གལ་ཏེ་བདག་སྐོམ་བས་འཆི་བའི་དུས་བྱས་བར་གྱུར་ན་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ་སྟེ། ཀྱེ་མ་འདི་ལྟར་འཇིག་རྟེན་ན་ཆུའི་དགོན་པ་འདི་ལྟ་བུ་སྣང་བས་སེཾས་ཅན ་འདི་དག་ནི་བསོད་ནམས་ཆུང་བ་དག་སྟེ་།ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བའི་ཚེ་།སངས་རྒྱས་གྱི་ཞིང་དེ་ན་ཆུའི་དགོན་པ་ཡོད་ཡེ་རྣམ་པ་ཐམས་ཅད་དུ་མི་འབྱུང་བ་དང་མི་སྣང་བར? ་213 ་འགྱུར་བ་དེ་ལྟར་བྱའོ?་དེ་ལྟར་བསྒྲུབ་པོ། །ཇི་ལྟར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་རྙེད་པར་འགྱུར་བ་དེ་ལྟར་བསོད་ནམས་ཀྱི་ལས་ལ་སེམས་ཅན་རྣམས་སྦྱར་བར་བྱའོ། །ཇི་ལྟར་དེའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་བརྟན་པ་བརྩམ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བཀྲེས་པའི་དགོན་པར་སོང་ན། བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི?་དངང?་བར་མི་བྱའོ། །དེས་འདི་ལྟར་འདིས་གོ་ཆ་བགོ་སྟེ་།ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི ་ཞིང་དེ་ན་བཀྲེས་པའི་དགོན་པ་འདི་ལྟ་བུ་ཡོང་ཡེ་རྣམ་པ་ཐམས་ཅད་མི་འབྱུང་བ་དང། མི་སྣང་བར་འགྱུར་བ་དང་སེམས་ཅན་དེ་དག་ཐམས་ཅད་བདེ་བར་འགྱུར་ཞིང་བདེ་བ་ལ་དབང་བ་དང་བདེ་བ་དང་ལྡན་པར་འགྱུར་བ་དེ་ལྟར་བརྩོན ་འགྲུས་བརྟན་པོ་བརྩམ་པར་བྱ་སྟེ་།དེ་ལྟར་རང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ། །དེ་ལྟར་ན་སེམས་ཅན་དེ་དག་གང་ཅི་སེམས་པར་འགྱུར་བ་དང་ཡིད་ཀྱིས་གང་དང་གང་འདོད་པ་དེ་དང་དེ་འབྱུང་པར་འགྱུར་།འདི་ལྟ་སྟེ ་དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡིད་ལ་བསམས་པ་ཐམས་ཅད་འགྲུབ་པ་དང་ཡིད་ལ་བསམ་པ་ཐམས་ཅད་འབྱུང་བ་བཞིན་དུ་དེ་ལྟར་བྱའོ། །ཇི་ལྟར་སེམས་ཅན་དེ་དག་ཆོས་དང་ལྡན་པའི་བསམ་པ་ཡོངས་སུ་རྫོགས་པར ་འགྱུར་བ་དང། སེམས་ཅན་ཐམས་ཅད་ཐམས་ཅད་དུ་ཐམས་ཅད་ལས་འཚོ་བའི་ཡོ་བྱད་དང་བྲལ་བར་མི་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྟན་པོ་བརྩམ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་བྱ་བའོ། །དེ་ལྟར་དུས་རྣམS ་@213བ ་ཀུན་ཏུ་སེམས་ཅན་གྱི་དོན་བྱ་བ་འདི་ནི་བསོད་ནམས་འཕེལ་བའི་རྒྱུ་སྟེ། ཞིབ་ཏུ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་བལྟ་བར་བྱའོ། །གཞན་ཡང། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། བསོད་ནམས་འཕེལ་བའི་རྒྱུར་འགྱུར་ཏེ། ལྷག་པཱི ་བསམ་པ་སྐུལ་བའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ་།བྱམས་པ་གང་ཞིག་ཐོབ་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ་དྲན་པ་དང་ལྡན་པ་ཡིན། ་བློ་དང་ལྡན་པ་ཡིན་།བློ་གྲོས་དང་ལྡན་པ་ཡིན་།མོས་པ་དང་ལྡན་པ་ཡིན། །ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟག་པར་འགྱུར་པ་ཡིན། འདོད་ཆགས་ཆུང་བ་ཡིན་ཞེ་སྡང ་ཆུང་བ་ཡིན་།གཏི་མུག་ཆུང་བ་ཡིན། །བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན་།མི་མ་ཡིན་པ་རྣམས་ཀྱིས་དེ་བསྲུང་བ་ཡིན་།ལྷ་རྣམས་དེའི་ལུས་ལ་མདངས་འཇུག་པ་ཡིན། ་མི་འཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན་།ཚིག་གཟུང་བར་འོས་པ་ཡིན་།མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། །མཁས་པས་བསྔགས་པ་ཡིན་།དེ་ཆོས་ཀྱི་སྙན་པ་དེ ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ་ཕན་ཡོན་ཉི་ཤུ་པོ་དེ་དག་གོ་ཞེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ་།གལ་ཏེ་ཀུན་དགའ་བོ་ཁྱད་ཀྱིས་ཉན་ཐོས་ཀྱི་ཐེག་པའི་གང་ཟག་རྣམས་ལ་ཉན་ཐས་ཀྱི་སའི ་ཆོས་བསྟན་པ། །ཆོས་བསྟན་པ་དེས་ཀྱང་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པར་གྱུར་ཀྱང། ད་དུང་ཉན་ཐོས་ཁྱོད་ཀྱིས་ང་ལ་ཉན་ཐོས་ཀྱི་བྱ་བ་བྱས? ་པར་མི་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་གཅིག་གཅིག་བསྟན་ནས་བཤད་ན། །དེ་ལྟར་ན ་ཉན་ཐོས་ཀྱིས་དེ་མཉེས་པར་བྱས་པར་འགྱུར་རོ། །ཆོས་བསྟན་པ་སྔ་མས་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་བམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ལ། དགྲ་བཅོམ་པ་དེ་དག ་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་བོ་དང། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ་ཀུན་དགའ་བོ་ཇི་སྙམ་དུ ་སེམས། བསོད་ནམས་ཀྱི་ཕུང་པོ་མང་བ་ཡིན་ནམ། གསོལ་བ་བཅོམ་ལྡན་འདས་མད་ལགས་སོ་བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ཀྱང་སུ་ཞིག་བྱང་ཆུབ་སེམS ་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། ཉན་ཐོས་ཀྱི་ཐེག་པ་བའི་གང་ཟག་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དོ། །ཀུན་དགའ་བོ་དེ་བས་ཀྱང་གང་སུ་ཞིག་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་བོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་མ་ཉི་མ་གཅིག་སྟོན་ན་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དེ། །ཀུན་དགའ་བོ་ཉི་མ་གཅིག་ལྟ་ཞོག་ལ་ཐ་ན་སྔ་དྲོ ་འམ་།ཀུན་དགའ་བོ་སྔ་དྲོ་ལྟ་ཞོག་ལ་ཐ་ན་ཆུ་ཚོད་ཅིག་ནས་སྐད་ཅིག་གཅིག་ཅེས་བྱ་བའོ། །དེ་བཞིན་དུ་སྦྱར་ཏེ་།ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཐམས ་ཅད་དང་རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་མནན་པའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་འདི་ལྟ་བུ་དང་ལྡན་པ་དགེ་བའི་རྩ་བ་འདི་ལྟ་བུ་སེམས་པ་ལ་ནི་ ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དེ་ནི་གནས་མེད་དོ་ཞེས་བྱའོ། །ཆོས་ཀྱི་སྦྱིན་པ་ཇི་ལྟར་སྦྱིན་པར་བྱ་ཞེ་ན། །འཕཌ ་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་གསུངས་པ། མཁས་པ་དུས་སུ་སེམས་པར་བྱེད་པ་ན། ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས ་ཤོད། །མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར། །བདེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན། །གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡང་བའི་བསྟན་ནི་རབ་ཏུ་བཤམས་པ་ཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ ་བསྒྱུར་བ། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །རྡུལ་གཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབས་ཆེ་ཚང་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་བའི ་ཁྲི་ལ་རབ་འདུག་ཅིང། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཛེགས་ནས། །གདང་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྟག་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་སྣ་ཚོགས ་མང་པོ་སྨྲ་བ་དང། །དགེ་སློང་དག་དང?་དགེ་སློང་མ་རྣམས་དང། །དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང། །མཁས་ཏེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་ངོན་ལྡན་ཅན་ནའི་གཏམ?་ཡང ་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་ཡི་ནི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤང། །བྱམས་བའི་སྟོགས་ནི་འཁོང་ལ་སྒོམ་པར་བྱ། །ཉིན་མཚན་དུ་ཡང།། ་ཆོས་མཆོག་རབ་ཏུ་སྒོམ། །མཁས་པ་དེ་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཆུང་ཟད་མེད། །ཟས་དང་སྒོམ་དང་བཟའ་དང་བཅའ་བ་དང། །གོས་དང་མལ་ཆ་ཆོས་གསོ་རྣམS ་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང། །སེམས་ཅན་འདི་དག་སངས་རྒྱས་གྲུབ་བར་ཤོག་།ཕན་ཕྱིར་འཇིག་རྟེན་ཆོས་གང ་བསྟན་པ་དེ། །བདག་གི་བདེ་བའི་ཡོ་བྱང་ཀུན་སྙམ་སེམས་ཞེས་བྱའོ། །ཡང་དེ་ཉིད་ལས་།ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་བ་ན། །ཆོས་ཀྱི་དགའ་བ་བསྙོམས་པ་བྱེད་དེ་ཐན་འགའ་ཙམ་ལ་ཡང་ཆོས་ཀྱི་དགའ་བས་ལྷག་པ ་ཕན་འདོགས་པར་མི་བྱེད་དོ་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོ་ལས་ཀྱང། །ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་དག་གིས་མ་བསླབས་ཞེས། ཐོག་མར་ཚིག་དེ་བརྗོད་པར་བྱ།། ་ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གི་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་བར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི ་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །འཁོར་ནི་མང་པོ་འཁོང་ནང་དུ། །གལ་ཏེ་དང་ཚུལ་དན་མཐོང་ན། །ཁྱོད་ཀྱི་ཡོ་བྱེད་བསྙུངས་མི་བཤད། །སྦྱིན་པའི་བསྔགས་བ་བརྗོད་པར་བྱ། །གལ་ཏེ་འདོད་པ་ཆུང ་གྱུར་ཏེ། །ཚུལ་ཁྲིམས་དག་པར་གནས་ཡིན་ན། །ཁྱོད་ཀྱི་བྱམས་པའི་སེམས་བསྐྱེད་ལ། །ཡོ་བྱར་བསྙུངས་པའི་གཏམ་གྱིས་ཤིག་།གལ་ཏེ་སྡིག་འདོད་ཆུང་གྱུར་ཅིང། །ཚུལ་ཁྲིམས་ལྡན་པ་མང་གྱུར་ལ། །གཉེན་པོ་རྙེད་པ་དེ་ཡི་ཚེ།། ་ཚུལ་ཁྲིམས་བསྔགས་པར་བརྗོད་པར་བྱ་ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང། །འདི་ལྟ་སྟེ། ཤ་མེ་ཤེ་མ་བ་ཏེ། ཤ་མ་ཏཱ?་ཤ་ཏྲུཾ་ཨཾ་ཀུ་ར། མི་ཀུ་རེ?་།མཱ་ར་ཛི་ཏེ། ཀ་རོ་ཏི། ཀ་ཡཱུ་རེ། ཨོཾ་བ་ཏི། ཨུ ་ཀོ་ཧཱ?་ཡ་ཏི། པི?་ཤ་ཐ་ནི་རྨ་ཁ། མཱ་ལཱ་པ་ནཱ་ཡི་ཨུ་ཁ་ར། ཁ་རོ་གྲ་ས། གྲས་ནི། ཧེ་མུ་ཁཱི། པ་ར་མུ་ཁཱི་།ཱ་མུ་ཁཱི། ཤེ་མི་ཏ་ནཱི། སརྦ་གྲ་ཧ་བན་དྷ་ནཱ་ནཱི། ན་གྲཱི་ཧཱི་ཧཱི?། སརྦ་པ་?་བ་དི་ན་བི་མུག་ཏ་མ་ར་པཱ་ཤཱསྠ་པ་ཏཱ། །བུད་དྷ་མུ་དྲཱ:། ་ས་མུང?་གཏ་ཏི་ཏཱ་སརྦ་མཱ་ཡཱ། ཨ་ཙ་ལི་ཏ་པ་ད་པ་རི?་ཤུད་དྱེ?། བི་གཙྪ་ན་ཏི། སརྦ་མ་ར་ཀརྨ?་ནི?་བློ་གྲོས་རྒྱ་ཆ་ཚོ་སྔགས་ཀྱི་ཚིག་འདི་དག་ནི་བདུད་ཚར་བཅད་པའི་ཚིག་ཉོན་མོངས་པ་བསལ་བའི་ཚིག་སྟ?