CLOSE WINDOW

N4104: mi sdug pa bsgom pa'i rim pa bzhugs
Wyliee-texts based on the ACIP/ALL Input

ཅན་རྣམས་ལ་བདག་གསོལ་འདེབས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་དཔལ་ཀམ་པ་ལས་མཛད་པ་རྫོགས་སོ།། (།།མི་སྡུག་པ་བསྒོམ་པའི་རིམ་པ་དགེ་བའི་གོ་ཆེས་མཛད་པ་བཞུགས་སོ།) ་མི་སྡུག་པ་བསྒོམ་པའི་རིམ་པ། འདོད་ཆགས་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་བ་འཕགས་པ་ནམ་མཁའ་ཨི་སྙིང་པོ་ལ་ཕྱག་འཚལ་ལོ། །མི་གཙང་བསྒོམ་པར་བཤད་པར་བྱའོ། །གང་རྣལ་འབྱོར་བ་སྲིད་པས་དམུས་བྱུང་ནས་ཐར་པ་ལ་དད་པ ་སྟེང་པ་ངེས་འདི་ལྟར་བརྟག་པར་བྱ་སྟེ། དང་པོ་རང་གི་དཔྲལ་བའམ། ལག་པ་དང་རྐང་པའི་མཐེ་བོང་ལ་ཐོར་དུ་འམ། འབྲུམ་བུ་སྔོན་པོ་འམ། སེར་མོའི་རྣམ་པ་རྣག་གིས་ཀུན་ཏུ་དགང་བ་ཞིག་བརྡོལ་བར་བསྒོམ་སྟེ། ནམ་ཞི་གནས་གྲུབ་པའི ་བར་དུའོ། །དེ་གྲུབ་ནས་ནི་བདག་གི་ལུས་ཐམས་ཅད། མཐར་གྱིས་རུལ་མྱགས་པར་བསམ་པར་བྱའོ། །དེ་ནས་ཇི་ལྟར་བདག་གི་ལུས་ལ། དམིགས་པ་བཞིན་དུ་ས་གཞི་ཐམས་ཅད་མི་རོས་གང་བར་མཐོང་ངོ། །དེ་ལྟར་མི་གཙང ་བ་བསྒོམ་པ་ཡང་ཁ་དོག་དང་དབྱིབས་དང། རེག་པ་དང། འཁྲིག་པའི་འདོད་ཆགས་ཀྱི་གཉེན་པོ། །རྣམ་པ་བཞིར་ཤེས་པར་བྱ་སྟེ། དེ་ལ་དང་པོ་ནི་མིའི་རོ་སྔོས་པ་དང། རྨུགས་པ་དང། མདོག་མི་སྡུག་པ་དང། དྲི་བཤུལ་བ་དང། རྣམ་པར ་འབུས་ཞིགས་པ་དང་འོག་ནི་ལུས་སྔ་མ་བཞིན་དུ་བམ་ཞིང་རྐང་ལག་དང་ཁ་མིག་རྣམས་མི་སྡུག་ཅིང་འཇིགས་སུ་རུང་བར་གྱུར་པའོ། །ཐ་ལྟག་ནི་རྣམ་པར་རུལ་པ་དང། རྣག་གིས་ཀུན་ཏུ་གང་བ་དང། བསྣམ་པ་དང། འབུ་མང་ཕྲོས་ཞིགས ་ཤིང་མྱལ་བའོ། །ཐ་མར་ལུས་ཀྱི་ཀེང་རུས་ཙམ་མ་བྲལ་ཞིང་རྒྱུས་པས་འབྲེལ་པ། ཤར་རི་ཆགས་པ་དྲི་མི་ཞིམ་པ་སྦྲང་མས་གཟིངས་ཤིང་འཕུངས་པས་རྣགས་ཤིང་དམར་བར་བསྒོམ་སྟེ། གོ་རིམ་བཞིན་ནོ། །དེ་ལྟར་བསྒོམས་པའི་འོག ་ཏུ། སྟན་ལས་མ་ལངས་པ་ཁོ་ནར་མི་གཙང་བ་དང། ཀེང་རུས་ཀྱི་རྣམ་པ་འདི་དག་རང་གིས་བློས་བརྟགས་པ་ཁོ་ནར་ཟད་དེ། དམིགས་པ་མེད་བཞིན་དུ་ཡང་ཤེས་པ་སྐྱེ་བ་ལས་ན། ཆོས་ཐམས་ཅད་ཀྱང་བརྟགས་པའི་ངོ་བོ་ཁོ་ནར་ཟད་ལ། ་རྟོག་པ་ཡང་རྐྱེན་ཚོགས་པའི་དབང་གིས་བྱུང་པ་ཡིན་ཏེ། གང་དང་གང་རྐྱེན་ལས་བྱུང་བ་དེ་ཐམས་ཅད་ནི་རང་གི་ངོ་བོ་མ་བསྐྱེད་པ་ཡིན་ཏེ། སྐྱེ་བ་མེད་པ་དང་འགག་པ་ཡང་མེད་པས་ན། སྐྱེ་བ་དང་འགག་པ་མི་དམིགས་པར་དེ་ཁོ་ནའི་དོན ་གྱི་རྣམ་པ་ལ་སེམས་ཀྱི་རྒྱུན་གཏད་དེ་ཅི་ནུས་སུ་བསྒོམ་མོ། །དེ་ནས་སེམས་སྐྱོ་ན་དགེ་བའི་རྩེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ནས་ལྡང་ངོ། །ལངས་ནས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བལྟས་ཏེ། སྦྱིན་པ་ལ་སོགས་པ་སྙིང་རྗེ་སྔོན་དུ ་སོང་བའི་བློས་བྱའོ། །དེ་ཕན་ཆད་ནི་དམིགས་པ་གང་ཁོ་ན་ལས་འདོད་ཆགས་སྐྱེ་བའི་དམིགས་པ་དེ་ཉིད་ཀྱང། རང་གི་ལུས་ལ་མི་གཙང་བ་ཇི་ལྟ་བ་བཞིན་ཡིད་ལ་བྱའོ། །དེ་ལྟར་རྒྱུན་ཏུ་ཡིད་ལ་བྱས་ཤིང་བསྒོམས་ན། ལུས་ལ་ཡིད་འབྱུང་ཞིང ་འདོད་ཆགས་རྣམ་པ་བཞི་པོ་གནོན་པར་གྱུར་ལ་འཕགས་པའི་ལམ་ཡང་སྐྱེས་ཏེ། ཉོན་མོངས་པ་རྟག་ཏུ་སྤངས་པར་འགྱུར་རོ། །མི་གཙང་བསྒོམ་པའི་ཐབས་བཤད་པ། །སློབ་དཔོན་དགེ་བའི་གོ་ཆས་མཛད་པ་རྫོགས་སོ།། །། ་འདི་ནི་སྔོན་གྱི་ལོཙྪ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་སྟེ། འགྱུར་རྙིང་ལགས་སྐད་དོ། །།རྒྱ་གར་སྐད་དུ། ཀཱ་ཡ་པ་རི་ཀ་བྷ་བ་ན་ཀཱ་མ། །བོད་སྐད་དུ། ལུས་ཡོངས་སུ་དཔྱད་པའི་བསྒོམ་པའི་རིམ་པ། སངས ་