CLOSE WINDOW

N4088: thub pa'i dgongs pa'i rgyan
Wyliee-texts based on the ACIP/ALL Input

!། (།ཐུབ་པ་དགོངས་པའི་རྒྱན་སློབ་དཔོན་ཨ་བྷ་ཡས་མཛད་པ་བཞུགས་སོ།)་། !། །རྒྱ་གར་སྐད་དུ། མུ་ནི་མ་ཏཱ་ལཾ་ཀཱ་ར། བོད་སྐད་དུ། ཐུབ་པའི་དགོང་པའི་རྒྱན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུབ་(བའི)་དབང་(པོ)་ལ་འདུད་(འཁོར་བ་ལས)་སྒྲོལ ་མ་ཐུགས་བརྩེར་མཛོད། །ཀྭ་ཡེ་འཇམ་དབྱངས་ཡང་དག་དགོངས་སུ་གསོལ། །མ་མ་འོད་ཟེར་ཅན་མ་ཡིད་ཀྱིས་ནི། །རང་བཞིན་བཀྲ་ཤིས་གནས་རྣམས་རྒྱས་པར་མཛོད། །ཤེས་རབ་ཕ་རོལ་ཕྱིན་དང་སྙིང་རྗེ་བདུད་(སློབ་དཔོན་ཡོན་ཏན་བློ་གྲོས་ནི་ཨུ་ནི་ཞེས་པ་ལ་ཡི་གེ་བསྣན་བའི ་ངེས་ཚིག་གིས་མུ་གཏི་གྲོལ་བའི་ཕྱིར་དང་ནིརྭཱ་ཎ་མྱ་ངན་ལས་འདས་པའི་ཕྱིར་ཐུབ་པའོ་ཞེས་གསུང། ཐུགས་གཏང་བར་ཞུའོ། འགྲོ་བ་ལ་བརྩེ་བས་འགྲོ་བའི)་རྩིའི་རང་བཞིན་ཨ་མ་ཐུབ་(དགེ་བའི་དེང་ཁྱད་པར་གྱི་ཆོས་ཇི་ལྟ་བུ་ཞིག་ཡིན)་ཞེན་པ་རྣམས་ཀྱི་སྐུ། (།ཉིད་སེམས་བསྐྱེད་འདུན་ལྡན)་མཆོག་ནས་མཆོག་ཏུ་ཡོངས་སུ ་གྱུར་པ་རབ་ཏུ་མཐོན་པོར་ཅི་ཡང་སོན་གྱུར་པ། །གང་ཞིག་བར་མེད་(པའི)་ཁམས་གསུམ་དག་ཏུ་ས་ཡི་དབང་ཕྱུག་(་མྲི་ཏ་འམ་ཐར་བ་ངོ་མཚར་བ་ནི)་རྣམས་ཀྱིས་ཀྱང་ནི་(ལེའུ་གཉིས་པར་འཆད་བའི་ཚུལ་གྱིས་དགོངས་པ་འམ་སྟེ་ཁྱད་ཀྱི་བཞིའོ་སླར་ཡང་ཁྱོད་ཆོས་ཅི་ཞེ་ན་ལེའུ་གསུམ་བར་འཆད་པའི་ཚུལ་གྱིས) ་རྒྱུན་ཏུ་བསྟེན། (།སངས་རྒྱས་ཀྱིས་སྟེ་ཤིན་ཏུ་སླར་ཡང་ཁྱད་བར་ཅི་ཞེ་ན།)་ཐེག་པ་གང་ཞིག་ཆེ་བའི་(རབ་ཏུ་དགའ་བ་ལ་སོགས་པ)་གདེང་ལྡན་(ལེའུ་4་བར་འཆད་པའི་ཚུལ་གྱིས)་མཆོག་ཏུ་འོད་འབར་(བའི)་ཡོན་ཏན་ཕྲེང་བ་རྣམས་ཀྱིས་རོལ། (།པར་མཛད་པའོ་ཐུབ་དེ་འདྲ་དེ་ནི)་ཆེན་རྣམས་ཀྱི་དགོངས ་(ཏེ་ཡང་དང་ཡང་?)་པ་མཆོག་འདི་ཡི། (།ཡིན་ཞིང་དེ་ལྟ་བུ་སླར་ཡང་ཁྱོད་ཆོས་ཅི་ཞེ་ན་མི་འཇིགས་ཤིང་སྤུངས་ཆེ་བས)་རང་བཞིན་འཕགས་མཆོག་(རྫོགས་པའི་སངས་རྒྱས་དང་ཀླུ་སྒྲུབ་དང་རྣམ་པར་གྲོལ་བའི་སྡེ་ལ་སོགས་པ)་རྣམས་ཀྱིས་གསལ་མཛད་པ། (།པའམ་རྒྱས་པར)་འཇིག་རྟེན ་མུན་(གཏི་མུག་གི)་པས་དཀྲུགས་ལས་མི་ཤེས་པས། །དེ་ཕྱིར་(ཐུབ་པའི་དགོངས)་པ་དེ་ཡི་སྣང་བ་(གསལ་བྱེད)་བརྒྱུད་པ་འདི། (།བསྟན་བཅོས)་ལམ་(བྲལ?་བསལ་ལ་གཏན་མ་ཞུགས་པ)་རྣམས་དང་ལོག་པའི་ལམ་ཅན་དང། །ཤེས་རབ་ལྡན་དང་དང་དང་ལྡན ་རྣམས་ཀྱི། །སེམས་ཀྱི་བདག་ཉིད་དག་པའི་ཆེད་དུ་འདི། (།སྣང་བ)་བྱ་བ་ནི་བདག་བློའི་དགའ་སྟོན་(ཡིན་པས་དེ་ལ་སྐུལ་བ་མེད་ཀྱང)་རང་ཉིད་སྤྲོ། །ཡོན་ཏན་རིན་(འདུས་པ་དང་གསལ་བ་དང་རྒྱ་ཆེ་བ་ལ་སོགས་པའི)་ཆེན་(གྱི)་རང་བཞིན་རྒྱན། (།ཅན་གྱི་བསྟན་བཅོས)་འདི་ལས་ཐུབ་པའི ་དགོངས་པ་ནི། །སྣང་བ་བྱས་པས་ཡང་དག་པའི། །ལྟ་བ་(ཤེས་རབ་དམ་པ)་ཅི་ཡང་(སྟེ་ཤིན་ཏུ་ཆེ་བ)་སྟོན་པར་བྱེད། །དམ་(རང་གི་ལྟ་བ་ལ་མི་ཞེན་ཞིང་དགེ་བ་ཞེས་ཚོལ་པ་ཅན)་པ་ཀུ་ཤའི་རྩེ་འདྲའི་བློ། །ཡོན་ཏན་རིན་ཆེན་ཆོང་འདུས་ཏེ། (།ཡིན་ཏེ་དེ་དམ་པ་དང། །དེ་ལ་ཡོད་པའི་ཡོན་ཏན) ་རིན་ཆེན་མི་ལེན་དང། །ཐེ་(དེ་གཉིས་ལ)་ཚོམ་ཟ་བའང་བསླུས་པ་ཡིན། (།པས་ལེགས་པ་འདོད་པ་རྣམས་ཀྱིས་དམ་པ་དེ་ཡི་ཡོན་ཏན་བརྩོན།)་།འདིར་(ཤེས་བྱའི་གནས་ལུགས)་ངེས་པར་སེམས་ཅན་ཐམས་ཅད་སྒྲིབ་(ཐེག་པ་ཆེན་པོའི་རིགས་ཅན་ཁོ་ན་ཡིན་པས)་པ་གཉིས་སྤོང་བའི་སྐལ་པ་ལས་མ ་འདས་པ་ཁོ་ནར་ཡོད་དེ། (སེམས་ཅན)་དེ་རྣམས་ཀྱང་དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་རང་(སེམས་ཅན་ལ་དམིགས་པའི་སྙིང་རྗེའི་ཡུལ)་བཞིན་མེད་པའི་དངོས་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་(བདག་དང་བདག་གི་བར)་མངོན་པར་ཞེན་པ་ལས། མ་(དབུ་མ་ལ་འཇུག ་པར་དང་པོར་ང་ཞེས་བདག་ཏུ་ཞེན་གྱུར་ཅིང་བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ་ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི་འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད་ཅེས་གསུངས་པ་ལྟར)་རིག་པ་ལ་སོགས་པ་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་(འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས)་རྟེན་ཅིང ་འབྲེལ་པར་འབྱུང་བའི་སྙིང་པོར་དང་པོ་བརྒྱད་དང་དགུ་ཉོན་མོངས་གཉིས་པ་བཅུ་པ་ལས་ཡིན་ཏེ་ལྷག་མ་བདུན་ནི་སྡུག་བསྔལ་ཡིན་ཅེས་པ་གསུམ་ལའང་སྔོན་དང་ཕྱི་མ་དང་བར་མའི་རིམ་པ་མ་རྟོགས་པ་རྣམས། སྲིད་པའི་རྩེ་མོ་ནས་མནར་མེད་པའི་མཐར་ཐུག་པ་འཁོར་བའི་ཁྲོན་པ་ཆེན་པོ ་དམའ་བར་རང་གི་དང་ཉིད་ཀྱིས་(དེ་འབད་པ་མེད་ཀྱང)་འོག་ཏུ་(ངན་འགྲོར)་འགྲོ་བར་ཞུགས་པ་རྣམས་(དགེ་བའི)་རྩོལ་བ་ལས་ཇི་ལྟར་ཡང་(ངན་འགྲོ་ལས་ལྡང་ཞིང་དྲང)་བར་བྱ་བ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང། (ཚོར་བ་སྡུག་བསྔལ)་ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་(ཚོར་བ་བདེ་བ ་དག)་གིས་ཉིན་(མཚོན་ནས་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཀྱང)་དང་ཉིན་དུ་ཡོངས་སུ་སྐྱོ་བར་འགྱུར་བ་(ཟོ་ཆུན་བརྒྱུད་འཕྱན་པ་ལྟ་བུ)་རྣམས་སོ། (།ཆོས་ལ་དམིགས་པའི་ཡུལ་སེམས་ཅན)་དེ་རྣམས་ལས་དང་ཉོན་མོངས་པའི་(རྗེས་སུ་བྱེད་པས)་གཟུགས་བརྙན་བཞིན་ངེས་པར་འཇུག་ཅིང་རབ་ཏུ་གཡོ ་བའི་ཆུའི་ནང་གི་ཟླ་བའི་གཟུགས་བརྙན་(སྐད་1་རེ་རེ་ལ་མི་རྟག་པ་དང་རང་བཞིན་གྱི་སྟོང་པ)་ལྟར་རྟེན་(འཇིག་ཚོགས་ལ་ལྟ་བའི་མཚོར་མ་ངག་པའི་ཆུ་ནག་ཆེན་པོ་ངན་རྟག་གི་རླུང་གིས་སྐྱོང་པ་ན།)་གྱི་ཡུལ་དང་ལྷན་ཅིག་སྐད་ཅིག་སོ་སོར་མི་རྟག་པ་ཉིད་ཀྱི་ཕོངས་(འདུ་བྱེད་ཀྱི་སྡུག་བསྔལ་དུ)་པར་ངེས་པར་ལྟུང ་བར་དང་(རྟོགས་པ། རང་དམིགས་པ་མེད་པའི་ཡུལ)་བཞིན་གྱིས་སྟོང་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་གྱི་དབང་ཉིད་ཀྱིས། (སེམས་ཅན)་དེ་རྣམས་ཀྱི་མི་རྟག་པ་ཉིད་ཀྱི་ཕོངས་པའི་(འཇོམས་པས་ན་རེ)་ཕོངས་པ་ལྟ་བུ་(ལོངས་སྐུ)་དམ་པའི་ཆོས་བདུད་རྩིའི་(རོ་འམ) ་བཅུད་(དུས་ཐམས་ཅད་དུ་འཆི་བའི་སྡུག་བསྔལ་ལྷོག་པས)་ཕུལ་དུ་བྱུང་བ་བྱུང་བའི་(ཆོས་སྐུ་ཐོས་བསམ་སྒོམ་པ་འཛིན་པ)་རྒྱུ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་མཛའ་དག་གི་གཉེན་པོའི་མཚན་ཉིད་ཅན་འགྲོ་(སྤྲུལ་སྐུ་ཅན)་པ་མ་ལུས་པའི་(ཕན་གདགས་པའི)་གཉེན་གྱི་རང་བཞིན་སངས་རྒྱས་ཉིད་ཐོབ་པར ་འདོད་དོ། (།སྙིང་རྗེའི་བདག་དབང)་དེ་ཡིས་བསྐུལ་བར་གྱུར་པ་བདག་ཉིད་ལ་བལྟོས་པ་མེད་པ་དེ་ནི་(བྱང་ཆུབ་སེམས་དཔའ་)་མཛའ་གཅིག་ཏུ་ཕ་རོལ་ལ་ཕན་པ་དོན་དུ་གཉེར་བ་ཉིད་ཀྱིས་ཤིན་ཏུ་དཀའ་བ་བྱེད་ཅིང་དུས་རིང་པོར་ཡང་ཚོགས་(འཕགས་པ་དང་པའི་སྟོབས་བསྐྱེད་པའི་མདོར་དེ་ཡང་སྙིང་རྗེ་ཆེན་པོ་ནི་གང ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་སྡུག་བསྔལ་སྐྱེ་བ་མི་ལེན་པ་ཅི་འང་མེད་དོ་བདེ་བ་སྐྱེ་བ་མི་འདོད་པ་ཅིའང་མེད་དོ་ཞེས་གསུངས་པ་ལྟར)་སོགས་པའི་ཡོངས་སུ་ངལ་བ་ལ་འཇུག་གོ་།དཀའ་བ་རྣམས་ལ་རབ་ཏུ་ཞུགས་པས་ཀྱང་ཡུན་རིང་པོ་ཉིད་ཀྱིས་ཚོགས་ཡོངས་སུ་རྫོགས་ནས་ངེས་པར་ཐམས་ཅད་མཁྱེན་པའི ་གོ་འཕང་ཐོབ་པར་བྱེད་དོ་ཅེས་པ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྩ་བ་སྙིང་(དང་པོའི་རྒྱུ)་རྗེ་ཉིད་དང། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ་ཉིད་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་བརྙོས་ནས་འགྲོ་བ ་མ་ལུས་པའི་དོན་མཛད་ཅིང་(འཁོར་བ་ཇི་སྲིད་པར)་བཞུགས་ཞེས་པས་བཅོམ་ལྡན་འདས་རྣམས་མ་(ཉན་ཐོས་དང་རང་སངས་རྒྱས་ལྟ་བུའི)་ངན་ལས་འདས་པ་ལ་མི་གནས་པའི་ཡང་རྒྱུ་སྙིང་རྗེ་ཆེན་པོ་དེ་ཁོ་ནའོ། (།དབུ་མ་འཇུག་པར)་དེ་གསུངས་པ། བརྩེ་ཉིད་ས་(རྒྱལ་བའི་ལོ་ཏོག་ཕུན་སུམ ་ཚོགས་པའི)་བོན་འཕེལ་ལ་(བའི་ཆེད)་ཆུ་བཞིན་དང། །ཡུན་རིང་ལོངས་སྤྱོད་(ཅིང)་གནས་(བའི་ཆེད)་ལ་སྨིན་པ་བཞིན། །ཞེས་པ་དང། རྣམ་འགྲེལ་དཱུང། གང་རྣམས་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ནི་བཞུགས་པ་ཉིད། །ཅེས་སོ། (དེ་ཡང་སྒྲུབ་བྱེད་ཐུགས་རྗེ ་གོམས་ལས་དེ་ཞེས་སྙིང་རྗེ)་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་མ་ལུས་པ་རྣམས་ལ་མང་དུ་གོམས་པར་བྱས་པ་ལས་འཕེལ་བར་འགྱུར་རོ། །དེ་ལྟར་(བྱང་ཆུབ་སེམས་དཔའ་)་དེ་སྙིང་རྗེ་གོམས་པའི་སྟོབས་ལས་སེམས་ཅན་ཐམས་ཅད་འདོན་པར་དམ་བཅའ་བས་བྱང་ཆུབ་ཏུ ་སེམས་སྐྱེད་པར་བྱེད་དོ། །གང་གི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་གྱི་སྡུག་བསྔལ་བ་ཉིད་ཀྱིས་ཀུན་དགའ་བོ་སུ་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང། ། ་བསླབ་པའི་(སྔ)་གཞི་(དགེ་བསྙན་གྱི་གཏན་ཁྲིམས)་རྣམས་ཡང་དག་པར་གཟུང་ནས་ཡོངས་སུ་སྐྱོང་བར་(སྟེ་བསྲུངས)་བྱེད་ན་དགེ་བའི་རྩ་བ་དེའི་བསོད་ནམས་གཞལ་དུ་མེད་པ་དང་གྲངས་མེད་པར་ང་སྨྲའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པའི ་མཐར་ཐུག་པ་ཇི་སྲིད་པར་གང་(བསོད་ནམས)་གིས་ཚད་གཟུང་བར་མི་ནུས་པར་སྨྲའོ། །ཞེས་པ་ལ་སོགས་པའི་ཕན་ཡོན་(སྐྱབས་འགྲོའི)་ཐོས་པས་ཡང་དག་པར་དགའ་བ་སྐྱེས་པ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས ་པས་(མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་དུ་བཀའ་སྩལ་པ)་གཟུགས་ཀྱི་སྐུ་དང་ཆོས་(སངས་རྒྱས)་ཀྱི་སྐུ་དང། (ཆོས་དཀོན་མཆོག)་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་གྱི་སྐྱབས་ལ་བརྟེན་ནས། །བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། འཇིག་རྟེན་འདི ་ཐམས་ཅད་སྡུག་བསྔལ་ལས་བཏོན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་སྦྱར་བར་བྱའོ་ཞེས་དབང་པོ་རབ་ཀྱི་རབ་མདོར་བསྡུས་པས་བྱང་ཆུབ་ཀྱི་སེམས་སྡོམ་པའི་རང་བཞིན་སྐྱེད་པར་བྱེད་དོ། །སྡོམ་པ་འདི་ཡང་བླ་མ་(སྡོམ་པ་ཉི་ཤུ་པར་བླ་མ་སྡོམ་2། གནས་ཤིང ་མཁས། ནུས་དང་ལྡན་པས་བླང་བར་བྱ། ཞེས་གསུངས་པ་ལྟར)་སྡོམ་པ་ལ་གནས་པ་ཡང་དག་པར་བླངས་པའི་ཆོ་ག་ཤེས་པ་ཉིད་གསར་བུ་དང་ཁྱིམ་པའི་ཆ་ལུགས་འཛིན་པ་ལས་ཀྱང་བླང་བར་བྱའོ། (།བྱང་ཆུབ་སེམས་དཔའ་རྒན་པོ་དང་རབ་ཏུ་བྱུང་བར་མ་ཟད་སྡོམ་པ་གཟུང་བར་ཡང་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གནས་ལ་གོམས་པ ་ལྷུར་བྱེད་པ་དང་སྡོམ་པ་དང་ལྡན་པ་ལས་བྱ་ཞེས་གསུངས་ཤིང་སྒོམ་རིམ་དང་པོར་སྡོམ་པ་ནི་ཕ་རོལ་མཁས་པ་མཐུ་དང་ལྡན་པ་སྡོམ་པ་ལ་གནས་པ་ལ་ནོང་ངོ་ཞེས་གསུངས་སོ།)་དེ་(བླ་མེད་ལྟ་བུ)་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་ན་གནས་པར་ཡིད་ལ་བྱས་ནས་བླང་(ཕྱོགས་བཅུའི་ཞེས་བསླབ་བཏུས ་འཕགས་པ་འཇམ་དཔལ་རྒྱལ་པོ་ནམ་མཁར་གྱུར་པ་ན་སེམས་བསྐྱེད་པ་བཞིན་དུ།)་།བར་བྱའོ། །དེ་རྒྱས་(སྡོམ་པ་བླང་བ་འམ་ལེན་པ)་པར་ནི་དེ་(སངས་རྒྱས་སྲས་དང་བཅས་པ་ལ་གུས་པར་ཕྱག་འཚལ་ཅི་ནུས་མཆོད་ཅེས་པས།)་བཞིན་གཤེགས་པའི་སྐུ་གཟུགས་མདུན་དུ་བྱས་ཏེ། ཀུན་དགའ་བོ་གང་སུ་ཞིག ་སེམས་རབ་ཏུ་དད་པས་དེ་བཞིན་གཤེགས་པའི་ཆེད་དུ་གྲུ་བཞི་འམ་ཟླ་བ་ཕྱེད་པའི་རྣམ་པ་འམ་ཟླུམ་པོ་འམ་ཤིང་རྟའི་རྣམ་པར་མཎྜལ་བྱེད་པ་དེ་གྲངས་ཇི་ལྟ་(དང་གོ་རིམས)་པ་བཞིན། བྱང་སྒྲ་མི་སྙན་དང་ཤ་ར་ལུས་འཕགས་པོ་དང་ནུབ་བ་ལང་སྤྱོད་དང་འཛམ་བུའི་གླིང ་གི་དབང་ཕྱུག་གི་བདག་པོར་འགྱུར་བར་སྨྲའོ། ལུས་ཞིག་ནས་ནི་གྲངས་ཇི་ལྟ་བར་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་རྣམས་སུ་སྐྱེ་བར་རོ། །ཞེས་པ་ཁང་བུ་བརྩེགས་པའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པས། མཎྜལ་བྱུགས་ ་ཏེ་མཆོད་(ཞེས་པར་སྤྱོད་པ་མེ་ཏོག་བདུག་སྤོས་མར་མེ་དྲི་བཟང་ཞལ་ཟས་ཏེ།)་པ་ལྔས་ཡང་དག་པར་མཆོད་ནས། ཀུན་དགའ་བོ་གང་སུ་ཞིག་ཐལ་མོ་སྦྱར་བ་བྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱེད་པར་འགྱུར་པའི་སེམས ་ཅན་དེ་རྣམས་ང་ཡིས་ཡོངས་སུ་གཟུང་བའོ་ཞེས་པ་ལ་སོགས་པའི་ཕན་ཡོན་བསྟན་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་དད་བ་ཡང་(ཱི་དད་པ)་དག་པར་བསྐྱེད་ཅིང་ཕྱག་འཚལ་ནས་བླ་མའི་མདུན་དུ་མཎྜལ་ལ་སོགས ་པ་བྱས་ཤིང་པུས་མོ་བཙུགས་པ་འམ་ཙོག་པུར་ཐལ་མོ་(མཆོད་པ་དང་ཕྱག་གི)་སྦྱར་བས་དམའ་བར་འདུག་ནས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་མདུན་དུ་བདག་(རྟག་པ་གཅིག?་པུ་རང་དབང་ཅན་མེད་ཀྱང་ཕུང་པོའི་རྒྱུན་ལ་འཇིག་རྟེན་དུ་ཐ་སྙད་བཞག་པ་སྟེ་དབུ་མ ་ལ་འཇུག་པར་གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་གློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་རྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་པ་དང། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང། །ཁམས་དང་དེ་བཞིན་སྐྱ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པ་ཉིད་དུ་འདོད། །ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །ཞེས ་གསུངས་སོ།།)་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལེན་པར་འདོད་པས། དེ་བླང་བར་འོས་ན་བདག་ལ་ཐུགས་བརྩེ་བས་བདག་ལ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་སྩལ་དུ་གསོལ་ཞེས་སོ། །དེ་ལ་(སྡོམ་པ་ལེན་པ)་བླ་མས་འདི་སྐད་ལན་གསུམ་བརྗོད་པར་བྱ་སྟེ། ཁྱོད་བྱང ་ཆུབ་ཏུ་སྨོན་པ་(རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ)་བྱས་སམ་ཞེས་པ་དང། བདག་གི་མདུན་དུ་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་རྣམས་ལེན་ནམ་(ཅིང་འཛིན)་ཞེས་པའོ། །དེས་(ལེན་པ་པོ)་འཛིན་ནོ་(ཅིང་ལེན)་ཞེས་དམ་བཅའ་བར་བྱའོ། །བླ་མ་ཡིས ་ནི་འདི་(ལེན་པ་པོ)་སྐད་བརྗོད་དུ་གཞུག་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི ་བས་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕ་དང་མ་འམ་དེ་ལས་གཞན་པའི་སེམས་ཅན་རྣམས་ལ་(བརྟེན་ནས་སམ)་བསྒྲུབས་ནས་སྐྱེ་བ་འདིའམ?་སྲིད་པ་གཞན་རྣམས་སུ་སྡིག་པ་གང་ཅུང་ཟད་(རང་ཉིད་ཀྱིས)་བགྱིས་བ་དང་(གཞན)་བགྱིད་དུ ་སྩལ་བ་དང་(གཞན་བྱེད་བ་ལ)་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་བཤགས་སོ། །ཤེས་ཤིང་དྲན་པས་མི་འཆབ་པོ། །དེ་ལྟར་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་ཉི་མ་འདི་ནས་གཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་(མི)་རྣམས་ཀྱི་མཆོག ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་ཐམས་ཅད་མཁྱེན་པ་ཐམས་ཅད་སྟོན་པ་(ཱམ་གཟིགས་པ་དགྲ་བདུད་བཞི)་དང་འཇིགས་པ་ཐམས་ཅད་(འཆི་བ་མེད་པ་དང་འཆི་བ་དང་མི་བསྡབས་པ་དང་ངན་འགྲོ་དང་འཁོར་གྱི་ནང་དུ་བག་ཚ་བ་ལ་སོགས་པ)་ལས་འདས་པ་སྐྱེས་བུ་ཆེན་པོ་(གཟུང་འཛིན་གྱི་རྟོག་པས) ་མི་ཕྱེད་པའི་སྐུ་ཅན་(ཆོས་ཀྱི་སྐུ)་བླ་ན་མེད་པའི་(གཟུགས་ཀྱི)་སྐུ་ཅན་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་(སྤྲོས་པ་དང་རྣམ་རྟོག་ཐམས་ཅད)་ཞི་བ་ཆོས་ལ་(མྱ་ངན་ལས་འདས་པའི)་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་(རྫོགས་པའི་བྱང་ཆུབ་ལས) ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ལ་སྐྱབས་སུ་མཆིའོ། །འདི་ལྟར་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་སེམས་ཅན་གྱི་ཁམས་མཛའ་ཡས་པ་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་ཆེད་དང། གདོན་པའི་ཆེད་དང་ཡོངས་སུ ་བསྐྱབ་པའི་ཆེད་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་རབ་ཏུ་དགོད་པའི་ཆེད་དུ་ཇི་ལྟར་འདས་པ་དང་ད་ལྟར་བྱུང་བ་དང་མ་བྱོན་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་སངས་རྒྱས་ཉིད་དུ་གཤེགས་པ་(ཱམ་རྟོགས་པ)་དང་གཤེགས ་པར་བྱེད་པ་དང། (ཱམ་རྟོགས་པ)་གཤེགས་པར་(ཱམ་རྟོགས་པ)་འགྱུར་བ་དང་ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་(གཉིས་གཏན)་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱིས་(རིམ་བཞིན)་མཁྱེན་ཅིང་གཟིགས་པ་དང་ཇི་ལྟར་ཆོས་རྣམས་ཀྱི་ཆོས ་ཉིད་(དེ་བཞིན་ཉིད)་མཁྱེན་ནས་(སངས་རྒྱས་སྔ་མ་རྣམས་ཀྱིས)་རྗེས་སུ་མཁྱེན་པ་བཞིན་དུ་ཆོ་ག་(ཱམ་རྣམ་པ)་དེ་ཡིས་བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་མིང་འདི་ཞེས་བགྱི་བའི་མདུན་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །འདི་ལྟར་ལན་གསུམ་མོ། །བདག་གིས་སྡིག་པ་བཤགས་པ་དང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སྐྱེས་པའི་དགེ་བའི་རྩ་བ་འདི་འང་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། སྐྱོབ་པ་མེད་པ་བསྐྱབ་མེད་པ་གནས་མེད་པ་དཔུང་གཉེན་མེད་པ་གླིང་མེད་པའི་(སེམས་ཅན་གྱི)་འཇིག་རྟེན་དུ། (ཉེར་འཚེ་ཐམས་ཅད་བཟློག་པས)་སྐྱོབ་པ་དང་(དེར་བྱས་པའི་བསམ་སྦྱོར་འབྲས་བུ་ཡོད་པའི་གནས་ཡིན་པས)་སྐྱབས ་དང་(རྣམ་གྲོལ་གྱི་དགའ་བ་དེའི་རྟེན་ཡིན་པས)་གནས་དང་(འཕགས་པའི་མཆོག་ཏུ་འགྲོ་བས)་དཔུང་གཉེན་དང་(འཁོར་བའི་རྒྱ་མཚོ་ལས་བཅད་པའི་ཐང་དུ་གྱུར་པས)་གླིང་དུ་འགྱུར་བར་བགྱིའོ། །སེམས་ཅན་སྲིད་པའི་རྒྱ་མཚོ་ལས་མ་རྒལ་བ་རྣམས་ཐམས་ཅད་(བྱང་ཆུབ་བར?་གྱིས)་བསྒྲལ་བར་བགྱིའོ། ། ་སྒྲིབ་པ་(གཉིས)་མེད་པའི་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་(མི་གནས་པའི)་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་(དམྱལ་བ་ལ་སོགས་པ་ཞེས་མན་སྙེ)་དབུགས་དབྱུང་བར་བགྱིའོ། (།མཚན་བརྗོད་འབྲེལ ་ཆེན་དུ་སློབ་དཔོན་འཇམ་དཔལ་གྲགས་པས་འཇིགས་ཤིང་སྐྲག་པ་ཐམས་ཅད་དང་བྲལ་བ་ནི་དབུགས་ཕྱིན་པའོ་ཞེས་སོ།)་།འདི་ལྟར་ལན་གསུམ་མོ། །བདག་མིང་འདི་ཞེས་བགྱི་བ་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པས་མཛའ་ཡས་པའི་སེམས་ཅན་གྱི་ཁམས་ལ་ཇི་ལྟར་མ་དང་ཕ་དང་སྲིང་མོ་དང་སྤུན་དང ་བུ་དང་བུ་མོ་དང་(རིགས་ཀྱི་སྒོ་ནས)་གཉེན་དང་(ལ་སོགས་དང་འབྲེལ་པའི)་སྣག་གི་གཉེན་མཚམས་གང་ཡང་རུང་བར་གནས་པ་དེ་ལྟར་སོ་སོར་འཛིན་ནོ། །སོ་སོར་གཟུང་ནས་ཀྱང་ནུས་པ་ཇི་ལྟ་བ་དང། སྟོབས་ཇི་ལྟ་བ་དང། སྣོད་ཇི་ལྟ་བའི་ཚད་དུ་དགེ་བའི་རྩ་བ་བསྐྲུན་དུ ་གཞུག་གོ་།འདི་ནས་གཟུང་ནས་གང་ཅུང་ཟད་སྦྱིན་པ་སྟེར་བར་འགྱུར་བ་དང་ཚུལ་ཁྲིམས་བསྲུང་བར་འགྱུར་བ་དང་བཟོད་པ་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་བ་དང་བརྩོན་འགྲུས་བརྩོམ་པར་འགྱུར་བ་དང་བསམ་གཏན་ལ་སྙོམས་པར་འཇུག་པར་འགྱུར་བ་དང་ཤེས ་རབ་ཀྱི་རྣམ་པར་དཔྱོད་པར་འགྱུར་བ་དང་ཐབས་ལ་མཁས་པ་ལའང་སློབ་པར་འགྱུར་བ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་(དགོས་པ)་དང་(འཕྲལ་དུ)་ཕན་པ་དང་(ཕྱི་མ་ལ)་བདེ་བའི་ཆེད་དུའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ལས་བརྩམས་ཏེ། ས་ཆེན་པོ་ལ་(རབ་ཏུ་དགའ་བ་ལ་སོགས)་རབ་ཏུ་ཞུགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱི་ཐེག་པ་ཆེན་པོ་དང་མཐུན་པར་རྗེས་སུ་འཇུག་གོ་།དེ་ཉིད་ཀྱི་ཕྱིར་བདག་བྱང་ཆུབ་སེམས་དཔའ་སློབ་པའོ། །འདི་ནས་གཟུང་ནས་བདག་བྱང་ཆུབ ་སེམས་དཔའ་ཞེས་པར་སློབ་དཔོན་གྱིས་གཟུང་དུ་གསོལ། འདི་ལྟར་ལན་གསུམ་མོ། །དེ་ལྟར་(སློབ་དཔོན་བྱང་ཆུབ་བཟང་པོས་སྡོམ་པ་ཉི་ཤུ་པའི་འགྲེལ་པར། ཕྱག་འཚལ་མཆོད་དང་གསོལ་གདབ་དང། །སྨོན་ལམ་གདབ་དང་བླངས་པ་ནི། །བདག་གིར་བྱ་དང་སྡིག་བཤགས་པ། །བྱས་ནས་གསུམ་ལ་སྐྱབས་འགྲོ་དང། །བྱང་ཆུབ ་སེམས་ནི་ཡང་དག་བསྐྱེད། །དགེ་བ་དེ་ཡང་ཡོངས་བསྔོ་དང། །སངས་རྒྱས་སྲས་དང་བཅས་རྣམས་ལ། །གུས་པར་མཁྱེན་པར་གསོལ་བའོ་ཞེས་གསུངས།)་།བསོད་ནམས་ཡོངས་སུ་བསྔོ་བ་སྔོན་མ་ཅན་(སྲེད་པ་དང་བཅས་པར་འཁོར་བར་ཡོངས་སུ་འགྲོ་བས་ན་ཞེས་བཟང་སྤྱོད་འགྲེལ་ནི)་འགྲོ་བ་ཡོངས་སུ་འཛིན་པ་དང། (འགྲོ་བ)་དེ་སྐྱབ་པའི་ཆེད་དུ ་ཚོགས་གསོག་པ་དང། ཐེག་པ་ཆེན་པོ་དང་མཐུན་པར་རྗེས་སུ་འབྲང་བ་བྱེད་དུ་བཅུག་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་ཀྱི་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་མཁྱེན་པར་གསོལ་བར་བྱ་སྟེ། བདག་(སློབ་དཔོན) ་གི་མདུན་དུ། (སློབ་མ)་འདི་ཡིས་བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་(བླངས་སོ)་གཟུང་ངོ་ཞེས་པའོ། །བླ་མ་དེ་འདྲ་བ་མེད་པར་རང་གི་ལེན་ན། སློབ་དཔོན་དགོངས་སུ་གསོལ་ཞེས་པ་དང། སློབ་དཔོན་མིང་འདི་ལྟ་བུའི་མདུན་ལས་ཞེས་པ ་བཞག་ནས་ཇི་སྲིད་དུ་འདི་ནས་གཟུང་ནས་བདག་བྱང་ཆུབ་སེམས་དཔའ་ཞེས་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུང་དུ་གསོལ་ཞེས་པའི་བར་དུའོ། །གསོལ་བའི་དེ་མ་ཐག་ཏུ་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་ཤིང། དགེ་བ་མངོན་པར་འཕེལ་བའི་ཆེད་དུ་(སེམས་བསྐྱེད་མཁན)་འདི་ལ་རྟག་ཏུ་དགོངས་པར་འགྱུར་རོ། (།བརྗོད་མ་པའི་ཚུལ)་དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་སོགས་པར་གསུངས་པའི་ཆོ་གས ་དབང་པོ་རྣོན་པོས་(བྱང་ཆུབ་སེམས་དཔའ་ཨི)་སྡོམ་པ་བླང་བར་བྱའོ། །དབང་པོ་འབྲིང་པོ་ཡང་ཁ་ཅིག་དགེ་བའི་བཤེས་གཉེན་ལ་སོགས་པ་དང་ཕྲད་པའི་དབང་ལས་(བཤད་མ་ཐག་པ)་དེ་བཞིན་དུ་སྟེ་ཁ་ཅིག་ཇི་སྲིད་འཚོ་བ་པའི་དགེ་བསྙེན་གྱི་སྡོམ་པ་ལ་སོགས ་པ་(སོ་སོ་ཐར་པའི་སྡོམ་པ)་གང་ཡང་རུང་བ་སྔོན་མ་ཅན་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལེན་པར་བྱེད་དོ། །དབང་པོ་བརྟུལ་པོ་ནི་ཇི་སྲིད་འཚོ་བ་པའི་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གང་ཡང་རུང་བ་སྔོན་མ་ཅན་ཁོ་(སྡོམ་པ་ལེན)་ནས་སོ། །འདི་དག་གི་ཡང ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཇི་སྲིད་འཚོ་བ་པའི་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གང་ཡང་རུང་བ་མེད་པར་ཡང་སྐྱེ་སྟེ། འོན་ཀྱང་དབང་པོའི་བྱེ་བྲག་ལས་(བྱང་ཆུབ་སེམས་དཔའ་ཨི་སྡོམ་པ)་དེ་འཛིན་པའི་ཆོ་གའི་དབྱེ་བ་རྟོགས་པའི་ཕྱིར་རོ། །ཇི་ལྟར་(སྡིག་པ་ལས)་ལྡོག ་པའི་ཚུལ་ཁྲིམས་ཉིད་ཉེས་པར་སྤྱོད་པ་སྤོང་བ་ཡང་དག་པར་ལེན་པ་ནི་དགེ་བསྙེན་གྱི་སྡོམ་པ་དང། དགེ་ཚུལ་གྱི་སྡོམ་པ་དང་དགེ་སློང་གི་སྡོམ་པ་དང། བསྙེན་གནས་ཀྱི་སྡོམ་པ་ཞེས་པ་རྣམ་པ་བཞི་(མངོན་པ་ཀུན་ལས་བཏུས་སུ་བསྟན་པ་ལྟར)་གང་ཟག་གི་བྱེ་བྲག་ཉེ་བར ་བླངས་ནས་ཡིན་པ་བཞིན་ནོ། །དེ་ལྟར་ནི་གང་ཟག་གང་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་གསུམ་ཉིད་ལ་(རང་བཞིན་གྱི་ཁ་ན་མ་ཐོ་བ)་དགའ་བ་དང་བྲལ་བ་འདོད་པ་ལ་(གཙོ་ཆེར་འཁྲིག་པའི་བདེ་བ)་ལྷག་པར་ཆགས་པ་ཁྱིམ་གྱི་ནང་ན་གནས་པས་ཀྱང ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ལ་བརྟེན་ནས་དང་པོ་རེ་ཞིག་ཇི་སྲིད་འཚོའི་བར་དུ་(སྲོག་གཅོད་མ་བྱིན་ལེན་འདོད་ལོག་བརྫུན་ཆང་སྟེ)་སྤང་བྱ་ལྔ་སྤོང་བའི་བྱ་བ་ཡང་དག་པར་ལེན་པའི་ངེས་པ་བྱ་སྟེ། བྱང་ཆུབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་དགེ་བསྙེན་གྱི་སྡོམ་པ་དང་བྱང ་ཆུབ་ཀྱི་སེམས་ལས་གཞན་ཡང་(ཆོ་གའི་སྒོ་ནས)་དག་པར་བྲངས་པ་ནི་ཇི་སྲིད་འཚོ་བ་པ་ཡིན་པའི་ཕྱིར་(ཤི་བ་ལས)་ཕྱིས་མེད་དེ་རྟེན་ཞིག་པའི་ཕྱིར་དང་རྟེན་གཞན་(ཚེ་འདིའི)་གྱིས་གཞན་དུ་(ཚེ་ཕྱི་མར)་སྦྱོར་བ་མི་རིགས་པའི་ཕྱིར་དང་དྲན་པ་མི་སྲིད་པའི་ཡང་ཕྱིར་རོ། །དེ་ལྟར ་འདི་(དགེ་བསྙེན)་གོམས་པ་རིམ་གྱིས་འདོད་པ་ལས་སེམས་དབེན་པར་གྱུར་པ་ནི་སྤང་བྱ་ཐམས་ཅད་དང་མི་ཚངས་པར་སྤྱོད་པ་ལས་ཀྱང་ལྡོག་པར་སྤྲོ་བས་དང་པོར་ལྔ་ཁོ་ན་སྤོང་བ་གཟུང་བར་བྱའོ། (།གང་ཟག)་གང་འདོད་པ་ལས་དབེན་པར་སྤྱོད་པ་དེ་ནི་ཁྱིམ་ནས་བྱུང ་སྟེ་(འདོད་ལོག་ཁོ་ནར་མ་ཟད)་མི་ཚངས་པར་སྤྱོད་པ་འང་སྤང་ཤིང་རབ་ཏུ་བྱུང་བ་བྱའོ། །དེ་ལ་(ཁྱིམ་པ་ལས)་རབ་ཏུ་བྱུང་བ་དང་(དགེ་ཚུལ་ལ་སོགས་པ)་བསྙེན་པ་རྫོགས་པར་གདགས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྐྲ་དང་ཁ་སྤུ་བྲེགས་ནས་(ལུས་ལ) ་གོས་ངུར་སྨྲིག་གྱོན་ཏེ་(པས་མཚོན་པའི་སེམས་ཀྱི་སྐྱོན་སྤངས)་ཡང་དག་པ་ཉིད་དུ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ཞེས་སོ། (།མདོའི་དག?)