་དེ་དག་ཆོས་སྨྲ་བ་དེས་ལགས་པར་ཁ་ཏོན་དུ་བྱས་ལ་ཆོས ་ཀྱི་ཁྲི་ལ་འདུག་སྟེ་བྱང་ཆུབ་ཀྱི་རྣམ་པར་མངོན་པར་སྒྲུབ་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ་།བདག་ལ་སྨན་པའི་འདུ་ཤེས་བསྐྱེད་དེ། །ཆོས་ལ་སྨན་གྱི་འདུ་ཤེས་དང་།ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང་།དེ་བཞིན་གཤེཌ ་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་།ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་གྱི་གཏམ་བྱེད་ན། དེའི་འཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་ཀྱི་རིས་ཀྱི་ལྷ་རྣམས ་འཐོབ་ཆམ་པར་བྱ་བའི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་གིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས། ཆོས་སྨྲ་བས་གཙང་སྦྲ་དང། ཀུན་ཏུ་སྤྱོད་པ་གཟོབ་བ་དང། ལེགས་པར་བཀྲུས་པ་དང། །ལཌ ་པར་གོས་བགོ་བར་བྱའོ་ཞེས་སོ། །དེ་ལྟར་ཆོས་ཀྱི་སྦྱིན་པ་དང། །བྱང་ཆུབ་སེམས་ནི་མདོར་བསྡུ་ན། བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཇི་སྐད་དུ་།འཇམ་དཔལ་འདི་ལྟ ་སྟེ། དཔེར་ན་སྤོས་ཀྱི་ཤིང་ལྗོན་པ་སྣ་ཚོགས་ནི་ཁམས་བཞིས་བཟུང་ནས་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་ཏུ་ཚོགས་སྣ་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བཟུང་ཞིང་ཐམས ་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྡོས་ན་རྣམ་པར་འཕེལ་ལོ་ཞེས་གསུངས་པ་བཞིན་ནོ། །ཕྱོགས་འདི་ནི་ལས་དང་པོ་པ་རྣམས་འཕྲལ་དུ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དྲན་པར་བྱ་བའི་ཕྱིར་བསྟན་ཏེ། རྒྱ་ཆེར་ནི་སངས་རྒྱས་ཀྱི་ཡུལ་ཉིད་ཡིན་ནོ།། ་འདིར་བསླབ་པ་ཇི་སྐད་བརྗོད་པ་འདིའི། །འགྲུབ་པ་ཡང་དག་སྤོང་རྣམས་ཏེ་།བག་ཡོད་བ་དང་མ་བྲལ་ཞིང། །དྲན་པ་དང་ནི་ཤེས་བཞིན་དང། །ཚུལ་བཞིན་དུ་ནི་སེམས་བསོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་བ་རྣམས་མི་བསྐྱེད ་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ་བརྩོན་འགྲུས་བརྩོམ་མེ་སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་འདིས་ནི་བསྲུང་བའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་བ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅེས་བྱ་བ ་འདིས་ནི་དག་པའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་པ་དང། སྐྱེས་པ་རྣམས་གནས་པ་དང་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་འཕེལ་བ་བསྟན་ཏོ། །དེ་དག་ཀྱང་རྟག་ཏུ་བག་ཡང་བ་དང་མ་བྲལ་བར་བྱ ་སྟེ། དེ་ནི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཚུལ་ཁྲིམས་ཐོས་དང་གཏོང་དང་དེ་བཞིན་བཟོད། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱིས་རྩ་བ་དག་ཡོད་འདི་ཡིན་ཏེ། །གཏེར་འཐོབ་བྱེད ་ཅེས་བདེ་བར་གཤེགས་པས་བསྟན་ཅེས་གསུངས་པ་བཞིན་ནོ། །བག་ཡོད་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན།། འདོད་པ་ལས་ཉམས་པ་དང་མི་འདོད་པ་བྱུང་བའི་དོགས་པ་སྔོན་དུ་འགྲོ་བས་གཟོབ་པཱ་ལྟུང་ལེན་པ་སྟེ། འདི་ལྟ་སྟེ། དཔེར ་ན་རྒྱལ་པོ་དྲག་ཏུ་ཁྲོ་ཞིང་མགུ་དཀའ་བའི་བྲན་སྨན་གྱི་འབྲུ་མར་གྱི་གང་བའི་སྣོད་ཐོགས་ཏེ། སྟེགས་འདེད་པ་ལ་འགྲོ་བས་བྱ་བ་བཞིན་ནོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་གསུངས་ཏེ་།དེ་ལ་བག་ཡོད?