CLOSE WINDOW

N4107: sangs rgyas rjes su dran pa bla na med pa bsgom pa zhes bya ba
Wyliee-texts based on the ACIP/ALL Input

ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། བུདྡྷཱ་ནུ་སྨྲི་ཏྱུཏྟ་ར་བྷཱ་བ་ན་ནཱ་མ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་སྒོམ་བ་ཞེས་བྱ་བ། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྤྲོས་པའི་རྒྱུན་བཅད་ཞི་བའི་གནས་རྙེད་བདེ་འབྱུང་གནས། །སྐུ་གཉིས་སྐྱེད་པའི་ཡོན་ཏན་མཛའ་ཡས་གཞིར་གྱུར་པ། །ཆོས་ཀུན་རོ་གཅིག་བརྙེད་པས་སྟུག་པའི་གནས་ཐིམ་པ། །རྒྱལ ་བའི་རྒྱལ་བ་དམིགས་མི་མངའ་ལ་ཕྱག་འཚལ་ལོ། །མུན་པ་གཉིས་ནི་གཞོམ་འདོད་ཅིང། །ཡང་དག་སྣང་བ་འབྱུང་འདོད་པའི། །དོན་གྲུབ་བྱ་ཕྱིར་བདག་གིས་ནི། །སངས་རྒྱས་རྗེས་སུ་བླ་མེད་བཤད། །དེ་ལ་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ནི་འདི་ལྟར ་བལྟ་བར་བྱ་སྟེ། རྣལ་འབྱོར་པས་ཐོ་རངས་མལ་ནས་ལངས་ཏེ། གཙང་མར་གྱུར་པ་འམ། མི་གཙང་བ་ཡང་རུང་བས་སྔགས་འདི་ལན་གསུམ་བརྗོད་དོ། །ོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོཉཧཾ། དེ་ནས་འདི་ལྟར་བལྟ་ཏེ། ལུས་འདི་ལྟ་སྟེ། སྐྲ་དང། སྨིན ་མ་དང། རྫི་མ་དང། ཁ་སྤུ་དང། མཆན་ཁུང་གི་སྤུ་དང། མདོམས་ཀྱི་སྤུ་དང། ལུས་གཞན་གྱི་བ་སྤུ་སྟེ། སྤུའི་ཚོགས་དང། མིག་གཉིས་དང། རྣ་བ་གཉིས་དང། སྣ་དང། སོའི་ཕྲེང་བ་དང། སེན་མོ་དང། ལྤགས་པ་དང། ཤ་དང་ཚིལ་དང། ཁྲག་དང། ་རྩའི་དྲ་བ་དང། ཆུ་བ་དང། རྒྱུས་པ་དང། ཀླང་རྒྱ་དང། ཀླད་པ་དང། ལྕེ་དང། མིད་པ་དང། ཨོལ་ཀོང་དང། ཨོལ་མདུད་པ་དང། གློ་བ་དང། སྙིང་དང། མཆིན་པ་དང། མཁལ་མ་དག་དང། མཆེར་པ་དང། ལྒང་པ་དང། མཚན་དང། རྒྱུ་མ་དང ་གཉེ་མ་དང། གཞང་དང། ཕོ་བ་དང། སུལ་མང་དང། ལོང་ཁ་དང། གྲོད་པ་དང། བཤད་པ་དང། གཅི་བ་དང། སྣབས་དང། ངར་སྣབས་དང། ལུད་པ་དང། མཆིལ་མ་དང། མཆི་མ་དང། སྣ་ཆུ་དང། རྣ་སྦབས་དང། ་མིག་དྲི་དང། རྡུལ་དང། བད་ཀན་དང། རྣག་དང། མཁྲིས་པ་དང། རླུང་དང། །བུ་ཆུ་དང། ཁ་ཆུ་དང། རླངས་པ་དང། སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང། རུས་པའི་ཕྲེང ་བ་དང། མགོ་པོའི་རུས་པ་དང། མགྲིན་པའི་རུས་པ་དང། ལག་པའི་རུས་པ་དང། བྲང་གི་རུས་པ་དང། ཚིག་པའི་རུས་པ་དང། རྩིབས་མའི་རུས་པ་དང། ཚང་རའི་རུས་པ་དང། དཔྱིའི་རུས་པ་དང། བརླའི་རུས་པ་དང། བྱིན་པའི་རུས་པ་དང། ་རྐང་མཐིལ་གྱི་རུས་པ་དང། དེ་དག་ཉིད་ཀྱང་ཐོད་ཆེལ་ཅིག་པ་དང། གཉིས་པ་དང། གསུམ་པ་དང། བཞི་པ་དང། འགྲམ་པ་གཡས་པ་དང། གཡོན་པ་དང། ཚིག་པ་རེ་རེ་དང། རྩིབ་མ་རེ་རེ་དང། སོགས་པ་གཉིས་ལ་སོགས་པ་ཐ་དད་པ ་འདི་དག་དང། དེ་དག་ཀྱང་རྡུལ་ཕྲ་རབ་ལ་ཐུག་པར་འགྱུར་ཞིང། དེ་དག་ཀྱང་ཕྱོགས་ཐ་དད་པར་ཕྱེ་ན་མ་གྲུབ་སྟེ། འདི་ལྟར་ལུས་འདི་ནི་མ་གྲུབ་ཅིང། དེ་བཞིན་དུ་མཛའ་ཡས་པའི་ལུས་ཐམས་ཅད་དང། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་དེ ་དང་འདྲ་བར་མ་གྲུབ་བོ་ཞེས་ངེས་པར་བྱའོ། །དེ་ལྟར་ལུས་མ་གྲུབ་པ་དང། ཁོག་སྒྲུབ་པ་དང། ལྕེ་དང། སོ་དང། མཆུ་ལ་སོགས་པ་ལ་བརྟེན་ནས་བྱུང་པའི་དག་ཀྱང་མ་གྲུབ་བོ་ཞེས་ངེས་པར་བྱའོ། །དེ་ལྟར་ལུས་དང། ངག་མ་གྲུབ་པས་སེམས ་ཀྱང་མ་གྲུབ་པར་དཔྱད་དེ། འདི་ལྟར་ལེགས་པར་དཔྱད་ན། སེམས་ནི་ཁ་དོག་ཏུ་མི་དམིགས། དབྱིབས་སུ་ཡང་མ་ཡིན། ཕྱི་ན་ཡང་མ་ཡིན། ནང་ན་ཡང་མ་ཡིན། བར་ན་ཡང་མ་ཡིན། ཉེ་བ་ན་ཡང་མ་ཡིན། རིང་བ་ན་ཡང་མ་ཡིན། སྐད་ཅིག ་སྔ་མ་ནི་འགགས་ཟིན། སྐད་ཅིག་ཕྱི་མ་ནི་མ་འོངས་ཤིང་མ་གྲུབ་བོ། །སྐད་ཅིག་ད་ལྟར་བ་ནི་མི་གནས་ཤིང་མི་ཟིན་པའོ། །དེའི་ཕྱིར་ལུས་དང་ངག་དང་སེམས་འདི་དག་ནི་སྟོང་པ་ཞི་བ་ཡུལ་མེད་པ། འཇུག་པ་ཆད་པ། ཡུལ་ན་མི་གནས་པ། ཕྱོགས་ན ་མི་གནས་པའོ་ཞེས་བསམ་མོ། །དེ་ནས་ཡང་སྔ་མ་བཞིན་དུ་ལུས་ལ་སོགས་པ་ལ་ལྟ་སྟེ་ཡང་དང་ཡང་དུའོ། །དེ་ནས་ཡིད་སྐྱོ་བ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་ཤིན་ཏུ་མོས་པས་ཡིད་ལ་བྱེད་པ་གཞན་འབྱུང་བ་སྐྱེད་པར་མི་བྱེད་པར ་གསང་སྔགས་འདི་ཅི་དགར་བཟླས་སོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨཀོཉཧཾ། དེ་ནས་ལྡང་པར་འདོད་པ་དང་འདི་སྙམ་དུ། ཨེ་མ་ཧོ་ཀྱི་ཧུད་ཆོས་འདི་དག་ཐམས་ཅད་ནི་རབ་ཏུ་ཞི་བ། སྤྲོས་པ་དང་བྲལ་བ་ཉེ་བར་འཚེ་བ་མེད་པས་བདེ་བ་དམ་པ། རང ་བཞིན་གྱི་འོད་གསལ་བ་ནམ་མཁའ་དང་མཉམ་པ་ཉིད་ཡིན་ན། བྱིས་པའི་རང་བཞིན་ཅན། །ཤེས་རབ་འཚལ་པ་འདི་དག་གི་དེ་ལྟར་མ་ཤེས་པས་བདག་གིས་སྒྱུ་མ་དང་འདྲ་བས་དེ་དག་གི་དོན་བགྱིའོ་ཞེས་བསམས་ཏེ། བཅོས་མ་མ་ཡིན་པའི ་སྙིང་རྗེ་སེམས་མཉེན་པར་བྱས་ལ་སྐད་ཅིག་གིས་རང་གིས་སྡུག་པའི་ལྷའི་སྐུར་བལྟས་པ་ལས་ལངས་ཏེ། ཇི་ལྟ་ཇི་ལྟར་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བ་དེ་ལྟ་དེ་ལྟར་དབྱད་པར་བྱའོ། །སྔར་བཤད་པའི་ཚུལ་གྱི་སྔ་དྲོ་དང། གུང་དང། ་དགོངས་ལ་སོགས་པར་ཡང་དང་ཡང་དུ་སངས་རྒྱས་རྗེས་སུ་དྲན་པར་བྱ་སྟེ། འདི་ལ་ནི་ཁ་ཟས་ཀྱི་ངེས་པ་དང། དུས་ཀྱི་ངེས་པ་དང། སྤྱོད་ལམ་གྱི་ངེས་པ་དང། གཟའ་དང་སྐར་མའི་ངེས་པ་ཡང་མེད་དོ། །འོན་ཀྱང་རྣལ་འབྱོར་འདི་ལ་གཞོལ་པས་ཇི ་ལྟར་སངས་རྒྱས་རྗེས་སུ་དྲན་པ་མི་ཉམས་པ་དེ་ལ་གནས་ཀྱི། གྲོགས་འདོད་པར་མི་བྱ། བསྟོད་པ་དང། གྲགས་པ་དང། བདེ་པ་དང་རྙེད་པ་དག་གིས་ཡིད་དགའ་བར་མི་བྱ་སྟེ། གལ་ཏེ་དགའ་བ་བྱུང་ན་ཡང་འབད་པས་གཞོམ་པར་བྱའོ། །དེ་བཞིན ་དུ་སྨད་པ་དང། མ་གྲགས་པ་དང། སྡུག་བསྔལ་བ་དང། མ་རྙེད་པ་དག་གི་གདུང་བར་མི་བྱ་སྟེ། གལ་ཏེ་གདུང་བ་བྱུང་ན་ཡང་ནན་ཏན་གྱིས་གཞོམ་པར་བྱའོ། །གང་ཞིག་འདི་ལྟར་སྤྱོད་པ་དེ་ནི། བླ་མ་སངས་རྒྱས་རྗེས་སུ་དྲན་པ ་ཞེས་བྱ་སྟེ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་པ། དེ་ལྟར་སྐྱེ་འཇིགས་སྤངས་པ་ཡི། །ཐུབ་པ་ཞི་བ་སུས་མཐོང་བ། །དེ་དག་འདི་དང་སླད་མར་ཡང། །ཆགས་མེད་ཉེར་ལེན་མེད་པར་འགྱུར་ཞེས་སོ། །ཡང་གསུངས་པ། ་ཇི་ལྟར་མཐོང་བཞིན་སུ་ལྟ་བ། །དེ་དག་དྲན་པ་མི་མཐོང་ངོ། །རྣམ་པར་རྟོག་པ་མི་འཇུག་ཅིང། །གང་ཚེ་སངས་རྒྱས་མི་མཐོང་ལ། །འཇུག་མེད་སངས་རྒྱས་ཡིན་པར་ནི། །གལ་ཏེ་མཐོང་ན་དེ་སངས་རྒྱས། །ཞེས་སོ། །ཡང་གསུངས་པ། གང་གི་གང ་གི་ཇི་སྙམ་དུ། །འཇིགས་མེད་ཚུལ་གྱི་མཐར་ཐུག་པར། །འདྲེན་པ་རབ་ཏུ་མཐོང་བ་ནི། །དེ་དག་འདྲེན་པ་མཐོང་བ་ཡིན་ཞེས་སོ། །དེ་བཞིན་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས་ཀྱང། གང་གི་ང་ལ་སྒྲར་ཤེས་ཤིང། །གང་གིས་ང་ལ་གཟུགས ་སུ་མཐོང། །ལོག་པར་སྤྲོ་བ་ཞུགས་པ་དེ། །སྐྱེ་བོ་དེ་ནི་ང་མི་མཐོང། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པར། །དེ་ནི་རྣམ་པར་ཤེས་མི་ནུས་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་སངས་རྒྱས་ཐམས་ཅད ་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བའི་མདོ་ལས་ཀྱང་གསུངས་པ། རྟག་ཏུ་སྐྱེ་མེད་ཆོས་དེ་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད ་པའི་ཆོས་ལ་སྤྱོད་ཞེས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཡིན་གྱི། དགེ་སློང་དག་འཇིགས་ཚོགས་ལ་སྐུར་མ་འཛིན་པར། དགེ་སློང་དག་ ་ང་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ལྟོས་ཤིག། ཅེས་གསུངས་པ། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པའི་མཛའ་རྟོག་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟའོ། ཞེས་སོ། །ཡང་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས་པ་ནི་གཟུགས་ཀྱི ་སྐུར་མི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ?་།རིགས་ཀྱི་བུ་ཆོས་ཉིད་ནི་འོང་བ་འམ་འགྲོ་བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་བྱོན་པ་འམ་བཞུང་པ་མེད་དོ་ཞེས་སོ། །གང་ཡང་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང ་གསུངས་པ། གང་ཟག་མེད་ཅིང་ཕུང་པོ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམས་སྒོམ་སྟེ། །དེ་ལ་བདག་ནི་སྐྱབས་སུ་མཆིས་ཞེས་སོ། །དེ་ལྟར་ལུས་རང་བཞིན་མེད་པ་དང། ངག་རང་བཞིན་མེད་པ་དང། ཡིད་རང་བཞིན་མེད་པར་བསྒོམ་པ་ནི་ཆོས ་ཀྱི་སྐུ་རྗེས་སུ་དྲན་པའོ། །གཞན་ཡང་ཕན་པར་དགའ་བར་འདོད་པའི་ལྷའི་སྐུའི་ང་རྒྱལ་འཆང་བ་ནི་གཟུགས་ཀྱི་སྐུ་རྗེས་སུ་དྲན་པའོ། །འདི་ལྟ་བུའི་རྗེས་སུ་དྲན་པ་བསྒོམས་པས་ལུས་ཀྱི་སྤྱོད་པ་ནི་ཚུལ་མི་ཆོས་པར་བྱའོ། །གཅིག་ཏུ་རྒྱུ་བར་བྱའོ། །གནོད་པ་སྐྱོབ་པ་ཙམ་ལས ་ལུས་རྒྱས་པར་མི་བྱའོ། །སློང་མོས་འཚོ་བར་བྱའོ། །མི་རིགས་པའི་བསྙེན་བཀུར་མི་བྱའོ། །ངག་གི་སྤྱོད་པ་ནི་དོན་མེད་པར་མི་སྨྲའོ། །འབྲེལ་པ་དང་བཅས་བཞིན་དུ་འོང་བར་སྨྲའོ། །གཞན་ལ་གདུང་བ་སྐྱེད་པ་མི་སྨྲའོ། །རྟོག་པ་སྔོན་ལ་སོང་བས་སྨྲའོ། །གསལ ་ཞིང་དཔེས་ཁྲིད་དེ་སྨྲའོ། །ཕ་རོལ་གྱི་ལན་ཐེབས་པར་སྨྲའོ། །ཡིད་ཀྱི་སྤྱོད་པ་ནི་བསྟན་པ་དང། དུལ་བ་དང་མ་ཁེངས་པ་དང། མ་ཞུམ་པར་བྱའོ། །ཕྱོགས་ལས་རྒྱལ་བ་དང། ཕ་རོལ་གྱི་ངོ་བོར་མི་བལྟ་བ་དང། མ་ཡེངས་པར་བྱའོ། །དྲན་པ་དང། ཤེས་བཞིན ་དང་ལྷན་ཅིག་པར་བྱའོ། །མིའི་མཆོག་གང་ཞིག་འདི་ལྟ་སྟེ། རྗེས་སུ་དྲན་པ་དང། སྤྱོད་པ་ལ་གཞོལ་བ་དེ་དག་ནི་རིང་པོར་མི་ཐོགས་པར་འབྱོར་པ་དམ་པར་ཐོབ་པར་འགྱུར་རོ། །ཆུ་ནང་པདྨ་ཉི་མའི་ཟེར་ཕྱེ་རབ་རྒྱས་དགའ་སྐྱེད་དེ་ལྟར། །བླ་མེད་རྗེས་དྲན་པདྨ་གཞུང་གི་ཟེར ་ཕྱི་དགའ་སྐྱེད་ལ། །པདྨའི་ཕྲེང་ལྟར་ལེགས་སྦྱར་འདི་ནི་སྐྱེ་བོ་མ་ལུས་པ། །བླ་མེད་སངས་རྒྱས་རྗེས་དྲན་ནམ་ཡང་མི་འབྲལ་དེར་འབད་ཤོག་།སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་མདོའི་རྗེས་སུ་འགྲོ་བ་ཞེས་བྱ་བ། དཀྱིལ་འཁོར་ཆེན་པོའི་སློབ ་དཔོན་མཧཱ་མ་ཏིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཱཙརྱ་བི་ན་ཡ་ཙནྡྲ་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ས་མཱ་དྷི་སཾ ་