་འདིས་དགེ་སློང་གི་ཕུན་(དགེ་སློང་དུ)་སུམ་ཚོགས་པ་རྣམ་པ་བཞི་ཡོངས་སུ་གཟུང་ངོ། །གྱོན་ཏེ་(དགེ་སྦྱོང་གི་ཚུལ་དུ་ཞུགས) ་ཞེས་པའི་བར་གྱིས་ཆ་ལུགས་ཕུན་སུམ་ཚོགས་པ་སྟེ། ཆ་ལུགས་འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར་ཁྱིམ་པའི་ཆ་ལུགས་ལས་ཕུན་སུམ་ཚོགས་པའོ། །ཡང་དག་ཉིད་དུ་ཞེས་པ་ནི་(ཆོ་ག)་ལས་ཕུན་སུམ་ཚོགས་པ ་སྟེ། གསོལ་བའི་ལས་(དགེ་ཚུལ་ལེན་པའི་ཆོ་ག)་ལ་སོགས་པས་(བརྗོད་པ་གསུམ་གྱི)་ཡང་དག་པར་རབ་ཏུ་བྱུང་གི་བསྙེན་པར་མ་རྫོགས་པ་འམ་རང་གིས་རྟགས་གཟུང་བ་མ་ཡིན་ནོ། །དད་པས་ཤེས་པས་བསམ་པ་ཕུན་སུམ་ཚོགས་པ་སྟེ། བུ་ལོན་གྱིས་མནར ་པས་མ་(རབ་ཏུ་བྱུང་བ་བྱས་པ)་ཡིན། འཇིགས་པས་མནར་བས་མ་ཡིན་རྒྱལ་པོའི་ཆད་པའི་ཆེད་དུ་མ་ཡིན་ནོ། །ཁྱིམ་ནས་ཞེས་པ་ལ་སོགས་པ་ནི་གནས་ཕུན་སུམ་ཚོགས་པ་སྟེ་ཁྱིམ་པའི་གནས་ནི་ཁྱིམ་མོ། །དོག་པོ་དེ་ལས་(ལྟོས་ན) ་གནས་འདི་ཕུན་སུམ་ཚོགས་པ་སྟེ་ཁྱིམ་མེད་པ་ཤིང་དྲུང་(དང་དགོན་པ)་ལ་སོགས་པའོ། །རབ་ཏུ་བྱུང་བ་ཡང་རྣམ་པ་གསུམ་སྟེ་(མདོ་སྡེ་རྒྱན་གྱི་ཕྱོགས་ཀྱི་ཐད་དུ་ས་རྣམས་ཀུན་ལ་བློ་ལྡན་གྱི། རབ་བྱུང་ལེན་པས་ཐོབ་པ་དང། ཆོས་ཉིད་ཀྱིས་ནི་ཐོབ་པ་གཞན། རབ་ཏུ་བྱུང་བ་སྟོན་བྱེད་ཡིན། ཞེས་གསུངས།)་གསོལ་བའི ་ལས་ལ་སོགས་པས་ཡང་དག་པར་བླངས་པས་ཐོབ་པ་དང་(དེ་ཁོ་ན་ཉིད)་རྟོག་པ་ཡོད་ན་ཆོས་ཉིད་ཀྱིས་ཐོབ་པ་དང་(ཱམ་སྡོམ་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཅན)་སྤྲུལ་པས་ངེས་པར་བསྟན་པ་ཅན་རྣམས་སོ། །བསྙེན་པར་རྫོགས་པ་ནི་རྣམ་པ་བཅུའོ་ཞེས་འདུལ་བར་བྱེ་བྲག ་སྨྲ་བའི་འདོད་པ་སྟེ་(ལེའུ་བཞི་པའི་ས་དང་པོར)་འཆད་པར་འགྱུར་རོ། །གང་ཉེས་པར་སྤྱོད་པ་དང་འདོད་པ་ལས་དབེན་པ་དང་བྲལ་བ་དེ་(ཱི་གང་ཟག)་ནི་ཉིན་ཞག་ཙམ་དཱུང་ཉེས་པར་སྤྱོད་པ་དང། (།དྲུག་སྡེ་ལྟ་བུ)་འདོད་པ་ལས་དབེན་པའི་ངོ་བོ་བསྙེན་གནས་ཡང་དག་པར་ལེན་པ་ལ ་སྦྱར་བར་བྱའོ། །དེ་བཞིན་དུ་(སྡོམ་བརྒྱད་འགྲེལ་པར)་འགའ་ཞིག་ཉིན་པར་ཙམ་དུ་འམ་མཚན་མོ་ཙམ་དུ་སྟེ། གཞན་གྱི་བུད་མེད་ལ་རྩེ་བ་དང་ཤན་པ་རྣམས་(རིམ་བཞིན)་མཚན་མོ་དང་ཉིན་པར་སྤོང་བར་སྤྲོ་བ་མེད་པའི་ཕྱིར་རོ། (།ཞེས་སོ)་རྣམ་པ་འདི་ལྟ་བུའི་གང་ཟག ་རྣམས་ཉིད་རྗེས་སུ་(དགེ་བ་བཅུ་སྤང་བས)་གཟུང་བའི་(ཞིང་ཕན་གདགས)་ཆེད་དུ་ཞི་བ་དང་རྒྱས་པ་ལ་སོགས་པ་(ཱི་འབྲུས་འདོད་པ)་དེ་དང་དེ་ལ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་རྟོག་པའི་ཆོ་གར་གསུངས་པའང་བདག་ཉིད་ཀྱིས་(གང་ཟག་ཉེས་སྤྱོད་དང་འདོད་པ་སྤོང་བར་མི་ནུས་པ) ་འདི་རྣམས་མ་(བསྙེན་གནས་ལེན་པ)་ཡིན་ཏེ་མཐོང་བའི་(ཚེ་འདིའི)་འབྲས་བུ་(ཞི་རྒྱས་ལ་སོགས)་འདོད་པས་ཀྱང་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་འཇུག་གོ་ཞེས་པའོ། (།སྡོམ་བརྒྱད་འགྲེལ་པར)་དེ་ཉིད་ཀྱི་ཕྱིར་དགེ་བསྙེན་ཡང་འདོད་པ་ལས་དབེན་པ་གོམས་པའི་དོན་དུ་ཚིགས ་མཚམས་(ཉ་དང་གནམ་སྟེང་སོགས)་རྣམས་དང་ཆོ་འཕྲུལ་གྱི་དུས་སཱུང་རེས་འགའ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་ལེན་དུ་གཞུག་གོ་།སྤྲོ་བ་དང་ལྡན་པས་ནི་ཟླ་ཕྱེད་དང་ཟླ་བ་ལ་སོགས་པ་སྟེ་རིམས་ཀྱིས་གོམས་པས་ཇི་སྲིད་འཚོ་བའི་བར་དཱུང་(ཞེས་སོ)་ཞེས་པའོ།། ་མ་ནིང་ལ་(དང་སྒྲ་མི་སྙན་པ་དང་ངན་སོང)་སོགས་པའི་གང་ཟག་རྣམས་ལ་ནི་རང་བཞིན་ཉིད་ཀྱིས་སྡོམ་པ་སྐྱེ་བ་མ་ཡིན་པ་སྡོམ་པ་མ་ཡིན་པ་ཡང་མ་ཡིན་ཏེ་ཚྭ་སྒོ་ཅན་གྱི་ཞིང་རྣམས་ལ་འབྲུ་དང་རྩཝ་(མི་སྐྱེ་བ)་བཞིན་ནོ། །གང་མོའི་དབང་པོ་དང་ལྡན་པ་(བུད་མེད)་དེ་འང་སྐལ་པ་ཅན་ཉིད་དོ། །དོན་དམ ་བར་(ཏ་དངོས་པོར་ན་མཛོད་འགྲེལ་དུ་འོ་ན་མདོ་ལས་དགེ་སློང་རྣམས་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་སོ་ཞེས་གསུངས་པ་ཇི་ལྟ་བུ་དེ་ནི་དེ་དག་གི་ལེགས་པར་སྤྱད་པ་ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ་ཞེས་གསུངས་སོ།)་།ཕོ་དང་མོ་འདི་དག་གི་སྡོམ་པ་ལ་ཁྱད་པར་ཅུང་ཟད ་མེད་མོད་གཞན་དུ་རྟགས་(སྟེ་ཐ་དད་དུ་བཞག་པ་ནི)་དང་རྟེན་དང་མིང་ཐ་དད་པ་ལས་སོ། །སྤོང་བ་ཡང་(སྡོམ་པ)་དག་པར་(དད་པ་དང་ལྡན་ཞིང་འཚམས་མེད་པ་ལ་སོགས་སྤངས་པས་ཤེས་སྡོམ་བརྒྱད་འགྲེལ་པར)་ལེན་པ་འདི་འང་བླ་མ་སྡོམ་པ་ལེན་པའི་ཆོ་ག་ལ་མཁས་པ་(སློབ་དཔོན་པཱུཎྱཱ་ཤྲཱི་ཡིས་དགེ་བསྙེན ་སྡོམ་བརྒྱད་ཀྱི་འགྲེལ་པར་སྡོམ་གནས་ཞེས་པ་དགེ་བསྙེན་གྱི་སྡོམ་པ་ལ་སློབ་པ་རྣམས་ཡིན་གྱི་གཞན་ལས་མིན་ཏེ་མི་དབང་པའི་ཕྱིར་ཞེས་བཤད།)་།ཡང་དག་པར་ལེན་པར་འདོད་པའི་སྡོམ་པ་ཅན་ལས་བྱ་སྟེ། སོ་སོར་ཐར་པའི་སྡོམ་པ་ནི་ཕ་རོལ་གྱི་རྣམ་པར་རིག་བྱེད་ལས་འདོད་པའི་ཕྱིར་རོ། །རྐྱེན་ཡོད་ནའང་ཕ་རོལ ་ལ་ལྟོས་པས་(བླངས་པ་ལས)་མི་འདའ་བའ་ཨི་དོན་དུའོ། (།བླ་མ་ལ་ཕྱག་བྱས་ནས)་འདི་ལྟར་བླ་མས་གསུངས་པའི་རྗེས་སུ་བརྗོད་པར་བྱ་སྟེ། བདག་མིང་འདི་ལྟ་བུ་དུས་འདི་ནས་གཟུང་སྟེ། ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ལྟ་བུ་དུས་འདི་ནས ་གཟུང་སྟེ་ཇི་སྲིད་འཚོའི་བར་དུ་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ལྟ་བུ་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའི་(མིང་ཆེན་གྱིས་ཞུས་པའི་མདོར་གསུམ་ལ་སྐྱབས་སུ་སོང་སྟེ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་སྨྲ་ན་དེ་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ་ཞེས་བཀའ་སྩལ་པས)་བར་དུ་དགེ་འདུན་ལ་སྐྱབས་སུ་མཆིའོ། ། ་འདི་ལྟར་ལན་གསུམ་ཡང་ངོ། །སྐྱབས་གསུམ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པའོ། །དེའི་རྗེས་སུ་བདག་མིང་འདི་ལྟ་བུ་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་སྟེ་སྲོག་གཅོད་པ་ལས་སླར་ལྡོག་གོ་། ་དེ་བཞིན་དུ་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་དང་འབྲུའི་(སུམ་བརྒྱ་པར་འབྲས་བུ་ལ་སོགས་ཁུ་བ་བཅོས་པ་ནི་བཅོས་ཆད་དགུན་ཆད་དུར?་ཆད་འདྲར་བསྟན། ཆན་བཏགས་མནན་པ་བྱས་པ་འབྲས་བུའི་ཆད། ཞེས་པ།)་ཆད་དང་(ན་རི་ཀ་དང་མེ་ཏོག་དང)་སྦྱར་བའི་ཆད་(ཱམ་བཅོས་པ)་མྱོས་པར ་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་གོ་།འདི་ལྟར་ལན་གསུམ་ཡང་སྟེ། དེང་ནས་གཟུང་ནས་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པའོ། །དེ་ལྟར་(གང་ཟག)་འདི་(གསུམ་ལ་སྐྱབས་སུ་འགྲོ་བ་འམ)་ཡན་ལག་གསུམ་ཡོངས་སུ་རྫོགས་པ་དང། ཡན་ལག་ལྔ་ཡོངས་སུ ་རྫོགས་པའི་དགེ་བསྙེན་དུ་འགྱུར་ཏེ། སྐྱབས་གསུམ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་བདག་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་པ་དང། དེ་བཞིན་དུ་གསུམ་ལ་སྐྱབས་སུ་སོང་བ་བསླབ་པའི་གཞི་ལྔ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་(སྲོག་གཅོད་ལ་སོགས་ལྔ་སྤོང་བའི) ་བདག་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་པ་རྣམ་པ་གཉིས་འདུལ་བར་གསུངས་པའི་ཕྱིར་རོ། །རྒྱུ་བཞིས་སྐྱབས་སུ་འགྲོ་བར་རིག་པར་བྱ་སྟེ་(སྐྱབས་ཀྱི)་ཡོན་ཏན་ཤེས་པ་དང་ཁྱད་པར་ཤེས་པ་དང་(སྐྱབས་སུ)་ཁས་བླངས་པ་དང་སྟོན་པ་(སངས་རྒྱས་ལས)་གཞན་བསྟན་པ ་མ་ཡིན་པས་སོ། (།བཞི་པོ)་དེ་རྣམས་ཀྱིས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་སྟེ་གང་གི་ཕྱིར་ཡོན་ཏན་དང་ཁྱད་པར་ཤེས་པ་དག་ལས་སྲོག་གིས་ཀྱང་དམ་པའི་ཆོས་ཁས་ལེན་པ་ལ་སངས་རྒྱས་ལ་སྐྱབས་སུ་འགྲོའོ། ཀྱི། (གང་ཞིག་སངས་རྒྱས་སྐྱབས་འགྲོ་བ་དེ་ནི་ཡང་བདག་གི་སྟོན་པའོ་ཞེས ་དག་དགེ་བསྙེན་ཏེ་ནན་དུ་ཡང་ནི་ལྷ་གཞན་ལ་སྐྱབས་སུ་སོང་བ་མ་ཡིན་ནོ་དམ་པའི་ཆོས་2?་སྐྱབས་སོང་ན་འཚེ་ཞིང་གསོད་པའི་སེམས་དང་བྲལ་དགེ་འདུན་རྣམས་ལ་སྐྱབས་སོང་བ་མུ་སྟེགས་ཅན་ལ་ཕྱོགས་མི་བྱ་ཞེས་པས་འཕགས་པ་མྱང་འདས་ཆེན་པོར་གསུངས་སོ། ?།)་བསྙེན་གནས་ཀྱི་སྡོམ་པ་ཉིན་(བླང་བའི་ཡུལ་ནི་གནས་འཇོག་གིས་ཞུས་པའི་མདོར་དགེ་སློང་བྲམ་ཟེ་ཤེས་པ ་གཅིག་གི་དྲུང་དུ་སོང་སྟེ་ཞེས་གསུངས་པ་དང་འདུལ་བ་ལུང་དུ་ཕྱི་མ་བདག་མགོན་མེད་ཟས་སྦྱིན་གྱིས་འགྲོན་པོ་ལ་བསྙེན་གནས་ཕོག་པར་བཤད་པས་དགེ་བསྙེན་ཆོ་ག་ཤེས་པས་ཀྱང་རུང་བར་གསལ།)་ཞག་པ་ནི་རྒྱུན་དུ་པ་མ་ཡིན་པའི་རྒྱན་(པར་འདོགས་པ)་སྤངས་ཏེ་ཉི་མ་ཤར་བ་ན་སྔར་བཞིན་དུ་གཟུང་(མཛོད་དུ་དཔའ་བར་འདུག་སྨྲས་རྗེས་བཟླས ་པས་མི་བརྒྱན་རྣམ་ནི་ལངས་བར་དུ་བསྙེན་གནས་ཡན་ལག་ཚང་བར་ནི་ནང་པར་གཞན་ལས་ནོར་པར་བྱ་ཞེས་པ་ལྟར)་བར་བྱའོ། །བདག་མིང་འདི་ལྟ་བུ་དུས་འདི་ནས་གཟུང་ནས་སང་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤོང་སྟེ། སྲོག་གཅོད་པ་ལས་སླར་ལྡོག་གོ་།དེ་བཞིན་དུ་མ་བྱིན་པར་ལེན་པ་དང། ་མི་ཚངས་པར་སྤྱོད་པ་དང་བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་ཁྲི་(ཁྲུ་གང་ལས་ལྷག་པའི)་སྟན་མཐོན་པོ་དང་ཁྲི་(དམའ་ཡང་རིན་པོ་ཆེ་ལས་བྱས་པ)་སྟན་ཆེན་པོ་དང་དྲི་དང། (སུམ་བརྒྱ་པར་ཁྲུ་གང་ལས་ལྷག་ཚད་ནི་མཐོན་པོ་ཡིན་རིན་ཆེན་ལ་སོགས ་སྐད་པ་སྨྲས་ཆེ་ཡིན་ཞེས་གསུངས་ལྟར)་ཕྲེང་བ་དང། བྱུག་པ་དང། ཁ་དོག་འཆང་བ་དང། གར་དང་གླུ་དང་རོལ་མོ་དང་རྩེད་(བི་ཤོཀ་དརཤ་ན་སྟེ་གཉན་པོ་ཚ་བས་དགའ་བའི་བལྟད་མོ་ཞེས་བསྒྱུར་ཆག་དགྲོམ་གྱིས་བལྟད་མོ་བལྟ་བཞེས་པར་བསྒྱུར།)་འཇོ་དང་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་གོ་།དགྲ་བཅོམ་པ ་རྣམས་ཀྱི་ཚུལ་ཁྲིམས་ཡོན་ཏན་བརྒྱད་ཀྱིས་བརྒྱན་པར་བདག་བགྱིད་དོ་ཞེས་པའོ། །འདི་ལྟར་ལན་གསུམ་ཡང་ངོ། (།སྡོམ་བརྒྱད་འགྲེལ་པར)་དེ་ལྟར་འདི་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད་པར་འགྱུར་རོ། (།བསྙེན་གནས)་འདི་ཡིས་འཕགས་པ་རྣམས་དང་ཉེ་བར་གནས ་ཞེས་པས་བསྙེན་གནས་སུ་བརྗོད་པར་བྱའོ། །གསོ་སྦྱོང་ཞེས་ཀྱང་སྟེ། དགེ་བའི་ས་བོན་གསོ་བ་འཛིན་པར་བྱེད་ཅེས་བྱས་ནས་སོ། (།ཞེས་སོ)་གང་གསོ་བའི་དོན་ནི་མདོ་ལས་ཉིན་ཞག་པའི་གསོ་སྦྱོང་གི་(བསྙེན་གནས)་སྡོམ་པས་འདོད་པ་ན་སྤྱོད་པའི་ལྷ་དྲུག་གང་འདོད ་པ་དེར་སྐྱེའོ་ཞེས་སོ། །ཉིན་པར་(མཚན་མོ་ཙམ་ལེན་འང་འདི་བཞིན་ཏེ་འདི་གཉིས་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི་གསོ་སྦྱོང་མ་ཡིན་པར་སྡོམ་བརྒྱད་འགྲེལ་པར་གསུངས་སོ།)་།ཙམ་ཡང་དག་པར་ལེན་ན་ནི་དུས་འདི་ནས་གཟུང་སྟེ་ཇི་སྲིད་ཉི་མ་ནུབ་ཀྱི་བར་དུ་ཞེས་དུས་ཡོངས་སུ་བཅད་པར་བྱའོ། །འདི་ཉིད ་ལ་དགོངས་ནས་དུས་འདི་ནས་གཟུང་ནས་མཚན་མོ་བྱུང་གི་བར་དང་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་ཞེས་གསུངས་སོ། །གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་འཚོ་བ་པ་ནི་གོ་མིའི་སྡོམ་པའོ་(དཀོན་མཆོག་བརྩེགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པར་རྒྱལ་པོ ་དགེ་བ་དཀོད་ཀྱིས་ཇི་སྲིད་འཚོ་བར་བདག་ནི་ཚངས་སྤྱོད་ཅིང། གསོ་སྦྱོང་ཡན་ལག་བརྒྱད་པ་བླང་བར་བགྱི། ཞེས་སྨྲས་པ་ལ་སངས་རྒྱས་རི་རབ་ལྟུས་བསླབ་པ་བརྒྱད་སྤྱོད་པ་ནི་རབ་བྱུང་དང་མཚུངས་སོ་ཞེས་གསུངས་སོ།)་།ཞེས་པ་གདམས་ངག་གོ་།འདི་ཉིད་གང་མི་(བྱ་བ་མ་ཡིན་པ)་བྱ་བར་ངེས་པའི་མཚན་ཉིད་ཅན་དེ་སོ་སོ་ཐར་པའི ་སྡོམ་པའོ། །འདི་ལྟར་གང་འདི་(སྡོམ་པ)་ཡང་དག་པར་ལེན་པ་པོ་གཡེངས་པ་དང་སེམས་མེད་པ་ལའང་འཕངས་པའི་དུས་ཇི་སྲེད་པར་དགེ་བ་རྗེས་སུ་འགྲོ་བའི་རྒྱུན་(ཆགས)་ཡོངས་སུ་གྱུར་པའི་ཁྱད་པར་སྐྱེ་སྟེ། (སྡོམ་པ)་གང་ལས་(ལེན་པ་པོ)་འདི་མི་བྱེད་པར་དམ ་བཅས་པ་ཡང་དག་པར་དྲན་ནས་བཀག་པའི་ལས་(སྲོག་གཅོད་ལ་སོགས)་ལས་ངོ་ཆོས་ལུས་ངག་དག་ཡང་དག་པར་སྡོམ་མོ། (།སྡོམ་པ)་གང་ཡོངས་སུ་སྨིན་པ་ཐོབ་པ་ལས་ཕྱིས་ཕུན་སུམ་ཚོགས་པ་རྣམས་སྐྱེ་བའོ། (།མཛད་འགྲེལ་དུ་མདོ་སྡེ་པ་རྣམས་ན་རེ)་རྣམ་པར ་རིག་བྱེད་མ་ཡིན་པ་ཞེས་བྱ་བ་(སྡོམ་པ་སོགས་ཀྱི་ངོ་བོར་གྱུར་པ)་དངོས་པོར་གྱུར་པའི་(རྫས་སུ་གྲུབ་པ)་ཆོས་གཞན་འགའ་ཡང་མེད་དེ། རྣམ་པར་རིག་བྱེད་མ་ཡིན་པ་ནི་(མི་བྱེད་པར)་ཁས་བླངས་ནས་མི་བྱེད་པ་ཙམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མི་བྱེད་པའང་བྱ་བ་འགགས ་པ་སྟེ་(བྱ་བ་འགེགས་པ)་འདི་ཡང་ཅུང་ཟད་(མེད་དགགས་ཡིན་པས་དངོས་པོར་མེད་པས)་ཀྱང་མ་ཡིན་ནོ། །འདས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་(རྣམ་རིག་བྱེད་མིན་ཏེ)་འདོགས་ནའང་(འབྱུང་བ)་དེ་རྣམས་ཀྱང་མེད་པ་ཉིད་ཀྱི་ཕྱིར་དངོས་པོར་གྱུར་པ་མེད་དོ། །བྱེ་བྲག་ཏུ ་སྨྲ་བ་རྣམས་ནི་(འདི་རྣམས་དབུ་མ་ཕུང་པོ་ལྔ་པར)་གཟུགས་གང་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཡང་དག་པར་བསྡུས་པ་(མིག་གི་ཡུལ་དུ)་བསྟན་དུ་མེད་ལ་(གཟུགས་གཞན་ལ)་ཐོགས་པ་མེད་པ་ཡིད་ཀྱིས་རྣམ་པར་ཤེས་པ་ཙམ་གྱིས་རྣམ་པར་ཤེས་པར་བྱ་བ་སྡོམ་པ་དང་སྡོམ་པ ་མ་ཡིན་པ་དང་བར་མར་གནས་པ་རྣམས་ཀྱི་(རིམ་པ་ལྟར)་དགེ་བ་དང་མི་དགེ་བ་དང་གཉིས་ཀའི་རྒྱུན་གྱིས་ངོ་བོ་དེ་རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་ལ་གཟུགས་འགའ་ཞིག་སེམས་ཀྱི་རྗེས་སུ་འབྲང་བ་སྟེ། དཔེར་ན་བསམ་(མཛོད་དུ་སེམས་ལས་བྱུང་དང་སྡོམ་གཉིས་དང། སེམས ་དང་དེ་དག་གི་མཚན་ཉིད། སེམས་ཀྱི་རྗེས་འཇུག་ཅེས་དང་ཐ་མ་གཉིས་ནི་སེམས་རྗེས་འབྲང་ཞེས་པས)་གཏན་དང་ཟག་པ་མེད་པའི་སྡོམ་པའི་རང་བཞིན་(རིམ་བཞིན)་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་གྱི་སེམས་ཐོབ་པ་ལས་ཐོབ་ལ་(བསམ་གཏན་གཉིས་སོ)་དེའི་སེམས་གཏོང་བས ་གཏོང་བ་བཞིན་ནོ། (།གཟུགས)་འགའ་ཞིག་གཞན་གྱི་རིག་བྱེད་ལ་སོགས་པས་ཡང་དག་པར་བྱུང་བ་སྟེ། དཔེར་ན་སོ་སོ་ཐར་པ་སྡོམ་པའི་གཟུགས་ལྟ་བུའོ། །དེ་ལ་(རིག་བྱེད་མིན་པའི་འདོད་ཟླ)་ལུས་ཀྱི་རྣམ་པར་རིག་བྱེད་ནི་དེ་(ལུས་ཀྱི་དབྱིབས)་ལ་དམིགས་པའི་སེམས་པས ་བསྐྱེད་པའི་ལུས་ཀྱི་དབྱིབས་ཀྱི་ཁྱད་པར་དེ་ལྟ་དེ་ལྟའོ། །དག་གྲི་རྣམ་པར་རིག་བྱེད་ཀྱང་དེ་(ངག་གི་སྒྲ)་ལ་དམིགས་པའི་སེམས་(པས)་བསྐྱེད་པ་ཚིག་གསལ་པོར་འདོན་པའོ། །དེ་དང་འདི་གཉིས་ཀ་ཀུན་ནས་སློང་བའི་སེམས་རྣམ་པར་ཤེས་པར་བྱེད་པའི་ཕྱིར་(སྐྱེས ་བུ་འདི་ལ་ནི་འགྲོའོ་སྙམ་པའི་བློ་སྐྱེས་ཏེ་འགྲོ་ཞིང་འདུག་པའི་ཕྱིར་ཅེས་པ་ལྟ་བུ)་རྣམ་པར་རིག་བྱེད་དོ། །རྣམ་པར་རིག་བྱེད་དང་འདྲ་བ་ནི་ཆོས་གང་འཕེན་པར་བྱེད་པ་དང་མཚམས་སྦྱོར་བར་བྱེད་(ཅིང་ཡང་དག་པར་འདིས)་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་རབ་ཏུ་འཇུག་པ་སྟེ། ་རྣམ་པར་རིག་བྱེད་ལྟར་ཕ་རོལ་ལ་(རང་ཀུན་ནས་སློང་བའི་སེམས)་རྣམ་པར་རིག་པར་བྱེད་པ་མ་ཡིན་པ་(སློབ་དཔོན)་མན་ངག་ཙམ་ལས་རྟོག་པར་བྱ་བ་འབའ་ཞིག་པ་དགེ་སློང་ལ་སོགས་པར་རྣམ་པར་བཞག་པའི་རྒྱུ་འདི་ནི་རྣམ་པར་རིག་བྱེད་མ་ཡིན་པ་རྫས་སུ་(དེ་འདྲི་མེད་པས) ་ཡོད་པ་གཟུགས་ཀྱི་ཕུང་པོས་ཡང་དག་པར་བསྡུས་པ་སྟེ་(རྣམ་པར་རིག་བྱེད་དང་འདྲ་བ་མིན་པ་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས)་དེ་དང་འདྲ་བ་དགག་པ་བྱས་པའི་ཕྱིར་(བྲམ་ཟེ་དང་འདྲ་བ་མ་ཡིན་པ་ལ)་བྲམ་ཟེ་མ་ཡིན་པ་(ཞེས་རྗོད་པ)་བཞིན་ནོ་ཞེས་ཟེར་རོ། (།དེ་རྣམས་དབུ་མ་ཕུང་པོ་ལྔ་བར་རོ) ་དེ་མི་རིགས་སོ་ཞེས་གཞན་དུ་དཔྱད་ཟིན་ནོ། །ལུང་གི་(བསྟན་མེད་ཐོགས་པ་མེད་སོགས་པ་རྣམ་གསུམ?་དྲི་མེད་གཟུགས་གསུང་དང་འཕེལ་དང་མ་བྱས་ལམ་སོགས་ཕྱིར་ཅེས་བྱེ་བྲག་སྨྲ་བས་རིག་བྱེད་མིན་གྱི་སྒྲུབ་བྱེད་དུ་བཀོད་པའི)་དོན་ནི་ཁོ་བོ་ཅག་གིས་རྣམ་པ་གཞན་དུ ་ཡང་ནུས་པའི་(ཏེ་རྒྱས་པར་མཛོད་བཞི་པའི་འགྲེལ་པ་ལས་བལྟ་བར་བྱ)་ཕྱིར་སྤྲོས་པས་ཆོག་གོ་།འོ་ན་སེམས་ཅན་དང་(ངེས་པ)་ཡན་ལག་དང་ཡུལ་དང་དུས་ངེས་པ་དང་བཅས་པས་ཡང་དག་པར་བླངས་པ་(རིམ་པ་ལྟར)་སེམས་ཅན་འདི་ལས་སྤོང་ངོ། །ཡན་ལག་འདི ་དང་ཡུལ་འདི་དང་ཟླ་ཕྱེད་དང་ཟླ་བ་འམ་(བ?་སྤོང་བ)་གཡུལ་ལ་སོགས་པའི་དུས་ལས་གཞན་དཱུང་(སྤོང་བ)་ཞེས་པ་དེ་ཅིར་འགྱུར་ཞེ་ན། ལེགས་པར་སྤྱད་པ་ཙམ་དུ་(སྡོམ་པ་དབེན་པར)་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་སྡིག་པ་སྤོང་བ་མ་ཡིན་པའི་ཕྱིར་རོ། (།གང་རུང) ་དེ་བཞིན་དུ་སྡོམ་པ་མ་ཡིན་པ་ཅན་རྣམས་ཀྱི་(སྡོམ་མིན)་དེའི་རིགས་ཅན་(ཤན་པའི་བུ་ལ་སོགས་པ)་རྣམས་བྱ་བ་ལ་(ལུག་གསོད་པ་སོགས)་རབ་ཏུ་སྦྱོར་བ་དང། གཞན་རྣམས་དེའི་(སྡོམ་མིན་ཅན)་ལས་དེ་(བསད་པ་སོགས)་ཁས་བླངས་པ་ལས་མི་དགེ་བ་རྗེས་སུ ་འགྲོ་བའི་རྒྱུན་ཡོངས་སུ་གྱུར་པའི་ཁྱད་པར་བྱ་བར་ངེས་པའི་མཚན་ཉིད་ཅན་སྡོམ་པ་མ་ཡིན་པ་སྐྱེ་ལ། (སྡོམ་མིན)་གང་ཞིག་(སྡོམ་མིན་ཅན་གྱི་བྱ་བ་སྲོག་གཅོད་ལ་སོགས་པ)་འདི་རྣམས་ལ་རྟག་ཏུ་འཇུག་པ་སྟེ་(སྡོམ་མིན)་གང་ལས་ཐོབ་པ་ཡོངས་སུ་སྨིན་པ་ལས ་ཕྱིས་ཕུན་སུམ་ཚོགས་པ་མིན་པ་(རྒུད་པ)་རྣམས་སྐྱེ་བའོ། (།སྡོམ་མིན)་འདི་ལ་དུས་ཡོངས་སུ་བཅད་པ་ཅི་ཡང་མེད་དེ་(ཆོ་གས)་ཡང་དག་པར་བླངས་པ་མེད་པའི་ཕྱིར་རོ། །སྡོམ་པ་མ་ཡིན་པ་(ཆོ་གས)་ཡང་དག་པར་ལེན་པ་ནི་འགའ་ཡང་མེད་ལ་བསམ ་པ་ངན་པ་ཅན་(གྱི་གང་ཟག)་ནི་(སྡོམ་མིན་གྱི)་བྱ་བ་དེ་དང་མངོན་པར་འབྲེལ་པ་ལས་སྡོམ་པ་མ་ཡིན་པ་སོ་སོར་ཐོབ་པོ། །གལ་ཏེ་འགའ་ཞིག་ཡང་དག་པར་བླངས་པར་གྱུར་པ་ཉིད་ན་(སོག་པོའི་མུར་ཏ་བསྲུང་བ་ལྟ་བུ་སྙམ་སྟེ་དཔྱད)་དེའི་ཚེ་སྡོམ་པ་ལྟར་དུས་ངེས ་པའོ་ཞེས་པའོ། །སྡོམ་པ་མ་ཡིན་པ་ཉེས་པར་སྤྱོད་པ་(གང་ཟག)་འདི་རྣམས་ལ་ཡོད་པས་(ཱོག་ནས་འབྱུང་བའི་གང་ཟག་འདི་རྣམས)་སྡོམ་པ་མ་ཡིན་པ་ཅན་རྣམས་སོ། །དེ་རྣམས་ཀྱང་བཤན་པ་དང་བྱ་གག་པ་དང་(གསོད)་ཕག་པ་དང་(གསོད་པ)་ཉ་པ་དང་བྱ་བ ་དང་རི་དྭགས་རྔོན་པ་དང། རྐུན་པོ་དང་གཤེད་མ་དང་བརྩོན་བསྲུང་བ་དང། སྦྲུལ་འཆིང་བ་དང་གླང་པོ་ཆེ་འདུལ་བ་དང་ཁྱི་འཚོར་བ་(རིག་ངན་གྱི་བྱེ་བྲག་པུགས)་རྣམས་སངས་རྒྱས་འཚོར་བ་རྣམས་ཏེ་(རྒྱའི་སྐད་དོད་མགུ་ཏི་ཞེས་པ་ལ་སློབ་དཔོན་རྒྱལ་པོ་སྲས་ནི་སྲོག་ཆགས་ཀྱི་རིགས་ཝ་གུ་རི་ཞེས་གྲགས ་པ་བམ་པ་ཞེས་བྱ་བ་གསོད་པ་ལ་འཆང་ངོ)་རྒྱལ་པོ་དང་ཆད་པ་པ་དང་(གཅོད་པ་འམ་ལེན་པ)་ཤགས་ཟན་པ་རྣམས་ནི་དོན་གྱི་སྡོམ་པ་མ་ཡིན་པ་ཅན་ནོ། །དེ་ལས་(སྡོམ་ཅན་དང་སྡོམ་པ་མ་ཡིན་པ་ཅན། རིན་ཆེན་འཕྲེང་བའི་ལེའུ་བཞི་པར་ཉམས་ཆུང་བརྩོན་རྣམས་བཏང་བར་མཛོད་འགའ་ཡང་མི་འགྲོལ་མེ་དར་མཛོད ་ཁྱོད་ལ་གང་ལ་བཏང་སེམས་མེད། དེ་ལ་སྡོམ་པ་མིན་པ་སྐྱེ་ཞེས་གསུངས།)་གཞན་པ་རྣམས་སྡོམ་པ་ཅན་མ་ཡིན་ལ་སྡོམ་པ་མ་ཡིན་པ་ཅན་མ་ཡིན་ཏེ། འདི་རྣམས་(བར་མ་ཅན)་ཀྱི་དགེ་བ་དང་(སྙན་པར་སྨྲ་བ་དང་ཟས་སྦྱིན་པ་སོགས)་མི་དགེ་བའི་ལས་ནི་(ཚུར་དང་ཐལ་ལྕག་རྡེག་པ་ལ་སོགས་པ)་སྡོམ་པ་མ ་ཡིན་ལ་སྡོམ་པ་མ་ཡིན་པའང་མ་ཡིན་ནོ། །དེའང་(བར་མའི་ལས)་ཞིང་དང་བསམ་པ་དང་བྱ་བ་ངེས་པ་དང་དངོས་པོ་ཡོངས་སུ་འཛིན་པ་དང་འབད་པས་འཇུག་པ་ལས་སྐྱེ་སྟེ། འདི་རྣམས་སྤངས་པ་ལས་ལྡོག་གོ་།དེ་ལ་ཞིང་ལས་ནི་དཔེར་ན་དཀོན་མཆོག་གསུམ་གྱི ་ཆེད་དུ་གཙུག་ལག་ཁང་བཞེངས་པ་ལ་སོགས་པ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་བསོད་ནམས་ཀྱི་ཕུང་པོ་ཇི་སྲིད་དུ་(གཙུག་ལག་ཁང་ལ་སོགས་པ)་འདི་རྣམས་རྒྱུན་མི་འཆད་པའི་བར་དུ་ཉེ་བར་སྐྱེ་བ་ལ་ཉེ་བར་སྐྱེས་པ་ཡང་མི་ཟད་པ ་ལྟ་བུ་སྟོ། ཇི་སྐད་དུ་ཁང་བུ་བརྩེགས་པའི་མདོར་གསུངས་པ། ཀུན་དགའ་བོ་སངས་རྒྱས་ལ་སྐྲུན་པའི་(ཅིང་བསྐྱེད)་དགེ་བའི་རྩ་བ་འཁོར་བར་མི་ཟད་པའི་དེ་མྱ་ངན་ལས་འདས་པའང་ཐོབ་པར་བྱེད་དོ། །དེ་བཞིན་དུ་ཆོས་ལ་བསྐྲུན་པ་དང་དགེ་འདུན་ལ་བསྐྲུན་པ ་ཡང་ངོ་ཞེས་སོ། །དེ་བཞིན་དུ་ཆོམ་རྐུན་པའི་དོན་དུ་སྐྱེད་ཚལ་ལ་སོགས་པ་རྣམས་བྱེད་པ་ལས་བསོད་ནམས་མ་ཡིན་པའི་ཕུང་པོ་ཇི་སྲིད་(སྐྱེད་ཚལ་ལ་སོགས་པ)་དེ་རྣམས་རྒྱུན་མི་འཆད་ཀྱི་བར་དུ་སྟེ་གང་གི་ཕྱིར་ཆོམ་རྐུན་པ་རྣམས་ནི་དེ་ལ་བརྟེན་ ་ནས་གྲོང་གི་སེམས་ཅན་ལ་སོགས་པ་འཕྲོག་པར་བྱེད་པས་སོ། །དེ་བཞིན་དུ་རྫོང་གི་ཁང་པ་བྱེད་པ་(དང་བཤས་ར་བྱེད་པ)་ལ་སོགས་པ་ལ་རིག་པར་བྱའོ། །བསམ་པ་ལས་དེ་བཞིན་གཤེགས་པ་ལ་སོགས་པ་ལ་དགའ་བས་(སྐྱེད་ཚལ་ལ་སོགས་པ) ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་ཇི་སྲིད་དུ་བསོད་ནམས་རྒྱུན་མི་འཆད་ལ། བཟློག་པས་(དགེ་འདུན་གྱི་དཀོར་འཕྲོག་པ་ལ་སོགས་ལ་དགའ་བ)་བསོད་ནམས་མ་ཡིན་པ་ལྟ་བུའོ། །བྱ་བ་ངེས་པ་ལས་ནི་དཔེར་ན་དམ་པའི་ཆོས་མ་ཀླགས་པར་བཟའ་བར་མི་བྱ ་ཞེས་པ་ལ་སོགས་པའི་བསོད་ནམས་ཏེ་བྱ་བ་(གསུང་རབ་ཀློག་པ་ལ་སོགས་པ)་རྣམ་པར་ཆད་པ་ལས་ཀྱང་ལྡོག་པ་དང་(བར་སྐབས་འགའ་ཞིག་ཏུ)་སྲོག་གཅོད་པ་ལ་སོགས་པ་ལ་ནི་བྱ་བ་ངེས་པ་ལས་བསོད་ནམས་མ་ཡིན་པ་སྟེ་(སྐྱེ)་ངེས་པ་བཏང་བ་དང་བྱ་བ ་ཆད་པ་ལས་ཀྱང་ལྡོག་པ་ལྟ་བུའོ། །དངོས་པོ་ཡོངས་སུ་འཛིན་པ་ལས་ནི་དཔེར་ན་(ཚེས་དང་ལྡན་པའི་གང་ཟག)་འགའ་ཞིག་མཆོད་པའི་ཆེད་དུ་མཆོད་རྟེན་ལ་སོགས་པ་ཡོངས་སུ་འཛིན་པ་དང། ཅིག་ཤོས་(ཆོས་དང་མི་ལྡན་པའི་གང་ཟག)་ཕ་རོལ་ལ་གནོན་པའི་ཆེད་དུ ་རྒྱ་དང་འཁྲུལ་འཁོར་ལ་སོགས་པ་ལྟ་བུ་(འཛིན་པ)་སྟེ་དེ་དག་གི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དག་དེ་(མཆོད་རྟེན་སོགས་དང་རྒྱ་སོགས)་ཡོངས་སུ་བཏང་བ་ལས་ལྡོག་གོ་།འབད་པས་འཇུག་པ་ལ་ནི། དཔེར་ན་འགའ་ཞིག་དད་པའི་ཤུགས་ལས ་དགེ་བ་དང་མི་དགེ་བའི་ལས་འབད་པས་བྱེད་དེ་དེའི་ཇི་སྲིད་(དད་པ་དང་ཉོན་མོངས་པའི)་ཤུགས་རྗེས་སུ་འཇུག་པ་དེ་སྲིད་དུ་བསོད་ནམས་དང་བསོད་ནམས་མ་ཡིན་པ་ཡང་ངོ་ཞེས་པ་ལྟ་བུའོ། །དེ་ལྟར་སྡོམ་པ་ཅན་དང་སྡོམ་པ་མ་ཡིན་པ་ཅན་དག་(རིམ་པ་ལྟར) ་གི་བསོད་ནམས་དང་བསོད་ནམས་མ་ཡིན་པ་རྗེས་སུ་(རྒྱུན་ཏུ)་འགྲོ་བར་རིག་པར་བྱའོ། །དེ་ལྟར་ན་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་འཕངས་པའོ་(ཇི་སྲིད་འཚོ་བ་ལ་སོགས་པ)་དུས་ལས་ཚུ་རོལ་དུ་གཏོང་བ་མེད་ངམ་ཞེ་ན། ཡོད་དེ་སྡོམ་པ་དེ་སྲིད་དུ་ཡང ་(རིམ་བཞིན)་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་སྐྱེས་ན་སྟེ། མཚན་ཉིད་ཇི་ལྟ་བར་བསླབ་པ་ཕུལ་བ་དང་ཚུལ་ཁྲིམས་དང་མི་མཐུན་པ་མི་(དགེ་བསྙེན་སྡོམ་བརྒྱད་དུ་མི་བསད་པ་དང་དངོས་པོ་རྐུས་ཡོངས་སུ་རྫོགས་དང་གཞན་བུད་མེད་བདག་གིར་ཇི་སྲིད་འཕངས་པ ་བྱེད་དང་རྫུན་དུ་སྨྲ་སྡོམ་པ་ཉམས་པའི་རྒྱུ་རྣམས་སོ། ཞེས་ཏེ)་གཅོད་པ་དང་རྫས་ཡོངས་སུ་རྫོགས་པ་(རིན་ཐང་ཚང་བ)་རྐུ་བ་དང་གཞན་གྱི་བུད་མེད་ལ་(བྱིས་མཚོན་པའི་བགྲོད་མིན)་བགྲོད་པ་དང། (མངོན་པའི་ང་རྒྱལ་མེད་པས)་རང་གིས་(བརྫུན་དུ)་རྟོགས་པའི་བརྫུན་འཕགས་པའི་རྟོགས ་པ་(མིའི་ཆོས་བླ་མ)་དང་ལྡན་པར་གོ་བར་བྱེད་པའི་བདག་ཉིད་ལྟུང་བར་འགྱུར་བའི་ཆོས་(ཡན་ལག་ཚང་བ)་སྤྱོད་པ་ལས་དང། (ཕོ་དང་མོའི)་མཚན་ཉིད་བྱུང་བ་ལས་ཏེ་རྟེན་རྣམ་པར་འཁྲུགས་པས་དབང་པོ་མ་ཡིན་པ་ཐོབ་པའོ། (།རྣམས་ཀྱིས་དགེ་བསྙེན་གྱི་སྡོམ་པ་གཏོང་པ) ་བསྙེན་གནས་ཀྱི་སྡོམ་པ་ནི་རྟེན་ཆད་པས་(ཉིན་ཞག་དེའི་ནང་དུ)་ཤི་བ་ལས་གཏོད་པར་འགྱུར་རོ། །སྡོམ་པ་མ་ཡིན་པ་ནི་(དགེ་བསྙེན་ལ་སོགས་པའི)་སྡོམ་པ་ཡང་དག་པར་བླངས་པ་དང་རྟེན་རྣམ་པར་འཁྲུགས་པ་ལས་སོ། (།མཚན་འབྱུང་བ)་སྡོམ་པ་ཡན་ལག ་གསུམ་པ་ཞེས་པ་ལ་སོགས་པ་གང་གསུངས་པ་དེ་ལ་(སྡོམ་པ)་གང་གི་ཡན་ལག་(3་ལ་སོགས་པ)་འདི་རྣམས་ཡིན་པ་སྡོམ་པ་(ཡན་ལག་རྣམས་ལས)་གཞན་འགའ་ཞིག་ནི་མེད་དོ་འོ་ན་ཅི་ཞེ་ན། (སྡོམ་པ)་འདིའི་ཡན་ལག་གསུམ་རྣམས་ཡིན་པས ་ཡན་ལག་གསུམ་ཚོགས་པ་སྡོམ་པ་སྟེ། (3་པོ)་དེ་ཚོགས་པའི་ཆ་ཤས་རྣམས་ནི་ཡན་ལག་རྣམས་ཏེ་དཔེར་ན་དཔུང་གི་ཚོགས་ཡན་ལག་བཞི་པ་ཞེས་པ་ལྟ་བུའོ། །དེ་བཞིན་དུ་སྡོམ་པ་ཡན་ལག་ལྔ་པ་ལ་སོགས་པ་ལ་ཡང་ངོ། །ཡན་ལག་ལྔ་ནི་ ་སྲོག་གཅོད་པ་(སྤོང་བ)་ཞེས་པ་ལ་སོགས་པ་(ཆད་འཐུང་བ་སྤོང་བའི་བར)་རྣམས་སཱུང་རིག་པར་བྱའོ། །འདིར་(གང་ཟག་གམ་ཆོས)་གང་དགེ་བསྙེན་གྱི་སྡོམ་པ་ཡན་ལག་ལྔ་པ་ཡང་དག་པར་བླངས་པ་དེ་མི་(རྡོ་རྗེ་སྙིང་པོའི་འགྲེལ་པ ་དང་པོར་བསླབ་པའི་གཞི་ལྔ་རྣམས། གསོ་སྦྱོང་སོགས་དང་ཡང་དག་ལྡན། མི་དགེ་བཅུ་པོ་ཡོངས་སྤོང་བ། བྱིན་ནས་དགེ་བསྙེན་ཉིད་དུ་བྱ། ཞེས་གསུངས་པ་ལྟར།)་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་སྤངས་པར་འགྱུར་ཏེ། བརྫུན་དུ་སྨྲ་བ་སྤངས་པས་ནི་(དགེ་བསྙེན་སྡོམ་བརྒྱད་དུ་བརྫུན་གྱི་ཚིག་ལས་ལྟོགས ་པ་ཡིས། དེའི་སྐྱོན་ནི་གཞན་ལས་ཀྱང། རྟོག་པར་བྱ་སྟེ་ཞེས་པ་ལྟར།)་ཕྲ་མ་དང་ཚིག་རྩུབ་པོ་དང་ངག་འཁྱལ་པ་རྣམས་སྤང་བར་བྱ་བ་ཡིན་ཏེ་འདི་ལྟར་(དགེ་བསྙེན)་འདི་དག་གི་ལེགས་པར་སྤྱོད་པ་དང་ལྡན་པར་འགྱུར་རོ། །འོ་ན་(ངག་གི་ཉེས་པ་བཞི་ཀ་ལས་ལྡོག་པ)་བརྫུན་དུ ་སྨྲ་བ་ཁོ་ན་ལས་ལྡོག་པར་བརྗོད་ཀྱི། ལུས་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་སོ་སོ་བ་ལས་(ལྡོག་པར་བརྗོད་པ)་བཞིན་དུ་ངག་གི་ཉེས་པར་སྤྱོད་པ་ཐམས་ཅད་ལས་མ་ཡིན་པ་ཅི་ལྟར་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པ་གསུམ་ནི་སོ་སོར་འཇིག་རྟེན་ན་མཛའ་ ་གཅིག་ཏུ་སྨད་པ་ཡིན་ལ་ངག་གི་ཉེས་པར་སྤྱོད་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། (།ངག་གི་ཉེས་སྤྱོད)་འདི་རྣམས་ལས་བརྫུན་དུ་སྨྲ་བ་ཉིད་(དེ་ཡོད་པ་ཙམ་གྱིས་སྡིག་པ་གཞན་རྣམས་ལ་འཇུག་པས)་ཤིན་ཏུ་སྨད་པ་དང་ཆེས་རགས་པ་ཡིན་ལ་(བརྫུན)་དེ་ལས་ལོག་པ་ངག་གི་ཉེས ་པར་སྤྱོད་པའི་ལམ་ལས་བརྒལ་བ་ནི་རང་ཉིད་(ངག་གི་ཉེས་པ)་གཞན་རྣམས་ལས་ལྡོག་པར་སྤྲོ་བ་(ལྡོག་པར)་མངོན་པར་འདོད་པ་ཡང་ཉེས་པར་སྤྱོད་པ་ཐམས་ཅད་ལས་ལྡོག་གོ་།ཇི་སྐད་དུ་གསུངས་པ། འདིར་(དགེ་སློང་རྣམས་སམ)་རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པ་ལོག་པར་སྤྱོད་པ་དང། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་རྩུབ་པོ་དང་ངག་འཁྱལ་པ་དང་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བའང་སོ་སོར་སྤངས་པར་འགྱུར་རོ་ཞེས་སོ། ། ་ལུས་དང་ངག་གི་ཉེས་པར་སྤྱོད་པ་སྤོང་བ་འདི་འང་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་རྣམས་ཀྱིས་ཀུན་ནས་བསླང་བའོ། །དེ་(ལུས་ངག་གི་མི་དགེ་བ་སྤོང་བ་ཡིད་ཀྱི་དགེ་བ་ལས་བྱུང་བ།)་ལས་བརྣབ་སེམས་ལ་སོགས་པ་ཡིད་ཀྱི་ཉེས་པར ་(སྡོམ་པ་བརྒྱད་པར་གང་ཕྱིར་ལུས་ངག་ཡི་དགེ་ལས་རྟོག་པའི་ཡིད་ཀྱི་དགེ་བ་ལས་དེ་ཕྱིར་བརྣབ་སེམས་གནོད་པའི་སེམས་ལྟ་བས་ལྡོག་རྣམས་གྲུབ་པ་ཡིན་ཞེས་པ་ལྟར)་སྤྱོད་པ་ལས་ལྡོག་པར་གྲུབ་པོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་རྣམས་འདོད་ཆགས་དང་ཞེ་སྡང་དང ་གཏི་མུག་གི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་འདོད་ཆགས་མེད་པ་ལ་སོགས་པ་རྣམས་ཡོད་ན་བརྣབ་སེམས་མེད་པ་ལ་སོགས་པ་རྣམས་གྲུབ་པོ་ཞེས་པ་བཅོམ་ལྡན་འདས་ཀྱིས་དགོངས་པའོ། །དེ་ལྟར་ན་དགེ་བ་བཅུ་པོ་འདི་ཡང་ལས་ལམ ་གྱིས་བསྡུས་པར་འགྱུར་ཏེ། དེ་ལས་བརྣབ་སེམས་མེད་པ་ལ་སོགས་པ་གསུམ་ནི་(སེམས་པའི)་ལས་ཀྱི་ལམ་ཡིན་པའི་ཕྱིར་ལས་ལམ་སྟེ། བརྣབ་སེམས་མེད་པ་ལ་སོགས་པ་རྣམས་ལས་ཀྱི་(སེམས་པ་དང་ངེས་བསླད་བའི་ལུས་ངག་གི)་རང་བཞིན་མ ་ཡིན་པའི་ཕྱིར་རོ། །དེ་(བརྣབ་སེམས་མེད་པ་སོགས)་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་དེ་རྣམས་(བརྣབ་སེམས་མེད་པ་སོགས)་རྒྱུ་བས་རྒྱུ་ལ་དེ་རྣམས་འགྲོ་བས་འགྲོ་སྟེ་(བརྣབ་སེམས་མེད་པ་སོགས)་དེའི་དབང་གིས་དེ་ལྟར་འདུ་བྱེད་པའི་ཕྱིར་རོ།། ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བདུན་ནི་(ལུས་དང་ངག་གི)་ལས་ཀྱང་ཡིན་ལ་(སེམས་པ)་ལས་ཀྱི་ལམ་ཡང་ཡིན་པས་ལས་ལམ་སྟེ་དེ་ཀུན་ནས་སློང་པའི་སེམས་པ་ནི་དེ་རྣམས་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །ལས་ཀྱི་ལམ་(ལས་ཀྱི་ལམ་ཡིན ་མཛོད་དུ་གསུམ་ལམ་བདུན་ནི་ལས་ཀྱང་ཡིན་ཞེས་པ་ལྟར)་ཡིན་པ་དང་ལས་དང་ལས་ཀྱི་ལམ་ཡང་ཡིན་པས་ན་ལས་ལམ་རྣམས་ཏེ་རང་བཞིན་(རིལ་གྱིས)་འདྲ་བ་མ་ཡིན་པ་(ཕྱོགས་གཅིག་འདྲ་བ)་རྣམས་ཀྱང་གཅིག་ལྷག་ཏུ་བསྟན་པའི་ཕྱིར་རོ། །གང་(སློབ་དཔོན) ་རྣམས་བརྣབ་སེམས་མེད་པ་ལ་སོགས་པ་རྣམས་ཀྱང་སེམས་པས་བསྐྱེད་པའི་ཕྱིར་ལས་ཀྱི་རང་བཞིན་ཏེ་ལུས་ངག་གི་ལས་དང་འདྲ་བར་(འདོད་པ)་དེ་རྣམས་ཀྱི་ནི་(བརྣབ་སེམས་མེད་པ་སོགས)་དེ་རྣམས་ལས་ཀྱང་ཡིན་ཏེ་ལུས ་དང་ངག་དང་ཡིད་ཀྱི་ལས་ཡིན་པ་ཉིད་ཀྱི་ཕྱིར་ལས་ཀྱང་ཡིན་ལ་ལམ་ཡང་ཡིན་པ་ལས་ལམ་སྟེ་རང་བཞིན་འདྲ་བ་ཉིད་ཀྱི་གཅིག་ལྷག་གོ་(།དགེ་བ་བཅུ་པོ)་འདི་རྣམས་ལས་གཞན་བཅུ་(བདེ་རྣམས་ཀྱི་འགལ་ཟླ)་ནི་མི་དགེ་བའི་ལས་ཀྱི་ལམ་སྟེ་རང་བཞིན་གྱི ་ཁ་ན་མ་ཐོ་བ་དང་བཅས་པའོ། །མྱོས་པར་འགྱུར་བ་(ཆང)་འཐུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་(ཤིང་ལྡན)་སྟེ་མྱོས་འགྱུར་འཐུངས་པ་ལས་ཀུན་དུ་རྨོངས་པ་ལས་དང་དྲན་པ་ཉམས་པ་ལས་(ཡན་ལག)་གཞན་རྣམས་ཀྱང ་མི་བསྲུང་བར་འགྱུར་བས་གཞན་བསྲུང་བའི་དོན་དུ་(དགེ་བསྙེན་གྱིས)་བཅས་པའི་ཁ་ན་མ་ཐོ་བ་ཆང་གཅིག་པུ་ཉིད་ལས་ལྡོག་པར་གསུངས་སོ། །མྱོས་འགྱུར་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་ཞེས་པ་འདི་ཅི་ལས་ཤེ་ན། རང་བཞིན་གྱི་ཁ ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་རོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དེ་ནི་(རྣམ་བཤད་རིག་པ་དང་མཛོད་འགྲེལ་དུ་བཤད་པ་ལྟར)་སེམས་ཉོན་མོངས་པ་དང་ལྡན་པ་ཁོ་ནས་ལྷག་པར་སྤྱད་པར་བྱ་བ་ཡིན་ལ་གང་རང་ཉིད་ལས་(ཁ་ན་མ་ཐོ་བ་ནི་ཡིན་ཞིང) ་མི་འདོད་པའི་རྣམ་པར་སྨིན་པར་འགྱུར་གྱི་དེར་(ཏེ་ཁ་ན་མ་ཐོ་བར་འགྱུར་བ)་གཞན་ལ་(སྟོན་པ་བཅས་པ་སོགས)་བལྟོས་པ་ཅི་ཡང་མེད་དེ་གསོད་པ་ལ་སོགས་པ་བཞིན་ནོ། །ཆང་ནི་(སེམས་ཉོན་མོངས་པ་དང་ལྡན་པ་ཁོ་ནས་སྤྱོད་པ་འབྲས་བུ)་དེ་ལྟ་མ་ཡིན་ཏེ་ ་བཀྲེས་སྐོམ་ལ་སོགས་པ་བསལ་བའི་བསམ་པ་ཁོ་ནས་འདི་བཟའ་ལྟུང་ལ་སོགས་པ་བཞིན་ཉེ་བར་སྦྱོར་བའི་ཕྱིར་རོ། །དེ་ཉིད་(སེམས་ཉོན་མོངས་པ་ཅན་མ་ཡིན་པས་ཆང་འཐུང་བ)་ཀྱི་ཕྱིར་བཙུན་པ་ལེགས་འོངས་དགྲ་བཅོམ་པས་(ཉོན་མོངས་པ་སྤངས་པ)་ཀྱང་རང ་གིས་ཆང་འཐུངས་ཏེ་(ལེགས་འོངས་ཀྱིས་ཆང་འཐུངས་པ)་འདི་ཉིད་ལ་བརྩམས་ནས་ཆང་འཐུང་བ་སྤོང་བའི་བསླབ་པའི་གཞི་བཅས་སོ། །ཆང་འཐུང་བ་ནི་རང་ཉིད་ལས་མི་འདོད་པའི་རྣམ་པར་སྨིན་པའི་ཆེད་དུ་བར་བརྟག་པ་ཡང་མ་ཡིན་གྱི་ཇི་སྲིད་དུ་(ཆང་འཐུང་བ་པོ) ་འདི་(ཆང་འཐུངས་པ)་དེ་ལས་དྲན་པ་ཉམས་པས་ཉེས་པར་སྤྱོད་པ་ལ་(ལན་གྲངས་ཉུང)་སྤྱོད་པ་དང་ཉེས་པར་སྤྱོད་པ་ལ་(ཡང་དང་ཡང་དུ་གྲངས་མང་དུ)་ལྷག་པར་སྤྱོད་པའི་རྒྱུ་མཚན་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཐལ་ཆེས་པ་(ཤིན་ཏུ་མང་པོ)་ཡོངས་སུ་སྤང་བའི་དོན་དུ་ཀུ ་ཤའི་རྩེ་མོའི་ཀྱང་འཐུང་བ་སྤང་བར་བྱའོ། །གཞན་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟོན་པ་ན་ལུས་ཀྱི་ཉེས་པར་སྤྱོད་པ་རྣམས་སུ་ཆང་འཐུང་བ་(རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ན)་མི་སྟོན་པ་ཇི་ལྟར་ཡིན་ཞིང་དགེ་བ་ལྡོག་པའི ་བསླབ་པའི་གཞི་རྣམས་སཱུང་ཕྱི་ནས་(རང་བཞིན་གྱི་ཉེས་པ་བཞིན་སྤོང་བ་ལས)་ལོགས་སུ་སྤོང་བ་སྟོན་པ་ཇི་ལྟར་ཡིན། གང་གི་ཕྱིར་འདི་(འཆང་འཐུང་བ)་ལུས་ཀྱི་ཉེས་པར་སྤྱོད་པ་རགས་པའི་ཕྱིར་དང། རང་བཞིན་གྱི་ཁ་ན་མ་ཐོ་བ་ཉིད་ཀྱི་ཕྱིར་ཡང་དགེ་བ་དང་མི་དགེ་བ་སྟོན ་པ་ན་ལུས་ཀྱི་ཉེས་པར་སྤྱོད་པ་དང་སྤོང་བ་འཆད་པ་དག་ཉིད་ལ་བསྟན་པར་རིགས་(བར་ཐལ་བར་འགྱུར)་ཤིང་ལས་ལམ་བཅུ་གཅིག་ཏུ་བསྟན་པ་ཡང་(རིགས་པར་ཐལ)་སྟེ་དེ་ལྟར་(བསྟན་པ)་ནི་མེད་དོ། །དེའི་ཕྱིར་ཆང་འཐུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ཁོ ་ནའོ། །མི་དགེ་བ་བཅུ་པོ་འདི་རྣམས་ཀྱི་ཡང་མཚན་ཉིད་ལ་སོགས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འཆད་པར་འགྱུར་རོ། །འདིའི་(དགེ་བསྙེན)་ཡང་ཉེས་པར་བྱས་པའི་བདག་ཉིད་ཁོ་ན་ནི་ལྟུང་བའི་རིས་སོ། །དེའང་རྣམ་པ་གསུམ་སྟེ་ལྟུང་བར་འགྱུར ་བ་(?