| Wylie | e-texts based on the ACIP/ALL Input |
ལས་བཏུས་པ་རྫོགས་སོ།། (།།མདོ་ཀུན་ལས་བཏུས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།།)་`་།རྒྱ་གར་སྐད་དུ། སཱུ་ཏྲ་ས་མུ་ཙྪ་ཡ། བོད་སྐད་དུ། མདོ་ཀུན་ལ་བཏུས་པ། བམ་པོ་དང་པོ། །སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་སྟེ། སངས་རྒྱས་འབྱུང་བ་དེ་ཤིན་ཏུ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་སྡེ་དུ་མ་ཚད་མར་གྱུར་པ་ལས་ཤེས་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས་འབྱུང་བ ་དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འབྱུང་བ་རྙེད་པར་དཀའ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་ཡང། འཇིག་རྟེན་དུ་དེ་བཞིན་གཤེགས་པ་མཐོང་ཡང་སྲིད་མི་མཐོང་ཡང ་སྲིད། དཔེར་ན་ཨུ་དུམྦ་རའི་མེ་ཏོག་བཞིན་ནོ་ཞེས་གསུངས་སོ། །རྣམ་པར་གཏན་ལ་དབབ་པའི་རྒྱལ་པོའི་མདོ་ལས་འབྱུང་བ། ཀུན་དགའ་བོ་འདི་ལྟ་སྟེ། ཨུ་དུམྦ་རའི་མེ་ཏོག་ནི་སངས་རྒྱས་སྐྱེ་བ་དང་དུས་གཅིག་ཏུ་འབྱུང་སྟེ། ཁ་དོག་དང་ལྡན་ཞིང་བསལ ་ཏེ། འོད་གསལ་ལ་དྲི་ནི་དཔག་ཚད་གཅིག་གི་ཁོར་ཡུག་ཏུ་ཁྱབ་པར་བྱེད་དོ། །མེ་ཏོག་དེ་ནི་རབ་རིབ་མེད་པར་བྱེད། དྲན་པ་ཡོངས་སུ་སྦྱོང་བར་བྱེད། ནང་ཀྱང་རབ་ཏུ་ཞི་བར་བྱེད། དྲི་ང་བ་ཡང་སེལ་ཅིང་སྣང་བར་ཡང་བྱེད། དྲི་ཞིམ་པོ་ཡང་འབྱིན་པས་ཁམས་བཞི ་དང་བར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐམས་ཅད་ལ་ཡང་མེ་ཏོག་དེ་མི་འབྱུང་ན། སེམས་ཅན་ཚུལ་ཁྲིམས་འཚལ་བ་རྣམས་ལ། སངས་རྒྱས་འབྱུང་བ་དང་མཚུངས་པའི་མེ་ཏོག་ལྟར་འབྱུང་བར་ག་ལ་འགྱུར་ཞེས་གསུངས་སོ། །མེ་ཏོག་དེ་ཅི ་འདྲ། གང་དུ་ནམ་སྐྱེ་ཞེ་ན། རྟོགས་པ་བརྗོད་པ་ལས་འབྱུང་བ། མཚོ་ཆེན་པོ་མ་དྲོས་པ་གནས་པའི་བྱང་ཕྱོགས་ན། རི་རྩེ་ལྔ་པ་ཞེས་བྱ་བ་དེའི་ཕ་རོལ་ན་ཨུ་དུམྦ་རའི་ཚལ་ཡོད་དེ། ནམ་སངས་རྒྱས་བཅོམ་ལྡན་འདས་དགའ་ལྡན་གྱི་ལྷའི་རིས་ནས་བབས་ཏེ། ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ། ཚལ་དེ་ཁ་འབུ་བར་འགྱུར་རོ། །ནམ་ཡུམ་གྱི་ལྷུམས་ནས་བལྟམ་པ་དེའི་ཚེ། ཚལ་དེ་ཁ་འབྱེ་བར་འགྱུར་རོ། །ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་སངས་རྒྱས་པ་དེའི་ཚེ། ཚལ་དེའི་མེ་ཏོག་ཀྱང་རབ་ཏུ་རྒྱས་པར་འགྱུར་རོ། །ནམ་ཚེའི་འདུ་བྱེད་པོར་བ་དེའི་ཚེ་ཚལ་དེ་བརྙིངས་པར་འགྱུར་རོ། །ནམ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཚལ་དེའི་ལོ་མ་དང། མེ་ཏོག་དང། འདབ་མ་དང།། ་འབྲས་བུ་ཡང་ལྷགས་པར་འགྱུར་རོ། །ུ་དུམྦ་རའི་མེ་ཏོག་དེའི་ཚད་ནི་ཤིང་རྟའི་འཕང་ལོ་ཙམ་མོ་ནམ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་རིགས་ཀྱི་ནང་དུ་འབྱུང་བ་དེའི་ཚེ། མེ་ཏོག་དེ་ཁ་དོག་དཀར་རབ་ཏུ་འགྱུར་རོ། །ནམ་བྲམ་ཟེའི་རིགས་ཀྱིས ་ནང་དུ་འབྱུང་བ་དེའི་ཚེ་མེ་ཏོག་དཀར་པོར་འགྱུར་རོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་གནོད་ལས་ཀྱང། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་ནི་རྙེད་པར་དཀའ་སྟེ། མཆོ་ཏུ་རྙེད་པར་དཀའ་ཨོ་ཞེས་གསུངས་སོ། །བཅོམ་ལྡན ་འདས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྒྱལ་པོའི་དྲང་སྲོང་སྙན་པ་ཆེན་པོས་བསྟན་པ། གྲོགས་པ་གང་དེ་བཞིན་གཤེགས་པ་གག་བྱེད་པ་དང་ལྡན་པའི་ཆོས་སྟོན་པ་དག་ནི་བརྒྱ་ལ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་ངོ ་ཞེའོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང་བསྟན་ཏེ། སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་རྙེད་པར་དཀའ་སྟེ། ཨུ་དུམྦ་རའི་མེ་ཏོག་དཔེར་བརྗོད་པ་དང་མཚུངས་སོ། །ཞེས་འབྱུང་ངོ། །འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང། གང་དག་མཐོང ་ཞིང་ཐོས་པ་དང། །བསྙེན་བཀུར་བྱས་པ་དོན་ཡོད་པ། །འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །བསྐལ་པ་བྱེ་བར་རྙེད་པར་དཀའ་ཞེས་གསུངས་སོ། །བསྐལ་པ་བཟང་པོའི་མདོ་ལས། བསྐལ་པ་བཟང་པོ་འདིའི་འོག་ཏུ་སངས་རྒྱས་མེད་པའི་བསླབས?་པ?་ ་དྲུག་ཅུ་འབྱུང་ངོ། །དེའི་འོག་ཏུ་བསྐལ་པ་སྙན་པ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་གཅིག་པོ་དེ་ལས་སངས་རྒྱས་ཁྲི་འབྱུང་ངོ། །བསྐལ་པ་སྙན་པ་ཆེན་པོ་དེའི་འོག་ཏུ་སངས་རྒྱས་མེད་པའི་བསྐལ་པ་བརྒྱད་ཁྲི་འབྱུང་ངོ། །དེའི་འོག་ཏུ་བསྐལ་པ ་སྐར་མ་ལྟ་བུ་ཞེས་བྱ་བ་འབྱུང་སྟེ། བསྐལ་པ་དེ་གཅིག་ལ་སངས་རྒྱས་རྒྱད་ཁྲི་འབྱུང་ངོ། །བསྐལ་པ་སྐར་མ་ལྟ་བུ་དེའི་འོག་ཏུ་བསྐལ་པ་སུམ་བརྒྱར་སངས་རྒྱས་མི་འབྱུང་ངོ། །དེའི་འོག་ཏུ་ཡོན་ཏན་བཀོད་པ་ཞེས་བྱ་བའི་བསྐལ་པ་འབྱུང་སྟེ། བསྐལ་པ ་དེ་གཅིག་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་ཞེས་གསུངས་སོ། །མི་འགྱུར་བ་ཤིན་ཏུ་རྙེད་པར་དཀའ་སྟེ། འདི་ལྟ་ཞེ་ན། ཡང་དག་པར་ལྡན་པའི་ལུང་ལས་བྱུང་བ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། ་དེའི་ནང་དུ་མི་ཞིག་གིས་ཤིང་བུ་གཅིག་བོར་ཏེ། དེ་ཤར་གྱི་རླུང་གིས་ནི་ནུབ་ཕྱོགས་སུ་ཕུལ། ནུབ་ཀྱི་རླུང་གིས་ནི་ཤར་ཕྱོགས་སུ་ཕུལ། བྱང་གི་རླུང་གིས་ནི་ལྷོ་ཕྱོགས་སུ་ཕུལ། ལྷོའི་རླུང་གིས་ནི་བྱང་ཕྱོགས་སུ་ཕུལ་ལ། དེ་ན་རུ་སྦལ་ཞར་བ། ཚེ ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ་བརྒྱ་ཕྲག་དུ་མར་འཚོ་བ། ལོ་བརྒྱར་འདས་ཤིང་ལན་གཅིག་སྟེང་དུ་བྱུང་བ་དེ་བུ་ག་གཅིག་པའི་ཤིང་དེར་མགྲིན་པ་འཇུག་ན་དགེ་སློང་དག་འདི་ཇི་སྙམ་དུ་སེམས། རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས། དེ་ཤིང་བུ་གཅིག་པའི་ཤིང་དེར་མགྲིན་པ་ཆུད་དམ། བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ། བཅོམ་ལྡན་འདས་སྟེས་ན་འགྱུར་ལགས་སོ། །བདེ་བར་གཤེགས་པ་སྟེས་ན་འགྱུར་ལགས ་སོ། །རུས་སྦལ་ཞར་བ་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ཚེ་ལོ་བརྒྱ་ཕྲག་དུ་མར་འཚོ་བ། ལོ་བརྒྱ་འདས་ཤིང་ལན་ཅིག་སྟེང་དུ་འབྱུང་བ་དེས། ཤིང་བུ་ག་གཅིག་པ་དེར་མགྲིན་པ་ཆུད་ཀྱང་གདའ་། མི་ཆུད་ཀྱང་གདའ་ཨོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་རྣམས་བརྒྱ་ལ་བརྒྱ་ལམ་ན་སྟེས་རྟན་དུ་འབྱུང་ཞིང་ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར ་བྱེད་པ། བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་ཆོས་སྟོན་ཏོ། །མིར་གྱུར་པ་ཡང་བརྒྱ་ལ་བརྒྱ་ལམ་ན་སྟེས་ན་འཐོབ་སྟེ། ཤིན་ཏུ་རྙེད་པར་དཀའ་ཨོ་ཞེས་གསུངས་སོ། །དལ་བ་འབྱོར་པ་རྙེད་པར་དཀའ་སྟེ། དལ་བ་འབྱོར་བ་རྙེད་པར ་དཀའ་བར་ཅི་མངོན་ཞེ་ན། མདོ་སྡེའི་བྱེ་བྲག་མང་པོ་བརྗོད་པ་ལས་མཐོང་བས་མངོན་ཏེ། ཅིག་ལ་འཕྲོས་པའི་ལུས་ལས་འབྱུང་བ། དགེ་སློང་དག་མི་ཁོམ་པ་བརྒྱད་པོ་འདི་དག་ནི། གང་ཟག་ཆངས་པར་སྤྱོད་པ་ལས་གནས་པའི ་དུས་མ་ཡིན་ནོ། །བརྒྱད་གང་ཞེ་ན། དགེ་སློང་དག་འདི་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་སྟེ་ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། བདེ་བར་གཤེགས་པས ་རབ་ཏུ་བསྟེན་པའི་ཆོས་ཀྱང་སྟོན་ན། གང་ཟག་དེ་སེམས་ཅན་དམྱལ་བར་སྐྱེས་པ་ཡིན་ཏེ། དེ་ནི་གང་ཟག་ཚངས་པར་སྤྱོད་པའི་དུས་མ་ཡིན་པ་མི་ཁོམ་པ་དང་པོའོ། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང། ་ལྷ་ཚེ་རིང་པོ་དང་མཛའ་འཁོབ་ཀྱི་མི་དང། རྐུ་འཕྲོག་བྱེད་པ་དང། ཀླ་ཀློ་དང། བརྣབ་སེམས་ཅན་དང། གནོད་སེམས་ཅན་གང་དུ། དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་མི་འོང་བའི་ནང་དུ་སྐྱེས་པ་ཡིན་ནོ། །འཇིག་རྟེན་འདིར ་དེ་བཞིན་གཤེགས་པ་འབྱུང་སྟེ་ཆོས་ཀྱང་སྟོན་ལ། གང་ཟག་དེ་དབུས་ཀྱི་མིའི་ནང་དུ་ཡང་སྐྱེས་ན། དེ་གླེན་ཞིང་ལུག་ལྟར་ལྐུག་པ་ལ་ལག་བརྡ་བྱེད་ཅིང། ལེགས་པར་སྨྲས་པ་དང། ཉེས་པར་སྨྲས་པའི་དོན་གོ་བའི་མཐུ་མེད་པ ་ཡིན་ནོ། །དེ་བཞིན་གཤེགས་པ་འཇིག་རྟེན་འདིར་འབྱུང་སྟེ། ཆོས་ཀྱང་སྟོན་ལ། གང་ཟག་དེ་དབུས་ཀྱི་མིའི་ནང་དུ་ཡང་སྐྱེས་ཤིང་དེ་གླེན་པ་མ་ཡིན་ལ། ལུག་ལྟར་ལྐུག་པ་མ་ཡིན་པ་ནས། དོན་གོ་པའི་མཐུ་ཡོད་པའི་བར་དུ་ཡང་འགྱུར་ན། དེ་ལོག་པར་ལྟ་ཞིང ་ཕྱིན་ཅི་ལོག་ཏུ་མཐོང་སྟེ། དེ་འདི་ལྟར་བྱིན་པ་ཡང་མེད། སྦྱིན་སྲེག་བྱས་པ་ཡང་མེད། ལེགས་པར་བྱས་པ་དང། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད། འཇིག་རྟེན་འདི་ཡང་མེད། འཇིག་རྟེན་ཕ་རོལ་ཡང་མེད་ཕ་ཡང་མེད། མ་ཡང ་མེད། འཇིག་རྟེན་ན་དགེ་སྦྱོང་དང། བྲམ་ཟེ་ཡང་དག་པར་སོང་བ་དང། ཡང་དག་པར་ཞུགས་པ་དང། དགྲ་བཅོམ་པ་འཇིག་རྟེན་རིག་པ་གང་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱ་སྟེ། ཁོང་དུ་ཆུད་པར་བྱེད་པ་ཡང ་མེད་པར་ལྟ་བ་ཡིན་ནོ། །གང་ཟག་དེ་དབུས་ཀྱི་མི་རྣམས་ཀྱི་ནང་དུ་སྐྱེ་སྟེ། གླེན་པ་མ་ཡིན་པ་ནས་ལེགས་པར་སྨྲས་པ་དང། ཉེས་པར་སྨྲས་པ་རྣམས་ཀྱི་དོན་གོ་བའི་མཐུ་ཡོད་པའི་བར་དུ་འགྱུར་ལ། དེ་ཡང་དག་པར་ལྟ་ཞིང་ཕྱིན་ཅི་ལོག་ཏུ་མཐོང་བར་མ་གྱུར་ཏེ། ་དེ་འདི་ལྟར་སྦྱིན་པ་རས་ཡོད་པ་ནས་མངོན་སུམ་དུ་བྱས་ཏེ་ཁོང་དུ་ཆུད་པར་བྱེད་པ་ཡང་ཡོད་པའི་བར་དུ་ལྟ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱུང་སྟེ། ཞི་བར་འགྱུར་བ། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། ་བདེ་བར་གཤེགས་པས་རབ་ཏུ་བསྟན་པའི་ཆོས་མི་སྟོན་པ་ཡིན་ནོ། །གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དུས་ནི་གཅིག་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་འདིར་བྱུང་ལ། ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ་བར་དུ་དགེ་བ། ཐ་མར ་དགེ་པ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མེ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ལ། གང་ཟག་དེ་ཡང་དབུས་ཀྱི་མིའི་ནང་དུ་སྐྱེས་ཏེ། དེ་གླེན་པ་མ་ཡིན་ཞིང་ལུག་ལྟར་ལྐུག་པ་མ་ཡིན་པ་ནས། ལེགས ་པར་སྨྲས་པ་དང། ཉེས་པར་སྨྲས་པའི་དོན་གོའི་མཐུ་ཡོད་པའི་བར་དུ་གྱུར་ལ། དེ་ཡང་དག་པར་ལྟ་ཞིང་མ་ལོག་པར་མཐོང་སྟེ། དེ་འདི་ལྟར་སྦྱིན་པ་ཡང་ཡོད། མཆོད་སྦྱིན་ཡང་ཡོད། སྦྱིན་སྲེག་བྱས་པ་ཡང་ཡོད། ལེགས ་པར་བྱས་པ་དང། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད། འཇིག་རྟེན་འདི་ཡང་ཡོད། འཇིག་རྟེན་ཕ་རོལ་ཡང་ཡོད། ཕ་ཡང་ཡོད། མ་ཡང་ཡོད། འཇིག་རྟེན་ན་དགེ་སྦྱོང་དང། བྲམ་ཟེ་ཡང་དག་པར་སྦྱོང་བ་དང། ཡང་དག་པར་ཞུགས་པ་དང ་དགྲ་བཅོམ་པ་འཇིག་རྟེན་རིག་པ་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང། འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ཏེ། ཁོང་དུ་ཎཆུད་པ་བྱེད་པ་ཡང་ཡོད་པར་ལྟའོ་ཞེས་གསུངས་སོ། །ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང། གྲོགས་པོ་དག་དལ་བ ་འབྱོར་པ་རྙེད་པར་དཀའ་སྟེ་སྤོས་ཀྱི་ཤིང་དུས་ཀྱི་རྗེས་སུ་འབྲེང་བ་དཔེར་བརྗོད་པ་བཞིན་ནོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། དེ་ལ་རྣམ་པར་དག་པ་མཉམ་པ་ཉིད་གང་ཞེ་ན། རྣམ་པར་དག་པ་ཞེས་བྱ་བ་ནི་མིར་སྐྱེས་པ་ཐོབ་པ་སྟེ། གང་ཡོན ་ཏན་བཅུ་ཡོངས་སུ་རྫོགས་པའི་མིར་འགྱུར་བ་འཐོབ་པའོ། །བཅུ་གང་ཞེ་ན། རིགས་དམའ་བ་སྤངས་པ་དང། མི་བླུན་པ་དང། མི་གླེན་པ་དང། དབང་པོ་མ་ཉམས་པ་དང། ཕོར་སྐྱེས་པ་དང་གཟུགས་བཟང་བ་དང། མི་དབུལ་བ་དང། མི་བརྙས་པ་དང ་ཚིག་སྙན་པ་དང། སྐྱེ་བོ་མང་པོས་ལྟ་བའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་བསྟན་པ་ལ། དད་པ་རྙེད་པར་དཀའ་སྟེ། དད་པ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འབྱུང་བ། གྲོགས་པོ་དག་འདི་ལ་རིགས་ཀྱི་བུ ་འམ། རིགས་ཀྱི་བུ་མོས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དད་པ་ཡིན། དང་བ་མང་ཞིང་འཕགས་པ་རྣམས་ལ་ལྟ་འདོད་པ་དང་དམ་པའི་ཆོས་མཉན་པར་འདོད་པ་དང། སེར་སྣ་མེད་ཅིང་ལྷུག ་པར་གཏོང་བ་དང། ལག་བརྐྱང་སྟེ་གཏོང་བ་ལ་དགའ་བ་དང། མཆོད་སྦྱིན་བྱེད་པའི་ངང་ཅན་དང། གཏོང་བ་ཕུན་སུམ་ཚོགས་པ་དང། སྦྱིན་པ་འགྱེད་པ་ལ་དགའ་བ་དང། ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་དང། རྙོག་པ་མེད་པའི་སེམས་དང་ལྡན་པ་དང། ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང། མོས་པ་དང། རྟོགས་པ་དང། སོམ་ཉི་མེད་པ་ལ་ཐེ་ཚོམ་མི་ཟ་ཞིང་ཡིད་གཉིས་མི་ཟ་བ་ཡིན་ཏེ། དེ་དཀར་པོ་དང། ནག་པོའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་རིགས་ནས། སྲོག་གི་ཕྱིར ་ཡང་མི་བྱེད་དོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། དད་པ་གང་ཞེ་ན་དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང། བྱ་བ་མ་ཡིན་པ་མི་བྱེད་པའོ། །ཞེས་གསུངས་སོ། །ཡིད་གཉིས་ཡང་དག་པར་འཇོམས་པའི་མདོ་ལས་ཀྱང། ་དད་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། དེ་ལ་དད་པ་གང་གིས་དད་པར་འགྱུར་བ་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་ཏེ། དེས་ཆོས་བཤད་པ་ནི་མཐོང་བར་དཀའ་བ། ཤེས་པར་བྱ ་དཀའ་བ། ཟབ་པ་རྒྱུ་བ་ཆད་པ་སྟེ། དེ་ལ་མིག་ཀྱང་མེད་མིག་འགག་པ་ཡང་མེད། རྣ་བ་ཡང་མེད། སྣ་ཡང་མེད། ལྕེ་ཡང་མེད། ལུས་ཀྱང་མེད། ཡིད་ཀྱང་མེད། ཡིད་འགག་པ་ཡང་མེད། གནས་པ་ཡང་མེད། མི་གནས་པ་ཡང་མེད། གྲགས་པ་ཡང ་མེད། མ་གྲགས་པ་ཡང་མེད། ཡན་ལག་དྲུག་བཅུ་དང་ལྡན་པའི་དབྱངས་ཀྱིས་ཟིན་པའི་ཚིག་དང། ཡི་གེ་དང། ངག་གི་ལས་ཡོངས་སུ་དག་པ་དང། སེམས་རྣམ་པར་དང་བ་དང། ལུས་ཡོངས་སུ་བྱང་བ་དང། ཁ་དོག་སྣ་ཚོགས་སྟོན་པས་དེ་བཞིན ་གཤེགས་པ་ལ་མི་མཁྱེན་པ་འམ། མི་གཟིགས་པ་འམ། མ་གསན་པ་འམ། མངོན་སུམ་དུ་མ་མཛད་པ་འམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་མེད་དོ། །དེ་བཞིན་གཤེགས་པ་དེ་ནི་སྤྱན་ཡོངས་སུ་དག་སྟེ། ཀུན་ནས་སྤྱན་དང་ལྡན་པ། འདོད ་ཆགས་དང་བྲལ་བ། ཞེ་སྡང་སྤངས་པ། སྲིད་པ་མེད་པར་གྱུར་པ་གཏི་མུག་ལེགས་པར་གཅོམ་པ། ཤའི་སྤྱན་དཔག་ཏུ་མེད་པ། སྤྱི་གཙུག་ལྟར་མི་སྣང་བར་མངོན་པར་འཕགས་པ་སྒྲ་དབྱངས་ཟབ་པ། དོན་དམ་པ ་སྟོན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་བླ་ན་མེད་པར་གྱུར་པ་སྟེ། གང་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་དེ་དག་ལ་རྟོག་པ་དང། ཡིད་ཆེས་པ་དང། མི་སྤོང་བ་དེ་ནི་དད་པའོ། །ཞེས་གསུངས་སོ། །དད་པའི་སྟོབས་བསྐྱེད་པའི་མདོ་ལས། ་འབྱུང་བ། འཇམ་དཔལ་དེ་ལ་དད་པའི་སྟོབས་གང་ཞེ་ན། དད་པ་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་དད་པ་དང། མོས་པ་དང། ཡིད་ཆེས་པ་དང། ཐེ་ཚོམ་མི་ཟ་ཞིང། ནིམ་ནུར་མེད་པ་ནི་དད་པའོ། །ལས་དང་ལས་ཀྱི་རྣམ ་པར་སྨིན་པ་ལ་དད་པའོ། །རྙོག་པ་མེད་པ་ནི་སེམས་ལ་དད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་མི་བྱེད་པ་ལ་དད་པའོ། །སྦྱིན་པ་དང། སྦྱིན་པའི་འབྲས་བུ་དང། ཚུལ་ཁྲིམས་དང། ་ཚུལ་ཁྲིམས་ཀྱི་འབྲས་བུ་དང། བཟོད་པ་དང། བཟོད་པའི་འབྲས་བུ་དང། བརྩོན་འགྲུས་དང། བརྩོན་འགྲུས་ཀྱི་འབྲས་བུ་དང། བསམ་གཏན་དང། བསམ་གཏན་གྱི་འབྲས་བུ་དང། ཤེས་རབ་དང། ཤེས་རབ་ཀྱི་འབྲས་བུ་ལ་དད་པའོ་ཞེས ་གསུངས་སོ་།ཡང་དེ་ཉིད་ལས་འབྱུང་པ། དད་པའི་མཚོན་ཉིད་ནི་དད་པའོ། །གང་ཐེག་པ་ཆེན་པོ་ལ་མོས་པ་འདི་ནི་དད་པའི་སྟོབས་ཤེས་བྱའོ། །གང་ཆགས་པ་མེད་པ་ཁོང་དུ་ཆུད་པ། དད་པའི་དབང་པོ་དང། དད་པའི་སྟོབས་འདི་ནི་དད་པ་ཞེས ་བྱའོ། །གཞན་ཡང་དད་པའི་སྟོབས་ནི་དད་བ་གང་གིས་གཞན་གྱིས་སྒྲ་ལ་དད་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་གཞན་གྱིས་སྒྲ་དེ་གང་ཞེ་ན། གང་གཞན་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པ་ཐོས་པའོ། །གཞན་ལས་བྱང་ཆུབ ་སེམས་དཔའ་ཨི་སྤྱོད་པ་དང། བྱང་ཆུབ་ཀྱི་སེམས་དང། བསམ་པ་སྦྱོར་བ་དང། ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་དང། བསྡུ་བའི་དངོས་པོ་དང། སངས་རྒྱས་ཀྱི་ཆོས་དང། བྱང་ཆུབ་སེམས་དཔའ་ཨི་ཆོས་ཐོས་པ་སྟེ། གཞན་གྱི་སྒྲ་ཐོས་ནས་མངོན ་པར་དད་པ་འདི་ནི་དད་པ་ཞེས་བྱའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཀྱང། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དད་པ་ཡིན་ཏེ། དད་པ་མང་བ་དང། འཕགས་པ་རྣམས ་ལ་ལྟ་འདོད་པ་དང། དམ་པའི་ཆོས་ཉན་པར་འདོད་པ་ཡིན་ནོ། །དེ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་པར་ཡིད་ཆེས་སོ། །དེ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་གཟུང་ནས་གནས་སོ། །དད་པ་ཅན ་དེ་དག་དགེ་སྦྱོང་དང་བྲམ་ཟེ་ཡང་དག་པར་སོང་བ་དང་མང་དུ་ཐོས་པ་དང་ཐོས་པ་ལ་བརྩོན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་རབ་ཏུ་བརྩོན་པ་དང་ཐེ་ཚོམ་ལས་བརྒལ་བ་དང་ཡང་འབྱུང་བ་ཟད་པ་དང། རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་དང་སངས་རྒྱས་ཀྱི་ཉེན་ཐོས་དེ་དག་དགེ་བའི་བཤེས་གཉེན་ཡིན་པར་ཤེས་ནས། ཡིད་ཆེས་ཤིང་བསྟེན་དེ་གཉེས་པར་བྱེད་དོ། །དགེ་བའི་བཤེས་གཉེན་དེ་དག་ཀྱང་དེ་ལ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་སྟོན་ཏོ། །སྣོད་དུ་རིག་ནས་ཟབ་མོའི་གཏམ ་འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་མི་བྱེད་པ་དང། མ་སྐྱེས་པ་དང། མ་བྱུང་བའི་གཏམ་དང། བདག་མེད་པ་དང། སེམས་ཅན་མེད་པ་དང། སྲོག་མེད་པ་དང། གང་ཟག་མེད་པའི་གཏམ་དང། རྟེན་ཅིང། ་འབྲེལ་པར་འབྱུང་བའི་གཏམ་བརྗོད་དེ། ཐོས་ནས་ཀྱང་ཐེ་ཚོམ་མི་ཟ་ཞིང་ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འཇུག་།ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་ཡང་མི་ཆགས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཡང་ཡིད་ཆེས་ཏེ། སངས ་རྒྱས་ཀྱི་ཡེ་ཤེས་ཚོལ་ཞིང་བག་ཡོད་པ་ལ་གཞོལ་བ་ཡིན་ནོ། །བག་ཡོད་པ་གང་ཞེ་ན། གང་དབང་པོ་སྡོམ་པ་དང། རང་གི་སེམས་འདུལ་བ་དང། གཞན་གྱི་སེམས་བསྲུང་བའོ། །ཞེས་གསུངས་སོ། །ཟླ་བའི་སྙིང་པོའི ་ལེའུ་ལས་དཀོན་མཆོག་གསུམ་ལ་སེམས་རྣམས་དད་ཅིང་དང་བ་ནི་དཀོན་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེད་པར་བརྗོད་པ་བཞིན་ནོ། །ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱང། ཀླུའི་བདག་པོ་བྱང་ཆུབ་སེམས ་དཔའ་ཆོས་ལྔ་དང་ལྡན་པ་དག་ནི་དད་པ་ཅན་ཡིན་ཏེ། ལྔ་གང་ཞེ་ན། མོས་པའི་སྟོབས་དང། ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའི་སྟོབས་དང། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྟོབས་དང། ཡང་མ་ལ་བརྟེན་པའི་སྟོབས་དང། མི་དགེ་བའི ་ཆོས་ཐམས་ཅད་སྤངས་ཏེ། ཉེས་པར་བྱས་པ་ཐམས་ཅད་བཟོད་པའི་སྟོབས་དང་ལྡན་པའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་ཀྱང། འཕགས ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྨྲས་པ། འཇམ་དཔལ་ཆོས་ལྔ་པོ་འདི་དག་ལ་མོས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་བྱེ་བྲག་འདི་དག་དང་གཞན་གྲངས་མེད་བ ་ཡང་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། ཆོས་ཐམས་ཅད་གཉེན་པོ་མེད་པ་དང། མ་སྐྱེས་པ་དང། མ་འགགས་པ་དང་བརྗོད་དུ་མེད་པར་མོས་པ་དང། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་དེ་བཞིན་གཤེགས་པའི་སྤྱོད་པ་དང། སྤྱོད་ལམ་དང ་བྱ་བ་དང། འཇུག་པ་དང། གནས་འཛམྦུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་བས་ཀྱང་ཆེས་ལྷག་བ་རྣམས་སེམས་ཅན་གྱི་བསམ་པའི་དབང་གིས་སྐད་ཅིག་ལ་རྟག་ཏུ་འཇུག་པར་མོས་པ་དང། སེངྒེ་མདངས་བཟངས་ཀྱི་རྟོག་པ་བརྗོད་པ་ལས། གང ་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ། དེ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་སངས་རྒྱས་ནས་བསྟན་པར་མོས་པ་དང། མར་མེ་མཛོད་ནས་བཟུང་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་དེའི་བར་དུ་བཅོམ ་ལྡན་འདས་ཤཱཀྱ་ཐུབ་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་ཡུལ་གྱི་བསྐལ་པ་མུ་མེད་པ་ནས། མངོན་པར་རྫོགས་པར་སངས་རྒྱས་ནས། བསྟན་པ་མོས་པ་དང། གང་ཤཱཀྱ་བསད་བ་བསྟན་པས་སེམས་ཅན་ཡོངས་སུ་སྨིན་པར ་བྱས་བ་དེ་ཡང། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སངས་རྒྱས་ཀྱི་ཡུལ་གྱི་བསྐལ་པ་མུ་མེད་པ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པར་མོས་པའོ་ཞེས་གསུངས་སོ། །འདི་དག་པས་ཀྱང་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན ་དེ་དག་རྙེད་པར་དཀའ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་མང་པོ་ལས་ཐོས་ཏེ། སྡོང་པོ་བཀོད་པའི་མདོ་ལས་འབྱུང་བ་གང་དག་འཇིག་རྟེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི ་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའ་ཨོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུ་ཡིན་ནོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཉེས་པ་བྱས་པ་ཐམས་ཅད་བསྲེག་པས ་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་ས་འོག་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་བསྒྲུབས་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་ ་བུའོ། །འཁོར་བའི་ཚུལ་རྒྱུ་པ་འདོད་པས་ལྕགས་ཀྱུ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། །མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཇི་སྙེད་ཡོད་པ། བྱང ་ཆུབ་ཀྱི་སེམས་ཀྱི་ཡོན་ཏན། ཕན་ཡོན་ཡང་དེ་སྙེད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་ཀྱང་འདི་ལས་བྱུང་བ་སྟེ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི? ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །རིགས་ཀྱི་བུ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ། །དངུལ་ཆུ་སྲང་གཅིག་པ་དེ་ནི ་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བ་འམ། ལྕགས་སུ་བསྐྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཡེ་ཤེས་ཀྱིས་བཟུང་བ་ནི། ལས་དང་ཉོན ་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རོའི་ཁམས་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས ་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བ་འམ། ཟད་པར་མི་ནུས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྒྲོན་མ་གཅིག་ཁྱིམ་ཁང་བུ་ཇི་ལྟ་བུ་ཡང་རུང་སྟེ། དེར་ཕྱུང་ན་དེ་ཕྱུང་མ་ཐག་ཏུ་ལོ་བརྒྱ་སྟོང་དུ་བསགས་བསགས་པའི་མུན་པ ་མུན་ནག་ཀྱང་སེལ་ཅིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་སྒྲོན་མ་གཅིག་སེམས་ཀྱི་བསམ་པའི་ཁྱིམ་ཐིབས་པོ་མ་རིག་པའི་མུན་པ་མུན་ནག་དང་ལྡན་པ་ཇི་ལྟ་བུ་ཡང་རུངས་བ་དེར་ཕྱུང་ན། དེ་ཕྱུང་མ ་ཐག་ཏུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པའི་མུན་པ་མུན་ནག་ཀྱང་སེལ་ཅིང་ཡེ་ཤེས་ཀྱི་སྣང་བ་ཡང་བསྐྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཡིད ་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱིས་གནོད་པ་བྱ་བའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོའི་ཅོད་པན་ཐོགས་པའི་བྱང་ཆུབ་སེམས ་དཔའ་རྣམས་ལ་ངན་སོང་དང་ངན་འགྲོས་གནོད་བར་བྱ་བའི་འཇིགས་པ་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་ཇི་ཙམ་སྣང་བར་བྱས་པ་དེའི་བར་གྱི་གང་ནོར་དང། འབྲུ་དང། རིན་པོ་ཆེ་དང། གསེར་དང། དངུལ ་དང། མེ་ཏོག་དང། དྲི་དང། ཕྲེང་བ་དང། བྱུག་པ་དང། གོས་དང། ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མཆོག་གོ་།དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས ་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ། ལྷ་དང་མི་ཐམས་ཅད་དང། ཉེན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང། བྱང་ཆུབ་ཏུ ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོའི་དབང་གིས་རྒྱལ་པོའི་རིན་དུ་མི་ཆོག་གོ་།རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བ་དང། མ་ཧེ་དང་རའི་འོ་མས་ཡོངས་སུ་གང་བའི་ནང་དུ་སེངྒེའི་འོ་མ་ཐིགས་པ་གཅིག་བླུགས་པས་འོ་མ་དེ་དག་ཐམས ་ཅད་འགྱེས་པར་འགྱུར་ཏེ། འདུར་མི་བཏུབ་པོ། །དེ་བཞིན་དུ་བསྐལ་པ་བརྗོད་དུ་མེད་པ་བརྒྱ་སྟོང་དུ་བསགས་པའི་ལས་ལ་ཉོན་མོངས་པ་ཀུན་གྱི་འོ་མའི་རྒྱ་མཚོར་ཡང་དེ་བཞིན་གཤེགས་པ་སྐྱེས་བུའི་སེང་གེ་ཆེན་པོའི་ཐམས་ཅད་མཁྱེན་པ་ཉིད་དུ ་སེམས་བསྐྱེད་པའི་འོ་མའི་ཐིགས་པ་གཅིག་བླུགས་པས་དེ་ཐམས་ཅད་མ་ལུས་པ་ཟད་པར་འགྱུར་ཏེ། རང་སངས་རྒྱས་ཐམས་ཅད་ཀྱི་རྣམ་བར་ཐར་པ་རྣམས་ཀྱང་མི་གནས་མི་འདུའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དཔའ་བོ་ལ་བརྟེན་པའི་མི་ནི་དགྲ་ཐམས ་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་དཔའ་ཨོ་ལ་བརྟེན་པ་ཡང་སྤྱོད་པ་ངན་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན ་པོ་ཆེ་ཆེན་པོ་ནི་ཆག་ཀྱང། ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རྡོ་རྗེ་རིན་པོ་ཆེ་བསམ་པ་ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང་ཉན་ཐོས་དང་རང་སངས ་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའ་ཨི་མིང་ཡང་མ་འདོར་ཏེ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ་།ཞེས་དེ་སྐད་གསུངས་པ་ལྟ་བུའོ། །གསལ་རྒྱལ་གྱིས་ཞུས་བ་ལས་ཀྱང་རྒྱལ་པོ་ཆེན་པོ ་ཁྱོད་དམ་པའི་ཆོས་ཁོ་ན་འཚོལ་བ་དང། རྒྱལ་པོ་ཆེན་པོ་ཁྱོད་ཇི་ལྟ་བུར་ཡུལ་ཀོ་ས་ལའི་མི་རྣམས་ཀྱི་དོན་དང། ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱི་དོན་དང། ཕན་པ་དང། བདེ་བ་དང། བསྒྲལ་བ་དང། དགྲོལ་བ། དབུགས? ་དབྱུང་བ་དང། ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར་ཞུགས་ཤིང། ཁྱོད་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་རྒྱལ ་པོ་ཆེན་པོ་ཁྱོད་ལེགས་སོ་ལེགས་སོ། །ཡང་རྒྱལ་པོ་ཆེན་པོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འདི་ན་ལྷ་བརྒྱ་སྟོང་དུ་མ་ལུས་མི་སྣང་པར་བྱས་ཏེ་གནས་ནས་ང་ལ་བསྙེན་བཀུར་བྱེད་པ་ཡོད་དེ། །དེ་དག་ཀྱང་རྒྱལ་པོ་ཆེན་པོ་ཁྱོད་གང་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་མོས་པ་དང། དང་པ་དང། ཚོལ་བ་དང། སྨོན་པ་ལ་བསྔགས་པའོ། །བསྟོད་དོ་རྗེས་སུ་ཡི་རང་ངོ། །རྒྱལ་པོ་ཆེན་པོ་དེ་དག་ཤིན་ཏུ་དགའ་བ་བསྐྱེད་ཏེ། མོས་པ་སྐྱེས་ཏེ། ཡིད་དང་མཐུན་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ ་ཆེན་པོ་སུ་བྱང་ཆུབ་ལ་འདུན་པ་བསྐྱེད་པ་དང། དད་པ་དང། འདོད་པ་དང། སྨོན་པ་བསྐྱེད་པ་དེ་སངས་རྒྱས་བརྒྱ་ཕྲག་དུ་མ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་བརྒྱ་ཕྲག་དུ་མ་དང། འཕགས་པའི་དགེ་འདུན་གྱི་རྒྱུན་བརྒྱ་ཕྲག་དུ་མ་དང། སངས་རྒྱས་བྱེ་བ་ཁྲག ་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ནས་གང་གཱའི་ཀླུང་གི་བྱེ་མ་བས་ཀྱང་མང་བའི་བར་གྱི་སངས་རྒྱས་འབྱུང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང། འཕགས་པའི་དགེ་འདུན་རྒྱུན་མི་འཆད་པར་འབྱུང་བ་དང། སྐྱེ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ་ཞེས་གསུངས ་སོ། །རབ་ཏུ་ཞི་པ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང། ནམ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་ཞིང། ཉན་ཐོས་དང། རང་སངས་རྒྱས་ཀྱི་སེམས་ཀྱི་སྐབས་མི་བྱེད་པ་དང། སེམས་གཞན་ཡིད་ལ་མི ་བྱེད་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱི་སྐབས་མི་འབྱེད་ཅིང། ཕ་རོལ་ཏུ་ཕྱིན་པ་དྲུག་མི་འདོར་ལ། སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཐམས་ཅད་མཁྱེན ་པ་ཉིད་ཀྱི་སེམས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་ཀྱི་རྒྱན་ནོ་ཞེས་གསུངས་སོ། །འཕགས་པ་མ་སྐྱེས་དགྲའི་ལེའུ་ལས་ཀྱང། འཕགས་པ་འོད་སྲུངས་ཆེན་པོས་སྨྲས་པ་འཇམ་དཔལ་དཔེར་ན་སེང་གེའི་ཕྲུག་གུ་འབངས་ནས ་རིང་པོ་མ་ལོན་པ་སྟོབས་དང་རྩལ་མ་རྫོགས་ཀྱང། གང་ནས་གང་དུ་སེང་གེའི་ཕྲུག་གུའི་དྲི་རྫིས་ཁྱེར་བ་དེ་དང་དེ་ལོགས་སུ་རི་དགས་ཀྱི་ཚོགས་དེ་དག་གིས་མི་བཟོད་ནས་འབྲོས་སོ། །གླང་པོ་ཆེ་གང་དག་འབྲེད་པ་སྲ་བས་དམ་པོར་བཅིངས་པ་དེ་དག་ཀྱང ་སེང་གེའི་ཕྲུག་གུ་དེའི་དྲི་ཚོར་ན་སྡངས་ཅིང་འདྲོགས་ནས་བཅིངས་པའི་འབྲེང་པ་དེ་དག་ཀྱང་བཅད་དེ། གང་དགའ་བར་འབྲོས་སོ། །རི་སུལ་ན་གནས་པ་ནི་རི་སུལ་དུ། ཁུང་ན་གནས་པ་ནི་ཁུང་དུ། ཆུ་ན་གནས་པ་ནི་ཆུར་འཇུག་གོ་།བྱ་ནི་ནམ་མཁའ་ལ་ཕུར་རོ།། ་འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་མ་རྫོགས་ཀྱང། སེམས་བསྐྱེད་མ་ཐག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་མནོན་ཏེ། བདུད་ཐམས་ཅད་ཀྱང་རང་གི་གནས ་ནས་སྡངས་སྐྲག་ཅིང་རང་གི་གནས་ན་མི་དགའ་ཞེས་གསུངས་སོ། །རིན་པོ་ཆེ་ཕུང་པོའི་མོད་ལས་ཀྱང། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས་མི་རྐང་ལག་བཅད་ན་འཚོ་འམ། གསོལ་པ་བཅོམ་ལྡན་འདས་འཚོའོ། །བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་པ། ཇི་ལྟར་སྙིང་ཕྱུང་ན་འཚོ་འམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མི་འཚའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལག་པ་དང་རྐང་པ་ལྟ་བུར་ནི་དའི་ཤཱ་རིའི་བུ་དང། མཽངྒལ་གྱི་བུར་ལྟའོ། །སྙིང་ལྟ་བུ་ནི་བྱང་ཆུབ ་སེམས་དཔའ་རྣམས་ལྟའོ། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཤིང་རྟའི་ནང་དུ་ཞུགས་ཏེ། འདོད་པའི་ཡོན་ཏན་ལྔས་རྩེ་དགའ་ཞིང་དགའ་དགུར་སྤོང་ལ། དེའི་ཤིང་རྟ་འདྲན་པ་གཞན་མེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེའི ་ཤིང་རྟ་ནི་དེ་བཞིན་གཤེགས་པའི་དབུ་ལ་ཡང་བསྐུར་རོ། །གལ་ཏེ་གནས་བརྟན་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་རྣམ་པར་ཐར་པའི་སྒོ་གསུམ་ལ་བསྐལ་པ་འམ་བསྐལ་པ་ལས་ལྷག་པར་གནས་ཀྱང། དེ་ལ་དེ་བཞིན་གཤེགས་པ་རིམ་གྲོ་དང་གཡོག་བྱ ་བར་བརྩོན་པར་མི་མཛད་དོ། །ཞེས་གསུངས་སོ། །འོད་སྲུངས་ཀྱི་ལེའུ་ལས་ཀྱང། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་བཏང་སྟེ། །སུ་ཡང་སྐར་མའི་གཟུགས་ལ་ནམ་ཡང་ཕྱག་མི་འཚལ་ལོ། །འོད་སྲུངས་དེ་བཞིན་དུ་མཁས་པ་རྣམས ་ཀྱང་ངའི་བསླབ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བཏང་སྟེ། ཉན་ཐོས་ལ་ནམ་ཡང་ཕྱག་མི་འཚལ་ལོ། །འོད་སྲུངས་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་བྱ་བ་དེ་ལྟར་ཟླ་བ་ཉ་བ་ལ་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་གང་ད་ལ་རབ་ཏུ་དང་པ་དེ ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་སྐྱེའོ། །དེ་བཞིན་གཤེགས་པ་དག་ལས་ནི་ཉན་ཐོས་དང། རང ་སངས་རྒྱས་ཐམས་ཅད་སྐྱེའོ། །ཞེས་གསུངས་སོ། །ཡབ་སྲས་མཇལ་བའི་མདོ་ལས་ཀྱང། དགེ་སློང་དག་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པའི་ཡོན་ཏན་གྱི་ཚོགས་ནི། དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐལ ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་བརྗོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ན་སེམས་ཅན་ཇི་སྙེད་ཙམ་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་དེ་དག་ཐམས་ཅད་ལ་ཕན ་པ་དང་མི་ལྡན་པའི་སེམས་ཅིག་ཀྱང་མ་སྐྱེས་སོ། །སེམས་ཅན་གྱི་ཁམས་ཚད་མེད་དེ། སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ན་སེམས་བསྐྱེད་པ་རེ་རེ་ལས་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེའོ། །དེ་ཅིའི ་ཕྱིར་ཞེ་ན། དགེ་སློང་དག་སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ། ཇི་ལྟར་སེམས་ཅན་གྱི་ཁམས་མི་ཟད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ན། སེམས་བསྐྱེད་པ་རེ་རེ་ལས་ཀྱང་བསོད་ནམས་ཀྱི་ཕུང་པོ་མི་ཟད་པར་སྐྱེའོ། །ཞེས ་གསུངས་སོ། །དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་ནི། དཀོན་མཆོག་གསུམ་གྱི་རིགས་མི་ཆད་པར་འགྱུར་རོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ་བྱང་ཆུབ་སེམས ་ཀྱི་བསོད་ནམས་གང། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའ་ཨི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས ་ལས་རབ་ཏུ་འབྱུང། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་རིག་པར་བྱའོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས ་དང་མཉམ་སྟེ། ཤེས་བྱ་ཙམ་དུ་ཟད་པའི་དང་ཡེ་ཤེས་སྟོང་པའི་ཕྱིར། ཆོས་ཐམས་ཅད་གློ་བུར་དུ་འབྱུང་བ། །གནས་པ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་སྟེ། སེམས་ཅན་དག་ཀྱང་འདི་ལྟ་བུའི་ཆོས་ཉིད་འདི་རྟོགས་པར་བྱའོ་སྙམ་དུ་བྱང ་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་སོ། །བླ་ན་མེད་པའི་སེམས་སོ། །བྱམས་པས་བརླན་པའི་སེམས་སོ། །སྙིང་རྗེས ་ཡོངས་སུ་མི་སྐྱོ་བའི་སེམས་སོ། །དགའ་བ་ཆེན་པོས་འགྱོད་པ་མེད་པའི་སེམས་སོ། །བཏང་སྙོམས་ཀྱིས་དྲི་མ་མེད་པའི་སེམས་སོ། །སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་སོ། །མཚན་མ་མེད་པས་དམིགས་པ་མེད་པའི་སེམས་སོ། །སྨོན་པ་མེད་པས ་གནས་པ་མེད་པའི་སེམས་སོ། ཞེས་གསུངས་སོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཆུང་ངུ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལམ་འདུག་གི་བར་དུ། བར་མ་དོར་ཟད་པར་མི་འགྱུར་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི ་མདོ་ལས་འབྱུང་བ། བཙུན་པ་ཤཱ་རདྭ་ཏིའི་བུ་དཔེར་ན་རྒྱ་མཚོ་ཆེན་པོར་ཆུ་ཐིགས་པ་གཅིག་ལྷུང་པ་ནི། བསྐལ་པ་ཆེན་པོ་མ་བྱུང་གི་བར་དུ་ཟད་ཅིང་སྐམས་པར་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི ་སྙིང་པོ་ལམ་འདུག་གི་བར་དུ། བར་མ་དོར་ཟད་ཅིང་མེད་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཐབས་ལ་མཁས་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་གལ་ཏེ་བརྒྱ་ལ་དབུལ་པོར་གྱུར་ན། དེ་ཐ་ན་ཁ་ཟས་གཟར་བུ་གང ་ཞིག་སྦྱིན་ན་ཡང་འདི་ལྟར་སློབ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ནི་རྒྱ་ཆེའི་སྦྱིན་པ་ནི་མི་ཆེའོ་ཞེས་གསུངས་པས་ན་བདག་ནི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བ་ཆུད་མོད་ཀྱི། ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཆེད་མེད་པར་འགྱུར་རོ་སྙམ་དུ ་སེམས་སོ་ཞེས་གསུངས་སོ། །བསྐལ་པ་བཟང་པོའི་མདོ་ལས་ཀྱང། དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་བ་ལང་རྗིར་གྱུར་པ་ན། དེ་བཞིན་གཤེགས་པ་སྒྲ་བྱིན་ཞེས་བྱ་བ་དེ་ལ་སོ་རྩིའི་འདབ་མ་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན ་གཤེགས་པ་གྲགས་པ་ཐག་པར་གྱུར་པ་ན། དེ་བཞིན་གཤེགས་པ་གློག་གི་སྒྲོན་མ་ཞེས་བྱ་བ་དེ་ལ་རས་ཀྱི་ཁ་ཚར་གཅིག་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་འོད་འཕྲོ་ཅན་གྲོང་གི་སྤྲང་བར་གྱུར་པ་ན། དེ་བཞིན་གཤེགས ་པ་འོད་མཛའ་ཡས་དེ་ལ་རྩཝའི་མེ་སྒྲོན་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གདུལ་དཀའ་ཤིང་ཐུན་དུ་གྱུར་པ་ན་དེ་བཞིན་གཤེགས་པ་རྣམ་པར་གནོན་པ་བསྟན་པ་ཞེས་བྱ་བ་དེ་ལ་སོ་ཤིང་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས ་བསྐྱེད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་མཚན་ཆུ་སྦྱིན་པའི་བདག་པོར་གྱུར་པ་ན་དེ་བཞིན་གཤེགས་པ་འཇམ་དཔལ་གྲགས་ཞེས་བྱ་བ་དེ་ལ་ཆུ་ཕོར་པ་གང་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་སྟོངས་ཀྱི་སྡེ ་སྨན་པའི་རྒྱལ་པོར་གྱུར་པ་ན། དེ་བཞིན་གཤེགས་པ་ཕྱག་ཆེན་ཞེས་བྱ་བ་དེ་ལ་སྐྱུ་རུ་ར་གཅིག་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ་།ཞེས་གསུངས་སོ། །ཡང་རིན་པོ་ཆེའི་ཕུང་པོའི་མདོ་ལས། དགྲ་བཅོམ་པའི་འབྲས་བུ་འདོད་པའི་མི་གང་ལ་ལ་ཞིག་གིས ་ནོར་བུ་རིན་པོ་ཆེ་དག་གིས་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་བཀང་སྟེ། སྦྱིན་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གང་ཉེ་བར་མི་འགྲོ་བས། རྒྱུའི་བར་དུ་ཡང་མི་བཟོད་དོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་སྦྱིན ་པ་དེ་ཇི་ལྟར་ཟིལ་གྱིས་གནོན་ཙ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཉན་ཐོས་དང་རང་སངས་རྒྱས ་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་རྣམས་ཟིལ་གྱི་གནོན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསློབ་པར་བྱའོ། །ཞེས་གསུངས་སོ། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་ནི་རྙེད་པར་དཀའ་ ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་རྙེད་པར་དཀའ་བར་ཅི་མངོན་ཞེ་ན། མདོ་སྡེ་མང་པོ་ལས་ཐོས་པའི་ཕྱིར་ཏེ། ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བ། གྲོགས་པོ་དག་སེམས་ཅན་རྣམས་ལ་སྙིང་རྗེ་བ་དང། སྙིང་བརྩེ་བ་ནི་རྙེད་པར་དཀའ་སྟེ། དགྲ་དཔའ་བོ ་ལག་ན་རྡོ་རྗེ་ཐོགས་ཤིང་དྲག་ཏུ་འབེབས་པའི་ནང་ནས་སྒྲོལ་བ་བཞིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་མདོ་ལས་འབྱུང་བ། འདི་ལ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དཔེར་ན ་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ནི་དབུགས་འབྱིན་པ་དང་རྡུབ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཆེན་པོའོ། །དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་ཐམས་ཅད་ཀྱི་སྔོན་དུ ་འགྲོ་བ་ནི་འཁོར་ལོ་རིན་པོ་ཆེའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་བདག་གི་འཁྲུལ་པ་ལ་སོ་སོར་རྟོག་ཅིང། གཞན་གྱི་འཁྲུལ་པ་སྙིང་རྗེ ་བའོ་ཞེས་ཀྱང་གསུངས་སོ། །ཁྱིམ་བདག་དཔས་བྱིན་གྱིས་ཞུས་པ་ལས་ཀྱང། ཁྱིམ་བདག་རྣམས་འདི་ལ་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ་ལུས ་དང་སྲོག་ལ་མ་ཆགས་པར་བྱའོ། ནོར་དང་འབྲུ་དང། ཁྱིམ་དང། ཆུང་མ་དང། བུ་ཕོ་དང། བུ་མོ་དང། ཟས་དང། སྐོམ་དང། གོས་དང། བཞོན་པ་དང། མལ་ཆ་དང། བདུག་པ་དང། སྤོས་དང། ཕྲེང་བ་དང། བྱུག་པ་དང། ཡོ་བྱད་ཐམས་ཅད་ལ་མ ་ཆགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་རྣམས་སེམས་ཅན་དག་ནི་ཕལ་ཆེར་ནི་ལུས་དང་སྲོག་ལ་སོགས་པ་ལ་ཆགས་ཏེ། སྡིག་པའི་ལས་བྱས་པས་ངན་འགྲོ་རྣམས་སུ་སྐྱེས་ལ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས། ལུས ་དང་སྲོག་ལ་མ་ཆགས་པར་བདེ་འགྲོར་སྐྱེ་སྟེ། དེས་སེམས་ཅན་ཐམས་ཅད་ཡིད་ལ་བྱས་ལ། སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ལ་བརྩོན་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེའི་བདག་ཉིད་ཅན་ཡིན་ཏེ། ཇི ་ལྟ་ཞེ་ན། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་རྣམས་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་སྡུག་བསྔལ་བ་དང། སྐྱབས་མེད་པ་དང། ་མགོན་མེད་པ་དང། རྟེན་མེད་པ་དང། དཔུང་གཉེན་མེད་པ་དག་མཐོང་ན། བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་བརྩོལ་བརྩོན་འགྲུས་རྩོམ་སྟེ། དཀའ་བ་སྤྱོད་པ་བརྒྱ་དག་ཀྱང་བྱེད་དོ། །དེ་དག ་ཆོས་ཉིད་ཐོབ་ནས་སེམས་ཅན་རྣམས་ལ་ཕན་པར་བྱེད་དོ། །འདི་ལྟ་སྟེ། སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་གཞོལ་བར་བྱེད། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ལ། གནོད་སེམས་ཅན་རྣམས་བཟོད་པ་ལ། ལེ་ལོ་ཅན་རྣམས་བརྩོན ་འགྲུས་ལ། སེམས་འཁྲུགས་པ་རྣམས་བསམ་གཏན་ལ། སེམས་ཅན་ཤེས་རབ་འཆལ་པ་རྣམས་མཐོང་ན། ཤེས་རབ་ལ་གཞོལ་བར་བྱེད་ཀྱང། སེམས་ཅན་གྱི་སྡུག་བསྔལ་མི་བཟད་པ། རྩུབ་པ་ཚ་བ་དག་གིས་ཉེན་ཅིང་བྱང་ཆུབ་ལས་ཕྱིར་ལྡོག་པར་མི ་འགྱུར་རོ། །རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་ཡིན་ནོ། །ཞེས་གསུངས་སོ། །གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོས་ཞུས་པ་ལས་ཀྱང། ཀྱེ་མ་སེམས་ཅན་འདི་དག་ནི ་སྲིད་པའི་ཁོལ་པོའོ། །ཆུང་མ་དང། བུ་ཕོ་དང། བུ་མོ་ལ་ཡོངས་སུ་ཞེན་པས་སྤགས་པ་དང་དབང་མེད་པ་བདག་ལ་མི་འབོངས་པ་དག་སྟེ། །རང་དབང་ཡོད་པའི་བདག་ལ་འབོངས་པར་བྱ་བ་དང། གར་དགའ་བར་འགྲོ་བར་བྱ་བའི་ཕྱིར། དེ་དག་ལ ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང། ཀྱེ་མ་སེམས་ཅན་འདི་དག་ནི་ཕན་ཚུན་མི་འཕྲོད་པ་ཁྲོ་བ་དང། ཞེ་སྡང་དང། གནོད་སེམས་མང་བ་དག་སྟེ། ཁྲོ་བ་དང། ཞེ་སྡང་དང། གནོད ་སེམས་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང། ཀྱེ་མ་སེམས་ཅན་འདི་དག་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ། དགེ་བའི་བཤེས་གཉེན་དང་བྲལ ་བ་སྡིག་པའི་ལས་བྱེད་པ་དག་སྟེ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང། སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང ་ཀྱེ་མ་སེམས་ཅན་འདི་དག་ནི་བརྐམ་པ། ཆགས་པས་ཟིལ་གྱིས་གནོན་པ་ཆོག་མི་ཤེས་ཤིང། འཕགས་པའི་ཤེས་རབ་ཀྱི་གནས་པ་དང། བྲལ་བདག་སྟེ། ཆགས་པ་སྤང་བ་དང། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར། དེ་དག་ལ ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང། ཀྱེ་མ་སེམས་ཅན་འདི་དག་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་མི་ལྟ་ཞིང་རྟག་པ་དང་ཆད་པ་ལ་གནས་པ་དག་སྟེ། རྟེན་ཅིང་འབྲེལ་པར་འབྱུང ་བ་ཟབ་མོ་དང། ལས་དང་བྱ་བ་ལ་གཟུང་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང། ཀྱེ་མ་སེམས་ཅན་འདི་དག་ནི་མ་རིག་པ་དང། གཏི་མུག་གིས་?