་པ་གང་ཞེ་ན། གང ་འདི་དབང་པོ་སྡོམས་པའོ། །དེ་མིག་གིས་གཟུགས་རྣམས་མཐོང་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ནས། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ན་མཆན་མང་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། ་ཆོས་རྣམས་ཀྱི་རོ་མྱང་བ་དང་ཉེས་དམིགས་དང་འབྱུང་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ་།འདི་ནི་བག་ཡོད་པ་ཞེས་བྱའོ། །གཞན་ཡང་བག་ཡོད་པ་ནི་གང་རང་གི་སེམས་འདུལ་བ་དང། བཞན་གྱི་སེམས་རྗེས་སུ་སྲུང་བ་དང། ཉོནས་མོངས?་པ་ལ ་དགའ་བསེལ་བ་དང། ཆོས་ལ་དགའ་བའི་རྗེས་སུ་འཇུག་པ་ལ་སོགས་པ་འདི་ནི་བག་ཡོད་པ་ཞེས་བྱའོ། །གསང་བ་པའི་བདག་པོ་སུ་དད་པ་དང་ལྡན་ཞིང་བག་ཡོད་པ་དང་ལྡན་པ་དེས་ནི་བརྩོན་འགྲུས་གང་གིས་བག་ཡོད་བར་བྱེད་པ་དང་དང ་པར་བྱེད་པ་དང་དད་པར་བྱེད་པའི་ཆོས་དེ་དག་ཡང་དག་པར་སྒྲུབ་བར་འགྱུར་བའི་བརྩོན་འགྲུས་དང་ལྡན་པར་བྱའོ། །གསང་བ་པའི་བདག་པོ་སུ་དད་པ་དང་བག་ཡོད་པ་དང་བརྩོན་འགྲུས་དང་ལྡན་པ་དེས་ནི། དྲན་པ་དང་ཤེས་བཞིན ་གང་གིས་བྱང་ཆུབ་ཀྱི་ཆོས་རྣམས་ཆུང་ཟ་བར་མི་འགྱུར་བའི་དྲན་པ་དང་ཤེས་བཞིན་དང་ལྡན་པར་བྱའོ། །གསང་བ་བའི་བདག་པོ་སུ་དང་པ་དང་བག་ཡོད་པ་དང། བརྩོན་འགྲུས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པ་དེས་ཚུལ་བཞིན ་217 ་དུ་སྦྱར་བ་ལ་བརྩོན་པར་བྱའོ། །གསང་བ་པའི་བདག་པོ་ཚུལ་བཞིན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པ་དེ་ཡང་ཡོད་པར་རབ་ཏུ་ཤེས་སོ། །གང་མེད་པ་དེ་ཡང་མེད་པར་རབ་ཏུ་ཤེས་ཞེས་བྱ་བ་ནས། ་ཀུན་རྫོབ་ཏུ་མིག་ལ་སོགས་པ་ཡོད་དོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་དེ་ཉིད་ལས་སེམས་ཅན་དོན་བརྩོན་བྱང་ཆུབ་སེམས་དཔའ་ནི། །ཚུལ་བཞིན་ཉིད་ཀྱི་དབེན་སེམས་གང་ཡིན་དང། །རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། །ཡོངས་སུ ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ་ཞེས་གསུངས་སོ། །ཡང་སྨྲས་པ། བདག་གཞན་མཉམ་ཉིད་གོམས་བྱས་པས། །བྱང་ཆུབ་སེམས་ནི་བརྟན་པར་འགྱུར། །བདག་དང་གཞན་ཉིད་བལྟོས་པ་སྟེ་།ཕ་རོལ་ཚུ་རོལ་ཇི་བཞིན་བརྫུན། །དོགས?་པ? ་རང་གི་ཕ་རོལ་མིན། །གང་ལ་བལྟོས་ཏེ་ཚུ་རོལ་འགྱུར། །བདག་ཉིད་རང་གིས་མ་གྲུབ་ན། །གང་ལ་བལྟོས་ཏེ་གཞན་དུ་འགྱུར། །གལ་ཏེ་དེ་ལ་སྡུག་བསྔལ་བས། །བདག་ལ་མི་གནོད་ཕྱིར་མི་སྲུང། །མ་འོངས་སྡུག་བསྔལ་ཁྱོད་ལ་ནི།། ་གནོད་མི་བྱེད་པས་ཅི་སྟེ་སྲུང། །དེ་ཚེ་འང་བདག་ཉིད་ཡིན་སྙམ་པའི། །རྣམ་རྟོག་དེ་ནི་ལོག་པ་སྟེ། །གང་ཕྱིར་འཆི་བ་གཞན་ཉིད་ལ། །དེར་སྐྱེ་བ་ཡང་གཞན་ཉིད་ཡིན། །གལ་ཏེ་གཞན་ཞིག་དེ་སྐྱེས་ན། །བསོད་ནམས་ཀྱིས་ནི ་ཅི་ཞིག་དགོས། །ཅི་ཕྱིར་གཞོན་ཚེ་ལུས་རྒས་པ། །བདེ་བར་བྱ་ཕྱིར་ནོར་སོགས་བྱེད། །མངལ་ན་གནས་པ་ཞིག་པ་ལས་།བྱས་པར་གྱུར་པ་གཞན་ཡིན་ལ། །བྱིས་པ་ཞིག་ནས་གཞོན་ནུ་ཉིད། །དེ་ཞིག་ནས་ནི་དར་ལ་བབ།། ་དེ་ཞིག་ནས་ནི་གོས་གྱུར་ཏེ། །ལུས་ནི་ཇི་ལྟར་གཅིག་པར་འདོད། །དེ་ལྟར་སྐད་ཅིག་སོ་སོ་བོས། །ལུས་གཞན་སེན་མོ་སྐྲ་སོགས་བཞིན། །ཅི་སྟེ་བྱིས་པའི་ཚོང་བོར་ནས། །བྱིས་པ་གཞོན་དུ་ཉིད་གྱུར་ན། །གང་ཞིག་གནས་སྐབས ་@217བ ་བྲལ་གནས་པ། །ལུས་ཀྱི་རང་བཞིན་བརྗོད་པར་གྱིས། །ལུས་ནི་སྐུ་གཟུགས་འདྲ་ཞེ་ན། མར་མེར་ཐལ་བ་ལ་དེ་མེད། །གལ་ཏེ་རིག་སྤངས་པ་དངོས་སུ། །དེ་ལ་རྣམ་པར་གནས་ཞེ་ན། །རང་ཉིད་བསྟན་བ་ཙམ?