་ཕམ་པ)་ནི་(ཉེས་པ)་གང་གིས་(དགེ་བསྙེན)་འདི་སྡོམ་པ་ཉམས་པར་འགྱུར་བའོ། (།དགེ་བསྙེན་སྡོམ་བརྒྱད་དུ་གཞན་དག་ཇི་ལྟ་བར་ནི་བཤགས།)་བཤགས་པར་བྱ་བ་ནི་(ཉེས་པ)་གང་གིས་ཕ་རོལ་ལ་བཤགས་པས་(ཉེས་པ)་འདི་ལས་ལྡང་བའོ། །བསྡམ་བྱ་ནི་(ཉེས་པར་བྱས་པ) ་གང་རང་ཉིད་ཀྱིས་བསྡམས་པས་ལྡང་བའོ། (།གསུམ་ཡོད་པ)་དེ་ལ་ལྟུང་བར་འགྱུར་བ་ལས་གཞན་སྲོག་གཅོད་པ་(དུད་འགྲོ་གཅོད་པ)་ལ་སོགས་པ་(ཕྲ་མོ་སོགས་ཞེས་སྡོམ་བརྒྱད་དུ)་ཆང་འཐུང་བའི་བར་དང་ཡན་ལག་(བཞི་བསམ་སྦྱོར་བ་མཐར་ཐུག) ་མ་ཚང་བའི་ལྟུང་བར་འགྱུར་བའི་ཆོས་(བཞི་པོ)་རྣམས་ཀྱང་(ངག་གི་དོན་རྟོགས་པར་ནུས་པའི་སྡོམ་པ་དང་ལྡན་པ་ལ)་སོ་སོར་བཤགས་པར་བྱ་སྟེ། རིགས་ཀྱི་བུ་དགོངས་སུ་གསོལ་བདག་མིང་(དགེ་བསྙེན)་འདི་ལྟ་བུ་ལ་ཇི་ལྟར་ཡོངས་སུ་གྲགས་པའི་ལྟུང་བ་བྱུང་བས ་དེ་བཤགས་པར་བགྱིའོ། (།མ་ཤེས་པ་མ་གཏོགས་ཀྱི)་ཤེས་པ་མི་འཆབ་པོ། །སླན་ཆད་ཀྱང་སྡོམ་པར་བགྱིའོ། །འདི་ལྟར་གསུམ་ཞེས་སོ། །ལྟུང་བར་འགྱུར་བའི་ཆོས་རྣམས་ཀྱང་སྡིག་པ་དག་པའི་དོན་ཉིད་དུ་བཤགས་པར་བྱ་སྟེ། ཕུང་པོ་གསུམ ་པ་(དང་སྒོ་དྲུག་པའི་གཟུངས)་ལ་སོགས་པ་རབ་ཏུ་གདོན་པར་བྱའོ། །གཞན་(ཡང་རྣམ་ཡང་བསྡམ་ཞེས་ཏེ་ཕམ་པ་ལས)་གང་རྣམས་ཡན་ལག་མ་ཚངས་པའི་(དུད་འགྲོའི)་སྲོག་(ཕལ་བ)་གཅོད་པ་ལ་སོགས་པ་དང་(ཤེས་བཞིན་དུ་བརྫུན་དུ་སྨྲ་བ)་ཕྲ་མ་ལ་སོགས་པ་(ཡན ་ལག་མ་ཚང་བ)་རྣམས་དང། ཆོས་གང་(ཞིང་གི་རགས་ལྟ་བུ)་འདོད་པས་ལོག་པར་སྤྱོད་པ་རྣམས་ལ་ཐལ་ཆེས་པ་(མང་དུ་བྱེད་པ)་ཡོངས་སུ་སྤང་བའི་དོན་དུ་གསུངས་པ་དེ་རྣམས་ལྷག་པར་སྤྱད་པ་ནི་སྤང་བའི་ཆོས་ཏེ་(ཉེས་པ་ཡང་བ)་དེ་འདིའི་(དགེ་བསྙེན)་རང་ཉིད་ཀྱིས ་བསྡམ་པར་བྱ་བ་ཁོ་ན་སྟེ་དེ་སླར་བདག་མི་བྱེད་དོ་ཞེས་མི་བྱེད་པར་སེམས་བསྐྱེད་པ་ཉིད་ཀྱིས་ལྡང་བའོ། །དེ་ལྟར་(འདི་ནི་ལྟུང་བར་འགྱུར་བ་ཁོ་ནའི་དབང་དུ་བྱས་པ་ཡིན་ནམ་སྙམ)་ལྟུང་བ་སོ་སོར་བཤགས་པ་དང་བསྡམས་ནས་ཀྱང་སྔར་བཞིན་དུ་སྡོམ་པ་ཡང་དག ་པར་བླང་བར་བྱ་སྟེ། (སྡོམ་བརྒྱད་དུ་སྡོམ་པ་སླར་ཡང་སླབ་པར་བྱ། དེ་འདྲའི་གང་ཟག་ཉིད་བོས་ཞེས་སྟེ)་སླར་ཡང་འདི་ཡང་དག་པར་ལེན་པ་ལ་སྐལ་པ་ཅན་ཡིན་ནོ། །དེ་ལྟར་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་ལེན་པའི་ཆོ་ག་དང་སྤྱོད་པ་བརྗོད་ཟིན་ཏོ། །དགེ་ཚུལ་དང་དགེ་སློང་གི ་སྡོམ་པ་དག་ཡང་དག་པར་ལེན་པའི་ཆོ་ག་དང་སྤྱོད་པ་ནི་ཁོ་བོས་གསོལ་བའི་འགྲེལ་བཤད་(པ་ཟེར་བ)་དང་འདུལ་བ་སྣང་བར་གསལ་བར་བརྗོད་པའི་ཕྱིར་འདིར་མ་བསྟན་ཏོ། (།སློབ་དཔོན)་གང་ཞིག་དགེ་བསྙེན་དང་དགེ་བསྙེན་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང། ་དགེ་སློབ་མ་དང། དགེ་སློང་དང། དགེ་སློང་མའི་དབྱེ་བས་ཇི་སྲིད་འཚོ་བ་པའི་སོ་སོར་ཐར་པའི་སྡོམ་པ་བདུན་པ་རྣམས་ལས་གང་ཡང་རུང་བའི་སོ་སོ་ཐར་པའི་སྡོམ་པ་ལ་གནས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་བླང་བར་བྱའི་(སོ་སོ་ཐར་བའི་སྡོམ་པ་ཡོད་པ་ལས ་བུད་མེད་ཀྱི་དགེ་ཚུལ་འདི་དང་དགེ་སློང་མའི་བར་གྱི་སྡོམ་པ)་གཞན་གྱིས་མ་(རྒྱལ་སྲས་ཀྱི་སྡོམ་པ་བླང་བ)་ཡིན་ཏེ། གཞན་ལ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ་ཞེས་(སློབ་དཔོན་བྱང་ཆུབ་བཟང་པོ་སོགས)་ཟེར་བ་དེ་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་ངལ་བ་མང་པོ་མ་བྱས་པ་སྟེ།། ་གལ་ཏེ་(དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་མི་མ་ཡིན་པ་ལྷ་ཀླུ་སོགས་ལ་མི་སྐྱེ་བར་ཐལ་བ་དང་ཤི་འཕོས་པ་ན་གཏོང་བར་ངལ་བ་སོགས་ཀྱི་སྐྱོན་རང་གཞན་ཡང)་སོ་སོ་ཐར་པའི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་མི་སྐྱེ་ན་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་སོགས་པ་དང་དེའི་རྗེས་སུ ་འབྲང་བའི་གཞུང་དུ་(སོ་སོ་ཐར་པའི་སྡོམ་པ)་འདི་དེའི་(བྱང་ཆུབ་སེམས་དཔའ་ཨི་སྡོམ་པ)་རྩ་བར་བཤད་པར་འགྱུར་རོ། (།སྡོམ་པའི་རྒྱུར་ངས་པའི)་དགོས་པ་ནི་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ཏེ། དཔེར་ན་ཐེག་པ་ཆེན་པོར་བྱང་ཆུབ་ཀྱི་བར་དུ་(དཀོན་མཆོག)་གསུམ་ལ ་སྐྱབས་སུ་འགྲོ་བ་ལྟ་བུའོ། །འཕགས་པ་ཀླུ་གྲུབ་ཞབས་ཀྱི་དགོངས་པའི་རྗེས་སུ་འབྲང་བའི་(སློབ་དཔོན)་ཟླ་བ་གྲགས་པས་ཀྱང་སྐྱབས་གསུམ་བདུན་ཅུ་པར། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་པ་བརྒྱད་(ཀྱི)་རྩ་བ་ཡིན། །རྫོགས ་སངས་རྒྱས་ཆོས་དགེ་འདུན་ནི། (།འཆིང་བ་ལས)་གྲལ་བར་འདོད་པ་རྣམས་ཀྱི་སྐྱབས། །ཐུབ་པའི་དབང་པོའི་(གཟུགས་ཀྱི)་སྐུ་གཉིས་(སངས་རྒྱས)་དང། །མྱ་ངན་འདས་(ཆོས)་དང་གང་ཟག་(འབྲས་བུ་བཞི་ལས་ཞུགས་པ་དང་གནས་པ)་བརྒྱད། (།དགེ་འདུན་ཏེ་གཉིས་པོ)་དེ་ལ་གུས ་པས་སྐྱབས་འགྲོ་གང། །གསུམ་ལ་སྐྱབས་སུ་སོང་བ་ཡིན། །ཤར་(གྱི)་རིའི་(སའི་སྡེ་པ)་ལུང་ལས་(ཱོག་ཏུ་འདྲེན་པ་ལྟར)་དགྲ་བཅོམ་(རབ་འབྱོར)་གྱིས། །བྱང་ཆུབ་སེམས་དཔར་ཕྱག་བྱ་སྟེ། (།བྱང་ཆུབ་སེམས་དཔའ་)་དཀོན་(གོང་དུ་བཤད་པའི་སྐྱབས ་གསུམ་དུ་མི་འདུས་སོ་ཞེ་ན།)་མཆོག་གསུམ་ལས་ཕྱི་རོལ་མིན། །སངས་རྒྱས་ནང་དུ་འདུས་པར་དགོངས། །འབྲས་ལ་(འཕགས་པ་མིན་ཡང་ཕམ་དང་ནང་པ་དང་ནི་ཆོས་སྨྲ་དང་སྐྱེ་མཛའ་ཨི་བྱང་ཆུབ་སེམས་དཔའ་ལ་ཞེས་པ་བྱང་ཆུབ་སེམས་དཔའ་དེ་ནི་སོ་སོ་སྐྱེ་བོ་ཡིན་པས་སྐྱབས་གནས་ཇི་ལྟར་ཡིན་ཞེ་ན།)་གནས་དང་ཞུགས་པ་ཡི། ། ་(དགྲ་བཅོམ་འབྲས་གནས་མ་གཏོགས་པ)་སློབ་པ་བདུན་པོ་རྣམས་ཀྱིས། །འཕགས་པའི་ལམ་ལས་རབ་བྱུང་(སྟེ་སྐྱེས་པ)་རྣམས། (།སུ་ཁྱེད་རང་གི)་ཆོས་མངོན་པ་རུ་བརྗོད་ཇི་བཞིན། (།ཐེག་པ་ཆེན་པོ་ཤིན་ཏུ)་དེ་ལྟར་རྒྱས་པའི་སྡེ་སྣོད་དཱུང། །ས་(རབ་དགའ་ལ་སོགས་པ་བརྒྱད་པོ) ་བཅུ་རྣམས་སུ་གསུངས་པ་ཡི། །འཕགས་པའི་ལམ་(མཐོང་བ་དང་སྒོམ་པ་2?)་གྱི་བདག་ཉིད་ཅན། (།བྱང་ཆུབ་སེམས་དཔའ་མཐོང་ལམ་ཡན་ཆད་པ)་དེ་ཀུན་འཕགས་མིན་ཇི་ལྟར་འགྱུར། (།རྒྱལ་བའི་སྲས་པོ)་རེ་རེའི་ཡོན་ཏན་མཐར་ཐུག་པ། །ནམ་མཁའ་ཨི་ཚད་ཀྱི་ཡོན་ཏན་མཆོག་། ་བྱང་ཆུབ་སེམས་དཔའ་རྟག་ཏུ་ཕྱག་འོས། །བློ་ལྡན་རྣམས་ཀྱི་སྐྱབས་ཀྱང་ངོ་ཞེས་སོ། །སྐྱབས་(སྐྱབས་འགྲོ་སོ་སོའི་བསླབ་བྱ་ནི་གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། དེ་ནི་ཡང་དག་དགེ་བསྙེན་ཏེ་ནམ་དཱུང་ལྷ་ནི་གཞན་དག་ལ་སྐྱབས་སུ་སོང་བ་མ་ཡིན་ནོ་དམ་པའི་ཆོས་ལ་སྐྱབས་སོང་ན་འཚེ་ཞིང་གསོད་པའི་སེམས་དང་བྲལ་X་དང་ལྡན་པའི ་X་དགེ་འདུན་ལ་ཡང་སྐྱབས་སོང་བ། མུ་སྟེགས་ཅན་ལ་ཕྱག་མི་བྱ། ཞེས་མྱ་ངན་ལས་འདས་པ་ཆེན་པོའི་མདོར་གསུངས་སོ།།)་ཀྱི་དོན་དང་ཡོངས་སུ་སྐྱོབས་པའི་དོན་ཅི་ཞེ་ན། (མདོ་སྡེ་རྒྱན་གྱི་བྱང་ཆུབ་ཀྱི་སྐབས་སུ)་རྟག་ཏུ་ཉོན་མོངས་(པའི་ཀུན་ཉོན་མོངས་ཀྱི)་ཚོགས་ཀུན་དང། །ཉེས་(ལས་ཀྱི་ཀུན་ནས་ཉོན་མོངས་པའི)་པར་སྤྱོད ་པ་ཐམས་ཅད་དང། (།སྐྱེ་བའི་ཀུན་ནས་ཉོན་མོངས་པ)་རྒ་དང་འཆི་བ་དག་ལས་ཀྱང། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །འཚོ་བ་རྣམས་ནི་ཐམས་ཅད་དང། །ངན་སོང་དང་ནི་ཐབས་མིན་དང། །འཛིག་ཚོགས་ཐེག་པ་དམན་ལས་ཀྱང། །དེ་ཕྱིར་(སངས་རྒྱས་ནི)་སྐྱབས་ཀྱི ་དམ་པའོ། །འཚེ་བ་ཐམས་ཅད་ལས་ཡོངས་སུ་སྐྱོབས་པ་ཉིད་ནི་སངས་རྒྱས་ཀྱི་མཐུས་ལོང་བ་རྣམས་ཀྱིས་མིག་ཐོབ་བོ། །འོན་པ་རྣམས་ཀྱིས་རྣ་བའོ། །སེམས་རྣམ་པར་གཡེངས་པ་(སྨྱོན་པ)་རྣམས་ཀྱིས་རང་བཞིན་དུ་གནས་པའི་སེམས་སོ། །ཡམས་ནད ་རྣམས་ཞིའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའོ། །ངན་སོང་ལས་ཡོངས་སུ་སྐྱབས་པ་ཉིད་ནི་སངས་རྒྱས་ཀྱི་འོད་ཟེར་གྱིས་(ངན་སོང)་དེར་སོང་(ཟིན)་བ་རྣམས་ཐར་པར་བྱེད་པའི་ཕྱིར་དང་(ངན་སོང)་དེར་མི་འགྲོ་བ་ལ་སོ་སོར་གནས་པར་བྱེད་པའི་ཕྱིར་རོ། །ཐབས ་མ་ཡིན་པ་ལས་ནི་(སྐྱོབ་པ)་མུ་སྟེགས་ཀྱི་ལྟ་བ་ལས་སློང་བའི་ཕྱིར་རོ། །འཇིག་ཚོགས་(ཉེར་ལེན་གྱི་ཕུང་པོ)་ལས་ནི་ཐེག་པ་(ཆུང་འབྲིང་ཉན་དང)་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་ཟློ་བའི་ཕྱིར་རོ། །ཐེག་པ་དམན་པ་(ཉན་རང་གཉིས)་ལས་(སྐྱོབ་པ)་ནི་ཐེག་པ་ཆེན་(ཐར་པའི) ་པོ་ལ་བགྲོད་པ་གཅིག་ཏུ་བྱེད་པའི་ཕྱིར་རོ། །སངས་རྒྱས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཉིད་སངས་རྒྱས་སོ། །དེ་ནི་བྱང་ཆུབ་ཉིད་དེ། དེ་ཉིད་བྱང་ཆུབ་ཀྱི་ལམ་གྱི་འབྲས་བུའོ། །གཟུགས་ཀྱི་(རྣམས་ཀུན་མཁྱེན་ཁོ་ནར་མ་ཟད)་སྐུ་དག་ཀྱང་སངས ་རྒྱས་ཉིད་དོ། (།བྱང་ཆུབ་ཆེན་པོའི)་ལམ་འཁོར་དང་བཅས་པ་ཆོས་དཀོན་མཆོག་གོ་(།ལས)་དེའི་རྟེན་གཟུགས་ཀྱི་སྐུའི་ངོ་བོ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་ནི་དགེ་འདུན་དཀོན་མཆོག་གོ་(།གཞུང)་གང་དུ་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས ་པ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ནི་(རྣམ་པ་ཀུན་མཁྱེན་པ)་ཆོས་དཀོན་མཆོག་ཏུ་རྣམ་པར་བཞག་པ་དེར་ནི་(སྐྱབས་གསུམ་བདུན་ཅུ་པར་གསུངས་པ་ལྟར)་གཟུགས་ཀྱི་སྐུ་ངག་ཁོ་ན་སངས་རྒྱས་དཀོན་མཆོག་སྟེ་(བྱང་ཆུབ་ཆོས་སུ་བཞག་པ)་དེའི་ཚེ་ལམ་ཡང་དགེ་འདུན་དཀོན་མཆོག་གོ་། ་སངས་རྒྱས་ཀྱི་མྱུ་གུ་བྱང་ཆུབ་སེམས་དཔའ་སྟེ་དངོས་སུ་ན་(སངས་རྒྱས)་དེ་ལས་(རིགས)་གཞན་པ་མེད་དོ། །འགའ་ཞིག་ཏུ་(གཞུང)་བྱང་ཆུབ་ཀྱི་(ཆ་ཤས་གཉིས་ལས)་རང་བཞིན་མེད་པའི་ཆ་ནི་(དེ་བཞིན་ཉིད་སྒྲིབ་པ་ཀུན་དང་བྲལ་བས་དག་པ)་ཆོས་དཀོན་མཆོག་གོ་(།བྱང་ཆུབ་ཀྱི)་རྟོགས་པའི ་ཆ་(ཡིས)་དང་གཟུགས་ཀྱི་སྐུ་དག་ནི་སངས་རྒྱས་དཀོན་མཆོག་གོ་།རྡོ་རྗེ་ལྟ་བུ་ལ་སོགས་པས་སྔོན་གྱི་གནས་སྐབས་ཀྱི་ལམ་ནི་དགེ་འདུན་དཀོན་མཆོག་གོ་ཞེས་རྣམ་པར་གཞག་གོ་།དོན་དམ་པར་ནི་དཀོན་མཆོག་གསུམ་རྣམས་(ཡོན་ཏན ་ལྡན་པར་དམ་ཆོས་ཉིད་ཀྱི་ངོ་བོ)་ལ་ཐ་དད་ཅི་ཡང་མེད་དེ། (?་ཡང)་ཕྱིན་ཅི་མ་ལོག་པ་ཙམ་ལ་བལྟོས་པས་དང་བདག་མེད་པ་ཉིད་ཀྱིས་ཀྱང་ཞེས་པའོ། །འདིར་སངས་རྒྱས་རྣམ་པ་གཉིས་ཏེ། དོན་དམ་པ་ནི་(ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི)་སྐུ་གསུམ་གྱིས ་ཡང་དག་པར་བསྡུས་པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་(དང་ལྡན་པའི)་རྟེན་དང་སྐུ་གཟུགས་དང་མཆོད་རྟེན་དང། བྱང་ཆུབ་སེམས་དཔའ་ཨི་གཟུགས་ཏེ་འདི་རྣམས་ལ་མཆོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པའོ། །ཞེས་གསུངས ་པའི་ཕྱིར་རོ། །མཉམ་པར་སེམས་རབ་ཏུ་དང་བས་(སངས་རྒྱས་ཤག་ཐུབ་དང་སྐུ་གཟུགས་ལ་མཆོད་པ་2)་རྣམ་པར་སྨིན་པ་མཉམ་པར་གསུངས་སོ། །ཆོས་ཀྱང་རྣམ་པ་གཉིས་ཏེ་དོན་དམ་པ་(རབ་ཏུ་དགའ་བ་སོགས་བཅུ)་ནི་མྱ་ངན་ལས་འདས་པའོ། (།དེ་བཞིན་ཉིད་དག་པ་དང ་ཡེ་ཤེས་ཀྱི་ཚོགས)་ཐ་སྙད་(བཏགས)་པ་ནི་ལམ་དང་སངས་རྒྱས་ཀྱི་གསུང་རབ་དང་གླེགས་བམ་རྣམས་ཏེ་འདི་རྣམས་ལ་མཆད་ན་ཆོས་ལ་མཆོད་པར་ཞལ་གྱིས་འཆེས་པའི་ཕྱིར་རོ། །དགེ་འདུན་ཡང་རྣམ་པ་གཉིས་ཏེ་དོན་དམ་པ་པ་ནི་བྱང་ཆུབ་སེམས་དཔའ་ ་ས་ལ་རབ་ཏུ་ཞུགས་པ་རྣམས་དང་གང་ཟག་(ཞུགས་འབྲས)་བརྒྱད་རྣམས་སོ། །ཐ་སྙད་པ་ནི་སོ་སོའི་སྐྱེ་བོ་(ཐར་པ་ཆ་མཐུན་གྱི་དགེ་བ་དང་ལྡན་པ)་རྣམས་ཀྱང་སྟེ་སྡེ་པ་བཞི་ལ་སོགས་པ་དང་དགེ་སློང་དང་དགེ་སློང་མ་རྣམས་སོ། །བྱང་ཆུབ་སེམས་དཔའ་ ་རྣམས་ནི་(བཞད་མ་ཐག་པ)་འདི་ལྟར་དགེ་འདུན་གྱིས་བསྡུས་པ་ཡང་སྟེ། (བྱང་ཆུབ་སེམས་དཔའ་)་དེ་རྣམས་ནི་སངས་རྒྱས་ཀྱི་མྱུ་གུ་དང་ཐ་སྙད་པའི་(བཏགས་པ་བ)་སངས་རྒྱས་ཏེ་རྒྱུ་དང་(སངས་རྒྱས)་འབྲས་བུའི་དངོས་པོར་རྒྱུན་གཅིག་པའི་ཕྱིར། ནྱ་གྲོ ་དྷའི་མྱུ་གུ་དང་ནྱ་གྲོ་དྷའི་ལྗོན་ཤིང་གི་རྒྱུན་(གཅིག་པ)་བཞིན་ནོ་(།རྫོགས་པའི་སངས་རྒྱས)་དེ་ཉིད་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་དེར་གྱུར་ཏེ་ཞེས་པ་ལ་སོགས་པས་སྐྱེས་རབས་རྣམས་སུ་གཞན་ཉིད་ཀྱི་མིང་(བྱང་ཆུབ་སེམས་དཔའ་བྱམས་པའི་སྟོབས་སོགས ་མ་ཡིན་ཡང་ཉིད་ཅེས་པས)་བཀག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་(རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག)་བསྙེན་པར་མ་རྫོགས་པ་དང་ཁྱིམ་པའི་ཆ་ལུགས་འཛིན་པ་རྣམས་ཀྱང་སྟོན་པར་འདུ་ཤེས་པས་དགེ་སློང་དང་དགྲ་བཅོམ ་པ་རྣམས་ཀྱིས་ཀྱང་ཕྱག་བྱ་བའོ། །འདི་ཉིད་(བྱང་ཆུབ་སེམས་དཔའ་སངས་རྒྱས་འདུས་པས་དགྲ་བཅོམ་པས་ཀྱང་ཕྱག་བྱ་བར་འོས་པ)་ལ་དགོངས་ནས་འདུལ་བར་གསུངས་པ། ཕྱག་གི་འོས་ནི་གཉིས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང ་དགེ་སློང་རྒན་པོའོ་ཞེས་སོ་།གཞན་(རྫོགས་པའི་སངས་རྒྱས་ཤེས་པ་བྱང་ཆུབ་སེམས་དཔར་དགོངས་པ་ལ)་དུ་ན་ནི་དེ་བཞིན་གཤེགས་པ་གཟུང་པ་(ཞིང་རྨོས)་དོན་མེད་པར་འགྱུར་ཏེ། (དེ་བས་འགྲེལ་པའི་དགེ་སློང་བསྟན་པ་འདི་ལ་མེད་པས)་དགེ་སློང་རྒན་པོ་གཟུང་པས་(དེ་བཞིན་གཤེགས་པ)་དེ་གྲུབ་པའི ་ཕྱིར་རོ། །མདོར་(འཕགས་པ་མྱ་ངན་ལས་འདས་པའི)་གསུངས་པའང་(བརྒྱད་སྟོང་འགྲེལ་པར་ལས་བྱེད་ཀྱི་ཙུན་དའི་བསོད་སྙོམས་ལ་ཡོངས་སུ་ལོངས་སྤྱོད་པར་མཛད་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དེའི་དུས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་ལུང་ལས་ཤེས་གསུངས།)་རྒྱུ་མཚན་དེ་ལ་ལྕགས་མ་ཀར་གྱི་བུ་ཙུན་ད་(སྐུལ་བྱེད) ་འགྱོད་པར་གྱུར་པ་མི་རུང་བ་ཁོ་ནའོ། །ཀུན་དགའ་བོ་(འགྱོད་པ)་དེ་ཁྱོད་ཀྱིས་བསལ་བར་བྱ་བ་ཁོ་ནའོ། །དེ་ལ་འདི་སྐད་ཀྱང་བརྗོད་པར་བྱ་སྟེ། བསོད་སྙོམས་གང་(བྱང་ཆུབ་སེམས་དཔའ་ལ་ཕུལ་བ)་ཡོངས་སུ་གསོལ་ནས་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང། བསོད་སྙོམས་གང་(སངས་རྒྱས་ལ་ཕུལ་བ)་ཡོངས་སུ་གསོལ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བསོད་སྙོམས་དེ་གཉིས་ཀའང་འབྲས་བུ ་མཉམ་པ་མེད་པའོ་ཞེས་སོ། (།མདོའི་ངག)་འདིས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་རྣམས་ཡོན་གནས་མཆོག་ཏུ་ཁྱད་པར་མེད་པར་བསྟན་ཏོ། །བུ་མོ་འོད་བཟང་གི་ཐེག་པ་ཆེན་པོའི་མདོར་ཡང། འཕགས་པ་མོའུ་འགལ ་གྱི་བུ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བདག་འདི་སེམས་དང་པོ་(བདུན་ལྡན་ནི་འཇིག་རྟེན་ལས་འདས་པའི་རབ་དགའ་)་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བགྱིད་དོ་ཞེས་གསུངས་སོ། །སྡེ་པའི་གཞུང་དཱུང་གསུངས ་ཏེ། ཇི་སྐད་དུ། དགྲ་བཅོམ་པ་བརྒྱད་ཕྲག་བྱེད་དང་བཅུ་གསུམ་གྱིས་གསོལ་པ། བཅོམ་ལྡན་འདས་རྒྱལ་ཚབ་ཏུ་དབང་བསྐུར་བ་(རྗེ་བཙུན་བྱམས་མགོན་ལྟ་བུ)་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་དགེ་འདུན་ཕལ་ཆེན་པའི་རིགས ་འཛིན་པའི་སྡེ་སྣོད་དུ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བྱང་ཆུབ་སེམས་དཔའ་(ཤེས་བྱའི་ཡིད་ཀྱི་ཡུལ་གྱི)་ཆོས་ཐམས་ཅད་མཉམ་པ་ཉིད་སྤྲོས་པ་མེད་པའི་(ལམ?་རྣམ་པར་སྤྲོས་པ)་ཏིང་ངེ་འཛིན་ཐོབ་པ་དེ་ཐམས་ཅད་ཀུན་ཏུ་སྤྱོད་པ་(ཱོག་བའུ? ་བཞི་པར་འཆད་པ)་བརྒྱད་ཁྲི་བཞི་སྟོང་རྣམས་ལ་ཇི་ལྟར་(སེམས་ཅན་རྣམས་ཀྱིས)་འདྲི་བ་བཞིན་བདག་ཉིད་ཆོས་སྟོན་ཏོ། །དེ་ནས་ཡང་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་རྫུ་འཕྲུལ་ཇི་ལྟ་བ་དེ་ལྟ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་(རྟོགས་བྱའི་ཐོབ་བྱ།)་ཡང་མ་ལགས་པས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་ཤར་གྱི་རི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུའོ། །བཅོམ་ལྡན ་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་པ། བཅོམ་ལྡན་འདས་བདག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུབ་པ་ཆེན་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་གངས་རིར་གནས་པ་རྣམས་ཀྱི་སྐྱེས་པ་རབས་ཀྱི་སྡེ་སྣོད་དུའོ། །གནས ་བརྟན་པ་རྣམས་དང་བརྟགས་པར་དང་མང་དུ་ཐོས་པ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་མདོར་ཡང། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དེ། བྱང་ཆུབ་ཀྱི་སེམས་ཉེ་བར་བླངས་ནས་(སེམས་བསྐྱེད་པ)་དེ་ནི་ཤིན་ཏུ ་ཆེན་པོ་ཡིན་པས་(དེ་ལ)་བདག་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་སུ་གྱུར་པ་ལ་ཕྱག་འཚལ་ལོ། (།ཉོན་མོངས་པའི་ཚ་གདུང་ཞི་བས)་བསིལ་བར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་གསུངས་སོ། །དེ་ནས་ཡང་ཚེ་དང་ལྡན་པ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་པ། བྱང ་ཆུབ་སེམས་དཔའ་མགོན་པོར་གྱུར་པ་དེ་ལ་ཕྱག་འཚལ་ལོ་ཞེས་རྒྱལ་བྱེད་ཚལ་པ་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོའི་མདོར་རོ། །ཀུན་གྱིས་བཀུར་བ་ས་(ཀུ་རྒྱུ་གུ་ལས་རུ)་སྒྲོགས་རིགས་སུ་གནས་པ་རྣམས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ་གང་འདི ་དགའ་ལྡན་ནས་སྐུ་(ལུས་གཞན་ཟིལ་གྱིས་གནོན་པས)་གཟི་བརྗིད་དང་ལྡན་པ་དང་(ཡིད་དུ་འོང་བས)་ཁ་དོག་དང་མཛེས་པས་གཤེགས་པའི་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ཞེས་གསུངས་སོ། །ཚེ་དང་ལྡན་པ་ཀཱ་ལོ་དཱ་ཡིས་ཀྱང་གསོལ་པ། ་སེམས་ཅན་ཀུན་ལ་ཕན་དོན་དུ། །གང་ཚེ་(ཤཱཀྱའི་རྒྱལ་པོ)་ཁྱོད་ཀྱིས་སྤྱི་གཙུག་ནི། (།རྒྱལ་པོ་གཙུག་ན་ནོར་བུར་འཁྲུངས་པའི་དུས་ན)་གཅིག་ནོར་དང་ལྡན་སྔོན་བྱིན་པ། དེ་ཚེའང་ཕྱག་འོས་ཕྱག་འཚལ་ལོ་ཞེས་རྣམ་པར་ཕྱེ་སྟེ་སྨྲ་བ་རྣམས་ཀྱིས་སངས་རྒྱས་བཤད་པར་རོ། །ཚེ་དང ་ལྡན་པ་ཀུན་དགའ་བོས་གསོལ་པ། གང་འདི་དགའ་ལྡན་ནས་ཡུམ་གྱི་ལྷུམས་སུ་ཉེ་བར་ཞུགས་པ་དེ་དང་མངལ་ན་གནས་པ་ལ་བདག་ཕྱག་འཚལ་ལོ་ཞེས་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་ཆོས་རྨད་དུ་བྱུང་བར་གསུངས་སོ། །དེ་ལྟ་རུ་སྡེ་པ་བཞི་པ་རྣམས་ལ ་ཡང་སོ་སོར་ཐ་དད་པའི་ཕྱག་གི་གཞུང་ཡོད་དེ་(འགའ་ཞིག་རྟོག་གེ་འབར་བར་བལྟ་བར་བྱ་ཞིང)་མངས་པའི་འཇིགས་པའི་ཕྱིར་འདིར་མ་བྲིས་སོ། །འོ་ན་ཅི་གང་ལ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་(མ་ཐག)་དེ་རྣམས་ལའང་དགེ་སློང་རྣམས་ཀྱིས་ཕྱག་བྱ་འམ་ཞེ་ན། དེ་(སེམས ་བསྐྱད་བྱས་པ་ཙམ)་ངེས་པར་སངས་རྒྱས་སུ་འགྱུར་ཞེས་ཤེས་པར་བྱེད་པ་མེད་དེ། (བྱང་ཆུབ་སེམས་དཔའ་)་གང་ས་(རབ་དགའ་སོགས)་ལ་རབ་ཏུ་ཞུགས་པ་(བྱང་ཆུབ་ཏུ)་ལུང་བསྟན་པ་ཐོབ་པ་ཐོས་པ་དེ་རྣམས་ཁོ་ན་ལ་ཕྱག་བྱའོ། །བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་(རང་ཉིད་བས)་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་རྒན་པ་རྣམས་ལ་ཕྱག་བྱའི་གཞན་སུ་ལའང་མ་ཡིན་ནོ། (།ཕྱག་བྱ་སོགས་ཀྱིས)་འཇིག་རྟེན་གཞུག་པ་ལས་ནི་སེམས་ཅན་གདུལ་བའི་དོན་དུ་གནས ་སྐབས་ཀྱི་ཁྱད་པར་དང་རྗེས་སུ་མཐུན་པར་བྱ་སྟེ། (བྱང་ཆུབ་སེམས་དཔས་ཀྱང)་ཇི་སྲིད་མ་དང་ཕ་ལ་སོགས་པའི་བར་རྣམས་ལའང་ཕྱག་བྱ་བར་བསྟན་ལ། དགེ་སློང་རྣམས་ལའང་བཅུན་པ་(ཞེས་བཀུར་ཚིག)་སྨྲ་བས་བརྗོད་དོ། །འདིར་(བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལེན་པའི་ཆོ་ག་འཆད ་པའི་སྐབས)་བྱང་ཆུབ་སེམས་དཔའ་ཨི་སྲོག་གཅོད་པ་ལ་སོགས་པ་སྤོང་བ་རྣམས་ཐ་དད་པར་མ་བརྗོད་པ་ཉིད་ཇི་ལྟར་ཞེ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་ཞེས་པ་ཐལ་ཆེས་པས་ཆོག་གོ་།འོ་ན་གང་ཟག་གཅིག་པུ་གང་ལ་ཇི་སྲིད་འཚོ་བ་པའི་ཡན་ལག་གསུམ ་པ་དང་ཡན་ལག་ལྔ་པའི་དགེ་བསྙེན་གྱི་སྡོམ་པ་(གཉིས)་དག་དང་(གང་ཟག)་དེའི་བྱང་ཆུབ་ཀྱི་བར་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ལས་གཞན་དེ་དགེ་བསྙེན་གྱི་སྡོམ་པ་གསུམ་དུ་འགྱུར་རམ་ཞེ་ན། (དྲི་བ)་འདི་ལ་(3་དུ་འགྱུར་བ་ཁོ་ནའོ་ཞེས)་འཆད་པར་གྱུར་རོ། །དེ་ལྟར ་བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བྲལ་(ཉམས་ལེན)་བའང་མཛའ་ཡས་པའི་འཁོར་བའི་(མངོན་པར་མཐོ་བའི)་བདེ་བ་བསྐྱེད་ལ་སྒྲུབ་པ་དང་བཅས་པ་ནི་འཇིག་རྟེན་ལས་འདས་པའི་(ངེས་པར་ལེགས་པ)་བདེ་བ་(བསྐྱེད་པར་བྱེད་པ)་ཡང་ངོ་ཞེས་རྟོགས་ནས། ཅུང་ཟད་ཙམ ་བསམས་ནས་མི་སྟེར་བ་ལས་ཡི་དགས་སུ་འགྲོ་ལ་(འདི་ཙམ་སྦྱིན་ཞེས་དག་གིས)་དམ་བཅས་ནས་མི་སྟེར་བ་ལས་ཀྱང་དམྱལ་བར་འགྲོ་ན་འགྲོ་བ་མ་ལུས་པ་ལ་བླ་ན་མེད་པའི་དོན་(རྫོགས་པའི་སངས་རྒྱས་ལ་འགོད་པར)་དམ་བཅས་ནས་སྒྲུབ་པར་མི་བྱེད་པ་(སྦྱིན་པར) ་ནི་(ངན་སོང་དུ་འགྲོ་བ)་ལྟ་ཅི་སྨོས་ཞེས་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོར་གསུངས་པས། འགྲོ་བ་མཛའ་དག་(འཇིག་ཚོགས་དང་ཐེག་པ་དམན་པ་སོགས་ལས)་ཡོངས་སུ་སྐྱབ་པའི་ཆེད་དུ་སྙིང་རྗེ་དམ་བཅའ་བ་བྱས་པའི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཅན་གྱིས ་བདག་ཉིད་དམ་གཞན་རྣམས་ལ། (བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཉི་ཤུ་བར)་གཞན་རྣམས་སམ་ནི་བདག་ལ་ཡང། (།ཡུན་རིང་དུ)་ཕན་པ་དང་(འཕྲལ་དུ)་ནི་བདེ་བ་བྱ། (།འཕྲལ་དུ)་སྡུག་བསྔལ་ཡིན་ཡང་གང་(ཕྱི་མ་ལ)་ཕན་(པ)་ཉིད། (།བྱ་ཞིང)་བདེ་ཡང་མི་ཕན་(པ)་ཉིད་(བྱ་བ) ་མ་ཡིན། །ཕན་པ་ནི་ཕྱིས་རྣམ་པར་སྨིན་པ་བདེ་བ་སྟེ་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་ཁ་ན་མ་ཐོ་བ་མེད་པའི་ཕྱིར་ཡང་ངོ། །བདེ་བ་ནི་རྗེས་སུ་འཛིན་པའི་(ཱམ་ཕན་འདོགས་པ)་ཚོར་བའོ། (།བྱང་ཆུབ་སེམས་དཔའ་)་འདིས་(ཕན་པ་དང་བདེ་བ)་འདི་གཉི་བདག་དང་གཞན་རྣམས་ལའང ་བྱ་སྟེ་(ཕན་པ་དང་བདེ་བ)་འདི་དག་གིས་རང་དང་གཞན་གྱི་དོན་ཐམས་ཅད་ཡང་དག་པར་བསྡུས་པའི་ཕྱིར་རོ། (།སྟེ་ཆོས་ཀྱི་འདིར་གྲགས་བདེ་བ་དང་འདི་དང་འཆི་ཀར་འཇིགས་པ་མེད། འཇིག་རྟེན་གཞན་དུ་བདེ་བ་རྒྱས། དེ་བས་རྟག་ཏུ་ཆོས་བསྟེན་མཛོད། ཅེས་རིན་ཆེན་ཕྲེང་བར་གསུངས།)་སྡུག་བསྔལ་ནི་ཉེ་བར་འཇོམས་པའི་(ལུས ་སེམས་ལ་གནོད་པར་བྱེད་པ།)་ཚོར་བ་སྟེ། གང་(རང་དང་གཞན)་འདིའི་ཕན་པ་ཕྱིས་བདེ་བར་འགྱུར་བ་འཕྲོད་པའི་(ཁམས་ལ་འཕྲོད་པ)་ཟས་ལྟར་མི་ཕན་པ་མ་ཡིན་པའོ། (།འཕྲལ་དུ)་བདེ་ཡང་མི་བྱ་བ་ཉིད་ནི་(རིན་ཆེན་ཕྲེང་བར་གདོན་མི་ཟ་བར་འཆི་འགྱུར་ཞིང་ཤི་ནས་སྡིག་པས་སྡུག་བསྔལ་ལ ་གཟིགས་ཏེ་འཕྲལ་དུ་བདེ་ན་ཡང། སྡིག་པར་བགྱི་བ་མི་རིགས་སོ་ཞེས་པའི་ཚུལ་གྱིས)་གང་མི་ཕན་པ་ཕྱིས་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་མི་འཕྲོད་པ་(ཱི་ཟས)་ལྟ་བུ་སྟེ། (མི་དགེ་བ་ཡིན་པས)་ཉོན་མོངས་པ་ཅན་ཉིད་དང་(བཅས་པ་དང་རང་བཞིན་གྱི)་ཁ་ན་མ་ཐོ་བ་(སྨད་བྱ)་དང་བཅས ་པའི་ཕྱིར་ཕན་པ་མ་ཡིན་པའོ་ཞེས་པ་འདི་རེ་ཞིག་(བྱང་ཆུབ་སེམས་དཔའ་ཨི)་འདིའི་བྱ་བ་མདོར་བསྡུས་པའོ། །ཡང་(བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཅན)་འདིའི་ལྟུང་བ་ནི་ཅི་ཡིན། རྣམ་པ་དུ་ཞེ་ན། ལྟུང་བ་ནི་(བཀག་པ་ལས་སམ་སྟོན་པས་བཅས་པ་ལས)་ཤིན་དུ་འདའ་པའོ། །ལྟུང་བའི ་སྡེ་ནི་གཉིས་ཁོ་ན་སྟེ། ཕས་ཕམ་པར་འགྱུར་བའི་ཆོས་རྣམ་པ་བཞི་པོ་གང་ལྷག་པར་སྤྱད་པ་ལས་(སྡོམ་པ་བླངས་པ)་འདི་སྡོམ་པ་དང་འབྲལ་ཞིང་བྱང་ཆུབ་སེམས་དཔའ་མ་ཡིན་པར་གྱུར་བ་དང། ལྟུང་བས་ཡང་དག་པར་བསྡུས ་པའི་ཉེས་བྱས་(བཞི་བཅུ་རྩ་དྲུག་བྱང་ཆུབ་སེམས་དཔའ་ཨི་ས་དང་སྡོམ་པ་ཉི་ཤུ་བར་གསུངས་པ)་གང་གིས་ལྟུང་བ་དང་བཅས་པར་འགྱུར་བའོ། (།དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག་།རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །འགྲོན་པོས་བདག་གིར་མི་བྱེད་ཅིང།། ་གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་དོར། །ཕ་རོལ་དང་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱང་ཆུབ། །ལོག་པས་འཚོ་བ་དང་དུ་ལེན་ཅེས་པ།)་འདིར་(ཉེས་བྱས)་ཡང་ལྟུང་པ་འགའ་ཞིག་གཞན་ལས་བཤགས་པར་བྱ་བ་སྟེ། (ཉེས་བྱས་ཡང་བ)་ཁ་ཅིག ་རང་གིས་བསྡམ་པར་བྱ་བའོ། །ལྟུང་བ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་སོགས་པར་ཇི་ལྟར་འདའ་བ་བཞིན་རྒྱུ་དང་ལྡན་པར་(མི་བྱའོ་ཞེས)་བཅས་པའོ། །འོ་ན་བསླབ་པ་ཀུན་ལས་བཏུས་པར་རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང ་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། (ལྟུང་བ)་གང་གིས་(ལྟུང་བ་ལྔ་པོ་བྱེད་པ་པོ)་དེ་སྔར་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་བསྐམས་(ཤིང་ཟད)་པར་བྱེད་པ་ཕས་ཕམ་པའི་དངོས་པོ་ལྷ་དང་མིའི་བདེ་བ་ཐམས་ཅད་ལས་ལྟུང་ཞིང་ཉམས་པར་བྱེད་པ་ངན་སོང་དུ་ངེས ་པར་འགྲོ་བར་བྱེད་པར་འགྱུར་བའོ་ཞེས་པ་ལ་སོགས་པ་དང། ལས་དང་པོ་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་(ཞུགས་པའམ)་གནས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱི་རྩ་བའི་ལྟུང་བ་ནི་བརྒྱད་རྣམས་ཏེ། (ལྟུང་བ)་གང་གིས་འཁྲུལ་པ་རྣམས་(ཐེག་ཆེན ་ལ་ཞུགས་པའི་ལས་དང་པོ་པ)་སྔར་བསྐྲུན་པའི་དགེ་བའི་རྩ་བ་རྣམས་བསྐམས་པར་བྱེད་པ་ཕས་ཕམ་པ་ལྷ་དང་མི་དང་ཐེག་པ་ཆེན་པོའི་བདེ་བ་ལས་ལྟུང་བར་བྱེད་པའི་དངོས་པོ་ངན་སོང་དུ་འགྲོ་བར་བྱེད་པར་འགྱུར་བ་རྣམས་སོ་ཞེས་པ་ལ་སོགས་པ་དང། ཐབས་ལ་མཁས ་བའི་མདོར་ཡང་རྩ་བའི་ལྟུང་བ་གསུངས་པ་གང་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་(ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པས་གནས་ན་འདི་བྱང་ཆུབ་སེམས་དཔའ་ཨི་ལྟུང་བ་ལྕི་བའོ།།)་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས་(སློབ་དཔོན་ཞི་བ་ལྷས་ཚིགས་སུ་བཅད ་པར)་བསྡུས་པ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། (།དང་འཕྲོག་ཏུ་འཇུག་པ)་ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་ཆོས་(ཐེག་པ་3་གྱིས་བསྡུས་པ)་སྤོང་བར་བྱེད་པ་ནི། །གཉིས་པ་ཡིན་པར་ཐུབ་པས་གསུངས། (།ཚུལ་ཁྲིམས་ཅན་ལྟ་ཅི་སྨོས)་དགེ་སློང་ཚུལ་ཁྲིམས ་འཆལ་པའི་ཡང། །དུར་སྨྲིག་ཕྲོག་དང་བརྡེག་པ་དང། །བཙོན་རར་འཇུག་པར་བྱེད་པ་དང། །རབ་ཏུ་བྱུང་བ་འབེབས་པས་ཀྱང། །མཚམས་(ཕ་དང་མ་དང་དགྲ་བཅོམ་གསོང་བ་དགེ་འདུན་འདུས་པ་འབྱེད་པ་སངས་རྒྱས་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ།)་མེད་ལྔ་པོ་བྱེད་པ་ལས། །ལོག་པར ་ལྟ་བ་འཛིན་པས་(རྒྱུ་མེད་དུ་སྨྲ་བ)་ཀྱང། །གྲོང་ལ་སོགས་པ་འཇིག་པས་ཀྱང། (།འདི་བློན་པོ་ལ་འབྱུང་ངོ་ཞེས་བཤད་པ)་རྩ་བའི་ལྟུང་བར་རྒྱལ་བས་གསུངས། (།ལས་དང་པོ་པའི་བརྒྱད་ནི)་བློ་མ་སྦྱངས་པའི་སེམས་ཅན་ལ། (།སྟོང་པ་ཉིད་བསྟན་ན་དོན་མེད་པར་འགྱུར་བ)་སྟོང་པ་ཉིད་ནི་བརྗོད་པ ་ལས། །སངས་རྒྱས་ཉིད་ལ་ཞུགས་པ་རྣམས། །རྫོགས་པའི་བྱང་ཆུབ་ལས་བཟློག་ལས། །སོ་སོར་ཐར་པ་སྤོང་བཅུག་སྟེ། །ཐེག་པ་ཆེ་ལ་སྦྱོར་བ་ལས། །སློབ་མའི་(ཉན་ཐོས་པ)་ཐེག་པ་ཆགས་ལ་སོགས། །སྤང་ཕྱིར་མིན་ཞེས་(རང་ཉིད)་འཛིན་པ་དང། །གཞན ་རྣམས་འཛིན་དུ་འཇུག་ལས་ཀྱང། (།རང་བཞན་གཉིས་ཀ་ལ་རྩ་ལྟུང་དུ་འགྱུར་རོ།)་།བདག་གིས་(ཕྲོག་གི་རྒྱུ་དང་བརྫུན་གྱི་རྐྱེན་གྱིས)་ཡོན་ཏན་བརྗོད་པ་དང། །གཞན་རྣམས་(ལ་ཟེར)་སྨོད་པར་བྱེད་ལས་ནི། །རྙེད་དང་བཀུར་སྟི་གྲགས་པའི་རྒྱུས། (།ཡོན་ཏན་ཕུལ་དུ་བྱུང་བ་ལས་བྱུང་བའི་སྙན་པས་ཞེས་སློབ ་དཔོན་འཇམ་དཔལ་གྲགས་པ་འཆད)་བདག་ནི་(ཚིག་རྐང་འདི་མར་ཡང་སྦྱར)་ཟབ་མོ་(སྟོང་བ་ཉིད)་ལ་བཟོད་ཅེས། (།ཅིང་མངོན་དུ་བྱས)་བརྫུན་ཉིད་དུ་ནི་སྨྲ་བ་ལས། །དགེ་(རྒྱལ་པོའི་མིས་དགེ་སྦྱོང་དང་རྒྱལ་རིགས་ལ་དབྱེན་བྱས་ནས)་སྦྱོང་ཆད་པས་པགཅོད་འཇུག་རྡང། (།དགེ་སྦྱོང་?