་པ་དང། བདག ་དང་སེམས་ཅན་དང། སྲོག་དང། གསོ་བ་དང། སྐྱེས་བུ་དང། གང་ཟག་ལ་མངོན་པར་ཞེན་པ་དག་སྟེ། འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་བྱ་བ་དང། ལྟ་བར་གྱུར་པ་ཐམས་ཅད་སྤང་བ་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར ་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང། ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བ་ལ་མངོན་པར་དགའ་བ། ཕུང་པོ་ལྔའི་གཤེད་མས་ཡོངས་སུ་ཟིན་པ་དག་སྟེ། ཁམས་གསུམ་ཐམས་ཅད་ལས་དབྱུང་བའི ་ཕྱིར་རོ། །དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང། ཀྱེ་མ་སེམས་ཅན་འདི་དག་ནི་བདུད་ཀྱི་ཞགས་པས་བཅིངས་པས་བཅིངས་པ་གཡོ་བ་དང། རློམ་སེམས་ལ་གནས་པ་དག ་སྟེ། བདུད་ཀྱི་ཞགས་པས་བཅིངས་པ་ཐམས་ཅད་ལས་རྣམ་པར་དགྲོལ་བ་དང། གཡོ་བ་དང། རློམ་སེམས་སྤང་བའི་ཕྱིར་དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་སྐྱེ་བ་དང། ཀྱེ་མ་སེམས ་ཅན་འདི་དག་ནི་མྱ་ངན་ལས་འདས་པའི་སྒོ་བཅད་ཅིང་ངན་འགྲོའི་སྒོ་ཕྱེ་བ་དག་སྟེ། མྱ་ངན་ལས་འདས་པའི་སྒོ་དབྱེ་བ་དང། ངན་འགྲོའི་སྒོ་བཅད་པར་བྱ་བའི་ཕྱིར། དེ་དག་ལ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི ་སྙིང་རྗེ་ཆེན་པོ་སྐྱེའོ། །ཞེས་གསུངས་སོ། །འདི་དག་པས་ཀྱང་གང་དེ་དག་བྱང་ཆུབ་སེམས་དཔའ་ལ་མ་འབྱིན་པའི་ལས་ཀྱི་སྒྲིབ་པ་དང། བདུད་ཀྱི་ལས་དང། བརྙས་པའི་སེམས་དང། དམ་པའི་ཆོས་སྤོབ་པ་ལ་སོགས་པ་བར་དུ་གཅོད་པའི་ཆོས་རྣམས ་ཡོངས་སུ་སྤོང་བའི་སེམས་ཅན་དག་ནི་ཆེས་རྙེད་པར་དཀའ་ཨོ། །དེ་ལ་བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་ནི་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ་འཇམ་དཔལ་གང་ལ་ལ་ཞིག་གིས་འཇིག ་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་དགེ་པའི་རྩ་བའི་བར་ཆད་བྱས་པས། གང་གཞན་ཞིག་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པར་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག ་གི་དགེ་བའི་རྩ་བ་གཅིག་གི་བར་ཆད་བྱས་པ་དེ་ནི་དེ་བས་སྡིག་པ་ཚེས་གྲངས་མེད་པར་བསྐྱེད་དོ། །གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགེ་བསྙེན་རྣམས་ཀྱི་དགེ་བའི་རྩ་བ་བར་ཆད་བྱས་པ་བས་གང་གཞན་ཞིག ་གིས་དགེ་སློང་གཅིག་གི་དགེ་བའི་རྩ་བ་གཅིག་གི་བར་ཆད་བྱས་ན་དེ་ནི་དེ་བས་སྡིག་པ་ཚེས་གྲངས་མེད་པ་བསྐྱེད་དོ། །དེ་ལྟར་རིམ་བཞིན་དུ་དད་པས་རྗེས་སུ་འབྲེང་བ་དང། ཆོས་ཀྱི་རྗེས་སུ་འབྲེང་བ་དང། བརྒྱད་པ་དང། རྒྱུན་ཏུ་ཞུགས་པ་དང། ལན ་ཅིག་ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང། ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དང། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ ་བུས་འགྲོ་བ་དང། གང་ལ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བྱས་པ་བས། གང་གཞན་ཞིག་གིས་དེ་བཞིན་གཤེགས་པའི་རྫུ ་འཕྲུལ་ལྟ་བུས་འགྲེ་བའི་བྱང་ཆུབ་སེམས་དཔའ་གཅིག་གི་དགེ་བའི་རྩ་བའི་བར་ཆད་བྱས་སམ། ཁྲོས་སམ། བརྙས་པའི་སེམས་བསྐྱེད་ན། དེ་ནི་དེ་བས་སྡིག་པ་ཚེས་གྲངས་མེད་པར་སྐྱེད་དོ། །གང་ལ་ལ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་མིག་ཕྱུང་སྟེ་བདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་སྐྱེས་ནས་དེ་ལ་སྤོས་ཤིང་བརྒྱད་དོ། །ཉམ་ང་བང?་བྱས་ན་དེ་ནི་དེ་བས ་སྡིག་པ་ཆེས་མང་དུ་བསྐྱེད་དོ། །གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་རྐྱེན་གང་ཡང་རུང་བས་ཁྱད་དུ་བསད་པ་སྦྱེས་ན། དེའི་སྡིག་པའི་ལས་ཀྱིས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་སྐྱེ་སྟེ། ལུས་དཔག་ཚད་ལྔ་བརྒྱ་བ་ལ་མགོ་བོ་ལྔ་བརྒྱ ་ཡོད་དེ། མགོ་རེ་རེ་ལ་ལྕེ་བརྒྱ་བརྒྱ་ལྕེ་རེ་རེ་ལ་ཡང་ལྕགས་ཀྱི་ཐོང་ཤེལ་འབར་བ་ལྔ་བརྒྱ་ལྔ་བརྒྱས་རྨོའོ། །གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་དབྱུག་པས་བརྡེག་པ་དང། ་མཚོན་གྱིས་གདབ་པ་ཆེར་བྱས་ཏེ། བདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་བརྙས་པའི་སེམས་བསྐྱེད་དེ། ཁྲོས་ཤིང་གནོད་སེམས་དང་ཐ་བ་དང། ཁྲོས་པའི་སེམས་བསྐྱེད་ན། དེ་ནི་དེ་བས་སྡིག ་པ་ཆེས་གྲངས་མེད་པར་བསྐྱེད་དོ། །གཏུམ་སེམས་ཅན་སེམས་ཅན་ལ་གནོད་པར་དགལ་བ་གང་ལ་ལས་གངྒཱའི་ཀླུང་གིས་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སུ། འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ ་པའི་སྲོག་གཅོད་པ་དང། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རིན་པོ་ཆེའི་མཆོད་རྟེན་རིན་པོ་ཆེའི་སྟེགས་བུས་བསྐོར་ཏེ། གདུགས་དང། རྒྱལ་མཚན་དང། བ་དན་བསྒྲེང་བ་བཤིག་བ་བས། གང་གཞན་ཞིག་གིས་ཐེག་པ་ཆེན་པོ་ལ་དད་པའི་བྱང་ཆུབ་སེམས ་དཔའ་ལ་ཐེག་པ་ཆེན་པོ་ཉིད་ལས་གཞི་བླངས་ཏེ། བརྙས་པའི་སེམས་བསྐྱེད་པ་དང། རྐྱེན་གང་ཡང་རུང་བས་ཁྲོ་ཞིང་གཤེ་བ་དང། སྤྱོས་ཞིང་ཉམས་ད་བར་བྱས་ན། དེ་ནི་དེ་བས་ཀྱང་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན ་གཤེགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པའི་ཕྱིར་རོ། །གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་ནི། སངས་རྒྱས་ཀྱི་རིགས་གཅོད་པར་ཞུགས་པ་ཡིན་ནོ། །གང་བྱང་ཆུབ་སེམས་དཔའ་ལ་སྐུར ་པ་འདེབས་པ་དེས་དམ་པའི་ཆོས་སྤངས་པ་ཡིན་ནོ། །ཆོས་གཞན་མ་ཡིན། ཆོས་ཡོངས་སུ་འཛིན་པ་གཞན་མ་ཡིན་ཏེ། ཆོས་ཡོངས་སུ་འཛིན་པ་དེ་ནི་ཆོས་སོ། །གང་ལ་ལ་ཞིག་ཁྲོས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས ་ཅད་མུན་པ་མུན་ནག་དུ་བཅུག་པ་བས། གང་ཞིག་ཁྲོས་ཏེ། བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཤིང། མ་རུངས་པ་དེ་མ་མཐོངས་པ་དེ་སྙམ་པ་དེ་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ། །གང་ལ་ལ་ཞིག་གི་འཛམ་བུའི་གླིང་གི ་སེམས་ཅན་རྣམས་ཀྱི་སྲོག་བཅད་དེ། བདོག་པ་ཐམས་ཅད་ཕྲོགས་པ་བས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ཅི་འདྲ་ཡང་རུང་བ་ལ། སྨད་པ་འདི་ནི་དེ་བས་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་ཇི་སྐད་གསུངས་པ་ལྟ་བུའོ། །འཕགས་པ ་བྱམས་པའི་སེང་གེའི་སྒྲའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་སྤྱོས་པ་དང། རྒྱ་བ་དང། དབྱུག་པ་དང། ཁུ་ཚུར་གྱིས་བརྡེག ་པ་དེ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་ཞིང་རྨས་པར་མི་འགྱུར་གྱིས་བྱང་ཆུབ་སེམས་དཔའ་གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ། ཐ་ན་གནོད་སེམས་དང། ཐ་བ་དང། ཞེ་སྡང་གི་སེམས་བསྐྱེད་པ་དེ་ཙམ་གྱིས། བྱང་ཆུབ ་སེམས་དཔའ་ལ་རྨ་ཕྱུང་ཞིང་རྨས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེས་ཐམས་ཅད་མཁྱེན་པ་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་གནོད་སེམས་དང། ཐ་བ་དང། ཞེ་སྡང་གིས་སེམས ་ཇི་སྙེད་དུ་བསྐྱེད་བ་དེ་སྙེད་ཀྱི་བསྐལ་པར་གོ་ཆ་བཟོད་ཡང་བགོ་དགོས་སོ་ཞེས་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་དེ་ནི། འཇམ་དཔལ་གང་དགེ་བའི་རྩ་བ་བསྐལ་པ་བརྒྱར་བསགས ་པ་འཇོམས་པར་བྱེད་པ་སྟེ། དེ་བས་ན་ཁོང་ཁྲོ་བའོ་ཞེས་གསུངས་སོ། །འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པ་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན་གནས་མི་སྐྱོ་བ ་སྟེ། སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོ་བ་མི་བྱེད། ཅེས་གསུངས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་དང། བཅོམ་ལྡན་འདས་ལ་གནོད་པར་བྱས་པའི་སྡིག་པ་ཆེ་བ་ནི་བཤད་ཟིན་ཏེ། དེ་དག་ལ་ལེགས་པར་བྱས་པའི་བསོད་ནམས་ཤིན་ཏུ་ཆེ་བ ་བསྟན་ཏོ། །ངེས་པ་དང་མ་ངེས་པར་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ། འཇམ་དཔལ་ཡོངས་སུ་བརྟག་པ་བཟུང་ནས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་མིག་ཕྱུང་བར་གྱུར་ལ། ཡོངས་སུ་བརྟག་པ་བཟུང ་སྟེ། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལས་སེམས་ཅན་དེ་དག་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་མིག་བསྐྱེད་པ་བས་འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གཞན་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ ་ལ། དད་པའི་སེམས་ཀྱིས་ལྟ་ན། འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བཙོན་རང་བཅུག་པ་བཅོན་ར ་ནས་བཏོན་ཏེ། འཁོར་ལོས་སྒྱུར་བའི་བདེ་བ་ལ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གཞན་ཞིག་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དད་པའི་སེམས་ཀྱིས་ལྟ?་འདོད་ཅིང་བསྔགས་པར་བརྗོད་ན་འདི་ནི་དེ ་བས་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད་དོ་ཞེས་གསུངས་སོ།། །།བམ་པོ་གཉིས་པ། །དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་རེ་ཞིང་ལྷའི་ཟས་རོ་སྣ་བརྒྱ་དང་ལྡན་པ་བྱིན་པ་དང། ལྷའི་གོས་སྦྱིན་བ་བྱིན་བས་སྟོན་པ་གཞན་ཞིག ་གིས་སྟོན་པ་གཞན་ཞིག་ལ་མི་བརྟེན་པའི་དགེ་བསྙེན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག་ལ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་པ་ལ་སློབ་པ་ཡིན་ནོ་སྙམ་དུ་བསམས་ནས་ཉིན་གཅིག་ཟན་གཅིག་བྱིན་ལ། འདི་ནི་དེ་བས ་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །དེ་བཞིན་དུ་དགེ་སློང་དང། དད་པ་རྗེས་སུ་འབྲང་བ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དང། བརྒྱད་པ་དང། རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས ་རྒྱས་དག་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་རྣམས་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་དུ་ཟས་རོ་བརྒྱ་པ་བྱིན་པ་དང ་དེ་བཞིན་དུ་ལྷའི་གོས་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོར་བྲིས་པ་དང། འཇིམ་པ་ལ་བྱས་པ་མཐོང་བ་འདི་ཡང་དེ་བས་བསོད་ནམས་ཚེས་གྲངས་མེད་པར་བསྐྱེད ་ན། ཐལ་མོ་སྦྱར་བ་དང། མེ་ཏོག་དང། བདུག་པ་དང། སྤོས་དང། མར་མེ་འབུལ་ན། བསོད་ནམས་དེ་བས་གྲངས་མེད་པར་བསྐྱེད་པ་ལྷ་ཅི་སྨོས། གང་ལ་ལ་ཞིག་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན ་དང་བཅས་པ་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་སྣ་བརྒྱ་བ་ཕུལ་བ་དང། དེ་བཞིན་དུ་ལྟའི་ན་བཟང་ཕུལ་བ་བས། གང་གཞན་ཞིག་གིས་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་བསམ་པ་ཕུན ་སུམ་ཚོགས་པ་གཅིག་ལ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་གང་ཡང་རུང་བས་བསྡུ་བར་བྱ་སྟེ། ཐ་ན་ཉིན་གཅིག་ཟན་གཅིག་བྱིན་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཕྱུགས་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ཙམ་དུ་བསྟི་སྟང་བྱས་པ་བས། གང་གཞན་ཞིག་གིས་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན་དེ་ནི་དེ་བས་བསོད་ནམས་ཆེས ་གྲངས་མེད་པར་སྐྱེད་དོ། །གང་ལ་ལ་ཞིག་ཆེས་གྲངས་མེད་པར་བསྐྱེད་དོ། །གང་ལ་ལ་ཞིག་གིས་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ཙམ་དུ་བསྟི་སྟང་བྱས་པ་བས། གང་གཞན་ཞིག་གིས་ཟླ་བ་དང་ཉི་མ་ལྟ་བུས ་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན་དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་དོ། །གང་ལ་ལ་ཞིག་གིས་ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དེ་རྣམས་ལ་དེ་ཙམ་དུ་བསྟི་སྟང་བྱས་པ་བས། གང་གཞན་ཞིག ་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་བསོད་ནམས་ཚེས་གྲངས་མང་པ་བསྐྱེད་དོ། །གང་གིས་དེ་ཙམ་དུ་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས ་ལ་བསྟི་སྟང་བྱས་པ་བས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་དོ། །ཞེས་གསུངས་སོ། །དེ་ལ་ཕྱུགས་ཀྱི་ཤིང་རྟ ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ནས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བར་དུ་གང་ཞེ་ན། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་འབྱུང་བ། འཇམ་དཔལ་བྱང་ཆུབ་སེམས ་དཔའ་འདི་ལྔ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང། ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དང། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང། དེ་བཞིན་གཤེགས་པའི་རྫུ་འཕྲུལ ་ལྟ་བུས་འགྲོ་བའོ། །ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བ་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་ལྡོག་གོ་།ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་དང། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང། ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ་།དེ་ལ་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་དེ་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུགས་ནས་དེ་ཡུན་རིང་ཞིང་ལོན་ནས་དཔག་ཚད་ལྔ་བརྒྱར་ཕྱིན་པ་ལས། དེ་རླུང་གི་དཀྱིལ་འཁོར་ཆེན་པོས་བཟློག་ནས་དཔག ་ཚད་བརྒྱད་ཅུར་ངེད་དེ་ཕྱིར་ཕུལ་ན། སྐྱེས་བུ་དེ་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བ་འམ། བསྐལ་པ་ནས་བརྗོད་དུ་མེད་པའི་བསྐལ་པར་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས་སམ། གསོལ་པ་བཅོམ་ལྡན ་འདས་དེ་ནི་གནས་མ་ལགས་ཏེ། གོ་སྐབས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་།ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ ་མི་བྱེད་པར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་བརྟེན་ཅིང། དེ་དག་ལྷན་ཅིག་ཏུ་བརྟེན་པར་བྱེད། ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་དུ་བྱེད། དཔྱོད་ཅིང་ཀུན་ཆུབ་པར་བྱེད་ལ། གཞན་ཡང་ཀློག་ཏུ་འཇུག་པ་ནས། ཁོང་དུ་ཆུད་པའི་བར་དུ་བྱེད་ན། དེ་ནི་དེས ་ཤེས་རབ་རྟུལ་པོར་འགྱུར་ཏེ་དེ་ནི་བླ་ན་མེད་པ་ཡེ་ཤེས་ཀྱི་ལམ་སླར་དྲངས་ནས་ཕྱིར་བཟློག་གོ་།བྱང་ཆུབ་སེམས་དཔའ་དེའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྡུལ་པར་འགྱུར ་ཅིང་ཉམས་པར་བྱེད་དེ། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཨོ། །དེ་ལ་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་གང་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་བ?་ཡན ་ལག་བརྒྱད་དང་ལྡན་པའི་གླང་པོ་ཆེའི་ཤིང་རྟ་ལ་ཞོན་ནས་ལམ་དུ་ཞུགས་ཏེ། དེས་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སོན་པ་ལས་རླུང་གི་དཀྱིལ་འཁོར་ཆེན་པོས་ལམ་དེ་ནས་ཕྱིར་བདས་ཏེ་བཟློག་པ་ནས་གོ་སྐབས་མ་མཆིས་པའི་བར་དུ་སྟེ། དེ་བཞིན ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཐེག་པ་ཆེན་པོ་ཡང་འཚང་ཞིང་ཀློག་ལ་ཁ་ཏོན་བྱེད་ཅིང་ཚུལ་བཞིན་ཡིད་ལ་བྱེད་པ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡང་བརྟེན་པ་ནས་ཉན་ཐོས་ཀྱི་ཨཐེག་པ་ཀློག་ཅིང་ཤེས་པར་བྱེད་པའི་བར་འདི་ནི་གླང་པོ་ཆེའི་ཤིང་རྟ་ལྟ ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཨོ། །ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་དེ། དེ་ཟླ་བ་དང་ཉི་མ་ལྟ་བུར་འགྲོ་བས་ལམ་དུ་ཞུགས་ན་དེས་འཇིག་རྟེན་གྱི ་ཁམས་དེ་ཐམས་ཅད་ལས་འདས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དུས་ཡུན་རིང་མོ་ཞིག་ན་འདའ་བར་རྡོ་ཐོག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཉན་ཐོས་ཀྱི་ཐེག་པ ་པ་རྣམས་ལ་མི་བརྟེན་པ་ནས། ཁོང་དུ་ཆུད་པར་བྱེད་པ་མ་ཡིན་པའི་བར་དུ་སྟེ། །ཐ་ན་ཉན་ཐོས་ཀྱི་ཐེག་པ་པའི་ཚིགས་བཅད་གཅིག་ཙམ་ཡང་མི་ཀློག་པར་ཐེག་པ་ཆེན་པོ་ཉིད་ཀློག་པ་ནས་ཐེག་པ་ཆེན་པོ་ཉིད་ཁོང ་དུ་ཆུད་པར་བྱེད་པའི་བར་འདི་ནི་ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཨོ། །ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་ན། ཉན་ཐོས ་ཀྱི་རྫུ་འཕྲུལ་ལྟ་བུས་དེ་འཇིག་རྟེན་གྱི་ཁམས་དེ་དག་ལས་འདས་པར་ནུས་སམ། གསོལ་བ། བཅོམ་ལྡན་འདས་རྡོ་ཐོག་སྟེ་མྱུར་དུ་ནི་འདས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད ་དེ། ཐེག་པ་ཆེན་པོ་བ། ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ཀློག་པ། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་བཅས། ཞེས་དང་བཅས་པར་དེ་ལ་གཞོལ་ཞིང་དེ་ལ་འབད་དེ། དེ་དག་དང་རྟེན་ཅིང་ཐེག ་པ་ཆེན་པོ་ཡོངས་སུ་ཚོལ་བ་དང། ཀུན་འཛིན་ཅིང་འཆང་བ་ཡིན་ཏེ། སྲོག་གི་ཕྱིར་ཡང་ཐེག་པ་ཆེན་པོ་མི་སྟོང་ཞིང་རབ་ཏུ་གུས་པས་མེ་ཏོག་དང་བ་དན་གྱི་བར་གྱིས་མཆོད་པར་བྱེད་པ་དང། བྱང་ཆུབ་སེམས་དཔའ་མ་ལོབས་པ་རྣམས་ལ་མི ་བརྙེས་པ་འདི་ནི་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཨོ། །དེ་ལ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། དཔེར་ན་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་དེས། དེས ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་ན། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་ཁམས་དེ་དག་འདའ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་རྔོ་ཐོགས་ཏེ། སེམས་ཀྱི་སྐད་ཅིག་ཙམ་གྱིས་འདའ་ཨོ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། རབ་ཏུ་ཟབ་ཅིང་རྒྱ་ཆེ་ལ་མོས་པ་ཐེག་པ་ཆེན་པོའི་དོན་ལ་མཁས་པ་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་དང། བྱམས ་པ་དང་སྙིང་རྗེ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། རྟོན་པ་བཞི་དང། བསྡུ་བའི་དངོས་པོ་ལ་བརྩོན་པ་ཡིན་ཏེ། གཞན་ཡང་དེ་ལ་རབ་ཏུ་འགོད་པ་དེ་ནི། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བ་བྱང་ཆུབ་སེམས་དཔའ་ཨི་ཞེས་གསུངས་སོ། །དམ་པའི ་ཆོས་སྤོང་བ་ནི་ཁ་ན་མ་ཐོ་དང་བཅས་པ་ཤིན་ཏུ་ཆེན་པོ་སྟེ། བར་དུ་གཅོད་པའི་ཆོས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་གང་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཐོང་བར་གྱུར ་ཏེ། དམིགས་པའི་ཚུལ་གྱི་དེ་དག་ལ་སྦྱིན་པ་བྱིན་པར་གྱུར་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པར་ཡང་གྱུར་ལ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རི་མོ་མི་བྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་དུ་འོངས་ན་ཡང་ལུས་དང་སེམས་ཀྱིས་མཐུན་པར་མི་བྱེད་ན། དེ་དག་ནི་འཆལ་པའི་ཤེས་རབ་ཏུ་འགྱུར་བའི་ལས་རྣམས་སོ། །དེ་དག་ནི་ལས་ངེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདོར་བར ་འགྱུར་རོ། །དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བོར་བས་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་བོར་བ་ཡིན་ནོ། །དེ་དག་དམ་པའི་ཆོས་ཀྱིས་འཕོངས་པར་འགྱུར ་བའི་ལས་ངེས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ་བར་བཅོས་ཏེ། འཇིག་པ་དང་ཆགས་པའི་བསྐལ་བ་མང་པོར་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་ཁ་འཁོར་བར་འགྱུར་རོ། །དེས་དུད་འགྲོའི་སྐྱེ་གནས ་དང། གཤིན་རྗེའི་འཇིག་རྟེན་དུ་ཡང་དེ་བཞིན་ནོ། །ཤཱ་རདྭ་ཏིའི་བུས་གསོལ་བ་བཅོམ་ལྡན་འདས་མཚམས་མེད་པ་ལྔ་དང། དམ་པའི་ཆོས་ཀྱིས་ཕོངས་པར་གྱུར་པ་ལས་འདི་འདྲ་བར་མི་འགྱུར་ལགས་སམ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭ་ཏིའི་བུ་མཚམས་མེད་པ་ལྔ་དང་འདྲ་ཞེས་མི་བྱའོ། །ཞེས་དེ་སྐད་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ། རབ་འབྱོར་གཞན ་ཡང་མིང་ལ་གནས་པས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་བདུད་འདི་སྐད་སྨྲ་སྟེ། ཁྱོད་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་མིང་འདིའོ། །ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ ་དེ་དེའི་རྗེས་སུ་རྟོག་པར་འགྱུར་ཏེ། །དེ་ལ་ཕྱིར་མི་ལྡོག་པའི་ལྟས་གང་ཡིན་པ་དེ་དག་མེད་པར་ཡང་དེས་བདག་ལུང་བསྟན་པ་སྙམ་དུ་རློམ་སེམས་སུ་བྱེད་དེ། དེ་དེས་རློམ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའ་གཞན་ལ་ཡང་བརྙས་པར་འགྱུར་རོ། །དེ ་ཐབས་ལ་མཁས་ཞིང་ཤེས་རབ་དང་བྲལ་ཏེ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་ཅིང་སྡིག་པའི་གྲོགས་པའི་ལག་ཏུ་སོང་བས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་ཏེ། རློམ་སེམས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི ་ལྟུང་བའི་རྩ་བ་བཞི་པས་ཀྱང་ཆོས་ལྕི་སྟེ། འདི་ཡང་བྱང་ཆུབ་སེམས་དཔས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་དེ་སྐད་གསུངས་པ་ལྟ་བུའོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས་ཀྱང། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ཙམ་དུ་ལས ་འཇུག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང། ཇི་ཙམ་དུ་འཛིན་པ་དང་ཇི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་འདོད་པ་དང། །ཇི་ཙམ་དུ་འདུ་ཤེས་པ་དང། །ཇི་ཙམ་དུ་རློམ་སེམས་པ་དང། ཇི་ཙམ་དུ་ཡོངས་སུ ་རྟོག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུ་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པའི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང ་བསམ་གཏན་དང། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པ་རློམ་སེམས་སུ་བྱེད་པ་དང། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་དང། བཟོད་པ་འཛིན་པ་དང། བརྩོན་འགྲུས་ལེན་པ་དང། བསམ་གཏན་ལ་མཚན་མ་དང། ་ཤེས་རབ་རྒྱུ་བ་ཡང་བདུད་ཀྱི་ལས་སོ། །དགོན་པ་ལ་དགའ་ཞིང་མོས་པའི་སེམས་དང་བཏང་སྙོམས་སུ་ལྟུང་བ་ཡང་བདུད་ཀྱི་ལས་སོ། །འདོད་པ་ཉུང་བ་དང། ཆོག་ཤེས་པ་དང། སྦྱངས་པའི་ཡོན་ཏན་དང། ཡོ་བྱད་བསྙུངས་པ་རློམ་སེམས་སུ་བྱེད་པ་ཡང ་བདུད་ཀྱི་ལས་སོ། །བདག་ནི་སྟོང་པ་ཉིད་ལ་གནས་པ། བདག་ནི་མཚན་མ་མེད་པ་ལ་གནས་པ། བདག་ནི་སྨོན་པ་མེད་པ་ལ་གནས་པ། བདག་ནི་སྤྲོས་པ་མེད་པ་ལ་གནས་པ། བདག་ནི་རབ་ཏུ་དབེན་པ་ལ་གནས་པ། བདག་ནི་དེ་བཞིན་གཤེགས་པའི ་བཀའ་བསྒྲུབ་ཅིང་གནས་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་རྣམ་པར་རྟོག་པ་ཡང་བདུད་ཀྱི་ལས་སོ། །ལྷའི་བུ་ཇི་ཙམ་དུ་རྟོག་པ་དང། རྣམ་པར་རྟོག་པ་དང། ཡོངས་སུ་རྟོག་པ་དང། མཐོང་བ་དང། ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས ་པའི་གནས་ཇི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བདུད་ཀྱི་ལས་ག་ལས་བྱུང། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདུད་ཀྱི་ལས་ནི་བརྩོན་པ་ལས་བྱུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བརྩོན་པ་ལས་བདུད་གླགས ་ཚོལ་གྱི་མི་བརྩོན་པ་ལ་བདུད་ཀྱི་ཅི་ཞིག་བྱ་བར་འགྱུར་ཏེ། དེ་ཉིད་བདུད་ཀྱི་ལས་ཡིན་ནོ། །སྨྲས་བ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་པ་ཡིན། ཇི་ལྟར་ན་མི་བརྩོན་པ་ཡིན། སྨྲས་པ། ལྷའི་བུ་ཇི་ཙམ་དུ་གཉིས་ལ་སྦྱོར་བ་དེ་ཙམ་དུ་མི་བརྩོན་པའོ། ། ་དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གནས་པ་ནི་གཉིས་ལ་སྦྱོར་བ་དང་ལྡན་པའོ། །བརྩོན་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །སྦྱོར་བ་ཡང་དག་པ་ཞེས་བྱ་བ་འདི་ནི་སྦྱོར་བ་མེད་པའི་ཚིག་བླ་དགས་སོ།། ་སྦྱོར་བ་མེད་པ་ཞེས་བྱ་བ་འདི་ནི་སྤྲོས་པ་མེད་པའི་ཚིག་བླ་དགས་སོ། །སྤྲོས་པ་མེད་པ་ཞེས་བྱ་བ་འདི་ནི་སྦྱོར་བ་ཡང་དག་པའི་ཚིག་བླ་དགས་སོ། །ལྷའི་བུ་གང་ལ་མིག་ལ་མི་སྦྱོར་བ་དང། གཟུགས་ལ་མི་སྦྱོར་བ་ནས་ཆོས་ཀྱི་བར་ལ་མི་སྦྱོར་བ་འདི ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་ཡང་དག་ཅེས་བྱའོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ་ལྷའི་བུ་ཉི་ཤུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཡིན་ནོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པ ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བརྟན་པ་དང། བསྙེན་པ་དང། བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོད་པ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར ་རྟོག་ཅིང་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །བསམ་གཏན་བསྐྱེད་ཅིང་བསམ་གཏན་ལས་རྣམ་པར་ལྡོག་པར་ཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད ་པ་ཡང་བདུད་ཀྱི་ལས་སོ། །ཡོན་ཏན་དང་ལྡན་པ་དང། ཡོན་ཏན་གྱི་གནས་ཚོལ་ཞིང་ཚུལ་ཁྲིམས་ངན་པ་ཅན་རྣམས་ལ་ཁྲོ་བ་ཡང་བདུད་ཀྱི་ལས་སོ། །ཉན་ཐོས་དང། རང་སངས་རྒྱས་ཀྱི་གཏམ་བརྗོད་ཅིང་ཐེག་པ་ཆེན་པོའི་གཏམ་འཆབ ་པའང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་ལམ་ཤེས་ཀྱང། ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི ་བསྔགས་པ་བརྗོད་ཀྱང་སེམས་ཅན་མི་རྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས ་ལྷག་མཐོང་ཡང་དག་པར་འཛིན་དུ་མི་འཇུག་པ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པ་ཟད་པར་ཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་སྤྱོད་ཅིང?་སྙིང་རྗེ་ཆེན་པོ་ལ་དམིགས ་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས་དང་མི་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་མི་འཚོལ་གྱི་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་འཛིན་པ་ཡང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན ་གྱིས་ཤེས་ཀྱིས་དོགས་ཏེ། སློབ་དཔོན་ཆོས་འཚབ་པའང་བདུད་ཀྱི་ལས་སོ། །འཇིག་རྟེན་གྱི་དགོས་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་ཚོལ་བ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ ་སྐལ་བ་མཉམ་པ་རྣམས་ལ་མི་བརྟེན་མི་བསྙེན་བསྙེན་བཀུར་མི་བྱེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་པ་མི་མཉམ་པ་ལ་དགའ་བ་ཡང་བདུད་ཀྱི་ལས་སོ། །གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པ་འམ། འཇིག ་རྟེན་སྐྱོང་བ་འམ། རྒྱལ་པོ་འམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དང། ནོར་དང་རིན་པོ་ཆེ་དང། དབང་ཕྱུག་གི་ཚེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བརྟེན་མི་བསྙེན་བསྙེན་བཀུར་མི་བྱེད་པ་འདི་དག་ནི་ལྷའི ་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ་ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཇེས་ལ་ཕྱུག་ཅིང་ནོར་ཚེ་ཞིང་ནོར་མང་ལ་མཛོད་དང་བདེ་བ ་མང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ། གཟུགས་དང་ལོངས་སྤྱོད་དང། རུས་དང། རིགས་དང། གཡོག་འཁོར་དང། བསོད་ནམས་ཀྱི་ཚོགས་ཀྱི་སྟོན་པར་གྱུར་པ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བརྩལ་བ་ལ་མངོན་པར་མི ་བརྩོན་ཞིང་དེ་གཟུགས་དང། ལོངས་སྤྱོད་དང། གཡོག་འཁོར་དང། དབང་ཕྱུག་གི་སྟོབས་ཀྱིས་རྒྱགས་ཤིང་བག་མ་མཆིས་པར་གྱུར་ཏེ་བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཡེ་ཤེས ་ཀྱི་ཚོགས་ཀྱིས་ཡོངས་སུ་ཚོལ་བ་ལ་བརྩོན་པ་གདུགས་དང་བསེར་མས་ཤ་སྐྲག་སྐམས་པ། རྐེ་བ་ཉམས་ཆུང་བ། ལུས་རྩཝས་གཡོགས་པ། མགོ་དང་གོས་ལ་ཞུགས་འབར་བ་བཞིན་དུ་གདུགས་མཚན་དུ་བརྩོན་འགྲུས་བརྩམས་པ། དགེ་བའི་ཆོས་ཡོངས ་སུ་བརྩལ་བ་ལ་རྟག་ཏུ་བརྩོན་པ་དང་ལྡན་པ་དེ་དག་ལ་རྐེ་ཞིང་ཉམས་ཆུང་བ། མདོག་ངན་ཅིང་མི་སྡུག་པར་རིག་ནས། བརྙས་པར་བྱའོ་སྙམ་དུ་སེམས་ཤིང་དེ་དག་ལས་ལེགས་པར་བཤད་པ་ཉན་མི་འཚལ་གྱི་དེ་དེ་བས་ཤས་ཆེར་དམན་ཞིང་ཆེས ་རྨུགས་པར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཨི་རྒྱགས་པ་དང་བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ་ཐེག་པ་ཆེན་པོའི་བར་དུ་གཅོད་པར་འགྱུར་བའི་ཆོས་བཞི ་སྟེ། བཞི་གང་ཞེ་ན། བདག་གི་ཡོན་ཏན་བརྗོད་པ་དང། གཞན་གྱི་ཡོན་ཏན་ལོག་པར་བརྗོད་པ་དང། ངའོ་སྙམ་པའི་རྒྱལ་འབར་བ་དང། ཁྲོ་བ་བསྟན་པའོ་ཞེས་གསུངས་སོ། །འདི་དག་བས་ཀྱང་གང་དག་ཁྱིམ་པར་གྱུར་ཀྱང་ཆོས་རྣམས་ལ་ནན་ཏན་གྱིས ་སྒྲུབ་པའི་སེམས་ཅན་རྣམས་ནི་ཆེས་རྙེད་པར་དཀའ་ཨོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་སྒྲུབ་པ་ཅི་འདྲ་ཞེ་ན། དྲག་ཤུལ་ཅན་གྱི་ཞུས་པའི་མདོ་ལས་འབྱུང་བ་ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ནི་སྐྱེས་བུ ་དམ་པའི་ལས་རྣམས་བྱེད་ཀྱི་སྐྱེས་བུ་བན་པའི་ལས་རྣམས་མི་བྱེད་དོ། །ཆོས་ཀྱི་ལོངས་སྤྱོད་ཚོལ་གྱི་ཆོས་མ་ཡིན་པ་མི་ཚོལ་ལོ། །མཐུན་པས་མ་ཡིན་ནོ། །ཡང་དགེ་བས་ཚོལ་བ་ཡིན་གྱིས་ལོག་པས་ཚོལ་བ་མ་ཡིན་ནོ། །དེ་ཆོས་ཀྱི་ལོངས་སྤྱོད་ཐོབ་པ་དང ་དེ་དག་གིས་གཞན་ལ་འཚོ་བར་མི་བྱེད་དེ། མི་རྟག་པའི་འདུ་ཤེས་བསྒོམ་པ་མང་ཞིང་སྙིང་པོ་ལེན་ཏོ། །འདི་ལྟ་སྟེ། ཕ་མ་ལ་བསྙེན་བཀུར་བྱེད་པ་དང། བུ་དང་ཆུང་མ་དང། བྲན་ཕོ་དང། བྲན་མོ་དང། ལས་བྱེད་པའི་མི་དང། ཞོ་ཤས་འཚོ་བ་རྣམས ་ཡང་དག་པའི་ལོངས་སྤྱོད་དང། མཛའ་བོ་དང། བློན་པོ་དང། ཉེ་དུ་དང། སྣག་གི་གཉེན་མཚམས་རྣམས་ལ་བཀུར་སྟི་དང། གོང་དུ་ཡང་ཆོས་ལ་འཛུད་པས་གཏོང་བ་འཕེལ་བར་བྱེད་དོ། །ཞེས་གསུངས་སོ། །ཁྱིམ་པ་རྣམས་ཀྱི་ལོག་པར་བསྒྲུབ་པ་གང ་ཞེ་ན། རབ་ཏུ་འབྱུང་བའི་བར་དུ་གཅོད་པའི་མདོ་ལས་འབྱུང་བ། མིང་ཆེན་ཆོས་བཞི་དང་ལྡན་ན་ཁྱིམ་པ་མི་ཁོམ་པར་གྱུར་པ་ཡིན་ཏེ། སྐྱེ་བ་དེ་དང་དེར་དམུས་ལོང་དང། བླུན་པ་དང། ལྐུགས་པ་དང། གདོལ་བ་ནམ་དུ་ཡང་བདེ་བ་མི་མྱོང་བར་འགྱུར ་སྐུར་པ་འདེབས་པ་མང་བ་དང། མ་ནིང་དང། ཟ་མ་དང། རྟག་ཏུ་བྲན་དང། བུད་མེད་དུ་འགྱུར། ཁྱི་དང། ཕག་དང། བོང་བུ་དང། རྔ་མོ་དང། སྦྲུལ་གདུག་པར་འགྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་མི་བྱེད་དོ། །བཞི་གང་ཞེ་ན། མིང་ཆེན་འདི ་ལ་ཁྱིམ་པས་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་བའི་སེམས་ཅན་རྣམས་ཀྱི་མངོན་པར་བྱུང་བའི་སེམས་དང་རབ་ཏུ་བྱུང་བའི་སེམས་དང། འཕགས་པའི་ལམ་གྱི་སེམས་ཀྱི་བར་ཆད་བྱེད་པ་འདི་ནི་དང་པོའོ། །གཞན་ཡང་ཁྱིམ་པ་དབང་ཕྱུག ་གི་གན་ན་འདུག་ཅིང་ནོར་ལ་ཆགས་པ་དང། བུ་ལ་ཆགས་པས་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང། པུ་ཕོ་དང། བུ་མོ་དང། ཆུང་མ་འམ། གཉེན་གྱི་ཚོགས་རབ་ཏུ་བྱུང་བའི་བར་ཆད་བྱེད་པ་འདི་ནི་གཉིས་པའོ། །གཞན་ཡང་ཁྱིམ་པ ་དམ་པའི་ཆོས་སྤོང་བ་ཡིན་ཏེ། ངེས་མ་ཐོས་པའི་ཆོས་རྣམས་ཐོས་ན། མ་དད་ཅིང་སྤོང་བར་བྱེད་པ་འདི་ནི་གསུམ་པའོ། །གཞན་ཡང་ཁྱིམ་པ་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་ཀུན་ནས་མནར་སེམས ་དང། ཐ་མའི་སེམས་མང་བ་ཡིན་ཏེ། འདི་ནི་བཞི་པའོ། །བཞི་པོ་འདི་དག་ལས་ཆོས་གང་ཡང་རུང་བ་ཞིག་དང་ལྡན་ན། །ཁྱིམ་པ་མི་ཁོམ་པར་གྱུར་པ་ཡིན་ཏེ། སྐྱེ་བ་དེ་དང་དེར་ཞེས་བྱ་བ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་མི་བྱེད་དེ། ཞེས་བྱ ་བའི་བར་དུ་མི་འགྱུར་རོ། །དཔེར་ན་མི་ལ་ལ་ཞིག་མི་གཙང་བའི་དོད་དུ་ལྷུང་ནས་མི་གཞན་ལ་ཡང་འདི་སྐད་དུ་ཨ་ལ་ལ། འདི་ལྟར་ཆུ་འདི་ཤིན་ཏུ་དང་བ་ངོ་མཚར་ཏོ་ཞེས་ཟེར་བ་འདི་ནི་ཆུ་མ་ཡིན་པ་ལ་ཆུར་འདུ་ཤེས་བསྐྱེད་དེ། དད་བའི་ཆུར ་འདུ་ཤེས་པ་དེ་བཞིན་དུ། སེམས་ཅན་གང་ལ་ལ་བདག་ཉིད་འདོད་པའི་དམ་དུ་བྱིང་བ་དག་གཞན་ཡང་འདོད་པའི་འདམ་དུ་འཇུག་པར་བྱེད་དོ། །བདག་ཉིད་འདོད་ཆགས་ཀྱི་གཡང་སར་ལྷུང་བར་བྱས། ཞེ་སྡང་གི་གཡང་ས་དང། གཏི་མུག ་གི་གཡང་སར་ལྷུང་བར་བྱས་ལ་གཞན་ཡང་དེ་དག་ཏུ་ལྷུང་བར་བྱེད་དོ། །དཔེར་ན་མི་ལ་ལ་ཞིག་གིས་དགྲ་བོ་གཟུང་སྟེ། མེ་མདག་མེ་ལྕེ་མེད་པ་དུ་བ་མེད་པ་འདོམ་བདུན་པའི་ནང་དུ་བཅུག་པ་དེ་བཞིན་དུ། གང་ལ་ལ་མེ་དང་མཚུངས་པའི་འདོད་པ ་དང། མེ་དང་མཚུངས་པའི་བུད་མེད་དང། བསྟེན་ཅིང་འདོད་པ་བསྔགས་ཏེ། གཞན་ཡང་འདོད་པ་དག་ལ་འཇུག་པར་བྱེད་པ་ན་དེ་དག་ནི་གཞན་ཡང་མའི་གླུབས་སུ་ལྷུང་བར་བྱེད་དོ། །དེ་དག་ནད་དང་མྱ་ངན་དེ་དག་ལ་ཉེ་བར་སྦྱོར་རོ། །དཔེར་ན་མི་ལ ་ལ་ཞིག་གིས་མི་གཞན་ལ་ཡང་བདེ་བ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར། སྤུ་གྲིའི་སོ་ལྟ་བུའི་རི་ལ་འཇུག་ཏུ་བཅུག་པ་འདི་ལྟ་སྟེ། སྤྲུ་གྲིའི་སོ་ལྟ་བུའི་རི་མཉམ་ཞིང་མི་མཉམ་པ་མེད་པ་འདི་ནི་བདེ་བའི་ལོངས་སྤྱོད་དོ་ཞེས་ཟེར་བ་དེ་བཞིན་དུ་ཕལ་ཆེར ་ཕ་མ་བུ་ལ་བྱམས་པ་དང་ལྡན་པས་དེའི་ཆུང་མ་ལེན་ཏེ། དེ་དག་གིས་འདོད་པ་བསྔགས་ནས། འདོད་པ་ལ་བཅུག་པ་དེ་ལྟ་བུ་ནི་མཛའ་བོའི་གཟུགས་ཀྱིས་སྤྲུལ་གཟུག?