་འགྱུར་བས། །དེ་མི་ལུས་ཞེས་བརྗོད ་མི་བྱ། །དེ་ལ་བདག་ནི་བསམ་པ་མེད། །སྣང་བའི་ལུས་ནི་འཇིག་དང་ལྡན། །གནས་སྐབས་རྣམས་དང་འབྲལ་གྱུར་པ་།ཀུན་རྫོབ་ཉིད་དུ་སྣང་བ་ཡིན། །ལུང་གིས་ཀྱང་ནི་དེ་ཡོད་ན། །རིགས་པ་དགྲ་ནི་?་གིས་བཟློག། །འདི་ལྟར་ཡོན་ཏན་མ ་གཏོགས་པར། གཙོ་བོ་ཡོད་པ་མ་ཡིན་ལ། །གཙོ་བོ་གསུམ་ཡང་ཡོད་མ་ཡིན། །དེ་བཞིན་ཡོན་ཏན་ཡོད་ན་ཡང། །དེ་ཡང་སོ་སོ་རྣམ་གསུམ་བདག་།འགྲོ་བ་ལྷག་མ་རྣམས་དགུར་འགྱུར། །སེམས་པ་མེད ་པ་གོས་ལ་སོགས། །དེ་བདེའི་བདག་ཉིད་ཇི་ལྟ་བུ་།སྣམ་སོགས་བདེ་སོགས་ལས་སྐྱེས་མིན། །སྣམ་སོགས་ལས་ནི་བདེ་སོགས་ཡིན། །སྣམ་བུ་ལ་སོགས་རྒྱུ་མེད་ཕྱིར། །མེད་ན་དེ་བདེ་ག་ལ་ཡོད། །དེ་ལྟར་ལུང་དང་རིགས་པ་ཡིས།། ་འདུས་བྱས་ཐམས་ཅད་མི་རྟག་པ། །དེ་ཡིས་རྒྱུ་འབྲས་འབྲེལ་པ་ནི། །མངོན་སུམ་ཡིན་པས་མི་གནོད་དེ། །དེ་ནི་རང་གིས་རྒྱུད་ལས་མཐོང། །རྟགས་པ་ལ་ནི་ཇི་ལྟ་བུར། །ཕྲ་རབ་རྡུལ་ཡང་གཅིག་མིན་ཏེ། །ཕྱོགས་ཀྱི་དབྱེ་བས་མི་འཐང ་ཕྱིར། །མར་མེའི་འབྲུ་མར་ཟད་འགྱུར་བ། །ཟར་འགྱུར་ཚེ་ན་མངོན་པ་མེད། །དེ་ལྟར་དངོས་པོ་ཟད་པར་ཡང། སྐད་ཅིག་རེ་རེ་མི་མངོན་ནོ། །རྒྱུ་དང་ཚོགས་ཞེས་བྱ་བ་ཡང། །ཕྲེང་བ་དམིགས་ཚོགས་བཞིན་བརྫུན། །དེ་ལ་གོམS ་པས་དང་འཛིན་ན། །གཞན་ལ་ཅི་ཕྱིར་སྐྱེ་མི་འགྱུར། །དེ་ཕྱིར་སྐྱེ་མཆེད་ཚོགས་བཞིན་དུ། །འགྲོ་བ་གཅིག་ཏུ་ཤེས་པར་བྱ། །མ་བྱུང་ཉིད་ནས་སྡུག་བསྔལ་དེ། །གཞན་གྱི་བདག་ལས་ཕྱིར་བཟློག་བྱ། །དེ་ཡང་མི་རིགས་འགྱུར ་ཞེ་ན། །གཞན་ལ་འང་རང་གི་བདག་ཉིད་མེད། །བདག་གཞན་མི་རིགས་གང་ཡིན་དེ། །ཅི་རིགས་པར་ནི་བཟློག་བྱ་ཡིན། །སྙིང་རྗེ་སྡུག་བསྔལ་མང་གྱུར་པས། །ཅི་ཕྱིར་ནན་གྱིས་སྐྱེད་ཅེ་ན། །འགྲོ་པའི་སྡུག ་བསྔལ་བརྟག་བྱས་ན། །ཇི་ལྟར་སྙིང་རྗེ་སྡུག་བསྔལ་མང། །དེ་ལྟར་རྒྱུད་ནི་གོམས་གྱུར་པ། །གཞན་གྱི་སྡུག་བསྔལ་ནི་དགའ་བས། །པདྨའི་ནགས་སུ་དང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །སེམས་ཅན་རྣམ་པར ་གྲོལ་བ་ན། །དགའ་བའི་རྒྱ་མཚོ་གང་ཡིན་པ། །དེ་ཉིད་ཀྱིས་ནི་ཚགས་མིན་ནམ། །རོ་མེད་ཐར་བས་ཅི་ཞིག་བྱ། །དེ་ལྟར་གཞན་གྱིས་དོན་བྱས་པས། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་ཏུ་གཞན་དོན་ལ་དགའ་བས། །རྣམ་སྨན ་འབྲས་བུ་རེ་བ་མེད། །ཕྱོགས་བཅུའི་སེམས་ཅན་ཕུན་ཚོགས་དེའི། །བདག་གི་ཡིན་པར་གདོན་མི་ཟ། །གཞན་པ་དེ་བདག་གིར་འདུ་ཤེས་པས། །བདག་ལ་ཕྲག་དོག་གོ་སྐབས་མེད། །སྡིག་པ་བཤད་པར་བྱ་བ་དང། །བསོད་ནམས ་རྗེས་སུ་ཡི་རང་དང། །སངས་རྒྱས་བསྐུལ་དང་གསོལ་གདབ་པ། །གཞན་དང་བདག་གི་ཕྱིར་བྱེད་དོ། །ཡོངས་སུ་བསྔོ་བ་དེ་བཞིན་ཏེ། །བྱེ་བྲག་མེད་པར་རབ་ཏུ་འཇུག། དེ་ལྟར་སེམས་ཅན་ཁམས་བཞིན་དུ། །བསོད་ནམས་མཛའ་ཡས་རབ ་ཏུ་འབྱུང། །ལམ་འདི་དམ་པ་མཆོག་ཡིན་ཏེ། །བདེ་བ་མཛའ་ཡས་དུས་སྟོན་བཟང། །བྱང་ཆུབ་སེམས་དཔའ་ཨི་དེད་དཔོན་ཆེས། །གང་ཞིག་དགའ་བ་འཕེལ་བ་ཡིན། །ལག་ན་རྡོ་རྗེ་སེལ་མཆོག་རྣམས། །བདུད་ཀྱི་གཅན་པ་སྐྲག་བྱེད་ཅིང།། ་སངས་རྒྱས་ཕྱག་བརྙན་རྣམས་ཀྱིས་ཀྱང། །རྟག་ཏུ་ཡོངས་སུ་བསྲུང་བ་ཡིན། །རྫོགས་པའི་སངས་རྒྱས་རྒྱལ་པོའི་སྲས། །བྱང་ཆུབ་སེམས་ཀྱི་ཤིང་རྟར་ཞུགས། །ལྷ་ལ་སོགས་པས་སྟོང་བྱེད་ཅིང། །ལམ་དེ་ནས་ནི་འགྲོ་བར་བྱེད། །དེ་ལྟར ་སེམས་ཅན་རྣམས་ལ་བདག་།གོམས་བྱས་ཚུལ་གྱི་སྒྲོ་གཏགས་ཏེ། །བདག་གཞན་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ལ་སོགས་པ་རྣམ་ཀུན་བཏང། །གང་ཞིག་སྲེད་པས་ཡོངས་ཟིན་པ། །དེ་ཡི་སྡུག་བསྔལ་ཞིར་མི་འགྱུར། །འགྱུར་བས་རྣམ ་པར་ཆུད་ཟོས་ནས་།དེ་ནི་འདི་ལྟར་སྡུག་བསྔལ་སྐྱེད། །འཇིག་རྟེན་སྡུག་བསྔལ་མེས་གདུབས་ན། །རང་གི་བདེ་ལ་དགྲ་ཅི་ཡོད། །ཀུན་ནས་ཆིག་པར་གྱུར་བ་ཡི། །ལུས་ལ་འང་བདེ་བ་ཅི་ཞིག་ཡོད། །བདག་ལ་ཆགས་པར་བྱེད་པ་ནི། །སྡུག ་བསྔལ་ཀུན་གྱི་རྩ་བ་མཆོག་།དེ་ལྟས་སེམས་ཅན་ཐམས་ཅད་ལ། །བདག་ནོར་བཏང་ཞིང་དེ་གཞོམ་མོ། །རྟེན་ཅིང་འབྲེལ་འབྱུང་བསམ་པ་ཡིས། །བདག་ལ་མ་ཆགས་དྲན་བྱས་ཏེ། །འབད་པ་ཀུན་གྱིས་དེའི་ཕོ་ཉ། །དམ་པ་ཤེས་ཁེ་འདོད་ཕན?་བྱ།། ་གང་གིས་འཇིགས་པས་དེ་མི་གཏོང། །དེ་མ་བྱིན་ན་འཇིག་པ་ཡིན། །འདི་ལྟར་བདག་གི་ལུས་དང་སེམས། །སྐད་ཅིག་རེ་རེས་འགྲོ་བ་ཉིད། །གལ་ཏེ་མི་རྟག་དྲི་འབབ་པའི། །ལུས་ཀྱིས་རྟག་ཅིང་དྲི་མེད་ཀྱི། །བྱང་ཆུབ་ཐོབ་པར་འགྱུར་ན་ནི། །དེ་ནི་རིན་མེད ་རྙེད་མིན་ནམ། །རྩི་སྨན་གཟུགས་དང་འདྲ་བར་ནི། །འཇིག་རྟེན་ཆོས་ལ་མི་སེམས་པས། །དེ་ལྟར་བདག་ཀྱང་བཏང་བྱོས་ལ། །སེམས་ཅན་ཀུན་གྱི་དོན་དུ་སྦྱོང། །སེམས་ཅན་ཀུན་ཕྱིར་བློན་པོར་ནི། །རང་གི་ཤེས་རབ་བཀོལ་བར་བྱ། །རིགས་པས ་ནོར་དེ་བསྲུང་བྱས་ཏེ། །སེམས་ཅན་རྣམས་ལ་མཁོ་བར་སྤྱད། །བདག་གི་ལུས་དང་གཞན་ལུས་ལ། །སྡུག་བསྔལ་མང་སེལ་སྡུག་བསྔལ་གང། །དེ་བྱ་བ་དེའང?་དེ་བཞིན་ཏེ། །བདེ་བ་མང་བྱེད་བསྐྱེད་པར་བྱ། །སེམས་ཅན་ལོང་སྤྱོད་གེགས་བྱེད ་ཕྱིར། །བསྒྲིམས་ཏེ་ཉོན་མོངས་སྦྱང་བྱས་ཏེ། །འཇིག་རྟེན་འཚོ་བའི་འབབ་སྟེགས་ནས་།སྦྲུལ་གྱི་རོ་བསལ་བཞིན་དུ་བྱ། །བསོད་ནམས་ཞིང་འདི་དག་གྱུར་ན། །ཕུན་སུམ་ལོ་ཏོག་འབྲས་བུ་ཆེ། །བདེ་བའི་མུ་གེགས་གདུངས་པ་ཡིས། །འགྲོ་བ་དག ་ནི་ཚིམ?་པར་འགྱུར། །འཐེབ་དང་བཀུར་སྟི་ལུས་ལ་སོགས། །སྐྱེ་ལ་བདག་གི་བཏང་མིན་ནམ། །ཅི་ཕྱིར་ད་དུང་འཁྲུག་པར་བྱེད། །བདག་གིས་བརྫུན་དུ་དེ་སྨྲས་སམ། །རང་དོན་གནོད་བྱེད་ལ་སྡང་ན། །འོ་ན་སྙིང་རྗེ་གང ་དུ་འབྱུང། །གལ་ཏེ་གཞན་དོན་འཇོག་པ་ལ། །སྙིང་རྗེ་མེད་པའང་སུ་ཞིག་འཁྲུག་།གླ་རྩི་བུ་རམ་ཤིང་ལ་སོགས། །བདག་པོས་མི་ཤེས་བཞག་ཉེས་ཏེ། །ལོངས་སྤྱོད་དུ་ནི་མི་རུང་བས། །སྤྱོད་བརྒྱད་ལ་སོགས་འོས་ཡིན་བདེན། །བདག ་པོ་ལ་ནི་ཕན་འདོད་ནས། །རིམ་གྲོ་བྱ་བར་སེམས་པ་མེད། །དེ་ལ་བསྐུལ་བ་འང་མི་བྱེད་དེ། །ལོང་སྤྱོད་ཕྱིར་ཡང་འགྲོ་མི་བྱེད། །མ་སྨོས་མ་བཏབ་རྒྱལ་སྲས་རྣམས། །དེ་དག་རྗེས་འབྲངས་ཉེར་སོང་སྟེ། །སྣ་ཚོགས་མི་བཟད་ཁམས་རྣམས་དང།། ་དབང་པོ་ཀུན་གྱི་སྨན་ཆེན་འགྱུར། །དེ་དག་ཤེས་བྱས་དྲན་བྱས་ཏེ། །ཁྲོ་བ་དང་ནི་གནོད་བྱེད་ཀྱང། །སྡུག་བསྔལ་རྣམས་ལ་ཞིམ་པ་ཡིད། །རང་བཞིན་མི་འདོར་བདེ་བར་བྱེད། །ས་དང་ཆུ་དང་མེ་དང་རླུང། །ནམ་མཁའ་ཞེས་བྱ་ཁམས་ལྔ་པོ།། ་སེམས་ཅན་ཇི་སྲིད་གནས་སྲིད་དུ། །ཀུན་གྱི་དོན་ནི་བྱེད་པ་སྟེ། །ཉེས་སྤྱོད་ཀུན་གྱིས་དེ་དག་ནི། །སེམས་ཅན་དོན་ལས་མི་ལྡོག་གོ་།དེ་བཞིན་བདག་གི་ཁམས་དྲུག་པོ། །འདི་དག་དོན་མད?