CLOSE WINDOW

N4121: byang chub sems dpa'i spyod pa bsdus pa'i sgron ma rin po che'i phreng ba zhes bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱ་པྲ་དཱི་པཾ་རཏན་མཱ་ལི་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལ། ། ་ཤེས་བྱ་མ་ལུས་ངག་ནི་ཐུགས་ཆུད་ཅིང། །ཉེས་པའི་དྲི་མ་དག་ནི་དྲུངས་ཕྱུང་བ། །ཕྱོགས་བཅུ་དག་ན་དུས་གསུམ་བཞུགས་པ་ཡི། །བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱོད་པ་བསྡུས་པའི་སྒྲོན་མ་རིན་ཆེན ་ཕྲེང་བ་གང། །བདག་གིས་དྲི་མེད་གསུངས་དང་བླ་མའི་གདམས་ངག་ལ་བརྟེན་ཏེ། །རབ་གསལ་བཤད་ཀྱི་རྣམ་རྟོག་རང་དགས་མིན། །རིན་ཆེན་རྒྱལ་པོ་ལྟ་བུའི་མི་ཡི་ལུས། །རིགས་ལྡན་དལ་འབྱོར་ཐོབ་ནས་ནི། ། ་བྱམས་དང་སྙིང་རྗེ་སྔོན་འགྲོ་བས། །གཞི་གསུམ་ཡོན་ཏན་བྱས་ཏེ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དང་པོ་སྐྱབས་སུ་འགྲོ་བར་བྱ། །སྟོན་པ་གཞན་ལ་མི་ཕྱོགས་པར། །བླ་ན་མེད་པའི་སངས་རྒྱས་སྐུ། །དཔལ་ལྡན ་སྐྱེ་མཆོག་མཚན་འཆང་བ། །ཐོབ་འདོད་སངས་རྒྱས་སྐྱབས་སོང་ཡིན། །འཇིག་རྟེན་སྐྱབས་མེད་བསྐྱབ་པའི་ཕྱིར། །སྤྱོད་ཅིང་རང་གི་དོན་བཏང་སྟེ། །སངས་རྒྱས་སྒྲུབ་ཕྱིར་བློ་བརྟན་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །རྒ་ཤི་ནད ་དང་འཆིང་བ་ལས། །སེམས་ཅན་བདེ་ཕོངས་བསྐྱབ་པའི་ཕྱིར། །སངས་རྒྱས་ཉིད་ནི་སྨོན་པ་ནི། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཆེན་ལ། །གང་ཞིག་སྤྱོད་མེད་ཞུམ་མེད་ཅིང། །མོས་པ་ཆེན་པོ ་བསྐྱེད་བྱེད་པ། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །བྱང་ཆུབ་མཆོག་ཏུ་སྨོན་བྱེད་དེ། །རང་གི་དོན་ལ་མི་ལྟ་ཞིང། །གཞན་དོན་བརྩོན་ཡང་དུ་མེད་ན། །སངས་རྒྱས་སྐྱབས་སུ་སོང་བ་ཡིན། །དམ་ཆོས་འཁོར་ལོ་སྒྱུར་བ་ཡིན། །རྒྱལ་པོ་ཐོབ་སྟེ ་འཆི་མེད་པའི། །ལམ་གྱི་འགྲོ་བ་སྐྱབས་སྨོན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །བདག་དང་འཇིག་རྟེན་མཐོང་མེད་ཀྱང། །འཇིག་རྟེན་ཡོངས་སུ་མི་གཏོང་ཞིང། །དམ་ཆོས་བསྒྲུབ་པར་གང་མས་པ། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །འགྲོ་བའི ་སྡུག་བསྔལ་བསལ་བྱ་ཞིང། །བདག་གི་དམ་ཆོས་བསྟན་བྱ་ཞེས། །སེམས་ཅན་དོན་ལ་སེམས་མཉེན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཆོས་འདི་སྐྱབས་ཀྱི་མཆོག་ཡིན་ཞེས། །རྟོག་ཅིང་དམ ་ཆོས་སྦྱོང་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །དགེ་བཤེས་དམ་པ་བསྟེན་བྱེད་ཅིང། །ཉན་འདོད་ཚུལ་བཞིན་དུ་སེམས་ལ། །སྟོན་ཅིང་ནན་ཏན་ལྷུར་ལེན་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །དམ་ཆོས་ཡོངས་སུ་བཟུང་བའི་ཕྱིར། །སྤྱོད ་པ་ཡང་དག་སྤྱོད་བྱེད་ཅིང། །ལུས་དང་སྲོག་ལ་མི་ལྟ་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཐབས་དང་ཤེས་རབ་ཟུང་འབྲེལ་བ། །བདག་དོན་མ་ཡིན་གཞན་དོན་དུ། །སྙིང་རྗེ་ཆེན་པོས་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །གང་ཞིག ་བདེ་ལ་ཆགས་མེད་ལ། །སྡུག་བསྔལ་རྣམས་ཀྱིས་མི་འཇིགས་ཤིང། །འཇིག་རྟེན་ཕན་སྤྱོད་དོན་ཤེས་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །འགྲོ་བ་མ་ལུས་ཐམས་ཅད་ཀྱང། །བདག་གི་ཆོས་ལ་དགོད་བྱ་ཞེས། །སེམས་བསྐྱེད་ནན་ཏན་སྤྱོད ་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །མོས་པ་ཤིན་ཏུ་རྟན་པ་ཡིས། །རྒྱལ་སྲས་མཆོག་གི་དྲུང་སོང་བ། །གང་གི་བསམ་པ་མི་བཟློག་པ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །ཐེག་པ་དམན་པར་གྱུར་པ་ཡི། །ཉན་ཐོས་ཐེག་ལ་གནས ་པ་རྣམས། །བྱང་ཆུབ་སེམས་ནི་སྐྱེད་བྱེད་ན། །དགེ་འདུན་སྐྱབས་སུ་སོང་བ་ཡིན། །དགེ་འདུན་ཡོན་ཏན་དྲན་བྱ་ཞིང། །དགེ་འདུན་བཞིན་དུ་བཀུར་གནས་སུ། །སེམས་ཅན་ཐམས་ཅད་བཀུར་མོས་ན། ་དེ་ནི་དགེ་འདུན་སྐྱབས་སོང་ཡིན། །བྱང་ཆུབ་གོ་ཆ་བརྟན་བྱེད་ཅིང། །དགེ་འདུན་རྣམས་ལ་ཡང་དག་མོས། །དགེ་འདུན་བསྙེན་བཀུར་གང་དང་པ།། །དགེ་འདུན་སྐྱབས་སུ་སོང་བ་ཡིན། །དྲན་དང་ཤེས་བཤིན་བག་ཡོད་ན། །ཚུལ་ཁྲིམས ་ཏིང་འཛིན་ཤེས་རབ་དང། །དགེ་འདུན་ཡོན་ཏན་རིན་ཆེན་གྱིས། །སེམས་ཅན་བརྒྱན་པར་བྱེད་པ་དང། །དགེ་འདུན་རྣམས་ལ་དང་བརྟན་པས། །འགྲོ་བ་མ་ལུས་རྣམས་ཀྱིས་ཀྱང། །དད་པ་ལྡོག་པར་མི་ནུས་ན། །དེ་ནི་དགེ་འདུན་སྐྱབས ་སོང་ཡིན། །སྐྱེས་བུ་དམ་པ་རིན་པོ་ཆེ། །བཅས་པའི་ཁ་ན་མ་ཐོ་དང། །རང་བཞིན་ཁ་ན་མ་ཐོ་དང། །བདུད་ལ་ཤིན་ཏུ་དཔའ་བ་ཡི། །སྐྱེས་མཆོག་དེ་ནི་དགེ་འདུན་ཡིན། །བྱང་ཆུབ་མཆོག་སེམས་མི་ལྡོག་དང། །དབང་བཅུ་ཚད ་མེད་ཡོན་ཏན་གྱིས། །བརྒྱན་པའི་ཡོན་ཏན་གང་ཚོལ་བ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །དེ་ལྟར་གསུམ་ལ་སྐྱབས་སོང་བ། །འཇིགས་པ་རྣམས་ལས་སྲུང་བྱེད་པ། །དཀོན་མཆོག་གསུམ་གྱིས་སྐྱབས་ལྡན་པ། །དེ་ཕྱིར་མི ་འཇིགས་སྦྱིན་བདག་ཡིན། །སྐྱབས་སོང་བསོད་ནམས་གང་ཡིན་པ། །དེ་ཡི་ཆད་བཟུང་ཤིན་ཏུ་དཀའ་། །དེ་ལྟར་སྐྱབས་སུ་སོང་བ་དེས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །བླ་མ་སྡོམ་ལ་གནས་ཤིང་མཁས། །གཞན་གྱི་དོན་ལ་མངོན ་ཕྱོགས་ཤིང། །ཆོས་དང་ཟང་ཟིང་ཕན་འདོག་ལ། །གསོལ་བ་བཏབ་ལ་བླང་བར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང། །དེ་བཞིན་བླ་མ་རྣམས་ལ་ཡང། །སྒོ་གསུམ་དང་པས་ཕྱག་འཚལ་ཏེ། །མེ་ཏོག་ལ་སོགས་དངོས་པོ་དག ་ཅི་འབྱོར་བ་ཡིས་མཆོད་པ་བྱ། །ཡོངས་སུ་གཟུང་བ་མེད་པ་དང། །ཀུན་ཏུ་བཟང་པོའི་གཞུང་བཞིན་དུ། །བློས་སྤྲུལ་པ་ཡིས་མཆོད་པ་བྱ། །སྡིག་བཤགས་པ་དང་རྗེས་ཡི་རང། །གསོལ་བ་གང་བ་དང་ཡོངས་བསྔོ་བྱ། །ཉི་ཟླ་ལྟ་བུའི་བྱང་ཆུབ་སེམས ་ལན་གསུམ་བར་དུ་བླང་བར་བྱ། །སངས་རྒྱས་ཆོས་ལ་འདོང་འགྱུར་ན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། །ཀྱེ་མ་རྙེད་པ་རྙེད་པ་ཆེ། །འདི་ནི་རྙེད་པ་ཀུན་གྱི་མཆོག་།བྱང་ཆུབ་སེམས་ཀྱི་བསོད་ནམས་གང། །གལ་ཏེ་དེ་ལ་གཟུགས ་མཆིས་ན། །ནམ་མཁའ་ཨི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་གསུངས་སོ། །ཡིད་བཞིན་ནོར་བུའི་སེམས་སྐྱེ་བ། །རྒྱུ་མེད་མ་ཡིན་གྱི་ན་མ་ཡིན་གྱི། །རྒྱལ་དང་རྒྱལ་བའི་ཆོས་དང་དགེ་འདུན་ལ། །དད་དང་རང ་བ་བསྐྱེད་ནས་སེམས་སྐྱེའོ། །དེ་ནི་འདོད་དང་ལོངས་སྤྱོད་རྒྱལ་སྲིད་དང། །བདག་ལ་བདེ་དང་གྲགས་དང་སྙན་ཕྱིར་མིན། །འགྲོ་བའི་སྡུག་བསྔལ་མ་ལུས་བསལ་བྱའི་ཕྱིར། །འཇིག་རྟེན་ཕན་པར་བྱེད་པའི་སྐྱེ་བོ་ཡི། །རྒྱལ་བ་ཀུན་དང་ཆོས་དང ་དགེ་འདུན་ལ། །དད་པའི་སྒོ་ནས་གུས་པར་མཆོད་པ་དང། །བླ་མ་གུས་པར་མཆོད་ཅིང་སེམས་སྐྱེའོ། །བྱང་ཆུབ་སེམས་ནི་རིན་ཆེན་གང་ཡོད་པ། །མི་ཉམས་བསྲུང་ཞིང་ཡང་དག་སྤེལ་བར་བྱ། །ཡོན་ཏན་ཕན་འདོགས་སྡུག་བསྔལ ་གྱུར་པ་ལ།། ཅི་འབྱོར་བ་ཡི་བཟང་དང་བཏུང་ལ་སོགས། །རེ་བ་མེད་པར་གུས་པར་བཏང་བར་བྱ། །འཇིགས་པས་ཉེན་པའི་སེམས་ཅན་བསྐྱབ་པ་དང། །མུན་ནད་འཐོམས་པའི་སྐྱེ་བོ་མིག་མེད་ལ། །ཆོས་ཀྱི་སྦྱིན་པ་གུས་པར ་བཏང་བར་བྱ། །ལུས་དང་སེམས་ནི་འཁྲུགས་པའི་སེམས་ཅན་ལ། །གཡོག་དང་སྨན་གྱི་སྦྱིན་པས་གུས་པར་བྱ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དག་།སེམས་ཅན་ཀུན་ལ་མ་ལུས་བཏང་བར་བྱ། །ཡོན་ཏན་མ་ལུས་དག་ནི་གང་ཡིན་པ ་དེ་དག་ཐམས་ཅད་སྦྱིན་པ་ལ་སོགས་ཏེ། །བསོད་ནམས་ཕུང་པོ་གཞལ་དཀའ་དཔག་ཏུ་མེད། །ལན་ལ་རེ་བ་མེད་པར་སྦྱིན་པ་ཡོངས་གཏོང་བ། །ནོར་རྣམས་ཡོངས་སུ་ཉམས་པར་མ་འགྱུར་ཏེ། །བང་མཛོད ་དག་ནི་རིན་ཆེན་ཐོབ་པར་འགྱུར། །སྦྱིན་ལ་ཐེ་ཚོམ་མེད་བར་གུས་པར་གཏོང་བ་དག་།སངས་རྒྱས་བྱང་ཆུབ་ཡུན་མི་རིང་བར་འགྱུར། །བདེ་བ་འགྱུར་བ་དག་ནི་ཐམས་ཅད་ཀྱི། །རྒྱུ་ཡི་གཙོ་བོ་སྦྱིན་པར་དམ་པས་གསུངས། །བདེ ་པ་རྒྱ་ཆེན་རྒྱུ་ཡི་སྦྱིན་པ་འདི། །བྱེད་པར་འདོད་པས་མི་རྟོག་རྣལ་འབྱོར་བ། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ། །ལོངས་སྤྱོད་རྣམས་ནི་མི་རྟག་མཐོང་གྱུར་ཅིང། །སྙིང་རྗེ་ཆེན་པོ་རང་གི་?