་པ་དྲག་ཅིང་ཆེ་བ་སྟོན་ཏོ། །གཡང་ས་བགྲོད་དཀའ་བ་འཇིགས་འཇིགས་ལྟར་འདུག་པ ་ཡང་སྟོན་དོ། །སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དགས་ཀྱི་འཇིག་རྟེན་དུ་འགྲོ་བའི་ལམ་ཡང་མཚོན་ཏེ། ཞེས་གསུངས་སོ། །བར་སའི་རྒྱལ་པོ་ཤར་པས་ཞུས་པའི་མདོ་ལས་ཀྱང་གསུངས་ཏེ། རྒྱལ་པོ་ཆེན་པོ་འདི་ལ་སྐྱེས་བུ་འདོད་པ ་ལ་ཆགས་ཤིང་བུད་མེད་ལ་ལྟ་འདོད་པ་ནི་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་དང། བྲམ་ཟེ་ལ་བརྟེན་པ་མི་སྲིད་པས་དེ་ཚུལ་ཁྲིམས་དང་ལྡན་པས་དེ་དག་གིས་ཡོངས་སུ་སྤངས་པས་དང་པ་དང། ཚུལ་ཁྲིམས་དང། གཏོང་བ་དང། ཐོས་པ་དང། ཤེས་རབ ་ལས་ཡོངས་སུ་ཉམས་ཏེ་རྨ་ལ་ཆགས་པ། བརྩོག་པའི་སྤྱོད་ཡུལ་ཅན། བཤུལ་བར་རྣམ་པ་ལ་དགའ་བ་བཅུད་མེད་ལ་ངང་ཆེ་བ་ཆགས་པའི་སྤྱོད་ཡུལ་ཅན་འགྲོ་བར་བྱ་བ་མ་ཡིན་པར་སོང་བ། མི་གཙང་བའི་སྲིན་པོ་དང་འདྲ་བ། སྙིགས་མ་ལེན་པ། ་ཁྲེལ་དང་ངོ་ཚ་བོར་བ། ལྷ་དང་མིའི་ཆོས་སྟོར་བ། ངན་པར་སྨད་པའི་འཚོ་བས་འཚོ་བ། མཁས་པས་སྨད་པ། བུད་མེད་ཀྱིས་ཚུགས་པ། བུད་མེད་ཀྱིས་མཁོལ་བ། ངར་སྣབས་དང། ཁ་ཆུ་དང། སྣབས་དང། ཆུ་སེར་དང། སྣག་དང། ཤ་རུལ་ཟག་པ ་མྱོང་བར་བྱེད་པ། མི་གཙང་བའི་སྤྱོད་ཡུལ་ཅན། བ་ལང་དང། ལུག་དང། བྱ་གག་དང། ཁྱི་དང་ཕག་དང། ཝ་དང། བོང་བུའི་ཆོས་སྦྱོད་པ། གནོད་པས་འཚོ་བ། ཕ་ལ་ཕངས་པར་མི་འཛིན་པ། དགེ་སྦྱོང་དང། བྲམ་ཟེ་དང། སྦྱིན་གནས་ལ་ཕངས་པར ་འཛིན་པ་མེད་པ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དང་པ་ཉམས་པ། སེམས་ཅན་དམྱལ་བ་དང། དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་ལ་ཞུགས་ཅིང་གཞོལ་བ། སེང་གེ་དང་ནམ་མཁའ་ལྡིང་གི་ལུས་ལ་ཡང་དག་པར་ཞུགས་པ། ་ལྕགས་ཀྱི་ཤིང་ཤལ་མ་རི་མཐོན་པོ་དང། མེ་མ་མུར་ལ་གཞོལ་བ། སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང། བསྡུས་འཇོམས་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང། ཚ་བ་དང། རབ་ཏུ་ཚ་བ་དང། མན་པ? ་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཞུགས་པ་ནི། བུད་མེད་དང་མཛའ་ཞིང་བུད་མེད་དང་འགྲོགས་ཏེ་རྒོད་པ་དང། དགའ་བ་དང། རྩེ་བ་དང། གླུ་གར་རོལ་མོ་ལ་སོགས་པ་རྗེས་སུ་དྲན་ཞིང་སྐྱོ་བ་མི་སྐྱེད་པ་དེ། ཕ་མས་དཀའ་བ་བྱས་ཤིང་བསྐྱེད་དེ། གཅིན ་དང་ཕྱི་ས་ཡང་བཟོད་པར་བྱས་ཤིང་བླངས་ནས། ཟླ་བ་དགུ་འམ་བཅུར་རུམ་དུ་སྩལ་ཏེ། ཤིན་ཏུ་སྡུག་བསྔལ་བ་མྱོང་བས་གསོས་ཤིང་བར་དུ་བླངས་ནས་ནུ་ཞོ་བླུད་ཅིང་རབ་ཏུ་ཉོན་མོངས་པར་གསོས་བསྐྱེད་དེ། འཛམྦུ་གླིང་རྣམ་པར་བཀྲ་བ་སྟོན་པ། དོན ་དང། ཕན་པ་དང། བདེ་བ་དང། གྲུབ་པ་དང། ལེགས་སུ་དགའ་པའི་སྦྱིན་པའི་གནས་དེ་དག་གིས་བུ་ལ་ཕན་པ་དང། བདེ་བར་འདོད་པས། བདག་གི་ནོར་གྱི་ཚོགས་ཀྱིས་གཞན་གྱི་བུ་མོ་དེ་བླངས་ནས་དེ་དེ་ལ་ཆགས་ཤིང་འཁྲིལ་ཏེ། ཕ་རོལ་གྱི ་ཁྱིམ་ནས་བླངས་པའི་བུད་མེད་དེ་ལ་ཞེན་ཅིང་བརྒྱལ་ནས། ཕ་མ་རྒས་གཏུགས་ཏེ། ཉམ་ཆུང་མིག་མི་མཐོང་བ་དེ་ནོར་དང་ལོངས་སྤྱོད་མེད་པར་བྱས་ནས་ད་རང་གི་ཁྱིམ་ནས་ཕྱུང་སྟེ་སྐྲོང་ངོ། །རྒྱལ་པོ་ཆེན་པོ་ཕ་མ་དགའ་བ་བྱེད་བྱེད་པ་སྦྱིན་པའི་གནས ་ལ་རྟག་ཏུ་རྒྱན་མི་འཆད་པར་ཡང་དག་པའི་བདེ་བས་བསྟི་སྟང་དུ་བྱས་ཤིང་ཡང་དག་པའི་བདེ་བས་བླ་མར་བྱ་བའི་རིགས་ན། དེས་དེའི་ཚེ་རང་གི་ཁྱིམ་ནས་ཕྱི་རོལ་དུ་ཕྱུང་སྟེ་བསྐྲད་ནས། གཞན་གྱི་ཁྱིམ་ནས་བླངས་པའི་བུད་མེད་ལ་བཟའ་བ་དང། བཏུང ་པ་དང། གོས་ཀྱིས་བསྟབས་ནས་དགོས་སུ་བྱས་ཏེ། དེས་གང་བདེ་འགྲོར་འགྲོ་བའི་ཆོས་ནི་སྤངས་གང་ངན་འགྲོར་འགྲོ་བའི་ཆོས་ནི་བླངས་ནས་སྙིང་རྗེའི་བག་མེད་ཅིང་བཙམ་པ་མེད་པའི་ངན་པའི་སེམས་དང་ལྡན་པ་ལྟོས་ཞེས་གསུངས་སོ། །ཟླ་བ་སྒྲོན་མའི ་མདོ་ལས་ཀྱང། འདོད་པའི་ཕྱི་ནི་བྱིས་པ་རྣམས། །བུད་མེད་རུལ་བ་སྟེན་པར་བྱེག་།འགྲོ་བ་རུལ་བར་གྲོ་འགྱུར་ཞིང། །ངན་འགྲོ་རྣམས་སུ་ལྟུང་བར་འགྱུར། འཇིགས་པ་ཆེན་པོའི་ཞགས་པ་ནི། །བུད་མེད་ཞགས་པ་མི་བཟད་པས། །སངས་རྒྱས་རྣམས་ཀྱིས་འདོད་པ་དང། །བུད ་མེད་བསྟེན་པའང་མ་བསྔགས་སོ། །ལམ་འདི་བྱང་ཆུབ་མི་འགྱུར་པས། །བུད་མེད་རྣམས་ལ་མ་རྟོག་པར། །སྒྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་པས་དེ་ནི་རྣམ་པར་སྤོངས། །སངས་རྒྱས་ཀུན་གྱིས་བསྟེན་པ་ཡི། །བྱང་ཆུབ་ལམ་ལ ་སྒོམ་པར་བྱེད། །ལམ་དེ་གོམས་པར་བསྒོམས་བྱས་ན། །བླ་མེད་སངས་རྒྱས་འགྲུབ་པར་འགྱུར་ཞེས་གསུངས་སོ། །མི་སྡུག་པ་ལ་ཡང་སྦྱར་བར་བྱའོ། །འདི་ལྟ་སྟེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་ལ་ལོག་པར་གཡེམ་པ ་ལ་སོགས་པའི་མི་འདོད་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ནི། བྱང་ཆུབ་སེམས་དཔའ་ཉི་ཚེ་ལ་ལོག་པར་བསྒྲུབ་པར་བསྟན་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡིན་ཏེ། འདི་ལྟ་སྟེ། དམ་པའི་ཆོས་དྲན་པ་ཉེ་བར་གཞག ་པའི་མདོ་ལས་གསུངས་པ། སེམས་ཅན་དམྱལ་བ་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས་ཐེ་ཚོམ་ཤིག་བདག་གི་ལས་བྱས་པ་རྒྱའི་འབུར་ལྟར་བསྟན་ནས་ཁས་ལེན་དུ་བཅུག་སྟེ། རྣམ་པ་དུ་མར་ཉེས་པ་སྣ་ཚོགས་བྱས་པ་དེ་བཞིན་དུ ་སྡུག་བསྔལ་དུ་མར་ཚོར་བར་བྱེད་དོ། །རྒྱུ་དང་འདྲ་བའི་འབྲས་བུ་དང། ས་བོན་དང་འདྲ་བའི་འབྲས་བུར་འགྱུར་ཏེ། ཇི་ལྟར་མི་དགེ་བའི་ལས་རྫོགས་པར་བྱས་པ་བཞིན་དུ། རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོར་མི་དགེ་བའི་ལས་རྫོགས་པར ་འབྲས་བུ་རྫོགས་པར་མྱོང་ངོ། དེ་བཞིན་དུ་ལོ་བརྒྱ་སྟོང་དུ་མའི་བར་དུ་སྡིག་པའི་ལས་དགྲར་གྱུར་པ་ཕན་པ་མི་འདོད་ཅིང་མི་ཕན་པར་འདོད་པ་ངེས་སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བར་བསྲེག་གོ་།དེ་བརྒྱ་ལ་ཅི་སྟེ་དེ་ལས་ཐར་ན་ཡང ་སྐྱབས་ཚོལ་དཔུང་གཉེན་ཚོལ་ཞིང་བརྒྱུགས་པ་དང། དེས་མཐོང་བ་རྒྱད་རིག་པོ་ནས་ཁྱི་བླུགས་ནས་ཁ་གདངས་ཏེ་སྟོབས་ཆེ་ཞིང་ཤིན་ཏུ་མགྱོགས་པ་རྡོ་རྗེའི་ཁ་ཤིན་ཏུ་འཇིགས་པར་ཟུག་པ། ཁྱི་ཁྲོ་བོས ་བདག་བསྐོར་བར་མཐོང་ནས། སེམས་ཅན་དམྱལ་བ་བ་དེ་བྲོས་པར་བརྩལ་བ་དང། ཁྱི་ཐམས་ཅད་ཀྱིས་བསྙགས་ཏེ་དེ་དག་གིས་བཟུང་ངོ། །བཟུང་ནས་ཀྱང་ཁམས་བུ་རེ་རེ་དང་ཆུ་རྒྱུས་ནས་ཆུ་རྒྱུས་དང། གཤེས་ཀྱི་དམིགས་ནས་གཤེས ་ཀྱི་དམིགས་དང། རུས་པའི་ཚིགས་ཚིགས་དང། ཡན་ལག་དང་ཉིན་ལག་ཐམས་ཅད་ཀྱང་དེ་བཞིན་དུ་འཆོས་ཏེ། ཡུངས་འབྲུ་ཙམ་གྱི་ཤ་ཡང་མ་ལུས་པར་བྱས་ནས། དེ་ནས་ཡང་ཕྱིར་སྐྱེས་ཏེ། དེ་བཞིན་དུ་ཡུན་རིང་པོར་ཁྱི་དག་འཆའོ། །དེ་ལས ་གང་གི་འབྲས་བུ་ཞེ་ན། དེ་ནི་སྲོག་གཅོད་པའི་འབྲས་བུ་སྟེ། དེ་ཤ་ཟ་བའི་ཕྱིར་སེམས་ཅན་གྱི་སྲོག་གཅོད་པས་དེ་ནི་དེའི་འབྲས་བུ་ཡིན་ནོ། །མ་བྱིན་པར་ལེན་པའི་འབྲས་བུར་འགྱུར་བ་ནི། ཇི་ལྟར་སེམས་ཅན་དམྱལ་བ་པ་དེས་ལས་ཀྱི་བསྒྱུར ་བའི་ནོར་མང་པོ་དག་མཐོང་ནས་ལས་ཀྱི་རྒྱུས་རྨོངས་ཏེ། བདག་གི་ནོར་དེ་དག་གཞན་གྱིས་ཁྱེར་བསྙམ་ཞིག་ནས་དེས་དེ་དག་བསྙགས་པ་དང། དེ་གཤིན་རྗེའི་མི་དག་གིས་བཟུང་ནས་བརྒྱངས་ཏེ། མཚོན་གྱིས་བཅད་ཅིང། ཚིགས་ཚིགས ་སུ་བཏུབས་ཀྱང་ཕྱིར་ཡང་འབྱོར་ཏོ། །སེམས་ཅན་དམྱལ་བ་པ་དེ་སེམས་ཅན་དམྱལ་བ་གཞན་དག་གིས་ཀྱང་མཐོང་ནས་རྒྱུགས་པ་དང། དེ་དག་ཀྱང་གཤིན་རྗེའི་མི་དེ་དག་གིས་གཟུང་སྟེ། རལ་གྲི་དང། མདུད་ཐུང་དང། མཚོན་རྩེ ་གཉིས་པ་དང། གཏུན་འབར་བ་རྣམས་ཀྱིས་དམྱལ་ནས། དེ་དག་མ་བྱིན་པར་བླངས་པའི་འབྲས་བུས་ལོ་བརྒྱ་སྟོང་དུ་མར་མ་བྱིན་པར་བླངས་པའི་འབྲས་བུ་མ་ཟད་མ་བྱང་མེད་པར་མ་གྱུར་གྱི་བར་དུ་མྱོང་ནས་ཕྱིས་དེ་ལས་ཐར་པར་འགྱུར་རོ།། ་འདོད་པ་ལ་ལོག་པར་གཡེམ་པ་ནི་ཐལ་ཚན་གྱི་རླུང་གིས་བུད་མེད་ཁྱེར་ནས། ཁྱོ་ག་ལ་འབོད་ཅིང་ཆུའི་དབས་གཡེངས་ཏེ། ཕྱེད་ནི་བྱིང་ནས་སེམས་ཅན་དམྱལ་བ་པ་ལ། འབོད་དེ་ང་ནི་ཐལ?་ཚན་གྱི་རླུང་གིས་ཁྱེར་ཏེ། མགོན་མེད་ཅིང་ཉམ་ཉེས་པ ་ལ་སྐྱབས་གྱིས་ཞེས་ཟེར་ཞིང་བུད་མེད་དེ་དུ་བའི་སྒྲ་དེ་ལས་ཀྱི་རྒྱུས་རྨོངས་པས་ཐོས་ནས། ཐལ་ཆལ་གྱི་ཆུ་ཀླུང་དེར་ཞུགས་པ་དང། ཞུགས་མ་ཐག་ཏུ་དེའི་ལུས་ཀྱང་ཐལ་ཚན་གྱི་རྣོ་བས་རུས་པ་ལ་ཤ་ཡུངས་འབྲུ་ཙམ་གྱི་ལྷག་མ་ཡང་མ་ལུས་པར་དེ་ལྟར ་ཞིགས་པ་དང། ཡང་ཕྱིར་སྐྱེས་སོ། །དེ་ནས་ཡང་བུད་མེད་དེ་རྒྱང་རིང་པོ་ནས་ཐལ་ཚན་གྱི་རླུང་གིས་ཁྱེར་ཏེ། བདག་ལ་སྐྱབས་མེད་ཀྱིས་སྐྱོབས་ཤིག་ཅེས་བྱི་བོ་ལ་སྨྲས་པ་མཐོང་ནས། སེམས་ཅན་དམྱལ་བ་པ་འདོད་ཆགས་ཀྱིས་ཟིལ་གྱིས་ནན་ཏེ ་ཡང་བུད་མེད་ལ་གཟུང་བ་དང། དེས་ལྕགས་ཀྱི་མཚོན་ཆ་རྣོན་པོས་ཁྱོ་ག་དེ་ལ་བཟུང་སྟེ་བྲད་ནས་དེའི་ལུས་ལ་ཤ་ཡུངས་འབྲུ་ཙམ་ཡང་མ་ལུས་པར་གྱུར་ནས་ལུས་ཀུན་ནི་ཁྲག་གིས་ཡོགས་ཏེ། ལུས་ལ་ནི་རྒྱུས་པའི་དྲ་བ་འབའ་ཞིག་ལུས་སོ། །དེ ་བུད་མེད་ལ་ཆགས་པས་ཟིལ་གྱིས་ནོན་ནས་ཡང་རྒྱུགས་ཏེ། སྡིག་པའི་ལས་དེ་མ་ཟད་མ་བྱད?་མེད་པར་མ་གྱུར་གྱི་བར་དུ་ལོ་བརྒྱ་སྟོང་དུ་མར་ཐལ་ཚན་གྱི་རླུང་གིས་གཡེངས་ནས་དེས་ཕྱིས་སེམས་ཅན་དམྱལ་བ་དེ་ལས་ཐར་ནས་ཀྱང་ཡང་སླར་སྐྱེས་སོ ་ཞེས་རྒྱ་ཆེར་གསུངས་སོ། །ལོངས་སྤྱོད་དང་སྲོག་ལ་ཆགས་པ་ཡང་ཁྱིམ་པ་རྣམས་ཀྱི་ལོག་པར་བསྒྲུབ་པ་ཡིན་ཏེ། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་འབྱུང་བ། རྒྱལ་པོ་ཆེན་པོ་དཔེར་ན། སྐྱེས་པ་འམ་བུད་མེད་གཅིག་གཉིས་ཀྱིས་ལོག་པའི ་རྨི་ལམ་ན། ཀུན་དགའ་ར་བ་ཉམས་དགའ་བ་འམ། རི་དང་རྫིང་བུ་དང། འབབ་ཆུ་དང་ནགས་ཚལ་དང་ལྗོངས་དང། མཚེའུ་དང། ཆུ་མིག་ཉམས་དགའ་བ་མཐོང་བ་ལས། དེ་སོང་མ་ཐག་ཏུ་ཅི་ཡང་མ་མཐོང་ངོ། །རྒྱལ་པོ་ཆེན་པོ་དཔེར་ན་ཤིང་ལས ་མེ་ཏོག་བྱུང་ནས་འབྲས་བུ་འབྱུང་ངོ། །འབྲས་བུ་བྱུང་ནས་འབྲས་བུ་ཡང་མེད་པར་འགྱུར་རོ། །འདབ་མ་སྔོན་པོ་བྱུང་ནས་སྐྱ་བོར་འགྱུར་རོ། །སྐྱ་བོ་ལས་ནི་ཡང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ ་གང་རྒྱལ་སྲིད་ཀྱི་བདེ་བ་དང། རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདེ་བ་དང། འདོད་པའི་བདེ་བ་དང། འདོད་པའི་ལོངས་སྤྱོད་ལ་དབང་བའི་བདེ་བ་འདི་ལྟ་སྟེ། གླང་པོ་ཆེ་དང། རྟ་དང་ཤིང་རྟ་དང། དཔུང་བ་ཆུང་དང། སླས་དང། བཙུན་མོ་དང་གཞོན ་ནུ་དང། བློན་པོ་དང། རྩིས་པ་དང། སྣ་ཆེན་པོ་ལ་ག་རྟོགས་པ་དང། སྒོ་བ་དང། འཁོར་དང། ཕ་མ་དང། སྤུན་དང། སྲིང་མོ་དང། ཆུང་མ་དང། བུ་ཕོ་དང། བུ་མོ་དང། རྟེན་གྲགས་དང། བྲན་ཕོ་དང། བྲན་མོ་དང། ལས་བྱེད་པ་དང ་གོ་རེ་ལོང་དང། ཞོས་ཤས་འཚོ་བ་དང། ཡུལ་གྱི་མི་དང་དངུལ་དང། གསེར་དང། ནོར་བུ་དང་རིན་པོ་ཆེ་དང། གོས་དང། ནོར་དང། འབྲུ་དང། མཛོད་དང། བང་ང་ལ་སོགས་པ་དེ་དག་ཐམས་ཅད་བོར་ཏེ་འགྲོ་དགོས་སོ། །དེ་དག་ཐམས ་ཅད་ནི་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། རྣམ་པར་འགྱུར་བའི་ཆོས་ཅན། ཡུན་ཐུང་བ། མི་གནས་པ། གཡོ་བ་དང། འགུལ་བ། མཐར་འཇིག་པ། སྐད་ཅིག་པ། མཐར་སྡིག་གང་ཟག་ཅིང་འཇིག་པའི་སྒོ། མཐར་འགྱེས་པའི ་ཆོས་ཅན། འཇིགས་པ་དང་བཅས་པ། འཚེ་བ་དང་བཅས་པ། མྱ་ངན་དང། འཁྲུག་པ་མང་བ། འདྲུལ་པ། འཇིག་པ། འཆད་པ། འགྱེས་པ། འཐོར་བ། རྣམ་པར་འཇིག་པའི་ཆོས་ཅན་ཏེ། དེ་ལྟ་བས་ན། རྒྱལ་པོ་ཆེན་པོ་ཁྱོད་མི་རྟག་པར ་ལྟ་པ་དང། ཟད་པ་དང་འཇིག་པར་ལྟ་ཞིང་ཆོས་ཀྱི་རྒྱལ་པོ་གྱིས་ལ། ཆོས་མ་ཡིན་པས་མ་བྱེད་ཅིག་།ཆོས་ཀྱི་རྗེས་སུ་འཇུག་པ་གྱིས་ལ། ཆོས་མ་ཡིད་པའི་རྗེས་སུ་འཇུག་པར་མ་བྱེད་ཅིག་།རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཕྱོགས་བཞི ་ནས་རི་ཆེན་པོ་སྲ་པ་སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། ཁོང་སྟོང་མ་ཡིན་པ། ཤིན་ཏུ་མཁྲེགས་པ། གཅིག་ཏུ་འདུས་པ་བཞི་གནམ་ལ་རེག་ཅིང་ས་ཟློག་སྟེ། རྩ་དང། ཤིང་དང། ཤིང་གེལ་བ་དང། ཡལ་ག་དང། ལོ་མ་ཐམས་ཅད ་དང། སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོད་ན་དེ་དག་ལས་ནི་མགྱོགས་པས་འབྲོས་པ་དང། སྟོབས་ཀྱིས་བཟློག་པ་འམ། ནོར་གྱིས་བཟློག་པའམ། རྫས་དང། སྔགས་དང། སྨན་རྣམས་ཀྱིས་བཟློག་པར་བླ་བ་མ ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོངས་ཏེ། དེ་དག་ལས་མགྱོགས་པར་འབྲོས་པ་འམ། སྟོབས་ཀྱིས་ཟློག་པ་འམ། ནོར་གྱིས་བཟློག་པ་འམ། རྫས་དང། སྔགས་དང། སྨན་རྣམས་ཀྱིས་བཟློག་པར་བླ ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་བཞི་གང་ཞེ་ན། འདི་ལྟ་སྟེ། རྒ་བ་དང། ནད་དང། འཆི་བ་དང། རྒུད་པའོ། །རྒྱལ་པོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཞིང་འོང། ནད་ནི་ནད་མེད་པ་འཇོམས་ཞིང་འོང། འཆི་བ་ནི་སྲོག་འཇོམས་ཞིང་འོང ་རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཞིང་འོང། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཚོགས་ཀྱི་ནང་དུ་ཞུགས་ནས་རི་དགས་བཟུང་སྟེ། ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ། །རི་དགས ་ང་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་གཟུང་བས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ན་མེད་དེ། དཔུང་གཉེན་ནི་མེད་གཤིས་ནི ་འཇིག་།ཚིགས་ནི་འབྱེ་འབྲལ། ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱིས་གདུངས་སོ། །སྐོམ་ནི་སྐོམ་བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང། སྣབས་དང། གཅིན་དང། ངན་སྐྱུགས་ཀྱིས་ནི་ལུས་ལ ་གོས། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་དབང་པོ་དག་ནི་འགག་།སྐྱིགས་བུ་ནི་འབྱུང། སྒྲ་ང་ར་ངར་པོ་ནི་འདོན། སྨན་པས་ནི་བོར། སྨན་དང། ཁ་ཟས་དང། བཟའ་བ་དང། བཅའ་བ ་དང། ཐུག་པ་ཐམས་ཅད་ཀྱིས་ནི་གླེས་ལ་བོར་ཏེ། འགྲོ་བ་གཞན་དག་ཏུ་འགྲོ་བས་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བའི་འཁོར་བའི་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལས། གཤིན་རྗེའི ་མིས་ནི་འཇིགས་སྐྲག་།བྱུར་གྱི་དབང་དུ་ནི་སོང། དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་བརྩེགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་ལང་སྲིད་པ་ནས་ནི་འཇུག་།གཅིག་པུ་གཉིས་སུ་མེད་ཅིང ་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ་།སྐྱས་ཆེན་པོ་དེ་ནི་འདེགས། མུན་བ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང། ཁྲོད་གཏུག་པོར་ནི་འཇུག་།དགོན་པ་ཆེན་པོར་ནི་འགྲོ་།རྒྱ་མཚོ་ཆེན་པོས་ནི ་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ་།གཡུལ་ངོ་ཆེན་པོར་ནི་འཇུག་།གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཚེལ་ཕ་མ་དང། ཕུ་ནུ་དང། སྲིང་མོ་དང། བུས་ནི་བསྐོར། དབུགས་ནི་ཆད། ཆོར་འགོ ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིགས་དེ། སྦྱིན་པ་དང། དཀའ་ཐུབ་དང། ཆོས་འབའ་ཞིག་གྲོགས་སུ་གྱུར་བ་ན། ཆོས་མ་གཏོགས་པ་སྐྱབས་གཞན་མེད། མགོན་གཞན་མེད་གནས་གཞན ་མེད་དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་གནས་དང། མགོན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། ཁྱོད་ཀྱིས་མི་རྟག་པར་ལྟ་ཞིང་ཟད་པ་དང། དེངས་པར་ལྟ་བར་བྱ་སྟེ། ་འཆི་བས་འཇིགས་སྐྲག་པར་བྱའོ། །ཆོས་ཀྱིས་རྒྱལ་སྲིད་གྱིས་ཤིག་།ཆོས་མ་ཡིན་པས་ནི་མི་བྱའོ། །ཁྱོད་ཆོག་ནར་མཐུན་པར་གྱིས་ཤིག་།ཆོས་མ་ཡིན་པ་དང་མཐུན་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་ལུས་འདི ་ལྟར་ལེགས་པར་ཡོངས་སུ་བསྲུངས་པ། ལེགས་པར་ཡོངས་སུ་བཅས་པའང་འཆི་བའི་དུལ་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཤིན་ཏུ་ཡུན་རིང་པོར་བཟའ་བ་དང། བཅའ་བ་དང། མྱང་བ་དང། ངོམས་པར་འགྱུར་བ་བསོད་བ ་གཙང་མ་མང་པོས་ཚིམ་པར་བྱ་སྟེ། བསྐྱེད་བསྐྱེད་པ་ཡང་ཐ་མའི་མལ་ན་འདུག་པའི་ཚེ། སྨན་པས་བོར་ཞིང་སྨན་དང། ཁ་ཟས་དང། བཟའ་བ་དང། ཐུག་པས་གླེས་ལ་བོར་ནས་བཀྲེས་པ། སྐོམས་པས་ཉེན་ཅིང་ཡིད་མི་བདེ་བར་འཆི ་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ལུས་བཀྲུས་ཤིང་བསྐུས་ཏེ། བདུག་པས་བསྒོས། མེ་ཏོག་དྲི་ཞིམ་བས་བསྒོས་ཀྱང་གདོན་མི་ཟ་བར་དུས་སུ་རང་བཞིན་གྱིས་ལྷན་ཅིག་སྐྱེས་པའི་དྲི་ང་བ་འབྱུང་བར་འགྱུར ་རོ། །རྒྱལ་བོ་ཆེན་པོ་འདི་ལྟར་ཡུལ་ཀ་ཤིའི་རས་དང། མོན་ངར་དང། དུ་གུ་ལའི་རས་དང། དར་དང། ཁ་ཆེ་དར་དང། བལ་དང། ཟང་མའི་རས་ལ་སོགས་པའི་གོས་ཀྱི་བྱེ་བྲག་གིས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ། སྣམ ་རྣམ་པ་མང་པོ་དང། ཆུས་རེག་ཅིང་གོས་དྲི་མ་ཅན་གྱོན་ཅིང་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཁྱིམ་ན་བུད་མེད་ཀྱི་ནང་ན་འདུག་པ་བཙུན་མོའི་འཁོར་གྱི་ནང་ན་འདུག་སྟེ། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཅིང། གར ་དང་གླུ་དང་རོལ་མོ་སིལ་སྙན་བྱེད། ཕེག་རྡོབ་དང། པི་ཝང་བྱེད?་གླིང་བུ་ལེན། རྔ་བརྡུང་ཞིང་ཡིད་བདེ་བར་རྩེ་དགའ་ཞིང་དགའ་མགུར་སྤྱོད་པ་ཡང་འཆི་བས་འཇིགས་སྐྲག་ནས་ཤིན་ཏུ་ཡིད་མི་བདེ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། ། ་རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དྲི་ཞིམ་པོས་བསྐུ་བས་བསྐུས། གཏན་པ་ནི་བཅུག་།སྐར་ཁུང་ནི་ལེགས་པར་བཅད་བྱུག་པ་མང་པོས་ནི་བྱུགས། འབྲུ་མར་དྲི་ཞིམ་པོས་ནི་མར་མེ་ནི་འབར། ་དར་གྱི་ལྔ་ལྡི་མང་ངོ་ས་ནི་བྲེས། མེ་ཏོག་དྲི་ཞིམ་པོའི་སིལ་མ་མང་པོས་ན་འཆལ་པར་བཀང། པོག་ཕོར་གྱིས་ནི་བདུགས། ཁྲིའི་རྩ་པ་གསེར་དང། དངུལ་དང། བེ་ཌཱུརྱ་ལས་ནི་བྱས། པྲ་ཏི་ཀ་དང་དྲེའུ་རྡོག་གི་སྟན་དང། སྟན་ནང་ཚངས་ཅན་དང། ་ཟ་འོག་གི་སྟན་དང། ཡུལ་ཀ་ལིངཀ་པའི་སྟན་དང། སྟེང་དུ་བཏིང་པ་དང། དེའི་སྟེང་དུ་བཏིང་པས་ནི་བཀབ། གཡས་གཡོན་དུ་དར་དམར་པོའི་སྔས་ནི་བཞག་པའི་ཁྲི་ལ་ཉལ་བ་ཡང་བྱ་རོག་དང། བྱ་རྒོད་དང། ཝ་དང། རོ་དང། ཤ་དང། རུས་པ ་དང། སྐྲ་དང། ཁྲག་དང་ཞག་དང། ཆུ་སེར་དང། རྣག་གི་གནས་མཆོག་ཏུ་འཇིགས་སུ་རུང་བའི་དུར་ས་ཆེན་པོར་བོར་ན། ལུས་གཡོ་བ་མེད་ཅིང་སལ་ཉལ་དུ་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱ་བ་ལ་ཁ་འམ། རྟའི ་རྒྱབ?་བམ?། ཤིང་རྟ་ལ་ཞོན་ཏེ། དུང་དང། རྔ་དང། རྫ་རྔ་དང། འཁར་རྔ་དང། རོལ་མོ་སིལ་སྙན་གྱི་བྱེ་བྲག་ལེན་པ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། རྣམ་པར་རྒྱལ་བའི་བ་དན་ནི་བསྒྲེངས། བསིལ་ཡབ་ནོར་བུའི་ཡུ་བ་ཅན ་དང། རྔ་ཡབ་དང། ཤིང་ཏཱ་ལ་ལས་བྱས་པ་ནི་གཡང་ཅིང། གླང་པོ་ཆེ་བ་དང། རྟ་པ་དང། དཔུང་བུ་ཆུང་དུ་མ་ནི་ཕྱི་བཞིན་འབྲང། རྒྱལ་བུ་དང། བྲམ་ཟེ་བསླབ་པ་འཕོག་པའི་བློན་པོ་དང། མདུན་ན་འདོན་དང། སྐྱེ་བོ་ཐལ་མོ་སྦྱར་བ་བརྒྱ་སྟོང་དུ ་མས་ནི་ཕྱག་བྱ་ཞིང་རྒྱལ་བར་སྦྱོན་ཅིག་།རྒྱལ་པར་སྤྱོན་ཅིག་ཅེས་སྙན་པར་བརྗོད་དེ་ཕྱིར་འབྱུང་བ་མྱོང་བ་ཡང་རིང་པོ་མི་ཐོགས་པར་གཡོ་བ་མེད་ཅིང་མལ་དུ་ཤི་ནས་མི་བཞིས་བཏག་སྟེ། ཕ་དང་མ་དང་ཕུ་ནུ་དང། སྲིང་མོ་དང། ཆུང་མ་དང། བུ་ཕོ ་དང། བུ་མོ་དང། རྟེན་གྲོགས་དང། བྲན་ཕོ་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། བློན་པོ་དང། གྲོང་ཁྱེར་པའི་སྐྱེ་བོ་དག་མྱ་ངན་གྱི་དབང་དུ་སོང་སྟེ། ལག་པ་བཏེག་ནས་བྲང་བརྡུང་ཞིང་མཆོག་ཏུ་སྙིང་རྗེ་བར་གྱི་ཧུད་བུ། ཀྱི་ཧུད་མགོན ་པོ། ཀྱི་ཧུད་བུ་ཕོ། ཀྱི་ཧུད་ཇོ་བོ་ཞེས་དུ་ཞིང་ཞམ་རིང་བ་དང། གྲོང་ཁྱེར་པའི་སྐྱེ་བོ་དག་གི་འཇིགས་པ་དང་བཅས་པར་མཐོང་སྟེ། གྲོང་ཁྱེར་གྱི་ཕྱོགས་ཀྱི་སྒོར་ཕྱུང་ནས་སའི་འོག་ཏུ་བཅུག་གམ། འབྲོག་དགོན་པར་སའི་འོག་ཏུ་བཅུག་ཀྱང་བྱ་རོག ་དང། བྱ་རྒོད་དང། །ཝ་ལ་སོགས་པས་ཟོས་ཤིང་རུས་པ་དེ་དག་མེས་བསྲེགས་སམ། ཆུར་བསྐུར་རམ་སའི་འོག་ཏུ་བཅུག་ཀྱང་རླུང་དང་ཉི་མ་དང། ཆར་པས་ཕྱེ་མར་བྱ་སྟེ། ཕྱོགས་ཕྱོགས་སུ་མཐོར་ཞིང་དེ་ཉིད་དུ་རུལ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ ་དེ་ལྟར་ཐམས་ཅད་ཀྱི་ལུས་ཀྱི་རང་བཞིན་ནི་འདི་ཡིན་ཏེ། འདི་ལྟར་མི་རྟག་པ། འདི་ལྟར་མི་བརྟན་པ། འདི་ལྟག་ཡིད་བརྟན་དུ་མི་རུང་བ། འདི་ལྟར་རྣམ་པར་འཇིག་པའི་ཆོས་ཅན། ཡུན་ཐུང་བ་མི་གནས་པ། གཡོ་བ། འགུལ་བ། མཐར་འཇིག་པ། ་སྐད་ཅིག་པ། མཐར་སྡིག་པ། ཟད་ཅིང་འཇིག་པའི་སྒོ། མཐར་འགྱེས་པའི་ཆོས་ཅན། འཇིག་པ་དང་བཅས་པ། འཚེ་བ་དང་བཅས་པ། མྱ་ངན་དང། འཁྲུག་པ་མང་བ། འདྲུལ་པ་འཇིག་པ། འཚང་པ་འཐོར་བ། རྣམ་བར་འཇིག་པའི་ཆོག་ཅན་ཏེ། ་དེ་ལྟ་བས་ན་རྒྱལ་པོ་ཁྱོད་མི་རྟག་པར་བལྟ་བ་དང། ཟད་པ་དང། འཇིག་པར་བལྟ་བ་དང། འདོད་ཆགས་ཀྱིས་ཆགས་པ་མེད་པ་དང། ཞེ་སྡང་གིས་སྡང་བ་མེད་པ། གཏི་མུག་གིས་རྨོངས་པ་མེད་པ། རྒྱལ་སྲིད་ཀྱི་དབང་ཕྱུག་དང། འདོད་པའི ་ལོངས་སྤྱོད་ཀྱི་བདེ་བ་རྣམས་ལ་ཡང་མི་ཆགས་པར་བྱའོ། །སྲོག་དང་ནད་མེད་པའི་རྒྱགས་པས་རྒྱགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འདོད་པ་རྣམས་རྙེད་པ་འམ། སོ་སོར་རྙེད་པ་འམ། བསགས་པ་འམ། རབ་ཏུ་བསགས་པ་འམ། ་བསྟེན་པ་ནི་འདོད་པ་རྣམས་ཀྱིས་ངོམས་པར་འགྱུར་རོ། །ཞེས་པ་མི་སྨྲའོ། །གང་དག་ངོམས་པ་དེ་དག་ནི་འཕགས་པའི་ཤེས་རབ་ཀྱིས་ངོམས་སོ། །ཞེས་གསུངས་སོ། །རྟག་ཏུ་ལུས་ལ་མི་སྡུག་པར་སྒོམ་པ་དང ་ལྡན་པར་བྱ་སྟེ། དཀོན་མཆོག་སྤྲིན་གྱི་མདོ་ལས་འབྱུང་བ། ལུས་འདི་ལ་སྐྲ་དང། སྤུ་དང། སེན་མོ་དང། སོ་དང། རྡུལ་དང། བྲི་མ་དང། པགས་པ་དང། ཤ་དང། རུས་པ་དང། རྒྱུས་པ་དང། རྩ་དང། མཁལ་མ་དང། སྙིང་དང། མཆིན ་པ་དང། གློ་བ་དང། རྒྱུ་མ་དང། གཉེ་མ་དང། ལྒང་པ་དང། ཕོ་བ་དང། སུལ་མ་ངེས་དང། ལེང་ག་དང། མཆེར?་པ་དང། ཕྱི་ས་དང། མཆི་མ་དང། རྡུལ་དང། སྣབས་དང། དར་སྣབས་དང། ཞག་དང། ཆུ་སེར་དང། རྐང་དང། ཚིལ་དང། ་མཁྲིས་པ་དང། བད་ཀན་དང། རྣག་དང། ཁྲག་དང། ཀླད་པ་དང། ཀླད་རྒྱ་དང། གཅིན་དག་ཡོད་དེ། དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོག་པའི་རང་བཞིན་ཅན་ཡིན་ཏེ། ཡོངས་སུ་རྟོག་པའི་རང་བཞིན་ཅན་དེ་འདི་སྙམ་དུ་གང ་ཡང་བྱིས་པ་བླུན་པོ་མི་གསལ་བ་མི་མཁས་པ། དེ་ཡང་དངོས་པོ་འདི་དག་ཤེས་ནས་འདོད་ཆགས་ཀྱིས་སེམས་བསྐྱེད་ན། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་སོ་ཞེས་ནི་ཇི་སྐད་གསུངས་པ་ལྟ་བུའོ།། ་དོན་རྣམ་པར་ངེས་པའི་མདོ་ལས་ཀྱང་འབྱུང་བ། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང། ཤིང་དྲུང་ན་འདུག་ཀྱང་རུང། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད། སྐྲ་དང་ཀླད་པ་ལ ་ཐུག་གི་བར་དུ་མི་གཅང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ། ལུས་འདི་ལ་ཡོད་པ་ནི་སྐྲ་དང། སྤུ་དང། སེན་མོ་དང། སོ་དང། རྡུལ་དང། དྲི་མ་དང། པགས་པ་དང། ཤ་དང། རུས་པ་དང། རྒྱུས ་པ་དང། རྩ་དང། མཁལ་མ་དང། སྙིང་དང། གློ་བ་དང། མཆིན་པ་མེ་དང། ཕོ་བ་དང། ལོང་ག་དང། རྒྱུ་མ་དང། གཉེན་མ་དང། ལྒང་པ་དང། སུལ་མངས་དང། མཆེར་མ་དང། ཕྱིས་ས་དང། མཆི་མ་དང། རྡུལ་དང། དར་སྣབས་དང། མཆིལ ་མ་དང། ཞག་དང། ཆུ་སེར་དང། རྐང་དང། ཚིལ་དང། རྣག་དང། བད་ཀན་དང། མཁྲིས་པ་དང། ཁྲག་དང། ཀླད་པ་དང། ཀླད་རྒྱ་དང། གཅིན་དང། མིག་རྡུལ་དང། རྣ་ལྤགས་དང། སོའི་དྲི་མ་དང། ལྕེའི་དྲི་མ་དག་ཡོད་དེ། མི་གཙང་བ་རྣམ་པ ་སྣ་ཚོགས་ཀྱིས་གང་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ་།དགེ་སློང་དག་འདི་ལྟ་སྟེ། དཔེར་ན་འབྲས་ས་ལུ་དང། འབྲུ་དང། ནས་དང། གྲོ་དང། མོན་སྲན་གྲེའུ་དང། མོན་སྲན་སྡེའུ་དང། རྒྱ་སྲན་དང། འབྲས་སོ་པ་དང། སྲན་ཆུང་དང། ་མོན་སྲན་ན་གུ་དང། ཡུངས་ཀར་དང། འབྲུ་རྣམ་པ་སྣ་ཚོགས་ཀྱིས་གང་བའི་སྦྱང་ཞིག་ཁ་གཉིས་ཀ་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་བླུགས་ནས་སོ་སོར་རྟོགས་ཏེ། སོ་སོར་བརྟགས་ནས་འདི་དག་ནི་འབྲས་ས་ལུའོ། །འདི་དག་ནི་འབྲུའོ།། ་འདི་དག་ནི་ནས་སོ། །འདི་དག་ནི་གྲོའོ། །འདི་དག་ནི་མོན་སྲན་གྲེའུའོ། །འདི་དག་ནི་མོན་སྲན་སྡེའུའོ། །འདི་དག་ནི་རྒྱ་སྲན་ནོ། །འདི་དག་ནི་འབྲས་སོ་བའོ། །འདི་དག་ནི་སྲན་ཆུང་ངོ། །འདི་དག་ནི་མོན་སན་མགུའོ། །འདི་དག་ནི་ཏིལ་ལོ། །འདི་དག་ནི་འབྲས ་དྲུས་པའོ། །འདི་དག་ནི་ཡུངས་གར་རོ། །ཞེས་བྱ་བར་ཤེས་སོ། །དགེ་སློང་དག་དེ་བཞིན་དུ་དགོན་པ་ན་འདུག་ཀྱང་རུང། ཤིང་དྲུང་ན་འདུག་ཀྱང་རུང། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང། ཀླད་པ་ལ་ཐུག ་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཅེས་གསུངས་སོ། །དཔས་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང། འདི་ལ་བྱང་ཆུབ་སེམས་དཔའ་འདིའི་ཐོག་མ་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ།། ་ཕ་མའི་ཁུ་ཆུ་དང་ཁྲག་འདྲེས་པ་ལས་བྱུང་སྟེ། ལུས་འདི་ལ་ཁུ་ཆུ་དང་ཁྲག་ནི་ལུས་ཀྱི་ཐོག་མའི་རྒྱུ་ཡིན་ནོ། །ཐ་མའི་རྒྱུ་ནི་ཟས་འཇུ་བ་ལ་གོགས་པ་སྟེ། ཁམ་གྱི་བཟའ་བའི་ཟས་ཟོས་མ་ཐེག་ཏུ་བད་ཀན་གྱི་གནས ་སུ་འགྲོའོ། །བད་ཀན་གྱི་གནས་སུ་ཕྱིན་ནས། བད་ཀན་གྱིས་རྐྱང་རྐྱང་པར་བྱས་ཏེ། ཤིན་ཏུ་མི་གཙང་བར་འགྱུར་རོ། །དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ། མཁྲིས་པའི་གནས་སུ་ཕྱིན་ནས་ཞུ་ཞིང་སྐྱུར་པོར་གྱུར་ཏེ། རླུང་གི་ཁམས ་སུ་འགྲོའོ། །ཞུ་སྟེ་རླུང་གི་ཁམས་སུ་ཕྱིན་ནས་རླུང་གིས་ཚིགས་མ་ལོགས་ཤིག་དངས་མ་ལགས་ཤིན་ཏུ་རྣམ་པར་འབྱེད་དོ། །ཚིགས་མ་ལས་ནི་གཅིན་དང་ངན་སྐྱུགས་ལ་སོགས་དྲི་མ་རྣམས་འབྱུང། དངས་མ་ལས་ནི་ཁྲག་ཏུ་འགྱུར་ཏེ། ཁྲག ་ལས་ཤའོ། །ཤ་ལས་ཚིལ་ལོ། །ཚིལ་ལས་རུས་པའོ། །རུས་པ་ལས་རྐང་ངོ། །རྐང་ལས་ཁུ་ཆུའོ། །ཁུ་ཆུ་ལས་ལུས་འདི་སྟེ། དེ་ལྟར་ཐོག་མ་དང། ཐ་མའི་རྒྱུ་མི་གཙང་བའི་ཕྱིར། ལུས་མི་གཙང་བར་བྱང་ཆུབ་སེམས་དཔས་བསམ་པར ་བྱའོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། འདི་ལྟར་མི་གཙང་ཕུང་པོའི་ལུས་ལ་ནི། །གཟུགས་མངོན་ང་རྒྱལ་ཅན་གང་གུས་བྱེད་པ། །བྱིས་པའི་བློ་ཅན་དེ་ནི་སྔོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། །དེའི་སྣ ་ནས་རྣག་གི་རྣམ་པར་འཛག་།ཁ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང། །མིག་ཏུ་ཆགས་ཞིང་སྐྱེ་བོ་སྲིན་དུ་ཅན། །དེ་ལ་སུ་ཞིག་ཆགས་ཞིང་གུས་པར་བྱེད། དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོ་བྱ་ཞེས་བདར་ཀྱང་ནི། །དཀར ་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །ཕྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ཅན། །ང་ཡི་ལུས་འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འབབ་སྟེགས་བརྒྱར་ནི་ཁྲུས་བྱས་ཀྱང། །འཆི་བདག་དབང ་གིས་ཟད་འགྱུར་གཙང་མི་འགྱུར། ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང། དེ་ནས་ལི་ཅ་བྱི་དྲི་མ་མེད་པར་གྲགས་པས་ཚད་མེད་པའི་ཐབས་ལ་མཁས་པའི ་ཡེ་ཤེས་དང་ལྡན་ཏེ། ཡངས་བའི་གྲོང་ཁྱེར་ཆེན་པོ་ན་གནས་ཤིང་འདུག་གོ་།དེ་ཐབས་ལ་མཁས་པས་བདག་ཉིད་ན་བ་ལྟ་བུར་བསྟན་ནས། དེ་ལ་ནད་དྲི་བའི་ཕྱིར་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་རྒྱལ་པོ་དང། བློན་པོ་ཆེན་པོ་དང། བློན་པོ་དང། གཞོན ་ནུ་དང། འཁོར་དང། བྲམ་ཟེ་དང། ཁྱིམ་བདག་དང། ཚོང་དཔོན་དང། ཁྱིམ་པ་དང། ཡུལ་གྱི་མི་དང། དེ་མ་ཡིན་པ་སྲོག་ཆགས་སྟོང་ཕྲག་མང་པོ་ནད་འདྲིར་འོངས་ཏེ། དེར་ལྷགས་པ་དེ་དག་ལ། ལི་ཅ་བྱི་དྲི་མ་མེད་པར་གྲགས་པས་འབྱུང་བ ་ཆེན་པོ་བཞིའི་ལུས་འདི་ཉིད་ལ་རྩམས་ནས་ཆོས་སྟོན་ཏེ། གྲོགས་པོ་རྣམས་ལུས་འདི་ནི་འདི་ལྟར་མི་རྟག་པ་འདི་ལྟར་མི་བརྟན་པ། འདི་ལྟར་མིང་བརྟན་དུ་མི་རུང་བ། འདི་ལྟར་ཉམ་ཆུང་བ། འདི་ལྟར་ཞིགས་པ། འདི་ལྟར་སྡུག་བསྔལ་བ། འདི ་ལྟར་ནད་མང་བ། འདི་ལྟར་འགྱུར་བའི་ཆོས་ཅན་ནོ་གྲོགས་པོ་དག་འདི་ལྟར་ལུས་འདི་ནི་ནད་མང་པོའི་སྣོད་དེ། མཁས་བས་དེ་ལ་གནས་པར་མི་བྱའོ། །གྲོགས་པོ་དག་ལུས་འདི་ནི་ཅི་རིམ་བཟོད་པ་སྟེ། དབུ་བརྡོས?་པ་ལྟ་བུའོ། །ལུས་འདི་ནི་རིང་དུ ་མི་གནས་པས་ཏེ། ཆུའི་ཆུ་བུར་ལྟ་བུའོ། །ལུས་འདི་ནི་ཉོན་མོངས་པའི་སྲིང་པ་ལས་འབྱུང་བ་སྟེ། སྨིག་རྒྱུ་ལྟ་བུའོ། །ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཆུ་ཤིང་གི་ཕུང་པོ་ལྟ་བུའོ། །ཀྱེ་མ་ལུས་འདི་ནི་རུས་པ་ལ་རྒྱུས་པས་སྤྲེལ་པ་སྟེ། འཁྲུལ ་འཁོར་ལྟ་བུའོ། །ལུས་འདི་ནི་སེམས་ཕྱིན་ཅི་ལོག་ལས་བྱུང་བ་སྟེ། སྒྱུ་མ་ལྟ་བུའོ། །ལུས་འདི་ནི་ཡང་དག་པ་མ་ཡིན་པ། མཐོང་བ་དེ་སྟེ་རྨི་ལམ་ལྟ་བུའོ། །ལུས་འདི་ནི་སྔོན་གྱི་ལས་ཀྱི་གཟུགས་བརྙན་སྣང་བ་སྟེ། ཆུ་ཟླ་ལྟ་བུའོ། །ལུས་འདི་ ་ནི་རྐྱེན་ལ་རག་ལས་པའི་ཕྱིར་བྲག་ཅ་ལྟ་བུའོ། །ལུས་འདི་ནི་སེམས་འཁྲུག་ཅིང་འགྱེས་པའི་མཚན་མ་སྟེ། སྤྲིན་ལྟ་བུའོ། །ལུས་འདི་ནི་སྐད་ཅིག་ཏུ་འཇིག་པ་དང་ལྡན་ཞིང་མི་གནས་པ་སྟེ། གློག་དང་མཚུངས་སོ། ། ་ལུས་འདི་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་སྟེ། བདག་པོ་མེད་པའོ། །ལུས་འདི་ནི་ས་དང་འདྲ་སྟེ་བྱེད་པ་མེད་པའོ། །ལུས་འདི་ནི་ཆུ་དང་འདྲ་སྟེ་བདག་མེད་པའོ། །ལུས་འདི་ནི་མི་དང་འདྲ་སྟེ། སྲོག་མེད ་པའོ། །ལུས་འདི་ནི་རླུང་དང་འདྲ་སྟེ་གང་ཟག་མེད་པའོ། །ལུས་འདི་ནི་ནམ་མཁའ་དང་འདྲ་སྟེ་རང་བཞིན་མེད་པའོ། །ལུས་འདི་ནི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་ཏེ། ཡང་དག་པ་མ་ཡིན་ནོ། །ལུས་འདི་ནི་བདག་དང་བདག་གི་བ་མེད་པ་སྟེ་སྟོང ་པའོ། །ལུས་འདི་ནི་རྩ་དང། ཤིང་དང། རྩིག་པ་དང། བོང་བ་དང། མིག་ཡོར་ལྟ་བུ་སྟེ་བེམ་པོའོ། །ལུས་འདི་ནི་རླུང་གི་འཁྲུལ་འཁོར་དང་ལྡན་པས་འབྱུང་སྟེ་ཚོར་བ་མེད་པའོ། །ལུས་འདི་ནི་རྣག་དང། མི་གཙང་བ་བསགས་པ་སྟེ། ་གསོག་གོ་།ལུས་འདི་ནི་རྟག་ཏུ་བྱུག་པ་དང་མཉེ་བ་དང། འཇིག་པ་དང་འགྱེས་པའི་ཆོས་ཅན་ཏེ་གསོབ་པོ། །ལུས་འདི་ནི་ནད་བཞི་བརྒྱ་རྩ་བཞིས་གཙེས་པའོ། །ལུས་འདི་ནི་རྟག་ཏུ་རྒ་བས་ཟིལ་གྱིས་ནོན་པ་སྟེ། ཁྲོན་པ་རྙིང་པ་དང་འདྲའོ།། ་ལུས་འདི་ནི་འཆི་བའི་མཐར་ཐུག་བ་སྟེ། མཐར་མི་གནས་པའོ། །ལུས་འདི་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱིས་ཡོངས་སུ་ཟིན་པ་སྟེ། གཤེད་མ་དང་དུག་དྲག་པོ་དང་གྲོང་སྟོད་པ་ལྟ་བུའོ། །ཁྱེད་ཀྱིས་དེ་ལྟ་བུའི་ལུས་ལ་སུན་པ་དང ་སྐྱོ་བ་སྐྱེད་ཅིང་དེ་བཞིན་གཤེགས་པའི་སྐུལ་མོས་པ་བསྐྱེད་པར་བྱའོ། །གྲོགས་པོ་རྣམས་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། བསོད་ནམས་ལས་སྐྱེས་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་སྦྱིན་པ་ལས་སྐྱེས་པ ་ཚུལ་ཁྲིམས་ལས་སྐྱེས་པ། ཏིང་ངེ་འཛིན་ལས་སྐྱེས་པ། ཤེས་རབ་ལས་སྐྱེས་བ། རྣམ་པར་གྲོལ་བ་ལས་སྐྱེས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སྐྱེས་བ། བྱམས་པ་དང་སྙིང་རྗེ་དང། དགའ་བ་དང་བཏང་སྙོམས་ལས་སྐྱེས་པ། སྦྱིན་པ་དང། དུབ? ་བ་དང། ཡང་དག་པར་སྡོམ་པ་ལས་སྐྱེས་པ། དགེ་བ་བཅུའི་ལས་ཀྱི་ལམ་ལས་སྐྱེས་པ། བཟོད་པ་དང་ངེས་པ་ལས་སྐྱེས་པ། བརྩོན་འགྲུས་དང་བརྟན་པའི་དགེ་བའི་རྩ་བ་ལས་སྐྱེས་པ། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང ་སྙོམས་པར་འཇུག་པ་ལས་སྐྱེས་པ། ཐོས་པ་དང། ཤེས་རབ་དང། ཐབས་ལས་སྐྱེས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལས་སྐྱེས་པ། ཞི་གནས་དང་ལྷག་མཐོང་ལས་སྐྱེས་པ། སྟོབས་བཅུ་ལས་སྐྱེས་པ། མི་འཇིགས་པ་བཞི ་ལས་སྐྱེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས་སྐྱེས་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལས་སྐྱེས་པ། མངོན་པར་ཤེས་པ་དང་རིགས་པ་ལས་སྐྱེས་པ། མི་དགེ་བའི་ཆོས་ཐམས་ཅད་སྤོང་པ་ལས་སྐྱེས་པ། དགེ་བའི་ཆོས་ཐམས ་ཅད་ཡང་དག་པར་སྡུད་པ་ལས་སྐྱེས་པ། བདེན་པ་ལས་སྐྱེས་པ། ཡང་དག་པ་ཉིད་ལས་སྐྱེས་པ། བག་ཡོད་པ་ལས་སྐྱེས་པའོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དགེ་བའི་ལས་ཚད་མེད་པ་ལས་སྐྱེས་པ་སྟེ། ཁྱེད་ཀྱིས་དེ་ལྟ་བུའི་སྐུ ་དེ་ལ་མོས་པ་སྐྱེད་པར་བྱའོ། ཞེས་གསུངས་སོ། །།བམ་པོ་གསུམ་པ། །དབང་ཕྱུག་གི་གནས་རྙེད་ན་ཡང་སུས་ཀྱང་ལོག་པར་བསྒྲུབ་པར་མི་བྱ་སྟེ། ཡང་དག་པར་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །དེ་ལ་ཡང་དག་པའི་སྒྲུབ་པ་ནི། ་བདེན་པ་པོའི་ལེའུ་ལས་འབྱུང་བ། སྐྱེ་དགུ་བསྐྱེད་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོས་འདུ་ཤེས་ལ་གནས་པ་བརྒྱད་ཀྱིས་མང་དུ་གནས་པར་བྱའོ། །བརྒྱད་གང་ཞེ་ན། སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་དང། མི་སུན ་པ་རྣམས་ལ་ནད་པའི་འདུ་ཤེས་དང། སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་འདུ་ཤེས་དང། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང། མི་མཛའ་བ་རྣམས་ལ་དེའི་གཞི་ལས་ཉེས་པར་ལྟ་བའི་འདུ་ཤེས་དང། མཛའ་ ་པོ་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་དང། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང། བདག་ལ་བདག་མེད་པའི་འདུ་ཤེས་སོ། །རྒྱལ་པོ་ཆེན་པོ་དེ་ལ་སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་ཀྱི་གནས་པ་ནི་རྒྱལ ་པོ་ཆེན་པོ་དེ་ཕས་བུ་བཅོས་པ་ལྟར་མི་སྲུན་པ་ཚར་བཅད་པ་ལ་འཇུག་ཀྱང། སྙིང་རྗེ་བའི་བསམ་པ་མི་གཏོང་བའོ། །མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་ཀྱིས་གནས་པ་ནི་སྨན་པ་ལྟར་གནོད་པ་བྱེད་པ་ལ་ནི་མི་ཁྲོ་ཞིང་ཁྲོ་སྐྱོན་རབ་ཏུ་བསལ་བའི་ཕྱིར ་སྦྱོར་པའོ། །སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་བའི་འདུ་ཤེས་ཀྱིས་གནས་པ་ནི། གནོད་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་ཕན་པ་བསྒྲུབ་པའི་ཕྱིར་འཇུག་པའོ། །བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་ཀྱིས་གནས་པ་ནི་གཞན་གྱི་ནོར་དང་ཡོ་བྱད་ལ་བརྣབ ་སེམས་དང་ཕྲག་དོག་གི་སེམས་མི་བསྐྱེད་པའོ། །མི་མཛའ་བ་རྣམས་ལ་དེའི་གཞི་ལ་ཉེས་པར་ལྟ་བའི་འདུ་ཤེས་ཀྱིས་གནས་པ་ནི་དེའི་གཞི་ཡོངས་སུ་སྤོང་བ་སྟེ། དེས་སྐྱེ་བོ་གཞན་ལ་ལྟ་ཅི་སྨོས་ཀྱི་དགྲ་རྣམས་དང་ཡང་མཛའ་བར་བྱེད་པའོ། ། ་མཛའ་པ་རྣམས་ལས་རྗེས་སུ་བསྲུང་བའི་འདུ་ཤེས་ཀྱིས་གནས་པ་ནི་མཛའ་བ་བརྟན་པ་དང། ཐམས་ཅད་དང་མཛའ་བའོ། །ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པ་ལ་ཡོངས་སུ་མི་སྤྱོད་ཅིང་ལོངས ་སྤྱོད་པ་རྣམས་ལ་མ་ཆགས་པར་ཡོངས་སུ་སྤྱོད་པའོ། །བདག་ལ་བདག་མེད་པའི་འདུ་ཤེས་ཀྱིས་གནས་པ་ནི་ཆོས་དོན་དུ་གཉེར་ཞིང་དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱི་དྲུང་དུ་སོང་སྟེ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་འཇུག་པ་སྟེ། རྒྱལ་པོ་ཆེན ་འདུ་ཤེས་ལ་གནས་པ་བརྒྱད་པོ་དེ་དག་གིས་གནས་པའི་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ལོངས་སྤྱོད་རྣམས་ཤིན་ཏུ་མང་བར་འཕེལ་བར་འགྱུར་གྱི། ཆོས་དང་མི་མཐུན་པས་ནི་གཡོའི་སྦྱོར་བ་དང། འདུན་པ་རྣམ་པ་ཐམས ་ཅད་ཀྱིས་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི་འགྱུར་རོ། ཞེས་གསུངས་སོ། ཡིད་གཉིས་ལེགས་པར་འཇོམས་པའི་མདོ་ལས་ཀྱང། ཆོས་བཞི་དང་ལྡན་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་ཏེ། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱུར་དུ་མཉེས་པར་བྱེད་ཅིང་ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི ་ཕྱིར་གནས་པ་ཡིན་སྡིག་པ་མི་དགེ་བའི་ཆོས་ལ་སྨོད་པ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་ཡོངས་སུ་འཛིན་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཞེས་གསུངས་སོ། །མི་དགེ ་བ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ། མ་འོངས་པའི་དུས་ན་རྒྱལ་རིགས་དང། བྲམ་ཟེའི་རིགས་དང། རྗེའུ་རིགས་དང། དམང་རིགས་དག་ཆོས་ཀྱི་གནས་པའི་དགེ་སློང་རྣམས་ལ་བྱིན་པའི་ཁྱིམ་གྱི་གཞི་དང། ཞིང ་གི་གཞི་དང། ཀུན་དགའ་ར་བའི་གཞི་དང། སྐྱེད་མོས་ཚལ་དང། ཕྲན་ཕོ་དང། ཕྲན་མོ་དང་ལས་བྱེད་པ་དང། མལ་ཆ་དང། སྟན་དང། ན་བའི་གསོས་སྨན་དང། ཡོ་བྱད་ནས་རྐང་འགྲོས་ཀྱི་བར་དུ་ཡང་དེ་བཞིན་དུ་བྱིན་པ་ལ་བརྐུ་བ་དང། རིལ་གྱིས ་ཕྲོག་པ་དག་འབྱུང་པར་འགྱུར་ཏེ། རྒྱལ་རིགས་ནས་དམངས་རིགས་ཀྱི་བར་དུ་དེ་དག་ཚེ་འདི་ལ་མི་འདོད་པའི་ཆོས་ཉི་ཤུ་དང་མྱུར་དུ་ལྡན་པར་འགྱུར་རོ། །ཉི་ཤུ་གང་ཞེ་ན། ལྷ་འཕངས་པར་འགྱུར་བ་དང་ཕྱོགས་དང། ཕྱོགས་མཚམས་སུ་དེའི་མི་སྙན་པ ་གྲག་པར་འགྱུར་བ་དང། དེ་མཛའ་བོ་དང། ཉེ་དུ་དང། སྣག་གི་གཉེན་མཚམས་ཀྱིས་བོར་བར་འགྱུར་བ་དང། དེ་ལ་དགྲ་མང་བར་འགྱུར་བ་དང། ནོར་དང། འབྲུ་དང། ཡོ་བྱད་འགྲིབ་པར་འགྱུར་བ་དང། གཡེང ་བ་མང་བར་འགྱུར་བ་དང། ཡན་ལག་མ་ཚང་བར་འགྱུར་བ་དང། དེ་ཉིད་མེད་པར་འགྱུར་བ་དང། དེ་དག་གཏན་དུ?