་ནས)་སྐྱབས་གསུམ ་པོ་ཡིད་(ནོར་རྒྱལ་པའི་མི་ལ)་སྟེར་བ་དང། །སྟེར་བ་ལེན་པར་བྱེད་པ་ལས། (།བཀལ?་རྩ་ལྟུང་རུ?་འགྱུར་རོ།)་།ཞི་གནས་སྟོང་དུ་(རྒྱལ་པོ་ལྟ་བུས་དགེ་སྦྱོང་ཞི་གནས་ཅན་ལ་གཙེས་ན)་འཇུག་པ་དང། །ཡང་དག་(རྙེད་དཀུར་ལ་སྲེད་པའི་ཁ་དོན་པས་རྒྱ་བ་སོགས་ལ་ཞི་གནས་པའི་བརྗོད་ཅིང་རྒྱལ་པོ་སོགས་ཀྱི།) ་འཇོག་གི་ལོངས་སྤྱོད་རྣམས། །ཁ་སྟོན་བྱེད་ལ་སྟེར་བ་ལས་སོ། །(སྦེད་པ་པོ་དང་རྒྱལ་པོ་སོགས་དག་ལྷུང་བ་ཅན་དུ་འགྱུར་རོ། །དེ་དག་རྩ་བའི་ལྟུང་བ་སྟེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། རྨི་ལམ་འཕངས་པ་མཁའ་སྙིང་པོའོ། །མདུན་དུ་འདུག་སྟེ་བཤགས་པར་བྱ་ཞེས།)་བྱང་ཆུབ་སེམས་ནི་ཡོངས་གཏོང་ལས། (།ཆིག་རྐང་འདི་ཐབས་ལ ་མཁས་པའི་མདོའི་རྩེ་ལྟུང་སྟེ་བསྡུས་པར་གསལ།)་ཆགས་དང་(འདི་རྣམས་ནི་སློབ་དཔོན་ཐོགས་མེད་ལ་སོགས་པའི་ལུགས་གནས་པར་བྱ་བའི་ཆེད་དུ་བསྡུས་ཤིང་བྱང་ལ་དང་སྡོམ་པ་ཉི་ཤུ་པར་གསུངས་པའི་ལྟུང་བ་དང་པོ་ནི་བརྒྱད་ཀྱི་ལྔ་པ་དང་པར་དགོངས་ནས་འདིར་མ་བསྡུས།)་སེར་སྣ་མི་བཟད་པས། (།སྟེ་དྲག་པོ)་སློང་ལ་སྟེར་བར་མི་བྱེད་པས། ། ་འབད་པས་དགའ་བར་བྱེད་པ་ཡི། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་ལ་བརྡེག་ལས། །ཉོན་མོངས་པས་གཞན་རྗེས་ཞུགས་ཏེ། །དམ་ཆོས་འདྲར་སྣང་སྟོན་ལས་སོ། །ཞེས་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ་ནི་རྩ་བའི་ལྟུང་བ་བཞི་ཁོ་ན་སྟེ། ་དེ་ལྟར་ཡང་(བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད)་དེ་བསྡུས་པའི་བྱང་ཆུབ་སེམས་དཔའ་སྡོམ་པ་ཉི་ཤུ་པར་གསུངས་པ། ཉོན་མོངས་དྲག་པོས་ཀུན་བསླང་བ། །སྡོམ་པ་འཇིག་པར་བྱེད་པ་གང། (།གང་ཟག་སྡོམ་པ་ཅན)་འདི་ཡི་ལྟུང་བ་བཞི་པོ་རྣམས། །ཕམ་པ་འདྲ་བར་དགོངས་པ ་ཡིན། །རྙེད་དང་བཀུར་སྟིར?་ལ་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང། །སྡུག་བསྔལ་ཅན་མགོན་མེད་རྣམས་(ཆེན་པོ)་ལ། །སེར་སྣས་(དྲག་པོ)་ཆོས་(དང)་ནོར་མི་སྟེར་དང། །གཞན་གྱིས་བཤགས་པ་མི་ལེན་པར། །ཁྲོས་པས་(དྲག་པོ) ་གཞན་ལ་བརྡེག་པ་དང། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང། །དམ་ཆོས་(མ་ཡིན་པ་ལ་ཆོས་ལྟར་བཅོས་པས)་འདྲར་སྣང་སྟོན་པའོ། །ཞེས་གསུངས་པ་(བཅུ་བདུན་དུ་གསུངས་པ་དང་བཞིར་གསུངས་པ)་དེ་ཇི་ལྟར་འགལ་བ་མ་ཡིན་ཞེ་ན། མ་ཡིན་ཏེ་གང་ཟག་འབྲིང་དང་ཆུང་ངུ་དང་ཆེན ་པོའི་བྱེ་བྲག་གིས་ལྔ་དང་བརྒྱད་དང་བཞིའོ་ཞེས་ལྟུང་པའི་རབ་ཏུ་དབྱེ་བ་བསྟན་ལ། གང་ཟག་(འདྲིང?་ལྟ་བུ)་གཅིག་གི་ལྟུང་བ་གང་ཡིན་པ་དེ་རྣམས་གཞན་(ཆུང་ངུ་དང་ཆེན་པོ)་དག་གི་ཡང་ངོ། (།བསླབ?་པ་ཀུན་ལས་བཏུས)་དེ་ཉིད་དུ་ཇི་སྐད་དུ་གསུངས་པ། གལ་ཏེ་རྒྱལ་རིགས་ལ ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་ན་(རྒྱལ་རིགས་སོགས)་དེ་རྣམས་ཀྱི་ལྟུང་བ་(ཉུང་ངུར)་ངེས་ཤིང་གཞན་རྣམས་ཀྱི་ལྷག་(བརྒྱད་ལ་སོགས)་པ་ཅི་ལྟར་ཡིན། ཅི་སྟེ་(རྒྱལ་རིགས་སོགས)་དེ་རྣམས་སྡོམ་པ་ཅན་མ་ཡིན་ན་ནི་འདི་རྣམས་ཀྱི་ལྟུང་བ་རྣམ་པར་གཞག ་པ་ཅི་ལྟར་ཡིན། །ཅི་ལྟར་སྡོམ་པ་ཅན་རྣམས་ཀྱང་(ལྟུང་བའི)་ཉེས་པ་དེས་ཟིན་པར་འགྱུར་ཞེ་ན། སྐྱོན་འདི་ནི་མེད་དེ། (ལྟུང་བ)་གང་རྣམས་(གང་ཟག)་གང་ལ་མེད་དུ་འབྱུང་བ་(ལྟུང་བ)་དེ་རྣམས་(གང་ཟག)་དེ་ལ་བསྣན་པ་སྟེ་ང་གིས་མིང་གིས་གཟུང་ནས་བསྟན་པ ་ལས་འཇིགས་པ་བསྐྱེད་པའི་དོན་དུ་སྟེ། (རྒྱལ་པོ་སོགས་དང་ལས་དང་པོ་ལ)་ཐམས་ཅད་ཀྱི་ཕན་ཚུན་དུ་ལྟུང་བ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོ་(མཚམས་མེད་སོགས)་གང་གིས་(སྡོམ་པ)་ཡང་དག་པར་མ་སླངས་པ་རྣམས་ཀྱང་སྐལ ་པ་མེད་པར་འགྱུར་བ་ངེས་སྡོམ་པ་ཅན་རྣམས་ཆེས་ཤིན་ཏུའོ་ཞེས་སོ། (།སྐལ་བ་མེད་པར་འགྱུར་བ)་གལ་ཏེ་དེ་ལྟར་ན་རེ་རེ་(གང་ཟག)་ལ་ལྟུང་བ་བཅུ་བདུན་བཅུ་བདུན་རྣམས་སུ་ཐལ་བར་འགྱུར་རོ་ཞེ་ན་དེ་ལྟ་མ་ཡིན་ཏེ། སྡེ་སྣོད་དུ་གསུངས་པའི་བཞི་པོ་རྣམས་ཉིད་དུ་གཞན་རྣམས ་འདུས་པའི་ཕྱིར་རོ། །དེ་ལྟར་ནི་ལྔ་པོ་རྣམས་ཀྱི་གཉིས་པར་(དམ་པའི་ཆོས་སྤོངས)་ནི་ཐེག་པ་ཆེན་པོ་སྤོང་བས་བསྡུས་ཏེ། ཐེག་པ་ཆེན་པོར་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ཀྱང་སྟོན་ཏེ་(ཐེག་ཆེན)་དེ་སྤངས་པ་ལས་(ཉན་རང་གི་ཐེག་བ)་དེ་དག་ཀྱང་སྤངས་པའོ།། ་གསུམ་པ་དང་བཞི་པ་དག་(བལ་ཆེ་བ)་བརྡེག་པས་སོ། །ལོག་པར་ལྟ་བ་འཛིན་པ་ནི་དམ་ཆོས་འདྲར་སྣང་སྟོན་པ་སྟེ། (འཕགས་པ་ནམ་མཁའ་ཨི་སྙིང་པོའི་མདོ་བསླབ་བཏུས་སུ་དྲངས་པར)་རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་ཕ་རོལ་སྤོང་སྟེ་མི་དགེ་བ་བཅུ་ཡང་དག་པར་བླངས་ནས་འཇུག་ཅིང ་སེམས་ཅན་གཞན་རྣམས་ཀྱང་མི་དགེ་བ་བཅུ་ཡང་དགེ་པར་འཛིན་དུ་འཇུག་གོ་ཞེས་གསུངས་སོ། །གྲོང་ལ་སོགས་པ་འཇིག་པ་ནི་བརྡེག་པས་སོ། །བརྒྱད་པོ་རྣམས་ཀྱི་(ལས་དང་པོ་པའི་བརྒྱས་ལས་དང་པོ་བཞི་ནི་ཆོས་ལྟར་སྣང་བ་བརྗོད་པ་སྟེ་བཞི་པར་འདུས་སོ་ཞེས་སློབ་དཔོན་ཉན? ་བྲན་ཆོས་ཀྱི་ཡེ་ཤེས་གསུང་ངོ།)་།དང་པོ་ནི་ཐེག་པ་ཆེན་པོ་སྤོང་བས་ཏེ། བློ་མ་སྦྱངས་པ་ནི་སྟོང་པ་ཉིད་སྤོང་བར་བྱེད་དེ། ཇི་སྐད་དུ་གསུངས་པ། གཞན་(རིན་ཆེན་ཕྲེང་བར་ཆོས་འདི་ལོག་པར་ཤེས་གྱུར་ན་མི་མཁས་རྣམས་ནི་ཆུང་ཀྱང་མཛའ་། འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེ་ནི་འབྱིད་བར་འགྱུར།)་ཡང་ཤེས་པ་ངན ་པའི་ཕྱིར། །རྨོངས་པ་མཁས་པའི་(མངོན་པ)་ང་རྒྱལ་ཅན། །འདི་སྤོང་བདག་ཉིད་ཕུང་བྱས་པ། །འོག་ཏུ་ཁ་ཕྱོགས་མནར་མེད་འགྲོ་ཞེས་སོ། (ཡིས)་དེས་(བློ་མ་བྱང་བ)་སྦོང་བའི་རྒྱུ་ལས?་(སྣོད་མིན་ལ་ཟབ་མོ་བཤད་པ)་ཉིད་ཀྱིས་ན་སྟོན་པ་པོས་ཀྱང་སྤོང་བར་བྱེད་པའོ། །གཉིས་(འདི་ནི ་ཧ་ཅང་ཐལ་ཏེ་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་གསུངས་པའི་རྒྱུ་ཡིས་དེ་སྤོང་བར་བྱེད་པའི་ཕྱིར་རྫོགས་པའི་སངས་རྒྱས་ལ་ཡང་རྩ་ལྟུང་འདི་འབྱུང་བར་འགྱུར་བས་སོ་དཀོན་མཆོག་རྩེགས་པར་དགེ་སློང་དམིགས་པ་ཅན་རྣམས་ཀྱིས་སྟོང་པ་ཉིད་སྤངས་པ་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་གསུངས་པ་ལས་བྱུང་བར་གསུངས་པས་སོ།།)་པ་ནི་(ཐེག་ཆེན་ལ་ཞུགས་པ་ལ་ཐེག་པ་དམན་པ་བསྟན་པས) ་དམ་ཆོས་འདྲར་སྣང་སྟོན་པས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་སྤྱོད་པ་ལས་(ལྟོས་ན)་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དམ་པའི་ཆོས་ལྟར་སྣང་བའོ། །གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་བདག་བསྟོད་(ཅིང་མཐོ་བར་བྱེད)་གཞན་ལ ་སྨོད་པས་ཏེ་(གསུམ་པའི་སྐབས་ཀྱི)་ཐེག་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རང་གིའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང་དུར་སྨྲིག་འཕྲོག་པ་དང་དགེ་འདུན་གྱི་དབྱེན་དང་བདུན་པ་(སྐྱབས་གསུམ་པོའི་སྟེར་བ་སོགས)་ནི་སེར་སྣ་དང་ཆགས་པ་དག་གིས་ནོར་མི་སྟེར ་པས་ཏེ། དེ་ལྟར་ནི་ཤིན་ཏུ་དྲག་པོའི་སེར་སྣ་དང་ཆགས་པ་དག་ནི་གང་ལས་ཕ་རོལ་རྫས་དེ་ལ་ལོངས་སྤྱོད་པའི་དོན་ཅན་ཡང་མི་བཟོད་ཏེ། ཚུར་འཕྲོག་པར་བྱེད། འབྱེད་པར་བྱེད། སྟེར་དུ་འཇུག་པ་དང། བྱིན་པ་ལེན་པ་ཡང་ངོ། །ཞི་གནས་གཏོང་དུ་འཇུག་པ ་ནི་རྟོགས་པའི་ཆོས་ལ་སེར་སྣ་སྟེ་སེར་སྣ་དྲག་པོས་རང་ཡང་མི་སྟོན་ལ་ཕ་རོལ་ཡང་སོ་སོར་གཏོང་དུ་འཇུག་གོ་།བསམ་གཏན་པ་རྣམས་ལ་སྦྱིན་པར་བྱ་བ་ཀློག་པ་པ་རྣམས་ལ་སྟེར་དུ་འཇུག་པ་ནི་ནོར་ལས་སེར་སྣས་(བསྡུས)་ཏེ་འགའ་ཞིག་ནི་གང་ཟག་(བསམ་གཏན་པ་ལྟ་བུ) ་འགའ་ཞིག་ཉིད་ལ་སེར་སྣར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་གཏོང་བ་ནི་ཐེག་པ་ཆེན་པོ་སྤོང་བས་(བསྡུས)་ཏེ་བྱང་ཆུབ་ཀྱི་སེམས་ཉིད་ཐེག་པ་ཆེན་པོ་དང་དེ་གཏོང་བ་འང་སྤོང་བ་ཡིན་པའི་ཕྱིར་རོ། །ལྟུང་བ་བཞི་པོ་འདི་རྣམས་ནི་བདག་ལ་བསྟོད་པ་དང་གཞན ་ལ་སྨོད་པ་ཞེས་པ་ལ་སོགས་པས་སོ་སོར་གཉིས་ཉིད་དག་སྟེ་(སེར་སྣས་ཆོས་མི་སྟེར་བ་དང་ནོར་མི་སྟེར་བ་གཉིས་དང་གཞན་གྱིས་བཤགས་པ་མི་ཉན་པ་དང་རྟེག?་པ་ལ་དང་ཐེག་པ་ཆེན་པོ་སྤོང་བ་དང་ཆོས་ལྟར་སྣང་སྟོན་པ་གཉིས་ཏེ།)་བརྒྱད་རྣམས་སོ། །རབ་ཏུ་དབྱེ་བ་འདི་ནི་ཇི་ལྟར་རིགས་པར་སྔར་བརྗོད་ཟིན་ཏོ། །(བརྒྱད་པོ)་དེའི་རབ ་ཏུ་དབྱེ་བ་ལས་མང་པོ་ཡོད་དེ་རང་གིས་རྟོགས་པར་བྱའོ། །གཞན་རྣམས་ནི། (སྡོམ་པ་ཉི་ཤུ་པའི་འགྲེལ་པ་མཁན་པོ་སློབ་དཔོན་བྱང་ཆུབ་བཟང་པོ)་འོ་ན་ནམ་མཁའ་ཨི་སྙིང་པོའི་མདོ་སྡེར་ཕས་ཕམ་པའི་ལྟུང་བ་གཞན་མང་པོ་གསུངས་པ་ཇི་ལྟར་ཞེ་ན། གསུངས་པ་ནི་བདེན་མོད། དེ་(ནམ་མཁའ་ཨི་སྙིང ་པོའི་མདོར་གསུངས་པ་བཅུ་གསུམ་པོ)་རྣམས་སྡོམ་པ་ཡང་དག་པར་བླངས་པའི་སྡོམ་པ་འཇིག་པའི་རྒྱུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྡོམ་པ་ཡང་དག་པར་བླངས་པ་མ་ཡིན་པའི་སྔར་(རྒྱུ་བཟང་པོ)་བསྐྲུན་པའི་དགེ་བའི་རྩ་བ་དང་(འབྲས་བུ་བཟང་པོ)་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ ་ཡང་དག་པར་གཅོད་པའི་རྒྱུ་ཡིན་པས་མི་འགལ་ཞེས་ཟེར་རོ། (།རྩ་ལྟུང་བཞི་ཡོད་པ)་དེ་ལ་བྱང་ཆུབ་སེམས་དཔའ་རྙེད་པར་(རྫས་གསར་དུ་ཐོབ་པ)་དང་བཀུར་སྟི་(ཕྱག་འཚལ་བ་སོགས་ལུས་ཀྱི་སྲིད་ཞུ)་རྣམས་ལ་ཆེས་ལྷག་པར་ཆགས་པས་བདག་ལ་བསྟོད་པ་དང་གཞན་ལ་སྨོད་ན་ཕས ་ཕམ་པའི་ལྟུང་བ་འབྱུང་སྟེ། མུ་སྟེགས་པ་རྣམས་(སྨད་པས་བྲིལ་གྱིས་མནན་པར་འདོད་པ་དང། བསྟན་པ་གནས་པར་འདོད་པ་དང་ཐབས་དེས་(གང་ཟག)་དེ་ཉིད་འདུལ་བར་འདོད་པ་དང། མི་དགེ་བའི་གནས་ལས་བསླད་ནས་དགེ་བའི་གནས་ལ་དགོད་པར་འདོད་པ་དང། ་*། (།རང་ལ་བསྟོད་པས་སྔར)་མ་དང་ཕ་རྣམས་དང་བའི་ཆེད་དང་(སྔར་དང)་བ་རྣམ་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དུ་(བདག་ལ་བསྟོད་ཅིང་གཞན་ལ་དམོད?་ཀྱང)་ལྟུང་བ་མེད་དོ། (ཏེ་ཀུན་སློང་གི་སེམས་བཟང་པོས་ཀུན་ནས་བསླང་བའི)་ཕྱིར་དེ་ལྟར་ཡང་ལྟུང་བ་མེད་པའི་རྣམ ་པ་འདི་གཉིས་ལ་དགོངས་ནས་(སྡོམ་པ་ཉི་ཤུ་པར)་གསུངས་པའི་སྙིང་རྩེ་ལྡན་དང་བྱམས་ཉིད་ལས། སེམས་དགེ་བ་ལ་ལྟུང་བ་མེད་ཅེས་སོ། (།ཚུལ་ཁྲིམས་ཀྱི་ལེའུར་ཡང་ཉམས་བྱས་ལ་དམིགས་གསལ་གསུངས་སོ།)་།སྦྱིན་པར་བྱ་བའི་དངོས་པོ་རྣམས་དང་ཆོས་གཏན་ལ་ཕབ་པ་ཡོད་ནའང ་དོན་དུ་གཉེར་བ་(སློང་བ)་ཡང་དག་པར་ལྷག་པ་རྣམས་ལ་སེར་སྣ་དྲག་པོས་བྲིལ་གྱིས་ནོན་ཏེ་ནོར་རམ་ཆོས་མི་སྟེར་ན་ཕས་ཕམ་པའི་ལྟུང་བ་འབྱུང་སྟེ། ལོངས་སྤྱོད་མེད་ནས་མི་སྟེར་བ་དང་དགེ་འདུན་གྱི་བྱ་བ་བྱེད་པ་ལ་འཇུག་པར་འདོད་ནས་མི་སྟེར་བ་དང། ཐབས ་དེས་འདུལ་བར་འདོད་པ་དང། མི་དགེ་བའི་གནས་ལས་བསླད་ནས་དགེ་བའི་གནས་ལ་བཞག་པར་འདོད་པ་དང། (ཚད་པ་ན་བ་ལ་ཆད་ལྟུང)་མི་འཕྲོད་པ་དང་(དུག་ལ་སོགས་པ)་རུང་བ་མ་ཡིན་པ་སློང་བ་དང་(ནོར་བྱིན་པ)་དེ་རྒྱལ་པོ་ལ་གནོད་པར་གྱུར་ན་ལྟུང་(མ་བྱིན་པའི) ་བ་མེད་དོ། །མུ་སྟེགས་པ་གླགས་ལྟ་བར་གྱུར་པ་འམ། (ཆོས་དང་ཆོས་སྨྲ་བ་ལ་ཡིད་ཀྱི)་མ་གུས་པ་དང་(ངག་གིས)་ཞེས་མེད་པ་དང་(ལུས་ཀྱི)་སྤྱོད་ལམ་ངན་པས་ཆོས་ནོད་པ་དང་དབང་པོ་བརྟུལ་པོར་གྱུར་ཏེ་ཆོས་(ཟབ་ཅིང)་རྒྱ་ཆེན་པོར་བསྟན་པས་(ཉན་པ་པོ)་འདི་(དཀའ་བར་འཛིན་པས) ་སྐྲག་ཅིང་ལོག་པར་ལྟ་བ་དང་(ཡི་དམ་ཆེས་པས)་ལོག་པར་མངོན་པར་ཞེན་པར་འགྱུར་བ་དང། བཅོས་མ་དེ་ལ་སོན་པའི་ཆོས་གཞན་སྣོད་མ་ཡིན་པ་རྣམས་ལ་འཕོ་བར་འགྱུར་བ་སྲིད་པ་དང། རང་མཆོག་ཏུ་ན་བར་གྱུར་པ་(ཆོས་སྟོན་པའི)་ནུས་པ་མེད་པ་དང། ་དེའང་ཆོས་མ་ཡིན་པས་འཇུག་པ་དང་(ཆོས་མ་བཤད་པའི)་ཐབས་དེས་འདུལ་བར་འདོད་ན་ལྟུང་བ་མེད་དོ། །ཁྲོ་བ་དྲག་པོས་ཟིལ་གྱིས་ནོན་པས་གཞན་ལ་བརྡེག་ཅིང་(གཞན་གྱིས)་ཤད་ཀྱིས་སྦྱངས་(ལེགས་པར་བརྡའ་སྤྲད)་ཀྱང་དང་དུ་མི་ལེན་ལ་བཟོད་པར་མི་བྱེད་ན། པ?་པོ?་ཉན? ་ཕས་ཕམ་པའི་ལྟུང་བ་འབྱུང་སྟེ་ལྟུང་བ་མེད་པ་ནི་ཐབས་དེས་འདུལ་བར་འདོད་ན་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ལྟ་བ་ཆེན་པོས་ཀུན་ནས་དྲིས་པས་ཐེག་པ་ཆེན་པོ་ལ་སྨོད་པ་དང་སྤོང་བར་བྱེད་(ཐེག་པ་ཆེན་པོ)་དེའི་གཟུགས་བརྙན་གྱིས་ཆོས་སྟོན་པར ་བྱེད་ན་ཕས་ཕམ་པའི་ལྟུང་བ་འབྱུང་ངོ་(འདི་ལ་དམིགས་གསལ་མེད་དེ་བསམ་པ་དགེ་བས་བླང་བ་མི་སྲིད་པས་སོ།།)་ཞེས་པ་ཀུན་ནས་དཀྲིས་པ་ཆེན་པོ་(ལྟུང་བ་རྣམས་རྒྱུན་ཏུ་སྤྱོད་ངོ་ཚ་དང་ཁྲོལ་ཆུང་ངཱུང་མི་བསྐྱེད་ཉེས་པ་དེ་ལ་ཡོན་ཏན་དུ་ལྟ་ཞིང་གཞན་གྱིས་བཟློག་དང?་མི་སྡོག?་པ།)་ལས་བྱུང་བ་ལས་བྱུང་བ་རྣམས་ཉིད་ཀྱིས ་བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་བླང་པ་ཁོ་ན་ཕས་ཕམ་པ་ཅན་དུ་འགྱུར་ལ། ཀུན་ནས་དཀྲིས་པ་བཞིན་(འབྲིང་དང་ཆུང་ངུ)་ལས་བྱུང་བ་རྣམས་ཀྱིས་(སྡོམ་པ)་དེ་གཏོང་བ་མ་ཡིན་ནོ། །ཡང་སྡོམ་པ་བླངས་པ་མ་ཡིན་པ་དང། (བྱང?་བའི་བསྡུ་བར་སྡོམ་པ་གཏོང་བའི ་རྒྱུ་བཞི་ཡོད་པ་ལ་མི་བརྡ་ཕྲད་བའི་བའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་བརྗོད་པར་བྱེད་པ་དང་ཞེས་གསུངས་པས།)་སྡོམ་པ་ཕུལ་བ་དེ་བྱང་ཆུབ་སེམས་དཔའ་མ་ཡིན་པས་དེ་ལ་རྣམ་པ་འདི་མེད་དོ། །ཕུལ་བ་ནི་རང་བཞིན་དུ་གནས་པས་(སྨྱོས?་པ་སོགས་མིན་པ)་སྡོམ་པ་ཡོངས་སུ་གཏོང་བའི་བསམ་པས ་སེམས་ཅན་ཕ་རོལ་པོ་གོ་བ་ཡོད་པ་ལ་བསླབ་བ་འབུལ། །སངས་རྒྱས་དང་ཆོས་དང་དགེ་འདུན་དང་བྱང་ཆུབ་ཀྱི་སེམས་ཀྱང་ངོ་ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་སོ། །སེམས་ཅན་རྣམས་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་པ ་ལའོ། །ཞེས་ཁ་ཅིག་གོ་།གང་གང་བྱང་ཆུབ་ཏུ་སྨོན་པ་བཏང་བ་རྩ་ལྟུང་བྱུང་བས་བྱང་ཆུབ་སེམས་དའི་ཚུལ་ཁྲིམས་ཀྱི་སྡོམ་པ་གཏོང་བར་བྱང་སར་གསུངས་ཤིང་།བྱང་ཆུབ་(བྱང་བའི་བསྡུ་བར་སམ་པ་དེ་མ་བཏང་ན་ནི་ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པར་རིག་པར་བྱའི་གལ་ཏེ་བཏང་ན་ནི་མ་ཡིན་ནོ་ཞེས་གསུངས་པས།)་ཀྱི་སེམས་མ ་བཏང་བ་པས་ཕམ་པའི་གནས་ཀྱི་ཆོས་ལྷག་པར་སྤྱད་པ་མེད་པ་དྲན་པ་ཉམས་པར་གྱུར་པ་མེད་པ་(སྟེ་དཀོན་མཆོག་བརྩེགས་པར་ཆོས་བ་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་རྗེད་དེ་བཞི་གང་ཞེ་ན་སྲོག་གི་ཆེད་དུ་ཤེ་བཞིན་དུ་མི་སྨྲ་བ་དང་གཡོ་དང་སྒྱུ་མེད་པར་སེམས་ཅན་ཀུན་ལ་ལྷག་པའི་བསམ་པས་གནས་པ་དང་X ་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་རྣམས་ཀྱི་བསྔགས་པ་བརྗོད་པ་དང་སེམས་ཅན་གང་འདུལ་བའང་རྫོགས་པའི་བྱང་ཆུབ་འཛིན་དུ་འཇུག་སྟེ་ཞེས་གསུང།)་དེ་ནི་སྡོམ་པ་ཡོངས་སུ་མ་བཏང་ཞིང་ཉམས་པ་མེད་པ་དྲན་པ་ལས་སྐྱེ་བ་རྗེས་ཀྱང་སྡོམ་པ་དེ་ཉིད་རྗེས་སུ་འབྲང་བར་རིག་པར ་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཇི་སྲིད་འཚོའི་བར་དུ་ཞེས་པའི་དུས་ཡོངས་སུ་བ་ཅད་པ་མི་བྱའོ། །དྲན་པ་(ཡང་བྱང་ཆུབ་ཀྱི་སེམས་རྗེད་པའི་རྒྱུ་ནག་པོའི་ཆོས་བཞི་གསུངས་ཏེ་བླ་མ་དང་སྦྱིན་གནས་སླུ་བ་དང་གཞན་འགྱོད་པའི་འོས་མ་ཡིན་པ་ལ་འགྱོད་བསྐྱེད་པ་དང་ཐེག་པ་ཆེན་པོ་ལ་ཞུགས་པ་ལ་དམོད?་པ?་དང་གཡོ་སྒྱུས་X ་X་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པའོ་ཞེས་སོ།།)་ཉམས་པ་ནི་སྔོན་གྱི་འཕེན་པའི་དབང་དམ་དགེ་བའི་བཤེས་གཉེན་དང་ཕྲད་པ་འམ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐོས་པ་ལས་མངོན་པར་འདོད་པ་ཡང་དག་པར་སྐྱེ་སྟེ། (སྡོམ་པ)་ཡང་དག་པར་མ་བླངས ་པ་(རང་བཞིན་དུ་གནས་པར་འགྱུར་གྱི་དེ)་མེད་པར་(སྡོམ་པ་དང་ལྡན་པ)་རང་བཞིན་དུ་གནས་པ་མེད་དོ། །གཞན་ནི་(དྲན་པ་མ་ཉམས་པ)་ཡང་དག་པར་ལེན་པ་ལ་མངོན་དུ་ཕྱོགས་པར་འགྱུར་བ་འམ་མིན་ཡང་རུང་ངོ། (སྡོམ་པའི་རྒྱུན་དང་རྗེས་སུ་འབྲེལ་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པའི་ཆེད་དུ་འབད་པས་X ་། ལེན་བར་བྱེད་པ་ཡང།)་གང་བསླབ་པའི་རྒྱུད་རྣམས་བྱེ་བྲག་ཏུ་མ་རྟོགས་པ་འམ་མ་དྲན་པ་འམ་ཕྱིན་ཅི་ལོག་གིས་སམ་(བསླབ་བ་ལ)་མ་ལུས་པ་འམ་ཉོན་མོངས་པས་ཟིལ་གྱིས་གནན་པས་གང་ཡང་རུང་བའི་ཕས་ཕམ་པའི་གནས་ཀྱི་ཆོས་ལ་ལྷག་པར་སྤྱད་ནས་བྱང་ཆུབ ་སེམས་དཔའ་མ་ཡིན་པར་འགྱུར་རོ། །དེ་ཡང་(སྡོམ་པ་ཉི་ཤུ་པར་སྡོམ་པ་སླར་ཡང་བྱང་བར་བྱ་ཞེས་པས།)་གལ་ཏེ་གང་ཡང་ཡང་དག་པར་ལེན་པར་འདོད་ན་དེས་མཐོང་བའི་ཆོས་ཉིད་ལ་སླར་ཡང་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། (གང་ཟག)་འདི་དགེ་སློང་གི་སྡོམ་པ་ལྟར་(སྡོམ་པ) ་དེ་ཡང་དག་པར་བླངས་པའི་སྐམ་པ་མེད་པ་ནི་མ་ཡིན་ནོ། །གལ་ཏེ་གང་རྣམས་ཀྱིས་འདི་སྡོམ་པ་འདོར་བར་བྱེད་པའི་ཆོས་དེ་རྣམས་ཀུན་ནས་དཀྲིས་པ་འབྲིང་ལས་(?་ངོ་ཚ་དང་ཁྲེལ་ཆུང་ངུ་སྐྱེ་བ་གཞན་ཡིས་བཟློག་ནས་ལྡོག་པ།)་སྐྱེས་པར་གྱུར་ནི་དེའི་ཚེ་ཟག་པ་འབྲིང་གི་ཉེས་བྱས་ཀྱི་ལྟུང་བ ་རྣམས་ཏེ་(ཉན་ཐོས་ཀྱི་ཐེག་པ་འམ་ཐེག་པ་ཆེན་པོའི་ཞེས་བྱ་བ)་གང་ཟག་གསུམ་(ཡན་ཆད་ཅེས་བྱང་བ)་རྣམས་ཀྱི་མདུན་དུ་བཤགས་པས་ལྡང་བར་འགྱུར་རོ། །(ཏེ་ཟག?་པ་འབྲིང་གི་ཉེལ?་བཤགས་ཅེས་པས་སོ།)་ཇི་ལྟར་(ལྟུང་བའི་ནི་?་རིས?་སོགས)་བ་བཞིན་དུ་ཚེ་དང་ལྡན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི ་ལྟ་བུ་ལ་ལྟུང་བ་འདི་བྱུང་བ་དེ་བཤགས་པར་བགྱིའོ། །ཕྱིས་སྡོམ་པར་འཚལ་ལོ་ཞེས་པ་གསུམ་དུའོ། །ཀུན་ནས་དཀྲིས་པ་ཆུང་ངུས་(མྱུར་དུ་ངོ་ཚ་ཞིང་རང་ཉིད་ཡུང་ཀྱིས་ལྡོག་པ)་བསླང?་བར་(?་པར?་གནས་ཀྱི་ཆོས་རྣམས་དང་དེ་ལས་གཞན་པ)་རྣམས་ཟག་པ་ཆུང་ངུ་སྟེ་(ཉེས?་བྱས་ཀྱི་ལྟུང་བ་རྣམས) ་གཅིག་(གཅིག་གི་མདུན་དུ་ལྷག་མ་རྣམས་ཤེས་པས)་གིའང་མདུན་དུ་བཤགས་པར་བྱ་བ་ཉིད་དོ། །ཉོན་(རྩ?་?་?་ཡིན་ལ་དཀོན་མཆོག་གསུམ་ལ་གསུམ་མི་མཆོད་སོགས་ཉེས་བྱས་བཞི་བཅུ་རྩ་དྲུག་པོ)་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ནི་(གཅིག་གི་མདུན་དཱུང་བཤགས་པར་བྱ་ཞིང་ཡང་དེ་རྣམས་དང།)་བཤགས ་བའི་བྱ་བ་(ཀུན་ནས་དཀྲིས་པ་འབྲིང་དང་ཆུང་དུ་ལས་བྱུང་བ)་རྣམས་ཀྱང་རང་གི་སེམས་ཀྱིས་(ཞེ་ཐག་པ་ནས་ཕྱིས་མི་བྱེད་དོ་ཅེས)་བསྔམས?་པས་ཀྱང་ལྡང་བར་འགྱུར་རོ། (།བཤགས་པའི་ཡུལ)་ཆོས་དང་ལྡན་པའི་གང་ཟག་མེད་ན་(ཉོན་མོངས་མ?་མོངས་བདག་སེམས་བཞིན།)་ཉོན་མོངས་བ་ཅན་དང་ཉོན ་མོངས་པ་ཅན་མ་ཡིན་པའི་ཆོས་བྱུང་བ་ཡིས་བསམ་པས་སླར་མི་བྱེད་པར་སེམས་བསྐྱེད་པར་བྱ་ཞིང་ཕྱིས་ཀྱང་བསྡམ་པར་བྱ་སྟེ་སླར་བདག་གིས་འདི་ལྟར་མི་བྱའོ་ཞེས་པའོ། །ད?་ལ?་(།སློབ་དཔོན་བྱང་ཆུབ་བཟང་པོའི་འགྲེལ?་པར་ཆགས་པ་ཁོང་ཁྲོ་ང་རྒྱལ་སོགས་ཉོན་མོངས་ལྟུང་བར་འདིར་འགྱུར་ཏེ། །ལེ་ལོ་X ་X་རྗོད་པ་ལ་སོགས་པ་མཆོད་ལས་གང་ན་དུ་ཉོན་མོངས་མིན། ཞེས་བཤད་པ་ལྟར)་འདོད་ཆགས་དང་ཀུན་ནས་མནར་སེམས་དང་ཕྲག་དོག་དང་ང་རྒྱལ་དང་མ་དང་པ་དང་མ་གུས་པ་ལ་སོགས་པ་ཉོན་མོངས་པ་ཅན་གྱི་སེམས་པས་ཀུན་ནས་བསླང་པའི་ལྟུང་བ་ནི་ཉོན་མོངས་པ་ཅན་ནོ། །ལེ་ལོ ་དང་སྙོམས་ལས་དང་བག་མེད་པ་དང་བརྗོད་ངས་པ་ལ་སོགས་པས་བསྐྱེད་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དཀོན་མཆོག་གསུམ་ལ་མཆོད་པ་ལས་གཞན་དུའོ། (།ཉོན་མོངས་པ་དང་ཉོན་མོངས་པ་ཅན་མིན་པ་དེ་ལྟར)་འདིར་(སྐྱབས་གསུམ་མཆོད་པ)་སྙོམས་ལས་དང་ལེ་ལོ་ལ་སོགས ་པའང་ཉོན་མོངས་པ་ཅན་དུ་འདོད་དོ། །འདིར་ཀུན་ནས་མནར་སེམས་ནི་འཁྲུག་པ་སྟེ་ཁོང་ཁྲོ་དང་ཞེ་སྡང་ངོ། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །སྙོམས་ལས་ནི་ལུས་དང་སེམས་(བྱ་བ་ལ)་གུས་པར་བྱེད་མི་འདོད་པའོ། །ལྟུང་བ་དེ ་རྣམས་དང་ཚུལ་འཆོས་(རྙེད་པའི་ཆེད་དུ་སྤྱད་པ་སྡོམ་པ)་དང་ཁ་གསག་(རྙེད་པ་དང་བཀུར་སྟི་འདོད་པའི་བསམ་པས་ངོ་སྨྲ་བ)་དང་གཞོག་སློང་དང་(རྙད་པ་འདོད་པས་གཞན་གྱི་མདུན་དུ་འདི་ནི་སེར་སྣ་ཅན་ནོ་ཞེས་སོགས་གཞན་ལ་སྨོད་པ)་ཐོབ་ཀྱིས་འཇལ་བ་དང་(གཞི་བསྡུ་བར་གཞན་གྱིས་སློང་བ་ནི་ཐབས་ཀྱིས་འཇལ་པའོ་ཞེས་པ) ་རྙེད་པས་རྙེད་པ་(ཆུང་ངུ་སྦྱིན་ནས་མང་པོ་འདོད་པས་དངོས་པོ་ལ་བསྔགས་པའམ་རྙེད་པའི་ཆེད་དུ་ཅུང་ཟད་སྦྱིན་པ་ལ་བསྔགས་པ)་ཚོལ་བ་དང་(རིན་ཆེན་ཕྲེང་བར་ཚུལ་འཚོ་བ་རྙེད་དང་བཀུར་སྟིའི་ཆེད། །དབང་པོ་སྡོམ་པར་བྱེད་པ་དེ་ཁ་བསགས་རྙེད་དང་བཀུར་སྟིའི་ཆེད་ཚིག་འཇམ་རྒྱུན་ཏུ་སྨྲ་བའོ་གཞོག་སློངས་དེ་ནི་ཐོབ་བྱའི་ཕྱིར་གཞན་གྱི་རྫས་ལ་བསྔགས་བྱེད་པའོ་ཐོབ ་ཀྱིས་འཇལ་བ་རྙེད་པའི་ཆེད་མངོན་སུམ་གཞན་ལ་སྨོད་བྱེད་པ་རྙེད་པས་རྙེད་པ་རྣམས་འདོད་པ་སྔར་ཐོབ་པ་ལ་བསྔགས་བྱེད་པའོ་ཞེས་གསུང།)་ཆང་དང་(འཚོང་བ)་མཚོན་དང་དུག་དང་སྲོག་ཆགས་(འཚོང་བ)་དང་རྒྱུ་སྐྱེགས་དང་ཏིལ་མར་ལ་སོགས་པ་འཚོང་བ་དང་ཏིལ་དང་ཡུངས་ཀར་མ་(སྲོག་ཆགས་ཡོད་མེད) ་བརྟགས་པ་འཚིར་བ་སྟེ་སྨད་པས་འཚོ་བའི་རྒྱུ་ཉིད་ཀྱིས་ན་ལོག་པར་འཚོ་བའོ་ཞེས་པ་ལ་སོགས་པ་མཐར་ཐུག་པ་མེད་པ་རྣམས་(རྒྱས་པར་བྱང་ཆུབ་སེམས་དཔའ་ཨི་ས་དང་དེ་བསྡུས་པ་སྡོམ་པ་ཉི་ཤུ་པ་དང་བསླབ་བཏུས་སོགས་སུ་གསུང་པ།)་སྤང་བར་བསླབ་པོ། །དེའི་མི་མཐུན་པ་(སྤང་བ) ་མཐར་ཐུག་པ་མེད་པ་རྣམས་ཀྱང་བསླང་བར་བསླབ་པོ། (།ཅིང་དེ་རྣམས་ཀྱང་དང་པོ་ཐོས་པའི་སྒོ་ནས་ཤེས་དགོས་པས་ཇེ་ཐོས་པ་ལ་འབད་པར་བྱ་སྟེ་བཅོམ་ལྡན་འདས་ཀྱིས་ཐོས་པས་ཆོས་རྣམས་ཤེས་པར་བྱེད། ཐོས་པས་སྡིག?་ལས་ལྡོག་པར་འགྱུར། ཐོས་པས་དོན་མ་ཡིན་པ་སྤོང། ཐོས་པས་ངེས་པར་བྱང་ཆུབ་ཐོབ། ཅེས་བྱང་ཆུབ ་སེམས་དཔའ་ཨི་སྡེ་སྣོད་དུ་གསུངས་སོ།)་།དེའི་ཕྱིར་བསླབ་པ་མཛའ་ཡས་པ་རྣམས་མདོ་སྡེ་ལ་སོགས་པ་རྣམས་སུ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཚད་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་གསུངས་པ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི། ཚད་མེད་པར་ནི་གསུངས ་པ་སྟེ། སེམས་སྦྱངས་པ་ཡི་སྤྱོད་པ་ནི། །ངེས་པར་རེ་ཞིག་སྤྱད་པར་བྱ། །ཞེས་སོ། (།འོག་མ་དེ་མ་ཐག་ཏུ་འབྱུང་བ)་འདི་ཙམ་འདིའང་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་སྟེ་འདི་ལྟར་སེམས་ཡོངས་སུ་སྦྱང་བའོ། (།སེམས་སྦྱང་བ)་འདི་ནི་སེམས་ཅན་གྱི་དོན་ཐམས་ཅད་ཀྱི་རྩ་བ་ཡིན་པའི ་ཕྱིར་རོ། །དེ་སྐད་དཱུང། དཀོན་མཆོག་སྤྲིན་དུ་གསུངས་པ། ཆོས་ཐམས་ཅད་ནི་སེམས་སྔོན་དུ་འགྲོ་བ་སྟེ་སེམས་ཡོངས་སུ་ཤེས་ན་(ཆོས་ཐམས་ཅད)་ཡོངས་སུ་ཤེས་པ་ཉིད་དུ་འགྱུར་རོ། (།འཇིག་རྟེན་ལས་དང་འཐུན་པར་སྐྱེ་བ་འགྲུབ་པས)་འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས ་སེམས་ནི་མི་མཐོང་ངོ། །དགེ་བ་འམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱིས་སོགས་པའོ་ཞེས་སོ། །བྱང་ཆུབ་སེམས་དཔའ་ཨི་ལྟུང་བ་མེད་པ་ནི་གང་ཅུང་ཟད་བྱ་བར་གསུངས་པ་སྟེ་(འདི་བྱའོ་ཞེས)་སྒྲུབ་པའི་སྒོ་ནས་སམ་དགག་པའི་སྒོ་(ཤེས་རབ་ཀྱིས་དཔྱད་ན་ཡང་དག་ཏུ) ་ནས་(བདེ་བར་གཤེགས་པས་བཅས་པ)་དེ་ལས་མི་འདའ་བའ་ཨོ་ཞེས་པ་འདི་ནི་དྲང་པོ་ལྟུང་བ་མེད་པའི་རྣམ་པའོ། །ལྟུང་བ་ནི་འདའ་བའ་ཨི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྙིང་རྗེ་དང་ལྡན་པ་འདའ་བ་ནི་ལྟུང་བ་མེད་པའོ་ཞེས་(འདི་མི་བྱའོ་ཞེས)་པ་སྟེ་རྒྱས་པར་ཚུལ་ཁྲིམས་ཀྱི ་ཕ་རོལ་ཏུ་ཕྱིན་པར་བཤད་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡང་དག་པར་ལན་པའི་ཆོ་ག་སྤྱོད་པ་ཅུང་ཟད་དང་བརྗོད་ཟིན་ཏོ། །བླ་ན་མེད་པ་རྡོ་རྗེ་སེམས་དཔའ་ཨི་སྡོམ་པ་ཡང་དག་པར་ལེན་པའི་ཆོ་ག་དང་སྤྱོད་པ་ནི་ཁོ་བོས་(དཔལ་སཾ་བུ་ཊའི་འགྲེལ་པ) ་མན་ངག་གི་སྙེ་མ་དང་(དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་འགྲེལ་པ)་འཇིག་པ་མེད་པའི་གཞུང་འགྲེལ་དུ་གསལ་བར་བརྗོད་དོ། །འོ་ན་གང་གི་ཚེ་གང་ཟག་གཅིག་འགའ་ཞིག་ཉིད་ཇི་སྲིད་འཚོ་བ་པའི་ཡན་ལག་གསུམ་དང་ཡན་ལག་ལྔ་པ་དང་བྱང་ཆུབ་ཀྱི་བར་དུ་དཀོན་མཆོག ་གསུམ་ལ་སྐྱབས་སུ་འགྲོ་བ་ལས་ཡན་ལག་གསུམ་པ་སྟེ། དགེ་བསྙེན་གྱི་སྡོམ་པ་གསུམ་དང། དགེ་ཚུལ་གྱི་སྡོམ་པ་དང། དགེ་སློང་གི་སྡོམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང། རྡོ་རྗེ་སེམས་དཔའ་ཨི་སྡོམ་པ་རིམ་པས་ཡང་དག་པར་ལེན་པ་དེའི་ཚེ། ་ཅི་འདི་མེ་དང་ཕྲད་པ་ན་གྲང་པ་(ལྡོག་པ)་ལྟར་སྡོམ་པ་ཕྱི་མ་(ཕྱི་མ)་དང་ཕྲད་པ་ན་སྡོམ་པ་སྔ་མ་ལྡོག་གམ། ཡང་ན་སྤོང་བ་འཕེལ་བ་དང་ལྡན་པ་ལས་(དང་པོ་རྩེ་གཅིག་གི་སྟེང་དུ་མ་བསྣན་ན་2་ཟེར་བ་ལྟར)་ཕྱིར་སྔ་མ་དང་ལྷན་ཅིག་གྱུར་ནས་དེའི ་མིང་ཐོབ་སྟེ་ཇི་ལྟར་བསླབ་པའི་གཞི་ལྔ་དང་ལྷན་ཅིག་འདས་པར་གྱུར་ཏེ་གསུམ་ཁོ་ན་བརྒྱད་ཉིད་དུ་འགྱུར་བ་དང་གཉིས་པོའང་བརྒྱད་དང་ལྷན་ཅིག་བཅུ་ཡིན་ནམ། ཡང་ན་(སྡོམ་པ)་དེ་རྣམས་གཞན་ཉིད་སྐྱེ་ཞིང་ཐ་དད་ཉིད་དུ་གནས་པ་རྟེན་གཅིག་ལ་རྣམ་པ ་སྣ་ཚོགས་པའི་རྒྱན་(ཐ་དད་དུ་གནས་པ)་ལྟར་ཡིན་ཞེ་ན་བརྗོད་པར་བྱའོ། །དེ་ལ་ཕྱོགས་དང་པོ་མ་ཡིན་ཏེ། (སྡོམ་པ་ཕྱི་མ་ནི)་སྡོམ་པ་(སྔ་མ)་ཉམས་པའི་རྒྱུ་མཚན་མ་ཡིན་པའི་ཕྱིར་དང་(སྡོམ་པ་སྔ་ཕྱི་དག)་འགལ་བ་མེད་པའི་ཕྱིར་ཏེ་གྲང་བའི་ཁྱད་པར ་གཞན་སྐྱེས་པ་ན་གྲང་བ་སྔ་མ་མི་ལྡོག་སྟེ་འགལ་བ་མེད་པའི་ཕྱིར་རོ། (།སྡོམ་པ་དུ་མ)་བསགས་པ་འདི་ཁོ་ན་ལ་ཐ་སྙད་འཇུག་པ་འབའ་ཞིག་(ས་ཕྱོགས་3་པ་ལྟར)་སྟེ་སྔ་མ་མ་ཡིན་ལ་གཉིས་པ་(སྡོམ་པ་གནས་འགྱུར)་མ་ཡིན་ནོ། །སྡོམ་པ་(མཛོད་དུ་ཐ ་དད་དེ་རྣམས་འགལ་བ་མེད་ཅེས་པ་ལྟར)་གོང་མ་གོང་མ་མཛའ་དག་ཉིད་སོ་སོར་ཡང་དག་པར་བླངས་པ་ལས་(སོ་སོར)་སྐྱེ་བ་དང་(སོ་སོར)་གནས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་དེའི་ཚེ་སྲོག་གཅོད་པ་ལ་སོགས་པ་(དགེ་བསྙེན་གྱི་དང་དགེ་ཚུལ་གྱི་དང་དགེ་སློང་གི་ལ་སོགས་པའི) ་སྤོང་བ་མང་པོ་རྣམས་ལ་ཁྱད་པར་རམ་ཉེ་བར་མཁོ་བ་ཅི་ཡོད་ཅེ་ན། སྲོག་གཅོད་པ་ལ་སོགས་པ་སྤོང་བ་ཉིད་ཀྱིས་ན་ཁྱད་པར་ཅུང་ཟད་ཀྱང་མེད་དེ་རིགས་མཚུངས་པའི་ཕྱིར་རིགས་མཐུན་པའི་གསེར་གྱི་རྒྱན་དུ་མ་བཞིན་ནོ། །འོ་ན་ཅི་ལྟར་ཐ་དད་ཅེ་ན། ་རང་གི་མཚན་ཉིད་དང་(དུ་མ་ཐ་དད་པ་ལས)་དང་པོའི་རྒྱུ་ཐ་དད་པ་ལས་ཏེ། ཕྱི་རོལ་གྱི་ལྷན་ཅིག་བྱེད་པའི་ཁྱད་པར་དང་ནང་གི་ལྷག་པའི་བསམ་པ་ཕུལ་དུ་བྱུང་བ་ལ་སོགས་པ་དང་སེམས་དཔའ་ཨི་ཁྱད་པར་ལས་གོང་མ་གོང་མའི་(བསླབ་པའི་གཞི་མང་པོ་བླངས་པས་རྒྱགས ་པ་དང། བག་མེད་ཀྱི་གནས་མང་པོ་ལས་ལྡོག་པ་ན་སྲོག་གཅོད་སོགས་ཀྱི་གཞི་མང་པོ་ལས་ལྡོག་པར་འགྱུར་བས་ཤེས་མཛོད་འགྲེལ་དུ་འཆད།)་སྤོང་བ་རྣམས་སྐྱེས་པའི་ཕྱིར་བཟོ་བོ་མཁས་པས་བྱས་པའི་རིགས་མཚུངས་པའི་རྒྱན་(དུ་མ་ཐ་དད་པ)་བཞིན་ནོ། །དེ་ལྟ་ན་སྡོམ་པ་སོ་སོ་གཞན་ཡང་དག་པར ་ལེན་པ་ན་སྐྱབས་སུ་འགྲོ་བ་རྣམས་སོ་སོར་བྱ་སྟེ། (སྐྱབས་འགྲོ)་འདི་རྣམས་སྡོམ་པ་གཞན་ཡང་དག་པར་ལེན་པའི་སྒོར་གྱུར་པའི་ཕྱིར་རོ་ཞེ་ན། བྱ་སྟེ་དགག་པར་བྱེད་པ་སཱུང་མེད་དོ། །གཞན་ནི་སྐྱབས་སུ་ཁས་ལེན་པ་ཅི་དོན་དུ་གཉེར་བ་ཡིན་པ་ཉིད་ཀྱི་ཕྱིར ་དེའང་(སྐྱབས་སུ་ཁས་ལེན་པ)་བྱང་ཆུབ་ཀྱི་བར་ཉིད་དུ་ཁྱད་པར་མེད་ན་ལན་ཅིག་ཁས་བླངས་པས་གྲུབ་པའི་ཕྱིར་ན་སྡོམ་པ་ཡང་དག་པར་ལེན་པ་རྣམས་ལ་འཇུག་པའི་དང་པོར་གྱུར་པ་(སྐྱབས་འགྲོ)་དང་(སྡོམ་པ་ཕྱི་མ་ཕྱི་མ་ཡིན་པ)་དེའི་ཚེ་ཁས་བླངས་པ་ལ་ཁྱད་པར ་མེད་པའི་ཕྱིར་(དང་པོའི་སྐྱབས་འགྲོ)་འདི་ཙམ་ཉིད་ཀྱི་སྡོམ་པ་སོ་སོ་ཡང་དག་པར་ལེན་པའི་སྒོའི་དངོས་པོར་གྲུབ་པའི་ཕྱིར་སླར་ཡང་སྐྱབས་སུ་འགྲོ་བས་ནི་ཅི་ཡང་མ་ཡིན་ནོ། (།དགེ་སློང་གི་སྡོམ་པ་སྣེ་ངལ་སྐྱབས་སུ་འགྲོ་བ་ཁས་ལེན་པ་མེད་པ་ཡིན། དང་པོའི)་སྐྱབས་སུ་འགྲོ་བ་1་(བོའི་སྐྱབས་འགྲོ་2) ་དེ་ཉིད་ནི་དོན་གྱིས་སོ་སོ་བཞིན་དུ་ཐ་སྙད་དུ་བྱ་ལ། (སོ་སོར་གྱུར་པ)་གང་གིས་སྡོམ་པ་ཕྱི་མ་ཡོངས་སུ་བཏང་པ་ནའང་སྡོམ་པ་སྔ་མ་མི་ལྡོག་སྟེ་སྐྱབས་སུ་འགྲོ་བ་ཡོད་པའི་ཕྱིར་དང་སྡོམ་པ་རྣམས་ཐ་དད་པའི་ཕྱིར་རོ། །བཤད་(པའི་ཚུལ་ལས)་གཞན་དུ་ན་སྡོམ་པ་ཕྱི་མ ་བཏང་བ་ཉིད་ལས་སྡོམ་པ་ཐམས་ཅད་བཏང་པར་འགྱུར་རོ། །ཞེས་པ་སྟེ་(སྡོམ་པ་གོང་མ་བཏང་ཡང་འོག་མ་མི་གཏོང་བ)་འདི་ནི་སྤོང་བ་མང་པོ་རྣམས་ཀྱི་ཉེ་བར་མཁོ་བའོ། (།དགེ་བསྙེན་གྱི་སྡོམ་པ་བརྒྱད་པར་འདི་ལྟར་སྡོམ་པའི་ཚུལ་ཁྲིམས་གནས། འཇུག་པ་ལ་ཡང་སྟོབས་ཇི་ལྟར། གུས་པར་བྱ་སྟེ་ཞེས་པ་དང ་ཚུལ་འདྲ་བས།)་དེ་ལྟར་བརྗོད་པའི་རིམ་པས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྡེག་པའི་ཚུལ་ཁྲིམས་ཀྱི་རང་བཞིན་སྡོམ་པའི་ཚུལ་ཁྲིམས་ལ་(ཉེས་སྤྱོད་སྤོང་བ)་བརྟན་པོར་བྱས་ནས་འཇུག་པའི་ཚུལ་ཁྲིམས་དགེ་བའི་ཆོས་སྡུད་ཀྱི་ཚུལ་ཁྲིམས ་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་ཐོས་པ་དང་བསམ་པ་ལ་སོགས་པ་དང་(བསྒོམ་པ)་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་བསྒྲུབ་པ་ལའང་ཚོགས་གཉིས་བསགས་པའི་ཆེད་དུ་(རང་ཉིད་ཀྱི་སའི) ་སྟོབས་ཇི་ལྟ་བས་ཚོགས་ཀྱི་སར་(ཚོགས་ལམ་དུ)་མི་དམིགས་པར་གོམས་པར་བྱའོ། །དེ་ལ་དགེ་བ་ནི་(མངོན་པ་ཀུན་ལས་བཏུས་སུ་གསུངས་པ)་ངོ་བོ་ཉིད་དང་འབྲེལ་པ་དང་རྗེས་སུ་འབྲེལ་པ་དང་སློང་བ་དང་སྐྱེ་བས་ཐོབ་པ་དང་དོན་དམ་པ་དང་སྦྱོར་བ་དང་ཕན་འདོགས་པ་དང ་ཡོངས་སུ་འཛིན་པ་དང་མདུན་དུ་བྱེད་པ་དང་གཉེན་པོ་དང་ཉེ་བར་ཞི་བ་དང་རྒྱུ་མཐུན་པ་ལས་སོ། །དེ་ལ་ངོ་བོ་ཉིད་ལས་ནི་(མེའི་ཚ་བ་ལྟར་རང་ཉིད་སྐྱེས་ཙམ་གྱིས་དགེ་བར་གྲུབ་པ)་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་ངོ་ཚ་དང་ཁྲེལ་ཡོད་པ་དང་འདོད ་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་དགུ་སྟེ་གཏི་མུག་མེད་པ་ནི་ཤེས་རབ་ཉིད་ཀྱི་ཕྱིར་ལ། བག་ཡོད་དང་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་དང་རྣམ་པར་མི་འཚེ་བ་སྟེ་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བཏང་སྙོམས་ནི་སེམས་(རྩོལ་བ་མེད་ཅིང)་ལྷུན་གྱིས ་གྲུབ་པ་ཉིད་དོ། །འབྲེལ་པ་ལས་(སེམས་བྱུང་བཅུ་པོ)་དེ་དང་མཚུངས་པར་ལྡན་པ་(འདི་སེམས་དང་སེམས་བྱུང)་རྣམས་སོ། །རྗེས་སུ་འབྲེལ་པ་ལས་(དད་པ་ལ་སོགས་པ་དང་དེ་དང་མཚུངས་པར་ལྡན་པ)་དེ་རྣམས་ཀྱི་བག་ཆགས་གང་ཡིན་པའོ། །སློང་བ་ལ་(དད་པ་ལ་སོགས་པ) ་དེས་ཀུན་ནས་བསླང་བའི་(ཕྱག་བྱེད་པ་དང་སྲོག་གཅོད་པ་ལ་སོགས་པ་སྤོང་བ)་ལུས་དང་ངག་གི་ལས་སོ། །སྐྱེ་བས་ཐོབ་པ་ལས་ནི་དགེ་བའི་ཆོས་འདི་རྣམས་ཉིད་སྔོན་(ཚེ་རབས་སྔ་མར)་གོམས་པར་བྱས་པ་ལ་བརྟེན་ནས་(དགེ་བ)་དེའི་ངོ་བོ་(དེའི་རྣམ་པ་དེ་བསྒྲུབ་པར་ནུས་པའི)་རྣམ ་པར་སྨིན་པ་(ལུས)་མངོན་པར་འགྲུབ་སྟེ་(གྲུབ་པ)་གང་གིས་(དད་པ་ལ་སོགས་པ)་དེ་རྣམས་ཁོ་ན་ལ་སོ་སོར་མ་བརྟགས་པར་(རང་གི་རང་གི)་འདོད་པ་ཀུན་ཏུ་གནས་པའོ། །དོན་དམ་པ་ལས་(དགེ་བ་ནི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པས)་དེ་བཞིན་ཉིད་དོ། །སྦྱོར་བ་ལས་ནི་སྐྱེས ་བུ་དམ་པ་ལ་(དབུ་མ་སྒོམ་རིམ་བར་པར་དེ་ལ་སྐྱེས་བུ་དམ་པ་ཇི་ལྟ་བུ་ལ་བརྟེན་པར་བྱ་ཞེ་ན་གང་མང་དུ་ཐོས་པ་དང་ཚིག་གསལ་བ་དང་སྙིང་རྗེ་དང་ལྡན་པ་དང་སྐྱོ་བ་བཟོད་པའོ་ཞེས་གསུངས་ཤིང་དེ)་བརྟེན་པ་ལ་བརྟེན་ནས་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་(ཕུང་པོ་རྣམས་ལ་མི་རྟག་སྡུག་བསྔལ་མི་གཙང་བདག་མེད་དུ)་ཡིད་ལ་བྱེད་པ་དང་ཆོས་དང་རྗེས་སུ ་མཐུན་པའི་ཆོས་(བསླབ་པ་3)་བསྒྲུབ་པའོ། །ཕན་འདོགས་པ་ལས་དགེ་བ་ནི་བསྒྲུབ་པའི་དངོས་པོ་བཞི་(པོ་འཆད་པར་འགྱུར་བ)་རྣམས་ཀྱིས་སེམས་ཅན་རྗེས་སུ་འཛིན་པའི་དགེ་བ་གང་ཡིན་པའོ། །ཡོངས་སུ་འཛིན་པ་ལས་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་སམ་ཚུལ་(མྱ་ངན་ལས་འདས་པ) ་ཁྲིམས་ལས་བྱུང་བས་སམ། སྒོམ་པ་ལས་བྱུང་བས་(ཚེ་རིང་དེ་བཞིན་ནད་མེད་དང། གཟུགས་དང་སྐལ་བ་བཟང་དང་རིགས། ནར་དང་ཤེས་རབ་དག་དང་བདུན། ཡོན་ཏན་མདོ་སྡེ་དག་ཏུ་གསུངས། ཤེས་ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་དུ་སློབ་དཔོན་དབྱིག་གཉེན་གྱིས་གསུངས།)་ཕྱུག་པོ་(ནོར་དང་ཡོ་བྱད་མང་བ)་དང་རིགས་མཐོན ་པོར་སྐྱེ་བ་(མངོན་པར་ཐོབ)་ཡོངས་སུ་འཛིན་པ་འམ། མཐོ་རིས་སུ་སྐྱེ་བ་(མངོན་པར་མཐོ་བ)་ཡོངས་སུ་འཛིན་པ་འམ་རྣམ་པར་བྱང་བའི་རྗེས་སུ་མཐུན་པ་(ངེས་ལེགས་ཀྱི་རྒྱུ)་ཡོངས་སུ་འཛིན་པའི་འོ། །མདུན་དུ་བྱེད་པ་ལས་ནི་དེ་བཞིན་གཤེགས་པ་འམ་མཆོད་རྟེན་ནམ་སྐུ་གཟུགས ་མདུན་དུ་བྱས་པའི་ཆོས་སམ་ཆོས་ཀྱི་གཞི་གང་ཟག་གམ་གླེགས་བམ་མདུན་དུ་(བྱས་ཤིང་དབང་དུ)་བྱས་ཏེ་མཆོད་པ་བྱེད་པ་ལས་སོ། (།སྒྲིབ་?་ཀྱི)་གཉེན་པོ་ལས་(དགེ་བ)་ནི་གང་རྣམ་པར་སུན་འབྱིན་པ་གཉེན་པོ་(ཟག་བཅས་ཀྱི་འདུ་བྱེད་ལ་ཉེས་དམིགས་སུ་ལྟ་བ)་དང་རྣམ་པར ་གནོན་པ་གཉེན་པོ་(བསམ་གཏན་གཟུགས་མེད་དང་ཚོགས་སྦྱོར)་དང་ཐག་བསྲིད་བ་གཉེན་པོ་དང་(རྣམ་གྲོལ་གྱི་ལམ་ལས་གོང་མིང་ལམ)་ཉོན་མོངས་པའི་སྒྲིབ་པའི་(རབ་ཏུ་མ་ཞི་བ)་གཉེན་པོ་དང་ཤེས་བྱའི་(ཤེས་པ་ལ)་སྒྲིབ་པའི་(ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ)་གཉེན་པོའོ། །ཉེ་བར་ཞི་བ ་ལས་ནི་(དགེ་བ)་གང་(གཉེན་པོ)་དེ་ལ་བརྟེན་ནས་ཆགས་པ་(ཡིས་མཚོན་པའི་ཉོན་མོངས་པ་མཛའ་དག)་སྤོང་བའོ། །རྒྱུ་མཐུན་པ་ལས་(དགེ་བ)་ནི་(ཉེ་བར་ཞི་བ་ཐོབ་པས)་དེའི་དབང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་མངོན་པར་ཤེས་པ ་ལ་སོགས་པའོ། (།ཡོན་ཏན་ཁྱད་པར་ཅན་སྟོབས་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རོ།།)་འདིར་(དགེ་བ་བཅུ་གསུམ་གྱི་སྐབས)་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོས་སམ་ཞེས་པ་ལ་སོགས་པ་གང་གསུངས་པ་དེ་ལ། རྒྱུ་(མའི?་དོན)་ལ་(དེ་ཕན་གྱི་རྐྱེན) ་མ་ཡཊ་སྟེ། སྦྱིན་པའི་རྒྱུ་ཅན་སྦྱིན་པ་ལས་བྱུང་བ་དང་དེ་བཞིན་དུ་ཚུལ་ཁྲིམས་དང་སྒོམ་པའི་རྒྱུ་ཅན་(ཤཱི་ལ་མ་ཡ)་ཚུལ་ཁྲིམས་ལས་བྱུང་བ་དང་(བྷཱ་བ་ན་མ་ཡ)་སྒོམ་པ་ལས་བྱུང་བ་སྟེ། ཟས་ལས་བྱུང་བ་སྲོག་ཆགས་རྣམས་རྩཝ་ལས་བྱུང་བ་བ་ལང་རྣམས ་ཤེས་པ་ལྟ་བུའོ། །ཡང་ན་རང་བཞིན་(གྱི་དོན)་ལ་མ་ཡཊ་སྟེ་སྦྱིན་པའི་རང་གི་ངོ་བོའི་བསོད་ནམས་ནི་(དཱ་ན་མ་ཡ)་སྦྱིན་པའི་རང་བཞིན་དང་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམ་པའི་རང་བཞིན་ཏེ། འཇིམ་པའི་རང་བཞིན་གྱི་སྣོད་ཅེས་པ་ལྟ་བུའོ། ། ་བསོད་ནམས་ཤེས་པའི་དོན་ཅི་ཞེ་ན། ཡང་དང་(པུ་ཎྱ་ལ་ཡི་གེ་བསྣན་པའི་ངེས་ཚིག་གིས་པུ་ན(མདོ་འགྲེལ་ནམས་སོ། (།དབུ་མ་ཤེས་རབ་སྒྲོན་མའི་བཅུ་བདུན་བར་བསོད་ནམས་ཤེས་པ་ནི་དག་པར་བྱེད་པས་བསོད་ནམས་ཏེ་དགེ་བ་ཞེས་བྱ་བ་དག་གི་རྣམ་གྲངས་སོ་ཞེས་གསུང)་དེ་ཡང་ལུས་ལ་སོགས་པ་(ངག་དང་སེམས)་དང་ཡང་དག་པར་ལྡན་པའི་དགེ་བའོ། །སྦྱིན་པ་འདི་ཅི་ཞེ་ན། (ཀུན་སློང་དང་སྦྱོར་བ)་གང་གིས་སྟེར་བར་བྱེད་པ ་དེ་སྦྱིན་པའོ། །འགྲན་པ་དང་གྲགས་པ་འདོད་པ་དང་འཇིགས་པ་དང་རེ་བ་དང་(རྗེ་དཔོན་སོགས་ལ)་བསྟེན་པའི་དོན་དུ་གང་སྟེར་བ་དེ་ནི་སྦྱིན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་མཆོད་པ་དང་ཕན་གདགས་པའི་དོན་དུ་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་(ཐེག་པ་3་གྱི་མི་སློབ་པ) ་ལ་སོགས་པ་རྣམས་ལ་མཆོད་པའི་བསམ་པས་སྟེར་བ་དང་དེ་ལས་གཞན་པ་རྣམས་ལ་ནི་དབང་པོའི་འབྱུང་བ་ཆེན་པོ་ལ་ཕན་གདགས་པར་འདོད་པས་ཏེ་གང་གི་དོན་དུ་སྟེར་བར་བཤད་དོ། །ཡང་ཅི་སྟེར་བར་བྱེད་ཅེ་ན་སེམས་ལ་སོགས་པ་(སེམས་བྱུང)་ཚོགས་པས ་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཀྱིས་སྟེ་འདི་ནི་སྦྱིན་པའི་མཚན་ཉིད་དོ། །དེ་སྐད་དུ་(མཛོད་འགྲེལ་དུ)་གསུངས་པ། གང་ཚེ་སྐྱེས་བུ་རང་ཉིད་རྫས། །དགེ་བའི་ཡིད་ཀྱིས་སྦྱིན་བྱེད་པ། །སྐད་ཅིག་དེ་ལ་དགེ་བ་ཡི། (།གཟུགས་སོགས་ལྔའི)་ཕུང་པོ་སྦྱིན་པ་ཞེས་བརྗོད ་བྱ་ཞེས་སོ། །གཙོ་བོ་ལས་ནི་སེམས་ཉིད་སྦྱིན་པ་སྟེ། གང་གསུངས་པ། རང་གི་རྫས་ཉིད་ཡོངས་སུ་བཏང་ནས་གཞན་གྱི་རྫས་སུ་བྱེད་པའི་སེམས་ནི་སྦྱིན་པའོ། །ཞེས་སོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་འབྲས་བུ་ཅི་ཞེ་ན། སེམས་ཅན་ཐམས་ཅད་མྱ་ངན་ལས ་འདའ་བར་བསྡོས་པས་ཐར་པའི་འབྲས་བུ་(འདི་ལ་དག་མི་དག་དཔྱད་མཛོད་དུ་དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན་ཞེས་པས)་ལོངས་སྤྱོད་ཆེན་པོའོ། །འབྲས་བུ་ལོངས་སྤྱོད་ཆེན་པོ་ཉིད་ནི་རྒྱ་ཆེ་བ་དང་གྱ་ནོམ་པ་དང་རྒྱུན་མི་འཆད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་དང་མཐུན ་པའི་མིང་སྟེ། (དཱ་ན་ཞེས་པ)་སྟེར་བ་པོ་(འབྲས་བུའི་དུས་སུ)་དང་ལེན་པ་པོ་དག་གི་(དཱ་ན་ཞེས་པ་ལ་ཡི་གེ་བསྣན་པས་དཱ་རི་ཥྱད་དཱ་ཧ)་དབུལ་བའི་གདུང་བ་(ན་ལ་བསྣན་པས་ཨ་མ་ཡིན)་སེལ་བར་བྱེད་པའི་ཕྱིར་སྦྱིན་པའོ། །ཁྱད་པར་(མདོ་སྡེ་རྒྱན་དུ་སྦྱིན་པ་རྟེན་དང་གཞི་དང་ནི་རྒྱུན་ཚན་དང་ནི་ཡོངས་བསྔོ་དང ་རྒྱུ་དང་ཡེ་ཤེས་ཞིང་དག་དང་གནས་ཀྱི་སྒོ་ནས་མཆོག་ཏུ་འདོད་ཅེས་གསུངས་ཤིང་དེའི་ཐད་ཀྱི་ཊཱི་ཀར་སྦྱིན་པ་པོ་དང་ལེན་པ་པོར་མི་རྟོག་པ་དང་ཞིང་འདམ་པ་འགའ་ཨོ་ཞེ་ན་སོ་སོ་སྐྱེ་བོའི་གནས་སྐབས་ཞིང་འདམ་པ་དང་མི་རྟོག་པའི་གནས་སྐབས་ན་ཞིང་མི་འདམ་པར་གང་སློང་བ་དེ་ལ་སྟེར་བར་གསུངས་སོ།།)་མེད་པར་སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན ་པོ་ཡིན་ལ་དེ་ཁྱད་པར་ཡང་རྒྱུ་བརྒྱད་རྣམས་ཀྱིས་ཏེ་ཞིང་ལས་དང་དངོས་པོ་དང་ཡིད་ལ་བྱེད་པ་དང་བསམ་པ་དང། དེ་ལས་གཞན་ཡོངས་སུ་འཛིན་པ་དང་བརྟེན་དང་མང་དུ་བྱེད་པ་དང་སྐྱེ་བོ་མང་པོ་ལས་ཀྱང་ངོ། །དེ་ལ་ཞིང་ནི་(མཛོད་དུ་སྡུག་བསྔལ་ཕན་འདོགས་དང་ཡོན་ཏན ་རྣམས་ཀྱིས་ཞིང་ཁྱད་པར་འཕགས་ཤེས་པ་ལྟར།)་འགྲོ་བ་དང་སྡུག་བསྔལ་དང་ཕན་གདགས་པ་ཉིད་དང་ཡོན་ཏན་རྣམས་ཀྱིས་ཁྱད་པར་དུ་འཕགས་པའོ། །འགྲོ་བའི་(མདོ་སྡེ་རྒྱན་གྱི་འགྲེལ་པར་ཞིང་ནི་རྣམ་པར་ལྔ་སྟེ་སློང་བ་དང་སྡུག་བསྔལ་བ་དང་རྟེན་མེད་པ་དང་ཉེས་པར་སྤྱད་པ་སྤྱོད་པ་དང་ཡོན་ཏན་དང་ལྡན) ་*། (།X་པའི་གཞི་ནི་ཕྱི་མའི་ཕྱི་མ་ཞིང་དམ་པ་ཡིན་ནོ། །དེ་རྣམས་མེད་ན་ལྔ་པའོ་ཞེས་ཀྱང་གསུངས་པའོ།།)་ཁྱད་པར་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པ། དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་སྦྱིན་པ་བྱིན་ནས་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། ། ་ཚུལ་ཁྲིམས་འཆལ་པ་མིར་གྱུར་པ་ལ་སྟོང་འགྱུར་དུའོ་ཞེས་སོ། །སྡུག་བསྔལ་གྱི་ཁྱད་པར་ནི་དཔེར་ན་འགའ་ཞིག་གིས། དཀོན་(ཡུལ་ཀཽ་ཤི་བིར་བྱངས་ལེན་གྱི་ཀུན་དགའ་ར་བར་བཅོམ་ལྡན་འདས་བཞུགས་པ་ན་ཚེ་དང་ལྡན་བསྐུལ་བྱེད་ཀྱིས་ཞུས་ནས་གསུངས་པ)་མཆོག་གསུམ་གྱི་ཆེད ་དུ་འམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཆེད་དུ་སྐྱེད་མོས་ཚལ་བྱེད་པ་དང་སྐྱེད་མོས་ཚལ་དེར་ཡང་གཙུག་ལག་ཁང་བཞེངས་པ་དང་གཙུག་ལག་ཁང་དེར་མལ་(ཆ་དང)་སྟན་དབུལ་བ་དང། དེ་བཞིན་དུ་(ཇ་ཚུལ་དང་ཟན་ཚུལ་དང་བརྒྱད་སྟོན་སོགས།།)་སྟོན་མོ ་ངེས་པ་འཆའ་བ་དང། དེ་བཞིན་དུ་དེར་འོངས་པ་དང། འགྲོ་བ་རྣམས་ལ་སྟེར་བ་དང། (འགྲོན་ཟན་ལྟ་བུ)་དེ་(དེ་ཕྱི་མ་གཉིས་པོ་འདི་སྐབས་དོན་ཡིན)་བཞིན་དུ་ནད་པ་དང་ནད་གཡོག་པ་རྣམས་ལ་སྟེར་བ་དང། དེ་བཞིན་དུ་གྲང་བ་དང་ཡུལ་འཁྲིགས་པ་དང་རླུང་དང་ཆད་གྱིས་ཉེན་པ ་རྣམས་སུ་ཟན་ནམ་སྐྱོ་མ་འམ་ཐུག་པ་དང་བཏུང་བ་རྣམས་མངོན་པར་བསྒྲུབས་ནས་དགེ་འདུན་ལ་ཕུལ་བ་འདིས་(བཀུར་ཚིག་གིས)་འཕགས་པ་(དགེ་འདུན)་རྣམས་ལུས་མ་བརླན་པ་དང། ཆོས་གོས་མ་བདས་པར་ཡོངས་སུ་གསོལ་ནས་བདེ་བ་ལ་རེག་པར་གནས ་པར་གྱུར་ཅིག་ཅེས་པའོ། (།དགེ་འདུན)་དེ་རྣམས་ཀྱང་གཞི་ངེས་དོན་ཉུང་བ་བྱ་བ་ཉུང་བར་ཐོས་པ་ལ་སྦྱོར་བར་བྱེད་བསམ་པ་དང་སྒོམ་པ་རྣམས་ལ་ཡང་སྟེ། (སྦྱོར་བར་བྱེད)་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་རྣམས་དང་ཡང་དག་པར ་ལྡན་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་(ནི)་རྒྱུ་(སྟེ་འགྲོ)་ཡང་རུང་འདུག་ཀྱང་རུང་ཉལ་(གཉིད)་ཡང་རུང་མི་གཉིད་ཀྱང་རུང་རྟག་པར་རྒྱུན་ཏུ་བསོད་ནམས་མངོན་པར་འཕེལ་བ་ཁོ་ནའོ་ཞེས་པ་ལྟ་བུའོ། །སྦྱིན་པ་བྱིན་ནས་ཤེས་པ་དང་སྦྱིན་པར་བྱ་ཞེས་པས ་སྦྱིན་པ་དང་སྦྱིན་བྱ་རིག་པར་བྱའོ། །འདིར་ནི་རྐྱེན་གྱི་ཁྱད་པར་ལས་སྡུག་བསྔལ་གྱི་ཁྱད་པར་ཏེ་ལེན་པ་པོའི་(ནད་པ་ལ་སོགས་པ)་སྡུག་བསྔལ་གྱི་ཁྱད་པར་འཇོམས་པ་ལས་(ནད་པ་དང་ནད་གཡོག་པ་དང་གྲང་བ་ལ་སོགས་ལ་སྦྱིན་པའི)་སྟེར་བ་པོའི་འབྲས་བུ་ཁྱད་པར་དུ་འགྱུར་རོ། །འདི་ནི ་རྫས་ལས་བྱུང་པ་ལས་དཔེར་བརྗོད་པ་སྟེ། ཁ་ཅིག་ཏུ་ཡོན་ཏན་དང་ལྡན་པའི་ཞིང་ལས་ཀྱང་དཔེར་བརྗོད་ལ། དེ་བཞིན་དུ་སེམས་ཀྱི་ཁྱད་པར་ལས་དཔེར་བརྗོད་དེ་འདིར་ཡང་སྔོན་མའོ། (།ཡོན་ཏན་དང་ལྡན་པའི་ཞིང་དགེ་སློང་གི་དགེ་འདུན་དཔེར་བརྗོད་པ)་ཕན་འདོགས་པ་ཉིད་ཀྱི་ཁྱད ་པར་ལས་ནི་ཇི་ལྟར་མ་དང་ཕ་དག་དང་ཕན་འདོགས་པ་(མཛོད་འགྲེལ་དུ་བཤད་པ་ལྟར་ཆོས་སྨྲ་བ་ལ་སོགས་པ)་གཞན་རྣམས་ལ་འདོ།?་(།སྦྱིན་བ་བྱིན་བ)་ཡོན་ཏན་གྱི་ཁྱད་པར་ལས་ནི་ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་པ་ནི་རྣམ་པར་སྨིན་པ་འབུམ་འགྱུར་རོ་ཞེས་པ་ལ་སོགས་པ་ལྟ་བུ་སྟེ། ་གལ་ཏེ་ཡོན་ཏན་དང་ལྡན་པའི་ཡོན་གནས་ཞིང་དུ་གྱུར་ན་དེ་ལ་སྦྱིན་པ་འབྲས་བུ་ཆེན་པོར་འགྱུར་རོ། །ཡོན་ཏན་དང་ལྡན་པའི་ཞིང་དེའང་སངས་རྒྱས་དང་ཆོས་དང། དགེ་འདུན་རྣམས་སམ་(མངོན་པ་མཛོད་དུ་གང་རྣམས་འགོག་བྱས་ཉོན་མོངས་མེད། མཐོང་དང་དགྲ་བཅོམ་འབྲལ་ལངས་པ། དེ་ལ་ཕན་X ་X་གནོད་བྱས་པ་ཡི། འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། ཞེས་པ་ལྟ་བུ་སོགས)་གང་ཟག་ཁྱད་པར་ཅན་ནོ། །ཞིང་མཉམ་པོ་ལ་གཉིས་དག་གི་སུའི་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་ཞེ་ན། དངོས་པོ་ལས་ཏེ་(སྟེར་བ་པོ)་གང་གི་ནོར་བུ་དང་དངུལ་དང་གསེར་ལ་སོགས་པའི་དངོས་པོ་གྱ ་ནོམ་པ་དང་མང་པར་གྱུར་པ་དེའི་དངོས་པོའི་ཁྱད་པར་ཡོངས་སུ་འཛིན་པ་ལས་སྟོབས་དང་ལྡན་པའི་ལས་འབྱུང་སྟེ་ཅིག་ཤོས་(དངོས་པོ་དམན་པ་སྟེར་བྱེད)་ཀྱིས་མ་(དངོས་པོའི་ཁྱད་པར་ལས་ལས་སྟོབས་ལྟར)་ཡིན་ནོ། །དངོས་པོའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ནི་ཇི་ལྟར་(ཁ་དོག་X ་X་ལ་སོགས་ཕུན་ཚོགས་དངོས། །དེ་ལས་གཟུགས་བཟང་གྲགས་ལྡན་དང། དགའ་དང་ཤིན་ཏུ་གཞོན་ཤ་ཅན། །དུས་སུ་རག་ན་བདེ་ལུགས་འགྱུར། ཅེས་པ་ལྟར)་ཁ་དོག་ཕུན་སུམ་ཚོགས་པ་བྱིན་ནས་གཟུགས་བཟང་བར་འགྱུར་བ་དང་དྲི་ཕུན་སུམ་ཚོགས་པ་བྱིན་ན་དྲི་ལྟར་གྲགས་པ་ཕྱོགས་རྣམས་སུ་རྒྱས་པའི་ཕྱིར ་གྲགས་པ་དང་ལྡན་པ་དང། རོ་ཕུན་སུམ་ཚོགས་པ་བྱིན་ན་རོ་ཞིམ་པོ་ལྟར་དགའ་བར་འགྱུར་བ་དང་རེག་བྱ་ཕུན་སུམ་ཚོགས་པ་བྱིན་ན་ཤིན་ཏུ་གཞོན་ཤ་ཅན་དུ་འགྱུར་ཞིང་བུད་མེད་རིན་པོ་ཆེའི་(འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བཙུན་མོ?) ་ཇི་ལྟ་བ་བཞིན་ཡན་ལག་རྣམས་སུ་དུས་སུ་རེག་ན་བདེ་བར་འགྱུར་བ་ལྟ་བུའོ། །དངོས་པོ་དང་ཞིང་མཉམ་པོ་ལ་གཉིས་པོ་དག་གི་སུའི་ལས་སྟོབས་དང་ལྡན་ཞེ་ན། ཡིད་ལ་བྱེད་པ་ལས་ཏེ་གང་དང་བ་དྲག་པོ་དང་བཅས་པའི་ཡིད་ལ་བྱེད་པས་སྟེར་བ་པོ་དེའི་འོ། །དད ་པས་སྦྱིན་པ་བྱིན་པ་ལས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའོ། །གུས་པར་(སྦྱིན་བདག་ཁྱད་པར་དང་སོགས་ཀྱིས། །གུས་ལ་སོགས་པས་སྦྱིན་པར་བྱེད། །དེ་ཕྱིར་བཀུར་སྟི་རྒྱ་ཆེན་དང། །དུས་དང་བར་ཆད་མེད་པར་རྙེད། །ཅེས་པས)་བྱིན་པ་ལས་བཀུར་སྟི་དང་རྙེད་པ་ཕུན་སུམ་ཚོགས་པའོ། (།སྟོབས་དང་ལྡན་པ) ་རང་གི་ལག་གིས་བྱིན་པ་ལས་རྙེད་པ་རྒྱ་ཆེན་པོ་རྣམས་ལ་(རང་གང་འདོད་འབྱུང་བས)་མོས་པ་ཕུན་སུམ་ཚོགས་པའོ། (།འཐོབ་པ)་དུས་སུ་བྱིན་པ་ལས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དུས་སུ་ཐོབ་པའོ། (།མེ་ལ་སོགས་པས་མདེར་མི་འགྱུར་བ་འཐོབ་པ)་གནོད་པ་མེད ་པར་བྱིན་པ་ལས་ལོངས་སྤྱོད་བར་ཆད་མེད་པར་རྙེད་པ་ཕུན་སུམ་ཚོགས་པའོ། (།འཐོབ་པ)་གཉིས་དག་གི་(།ཞིང་དངོས་པོའི་ཕྱེད)་འདི་རྣམས་མཉམ་པ་ལའང་སུའི་ལས་སྟོབས་དང་ལྡན་ཞེ་ན། བསམ་པ་ལས་ཏེ་གང་མྱ་ངན་ལས་འདས་པའི་བསམ་པ་དང་སེམས་ ་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བ་བྱས་ནས་རབ་ཏུ་སྟེར་བ་(སྦྱིན་བདག)་དེའི་བསམ་པ་ཡོངས་སུ་འཛིན་པ་ལས་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱ་ལ། ཅིག་ཤོས་ཀྱི་མ་ཡིན་ཏེ། གང་མཐོ་རིས་ཀྱི་རྒྱུ་མཚན་དུ་འམ་ལོངས་སྤྱོད་ཀྱི་རྒྱུ་མཚན་དུ་རབ་ཏུ་སྟེར་བ་ནི ་འབྲས་བུའི་རྒྱུ་མཚན་དུ་སྟེར་བས་(དབུ་མ་བཞི་བརྒྱ་པར་འདིར་བྱིན་པ་ཡི་སྦྱིན་པ་ལ་འབྲས་བུ་ཆེན་པོ་འབྱུང་འགྱུར་ཞེས། །སྦྱིན་དང་ལེན་པར་བྱེད་པ་ནི། །ཚོང་སོགས་བཞིན་དུ་སྨད་པར་འགྱུར། །ཅེས་པ་ལྟར།)་ཚོང་བཞིན་དུ་སྨད་པ་སྟེ་ལེན་པའི་བསམ་པའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་འདི་འང་མྱ་ངན་ལས་འདས་པའི ་བསམ་པས་རབ་ཏུ་སྟེར་ལ། (སྦྱིན་བདག)་འདིའང་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བ་བྱས་ནས་ཏེ། སྔར་བརྗོད་པའི་རྣམ་པ་རྣམས་མཉམ་པ་ལ་གཉིས་དག་གི་སུའི་ལས་སྟོབས་དང་ལྡན་པར་རིག་པར་བྱ་ཞེ་ན། དེ་ལས་(སྦྱིན་བདག)་གཞན་ཡོངས་སུ་འཛིན་པ ་ལས་ཏེ་(སྟོབས་དང་ལྡན)་དེ་ལས་གཞན་ནི་དེ་ལས་གཞན་པ་སྟེ་སྦྱིན་པ་ལས་གཞན་ནི་ཚུལ་ཁྲིམས་ཡིན་ལ། (སྦྱིན་པའི་བདག་པོ)་གང་གི་སྦྱིན་པ་དེ་ཚུལ་ཁྲིམས་ཀྱིས་(ལ་སོགས)་ཡོངས་སུ་གཟུང་བར་གྱུར་པ་དེའི་འོ། །འོ་ན་(སྟོབས་དང་ལྡན་པ)་གཞན་གྱིའང་སྦྱིན་པ་ཚུལ ་ཁྲིམས་ཀྱིས་ཡོངས་སུ་གཟུང་ཞིང་འདིའི་ཡང་སྦྱིན་པ་ཚུལ་ཁྲིམས་ཀྱིས་ཡོངས་སུ་གཟུང་བ་(སྦྱིན་བདག)་འདི་དག་ཀྱང་དེ་མ་ཐག་ཏུ་བརྗོད་པ་རྣམ་པ་(ཞིང་དང་དངོས་པོ་དང་བསམ་པ་དང་ཡིད་བྱེད)་རྣམས་མཉམ་ན་གཉིས་དག་གི་སུའི་ལས་སྟོབས་དང་ལྡན་ཞེ་ན། རྟེན་ལས ་ཏེ་གལ་ཏེ་བསོད་ནམས་རྣམས་བྱེད་པ་པོ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བར་གྱུར་པ་དེའི་བསྒོམས་པ་ལས་བྱུང་བའི་དགེ་བ་ཡོངས་སུ་བསྒོས་པ་ཉིད་ཀྱི་ཕྱིར་རྟེན་ལས་སྟོབས་དང་ལྡན་པའི་ལས་ཕུན་སུམ་ཚོགས་པའོ། །འོ་ན་(སྟེར་བ་པོ) ་གཉིས་(ཀ)་དག་ཀྱང་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་དེ་མ་ཐག་ཏུ་བརྗོད་པའི་རྣམ་པ་(ཞིང་ནས་དེ་ལས་གཞན་ཡོངས་སུ་འཛིན་པའི་ན།)་རྣམས་ཀྱང་མཉམ་ན་(སྟེར་བ་པོ)་སུའི་ལས་སྟོབས་དང་ལྡན་ཞེ་ན། མང་དུ་བྱེད་པ་ལས་ཏེ་གལ་ཏེ་ཡང ་ཡང་དུ་གོམས་པར་གྱུར་པ་འམ་(ཡང་དང་ཡང་དུ)་རྗེས་སུ་རྣམ་པར་བརྟགས་པ་དེའི་འོ། །ཅིག་ཤོས་(ཉུང་དུ་བྱེད་པ་པོ་ཉིད)་ཀྱི་མ་ཡིན་ཏེ་ལན་ཅིག་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །འོ་ན་གཉིས་དག་གི་ཞིང་དང་དངོས་པོ་དང་ཡིད་ལ་བྱེད་པ་དང་བསམ་པ་དང་དེ་ལས་གཞན་དུ ་ཡོངས་སུ་འཛིན་པ་དང་རྟེན་དང་མང་དུ་བྱེད་པ་རྣམས་མཉམ་ན་སུའི་ལས་སྟོབས་དང་ལྡན་ཞེ་ན། སྐྱེ་བོ་མང་པོ་ལས་ཏེ་(གང་ཟག)་གང་གིས་རང་གིས་ཀྱང་བྱིས་ལ་གཞན་རྣམས་ཀྱང་བྱེད་དུ་བཅུག་པ་དེ་ཡི་(སྟོབས་དང་ལྡན)་སྟེ་(སེམས་ཅན་གྱི་སེམས)་དེའི་རྒྱུད ་དུ་མ་ལ་བསོད་ནམས་བསྐྱེད་པའི་ཕྱིར་སྟོབས་དང་ལྡན་པའི་ལས་སུ་རིག་པར་བྱའོ་ཞེས་པ་འདི་ནི་སྦྱིན་པའི་ཁྱད་པར་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བརྗོད་ཟིན་ཏོ། །དེ་ནས་ཚུལ་ཁྲིམས་ལས་བྱུང་བ་བརྗོད་པར་བྱ་སྟེ་རང ་བཞིན་(མི་དགེ་བ་བཅུ་སོགས)་དང་བཅས་པའི་(དུས་མ་ཡིན་པར་ཟ་བ་ལ་སོགས་པ)་ཁོ་ན་མ་ཐོ་བ་ལས་ལྡོག་པ་ནི་ཚུལ་ཁྲིམས་སུ་བརྗོད་དོ། (།ཚུལ་ཁྲིམས)་དེའི་འབྲས་བུ་མཐོ་རིས་ཐོབ་ལ་བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་ལ་སོགས་པ་བདག་གི་དངོས་པོ་(ལུས)་ཕུན ་སུམ་ཚོགས་པ་སྟེ་འགྲུབ་པར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །སྦྱིན་པའང་མཐོ་རིས་ཀྱི་ཆེད་དུ་(རྫོགས་བྱེད་དུ་གྱུར་པ)་ཕུན་སུམ་ཚོགས་པར་བྱེད་དེ། (མཐོ་རིས་ཀྱི་རྒྱུའི)་གཙོ་བོ་ནི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ཀྱང་ལོངས་སྤྱོད་ཆེན་པོའི་ཆེད་དུ་སྟེ་(ལོངས་སྤྱོད་ཀྱི་རྒྱུའི) ་གཙོ་བོ་ནི་སྦྱིན་པའོ། །ཚུལ་ཁྲིམས་ཀྱང་ཐོབ་བྱེད་ཀྱི་རྒྱུ་ཉིད་ལས་(ཤེས་རབ་ཀྱིས་ཉོན་མོངས་པ)་བྲལ་བའི་ཆེད་དུ་སྟེ་(བྲལ་བའི་རྒྱུའི)་གཙོ་བོ་ནི་སྒོམ་པའོ། (།མཛོད་དུ་མཐོ་རིས་དོན་དུ་ཚུལ་ཁྲིམས་དང། །བྲལ་བའི་དོན་དུ་སྒོམ་གཙོའི་ཕྱིར། །ཅེས་བཤད་དོ།།)་ཅི་ལྟར་ཚུལ་ཁྲིམས་ཀྱི་འབྲས་བུ ་བྱང་གྲོལ་(བྲལ་བ)་ཡིན་ཞེ་ན། ཚུལ་ཁྲིམས་དང་ལྡན་པས་སྨོན་ལམ་འགྲུབ་སྟེ་(ཅིང་སྨོན་ལམ་གྱིས་ངེས་ལེགས?་བསྐྱེད་པར་བྱེད།)་དེའང་ཚུལ་ཁྲིམས་རྣམ་པར་དག་པ་ཉིད་ལས་སོ་ཞེས་གསུངས་པའི་ཕྱིར་རོ། །ཡང་(དེ་མ་ཐག་ཏུ་བརྗོད་པའི)་རྣམ་པར་དག་པ་ནི་ཐར་པ ་ཐོབ་པར་བྱེད་པའི་ཚོགས་ཀྱི་ཚུལ་ཁྲིམས་སོ། །འདི་ལྟ་སྟེ་རྣམ་པར་རྟོག་པས་ཉེ་བར་འཇོམས་པའི་གཉེན་པོར་དབང་པོའི་(མིག་ལ་སོགས་པ)་སྒོ་བསྲུང་བའོ། (།ལུས་སེམས)་རྟེན་ལས་སུ་མི་རུང་བས་ཉེ་བར་འཇོམས་པའི་གཉེན་པོར་ཟས་ཀྱི་ཚོད་ཤེས་པའོ། །ཚོད ་འཛིན་པ་ནི་དམའ་བ་དང་ལྷག་པའི་ཟས་ཡོངས་སུ་སྤོང་བའི་དོན་ནོ། །ཆུང་བའི་ཟས་ཀྱིས་རྟེན་ཉམས་ཆུང་བ་ཉིད་ཀྱིས་(དགེ་བ་ལ)་མངོན་པར་མི་སྤྲོ་བའོ། །ཟས་ཧ་ཅང་ཆེས་ན་གཉིད་ལ་སོགས་པ་སྐྱོན་ལྔ་(རྣམ་བཤད་རིག་པར་དེ་ལ་ཧ་ཅང་བརྙས་གྲགས་པའི་སྐྱོན་མེད་པའི་ཕྱིར་ཁ་ན ་མ་ཐོ་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་སྐྱོན་ནི་ལྔ་དག་སྟེ། །སྙོམ་པ་དང། མི་དགའ་བ་དང་གླལ?་བ་དང་ཟས་ཀྱིས་བསུད་པ་དང་སེམས་ཞུམ་པ་ཉིད་དོ་ཞེས་ཀྱང་གསུངས་སོ།།)་ཀུན་དུ་སྤྱོད་པ་ལས་རྟེན་ལས་སུ་མི་རུང་བ་ཉིད་དོ། (།དེ་ལྟར་ཟས་ཧ་ཅང་ཆེ་བ་དང་ཆུང་བ)་གཉིས་ཀས་རྟེན་ལས་སུ་མི་རུང་བ་ཉིད་དེ་དེ་(རྟེན་ལས་སུ་མི་རུང་བ)་མེད་ན་དགེ་བའི ་ཕྱོགས་དང་མཐུན་པའོ། །མི་བརྩོན་པས་ཉེ་བར་འཇོམས་པའི་གཉེན་པོར་ནམ་གྱི་ཆ་སྟོང་(སུམ་ཆ)་དང་ནམ་གྱི་ཆ་སྨད་ལ་(སུམ་ཆ)་མི་གཉིད་པར་རྣལ་འབྱོར་ལ་རྗེས་སུ་སྦྱོར་བའོ། (།ལྟུང་བར་བྱུང་བས)་འགྱོད་པས་ཉེ་བར་འཇོམས་པའི་གཉེན་པོར་ཤེས་(སྤྱོད་འཇུག ་ལས་ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །འདི་ཉིད་ཁོ་ན་མདོར་ན་ནི་ཞེས།)་བཞིན་ལ་གནས་པ་ཉིད་ཅེས་པའོ། །སྒོམ་པ་ལས་བྱུང་བ་ཡང་(མཛོད་དུ་མཉམ་པར་གཞག་པའི་དགེ་བ་ནི། །སྒོམ་པའོ་སེམས་ལ་བསྒོ་ཕྱིར་རོ། །ཞེས་པ་ལྟར།)་མཉམ་པར་གཞག་པའི་དགེ་བ་སྟེ ་གང་མཉམ་པར་གཞག་པའི་རང་བཞིན་(དང་ཏིང་ངེ་འཛིན)་དེ་དང་ལྷན་ཅིག་གྱུར་པའི་བསོད་ནམས་དེ་སྒོམ་པ་ཞེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན་སེམས་ལ་བསྒོ་བའི་ཕྱིར་ཏེ་དེ་ལྟར་ནི་མཉམ་པར་གཞག་པའི་དགེ་བས་མེ་ཏོག་རྣམས་ཀྱིས་ཏིལ་ལྟར་(དྲི་བསྒོ་བ)་ཡོན ་ཏན་རྣམས་ཀྱི་སེམས་ལ་རྟག་ཏུ་ཤིན་ཏུ་བསྒོ་བར་བྱེད་ཅིང་(སེམས་ཡོན་ཏན)་དེའི་རང་བཞིན་དུ་བྱེད་པའི་ཕྱིར་རོ། །སྒོམ་པ་ལས་བྱུང་བ་ཡང་མདོར་བསྡུ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་ལ་འཇིག་རྟེན་པའི་ལམ་ནི་བསམ ་གཏན་རྣམས་དང་གཟུགས་མེད་པ་རྣམས་སོ། (།བསམ་གཏན)་དེ་རྣམས་དང་(གཟུགས་མེད་པ)་འདི་རྣམས་ཀུན་(མངོན་པ་ཀུན་ལས་བཏུས་སུ་གསུངས་པའི)་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་རྣམ་པར་བཞག་པ་དང་རྣམ་པར་དག་པ་རྣམས་ཀྱིས་རིག་པར་བྱའོ།། ་ཀུན་ནས་ཉོན་མོངས་པས་ཅི་ལྟ་བུ་ཞེ་ན་(ཁམས་གོང་མ་དག་གི་ཉོན་མོངས་སྒྲིབས་ལ)་ལུང་དུ་མ་བསྟན་པའི་རྩ་བ་བཞི་སྟེ་སྲེད་པ་དང་ལྟ་བ་དབང་རྒྱལ་དང་མ་རིག་པའོ། །སྲེད་པས་ནི་བདེ་བའི་རོ་མྱོང་བས་ཀུན་ནས་ཉོན་མོངས་ཏེ་(ཏིང་འཛིན་ལས་བྱུང་བའི)་ཤིན་ཏུ་སྦྱངས་པའི ་བདེ་བ་ལ་རོ་མྱང་བའི་ཕྱིར་རོ། །ལྟ་བས་ནི་ལྟ་བ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ་བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐར་རྟོག་པ་(ཱི་ལྟ་བ་བཅོ་བརྒྱད)་ལ་སོགས་པའི་སྟ་བ་ཀུན་ནས་སློང་བའི་ཕྱིར་རོ།། ་ང་རྒྱལ་གྱིས་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ་དེའི་ཁྱད་པར་རྟོགས་པས་ཁེངས་པར་འགྱུར་བའི་ཕྱིར་རོ། །མ་རིག་པ་ནི་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་བ་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཏེ་(བདེན་པ་བཞིའི) ་དེ་ཁོ་ན་ཉིད་མ་རྟོགས་པར་ཐར་པ་འདོད་པ་(བསམ་གཏན་གྱི)་ཁྱད་པར་ཏེ་རྟོག་པ་ལ་ཐར་པ་འམ་ཐར་པ་མིན་ཞེས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །རྣམ་པར་བྱང་བས་ཅི་ལྟ་བུ་ཞེ་ན། (མཛོད་དུ་འཇིག་རྟེན་པ་ཡི་དགེ་བ་ནི། དག་པ་ཅེས་བ་ལྟར)་དག་པའི་བསམ་གཏན་ལ་སོགས ་པ་འཇིག་རྟེན་པ་རྣམས་ཀྱང་དགེ་བའི་ཕྱིར་ཀུན་ནས་དཀྲིས་པའི་(རང་གི་སའི་ཉོན་མོངས་པ་མངོན་གྱུར)་དྲི་མ་དང་བྲལ་བས་རྣམ་པར་བྱང་བ་ཞེས་བརྗོད་དོ། །རྣམ་པར་བཞག་པ་ཅི་ལྟ་བུ་ཞེ་ན། བསམ་གཏན་དང་པོ་ཡན་ལག་ལྔ་པ་ཞེས་པ་ལ་སོགས་པ་(ཱོག་ཏུ་X ་X་འཇུག་པའི་སྒྲུབ་པའི་སྐབས་སུ་འཆད་པ་ལྟར)་རྣམ་པར་བཞག་པས་སོ། །རྣམ་པར་དག་པས་ཅི་ལྟ་བུ་ཞེ་ན། རབ་ཀྱི་(མཛོད་དུ་དྲུག་པོ་དེ་རྣམས་རབ་མཛའ་པས་དེ་ནི་རྣམ་དྲུག་བསམ་གཏན་མཛའ་དེ་ནི་ས་ཀུན་གྱིས་མཐུན་བྱས་འཕེལ་བ་རབ་ཏུ་ཕྱིན་པ་ཡིན་ཞེས་བསམ་གཏན་བཞི་པ་ཁོ་ན་ལ་རབ་མཛའ་པ་གསུང་X ་X་ཤིང་འདིར་ནི།)་།མཛའ་བའི་(ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་ལ་འདོད་པ་བཞིན་དུ་འཐོབ་པ་ལ་སོགས་པས་མཆོག་ཏུ་ལས་སུ་རུང་བར་གྱུར།)་བསམ་གཏན་དང་པོ་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་རྣམ་པར་དག་པ་ཞེས་པའོ། (།སྒོམ་བྱུང)་འཇིག་རྟེན་ལས་འདས་པའི་ལམ་ནི ་མཐོང་བའི་ལམ་དང་སྒོམ་པའི་ལམ་མོ། (དེ)་།ལམ་གཉིས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཡང་སྟེ་(འཇིག་རྟེན་ལས་འདས་པ།)་བསམ་གཏན་དང་པོ་(ཱི་ཉེར་བརྟོགས་མི་ལྕོག་པ་མེད་པ)་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་རོ། །འདུ་ཤེས་མེད་འདུ་ཤེས ་མེད་མིན་གྱི་སྐྱེ་མཆེད་ནི་(མཐོང་ལམ་སྒོམ་ལམ་གྱི་རྟེན་མི་བྱེད་པས)་འཇིག་རྟེན་པ་ཉིད་དེ། ཡོངས་སུ་གསལ་བའི་འདུ་ཤེས་རབ་ཏུ་རྒྱུ་བ་མེད་པ་ཉིད་ཀྱི་ཕྱིར་རོ། (།འཕགས་པའི་ལམ་རྒྱུ་བ་ཤིན་ཏུ་གསལ་བའི་གནས་མ་ཡིན་པའི)་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་སྲིད་དུ ་འདུ་ཤེས་ཀྱི་སྙོམས་པར་འཇུག་པ་དེ་སྲིད་དུ་ཀུན་ཤེས་པ་(འཕགས་པའི་ལམ)་རྟོགས་སོ་ཞེས་སོ། །འོ་ན་བསོད་ནམས་བྱ་བའི་དངོས་པོ་ཞེས་པའི་དོན་ཅི་ཞེ་ན་(མཛོད་དུ་གསུམ་པོ་བསོད་ནམས་བྱ་བ་དང་དེ་གཞི་དཔེར་ན་ལས་ལམ་བཞིན་ཞེས་གསུངས་པ་ལྟར)་གསུམ་པོ་འདི་ནི་ཇི་ལྟར་རིགས་པར ་བསོད་ནམས་ཀྱང་ཡིན་བྱ་བའང་ཡིན་དངོས་པོའང་(ཱམ་གཞི)་ཡིན་བས་བསོད་ནམས་བྱ་བའི་དངོས་པོ་སྟེ། རེ་ཞིག་སྦྱིན་བ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་ལུས་ངག་གི་ལས་ནི་རྣམ་པ་གསུམ་ཅར་དུ་འགྱུར་ཏེ་བསོད་ནམས་ཀྱང་ཡིན་བྱ་བའང་ཡིན་བསོད ་ནམས་བྱ་བའི་དངོས་པོའང་ཡིན་ཞེས་པོའོ། (།ལུས་ངག་གི་ལས)་དེ་ཀུན་ནས་སློང་བར་བྱེད་པའི་སེམས་པ་ནི་བསོད་ནམས་ཀྱང་ཡིན་(ལས་ཀྱི་ངོ་བོ་ཉིད་ཡིན་པས)་བྱ་བའང་ཡིན་ནོ། (།སེམས་པ)་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་(དེ་ཀུན་སློང་བར་བྱེད་པའི་སེམས་དེ་དག་ལ་བརྟེན་ནས་འཇུག་པས) ་བསོད་ནམས་ཁོ་ནའོ། །ལུས་དང་ངག་གི་ལས་ནི་འདི་ཁོ་ན་དངོས་པོའོ། །ཚུལ་ཁྲིམས་ལས་བྱུང་བ་ལ་ནི་ལུས་ངག་གི་ལས་ཁོ་ན་ཡིན་པས་རྣམ་པ་གསུམ་(ཅར)་དུ་འགྱུར་རོ། །བསྒོམ་པ་ལས་བྱུང་བ་ལ་(འདོད་པའི་འབྲས་བུ་འབྱིན་པས)་བྱམས་པ་དང་སྙིང་རྗེ་དག་ནི ་བསོད་ནམས་ཀྱང་ཡིན་ལ་བྱ་བའི་དངོས་པོའང་སྟེ། (ལམ?