་གྱུར་ན། །སྦྱིན་པ་བདག་གི་ཁྱིམ ་བཞག་གཞན་གྱི་བར། །ཤིན་ཏུ་རིགས་བའི་ཚུལ་འདི་རྟོགས་གྱུར་ལ། །གང་བྱིན་དེ་ལ་འཇིགས་པ་སྐྱེ་མི་འགྱུར། །ཁྱིམ་ན་གང་བཞག་དེ་ལ་འཇིགས་པ་འབྱུང། །བྱིན་པ་འཇིག་རྟེན་ཕ་རོལ་བདེ་བ་འགྲུབ། །མ་བྱིན་ཚེ་འདི ་ཉིད་ལ་སྡུག་བསྔལ་བསྐྱེད། །མ་ཡི་ནོར་རྣམས་སྐར་མདའི་རང་བཞིན་ལྟར། །མ་བྱིན་ནོར་རྣམས་མི་རྟག་མེད་འགྱུར་ཏེ། །བྱིན་པས་རྟག་ཏུ་མི་ཟད་གཏེར་དུ་འགྱུར། །སེམས་ཅན་ཕན་པར་སེམས་པ་གང་ཡིན་པའི། །ནོར་རྣམས ་སྙིང་པོ་མེད་པར་ཡོད་པར་འགྱུར། །གང་ཞིག་ཡོངས་སུ་གཏོང་བ་མཁས་པས་བསྔགས། །སྐྱེ་བོ་བྱིས་པ་དེ་དག་སོགས་ལ་དགའ་། །ཡོངས་སུ་བཟུང་བས་མི་འབྲལ་གང་ཡང་མེད། །བྱིན་པས་རྟག་ཏུ་ཕུན་སུམ་ཚོགས་པས་བྱུང ་གང་ཞིག་བྱིན་པ་དེ་ནི་ལམ་གྱི་མཆོག་།མ་བྱིན་ཁྱིམ་དུ་བཞག་པ་དེ་ནི་ཉོན་མོངས་སྐྱེ། །སློང་བ་སྔོན་དུ་འོངས་ན་རྒྱལ་སྲས་དེས། །རྫོགས་པའི་བྱང་ཆུབ་ཚོགས་ནི་སྤེལ་བའི་ཕྱིར། །བལྟོས་པ་མེད་པར་ཡོངས་སུ་བཏང་བར་བྱ། །དགེ ་བའི་བཤེས་གཉེན་འདུ་ཤེས་དེ་ལ་བསྐྱེད། །གང་ཞིག་ཟང་ཟིང་ནོར་ལ་ཆགས་བྱེད་པ། །དེ་ལ་བྱང་ཆུབ་སེམས་མཆོག་སྐྱེ་བ་མེད། །སེམས་མཆོག་དེ་ནི་སྐྱོན་དང་མི་འགྲོགས་ཏེ། །རྒྱ་མཚོ་ཆེན་པོ་རོ་དང་མི་འགྲོགས་བཞིན། །དེ་བས ་རྟག་ཏུ་སྐྱོན་རྣམས་ཀུན་སྤངས་ཏེ། །བྱང་ཆུབ་འདོད་པས་རྟག་ཏུ་ཐམས་ཅད་སྦྱིན། །ཡོན་ཏན་མངའ་བ་མཛའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་བ་སྡུག་བསྔལ་རྒྱུ། །དེ་དག་མང་དག་གིས་ཅི་ཞིག་བྱ། །རྒྱ་མཚོ་ཆེ་ལ་ཆུ ་པོ་བཞིན། །ཆོག་ཤེས་མེད་པ་དབུལ་པོར་གསུངས། །སྦྱིན་པ་དེ་ནི་བྱང་ཆུབ་རྩ་བ་སྟེ། །ཞུམ་པ་བརྩལ་ལ་སྦྱིན་པ་བཏང་བར་བྱ། །དེ་ལྟར་སྦྱིན་ལ་གུས་དང་ལྡན་པར་གྱུར་པ་དེས། དྲན་དང་ལྡན་ཞིང་ཤེས་བཞིན་བག་ཡོད་པས།། ་དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང་བར་བྱ། །གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་མཁས་པ། །མི་གསོད་བ་དང་རྐུ་སྤོང་དང།། ་གཞན་གྱི་ཆུང་མ་སྤོང་བ་དང། །བརྫུན་དང་ཕྲ་མ་ཚིག་རྩུབ་དང། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྤང། །འདི་དག་སྤངས་ལས་དཀར་བཅུ་སྟེ། །ལས་སམ་བཅུ་ལས་ཉམས་མི་བྱ། །ཆང་མི ་འཐུང་དང་འཚོ་བ་བཟང། །མདོར་བསྡུས་ཚུལ་ཁྲིམས་ཡིན་པར་གསུངས། །ཚུལ་རྣམས་མ་ལུས་འབྱུང་བའི་གཞི་ཡིན་བས། །དེ་ཕྱིར་ཚུལ་ཁྲིམས་བསྲུང་ལ་བརྩོན་པར་བྱ། །ནང་གི་སེམས་འདི་དུལ་གྱུར་ན། །ཕྱི་ཡི་དགྲ་འདིས ་གནོད་མི་ནུས། །ནང་གི་སེམས་ནི་གཡོ་བ་ན། །ཕྱི་ཡི་དགྲ་འདིས་རྐྱེན་བྱས་ཏེ། །ནང་གི་དགྲ་འདིས་ལུས་སེམས་བསྲེག་།དེ་ཕྱིར་ནང་གི་དགྲ་འདི་གཞོམ། །ཡོན་ཏན་མ་ལུས་བྱང་ཆུབ་སེམས་ལས་འབྱུང། །བྱང་ཆུབ་སེམས་མཆོག་སྙིང ་རྗེའི་རྒྱུ་ལས་བྱུང། །དེ་ལས་སྙིང་རྗེའི་ངང་ཚུལ་ལྡན་པར་བྱ། །དགེ་སྦྱོང་ཚུལ་ལ་གནས་བྱས་ནས། །དེ་ཡི་མི་མཐུན་ཕྱོགས་སྤང་བྱ། །དེ་ལ་མི་མཐུན་གང་ཞེ་ན། །འདོད་དང་གནོད་སེམས་རྣམ་པར་འཚོ། ། ་བདག་བསྟོད་གཞན་ལ་བརྙས་པ་དང། །མི་མཐུན་རྙེད་པ་ཀུན་ཏུ་ཚོལ། །རྙེད་པས་རྙེད་པ་ཚོལ་བྱེད་དང། །དད་པས་བྱིན་པ་ཆུང་གསོན་དང། །ལྟུང་བ་འཆབ་ཅིང་འདུ་འཛི་དགའ་། །བདག་གི་རྙེད་པས་ཆོག་མི་ཤེས། །གཞན་ལ ་ཕྲག་དོག་སེར་སྣ་བྱེད། །གཞན་གྱི་རྙེད་པ་འདོད་པར་བྱེད། །བདག་གི་འཁྲུལ་པ་མི་རྟོག་ལ། །གཞན་གྱི་འཁྲུལ་པ་རྟོག་པར་བྱེད། །སོ་སོ་ཐར་པའི་འདུལ་མི་བསྲུང། །ཁབ་ལྟར་མུ་ཅོར་སྨྲ་པ་དང། །མ་གུས་རྒོད་དང་ཁེངས་པ ་དང། ལྟ་བ་ངན་ལ་ཞེན་པ་དང། །འཁོར་བ་ལ་ནི་དགའ་བ་དང། །མྱ་ངན་འདས་ལ་རྒྱབ་ཕྱོགས་དང། །ཟབ་མོའི་ཆོས་ནི་སྤོང་བ་དང། །དཀོན་མཆོག་གསུམ་ལ་མ་གུས་དང། །བླ་མ་ཁྱད་དུ་གསོད་པ་སྟེ། །བརྟགས་ཏེ ་ལེགས་པར་སྤང་བར་བྱ། །དེ་ལྟར་ཚུལ་ཁྲིམས་བསྲུང་བྱེད་ན། །སྔན་ཆད་མི་ཤེས་སྐྱེ་བོ་ཐམས་ཅད་ཀྱང། །ཚུལ་ཁྲིམས་ལྡན་པའི་སྐྱེ་བོ་དེ་ལ་འདུད། །ཚུལ་ཁྲིམས་རྟག་ཏུ་ལྡན་པའི་མི། །བདེ་ནས་བདེ་བ་ཉིད་དུ་འགྱུར།། ་དེ་ལྟར་ཚུལ་ཁྲིམས་རྒྱན་དང་ལྡན་པ་ངེས། །བཅུད་ཀྱི་ལས་རྣམས་ཡོངས་སུ་སྤོང་བ་དང། །བཟོད་ལ་དགའ་ཞིང་ཡང་དག་གནས་པར་བྱ། །བཟོད་པ་ཤིན་ཏུ་ཕན་བ་སྒྲུབ་བྱེད་པ། །དེ་ལ་སུ་ཞིག་ནན་ཏན་མི་བྱེད་ཡོད། །ཆོས་ཚོལ ་བ་དང་གཞན་དོན་བྱེད་པ་ལ། །བཟོད་པའི་གོ་ཆས་མི་འཁྲུགས་མཚོ་ལྟར་བྱ། །གཞན་དོན་འདོད་པའི་ཡིད་དང་ལྡན་པ་ལ། །ཚུལ་ཁྲིམས་ལྡན་པ་བཟོད་པ་ཞེས་བྱ་གསུངས། །གནོད་པ་སྐྱེ་མེད་ཚུལ་དུ་རབ་མཐོང་བ། །དེ་ནི ་བཟོད་པ་ཕུལ་ཞེས་དྲང་སྲོང་དམ་པས་གསུངས། །བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་འགྱུར་ཞིང། །གཟུགས་རིགས་ཚེ་རིང་ནད་མེད་ཐོབ་བྱེད་པ། །བཟོད་པའི་གོ་ཆ་བརྟན་པར་སུ་མི་བྱེད། །ཇི་ལྟར་བཟོད་པའི་སྟོབས་ལ ་གནས་པ་དེ། །རྟག་ཏུ་དགེ་བའི་ལས་ལ་སྤྲོ་བ་བྱེད་པ་དགང། །དེ་ལ་དགེ་བའི་ལོ་ཏོག་གོང་ནས་གོང་དུ་འཕེལ། །བཤད་པས་སེམས་ཅན་རྒྱུད་ཀུན་གྲོལ། །མ་རིག་མུན་སེལ་ཤེས་རབ་བསྐྱེད། །ཉན་པ་བྱང་ཆུབ་ཡན་ལག ་སྟེ། །བསམ་བསྒོམ་ས་གཞི་ལྟ་བུ་སྟེ། །མ་བཤད་ཤེས་པ་མེད་པ་ཡིན། །སངས་རྒྱས་བསྟན་ལ་ཡུན་ཐུང་འགྱུར། །ཉན་པས་ཤེས་རབ་འཕེལ་འགྱུར་བས། །མ་ཉམས་བསྒོམ་པའི་རྟེན་དང་འབྲེལ། །བླང་བྱ་དོར་བྱ ་མི་ཤེས་པས། །གཟིངས་སྤངས་རྒྱ་མཚོ་བརྒལ་བ་བཞིན། །རྩོལ་བས་ནན་ཏན་མ་བྱས་ན། །ཤིང་ལས་མེ་འབྱུང་མི་སྲིད་བཞིན། །བསྒོམ་བསྒྲུབ་ནན་ཏན་མ་བྱས་པར། །འབྲས་བུ་ཆེན་པོ་ག་ལ་འབྱུང། །རྒྱུ་ལ ་འབད་པར་མ་བྱས་བར། །བླ་མེད་བྱང་ཆུབ་མི་འབྱུང་སྟེ། །དཔེར་ན་ཞིང་པའི་ལས་དང་མཚུངས། །ཆོས་སྐུ་རྒྱུ་ལ་རག་ལས་ཕྱིར། །གསང་སྔགས་མན་ངག་ཐབས་ཆེན་གྱིས། །ཚེ་འདིར་བྱང་ཆུབ་བྱུང་འགྱུར་ཞེས། །སྨྲ་ཞིང་ཚོགས ་རྣམས་མ་བསགས་ན། །བསྐལ་བ་བརྒྱར་ཡང་མི་གྲུབ་པོ། །ཐབས་ཀྱིས་འགྲུབ་ཅེས་ལྟ་བ་ལ། །ནན་ཏན་མི་བྱེད་གང་ཟག་ནི། །གལ་ཏེ་ལོག་པར་རྟོགས་གྱུར་ན། །གྲུ་མེད་རྒྱ་མཚོ་བརྒལ་བ་བཞིན། །རྣལ་འབྱོར་མངོན་སུམ་མ ་གྱུར་པ། །རླབས་ཆེན་སྤྱོད་པ་བྱེད་གྱུར་ན། །ཁ་ན་མ་ཐོ་ལྟུང་འགྱུར་ཏེ། །གཡང་ས་ཆེན་པོར་འཇུག་པ་བཞིན། །དེ་ལྟར་ཐོས་བསམ་བསྒོམ་པ་ལ། །བརྩོན་པར་བྱས་ནས་ཚོགས་རྫོགས་འགྱུར། །སྒྲིབ་པ་རྣམ་པ་གཉིས་སྤངས་ཏེ། ། ་བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །དེ་ལྟར་བརྩོན་དང་ལྡན་པ་དེས། །དབེན་པ་ལ་ནི་དགའ་བར་འགྱུར། །དོན་མེད་རྣམ་པར་བསླུ་བ་ཡི། །འཇིག་རྟེན་ཆོས་ལ་མ་ཆགས་པར། །ནགས་ཚལ་ལ་སོགས ་དབེན་པ་རུ། །སེམས་ཉིད་གདོད་ནས་མ་སྐྱེས་པའི། །རང་འབྱུང་དགོན་པ་ཡིན་མོད་ཀྱི། །ལས་དང་པོ་ཡི་སེམས་ཅན་གྱི། །ཕྱི་རོལ་དགོན་པ་ཐོག་མར་བསྟེན། །དེ་འོག་སེམས་ཉིད་དགོན་པ་བརྩལ། །དེར་ཡང་དང་པོ་བྱམས་པ་དང། ་སྙིང་རྗེའི་སེམས་ནི་གོམས་པར་བྱ། །མི་གཅོད་ཀེང་རུས་རྟེན་འབྲེལ་ལ། །ཡིད་ནི་མཉམ་པར་བཞག་པར་བྱ། །སྒྲིབ་པ་ལྔ་ནི་སྤང་བྱ་ཞིང། །བསྒོམ་པ་མེད་ན་བྱང་ཆུབ་ཀྱི། །རྩ་བ་མེད་དེ་སྒྲིབ་མི་སྤོང། །སྒྲིབ་པ་མ་སྤངས་སངས་རྒྱས་པ ་གྲུབ་མཛའ་ཀུན་ལས་ཡོངས་མ་བསྟན། །བཟླས་པ་མ་བྱས་ལྷ་དང་རིང། །དགེ་བ་ཀུན་ལ་མི་འཇུག་ན། །མཉན་བ་མེད་པའི་གྲུ་བཞིན་དུ། །རྒྱ་མཚོའི་གཏིང་དུ་བྱིང་བར་འགྱུར། །རྣལ་འབྱོར་ནན་ཏན་བྱེད་གྱུར་ཀྱང། །དགེ་བ་གཞན ་ལ་མི་བརྩོན་ན། །ཤིང་གཅིག་ཡལ་ག་མེད་པ་ལས། །མེ་ནི་འབར་བ་དཀའ་དང་མཚུངས། །ཐོས་སོགས་དགེ་བ་ལ་བརྩོན་ཀྱང། །རྣལ་འབྱོར་ནན་ཏན་མ་བྱེད་ན། །མཐོ་རིས་ཐོབ་ཀྱང་ཐར་པ་རིང། །བླ་མེད་བྱང་ཆུབ་མེད་པའི ་ཕྱིར། རྣལ་འབྱོར་བསྒོམ་ལ་སྤྱོད་མེད་ན། །གྲོགས་དང་བྲལ་ནས་ལམ་ཞུགས་བཞིན། །དགྲ་དང་ཆོམ་རྐུན་བྱུང་བ་ན། །བཟློག་པར་མི་ནུས་གྲགས་མེད་བཞིན། །མི་ལུས་ཐོབ་པའང་ཆེས་དཀའ་ན། །དམ་ཆོས་ཕྲད་པའང་དེ ་བས་དཀའ་། །མི་ལུས་དལ་འབྱོར་ཐོབ་པ་ལ། །མཁས་པ་དམ་ཆོས་མི་ཉན་པ། །རིན་ཆེན་རྙེད་ནས་སླར་དར་བཞིན། །དམ་པའི་ཆོས་ལ་མ་ཞུགས་པར། །དོན་མེད་ཡལ་བར་མི་འདུག་གོ་།བླ་མེད་ཐེག་ཆེན་རྙེད་གྱུར་ནས། །དེ ་ལ་ནན་ཏན་མི་བྱེད་ན། །རིན་ཆེན་རྙེད་ནས་བྱི་དོར་དག་།མི་བྱེད་དོར་བ་དག་དང་མཚུངས། །མི་ལུས་དལ་འབྱོར་ཐོབ་པ་དག་།ཡིད་བཞིན་ནོར་བུ་དག་དང་མཚུངས། །ཡིད་བཞིན་ནོར་བུ་རིན་ཆེན་ནི། ། ་ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཏེ། །བྱི་དོར་བྱས་ན་དེ་ལས་ནི། །ཉིས་འགྱུར་གྱིས་ཀྱང་མཛེས་བར་འགྱུར། །དེ་ལྟར་དལ་འབྱོར་ཐོབ་ནས་ནི། །ཐར་པའི་ལམ་ལ་འཇུག་པར་བྱ། །ནད་དང་མཐུན་པའི་སྨན་པ་བསྟེན། ་དེ་ལྟར་ཡུན་རིངས་བསྒོམས་གྱུར་ན། །ལུས་སེམས་ལས་སུ་རུང་བ་དང། །མངོན་ཤེས་ལྔ་ལ་སོགས་པ་འཐོབ། །དེ་ལྟར་ཞི་གནས་གོམས་གྱུར་པའི། །ཡོན་ཏན་མ་ལུས་ཀུན་གྱི་རྒྱུ། །སྟོང་པ་ཉིད་ལ་འཇུག ་པར་བྱ། །ལུས་དང་ཚོར་བ་སེམས་དང་ཆོས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །རང་གཞན་གཉིས་ཀ་རྒྱུ་མེད་ལས། །དངོས་པོ་གང་ཡང་འབྱུང་མེད་པ། །རང་གཞན་གཉིས་ཀ་རྒྱུ་མེད་ལས། ། ་དངོས་གང་འཛིན་པར་འགྱུར་བ་མེད། །ཡོད་དང་མེད་ལས་སྐྱེ་བ་མེད་པས་ན། །སྐྱེ་བ་མེད་ཅིང་གང་ཡང་འགག་པ་མེད། །དངོས་པོ་རང་བཞིན་མ་སྐྱེས་སྟོང་པ་ཉིད། །རང་སེམས་གཟོད་ནས་མ་སྐྱེས་པ། ། ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་པ་ཉིད་དུ་མི་བསྒོམ་སྟེ། །མི་སྟོང་པར་ཡང་བསྒོམ་མི་བྱ། །སྟོང་དང་མི་སྟོང་འཛིན་པ་ལ། །ཐ་མལ་པ་ཡི་རྣམ་རྟོག་སྐྱེ། །སྟོང་པ་ཞེས ་པའི་རྣམ་རྟོག་སྟེ། །དེས་ན་དེ་གཉིས་སྤང་བར་བྱ། །འགའ་ཡང་མཐོང་བ་མེད་པ་ནི། །མཐོང་བའི་མཆོག་ཅེས་ཡིན་པར་གསུངས། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །གཟུགས ་བརྙན་དང་ནི་མཚུངས་པ་ཡིན། །སོ་སོ་སྐྱེ་བོ་ལ་གསང་བ་།གང་ཡིན་དེ་ནི་ཟབ་པའི་ཆོས། །འཇིག་རྟེན་སྒྱུ་མ་ལྟ་བུ་ཉིད། །སངས་རྒྱས ་བསྟན་པ་བདུད་རྩི་ཡིན། །ཇི་ལྟར་སྒྱུ་མའི་གླང་པོ་ལ། །སྐྱེ་དང་འཇིག་པ་སྣང་མོད་ཀྱི། །དེ་ལྟར་བརྟགས་ན་ཡང་དག་ཏུ། །སྐྱེ་དང་འཇིག་པ་མེད་པ་ལྟར། །དེ་ལྟར་སྒྱུ་འདྲའི ་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང། །དམ་པའི་དོན་དུ་བརྟགས་བྱས་ན། །སྐྱེ་དང་འཇིག་པ་ཡོད་མ་ཡིན། །དངོས་པོ་འདི་དག་ཐམས་ཅད་ནི། །རྟག་ཏུ ་མ་སྐྱེས་མ་འགགས་ཉིད། །ཡང་དག་དོན་ལ་རྣལ་འབྱོར་བྱ། །བྱིང་རྒོད་དབང་དུ་མི་འགྲོ་བར། །ཞི་གནས་ལྷག་མཐོང་ཆ་མཉམ་མོ། །རང་བཞིན་དག་པའི་ཆོས ་ཉིད་ལ་།ཤེས་རབ་མིག་གིས་བལྟ་པར་བྱ། །དེ་ཉིད་མཐོང་ནས་ཡོན་ཏན་སྐྱེ། །ནགས་སོགས་དུས་ཀྱི་བསྒྱུར་བ་ཡིས། །འདུས་བྱས་མི་རྟག་སྟོང་པར་སྟོན། ། ་ནགས་སོགས་རྒྱུ་འབྲས་སོ་སོ་ཡིས། །ཀུན་རྫོབ་བསླུ་པ་མེད་པ་སྟོན། །རོ་དང་རུས་པ་ཆུ་ཤིང་སོགས། ཕྱི་ནང་ཆོས་ཀུན་བདག་མེད་སྟོན། །ཀུན་ལ་ཁྱབ་པའི་ནམ་མཁའ་ ་ཡིས། དོན་དམ་སྤྲོས་བྲལ་ལ་སོགས་སྟོན། །རང་བཞིན་ཡོངས་སུ་ཤེས་པ་ཡིས། །དེ་ཚེ་ཡུལ་ནི་སྣང་ན་ཡང་།སྒྱུ་མ་བཞིན་ཏེ་གོས་པ་མེད། །དོན་དམ ་རང་བཞིན་རྟོགས་གྱུར་ན། །ཐ་སྙད་དག་གིས་ཅི་ཞིག་བྱ། །དགེ་བའི་བཤེས་གཉེན་བསྟན་པར་བྱ། །གྲོགས་མཆོག་རྙེད་ན་ཤིན་ཏུ་ལེགས། །དེ་ལྟར་མིན་ན་གཅིག་བུ་གནས། །བླ་མ་སངས ་རྒྱས་དངོས་འདྲ་ལ། །ཡོ་བྱད་ཀྱིས་ནི་བསྙེན་བཀུར་དང། །ལུས་ངག་སེམས་ཀྱི་བཀུར་སྟི་ནི། །དུས་གསུམ་ཀུན་ཏུ་བྱ་བ་ཡིན། །བླ་མ་བསྙེན་བཀུར་མ་བྱས་ན། །སངས་རྒྱས་སྤངས་ཏེ་དམ་ཚིག ་ཉམས། བླ་མ་སངས་རྒྱས་ཀུན་དང་མཚུངས། །སློབ་དཔོན་གྱིས་ནི་ཡོན་ཏན་བཟུང། །སྐྱོན་ནི་ནམ་ཡང་བསམ་མི་བྱ། །ཡོན་ཏན་གཟུང་ན་དངོས་གྲུབ་འཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འཐོབ། ། ་དེ་བཞིན་ཚེ་ནི་ཐུང་བ་དང། །ངན་འགྲོ་དག་ཏུ་ལྟུང་བར་འགྱུར། །སློབ་དཔོན་སྨོད་བར་བྱེད་པ་ནི། །ཉ་བ་ལ་སོགས་རིགས་སུ་སྐྱེ། །ཉེས་པ་ཐམས་ཅད་བྱེད་འགྱུར་ཡང། །མཁས་པས་བླ་མ ་སྨད་མི་བྱ། །ཆོས་འདོད་པས་ནི་རྟག་པར་ཡང། །སློབ་དཔོན་རབ་ཏུ་མགུ་པར་བྱ། །གསེར་ནི་སྟོང་ཕྲག་བརྒྱ་ཉིད་དང། །རིན་ཆེན་རྣམ་པ་སྣ་ཚོགས་དང། །རས་ནི་ཟུང་བརྒྱད ་དབུལ་བར་བྱ། །དེ་ལྟར་བླ་མ་མཉེས་བྱས་ནས། །མི་དགེ་ལས་ལས་ལྡོག་བྱ་ཞིང། །བྱང་ཆུབ་སེམས་ནི་བསྐྱེད་པ་དང། །ཐེ་ཚོམ་མེད་བ་ཉིད་དང་ནི། །བཀའ་བཞིན་དུ་ནི ་གུས་པར་སྒྲུབ། །དེ་ལྟར་མི་བྱེད་གང་ཟག་ནི། །རྣལ་འབྱོར་གྱི་རྒྱུ་དེ་རྡོ་རྗེ་རྩེ་མོ་ལས་འདི་སྐད་དུ། བསྐལ་པ་བརྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་བྱས་ཀྱང། །གང་ ་ཟག་བཞིས་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་བསྐྱེད་དང། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་ ་བཞིན་དུ་ནི་མི་བྱེད་དང། །དད་པ་མེད་ཀྱིས་འགྲུབ་མི་འགྱུར། ཞེས་གསུངས་སོ། །མི་ལུས་ཐོབ་པ་ཤིན་ཏུ་དཀའ་། །འགྲོ་བའི་ཚེ་ཡང་ཤིན་ཏུ་ཐུང། །བློ་གྲོས་ཉམས་ཀྱང ་ཤིན་ཏུ་ཆུང། །བཤེས་གཉེན་མཆོག་ཀྱང་རྙེད་དཀའ་བས། །བྱིས་པ་རྣམས་ནི་དོན་མེད་འཁྱམ། །བདག་གིས་གཞུང་དང་མི་འགལ་བར། །སྤྱོད་བསྡུས་སྒྲོན་མ་རིན་ཆེན་ཕྲེང། ། ་ཐེག་ཆེན་སྒོར་ཞུགས་བྱ་བ་དག་།གཞུང་འདི་བྱས་པའི་བསོད་ནམས་དེས། །སེམས་ཅན་ཐམས་ཅད་མ་ལུས་བ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག་།བྱང་ཆུབ ་སེམས་དཔའ་ཨི་སྤྱོད་པ་བསྡུས་པའི་སྒྲོན་མ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་བ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཀ་ར་བརྨ་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། (།།མདོ་ཀུན་ལས་བཏུས ་