་བསྐོམ་པས་ཉེན་བར་འགྱུར་བ་དང། དེ་ལ་བཏུང་བ་ཡང་དུག་དུ་འགྱུར་བ་དང། མཛའ་བ་ཡིད་དུ་འཐད་པ་དག་དང་ཡང་མྱུར ་དུ་འབྲལ་བར་འགྱུར་བ་དང། རྟག་ཏུ་གཞན་དང་འཐབ་པར་འགྱུར་བ་དང། ཕ་མ་དང། ཆུང་མ་དང། བུ་ཕོ་དང། བུ་མོ་དང། བྲན་ཕོ་དང། བྲན་མོ་དག་།བསྒོ་བའི་རྗེས་སུ་མཐུན་པར་མི་བྱེད་པར་འགྱུར་བ་དང། དེའི་ཚིག་གསང་བ་དང། ་ནོར་གསང་བ་དང། བཙུན་མོའི་འཁོར་གསང་བ་དང། དེའི་གསང་བའི་དངོས་པོ་ཐམས་ཅད་སྣང་ཞིང་མངོན་པར་འགྱུར་བ་དང། བགོ་སྐལ་ལ་སྤྱོད་པ་མི་སྡུག་པ་དག་གི་ལོངས་སྤྱོད་རྣམས་ཆུད་གསོན་པར་འགྱུར་བ་དང། མྱུར་དུ་ནད་དྲག ་པོས་བཏབ་བར་འགྱུར་བ་དང། སྨན་དང་ནད་གཡོག་མེད་ཅིང་ཤ་དང་ཁྲག་སྐམ་ལ། སྡུག་བསྔལ་མྱོང་བར་འགྱུར་བ་དང། བདག་གི་གཅིན་སྐྱག་གིས་རེག་སྟེ། འཆི་བའི་དུས་བྱེད་པར་འགྱུར་བ་སྟེ། རྒྱལ་པོ་ཆེན་པོ་མི་འདོད་པའི་ཆོས་ཉི ་ཤུ་པོ་འདི་དག་དང་ཕྲད་པར་འགྱུར་རོ། །གང་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ལ་བྱིན་པའི་ལོངས་སྤྱོད་དང། ཡོངས་སུ་སྤྱོད་པ་དང། ནོར་དང་ཡོ་བྱད་ཕྱོགས་སམ་བདག་སྤྱོད་དང། གཞན་སྤྱོད་དུ་འཇུག་ན་དེ་འཆི་བའི་དུས་བྱས་ནས ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་སྟེ། དེ་ན་ཚེ་བསྐལ་པའི་བར་ཟངས་བཞུ་བའི་ཁུ་བ་འཐུང་ཞིང་ལྕགས་ཀྱི་ཐོ་ལུམ་ཟ་ལ་མེའི་གོས་གྱོན་ཅིང་ཤིན་ཏུ་མི་ཟད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ། །བསྐལ་བར་འདུག ་པའི་ཚེ་ཟད་ནས་མྱ་ངན་དགོན་པ་ཆུ་མེད་པ་ན་ལམ་གོལ་བའི་ཡི་དགས་དང་སྐལ་པ་མཉམ་པར་སྐྱེས་ནས་ཡང་རྐང་པ་དང། ལག་པ་དང། མིག་མེད་པར་སྐྱེའོ། །དེ་ནས་ཕྱོགས་བཞིའི་རླུང་ཆེ་བས་བསྲེག་ཅིང་སྤུ་གྲི་འདྲ་བའི་ས་ལ་འགྲེ་སྟེ། དེ་ལོ ་བརྒྱ་སྟོང་དུ་མའི་བར་དུ་དེ་ན་འདི་འདྲ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བརྒྱ་ལ་ཇི་སྟེ་དེ་ནས་ཤི་འཕོས་ན་ཡང། རྒྱ་མཚོ་ཆེན་པོར་ཤ་སྣ་དགུའི་ལུས་དཔག་ཚད་བརྒྱ་པར་སྐྱེས་ཏེ། དེ་ནི་སྔོན་གྱི་ལས་ཀྱི་རྒྱུས་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག ་ཏུ་ཆུ་ཟངས་བཞུ་བའི་ཁུ་བ་འདྲ་བ་འབྱུང་ནས། དེ་ཆུ་དེའི་ནང་ན་ལོ་བརྒྱ་སྟོང་དུ་མའི་བར་དུ་སེམས་ཅན་དམྱལ་བར་གནོད་པ་མྱོང་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་མྱ་ངན་གྱི་དགོན་པར་བརྫུས་ཏེ་སྐྱེས་ནས། ཤ་སྣ་གུ་ཆེན་པོ་རེ་ཙམ་དུ་གྱུར་ཏེ ་ཕྱོགས་བཞི་ཀུན་ནས་རླུང་ཤིན་ཏུ་ཆེ་བས་བསྲེག་ཅིང་དེ་ཕྱོགས་བཞི་ནས་གཅན་ཟན་དང། བྱ་ཀུན་ལྷགས་དེ་ཟའོ། །དེ་བརྒྱ་ལ་ཇི་སྟེ་ཡུན་རིང་པོ་ཞིག་ན་དེ་ནས་ཤི་འཕོས་ནས་ཀྱང། ཡང་སེམས་ཅན་དམྱལ་བ་ཆེན་པོར་སྐྱེའོ། །དེ་ནས་ཤི་འཕོས་ཀྱང་ཡང ་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །ཡོངས་སུ་བརྟག་པ་བཟུང་སྟེ། ཇི་སྟེ་བརྒྱ་ལ་མི་རྣམས་དང། སྐལ་པ་མཉམ་པར་སྐྱེས་ན་ཡང། སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་དུ་སྐྱེ་ཞིང་མིག་མེད་པ་དང་མི་སྡུག ་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆོས་ཀྱིས་གནས་པའི་དགེ་སློང་རྣམས་ཀྱི་ལོངས་སྤྱོད་དང། ཡོངས་སུ་སྤྱོད་པ་དང། ནོར་དང་ཡོ་བྱད་ཕྲོགས་ན། དེ་འདི་ལྟ་བུར་སྡུག་བསྔལ་བར་འགྱུར་རོ། །ཞེས་གསུངས་སོ། །ནམ་མཁའ་ཨི་སྙིང་པོའི་ལེའུ་ལས་ཀྱང། རིགས་ཀྱི ་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བ་ལྔ་སྟེ། ལྟུང་བའི་རྩ་བ་དེ་དག་གིས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུང་གཟན་ཏེ། ཕས་ཕམ་ཞིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ནས ་ལྟུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་མཆོད་རྟེན་གྱི་རྫས་འཕྲོག་གམ། དགེ་འདུན་གྱི་དང། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ། འཕྲོག་ཏུ ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་དང་པོའོ།། །།གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ། ཉན་ཐོས་ངེས་པར་འབྱུང་བ་བཤད་པ་འམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པའམ། ཐེག་པ་ཆེན་པོ་ངེས ་པར་འབྱུང་བ་བཤད་པ་སྤོང་ཞིང་འོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ།། །།གང་ཡང་ངའི་ཕྱིར་རབ་ཏུ་བྱུང་སྟེ། སྐྲ་དང་ཁ་སྐུ་ཕྲེགས་ནས། གོས་ངུར་སྨྲིག་གྱོན་པ་བསླབ་པ་བཟུང་ཡང་རུང། བསླབ་པ? ་མ་བཟུང་ཡང་རུང་སྟེ། ཚུལ་ཁྲིམས་འཆལ་བ་ཡང་རུང། ཚུལ་ཁྲིམས་དང་ལྡན་པ་ཡང་རུང། དེའི་གོས་ངུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་བཅུག་གམ། ལུས་ཀྱི་ཆད་པ་གཞུ་བརྡེག་བྱེད་དམ། ཆད་བར་ནོར་འབུལ་དུ ་འཇུག་གམ། བཙོན་རར་འཇུག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ། །རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ། མའི་སྲོག་གཅོད་པ་དང། ཕ་དང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགྲ་བཅོམ ་པའི་སྲོག་གཅོད་པ་དང། དགེ་འདུན་འདུས་པ་བྱེད་པ་དང། ཆེད་དུ་བསམས་ཏོ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་པོ་འདི་དག་ལས་གང་ཡང་རུང་བའི་ལས་བྱེད་པ་འདི ་ནི་ལྟུང་བའི་རྩ་བ་བཞི་པའོ།། །།རྒྱལ་རིགས་གང་ཡང་རྒྱུ་མེད་པ་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས་གནས་ཞིང། སེམས་ཅན ་གཞན་མང་པོ་དག་ཀྱང། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་ལ་འགོད་པ་འདི་ནི་ལྟུང་བའི་རྩ་བ་ལྔ་པའོ།། །།ཡང་བློན་པོའི་རྩ་བ་ལྔ་སྟེ། ལྔ་གང་ཞེ་ན། བློན་པོ་གང་མཆོད་རྟེན ་གྱི་རྫས་སམ། དགེ་འདུན་གྱི་དང། ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་ལྟུང་བའི་རྩ་བ་དང་པོའོ།། །།གང་དག་གྲོང་འཇོམས་པ་དང། ལྗོངས་འཇོམས་པ་དང། གྲོང་ཁྱེར་འཇོམས་པ་དང་ཡུལ་འཁོར ་འཇོམ་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གཉིས་པའོ།། །།ཡང་བློན་པོ་གང་ཆོས་སྤོང་བ་སྟེ། ཉན་ཐོས་ངེས་བར་འབྱུང་བ་བཤད་པ་འམ། རང་སངས་རྒྱས་ངེས་པར་འབྱུང་བ་བཤད་པ་འམ། ཐམས་ཅད་མཁྱེན་པའི ་ཡེ་ཤེས་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ལ། སུབས་པར་བྱེད་པ་འདི་ནི་ལྟུང་བའི་རྩ་བ་གསུམ་པའོ།། །།ཡང་བློན་པོ་གང་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ། ཚུལ་ཁྲིམས་དང་ལྡན་ཡང་རུང། ཚུལ་ཁྲིམས ་དང་མི་ལྡན་ཡང་རུང་བ་ལ་འཚེ་སྟེ། གོས་ངུར་སྨྲིག་འཕྲོག་གམ། ཁྱིམ་ན་གནས་པར་བྱེད་དུ་འཇུག་གམ། བཙོན་རར་བཅུག་གམ། ཆད་པར་ནོར་འཕྲོག་གམ། སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་བཞི་པའོ།། །། ་ཡང་བློན་པོ་གང་མཚམས་མེད་པ་ལྔ་ལས་གང་ཡང་རུང་བས་སྡིག་པའི་ལས་སོགས་པ་འདི་ནི་ལྟུང་བའི་རྩ་བ་ལྔ་པའོ།། །།ཡང་བློན་པ་གང་གིས་ལྟུང་བའི་རྩ་བ་ལྔ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་བྱས་ན། བློན་པོ་དེ ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གཟོན་པ་ཡིན་ནོ། །ཞེས་གསུངས་སོ། །ཟླ་བའི་སྙིང་པའི་ལེའུ་ལས་ཀྱང། གྲོགས་པོ་དག་སུ་ངའི་ཕྱིར་རབ་ཏུ་བྱུང་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་སྲོག་གཅོད་པར་བྱེད་དམ། མ་བྱིན་བར་ལེན ་པ་དང། མི་ཚངས་པར་སྤྱོད་པ་དང། བརྫུན་དུ་སྨྲ་བ་དང། མི་རིགས་པའི་མི་དགེ་བ་གཞན་?་པ་དེ། རྒྱལ་པོ་རྒྱལ་རིགས་ནས་གྲོང་ཁྱེར་དང་གྲོང་གི་གཙོ་བོས་སམ། གྲོང་ཁྱེར་དང། ཡུལ་དང་གཙུག་ལག་ཁང ་ནས་སྐད་དེ་ལོངས་སྤྱོད་དང་བྲལ་བར་རྗེས་སུ་མཐུན་པའི་ངག་གིས་ཆད་པས་བཅད་པར་བྱའི། ལུས་ལ་ནི་ཆད་པས་མི་གཅོད་དོ། །སུ་ཞིག་ལུས་ཀྱི་ཆད་པས་གཞུ་བརྡིག་བྱེད་ན་དེ་ནི་དགེ་བ་ཐམས་ཅད་ལས་ཉམས་པར་འགྱུར་རོ། ལྷ་དང་མིའི་ནང་དུ ་སྐྱེ་བ་དང་བྲལ་ཏེ། མནར་མེད་པར་སྐྱེ་བར་འགྱུར་རོ། །དེ་ནས་ལྷ་ཐམས་ཅད་ནས་ལུས་སྲུལ་པའི་བར་དུ་ཇི་སྙེད་འདུས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་དཀོན་མཆོག་གསུམ་ལ་སེམས་ཤིན་ཏུ་དང་ཅིང་རབ་ཏུ་ཆེར་གུས་ཏེ་ངོ་མཚར་དུ་འཛིན ་ཅིང། འདི་སྐད་ཅེས་གསོལ་ཏོ། །དེ་སླན་ཆང་བདག་ཅག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བར་བགྱིའོ། །དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་དང། ཐ་ན་གང་བཅོམ་ལྡན་འདས་ཀྱི་བསླབ་པ ་འདྲལ་བ་དང། ཐ་ན་སུ་ཞིག་བཅོམ་ལྡན་འདས་ཀྱི་སླད་དུ་སྐྲ་དང། ཁ་སྤུ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་འཚལ་ཞིང་བསླབ་པ་གཞན་མི་བགྱིད་ལ། དེ་ཡོངས་སུ་འཛིན་པ་མ་མཆིས་ན་ཡང་བདག་ཅག་གིས་དེ་ལ་སྟོན་པའི་འདུ་ཤེས་ཀྱིས་བསྲུང་ཞིང ་ཡོངས་སུ་སྐྱབ་པར་བགྱིའོ། །ཡོ་བྱད་ཐམས་ཅད་སྦྱར་བར་བགྱིའོ། །གལ་ཏེ་རྒྱལ་པོས་ངུར་སྨྲིག་ཚལ་བུ་འཚལ་བ་དེ་ལྟ་བུ་ལ། རྐྱེན་གང་ཡང་རུང་བས་ལུས་ཀྱི་ཆད་པ་གཞུ་བརྡེག་བགྱིས་ན། བདག་ཅག་གིས་རྒྱལ་པོ་དེ་ལ་མི་བསྲུང་ངོ། །མི ་བསྐྱོང་ངོ། །དེའི་ཡུལ་འཁོར་དུ་བགྱི་བ་ཐམས་ཅད་རྐྱང་ཡལ་བར་འདོར་རོ། །དེའི་ཡུལ་འཁོར་དུ་གཡོ་ཐམས་ཅད་དང། ཐབ་མོ་དང། རྩོད་པ་དང། མི་ངས་དང། ནད་དང། མུ་གེ་དང། འཁྲུག་པ་དང། དུས་མ་ལགས་པར་རླུང་ལྡང་བ་དང། དུས ་མ་ལགས་པར་ཆར་འབབ་པ་དང། ཆར་མི་འབབ་ཅིང་ལོ་མ་རུངས་པར་འགྱུར་བའི་རྐྱེན་གནོད་པ་ཞིག་བྱུང་ན་ཡང། བདག་ཅག་གིས་བཟློག་པར་མི་བགྱིའོ། །དེའི་ཡུལ་ནས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱང་ཡུལ་གཞན་དུ་མཆི་བར་འགྱུར་རོ།། ་ཡུལ་དེ་ན་སྦྱིན་གནས་ཀྱང་མ་མཆིས་པར་བགྱིའོ། །བདག་ཅག་ཀྱང་དེ་ནས་མཆི་བར་བགྱིའོ། །ཞེས་འབྱུང་ངོ། །འཕགས་པ་སའི་སྙིང་པོའི་མདོ་ལས་ཀྱང། སའི་སྙིང་པོ་སྔོན་བྱུང་བ། ཡུལ་ལྔ་ལེན་གྱིས་རྒྱལ་པོ་སྡེ་རྣམ་པར་རྒྱལ་བ་ཞེས་བྱ་བའི ་འབངས་བསད་པ་ལ་ཐུག་པ་ཞིག་ཡོད་པ་དེ་སྲེག་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་ངུར་སྨྲིག་གི་ཚལ་བུ་མགུལ་དུ་བཏགས་སོ། །དེ་ནས་བསད་པ་ལ་ཐུག་པའི་མི་དེ་གཤད་མས་བཅིང་བ་ལས་དམ་པོར་བཅིངས་ནས་དུར་ཁྲོད་ཆེན་པོ་བི་ཏི་ཁ་ལམྦྷ་ཀ་ཞེས ་བྱ་བར་བོར་རོ། །དེ་ནས་དེའི་མཚན་མོ་དུར་ཁྲོད་ཆེན་པོ་དེར་སྲིན་མོ་ཆེན་མོ་མིག་མི་བཟང་མ་ཞེས་བྱ་བ་གཡོག་ལྔ་སྟོང་དང་འོངས་ནས། དེས་བཅིང་བ་ལྔས་བཅིངས་པའི་མི་ཞིག་མགོ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་པ་མཐོང་ནས་དེས་དེ་ལ་བསྐོར་ཏེ། ཕྱག ་འཚལ་ནས་སླར་སོང་ངོ། །དེ་བཞིན་དུ་གཉིས་པ་སེངྒེ་ལྡེང་སོ་ཅན་ཞེས་བྱ་བ་འཁོར་ལྔ་སྟོང་དང། དེ་བཞིན་དུ་གསུམ་པ་ཁྲོ་གཉེར་སྒྲ་ཅན་ཞེས་བྱ་བ་དང། བཞི་པ་རལ་གྲི་ཁ་ཞེས་བྱ་བ་དེ་དག་གིས་མགོ་བྲེགས་ཏེ། ངུར་སྨྲིག་གི་ཚལ་བུ་གྱོན?་པ་ད ་མཐོང་ནས། བཀྲེས་བཞིན་དུ་མ་ཟོས་པར་ཕྱིར་དོང་ངོ། །སའི་སྙིང་པོ་སྔོན་བྱུང་བ་རྒྱལ་པོ་རབ་ཏུ་བསོད་ནམས་ཅན་ཞེས་བྱ་བ་དེའི་བློན་པོས་མི་བསད་པ་ལ་ཐུག་པ་ཞིག་།གླང་པོ་ཆེ་རྒྱགས་པ་གསོད་དུ་བཅུག་པ་དང། གླང་པོ་ཆེ་དེས་མི་དེའི་རྐང་པ ་གཉིས་ནས་བཟུང་སྟེ། མཐུ་ཐམས་ཅད་ཀྱིས་ས་ལ་བརྡབས་པར་བྱས་པ་དང། མི་དེ་གོས་དམར་པོ་གྱོན་པ་ཞིག་ནས། གླང་པོ་ཆེ་གཏུམ་པས་ཀྱང་གོས་དམར་པོ་གྱོན་པ་མཐོང་བ་དང། སེམས་དང་ནས་མི་དེ་དལ་གྱིས་ལ་བཞག་སྟེ་དུ་བ་བཞན་དུ་མདུན ་ན་འདུག་ཅིང་གནས་དེའི་རྐང་པ་གཉིས་ལ་ཉུག་གོ་།དུད་འགྲོའི་སྐྱེ་ནས་སུ་སོང་བའི་མི་ཁོམ་པར་གྱུར་པ་ལོག་པར་ལྟུང་བ་དེ་ལྟ་བུ་ཡང་གོས་དམར་པོ་གྱོན་པ་མཐོང་ནས། བཟོད་ཅིང་སྡིག་པ་མ་བྱས་པར ་གྱུར་པ་ལ་ལྟོས། ཡང་མ་འོངས་པའི་དུས་ན། རྒྱལ་པོ་གདོལ་པ་དང། བློན་པོ་དང། བཀྲབས་པ་དང། དགེ་སྤྱོད་དང་བྲམ་ཟེ་དང། ཁྱིམ་བདག་གདོལ་པ་བླུན་ཡང་མཁས་སོ། །ཞེས་རྒྱལ་བྱེད་ཅིང་ཚུལ་འཚོལ་པ་དང། གཡོ་དང་སྒྱུའུ་ཚིག ་གིས་འཇིག་རྟེན་བསླུ་སྟེ། དེ་ནི་བླ་ན་མེད་པའི་ཐེག་པ་ཆེན་པོ་འཚོལ་ལོ་ཞེས་ཟེར་ལ་བླུན་ཞིང་གཏུམ་སྟེ། འཇིག་རྟེན་ཕ་རོལ་གྱི་འཇིགས་པ་ལ་མི་བལྟ་བ་དག་འབྱུང་སྟེ། དེ་དག་ནི་ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་པ་དང། སྣོད་དུ་མ་གྱུར་པ་རུང ་བ་ལ་རྐྱེན་སྣ་ཚོགས་ལས་སྙད་བཏགས་ཏེ། འཚེ་ཞིང་ལུས་ཀྱི་འཆད་པ་འམ། བཙོན་རར་ཞུགས་པའི་ཆར་བ་འམ། ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་དང། དཔྲལ་བའི་ཆད་པའམ། ཁྱིམ་པའི་ལས་སྣ་ཚོགས་བྱེད་དུ་གཞུག་པའི་ཆད་པ་འམ། སྨ? ་དབབ་པའི་ཆད་པ་འམ། བསྙེན་བཀུར་བྱེད་དུ་གཞུག་པའི་ཆད་པ་འམ། ཆད་པས་བསྡིགས་པ་འམ། སྲོག་དང་བྲལ་བའི་བར་དུ་བྱེད་པར་འགྱུར་ཏེ། དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས ་ཅད་ལ་རབ་ཏུ་བརྙས་པར་བྱས་པར་གྱུར་པ། མནར་མེད་པར་གཞོལ་ཅིང་དགེ་བའི་རྩ་བ་ཆད་པ། སེམས་ཀྱི་རྒྱུད་བསྲེག་པ། མཁས་པ་ཀུན་གྱིས་ཡོངས་སུ་སྤངས་པའོ། །གཞན་ཡང་རྒྱལ་རིགས་གདོལ་པ་ནས་ཁྱིམ་བདག་གདོལ་བའི་བར ་དུ་གང་དག་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་གཙུག་ལག་ཁང་གི་གཞི་འམ། ཀུན་དགའ་ར་བའི་གཞི་འམ། ཁྱིམ་གྱི་གཞི་འམ། ཞིང་གི་གཞི་འམ། མི་འམ་དུད་འགྲོའི་སྐྱེ་གནས་སུ་སོང་བ་འམ་གོས་སམ། བཟའ་བ་འམ། བཏུད་བ ་འམ་མལ་ཆའམ། ན་པའི་བསམ་སྨན་དང། ཡོ་བྱད་དམ། ལོངས་སྤྱོད་དམ། ཀུན་སྤྱོད་པ་སྣ་ཆགས་སམ། མེ་ཏོག་དང་འབྲས་བུའི་ཤིང་ངམ། ཤིང་བཅུད་ཅན་ནམ། སྤོས་ཀྱི་ཤིང་ངམ། མཚོན་གྱི་ཤིང་ངམ། གྲིབ་ཤིང་ཡང་རུང་སྟེ། དགེ་སློང་རྣམས་ལ ་ལོངས་སྤྱོད་དང། ཡོངས་སུ་སྤྱོད་པའི་ཕྱིར་བྱིན་པ་འཕྲག་པ་དང། འཕྲོག?་ཏུ་འཇུག་པ་དང། དེའི་ཕྱིར་རབ་ཏུ་བྱུང་བ་ལ་གཤེ་བ་དང། སྤྱོ་བ་དང། སྐྲོད་པ་དང། བརྙས་པ་དང། ཆོས་ཀྱི་བར་ཆད་བྱེད་པ་དང། ཆོས་སྨྲ་བའི་དགེ་སློང་རྣམས་ལ་གནོད་པར ་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ཐམས་ཅད་ནི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ནས་མཁས་པ་ཐམས་ཅད་ཀྱིས་སྤངས་པའི་བར་དུའོ། །ཞེས་གསུངས་སོ། །དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ་བཟོད་པ་ཐོབ་པའི་སེམས་ཅན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ་ནི་གནས་དང་ལོངས་སྤྱོད་དང། ཡོངས་སུ་སྤྱོད་པ་དང། དབང་ཕྱུག་གི་གནས་ངས་གནང་ངོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསལ་པ། བཅོམ་ལྡན་འདས ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་པ། གང་བཟོད་པ་མ་ཐོབ་པ་དེ་ཇི་ལྟར་ངན་སོང་དུ་མི་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བཟོད་པ་མ་ཐོབ་ཀྱང་དེ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ། གནས ་ན་དེ་ལ་ཡུལ་འཁོར་གྱི་ལོངས་སྤྱོད་དང། ཡོངས་སུ་སྤྱོད་པ་དང། དབང་ཕྱུག་གི་གནས་གནང་ངོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། གང་བཟོད་པ་མ་ཐོབ་པ ་དེ་ཇི་ལྟར་ངན་སོང་དུ་མི་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བཟོད་པ་མ་ཐོབ་ཀྱང་དེ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ། གནས་ན་དེ་ལ་ཡུལ་འཁོར་གྱི་ལོངས་སྤྱོད་དང། ཡོངས་སུ་སྤྱོད་པ་དང། དབང་ཕྱུག ་གི་གནས་གནང་ངོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་གང་དག་བཟོད་པ་མ་ཐོབ་ལ། དགེ་བ་བཅུའི་ལས་ཀྱི་ལམ་དང་ཡང་མི་ལྡན་པ་དེ་དག་ནི་རྒྱལ་རིགས་གདོལ་བ་དག ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ཟབ་མོ་འདི་འཇིག་པར་བགྱིད་པར་འགྱུར་ཞིང་དེ་དག་ནི་མནར་མ་མཆིས་པར་མཆི་བར་འགྱུར་བ་ལགས་ན། དེ་དག་ཇི་ལྟར་ཐར་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་པོ ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གང། དད་པའི་སྟོབས་ཀྱིས་གོ་ཆ་བགོས་ཏེ། དཀོན་མཆོག་གསུམ་ལ་དད་པ་མང་ཞིང། ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་ཆོས་མི་སྤོང་ལ། ཐ་ན་ཚིགས་སུ་བཅད་པ་གཅིག་ཀྱང་མ་རུང་པར་མི ་བགྱིད་དེ། ཚུལ་ཁྲིམས་དང་ལྡན་པ་དང། ཚུལ་ཁྲིམས་འཆལ་ཡང་རྣམ་པར་མི་འཚེ། ཐ་ན་མགོ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་པ་ལ་ཡང་གནོད་པ་མི་བྱེད་པ་དང། དགེ་འདུན་དང། མཆོད་རྟེན་གྱི་རྫས་མི་འཕྲོག་པ་དང། དགེ་སློང་ལ་འཚེ ་ཞིང་ལོངས་སྤྱོད་པ་ལས་བཟློག་པ་དང། ཐེག་པ་གསུམ་གྱི་ངེས་པར་བྱུང་བའི་ཆོས་ཀྱི་གཏམ་ཉན་ཅིང། ཇི་ལྟར་ཐོས་པ་ཉམས་ཀྱིས་ཅི་ནུས་སུ་བསྒྲུབ་པ་དང། ཐེག་པ་གསུམ་ལ་ནན་ཏན་བྱེད་པའི་དགེ་སློང་རྣམས་དང། བསྟེན་པ་དང་བསྙེན་བཀུར ་བྱེད་པ་དང། ཡིད་དམ་ལ་བརྟན་པ་དང། མི་བསླུ་བའི་སེམས་དང་ལྡན་པ་དང། སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང། འཛུད་པ་དང། རབ་ཏུ་འགོད་པར་བྱེད་པ་དེ་ལྟ་བུའི་རྒྱལ་རིགས་དགེ་བ་དེ་ལ། ་སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཡུལ་འཁོར་གྱི་ཟས་ཀྱི་ལོངས་སྤྱོད་དང། ཡོངས་སུ་སྤྱོད་པ་དང། དབང་ཕྱུག་གི་གནས་རྒྱ་ཆེན་པོ་ནི་ལོག་པར་ལྟུང་བ་མི་འགྱུར་བར་སྣང་སྟེ། ངེས་ཀྱང་དེ་དག་ལ་དེ་གནང་ངོ་ཞེས་གསུངས་སོ།། ་ཡང་དེ་ཉིད་ལས་འབྱུང་བ། རྒྱལ་རིགས་ནས་ཁྱིམ་བདག་གི་བར་དུ་དགེ་བ་གང་ལ་ལ་ཞིག་ད་ལྟར་དང་མ་འོངས་པའི་དུས་ལྔ་བརྒྱ་ཐ་མའི་བར་དུ་བདག་དང་གཞན་དང། འཇིག་རྟེན་ཕ་རོལ་བསྲུང་བ་དང། བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བ་དང ་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་གྱིས་ཕྱུག་པ། སྣོད་དུ་གྱུར་པ། སྣོད་དུ་མ་གྱུར་པ་ནས་མགོ་བྲེགས་ཏེ། ངུར་སྨྲིག་གི་ཚལ ་བུ་གྱོན་པའི་བར་ལ་སྲུང་བར་བྱེད། སྐྱེད་པར་བྱེད། མཆོད་པར་བྱེད་པ་དང། མཆོད་རྟེན་དང་དགེ་འདུན་ལ་ཕུལ་བ་ལ་བདག་ཀྱང་མི་སྤྱོད། གཞན་ཡང་སྤྱོད་དུ་མི་འཇུག་པ་དང། འཕྲོག་ན་ཡང་འོང་བར་བྱེད་པ་དེ་ནི་ཕུང་པོ་ཚད་མེད་པ་གྲངས ་མེད་དཔག་ཏུ་མེད་པར་སྐྱེད་དོ། །དེ་ནས་ལྷའི་དབང་པོ་ཐམས་ཅད་ནས། ཤ་ཟའི་རྒྱལ་པོའི་བར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་རིགས་དགེ་བ་ནས། ཁྱིམ་བདག་དགེ་བའི་བར་དུ་གང་ཞིག་ཡོན་ཏན་འདི་ལྟ་བུ་ལྡན་པ ་དེ་བདག་ཅག་གིས་རྣམ་པ་བཅུས་བསྲུང་བར་བགྱིའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེའི་ཚེ་བསྲིད་བར་བགྱི་བ་དང། ཚེའི་བར་ཆད་དུ་འགྱུར་བ། ཆོས་ཀྱིས་བཟློག་པར་བགྱི་བ་དང། བྲོ་ནང་མ་མཆིས་པར་བགྱི་བ་དང། གཡོག་དང་ལོངས ་སྤྱོད་དང། ཀུན་སྤྱོད་པ་དང། དབང་ཕྱུག་དང། སྙན་པ་དང། གྲགས་པ་དང། དགེ་བའི་བཤེས་གཉེན་དང། ཤེས་རབ་ཕུན་སུམ་ཚོགས་པ་ཡང་བསྐྱེད་པར་བགྱིའོ། །རྒྱལ་རིགས་དགེ་བ་དེ་འཁོར་དང་བཅས་པ་དང། ཡུལ་འཁོར་མཛའ་དག ་བདག་ཅག་གིས་རྣམ་པ་བཅུས་བསྲུང་བར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། གཞན་གྱི་དམག་ཚོགས་དང། ནང་གི་དམག་ཚོགས་དང། སྡིག་པ་དང། འཆི་བ་དང། ཆར་མི་འབབ་པ་དང། ཆར་ཆེས་པ་དང། དུས་མ་ལགས་པར་རླུང་ལྡང་བ ་དང། ཚ་བ་དང། གཟའ་དང། རྒྱུ་སྐར་གནོད་པ་དང། མུ་གེ་འབྱུང་བ་དང། གློ་བུར་གྱི་བྲོ་ནད་ཀྱིས་འགུམ་པ་དང། ལོག་པར་ལྟ་བ་རྣམས་ལས་བཟློག་པར་བགྱིའོ། །ཞེས་འབྱུང་ངོ། །འཕགས་པ་ཟླ་འོད་ཀྱི་ལེའུ ་ལས་ཀྱང། གཏོང་བ་པོ་དང། སྦྱིན་བདག་དང། ལྷ་དང། ཀླུ་དང། གནོད་སྦྱིན་གང་དག་ངའི་བསྟན་པ་འཛིན་པ་དང་གང་དག་ངའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་བ་དང། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་བརྩོན ་པ་དང་གང་དག་ངའི་བུ་ངག་ལས་སྐྱེས་པ་དང། ཆོས་ལས་སྐྱེས་པ་དང། ཆོས་ཀྱི་སྤྲུལ་པའི་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་དང། གཞན་དད་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དང། གང་དག་དོན་དམ ་པའི་བདེན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་ཚོལ་བ། ཡོངས་སུ་གཏོང་བའི་གཏོང་བ་དང། སྦྱིན་བདག་དང། ལྷ་དང་ཀླུ་དང། གནོད་སྦྱིན་དེ་དག་ངས་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས ་དགའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལག་ཏུ་གཏད་དོ། །ཞེས་གསུངས་སོ། །ཆོས་སྒྲུབ་པ་ལ་གནས་པར་འདོད་པས་སེམས་ལ་མཁས་པར་བྱའོ། །ཇི་ལྟར་ན་གནས་སེམས་ལ་མཁས་པ་ཡིན་ཞེ་ན། འཕགས་པ་དཀོན་མཆོག་སྤྲིན ་གྱི་མདོ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པར་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་མཁས་པ་ཡིན་ཞེ་ན། དེ་ལུས་དང་སེམས་རབ་ཏུ་དབེན་པས་སེམས་ལ་མཁས་པ་ཡིན་ཏེ། དེ་སེམས་ལ ་འདི་སྙམ་དུ་བདག་གི་སེམས་འདི་ཅི་དགེ་བ་ལ་སྤྱོད་དམ། དེ་སྟེ་མི་དགེ་བ་འམ་འོན་ཏེ་ལུང་དུ་མ་བསྟན་པ་འམ། ཆོས་གང་ལ་སྤྱོད་ཅེས་རྣམ་པར་སྤྱོད་དེ། གལ་ཏེ་དགེ་བ་ལ་སྤྱོད་ན། དེ་ལ་སེམས་དགའ་བ་དང། རངས་པ་དང། མོས་པ་བསྐྱེད ་དོ། །དགེ་བའི་ཆོས་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །འོན་ཏེ་མི་དགེ་བ་ལ་སྤྱོད་ན་དེ་ལ་སྐྱོ་བ་མང་བ་དང། རྟོག་པ་མང་བ་ཡིན་ཏེ། མི་དགེ་བའི་ཆོས་དེ་དག་སྤོང་བ་ལ་བརྩོན་པ་ཡིན་ནོ། །ཞེས་གསུངས་སོ།། ་མ་སྐྱེས་དགྲའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་གང་ལ། བདུད་སྡིག་ཅན་གྱིས་གླགས་རྙེད་པ་དང། དེ་བཞིན་གཤེགས་པ་མི་མཉེས་པར་འགྱུར་བ་དང། ལྷ་རྣམས་མི་དགའ་བར་འགྱུར་བ་དང། བདག་གི་དགེ་བའི་རྩ་བའི་ཕྱོགས ་འབྲི་བར་འགྱུར་བའི་སེམས་བསྐྱེད་པར་མི་བྱའི། སེམས་བསྐྱེད་པ་གང་ལ། བདུད་སྡིག་ཅན་གྱི་གླགས་མི་རྙེད་པ་དང། དེ་བཞིན་གཤེགས་པ་མཉེས་པར་འགྱུར་བ་དང། ལྷ་རྣམས་དགའ་བ་དང། བདག་གི་དགེ་བའི་རྩ་བའི་ཕྱོགས་འབྲི་བར་མི་འགྱུར ་བའི་སེམས་བསྐྱེད་པར་བྱ་སྟེ། དེ་ལྟར་ཞུགས་པ་དེའི་སེམས་བསྐྱེད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ། །ཞེས་གསུངས་སོ། །སྨྲ་བ་ལ་དགའ་བར་མི་བྱ་སྟེ། ལྷག་པའི་བསམ་པ་སྐུལ་བའི་མདོ་ལས་འབྱུང་བ། བྱམས་པ་འདི་ལ་དགེ་སློང་སྨྲ ་བ་ལ་དགའ་བ་ནི་བཙུན་ཏེ། མང་དུ་ཐོས་པས་རྒྱགས་ཤིང་དགས་ནས་བརྗེད་ངེས་པ་ཡིན། ནད་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་ཞིང་སེམས་ཀྱི་རྒྱུད་རྨུ་རྒོད་དང་འགྱུར་བ་ཡིན། ཞི་གནས་དང་ལྷག་མཐོང་ཡོངས་སུ་སྤངས་ལ། ལྷ་དང་ཀླུ་དང་གནོད་སྦྱིན ་གྱིས་ཀྱང་ངམ་པར་མི་བཀུར་ཞིང་བགྲོད་པ་དང་ལྡན་པ་ཡིན་ནོ། སྒྲུབ་པ་ལ་མི་གནས་པ་ཡིན་ནོ། །ཞེས་གསུངས་སོ། །དམིགས་པ་སྦྱོད་པ་ལ་སྒྲུབ་པ་མེད་དེ། སྒྲུབ་པ་ཤེས་པར་འདོད་པས་མང་དུ་ཐོས་པ་དང། ནང་དུ་ཡང་དག་འཇོག་ལ་བརྩོན་པར་བྱ ་སྟེ། དེ་ཉིད་ལས་འབྱུང་བ། གལ་ཏེ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཀང་ནས། དེས་ད་མི་མཉེས་ཀྱིས། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དང་ལྡན ་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བཟུང་ན། དེས་ང་ལ་བསྟི་སྟང་དུ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་ཀྱི་བྱང་ཆུབ་ནི་མང་དུ་ཐོས་པ་ལས་སྐྱེས་ཀྱི། དངོས་པོ་ཡོངས་སུ་འཛིན་པ་ལས་མ་སྐྱེས་སོ། །གལ་ཏེ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་ལུང་འབོག་པ་དང། །བཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ལ། དེ་བསོད་ནམས་འདོད ་པའི་ཕྱིར་ཞལ་ཏའི་ཀུན་སྤགས་པས་སྦགས་ན། བསོད་ནམས་མ་ཡིན་པའི་ཕུང་པོ་ཆེར་འཕེལ་ཏེ། ལས་ཀྱི་སྒྲིབ་པ་ཡང་བཟུང་པར་འགྱུར་རོ། །གལ་ཏེ་ཞལ་ཏ་བྱེད་པ་ལ་བརྩོན་པས་བྱང་ཆུབ་སེམས་དཔས་འཛམ་བུའི་གླིང་ཡོངས་སུ་གང ་བར་གྱུར་ཀྱང། དེ་དག་ཐམས་ཅད་ཀྱིས་ལུང་འབོག་པ་དང། ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་བསྙེན་བཀུར་དང་གཡོག་བྱའོ། །འཛམ་བུའི་གླིང་གི་ཚད་ཙམ་གྱི་ལུང་འབོག་པ་དང། །བཏོན་ལ་བརྩོན་པའི་བྱང་ཆུབ ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ནང་དུ་ཡང་དག་འཇོག་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་བསྙེན་བཀུར་དང་གཡོག་བྱའོ། །དེ་ལྟར་ན་དེ་བཞིན་གཤེགས་པས་རྗེས་སུ་ཡི་རང་ཞིང་གནང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ་འདི་ལྟ་སྟེ། ཤེས་རབ་ཀྱི་ལས་འདི་ནི་དཀའ་བའི་ལས་ཏེ། བླ་ན་མེད་པ་ཁམས་གསུམ་ཐམས་ཅད་ལས་ཁྱད་པར་ཅན་དུ་གྱུར་པ་མངོན་པར་འཕགས་པའོ། །ཞེས་གསུངས་སོ། །ཡང་ཆོས་སྒྲུབ་པ་ནི། རིན་པོ་ཆེའི་ཕུང་པོའི་མདོ་ལས་འབྱུང ་བ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་འཇུག་པར་འདོད་པའི་ཚོང་པ་ནི་རིན་པོ་ཆེའི་གླིང་ནས། བདག་གི་ཡུལ་དུ་བདེ་བར་ཕྱིན་གྱི་བར་དུ་དེ་གྲུ་ལ་ཤིན་ཏུ་རྟོག་པར་བྱེད་དོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད ་མཁྱེན་པའི་རྒྱ་མཚོ་ལ་འཇུག་པར་འདོད་བས། ཇི་ཙམ་བྱིས་པ་སོ་སོའི་སྐྱེ་བོ་དང། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདས་ཏེ། བདག་གི་ཕའི་སྤྱོད་ཡུལ་དུ་འཇུག་པའི་བར་དུའོ། །ཕ་རོལ་ཏུ་ཕྱིན་པ་དག་གི་གྲུ་ཤིན་ཏུ་རྟོག་པར་བྱའོ། །ཞེས་པ ་གསུངས་སོ། །མ་སྐྱེས་དགྲའི་མདོ་ལས་ཀྱང། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་རྩ་བ་མི་གཅོད་པ་དེ་ནི་རྩ་བ་དེ་ཡང་དག་པར་འཛིན་དུ་འཇུག་པ་སྟེ་བརྩོན་འགྲུས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོ་བའི་ཕྱིར་སྦྱིན་པས་མཆོག་མི་ཤེས་པ་དང ་སེམས་ཅན་ཐམས་ཅད་ལ་སྐྱབས་བྱ་བའི་ཕྱིར་ཚུལ་ཁྲིམས་ཀྱིས་ཆོག་མི་ཤེས་པ་དང། སངས་རྒྱས་ཀྱི་སྐུ་ཚོལ་བའི་ཕྱིར་བཟོད་པས་མཆོག་མི་ཤེས་པ་དང། དགེ་བའི་རྩ་བ་ཐམས་ཅད་བསྒྲུབ་པའི་ཕྱིར་བརྩོན་འགྲུས་ཀྱིས་ཆོག་མི་ཤེས་པ་དང། མི་དམིགས ་པའི་རྣལ་འབྱོར་གྱི་ཕྱིར་བསམ་གཏན་གྱིས་ཆོག་མི་ཤེས་པ་དང། ཐམས་ཅད་ལ་རྣམ་པར་སྤྱོད་པའི་ཕྱིར་ཤེས་རབ་ཀྱིས་ཆོག་མི་ཤེས་པའོ། །ཆོས་ཀྱི་ཕྱིར་ལོངས་སྤྱོད་དང། འཚོ་བ་དེ་དག་ཐམས་ཅད་མི་ཁ་ན་མ་ཐོབ་མེད་པའོ། །ཞེས་གསུངས་སོ། ། ་བསྒྲུབ་པ་དོན་དུ་གཉེར་བས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་བྱ་སྟེ། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་འབྱུང་བ། ཀྱེ་གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ཡོན་ཏན་འདི་དག་རྙེད་དེ། མྱུར་དུ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་གཅིག་པོ་གང་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང། ཕན་པའི་སེམས་དང་ཁོང་ཁྲོ་བ་མེད་པའི་སེམས་དང། མི་མཉམ? ་པ་མེད་པའི་སེམས་ཡིན་ཏེ། ཆོས་གཅིག་པོ་འདིའོ། །ཞེས་གསུངས་སོ། །བསམ་གཏན་དང་ཁ་ཏོན་གྱི་བར་དུ་གཅོད་པའི་ཆོས་རྣམས་ཀྱང་ཡོངས་སུ་སྤང་བར་བྱ་སྟེ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས་འབྱུང་བ། རིགས་ཀྱི་བུ་བཅུ་པོ ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དང། ཁ་ཏོན་གྱི་བར་དུ་གཅོད་པར་བྱེད་པའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་འདུ་འཛིའི་གཏམ་མཉན་པ་དང། རི་མོ་འདྲི་བ་དང། སྙན་དངགས་སྦྱོར་བ་དང། ་གཟའི་ཚོགས་དང། རྒྱུ་སྐར་སེམས་པ་དང། ཟས་རྙེད་པ་བདག་གིར་བྱེད་པ་དང། ཤ་ཟ་མོ་ལྟར་ནོར་བསྒྱུར་བ་སེམས་པ་དང། རྒྱལ་པོ་ལ་བརྟེན་པ་དང། མཁས་པ་རྣམས་མི་འདྲི་བ་དང། བདེ་བ་ལ་འགྲོན་དུ་འབོད་པ་དང། འདྲེ་ཞིང་གནས་པ་སྟེ། ་བཅུ་པོ་འདི་དག་གོ་ཞེས་གསུངས་སོ། །འཕགས་པ་ཚངས་པས་ཞུས་པའི་མདོ་ལས་ཀྱང། ལྷའི་བུ་ཆོས་སྒྲུབ་པ་ཆོས་སྒྲུབ་པ་ཞེས་བྱ་བ་ནི། གང་ཆོས་ཐམས་ཅད་ལ་མི་སྒྲུབ་པ་འདི་ཆོས་སྒྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་མི་སྒྲུབ་པ་དེ་ནི་ཆོས ་མི་བྱེད་ཅིང་རྣམ་པར་མི་བྱེད་པ་དེ་ནི་ཆོས་སྒྲུབ་པོ་ཞེས་གསུངས་སོ། །ཆོས་རྣམས་སྒྲུབ་པར་འདོད་པས་རྙེད་པ་དང་བཀུར་སྟི་ཡོངས་སུ་སྤང་བར་བྱ་སྟེ། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་འབྱུང་བ་རྙེད་པ་དང་བཀུར་སྟི་ནི་གཏི་མུག་བསྐྱེད ་པས་དྲན་པ་འཇོམས་པར་བྱེད་པ་དང། བདག་གི་དོན་བསྒྲུབ་པའི་ཕྱིར་གཡོ་སྐྱེད་པ་དང། རྒྱགས་པ་དང། ང་རྒྱལ་དང། དྲེགས་པ་སྐྱེད་པ་དང། སངས་རྒྱས་ཐམས་ཅད་ཀྱི་སྣང་བ་མ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང། བཀུར་སྟི་ནི ་གདོན་མི་ཟ་བར་ལྟུང་བའི་རྩ་བ་སྟེ། དགེ་བའི་རྩ་བ་སྟོར་བར་བྱེད་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་སྔར་བཀུར་སྟི་བྱེད་ལ། ཕྱིས་བཀུར་སྟི་མི་བྱེད་པ་བསམ་གཏན་དང། ཚད་མེད་པ་ཡོངས་སུ་སྤངས་པས་སེམས་ཅན་དམྱལ་བ་དང། དུད ་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་ཏུ་རབ་ཏུ་ལྟུང་བར་བྱེད་པ། ལྷག་སྤྱོད་ཀྱི་སྤྱོད་པ་དང་མཚུངས་པར་གནས་པ་ཡིན་པར་སོ་སོར་བརྟགས་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་མྱུར་དུ་ཟུག་པར་བྱེད་པའི་ཕྱིར་ཚེར་མ་དང་འདྲ་པར ་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་ཐར་པར་དཀའ་བའི་ཕྱིར་འདམ་དང་འདྲ་བར་བརྟག་པར་བྱའོ། །ཞེས་གསུངས་སོ། །སོ་སོར་བརྟགས་ནས་འདོད་པ་ཆུང་བ་ལ་སེམས་གཞོལ་བར་བྱ་སྟེ། ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ། ཤིང ་ནྱ་གྲོ་དྷ་ཞིག་གི་དྲུང་ན། ལུག་ཁྱུ་ཆེན་པོ་ཞིག་འཁོད་དེ། ལུག་ཁྱུ་དེའི་ནང་ནས་ཕྱི་ས་ཟ་བའི་ལུག་ཅིག་ཕྱི་ས་ཁུང་དུ་ཕྱིས་ཟར་སོང་སྟེ། ཕྱིས་ལ་ཅི་འདོད་པ་ཟོས་ནས་མདུན་དུ་ཕྱི་སའི་ཕུང་པོ་བཞག་སྟེ་འདུག་ནས་མགོ་བསྒྱུར་ཞིང་དེ་དེས་དེ་ཙམ་གྱིས ་ལུག་གཞན་དག་ལ་བརྙས་པ་བྱེད་དོ། །དེ་བཞིན་དུ་དགེ་སློང་ལ་ལ་ཞིག་རྙེད་པ་དང། བཀུར་སྟི་དང། གྲགས་པས་ནོན་ནས་སེམས་ཟིན་པ་དེ། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ཞིག་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། དེ་དེར་ཟས་གཙང་མ ་ཞིམ་པོ་ཅི་འདོད་པ་ཟོས་ནས་ཕྱི་དེ་ཉིན་ཀྱང་ཟས་ལ་བོས་ཟེར་བའི་ཟས་ཁྱེར་ཏེ་འོངས་ནས། དགེ་སློང་དག་ལ་སྨྲས་པ་ཚེ་དང་ལྡན་པ་དག་ཁོ་བོས་ཟས་གཙང་མ་ཞིམ་པོ་འདི་ཅི་འདོད་པ་ཟས་ནས། ཟས་འདི་མི་དགོས་ཏེ་ལྷག་པར་གཏོར་བའི་རིགས་ན ་ཁྱེད་འདོད་ན་འདི་ཟོ་ཤིག་ཅེས་དེ་ངེས་དེ་ཙམ་གྱིས་དགེ་སློང་རུང་བ་དེས་པ་གཞན་དག་ལ་བརྙས་པར་བྱེད་དོ། །དགེ་སློང་དག་དེ་བཞིན་དུ་རྙེད་པ་དང། བཀུར་སྟི་དང་གྲགས་པ་ནི་མི་བཟད་པའོ། །ཞེས་རྒྱ་ཆེར་གསུངས་སོ། །གཡོ་དང་སྒྱུ་ཡང ་ཡོངས་སུ་སྤང་བར་བྱ་སྟེ། མ་དྲོས་པའི་མདོ་ལས་བྱུང་བ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་དེའི་བར་དུ་གཅོད་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། གཡོ་དང་སྒྱུའོ། །གཞི་འང་གཉིས་ཏེ་དྲང་པོ་དང། གཡོ་མེད་པའོ། །ཞེས་གསུངས་སོ།། ་ནན་ཏན་བསྒྲུབ་པར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བརྟེན་པར་བྱ་སྟེ། སྒྲུབ་པ་ནི་དགེ་བའི་བཤེས་གཉེན་གྱིས་ཁ་ན་རག་ལས་སོ། །ཇི་ལྟར་ཤེས་ཤེ་ན། མདོ་ལས་འབྱུང་བའི་ཕྱིར་ཏེ། དཔལ་འབྱུང་བ་དང། དཔལ་གྱི་བློ་གྲོས་ཀྱི་རྣམ་པར་ཐར ་པ་ལས་འབྱུང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ཐོས་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཐམས ་ཅད་ནི་དགེ་བའི་བཤེས་གཉེན་ལས་འབྱུང་བའོ། །བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་ནན་ཏན་དུ་བྱ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ ་རག་ལས་པའོ། །བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་ཡོངས་སུ་དག་པ་ཐམས་ཅད་ལ་ནི་དགེ་བའི་བཤེས་གཉེན་རྩ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་བསགས་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྲུངས ་བའོ། །དགེ་བའི་བཤེས་གཉེན་མགུ་བར་བྱས་ནས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་པའོ། །དགེ་བའི་བཤེས་གཉེན་གྱི་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་སོང་དུ་མི་ལྟུང་ངོ། །དགེ་བའི་བཤེས་གཉེན་གྱིས ་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོ་ལས་མི་ལྡོག་གོ་།དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སོ་སོའི་སྐྱེ་བོའི་ས་ལས་ཡོངས་སུ་འདའ་ཨོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བསྲུངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་དང། རང་སངས ་རྒྱས་ཀྱི་ངེས་པར་གྱུར་པ་ལ་མི་འཇུག་གོ་།དགེ་བའི་བཤེས་གཉེན་ནི་ལམ་གོལ་བ་ལས་ཡོངས་སུ་བསྲུང་བའོ། །ཆོས་ཐོས་པར་འགྱུར་བའི་སྤྲིན་གྱིས་ཆར་རབ་ཏུ་འབེབས་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །འདི་ལྟར ་ཡང་རིགས་ཀྱི་བུ་དགེ་པའི་བཤེས་གཉེན་ནི་སངས་རྒྱས་ཀྱི་རིགས་སུ་བསྐྱེད་པས་མ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཕན་པ་རྒྱ་ཆེན་པོ་སྒྲུབ་པས་ཕ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་སྡིག་པ་ཐམས་ཅད་ལས་བསྲུང་པས་མ་ལྟ་བུའོ། །དགེ་པའི ་བཤེས་གཉེན་ནི་འཁོར་བའི་ཆུ་བོ་ཆེན་པོ་ལས་སྒྲོལ་བའི་མཉན་པ་ལྟ་བུའོ། །དགེ་བའི་བཤེས་གཉེན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པས་གདོས་པ་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ ་བྱ་བ་རྒྱུན་མི་ཆད་པས་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་གྱིས་ཤིག་།ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱེ་བའི་ཕྱིར་ས་ལྟ་བུའི་སེམས་དང་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང། སྡུག་བསྔལ་ཐམས་ཅད་ཀྱི་མི་སྒུལ་བའི ་ཕྱིར། ཁོར་ཡུག་ལྟ་བུའི་སེམས་དང། ཅི་དགའ་བར་བཀའ་ཉན་པས་བྲན་ལྟ་བུའི་སེམས་དང། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱའོ། །རིགས་ཀྱི་བུ་ཁྱེད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས་སྐྱེད་པར་བྱའོ། ་དགེ་བའི་བཤེས་གཉེན་ལ་ནི་སྨིན་པའི་འདུ་ཤེས་དང། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་སྐྱེད་པར་བྱེད། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་ལྟར་དགེ་བའི་བཤེས་གཉེན་ལ་ལྷག ་པའི་བསམ་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དགེ་བའི་བཤེས་གཉེན་གྱི་ངག་ཐམས་ཅད་ཉམས་སུ་ལེན་པའི་ཚེ། གངས་ཀྱི་རི་ལ་བརྟེན་པའི་ཚེ་གངས་ཀྱི་རི་ལ་བརྟེན་པའི་རྩཝ་དང། ཤིང་གེལ་པ་དང། སྨན་དང། ནགས་ཚལ ་ལྟ་བུར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལ་ལོ། །རྒྱ་མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །ཞེས་འབྱུང་ངོ། །མདོར་ན་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་འཐོབ་ཅིང། ཡོངས་སུ་འགྲུབ་པ་ནི་དགེ་བའི་བཤེས་གཉེན་གྱི་ཁ་ན་ལས་སོ། །དགེ་བའི་བཤེས་གཉེན་ལས་བྱུང་ངོ། །རིན་པོ་ཆེའི་ཕུང་པོའི་མདོ་ལས་ཡང། འོད་སྲུངས ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོའི་ནང་དུ་གྲུ་ཞིག་ན། གང་དག་ཤིང་ལེབ་བམ། གཞན་ཅི་ཡང་རུང་བ་ཞིག་ལ་བརྟེན་པ་དེ་དག་ནི་བདེ་བར་འགྲམ་དུ་ཕྱིན་པར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་བ་ཐམས ་ཅད་མཁྱེན་པའི་སེམས་ཀྱི་གྲུ་ཞིག་སྟེ། བྱང་ཆུབ་ལས་རབ་ཏུ་ཉམས་ཀྱང། གང་དགེ་བའི་བཤེས་གཉེན་གྱི་ཤིང་ལེབ་ལ་བརྟེན་པ་དེ་དག་ནི། ཡང་ཐམས་ཅད་མཁྱེན་པའི་སེམས་རབ་ཏུ་ཐོབ་སྟེ། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ ་སོང་ནས་ཆོས་ཀྱི་དབྱིངས་ཀྱི་གླིང་དུ་ཕྱིན་ཏོ། །དེ་བས་ན་འོད་སྲུངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ། །ཞེས་གསུངས་སོ། །བླ་ན་མེད་པའི་དགེ་བའི་བཤེས་གཉེན་དེ་བཞིན ་གཤེགས་པ་བཞུགས་པ་འམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་དང། རིམ་གྲོ་བྱ་སྟེ་དེ་ལས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་ཤིང། རྣམ་པར་སྨིན་པའང་མི་ཟད་པར་འགྲུབ་པོ། །ཇི ་ལྟར་མེ་ཏོག་བརྩེགས་པའི་མདོ་ལས། སེངྒེ་རྣམ་པར་རྩེ་ན་པ་གང་ཞིག་གི་དེ་བཞིན་གཤེགས་པ་མཐོང་སྟེ། སེམས་དང་བས་མཆོད་པ་དང། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ ་ཡུངས་འབྲུ་ཙམ་རྣམས་ལ་མཆོད་པ་བྱེད་པ་ནི། རྣམ་པར་སྨིན་པ་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་མེད་དོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང། ཀུན་དགའ་བོ་གང་ལ་མངོན་དུ་བསྟི་སྟང ་བྱེད་བ་ལྟ་ཡང་ཞོག་།ངའི་སྐུ་གདུང་ལ། སྐུ་གདུང་གི་མཆོད་པ་དང། རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་ལྟ་ཡང་ཞོག་།དེའི་ཕྱིར་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་གང་ལ་ལ་སངས་རྒྱས་ལ་དམིགས ་ནས། ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འདོར་ན། བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི། ཀུན་དགའ་བོ་ཅི་ཙམ་དུ་ཐོག་མ་མེད་པའི་འཁོར་བ་ན། དེའི་སྔོན་གྱི་མཛའ་མི་མངོན་པ་དེ་ཙམ་གྱི་བསྐལ་བར་འཁོར་བའི་ཚེ། བརྒྱ་བྱིན་ ་ཉིད་དང། ཚངས་པ་ཉིད་དང། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་རྣམས་ཀྱི་མཛའ་རྙེད་པར་མི་ནུས་སོ། །སངས་རྒྱས་ལ་དམིགས་ནས། ཐ་ན་ནམ་མཁའ་ལ་མེ་ཏོག་གཅིག་འདོར་བ་ལྟ་ཡང་ཞོག་སྟེ། གལ་ཏེ་སེམས་ཅན་ཐ་ན་རྨི་ལམ་ན་སངས་རྒྱས་ལ ་དམིགས་ནས་ནམ་མཁའ་ལ་མེ་ཏོག་གཅིག་འདོར་ན། དགེ་བའི་རྩི་བ་དེ་ཡང་ཐ་མར་མྱ་ངན་ལས་འདའ་བར་འགྱུར་བར་ང་སྨྲའོ། །གལ་ཏེ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་ལ་དམིགས་པའི་དྲན་པ་རྙེད་ན། དེ་དག ་གི་དགེ་བའི་རྩ་བ་ཡང་ཐ་མ་མྱ་ངན་ལས་འདའ་བའ་ཨི་བར་དུ་འགྱུར་བར་ང་སྨྲའོ། །ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་ཕུལ་པ་ཅི་ཙམ་དུ་མཐུ་ཆེ་བ་དང། སེམས་དང། སེམས་དང་མ་ཇི་ཙམ་དུ་མཐུ་ཆེ་བ་ལ་ལྟོས། ཀུན་དགའ་བོ ་འདི་ལྟར་སངས་རྒྱས་ལ་ཕྱག་འཚལ་ལོ། ཞེས་ཟེར་ན། ཀུན་དགའ་བོ་ཚིག་དེའི་དོན་ནི་འདིའོ། །འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྒྲ་ནི་དོན་མེད་པ་མ་ཡིན་ཏེ། གང་འདི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཟེར་ན་དོན་མེད་པ་མི་འགྱུར་རོ།། ་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་ཇི་ཙམ་དུ་སྐྱེད་པ་ཡང་ཆུང་ཟ་བར་མི་འགྱུར་ཏེ། ཐ་ན་སེམས་དང་བ་གཅིག་སྐྱེད་པ་དེ་ཐམས་ཅད་ཀྱང་ཐ་མ་མྱ་ངན་ལས་འདའ་བའ་ཨི་བར་དུ་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཉ་པ་མཆིལ་བ་ཐོགས་པས་ཉ ་བཤོར་བའི་ཕྱིར་མཆིལ་པ་གཟན་མ་དང་བཅས་པ། མཚོ་ཆུ་ཆེན་པོར་བཅུག་ལ། བཅུག་མ་ཐག་ཏུ་ཉས་མིད་པར་འགྱུར་ན། ཉ་དེ་མཚོ་ཆུའི་ནང་ན་འཕྱོ་ཡང། དེ་སྲད་བུ་ས་བ་ཡུ་བ་སྐམས་ས་ལ་བཏགས་པས་བརྟོད ་པ་ཞེས་བྱ་སྟེ། ཉ་པ་མཆིལ་པས་བཤོར་བ་འོངས་ནས། སྲད་བུ་ཐངས་ཞེས་བྱེད་པ་ལས་ཉ་ཟིན་པར་ཤེས་ཏེ། དེས་སྲད་བུ་དྲངས་ནས་སྐམས་ལ་ཕྱུང་སྟེ། དགའ་དགུར་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་བཅོམ ་ལྡན་འདས་ལ་དད་པའི་སེམས་ཀྱིས་དགེ་པའི་རྩ་བ་སྐྱེད་ན། ཐ་ན་དད་པའི་སེམས་གཅིག་སྐྱེད་ན། ཡང་སེམས་ཅན་དེ་དག་ཉེས་པ་བྱས་པའི་ལས་ཀྱི་སྒྲིབ་པས། མི་དལ་བ་རྣམས་སུ་སྐྱེས་སུ་ཟིན་ཡང། སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང། བསྡུ་བའི་དངོས་པོའི་སྲད་བུས་སེམས་ཅན་དེ་དག་བཟུང་ནས་འཁོར་བའི་མཚོ་ཆུ་ནས་བཏོན་ཏེ། མྱ་ངན་ལས་འདས་པའི་ཐང་ལ་འཇོག་གོ་།ཞེས་གསུངས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི ་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་རྟག་ཏུ་རྒྱུན་མི་ཆད་པར་སངས་རྒྱས་དང་འཕྲད་པ་ཐོབ་བོ། །བརྒྱད་གང་ཞེ་ན། སངས་རྒྱས་ཀྱི་སྐུ་གཟུགས་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང། དེ་བཞིན་གཤེགས་པ ་རིམ་གྲོ་བྱེད་པ་དང། རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ ་དང། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་སྒྲ་གྲགས་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་བ་དང། རྒྱུད་ཞུམ་པ་མེད་པ་དང། རྒྱུད་རྒྱ་ཆེན་པོར་གྱུར་ནས་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བའོ། །ཞེས་གསུངས་སོ། །བྱང ་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཀྱང། གང་དེ་བཞིན་གཤེགས་པའི་མཆོད་རྟེན་བྱི་དོར་བྱེད་པ་དེ་སྨོན་ལམ་རྣམ་པར་དག་པ་མཆོག་བཞི་རབ་ཏུ་འཐོབ་བོ། །བཞི་གང་ཞེ་ན། མཚན་ཕུན་སུམ་ཚོགས་པའི་གཟུགས་སྨོན་ལམ་རྣམ་པར་དག་པ་མཆོག་དང། ་ཡིད་དམ་ལ་བརྟན་པ་སྨོན་ལམ་རྣམ་པར་དག་པ་མཆོག་དང། དེ་བཞིན་གཤེགས་པ་མཐོང་བ་སྨོན་ལམ་རྣམ་པར་དག་པ་མཆོག་དང། འཁོར་ཆེན་པོ་ཕུན་སུམ་ཚོགས་པ་ལམ་རྣམ་པར་དག་པ་མཆོག་གོ་།ཞེས་གསུངས་སོ། །ཡང་དེ་ཉིད་ལས་དེ ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་ལམ། སྤོས་རིས་འདྲི་ན་མ་ཚང་བ་མེད་པ་བརྒྱད་ཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མ་ཚང་བ་མེད་པ་དང། ལོངས་སྤྱོད་མ་ཚང་བ་མེད་པ་དང། གཡོག་འཁོར་མ་ཚང་བ་མེད་པ་དང། ་ཚུལ་ཁྲིམས་མ་ཚང་བ་མེད་པ་དང། ཏིང་ངེ་འཛིན་མ་ཚང་བ་མེད་པ་དང། ཐོས་པ་མ་ཚང་བ་མེད་པ་དང། ཤེས་རབ་མ་ཚང་བ་མེད་པ་དང། སྨོན་ལམ་མ་ཚང་བ་མེད་པའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་གཟུགས་ཀྱི་ལེའུ་ལས ་ཀྱང། ས་འམ། རྡོ་ཐལ་ལམ། ཤིང་ངམ། རྡོ་འམ། རྡུ་གར་རམ། ལྕགས་སམ། གསེར་རམ། དངུལ་ལམ། བཻ་ཌཱུརྱ་འམ། ཤེལ་ལམ། མུ་ཏིག་དམར་པོ་འམ། རྡོའི་སྙིང་པོ་འམ། ཕུག་གམ། དུང་ངམ། མན་ཤེལ་ལམ། སྤྲོས་སམ། རས་སམ ་ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྲི་བར་བྱ། རལ་བ་གསོ་བར་བྱ། འདྲུམ་པ་བཅོས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དམའ་བ་རྣམས་དང། སྡིག་པ་བྱེད་པའི་རིགས་རྣམས་དང། ་ལོག་པར་ལྟ་བའི་རིགས་རྣམས་སུ་མི་སྐྱེ་སྟེ། ཡན་ལག་གང་ཡང་རུང་བ་མ་ཚང་བ་མེད་པར་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེ་བཞིན་གཤེགས་པའི་སྐུའི་གཟུགས་བྱས་ནས། ་ལས་དེས་སེམས་ཅན་དམྱལ་བ་མྱོང་ན་ཡང་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལས་རབ་ཏུ་དག་པར་བཀྲུས་ཏེ། སྤོས ་ཀྱིས་བྱུགས་ན་དེའི་དྲི་མི་ཞིམ་པ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་ཀྱང་མེད་པར་འགྱུར་རོ། །གང་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཡང། དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་དེ་བཞིན་གཤེགས་པའི་སྐུ ་གཟུགས་བྱས་ན། དེའི་སྡིག་པ་ཇི་ལྟར་མེའི་ཕུང་པོས་མེར་ཚིག་སྟེ། དུ་བ་ཡང་མི་མངོན་པ་བཞིན་དུ། དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་གསུངས་ན། བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཁྱིམ་གྱི་ནང་ནས་བྱུང་ན། ཚུལ་ཁྲིམས ་དང་ལྡན་པ་ཁྱད་པར་དུ་འཕགས་པ་ལྟ་ཅི་སྨོས་ཏེ། རིན་པོ་ཆེའི་ཕུང་པོའི་མདོ་ལས། སེམས་ཅན་གང་དག་སྲིད་པ་གསུམ་དུ་གཏོགས་པ་དེ་དག་ཐམས་ཅད་ཀྱིས། སོ་སོ་ནས་དེ་བཞིན་གཤེགས་པའི་མཆོད་རྟེན་འཕང་དུ་རིའི་རྒྱལ་པོ་རི ་རབ་ཙམ་བྱ་སྟེ། དེ་དག་ལ་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོ་ནས་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱས་པ་བས། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་གང་གིས་མེ་ཏོག་གཅིག ་ཕུལ་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་བས་ཆེས་མང་དུ་བསྐྱེད་དོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་རིན་པོ་ཆེའི་ཕུང་པོའི་མདོ་ཉིད་ལས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཏེ། ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་ལྡན་པར་གྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེས་ཀྱང། རྒྱ་མཚོ་ཆེན་པོ་ཙམ་གྱིས་མར་མེའི་སྣོད་བྱ་སྟེ། རི་རབ་ཀྱི་སྙིང་པོ་བསྲེགས་ལ ་སོ་སོ་ནས་འདི་འདྲ་བའི་མར་མེས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པ་བས། གང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔའ་མར་མེའི་སྙིང་པོ་ཡུངས་མར་གྱི་བསྐུས་ཏེ། དེ་བཞིན་གཤེགས་པའི ་མཆོད་རྟེན་གྱི་དྲུང་དུ་བཟུང་ན། མར་མེ་ཕུལ་པ་སྔ་མས་སྙིང་པོ་ཡུངས་མར་གྱིས་བསྐུས་པ་དེའི་བརྒྱའི་ཆར་ཡང་མི་ཆོག་པ་ནས། རྒྱུའི་བར་དུ་ཡང་མི་ཆོག་གོ་།གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་གིས། སངས་རྒྱས་ལ་སོགས་པ ་དགེ་སློང་གི་དགེ་འདུན་ལ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་པ་བས། །གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔའ་བསོད་སྙོམས་བླངས་ཏེ། ལྟུང་བཟེད་དུ་འོངས་པ། གཞན་དང་བགོས་ཏེ་ཟོས་ན། དེ་ནི ་དེ་བས་ཆེས་ཆེས་འཕགས་སོ། །གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་གིས། རི་རབ་ཙམ་གྱི་ཆོས་གོས་ཀྱི་ཕུང་པོ་སངས་རྒྱས་ལ་སོགས་པ། དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་པའི་བྱང ་ཆུབ་སེམས་དཔའ་ཆོས་གོས་གསུམ་པོ་མ་གཏོགས་པར་གཞན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་ན་སྔ་མའི་ཆོས་གོས ་ཀྱི་ཕུང་པོ་དེ། དགེ་སློང་ལ་ཆོས་གོས་བྱིན་པ་འདིའི་ཟིལ་དུ་བརླག་གོ་།གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་རེ་རེས་འཛམ་བུའི་གླིང་ཐམས་ཅད་མེ་ཏོག་གིས་བཀང་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་བ་བས། གང ་ཡང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ། ཐ་ན་མེ་ཏོག་གཅིག་ཕུལ་ན། སྦྱིན་པ་སྔ་མས་སྦྱིན་པ་འདིའི་བརྒྱའི་ཆར་ཡང་མི་ཆོག་པ་ནས་རྒྱུའི་བར་དུ་ཡང་མི་མཆོག་གོ་ཞེས ་གསུངས་སོ། །མཐར་གྱིས་ཡང་དག་པར་འཕགས་པའི་མདོ་ལས་ཀྱང། བཟང་པོ་ཕན་ཡོན་བཞི་པོ་འདི་ཡང་དག་པར་རྗེས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོད་པ་ལ ་སྤྲོ་བ་ཡིན་ནོ། །བཞི་གང་ཞེ་ན། སྦྱིན་གནས་མཆོག་ལ་བདག་མཆོད་པར་འགྱུར་བ་དང། བདག་ལས་ཟླ་བ་ལྟས་ཏེ། སེམས་ཅན་གཞན་ཡང་དེ་བཞིན་དུ་མཆོད་པ་བྱེད་པར་འགྱུར་བ་དང། དེ་བཞིན་གཤེགས་པ་མཆོད་ནས ་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་དུ་མཐོང་ནས། དགེ་བའི་རྩ་བ་བསགས་པར་འགྱུར་བ་སྟེ། བཞི་པོ་འདི་དག་གོ་།ཞེས་གསུངས་སོ། །འདི་ཡང་དེ་བཞིན་གཤེགས་པ ་ལ་མཆོད་པ་དང་རིམ་གྲོ་བྱ་བ་བླ་ན་མེད་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བ། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི། དེ་བཞིན་གཤེགས་པ་ལ་མཆོད་པ་དང། རིམ་གྲོ་བྱ་བ་བླ་ན་མེད་པའོ། །གང་བྱང་ཆུབ་ཏུ ་སེམས་བསྐྱེད་པ་དང། གང་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་དང། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དོན་དམ་པའི་མཆོད་པ་ལ་ཡང་རྟག་ཏུ ་བརྩོན་པར་བྱ་སྟེ། བྱམས་པ་སེང་གེའི་སྒྲའི་མདོ་ལས་འབྱུང་བ། སངས་རྒྱས་སུ་འདུ་ཤེས་པ་ལས་སངས་རྒྱས་མཐོང་བ་ཡང་མེད་ན། སངས་རྒྱས་ལ་མཆོད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་ཡིན་ནོ། །དེ་ལ་སངས་རྒྱས ་ལ་མཆོད་པ་གང་ཞེ་ན། གང་འདུ་ཤེས་ཀྱི་མཚན་མ་མི་བསྐྱེད་པའོ། །གང་ལ་སེམས་མེད་པ་དང། སེམས་ལས་བྱུང་བ་ཡིད་ལ་མི་བྱེད་པ་དང། སངས་རྒྱས་སུ་འདུ་ཤེས་པ་མེད་པ་དང། ཆོས་འདུ་ཤེས་པ་མེད་པ་དང། དགེ་འདུན་དང ་གང་ཟག་དང། བདག་དང་ཕ་རོལ་ཏུ་འདུ་ཤེས་པ་མེད་པ་འདི་ནི། དེ་བཞིན་གཤེགས་པ་ལ་མཆོད་པའོ། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང། གལ་ཏེ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེད་མ་སྙེད་དེ་བཞིན ་གཤེགས་པའི་རིང་སྲེལ་གྱི། །བབ་ཅིང་དུ་རུང་བ་ཙམ་དུ་གང་གྱུར་པ་དང། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་བྲིས་པ་ཆ་དེ་གཉིས་ལས་གཅིག་རྩལ་ན། བཅོམ་ལྡན་འདས་བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད ་བླང་ངོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་རིང་སྲེལ་དག་ནི་དེ་ལས་བྱུང་བས་ན་མཆོད་པ་སྟེ། དེ་བཞིན་གཤེགས་པའི་རིང་སེལ་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །གང ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མོས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའ་ཨོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དག་པ་ཅི་ལྟ་བ ་བཞིན་ཅི་འདྲ་ཞེ་ན། མདོ་སྡེ་དུ་མ་ལས་ཐོས་ཏེ། དེ་བཞིན་གཤེགས་པ་སྐྱེ་བ་སྲིད་པའི་མདོ་ལས་འབྱུང་བ། ཀྱེ་རྒྱལ་བའི་སྲས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་འདོད་པས་རང་བཞིན་གྱི་ངོ་བོ་ཉིད་ལ་བློ་ཡོངས་སུ་བཏང་སྟེ། དེས་དེ་བཞིན་ཉིད་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པའི ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །ཡང་དག་པའི་མཛའ་ཨི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང། ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང། ནམ་མཁའ་ཨི་དབྱིངས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི ་ལྟ་བ་དང། རང་བཞིན་གྱི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང། འདོད་ཆགས་དང་བྲལ་བའི་མཛའ་ཨི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང། རྨི་ལམ་གྱི་མཛའ་ཨི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ ་དང། མཚན་ཉིད་མེད་པའི་མཛའ་ཨི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང། ཆགས་པ་མེད་པའི་མཛའ་ཨི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང། བདག་གི་རང་བཞིན་གྱི་མཛའ་ཨི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དང། ཆོས་ཐམས ་ཅད་ཀྱི་རང་བཞིན་གྱི་མཛའ་ཨི་ཡོངས་སུ་མྱ་ངན་ལས་འདས་པ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་དག་ཐོག་མ་ནས་མ་སྐྱེས་མ་བྱུང་བའི་ཕྱིར་ཏེ། ཆོས ་གང་མ་སྐྱེས་མ་བྱུང་བ་དེ་ལ་འབྲལ་བར་འགྱུར་བ་ཡང་མེད་དོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པ། མི་བརྗོད་མི་སྟོན་ཏེ། དེ ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ད་ལྟར་བྱུང་བ་ཇི་ལྟ་བ་བཞིན་དུ་འདས་པ་དང། མ་བྱོན་པ་རྣམས་ཀྱང་སྐད་ཅིག་གཅིག་ལ་མངོན་དུ་བྱ་ཞིང། སྐད་ཅིག་ཀྱང་ཡེ་ཤེས་ཀྱི་སྐད་ཅིག་གི་རྗེས་སུ་འབྲང་པར་བྱ ་སྐད་ཅིག་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་ལྟ་བར་བྱ། དེ་བཞིན་གཤེགས་པའི་མངོན་པར་སྒྲུབ་པ་ཐམས་ཅད་ཀྱང་དེས་མངོན་པར་བསྒྲུབ་པར་བྱ་སྟེ། དེས་ནི་གཉིས་ཀྱི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱ། མི་གཉིས ་བའི་འདུ་ཤེས་ཀྱང་མ་ཡིན། སེམས་ཅན་གྱི་འདུ་ཤེས་ཀྱང་མ་ཡིན། བདག་གི་འདུ་ཤེས་ཀྱང་མ་ཡིན་པར་བྱ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མངོན་པར་ཞེན་པའི་ལམ་ཐམས་ཅད་དང་བྲལ ་ཞིང་འདུ་ཤེས་ཐམས་ཅད་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་འདི་ནི་སེམས་ཅན་ཕ་རོལ་ཡོངས་སུ་ཚིམ་པར་འགྱུར་བའི་ཚིག་གོ་།དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས ་འདའ་ཞེས་བྱ་བ་འདི་ནི་སེམས་ཅན་ཕ་རོལ་གྱི་སྐྱོ་བ་བསྐྱེད་པའི་ཚིག་སྟེ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ནི་སྐྱེ་བ་མེད་དེ། ཡོངས་སུ་མྱ་ངན་ལས་མི་འདའ་ཨོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་དབྱིངས ་ལ་གཞུག་པའི་ཕྱིར་ཏེ། སེམས་ཅན་ཕ་རོལ་གྱི་སེམས་དང། བསམ་པ་ཡོངས་སུ་བསྐད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་སྣང་ངོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ཆོས་ཀྱི ་དབྱིངས་ཀྱི་ཚང་དང་མཉམ་པ་ཞིག་ཤར་ལ། དེ་ཤར་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཆ། ཡོངས་སུ་དང་བའི་སྣོད་ཐམས་ཅད་དུ་གཟུགས་བརྙན་ཕྱིན་པར་སྣང་ཞིང་མངོན་ལ་ཉི་མའི་དཀྱིལ་འཁོར་འཕོས་པ་མེད་ཅིང། ཉི་མའི་དཀྱིལ ་འཁོར་ཀུན་ཏུ་ཕྱིན་པ་སྣང་ཀྱང་དེའི་ནང་ན་ཆུའི་སྣོད་གཅིག་ཅིག་ཆག་གམ། དེ་ནས་ལོགས་ཤིག་ཏུ་ཕྱུང་ངམ། སྟོང་པར་བཞག་པར་གྱུར་ཀྱང། ཉི་མའི་གཟུགས་བརྙན་ཡང་སྣང་བར་མི་འགྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། ཉི ་མའི་དཀྱིལ་འཁོར་རམ་གཅིག་གིས་ཉེས་ཏེ། སྣོད་དེར་ཉི་མའི་གཟུགས་བརྙན་མི་སྣང་བར་མ་གྱུར་གང་ངོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ཏེ། སྣོད་དང ་མི་ལྡན་པའི་ཕྱིར་ཉི་མའི་གཟུགས་བརྙན་མི་སྣང་གི་།ཉི་མའི་དཀྱིལ་འཁོར་གྱིས་ཉེས་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་འཆར་བར་འགྱུར ་བའི་ཚེ་ཡང། འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ཀྱི་ཆོས་དབྱིངས་ཀུན་ཏུ་སྔ་ཕྱི་མེད་པར་འཆར་ཏེ། དེ་ནི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཀུན་གྱི་སེམས་ཅན་སེམས་རྙོག་པ་མེད་པ་དང་ལྡན་པའི ་ཆུའི་སྣོད་པ་ཐམས་ཅད་ལ་གཟུགས་བརྙན་སྣང་བར་འགྱུར་རོ། །སེམས་ཀྱི་རྒྱུད་རྙོག་པ་མེད་པའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་སྐུ་ཉི་མའི་དཀྱིལ་འཁོར་སྣང་ཡང་སེམས་ཅན་སེམས་རྙོག་པ་དང་ལྡན་ཞིང་སྣོད་ཆག ་པར་གྱུར་བ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་མཐོང་བར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ལ་འཕོ་བ་མི་མངའ་ཡང་ཐམས་ཅད་དུ་སྐྱེ་བར་སྣང་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམས་ལ་ལ་ཞིག ་གི་སེམས་ཅན་སྣོད་ཆག་པ་ལྟ་བུར་གྱུར་པ་འམ། སེམས་རྙོག་པ་དང་ལྡན་ཞིང་ལས་དང་ཉོན་མོངས་པས་བསྒྲིབས་པ་ཞིག་ཡོད་པར་གྱུར་ན་ཡང། དེར་ནི་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པར་སྣང་ན། ཀྱེ་རྒྱལ་བའི་སྲས ་དེ་ལ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་ཉེས་ཏེ། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བ་འམ། གཅིག་ཏུ་མ་གྱུར་གྲང་ངོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི ་སེམས་ཀྱི་རྒྱུད་དགེ་བའི་རྩ་བ་དང་མི་ལྡན་པས་ཡོངས་སུ་མྱ་ངན་ལས་འདའ་ཨི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེས་པའི་ཕྱིར་ཞེས་ནི་མི་བརྗོད་དོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་འོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདའ་བ་ཡང་དེ་ལྟ་བུར་ཤེས་པར་བྱའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་ཡོང་སུ་མྱ་ངན་ལས་འདའ་བའ་ཨི་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན ་ཏེ། དེ་བཞིན་གཤེགས་པ་རྣམས་ནི་འབྱུང་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ། ཀྱེ་རྒྱལ་བའི་སྲས་དེ་ཡང་འདི་ལྟ་སྟེ་དཔེར་ན་མེ་ནི་འཇིག་རྟེན་ཐམས་ཅད་ན་ཡང་མེའི་དགོས་པ་བསྒྲུབ་བོ། །དེ་ལས་གྲོང་ངམ། གྲོང་ཁྱེར ་རམ། གྲོང་རྔལ་ལམ། ཡུལ་ལམ། ཕོ་བྲང་འཀོར་ཏམ། རྒྱལ་པོའི་གནས་ཤིན་ཏུ་མེ་ཤི་བར་གྱུར་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས་ཏེ། དེས་འཇིག་རྟེན་ཐམས་ཅད་དུ་མེ་ཐམས་ཅད་ལྷག་མ་མེད་པའམ། གཅིག་ཏུ་ཞི་ཏེ་ཞི་བར ་མ་གྱུར་གྲང་ངོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱང་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་ན་དེ་བཞིན་གཤེགས་པའི་འཕྲིན་ལས་མཛད་པ་ལས། དུས་གཞན་ཞིག་ན་དེ་བཞིན་གཤེགས་པའི་ཕྲིན་ལས་ཡོངས་སུ་རྫོགས་པར་གྲུབ་ནས། ཞིང་གི་གྲངས ་བྱ་བ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པར་གྱུར་པ་ན། ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། འཇིག་རྟེན་ཐམས་ཅད་ནས་ཀྱང། དེ་བཞིན་གཤེགས་པའམ་གཅིག་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་གྲང་ངོ། །སྨྲས ་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་ན། བྱང་ཆུབ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་མྱ་ངན ་ལས་འདས་པ་ཆེན་པོ་ཡང། དེ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྒྱལ་བའི་སྲས་གཞན་ཡང་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོ་མཁས་པ་ལ་ལོབས་པ་ཤིན་ཏུ་བྱང་བ་ཞིག་གིས་སྔགས་དང་རིག་སྔགས་སྟོབས་དང། ཤུགས་ལ་བསྟེན་ཏེ། ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྒྱུ་མའི་རྣམ་པ་མང་པོ་བསྟན་ཏེ། གྲོང་དང། གྲོང་ཁྱེར་དང། ལྗོངས་དང། ཕོ་བྲང་འཁོར་དང། རྒྱལ་པོའི་གནས་ཐམས་ཅད་དུ་རང་གི ་ལུས་བསྟན་ཏེ་སྒྱུ་མ་དེ་དག་ཀྱང་བསྐལ་པར་གནས་པར་བྱིན་གྱི་བརླབ་པ་ལས་གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ། ཡུལ་ལམ། ཕོ་བྲང་འཁོར་ཏམ། རྒྱལ་པོའི་གནས་གཅིག་ཏུ་དགོས་པ་རྫོགས་པར་ཟིན་ནས། སྒྱུ་མའི་མཁན་པོ། ་དེས་རང་གི་ལུས་མི་སྣང་པར་བྱས་ན་ཀྱེ་རྒྱལ་བའི་སྲས་དེ་ལ་ཇི་སྙམ་དུ་སེམས། འཇིག་རྟེན་ཐམས་ཅད་ནས་ཀྱང། སྒྱུ་མའི་རྣམ་པ་མང་པོ་ཡོངས་སུ་ནུབ་པའམ། གཅིག་ཏུ་མ་གྱུར་གྲང་ངོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས ་པའི་རིགས་སུ་བྱུང་བའི་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟ་མ་ཡིན་ནོ། །སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཀྱི་སྒྱུ་མཚད་མེད་པ་ལ་ཤིན་ཏུ་བྱང ་བ། ཐབས་དང་ཤེས་རབ་དང་ཡེ་ཤེས་ཀྱི་རིག་སྔགས་ཀྱིས་ཤིན་ཏུ་བྱུང་བ་ཡང། ཆོས་ཀྱི་དབྱིངས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུ་སྒྱུ་མའི་རྣམ་པ་ལྟ་བུ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་གནས་པ། ནམ་མཁའ་ཨི་ཁམས་ཀྱི ་མཐར་ཐུག་པ་མི་འཇིགས་བར་བསྟན་པ། སེམས་ཅན་གྱི་མོས་པ་བཞིན་དུ་འཕྲིན་ལས་རྫོགས་པར་ཟིན་ནས། ཞིང་རབ་འབྱམས་ལ་ལ་ཞི་གནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཀྱང་ཞིང་གཅིག་ནས་ཡོངས་སུ་མྱ་ངན་ལས་འདས་པས ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དེ་ལྟ་བུ་ཁོང་དུ་ཆུད་པར ་བྱའོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཚད་མེད་པའི་རྗེས་སུ་སོང་བ། ཆགས་པ ་མེད་པའི་མཐར་ཐུག་པ། ཆོས་ཀྱི་དབྱིངས་ལྟར་མཛའ་དང་དབུས་མེད་པ། ནམ་མཁའ་ཨི་དབྱིངས་རང་བཞིན་ཅན་དེ་བཞིན་ཉིད་ཀྱིས་མི་སྐྱ་མི་འགག་པ་ཡང་དག་པའི་མཛའ་ལ་ནས་པ་དུས་བཞིན་དུ་རབ་ཏུ་སྟོན་བ། འགྲོ་བ་ཐམས་ཅད་དུ་རྒྱུན་མི ་འཆད་པར་སྔོན་གྱི་བྱིན་གྱིས་བརླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ། འགྲོ་བའི་ཞིང་ཐམས་ཅད་དང། ཆོས་ཀྱི་དབྱིངས་རབ་འབྱམས་ཐམས་ཅད་ལས་མི་འདའ་བ་ཁོང་དུ་ཆུད་བར་བྱའོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལས་ཀྱང། རབ་འབྱོར་མྱ་ངན་ལས་འདས་པ་འདི་ནི་འདི་ལྟ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་གསུངས་སོ།། །།བམ་པོ་བཞི་པ། །དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང། འོད་སྲུངས་ཆོས ་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས་རིགས་ཀྱི་བུ་གང་ཡང་དེ་བཞིན་གཤེགས་པས་མཛོད་པ་དེ། དེ་བཞིན་གཤེགས་པས་མཛད་ཅིང་ཡུན་རིང་པོ་དེ་སྲིད་ནས་མངོན ་པར་རྫོགས་པར་སངས་རྒྱས་ནས། ཚོའི་ཚད་དཔག་ཏུ་མེད་པ་དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་ཡོངས་སུ་མྱ་ངན་ལས་འདའ་སྟེ། འདུལ་བའི་དབང་གིས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ངས་རྣམ་གྲངས ་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང། ཚངས་པ་འདི་ལྟར་འཇིག་རྟེན་འདི་ལས་ཟད་པ་དང། ཉོན་མོངས་པ་ཟད་པ་དང། སྡུག་བསྔལ་ཟད་པ་དང། སྡུག་བསྔལ་ཉེ་བར ་ཞི་བས་ཞི་ཞིང་བྱང་སྟེ། རྣམ་པར་ཞི་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཞེས་བྱའོ། །ཚངས་པ་དེ་ལས་གང་ཡིན་པ་དེ་ཟད་པ་དང། ཉོན་མོངས་པ་གང་ཡིན་པ་དེ་དང་བྲལ་ཞིང་ནུབ་པ་མ་གཏོགས་པར་མྱ་ངན ་ལས་འདའ་བ་གང་ཡང་མེད་དོ་ཞེས་གསུངས་སོ། །འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང། སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཀུན་ཏུ་བསྟན་པ་ལ་འཇུག་པ་ནི་མཛའ་ཡས་སོ་ཞེས་གསུངས་སོ། །འཕགས་པ་ཚངས་པས་ཞུས ་པ་ལས་ཀྱང། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང། གཡོ་བ་ཐམས་ཅད་དང་འབྲལ་བའོ་ཞེས་གསུངས་སོ། །ཡང་གསུངས་པ། ཚངས་པ་ཡོངས་སུ་མྱ་ངན་ལས་འདས་པ ་ཞེས་བྱ་བ་ནི། ཕན་ཚུན་དུ་རྐྱེན་གྱིས་སྒྲོ་བཏགས་པ་མེད་པའོ་ཞེས་འབྱུང་ངོ། །ཡང་དག་པར་ལྡན་པའི་ལུང་ལས་ཀྱང། དགེ་སློང་དག་ཁྱེད་ལ་མྱ་ངན་ལས་འདས་པ་དང། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་བཤད་པར་བྱའོ། །དེ་ལ ་མྱ་ངན་ལས་འདས་པ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ཟད་པ་དང། ཞེ་སྡང་ཟད་པ་དང། གཏི་མུག་ཟད་པའོ། །དེ་ལ་མྱ་ངན་ལས་འདས་པར་འགྲོ་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ཉིད་དོ་ཞེས ་གསུངས་སོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས་ཀྱང། མཽངྒལ་གྱི་བུ་སྔོན་བྱུང་བ། དེ་བཞིན་གཤེགས་པ་སྙན་པ་བརྗོད་པ་ཞེས་བྱ་བ་བྱུང་སྟེ། དེའི་ཉན་ཐོས་འདུས་པ་ཡང་བྱུང་ངོ། །དེའི་ཚེ་ན་སངས་རྒྱས་ཀྱི ་ཞིང་དེ་ན་དགེ་སློང་དམིགས་པ་ཀུན་ལ་མཚུངས་པར་ལྟ་བ་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གཅིག་ཅིག་ཡོད་དེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་བ་རྣམས་ལ། དགེ་བའི་རྩ་བ་བསྐྱེད་ཀྱང། དེ་དེ་སྲིད་ཀྱི ་བར་དུ་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་མ་ཞུགས་ཀྱི། ཐེག་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་ཞུགས་ཏེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་སྦྱོང་བར་འདོད་དོ། །ཡང་དེའི་ཚེ་ན་སངས ་རྒྱས་ཀྱི་ཞིང་དེ་ན་དགེ་སློང་གཅིག་པོ་དེ་མ་གཏོགས་པར་སེམས་ཅན་གཞན་གང་གིས་ཀྱང། བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་ཏུ་སེམས་མ་བསྐྱེད་དེ། དེ་ཆོས་ཟབ་མོ་ཐམས་ཅད་ལ་དབང་ཟོས་པས། ལྷ་ཚེ་རིང་པོ་རྣམས་ཀྱིས་ནང་དུ་སྐྱེས་སོ། །དེ་ནས ་དེ་བཞིན་གཤེགས་པ་སྙན་པ་བརྗོད་པས། སངས་རྒྱས་ཀྱི་མཛད་པ་མཛད་ནས། སེམས་ཅན་ཆེན་པོ་གང་ལ་སངས་རྒྱས་ཀྱི་མཛད་པ་མ་མཛད་ཅེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཟིགས་པ་དང། དེས་ཐེག་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པའི་སེམས་གཅིག་པོ་དེ་ལ་བྱང་ཆུབ་ཀྱི་སྣོད་དུ་གྱུར་ན། དེ་ཡང་མི་དལ་བརྙེད་ནས་དེ་ལུས་དེ་ཉིད་ཀྱིས་བྱང་ཆུབ་ཏུ་དགེ་བའི་རྩ་བ་སྐལ་བ་མེད་དེ། དེ་ནས་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་སྟེ། ་དེ་དེ་ནས་ཡང་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་པའི་སྐལ་པ་མེད་ལ། དེ་མནར་མེད་པ་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ཀྱང་བླུན་པོ་ལུག་ལྟར་ལྐུགས་པ་ལག་བརྡ་བྱེད་པ་ཆོས་གོ་བའི་མཐུ་མེད་པར་གཟིགས་ནས། དེར་དེ་བཞིན ་གཤེགས་པ་དེ་སྦྲུལ་ཏེ། སེམས་ཅན་དེ་ཡོངས་སུ་སྨིན་པར་མཛད་དོ། །སྦྲུལ་པས་དེ་ཡོངས་སུ་སྨིན་པར་མཛད་པ་ན། སྐྱེ་བ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུར་དེ་བཞིན་གཤེགས་པ་དེ་མི་བདེ་བ་མྱོང་ངོ། །མཽངྒལ་གྱི་བུ་དེ་བཞིན་གཤེགས་པའི་ཐུགས་རྗེ ་ཆེན་པོ་ལ་ལྟོས། སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་པ་གྲངས་མེད་པར་མི་བདེ་བ་མྱོང་ཞིང་གང་ཟག་དེ་ཡོངས་སུ་སྨིན་བར་མཛད་ནས་ཕྱིར་མི་ལྡོག་པའི་བར་ལ་བཞག་གོ་།མཽངྒལ་གྱི་བུ་དེ་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ ་སྙན་པར་བརྗོད་པར་བྱ་བར་གྱུར་པ་དེ་བཞིན་ཞིག་ཡིན་སྙམ་ན་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དོན་ཐམས་ཅད་གཟིགས་པ་དེ། དེའི་ཚེ་སྙན་པར་བརྗོད་བར་གྱུར་ཏོ། །མཽངྒལ་གྱི་བུ་དེ་ཇི་སྙམ ་དུ་སེམས། དེའི་ཚེ་དགེ་སློང་དམིགས་པ་ཀུན་ལ་མཚུངས་པར་ལྟ་བ་ཞེས་བྱ་བར་གྱུར་པ་གཞན་ཞིག་ཡིན་པ་སྙམ་ན་ཡང་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་ཚེ། དགེ་སློང་དམིགས་པ་ཀུན་ལ་མཚུངས ་པར་ལྟ་བ་ཞེས་བྱ་བར་གྱུར་ཏོ། །ཞེས་གསུངས་སོ། །ཡབ་སྲས་མཇལ་བའི་མདོ་ལས་ཀྱང། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ། བགྲང་དུ་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། གཞལ་དུ་མེད ་པ་བརྗོད་དུ་མེད་པ། འདས་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་སངས་རྒྱས་ཀྱི ་ཞིང་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས། སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་ཐམས་ཅད་རྣམས་ཀྱང་བདེ་བ་ལྔ་ཐོབ་པར་གྱུར་ཏེ། འདི་ལྟར་ལ་ལ་ནི་འདོད་པའི་བདེ་བ་དང་ལྡན ་པར་གྱུར་ཏོ། །ལ་ལ་ནི་ཁྱིམ་ནས་འབྱུང་བའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བསམ་གཏན་གྱི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་སྙོམས་པར་འཇུག་པའི་བདེ་བ་དང་ལྡན་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཀྱི་བདེ་བ་དང་ལྡན་པར་གྱུར་ཏེ། དེ་དག་བདེ་བ་དེ་ལ་ཡང་སྤྱོད་ལ། དེ་དག་ལ་ཡང་མངོན་བར་ཞེན་པ་མེད་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། བུང་བ་མེ་ཏོག་གི་ཁུ་བས་ཉེ་བར་འཚོ་ཡང་དེ་ལ་མངོན་པར་ཞེན་པ་མེད་དོ། །དེ་བཞིན ་དུ་སེམས་ཅན་དེ་དག་ཀྱང་བདེ་བ་ལ་ཡོངས་སུ་སྤྱོད་ཀྱང་དེ་ལ་མངོན་པར་ཞེན་པ་མེད་དོ། །འདི་ལྟ་སྟེ་དཔེར་ན། བར་སྣང་ལ་རྒྱུ་བའི་བྱ་ནི་བར་སྣང་ལ་རྒྱུ་ཡང་དེ་ལ་མངོན་པར་ཆགས་པ་ཡང་མེད་དོ། །དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་དེ་ལ་ལོངས ་སུ་སྤྱོད་ཀྱང་དེ་མངོན་པར་ཞེན་པ་མེད་དོ། །འཇམ་དཔལ་གྱིས་གསོལ་པ། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་རྟོག་ཅེས་བགྱི་བར་གྱུར་པ་དེ་ནི། བཅོམ་ལྡན་འདས་ཉིད་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དབང་པོའི་རྟོགས? ་བགྱི་བར་གྱུར་པ་དང་འཚལ་ཏོ་ཞེས་གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་བྱ་བ་དང་ནི་མཚན་ཉིད་དང། དངོས་པོར་མྱ་ངན་ང་མི་འདའ་། །རྣམ་རྟོག་རྣམ་པར་ཤེས་པ་ལས། །བཟློག་བས་མྱ་ངན་ང་འདས་སོ། །ཞེས་གསུངས་སོ། །ཐེག་པ་གཅིག ་ལ་མོས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པ་དཀའ་སྟེ། ཐེག་པ་གཅིག་ཏུ་ཟད་པར་ནི་མདོ་སྡེ་དུ་མས་གསུངས་པའི་ཕྱིར་རོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་འབྱུང་བ། དེ་ཡང་ཐེག་པ་གཅིག་ལས་བརྩམས་ཏེ་སེམས་ཅན ་རྣམས་ལ་ཆོས་འཆད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། ཐེག་པ་གཉིས་སམ་གསུམ་ཞེས་བྱ་བ་དག་ཀྱང་མེད་དོ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན་ཡང་ཆོས་ཉིད་ནི་འདིའོ། །དེ་ཅིའི་ཕྱིར ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གང་འདས་པའི་དུས་ན་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་གཅིག་ལས་བརྩམས་ནས། སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། གང་འདི་སངས་རྒྱས་ཀྱི་ཐེག་པའོ ་གང་མ་འོངས་པའི་དུས་ན་འབྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཀྱང། སངས་རྒྱས་ཀྱི་ཐེག་པ་གཅིག་པུ་ལ་བརྩམས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་རོ། །གང་ད་ལྟར་བྱུང་བའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས ་ཅད་ཀྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐེག་པ་གཅིག་པུ་ལ་བརྩམས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་རྣམ་གྲངས་འདིས་དེ་ལྟར་རིག་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་གང་ན་ཡང་ཐེག་པ་གཉིས་སུ་བཏགས་པ་ཡང་མེད་ན། གསུམ་ལྟ་ཅི་སྨོས་ཤེས་གསུངས་སོ། །འཕགས་པ་བདེན་པ་པོའི་ལེའུ་ལས་ཀྱང། འཇམ་དཔལ་ཐེག་པ་གཅིག་གིས་ངེས་པར་འབྱུང་བའི་ཕྱིར་སངས་རྒྱས་ཀྱི་ཞིང་དེ་ནི ་ཐེག་པ་ཆེན་པོའི་སྙིང་པོ་དང་ལྡན་པ་ཡིན་ནོ། །ང་ལ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་དགོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་འདུས་ཤེས་སྣ་ཚོགས་མེད་པའི་ཕྱིར་ཏེ། འཇམ་དཔལ་གལ་ཏེ་དེ་བཞིན ་གཤེགས་པས་ལ་ལ་དག་ནི་ཐེག་པ་ཆེན་པོའོ། །ལ་ལ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ། ལ་ལ་དག་ནི་ཉན་ཐོས་ཀྱི་ཐེག་པ་བཤད་པར་གྱུར་ན་དེ་ནི་དེ་བཞིན་གཤེགས་པའི་སེམས་ཡོངས་སུ་མ་དག་པར་འགྱུར་ཏེ། མངོན་པར་ཞེན་པའི་སྐྱོན་དུ ་ཡང་འགྱུར། སྙིང་རྗེ་ཆེན་པོ་ཉེ་ཚེ་བར་ཡང་འགྱུར། ང་ཆོས་ལ་སློབ་དཔོན་དཔེ་མཁྱུད?་བྱས་པར་ཡང་འགྱུར་རོ། །འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྣོན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པའི་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པོ། ཡུལ་གཅིག་ཏུ་ཡང་དག་པར་བྱིན་པར་བྱེད་པ་སྟེ། དེ་བས་ན་དེ་ལ་ཐེག་པ་རྣམ་པར་དགོད་པ་མེད་དོ། །འཇམ་དཔལ ་ཐེག་པ་རྣམ་པར་དགོད་པ་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པ་རྣམ་པར་དགོད་པར་མཛད་པའོ། །དེ་ནི་གང་ཟག་རྣམ་པར་དགོད་པར་མཛད་པའོ། །ཚོགས་ཆུང་ངུ་དང། ཚོགས་ཚད་མེད་པ་རྣམ་པར་དགོད་པར་མཛད་པ་སྟེ། ཆོས་ཀྱི་དབྱིངས་ཐ་དད་པ ་མེད་པའི་ཕྱིར་འདི་ལ་ཐེག་པ་ཐ་དད་པ་མེད་དེ། འདི་ནི་ཀུན་རྫོབ་དུ་འཇུག་པ་བསྟན་པ་འཇུག་པའི་སྒོ་ཙམ་དུ་བརྗོད་པའོ། །གང་དོན་དམ་པར་ཐེག་པ་གཅིག་པ་ནི་གཉིས་པ་མ་ཡིན་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང། ལྷའི་བུ་གང ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་དག་ཡང་དག་པ་ཉིད་དུ་ངེས་པར་ཞུགས་པ་དེ་དག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི ་མཐུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར་རོ། །དེ་དག་གལ་ཏེ་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་ཏུ་སེམས་བསྐྱེད་ན་ནི། དེ་ཡང་རྗེས་སུ་ཡི་རང་ཞིང། ང་དེ་དག་གི་དགེ་བའི་རྩ་བ་ལ་བར་ཆད་མི་བྱེད་དོ། ཁྱད ་པར་དུ་འཕགས་པ་བས་ཀྱང་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་ལྷག་པར་དམིགས་པར་བྱའོ། །ཞེས་གསུངས་སོ། །འདུས་པ་ཆེན་པོའི་ལེའུ་ལས་ཀྱང། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ་ནི། ཐེག་པ་ཐམས་ཅད་ཐེག་པ་གཅིག ་ཏུ་མཉམ་པ་ཉིད་དུ་ཡང་དག་པར་འདུ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པར་ཚུལ་གཅིག་གོ། ཞེས་གསུངས་སོ། །འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་ཀྱང། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཏམ ་སྣ་ཚོགས་ཀྱི་ཚད་དུ་འབྱུང་བ་མ་ཡིན་ཏེ་ཆོས་ཀྱི་དབྱིངས་རོ་གཅིག་པ་སྒྲིབ་པ་མེད་པ། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ། མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། འདི་ལྟ་སྟེ། ཕྱིར་མི ་ལྡོག་པའི་འཁོར་ལོ་རབ་ཏུ་བསྐོར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནོར་བུ་མཁན་གྱིས་ནོར་བུའི་རིགས་ལས་སྦྱང་བ་མ་བྱས་པའི་ནོར་བུ་རིན་པོ་ཆེ་བླངས་ནས། བུལ་ཏོག་གི་ཆུ་རྣོན་པོས་བཀྲུས་ཏེ། སྐྲ་ནག་པོའི་ལ་བས་བྱི་དོར་བྱ་བས་བྱི་དོར་བྱས ་ཀྱང་དེ་ཙམ་གྱིས་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་རྡུལ་ཆུ་རྣོན་པོ་དང་བཅས་པས་བཀྲུས་ཏེ། ཤིང་ངར་སྣམ་བུས་བྱི་དོར་བྱ་བས་བྱི་དོར་བྱེད་དོ། །དེ་ཙམ་གྱིས་ཀྱང་བརྩོན་འགྲུས་རྒྱུན་མི་གཅོད་དོ། ། ་དེའི་འོག་ཏུ་ཡང་སྨན་ཆེན་པོའི་ཁུ་བས་བཀྲུས་ཏེ། རས་པྲ་མོས་བྱི་དོར་བྱས་པས་བྱི་དོར་བྱེད་དོ། །བྱི་དོར་བྱས་ཏེ་ནོར་བུ་འཆིང་བུའི་རིགས་དང་བས?