་གཞི)་བྱམས་བ་དང་སྙིང་རྗེའི་སྒོ་ནས་དེ་དང་མཚུངས་པར་ལྡན་པའི་སེམས་པ་མངོན་པར་འདུ་བྱེད་པའི་(བྱ་བའི་གཞི་ཡིན)་ཕྱིར་རོ། །ཡང་ན་བསོད་ནམས་བྱེད་པ་ནི་བསོད་ནམས་བྱ་བ་སྟེ་བསོད་ནམས་ལ་འསྦྱོར ་པའོ། (།སྦྱིན་པ་ཚུལ་ཁྲིམས་སྒོམ་པ)་འདི་རྣམས་ནི་དེའི་དངོས་པོ་སྟེ་(ཱམ་གཞི)་འདི་རྣམས་བསྒྲུབ་པའི་དོན་དུ་བསོད་ནམས་ལ་རབ་ཏུ་སྦྱོར་བ་བརྩོམ་པའི་ཕྱིར་ཞེས་པའོ། །དེ་ལྟར་དགེ་བ་ལ་སོགས་པ་རྣམ་པར་བཞག་པ་འདི་ནི་ཕལ་ཆེར་གང་ཟག་(རྒྱལ་པའི་སྲས་པོ་ལས) ་གཞན་དང་ཐུན་མོང་དུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་(དགེ་བ་ལ་སོགས་པ་རྣམ་པར་བཞག་པ)་ཁྱད་པར་དཱུང་རྒྱས་པར་བྱའོ། །དེ་ལ་སྦྱིན་པ་ནི་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་དབྱེ་བ་ལས་རྣམས་གསུམ་མོ། །དེ་ལ་ཟང ་ཟིང་གི་སྦྱིན་པ་ནི་(ཟས་གོས་ལ་སོགས་པ་ནས)་བདག་ཉིད་ཀྱི་བར་དུ་ཡོངས་སུ་གཏོང་བའོ། །ཆང་དང་དུག་དང་མཚོན་ལ་སོགས་པ་རུང་བ་མ་ཡིན་པའི་དངོས་པོ་སྟེར་བ་ནི་(མ་དག་པའི་སྦྱིན་པ)་བཀག་པའོ། (།མ་དད་བཞིན་དང་ཕན་བཏགས་ལན། །མེ་ཆུ་རྒྱལ་པོ་མགུ་ཆེད་དང། །འཇིགས་དང་དུག་མཚོན་བསད་ཤ་སྟེར། ་X་བག་མེད་ལ་ཆང་འཁོར་བསྡུའི་ཆེད། །རང་འདོད་ཆེར་དང་རོལ་མོ་མཁན། །སྐར་མཁན་གཞན་ནོར་འཛའ་ལ་སྟེར། །གཞན་གྱི་འབྲུ་རྣམས་བྱ་ལ་སྟེར། །བཟོ་བོ་ནད་ཆེད་སྨན་པ་དང། །བཅོས་ནས་སྟེར་དང་རྣམ་སྨིན་ལ། །ཐེ་ཚོམ་ཟ་དང་ཕྱི་རྗེས་འགྱོད། །ཕྱིས་ནས་འདི་ལྟར་འགྱུར་སྙམ་དང། །རྣམ་སྨིན་རང་ཉིད་སྤྱད་སྙམ་སྟེར། །དར་མ་རྒས་ཚེན་པའི་ཚེ། །འཆི་ཚེ་སྐུལ་ནས་དང་མེད་སྟེར། །གྲགས་ཆེད་གཏོང་ཕོད་X ་X་བསྟན་ཆེད་སྟེར། །བུད་མེད་ཆེད་དང་བུད་མེད་ཅེས། །སྐྱེ་བ་ཕྱི་མར་རྙེད་ཆེད་དང། །དམན་པ་བོར་ནས་ཕྱུག་པོར་རྟེན། །མ་དག་སྦྱིན་པ་སུམ་ཅུ་ལ། རྒྱས་པས་ཞུས་པའི་མདོ་ལས་གསུངས།།)་གང་དྲག་ཤུལ་ཅན་གྱིས་ཞུས་པར་གསུངས་པ། (ཡ་ཚད་ནས)་གལ་ཏེ་འདི་རྣམས་ལ་ཆད་གི་བཏུང་བ་བསྟེར་ན། མ་ཆེད་དུ)་དེ་རྣམས་དྲན་པ་དང ་ཤེས་བཞིན་ཡང་དག་པར་འཛིན་དུ་གཞུག་གོ་།ཞེས་པ་(ཆང་སྦྱིན་པར་གསུངས་པ)་ནི་(ཡོད)་དེར་འཆང་སྦྱིན་པའང་དགག་པ་བྱས་ན་(སློང་བ་པོ་རེ་ཐག་ཆད་དེས)་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་ཤིན་ཏུ་ལྕི་བ་དང་(བྱང་ཆུབ་སེམས་དཔའ་ཡང)་སེམས་ཅན་ཡང་དག་པར་བསྡུ་བ ་ཉམས་པ་སྟེ། (ཆད་སྦྱིན་པ)་དེ་ལས་(སེམས་ཅན་དེ་བྱང་ཆུབ་སེམས་དཔའ་ལ)་གཞན་རབ་ཏུ་དད་བའི་ཐབས་མི་སྲིད་ན་ཆད་སྦྱིན་པར་བྱའོ་ཞེས་པ་(མདོའི་དག་གི)་དགོངས་པའོ། (།ཞེས་བསླབ་བཏུས་ལས་སོ)་མི་འཇིགས་པའི་སྦྱིན་པ་ནི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དག་སྟེ་གནད ་པ་མ་སྐྱེས་པ་དང་སྐྱེས་པ་ལ་ཕ་རོལ་རྣམས་གདུང་པ་མི་བྱེད་པའི་ཕྱིར་རོ། །ཆོས་ཀྱི་སྦྱིན་པ་ནི་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། (བརྩོན་འགྲུས་ཀྱིས)་མི་སྐྱོ་བར་བསམ་གཏན་རྣམས་བསྐྱེད་ནས་(དེ་ལ་བརྟེན་པའི་མངོན་ཤེས་ཀྱིས་རིམ་པ་ལྟར) ་ཕ་རོལ་པོ་རྣམས་(གདུལ་བྱ)་ཀྱི་བསམ་པ་ཤེས་ཏེ་ཤེས་རབ་ཀྱིས་ཡང་དག་པའི་དོན་ཇི་ལྟ་བ་(གདུལ་བྱ་ལ)་སྟོན་པའི་ཕྱིར་རོ། །དེ་ལྟར་ནི་ལན་གཅིག་ལ་(ཏེ་གཅིག་ཆར)་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ནུས་པ་མེད་པ་ལ་(ཱི་གདུལ་བྱ)་དང་པོར་(བརྒྱད་X ་སྟོང་འགྲེལ་བའི་ཁྱད་པར་གྱི་མཚན་ཉིད་ཀྱི་སྐབས་སུ་གསུངས་པ)་བདག་ལ་སོགས་པ་(སེམས་ཅན་དང་སྲོག་སོགས་གང་ཟག་གི་བདག་འཛིན)་བསལ་བས་ཕྱི་རོལ་གྱི་དོན་ལ་བཀོད་(ཉོས་བའི་གྲུབ་མཛའ་བསྟན)་ནས་དེའི་རྗེས་སུ་(ཀུན་བརྟགས་གཞན་དབང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་བཤད་པས)་ཁམས་གསུམ་པས་སེམས་ཙམ ་དུ་རྟོགས་པ་ལ་སྦྱར་བར་བྱས་ཏེ། དེའི་རྗེས་སུ་(དབུ་མའི་བདེན་གཉིས་སུ་སྣང་དུ་འདྲ་ཡང་དོན་ཁྱེད་དག་།ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དེ་དབྱེ་བ་བྱས། །ཤེས་པ་ལྟར།)་ཡང་དག་པའི་དོན་གྱི་བྱ་བ་རྣམས་སུ་རུང་བ་དང་མི་རུང་བ་(རིམ་བཞིན)་ཡང་དག་པ་དང་ཡང་དག་པ་མ ་ཡིན་པའི་བྱེ་བྲག་གིས་ཀུན་རྫོབ་གཉིས་པོ་(རིག་པས་དཔྱད་མི་བཟོད་པས)་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བ་རང་གི་རྒྱུ་སྔ་མ་སྔ་མ་ལ་རག་ལས་པར་བསྟན་ནས་ཡང་དག་པའི་ཀུན་རྫོབ་ལ་གནས་ཏེ་ཇི་ལྟར་མཐོང་བ་ལྟར་སྒྱུ་མའི་སྐྱེས་བུ་ལྟ་བུས་(སྣང་ཡང་བདེན་པ་མེད་པ)་སྦྱིན་པ ་ལ་སོགས་པ་(ཕ་རོལ་ཏུ་ཕྱིན་པ་དྲུག)་ལ་སྤྱད་པར་བྱའོ། །དོན་དམ་པར་སྐྱེ་བ་མེད་པ་གཞན་(སྒྲ)་གྱིས་(ཇི་ལྟ་བ་བཞིན)་བསྟན་བྱ་མ་ཡིན་པ་སྟོང་པ་ཉིད་དང་(རྟོགས་པ་འམ་དེའི་རང་བཞིན་ཡིན་པས་ཏེ།)་སྙིང་རྗེ་དབྱེར་མེད་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །ཞེས ་པ་འདི་ལྟ་བུའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་(བྱའོ་ཞེས་སོ།)་བྱེད་དོ་ཞེས་ཁྱད་པར་དང་བཅས་པ་འཆད་པར་འགྱུར་རོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་སྦྱིན་པའོ་ཞེས་བརྗོད་པར་བྱའོ། །གང་འཕགས་པ་ཐོགས་མེད་ཀྱིས་གསུངས་པ། ། ་(འདི་གང་ན་ཡོད་དཔྱད)་ཕར་ཕྱིན་དྲུག་ཀྱང་སྦྱིན་པ་ཡིན། །ཟང་ཟིང་མི་འཇིགས་ཆོས་ལས་ཏེ། །གཅིག་དང་གཉིས་དང་གསུམ་གྱིས་ནི། །བསྒྲུབ་བྱ་དེ་ལ་གནས་མི་བྱ་ཞེས་སོ། །ཚུལ་ཁྲིམས་(སྡོམ་པ་དང་དགེ་བ་ཆོས་བསྡུད་དང་སེམས་ཅན་དོན་བྱེད་དེ)་རྣམ་པ་གསུམ་ནི་བརྗོད་ཟིན་ཅིང་འཆད ་པར་འགྱུར་རོ། །བཟོད་པ་ན་(མདོ་སྡེ་རྒྱན་དུ་མི་མཇེད་ཇི་མི་སྙམ་སེམས་དང་ཞེས་གསུངས་པ་ལྟར)་ཆོས་ལ་ངེས་པར་སེམས་པ་དང་(ཆོས་ཟབ་མོ་ལ་མི་སྐྲག་པ)་སྡུག་བསྔལ་དང་དུ་ལེན་པ་དང་ཕ་རོལ་གནོན་པ་བྱེད་པ་ལ་ཇི་མི་སྙམ་པའི་བདག་ཉིད་ཏེ་རྣམ ་པ་གསུམ་མོ། །བརྩོན་འགྲུས་ཀྱང་(དགེ་བ་འདི་ལྟ་བུ་དང་འདི་ལྟ་བུ་བྱའོ་སྙམ་པ)་གོ་ཆ་དང་དགེ་བ་(ལ་སྦྱོར་བ)་དང་སེམས་ཅན་གྱི་དོན་ལ་སྦྱོར་བའི་དབྱེ་བ་ལས་དེ་ལྟར་(གསུམ)་ཉིད་དོ། །བསམ་གཏན་ནི་ཡོན་ཏན་དང་(སྒྲུབ་པ)་སེམས་ཅན་གྱི་དོན་དང་(སྒྲུབ་པ) ་ཉོན་མོངས་པའི་གཉེན་པོ་དང་བདེ་བ་མངོན་པར་བསྒྲུབ་པ་སྟེ་སྔ་མ་བཞིན་ནོ། (།གསུམ་ཡིན་སྒྲུབ་བྱ)་ཡོན་ཏན་ནི་མངོན་པར་ཤེས་པ་དང་འཕགས་པ་དང་ལྷ་དང་ཚངས་པའི་གནས་ལ་སོགས་པ་རྣམས་སོ། (།ཏེ་བྱང་ཆུབ་སེམས་དཔའ་ཨི་སའི་བྱང་ཆུབ་ཀྱི་ལེའུར་སྟོང་པ་ཉིད་མཚན ་X་མ་མེད་པ་སྨོན་པ་མེད་པ་འགོག་པའི་སྙོམས་འཇུག་གི་གནས་པ་ནི་འཕགས་པའི་གནས་པ་དང་བསམ་གཏན་དང་གཟུགས་མེད་ལྷའི་གནས་པ་དང་ཚད་མེད་པ་བཞི་ཚངས་པའི་གནས་པར་གསུངས།།)་ཇི་སྐད་དུ་གསུངས་པ། (ལམ་དང་མྱ་ངན་ལས་འདས་པའི)་ཆོས་ཐམས་ཅད་ནི་ཏིང་ངེ་འཛིན་གྱི་སྒོ་ཅན་ཞེས་སོ།། ་འཕགས་པའི་གནས་པ་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཅན་ཏེ་དེས་རང་དབང་ཉིད་དོ། །ལྷའི་གནས་པ་ནི་བསམ་གཏན་ལ་(དེ་བསམ་གཏན་གྱི་སྒྲུབ་པར་ཡང)་སོགས་པ་ལ་གནས་པ་སྟེ་དེས་སེམས་དབང་དུ་གྱུར་པ་ཉིད་དོ། །བདེ་བ་(མངོན་པར་སྒྲུབ་པ) ་ནི་བསམ་གཏན་གྱི་འབྲས་བུ་གནོད་པ་མེད་པ་དང་བདེ་བ་ཉེ་བར་སྐྱེ་བའི་ཕྱིར་རོ། །ཤེས་རབ་ནི་ཀུན་རྫོབ་(ལ་དམིགས་པ)་དང་དོན་དམ་པའི་བདེན་པ་དང་སེམས་ཅན་གྱི་དོན་མཛའ་དག་ལ་དམིགས་པའི་དབྱེ་བ་ལས་རྣམ་པ་གསུམ་མོ། །བྱང་ཆུབ་ཀྱི་སེམས་ལ་བརྟེན ་པ་ཉིད་ལས་རྟེན་དམ་པ་ཉིད་དང། དངོས་པོ་མཛའ་དག་ལ་ཀུན་ཏུ་སྤྱོད་པ་(ཕྱི་ནང་གི་དངོས་པོ་མཛའ་དག་སྟོང་པ)་ལས་དངོས་པོ་དམ་པ་ཉིད་དང། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དབང་དུ་བྱས་པ་ཉིད་ལས་ཆེད་དུ་(ཐེག་པ་ཆེན་པོ་བསྡུས་པར ་བྱ་བ་དམ་པ་ཉིད་དང་(སྦྱིན་པ་པོ་དང་སྦྱིན་བྱ་དང་ལེན་པ་པོར)་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བ་ལས་ཐབས་ལ་མཁས་པ་དམ་པ་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཉིད་ལས་ཡོངས་སུ་བསྔོ་བ་དམ་པ་ཉིད་དང། ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པས་སྒྲིབ་པ་མེད་པ་ཡང་དག་པར་འགྲུབ་པ་ལས་རྣམ་པར་དག་པ་དམ་པ་ཉིད་དེ་(སྔར་དམ་པར་བྱས་པ་ལས)་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་སོ་སོ་རྣམས་ཀྱི་མཚན་ཉིད་དོ། །ཞེས་འཕགས་པ་ཐོགས་མེད་དོ། །དེ་(དམ་པ་དྲུག་དང་ལྡན་པ)་ལྟར་(མདོ་སྡེ ་X་རྒྱན་དུ་ལོངས་སྤྱོད་མངོན་པར་མི་དགའ་དང། རབ་གུས་གཉིས་ལ་མི་སྐྱོ་དང། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཛའ་དག་འདིར་བྱད་དོ། །ཞེས་པ་ལྟར།)་བྱང་ཆུབ་སེམས་དཔའ་(ཆོས་ཅན)་སྦྱིན་པས་ལོངས་སྤྱོད་ལ་མངོན་པར་དགའ་བ་མེད་དེ་བལྟོས་པ་མེད་པའི་ཕྱིར་རོ། །སྦྱིན་པ་པོ་འདི་ལོངས་སྤྱོད་ལ་བལྟ་བ ་དང་བྲལ་ཡང་སྦྱིན་པས་ལོངས་སྤྱོད་མཆོག་ཏུ་མང་པོ་དང་བཟང་པོ་ཉེ་བར་གནས་པར་བྱེད་ཅིང་འདི་ནི་ཆོས་ཉིད་(དངོས་པོ་དེ་ལས་མི་འདའ་བའ་ཨི་ངེས་པ)་ཡིན་ཏེ་(སྦྱིན་པ་པོའི)་སེམས་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ། (།སེམས་རྒྱ་ཆེ་བར་ཡང)་ཇི་སྐད་དུ་(འཕགས་པ་དཔའ་བོས་ཕ་རོལ་ཏུ་ཕྱིན་པ་བསྡུས་པར) ་གསུངས་པ་བདག་གི་ལུས་ཀྱང་ཇི་ལྟར་འདོད་པར་ལོང། །འདི་ལ་(ཁོ་བོའི་ལུས་ལོངས་སྤྱོད)་གཞན་གྱི་བློར་ཡང་མ་བྱེད་ཅིག་།གང་ཕྱར་འདི་ཀུན་ཁྱེད་རྣམས་རང་ཉིད་ཀྱིའོ། (།ནོར་ཡིན)་བདག་ལ་(ལུས)་འདིར་བདག་ཏུ། མངོན་རློམ་ཅི་ཡང་མེད། །ཅེས་པ་དེ་ལྟར་བྱང་ཆུབ་སེམས ་དཔའ་གཏད་བ་ཆེན་པོ་ལ་རབ་ཏུ་འཇུག་གོ་(།ཕ་རོལ་ཏུ་ཕྱིན་པ་བསྡུས་པར)་དེ་ཕྱིར་ཐམས་ཅད་ནས་ནི་སྐྱོན་ཀུན་བཏང་བྱས་ནས། བྱང་ཆུབ་དོན་(དུ)་གཉེར་(བ་པོས)་ཐམས་ཅད་ཚེན་ཀུན་སྟེར་འགྱུར། །འཇིག་རྟེན་སྐྱབས་ལ་གཅིག་ཏུ་དཔའ་མིན་(པའི)་སེམས་གང་ལ། ། ་བྱ་བས་སྐྱོ་བས་སྤུངས་མེད་འདི་འང་གང་ལ་(ཡིན་ཏེ་མིན་པ)་ཉིད་ཅེས་སོ། །རྒྱལ་པོའི་རིན་པོ་ཆེའི་(བར་གྱི་ཚིག་ལ་མངོན་པའི་བསྡུ་བ)་ཕྲེང་བར་ཇི་སྐད་དུ་གསུངས་པ། གོམ་པ་བདུན་(མདོར)་པའི་དུས་སུ་ཡང། །བདོག་པ་ཀུན་གཏོད་སེམས་འཆད་པའི། །བྱང་ཆུབ་(ཡོ་ཏེ་མེད) ་སེམས་དཔའ་མཁའ་ལྟ་བུར། །དཔག་མེད་བསོད་ནམས་ཆུ་བོ་(ཱམ་ཚོགས)་བསྐྱེད་ཅེས་སོ། །ཚུལ་ཁྲིམས་ནི་(དམ་བཅས)་ཡང་དག་པར་བླངས་པས་བསླབ་པ་རྣམས་ལ་ཤིན་ཏུ་གུས་པ་ཉིད་དོ། །བཟོད་པ་དང་བརྩོན་འགྲུས་ཀྱི་རིམ་པ་བཞིན ་སེམས་ཅན་དང་སེམས་ཅན་མ་ཡིན་པས་བྱས་པའི་སྡུག་བསྔལ་དང་དགེ་བ་ལ་སྦྱོར་བ་གཉིས་ལ་མི་སྐྱོ་བའོ། །བསམ་གཏན་དང་ཤེས་རབ་དག་གིས་(རིམ་པ་ལྟར)་རྣམ་པར་མི་རྟོག་པའི་རྣལ་འབྱོར་ཞི་གནས་དང་ལྷག་མཐོང་ཡང་དག་པར་བསྡུས་སོ། (།འདི་བཤད་མ་ཐག་པ) ་ཙམ་ཡང་ཐེག་པ་ཆེན་པོ་མཛའ་དག་གོ་།དེ་ལ་(མདོ་སྡེ་རྒྱན་དུ་བསླབ་གསུམ་དབང་དུ་མཛད་ནས་ནི་རྒྱལ་བས་ཕ་རོལ་ཕྱིན་པ་དྲུག་ཡང་དག་བཤད་དེ་དང་པོ་གསུམ་ཕྱི་མ་གཉིས་ཀྱི་རྣམ་པ་ཉི་ཤུ་རྩ་གཅིག?་ན་རྫ?་ཅ?་ར་ལ་ཡང་གཏོགས་ཤེས་པ་ལྟར)་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ནི་(སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་བས་ཚུལ་ཁྲིམས་ལན་ཅིང ་བཟོད་པས་སླེར་མི་གཤེ་བ་སོགས་ཀྱི་བསྲུང་བས།)་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །བསམ་གཏན་ལྷག་པའི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པའི་ཤེས་རབ་པོ། །བརྩོན་འགྲུས་ནི་བསླབ་པ་གསུམ་རྣམས་སུ་ཡང་སྟེ་བརྩོན་འགྲུས་(ཕ་རོལ་ཏུ་ཕྱིན་པ་གཞན) ་ཐམས་ཅད་ཀྱི་གྲོགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་གསུམ་གྱིས་སྦྱིན་པ་ལ་སོགས་པ་དེ་རྣམས་ཀྱི་གོ་རིམ་བསྟན་ཏོ། །སྔ་མ་ལ་(མདོ་སྡེ་རྒྱན་དུ་སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་རམ། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་པ་ལྟར།)་བརྟེན་ནས་ཕྱི་མ ་སྐྱེ་བའི་ཕྱིར་ཏེ་གང་གི་ཕྱིར་(སྦྱིན་པས)་ལོངས་སྤྱོད་ལ་བལྟོས་པ་མེད་པ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་ནོ། །ཚུལ་ཁྲིམས་དང་ལྡན་པ་ནི་(དགེ་སྦྱོང་དུ་བྱེད་པའི་ཆོས་བཞིས)་བཟོད་དོ། །བཟོད་པ་དང་ལྡན་པ་ནི་(དགེ་བ་ལ་སྦྱོར་བའི་སྡུག་བསྔལ་དང་དུ་ལེན་པས)་བརྩོན་འགྲུས་བརྩོམ་མོ།། ་བརྩོན་འགྲུས་བརྩམས་པ་ནི་ཏིང་ངེ་འཛིན་(བསམ་གཏན)་སྐྱེད་པར་བྱེད་དོ། (།ཏིང་ངེ་འཛིན་གྱིས)་སེམས་མཉམ་པར་གཞག་པ་ནི་(ཤེས་རབ་ཀྱི)་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་བྱེད་དོ། །སྔ་མ་དམན་པ་ཉིད་ཀྱི་ཕྱིར་དང་ཕྱི་མ་མཆོག་ཉིད་ཀྱི་ཕྱིར་ཡང་སྟེ་སྦྱིན་པ ་དམན་ལ་ཚུལ་ཁྲིམས་མཆོག་ནས་བསམ་གཏན་དམན་ལ་ཤེས་རབ་མཆོག་གི་བར་གྱི་ཕྱིར་རོ། །སྔོན་མ་རགས་ལ་ཕྱི་མ་ཕྲ་བ་ཉིད་ཀྱི་ཕྱིར་ཡང་སྟེ། སྦྱིན་པ་ནི་རགས་ཏེ་(སློབ་དཔོན་དབྱིག་གཉེན་གྱིས་ཚུལ་ཁྲིམས་ཀྱི་གཏམ་དུ་སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་རྣམས་ཀྱང་གཏད ་བར་བྱེད། །ཅི་ཡང་རུང་བའི་ཚུལ་ཁྲིམས་ནི། །བསྲུང་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར།།)་འཇུག་སླ་བའི་ཕྱིར་དང་བྱ་སླ་བའི་ཕྱིར་ལ་ཚུལ་ཁྲིམས་ནི་ཕྲ་བ་སྟེ་བཟློག་པའི་ཕྱིར་རོ། (།འཇུག་པ་དང་བྱ་དཀའ་བ)་དེ་བཞིན་དུ་ཤེས་རབ་ཀྱི་བར་དུའོ། །འདི་རྣམས་ཀྱང་རིམ་པ་བཞིན། །ཆོས་(མདོ་སྡེ་རྒྱན་དུ) ་སྦྱིན་ཚུལ་ཁྲིམས་རྣམ་དག་དང། །མི་སྐྱེ་བ་ལ་བཟོད་ཉིད་དང། །ཐེག་པ་ཆེ་ལ་བརྩོན་འགྲུས་བརྩོམ། །མཛའ་ལ་སྙིང་རྗེ་(ཚད་མེད་པ་དང)་ལྡན་(བས)་གནས་དང། །ཤེས་རབ་ཕ་རོལ་ཕྱིན་ཞེས་པ། །བློ་ལྡན་(མདོ་སྡེ་རྒྱན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་བློ་ལྡན་ཉིད་དང་གསལ་བའི ་མཆོག་ཅེས་གསུངས་པས།)་རྣམས་ཀྱི་གཙོ་བོར་འདོད། (།ཅེས་གསུངས་པའི)་མཛའ་ནི་བསམ་གཏན་བཞི་པའོ། (།ཆོས་ཀྱི་སྦྱིན་པ་མཆོག་ཡིན་པ)་དེ་ལྟར་ཡང་བཅོམ་ལྡན་འདས་མ་རྡོ་རྗེ་གཅོད་པར་གསུངས་པ། རབ་འབྱོར་གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་གངྒཱའི་ཀླུང་རྣམས ་སུ་གྱུར་པ་གངྒཱའི་ཀླུང་དེ་རྣམས་ཀྱི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སྐྱེས་པ་འམ་བུད་མེད་ལ་ལ་ཞིག་ཁོ་ནས་(དངོས་པོ་གྱ་ནོམ་པ)་རིན་པོ་ཆེ་སྣ་བདུན་གྱིས་(ཐེག་བསྡུས་བཤད་སྦྱར་དུ་རིན་པོ་ཆེ་སྣ་བདུན་ནི་གསེར་དང་དངུལ་དང། བཻཌཱུརྱ་དང། སྤུག་དང། ཤེལ་དང། རྡོའི་སྙིང ་པོ་དང། མུ་ཏིག་དམར་པོ་དང། རྡོའི་སྙིང་པོ་ནི་ཨན་དྷ་རྙིལ་དང། མཐོན་ཀ་དང། མཐོན་ཀ་ཆེན་པོའོ། །མུ་མིག་དམར་པོ་ནི་སྲོག་ཆགས་དམར་པོ་པ་ཞེས་བྱ་བའི་རིགས་ཀྱི་སྟེ། དེའི་ཁོང་ནས་བྱུང་བའི་མུ་ཏིག་ནི་མུ་ཏིག་དམར་པོ་ཞེས་བྱའོ་ཞེས་གསུངས་སོ།།)་ཡོངས་སུ་གང་བར་བྱས་ཏེ་(ཡུལ་མཆོག)་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕུལ་ལ་གང་ཡང་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་(མང་པོ་དང་མཛའ་དག་ལྟ་ཅི་སྨོས)་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་གཟུང་ནས་གཞན་རྣམས་ལ་སྟོན་པར་བྱེད་ན། འདི་ཉིད་དེ་བས ་ཆེས་བསོད་ནམས་མང་དུ་འཕེལ་ལ་ཚད་མེད་ཅིང་གྲངས་མེད་དོ། །གཞན་ཡང་གང་དུ་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་སྟོན་པའི་ས་ཕྱོགས་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ ་གྱུར་པ་ཡིན་ན་གཟུང་བ་ལ་སོགས་པ་རྣམས་ལ་(བསོད་ནམས་མང་པོ་འབྱུང་བ)་ལྟ་ཅི་སྨོས་སོ་(ཏེ་སྨོས་མི་དགོས)་ཞེས་སོ། །དཔེར་བརྗོད་པ་གཞན་ཡང་མདོ་(དེ་ཉིད)་ཇི་ལྟ་བ་བཞིན་ནོ། །གྲངས་དྲུག་ཅེས་རྣམ་པར་བཞག་པ་ནི་(ཐེག་པ་ཆེན་པོ་བསྡུས་པར)་མི་འཕག་པའི ་རྒྱུ་ལོངས་སྤྱོད་དང་ཁྱིམ་ལ་ཞེན་པའི་གཉེན་པོར་གོ་རིམ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། (འཕགས?་ཀྱང)་ལྡོག་པའི་རྒྱུ་འཁོར་བ་པའི་སེམས་ཅན་གྱི་ལོག་སྒྲུབ་ལས་སྐྱེས་པའི་སྡུག་བསྔལ་(གྱི་གཉེན)་པོ་དང་དུས་རིང་པོར་དཀར་པོའི ་ཕྱོགས་ལ་རབ་ཏུ་སྦྱོད་བས་ཡོངས་སུ་སྐྱོ་བའི་གཉེན་པོར་གྲངས་ཇི་ལྟ་བར་བཟོད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཉམས་པའི་རྒྱུ་རྣམ་པར་གཡེང་བ་དང་ཤེས་རབ་འཆལ་པའི་(ཡིས་ཕྱིན་ཅི་ལོག་ཏུ་འཛིན་པ་མུ་སྟེགས་པ་ལྟ་བུ)་གཉེན་པོར་དེ་བཞིན་དུ་བསམ་(དགེ་བ) ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གོ་ཞེས་པ་དེ་ལྟར་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་རྣམ་པར་གཞག་པ་ལས་སོ། (།ཞེས་པའོ)་ཕ་རོལ་ཏུ་(དབུ་མ་ལ་འཇུག་པ་རྩ་འགྲེལ་གྱི་ངན)་ཕྱིན་པ་གཞན་གྱི་མི་མཐུན་པའི་ཕྱོགས་རྩ་བ་དང་བཅས་པ ་སྤོང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་སྟེ། ཤེས་རབ་(དབུ་མ་ལ་འཇུག་པའི་ས་དང་པོར་སྦྱིན་པ་སྦྱིན་བྱ་ལེན་པོ་གཏོད་པོས་གཏོང་འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། གསུམ་པ་དག་ལ་ཆགས་སྐྱེས་གྱུར་པ་དེ། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བྱ། ཅེས་པ་ལྟར།)་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ཉིད་ཀྱིས་ཐམས ་ཅད་དུ་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །སྦྱིན་པ་ལ་སོགས་པ་རྣམས་འཁོར་གསུམ་མི་དམིགས་པ་མེད་པ་ནི་སེར་སྣ་ལ་སོགས་པ་བསྐྱེད་པའི་རྒྱུ་རྟོག་པ་སེལ་བར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་མཐུ་ཉིད་ཀྱིས་ཡོངས་སུ་བསྔོ་བའི་ཁྱད་པར ་རྣམས་ཀྱིས་(འཇུག་ཊིག་ཆེན་པོར་བསོད་ནམས་འདིས་སངས་རྒྱས་ཉིད་ཐོབ་ནས་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱའོ་ཞེས་པ་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཤེས་པ་ལྟར།)་ཕ་རོལ་ཏུ་(འཁོར་བའི་རྒྱ་མཚོའི་ཕ་རོལ་སངས་རྒྱས་ཉིད།)་འགྲོ་བ་ལ་སྦྱར་བ་ལས་གནས་སུ་བཅུག་པ་ཉིད་ཀྱི་ཕྱིར་སྦྱིན་པ་ལ ་སོགས་པ་རྣམས་ཕ་རོལ་ཏུ་ཕྱིན་པར་(ཱི་མིང་དུ)་བསྟན་པ་ཐོབ་ཀྱི་ཅིག་ཤོས་ལྟར་(ཤེས་རབ་ཀྱིས་མ་ཟིན་པ)་ནི་མ་ཡིན་ནོ། །སྦྱིན་པ་ལ་སོགས་པ་རྣམས་(འཁོར)་གསུམ་དུ་དམིགས་པ་ཡོད་ན་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་ཉེ་བར་བསྟན་ཏོ། །དེ་བཞིན ་དུ་(ཐག་བསྡུས་སུ)་རྣམ་པར་མི་གཡེང་བའི་རྒྱུ་(སྦྱིན་པ་ལ་སོགས་པའི)་ཕ་རོལ་ཏུ་ཕྱིན་པ་བཞི་རྣམས་ཀྱིས་རྣམ་པར་མི་གཡེང་བའི་(བསམ་གཏན)་ཕ་རོལ་ཏུ་ཕྱིན་པ་གཅིག་འགྲུབ་ལ། རྣམ་པར་མི་གཡེང་བ་གང་ལ་བརྟེན་ནས་(དེ་བཞིན་ཉིད་ལ་དམིགས་པའི་ཤེས་རབ་ཕ་རོལ་ཕྱིན་པས) ་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་རྟོགས་པ་ལས་སངས་རྒྱས་ཀྱི་ཆོས་(སྟོབས་ལ་སོགས་པ)་རྣམས་ཡང་དག་པར་འབྱུང་ངོ་ཞེས་དེ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གཞིའི་གནས་ཀྱི་ཕྱིར་གྲངས་རྣམ་པར་བཞག་གོ་(།ཞེའོ)་དེ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གི་(འབྲས་བུ་འ་ལས་དང་པོ)་ཕ་རོལ་གྱི་འབྲས་བུ་(ལོངས་སྤྱོད་དང་མཐོ་རིས་སོགས)་གོང་དུ་བརྗོད་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ནི་(ཕྱི་མའི་འབྲས་བུ)་ཕྱོགས་ཆེན་པོ་དང་འཁོར་ཆེན་པོ་ཉིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལོངས ་སྤྱོད་ལ་སོགས་པ་(མཐོ་རིས་དང་འཁོར)་མི་ཆོད་པ་ཉིད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གནོད་པ་མེད་པའི་ལུས་སྐྱེ་བ་སྟེ་འབྲས་བུ་གཞན་ཡང་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་(ཕྱི་མའི་འབྲས་བུ)་དབང་པོ་(དད་པ་ལ་སོགས་པ)་ཀུན་རྣོ་བ་ཉིད་དང་བདེ ་བ་དང་ཡིད་བདེ་བ་མང་བ་ཉིད་དོ། །སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་འགྱུར་བ་ཡང་ངོ། (།གཉིས་པ)་མཐོང་བའི་ཆོས་ཀྱི་(འབྲས་བུ)་ནི་(རོལ་ཏུ་ཕྱིན་པ)་འདི་རྣམས་ཐམས་ཅད་ཀྱི་གཞི་(ལུས་དང་སེམས)་རབ་ཏུ་དད་བ་དང་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའ་ཨོ་ཞེས ་འབྲས་བུ་ལས་རྣམ་པར་གཞག་གོ་(།མདོ་སྡེ་རྒྱན་དུ་མི་ལོངས་པ་དང་རྣམ་མི་འཚེ། །འཚེ་བཟོད་བྱ་བས་མི་སྐྱོ་དང། །མཉམ་བཞག་གྲོལ་ཆེད་གདམས་པས་སྨིན། །གཞན་གྱི་དོན་ནི་རང་དོན་ནོ། །ཞེས་པ་ལྟར།)་དེ་བཞིན་དུ་(ཐེག་བསྡུས་སུ)་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྗེས་སུ་འཛིན ་པའི་ཕྱིར་(ཕན་འདོགས)་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་(སེམས་ཅན)་གནོད་པ་མི་བྱེད་(སྡུག་བསྔལ་མི་བསྐྱེད)་པའི་ཕྱིར་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་གནོད་པ་བཟོད་པའི་(ས་ལན་དུ་གནོད་པ་མི་བྱེད་པ)་ཕྱིར་དང། བརྩོན་འགྲུས་ཀྱི་ཕ་(བདེ་བ?་བསྐྱེད་པས) ་རོལ་ཏུ་ཕྱིན་པས་བྱ་བ་མཆོག་ཏུ་འགྲུབ་པར་བྱེད་པའི་ཕྱིར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་རུང་བར་བྱས་ནས་སེམས་རྣམ་པར་གཡེང་བ་རྣམས་མཉམ་པར་གཞག་པའི་ཆེད་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་དང། (ཡོངས་སུ་སྨིན་པར་བྱེད་པ)་སེམས་མཉམས ་པར་གཞག་པ་རྣམས་རྣམ་པར་གྲོལ་བའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྔོམས་པའི་ཕྱིར་ལོངས་སུ་སྨིན་པར་བྱེད་པས་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པ་དང་རྗེས་སུ་མཐུན་པའི་ཕྱིར་ཡང་གྲངས། (དྲུག་ཏུ)་རྣམ་པར་བཞག་གོ་(།ཞེས་སོ)་སྙིང་རྗེས་གདུངས་པར ་གྱུར་པས་ཐབས་སུ་གྱུར་པ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཀྱིས་ཡོངས་སུ་གཟུང་ནས་(ཞེས་པ་མདོར་བསྟན་ཏེ་རྒྱས་པར་འཆད་པ)་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་(ནམ་བྱིན་པ)་དེའི་ཚེ་ཉིད་བདེ་བར་ཉེ་བར་སྡུད་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས ་ཕྱི་མར་བདེ་བ་ཉེ་བར་སྡུད་པ་དང། སྲན་ཚུགས་པ་དང་(འདིར་ཚུལ་ཅན)་སྤྲོ་བ་དང་(འདིར་ཚུལ་ཅན)་སེམས་རྩེ་གཅིག་པའི་(གང་ཟག་གིས)་མཛའ་གཅིག་ཏུ་འབྲས་བུ་ཐོབ་པ་(ཀྱི་མི་འཐོབ་པར་མི་འགྱུར)་ཉེ་བར་བླངས་ནས་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ ་ཏུ་ཕྱིན་པ་རྣམས་ཀྱིས་མཛའ་གཅིག་ཏུ་བདེ་བ་ཉལ་བར་སྡུད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གཏན་(ཱཾ་ཤིན་ཏུ་བའི)་བདེ་བ་ཉེ་བར་སྡུད་པས་(ཱི་རྒྱུའི)་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པ་དང་ལྡན་པས་(དྲུག་པོ)་དེ་ལ་(གཞན)་ཡང་དག་པར ་ལེན་དུ་འཇུག་པ་དང། འཛུད་པ་དང་རབ་ཏུ་འགོད་པ་རྣམས་ཀྱིས་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་དོ། (།ཕར་ཕྱིར་དྲུག་གིས་ཚོགས་གཉིས་རྫོགས་པར་བྱེད་པ)་དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་སྟེ་ཕ་རོལ་ཏུ་ཕྱིན་པ་གསུམ་དང། བརྩོན་འགྲུས་དང་བསམ་གཏན ་གྱི་ཕ་རོལ་ཏུ་ཕྱིན་པ་དག་གི་ཆ་ཤས་ནི་བསོད་ནམས་ཀྱི་ཚོགས་ཏེ་གཟུགས་ཀྱི་སྐུའི་རྒྱུའོ། །ཡེ་ཤེས་ཀྱི་ཚོགས་ནི་ཤེས་རབ་ཀྱི་ཕ་(མདོ་སྡེ་རྒྱན་དུ་སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཤེས་ཀྱང་གསུངས་ཤིང།)། ་རོལ་ཏུ་ཕྱིན་པ་དང། (རངས་སོ)་བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆ་ཤས་ཏེ་ཆོས་ཀྱི་སྐུའི་རྒྱུའོ། (།འབུམ་ཊིཀ་དུ)་མདོར་བསྡུ་ན་སྙིང་རྗེས་ལས་(གང་བྱས་པ)་ཐམས་ཅད་སེམས་ཅན་གྱི་དོན་ཉིད་(དུ་འགྱུར་བ)་ལས་བསོད་ནམས་ཀྱི་ཚོགས་སོ། ། ་ཤེས་རབ་ཀྱིས་(ལས་རྣམས)་བྱང་ཆུབ་ཀྱི་དོན་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་ཚོགས་སོ། (།ཞེས་སོ)་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་འདི་རྣམས་རེ་རེ་ལ་སྤྱོད་པས་ཀྱང། ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་སྒོམ་པ་ཡོངས་སུ་རྫོགས་པ་སྒྲུབ་པར་བྱེད་དོ། །ཞེས་པ་དེ་ལྟར་ཁོང་དུ ་ཆུད་པར་བྱའོ། །དེ་ལྟར་ཡང་སྟོང་ཕྲག་ཉི་ཤུ་ལྔ་པར་(མཐོང་ལམ་རྩེ་མོའི་སྐབས་སུ)་གསུངས་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་ཞིང་སེམས་ཅན་རྣམས་ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཉེ་བར་གནས་(པས་གནོད་པ་མི་བྱེད)་པར་འགྱུར ་ཏེ་འདི་ལྟ་བུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། (།སྦྱིན་པ་པོ)་དེ་ཉིད་ཀྱི་ལེན་པ་པོ་རྣམས་(མངོན་སུམ་དུ)་གཤེ་བ་དང་(ལྐོག་ཏུ)་སྨོད་པ་ལ་སོགས་པ་བཟོད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སློང་བ་པོ་(ཡིད་ཀྱིས)་ཁྲོ་བ་དང་(དག་གིས)་འཚང་འདྲུ ་བ་ལ་སོགས་པ་རྣམས་ཀྱི་སྦྱིན་པ་ལ་སྤྲོ་བ་ཡོངས་སུ་མི་འདོར་བ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་རྣམ་པར་གཡེང་བའི་སེམས་མེད་པས་བསམ་གཏན ་གྱི་ཕ་རོལ་ཏུ་ཕྱིན་པའོ། (།སྦྱིན་པ་པོ་བྱང་ཆུབ་སེམས་དཔའ་)་དེ་ཉིད་ཀྱི་སྒྱུ་མའི་བློས་ཉེ་བར་གནས་པས་སྦྱིན་པ་བྱིན་པ་ལས་(སེམས་ཅན)་སུ་ལའང་ཕན་འདོགས་པ་དང་གནོད་པ་(བདེན་དངོས་སུ)་མི་མཐོང་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའོ་ཞེས་སོ། །འཕགས་པ་བློ་གྲོས་རྒྱ་མཚོའི་མདོར་ཡང་གསུངས་པ། བློ་གྲོས་རྒྱ་མཚོ་(རང་དང་སེམས་ཅན་ཚུལ་ཁྲིམས་མི་འདྲ་བས་མི་ཁྲོ་བ་དང་ཁྲོ་བས་དགེ་བ་ཉམས་པར་འགྱུར་བས་མི་ཁྲོ་བ་དང་གནོད་སེམས་ཀྱི་གཞི་སྤང་བའི་ཚུལ་གོང་དུ་གསུངས་ནས།)་འདི་ལྟར་ཆོས་བགྲང་བ་ལ་(ཆོས་ངེས?