་མི་བྱའོ། །ནམ་མཁའ་མཛའ་ནི་ཇི་ཙཾ་པར། །འཇིག་རྟེན་མཛའ་ནི་བདེ་གྱུར་རོ།? ་དེ་སྲིད་འཇིག་རྟེན་དོན་བྱེད་པས། །ཡེ་ཤེས་སྔོན་བཏང་གནས་པར་བགྱི། །བྱ་བ་བསྲུངས་ནས་བདག་ལ་ནི། །བདག་གིས་མི་དྲི་ནན་གྱིས་སུ། །སློབ་དཔོན་བདག་གིས་བརྟག་པར་བདག་།སློབ་མ་མཆོག་བཞིན་བསླབ་པར་བྱ། །བདག་གི་བླ་མ ་བདག་འདྲ་བ། །བདག་གི་བག་ཉལ་སྐྱོན་སུས་ཤེས། །བདག་སྡུག་བསྔལ་དང་བདག་འཇིགས་པས། །སུ་ཞིག་དེ་ལྟར་སྡུག་ཅིང་འཇིགས། །སྐྱོ་བར་མི་འགྱུར་འབྲོས་མི་འགྱུར། །སྙིང་རྗེ་ཡི་ཡང་ཡུལ་གྱུར་ཅིང། །རྟག་ཏུ་ཉེ་བར་གནས ་གྱུར་པ། །སློབ་མ་བདག་འདྲ་ག་ལ་ཡོད། །ཉོན་མོངས་ཀྱི་སྨྱོ་གཏི་མུག་སྡོངས། །གཡང་ས་མང་པོའི་ལམ་དུ་ནི། །གོམ་པ་རེ་རེ་རྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། །འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །དེ་བས་འཁྲུལ ་པ་ཙམ་མི་རིགས། །འདི་ལ་ཡོན་ཏན་མཐོང་ན་ནི། །ངོ་མཚར་ཆེན?་པོ་བྱ་བའི་རིགས། །ཉེས་པ་རྒྱ་མཚོ་བདག་གཅིག་པུས། །བླང་བར་ནུས་པ་མ་ཡིན་པས། །འདི་ན་བདག་ལ་གཞན་ཡང་དགོས། །ཉེས་ལས་ཐར་བྱང་གཞན་གང་ཡིན། །ཕ ་རོལ་བསྐུལ་ལ་མཁས་པ་པོ། །གསོལ་བ་མ་བཏབ་ཕན་བྱེད་ཀྱི། །ཚིག་ནི་སྤྱི་པོས་བླང་བར་བྱ། །བདག་ནི་ཀུན་གྱི་སློབ་མར་བྱ། །ཉོན་མོངས་དགྲ་ནི་མང་པོ་དང། །གཅིག་པུ་བདག་ནི་གཡུལ་འགྱེད་ཚེ། །དེ་ན་གཅིག་དང་འཐབ་པ་ན།། ་གཞན་ནི་བདག་གི་བདེ་བ་འཇོམས། །སྡང་བམ་མི་སྡང་གྱུར་ཀྱང་རུང། །ད་ན་ལ་ལ་རྒྱབ་ནས་བསམ། །གཞན་ནས་འཇིགས་པ་སྒྲོགས་བྱེད་པ། །དེ་ནི་བདག་ལ་སྲོག་བདས་སྦྱིན། །སྡུག་བསྔལ་ཀུན་གྱི་སྨན་པ་མཆོག་།བདེ་བའི་དགའ་ ་སྟོན་རབ་ཚོགས་ཤིང། །རྣམ་པ་ཀུན་ཏུ་ཉེར་འཚོ་བ། །འཇམ་དབྱངས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་བདེ་བར་གཤེགས་ཀྱི་སྲས། །རྣམ་ཀུན་རྨད་དུ་བྱུང་རྣམས་ཀྱི?། །སྤྱོད་པ་ཉེ་བར་བཀོད་པ་ཡ?། །དགེ་བ་བདག་གིས་གང་བསྒྲུབས་དེས། །བདེ ་གཤེགས་གོ་འཕང་མཛའ་ཡས་ནི། །ནམ་མཁའ་ཨི་མཚམས་པར་དབང་མཛད་པ། །དེ་ཡི་བདེ་བ་མཛའ་ཡས་རྣམས། །ལུས་ཅན་དག་གིས་ཐོབ་པར་ཤོག་།བསོད་ནམས་སྤེལ་བ་རྫོགས་སོ།། །།བསླབ་པ་ཀུན་ལས་བཏུས ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་འདུལ་བ་མདོ་སྡེ་དུ་མ་ལས་བཏས་པ། སློབ་དཔོན་ཞི་བའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛིན་མི་ཏྲ་དང་དཱ་ན་ཤཱི་ལ་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང ་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱི་ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀླ་ཤུ་དང། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། །སྲི་མདའི་དགོན་པར་ཞུ་ཐག་ལེགས་པར་བྱས་པའོ། །རྒྱལ་སྲས་སྤྱོད་འདིར་རབ་དང་ཐོས་བདག? ་གུང་ཐང་དགེ་སློང་ཤེས་རབ་འབྱུང་གནས་ཀྱིས། །བློ་ལྡན་ཐིག་ལེ་བུམ་པའི་སེམས་བཟུང་ནས། །གཞུང་འདིར་ངེས་བསྒྱུར་ལགས་པར་ཞུ་ཐུག་བྱས། །དེ་ཡི་དད་པའི་མཐུ་དང་གཞུང་འདི་ཡི། །ཆེ་པ་ཉིད་ཀྱིས་ངང་སང་བརྩེ་ལྡན་གྱི། ་ལམ་འདིར་འཇུག་པར་འདོད་པའི་སྐྱེ་བོ་རྣམས། །དགའ་བས་ཆོས་འདི་ཕྱོགས་བཅུར་རྒྱས་བྱེད་ཤོག། །དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག་།དཔལ་རྡོ་རྗེ་སེམS ་