་ལྔ་ནས་བཻ་ཌཱུརྱ་ཞེས་བྱའོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས ་ཅན་གྱི་ཁམས་རིག་ནས་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་འབྱུང་བར་བྱེད། འཕགས་པ་ཆོས་འདུལ ་བ་ལ་འཇུག་པར་བྱེད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་གཏམ་གྱི་ཚུལ་ཁོང་དུ་ཆུད ་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི། ་ཡུལ་ལ་འཛུད་དོ། །སེམས་ཅན་རྒྱུད་དང་རང་བཞིན་སྣ་ཚོགས་པ་དེ་དག་མཉན་དུ་ཞུགས་ནས། དེ་བཞིན་གཤེགས་པའི་ཆོས་ཉིད་ཁོང་དུ་ཆུད་པས། སྦྱིན་གནས་བླ་ན་མེད་པ་རྣམས་ཤེས་བྱའོ། །ཞེས་གསུངས་སོ། །ཕྱིར་མི་ལྡོག་པའི་འཁོར ་ལོའི་མདོ་ལས་ཀྱང། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ཇི་ཙམ་ཞིག་མཐུན་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི ་ཆོས་ཀྱི་འཁོར་ལོར་མཐུན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཐེག་པ་གསུམ་ལ་བརྩམས་ཏེ། དེ་ལྟར་ཆོས་སྟོན། བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དེ་དག་ནི་དམན་པ་ལ་མོས་པ་དག་སྟེ། དེ་དག་ཐེག་པ་གཅིག་ལ་མི ་འཇུག་པས་ན། ཐབས་མཁས་པས་དེ་དག་དེ་ལྟར་ཉེ་བར་ཁྲིད་ཏེ་རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐབས་མཁས་པ་ཆེན་པོ་དང་ལྡན་པའོ། །བཅོམ་ལྡན་འདས་དེ་ནི་སྙིགས་མ་ལྔའི་དུས་ན་བྱུང་སྟེ། དེ་དག་ནི་ཐིག་པ་གཅིག་ལ ་མ་མོས་པ་དག་གོ། ཞེས་གསུངས་སོ། །འཕགས་པ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲའི་མདོ་ལས་ཀྱང། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་སོ། །ཐེག་པ་གསུམ་པོ་ཐམས་ཅད་ཀྱང་ཐེག་པ་གཅིག་པོའི ་གྲངས་སུ་འགྲོ་སྟེ། ཐེག་པ་གཅིག་ཁོང་དུ་ཆུད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་དོ། །ཞེས་གསུངས་སོ། །འཕགས་པ་ལངཀར་གཤེགས་པའི་མདོ་ལས་ཀྱང། ཉན་ཐོས་དང། རང་སངས་རྒྱས་རྣམས་བག་ཆགས་ཀྱིས་། ་ཉེས་པ་དང། ཏིང་ངེ་འཛིན་གྱིས་མྱོས་པ་མེད་པར་གྱུར་ནས། ཟག་པ་མེད་པའི་དབྱིངས་ནས་སླར་སང་དེ། ཡང་འཇིག་རྟེན་གྱི་དང། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབྱིངས་སུ་གཏོགས་པའི་ཚོགས་རྣམས་ཡོངས་སུ་བཀང་ནས། ཆོས་ཀྱི ་སྐུ་བསམ་གྱིས་མི་ཁྱབ་པ་ལ་དབང་མེད་པར་རབ་ཏུ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་སེམས་ཅན་གྱི་དགེ་བའི་ཚོགས་སྤྱོད་པ་ཐ་དད་པ་དང། འདུལ་བའི་དབང་དང། ཐེག་པ་སྣ་ཚོགས་ཀྱི་སྒོ་སྟོན་པས་ཀྱང་འཇིག་རྟེན་གྱི ་ཁམས་ཐ་དད་པ་རྣམས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་འཇུག་གོ་།ཐེག་པ་གསུམ་དུ་ཡང་མ་ཟད་དེ། སྡོང་པོ་བཀོད་པའི་རྣམ་པར་ཐར་པ་ལས་རྣམ་པར་སྣང་བྱེད་དཔལ་གྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ།། ་ཀུན་ནས་ཡེ་ཤེས་རིན་ཆེན་འོད་འཕྲོ་དཔལ་ཡོན་ཏན་གྱི་ཏོག་གི་རྒྱལ་པོ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་སེམས་ཅན་དཔག་ཏུ་མེད་པ་དག་ནི་ཉན་ཐོས་ཀྱི་ས་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དང ་ནི་རང་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཤུགས་དང་ལྡན་པའི་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཕ་རོལ་གནོན་པ་དྲི་མ་མེད་པའི་རྒྱལ་མཚན་གྱི་བྱང་ཆུབ་ལ ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཆོས་ལ་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་དབང་པོ་ཡོངས་སུ་དག་པའི་སྤོབས་པས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན ་དཔག་ཏུ་མེད་པ་དག་ནི་སྟོབས་མཉམ་པ་ཉིད་ཡང་དག་པར་སྤྱོད་པའི་རྗེས་སུ་འགྲོ་བས་ངེས་པར་འབྱུང་བའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱས། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཆོས་ཀྱི་གྲོང་ཁྱེར་ལ་མངོན་པར་ཕྱོགས་པའི་ཡུལ་གྱི་ཐེག ་པ་སྲིད་པ་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཐམས་ཅད་དུ་སོང་བའི་རྫུ་འཕྲུལ་མི་ཕྱེད་པའི་ཚུལ་གྱིས་ཐེག་པ་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་སྤྱོད ་པའི་སྦྱོར་བ་ཚད་མེད་པ་ཡང་དག་པར་འདུ་བས། ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཏིང་ངེ་འཛིན་ལ་གནས་པའི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད ་པ་དག་ནི་དམིགས་པ་ཐམས་ཅད་ཀྱི་ཡུལ་ཡོངས་སུ་དག་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ལ་སེམས་སྐྱེད། སེམས་ཅན ་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་རྣམ་པར་དག་པ་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་བཀོད་པ ་ནས། བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པའི་བར་ལ་བཀོད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྨོན་ལམ་གྱིས་ཁྱད་པར་དུ་གྱུར་པ་ལ་བཙུད། སེམས་ཅན་དཔག་ཏུ་མེད་པ་དག་ནི་བྱང་ཆུབ་སེམས་དཔའ་ཨི ་ཀུན་ཏུ་བཟང་པོའི་སྦྱོད་པའི་སྨོན་ལམ་རྣམ་པར་དག་པ་ལ་བཀོད་དོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་དམ་པའི་ཆོས་རྟག་ཏུ་ཡོངས་སུ་བཟུང་བར་བྱའོ། །དམ་པའི་ཆོས་ཡོངས་སུ་བཟུང་བ་གང་ཞེ་ན། དད་པའི་སྟོབས་སྐྱེས་པའི་མདོ ་ལས་འབྱུང་བ། འཇམ་དཔལ་དེ་ལ་དམ་པའི་ཆོས་ཡོངས་སུ་བཟུང་ན། བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་བཟུང་ན་དམ་པའི་ཆོས་ཡོངས་སུ་བཟུང་བ་ཡིན་ནོ། །དམ་པའི་ཆོས་ཡོངས་སུ ་བཟུང་ན། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་ན་སངས་རྒྱས་ཀྱི་རིགས་མི་འཆད་པར་བྱས་པ་ཡིན་ནོ། །སངས་རྒྱས་ཀྱི་རིགས་མི་འཆད་པར་འདོད་པ་དང། སེམས་ཅན་ཐམས་ཅད ་ཀྱི་ཉོན་མོངས་པ་འཇོམས་པར་བྱེད་འདོད་པ་དང། ངན་འགྲོ་ཀུན་གྱི་སྒོ་གཅོད་པར་འདོད་པ་དང། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་དང། བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བའི་བདེ་བ་གྲངས་མེད་དཔག་ཏུ་མེད་པ ་མྱོང་བར་འདོད་པ་དང། བདུད་ཀྱི་ཞགས་པ་ཐམས་ཅད་གཅོད་པར་འདོད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པའི་བར་གྱིས། ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ ་སེམས་དཔའ་ལ་ཡང་ཡོངས་སུ་བཟུང་བ་ཇི་ཙམ་ཆུང་ངུ་ཡང་བྱའོ། ཞེས་གསུངས་སོ། །འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ ་བསྡུད་པར་འགྱུར་བའི་ཆོས་ནི་གཅིག་སྟེ། འདི་ལྟར་བྱང་ཆུབ་ཀྱི་སེམས་མི་བརྗོད་ཅིང་བག་ཡོད་པའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་བདག་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཆེན་པོའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་ཆོས ་སྨྲ་བ་རྣམས་ལ་སྟོན་པ་དང། བླ་མ་ལྟར་ཕངས་པར་རིམ་གྲོ་བྱེད་པའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་དེ་བཞིན་གཤེགས་པ་བཞུགས་པ་རྣམས་སམ། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་དང། རིམ་གྲོ་བྱེད་པས ་ཆོག་མི་ཤེས་པའོ། །གཞན་ཡང་ཆོས་གཅིག་སྟེ། འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་དང། མ་བྱང་བར་རིག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཀྱང ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བྱང་ཆུབ་ལས་མི་ཉམས་ཏེ། ཚེ་རྗེས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་དེ། ཇི་ལྟར་སྨོན་པ་བཞིན་དུ་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྗེས་སུ་མཐུན་པར་འགྱུར་ལ། སྟོབས་ཆེ་ཞིང་མཐུའོ་ཆེ་ལྟར ་ལུས་མི་ཤིགས་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་ཀྱང་རབ་ཏུ་ཐོབ། ཚངས་པའི་གནས་པ་བཞི་ཡང་ཐོབ་སྟེ། ཚངས་པའི་འཇིག་རྟེན་དུ་སྐྱེས་ནས། ཚངས་པའི་དབང་ཡང་རབ་ཏུ་འཐོབ་བོ། །བཞི་གང་ཞེ་ན། འདི་ལ་བྱང ་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པར་མཐོང་ན། སླར་གསོ་བར་མོས་ཏེ། དེ་ལ་འཇིམ་པའི་རིལ་བུ་བགས་ཀློན་པ་ཡིན། ལམ་གྱི་བཞི་མདོ་ཆེན་པོར་སྐྱེ་བོ་མང་པོ་འདྲུ་བའི་གནས་སུ་དེ་བཞིན་གཤེགས་པའི་མཆོད ་རྟེན་བརྩིགས་སམ། མཆོད་རྟེན་ནམ། ཁང་པ་བརྩེགས་པ་འམ། རྡོ་རིངས་སམ། དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། དེ་བཞིན་གཤེགས་པའི་ཡོན་ཏན་གཞན་དང། གཞན་རྗེས་སུ་དྲན་པར་བྱ་བ་འདི་ལྟ་སྟེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ ་འམ། མངོན་པར་འབྱུང་བ་འམ། བྱང་ཆུབ་ཀྱི་ཤིང་ངམ། བདུད་འདུལ་བ་འམ། ཆོ་འཕྲུལ་ཆེན་པོ་འམ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་འམ། ལྷ་ཡུལ་ནས་བབ་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མི་འདུམ་པ ་མཐོང་ན། བསྡུ་མས་བྱེད་པ་ལ་བརྩོན་པ་ཡིན། དེ་བཞིན་གཤེགས་པའི་བསྟན་པ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ན། ཚིགས་སུ་བཅད་པ་གཅིག་བསྲུང་བ་ལ་མི་བརྗེད་པར་བརྩོན་པ་ཡིན། ཆོས་སམ་ཆོས་སྨྲ་བ་ཡོངས་སུ་འཛིན་ཅིང་ལུས་དང ་སོག་འདོར་བར་ཆོས་མི་གཏོང་བ་སྟེ། བཞི་པོ་དེ་དག་གི་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་རྣམས་ཡིན་ནོ། །བཅུ་གང་ཞེ་ན ་འདི་ལྟ་སྟེ། ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཅིང་བསྟན་པ་འཁྲུག་བར་གྱུར་པ་དང། སེམས་ཅན་རྣམས་ལམ་ངན་པར་ཞུགས་པ་དང། ཡེ་ཤེས་ཀྱི་སྒྲོན་མ་མྱ་ངན་ལས་འདས་ཏེ་སྟོན་པ་མེད་པའི་ཚེ། མདོ ་སྡེ་རྒྱ་ཆེན་པོ་དོན་ཆེ་ཞིང་མཐུ་ཆེ་བ་དམ་པའི་ཆོས་ཐམས་ཅད་ཀྱི་མ་མོ་དང་འདྲ་བ་དག་འཛིན་ཅིང། ཀློག་ལ་ཁ་ཏོན་བྱེད་ཅིང་ཀུན་ཆུབ་པར་བྱེད་པ་དང། གཞན་ལ་ཡང་བརྗོད་ཅིང་སྟོན་ལ། ཡང་དག་པར་སྟོན་ཅིང་གསལ་བར་བྱེད་པ་དང། དེ་ལ ་ཞུགས་པའི་གང་ཟག་རྣམས་ལ། དགའ་བ་དང། དད་པ་དང། རངས་པར་བྱེད་ཅིང་དེ་དག་ལ་ཕན་འདོགས་པ་དང། ཟང་ཟིང་མེད་པའི་ས?་སེམས་ཀྱིས་དམ་པའི་ཆོས་ཉན་པ་དང། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པར་འདུ་ཤེས་བསྐྱེད་པ་དང། ་དམ་པའི་ཆོས་ལ་བདུད་རྩིར་འདུ་ཤེས་བསྐྱེད་པ་དང། བཅུད་གསོས་སུ་འདུ་ཤེས་བགྱི་པ་དང། རྩིའི་འདུ་ཤེས་སྐྱེད་པ་དང། ལུས་དང་སྲོང་ལ་མི་བལྟ་བར་དམ་པའི་ཆོས་ཡོངས་སུ་ཚོལ་བ་དང། བརྩོལ་ནས་ཀྱང་ནན་ཏན་གྱིས ་བསྒྲུབ་པོ་ཞེས་གསུངས་སོ། །རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དམ་པའི་ཆོས་ཡོངས་སུ་འཛིན་ཏེ། བཞི་གང་ཞེ་ན། བདག་བདེ་བ་ལ་མི་ཆགས་པ་དང། གཞན ་ལ་བདེ་བ་སྟོབས་པ་དང། སྙིང་རྗེ་ཆོས་པོ་རབ་ཏུ་ཐོབ་པ་དང། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་སྟེ། བཞི་པོ་དེ་དག་གོ་ཞེས་གསུངས་སོ། །ཡང་མདོ་དེ་ཉིད་ཀྱི་སྔོན་གྱི་ཚུལ་གྱི་ལེའུ་ལས་ཀྱང། རྒྱལ་བུ་དྲི་མ་མེད་པའི་གཟི་བརྗིད་ཀྱིས། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་རི་རབ་ཆེན་པོ་དགེ་སློང་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་ལ། །ལོ་སྟོང་གི་བར་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡོ་བྱད་ཐམས་ཅད་ཀྱི་བསྙེན་བཀུར་བྱས་པར་འགྱུར་རོ། །དེ་ལས་ལོ?་བསྟོང་ལོན་པ ་དང། བཅོམ་ལྡན་འདས་རི་རབ་ཆེན་པོ་དེ་བཞིན་གཤེགས་པ་དེས་རྒྱལ་པོ་དྲི་མ་མེད་པའི་གཟི་བརྗིད་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་ལོ་སྟོང་དུ་སྦྱིན་པའི་ཆོས་ཡོངས་སུ་བཏང་སྟེ། དེ་བཞིན་གཤེགས་པ་ལ་ཕུལ་བའི་སྦྱིན ་པའི་ཆོས་ཡོངས་སུ་བཏང་བ་དེ་ཐམས་ཅད་ཡོངས་སུ་བསྡུས་ཀྱང། ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཨི་དབུགས་ལན་ཅིག་རྒྱུ་བའི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་ཉེ་བར་མི་ཆོག་པ་ནས། རྒྱུའི་བར་དུ་ཡང་མི་ཆོག་ན། ་གང་ལུང་འབོགས་པ་དང། ཁ་ཏོན་ལ་བརྩོན་པ་དང། ཚིགས་བཞི་པའི་ཚིགས་སུ་བཅད་པ་ཕ་རོལ་ཏུ་ཕྱིན་བ་དང། རབ་ཏུ་ལྡན་པ་གཅིག་ཙམ་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཏེ། དེའི་བསོད་ནམས་ཀྱི་ཕུང་པོའི་མཛའ་ང་མི་འཆད་དོ། །སྦྱིན་པའི ་ཆོས་ཡོངས་སུ་གཏོང་བ་ལྟ་ཞོག་སྟེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་ལོ་སྟོང་གི་བར་དུ་རྒྱུ་གོད་པ་ཐམས་ཅད་བསྡུས་ནས། དགེ་སློང་གཅིག་ལ་བྱིན་པར་གྱུར་ལ། དེ་བཞིན་དུ་དགེ་སློང་ཐམས་ཅད་ལ་བྱིན་བ་བས། བྱང་ཆུབ་སེམས་དཔའ་གང་ལུང ་འབོགས་པ་དང། ཁ་ཏོན་ལ་བརྩོན་པ་དང། གུས་པ་དང་བཅས་པ་དང། ཆོས་སྟོན་འདོད་པས་དང་བས་བྱིན་པའི་ཟས་བླངས་ནས། ས་འདི་སྙམ་དུ་བདག་གིས་ཁ་ཟས་འདི་ཆོས་ཡོངས་སུ་བཙལ་བར་བྱའོ་སྙམ་དུ་སེམས་བསྐྱེད་ན་སྦྱིན་པའི་ཆོས ་ཡོངས་སུ་གཏོང་བ་ངེས། དགེ་བའི་རྩ་བ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་ཚོགས་པ་ནས། རྒྱུའི་བར་དུ་ཡང་མི་ཆོག་གོ་།ཞེས་གསུངས་སོ། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཨི་བསོད ་ནམས་ཀྱི་ཕུང་པོ་ཇི་སྙེད་བརྗོད་པ་བས་དམ་པའི་ཆོས་ནི་ཡོངས་འཛིན་ན། དེ་བས་བསོད་ནམས་ཆེས་མང་ངོ། །དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀྱིས་ནི་ནན་ཏན་དུ། །བསྐལ་པ་ཕྱེ་བར་བརྗོད་མཛད་ཀྱང། །མཛའ་མར་ཕྱིན ་བར་འགྱུར་མ་ལགས། །ཞེས་འབྱུང་ངོ། །དམ་པའི་ཆོས་གང་ཞེ་ན། དཔལ་གྱི་ཕྲེང་བ་སེངྒེའི་སྒྲའི་མདོ་ལས་གསུངས་པ། དམ་པའི་ཆོས་ཞེས་བྱ་བ་དེ་ནི་ཐེག་པ་ཆེན་པོའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང། རང་སངས་རྒྱས ་ཀྱི་ཐེག་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་རབ་ཏུ་ཕྱེ་བའི་ཕྱིར་རོ། ཞེའོ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང། དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། འདི་ལྟ་སྟེ། དེ་བཞིན ་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་རྣམས་ལུང་ནོད་པ་དང། འཛིན་པ་དང། ཁ་ཏོན་བྱེད་པ་དང། སེམས་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་གང་དམིགས་པའི་སྤྱོད་པ་ལ་གནས་ཏེ། དུས་དཔག་ཏུ་མེད་པར་དེ་བཞིན ་གཤེགས་པ་ལ་མཆོད་པ་བྱས་ཀྱང། དེ་དག་ལུང་བསྟན་པ་ཡང་ཐོབ་པར་མི་འགྱུར་ན། བྱང་ཆུབ་ཐོབ་པར་ག་ལ་འགྱུར་ཏེ། ཚངས་པས་ཞུས་པའི་མདོ་ལས་འབྱུང་བ། ཚངས་པ་ངས་བསྐལ་པ་འམ། བསྐལ ་བ་ལས་ལྷག་པར་དེ་བཞིན་གཤེགས་པ་དེ་དག་གི་མཚན་ནས་བརྗོད་ཅིང། གང་དག་ངས་ཆོས་དེ་གང་ལ་ངས་ཚངས་པར་སྤྱད་པ་སྤྱད་ཅིང། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པའི་དེ་བཞིན་གཤེགས་པ་དེ་དག་གིས་ང་ལ་ལུང་མ་བསྟན་ན། ། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚངས་པ་ང་སྤྱོད་པ་ལ་གནས་པར་གྱུར་པའི་ཕྱིར་རོ། །ནམ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་པ་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས། དེ་ནས་གདོད་ང་ལུང་བསྟན་ཏེ། དེ་ནས་ང ་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་སོ། །དེ་ནས་ང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཆོས ་ཟབ་མོ་ལ་མོས་པ་དང་མི་ལྡན་པ་རྣམས། བདག་དང་གཞན་གྱི་དོན་བྱ་བར་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། ཟླ་བ་སྙིང་པོའི་ལེའུ་ལས་འབྱུང་བ། དོན་དམ་པའི་བདེན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས ་དང། རང་སངས་རྒྱས་ཐམས་ཅད་དང་ཐུན་མོངས་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བའི་ཚོགས་ཀྱི་མཆོག་སྒྲུབ་མི་ནུས་སོ། །ཟླ་བའི་སྙིང་པོ་འདི ་ལྟ་སྟེ་དཔེར་ན། མེ་སྟག་གང་གིས་ཀྱང་རྒྱ་མཚོ་ཆེན་པོ་ཟབ་མོ་སྐེམས་མི་ནུས་སོ། །ཟླ་བའི་སྙིང་པོ་དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་རང་གི་ཉོན་མོངས་པའི་རྒྱ་མཚོ་སྐེམས་པར་ཡང་མི་ནུས་ན། སེམས་ཅན་གཞན་རྣམས་ཀྱི ་སྟེ་མོས་ཀྱང་ཅི་དགོས། ཞེས་གསུངས་སོ། །ཆོས་ཟབ་མོ་ནི་གང། ཆོས་ཟབ་མོ་ལ་མོས་པ་ནི་ཇི་ལྟ་བུ་ཡིན་ཞེས། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་འབྱུང་བ། འཕགས་པའི་ཡང་དག་པར་ལྟ་བ་འབྱུང་བ་ནི། རྒྱུ་གཉིས་དང། རྐྱེན་གཉིས་ཏེ། གཉིས ་གང་ཞེ་ན། གཞན་གྱི་སྒྲ་དང། བདག་ཉིད་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པའོ། །དེ་འདི་སྙམ་དུ་སེམས་ཏེ། གཞན་གྱི་སྒྲ་དེ་གང། བདག་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་གང་ཞེ་ན། དེ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་སྙམ་སེམས་པར ་འགྱུར་ཏེ། རྣལ་འབྱོར་སྤྱོད་པ་གང་དག་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར། ཏིང་ངེ་འཛིན་ཙམ་གྱིས་དགའ་བསྙེད་ནས། ང་རྒྱལ་གྱི་དབང་གིས་ཆེ་བའི་ང་རྒྱལ་དུ་ལྟུང་བ་དེ་དག ་ནི། སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་དང། ཡིད་མི་བདེ་བ་དང། འཁྲུགས་པ་ལས་ཡོངས་སུ་མི་ཐར་སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་མི་ཐར་ཏེ། དེ་བཞིན་གཤེགས་པས ་དེ་ལ་དགོངས་ནས་འདི་སྐད་གསུངས་སོ། །ཕ་རོལ་ལས་རྗེས་སུ་མཐུན་པ་ཐོས་པ་ནི། རྒ་བ་དང་འཆི་བ་ལས་རྣམ་པར་གྲོལ་བའོ། །དེ་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཚུལ་བཞིན་སྦྱོར་བ་ནི་གང། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་ཚུལ་བཞིན ་སྦྱོར་བ་ཡིན་སྙམ་ནས། དེ་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྦྱོར་བ་མི་བྱེད། རབ་ཏུ་སྦྱོར་བ་མི་བྱེད་དོ། །ཚུལ་བཞིན་དུ་སྦྱོར་བ་ཞེས་བྱ་བ་འདི་ནི་མི་སྦྱོར་བའི་ཚིག་བླ་དགས་སོ། །གཞན་ཡང་བྱང་ཆུབ ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི་སྒྲ་འབྱིན་པར་མི་བྱེད། ཟློས་པ་འབྱིན་པར་མི་བྱེད། གང་ནས་སྒྲ་འབྱུང་བ་དེ་ཡང་མི་དམིགས་ཏེ། སྒྲ་དེ་ཉིད་གང་ནས་བྱུང། གང་དུ་འགགས་ཅེས་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་ལ་རྟོག་པར་བྱེད་དོ། །གང་སྨྲས ་པ་གང་སྨྲ་བ་དང། གང་སྨྲ་བར་འགྱུར་བ་དང། གང་གིས་སྨྲས་པ་དང། གང་གིས་སྨྲ་བ་དང། གང་གིས་སྨྲས་པར་འགྱུར་བ་དང། གང་སྤོང་བའི་ཕྱིར་སྨྲས་པ་དང། གང་སྤོང་བའི་ཕྱིར་སྨྲ་བ་དང། ་གང་སྤོང་བའི་ཕྱིར་སྨྲ་བར་འགྱུར་བ་དང། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲས་པ་དང། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲ་བ་དང། གང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨྲས་པར་འགྱུར་བ་དེ་ཐམས་ཅད་ཡོངས་སུ་བཙལ་ན། ་འདས་པའི་རྣམ་པ་དང། མ་འོངས་པའི་རྣམ་པ་དང། ད་ལྟར་བྱུང་བའི་རྣམ་པར་མི་དམིགས་པ་དེ་ནི། དེའི་ཚུལ་བཞིན་སྦྱོར་བའོ་ཞེས་དེ་དེ་ལྟར་སློབ་བོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་བཞིན་དུ་སྦྱོར་བས། ཇི་ལྟར་ཚུལ ་བཞིན་མཐོང་ཞེ་ན། དེ་འདི་ལྟར་སློབ་སྟེ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་འགགས་པས་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བ ་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ། །གང་གི་ཚེ་ཆོས་ཐམས་ཅད་རྣམ་པ་ཞི་པར་མཐོང་བ་དེའི་ཚེ། ཚུལ་བཞིན་མཐོང་ངོ། །གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་ཞུགས་པར་མཐོང་བ་དེའི་ཚེ། ཚུལ་བཞིན ་མཐོང་ངོ། །གང་གི་ཚེ་ཆོས་ཐམས་ཅད་མ་སྐྱེས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་མཐོང་ངོ། །གང་གི་ཚེ་ཆོས་ཐམས་ཅད་མ་བྱུང་བར་མཐོང་བ་དེའི་ཚེ་ཚུལ་བཞིན་མཐོང་ངོ། །གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་ཡང ་དག་པར་མ་བྱུང་བར་མཐོང་བ་དེའི་ཚེ། ཚུལ་བཞིན་མཐོང་ངོ། །གང་གི་ཚེ་ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཐོང་བ་དེའི་ཚེ། ཚུལ་བཞིན་མཐོང་ངོ། །དེ་གང་གིས་མཐོང་བ་དེ་ལ་ཡང་རྟོག་སྟེ། ཅི་ནས ་ཀྱང་མི་མཐོང་བ་དང་མི་རྟོག་པ་ལྟར་མཐོང་སྟེ་དེ་ལྟར་མཐོང་ན་ཚུལ་བཞིན་མཐོང་བ་ཞེས་བྱའོ། །ཡང་འདི་ལྟར་སློབ་སྟེ། བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ལ་ཡང་ཐེ་ཚོམ་དང་རྨོངས་པ་མེད་པའོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས། ། ་གང་ལ་ཡང་སྒྲིབ་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི་ཆོས་གང་ལ་ཡང་ཐར་པའི་སྒོར་མི་འགྱུར་བ་མེད་དོ། །ཚུལ་བཞིན་དུ་སྦྱོར་ཆོས་པ་ནི་ཆོས་གང་ལ་ཡང་སྤང་བར་བྱ་བའི་ཕྱིར་འཆད་པ་མེད་དོ། །ཚུལ་བཞིན་དུ་སྦྱོར་བ་ནི། ཆོས་གང་ཡང་རྟོགས ་པར་བྱ་བའི་ཕྱིར་འབད་པ་མེད་དེ། ཆོས་ཐམས་ཅད་ཡང་དག་པར་མཐོང་བ་དང། ཇི་ལྟ་བ་བཞིན་དུ་མཐོང་བ་དེ་ནི། ཡང་དག་པར་ལྟ་བའོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། འདི་ལྟ་སྟེ་མ་མཐོང་བའོ། །མ་མཐོང་བ་ཞེས ་བྱ་བ་འདི་ནི་མ་མཐོང་བའི་ཚིག་བླ་དགས་སོ། །མ་སྐྱེས་པ་ཞེས་བྱ་བ་འདི་ནི་ཡང་དག་པར་བྱུང་བའི་ཚིག་བླ་དགས་སོ། །ཡང་དག་པར་མ་བྱུང་བ་ཞེས་བྱ་བ་གང་ཞེ་ན། དེ་ནི་མི་སྣང་བའི་ཚིག་བླ་དགས་སོ། །དེ་བཞིན་གཤེགས་པས་དེ་ལ་དགོངས ་ནས། འདུས་བྱས་ཐམས་ཅད་མི་སྐྱེ་བར་མཐོང་ན། ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་སྟེ། འདི་ལྟ་སྟེ་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་དེ་ནི། ཡང་དག་པར་ལྟའོ་ཞེས་དེ་སྐད་གསུངས་སོ། །ད་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ན་ཡང ་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་ལ་ངེས་པ་ཞེས་བྱ་ཞེས་དེ་འདི་ལྟར་སློབ་སྟེ། ཆོས་ཐམས་ཅད་གང་དང་མཉམ་པ་སངས་རྒྱས་ཀྱི་ཆོས་དེ་དང་མཉམ་སྟེ་དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པའོ། །ཞེས་གསུངས་སོ། །ཡབ་དང་སྲས་མཇལ ་བའི་མདོ་ལས་ཀྱང། རྒྱལ་བ་ཆེན་པོ་འཇིག་རྟེན་གནས་པ་འདི་ན་མཁར་གྱུར་པ་ལ། ཚངས་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་གནས་པའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ། །གང་ནས་ཀྱང ་མི་འོང་ངོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་བྱུང་ཡང། རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང། ཁོར་ཡུག་དང། ཁོར ་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ། སྲ་ཞིང་བརྟན་པ་ལྷུན་སྡུག་པ་རྣམས་གནས་པར་གྱུར་ཀྱང་དེ་དག་གི་སྲ་བ་དེ་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང་ངོ། །རིའི་རྒྱལ་པོ་རི་རབ་དག་དང། གཉའ་ཤིང་འཛིན་དག་དང། མུ་ཁྱུད་འཛིན་དག ་དང། གཤོལ་མངའ་འཛིན་དག་དང། རྡོ་རྗེ་འཛིན་དག་དང། སེང་ལྡེང་ཅན་དག་དང། རྣམ་པར་འདུད་དག་དང། རི་རྟ་རྣ་དག་དང། བལྟ་ན་སྡུག་པ་དག་དང། བལྟ་ན་སྡུག་ཆེན་པོ་དག་དང། ཐེར་སྒྲེ་དག་དང། སྤོས་ཀྱི་དད་ལྡན་དག་དང། གངས ་རི་དག་དང། དེ་མ་ཡིན་པའི་རི་ནག་པོ་དག་ན་གནས་པ་དང། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་གནས་པ་དང། རྔམས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ། རྒྱར་དཔག་ཚད་དྲུག་ཁྲི་ཡོད ་བའི་ས་ཆེན་པོ་གནས་པར་གྱུར་ཀྱང། རྒྱལ་པོ་ཆེན་པོ་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ། །རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཚེ། ས་ཆེན་པོ་འདི་མེས་ཚིག་བ་འམ། ཆུས་བཤིག་པ་འམ། རླུང་གིས ་གཏོར་བའི་དུས་ཡོད་དོ། །དེ་མས་ཚིག་ན་ནི་དུ་བ་ཡང་མི་མངོན། ཐལ་བའི་ལྷག་མི་མངོན་པར་མི་འགྱུར་རོ། །དེ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་མར་རམ། འབྲུ་མར་གྱི་མེས་བསྲེགས་ན། དུ་བ་ཡང་མི་མངོན་ཞིང། ཐལ་བའི་ལྷག་མ ་ཡང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེས་ཚིག་པའི་ཚེ། དུ་བ་ཡང་མི་མངོན་ཞིང་ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ། ཆུས་པ་ཤིག་པའི་ཚེ་ཡང་ལྷག་མ་ཅི་ཡང་མི་མངོན ་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། ལན་ཚྭ་ཆུའི་ནང་དུ་ཞུ་བ་ནི། ལྷག་མ་ཆུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆུས་བཤིག་པའི་ཚེ། ལྷག་མ་ཅུང་ཟད་ཀྱང་མི་མངོན་པར ་འགྱུར་རོ། །རླུང་གིས་གཏོར་བའི་ཚེ་ཡང་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། རྣམ་པར་འཐོར་རླུང་གིས་བདས་པའི་བྱེའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་འདི་ཡང་རླུང་གིས་གཏོར་བའི་ཚེ། ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏོ། རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བ་ཡང་སྟོང་སའི་ཁམས་འཇིག་པ་དང་འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ། །དེ་བཞིན་དུ་ནང་གི་སའི་ཁམས ་དང། ཕྱི་ནང་གི་ཁམས་ལྷག་མ་རྣམས་དང། ཆོས་ཐམས་ཅད་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་ལ། འགག་པ་ན་ཡང་གང་དུ་འང་མི་འགྲོ་སྟེ། དེ་དག་གི་སྐྱེ་བ་ཡང་སྟོང་ལ། སྐྱེས་པ་ཡང་རང་བཞིན་གྱིས་སྟོང་ངོ། །ཞེས་གསུངས་སོ། །མ་སྐྱེས་དགྲའི ་ལེའུ་ལས་ཀྱང། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་རང་གི་ཁྱིམ་ན་བྱང་ཆུབ་སེམས་དཔའ་དེ་དག་དང། ཉན་ཐོས་ཆེན་པོ་དེ་དག་ལྷུང་བཟེད་དང། ལག་པ་བཀྲུས་པར་རིག་ནས། ཆོས་ཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་དུ་འདུག་སྟེ། འཇམ ་དཔལ་བདག་གི་འགྱོད་པ་དེ་གསལ་དུ་གསོལ། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་ཕྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་སྐྱབས་མ་རྙེད ་བས། ཤིང་བཅད་པ་ལྟར་ས་ཆེན་པོ་ལ་བགྱེལ་ཏོ། །དེ་ནས་གནས་བརྟན་འོད་སྲུངས་ཆེན་པོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལྡེམ་པོ་དག་ཏུ་སྟོན་པ་ལ་མཁས་ཀྱིས། མ་འཇིགས ་པ་མ་སྐྲག་པར་དོན་འདི་ཅི་ལས་དགོངས་ཏེ་གསུངས་ཞེས་དྲིས་ཤིག་།དེ་ནས་རྒྱལ་པོ་མ་སྐྱེས་དགྲས་སླར་ལངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅི་ལ་དགོངས་ཏེ་དེ། ་སྐད་གསུངས། འཇམ་དཔལ་གྱི་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཀྱི་དམིགས་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་མ་ལགས་སོ། །འཇམ་དཔལ་གྱི་སྨྲས ་པ། འོ་ན་དེ་སེམས་བསྐྱེད་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་མ་ལགས་སོ། །འོན་ཏེ་སེམས་འགགས་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་མ་ལགས་སོ། །སྨྲས་པའོ་ན་དེ་འདུས་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ ་མ་ལགས་སོ། །སྨྲས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་འདུས་བྱས་རྣམ་པར་རིག་པས་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ་དེ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། །ཆོས་གང་གིས ་ཀྱང་རབ་ཏུ་ཕྱེ་བར་མི་འགྱུར་བ་དེས་ཆོས་གང་ཡང་བསལ་བས་ནུས་སམ། སྨྲས་པ། དེ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལ་བསམས་ནས་ཁྱོད་ཀྱི་འགྱོད་པ་དེ། སངས་རྒྱས་བཅོམ་ལྡན་འདས་གངྒཱའི ་གླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ་ཞེས་དེ་སྐད་སྨྲས་སོ། །གཞན་ཡང་རྒྱལ་པོ་ཆེན་པོ་གང་ལ་ལ་ཞིག་ནམ་མཁའ་བར་སྣང་འདི་རྡུལ་ལམ་དུ་བ་འམ། མུན་པས་ཀུན་ནས་ཉོན་མོངས་པར་བྱེད་འདོད་ན། རྒྱལ་པོ་ཆེན་པོ་འདི ་ཇི་སྙམ་དུ་སེམས། ནམ་མཁའ་བར་སྣང་ཀུན་ནས་ཉོན་མོངས་པར་བྱེད་ནུས་སམ། འཇམ་དཔལ་དེ་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གང་འདི་སྐད་ཅེས་ངས་ནམ་མཁའ་བར་སྣང་འདི་རྣམ་པར་སྤྱོད་དོ་ཞེས་ཟེར་ན། ནམ ་མཁའ་བར་སྣང་སྦྱང་བར་ནུས་སམ། སྨྲས་པ་འཇམ་དཔལ་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་ཅིང། ནམ་མཁའ་དང་འདྲ་བར་ཐུགས ་སུ་ཆུད་དེ། དེ་དག་གིས་གང་བསལ་བར་བྱ་བའི་ཆོས་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་པ་གང་ཡང་མི་དམིགས་སོ། །རྒྱལ་པོ་ཆེན་པོ་ངས་དོན་གྱི་དབབ་འདི་མཐོང་ནས། ཁྱོད་ཀྱི་འགྱོད་པ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ། །འདི་སྐད་ཅེས་སྨྲས་སོ། །གཞན་ཡང་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་ཀུན་ནས་ལྡང་བའི་སེམས་ནང་ནས་ཀྱང་མི་དམིགས། གང་ཀུན་ནས་ལྡང་བའི་ཆོས་རྣམས་ཕྱི་རོལ་ལས ་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རང་བཞིན་གྱིས་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ། །རང་བཞིན་གང་ཡིན་པ་དེ་ནི་ཀུན་ནས་ལྡང་བ་མེད་པ་སྟེ། གང་ཀུན་ནས་ལྡང་བ་ནི་གནས་མེད་ཅིང་གོ ་སྐབས་མེད་པའོ། །དེ་ཅིའི་ཕྱིར་ཞེས་ན་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་དབེན་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མེད་པས་ངོ་བོ་ཉིད་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འདྲེ་བ་མེད་པས་ཡོངས་སུ་གྲུབ ་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འབྱུང་བ་མེད་པས་འདྲེ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་དང་བྲལ་བས་འབྱུང་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བྱ་བའི་མཐུ་མེད་པས་དངོས་པོ་མེད་པའོ། ། ་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བེམ་པོ་ཡིན་པས་བྱ་བའི་མཐུ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་རིག་པའི་མཚན་ཉིད་མ་ཡིན་པས་བེམ་པོའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་མི་འཕོ་བས་རྣམ་རིགས ་མ་ཡིན་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འགྲོ་བ་ལས་ལོག་པས་འཕོ་བ་མིད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མི་འགྱུར་བའི་ཆོས་ཅན་ཡིན་པས་འགྲོ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས ་ཅད་སྐྱེ་བ་མེད་པས་མི་འགྱུར་བའི་ཆོས་ཅན་ནོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འཕེལ་བ་མེད་པས་སྐྱེ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བས་འབྲེལ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས ་ཅད་དག་པས་རང་བཞིན་གྱིས་འོད་གསལ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བླ་གབ་མེད་པ་འདྲ་བས་དག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་གཉེན་པོ་མེད་པ་དང་འདྲ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་གཉིས་དང ་བྲལ་བས་གཉེན་པོ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཛའ་རྣམ་པར་སྤངས་པས་གཉིས་དང་བྲལ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མེད་པས་མཛའ་རྣམ་པར་སྤངས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད ་མུ་མེད་པས་མཛའ་ཡས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཐར་ཐུག་པ་མེད་པས་མུ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དམིགས་པ་མེད་པས་མཐར་ཐུག་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཕྱིན་ཅི ་ལོག་མེད་པར་སོ་སོར་ཉེ་བར་གནས་པས་ཕྱིར་དམིགས་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྟག་པ་དང། སྡུག་པ་དང། བདེ་བ་དང། བདག་མི་དམིགས་པས་ཕྱིན་ཅི་ལོག་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད ་འབྲལ་བ་མེད་པའི་ཚུལ་གྱིས་རྟག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་སྡུག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྣམ་རྟོག་མེད་པའི་ཕྱིར་བདེ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད ་བདག་མེད་པར་ཡོངས་སུ་སྟོན་པའི་ཚུལ་གྱིས་བདག་གི་ངོ་བོ་ཉིད་དོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནད་ཉེ་བ་བཞི་པས་འགྱོད་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དོན་དམ་པའི་བདེན་པར་རྣམ་པར་བཞག་པ་མེད་པས་བརྫུན་པའོ།། ་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རབ་ཏུ་དང་བའི་མཚན་ཉིད་པས་ཞི་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་བདག་གིས་འཛིན་པ་དང་བྲལ་བས་ང་ཡི་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་འགྲོལ་བའི་མཚན་ཉིད་པས ་རོ་མྱང་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མིང་དུ་བཏགས་པ་མེད་པས་མིང་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པས་དབྱེར་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་གྲོལ་བར་ཡང ་དག་པར་འདུ་བས་རོ་གཅིག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་མཚན་མ་མེད་པའི་མཛའ་སྟེ། དབྱེན་པའི་མཚན་ཉིད་དོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འཇུག་པ་མེད་པས། དམིགས་པ་རྣམ་པར་དག་པའི་ཕྱིར་མཚན་མ་མེད ་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བས་དག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་དུས་གསུམ་ལས་ཤིན་ཏུ་འདས་པས་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འདས་པ་དང། མ ་འོངས་པ་དང། ད་ལྟར་བྱུང་བ་མེད་པས་དུས་གསུམ་དུ་ཡོངས་སུ་ཆད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པས་མྱ་ངན་ལས་འདས་པར་ཡང་དག་པར་འདུའོ། །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་ཆོས་གང་མ་སྐྱེས་མ ་བྱུང་བ་དེ་ཀུན་ནས་ཉོན་མོངས་པར་བྱ་ནུས་སམ། སྨྲས་པ་འཇམ་དཔལ་དེ་ནི་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། དེ་བསལ་བར་ནུས་སམ། སྨྲས་པ་འཇམ་དཔལ་དེ་མི་ནུས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་དེ་བཞིན ་གཤེགས་པ་རྣམས་ཀྱིས་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པར་མཁྱེན་ཏོ། །དེ་བས་ན་དེ་དག་གིས་ཐེ་ཚོམ་བསལ་བར་མི་སྤྱོད་དོ། །དེ་ལྟ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཚུལ་བཞིན་ལ ་བརྩོན་པར་བྱའོ། །ཁྱོད་ཕྱིན་ཅི་ལོག་མེད་པའི་སེམས་ཀྱིས་ཡང་དག་པར་སོ་སོར་བརྟག་པར་བྱའོ། །ཇི་ལྟར་སོ་སོར་བརྟག་ན་ཆོས་གང་ཡང་མི་ལན་མི་འདོད་ལ། ཆོས་གང་དང་ཡང་ལྷན་ཅིག་མི་གནས་པ། དེ་ལྟར་ཁྱོད་ཀྱིས་སོ་སོར ་བརྟག་པར་བྱའོ། །གང་ཆོས་ཐམས་ཅད་དང་མི་གནས་པ་དེ་ནི་ཤིན་ཏུ་སྦྱངས་པ་ཞེས་བྱའོ། །གང་ཤིན་ཏུ་སྦྱངས་པ་དེ་རབ་ཏུ་ཞི་བའོ། །རང་བཞིན་གང་ཡིན་པ་དེ་རང་བཞིན་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་བདག ་མེད་པས་མ་བྱས་པ་ཡིན་གྱིས་དེ་ལ་ཁྱོད་ཀྱིས་བཟོད་པར་གྱིས་ཤིག་།ཁྱོད་ཀྱིས་ཆོས་གང་ཡང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་མྱ་ངན་ལས་འདས་པ་ནི་བྱ་བ་མེད་པས་ཏེ། དེ་ལ་བྱ་བ་དང་འགྱུར་བར་བྱ་བའི་ཆོས་གང ་ཡང་མེད་དོ། །གང་ཡང་བྱ་བ་མེད་ཅིང་འགྱུར་བ་མེད་པ་དེ་མྱ་ངན་ལས་འདའ་བ་ཞེས་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲས་བརྒྱ་སྟོང་རི་བའི་རས་བཅོས་བུ་ཟུང་གཅིག་བླངས་ཏེ། སྟན་ལས་ལངས་ནས། འཇམ་དཔལ་གཞོན ་ནུར་གྱུར་བ་ལ་ཕུལ་བ་དང། དེས་མ་བླངས་སོ། །དེ་ནས་མ་སྐྱེས་དགྲ་རས་བཅོས་བུ་ཟུང་དེ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་བོར་རོ། །རས་བཅོས་བུ་ཟུང་དེ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་བོར་མ་ཐག་ཏུ་དེ་ནས ་དེའི་མོད་ཁོ་ན་ལ་འཇམ་དཔལ་གྱིས་རང་གི་ལུས་མི་སྣང་བར་བྱས་སོ། །དེ་ནས་རྒྱལ་པོ་ཆེན་པོས་འཇམ་དཔལ་ནི་མ་མཐོང་གི་།སྟེང་གི་པར་སྣང་ལས་རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་ཇི་ལྟར་མ་མཐོང་བ་དེ ་བཞིན་དུ་འགྱོད་པ་དེ་ལ་ལྟོས་ཤིག་།འགྱོད་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ལ་ལྟོས་ཤིག་ཆོས་ཐམས་ཅད་ཇི་ལྟར་མཐོང་བ་དེ་བཞིན་དུ་གོས་ལ་ལྟོས་ཤིག་།གང་གིས་མཐོང་བ་དེ་ལ་ཡང་དེ་བཞིན་དུ་ལྟོས་ཞིག་།རྒྱལ་པོ་ཆེན་པོ ་སུའི་ལུས་མཐོང་བ་དེ་ལ་རས་བཅོས་བུ་ཟུང་དེ་ཕུལ་ཞིག་ཅེས་སྒྲ་ཞིག་ཐོས་པ་དང། བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང། སླས་དང། བུད་མེད་ཀྱི་འཁོར་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ལུས་ལ་རས་བཅོས་བུ་ཟུང་དེ་དབུལ་བར་བྱས ་པ་དང། དེ་དག་ཀྱང་མ་མཐོང་ནས་ཏིང་ངེ་འཛིན་འདི་ལྟ་བུ་མངོན་སུམ་དུ་གྱུར་ཏེ། རང་གི་ལུས་ལ་འདུ་ཤེས་འབྱུང་བ་མ་གཏོགས་པར་གཟུགས་ཅི་ཡང་མིག་གི་མཐོང་བ་ལ་སྣང་བར་མ་གྱུར་ཏོ། །ཡང་སུའི་ལུས་མཐོང་བ་དེ་ལ་རས་བཅོས ་བུ་ཟུང་དེ་བྱིན་ཅིག་ཅེས་སྒྲ་ཞིག་ཀྱང་ཐོས་ནས། དེ་རས་བཅོས་བུ་ཟུང་དེ་བགོ་བོ་མཉམ་པ་དང། རང་གི་ལུས་ཀྱང་མ་མཐོང་ནས། གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་ལོ། །ཡང་རྒྱལ་པོ་ཆེན་པོ་ཇི་ལྟར་གཟུགས་རགས་པ་འམ། ང? ་བཅི་ཡང་མ་མཐོང་བ་དེ་བཞིན་དུ་འགྱོད་པ་དེ་ལ་ལྟོས་ཤིག་།འགྱོད་པ་ཇི་ལྟར་མཐོང་བ་དེ་ལ་ལྟོས་ཤིག་།འགྱོད་པ་ཇི་ལྟར་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ལྟ་བར་བྱ་སྟེ། གང་གིས་མཐོང་བ་དེ་ཡང་དེ་བཞིན་དུ་ལྟའོ། །ཇི་ལྟར ་གང་མཐོང་བ་དང། གང་གིས་མཐོང་བ་དེ་ཡང་མི་མཐོང་བ་རྣམ་པར་མི་མཐོང་བ་དེ་ལྟར་ལྟོས་ཤིག་།རྒྱལ་པོ་ཆེན་པོ་གང་ཆོས་ཐམས་ཅད་མི་མཐོང་དེ་ནི་ཡང་དག་པའི་མཐོང་བ་སྟེ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཡང་དག་པའི་མཐོང་བ་ནི་མཐོང ་པ་མེད་པའོ། །ཞེས་དེ་སྐད་ཀྱི་སྒྲ་ཞིག་ཐོས་སོ། །དེ་ནས་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ་རློམ་སེམས་དང། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ནས། ཏིང་ངེ་འཛིན་དེ་ཉིད་ལས་ལངས་པ་དང། འཁོར་དེ་ཐམས་ཅད་ཀྱང་མཐོང་ངོ། །ཞེས་གསུངས་སོ། །སྒྱུ་མ ་མཁན་བཟང་པོའི་མདོ་ལས་ཀྱང། བཟང་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སེམས་པའོ། །བཞི་གང་ཞེ་ན། ཆོས་རྣམས་བརྟེན་ནས་འབྱུང་སྟེ། རྒྱུ་མེད་པ་མ་ཡིན་པ་དང། གང་ཟག ་མེད་པའི་ཕྱིར་ཆོས་གང་ཡང་སྐྱེ་བ་མེད་པ་དང། ཆོས་གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་མ་སྐྱེས་པ་དང། གང་མ་སྐྱེས་པ་དེ་དངོས་པོ་མེད་པ་དང། གང་དངོས་པོ་མེད་པ་དེ་བྱང་ཆུབ་ཡིན་པས་རྣམ་པར་མི་འཇིག་པའོ། །ཞེས་གསུངས་སོ། །རྣམ ་གྲངས་གཞན་གྱི་སྒོ་ནས་ཀྱང་ཆོས་ཉིད་ཟབ་མོ་འདི་བསྟན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། འཇམ་དཔལ། དབུགས་འབྱིན་པ་ལྔ་པོ་འདི་དག་རྙེད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས ་དང་པོ་ཡོངས་སུ་སྤྱོད་པར་འགྱུར་རོ། །ལྔ་གང་ཞེ་ན་འདི་ལྟ་སྟེ། བདག་ནི་དམིགས་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ལ་གནས་པ་སྟེ། གཞན་དག་ཀྱང་དམིགས་པ་མེད་པའི་རྣམ་པར་ཐར་པ་ལ་དགོད་དོ་སྙམ་ནས། དབུགས་འབྱིན་པ ་རབ་ཏུ་རྙེད་དེ། དེ་ལ་དམིགས་པ་མེད་པའི་རྣམ་པར་ཐར་པའི་ཡེ་ཤེས་ནི་གང་གཉིས་པ་དང། མི་གཉིས་པ་རྣམ་པར་དག་པའོ། །བདག་ནི་ཆོས་རྣམས་བརྟེན་ཏེ་མི་འབྱུང་བར་མོས་ལ་གནས་པ་སྟེ། གཞན་དག་ཀྱང་ཆོས་རྣམས་བརྟེན་ཏེ། མི ་འབྱུང་བར་མོས་པ་ལ། དགོད་པར་བྱའོ། །སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་རྐྱེན་རྣམས་སྐྱེ་བ་མེད་པའི་རང་བཞིན་པས། ཆོས་རྣམས་བརྟེན་ཏེ་མི་འབྱུང་ཞེས་བྱའོ། །བདག་ནི་ཆོས་ཐམས་ཅད་ཀྱི་གནས་མེད་པར་མོས་པ་ལ ་གནས་པ་སྟེ། གཞན་དག་ཀྱང་ཆོས་ཐམས་ཅད་ཀྱི་གནས་མེད་པར་མོས་པ་ལ་དགོད་དོ། །སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་ཕྱོགས་ཆ་ཐ་དད་པའི་རང་བཞིན་མེད་པས་ཆོས་ཐམས་ཅད་ཀྱི་གནས་མེད་པ་ཞེས་བྱའོ། །བདག་ནི་སངས ་རྒྱས་ནམ་མཁའ་དང་འདྲའོ་བར་མོས་པ་ལ་གནས་པ་སྟེ། གཞན་ཡང་སངས་རྒྱས་ནམ་མཁའ་དང་འདྲ་བར་མོས་པ་ལ་དགོད་དོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ་འཐད་པ་ལ་མི་གནས་པས་སངས་རྒྱས་ནམ་མཁའ་འདྲ་ཞེས་བྱའོ། །བདག ་ནི་སངས་རྒྱས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བར་མོས་པ་ལ་གནས་པ་སྟེ། གཞན་དག་ཀྱང་སངས་རྒྱས་སེམས་དང་ཡིད་དང། རྣམ་པར་ཤེས་པ་དང་བྲལ་བར་མོས་པ་ལ་དགོད་དོ་སྙམ་ནས་དབུགས་འབྱིན་པ་རབ་ཏུ་རྙེད་དེ། དེ་ལ ་ཡེ་ཤེས་ལྷུན་གྱིས་གྲུབ་པ་རབ་ཏུ་རྙེད་པས། སངས་རྒྱས་སེམས་དང་ཡིད་དང། རྣམ་པར་ཤེས་པ་དང་བྲལ་བའོ། །ཞེས་བྱ་སྟེ། ལྔ་པོ་དེ་དག་གོ་ཞེས་གསུངས་སོ། །ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། དྲ་བ་ཅན་གྱི་འོད་ཀྱིས ་སྨྲས་བ། ཚངས་པ་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ། །ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པའོ། །སྨྲས་པ། ཚངས་པ་ཆོས་ཐམས་ཅད་ནི་ཚུལ་བཞིན། ཆོས་ཐམས་ཅད་ཚུལ་བཞིན་མ་ཡིན་ཞེས་བྱ་བ་དེ་ཇི་ལྟ་བུ་སྨྲས་པ། བསམ་དུ་མེད་པས་ནི ་ཆོས་ཚུལ་བཞིན་ནོ། །གང་བསམ་དུ་མེད་པའི་ཆོས་རྣམས་ལ་སེམས་པ་དང་ལྡན་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པའོ་ཆོས་ཐམས་ཅད་དབེན་པའི་མཚན་ཉིད་འདི་ནི་ཚུལ་བཞིན་ནོ། །གང་བདེན་པ་ལ་མངོན་པར་མི་བརྩོན་པ་དེ་དག་ནི། ལྷག་པར་བྱེད་པ ་ལ་བརྩོན་པའོ། །གང་ལྷག་པར་བྱེད་པ་ལ་བརྩོན་པ་དེ་དག་ཇི་སྲིད་དུ་ལྷག་པར་བྱེད་པ་དེ་སྲིད་དུ་ཚུལ་བཞིན་མ་ཡིན་ནོ། །སྨྲས་པ། ཚངས་པ་ཆོས་རྣམས་ཀྱི་རྒྱུ་གང་ཡིན། སྨྲས་པ་རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདོད་ཆགས་དང་བྲལ་བའི་མཛའ་ ་ནི་ཆོས་རྣམས་ཀྱི་རྒྱུ་ཡིན་ནོ་ཞེས་འབྱུང་ངོ། །བདུན་བརྒྱ་པ་ལས་ཀྱང། འཇམ་དཔལ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམས་པ་ན། གང་ལ་གནས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམས། འཇམ་དཔལ་གྱིས་གསོལ ་པ། བཙུན་པ་བཅོམ་ལྡན་འདས་བདག་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན། གནས་པ་མ་མཆིས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ ་དཔལ་མི་གནས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་གང། འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་གང་ཅི་ལ་ཡང་མི་གནས་པ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ། ཁྱོད་དགེ་བའི་རྩ་བ་གང་འཕེལ་བར་འགྱུར། གང་འབྲི་བར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེའི་ཚེ ་བདག་གི་དགེ་བའི་རྩ་བ་འཕེལ་བར་འགྱུར་བ་འམ། འབྲི་བར་འགྱུར་བ་གང་ཡང་མ་མཆིས་སོ། །བཙུན་པ་བཅོམ་ལྡན་འདས་གང་གི་ཆོས་གང་འཕེལ་བ་འམ་འབྲི་བར་འགྱུར་བ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ལགས་སོ ་ཞེས་གསུངས་སོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས་ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་འདིར་ཤེས་པར་རུང་བར་འགྱུར་བ་ལྟ་བུར་སྟོན་ཏམ་འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ནི་སུས་ཀྱང ་ཀུན་ཤེས་པ་འམ། རྣམ་པར་ཤེས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ནི་ཚིགས་པ་མེད་པ། རྣམ་པར་རྟོག་པ་མེད་པ། བརྗོད་དུ་མེད་པ། བསྙད་དུ་མེད་པ། སྦྱོར་བ་མེད་པ། ཚིག་པ་མེད་པ། སེམས་དང ་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་སྟེ། དེ་སུས་ཀྱང་ཀུན་ཤེས་པར་རམ། རྣམ་པར་ཤེས་པར་མི་ནུས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀུན་ཤེས་པར་བྱ་བ་མ་ཡིན་ན། ཉན་ཐོས་འདི་དག་གིས་ཀུན ་ཤེས་པར་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཕྱིར་མི་ལྡོག་པ་ལ་གནས་པར་ག་ལ་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཡི་གེ་རྣམས་ཀྱིས་ཡེ་ཤེས་དེ་བསྟན་པ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་ཏེ། ཡེ ་ཤེས་དེ་ནི་ཡི་གེ་མེད་པའོ། །ལྷའི་བུ་འདི་ལྟ་སྟེ། དཔེར་ན། མེ་གཙུབས་པོ་ལས་མེ་མི་འབྱུང་གི་།གཙུབས་ཤིང་གཙུབས་པ་ལས་མེ་འབྱུང་བ་དེ་བཞིན་དུ། ལྷའི་བུ་དེ་བཞིན་གཤེགས་པས་གལ་ཏེ་ཐོག་མ་ཁོ་ནར་སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེར ་ཡང་དག་པར་རབ་ཏུ་བསྟན་ན། སེམས་ཅན་གང་གིས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཀུན་ཤེས་པར་མི་འགྱུར་བར། དེ་བཞིན་གཤེགས་པས་གཙུབས་ཤིང་གི་གཏམ་གྱིས་ཡེ་ཤེས་དེ་བསྟན་ཏེ། ཡེ་ཤེས་ད་ནི་ཡི་གེ་མེད་པའོ། ། ་ལྷའི་བུས་སྨྲས་པ། འཇམ་དཔལ་གཙུབས་ཤིང་གི་གཏམ་གང། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ཅི་ཡང་རུང། སྡོམ་པ་དང། ཡོ་བྱད་བསྡུངས་པའི་གཏམ་དང། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་གཏམ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་འཇུག་པའི་གཏམ་འདི་ནི་གཙུབས་ཤིང་གི་གཏམ་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཙུབས་ཤིང་གི་གཏམ་མ་ཡིན་པའི་གཏམ་གང། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཏམ་གང་སྐྱེ་བ་དང། འཇིག་པ་དང། གནས་པའི ་གཏམ་མ་ཡིན་པ་དང། འདྲེན་པ་དང། སེལ་བའི་གཏམ་མ་ཡིན་པ་དང། གཏམ་གང་ཀུན་ནས་ཉོན་མོངས་པ་ཡོངས་སུ་བརྗོད་པའི་གཏམ་མ་ཡིན་པ་དང། རྣམ་པར་བྱང་བའི་ཕན་ཡོན་གྱི་གཏམ་མ་ཡིན་པ་དང། གཏམ་གང་འཁོར་བ་ལ་ཡིད ་འབྱུང་བར་བྱ་བའི་གཏམ་མ་ཡིན་པ་དང། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་མ་ཡིན་པའི་གཏམ་དང། གཏམ་གང་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་མ་ཡིན། སྤང་བར་བྱ་བའི་ཕྱིར་མ་ཡིན། བསྒོམ་པར་བྱ་བའི་ཕྱིར་མ་ཡིན། མངོན ་སུམ་དུ་བྱ་བའི་ཕྱིར་མ་ཡིན་པ་དང། གཏམ་གང་ཐོབ་པར་བྱ་བའི་ཕྱིར་མ་ཡིན། མངོན་པར་རྟོགས་པར་བྱ་བའི་ཕྱིར་མ་ཡིན་པ་འདི་ནི་ལྷའི་བུ་དག་སྙིང་པོ་ཡོད་པའི་གཏམ་མོ། །ཞེས་གསུངས་སོ། །ཆོས་ཐམས་ཅད ་དམིགས་སུ་མེད་ཅིང་སེམས་པ་མེད་པ། རིན་པོ་ཆེ་བསགས་པ་བསྟན་པའི་མདོ་ལས་ཀྱང། དེ་བཞིན་གཤེགས་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་བསམ་གྱིས་མི་ཁྱབ་པའི་དབྱིངས། བསམ་གྱིས་མི་ཁྱབ་པའི་དབྱིངས ་ཞེས་བྱ་བ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་གང་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བགྱི་བ་ནི། དབྱིངས་གང་སེམས་མ་མཆིས་པ་སེམས་གྲོལ་བར་བགྱི ་བ་མ་ལགས་པ། བསམ་པས་རབ་ཏུ་དབྱེ་བར་བགྱི་བ་མ་ལགས་པ། ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་སེམས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ལ་སེམས་མཆིས་པ ་མ་ལགས་ཀྱི། སེམས་ཉིད་སེམས་མ་ལགས་པས། སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ། །སེམས་ཇི་ལྟ་བ་བཞིན་པས། སེམས་མ་མཆིས་པ་ཉིད་སེམས་མ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པའི ་དབྱིངས་ལགས་སོ་ཞེས་འབྱུང་ངོ། །ཡང་མདོ་དེ་ཉིད་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གྱིས་འདི་ལྟར་བདག་གིས་སེམས་ཅན་གདུལ་ལོ་སྙམ་པའི་གོ་ཆ་མ་བགོས་སམ། འཇམ་དཔལ་གྱིས་གསོལ་བ། ་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་ནི་བྲི་བ་འམ། གང་བར་མི་གདའ་ན། ཇི་ལྟར་སེམས་ཅན་རྣམས་འདུལ་བར་འགྱུར། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། བཅོམ་ལྡན་འདས་གང་དག་སེམས་ཅན་གྱི་ཁམས་འདུལ་བའི་སླད་དུ། ་ཡང་དག་པར་ཞུགས་པ་དེ་དག་ནི། ནམ་མཁའ་འདུལ་བར། ཡང་དག་པར་ཞུགས་པ་ལགས་སོ། །གང་དག་སེམས་ཅན་འདུལ་བར་སྦྱོར་བ་དེ་དག་ནི་བྱང་ཆུབ་འདུལ་བར་འཚལ་བའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བྱང་ཆུབ་ལགས་ཏེ། བཅོམ་ལྡན ་འདས་བྱང་ཆུབ་ནི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་མ་ལགས་སོ། །དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་སེམས་ཅན་འདུལ་བའི་ཕྱིར་ཡང་དག་པར་མ་ཞུགས་སམ། ཞེས་དེ་སྐད་བཀའ་སྩལ་ཏེ། བཅོམ ་ལྡན་འདས་བདག་ནི་སེམས་ཅན་འདུལ་བའི་སླད་དུ་འམ། སེམས་ཅན་ཀུན་ནས་ཉོན་མོངས་པར་བགྱི་བའི་སླད་དུ་ཡང་དག་པར་མ་ཞུགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཞིག་མཆིས་ན་ནི། སེམས་ཅན་ཀུན་ནས་ཉོན་མོངས་པ་དང ་སེམས་ཅན་རྣམ་པར་བྱང་བས་རབ་ཏུ་ཕྱེ་བར་ཡང་འགྱུར་ན། བཅོམ་ལྡན་འདས་སེམས་ཅན་མ་མཆིས་པས་སེམས་ཅན་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བས་རབ་ཏུ་ཕྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ན་རྟེན་ཅིང་འབྲེལ་པར ་འབྱུང་བ་དང་མི་འགལ་བ་ལགས་སོ། །བཅོམ་ལྡན་འདས་མ་མཆིས་ན་ནི་ཀུན་ནས་ཉོན་མོངས་པ་མ་ལགས་།རྣམ་པར་བྱང་བ་མ་ལགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བས་ངོ་བོ་ཉིད ་མ་མཆིས་པའོ། །བཅོམ་ལྡན་འདས་གང་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་དེ་ནི་བརྟེན་ནས་འབྱུང་བའི་དོན་ཏོ། །བཅོམ་ལྡན་འདས་མ་མཆིས་པའི་དོན་ནི་རྟེན་ཏེ་འབྱུང་བའི་དོན་དུ་མཁས་པ་རྣམས་ཀྱིས་རྟོགས་ཏེ། མཁས་པ་རྣམས་ནི ་མཆིས་པ་བརྟེན་ཏེ་འབྱུང་བའི་དོན་ཏོ། སྙམ་དུ་དེ་ལྟར་རྣམ་པར་མི་རྟོག་གོ་།གང་ལ་རྣམ་པར་མི་རྟོག་པའི་དོན་དེ་ལ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བགྱིད་པ་འམ། སྒྱུ་མ་བགྱིད ་པའི་སློབ་མས་ཁང་པ་བརྩེགས་པ་འམ། ཁང་པ་བརྩེགས་པ་རྒྱུད་མོ་འབར་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་མཆད་པར་གྱུར་པ་མངོན་པར་སྦྲུལ་པ་དེ་ལ་མི་ལ་ལ་ཞིག་འདི་ལྟར་བདག་གི་ཁང་པ་བརྩེག ་པ་འམ་ཁང་པ་བརྩེགས་པ་རྒྱུད་མོ་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་མཆེད་པར་གྱུར་པ་དགུམ་པར་བགྱིའོ་སྙམ་ནས། གོ་ཆ་འཚལ་ན། བཅོམ་ལྡན་འདས་མི་དེ་འདི་ལྟར་བགེགས་དང། ཉོན་མོངས་པའི་སྐལ་པ་ཅན་དུ་མི་འགྱུར ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། གང་སེམས་ཅན་གདུལ་བའི་སླད་དུ་འོག?་ཆ་འཚལ་བ་དེ་ན་བགེགས་དང། ཉོན ་མོངས་པའི་སྐལ་པ་ཅན་དུ་འགྱུར་བ་ལགས་སོ། །ཞེས་འབྱུང་ངོ། །ཡང་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཡང་དག་པར་སོ་སོ་རྟོག་པ་ཞེས་བྱ་བ་སྟེ། ཆོས་གང་གང་གི་ཚིག་བླ་དགས་ཡིན། ་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་ནི། སོ་སོར་རྟོག་པ་དང། ཆོས་ལ་གང་ཡང་ཐ་དད་པར་ཡང་མི་བགྱིད། གཅིག་ཏུ་ཡང་མི་བགྱིད་དེ། བཅོམ་ལྡན་འདས་འགྱུར་བ་མ ་མཆིས་པས་རྣམ་པར་མི་རྟོག་པའོ། །བཅོམ་ལྡན་འདས་ཡང་དག་པར་སོ་སོ་རྟོག་པ། ཡང་དག་པར་སོ་སོར་རྟོག་པ་ཞེས་བགྱི་བ་འདི་ནི། ཡང་དག་པར་སོ་སོར་རྟོག་པ་མ་མཆིས་པའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཡང་དག་པར ་སོ་སོར་རྟོག་པ་ལ་བརྟེན་ཏེ། བདག་ནི་སོ་སོའི་སྐྱེ་བོ་འམ། འཕགས་པ་ཉན་ཐོས་སྙམ་དུ་དེ་ལྟར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་གང་སོ་སོའི་སྐྱེ་བོ་འམ། འཕགས་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང ་པའི་སླད་དུའོ། །བཅོམ་ལྡན་འདས་ཡང་དག་བར་སོ་སོར་རྟོག་པ་ལ་བརྟེན་ནས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་དེ་ལྟར་གནས་པ་ལགས་ཏེ། ཆོས་གང་ལ་ཡང་མཉམ་པ་ཉིད་དུ་ཡང་མི་བགྱིད། མི་ཉམ་པར ་ཡང་མི་བགྱིད། སོ་སོའི་སྐྱེ་བོའི་ཆོས་ནི་མི་མཉམ་པའོ། ཞེས་རྣམ་པར་རྟོག་པར་མི་བགྱིད། འཕགས་པའི་ཆོས་ནི་མཉམ་པའོ། །ཞེས་རྣམ་པར་རྟོག་པར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དམིགས་པ་གང་མཉམ་པ་འམ། མི་མཉམ་པར ་བགྱིད་པ་དེ་ལ་མི་དམིགས་པའི་སླད་དུའོ། །གང་གིས་མཉམ་པ་འམ། མི་མཉམ་པར་བགྱིད་པ་དེ་ཡང་དགེ་སློང་དེ་ལ་མ་མཆིས་སོ། །དེ་ལྟར་རྣམ་པར་མི་རྟོག་པའི་དགེ་སློང་ནི། བདག་རྣམ་པར་མི་རྟོག་གོ་སྙམ་དུ་དེ་ལྟར་འཛིན་པ་ཡང་མ་མཆིས ་སོ། །ཞེས་འབྱུང་ངོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང། ནད་ཀྱི་གཞི་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པར་དམིགས་པ་ནི་གཞིའོ། །ལྷག་པར་དམིགས་པའི་གཞི་ལ་ཇི་ཙམ་དུ་དམིགས་པ་དེ་ཙམ་དུ་ནད་ཀྱི་གཞིའོ།། ་ཅི་ལ་ལྷག་པར་དམིགས་ཤེ་ན། ཁམས་གསུམ་ལ་ལྷག་པར་དམིགས་སོ་།ལྷག་པར་དམིགས་པའི་གཞི་ཡོངས་སུ་ཤེས་པ་གང་ཞེ་ན། དམིགས་པ་མེད་ཅིང་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་ལྷག་པར་མི་དམིགས་པའོ། །ཅི་མི་དམིགས ་ཤེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང། ཕ་རོལ་ཏུ་ལྟ་བ་དང། ལྟ་བ་གཉིས་སུ་མི་དམིགས་ཏེ། དེ་བས་ན་མི་དམིགས་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་མཐོང་དགས?་སྨྲས?་པ། གཟུགས་ཉིད་སྟོང་པ་སྟེ། ་གཟུགས་བཤེག་པས་སྟོང་བ་མ་ཡིན་གྱི། གཟུགས་ཀྱི་རང་བཞིན་སྟོང་པ་སྟེ། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་ཏེ། རྣམ་པར་ཤེས་པ་ཉིད་ནི་སྟོང་པ་ཉིད་དེ། རྣམ་པར ་ཤེས་པ་བཤིགས་པས་སྟོང་པ་མ་ཡིན་གྱི་རྣམ་པར་ཤེས་པའི་རང་བཞིན་སྟོང་པ་ཉིད་དོ། །འདི་ལ་དག་གིས་ལེན་པའི་ཕུང་པོ་ལྔ་ལ་དེ་བཞིན་དུ་ཤེས་ཤིང། དེ་ལྟ་བུར་ཡེ་ཤེས་ཀྱིས་རིག་པ་དེ་ནི་གཉིས་སུ་མེད་པ ་འཇུག་པའོ། ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འཕགས་པ་ཤཱ་རིའི་བུས་དྲིས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་ཐབས་ལ་མཁས་པར་རིག་པར་བྱ། རབ ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་ལ་མི་སྤྱོད་ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། ་རྣམ་པར་ཤེས་པ་ལ་མ་ཡིན་གཟུགས་ཀྱི་མཚན་མ་མ་ཡིན་པ་ནས། རྣམ་པར་ཤེས་པའི་བར་གྱི་མཚན་མ་ལམ་ཡིན། གཟུགས་རྟག་པར་མ་ཡིན་མི་རྟག་པར་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བར་མ་ཡིན། བདག་ཏུ་མ་ཡིན་བདག ་མེད་པར་མ་ཡིན། ཞི་བར་མ་ཡིན་མ་ཞི་བར་མ་ཡིན། སྟོང་པར་མ་ཡིན། མི་སྟོང་པར་མ་ཡིན། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན། སྨོན་པར་མ་ཡིན་སྨོན་པ་མེད་པར་མ་ཡིན། དབེན་བར་མ་ཡིན་མི་དབེན་པར་ཡང་མི ་སྤྱོད་དོ། །རྣམ་པར་ཤེས་པའི་བར་ལ་རྟག་པར་མ་ཡིན། མི་རྟག་པར་མ་ཡིན་པ་ནས། དབེན་པར་མ་ཡིན་ཞིང། མི་དབེན་པར་ཡང་མི་སྤྱོད་པའི་བར་དུའོ། །དེ་བཞིན་དུ་ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་དང། བྱང ་ཆུབ་ཀྱི་ཕྱོགས་དང་མངོན་པར་ཤེས་པ་དང། ཕ་རོལ་ཏུ་ཕྱིན་པ་དང། སྟོབས་དང། མི་འཇིགས་པ་དང། སོ་སོ་ཡང་དག་པར་རིག་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་མི་སྤྱོད་པ་ནས། དབེན་པ་འམ། མི་དབེན་པ་ཞེས ་བྱ་བའི་བར་དུ་ཡང་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་གཟུགས་ཀྱི་སྟོང་པ་ཉིད་དེ། གཟུགས་མ་ཡིན་ལ། སྟོང་པ་ཉིད་ལས་གཟུགས་གཞན་ཡང་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་གཟུགས ་ཡིན་པ་ནས། རྣམ་པར་ཤེས་པ་ཉིད་སྟོང་བ་ཉིད་ལ། སྟོང་པ་ཉིད་རྣམ་པར་ཤེས་པའི་བར་དུའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་དག་སངས་རྒྱས་རྣམས་མ་ཡིན། སྟོང་པ་ཉིད་ལས་སངས་རྒྱས་ཀྱི ་ཆོས་རྣམས་གཞན་པ་ཡང་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཉིད་སྟོང་པ་ཉིད་ལ། སྟོང་པ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཐབས་ལ་མཁས་པར་རིག་པར་བྱ་སྟེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་ཀྱང་ཁས་མི་ལེན། མི་སྤྱོད་དོ་ཞེས་ཀྱང་ཁས་མི་ལེན་སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་ཀྱང་ཁས་མི་ལེན། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་ཀྱང་ཁས་མི་ལེན་ཏོ། །དེ་ཅིའི ་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་འབྱུང་ངོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུ་འམ། རིགས ་ཀྱི་བུ་མོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོང་པ་ཡོད་དེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ནི་འདི་ཡིན་ཏེ། དེ་དག་གཟུགས་མི་རྟག་པར་སྟོན་ཏོ། །དེ་བཞིན་དུ་སྡུག་བསྔལ་བ་དང། བདག་མེད་པ་དང། མི་སྡུག ་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་དང། དེ་བཞིན་དུ་ཁམས་དང། སྐྱེ་མཆེད་དང། བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པ་དང། དྲན་པ་ཉེ་བར་གཞག་པ་དང། ཡང་དག་ ་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་དང་སྟོབས་དང། མི་འཇིགས་པ་དང། སོ་སོ་ཡང་དག་པར་རིག་པ་དང། སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་བར་སྟོན་ཏེ། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་དེ་སྐད་སྟོན་པ་དེ་ནི། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལྟར་བཅོས་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པ་གང་ཞེ་ན། དེ་དག་འདི་ལྟར་སྟོན་ཏེ། རིགས་ཀྱི་བུ་ཁྱོད་ཚུར་ཤོག་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་བར་ལ་མི་རྟག་པ་ཉིད་དང། སྡུག་བསྔལ་བ་དང། བདག་མེད་པ་དང། མི་སྡུག་པར་ཡང་དག་པར་རྗེས་སུ་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་དངོས་པོ ་མེད་པའོ། །གང་དངོས་པོ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ནི། གཟུགས་རྟག་པ་ཞི་འམ། མི་རྟག་པ་ཞེས་བྱ་བ་མི་དམིགས་ཏེ། དེ་ལ་གཟུགས་ཉིད་ཀྱང་མི་དམིགས་ན་རྟག་པ་འམ་མི་རྟག ་པ་ལྟ་ག་ལ་ཡོད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་བཞིན་ནོ། །གང་དེ་ལྟར་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་བ་མ་ཡིན་པ་སྟོན་པའོ། །ཡང་འདི་སྐད་སྟོན་ཏེ། རིགས་ཀྱི་བུ་ཚུར་ཤོག་།ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་བསྒོམས་ལ། ཆོས་གང་ལས་ཀྱང་ཤིན་ཏུ་མ་འདའ་། ཆོས་གང་ལ་ཡང་མ་གནས་ཤིག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གང་ལས་ཤིན་ཏུ་འདའ་བར་བྱ་བ་འམ། གང་ལ་གནས་པར་བྱ་བའི་ཆོས་དེ ་མེད་པའི་ཕྱིར་རོ། །འདི་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། གང་ངོ་བོ་ཉིད་ཀྱིས་སྟོང་པ་དེ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་བླང་བར་བྱ་བ་འམ། དོར ་བར་བྱ་བ་འམ། བསྐྱེད་པར་བྱ་བ་འམ། དགག་པར་བྱ་བའི་ཆོས་གང་ཡང་མེད་དོ། །ཞེས་དེ་ལྟར་ཉེ་བར་སྟོན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མ་ཡིན་པར་སྟོན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་ལགས། ཇི་ཙམ་གྱིས་ན་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་གཉིས་པ་དེ་ཇི་ཙམ་དུ་དམིགས་པའོ། །མི་གཉིས་པ་ནི་མི་དམིགས་པའོ། །རབ་འབྱོར ་གྱིས་གསོལ་པ། བཅོམ་ལྡན་འདས་གཉིས་ཞེས་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དང། བྱང་ཆུབ་དང། སངས་རྒྱས་ཀྱི་བར་ཇི་ཙམ་པ་དེ་ཙམ་དུ་གཉིས་སོ། །རབ་འབྱོར ་གྱིས་གསོལ་བ། བཅོམ་ལྡན་འདས་ཅི་དམིགས་པར་བགྱི་བ་མི་དམིགས་སམ། འོན་ཏེ་མི་དམིགས་པར་བགྱི་བ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམིགས་པར་བྱ་བ་མི་དམིགས་པ་ཡང་མ་ཡིན་ལ། མི ་དམིགས་པར་བྱ་བ་མི་དམིགས་པ་ཡང་མ་ཡིན་ཏེ། རབ་འབྱོར་དམིགས་པ་དང་མི་དམིགས་པ་མཉམ་པ་ཉིད་ནི་དམིགས་པའོ། །ཞེས་འབྱུང་ངོ། །ཡང་དེ་འཕགས་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་ལ་བརྟེན ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། དེ་ལས་བཟློག་པ་གནས་པས་སམ། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། གལ་ཏེ་དོན་དམ་པ་ལ་གནས་པས་ཀྱང་མ་ལགས་བཟློག་པ་ལ་གནས་པས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པ་མ་ལགས་ན། ་འོ་ན་དེ་བཞིན་གཤེགས་པས་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པ་འམ། གཅིག་ཏུ་མ་གྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཡང་འདུས་བྱས་ཀྱི་ཁམས ་སམ། འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་མི་གནས་པའོ། ཞེས་གསུངས་སོ། །ཡང་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དངོས་པོ་མེད་པ་དངོས་པོ་མངོན་པར་རྫོགས་པར་སངས་རྒྱས་པར་མི་ནུས་སོ། །རབ་འབྱོར་གྱིས ་གསོལ་པ། བཅོམ་ལྡན་འདས་ཅི་དངོས་པོས་དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ། དངོས་པོ་མ་མཆིས ་པས་དངོས་པོ་མ་མཆིས་པ། མངོན་པར་རྫོགས་པར་སངས་རྒྱས་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ། འོ་ན་དངོས་པོས་དངོས་པོ་མངོན་པར་རྫོགས་པར་སངས ་རྒྱས་པར་ནུས་ལགས་སམ། བཀའ་སྩལ་པ་རབ་འབྱོར་དེ་ནི་མི་ནུས་སོ། །གསོལ་པ་བཅོམ་ལྡན་འདས་འོ་ན་ཐོབ་པ་མ་མཆིས་པ་དང། མངོན་པར་རྫོགས་པ་མ་མཆིས་པར་མི་འགྱུར་རམ། བཀའ་སྩལ་པ། མངོན་པར་རྟོགས་པ་ཡོད ་དེ། མངོན་པར་སྒྲུབ་པ་བཞི་པོ་འདིས་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་འོ་ན་མངོན་པར་རྟོགས་པ་ཅི་འདྲ་བ་ཞིག་ལས། བཀའ་སྩལ་པ། གང་ལ་སྤྲོ་བ་འདི་དག་མེད་པ་སྟེ། མངོན་པར་རྟོགས་པ་ནི་མ་སྤྲོས་ཤིང། སྤྲོས་པ་མེད་པའོ།། ་གསོལ་པ། བཅོམ་ལྡན་འདས་སྤྲོས་པ་གང་ལགས་བཀའ་སྩལ་པ་གཟུགས་རྟོག་ཅེས་བྱ་བ་འམ་མི་རྟག་ཅེས་བྱ་བ་ནི་སྤྲོས་པའོ། །གཟུགས་བདེ་ཞེས་བྱ་བ་འམ། གཟུགས་སྡུག་བསྔལ་ཞེས་བྱ་བ་དང། བདག་ཅེས་བྱ་བ་དང་བདག་མེད་ཅེས་བྱ ་བ་དང། ཞི་ཞེས་བྱ་བ་དང། མ་ཞི་ཞེས་བྱ་བ་ནི་སྤྲོས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་བར་དུ་གསུངས་སོ། །ཡང་དེ་ཉིད་ལས་འབྱུང་བ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་བྱ་འདབ་ཆགས་བར་སྣང་ལ་རྒྱུ་བས་ལ་མི་ལྟུང་སྟེ། ནམ་མཁའ་བར་སྣང་ལ ་གནས་ཀྱང་དེར་མི་འདུག་ཅིང་གནས་འཆའ་བར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་གནས་ཀྱང་མངོན་སུམ་དུ་བྱེད་པ་གང་གིས་ཉན་ཐོས་དང་རང ་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བས། སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་མངོན་སུམ་དུ་མི་བྱེད་དོ། ཞེས་གསུངས་སོ། མདོ་ཀུན་ལས་བཏུས་པ་བམ་པོ་ལྔ་པའོ།། །།སུམ་བརྒྱ་པ་ལས་ཀྱང་དེ ་བཞིན་གཤེགས་པས་གསུངས་ཏེ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས། བླ་ན་མེད་པ་ཡང་དག་པར་དག་པར་རྫོགས་པའི་བྱང་ཆུབ་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པས་ཆོས་གང་ཡང ་བསྟན་ཏམ། རབ་འབྱོར་གྱིས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། དེ་བཞིན་གཤེགས་པས་གང་བླ་ན་མེད་པ་ཡང་དག་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས ་རྒྱས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་བཞིན་གཤེགས་པས་གང་བསྟན་པའི་ཆོས་དེ་གང་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་དེ་བཞིན་གཤེགས་པས་ཆོས་བསྟན་པ་དེ་ནི་གཟུང་དུ་མ་མཆིས་བརྗོད་དུ་མ་མཆིས་ཏེ་དེ་ནི་ཆོས་མ་ལགས ་ཆོས་མ་མཆིས་པ་ཡང་མ་ལགས། །དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི། འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པས་འདུལ་བའི་དབང་གིས་ཐེག་པ་ཆེན་པོའི ་སྒོ་སྣ་ཚོགས་ཉེ་བར་སྟོན་པས་ཆོས་ཉིད་ཟབ་མོ་འདི་སྟོན་ཏེ། ཇི་ལྟར་ལངཀར་གཤེགས་པ་ལས། བློ་གྲོས་ཆེན་པོས་ཞུས་པས། བཅོམ་ལྡན་འདས་ཀྱིས་མདོ་གཞན་བརྗོད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ ་ལྡན་འདས་ཀྱི་རང་བཞིན་གྱིས་འོད་གསལ་བ། རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་གོས་ཡོངས་སུ་དཀྲིས་པ་འདོད་ཆགས་དང་ཞེ་སྡང་གཏི་མུག་གི་ཟིལ་གྱིས་ནོན་པ་ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན ་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྨྲ་བ་འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང། ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་ཀྱིས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་ཡོན་ཏན་བྱེད་པ ་ཁྱབ་པ་མི་འཇིག་པའོ། །ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་ཡང་དག་པའི་མཛའ་དང་མྱ་ངན་ལས་འདས་པ་དང། མ་སྐྱེས་པ་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སོགས་པའི་ཚིག ་གིས་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི ་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན། རྫ་མཁན་ནི ་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་བཟོ་དང་ལག་ཟུངས་དང། ཆུ་དང་སྲད་བུ་དང་ནན་ཏན་དང་ལྡན་པ་ལས། སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག ་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པའི་དེ་བཞིན་ཉིད་ཤེས་རབ་དང། ཐབས་ལ་མཁས་པ་དང་ལྡན་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་འམ། བདག་མེད་པར་བསྟན་པས་ཀྱང་རུང་སྟེ་རྫ ་མཁན་བཞིན་དུ་ཚིག་དང་ཡི་གའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། །དེས་ན་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན ་གཤེགས་པ་རྣམས་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པས་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པ་མ་ཡིན་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྟུང་བའི ་བསམ་པ་ཅན་བདག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ཏེ། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན། ་གཤེགས་པ་དགྲ་བཅོམ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས ་ཆེན་པོ་དེ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །འདི་ལྟ་སྟེ། ཆོས་སྟོང་བ་ཉིད་དང་སྐྱེ་བ་མེད་པ་དང། གཉིས་མ་ཡིན་པ་དང། རང ་བཞིན་མེད་པར་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གྲུབ་པའི་མཛའ་བླ་ན་མེད་པའོ། །ཆོས་ཟབ་མོ་བསྟན་པ་འདི་ཡོངས་སུ་བཟུང་བས་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ཏེ། འདི་ལྟར་ཆོས་ཟབ་མོ་བསྟན་པ ་འདི་ནི་མདོ་སྡེ་ཐམས་ཅད་ཀྱི་ནང་དུ་འདུས་སོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་ལངཀར་གཤེགས་པ་དེ་ཉིད་ལས་བཀའ་སྩལ་བ། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་སྐྱེ་བ་མེད་བ་དང་གཉིས་མ་ཡིན་པ་དང་རང་བཞིན་མེད་པའི་མཚན ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་འདུས་སོ། །ཞེས་གསུངས་སོ། །ཟླ་བ་སྒྲོན་མའི་མདོའི་ཚིགས་སུ་བཅད་པ་ལས་ཀྱང། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས ་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམས་ན་ནི། །དེ་དག་ཐམས་ཅད་བསྒོམས་པར་འགྱུར། །སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང ་དོན་ལ་མཁས་པ་བདག་།ཚིག་འདི་བསླབས་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་གསུངས་སོ། །ཆོས་ཟབ་མོ་ལ་མོས་པས། །བསོད་ནམས་ཐམས་ཅད་བསྡུས་པ་ཡིན་ཏེ། སངས་རྒྱས་སུ་མ་གྲུབ་ཀྱི་བར་དུ་འཇིག་རྟེན ་པ་དང། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཁྱེའུ་རིན་པོ་ཆེས་བྱིན་པའི་མདོ་ལས་འབྱུང་བ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བ་བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ ་དྲུག་ལ་སྤྱད་པ་བས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པ་ཉན་པའི་བསོད་ནམས་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་ན། གང་དག་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། ཡང་ཡི་གེར་བྲིས་ནས་ལུང་འབོགས་པ་དང། འཆང་བ་དང ་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཞེས་གསུངས་སོ། །རྡོ་རྗེ་གཅོད་པ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གངྒཱའི་ཀླུང་གི་བྱེ་མ་སྙེད་གངྒཱའི་ཀླུང་ཡང་དེ་སྙེད་དུ་གྱུར་ན། གང་དག་ནི་བྱེ་མར ་གྱུར་པ་དེ་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གངྒཱའི་ཀླུང་དུ་གྱུར་བ་དེ་དག་ཉིད་ཀྱང་མང་ལགས་ན་དེ་དག་གི་བྱེ་མ་ལ་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱེད་ལ་བསྒོའོ། །ཁྱེད་ཀྱི ་ཁོང་དུ་ཆུད་པར་བྱའོ། །གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྐྱེས་པ་འམ། བུད་མེད་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་སྦྱིན་པ་བྱིན་ན་སྐྱེས་པ་འམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང ་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན། ཚིག་བཞི་བའི་ཚིགས་སུ་བཅད་པ ་ཙམ་བཟུང་སྟེ། གཞན་དག་ལ་ཡང་བསྟན་ན། དེ་བས་བསོད་ནམས་མང་བ་བསྐྱེད་དོ། །ཞེས་གསུངས་སོ། །ཚངས་པས་ཞུས་པ་ལས་ཀྱང། དེ་བཞིན་གཤེགས་པས་གསུངས་ཏེ། གྲོགས་པོ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བསོད་ནམས་འདོད ་པས་དེ་བཞིན་དུ་རྙེད་པ་དང་གཟུགས་དང་ལོངས་སྤྱོད་དང་གཡོག་འཁོར་དང་ཆོས་ཀྱི་དབང་ཕྱུག་དང་ལྷ་དང་མིའི་ཕུན་སུམ་ཚོགས་པའི་བར་ཐམས་ཅད་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཉམ་པར་བྱམས་པར་བྱ ་གཟུང་བར་བྱའོ། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་སེམས་ཅན་དེ་དག་བྱང་ཆུབ་ཏུ་ངེས་པར་འགྱུར་བ ་ལགས་སོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཉེ་བར་འགྱུར་བ་ལགས་སོ། །འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ ་འདི་ཐོས་ནས་མོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། སངས་རྒྱས་ཉིད་དུ་ལྟ་བར་བགྱིད་དོ། །ཞེས་བྱུང་ངོ། །ཆོས་ཟབ་མོ་ལ་མོས་པ་འདི་ལྟུང་བ་དང་འགྱོད་པ་ཐམས་ཅད་སེལ་བ་དང། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྤྱོད་བར ་འགྱུར་ཏེ། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་འབྱུང་བ། འོད་སྲུངས་འདི་ལྟ་སྟེ། ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་དེའི་སྲོག་གཅད་པ་དེའི་ནང་ན་ཆེ་བའོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་གྱི་དཀོར་རྐུ་བ་འདི་ནི་མ ་བྱིན་པར་ལེན་པའི་ནང་ན་ཆེ་བའོ། །འདི་ལྟ་སྟེ། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་དེ་ལ་ལོག་པར་སྤྱད་པ་དེ་ནི་འདོད་པ་ལ་ལོག་པར་གཡེམ་པ་རྣམས་ཀྱི་ནང་ན་ཆེ་བའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ ་འདི་ནི་བརྫུན་དུ་སྨྲ་བའི་ནང་ན་ཆེ་བའོ། །འདི་ལྟ་སྟེ། འཕགས་པའི་དགེ་འདུན་ལ་མི་སྙན་པ་བརྗོད་པ་འདི་ནི་ཕྲ་མའི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། འཕགས་པ་རྣམས་ལ་སྤྱ་འདྲི་བ་འདི་ཚིག་རྩུབ་པོའི་ནང་ན་ཆེ་བའོ། །འདི་ལྟ་སྟེ། ཆོས་འདོད་པ་རྣམས་ལ་རྣམ ་པར་གཡེང་བར་བྱེད་པ་འདི་ནི་ཚིག་ཀྱལ་པ་རྣམས་ཀྱི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། མཚམས་མེད་པ་བྱེད་པར་ཤོམ་པ་འདི་ནི་གནོད་སེམས་ཀྱི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། ཡང་དག་པར་སོང་པ་དང་ཡང་དག་པར་ཞུགས་བ་རྣམས་ཀྱི་རྙེད་པ་འཕྲོག ་པའི་སེམས་འདི་ནི་བརྣབ་སེམས་ཀྱི་ནང་ན་ཆེན་པོའོ། །འདི་ལྟ་སྟེ། ལྟ་བས་གཟོངས་པ་འདི་ནི་ལོག་པའི་ལྟ་བའི་ནང་ན་ཆེན་པོའོ། །འོད་སྲུངས་མི་དགེ་བའི་ལས་ཀྱི་ལམ་འདི་དག་ཐམས་ཅད་ནི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའོ། །འོད་སྲུངས ་གལ་ཏེ་སེམས་ཅན་གཅིག་ཅིག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་འདི་དག་དང་ལྡན་པར་གྱུར་པ་དེ་ཡང་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་བསྟན་པ་ལ་འཇུག་སྟེ་འདི་ལ་གང་བྱེད་བ་འམ། ་གང་ཚོར་བར་བྱེད་པའི་བདག་གམ། སེམས་ཅན་ནམ་སྲོག་གམ་གང་ཟག་གང་ཡང་མེད་དོ། །ཞེས་དེ་ལྟར་མ་བྱས་པར་མངོན་པར་འདུས་མ་བྱས་པ་མེད་པ་སྒྱུ་མའི་ཆོས་ཉིད་ཀུན་ནས་ཉོན་མོངས་པ་མེད་པར་རང་བཞིན་གྱིས་འོད་གསལ་བའི་ཆོས ་ཐམས་ཅད་ལ་འཇུག་ཅིང་ཆོས་ཐམས་ཅད་ཐོག་མ་ནས་དག་པར་མངོན་པར་དད་པ་དང་མོས་པའི་སེམས་ཅན་དེ་ངན་སོང་དུ་འགྲོ་ཞེས་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀྱི་ཕུང་པོ་དངོས་པོ་མེད་དེ་ཉོན་མོངས་པ་ཐམས་ཅད ་སྐྱེས་ནས་འཇིག་ཅིང་འཇུག་པའོ། །རྒྱུ་དང་རྐྱེན་ཚོགས་པའི་འདུ་འཕྲོད་ལས་སྐྱེ་སྟེ། སྐྱེས་མ་ཐག་ཏུ་འགག་གོ་།གང་སེམས་པ་སྐྱེ་བའི་འཇིག་པ་དེ་ཉིད་ཉོན་མོངས་པ་ཐམས་ཅད་ཀྱི་འཇིག་པ་སྟེ། གང་དེ་ལྟར་མོས་པ་དེ་ལ་ལྟུང་བ་གང་ཡང་མེད ་ཅིང་ལྟུང་བའི་གནས་མེད་དོ་གནས་མ་ཡིན་ཞིང་སྐབས་མེད་དོ་གང་གི་སྒྲིབ་པ་མེད་པ་ལ་ལྟུང་བ་གནས་པ་དེ་ནི་གནས་མ་ཡིན་ནོ། །ཞེས་གསུངས་སོ། །བདུད་བཏུལ་བའི་ལེའུ་ལས་ཀྱང། འདུལ་བ་འཛིན ་པ་ཉེ་བར་འཁོར་གྱིས་དྲིས་པ། སྡིག་ཅན་ཇི་ལྟར་ན་དགེ་སློང་འདུལ་བ་འཛིན་པ་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་ཉེ་བར་འཁོར་དགེ་སློང་གིས་ནམ་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཤེས་ཏེ། ཉེས་པ་རྣམས་ཀྱི་ཐོག་མའི་མཛའ་ ་ཡང་དབེན་པའི་མཐར་ཤེས་ཉེས་པ་བྱུང་བ་རྣམས་ཀྱིས་འགྱོད་པ་ཡང་སེལ་ཅིང་བསྟན་པོར་མི་བྱེད་དེ་དག་ལ་གང་གིས་མཚམས་མེད་པ་རྣམས་ཀྱང་རྣམ་པར་གནོན་ན། ཆོ་ག་དང་ཚུལ་ཁྲིམས་ལ་ལོག་པར་ཞུགས་པ། ཕྲན་ཆེགས?་ལྟ་སྨོས ་ཀྱང་ཅི་དགོས་པ་དེ་ལྟ་བུའི་ཆོས་ཀྱི་ཚུལ་རྣམ་པ་ཉེ་བར་བསྒྲུབ་ཉོན་མོངས་པ་འདུལ་བ་ལ་ཡང་མཁས་གློ་བུར་དུ་ཉོན་མོངས་པ་རྣམས་ལ་ཡང་ཀུན་ནས་ཉོན་མོངས་པར་གྱུར་བ་མ་ཡིན་པ་དང། འབྱུང་བར་འདུ་ཤེས་ཉོན་མོངས་པ་ནང་དུ ་ཡང་མ་བཏོན་ཕྱི་རོལ་ཏུ་ཡང་མ་ཡིན་གཉིས་ཀ་མེད་པར་ཡང་མ་ཡིན་ཏེ། ཉོན་མོངས་པ་ཁོང་དུ་ཆུད་པ་ཉིད་ཉོན་མོངས་པ་མེད་པར་ཤེས་ཤིང་ཉོན་མོངས་པ་ཡང་མི་སེལ་ཉོན་མོངས་པ་མེད་པ་ཡང་མི་སྒྲུབ་ཉོན་མོངས་པ་ཐམས་ཅད ་སྤྲིན་འདྲ་བར་ཤེས་ཏེ། ཡེ་ཤེས་དང་ལྷག་མཐོང་རླུང་གིས་གཏོར་ནས་ཕྱོགས་དང་ཡུལ་དུ་འགྲོ་བ་ཡང་མེད་གནས་པ་ཡང་མེད་པ་དང་གནས་པ་རྣམས་ནི་ཆུ་ཟླ་དང་འདྲ་སྟེ། ཡོངས་སུ་རྟོག་པའི་གཟུགས་བརྙན་གྱིས། གཞི་ཉེ་བར ་སྟོན་པ་དང། ཉོན་མོངས་པ་རྣམས་ནི་ཉེ་བའི་སྤྱོད་ཡུལ་ཏེ། ཤེས་རབ་ཀྱི་སྒྲོན་མས་ནི་སྣང་བ་སྣང་བར་བྱེད་པ་དང། ཉོན་མོངས་པ་རྣམས་ནི་རྐུན་པོ་དང་མཁའ་འགྲོ་མ་དང་གནོད་སྦྱིན་དང། སྲིན་པོ་དང་འདྲ་སྟེ། ཚུལ་བཞིན་ཡིད་ལ་བྱེད ་པས་བརྟགས་ན། གནས་པ་མ་ཡིན་པ་དང་ཉོན་མོངས་པ་རྣམས་ནི་གླགས་ཚོལ་བ་སྟེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཕེལ་བ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའི་ཤེས་པས་ཡིད་ལ་འཇུག་པར་མི་བྱེད་པར་སུས ་ཉོན་མོངས་པ་རྣམས་འདི་འདྲ་བར་ཤེས་ཏེ། སེམས་ཅན་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་གྱུར་བ་རྣམས་ལ་སྙིང་རྗེ་ཞིང་བདག་མེད་པ་དང། སེམས་ཅན་མེད་པ་མངོན་སུམ་དུ་གྱུར་པ་ན་འདུལ་བ་འཛིན་པ་ཡང་དག་པ་ཞེས་བྱའོ། །ཞེས་འབྱུང་ངོ། ་འཕགས་པ་མ་སྐྱེས་དགྲའི་མདོ་ལས་ཀྱང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་པོ་ཁྱོད་ལ་བསྒོའི། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་མཚམས་མེད་པ་བྱེད་པས་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཇུག་ཅིང་མོས ་ན་དེའི་ལས་ཀྱི་སྒྲིབ་པ་ཡིན་ནོ། །ཞེས་ང་མི་སྨྲའོ། །ཞེས་གསུངས་སོ། །འདི་ནི་ཆོས་ཟད་མོ་ལ་མོས་པའི་ཕན་ཡོན་མདོར་བརྗོད་པ་ཡིན་ཏེ། རྒྱས་པར་ནི་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་ལས་མཉམ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐབས ་ལ་མཁས་པ་དང་བྲལ་བར་ཆོས་ཉིད་ཟབ་མོ་ལ་སྦྱོར་བར་མི་བྱ་སྟེ། འདི་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པའོ། །འདི་སྐད་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་འབྱུང ་སྟེ། ཐབས་མེད་པས་ཟིན་པའི་ཤེས་རབ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་ཡང་ངེས་པར་རྟོག་ཅིང། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན་དང། སེམས ་ཅན་ཡོངས་སུ་སྨིན་པར་བྱས་ལ་ངེས་པར་མི་རྟོག་པ་འདི་ནི་ཐབས་མེད་པས་ཟིན་པའི་ཤེས་རབ་སྟེ་བཅིངས་པའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ། སེམས་པར་རྟོག་ཅིང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཡང་འདྲིས་པར་བྱེད་ལ། ཡོངས་སུ་མི་སྐྱོ་བ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ ་གྲོལ་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་ཉོན་མོངས་པ་ཀུན་ནས་ལྡང་བ་དང། བག་ལ་ཉལ་དང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་གནས་ཏེ། དགེ་བའི་རྩ་བ་རྩོམ་པ་ཐམས ་ཅད་བྱང་ཆུབ་ཏུ་མི་བསྔོ་བ་འདི་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ། བཅིངས་པའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་ཉོན་མོངས་པ་ཀུན་ནས་ལྡང་བ་དང་བག་ལ་ཉལ་དང་རྗེས་སུ་ཆགས ་བ་དང་ཁོང་ཁྲོ་བ་སྤངས་པས། དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལས་དེས་ཀྱང་མི་སྙེམས་པ་དེ་ནི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་པའོ། །ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཏུ་ལྡན་པ་འདི་དག་ཐམས་ཅད ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་ལོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་གང་ཞེ་ན། དེ་ཉིད་ལས་འབྱུང་བ། གང་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་ཡང་མ་ཡིན། འཕགས་པའི་སྤྱོད་ཡུལ་ཡང་མ་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད ་ཡུལ་ལོ། །གང་འཁོར་བ་ཡང་སྤྱོད་ཡུལ་ཉོན་མོངས་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང། གང་མྱ་ངན་ལས་འདས་པ་རྟོག་པ་ཡང་སྤྱོད་ཡུལ་ལ་ཤིན་ཏུ་མྱ་ངན་ལས་འདས་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང། གང་བདེན་པ་བཞིའི་ཡེ་ཤེས ་ཀྱི་དེ?