་པར་སེམས་པ) ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱིས་གདུངས་པ་བཟོད་དོ། །དེ་བཞིན་དུ་སྦྱར་ཏེ་(བྱང་ཆུབ་སེམས་དཔའ་ཨི་ལུས་ལ་གཅོད་པ་ན།)་གང་ལུས་ཡོངས་སུ་འདོད་པ་དང་(མི་འཛིན་པར་གཏོང་བ)་ལུས་ཡོངས་སུ་གཏོང་བ་དང་(སྒོ་ཐམས་ཅད་ནས་མི་ཆགས་པ)་ལུས་ལ་བལྟོས ་པ་མེད་པ་འདི་ནི་(བཟོད་པར་བྱེད་པ)་འདིའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། (།ཆོས)་གང་ལུས་གཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་(སྡུག་བསྔལ་གྱི)་ཚོར་བ་རྣམས་ཀྱིས་(སེམས)་མི་འཕྲོག་པ་འདི་ནི་འདིའི་ཚུལ་ཁྲིམས་ཀྱི་ཕ ་རོལ་ཏུ་ཕྱིན་པའོ། (།བཟོད་པ་པོ)་གང་འདིའི་ལུས་གཅོད་པར་བྱེད་པ་(གནོད་བྱེད)་དེ་རྣམས་ཉིད་ཀྱི་ཐར་པའི་དོན་དུ་བཟོད་པར་བྱེད་ཅིང་སེམས་ཀྱིས་རྨ་མི་འབྱིན་པ་(ཤར་གཉེར་བའི་སེམས་མེད་པ)་འདི་ནི་འདིའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་གང ་གིས་ཐམས་ཅད་མཁྱེན་པ་ཉིད་ལ་འདུན་པ་མི་གཏོང་ཞིང་སེམས་ཀྱིས་སྟོབས་བསྐྱེད་པའང་རབ་ཏུ་འཛིན་ལ་(སེམས་ཅན་གྱི་གནོད་པས་མི་སྐྱོ་བར)་འཁོར་བའི་རྗེས་སུ་འབྲེལ་པར་བྱེད་དགེ་བའི་རྩ་བ་བརྩམས་པ་ཉིད་ཀྱང་རྩོམ་པ་(ཱི་བརྩོན་འགྲུས)་འདི་ནི་འདིའི་བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལུས་འཐོར་བ་ན་(ཱམ་གཤེགས་པ)་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་རིན་པོ་ཆེ་མི་གཏོང་ཞིང་བྱང་ཆུབ་ཉིད་ལ་བལྟ་བར་བྱེད་ཞི་བ་རབ་ཏུ་ཞི་བ་ཉིད་དུ་སོ་སོར་རྟོག་པ་འདི་ནི་འདིའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། ་(ཆོས)་གང་ལུས་གཅོད་པ་ན་ལུས་(དེ་ཁོ་ནར་མེད་ཀྱང་སྣང་བས)་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་(ཱི་ཆོས)་འདི་ནི་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །འདི་བཞིན་ཚུལ་ཁྲིམས་བསྲུང་བ་དང་ཤེས་རབ་སྒོམ་པ་ཇི་སྲིད་པ་སོ་སོར་(གང་རུང་དེ་ཉམས་སུ་ལེན་པ་ནི)་ཕ་རོལ ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཡང་དག་པར་བསྡུས་པར་རིག་པར་བྱའོ། (།ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་དྲུག་ཚང་བར་སྒྲུབ་པ)་འདི་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་(ཀྱི་སྐབས)་ལ་(དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གི་ཇི་བཞིན་བཤད ་ཅེས་གསུངས་པས།)་གོ་ཆའི་སྒྲུབ་པ་སྟེ་རྩེ་མོའི་མངོན་པར་རྟོགས་(ཱི་སྐབས་སུ)་པར་(སྦྱིན་པ་ལ་སོགས་རེ་རེར་ནི་དེ་དག་ཕན་ཚུན་བསྡུས་པ་གང། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་གསུངས་པས།)་སྐད་ཅིག་གཅིག་པོ་མཐོང་བའི་ལམ་མོ། །དེ་ལ་(དབུས་མཛའ་ཨི་ཊིཀ་བརྒྱད་སྟོང ་འགྲེལ་པར་གྲངས་པ)་རྫས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མིང་གིས་བཅུར་འགྱུར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཁྱད་པར་གྱི་རྣམ་པར་ཞུགས་པ་རྣམས་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་བརྗོད་པར་ཤེས་པར་བྱའོ། ། ་དེ་ལྟར་(དབུས་དང་མཛའ་རྣམ་པར་འབྱེད་པར་མི་ཟད་པ་དང་རྟག་འཇུག་དང། ངས་བྱེད་ལོངས་སྤྱོད་སྨིན་པར་བྱེད། ཅེས་པ་ལྟར།)་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསགས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་(དོན་དུ་གཉེར་བྱ་རེ་འགྲུབ་པ་དང ་སྤེལ་བ་དང་འཐོབ་པ་དང་སྤང་བྱ་སྤང་བའི་ཆེད་དུ་རིགས་པ་དེ་དེ་ལ་ཐབས་ཡིན་པས)་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཐབས་དེས་(སྦྱིན་སོགས)་དེ་མི་ཟད་པར་བྱེད་པའི་ཕྱིར་རོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་གྲངས་མེད་པ་སྟེ། གང ་གིས་(སྦྱིན་སོགས་སྤྱོད་པ་དང་མཐུན་པའི་ལུས་བླངས་ནས)་སྐྱེ་བ་སོ་སོར་(ཉིན་རེ་འམ་སྐད་ཅིག་རེ་རེ་ལ)་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒོམ་པའི་(དགེ་བ་གོམས་པར་བྱེད་པ)་སྟོབས་དང་སོ་སོར་རྟོགས་པའི་སྟོབས་ཏེ། (བརྩོན་འགྲུས་ཏིང་ངེ་འཛིན་ཤེས་རབ ་གསུམ་ལྷན་ཅིག་སྐྱེས་པ་བསྟན་པ་དང་ལྡན་པའི་ཤེས་རབ།)་གང་གིས་(མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས)་ཉི་མ་སོ་སོ་འམ་སྐད་ཅིག་སོ་སོར་(སྦྱིན་སོགས)་དེ་རྣམས་ལ་སྤྱོད་པའོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་(རང་ཉིད་ཆོས་ལ་ལོངས་སྤྱོད་བ་དང་སེམས་ཅན་སྨིན་པར ་བྱེད་པ་ལ།)་ནི་ཐེག་པ་ཆེན་པོ་དགོངས་པ་ཇི་ལྟ་བ་དང་སྒྲ་ཇི་ལྟ་བར་ཡོངས་སུ་ཤེས་པའོ། །སེང་གེ་(སློབ་དཔོན་བརྒྱད་སྟོང་འགེལ་བའི་མི་དམིགས་པའི་བསྔོ་བའི་ཐད་དུ)་བཟང་པོ་(དབུས་མཛའ་ཨི་ཊིཀ་དྲངས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཡེ་ཤེས་གང་གིས་རང་གི་རྟོགས་པ ་ཡོངས་སུ་བཅད་ནས་རང་ཉིད་ཆོས་ཀྱི་ལོངས་སྤྱོད་མྱོང་བར་གྱུར་པ་དང། གཞན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ན་དེ་ལྟ་བུ་གཉིས་པོ་འདི་དག་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་དོ། །དེས་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་ལ་ཡིན་ནོ་ཞེས་པ་དྲངས་ནས།)་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་མ་ཡིན་(ཕར་ཕྱིན་ཕྱི་མ་།རྗེས་ཐོབ ་ཀྱི་ཡེ་ཤེས་རྟོག་བཅས་སོ།)་ཞེས་བརྗོད་(ཅིང་སྒྲགས)་པ་ནི་ཤིན་ཏུ་ཕབ་ཆོལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་བཅུ་བཞི་པ་ལ་སོགས་པ་(ས་བཅུ་པའི)་སེམས་བསྐྱེད་པ་བདུན་གྱི་ངོ་བོ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་མི་རྟོག་པ་ནི་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ཉོན་མོངས་པ་ཁོ་ན་ཡིན་པས་(ས་བཅུ་པ)་དེར་ཐམས་ཅད་དུ་རྣམ་པར་རྟོག་པ་རྣམས་ཀུན་ཏུ་སྤྱོད་པ་(མངོན་གྱུར)་ཅུང་ཟད་ཀྱང་མི་སྲིད་ལ། (ཏེ་ས་བརྒྱད་པར་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པའི་ཕྱིར་རོ།།)་མཐར་བག་ཆགས་ཀྱང་མ་ལུས་པར་ནུབ་པ་ཉིད་ཀྱི་ཕྱིར་རོ། །དེའི ་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་ནི་འཇིག་རྟེན་པའི་རྣམ་པར་རྟོག་པའི་ཤེས་པ་ག་ལ་ཡིན། དག་པ་ཉིད་ཀྱང་ཅི་ཞེ་ན་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་མེད་པ་ཡིན་ལ། རྣམ་པར་རྟོག་པ་ནི་(གཟུང་འཛིན་དུ་མངོན་པར་མ་ཞེན་པ)་དེ་ལྟ ་མ་ཡིན་ཏེ་(རྣམ་པར་རྟོག་པ)་འདི་ནི་རང་ཉིད་མ་རིག་པའི་ངོ་བོ་ཉིད་དུ་གྱུར་པ་དང་(མ་རིག་པ་ཡིན་པ)་གང་ལས་(རྟོག་པ)་རང་གི་རྣམ་པ་ལ་ཕྱི་རོལ་(དོན)་གྱི་ངོ་བོར་སྒྲོ་བཏགས་ནས་འཇུག་པ་ཡིན་ནོ། །སྒྲོ་འདོགས་པ་མ་ཡིན་ནའང་ཅི་ལྟར་འདི་རྣམ་པར་རྟོག་པ ་ཡིན་(ཏེ་ཡིན་པར་མི་རིག་པ)་ཞེས་ཤིང་རྟ་ཆེན་པོ་རྣམས་ཀྱིས་ངེས་པར་དཔྱད་དོ། (།སངས་རྒྱས་ཡེ་ཤེས་ཀྱིས་སྡུད་འགྲེལ་དུ)་གལ་ཏེ་རྣམ་པར་མི་རྟོག་པ་ལ་རང་བཞིན་པའི་(ནང?་མ)་བྱ་བ་དང་འབྲས་བུ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར། དེའི་ཚེ་(ས་བཅུ་བར)་བྱ་བ་ལ་འཇུག་པ་མེད ་དེ་དེ་ནི་(བྱ་བ་ལ་འཇུག་པ)་རྣམ་པར་རྟོག་པ་དང་(སྔོན་དུ་འགྲོ་བས་དེ)་འབྲེལ་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ་ཤིང་(སྡུད་པར་ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱང་དེ་བཞིན་ཤེས་རབ་དཔྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་རྣམ་པར་མི་རྟོག་ཡེ་ཤེས་པ་ཐམས་ཅད་བྱེད་ཅེས ་སྩལ་པས)་གི་རང་བཞིན་གྱི་སྐྱེས་པ་དང་བུད་མེད་ཀྱི་འཁྲུལ་འཁོར་(རྟོག་པ་མེད་ཀྱང་བྱ་བ་ལ་འཇུག་པ)་བཞིན་དུ་ཡོད་པ་ཙམ་ལས་(བྱ་བ)་དེ་རབ་ཏུ་འཇུག་པའི་ཕྱིར་རོ། (།ཤིང་གི་འཁྲུལ་འཁོར)་དེར་ནི་འཁྲུལ་འཁོར་མཁན་གྱི་རྣམ་པར་རྟོག་པ་རྒྱུ་ཡིན་ལ་(བཅུ་པ)་འདིར་ནི་ད་ལྟ ་མ་ཡིན་ཞེས་པར་ཡང་དོགས་པ་མི་བྱ་སྟེ། (ས་བཅུ་པ)་དེར་ཡང་སྔོན་གྱི་སྨོན་ལམ་གྱི་འཕེན་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་ནི་(མངོན་པ་ཀུན་ལས་བཏུས་སུ་རྟེན་འབྲེལ་གཡོ་བ་མེད་པའི་མཚན་ཉིད་ཅན་ཡིན་ནོ་ཞེས་གསུངས་པ་ལྟར།)་རང་ཡོད་པ་ཙམ་ལས་ཐ་དད་པའི་བྱ་བ་གཞན་མེད་པ ་ཁོ་ན་ཡིན་ལ་(རང་ཡོད་པ་ཙམ)་དེ་ཅིག་ཤོས་(རྟག་པ་མེད་པའི་བྱང་ཆུབ་སེམས་དཔའ་ཨི་ལམ)་ལའང་ཁྱད་པར་མེད་དོ། །རྣམ་པར་རྟོག་པའི་ཤེས་པའི་རྒྱུ་བ་ནུབ་པ་གོམས་པ་རབ་དང་ལྡན་པ་རྣམས་རང་ཉིད་ཀློག་པ་ལ་སོགས་པའི་བྱ་བ་ལ་འཇུག་པ་འང་མཐོང་ངོ། (།ཞེས་སོ)་རྣམ་པར་རྟོག ་པ་མེད་པ་ལ་དཔྱོད་པ་འདིའི་ཕན་ཡོན་ཡང་གསུངས་པ། གལ་ཏེ་(གངྒཱའི་ཀླུང་རྣམས་ཞང་ན་སེམས་ཅན་ཇི་སྙེད་པ་དེ་ཀུན་ཡོངས་སུ་བརྟག་པ་བཟུང་སྟེ་བདུད་བྱུང?་ལ། བ་སྤུ་ཉག་རེ་ལས་ཀྱང་དེ་ལས་ཀྱང་དེ་སྙེད་སྤྲུལ་བྱས་ཀྱང། དེ་ནས་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས་ཤེས་པས།)་འཇིག་རྟེན་གྱི་ཁམས་ཐམས་ཅད་(བས་རྟོག་པ་མེད་ཀྱང་བྱ་བ་ལ་འཇུག) ་ན་གནས་པའི་སེམས་ཅན་རྣམས་བདུད་དུ་གྱུར་ལ་བདུད་རེ་རེས་ཀྱང་བ་སྤུའི་བུ་ག་རེ་རེ་ནས་བྱུང་བའི་བདུད་ཀྱི་ལུས་ཚད་དེ་སྙེད་མངོན་པར་སྤྲུལ་མོད། དེ་ལྟ་ནའང་རྣམ་པར་རྟོག་པ་མེད་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་བར་མི་ནུས་སོ་ཞེས་སོ། (།དེའི་འགྲེལ་བར ་སངས་རྒྱས་ཡེ་ཤེས་ཀྱིས་གསུངས)་འཕགས་པས་བཅུ་པར་ཡང་ཁམས་གསུམ་པའི་བདུད་(དགེ་བའི་བར་ཆད་བྱེད་པ་བྱང་ཆུབ་ཀྱི་ལམ་འགོག་ཅིང་ཡང་དག་པའི་ལམ་བཟློག་པར་བྱེད་པ་ཞེས་བཟང་སྤྱོད་འགྲེལ་པར།)་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པར་བྱེད་པའི་སྟོབས་སྟོང ་པ་ཉིད་ཀྱི་དོན་གྱི་རྡོ་རྗེ་ཆེན་པོས་འཇོམས་པར་བྱེད་པ་རྣམས་འདུལ་ལོ་ཞེས་པ་དང་སྟོང་པ་ཉིད་ཀྱི་རྡོ་རྗེས་ཀྱང་དེ་རྣམས་རབ་ཏུ་གཞོམ་པར་བྱའོ་ཞེས་ཀྱང་གསུངས་སོ། །བདུད་དང་མུ་སྟེགས་བྱེད་ལ་སོགས་པའི་སྟོབས་སྟོང་པ་ཉིད་ཀྱིས་སྣང་བ་མེད་པར་བྱེད་པ་ནི་(མདོའི་ཚིག) ་རབ་ཏུ་འཇོམས་པའོ། (།ཡིན་པ)་རིགས་པ་དྲུག་ཅུ་པར་ཡང། ཇི་སྲིད་ཡིད་ནི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན་ཞེས་སོ། །བདུད་ཀྱང་རྣམ་པ་བཞིའོ། །དེ་ལ་(དེས་པའི་ཚིག་ཏུ་ན་ཆོས་ཀྱི་སྲོག་གི་བར་ཆད་བྱེད་པས་བདུད་ཅེས་བྱ་ཞེས་བཟང་སྤྱོད་འབྲེལ་བར)་ཕུང་པོའི་བདུད་ནི་རྟེན་གྱི ་བདུད་ཏེ་(རྒྱུ་མཚན)་གང་ལས་ཏེ་(ཉེར་ལེན་གྱི་ཕུང་པོ)་རྣམས་སུ་འཆི་བའོ། (བདུད་ཀྱི་སྐད་དོད་མཱར?་ཞེས་པའི་ཆབ?་ལ་འཇུག་པས)་ཉོན་མོངས་པའི་བདུད་ནི་བྱེད་པའི་བདུད་དེ་གང་གི་ཕྱིར་(ཉོན་མོངས)་དེ་རྣམས་ཀྱིས་འཆི་བའོ། །འཆི་བདག་གི་བདུད་ནི་རང་བཞིན་གྱི་བདུད་དེ་(མུན?་ཞེས་པས) ་དངོས་པོ་ལ་(ཱི་དོན། སྒྲའི་དབྱིངས་ལས)་གྷ་ཉའོ།། (ཱི་རྐྱེན་སྦྱར་བ)་ལྷའི་བུའི་བདུད་ནི་བར་དུ་གཅོད་པའི་བདུད་ཏེ་བདུད་(གོང་མ)་རྣམ་པ་གསུམ་རབ་ཏུ་སྤོང་བ་ལ་སྦྱོར་བ་རྣམས་ཀྱི་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ་ཞེས་སོ། །དེ་ལ་སྦྱིན་པའི་མཚན་ཉིད་བརྗོད་ཟན་ཏེ་རྣམ་པ ་གསུམ་ཡང་ངོ། །ཚུལ་ཁྲིམས་(ཤཱི་ལ་ཞེས་པ)་ནི་བདག་དང་གཞན་ལ་ཕན་འདོགས་པར་རབ་ཏུ་འཇུག་པའི་ཕྱིར་ན་འགྱོད་པ་མེད་ཅིང་རབ་ཏུ་དགའ་བའི་སྦྱོར་བས་(དབུ་མ་ལ་འཇུག་པ་འབར)་ཉོན་མོངས་པ་དང་དུ་མི་ལེན་པ་(ཉོན་མོངས་ལ་ལྷག་པར་མི་གནས)་ལས་སྡིག ་པ་མི་(རྒྱུ་མེད་པས)་འཇུག་པས་སམ་སེམས་ལ་འགྱོད་པའི་མེ་ཉེ་བར་ཞི་བས་སེམས་(ཤཱི་ལ་ཡི་ཡི་གེ་བསྣན་པས་ཤྲཱི་ཏ)་བསིལ་བར་(ལ་ལེན་པའི་དོན་ཅན་ཡིན་པས)་བྱེད་པའོ། །ཡང་ན་བདེ་(ཚུལ་ཁྲིམས་དང་ལྡན་པ་ལུས་ཤིན་ཏུ་སྦྱངས་པར་འགྱུར་ཞིང་ལུས་ཤིན་ཏུ་སྦྱངས་པ་ནི་བདེ་པར་རིག་པར་བྱའོ་ཞེས་གསུངས་པས་སམ་བདེ ་འགྲོའི་རྒྱུ་ཡིན་བས་ན།)་བའི་རྒྱུ་ཉིད་ཀྱིས་དམ་པ་རྣམས་ཀྱིས་བརྟེན་པར་བྱ་བ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་སོ། །དེ་རྣམ་པ་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། (།ཞེས་སོ)་དེ་ལ་སྡོམ་པའི་ཚུལ་ཁྲིམས ་གང་ཡིན་པ་དེ་ནི་(ཉེས་པར་སྤྱོད་པ་ལས)་ལྡོག་པའི་ཚུལ་ཁྲིམས་ཀྱང་ངོ། (།བྱང་ཆུབ་སེམས་དཔའ་ཨི་སར་བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་ནི་དགེ་སོང་དང་དགེ་སློང་མ་དང་།དགེ་སློབ་མ་དང། དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་བསྙེན་དང་དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ་དེ་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བའོ།)་།དེ་འང་(འཇུག་པའི་འགྲེལ་པར)་སྤོང་བ ་རྣམ་པ་བདུན་གྱི་མཚན་ཉིད་ཅན་དེ་འདོད་ཆགས་མེད་པ་དང་(ཆགས་པའི་གཉེན་པོ་བརྣབ་སེམས་མེད་པ)་ཞེ་སྡང་མེད་པ་དང་(ཞེ་སྡང་ལས་བཟློག་པ་གནོད་སེམས་མེད་པ)་ཡང་དག་པའི་ལྟ་བ་རྣམས་ཏེ་ཆོས་གསུམ་ནི་(སྤོང་བ་བདུན་པ)་དེ་རྣམས་ཀུན་ནས་སློང་བར་བྱེད་པའོ་ཞེས་པ་(ལུས་ངག་གི་མི་དགེ་བ་བདུན་སལ་བ) ་དང། ཀུན་ནས་སློང་བར་བྱེད་པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སུ་འགྱུར་རོ་(ཞེས་སོ)་ཞེས་པ་སྟེ་དེ་རྒྱས་པར་བརྗོད་ཟིན་ཏོ། (།སྔར)་མ་བརྗོད་པ་(སྲོག་གཅོད་པ་སོགས)་གང་རྣམས་ལས་ལྡོག་པ་སྲོག་གཅོད་པ་ལ་སོགས་པ་དེ ་རྣམས་ཀྱི་མཚན་ཉིད་ལ་སོགས་པ་ནི་བརྗོད་པར་བྱའོ། །དེ་ལ་སྲོག་ཆགས་ཕ་རོལ་པོ་བསད་པ་ནི་སྲོག་གཅོད་པའི་དངོས་བཞིའི་ལས་ཀྱི་ལམ་ཡིན་ལ་(ཆོས་མངོན་བ་མཛད་དུ་སྲོག་གཅོད་པ་ནི་བསམས་བཞིན་དུ་མ་ནོར་བ་ནི་གཞན་བསད་པའོ། །ཞེས་པས)་ཡན་ལག་(བཞི་འདུ་ཤེས་ཀུན་སློང་སྦྱོར་པ་མཐར་ཐུག) ་ལྔ་ནི་སྲོག་ཆགས་(གཞན)་དང་(བསམ་པའི་ལས་འདུ་ཤེས)་སྲོག་ཆགས་སུ་འདུ་ཤེས་པ་དང་(ཀུན་སློང)་གསོད་པར་འདོད་བ་དང་སྦྱོར་བ་(ཉེ་བར་རྩོམ་པར)་བྱས་པ་དང་(ཐར་ཐུག)་ཤི་བའོ། །གལ་ཏེ་(བསད་བྱ)་འདི་བསད་དོ་སྙམ་དུ་འདུ་ཤེས་པས་(བསམ་བཞིན་དུ)་ཕ་རོལ ་གསང་ནའོ། །གང་བསད་པར་འདོད་པ་དེ་ཉིད་(མ་ནོར་བར)་བསད་ན་སྟེ་གཞན་(བསད་ཀྱང)་ནི་མ་(ལས་ལམ་དངོས་གཞི)་ཡིན་ནོ། (།བསང་བྱ)་དེའང་སྦྱོར་བ་དེས་དེ་མ་ཐག་གམ་ཕྱིས་ཤི་ནའོ། །འོ་ན་གང་དུ་དམག་གིས་གདབ་པ་དང་རི་དྭགས་ཀྱི་ལིངས་པ་ལ་སོགས་པ་རྣམས་སུ་ཕ་རོལ་པོ ་རྣམ་གསོད་པའི་ཆེད་དུ་ཚོགས་པ་མང་པོ་འདུས་པ་དེར་(སྐྱེ་བོ)་གཅིག་གིས་སྲོག་ཆགས་གསོད་པར་བྱེད་ན་ཅི་(གསོད་པ་པོ)་དེ་ཉིད་གཅིག་པུ་ཁ་ན་མ་ཐོ་བ་དེ་དང་ལྡན་པར་འགྱུར་རམ་འོན་ཏེ་ཐམས་ཅད་འགྱུར་ཞེ་ན། (དམག་ལ་སོགས་X ་X་པ་དོན་གཅིག་ཕྱིར་ཐམས་ཅད་བྱེད་པ་པོ་བཞིན་ལྡན་ཞེས་པས།)་ཐམས་ཅད་(ལས་དེ་དང་ལྡན)་ཏེ་དེ་རྣམས་བྱ་བ་གཅིག་པའི་ཕྱིར་རོ། (།ད་ཡང)་འདོད་པ་མེད་པ་ལས་གཞན་ལ་(སྡིག་པ་དེ་དང་མི་ལྡན)་སྟེ་(གང་ཟག)་གང་ཞིག་ནན་གྱིས་ཁྲིད་པ་སྲོག་གི་ཕྱིར་ཡང་སྲོག་ཆགས་མི་བསད་དོ ་ཞེས་པ་དེ་ལྟར་ངེས་པར་བྱས་ཏེ་འགྲོ་བ་དེ་ལ་(སྡིག་པ་མེད་དེ)་བྱ་བ་(ཱམ་འབྲས་བུ)་གཅིག་པ་ཉིད་མེད་པའི་ཕྱིར་རོ། །འདི་བཞིན་དུ་མ་བྱིན་པར་ལེན་པ་ལའང་(མང་པོ་ལུས་ཏེ་ལེན་ན་སྦྱོར་པ་པོ་བཞིན་དུ་ཀུན་མ་སྡིག་པར་འགྱུར་བར)་རིག་པར་བྱའོ། །འོ་ན་གང་ཐེ་ཚོམ་གྱིས་གསོད་པར ་བྱེད་པ་ཅི་འདི་སྲོག་ཆགས་སམ་འོན་ཏེ་མ་ཡིན་(ལྷ་བྱིན)་དེ་ཉིད་འདི་འམ་འོན་ཏེ་གཞན་ཞེས་པ་(ཐེ་ཚོམ་ཅན)་དེའི་(བསད་བྱ)་འདི་ཅི་ལྟར་ལས་ཀྱི་ལམ་དུ་འགྱུར་ཏེ་ངེས་པ་མེད་པའི་ཕྱིར་རོ་ཞེ་ན། འགྱུར་ཏེ་གལ་ཏེ་(བསད་བྱ)་གང་སུ་ཡིན་ཡང་རུང་དེ་ཡིན་ཡང་རུང ་སྙམ་དུ་བྱས་ནས་བསྣུན་ཞིང་(བསད་བྱ)་དེ་ཡང་(བསྣུན་པ)་དེ་ལས་ཤི་ནའོ། །དེ་མ་ཡིན་པ་ལ་(ནོར་བས)་དེར་འདུ་ཤེས་པ་(འདི་གསོད་པ་པོ་ལ)་ནི་(ལས་ལམ་དངོས་གཞིར)་མི་འགྱུར་ཏེ། (ཤི་བ)་དེ་ལ་བསད་པའི་བསམ་པ་མེད་པའི་ཕྱིར་དང་(དེ་ལ)་སྦྱོར་བ་མ་ཡིན་པའི ་ཕྱིར་རོ། (།མུ་སྟེགས་ཟད་བྱེད་བ་འགའ་ཞིག)་འགའ་ཞིག་བློ་སྔོན་དུ་མེད་ཀྱང་བསད་པ་ལས་བྱེད་པ་པོ་ལ་ཆོས་མ་ཡིན་པ་(སྡིག་པ)་ཡོད་པ་མ་ཡིན་ནམ་(སྟེ་ཡིན་ཏེ)་དཔེར་ན་མེ་དང་རེག་པ་ལས་(རེག་སྙམ་པ་མེད་ཀྱང)་སྲེག་པ་བཞིན། དེའི་ཕྱིར་(སྲོག་གཅོད་པའི་ལས་ལམ)་འདིར་གསོད? ་སེམས་ནི་ཅི་དགོས་ཤེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། གལ་ཏེ་གསོད་པའི་བསམ་པ་དང་སྡུག་བསྔལ་བསྐྱེད་པའི་བསམ་པ་མེད་པ་ལའང་(སེམས་ཅན་ལ་གནོད་པའི)་བྱ་བ་དང་འབྲེལ་པ་ཙམ་ལས་བྱེད་པ་པོ་ལ་ཆོས་མ་ཡིན་པ་སྐྱེ་བར་འདོད་ན། དེའི་ཚེ་འདིར་སུས ་ཀྱང་སུ་ལའང་ཅི་ཡང་མི་བྱ་སྟེ། ཟ་བ་པོ་གསུང་དེ་(མ་ཞུ་བས་ཤས་ཊིཀྐ་རྒྱས་སྲས་མ)་ཤི་བ་ན་(ཟས་བྱིན་ནས)་ཟར་འཇུག་པ་པོ་སྲོག་རྗེས་སུ་གཟུང་བར་འདོད་པ་ལའང་ཆོས་མ་ཡིན་པར་ཐལ་(ཏེ་དེའི་སྦྱོར་བས་བསད)་པའི་ཕྱིར་དང། སྨན་པ་ནད་པ་རྣམས་ལ་རྗེས་སུ་མཐུན་པའི་བྱ་བ་རྣམས ་ཀྱིས་ནད་མེད་པ་དང་བདེ་བ་བསྐྱེད་པར་འདོད་པས་སྲེག་པ་དང་བཅད་པ་ལ་སོགས་པ་བྱེད་པ་རྣམས་ཀྱིའང་ཆོས་མ་ཡིན་པར་ཐལ་(ཏེ་དེ་རྣམས་ཀྱི་སྦྱོར་བས་སེམས་ཅན་ལ་གནོད།)་བའི་ཕྱིར་སུས་ཀྱང་བཟར?་གཞུག་པར་མི་བྱ་སྨན་དཔྱད་ལ་སོགས་པ་འང་མི་བྱའོ། །དེའི་ཕྱིར་(བསད་འདོད་X ་X་མེད་པ་ལས་སྲིག་པ་མདེའི?་དཔེ་མ་སྒྲུབ་པ)་ཅི་ཞིག་ལྟར་(རང་ནད་ཀྱི)་ཤི་བར་གྱུར་པ་ལ་འང་མེས་རང་གི་རྟེན་སྲེག་པ་བཞིན་བདག་ཉིད་ལའང་ཆོས་མ་ཡིན་པར་ཐལ་བའི་ཕྱིར་རོ། (།གསོད་པ)་དེའི་བསམ་པ་ཅན་བྱེད་དུ་བཅུག་པ་ལས་(སྡིག་པར)་མི་འགྱུར་ཏེ་ཕ་རོལ་པོ་མེ་ལ ་རེག་ཏུ་བཅུག་པ་ལས་ཚ་བ་ཉམས་སུ་མྱོང་བ་ཅུང་ཟད་ཀྱང་མེད་དོ། །ཞེས་པ་(མུ་སྟེགས་གཅེར་བུ་པའི་འདོད་བ)་འདི་ནི་(བྱིན་ཡིན་པས)་གང་ཅི་ཡང་མ་ཡིན་ནོ། །འོ་ན་ཕ་རོལ་པོ་བྱེད་དུ་བཅུག་པ་ལ་ཅི་ལྟར་ལས་ཀྱི་ལམ་དུ་འགྱུར་ཏེ་སྦྱོར་བ་མེད་པའི་ཕྱིར་རོ། །ཞེ་ན་དེ་ནི་(སྤྱོར་བ་མེད་པ) ་མ་ཡིན་ཏེ་བཀའ་བསྒོས་པའི་ཕྱིར་རོ། (།བཀའ་བསྒོས་བས)་དེ་ཉིད་འདིའི་སྦྱོར་བ་སྟེ་གང་(བསྒོ་བ་པོ)་འདི་ཕ་རོལ་པོ་གསོད་པ་ལ་སྦྱོར་བ། བཀའ་བསྒོས་(ཟིན)་པའང་སྦྱོར་བའི་ཕྱིར་དང། གད?་ངེས་(བསྒོ་མཁན)་བཀའ་བསྒོས་པ་(འདི་ཕ་རོལ་པོ)་འདི་རབ་ཏུ་སྦྱོར་ལ་(སྒོས་པའི་X ་X་ཕ་རོལ་པོའི་སྦྱོར་བ)་དེ་ཉིད་སྦྱོར་བ་པོའི་(སྦྱོད་པ་པོ་བྱེད་དུ་འཇུག་པ་པོ)་སྦྱོར་བ་(བསློབ་པོ)་སྟེ་དེའི་བཀའ་ཡིས་(བསྒོ་བྱ)་འདི་རབ་ཏུ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་(བསྒོ་བ)་འདི་ལས་ཀྱི་ལམ་དུ་གྲུབ་པོ། །བརྣབ་སེམས་ལ་སོགས་པ་ལས་གཞན་(བྱེད་དུ་བཅུག་པ་ལས་ལམ་དུ་གྲུབ) ་ཏེ་(བརྣབ་སེམས་སོགས་ལ?)་ཕ་རོལ་པོས་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པ་ལས་ཀྱང་(གཞན་ལ)་སྟེ་ཕ་རོལ་པོ་བྱེད་དུ་བཅུག་པ་ལས་(འདོད་ལོག?)་འདི་ལ་(རང?་གི་བྱས་པ)་དེ་འདྲ་བའི་དགའ་བ་ཡོད་པ་མ་ཡིན་ནོ། །འདིའི་ཕྱིར་འདི་ལ་ཉིད་རབ་ཏུ ་སྦྱོར་རོ། (།བསྡུ་བར་གཞན་ལ་ཞེ་སྡང་བས་གཞན་གྱི་ཆུང་མ་ཆུང་གསན་པའི་ཆེད་དུ་གཞན་སྤང་ནས་གཡེམ་བྱེད་དུ་བཅུག་ན་ཞེ་སྡང་ལས་བྱུང་བའི་འདོད་ལོག་དང་དེ་བས་ཆེ་བའི་ཁ་ན་མཐོ་བར་འགྱུར་བར་ཡང་གསུངས་སོ།།)་དེ་བཞིན་དུ་(སྲོག་བཅོད?་པ་ལ་སོགས་པ་ལ)་རྗེས་སུ་ཡི་རང་བཞིན་པ་ལའང་ལས་ཀྱི་ལམ་བཅུ་པོ་རྣམས་ཀྱང་འགྱུར་རོ།། ་དགེ་བའི་ལམ་གྱི་ལམ་ཡང་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་ལ་འདི་བཞིན་ཁོ་ནར་རྣམ་པར་བཞག་གོ་།ལུང་ནི་ཆོས་རྣམས་ཡིད་སྔོན་དུ་འགྲོ་བའོ། (།བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་ལའང་ཡིད་སྔོན་དུ་གྲོ?་བ་ཡོད་པས)་ཞེས་པའོ། །བླ་ན་མེད་(ས་བརྒྱད་པ་ཡན་ཆད་རྣམ་དང་མི་རྟོག་པའི་ཆོས་ལ་དབང་ཐོབ?་X ་X་པ་ཆོས་ཅན་ཆོས་མིན་པར་ཐལ་ཡིད་སྔོན་དུ་འགྲོ་བ་ཟེད?་བའི་ཕྱིར་ཞེན་མ་གྲུབ་སྟེ།)་པའི་ས་(བརྒྱད་བ་སོགས)་བརྙེས་པ་རྣམས་ཀྱི་རང་གི་ངང?་གིས་འབྱུང་བ་(ཱི་ཁྱད་པར་གྱི)་རྣམ་པར་རྟོགས་མེད་པར་དགེ་བ་ལ་འཇུག་པ་ལའང་སྔོན་གྱི་ཡིད་ཀྱི་བག་ཆགས་སྨིན་པ་དམ་པ་ཡོད་པའི་ཕྱིར་ཡིད་སྔོན་མ་ཅན་ཡོད ་པ་ཉིད་དོ། །མ་བྱིན་པར་ལེན་པ་ནི་(མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས?་བདག་གིར་བྱེད། །ཅེས་པས)་རྫས་ཀྱི་བདག་པོའི་མངོན་སུམ་དུ་ཡོད་པ་(བདག་པོ)་དེ་ལ་བརྙས་པ་བྱས་ནས་སྟོབས་ཀྱིས་(ལེན་པས)་སམ་(བདག་པོ)་དེའི་མངོན་སུམ་དུ་མེད་པ་འཇབ་བུས་ཀྱང་ཕ་རོལ་(མ་ནོར་བར) ་གྱི་རྫས་ལེན་པ་སྟེ་(བཞིའི་ཡན་ལག)་ཕ་རོལ་གྱི་རྫས་དང། (འདུ་ཤེས་ཀྱི)་ཕ་རོལ་གྱི་རྫས་སུ་འདུ་ཤེས་པ་དང་(ཀུན་སློང་བའི)་རྐུ་བར་འདོད་པ་དང་(སྦྱོར་བའི)་སྦྱོར་བ་བྱས་པ་དང་(མཐར་ཐུག?་ཡིན?་ལག)་བརྐུས་པ་ཞེས་པ་ཡན་ལག་ལྔའོ། །གལ་ཏེ་ཕ་རོལ་གྱི་རྫས་འདི་རྐུའོ་ཞེས་འདུ་ཤེས ་པས་རྐུ་བ་དང། (རྫས)་གང་རྐུ་བར་འདོད་པ་(ཱི་རྫས)་དེ་ཉིད་(མ་ནོར་བར)་བརྐུས་ནས་སྟེ་གཞན་ནི་མ་ཡིན་ནོ། །གལ་ཏེ་ནོར་འདི་ཕ་རོལ་པོ་བདག་པོ་འམ་སྲུང་བ་པོ་(གིས?་ཀློས་བཏང་ཏེ་བརྐུས་བ)་དེ་ཉིད་ལས་རྗེས་སུ་འབྲེལ་པར་མི་བྱེད་ན་སྟེ། དེའི་ཚེ་ཇི་སྲིད་(བདག་པོའི་བསྲུང་བ་པོ)་འདི་བཏང ་བའི་བསམ་པས་ལྡོག་པར་བྱེད་པ་འམ། བརྐུས་ནས་(རྐུ་བ་པོ)་འདི་ཐོབ་པར་དབུགས་བྱུང་སྟེ་གནས་ནའོ། །གང་གི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་རྫས་ཐམས་ཅད་བཏང་(ནས་རང་ཉིད་སྦྱོར)་བ་དེའི་ཚེ་འང?་(བསླབ་བསྡུས་ལེའུ་དྲུག་པར་གལ་ཏེ་རྗེད་ནས་གཞན་གྱི་རྫས་X ་X་བདག་གསོ་བའི་སྲེད་པས་སྤྱང་ན་ཉོན་མོངས་པ་ཅན་གྱི་ལྟུང་བར་འགྱུར་ཞིང་ཅི་སྟེ་སྲེད་པ་ནི་མེད་ལ་གཞན་ལ་ཡེངས་སམ་སེམས་ཅན་གྱི་བྱ་བརྗེད་ནས་སྤྱོད་ན་ཉོན་མོངས་ཅན་མིན་པའི་ལྟུང་བར་འགྱུར་རོ། །གཞན་གྱི་རྫས་སུ་འདུ་ཤེས་ལ་བདག་གི་ཆེད་དུ་སྦྱོར་ན་བརྐུས་པའི་ལྟུང་བར་འགྱུར་རོ། །རིན་ཐང་ཚན?་ན་སོ་སོ་ཐར་པ་ལས་ཕམ?་པར་འགྱུར་རོ། །ཤེས་འདིའི་ཐད་དུ་གསུངས་ཤིང།)་སེམས་ཅན་བདག་པོར་གྱུར་པའི་ལོངས་སྤྱོད་རྣམས་ཀྱིས་སེམས ་ཙན་རྗེ་དཔོན་དུ་གྱུར་པ་ཁོ་ནའི་(སྟེ་བྱ་བ་ཀུན་སེམས་ཅན་གྱི་དོད?་ཁོ་ནར་བྱེད་བ)་བདག་ཉིད་ཀྱི་དངོས་པོ་(ལས)་ཡང་དག་པར་བསྲུང་བའོ་ཞེས་པ་(རྐུ་བའི)་ཉེས་པ་མེད་དེ། རྟག་ཏུ་རྗེ་བོའི་ལས་བྱེད་པའི་བྲན་ལ་རང་གི་རྫས་ཡོད་པ་མ་ཡིན་པས་(ཅི་ཞིག)་གང་གིས་འཚོ་བར་བྱེད། མཛའ་གཅིག་ཏུ ་རྗེ་བོའི་དོན་མཆོག་ཏུ་བྱེད་(ཅིང་ལྷུར་ལེན)་པའི་བྲན་ལ་ནི་རྗེ་བོ་ན་བ་ལ་སོགས་པས་བློ་རྣམ་པར་གཡེང་བསམ་གནང་བར་ལོངས་སྤྱོད་པའང་ཉེས་པ་ཅུང་ཟད་ཀྱང་མེད་དོ། །འདོད་པས་ལོག་པར་སྤྱོད་པ་ནི་(དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པར་རང་ཉིད་ལས་བྱུང་བ་དང་རང་ཉིད་ཆུང་མ་ལས་བྱུང་བ་དང་ཆུང་མར་མི་X ་མ་རིགས་པ་ཆུང་མར་བྱས་པ་ལས་བྱུང་བ་དང་ཆུང་མ་མ་ཡིན་པ་ལས་བྱུང་བ་དང་སྐྱེས་པ་ལས་བྱུང་བ་དང་དུད་འགྲོ་ལས་བྱུང་བ་དང་བྱེའུ་དང་བུ་མོ་ལས་བྱུང་བའོ་ཞེས་བདུན་གསུངས་པ་འདིར་ནི། །འགྲོད?་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམས་བཞི། །ཞེས་པ་ལྟར།)་བགྲོད་པར་བྱ་བ་མ་ཡིན་པ་དང་ཡན་ལག་མ་ཡིན་པ་དང་ཡུལ་མ་ཡིན་པ་དང་དུས་མ་ཡིན་པར ་བགྲོད་པ་སྟེ། ཡན་ལག་ལྔ་ནི་གཞན་གྱི་དང་གཞན་གྱིར?་འདུ་ཤེས་པ་དང་མངོན་པར་བགྲོད་པར་འདོད་པ་དང། སྦྱོར་བ་བྱས་པ་དང་མངོན་པར་བགྲོད་པའོ། (།གཉིས་ཀྱིས་ར་སྦྱར་བའོ)་དེ་ལ་བགྲོད་བར་བྱ་བ་མ་ཡིན་པ་ལ་བགྲོད་པ་ནི་བགྲོད་མིན་བགྲོད་པའོ། །འདིར་བགྲོད་པར་བྱ་བ་རང ་གི་ཆུང་མ་ཁོ་ན་སྟེ་དེའི་དོན་དུ་ངེས་པར་གཟུང་བའི་ཕྱིར་ཆུང་མའང་རུང། བསྡུས་པའམ་སྨད་འཚོང་མའང་རྗེས་སུ་མྱོས་(ཤིང་གཞན་གྱི་མ་བྱིན་པ་ལ་རང་གི་གླ?་ངན?་བྱིན)་པ་ཕ་རོལ་པོས་བགྲོད་བྱ་མ་ཡིན་པའོ། །གཞན་ནི་བགྲོད་བྱ་མིན་པ་སྟེ། (བགྲོད་བྱ་དང་འདྲ་བ་མ་ཡིན་པ་ལ་བགྲོད་བྱ་མ་ཡིན་བ་ཞེས།)་དེ་དང་འདྲ་བ ་ཉིད་ལ་དགག་སྒྲ་སྟེ་དེ་དང་མི་འདྲ་བ་ཡང་དག་པར་རྟོགས་པའི་ཕྱིར་རོ། །བགྲོད་པར་བྱ་བ་མ་ཡིན་པ་དེའང་རྣམ་པ་གཉིས་ཏེ། རང་བཞིན་གྱིས། (བགྲོད་བྱ་མ་ཡིན་པ)་ཡང་དག་པར་འབྲེལ་པས་སོ། །དེ་ལ་རང་བཞིན་གྱིས་ནི་མ་དང་སྲིང་མོ་དང་བུ་མོ་དང་མ་དང་ཕའི་འགྲེལ་པ ་ཡང་རུང་སྟེ། (དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པར་ཡང་རང་གི་བདུན་བརྒྱུད་ལས་མ་འདས་པར་འབྲེལ་པར་གྱུར་པ་དཔགས?་བཤད་ངན་འདི་ལ་འདུལ་བ་མདོར་ཕ་མ་དག་གི་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་ཞིག་ཏུ་སྔན་ཆད་གྱུར་པ་ཡང་ཉེ་དུ་ཡིན་ནོ་ཞེས་གསུངས་ཏེ་དེའི་སྤྲོས་བརྒྱ་ཆེར་བམ་པོ་ལྔ་བཅུ་བར་ཤེས་པར་བྱའོ།)་།ངོ་ཚ་བཱི་འོས་ཉིད་ཀྱིས་འདི་རྣམས ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །རབ་ཏུ་བྱུང་མ་ཡང་སྟེ་འདི་འཇིག་རྟེན་གྱི་ཆོས་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །འདི་ལས་གཞན་ནི་ཡང་དག་པར་འབྲེལ་པས་བགྲོད་པར་བྱ་བ་མ་ཡིན་པ་སྟེ་ཕ་རོལ་གྱིས་ཡོངས་སུ་གཟུང་བས(མདོ་འགྲེལ་X་བྱས་བ་དང་གཞན་གྱི་སླ་སྔར་བྱིན་བའི་སྨན་མིན་ཕ་རོལ་པོ)་དེ་དང་ཡང་དག་པར་འབྲེལ་པའི་ཕྱིར་རོ། །འདི་ནི་འདོད་པས་ལོག་པར་སྤྱོད་པའི་གཞིའོ། །དུད་འགྲོའི་འགྲོ་བ་རྣམས་དང་(གོ་ཏྲ)་རིགས་ཀྱིས་བསྲུངས་པ་(གཞོན་ནུ་མ་སོགས་ཤེས་འཇུས?་ཊཱིཀ)་རྣམས་ཀྱང་(རིམ་བཞིན)་རང་བཞིན་གྱིས་དམན ་པ་ཉིད་ཀྱི་ཕྱིར་དང་སྤྱད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་བགྲོད་པར་བྱ་བ་མ་ཡིན་པ་ཙམ་དུ་(འདི་དག་ལ་འགྲོ་ནའང་འདོད་ལོག་ཏུ་འགྱུར་ན་གཞན་གྱི་ཆུང་མ་སོགས་ལྟ་ཅི་སྨོས་ཤེས།)་ཐལ་ཆེས་པ་ཡོངས་སུ་སྤད?་བའི་ཕྱིར་གསུངས་པའོ། །གལ་ཏེ་ཕ་རོལ་(ཕ་མ་དང་འབྲེལ་པ)་པོའི་འམ་བགྲོད་པར་བྱ་བ་མ་ཡིན ་པ་(ཕ་རོལ་པོའི་ཆུང་མ)་གཞན་འདི་ལ་བགྲོད་པར་བྱའོ་ཞེས་འདུ་ཤེས་པས་མངོན་པར་བགྲོད་པ་དང་རང་གིར་(ཆུང་མ)་འདུ་ཤེས་པས་དེ་ཉིད་ལ་བགྲོད་པ་མ་ཡིན་པ་དང། གང་རྣམས་གང་ལ་བགྲོད་པར་འདོད་པ་ལ་སྟེ། (མནར་བ)་གཞན་བགྲོད?་བར་བྱ་བ་མ་ཡིན་པ་ལའང ་X་(བ་ལྟ་བུ)་མ་ཡིན་པ། དེའི་ཚེ་འདོད་པས་ལོག་པར་སྤྱོད་པའི་ལས་ཀྱི་ལམ་དུ་འགྱུར་རོ། །ཡན་ལག་མ་ཡིན་པ་ལ་བགྲོད་པ་ནི་ཡན་ལག་མིན་བགྲོད་སྟེ། ཡན་ལག་ནི་མོའི་དབང་པོ་སྟེ་འདིའི་འཁྲིག་པ་ནི་(ཕོ་མོའི)་དང་པོ་(ལྷས་བྱིན་གྱི་?་མཐར?་བ་བགྲོད་བར་འདོད་ཀྱང་མཚོར?་སྦྱིན་གྱི་ཕྱི?་མ་ཐབ?་ལ?་བགྲོད?་X) ་གཉིས་སྙོམས་པར་འཇུག་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡན་ལག་མ་ཡིན་པ་ནི་ཡན་ལག་མིན་པ་ཁ་དང་བཤད་བའི་ལམ་སྟེ་(བགྲོད་བྱ་མིན་པ)་དེ་དང་འདྲ་བ་ལས་(ཡན་ལག་མ་ཡིན་པས)་འདོད་པས་ལོག་པར་སྤྱོད་པའི་གཞིའོ། །རང་གི་(དགེ་བ་བཅུའི་ལས་ཀྱི་ལམ་X ་X་བསྟན་པར་འདོད་ལོག་བདག་ཉིད་མི་རིགས་པའི་ཡུལ་དྲན་ནས་དབང་པོ་ལས་རང་ངམ་གཞན་གྱིས་ཁུ་བ་འབྱིན་པར་བྱེད་པའོ་ཞེས་གསུངས་པ་ལྟར།)་ལག་པ་ལ་སོགས་པ་རྣམས་ནི་ཐལ་ཆེས་པ་སྤང་བའི་དོན་ཉིད་དུ་གསུངས་པའོ། (མཛོད་འགྲེལ་དུ)་རང་གི་ཆུང་མ་ལའང་ཡུལ་མ་ཡིན་པ་གཙུག་ལག་ཁང་ངམ་མཆོད་རྟེན་ནམ་སྣང? ་བ་ལ་བགྲོད་པ་ནི་ཡུལ་མ་ཡིན་པར་བགྲོད་པར་འདོད་པས་ལོག་པར་སྦྱོད་པའོ། །དུས་མ་ཡིན་པ་ནི་(སྦྱར་པར)་མི་རུང་བའི་(ལམ་མི་འོས་པ)་གནས་སྐབས། མཛོད་འགྲེལ་རྒྱལ་སྲས་མར་སྦྲུམ?་མ་ལ་ཉལ་པོ་བྱས་ན་ལྟ་ན་བུ་འདུག་པ་ལ་གནོད་པར་འགྱུར་རོ་བུ་ཅུ་ཞོ་འཐུང་བའི་གནས་སྐབས་སུ་བུ་ཡོང་པའི་བུད་མེད་ལ་མི་ཚངས་བར ་X་སྦྱང?