| Wylie | e-texts based on the ACIP/ALL Input |
ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོམ་པའི་རིམ་པའི་མན་ངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་སྒོམ་སྟོབས་ཀྱིས་ཡོངས་རྫོགས། །ཚོགས་གཉིས་ཀྱི་ནི་རྒྱུར་གྱུར་པ། །སངས་རྒྱས་ཉིད་ལ་ཡང་དག ་བརྟེན་སྒོམ་བའི་སྐལ་དང་མི་ལྡན་པ། །དེའི་ཕྱིར་འགྲོ་བའི་མགོན་པོ་ཡིས། །ཤེས་རབ་ཞི་གནས་སྒོམ་པ་གསུངས། །དེ་ནི་རྩེ་མོ་རྫོགས་བྱང་ཆུབ། །འགྲོ་བའི་བརྒྱུད་ལ་སྐྱེད་བྱེད་ཡིན། །གང་ཡང་སྒོམ་པའི་སྟོབས་ལས་ངེས་པར་འབྱུང་བའི ་བསོད་ནམས་དང་ཡེ་ཤེས་གཉིས་ཀྱི་རྒྱུ། ཀུན་ཏུ་བཟང་པོ་ཉིད་ལ་རྒྱུན་མི་ཆད་པར་མངོན་པར་བརྩོན་བའི་རྣལ་འབྱོར་པས་དུས་ཡུན་རིང་པོ་མི་ཐོགས་པར་རྫོགས་པ་མངོན་སུམ་དུ་བྱེད་ལ། དེ་བྱེད་པའི་སྐལ་པ་མེད་བ་དེ་རྣམས་ཀྱི་ཕྱིར། ཐུགས ་རྗེ་ཆེན་པོ་དང་ལྡན་པའི་མགོན་པོས་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པ་མཛད་པ་ཡིན་ཏེ། དེ་ལྟར་ན་དེ་བསྒོམས་པས་བཅོམ་ལྡན་འདས་ཡུམ་ཤེས་རབ་མངོན་སུམ་དུ་བྱས་ནས། དེའི ་རང་བཞིན་གྱི་སྦྱིན་པ་ལ་སོགས་པའི་བྱ་བའི་དངོས་པོའི་ཐབས་ལ་བསླབ་པ་ལས་སངས་རྒྱས་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །ཞེས་དགོངས་པ་ཡིན་ནོ། །དེ་ཡང་སྙིང་རྗེ་ཆེན་པོ་སྐྱེས་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ལ། དེ་ཉིད་གོང ་ནས་གོང་དུ་རྣམ་པར་རྟོག་པ་སྤངས་པའི་ཚུལ་གྱིས་རྣམ་པར་རྟོག་པ་སྤོང་བས་ཡོངས་སུ་དག་པ་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་དེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་གཞན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་ཀྱིས་འདི་དག་ཐམས་ཅད ་ཉིད་སྡུག་བསྔལ་རྣམས་ལས་སྟོན་པ་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བ་བྱའོ། །ཞེས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཀྱང་ཅི་འདི་རྣམས་ཀྱང་དམ་བཅས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དང་སྦྱིན་པ་ལ་སོགས་པའི་བྱ་བའི་དངོས ་པོའི་ཐབས་ལ་བསླབ་པ་མེད་པར་དེ་གོང་ནས་གོང་དུ་ཡོངས་སུ་དག་པ་མེད་པར་རྫོགས་པར་མི་འགྱུར་རོ་སྙམ་དུ་དགོངས་ནས། གཉིས་སུ་མེད་པའི་ཡེ་ཤེས་རྫོགས་པར་བྱ་བའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་ཡང ་བསྒོམ་པར་མཛད་དོ་ཞེས་བྱ་བ་ནི་མདོར་བསྡུས་ཏེ་དེ་ནི་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་དུ་ཞིག་ཅེ་ན། སྨྲས་བ། བྱང་ཆུབ་སེམས་གང་གཞན་དོན་དུ། །ཡང་དག་བྱང་ཆུབ་འདོད་པ་ཡིན། །དེ་ནི་དབྱེ་བ་གཉིས་ཀྱི་གཉིས ་དེ་ཉིད་ཉི་ཤུ་གཉིས་སུ་འགྱུར། །བྱང་ཆུབ་སེམས་ནི་སྨོན་པའི་སེམས་དང་འཇུག་པའི་སེམས་སོ། །དེ་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ནི་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་རྙེད ་པར་དཀའ་བའོ། །དེ་བས་ན་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའ་ཨོ་ཞེས་གསུངས་པ་ཡིན་ནོ། །གཉིས་པོ་དེ་དག་ཀྱང་རྣམ་པ་ཉི་ཤུ་རྩ་གཉིས་སུ་དབྱེ་བ་བྱ་སྟེ། དེ་ཡང་འཕགས ་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེད། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་པོ་སྤྲིན་རྣམས ་ཀྱིས། རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་བཤད་པ་ཡིན་ནོ། །དེ་ལ་ཡང་འདི་ལྟར་ལྟ་བར་བྱ་སྟེ། འདུན་པའི་གནས་སྐབས་སོགས་དབྱེ་བས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་ནི་བྱ་བའི་སེམས། །རྣམ་པ་བཅུ་དགུ་དག་ཏུ ་འདོད། དེ་ལ་སྨོན་པའི་སེམས་རྣམ་པ་གསུམ་དུ་དབྱེ་སྟེ། འདུན་པ་དང་ལྷན་ཅིག་འདྲོས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུ་ཡིན་ནོ། །བསམ་པ་དང་ལྷན་ཅིག་ཏུ་འདྲེས་པ་ནི་ཕ་རོལ་ཏུ་ཕྱིན་པ ་དྲུག་གི་མཚན་ཉིད་དེ། ཕྱིས་འབྱུང་བ་དང་ད་ལྟར་གྱི་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུ་ཡིན་ནོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་འདོད་པའི་མཚན་ཉིད་ཅན་དེ། དཀར་པོའི ་ཕྱོགས་ཐམས་ཅད་འཕེལ་བར་འདོད་པའི་ཚུལ་གྱིས་ཟླ་བ་ཚེས་པ་ལྟ་བུ་ཡིན་ནོ། །འཇུག་པའི་སེམས་ཀྱིས་དབྱེ་བ་རྣམ་པ་བཅུ་དགུ་སྟེ། སྦྱོང་བ་དང་འདྲེས་པ་ཅིག་དང། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང། མངོན་པར་ཤེས་པ་དང ་ལྡན་པ་དང། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང་ཞི་གནས་དང། ལྷག་མཐོང་དང་ལྡན་པ་དང། གཟུངས་དང་སྤོབས་པ་དང་ལྡན་པ་དང། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པ་དང། བགྲོད་པ་ཅིག་པའི ་ལམ་དང་ལྡན་པ་དང། ཆོས་ཀྱི་སྐུ་དང་ལྡན་པའོ། །འདི་ཡིས་དེ་དག་མ་ལུས་ཁྱབ། །དེ་བས་གནས་སྐབས་རྣམ་བཞི་སྟེ། །འབྲས་བུ་རྒྱུ་དང་སྦྱོར་སོགས་དང། །ལམ་གྱི་གནས་སྐབས་དབྱེ་བས་སོ། །དེ་ལ་གསུམ་ནི་ལས ་དང་པོ་བའི་གནས་སྐབས་སོ། །བཞི་བ་ནི་ངེས་པར་འབྱེད་པའི་ཆའི་གནས་སྐབས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་སེམས་ནི་རྒྱུའི་གནས་སྐབས་སོ། །མངོན་པར་ཤེས་པ་ལ་སོགས་པའི་གནས་སྐབས་དང་ལྷན་ཅིག་གནས་པ་བརྒྱད་ཀྱི ་ནི་འབྲས་བུའི་གནས་སྐབས་ཁྱབ་བ་ཡིན་ནོ། །དེ་ལ་དང་པོ་མགོན་པོ་ཡི། །གསོལ་བའི་རྣམ་པ་ཡང་དག་བཤད། །གཉིས་པ་སྦྱིན་སོགས་ལ་འཇུག་པ། །འཇུག་པའི་རྣམ་པ་རབ་ཏུ་བསྒྲགས། །གསོལ་བའི་སེམས་ཀྱི་རྣམ་པ་ནི་གསུམ་སྟེ། །དེ ་ཡང་སྔར་བཤད་བ་ཡིན་ནོ། །འཇུག་བའི་རྣམ་བ་ནི་གང་ནས་བརྩམས་ཏེ། སྡོམ་བ་འཛིན་བ་སྔོན་དུ་འགྲོ་བས་སྦྱིན་པ་ལ་སོགས་པའི་ཚོགས་ལ་འཇུག་པ་ནི་འཇུག་བའི་སེམས་སོ། །སྡོམ་བ་ཡང་བླ་མ་སྡོམ་པ་ལ་གནས་ཤིང་མ་ལས་པ ་ནུས་པ་དང་ལྡན་པ་ལས་བླང་བར་བྱའོ། །དེ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བཞུགས་པར་ཡིད་ལ་བྱས་ལ་བླང་བར་བྱའོ། །དེ་ཡང་སྦྱིན་སོགས་ཤེས་རབ་དང་བྲལ་བ། །ཐབས་མ་ཡིན་ཞིང་ས་མ་ཡིན། །དེ ་བས་ཤེས་རབ་བསྐྱེད་བྱ་ཞིང། །ཞི་གནས་ཀྱང་ནི་བསྐྱེད་བར་བྱ། །ཤེས་རབ་མེད་བ་ནི་སྦྱིན་བ་ལ་སོགས་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་ཅིང་ཐབས་ཀྱང་མ་ཡིན་ནོ། །དེ་བས་ན་ཤེས་རབ་བསྐྱེད་བའི་ཕྱིར་དང། ཞི་གནས་སྐྱེད་པར་བྱ་བའི ་ཕྱིར་འབད་པར་བྱའོ། །དེ་ལ་གང་ཞིག་ཁྲིམས་ལྡན་སྡུག་བསྔལ་བཟོད་ནུས་དང། །གང་ལ་བརྩོན་དང་བག་ཡོད་བརྟན་བ་འཆད། །གང་ཚེ་ཡང་དག་དང་ཡང་ལྡན་འགྱུར་ཏེ། །ང་ཡི་ཏིང་འཛིན་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར། །ཞི་གནས་ཀྱི ་ཚོགས་ཚུལ་ཁྲིམས་ལ་སྲེགས་བ་གསུམ་ལ་གནས་པས། ཡིད་དང་རྗེས་སུ་མཐུན་པའི་ཕྱོགས་སུ་སྟན་པ་བདེ་བ་ལ་འདུག་སྟེ། ལུས་དྲང་པོར་བཞག་སྟེ། སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ཏེ། སེམས་ཅན་མ་ལུས་པ་གདོན་བར་འདོད་པའི་བསམ་པས་སེམས ་རྩེ་གཅིག་པའི་མཚན་ཉིད་ཅན་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམས་སོགས་དབྱེ་བ་དངོས་པོ་ཐམས་ཅད་ལ། །ཡང་དག་དམིགས་དེ་ཇི་སྲིད་མཉམ་གཞག་ཐོབ། །དེ་སྲིད་ཡིད་ནི་སྐད་ཅིག་རེ་རེ་གཞུག་།དང་པོར་རེ་ཞིག་རྣལ ་འབྱོར་པས། །ཁམས་ལ་སོགས་པའི་རྣམ་པའི་དབྱེ་བ་ཡིས་དངོས་པོ་མ་ལུས་པ་རྒྱ་ཆེར་རྣམ་པར་དཔྱད་ལ། ཆོས་ཐམས་ཅད་ནི་འདི་ཙམ་དུ་ཟད་དེ། །ཞེས་དེ་ལྟར་ངེས་བར་བྱ་སྟེ། ཡང་སེམས་ཀྱི་རྒྱུན་གྱི་སྐད་ཅིག་མས་དེ་ཉིད་དུ་གཏང་བར་བྱའོ། ་གལ་ཏེ་ཡིད་ནི་ཆགས་སོགས་ཀྱི་གཡེང་འགྱུར། །མི་གཙང་ལ་སོགས་གཉེན་པོར་བསྒོམ་པ་ཡིས། །ཇི་སྲིད་དེ་ནི་བརྟན་པ་མ་ཐོབ་པ། །དེ་སྲིད་བློ་དང་ལྡན་པས་དེ་ཞི་བྱ། །ཡང་གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས ་གཡངས་པར་གྱུར་པ་དེའི་ཚེ་མི་གཙང་བསྒོམ་པ་ལ་སོགས་པས་རྣམ་པར་གཡེང་བ་ཞི་བར་བྱས་ལ་སེམས་ཡང་ནས་ཡང་དུ་དེ་ལ་གོང་ནས་གོང་དུ་གཏང་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཆེན་པོ་ལས་འདོད་ཆགས་རྣམ་པ་དགུ་ནི་ཆེན་པོ་ཉིད་དུ་བསྟན་ཏེ། འདི་ལྟ་སྟེ། དབྱིབས་ལ་ཆགས་པ་དང། རེག་པ་ལ་ཆགས་པ་དང། ཙནདན་ལ་སོགས་པས་སྐུས་པ་ལ་མ་བྱུང་བའི་ལུས་ཀྱི་དྲི་མ་ལ་ཆགས་པ་དང། རྒྱན་གྱིས་བརྒྱན་པ ་ལས་བྱུང་བའི་ལུས་མཛེས་པ་ལ་ཆགས་པ་དང། ལུས་ཀྱི་ཁ་དོག་ལ་ཆགས་བ་དང། ཤ་རྒྱས་པ་ལ་ཆགས་པ་དང། ལུས་དང་ཡན་ལག་གི་རྩེད་འཇོ་ལ་ཆགས་པ་དང། སོ་མཛེས་པ་ལས་བྱུང་པའི་ཆགས་པ་དང། ཁ་དོག་དང ་དབྱིབས་ལ་ཆགས་པའོ། །དེའི་གཉེན་པོར་གྱུར་པའི་མི་གཙང་བ་ཡང་རྣམ་བ་དགུ་སྟེ། དེ་ནི་འདི་ལྟ་སྟེ། དབྱིབས་ལ་ཆགས་པ་རྣམས་ཀྱི་གཉེན་པོར་ནི་རྣམ་པར་བམ་པའི་འདུ་ཤེས་སོ། །ལུས་ཀྱི་རེག་པ་ལ་ཆགས ་པའི་ནི་འབུས་གཞིགས་པའི་འདུ་ཤེས་སོ། །ལུས་ཀྱི་དྲི་ལ་ཆགས་པའི་ནི་རྣམ་པར་རུལ་པའི་འདུ་ཤེས་སོ། །ལུས་མཛེས་པ་ལ་ཆགས་པའི་ནི་རྣམ་པར་དམར་བའི་འདུ་ཤེས་སོ། །ལུས་ཀྱི་ཁ་དོག་ལ་ཆགས་པའི་ནི་རྣམ་པར་སྔོས་པའི་འདུ ་ཤེས་སོ། །ཤི་རྒྱས་པ་ལ་ཆགས་པའི་ན་རྣམ་པར་ཟོས་པའི་འདུ་ཤེས་སོ། །ལུས་དང་ཡན་ལག་གི་རྩེད་འཇོ་ལ་ཆགས་པའི་ནི་རྣམ་པར་འཐོར་བའི་འདུ་ཤེས་སོ། །སོ་མཛེས་པ་ལ་ཆགས་པའི་ནི་རུས་གོང་གི་འདུ་ཤེས་སོ། །ཁ་དོག་དང ་དབྱིབས་ལ་ཆགས་པའི་ནི་རྣམ་པར་ཚིག་པའི་འདུ་ཤེས་སོ། །ཞེས་སྡང་ལས་བྱུང་བའི་རྣམ་པར་གཡེང་པའི་གཉེན་པོར་ནི་བྱམས་པ་བསྒོམ་པའོ། །གཏི་མུག་ལས་བྱུང་བའི་རྣམ་པར་གཡེང་བའི་གཉེན་པོར་ནི་རྟེན་ཅིང་འབྲེལ ་པར་འབྱུང་བ་བསྒོམ་པའོ། །གང་གི་སེམས་དེ་མངོན་པར་མི་དགའ་བ་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བསམ་པ་དང། མི་དགེ་པའི་སྐྱོན་ལ་བསམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་གཉིད་དང་མུན་པ་ལ་སེམས་ཞུམ ་པར་མཐོང་བ་དེའི་ཚེ། སྣང་བའི་འདུ་ཤེས་སྒོམ་པ་དང། རབ་ཏུ་དགའ་བ་ཡིད་ལ་བྱེད་པས་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་ཞུམ་པ་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་སྔོན་རྒོད་པ་དང་རྩེ་ཞིང་དགའ་བར་རྗེས་སུ་དྲན ་པས་སེམས་པར་སྐབས་སུ་རྒོད་པར་མཐོང་བ་དེའི་ཚེ། མི་རྟག་པ་ཡིད་ལ་བྱེད་པས་དེ་ཡང་ཞི་བར་བྱའོ། །ཡང་གང་གི་ཚེ་ཞུམ་པ་དང་རྒོད་པ་དག་དང་བྲལ་བ་ཉིད་ཀྱི་ཆ་མཉམ་པར་འཇུག་ཅིང་སེམས་རང་གི་མཚན་ཉིད་ཀྱི་གནས་པར་མཐོང ་པ་དེའི་ཚེ། བསྒྲིམས་པ་དང་གློད་པ་བཏང་སྙོམས་སུ་བྱས་ཏེ། གལ་ཏེ་སེམས་མཉམ་པར་འཇུག་དུ་སྒྲིམས་པ་བྱས་ན། དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ལེ་ལོ་དང་ནི་དམིགས་པ་བརྗེད་པ་དང། །དེ་བཞིན་ཞུམ་རྒོད་མི་རྩོལ་བ་དང་རྩོལ། །ཏིང་ངེ་འཛིན ་ལ་ཐམས་ཅད་ཉེས་བར་འགྱུར། །དང་སོགས་སེམས་ཉིད་དེ་ཡི་གཉེན་པོ་ཡིན། །མདོར་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཉེ་པ་ཉིད་ནི་རྣམ་པ་དྲུག་ཡོད་དེ། འདི་ལྟ་སྟེ། ལེ་ལོ་དང། དམིགས་པ་བརྗེད་པ་དང་ཞུམ་པ་དང་རྒོད་པ་དང། བསྒྲིམས་པ་དང། ་མ་བསྒྲིམས་པའོ། །དེ་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པོར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། དད་བ་དང། འདུན་བ་དང། རྩོལ་བ་དང། ཤིན་ཏུ་སྦྱངས་པ་དང། དྲན་པ་དང། ཤེས་བཞིན་དང། ་བཏང་སྙོམས་དང། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་འཛིན་གྱི་ཡོན་ཏན་རྣམས་ལ་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ ་མངོན་པར་འདོད་པ་དེ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་བར་འགྱུར་རོ། །ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ཟློག་བར་འགྱུར་རོ། །དེ་བས་ན་དད་བ་ལ་སོགས་པ་ནི་ལེ་ལོ ་སྤངས་པའི་ཕྱིར་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་བ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་བ་དང་རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ ་ནི་མི་རྩོལ་བ་ཉེས་བ་ཡིན་ཏེ། དེའི་གཉེན་པོ་ནི་སེམས་པ་བསྒོམ་པར་བྱའོ། །ཞུམ་པ་དང་རྒོད་པ་དེ་དག་ཉེ་བར་ཞི་བར་གྱུར་ནས། གང་གི་སེམས་རང་གི་རྒྱུན་གྱི་འཇུག་པ་དེའི་ཚེ་ནི། རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས ་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དང། ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་ནི་གང་གི་རྫུ་འཕྲུལ་ལ་སོགས་པ་ཡོན་ཏན་རྫོགས་པར་བྱེད་པར་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །དེ་བས་ན་མདོ་ལས་? ་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དོ། །ཞེས་གསུངས་པ་ཡིན་ནོ། །བསྒོམ་པའི་རིམ་པ་འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཡུམ་དེ་ཉིད་ལས་དེ་ལ་སེམས་མཉམ་པར་གཞག་པར་བྱའོ། །ཡང་དག་པར ་འཇོག་པར་བྱེད། རྣམ་པར་འཇོག་པར་བྱེད་ཉེ་བར་འཇོག་པར་བྱེད་དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། ཅིག་པ་ཉིད་དུ་བྱེད། ཏིང་ངེ་འཛིན་དུ་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་འཇོག་པར་བྱེད་པ་ནི་དམིགས་པ་དེ་ཉིད་ལ ་རྒྱུན་གྱིས་འཇུག་པར་བྱེད་པའོ། །རྣམ་པར་འཇོག་པ་ནི་རྣམ་པར་གཡེང་བར་ཤེས་པར་བྱ་སྟེ། དེ་ཉེ་བར་ཞི་བར་བྱེད་པའོ། །ཉེ་བར་འཇོག་པར་བྱེད་པ་ནི་རྣམ་པར་གཡེང་བ་ཉེ་བར་ཞི་བར་བྱས་ནས་དེ་ཉིད་ལ་གོང་ནས་གོང་དུ་གཏོད་པར ་བྱེད་པའོ། །དུལ་བར་བྱེད་པ་ནི་དགའ་བ་སྐྱེད་པར་བྱེད་པའོ། །ཞི་བར་བྱེད་པ་ནི་མི་དགའ་བ་ཞི་བར་བྱེད་པའོ། །ཉེ་བར་ཞི་བར་བྱེད་པ་ནི་གཉིད་དང་རྨུགས་པ་ལ་སོགས་པ་བྱུང་བ་སེལ་བར་བྱེད་པའོ། །ཅིག་པ་ཉིད་དུ་བྱེད་པ་ནི་དམིགས ་པ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ལ་འབད་པར་བྱེད་པའོ། །ཏིང་ངེ་འཛིན་དུ་མཉམ་པར་འཇོག་པ་ནི་སེམས་མཉམ་པ་ཉིད་ཐོབ་པ་ལ་བཏང་སྙོམས་སུ་བྱེད་པས་ཡང་དག་པར་འཛིན་པར ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚིག་དགུ་པོ་འདི་དག་གི་བཤད་པ་ནི་སློབ་དཔོན་ཐོགས་མེད་ཀྱི་མཛད་པ་ལས་བྲིས་པ་ཡིན་ནོ། །ཡང་རིམ་པ་ནི་ཏིང་ངེ་འཛིན་རྫོགས་པར་གང་གི་ཚེ་འགྱུར་ཞེ་ན། དེའི་ཚེ་སྨྲས་པ། གང་གི་སེམས་ནི་རྩོལ་བ ་མེད་པས་ནི། །རང་གི་ངང་གི་།འཇུག་པར་འགྱུར་བ་ན། དེའི་ཚེ་སངས་རྒྱས་མཉམ་འཇོག་ལ་བརྟེན་ཏེ། འདི་ནི་ཏིང་ངེ་འཛིན་གྱི་ཚུལ་ཡིན་ནོ། །གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར། འཇུག་པས་སེམས་གནས་པར་འགྱུར་བ་དེའི་ཚེ། ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མཉམ་འཇོག་ཤེས་ནས་ནི། །དེ་ནས་ཤེས་པར་བསྐྱེད་བྱ་སྟེ། །གཟུགས་དང་གཟུགས་མེད་དབྱེ་བ་ཡི། །དོན་དེ་ཉིད་ནི་རྣམ་པར་བྱ། །དེ་ནས་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི ་ཕྱིར་འགྲོ་བ་རྣམས་ཆོས་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ་སེམས་ཙམ་ལས་ཡོངས་སུ་བཟླས་པ་ཅིག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་གྱིས་བཟླ་བར་བྱའོ། །དེ་ཁོ་ན་ཉིད་མཐོང་བ་འདི་ཉིད་ནི་གང་ཤེས་རབ་ཀྱིས་རྣམ ་པར་བརྟགས་ན་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ཡིན་ནོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ཡུམ་བར་མ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས ་པའི་དོན་ནི་གཟིགས་པའོ་ཞེས་བྱ་བ་དང། དེ་བཞིན་དུ་དོན་དམ་པར་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ་ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེ་བས་ན་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱང་སྤྱོད་ལམ་ཐམས་ཅད་ལ་གནས ་པ་ན། ཆོས་ཐམས་ཅད་མཐོང་དུ་ཟིན་ཀྱང་མ་མཐོང་བ་ཡིན་ནོ། །དེ་ལྟ་བུ་ཉིད་མཐོང་བ་མེད་པ་ཞེས་བྱ་བར་མངོན་པར་འདོད་ཀྱི་གཉིད་ཀྱི་ལོག་པ་འམ། མིག་བཙུམ་པ་དང་འདྲ་བར་གང་ཡིད་ལ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་ན་ནི་བག་ཆགས་མ་སྡངས ་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་སྐྱེ་བ་ཉིད་ཀྱིས་རྣལ་འབྱོར་པར་མི་འགྱུར་ཏེ། ཐོག་མ ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པར་མངོན་པར་ཞེན་པ་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངས་སུ་སྤངས་པར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ། །གང ་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་ཐེ་ཚོམ་སྤངས་པས་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤངས་པར་ཡང་ནུས་པ་མ་ཡིན་ཏེ། མེ་ཡོངས་སུ་སྤང་བས་ཆེ་བ་སྤོང་མི་ནུས་པ་དང་འདྲའོ། །དེ་བས་ན་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཉིད་ཀྱི་གཟུགས་ལ་སོགས་པ ་ལ་མངོན་བར་ཞེན་པ་བསལ་བར་བྱའི། ཚེར་མ་འབྱིན་པ་ལྟ་བུར་བྱ་བ་མ་ཡིན་ནོ། །ཞེས་བྱ་བར་ངེས་སོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཡང་ཞི་གནས་དང་ལྷག་མཐོང་ཕན་ཚུན་རྗེས་སུ་མཐུན་པར་འཇུག་པར་བྱའོ། །དེ་ཡང་སེམས་རྩེ་གཅིག་པའི ་མཚན་ཉིད་ཅན་གྱི་ཞི་གནས་སྐྱེ་བར་གྱུར་ན། ཤེས་རབ་ཀྱི་མིག་གིས་རྣམ་པར་དཔྱོད་པའི་རྣལ་འབྱོར་པའི་ཐེ་ཚོམ་དང་བྲལ་བར་འགྱུར་རོ། །དེ་དང་བྲལ་བས་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་བ་དང་བྲལ་ལོ། །དེ་དང་བྲལ་ནས་ཀྱང་ཆོས ་ཐམས་ཅད་དངོས་པོ་མེད་པར་རྟོགས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའོ། །ཡང་དེའི་ཚེ་ཞི་གནས་དང་ལྷག་མཐོང་དག་དེའི་བདག་ཉིད་ཅན་ཡིན་ཏེ། དེ་ཉིད་ནི་མཆོག་ཏུ་རྣམ་པར་མི་རྟོག་པའི་རྣལ་འབྱོར་དེ་ཡང་ཀུན་རྟོག་ཐམས་ཅད་སྤངས་པ་སྟེ། ་འདི་ནི་རྣལ་འབྱོར་དམ་པ་ཡིན། །རྣལ་འབྱོར་པ་གང་མངོན་སུམ་དུ། །གནས་པ་ཀུན་མཁྱེན་བཅོམ་ལྡན་འགྱུར། །དེ་ལྟར་རིམ་པ་འདིས་ཞི་གནས་དང་ལྷག་མཐོང་བདག་གིས་སམ། བླ་མའི་མན་ངག་གི་བཅོམ་ལྡན་འདས་ཡུམ་ཤེས་རབ་སྐྱེད་ལ། ་བྱང་ཆུབ་སེམས་དཔའ་དབང་པོ་རབ་དང་ལྡན་པ་ཡིན་ན། དེ་ངེས་བའི་རྒྱུད་ཉིད་ཀྱི་ཕྱིར་མི་ལྡོག་པ་ཉིད་ཡིན་པར་རྟོག་པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང། སྦྱིན་པ་ལ་སོགས་པས་ལ་འཇུག་གོ་།དེ་ཡང་འཕགས་པ ་ག་ཡ་གོ་རི་ལས་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱིས་སྒྲིབས་པ་སྟེ། འདི་ལྟ་སྟེ་ཐབས་དང་ཤེས་རབ་པོ་ཞེས་གསུངས་པ་ཡིན་ཏེ། ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་བ་དང། ཚད་མེད་པ་དང། བསྡུ་བའི་དངོས་པོ ་ལ་སོགས་པའི་དབྱེ་བས་ཕྱེ་པ་སྟེ། དེ་ཉིད་ཀྱང་འཕགས་པ་བློ་གྲོས་མི་བཟད་པ་དང། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་གསུངས་སོ། །ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས ་ནས་ཕྱིན་ཅི་མ་ལོག་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པ་སྔགས་ཀྱི་ཟིན་པའི་དུག་སྤྱོད་པ་དང་འདྲ་བ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་དེ་ཉིད་ལས་ཐབས་ནི་བསྡུ་པ་ཤེས་རབ་ནི་ཡོངས་སུ་སྤྱོད་པར་ཤེས་པའོ། །ཞེས ་གསུངས་པ་དང། འཕགས་པ་དད་པའི་སྟོབས་བསྐྱེད་བ་ལས། ཐབ་ལ་མཁས་པ་གང་ཞེ་ན། གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ་ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་དབྱེར་མེད་པ་ཤེས་པ་ལ་མཁས་པའོ་ཞེས ་གསུངས་པའོ། །འདི་དག་ལ་ནི་ས་ལ་གནས་བས་ཀྱང་རྟེན་པར་བྱའི། ཤེས་རབ་ཙམ་འབའ་ཞིག་ནི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་བ་ལ་སོགས་པའི་མདོ་ལས་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡིན་ནོ། །ཞེས་གསུངས་པས། བྱང་ཆུབ ་སེམས་དཔའ་ས་བཅུ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཀུན་ཏུ་དཔྱད་པར་བྱའོ་ཞེས་བཤད་དོ། །དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་ཅིག་ཏུ་དགའ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། ཡོངས་སུ་རྒྱས་པའི་མདོ་ཆོས ་ཐམས་ཅད་བསྡུས་པ་ལས། བྱམས་པ་གང་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་བཟུང་བར་བྱ་བ་དེ་ལ་སྐྱེས་བུ་བླུན་པོ་རྣམས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འབའ་ཞིག་ལ་བསླབ་པར་བྱའི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང། དེས་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྨོད་པ་ཉིད་དུ་སེམས་པར་འགྱུར་རོ། ཞེས་བྱ་བ་ལ་སོགས་རྒྱ་ཆེར་གསུངས་པ་དང། ་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ནི་སྙིང་རྗེ་ཆེན་པོའི་རྩ་བ་ཅན། བྱང་ཆུབ་ཀྱི་རྒྱུད་དང་ལྡན་བ། ཐབས་ཀྱི་མཐར་ཕྱིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ ་བས་ན་གཉིས་ཀ་ཡང་དུས་ཐམས་ཅད་དུ་སྟེན་པར་བྱེད་དོ། །དེ་ལྟར་ན་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་འགྲུབ་པ་ཡིན་ནོ། །དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་གཟུགས་ཀྱི་སྐུ་དང་ཞིང་དང་འཁོར་ལ་སོགས་པ་ལོངས ་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས། བཅོམ་ལྡན་འདས་མྱ་ངན་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱི་ཕྱིན་ཅི་ལོག་མ་ལུས་བར་སྤངས་པས་འཁོར་བར་གནས་པར་མི་མཛད་དོ། །འཁོར་བ་ནི ་ཕྱིན་ཅི་ལོག་གི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ཀྱི་རྣམ་གྲངས་གཟིང་ལྟ་བུར་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱང་སྤང་བར་བྱས་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་ཡིན། དེ་ལ་ཕྱིན་ཅི་ལོག་ཏུ ་མངོན་པར་ཞེན་པ་སྤང་བར་བྱའོ་ཞེས་གསུངས་ཀྱི། དགོས་པའི་དོན་རྫོགས་པར་བྱ་བའི་དོན་དུ་ཡང་གནས་པར་མི་བྱའོ་ཞེས་གསུངས་པ་མ་ཡིན་ནོ། །དེ་ཡང་ཆོས་སུ་གཟུང་བར་བྱའི། མི་གཟུང་བར་མི་བྱའོ་ཞེས་གསུངས་ཏེ་ལམ་ལོག་པར་གཟུང ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་དེ་ལྟར་གཟིགས་ཏེ་གསུངས་བ་ནི། དུས་ཀུན་ཏུ་ནི་ཐབས་དང་ནི། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །བསྟེན་བྱ་གང་ཕྱིར་དེ་ལས་ནི། །མི་གནས་མྱ་ངན་འདས་པར་འགྱུར ་ཞེས་བྱ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྒོམ་པའི་རིམ་པའི་མན་ངག་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་གྲགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང། ཞུ་ཆེན་གྱི ་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྒྱ་གར་སྐད་དུ། བུདྡྷཱ་ནུ་སྨྲི་ཏྱུཏྟ་ར་བྷཱ་བ་ན་ནཱ་མ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་སྒོམ་བ་ཞེས་བྱ་བ། སངས་རྒྱས ་