་སྤྱོད་ཡུལ་ལ་དུས་མ་ཡིན་པར་རྟོགས་པར་བྱེད་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང། གང་ནང་དུ་སོ་སོར་རྟོག་པ་ཡང་སྤྱོད་ཡུལ་ལ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་ཡང་སྤྱོད་ཡུལ་བ་དང། གང་མི་སྐྱེ་བར་རབ་ཏུ་རྟོག ་པ་ཡང་སྤྱོད་ཡུལ་ལ་ངེས་པར་གྱུར་བ་ལ་འཇུག་པ་ཡང་སྤྱོད་ཡུལ་མ་ཡིན་པ་དང། གང་སེམས་ཅན་ཐམས་ཅད་ཀྱི་འདུ་འཛི་ཡང་སྤྱོད་ཡུལ་ལ་ཉོན་མོངས་པའི་བག་ལ་ཉལ་ཡང་སྤྱོད་ཡུལ་མ་ཡིན་པ་དང། གང་སྟོང་པ་ཉིད་ཀྱང་སྤྱོད་ཡུལ་ལ་རྣམ་པ་ཐམས་ཅད་དུ་ཡོན ་ཏན་ཡོངས་སུ་ཚོལ་བ་ལ་ཡང་སྤྱོད་ཡུལ་མ་ཡིན་པ་དང། གང་མངོན་པར་འདུ་མི་བྱེད་པ་ཡང་སྤྱོད་ཡུལ་ལ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པ་རྒྱུན་མི་གཅོད་པ་ཡང་སྤྱོད་ཡུལ་པ་དང། གང་ཞིག་ནས་དང་ལྷག་མཐོང་གི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ ་ཡང་སྤྱོད་ཡུལ་ལ་ཤིན་ཏུ་ཞི་བར་མི་ལྟུང་བ་ཡང་སྤྱོད་ཡུལ་བ་དང། གང་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང། གང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ཡང་སྤྱོད་ཡུལ་ལ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མི་སྟོང་པ་ཡང་སྤྱོད་ཡུལ་བ་འདི་ན་བྱང་ཆུབ ་སེམས་དཔའ་ཨི་སྤྱོད་ཡུལ་ལོ་དེ?་ཞེས་གསུངས་སོ། །བདུད་འདུལ་བའི་མདོ་ལས་ཀྱང། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་ཕུལ་ནི་གང་ཤེས་རབ་ཀྱི་ཤེས་པས་བརྩོན་པ་ཡང་མེད་ལ་ཐབས་ཀྱི་ཤེས་བས་དགེ?་བའི་ཆོས་ཐམས་ཅད་བསྡུས ་བ་ལ་ཡང་སྦྱོར་བ་དང། ཤེས་རབ་ཀྱི་ཤེས་པས་བདག་མེད་པ་དང། སེམས་ཅན་མེད་པ་དང། སྲོག་མེད་པ་དང། གསོ་བ་མེད་པ་དང། གང་ཟག་མེད་པར་ཡང་སྦྱོར་བ་ལ་ཐབས་ཀྱིས་ཤེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་བར་བྱེད་པར་ཡང་སྦྱོར་བ་དང ་ཤེས་རབ་ཀྱིས་ཤེས་བས་ཆོས་ཐམས་ཅད་བླང་བ་མེད་པ་དང་དོར་པ་མེད་པ་ཡང་སྦྱོར་བ་ཐབས་ཀྱིས་ཤེས་པས་ཆོས་ཐམས་ཅད་བླང་བ་མེད་པ་དོར་བ་མེད་པ་ཡང་སྦྱོར་བ་ཐམས་ཅད་ཀྱི་ཤེས་བས་ཆོས་ཐམས་ཅད་ཡོངས་སུ་འཛིན་པར་ཡང་སྦྱོར་བ་དང། ཤེས་རབ ་ཀྱིས་ཤེས་པས་སངས་རྒྱས་ཐམས་ཅད་དང་ཆོས་ཀྱི་དབྱིངས་དབྱེར་མེད་པར་ཡང་སྦྱོར་ལ་ཐབས་ཀྱི་ཤེས་པས་སངས་རྒྱས་ཐམས་ཅད་ལ་བླ་མར་བྱ་བ་དང། གུས་བར་བྱ་བ་དང། མཆོད་པ་དང། རིམ་གྲོ་བྱེད་པར་ཡང་སྦྱོར་བ་དང། ཤེས་རབ་ཀྱི་ཤེས་བས ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའ་ཨི་ཞིང་དུ་ཡང་སྦྱོར་བ་ཐབས་ཀྱི་ཤེས་པས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱང་བའི་རྒྱན་ལ་ཡང་སྦྱོར་བ་དང། ཤེས་རབ་ཀྱི་ཤེས་པས་འཕགས་པ་ཐམས་ཅད་འདུས ་མ་བྱས་ཀྱིས་རབ་ཏུ་ཕྱི་བར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་འཕགས་པ་ཐམས་ཅད་ལ་བླ་མ་དང་གུས་པ་དང་རིམ་གྲོ་བྱེད་པར་ཡང་སྦྱོར་བ་དང། ཤེས་རབ་ཀྱི་ཤེས་པས་སངས་རྒྱས་ཀྱི་སྐུ་ཟག་པ་མེད་པར་སོ་སོར་རྟོག་བར་ཡང་སྦྱོར་ལ། ཐབས ་ཀྱི་ཤེས་པས་མཚན་དང་དཔེ་བྱད་བཟང་པོ་དང་རྒྱན་ལ་ཡང་སྦྱོར་བ་དང་ཤེས་རབ་ཀྱི་ཤེས་པས་འདུ་བྱེད་མ་སྐྱེས་པ་དང་མ་བྱུང་བར་ཡང་སོ་སོར་རྟོག་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡངས་སུ་འཛིན་པ་ལ་ཡང ་སྦྱོར་བའོ། །ཞེས་གསུངས་སོ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང། དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཐབས་ནི་གང། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་སྙོམས་པར་འཇུག་པ་ན་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི ་དམིགས་པ་ལ་སེམས་འདོགས་པ་འདི་ནི་དེའི་ཐབས་སོ། །གང་ཞི་ཞིང་རབ་ཏུ་ཞི་བ་ལ་སྙོམས་པར་འཇུག་པ་འདི་ནི་དེའི་ཤེས་རབ་པོ། །གང་སྙོམས་པར་འཇུག་པ་ན་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་སྟོན་པ་འདི་ནི་དེའི་ཐབས་སོ། །གང་ཅི ་ལ་ཡང་མི་གནས་བར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་པོ། །གང་སྙོམས་པར་འཇུག་པ་ན་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་ལ་ལྟ་བ་འདི་ནི་དེའི་ཐབས་སོ། །གང་ཆོས་ཀྱི་དབྱིངས་མེད་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་པོ། །གང་ཆོས་ཀྱི ་དབྱིངས་མེད། གང་སྙོམས་པར་འཇུག་པ་ནི་སངས་རྒྱས་ཀྱི་སྐུའི་རྒྱན་མངོན་དུ་བྱེད་པ་འདི་ནི་དེའི་ཐབས་སོ། །གང་ཆོས་ཀྱི་སྐུ་གནས་པས་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་པོ། །ཞེས་གསུངས་སོ། །འཕགས་པ་དྲི་མ་མེད་པར་གྲགས་པས ་བསྟན་པ་ལས་ཀྱང། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ནི་འདི་གཉིས་ཏེ། འདི་གཉིས་གང་ཞེ་ན། ཚིག་དང་འབྲུ་སྣ་ཚོགས་ལ་དད་པའི་ཕྱག་རྒྱ་དང། ཆོས་ཀྱི་ཚུལ་ཟབ་མོས་མི་སྐྲག་ཅིང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་འབབ་པ་དང། འཇུག་པའི་ཕྱག་རྒྱ ་སྟེ། ཕྱག་རྒྱ་དེ་གཉིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་སེམས་ཚིག་དང་འབྲུ་སྣ་ཚོགས་ལ་དད་ཅིང་ལྷུར་བྱེད་པ་དེ་དག་ནི་ལས་དང་པོའོ། །གང་དག་མདོ་སྡེ་ཟབ་མོ་མ་གོས་པ། ཕྲུགས་དང་སྣརེལ་ཞིའི་རྒྱུད་ཀྱི་ཚིག་དང ་རིམ་པ་རབ་ཏུ་དབྱེ་བའི་འདོན་པ་དང། ཉན་པ་དང་མོས་པ་དང་སྟོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པར་རིག་པར་བྱའོ། །ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་རྒྱུ་གཉིས་ཀྱིས་བདག་ལ་སྣ་འབྱིན་ཏེ། ཆོས ་ཟབ་མོ་ལ་ངེས་པར་སེམས་པར་མི་འགྱུར་རོ། །གཉིས་གང་ཞེ་ན་སྔོན་མ་ཐོས་པའི་མདོ་སྡེ་ཟབ་མོ་ཐོས་ན་སྐྲག་ཅིང་ཐེ་ཚོམ་དུ་གྱུར་ནས་རྗེས་སུ་ཡི་རང་བར་མི་བྱེད་ཀྱི་སྟེང་དུ། འདི་ལྟ་བུ་བདག་ཅག་གིས་སྔོན་མ་ཐོས་ན་དེ་དག་གང་ནས་འོད་ཞེས་སྤང་བར་བྱེད་པ་དང ་རིགས་ཀྱི་བུ་གང་མདོ་སྡེ་ཟབ་མོ་འདི་འཛིན་པ་དང་ཆོས་ཟབ་མོ་འདི་འཛིན་པ་དང་ཆོས་ཟབ་མོའི་སྣོད་དུ་གྱུར་པ་དང་ཆོས་ཟབ་མོ་སྟོན་པ་དེ་དག་ལ་མི་བརྟེན་མི་གྲོགས་བསྙེན་བཀུར་མི་བྱེད་ཅིང་དེ་དག་ལ་བསྟི་སྟང་མི་བྱེད་པར་འགྱུར་ཏེ། བར་བར་དུ་དེ་དག་ལ་མི ་སྙན་པ་ཡང་བརྗོད་པའོ། །རྒྱུ་གཉིས་ཀྱིས་ཟབ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་བདག་ཉིད་ལ་རྨ་འབྱིན་ཏེ། མི་སྐྱེ་བའི་ཆོས་ལ་ཡང་བཟོད་པ་མྱུར་དུ་ཐོབ་པར་མི་འགྱུར་རོ། །གཉིས་གང་ཞེ་ན། ལས་དང་པོ་པ་སྤྱད་ནས་རིང་པོར་མ་ལོན་པའི་བྱང་ཆུབ་སེམས ་དཔའ་རྣམས་ལ་བརྙེས་ཤིང་ཁྱད་དུ་གསོད་དེ། འཛིན་དུ་མི་འཇུག་མི་བྱེད་མི་སྟོན་པ་དང་གང་ཟབ་མོ་ལ་མོས་པའི་བསླབ་པ་ལ་རི་མོ་མི་བྱེད་ཅིང། འཇིག་རྟེན་གྱི་ཟང་ཟིང་གི་སྦྱིན་པས་ནི་སེམས་ཅན་ལ་ཕན་འདོགས་ཤིང་ཆོས་ཀྱི་སྦྱིན་པས་མ་ཡིན་ཏེ། རྒྱུ་གཉིས ་པོ་དག་གོ་།ཞེས་གསུངས་སོ། །གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཆེ་བ་ཉིད་རྒྱ་ཆེན་པོ་ལ་འཇུག་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའ་ཨོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཆེ་བ་ཉིད་རྒྱ་ཆེན་པོ་གང ་ཞེ་ན། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་བྱུང་བ། བཙུན་པ་འོད་སྲུངས་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་བྱང་ཆུབ་སེམས་དཔའ་ལ་སློང་བ་གང་ཡིན་གྱིས་ལག་པ་འམ། རྐང་པ་འམ། རྣ་བ་འམ། སྣ་འམ ་ཁྲག་གམ། རྒྱུས་པ་འམ། རུས་པ་འམ། རྐང་ངམ། མིག་གམ། རོ་སྟོད་དམ། མགོ་འམ་ཡན་ལག་དང། ཉིད་ལག་གམ། རྒྱལ་པོའི་སྲིད་དམ། ཡུལ་འཁོར་དང། ལྗོངས་སམ། ཆུང་མ་དང། བུ་ཕོ་དང། བུ་མོ་དང། བྲན་ཕོ་དང། བྲན་མོ་དང། ་རྟ་དང་བ་ལང་དང། ཤིང་རྟ་འམ། བཞོན་པ་འམ། གསེར་དང། དངུལ་དང། ནོར་བུ་དང། མུ་ཏིག་དང། མན་ཤེལ་དང། བྱུ་རུ་དང། བཻ་ཌཱུརྱ་དང། ནོར་བུ་རིན་པོ་ཆེ་རྣམས་ཀྱང་རུང། བཟའ་བ་དང། བཏུང་བ་དང། བྲོ་བ་རྣམས་སམ། གོས་རྣམས ་ཉམས་ང་བར་བྱ་སྟེ། སློང་བ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། ཐབས་ལ་མཁས་པས་ལྷག་པའི་བསམ་པ་བསྟན་པ་འདི་དག་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ་བཙུན་པ་འོད་སྲུང་ཆེན་པོ། བྱང་ཆུབ་སེམས་དཔའ་རྣམས་ནི་དཀའ་ཐུབ་དྲག་པས་ན་དེ་ལྟ་བུར་སྟོན་ཏེ། གོ་སྐབས་མ་ཕྱེ་བར་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བ་བྱེད་པའི་མཐུ་སྐྱེ་བོ་ཕལ་པོ་ཆེ་ལ་མེད་དོ། །གོ་སྐབས་མ་ཕྱེ་བར་སད་པའམ། སླང་བར ་ཡང་མི་ནུས་སོ། །བཙུན་པ་འོད་སྲུངས་འདི་ལྟ་སྟེ་དཔེར་ན། བ་གླང་གླང་པོ་ཆེ་ལ་རྡེག་པ་ནི་བོང་བུས་བཟོད་པར་མི་ནུས་ཏེ། དེ་བཞིན་དུ་བཙུན་པ་འོད་སྲུངས་ཆེན་པོ་བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་མི ་ནུས་ཀྱིས་བྱང་ཆུབ་སེམས་དཔའ་ཉིད་བྱང་ཆུབ་སེམས་དཔའ་ལ་ཉམ་ང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ཉམ་ང་བར་བྱས་པ་བྱང་ཆུབ་སེམས་དཔའ་བཟོད་དོ། །ཞེས་གསུངས་སོ། །དེ་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཆོས ་ཀྱི་དབྱིངས་ཀྱི་སྨོན་ལམ་གྱི་གཞི་རབ་ཏུ་རྟོགས་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀུན་ཏུ་སྣང་བའི་དབྱིངས་ཀྱི་སངས་རྒྱས་ཀྱི་ཞིང། སངས་རྒྱས་ཀྱི་རིགས་ཟད་པ་སྟོན་པ་ནས་འོངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར ་བྱང་ཆུབ་སེམས་དཔའ་ཨི་མཐུ་རབ་ཏུ་བསྟན་པ་འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང། སྤུའི་རྩེ་མོ་ཐམས་ཅད་དང། ལུས་ཐམས་ཅད་དང། ཡན་ལག་དང། ཉིད་ལག་ཐམས་ཅད་དང། ཚིག་གི་ལམ་ཐམས་ཅད་དང། གོས་དང་སྨད་གཡོགས ་ཐམས་ཅད་ནས། བྱང་ཆུབ་སེམས་དཔའ་ཨི་འཁོར་ཐམས་ཅད་དང། བདག་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་སྔོན་གྱི་མཛའ་ཨི་མུར་ཐུག་པའི་དེ་བཞིན་གཤེགས་པ་འདས་པ་ཐམས་ཅད་དང། ཕྱི་མའི་མཛའ་ཨི་མུར་ཐུག་པའི་དེ་བཞིན་གཤེགས་པ ་ལུང་བསྟན་པ་དང། ལུང་མ་བསྟན་པ་དང། ལུང་མ་བསྟན་པ་མ་བྱོན་པ་ཐམས་ཅད་དང། ད་ལྟར་བྱོན་པའི་སངས་རྒྱས་ཀྱི་ཞིང་རབ་འབྱམ་ཐམས་ཅད་ན་བཞུགས་པ་རྣམས་སྔོན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དང། ལེན་པ་དང ་སྦྱིན་པའི་དངོས་པོ་ཐམས་ཅད་ཀྱི་གཟུགས་རྙན་མཚན་དང་དཔེ་བྱད་བཟང་པོ་དང། སྤུའི་རྩེ་མོ་དང། ལུས་ཐམས་ཅད་དང། ཡན་ལག་དང་ཉིད་ལག་དང། ཚིག་གི་ལམ་དང། གོས་དང་སྨད་གཡོགས་ཐམས་ཅད་རབ་ཏུ་སྣང་བར་གྱུར་པ་རྣམ་པར་བསྟན ་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་དག་ཀྱང་རབ་ཏུ་སྣང་བར་ཡོངས་སུ་བསྟན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡན་ལག་ཐམས་ཅད་མཐུན་པ་རབ་ཏུ་བསྟན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྩོན་འགྲུས་དང། དྲག་ཤུལ་དང། རྣམ་པར་གནོན་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་ ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་གཏན་གྱི་རྒྱ་མཚོ་ཡོངས་སུ་ཚོལ་ཞིང་རབ་སྒྲུབ་པ་དང་ལྡན་པའི་སྔོན་གྱི་སྦྱོར་བའི་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི ་ཚུལ་ཡོངས་སུ་བསྒྲུབ་ཅིང་ཆོས་ཡོངས་སུ་ཚོལ་བ་དང་ལྡན་པ་དང། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་རྩོལ་བ་ཆེན་པོའི་ལུས་དང་ངོ་བོ་གཟུགས་བརྙན་རྣམ་པར་བྱ་བས་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང། དེ་བཞིན ་གཤེགས་པ་ཐམས་ཅད་མཐོང་ཞིང་དགའ་བ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལམ་ལ་འགྲོ་བ་ཐམས་ཅད་མངོན་པར་མོས་པར་བྱེད་པ་དང་ལྡན་པའི་མངོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང། བྱང་ཆུབ ་སེམས་དཔའ་ཐམས་ཅད་སྔོན་གྱི་སྨོན་ལམ་རྒྱ་མཚོ་མངོན་པར་བསྒྲུབ་པའི་སྒོ་ཡོངས་སུ་དག་པའི་རྒྱན་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོབས་ཀྱི་ཕ་རོལ་ཏུ ་ཕྱིན་པ་རབ་ཏུ་གྲུབ་པ་དང། རྣམ་པར་མནན་པ་དང་རྣམ་པར་དག་པར་བྱས་པ་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་དང། ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱི་སྤྲིན་གྱིས་རྒྱས་པར ་བཀང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྡན་པའི་སྔོན་གྱི་སྦྱོར་བ་རྒྱ་མཚོ་རབ་ཏུ་སྣང་བར་གྱུར་པ་ཡོངས་སུ་བསྟན་པ་བྱེད་ཅིང། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན ་འདས་ག་ལ་བ་དེར་དོང་སྟེ་འཁོར་དང་བཅས་པས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སྟེང་གི་ཕྱོགས་སུ་བསྟན་ཏེ། རྡོ་རྗེའི་དབང་པོ་སྣ་ཚོགས་ཐམས་ཅད་ཀྱི་རྒྱན་གྱི་སྙིང་པོ་ཅན་གྱི་ཁང་པ་བརྩེགས་པ་དང། སེངྒེའི་ཁྲི་རྡོ་རྗེ་དང། ཨནད་རྙིལ་གྱི་པདྨའི་སྙིང་པོ ་ཅན་དག་མངོན་པར་སྤྲུལ་ནས་ནོར་བུའི་རྒྱལ་པོ་རིན་པོ་ཆེ་ཐམས་ཅད་རབ་ཏུ་འབར་བའི་དྲ་བས་ཀུན་ནས་བརྒྱན་པ་དང། རིན་པོ་ཆེ་ནི་རྒྱལ་པོ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་མཚན་དང་དབྱངས་སུ་སྒྲོགས་པའི་ཕྲེང་བ་རབ་ཏུ་འཕྱང་བ་དང། མགོ་ལ་རིན་པོ་ཆེའི ་ཅོད་པན་ཐོགས་པའི་བྱང་ཆུབ་སེམས་དཔའ་ཨི་ལུས་སུ་བྱིན་གྱིས་བརླབས་ནས་དཀྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང། སྨོན་ལམ་གྱིས་འབྱུང་བ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞབས་དྲུང་ནས་ཞལ་དུ་ལྟ་བ། ཡེ་ཤེས་ཡོངས་སུ་དག་པའི་མིག་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་དང་མདོ་སྡེའི་ཚུལ་གྱི་གསུང་རྒྱ་མཚོ་ལ་རྣམ་པ་ཡོངས་སུ་གཞོལ་བ། བྱང་ཆུབ་སེམས་དཔའ་ ་ཐམས་ཅད་ཀྱི་དབང་རབ་ཏུ་ཐོབ་པར་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འདོད་པ་སྐད་ཅིག་གཅིག་ཏུ་ཡོངས་སུ་བསྟན་པ་དང། རྣམ་པར་འཕྲུལ་པས་བྱུང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་གཅིག་གིས ་རྒྱས་པར་གང་བའི་ཡུལ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་དུ་ལུས་མངོན་པར་འབྱུང་ཞིང་རྣམ་པར་སྣང་བ་རྡུལ་ཤིན་ཏུ་ཕྲ་བ་ཞིག་ལ་འཇིག་རྟེན་གྱི་ཁམས་གཅིག་ཏུ་སྣང་ཞིང་ཁོངས་སུ་ཆུད་པར་ཡང་དག་པར ་སྟོན་པའི་ཡུལ་དང་ལྡན་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང། གདུལ་བའི་དུས་ལ་སྡོད་པར་གཞོལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་སྤྲིན་གྱི་འབྲུག་སྒྲ་སྤུའི་རྩེ་མོ་ཐམས་ཅད་ནས་རབ་ཏུ་སྒྲོགས་པའི་ཡུལ་དང་ལྡན་པ། འཇིག་རྟེན ་གྱི་ཁམས་རབ་འབྱམས་ཐམས་ཅད་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་པ། སེམས་ཅན་ཐམས་ཅད་ལུས་མཉམ་པ་ཀུན་ཏུ་སྟོན་པ་སེམས་ཅི་སྐད་ཅིག་ལ་ཕྱོགས་བཅུ་རྒྱ་མཚོ་ཐམས་ཅད་རྣམ་པར་སྤྲུལ་པས་རྒྱས་པར་འགེངས་པའོ།། ་ཞེས་གསུངས་སོ། །ཡང་སྡོང་པོ་བཀོད་པའི་མདོ་དེ་ཉིད་ལས། བྱང་ཆུབ་སེམས་དཔའ་ཨི་ཆེན་པོ་ཉིད་བསྟན་ཏེ། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་མཐོང་བ་དང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི ་ཡན་ལག་རེ་རེ་དང། ཡན་ལག་རྣམ་པར་ཕྱེ་བ་རེ་རེ་དང། ལུས་ཀྱི་ཆ་རེ་རེ་དང། ལུས་ཀྱི་རྣམ་པར་ཕྱེ་བ་རེ་རེ་དང། ཡན་ལག་གི་ཆ་རེ་རེ་དང། ཡན་ལག་གི་ཕྱོགས་རྣམ་པར་ཕྱེ་བ་རེ་རེ་དང། ལུས་རེ་རེ་དང། ལུས་རྣམ་པར་ཕྱེ་བ་རེ་རེ་དང། སྤུའི་ཁུང ་བུ་རེ་རེ་དང། སྤུའི་ཁུང་བུ་རྣམ་པར་ཕྱེ་བ་རེ་རེ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རླུང་གི་ཕུང་པོ་དང་བཅས། ཆུའི་ཕུང་པོ་དང་བཅས། སའི་ཕུང་པོ་དང་བཅས། མེའི་ཕུང་པོ་དང་བཅས། རྒྱ་མཚོ་དང་བཅས་གླིང་དང ་བཅས། ཆུ་ཀླུང་དང་བཅས། རིན་པོ་ཆེའི་རི་དང་བཅས། རི་རབ་དང་བཅས། ཁོར་ཡུག་དང་བཅས། གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་དང། ཡུལ་འཁོར་དང་ཕོ་བྲང་འཁོར་དང་བཅས། ནགས་ཚལ་དང་བཅས། ཁང་ཁྱིམ་དང་བཅས། སྐྱེ ་བོའི་ཚོགས་དང་བཅས། སེམས་ཅན་དམྱལ་བའི་འཇིག་རྟེན་དང་བཅས། དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང་བཅས། ལྷ་མ་ཡིན་གྱི་འཇིག་རྟེན་དང་བཅས། ཀླུའི་འཇིག་རྟེན་དང་བཅས། ནམ་མཁའ་ལྡིང་གི་འཇིག་རྟེན་དང་བཅས ་མིའི་འཇིག་རྟེན་དང་བཅས། ལྷའི་འཇིག་རྟེན་དང་བཅས། ཚངས་བའི་འཇིག་རྟེན་དང་བཅས། འདོད་པའི་ཁམས་ཀྱི་ཡུལ་དང་བཅས། གཟུགས་ཀྱི་ཁམས་ཀྱི་ཡུལ་དང་བཅས། གཟུགས་མེད་པའི་ཁམས་ཀྱི་ཡུལ་དང་བཅས། གཞི་དང་བཅས ་རྟེན་དང་བཅས། དབྱིབས་དང་བཅས། སྤྲིན་དང་བཅས། གློག་དང་བཅས། སྐར་མ་དང་བཅས། ཉིན་ཞག་དང་བཅས། ཟླ་བ་ཕྱེད་དང་བཅས། ཟླ་བ་གཅིག་དང་བཅས། དུས་དང་བཅས། ལོ་དང་བཅས། བསྐལ་པ་བར་མ་དང་བཅས། བསྐལ་པ་དང་བཅས་པར་གཟུགས ་བརྙན་གྱི་ཚུལ་དུ་མཐོང་ངོ། །འཇིག་རྟེན་གྱི་ཁམས་འདི་ལ་ཇི་ལྟ་བ་དེ་བཞིན་དུ་ཤར་ཕྱོགས་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་མཐོང་པར་གྱུར་ཏོ། །ཤར་ཕྱོགས་ལ་ཇི་ལྟ་བ་དེ་བཞིན་དུ། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་དང། བྱང་ཤར་གྱི ་ཕྱོགས་མཚམས་དང། ཤར་ལྷོའི་ཕྱོགས་མཚམས་དང། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང། ནུབ་བྱང་གི་ཕྱོགས་མཚམས་དང། འོག་དང། སྟེང་གི་ཕྱོགས་དང། ཕྱོགས་མཚམས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སངས་རྒྱས་འབྱུང་བ ་དང་བཅས། བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས་པས་གཟུགས་བརྙན་གྱི་ཚུལ་དུ་མཐོང་བར་གྱུར་ཏོ། །གང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སྔོན་གྱི་མཛའ་ཨི་མུར་ཐུག་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་སྙེད་པ ་དེ་ཐམས་ཅད་ཀྱང། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྐྱེས་བུ་ཆེན་པོའི་མཚན་རེ་རེ་ལས་སངས་རྒྱས་འབྱུང་བ་དང་བཅས། བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་དང་བཅས། སེམས་ཅན་དང་བཅས། ཁང་ཁྱིམ་དང་བཅས། ཉིན་ཞག་དང་བཅས ་བསྐལ་པ་དང་བཅས་པར་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ཕྱི་མའི་མཛའ་ཨི་མུར་ཐུག་པའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་འདིར་སྔོན་གྱི་མཛའ་དང། ཕྱི་མའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་མཐོང་བར་གྱུར་པ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སྔོན་གྱི་མཛའ་དང་ཕྱི་མའི་མུར་ཐུག་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ ་ཀུན་ཏུ་བཟང་པོའི་ལུས་ཀྱི་སྐྱེས་བུ་ཆེན་པོའི་མཚན་རེ་རེ་དང། སྤུའི་ཁུང་བུ་རེ་རེ་ནས་ཤིན་ཏུ་རྣམ་པར་ཕྱེ་བ་དང། ཕན་ཚུན་འདྲེས་པར་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡང། ཇི་ལྟར་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན་སེངྒེའི་ཁྲི་རིན་པོ་ཆེ་ཆེན་པོའི་སྙིང་པོ་ཅན་ལ་འདུག་ཅིང། རྣམ་པར་རྩེ་བ་འདི་ལྟ་བུར་ཡོངས་སུ་བསྟན་པ་མཐོང་བ་དེ་བཞིན་དུ། ཤར་ཕྱོགས་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་བཟང་པོའི་དཔལ་འཇིག་རྟེན་གྱི་ཁམས་པདྨའི་དཔལ་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་ཅིང་འདུག་པར་མཐོང་ངོ། །ཤར་ཕྱོགས་ན་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་དང་ཕྱོགས་མཚམས་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཞབས་དྲུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སེངྒེའི་ཁྲི་རིན་པོ་ཆེའི་པདྨའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་པར་མཐོང་ངོ། །ཇི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས ་ཅད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སེངྒེའི་ཁྲི་རིན་པོ་ཆེའི་པདྨའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ཉིད་ཡོངས་སུ་སྟོན་པ་མཐོང་པ་དེ་བཞིན་དུ་ཕྱོགས ་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་དག་དང། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་དག་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས ་དྲུང་ན་སེངྒེའི་ཁྲི་རིན་པོ་ཆེ་ཆེན་པོའི་པདྨའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩ་བ་འདི་ཉིད་ཡོངས་སུ་སྟོན་པར་མཐོང་ངོ། །དེའི་ལུས་རེ་རེ་ལས་ཀྱང་དུས་གསུམ་པ་བྱུང་བའི་དམིགས་པ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་རྣམ་པར་དམིགས་པར་མངོན ་པར་བསྟན་པར་མཐོང་ངོ། །ཞིང་ཐམས་ཅད་དང། སེམས་ཅན་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་གཟུགས་བརྙན་གྱི་ཚུལ་དུ་རྣམ་པར་དམིགས་པ་མངོན་དུ་བསྟན་པ་མཐོང་ངོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ ་དང། སངས་རྒྱས་ཐམས་ཅད་ཀྱི་དབྱངས་དང། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། རྗེས་སུ་བསྟན་པ་དང། ཀུན་བརྗོད་པའི་ཆོ་འཕྲུལ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་ཡང་དག་པར་བསྡུ་བ་ཐམས་ཅད་པ་དང། སངས་ ་རྒྱས་ཀྱི་རྣམ་པར་རོལ་པ་ཐམས་ཅད་ཀྱང་ཐོས་པར་གྱུར་ཏོ། །ཞེས་གསུངས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་ཨི་ཆེ་བ་ཉིད་རྒྱ་ཆེན་པོ་མདོ་ཙམ་སྨོས་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཛའ་ཨི་བསྐལ་པར་ཡང་བསྟན་པར་མི་ནུས་སོ། །དེ་ལ་དེ་བཞིན་གཤེགས ་པའི་ཆེ་བ་ཉིད་ཀྱི་མཐུ་གང་ཞེ་ན། ས་བཅུའི་མདོ་སྡེ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གྲོལ་བའི་ཟླ་བས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་དྲིས་པ། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་ཡུལ་དང་བྱིན་གྱིས་བརླབས ་ཀྱང་ཚད་མེད་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ལ་འཇུག་པ་ཅི་འདྲ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནས་རྡེའུ་རྒྱ་ཤུག ་གི་ཚིག་གུ་ཙམ་གཉིས་སམ་གསུམ་ཞིག་བླངས་ཏེ། འདི་སྐད་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་དག་ན། སའི་ཁམས་ཇི་སྙེད་ཅིག་ཡོད་དེ། རྡེའུ་འདི་ལས་ཇི་ཙམ་ཞིག་གིས་ལྷག་པར་འཕགས་ཤིང། ལྷག་པར་ཚད་མེད་ཅེས་ཟེར་བ་གཅིག་ཡོད་དོ། ་ཀྱེ་རྒྱལ་བའི་སྲས་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཆད་མེད་པ་མངའ་པ་རྣམས་ཀྱི་ཆོས་ཉིད་ལ། བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱིས་འཇལ་བ་ནི་ཁྱོད་ཀྱི་ཚིག་འདི་ཡང་དེ་དང་འདྲ་བར་བདག ་གིས་དཔགས་སོ། །ཀྱེ་རྒྱལ་བའི་སྲས་འདི་ལྟར་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ནས་བླངས་པའི་སའི་ཁམས་ནི་ཆུང་ལ་ལྷག་མ་ལས་པ་ནི་ཚད་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ས་ཆོས ་ཀྱི་སྤྲིན་འདི་ཁོ་ན་ཡང་བསྐལ་པ་གྲངས་མེད་པར་ཤིན་ཏུ་བསྟན་ཀྱང། ཕྱོགས་ཙམ་ཞིག་བསྟན་དུ་ཟད་ན། དེ་བཞིན་གཤེགས་པའི་ས་ལྟ་སྨོས་ཀྱང་ཅི་དགོས། ཀྱེ་རྒྱལ་བའི་སྲས་ཁྱོད་ལ་བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས ་པ་འདི་དག་གི་མདུན་ན་དབང་དུ་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས་གལ་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་གཅིག་ས་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བུ་རམ ་ཤིང་གི་ཚལ་ལམ། འོད་མའི་ཚལ་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མངོན་པར་བསྒྲུབ་པ་བསྐལ་པ་མུ་མེད་པར་བསྒྲུབས་པ་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་ཡུད་ཙམ་ཐར་ཅིག་ཏུ་བྱུང་བའི་དེ ་བཞིན་གཤེགས་པའི་ཡུལ་གྱི་བརྒྱའི་ཆར་ཡང་མི་ཆོག་པ་ནས། དེ་བཞིན་དུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆའི་བར་དང་རྒྱུར་ཡང་མི་ཆོག་གོ་།ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ ་ལ་འཇུག་པ་བསྟན་པའི་མདོ་ལས་ཀྱང། འཇམ་དཔལ་དེ་བཞིན་གཤེགས་པ་འདི་སེམས་ཅན་ལ་ལ་དག་གིས་ནི་འཁོར་བ་འདི་ཉིད་དུ་རབ་ཏུ་འབྱུང་བ་ལ་ཕྱོགས་པ་དང། ཁྱིམ་ནས་མངོན་པར་འབྱུང་བར་ཤེས་སོ། །ལ་ལ་དག་གིས་ནི་རབ་ཏུ ་བྱུང་བ་དང། ལ་ལ་དག་གིས་ནི་དཀའ་བ་སྤྱད་པ་ལ་གནས་པ་དང། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང། ལ་ལ་དག་གིས་ནི་བདུད་བཅོམ་པ་དང། ལ་ལ་དག་གིས་ནི་མངོན ་པར་རྫོགས་པར་སངས་རྒྱས་པ་དང། ལ་ལ་དག་གིས་ནི་བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་གསོལ་བ་བཏབ་པ་དང། ལ་ལ་དག་གིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤེས་སོ། །ལ་ལ་དག་གིས་ནི་ཉན་ཐོས་ཀྱི་ཐེག་པའི་གཏམ་དང ་ལ་ལ་དག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་དང། ལ་ལ་དག་གིས་ནི་ཐེག་པ་ཆེན་པོའི་གཏམ་ཐོས་སོ། །ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུའི་སྲིད་འདོམ་གང་བར་མཐོང་ངོ། །ལ་ལ་དག་གིས་ནི་རྒྱང་གྲགས་གཅིག་ཙམ་པ་ནས། ལ་ལ་དག ་གིས་ནི་དེ་བཞིན་གཤེགས་པའི་སྐུའི་སྲིད། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བགྲང་བ་ལས་ཤིན་ཏུ་འདས་པའི་བར་དུ་མཐོང་ངོ། །ལ་ལ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ལྟ་བུ་ནས། ལ་ལ་དག་གིས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ ་ཆེའི་ཁ་དོག་ལྟ་བུའི་བར་དུ་མཐོང་ངོ། །ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་དང། ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་པ་དང། ལ་ལ་དག་གིས་ནི་ཞུགས་ལ་བཞེན་པ་དང། ལ་ལ་དག་གིས་ནི་སྐུ་གཅིག་ཏུ་སྲབ་དང། ལ་ལ་དག ་གིས་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་འགོད་པར་ཤེས་སོ། །ལ་ལ་དག་གིས་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་ལོན་པ་དང། ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཅུ་ལོན་པ་དང། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར ་བྱོན་པ་དང། ལ་ལ་དག་གི་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པར་ཤེས་སོ། །ལ་ལ་དག་གིས་ནི་ཡོངས་སུ་མྱ་ངན་ལས་འདས་ནས། བསྐལ་པ་བཅུ་དང། ཉི་ཤུ་དང། སུམ་ཅུ་དང། བཞི་བཅུ་དང། ཕྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལོན་པ་དང། ལ་ལ་དག ་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞིག་ལོན་པར་ཤེས་ཀྱང། འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་པས་མི་རྟོག ་བཞིན་དུ་སེམས་ཅན་གྱི་བསམ་པའི་དབང་གིས་བྱ་བ་འདི་ལྟ་བུ་རྟག་ཏུ་འབྱུང་ངོ། །ཞེས་གསུངས་སོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། མཚོ་ཁྱོན་དུ་དཔག་ཚད་ལྔ ་སྟོང་ཡོད་པ། བྱ་རོག་གིས་བཏུང་དུ་རུང་བ་ཙམ་དུ་མུ་དང་ཁ་ང་ཆད་དུ་འདུག་པ་པདྨའི་ལོ་མས་ཁེབས་པ་ཞིག་ཡོད་པར་གྱུར་ལ། དེ་ལ་མི་ལ་ལ་ཞིག་ལྕགས་ཀྱི་ཤིང་རྟ་འཕང་ལོ་རྩི་བས་སྟོང་ཡོད་པ། ནམ་མཁའ་ལྡིང་གི་ཤུགས་པས་དྲག་པོའི་རྟ་མགྱོགས ་པས་ཤིང་རྟ་དེ་དྲངས་ཏེ། སྲོག་ཤིང་ཆུ་ལ་ཡང་མི་རེག་རྟའི་རྨིག་པས་པདྨའི་འདབ་མ་ཡང་མི་སྣང་པ་དེ་ལྟར་རེ་ཞིག་རྟ་དེས་དྲངས་པ་ན་མཚོ་དེ་ལས་སྤྲུལ་གདུག་པ་ཞིག་བྱུང་སྟེ། སྐད་ཅིག་གང་གིས་ཤིང་རྟ་ཕྱིར་འཁོར་བའི་སྐད་ཅིག་དེ་ལ། དེས་ཤིང ་རྟ་དེ་ལན་བདུན་དུ་བསྐོར་བར་གྱུར། སྐད་ཅིག་གིས་སྤྲུལ་གདུག་པས་ཤིང་རྟ་དེ་ལན་ཅིག་འཁོར་སྐད་ཅིག་དེ་ལ། དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་བཤད་དེ་དོན་ཀྱང་གོ་བར་བྱེད། སྐད་ཅིག་གང་གིས་ཀུན་དགའ་བོས་ཆོས་རྣམ་པ་གཅིག་བཤད ་པའི་སྐད་ཅིག་དེ་ལ། དགེ་སློང་ཤཱ་རདྭ་ཏིའི་བུས་ཆོས་རྣམ་པ་སྟོང་བཤད་དེ། དོན་ཀྱང་གོ་བར་བྱེད། སྐད་ཅིག་གང་གིས་ཤཱ་རདྭ་ཏིའི་བུས་ཆོས་རྣམ་པ་གཅིག་བཤད་པའི་སྐད་ཅིག་དེ་ལ། དགེ་སློང་མཽངྒལ་གྱི་བུས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད ་ཁྲི་ཤིན་ཏུ་འདས། སྐད་ཅིག་གང་གིས་མོངྒལ་གྱི་བུ་འཇིག་རྟེན་གྱི་ཁམས་གཅིག་ཤིན་ཏུ་འདའ་བའ་ཨི་སྐད་ཅིག་དེ་ལ། དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའ་ཨི་ཁམས་ཀྱིས་མཐས་གཏུགས ་པ། རབ་འབྱམ་རྒྱ་མཚོ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེ་དང། གླིང་རེ་རེ་དང། སྐྲའི་ཁྱོན་ཙམ་རེ་རེ་ཡང་དགའ་ལྡན་གྱི་གནས་ནས་འཆི་འཕོ་བ་དང། ལྷུམས་སུ་འཇུག་པ་དང། བཞུགས་པ་དང། བལྟམས་པ་དང། བརྒྱ་བྱིན་དང། ཚངས་པས ་བླངས་པ་དང། གནས་བཀོད་པ་དང། གོམ་བ་བདུན་འདོར་བ་དང། ཕྱོགས་བཅུར་རྣམ་པར་གཟིགས་པ་དང། སེངྒེའི་སྒྲ་ཆེན་པོ་སྒྲོགས་པ་དང། ལས་དང། བཟོ་དང། རྒྱུ་རྩལ་བ་དང། རིག་པའི་གནས་ཐམས་ཅད་སློབ་པ་དང། གཞོན་ནུའི་ས་ཀུན་ཏུ་སྟོན་པ ་དང། བཙུན་མོའི་འཁོར་གྱི་ནང་ན་རྣམ་པར་རོལ་པ་དང། སྐྱེད་མོས་ཚལ་གྱི་སར་འབྱུང་བ་དང། ཐམས་ཅད་མཁྱེན་པ་ཉིད་ལ་ཕྱོགས་པ་དང། མངོན་པར་འབྱུང་བ་དང། རབ་ཏུ་འབྱུང་བ་དང། དཀའ་བ་སྤྱད་པ་སྤྱོད་པ་དང། ཞལ་ཟས་གསོལ་བ་དང། ་བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་དང། བཞུགས་པ་དང། བདུད་བཏུལ་བ་དང། བྱང་ཆུབ་མངོན་པར་སངས་རྒྱས་པ་དང། བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམ་པར་གཟིགས་པ་དང། ཚངས་པ་ཆེན་པོས་གསོལ་པ་བཏབ་པ་དང། ཆོས་ཀྱི་འཁོར་ལོ ་རབ་ཏུ་བསྐོར་བ་དང། ལྷའི་གནས་སུ་གཤེགས་པ་དང། མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོའི་ཚུལ་རབ་ཏུ་བསྐོར་བའི་ཡུལ་རྣམ་པ་ཐ་དད་པ་དང། བསྐལ་པའི་མིང་བརྗོད་པ་དང། ཚེའི་ཚད་དང། འཁོར་གྱི་དཀྱིལ་འཁོར་བཀོད ་པ་དང། སངས་རྒྱས་ཀྱི་ཞིང་རྣམ་པར་བཀོད་པའི་ཚུལ་དང། བྱང་ཆུབ་ཀྱི་སེམས་དང། སྤྱོད་པ་དང། སྨོན་ལམ་དང། ཕ་རོལ་ཏུ་ཕྱིན་པ་དང། ས་དང་མངོན་པར་ཤེས་པ་དང། བཟོད་པ་དང། གཟུངས་དང། ཏིང་ངེ་འཛིན་དང། རྣམ་པར་ཐར་བ་དང། ་དེ་ལ་མཆོད་པ་དང། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་ཚད་མེད་པ་དང། ཆོས་ཀྱི་སྤྲིན་ཚད་མེད་པ་ལ་འཇུག་པ་རྣམ་པ་ཐ་དད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། ཐབས་རྣམ་པར་བཞག་པ་རྣམ་པ་ཐ་དད་པ་དང། ་ཆོ་འཕྲུལ་ཆེན་པོ་དང། རྣམ་པར་རོལ་པ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་དང། སྐུ་གཅིག་ཏུ་སྲ་བའི་རིང་སྲེལ་རྣམ་པར་འབྱེད་པ་དང། བསྟན་པ་གནས་པ་དང། ཀུན་ཏུ་དབྱེ་བ་དང། འབྱི་བ་དང། དམ་པའི་ཆོས་ནུབ་པ་ཡང་ཀུན་ཏུ་སྟོན་ལ། མུ ་སྟེགས་ཅན་གྱི་གནས་ལ་སྤྱོད་པ་ཐམས་ཅད་དང། སྐྱེས་པའི་རབས་ཐམས་ཅད་དུ་ཡང་ལྷུན་གྱིས་གྲུབ་པ་རྣམ་པར་མི་རྟོག་བཞིན་དུ་ཅིག་ཆར་ཀུན་སྣང་ངོ། །ཕྱི་མའི་མཛའ་བསྐལ་པའི་མུར་ཐུག་པའི་བྱིན་གྱིས་བརླབས ་རྒྱུན་མི་གཅོད་པར་སྟོན་པས། སྐད་ཅིག་གིས་ཡུལ་དེ་ཉིད་ལ་ཕྱོགས་བཅུ་ནས་སྐྲའི་ཁྱོན་ཙམ་རེ་རེ་དང། སྤུའི་ཁུང་བུའི་ཕྱོགས་རེ་རེའི་པར་ལ་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཨི་འཁོར་གྱི་དཀྱིལ་འཁོར་རྒྱ ་མཚོ་དང་བཅས་པ་ཐམས་ཅད་དང། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང། སེམས་ཅན་གྱི་རིགས་ཀྱི་གནས་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང། སེམས་ཅན་གྱི་རིགས་ཀྱི་སྐྱེ་མཆེད་དྲུག་ཏུ་བཏགས་པ་རྒྱ་ཆེན་པོ ་ཐམས་ཅད་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡང་དག་པར་འགྲུབ་པ་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་དང། དེ་བཞིན་གཤེགས་པའི་ཡུལ་བཀོད་པ་རྒྱ་ཆེན་པོ་ཐམས་ཅད་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ་ཅིག་ཅར་སྟོན་ཏོ། །ཕྱི ་མའི་མཛའ་ཨི་མུར་ཐུག་པའི་བྱིན་གྱིས་བརླབས་རྒྱུན་མི་གཅོད་པར་ཀུན་ཏུ་སྟོན་པས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཅུ་ཀུན་ནས་སྒྲའི་ཁྱོན་ཙམ་གྱི་བར་ལ། སེམས་ཅན་གྱི་ཁམས་མ་ལུས་པ་ལུས་པ་མེད་པའི་སེམས་ཅན་རེ་རེ་ལ་ཡང་སེམས་ཅན ་ཐམས་ཅད་སྙེད་ཀྱི་ལུས་དང། དབྱིབས་དང། ཁ་དོག་དང། དབྱངས་དང། སྨྲ་བ་དང། ཆོས་དང། བསྟན་པ་ཐ་དད་པ་ལ་སོགས་པའི་བྱེ་བྲག་གཞན་དང། གཞན་དག་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ་ཅིག་ཅར་སྟོན་ཏེ། སེམས ་ཅན་གཞན་རང་གཞན་དག་གིས་བསམ་པའི་དབང་གིས། ཕྱི་མའི་མཛའ་ཨི་བསྐལ་པའི་མུར་ཐུག་པའི་བྱིན་གྱིས་བརླབས་རྒྱུན་མི་གཅོད་པར་ཀུན་ཏུ་སྟོན་ཏོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ཟླ་བ་ཡར་གྱི་ངོའི་ཚེས་བཅོ་ལྔའི་ནམ་ཕྱེད་ཀྱི་དུས ་ན། ཟླ་བའི་དཀྱིལ་འཁོར་འཛམྦུའི་གླིང་གི་སྐྱེས་པ་དང། བུད་མེད་དང། ཁྱེའུ་དང། བུ་མོ་རྣམས་ཀྱི་མདུན་ན་གནས་པར་མཐོང་ཡང་ཟླ་བའི་དཀྱིལ་འཁོར་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་དེ་ལྷུན་གྱིས་གྲུབ་པས། རྣམ་པར་མི་རྟོག་བཞིན་དུ་མ་འདྲེས་པའི ་ཆོས་དང་ལྡན་པས་བྱ་བ་འདི་ལྟ་བུ་འབྱུང་ངོ། །དེ་བཞིན་དུ་བསམ་པ་ཇི་ལྟ་བ་དང། འདུལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་མདུན་ན་བཞུགས་པ་མཐོང་ཡང། དེ་བཞིན་གཤེགས་པ་རྣམས་མི་རྟོག་རྣམ་པར་མི་རྟོག ་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་བཞིན་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པས་མཛད་པ་འདི་ལྟ་བུ་འབྱུང་ངོ། །ཞེས་རྣམ་པ་མང་དུ་གསུངས་སོ། །མདོ་སྡེ་ཟབ་མོ་རྒྱ་ཆེན་པོ་གང་དག་ལས། སངས་རྒྱས་དང། བྱང་ཆུབ་སེམས ་དཔའ་ཨི་ཆེ་བ་ཉིད་བསྟན་པ་དེ་དག་ལ་མོས་པ་དང། ཡི་གེར་བྲིས་པ་དང། ཀློག་པ་དང། མཆོད་པ་དང། བསྟི་སྟང་བྱེད་པ་ཡང། བསོད་ནམས་རྒྱས་པར་འཕེལ་བར་འགྱུར་ཏེ། མདོ་འདི་ཉིད་ལས། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི ་རབ་ནི་འདི་ལྟ་སྟེ། འཕང་དང། རྔམས་དང། ཆེ་བ་ཉིད་ཀྱིས་རི་ཐམས་ཅད་ཟིལ་གྱིས་མནན་ནས། ལྷག་གེ་།ཐལ་ལེ། ལམ་མེའོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པས་ཀྱང། འདི་ལྟ་སྟེ་མཐོང་བ་དང ་སྤངས་པ་དང། ཆེ་བ་ཉིད་ཀྱིས་མདོ་སྡེ་འདི་ལ་མོས་པ། ཕ་རོལ་ཏུ་ཕྱིན་པ་ལ་ལས་བྱུང་བའི་དགེ་བའི་རྩ་བ་བསྐལ་པ་གྲངས་མེད་པར་བསགས་པའི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་སྙེད་ཟིལ་གྱི་མནན་ནས། བྷམ? ་མེ་ལྟན་ནེ། ལྷང་ངེའོ། །འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་བཀོད་པ་བས། འཇམ་དཔལ་རིགས་ཀྱི་འུ་འམ། རིག ་ཀྱི་བུ་མོ་གང་གཞན་ཞིག་ཕུང་པོ་མེད་པའི་གནས་ལ་མོས་པར་གྱུར་ན། འདི་ནི་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་དོ། །འཇམ་དཔལ་གལ་ཏེ་སེམས་ཅན་ཐམས་ཅད་ཕུང་པོ་མེད་པའི་གནས་ལ་མོས་པར་གྱུར ་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས། ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་ཡི་གེར་འབྲི་བ་འམ་ཐ་ན་གླེགས་བམ་ལ་བྲིས་ཏེ། མོས་པས་འཆད་དམ། མར་མེ་དང། བདུག་པ་དང། མེ་ཏོག་དང། སྤོས ་དང། ཕྲེང་བ་དང། བྱུག་པས་མཆོད་ན་འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་བསྐྱེད་དོ། །ཞེས་གསུངས་སོ། །མདོ་སྡེ་སྣ་ཚོགས་ལས་བཏུས་པ། ཐེག་པ་ཆེན་པོ་རིན་པོ་ཆེའི་གཏམ། ཨཱ་ཙརྱ་ཨཱརྱ་ནཱ་གཱ་རྫུ་ནས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཤཱི་ལེནྡྲ་བོ་དྷི་དང། ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།མདོ་ཀུན་ལ་བཏུས་པའི་འགྲེལ་པ་རིན་པོ་ཆེའི་སྣང་བའི་རྒྱན་བཞུགས་སོ།།) ་