་ན་དེའི་ནུ་ཞོ་སྐམ་པའམ་དེའི་ནུ་ཞོ་མི་བསོད་པར་འགྱུར་བས་སོ་ཞེས་གསུངས།)་མངལ་ལྕི་བ་སྣོན་པ་དང་ཡུན་མི་རིང་བ་ན་བཙས་པ་དང། (བདམ?་སངས་བ)་འཁྲིག་པ་སྤོང་བ་སྟེ་(བསྙེན་གནས་བསྲུང་བ་ལ་སོགས)་འདི་ནི་(དུས་མ་ཡིན་པ)་འདོད་པས་ལོག་པར་སྦྱོད་པའི་གཞིའོ། །མི་འདོད་པ་དང་སྡུག་བསྔལ ་བ་དང་ཡིད་མི་(མྱ་ངན་ལ་སོགས་པས)་བདེ་བའི་གནས་སྐབས་དང་ཟླ་མཚན་འཛག་པའི་གནས་སྐབས་ཀྱང་དུས་མ་ཡིན་པ་ཙམ་སྟེ། རྗེས་སུ་འཇུག་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་སྨད་པར་བྱ་བ་ཉིད་ཀྱི་ཕྱིར་འདི་རྣམས་ཐལ་ཆེས་པ་སྤང་བའི་དོན་ཉིད་དུ་གསུངས་པའོ། །རང་གི་ཆུང་མ ་ལའང་དུས་མ་ཡིན་པར་མངལ་དང་ལྡན་པ་དང་ནུ་ཞོ་འཐུང་བ་དང་ངེས་པ་དང་བཅས་པ་ལ། (བསྙེན་གནས་བསྲུང་བ་ལྟ་བུ)་བགྲོད་པར་བྱེད་ན་དུས་མ་ཡིན་པར་བགྲོད་པ་འདོད་པས་ལོག་པར་འགྱུར་རོ། (རྣམ་པར་གཏན་ལ་དབང?་པ་བསྡུ་བར་དེ་ལ་འདྲི་ནི་ཚོད་ཡིན་ཏེ་ལན་ལྔའི་བར་དུ་བྱེད་པ་ནི་ཚོད་ཡིན་ཏེ་དེ་བས་ལྷག་པ་ནི ་X་ཚོད་མ་ཡིན་པའོ་ཞེས་པའི་འདོད་ལོག་ཀྱང་གསུངས།)་ཞེས་པ་ལུས་ཀྱི་ལས་ཀྱི་ལམ་གསུམ་མོ། །བརྫུན་དུ་(བརྫུན་ཚིག་འདུ་ཤེས་གཞན་བསྒྱུར?་བའི་ཚིག་ངན་མངོན་པར་གོ་བས་སོ་ཞེས་བ་ལྟར།)་སྨྲ་བ་ནི་གཞན་(དངོས་པོའི་གནས་ལུགས)་ལས་རྣམ་པ་གཞན་དུ་འདུ་ཤེས་པས་དག་གམ་ལུས་ཀྱི་བརྗོད་པར་འདོད་པའི ་དོན་(གནས་ལུགས་ལས་གཞན)་རྟོགས་པར་བྱེད་པ་སྟེ། ཡན་ལག་ལྔ་ནི་དངོས་པོ་(གཞན་ཡིན་བ)་དང་རྣམ་པ་གཞན་དུ་འདུ་ཤེས་པ་དང་རྣམ་པ་གཞན་དུ་བརྗོད་པར་འདོད་པ་དང་སྦྱར་བ་བྱས་པ་དང་(ཉེ་བར་རྩོམ་པ)་གསལ་པོར་བརྗོད་དོ། །དེ་ལ་རྣམ་པ་གཞན་དུ་བརྗོད་པར་འདོད་པ ་ནི་སྨྲ་བའི་བསམ་པའོ། །སྦྱོར་བ་ནི་སྨྲ་བ་འདོད་པའོ། །གལ་ཏེ་དོན་གང་རྗོད་པར་བྱེད་པ། (དོན)་དེ་ལ་བསླུ་བའི་བསམ་པར་འགྱུར་བ་དང། (གང་ཟག)་གང་གི་དབང་དུ་བྱས་ནས་སྨྲས་པ་(ཱི་གང་ཟག)་དེས་དོན་དེ་དག་དེ་ལས་གོ་ནའོ། །འདི ་ལྟ་བུ་འདི་ནི་བརྫུན་དུ་སྨྲ་བའོ། །གཞན་དུ་ན་(མགོ་བར་གྱུར)་ཆིག་འཁྱིལ་པ་ཉིད་དུ་འགྱུར་ཏེ་ཉོན་མོངས་པ་ཅན་ཉིད་ཀྱི་ཕྱིར་རོ། །ཁ་ཅིག་ན་རེ་བརྗོད་པ་མེད་པ་མེད་པར་དོན་རྣམ་པ་གཞན་དུ་རྟོག་པར་བྱེད་པ་དེ་བརྫུན་གྱི་དོན་རྟོགས་པར་བྱེད་པ་འགྱུར་གྱི་བརྫུན་དུ་སྨྲ་བ་ནི་མ་ཡིན ་ཏེ། (དག་ཏུ)་བརྗོད་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་པ་ཉིད་དེ། (བརྫུན་དུ་སྨྲ་བ་ཅེས་པའི)་སྨྲ་བའི་སྒྲས་རྟོགས་པར་བྱེད་པ་ཉེ་བར་མཚོན་པ་སྟེ་(རྟོགས་བར་བྱེད་པ)་དེ་ནི་ལུས་ཀྱིས་ཀྱང་ངོ། །དེ་ལྟ་མ་ཡིན་ན་ལུས་ཀྱི་རྣམ་པར་རིག་བྱེད་ཅི་ལྟར་ལས་ཀྱི་ལམ ་འདིའི་ནང་དུ་བསྡུ་བར་བྱ། སོ་སོ་ཐར་པའི་མདོ་འདོན་པ་ནའང་ལྟུང་བ་དང་བཅས་བཞིན་དུ་ཅང་(གནས་བརྟེན་གྱིས་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན)་མི་སྨྲ་བར་གྱུར་ན་བརྫུན་དུ་སྨྲ་བར་གསུངས་པ་དེ་ཅི་ལྟར་དྲང་བར་བྱ། (ལུས་ཀྱི་དོན་རྟོགས་པར་བྱེད་པ)་འདིའི་དག་གི་དོན་གོ ་བ་ཉིད་ནི་དག་གི་ལས་དང་ཆོས་(དོན་རྟོགས་པར་བྱེད་པར)་མཐུན་པའི་ཕྱིར་རོ། །དེ་ལྟར་ནི་བཅོམ་ལྡན་འདས་མར། (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན)་རྨི་ལམ་ནི་བརྫུན་དུ་སྨྲ་བ་སྟེ་ཞེས་པ་འདི་(སློབ་དཔོན)་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་རྣམ་པར་བཤད་པ་ནི། ཡང་དག་པའི་དོན་ཅན་མ ་ཡིན་པ་ཉིད་ཀྱིས་(བརྫུན་དུ་སྨྲ་བ)་དེ་དང་འདྲ་བའོ་ཞེས་སོ། །ཕྲ་མ་ནི་(ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར་ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག་ཅེས་པ་ལྟར)་ཕ་རོལ་འགྲོགས་རྣམས་སཾ་འཁོན་སྐྱེས་པ་རྣམས་དབྱེ་(རིམ་པ་ལྟར)་བའི་དོན་ནམ་མི་འདུམ་པའི་དོན་དུ་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་གང་X ་X་ཟག་ཕ་རོལ་པོ)་འདི་དག་དབྱེ་བ་འམ་མི་འདུམ་པར་བྱའོ་ཞེས་མི་མཐུན་པར་བྱེད་པའི་ཚིག་སྟེ། (ལས་ཀྱི་ལམ་དངོས་གཞིར་འགྱུར་བའི)་ཡན་ལག་ལྔ་ནི་དབྱེ་བྱ་(གང་ཟག་ཕྱོགས་ལ)་དང་དེར་འདུ་ཤེས་པ་དང་དབྱེ་བར་འདོད་པ་དང་སྦྱོར་བ་བྱས་པ་དང་འབྱེད་པར་སྨྲས་པའོ། །གལ ་ཏ་(དབྱེ་བའམ)་གང་གི་དབང་དུ་བྱས་ནས་སྨྲས་པ་(དབྱེ་བྱ)་དེས་(མ་ནོར་བར)་དོན་དེ་གོ་ནའོ། །གཞན་དུ་ན་(མགོ)་ཚིག་འཁྱལ་པ་ཉིད་དེ་ཉོན་མོངས་པ་ཅན་(གྱི་ཚིག)་ཉིད་ཀྱི་ཕྱིར་རོ། །ཕན་པའི་བསམ་པ་ཅན་གྱི་གྲོགས་ངན་པ་དང་དབྱེ་བའི་བསམ་པས་ནི་(འབྱེད་ཚིག་སྨྲས་ཀྱང) ་ཕྲ་མར་མི་འདོད་དེ་ཉོན་མོངས་པ་ཅན་གྱི་བསམ་པ་མེད་(ཀྱི་བསམ་པ་དགེ་བ་བསླང་བ)་པའི་ཕྱིར་རོ། །ཚིག་རྩུབ་པོ་ནི་(ཚིག་རྩུབ་པོ་ནི་མི་སྙན་བ་ཞེས་པ་ལྟར)་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཕ་རོལ་པོ་རྣམས་ལ་(མ་ནོར་བར)་མི་སྙན་པར་སྨྲ་བ་དང་འཚང་འདྲུ?་བའམ་སྐྱོན་འབྱིན ་པ་སྟེ། (ཉེས་པ་གསལ་བར་བྱེད་པ)་ཡན་ལག་ལྔ་ནི་ཞེར་གདབ་པར་བྱ་བ་(ཱི་གང་ཟག)་དང་དེར་འདུ་ཤེས་པ་དང་སེམས་ཁྲོས་པ་ཉིད་དང་སྦྱོར་བར་བྱས་པ་དང་མི་སྙན་པར་སྨྲས་པའོ། །དེ་གལ་ཏེ་གོ་ནའོ། (།རྣམ་པ)་གཞན་དུ་ན་(མགོ)་ཚིག་འཁྱལ་པ་ཉིད་དེ་ཉོན་མོངས ་པ་ཅན་ཉིད་ཀྱི་ཕྱིར་རོ། །ཚིག་འཁྱིལ་པ་ནི་(ཉོན་མོངས་ཅན་ཀུན་འཁྱལ་བ་ཉིད་ཅེས་པ་ལྟར)་བརྫུན་དུ་སྨྲ་བ་ལ་སོགས་པའི་ལས་རྣམ་པ་གསུམ་ལས་གཞན་པ་(གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་བླུ་དང་འདོད་གར་བཞིན། །བསྟན་བཅོས་ངན་བཞིན་ཞེས་པས)་གང་ཉོན་མོངས་པ་(ཆགས་སྡང་རྨོངས་པ་གསུམ) ་ཅན་གྱི་ཚིག་སྟེ། འདོད་པ་དང་བཅས་པ་འམ་ཆོས་མ་ཡིན་པ་དང་བཅས་པ་(ཁ་གསགས་ལ་སོགས་པ)་འམ་དོན་མ་ཡིན་པ་(ཱམ་དོན་མེད་པ)་དང་བཅས་པ་འམ་བྱིས་པའི་(ལ་རྩེད་མོ་རྩེ་བ)་གཏམ་དང་ཆོ་ནས་ཀྱི་(?་འཛིའི་གཏམ)་དང་མྱ་ངན་གྱི་(སྨྲེ་སྔགས་འདོན་པ)་དང་གྲོང་པའི ་ཉམས་དང་བཅས་པའི་ཀླུ་རྣམས་དང། རྗེས་སུ་ཆགས་པའི་དང་གར་ལ་སོགས་པའི་བརྗོད་པ་(ར་བྱེད་པ)་དང་(དེ་ལི་ལྟ་བར་གྱུར་ན་གྲངས་ཅན་སོགས་ཀྱི)་བསྟན་བཅོས་ངན་པ་(འདོན་པ)་རྣམས་ཀྱང་སྟེ། དག་གི་ལས་འདི་ཐམས་ཅད་དོ། །ཡན་ལག་ལྔ་ནི་དོན་(བརྗོད་བྱ་དང་དགོས་པ་སྒེག?་པ་ལ་སོགས་པ) ་མེད་པ་ལ་སོགས་པ་དང་བཅས་པའི་དོན་དང་དེར་འདུ་ཤེས་པ་དང་ཉོན་མོངས་པ་ཅན་གྱི་སེམས་ཉིད་དང། སྦྱོར་བ་བྱས་པ་དང་འབྲེལ་པ་མེད་པར་བརྗོད་པའོ། (།དབྱེ་བ)་ལས་ཀྱི་ལམ་གསུམ་པོ་འདི་རྣམས་ཀྱང་ལུས་ཀྱིས་ཀྱང་བྱེད་དེ་བརྫུན་དུ་སྨྲ་བ་བཞིན་ནོ། །ཞེས་སློབ ་དཔོན་ཟླ་བ་གྲགས་པའོ། །དེ་ལྟར་ངག་གིས་ལས་ཀྱི་ལམ་བཞི་རྣམས་སོ། །བརྣབ་(མཛོད་འགྲེལ་དུ་གཞན་གྱི་ནོར་དག་ལ་མཐུ་འམ་འཇབ་བུ་འམ་རུང་ལོག་པ་མི་རིགས་པ་བདག་གིར་བྱེད་འདོད་པ་དེ་བརྣབ་སེམས་ཡིན་ཞེས་གསུངས་པས)་སེམས་ནི་ཀྱེ་མ་མལ་ཕ་རོལ་པོ་རྣམས་ཀྱི་གང་ཡིན་པ་དེ་བདག་གིར་གྱུར ་ན་ཞེས་ཕ་རོལ་གྱི་རྫས་དང་ལོངས་སྤྱོད་རྣམས་སམ་བུད་མེད་རྣམས་ལ་ཆགས་པ་(ལེན་པར་དས?་པ་འམ)་འཛིན་པའི་དེས་པ་སྟེ། (མ་བྱིན་ལེན་གྱི་ཀུན་སློང)་ཡན་ལག་ལྔ་ནི་ཕ་རོལ་གྱི་རྫས་དང་དེར་འདུ་ཤེས་པ་དང་(གཞན་གྱི་བདག་གིར་བྱ་བ)་དེར་རྟོག་པ་དང་(རྒྱུན་ལྡན་དུ)་འཛིན་པ ་རབ་ཏུ་འཇུག་པ་དང་འཛིན་པར་ངེས་པའོ། (།བསྡུ་བར་ནི་ཡིད་སྨོན་རྗེ་དཔོན་ལ་འདོད་པའི་རྣམ་བསགས་དང། རང་ལ་གཞན་འདོད་པ་ཆུང་བསྲེགས་སུ་ཡིད་ཆེས་ན་སྙམ་པ་སོགས་དང་ཕྱི་མ་ལ་ལྷར་སྐྱེས་ན་སྙམ་པ་སོགས་དང་ཕ་མ་དང་མཆེད་པོ་སོགས་ཀྱི་ཡོ་བྱད་ལ་འདོད་པའི་རྣམ་པ་བསྐྱེད་པ་འང་བརྣབ་སེམས་སུ་གསུངས་སོ།།)་གནོད་(གནོད་སེམས་སེམས་ཅན་ལ་སྔར?་པའོ་ཞེས་པས)་སེམས ་ནི་སེམས་ཅན་ཕ་རོལ་པོ་རྣམས་ལ་ཞེ་སྡང་བ་སེམས་ཅན་འདི་རྣམས་ལ་འཚེ་བར་བྱའོ་ཞེས་གནོད་པའི་རྣམ་པར་ཞུགས་པ་སྟེ་ཡན་ལག་ལྔ་ནི་སྔར་བྱ་དང་དེར་འདུ་ཤེས་པ་དང་སེམས་འཁྲུག་པ་དང་ཞེ་སྡང་རབ་ཏུ་(རྒྱུན་ལྡན་དུ)་འཛིན་པ་དང་ཞེ་སྡང་བའོ། །ལོག་པར་ལྟ་བ་ནི ་རྒྱུ་དང་འབྲས་བུ་དང་བྱ་བ་དང་(འཇིག་རྟེན་ན་དགྲ་བཅོམ་པ་མེད་ཅེས་སོགས)་ཡོད་པའི་དངོས་པོ་ལ་སྐུར་བ་འདེབས་པའི་ལྟ་བ་སྟེ། ཡན་ལག་ལྔ་ནི་སྐུར་བ་གདབ་བྱ་དང་དེར་འདུ་ཤེས་པ་དང་སྐུར་པ་འདེབས་པར་འདོད་པ་དང་སྐུར་པ་འདེབས་པར་(རྒྱུན་ལྡན་དུ)་ཡང་དག་པར་འཛིན ་པ་དང་སྐུར་པ་འདེབས་པར་བྱེད་པའོ། །ལྟ་བ་ནི་འདིར་ཉོན་མོངས་པ་ཅན་གྱི་ཤེས་རབ་སྟེ་(ལོག་ལྟ)་གང་གིས་དགེ་བའི་རྩ་བ་རྣམས་ཡང་དག་པར་གཅོད་ཅིང་མི་དགེ་བ་ལ་འཇུག་ལ་དགེ་བ་རྣམས་ལ་(འཇུག་པ)་མ་ཡིན་པའོ། །གང་དེ་ལས་གཞན་པ་ལོག་པར་ལྟ ་བ་ཐེག་པ་(དམན་པ)་གཞན་ལ་སོགས་པར་ལྟ་བའི་མཚན་ཉིད་ཅན་(བྱེ་བྲག་པས་ཚིག་གི་དོན་དུ་ལྟ་བ་ལ་སོགས)་དེ་ཐམས་ཅད་ནི་ལོག་པར་ཀུན་ཏུ་རྟོག་པ་སྟེ། (།ལོག་པར་ཡོངས་སུ་རྟོག་པ)་དེས་དགེ་བའི་རྩ་བ་གཅོད་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་པ་ཡིད་ཀྱི་ལས་ཀྱི་ལམ་གསུམ་མོ།། ་ཁ་ཅིག་གསུམ་པོ་འདི་རྣམས་བསམ་པ་ཁོ་ནའི་ཁྱད་པར་ལས་རིག་པར་བྱ་བ་གནོད་སེམས་ནི་དམིགས་པའི་ཁྱད་པར་ལས་ཀྱང་འདོད་དོ་ཞེས་ཟེར་རོ། །མི་དགེ་བ་བཅུ་པོ་འདི་རྣམས་ལ་(སྦྱོར་བ་རྩ་བ་གསུམ་ལས་སྐྱེས་ཞེས་པས)་སོ་སོར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་རབ་ཏུ་སྦྱོར་རོ། ་གང་གི་ཕྱིར་སྲོག་གཅོད་པ་གཏི་མུག་ལས་སྐྱེས་པ་ཡོད་དེ་ཆོས་ཀྱི་བློས་མཆོད་སྦྱིན་བྱེད་པ་རྣམས་ཕྱུགས་(སྔར?་བར་བྱ་བ)་གསོད་པ་དང་རྒྱལ་པོ་རྣམས་མ་རུང་སད། (བསད་ན་ཆོས་སུ་འགྲོ་བའི་འདུ་ཤེས་ཀྱི)་གསོད་པ་དང་སོག་པོ་པར་སིག་པ་རྣམས་མ་དད་པ་(རྒས་སམ་ནད་ཆགས་ཆེན་པོའི་ཐབས་ན) ་གསོད་པ་དང། དེ་བཞིན་དུ་ཟས་མེད་པར་འཇོག་པ་དང། དགེ་སློང་གསོད་པ་དང། འགའ་ཞིག་སྤྲུལ་ལ་སོགས་པ་དང། རི་དགས་ལ་སོགས་པ་གསོད་པ་སྟེ། སྤྲུལ་དང་སྡིག་པ་དང་(སྦྲད?་བུ)་ཏྲམ་པ་ཀ་ལ་སོགས་པ་མི་རྣམས་ལ་ཉེ་བར་འཚེ་བར་བྱེད་པ་རྣམས་བསད་པར ་བྱའོ། རི་དྭགས་དང་ཕྱུགས་དང་བྱ་དང་ཉ་ལ་སོགས་པ་རྣམས་ལོངས་སྤྱོད་ཀྱི་དོན་དུའོ་(བསད་པར་བྱ)་ཞེས་ལོག་པར་ལྟ་བས་འཇུག་པ་ཐམས་ཅད་གཏི་མུག་ལས་སྐྱེས་པའི་སྦྱོར་བའོ། (།སྲོག་གཅོད་པ་ལ་བྱ་བ)་དེ་བཞིན་དུ་མ་བྱིན་པར་ལེན་པ་ལ་(དུག་གསུམ་གྱིས་སྦྱོར)་སྟེ་(མ་བྱིན་ལེན) ་འདིར་གཏི་མུག་ལས་སྐྱེས་པའི་སྦྱོར་བ་ནི་ཆོས་ཀྱི་བློས། རྒྱལ་པོ་རྣམས་མ་རུངས་པ་ཚད་བཅད་པའི་དོན་དུ་དང། (འཕྲོད?་པ)་བྲམ་ཟེ་རྣམས་ཀྱང་འདི་ཐམས་ཅད་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ལ་(བྲམ་ཟེ་རྣམས་དམས་པས)་རྨངས་སྟོབས་ཀྱིས་ཡོངས་སུ་ལོངས་སྤྱོད་དེ་དེའི་ཕྱིར་བྲམ ་ཟེ་ལེན་པ་ནི་རང་གི་ལེན་པའོ་ཞེས་སྨྲ་བ་རྣམས་ཀྱི་སྟེ་(བྲམ་ཟེ)་འདི་རྣམས་ལ་(རྐུ་བ)་འདིར་ཕ་རོལ་དང་རང་གི་འདུ་ཤེས་སུ་མི་འགྱུར་བའང་མེད་དོ། །དེ་བཞིན་དུ་འདོད་པས་ལོག་པར་སྤྱོད་པའི་སྦྱོར་བ་(དུག)་གསུམ་ལས་སྐྱེས་པ་སྟེ། གཏི་མུག་ལས་སྐྱེས་པ་ནི་ཆོས་ཀྱི་བློས ་སོག་པོ་པར་སིག་པ་རྣམས་མ་ལ་བགྲོད་པ་དང་བྲམ་ཟེ་རྣམས་ཀྱི་བ་ལང་བྱིན་གྱི་མཆོད་སྦྱིན་ལ་གང་འདི་སྐད་སྨྲ་བ་སྟེ། བྲམ་ཟེས་བ་ལང་བྱིན་གྱིས་མཆོད་སྦྱིན་བྱས་ནས་ལོ་གཅིག་གིས་བ་ལང་གི་བརྟུལ་ཞུགས་སུ་འགྱུར་རོ། །ཚིག་ཅན་གྱིས་ཆུ་བཏུང་ངོ་རྩཝ་རྣམས་གཅོད་དོ།། ་མ་དང་ཉེ་བར་འགྲོའོ། (།ཞིང་འགྲོད་པར་བྱ)་སྲིང་མོ་དང་ཉེ་བ་དང་རིགས་གཅིག་པ་དང་ཉེ་བར་འགྲོ་སྟེ། དེ་ལྟར་བླང་བུ་འདི་འཇིག་རྟེན་ལས་རྒྱལ་བར་འགྱུར་རོ་ཞེས་སྨྲ་བ་དང་འཇིག་རྟེན་རྒྱང་པན་པ་རྣམས་ཀྱང་མ་ལ་བགྲོད་པ་ནི། གཏུན་དང་མེ་ཏོག ་དང་འབྲས་བུ་དང་ཟས་ཚོས་པ་དང་འཇུག་ངོགས་དང་ལམ་དང་འདྲའོ་ཞེས་ཏེ། འདིར་ཆོས་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ། །ཞེས་འཇུག་པའོ། །དེ་བཞིན་དུ་བརྫུན་དུ་སྨྲ་བའི་སྦྱོར་བ་སྟེ། (དུག་གསུམ་གྱིས)་གཏི་མུག་ལས་སྐྱེས་བ་ནི་སྐྱོན་མ་མཐོང་བ་ལས་སྟེ། དཔེར་ན ་བྲམ་ཟེ་རྣམས་བུད་མེད་རྣམས་(མཛོད་འགྲེལ་དུ་རྒྱལ་པོ་བཞད་གང་ལྡན་དང་བུད་མེད་དང་བག་མ་ལེན་པའི་ཚེ་དང་གསོད་བ་དང་ནོར་ཀུན་འཕྲོག་ཚེ་བརྫུན་བྱས་གནོད་མེད་དེ་བརྫུན་ལྔ་ལྟུང་བ་བྱེད་པ་མིན་ཞེས་བཤད་ཅེས་རྗེས་སུ་བརྗོད།།)་ལ་(བརྫུན་སྨྲ་བ)་དང་བག་མ་ལེན་པའི་དུས་དང་སྲོག་དང་ནོར་བསྲུང་བའི་དོན་དུ་བརྫུན་དུ་སྨྲ་བ་ནི ་ལྟུང་བ་མེད་དོ་ཞེས་སྨྲ་བ་ལྟ་བུའོ། །དེ་བཞིན་དུ་(གསོད་དང་གནོད་སེམས་ཚིག་རྩུབ་པོ་ཞེ་སྡང་གི་ནི་མཐར་ཕྱིན་བྱེད། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་པ་ལྟར)་དངོས་གཞི་དང་འདུག་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི ་མུག་རྣམས་ཀྱིས་སོ་།དེ་བཞིན་དུ་(མི་དགེ་བ)་གཞན་རྣམས་ལའང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྔོན་དུ་སོང་བས་སྦྱོར་བར་ཤེས་པར་བྱའོ། །ཕྲ་མའི་སྦྱོར་བ་གཏི་མུག་ལས་སྐྱེས་པ་ནི་ཕྲ་མ་བྱས་པ་ལ་ཉེས་པ་ཅི་ཡང་མེད་དོ་ཞེས་པའོ། །དེ་ལ་(ལས་ལམ་དེ་དང་དེ)་བྱེད ་པར་འདོད་པའི་རྗེས་སུ་(ལས་ལམ)་དེ་ལ་(ལུས་ངག་ཡིད་ཀྱི)་བྱ་བ་གང་ཡང་རུང་བ་ཅུང་ཟད་དེ་ནི་སྦྱོར་བའི་གནས་སྐབས་སོ། སྦྱོར་བ་ངེས་དེའི་ཚེ་འམ་དུས་གཞན་དུ་ལས་དེ་ཡོངས་སུ་རྫོགས་པ་ནི་མཐར་ཐུག་པར་བྱེད་པའི་བདག་ཉིད་དངོས་གཞིའི་ལས་ཀྱི་ལམ་མོ། །དེའི་རྗེས་སུ ་གང་རྗེས་སུ་སྒྲོགས་པ་དང་གང་ཡང་དག་པར་དགའ་བ་དང་གང་(ཡང་དེ་གཉིས་ལ)་གཞན་(ཕྱུགས་ཀྱི་སྤང?་བ་ཤུ་བ་དང་ཟ་བ་སོགས)་དེ་དང་མཐུན་པའི་བྱ་བ་དེ་ནི་རྗེས་སོ། །འོ་ན་ཡིད་ཀྱི་བརྣབ་སེམས་ལ་སོགས་པ་རྣམས་ལ་བསམ་པ་ནི་ཅེ་སྦྱོར་བ་ནི་ཅི་སྟེ་བྱེ་བྲག་མེད་པའི་ཕྱིར་རོ་ཞེ་ན ་(ལས་ལམ)་དེའི་གཞི་ལ་དེ་ལྟར་འདུ་ཤེས་པ་དང་དེ་ལྟར་འདོད་པ་ནི་བསམ་པའོ། །དེའི་བྱ་བ་(སེམས་ཀྱིས)་ཡང་དག་པར་འཛིན་པ་ནི་སྦྱོར་བའོ། །དེ་ལྟ་ཉིད་དུ་ངེས་པ་ནི་མཐར་ཐུག་པར་བྱེད་པའི་(དངོས་གཞི)་ལས་ཀྱི་ལམ་མོ་ཞེས་པ་བྱེ་བྲག་ཡོད་དོ། །མི་དགེ་བ་བཅུའི?་? ་ལས་ཀྱི་ལམ་འདི་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཨི་ལྟུང་བ་སྟེ་(དེ་བཅུ་འང་འདའ་བ་ཡིན་ཞིང)་ལྟུང་བ་ནི་(བཅོམ་ལྡན་འདས་ཀྱི་བཀག་པ་ལས)་འདའ་བའ་ཨི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དགེ་བའི་བསམ་པ་ཅན་གྱིས་དགེ་བའི་བསམ་པས་སྐྱེན་གྱི་(རང་བཞིན་གྱི་ཁ་ན་མ་ཐོ་བ)་ ་དབང་འབའ་ཞིག་ལས་རྗེས་སུ་མཐུན་པའི་རྐྱེན་དེ་དང་དེ་ལས། དེ་དང་དེར་ཇི་ལྟར་ཉེ་བར་བསྟན་པ་ལས་འདའ་བ་དང། སྙིང་རྗེ་ཅན་སེམས་ཅན་རྣམས་ལ་བྱམས་པ་ལས་ཕན་པར་འདོད་པ་དང། རྣམ་པར་དྲད་བར་(ཱམ་གདུལ་བ)་འདོད་པ་(དགེ་བ་དགོད་སྙམ་པ)་དང་འདུལ་བར ་འདོད་པ་ཉིད་(སྡིག་པ་ལས་བཟློག་པར་བྱ་སྙམ་པ)་ཀྱིས་འདའ་བ་ནི་ལྟུང་བ་མེད་དོ། །ལས་ནི་(དེ་ཁོ་ན་ཉིད་ལ་འཇུག་པར་གནད་དང་མ་གནད་ཡུལ་ཅིག་ཏུ་བྱུང་པ་འགལ་བ་ཉིད་འགྱུར་གྱི་ཀུན་ནས་སློང་བའི་དབྱེ་ཉིད་ཀྱིས་ཡུལ་གྱི་དབྱེ་བ་གཉིས་སུ་གྲུབ་ཅེས་དང་དེའི་འགྲེལ་པར་ཡང།།)་རྣམ་པ་གཉིས་ཏེ་ཀུན་ནས་བསླང་བར་བྱ་བ་དང་ཀུན་ནས་སློང ་བ་པོའི་བྱེ་བྲག་གིས་སོ། །དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ཀུན་ནས་བསླང་བར་བྱ་བ་སྟེ་ཡིད་ཀྱི་ནི་ཀུན་ནས་སློང་བ་པོའོ། (།ཀུན་ནས་སློང་བྱེད)་དེའང་རྣམ་པ་གཉིས་ཏེ་འདོད་ཆགས་མེད་པ་ལ་སོགས་པའི་ངོ་བོ་དང་དེ་ལས་ཅིག་ཤོས་སོ། །དེ་ལ་(རིན་ཆེན་ཕྲེང་བའི་ལེའུ་དང་པོར་X ་X་ཆགས་སྡང་ཞེ་སྡང་གཏི་མུག་དང། །དེས་བསྐྱེད་ལས་ནི་མི་དགེ་བའོ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར།)་འདོད་ཆགས་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་མི་དགེ་བའོ། (།དོན་འདི་ལ་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པར་འདོད་པ་ན་སྦྱོར་པའི་རང་འཁྲུངས་མ་X ་X་ཡིན་པ་རང?་འཁྲུངས?་པ་ལས་ནི་ཉེ་བར་སྦྱོར?་བ་ཀུན་ནས་སློང་པའོ་ཞེས་གསུངས་པས་ཁམས?་གོང་མའི་ཉོན་མོངས་དང་འདོད་ཁམས་པའི་ལྷན་སྐྱེས་འགའ་ཞིག་གིས་ཀུན་ནས་བསླང་བའི་ལས་ལ་མི་དགེ་པས་མ་ཁྱབ་པོ།།)་འདོད་ཆགས་མེད་པ་ལ་སོགས་པས་ཀུན་(ཡིན་ཞིང་དེ་བཀག་པ)་ནས་བསླང་བ་(ཱི་ལུས་ངག་གི་ལས)་ཐམས་ཅད་ནི་དགེ་བ ་ཁོ་ནའོ། །ཞེས་པ་ཇི་སྐད་དུ་བཞི་བརྒྱ་པར་གསུངས་པ། །བྱང་ཆུབ་སེམས་དཔའ་ཀུན་རྟོག་ལས། །དགེ་བ་འམ་ཡང་ན་མི་དགེ་བའོ། །གང་ཕྱིར་(བྱང་ཆུབ་སེམས་དཔའ་)་དེའི་ཡིད་དབང་གྱུར་ན། །ཐམས་ཅད་དགེ་བ་ཉིད་དུ་འགྲོ་ཞེས་སོ། །དེ་བཞིན ་དུ་སློབ་དཔོན་ཙནྡྲ་གོ་མིས་ཀྱང། །སེམས་དགེ་བ་དང་(དང་གི་སྒྲས་བསམ་པ་རང་བཞིན་དུ་མི་གནས་པ་སོགས་ལ་ཉེས་པ་མེད)་བྱམས་ཉིད་ལས། །སྙིང་བརྩེ་ལྡན་ལ་ལྟུང་པ་མེད། །ཅེས་པ་དང། སྙིང་བརྩེར་བཅས་ན་མི་དགེ་མེད་ཅེས་གསུངས་སོ། །བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར ་ཡང། སྙིང་རྗེ་ལྡན་དང་དོན་མཐོང་ལ། (།དེད་དཔོན་ཐབས་ལ་མཁས་པ་ལྟ་བུ)་བཀག་པ་ཡང་ནི་རྗེས་སུ་གནང་ཞེས་སོ། །གཞན་ཡང་(སློབ་དཔོན་འཕགས་པ་ལྷས་སེམས་ཀྱི་སྒྲིབ་སྤྱོད་དུ)་དགེ་སློང་གིས་ནི་རང་གི་ང?་།རྒན་པོར་མྱུར་བར་འདོད་དོ་ཞེས། །ཕུལ་བས་བུ་བ་སྟེ་ཤི་ན་ཡང། །འདི་ལ ་མཚམས་མེད་འབྱུང་མི་འགྱུར། །དགྲ་བཅོམ་ནད་པ་རང་ཉིད་ཀྱིས། །རང་གི་མགྲིན་པ་མཉེས་མཐོང་བ། (།དགྲ་བཅོམ)་དེ་ནི་ཤི་ན་(ཉེད་པ་མཐོང་བའི)་གཡོག་བྱེད་པའི། །དགེ་སློང་དེ་ནི་སྐྱོན་བརྟེན་མིན། །གཞན་ལ་གཞན་གྱི་འདུ་ཤེས་ཀྱིས། (།བསད་འདོད་མེད་པས་ན ་འཁྲུལ་ནས)་བསད་པར་གྱུར་ཀྱང་སྐྱོན་ཡོད་མིན་ཞེས་པ་འདུལ་བར་གསལ་བར་གསུངས་སོ། །བདུག་སེམས་མེད་ལ་(བསམ་པ་ངན་པ)་སྐྱོན་མ་ཡིན། །གང་ཕྱིར་གསོ་བའི་བློ་ཡིས་ནི། །མཚམས་(དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའི)་མེད་པ་ལ་ཉེ་(པའི་ལུས་ཀྱི་ལས) ་བྱེད་པ། (།འི་གང་ཟག)་མཆོད་རྟེན་རྐོ་བ་(བསན་པ་དགེ་བས་ན)་སྐྱོན་མ་ཡིན། (།གྱི)་བསོད་ནམས་ཕུང་པོ་འབའ་ཞིག་འགྱུར། །དགེ་བའི་བསམ་པས་ཐུབ་དབུ་ལ། (།རླུང་དང་ཉི་མ་ཕོག་ན་མི་རུང་སྙམ་པ)་མཆིལ་ལྷམ་ཐུང་ནི་བཞག་པ་དང། །དེ་བཞིན་(དགེ་བའི་བསམ་པ)་ཅན་གཞན ་གྱིས་(རྫས་དམན་པ་འདི་ཐུབ་པའི་དབུའི་སྟེང་དུ་མི་རུང་སྙམ་པས)་བསལ་བ་དག་།རྒྱལ་སྲིད་འབྲས་བུ་ཐོབ་པར་འགྱུར། །དེ་ཕྱིར་བསམ་པའི་(མི་དགེ་བ་དང་དགེ་བ)་རྩ་བས་ནི། །སྡིག་དང་བསོད་ནམས་རྣམ་པར་བཞག་།ཅེས་པ་ལུང་དུ་གསུངས་གང་ཕྱིར། །སེམས་དགེ་བ་ལ་ལྟུང ་བ་མེད། །དེ་ཕྱིར་བརྩེ་བའི་བདག་(ཉིད)་རྣམས་ཀྱིས། །གཞན་ལ་ཕན་གང་ཐམས་ཅད་བྱེད། །ལས་དེ་ཐམས་ཅད་དགེ་བ་རུ། །རྫོགས་སངས་རྒྱས་ཀྱིས་ཡོངས་སུ་བསྒྲགས། །དེ་ལྟར་ཡུལ་གྱི་བྱེ་བྲག་གིས། (།ལེགས་པར་གཟིགས)་གང་ཚེ་ལས་ཀྱི་ལམ་ལ་གནས། །དེ་ཚེ་གང ་དཱུང་མཁས་རྣམས་ལ། །འགལ་བ་ཅུང་ཟད་སྣང་མིན་ཉིད། །དེ་ལྟར་ནི་(བྱང་ཆུབ་སེམས་དཔའ་ཨི་ཚུལ་ཁྲིམས་ཀྱི་ལེའུ)་བྱང་ཆུབ་སེམས་དཔས་ཆོམ་རྐུན་པ་(མི་ནག་པོ་ལྟ་བུ་འགའ་ཞིག)་།སྲོག་ཆགས་དུ་མ་རྣམས་དང་བདག་ཉིད་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་རྣམས་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུར་གསོད་པ་ལ་འབད་པ་མཚམས་མེད་པ་མང་པོའི་བྱ་བ་ལ་རབ་ཏུ་ཞེན་པ་(མངོན་ཤེས་སོགས་ཀྱིས)་གཟིགས་ཏེ། གཟིགས་ནས་ཀྱང་ཡང་འདི་ལྟར་སེམས་མངོན་པར་འདུ་བྱེད་དེ། གལ་ཏེ་ཡང་བདག་གིས་(རྐུན་པོ)་འདི་འཚོ་བ ་དང་བྲལ་ནས་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་མོད་བདག་དམྱལ་བ་རྣམས་སུ་སྐྱེ་བ་ནི་འདོད་དེ་སླའི། སེམས་ཅན་(ཆོམ་རྐུན་པ)་འདི་མི་མང་པོ་བསད་ཅིང་མཚམས་མེད་པའི་ལས་བྱས་ནས་དམྱལ་བར་འགྲོ་བར་འགྱུར་ན་མི་རུང་ངོ་ཞེས་པའི་བསམ་པས་སྙིང་རྗེ་དང ་ལྡན་པས་འཛེམ་(ངོ་ཚ་ཁྲེལ་ཡོད་དང་ལྡན)་བཞིན་དུ་འཚོ་བ་དང་ཕྲལ་ན་ལྟུང་བ་མི་འགྱུར་ལ་(གསང་ཆེན་ཐབས་ལ་མཁས་པའི་མདོར་དེད་དཔོན་ཐབས་ལ་མཁས་པས་བྱང་ཆུབ་སེམས་མ་བཅོས་པས་མི་ནག་པོ་བསད་བས་བསྐལ་བ་འབུམ་གྱི་འཁོར་བ་བརྙིལ་བར་གསུངས་པ་ལྟ་བུ། འཕགས་པ་ཀླུ་གྲུབ་ཀྱི་བྱང་ཆུབ་ཀྱི་ཚོགས་སུ་གང་ཞིག་སེམས་ཅན་ཕན་བདེའི་ཆེད། །སྡུག་X ་X་བསྔལ་གཞན་པར་མ་འདུག་ཅིག་།དམྱལ་བའི་སྡུག་བསྔལ་ཆེར་བརྗོད་པ། དེ་འགག་མས?་ན་བྱང་ཆུབ་པོ། །ཞེས་བརྒྱ་པའི་འགྲེལ་པར་བ་བྱེད་ལྔ་པར་དྲངས་པ་ལྟར།)་བསོད་ནམས་མང་པོ་འང་རབ་ཏུ་སྐྱེའོ། །གང་ཡང་ཆོམ་རྐུན་པ་གཞན་གྱིས་རྫས་འཕྲོག་པ་རྣམས་ཀྱིས་དགེ་འདུན་གྱི་འམ་མཆོད་རྟེན་གྱི་རྫས་ཕྲོགས་ཏེ་ལོངས་སྤྱད ་པར་འདོད་པ་(ཆོམ་རྐུན་པ)་དེ་རྣམས་ཀྱི་མདུན་ནས་བྱང་ཆུབ་སེམས་དཔས་རྫས་དེ་མ་བླངས་ན་ངེས་པར་འདི་རྫས་ཡོངས་སུ་ལོངས་སྤྱད་པས་(རྐུན་པོ)་དེ་རྣམས་ཡུན་རིང་པོར་(ངན་འགྲོར་སྐྱེས་པས)་དོན་མ་ཡིན་པ་དང་(ངེས་པར?་ལེགས་པའི་གེགས་བྱེད་པས།)་མི་ཕན་པ་དང་མངོན་པར་མཐོ་བའི་གེགས་བྱེད་པས ་མི་བདེ་བར་མ་གྱུར་ཅིག་ཅེས་པས་(རྐུན་པོ་ལས)་བླངས་ནས་དགེ་འདུན་གྱི་དགེ་འདུན་ལ་(ཕུལ་ཞིང)་མཆོད་རྟེན་གྱི་མཆོད་རྟེན་ལ་ཕུལ་ན། འདི་ལྟར་མ་བྱིན་པར་བླངས་པ་ནི་ལྟུང་བར་མི་འགྱུར་ལ་བསོད་ནམས་མང་པོ་ལང་རབ་ཏུ་སྐྱེའོ། །དེ ་བཞིན་དུ་རྒྱལ་པོ་འམ་རྒྱལ་པོའི་བློན་པོ་མ་རུང་པ་ཆེན་པོ་གཞན་ལ་འཁུ་བ་ལ་(གནོད་སེམས་འཆད་པ)་རབ་ཏུ་ཆགས་པ་དགེ་འདུན་དང་མཆོད་རྟེན་དག་ལ་གནོད་པ་བྱེད་པ་འམ་ཀུན་དགའ་ར་བ་(བསྲུང)་ལ་དགེ་འདུན་དང་མཆོད་རྟེན་གྱི་དཀོར་འཕྲོག་པ་རྣམས་ཀྱི་རྒྱལ་སྲིད ་དང་དབང་ཕྱུག་གི་བདག་པོ་ཉིད་ཉམས་པར་བྱས་པ་ལ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ལ་གཞན་གྱི་བུད་མེད་ཆགས་པས་བཅིངས་པའི་སེམས་ཀྱིས་འཁྲིག་པ་ཤིན་ཏུ་དོན་དུ་གཉེར་ཏེ། འདི་སྐད་དུ་བདག་ཇི་ལྟར་འདོད་པ་ལྟར་བྱེད་པ་ཉིད་ན་ཁྱོད་ཀྱིས་གདུལ ་བར་འགྱུར་ལ་གཞན་དུ་ན་ངེས་པར་བདག་སྲོག་ཀྱང་ཡོངས་སུ་གཏོང་ངོ་ཞེས་བ་ལ་འདི་ལྟར་བདག་ལ་(བུད་མེད)་འདི་ངེས་པར་མནར་སེམས་པ་(ཞེ་སྡང)་སྐྱེས་ཏེ་བསོད་ནམས་མ་ཡིན་པ་(སྡིག་པ)་འཕེལ་བར་གྱུར་པ་མི་རུང་ལ་འདོད་པ་འཐོབ་པ་(ཱམ་བུད་མེད)་ནི་ཇི་ལྟར ་འདོད་པར་དགེ་བ་ལ་ཡང་དག་པར་སྦྱོར་བ་དང་མི་དགེ་བ་སྤོང་དུ་འཇུག་པ་ལ་དབང་དུ་འགྱུར་རོ་ཞེས་ཐུགས་བརྩེ་བཞིན་པས་(བུད་མེད)་དེ་ལ་ལོག་པར་སྤྱོད་པ་སྤྱད་པའང་(འདོད་ལོག་སྤྱད་པ)་ལྟུང་བར་ཡང་མི་འགྱུར་ལ་(བྲམ་ཟེའི་ཁྱེའུ་སྐར་མས་ཚོད་དཔོན་གྱི་བུ་མོ་ཞིག་ལ་ཕན་སེམས་ཁོ་ནས་བགྲོད་པས་X ་X་བསྐལ་པ་ཁྲིའི་འཁོར་བ་ཕྱིར་སྙིལ་བར་གསང་ཆེན་ཐབས་མཁས་ཀྱི་མདོར་གསུངས་པ་ལྟ་བུ།)་བསོད་ནམས་ཤིན་ཏུ་མང་པོའང་རབ་ཏུ་སྐྱེའོ། (།ཞེས་སོ)་འདི་ཉིད་(སློབ་དཔོན་བྱང་ཆུབ་བཟང་པོས་བཀོད་པ་ནི)་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཡང་བྱང་ཆུབ་སེམས་དཔས་ཞེ་སྡང་གིས ་ཀུན་ནས་སླང་པར་ལྟུང་བ་སྤང་བར་བྱའི་འདོད་ཆགས་ཀྱིས་ཀུན་ནས་བསླང་བ་ནི་མ་ཡིན་ནོ་ཞེས་པ་དང། དེ་བཞིན་དུ་འདོད་ཆགས་ལས་སྐྱེས་པའི་ལྟུང་བ་ནི་ལྟུང་བ་མ་ཡིན་པར་རིག་པར་བྱའོ་ཞེས་སོ། །འདོད་ཆགས་(མདོ་སྡེ་རྒྱན་གྱི་སྒྲུབ་པའི་སྐབས་སུ་སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་X ་X་སྐྱེ་ལྟུང་མི་འགྱུར། །འདིའི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་ཀུན་དང་འགལ་བར་འགྱུར་ཅེས་པ་ལྟར།)་ཀྱི་སྒྲ་ནི་(མདོའི་ངག)་འདིར་བྱམས་པ་བརྗོད་པར་བྱེད་པ་སྟེ། དེའང་བྱམས་པ་རིང་དུ་རྗེས་སུ་འཇུག་པ་སྟེ། (བྱམས་པ)་གང་འདི་མཛའ་གཅིག་ཏུ་སེམས་ཅན་རྣམས་ལ་ཕན་པའི་ཆེད་ཉིད་དུ་འཇུག་པའོ། (།ཞེས་སོ) ་དེ་བཞིན་དུ་ཉེ་བ་འཁོར་གྱིས་ཞུས་པར་(བསླབ་བཏུས་སུ་དྲངས་པ)་ཡང་གསུངས་པ་ཉེ་བ་འཁོར་ཞེ་སྡང་ནི་སེམས་ཅན་ཡོངས་སུ་གཏོང་བ་ལ་འཇུག་གོ་།འདོད་ཆགས་ནི་སེམས་ཅན་ཡང་དག་པར་སྡུད་པ་ལའོ། །དེའི་ཕྱིར་ཉེ་བར་འཁོར་འདོད་ཆགས་དང་མཚུངས་པར་ལྡན་པའི་ལྟུང་བ་གང་ཅི ་ཡིན་པ་དེ་རྣམས་ཐམས་ཅད་ལྟུང་བ་མེད་པ་ཞེས་པ་ཡང་ངོ་ཞེས་སོ། (།མདོ)་འདིར་(བསླབ་བཏུས་སུ་འདི་ནས་བཟུང་ནས)་སེམས་ཅན་ཡང་དག་པར་སྡུད་པ་ལ་ཞེས་པས་ཁྱད་པར་དུ་བྱས་པ་ཉིད་ཀྱི་ཕྱིར་ལྷག་པའི་བསམ་པ་དང་སྙིང་རྗེ་དང་ལྡན་པ་ལ་(འདོད་ཆགས་དང་ལྡན་པའི་ལྟུང་བ་ནི་ལྟུང་བ་མེད་པའོ་ཅེས་པ།) ་ཉེ་བར་བསྟན་པའོ་ཞེས་པ་དགོངས་པའོ། །གང་གི་ཕྱིར་དེ་མ་ཐག་ཏུ་གསུངས་པ། ཉེ་བར་འཁོར་དེ་ལ་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་འདོད་ཆགས་དང་མཚུངས་པར་ལྡན་པའི་ལྟུང་བ་རྣམས་ལས་འཇིགས་སོ། (།བྱང་ཆུབ་སེམས་དཔའ་)་ཐབས་ལ་མཁས་པ ་རྣམས་ནི་ཞེ་སྡང་དང་མཚུངས་པར་ལྡན་པ་རྣམས་ལས་འཇིགས་ཀྱི་འདོད་ཆགས་དང་མཚུངས་པར་ལྡན་པ་རྣམས་ལས་(འཇིགས་པ)་མ་ཡིན་ནོ་ཞེས་སོ། (།བྱང་ཆུབ་སེམས་དཔའ་)་ཐབས་ལ་མཁས་པ་རྣམས་ཀྱང་སུ་ཞེ་ན། གང་ཤེས་རབ་དང་སྙིང་རྗེ་(གཉིས)་ཕན་ཚུན་མཚུངས་པར་ལྡན་པ་དག ་གིས་སེམས་ཅན་གཏོང་བ་ལས་བཟློག་པར་བྱེད་པ་རྣམས་སོ། (།ཟུང་དུ་མ་འགྲེལ་བར་རེ་རེར་གྱུར་ན)་གཉིས་ཀ་ལྟར་ན་སེམས་ཅན་གཏོང་བར་འགྱུར་བའི་ཕྱིར་ཏེ་ཤེས་རབ་འབའ་ཞིག་པས་(སེམས་ཅན་གྱི)་སྡུག་བསྔལ་སྟོང་པ་ཉིད་དུ་རྟོགས་པ་ལས་དང་སྙིང་རྗེ་འབའ་ཞིག་པས་ཀྱང་ཉོན་མོངས ་པའི་(སློབ?་མི་ནུས་པ)་སྟོབས་ལས་རིང་པོ་མ་ལོན་པར་སྙིང་རྗེ་ཉམས་པར་འགྱུར་བས་སོ། (།གསང་ཆེན)་ཐབས་ལ་མཁས་པའི་མདོར་གསུངས་པ། བྱང་ཆུབ་སེམས་དཔའ་ཐམས་ལ་མཁས་པ་(གཟུགས་སྡུག་པ་སྒྲ་སྙན་པ་དྲི་ཞིམ་པོར་ཞིམ་པ་རེག་བྱ་ཡིད་དུ་འོང་བ་སྟེ།)་འདོད་པའི་ཡོན་ཏན་ལྔ་རྣམས་(འདོད་ཡོན)་ ་ཀྱིས་མངོན་པར་དགའ་བར་བྱེད་ཅིང་དེ་རྣམས་ཀྱིས་ཀུན་ཏུ་འདྲེ་བར་གནས་ལ། གང་གི་ཚེ་འདོད་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱི་སྟོབས་བསྐྱེད་པས་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་(གོ་འཕང་ཐོབ་པར་འདོད་པའི)་སེམས་གཅིག་གིས་འདོད་པའི ་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱད་ཏེ་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་སོ། ཞེ་སྡང་ལའང་(ཐབས་ལ་མཁས་པའི་ཁྱད་པར་གྱི་ཉེས་པ་མེད་པ)་འདི་ལྟར་མི་འདོད་པ་ཅི་ཞེ་ན། (ཞེ་སྡང)་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ཕྱིར་དང་(ཞེ་སྡང ་སྙིང་རྗེ་དང་འགལ་བས།)་སྙིང་རྗེ་དང་བྲལ་བ་ལ་ཐབས་ལ་མཁས་པ་ཉིད་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་(བྱང་ཆུབ་སེམས་དཔའ་?)་གང་གཞན་གྱི་དོན་གྲུབ་པ་ནི་རང་གི་དོན་ལས་ཆས་ལྷག་པར་མོས་པ། ཕ་རོལ་ཁྲོ་བ་འཇུག་པས་ཀྱང་ཕ་རོལ་ལ་(ཉེ་སྤྱོད་ལས་བཟློག་པའི་དོན་དུ)་རྗེས་སུ ་བསྟན་ཏེ་རྗེས་སུ་གདུང་བ་(འགྱོད་པ)་སྔོན་དུ་སོང་བས་དེ་མ་ཐག་པའི་ཕྱིས་(ཞེ་སྡང)་སྡོམ་པར་བྱེད་པ། དེའི་མི་ཕན་པ་ལས་བཟློག་པར་བྱེད་པ་ན་ཁྲོ་བ་སྐྱོན་ཅི་ཡོད་ཅེ་ན། སྐབས་ཕྱེ་བས་(ཞེ་སྡང)་དེའི་བག་ཆགས་ཀྱི་ཉེས་པ་ལས་སྙིང་རྗེ་ཉམས་པའི་སྐྱོན་དུ་འགྱུར ་ཏེ། (སྙིང་རྗེ)་དེ་ཆད་ནའང་རྩ་བ་ཆད་པའོ། །གལ་ཏེ་ཡང་(བཟློག་བྱའི)་སེམས་ཅན་དེ་ལ་(ཁྲོས་པ)་ཕན་ནོ་ཞེ་ན། དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཉམས་པས། སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་གྱི་རྒྱུན་ཉམས་པར་འགྱུར་རོ། །འཕགས་(ཱོ་ན་འཕགས་པ་X ་X་བདེན་པ་པོའི་ལེའུར་མི་སྲུན་པ་ལ་ལག་ལྕག་བརྡེག་པ་ལ་སོགས་འདུལ་བའི་དཔེས་མི་སྲུན་པ་ལ་ཆད་པས་གཅད་པ་ལ་སོགས་པས་ཕན་པ་ལ་གཟུང་པར་བཤད་པ་དང་འགལ་ལོ་ཞེ་ན།)་པ་བདེན་པ་གཅིག་པའི་ལེའུར་ཡང། བུའི་དཔེ་མི་(རང་དོན་ལས་གཞན་དོན་ཆེད་ཆེད་བྱེད་པའི)་སྙིང་རྗེ་ལ་གནས་པ་ཉིད་ཡིན་པར་རིག་པར་བྱའོ།། ་གང་ཡང་དེར་(མ་རུངས་པ་དང་བཀྲབས་པ་དང། རྐུན་པོས་རྒྱལ་སྲིད་འཁྲུག་ཅིང་སྐྱོད། སྐྱོན་དེ་མཐོང་ནས་སྤང་བགྱི་སྟེ། ཉམས་ཐབ་སྲོག་ཆགས་སྙིང་རྗེ་བགྱི་ཞེས།)་ཧ་ཅང་སྙིང་རྗེ་བ་བཀག་པ་དེ་འཇིག་རྟེན་གྱི་(མཁས་པས་འཇིག་རