| Wylie | e-texts based on the ACIP/ALL Input |
སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ལོ་ཏ་དང་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། (།།རྣལ་འབྱོར་སྒོམ་པའི་ལམ་ཡེ་ཤེས་སྙིང་པོས་མཛད་པའོ།)་།རྒྱ་གར་སྐད་དུ། ཡོ་ག་བྷཱ་བ་ན་མཱརྒ། བོད་སྐད་དུ། རྣལ་འབྱོར་སྒོམ ་པའི་ལམ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ཕྱག་འཚལ་ལོ། །འགྲོ་བ་སྡུག་བསྔལ་མང་པོས་གཟིར་ཏེ་གཏི་མུག་གིས་ལྡོངས་པ་ལ་སྙིང་རྗེ་བསྐྱེད་ནས། བདག་གིས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕངས་འབྲས་བུ་དང་བཅས་པ་ཐོབ་པར་བྱས་ལ། ་འགྲོ་བ་རྣམས་ཀྱང་གོ་འཕང་དེ་ཉིད་ལ་དགོད་པར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་གདབ་བོ། །དེ་ནས་བྱང་ཆུབ་ཀྱིས་མཚན་ཉིད་ཀྱི་སེམས་རྣམ་པར་མ་བྱང་བ་བསྐྱེད་པར་མི་བྱའི། །འདི་ལྟར་བྱང་ཆུབ་ནི་རང་གི་སེམས་ལས ་བཅོལ་བར་བྱའོ་ཞེས་འབྱུང་བའི་ཕྱིར། ཐོག་མར་རང་གི་སེམས་ཁོ་ན་ལ་བརྟག་པར་བྱའོ། །དེ་ལ་རང་གི་སེམས་ནི་ལུང་ལས་གསུངས་པའི་ཚིག་ལྔ་པོ་དངོས་པོ་ཐམས་ཅད་དང་བྲལ་བ་དང། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། གཟུང་བ་དང་འཛིན་པ ་རྣམ་པར་སྤངས་པ་དང། ཆོས་བདག་མིང་མཉམ་པ་ཉིད་དང། རང་གི་སེམས་གཟོར་མ་ནས་མ་སྐྱེས་བ་དང། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དག་ཏུ་ཁོང་དུ་ཆུད་པར་བྱའོ། །དེ་ལ་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་མུ་སྟེགས་ཅན་འཁྲུལ་པས་སྒྲོ་བཏགས ་པ་བདག་ལ་སོགས་པ་རྟག་པའི་དངོས་པོ་དང་བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕུང་པོའང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་ཚུལ་གྱིས་ཀུན་དུ་བཏགས་པའི་ངོ་བོ་ཡོད་པ་དང ་མེད་པའི་རང་བཞིན་ཡོངས་སུ་སྤངས་པ་སྟེ། རྡུལ་ཕྲ་མོ་ཚིགས་པ་འཛིན་པ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང། གཟུང་བ་ལ་སོགས་པ་ཕྱིའི་ཡུལ་དྲུག་དང། བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ། རྡུལ་ཕྲ་རབ་སུན་ཕྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར ་ཚིག་གསུམ་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པར་ཤེས་པ་ཙམ་གྱི་ཚུལ་ལ་འཇུག་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཆོ་ག་བཞི་པ་རང་གི་སེམས་གཟོད་མ་ནས་མ་སྐྱེས་བ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བས་ན་དེ་ནི ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་ལྟ་བུ་ཡིན་ནོ། །གང་ཞིག་རྟེན་ནས་མི་སྐྱེ་ཞིང་རང་གི་ངོ་བོ་ཉིད་ལས་ཉམས་པར་མི་འགྱུར་བ་ད་ནི་དོན་དམ་པའི་རང་བཞིན་ཞེས་བྱའོ། །དེའི་ཕྱིར་རང་བཞིན་མེད་པས་རང་གི་སེམས་གཟོད་མ ་ནས་མ་སྐྱེས་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དུ་ཀུན་རྫོབ་ཏུ་ཡོད་བའི་ཕྱིར་སྒྱུ་མ་དང་འདྲ་བ་ནི་མ་དགག་གོ་།དེ་བས་ན་དོན་དམ་པར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ཚིག་ལྔ་པ་གསུངས་པ་ཡིན་ནོ། །ཇི་ལྟར་ཀུན་རྫོབ་དུ་བརྟགས་པ་དང། ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་ཆོས་རྣམས་ནི་དོན་དམ་པར་བདག་མེད་པ་ཡིན་ཏེ། གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །མེད་པ་རྣམ་པ་བཞི་པོ་སྔ་ནས་མེད་པ་དང། ཞི་གནས་མེད་པ་དང། གཅིག་ལ་གཅིག་མེད་པ་དང། གཏན་མེད་པ་དག་ཀྱང་དངོས་པོ་ལ ་བརྟེན་པ་རྣམ་པར་བཞག་པས་ཆད་པ་ཡང་མ་ཡིན་ཏེ། སྟོང་པ་ཉིད་ཀྱང་དངོས་པོ་ལ་བརྟེན་པའི་ཕྱིར་རོ། །དངོས་པོ་ཡོད་ན་དེར་རྟོག་པ་ཀུན་ཏུ་འབྱུང་ན་མེད་པས་རྣམ་པར་རྟོག་པ་ཐམས་ཅད་དགག་པས་རྣམ་པར་རྟོག་པ་ཡོངས་སུ་དག་པར་བྱེད་དོ། །དེའི་ཕྱིར ་རང་གི་སེམས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ཡིན་ན། ཇི་ལྟར་དེ་སྔོན་དུ་བཏང་བའི་སྨོན་པའི་བྱང་ཆུབ་ཀྱི་སེམས་དོན་དམ་པའི་ངོ་བོ་ཉིད་ལ་སྤྱོད་པའི་མཚན་ཉིད་ཤེས་རབ་དང་མཚུངས་བར་ལྡན་པ་ནི་འཇུག ་པའི་སེམས་ཞེས་བྱ་སྟེ། དེ་ཁོ་ན་ངེས་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །གཞན་གང་ཞིག་སྤྱོད་པས་ཀུན་ནས་མ་བསླངས་པའི་སེམས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཁོང་དུ་ཆུད་པ་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའོ། །བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་དེ་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་གཅིག་ལས་དེ་ཉིད་ནི་གནས་དང་ལྷག་མཐོང་ཞེས ་བྱ་བར་ཡང་རབ་ཏུ་གྲགས་ཏེ། དེ་ལ་ཞི་གནས་དང་མཚུངས་པར་ལྡན་པའི་ལྷག་མཐོང་ངོ། །ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ་།བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་སྟོང་པ་ཉིད་ཀྱི་དོན་ལ་བྱ་བ་ཡིན་ནོ། །གཞན་དག་ལས་གནས་ཀྱི་སེམས་ཞེས་བྱ་བར་གྲགས ་ཏེ། གནས་ནི་སྟོང་པ་ཉིད་ལ་སེམས་དེ་གཡོ་བ་ཡིན་ནོ། །དེ་དང་མཚུངས་པར་ལྡན་པའི་སེམས་ནི་གནས་ཀྱི་སེམས་ཞེས་བྱའོ། །དེ་སྟོང་པ་ཉིད་ཀྱི་སེམས་ཀྱིས་རབ་ཏུ་བྱ་བ་ཡིན་པའི་ཕྱིར་མོས་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཤེས་བྱའོ། །དེ་ཡང་གཉིད་དང ་རྒོད་པའི་སྐྱོན་གཉིས་ཡོངས་སུ་སྤངས་པས་བྱའོ། །གང་གི་ཚེ་གཉིད་ཀྱི་མུན་པས་ནོན་ཏེ། དམིགས་པ་ལས་ལྡོག་པར་བྱེད་པ་སེམས་ལས་སྐྱེ་བ་དེའི་ཚེ། ཆོས་ལ་སྤྱོད་པའི་མཚན་ཉིད་ལྷག་མཐོང་གི་སེམས་གཟེངས་བསྟོད་ལ་སྟོང་པ་ཉིད་ལ་མཉམ་པར་བཞག ་པར་བྱའོ། །འོན་ཏེ་ཡུལ་རྣམས་ཀྱི་རྣམ་པར་སྤྱོད་པའི་རྒོད་པར་འགྱུར་ན། དེ་ཡང་དོན་དམ་པ་ལ་སྤྱད་པས། དེ་ལ་དམིགས་པ་པོར་ཏེ་ཞི་གནས་དང་ལྡན་པར་གནས་པར་བྱའོ། །གང་གི་ཚེ་ཧ་ཅང་དབྱད་ཆེས་པས་ཤེས་རབ་ཤས་ཆེ་བར་གྱུར་པ་དེའི་ཚེ། ། ་ཡང་དཔྱད་པའི་དུས་དམ་ཡིན་ཏེ། ཞི་གནས་ཀྱི་དུས་ཡིན་པས་དུས་དང་དུས་མ་ཡིན་པ་བཏང་སྙོམས་སུ་བྱ་བ་ཚད་མར་བྱས་ནས་ཡང་ཞི་གནས་ལ་གནས་པར་བྱའོ། །གང་གི་ཚེ་ཞི་བ་ཉིད་ཐོབ་ནས། དེ་ལ་མངོན་པར་ཞེན་པར་གྱུར་ན། དེའི་ཚེ་ཞིབ་ཉིད་ཀྱང ་ངོ་བོ་ཉིད་མེད་པའི་ཕྱིར། དེ་ལ་མངོན་པར་ཞེན་པ་བོར་ཏེ། མ་ཆགས་པ་ཁོ་ན་ལ་གནས་པར་བྱའོ། །དེ་ལྟར་མཐུ་ཅི་ཡོད་པ་དང། ཇི་ལྟར་འདོད་པ་དང། དུས་ཅུང་ཟད་ཅིག་ཏུ་ཡང་མཉམ་པར་གཞག་པའི་ཕྱིར། ཡང་དང་ཡང་དུ་རང་གི་སེམས་ལ་ཡང་དག ་པ་ཇི་ལྟ་བཞིན་དུ་རང་བཞིན་བརྟགས་ནས་སེམས་དེ་ལས་བླང་བར་བྱའོ། །བསླད་ནས་ཡང་འདི་ལྟར་གལ་ཏེ། དངོས་པོ་འདི་དག་ཐམས་ཅད་སྟོང་པ་ནམ་མཁའ་དང་འདྲ་བའི་མཚན་ཉིད་ཡིན་ཡང། འོན་ཀྱང་དེ་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་དང་འདྲ ་པར་ཐོག་མ་མེད་པའི་དུས་ནས་སོ་སོར་ངེས་པའི་རྒྱུ་དང་འབྲས་བུ་འབྲེལ་བ་ལ་རག་ལས་པའི་རྒྱུ་དེས་ཕྱིན་ཅི་ལོག་གིས་རྣམ་པར་སྣང་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཆོས་འདི་མ་སྐྱེས་འདི་དག་མེད་མིན་ཏེ། །སྒྱུ་མ ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང། རྨི་ལམ་ལྟ་བུ་སྤྲུལ་པ་འདྲ་བ་ཡིན། ཞེས་གསུངས་པ་ལྟ་བུའོ། །སེམས་ཅན་རྣམས་ཀྱི་ཤེས་པ་མ་རིག་པའི་མུན་པ་ཤས་ཆེན་པོས་ཁེབས་པས་ཆོས་ཉིད་འདི་དག་ཁོང་དུ་མ་ཆུད་པས་ཡུན་རིང་པོར་འཁྲུལ་པས་རྣམ་པ ་ཉམས་བ་ཡིན་ནི་ཞེས་ཡིད་ལ་བྱ་ཞིང་སྙིང་རྗེ་བསྐྱེད་པར་བྱའོ། །དེས་ཀྱང་དེ་གཟིར་བ་འདི་སྙམ་དུ་དེའི་ཕྱིར་བདག་གིས་ཆོས་ཉིད་འདི་དག་རང་གིས་ཀྱང་རྟོགས་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་བར་བྱའོ་སྙམ་དུ་བསམས་ཏེ། དེ ་ལྟར་བསྒོམས་པ་ནི་བྱང་ཆུབ་ཏུ་སྨོན་པའི་སེམས་ཡོངས་སུ་དག་པ་ཡིན་ནོ། །འདི་ལྟར་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད་པ་མ་བརྗེད་པས་ལངས་ནས་ད་སེམས་ཅན་གྱི་དོན་དུ་བྱང་ཆུབ་ལ་གནས་པར་བྱེད་ཀྱང་ཆོས་གང་ལ་ཡང་མངོན ་པར་ཞན་པ་མི་འབྱུང་ངོ། །འདི་ནི་དེ་ལས་ལྡང་བའི་སེམས་ཞེས་བྱའོ། །དེ་ལས་གཞན་པའི་དོན་གྱིས་དམིགས་ངག་མངོན་དུ་ཟིན་གྱིས་ཀྱང་རྣལ་འབྱོར་པས་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད་པ་མི་བཏང་བ་ཁོ་ནར་བྱ་སྟེ། དེས་ན་དེའི་སེམས ་ནི་མི་དགེ་བ་ལ་ཡང་འཇུག་པར་མི་བྱེད་ལ། དེ་འགྲོ་བ་དྲང་བའི་བསམ་པ་ཉིད་ཀྱིས་གནས་པ་ན། །དགེ་བ་རྣམས་ལ་ཡང་གཡོ་བ་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པས་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་ཡང་བྱམས་པ་དང། སྙིང་རྗེ་དང་དགའ་བ་དང། བཏང ་སྙོམས་ལ་གནས་པས། རྟག་ཏུ་གནས་པར་བྱའོ། །དེས་འདི་ལྟར་ཡང་འགྲོ་བ་མ་ལུས་པ་བྱང་ཆུབ་པར་བྱ་བའི་ཐབས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་མེད་པར་ཐོབ་མི་ནུས་ལ། ཚོགས ་གཉིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བཟུང་ནས། ཐམས་ཅད་རྟག་ཏུ་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡིད་ལ་བྱ་སྟེ། དྲུག་པོ་རེ་རེ་ལ་ཡང་སྨོན་པར་བྱེད་དོ། །གཞན་ཡང་དེ་འདི་ལྟར་སེམས་བསྐྱེད་པར་བྱེད ་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིགས་པ་དང། ཆོས་ཀྱི་སྦྱིན་པས་དབྱེ་བས་སོ། །དེ་ལ་ཆོས་ཀྱི་སྦྱིན་པ་ཡང་སེམས་ཅན་མ་བསྡུས་པ་རྣམས་ལ་སྦྱིན་པར་མི་ནུས་གྱི། དོན་བསྡུ་བ་རྣམ་པ་བཞི་བོ་དག་གིས་སྒྲུབ་པར་ནུས་སོ།། ་དེའི་ཕྱིར་སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱོད་པ་དང། དོན་མཐུན་པས་སེམས་ཅན་བསྡུ་བར་བྱའོ། ཞེས་སེམས་ཅན་བསྡུ་བའི་དོན་དུ་སྨོན་ལམ་བཞི་པོ་གཞན་བསྐྱེད་པར་བྱའོ། །ཞེས་སེམས་བསྐྱེད་པར་བྱེད་དེ། སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས། ཟང ་ཟིང་དང་མི་འཇིགས་པ་སྦྱིན་པ་གཉིས་ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐབས་དེས་བསྒྲུབས་པ་ཡིན་ནོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལ་སྨོན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་སྟེ། དེའི་ཕྱིར་སྨོན་ལམ་བཅུ་པོ་དག་ཁོ་ནས་བྱང་ཆུབ ་ཆེན་པོ་ལ་སྨོན་པའི་སེམས་དེ་ལེགས་པར་བརྒྱན་ནས་མཐུ་ཅི་ཡོད་པ་དང། ཇི་ལྟར་བསམས་པའི་དོན་སྒྲུབ་པ་ན་སྤྲོ་བ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་ལྡང་བར་བྱའོ། །ལངས་པའི་ཚུལ་ནི་ཡིན་ཏེ། མིག་གཉིས་ཕྱེ་ནས་སྔར་རྟོག་པའི་གནས་སྐབས་པོར་ཏེ། ་མདུན་དུ་ལྟ་བའི་མཚན་མ་བྱས་པའི་གནས་རྣམས་ལ་ལྟ་བར་བྱ་ཞིང། སྔ་མ་བཞིན་དུ་དེ་རྣམས་ཀྱི་མིང་ནས་བཟུང་ཞིང་ཕྱོགས་ཀྱི་མཚན་མ་བཟུང་བར་བྱའོ། །ལྕེ་རྐན་ནས་ཕབ་སྟེ་ཁ་ལ་བྱུགས་ནས་དེའི་འོག་ཏུ་སྔོན་བཞིན་དུ་དབུགས་རྡུབ་པ་དང་དབུགས ་དབྱུང་བ་དག་བྱའོ། །དེ་ནས་དལ་བུ་ཡིས་ལུས་བསྐྱོད་དེ་སྐྱིལ་མོ་ཀྲུང་བཤིག་ནས་ངལ་བསོ་སྟེ། ལུས་དང་སེམས་ལས་སུ་རུང་བར་བྱས་ལ། ཅི་ནས་འཁྲུལ་པ་མེད་པར་ལྡང་བར་བྱའོ། །ལངས་ནས་སེམས་ལེགས་པར་མཉམ་པར་བཞག་པས་མི ་དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པའི་སྤྱོད་པ་སྤྱད་ཅིང། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་བསམ་གཏན་གྱིས་སྙོམས་པར་ཞུགས་ཤིང ་འགྲོ་བ་ལ་གཟིགས་པ་མདུན་དུ་བསམ་པར་བྱའོ། །རྣལ་འབྱོར་སྒོམ་པའི་ལམ། འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་པདྨའི་ཟེ་འབྲུ་སྤྱི་བོས་ལེན་པ། སྡེ་སྣོད་གསུམ་ལ་མཁས་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །། ་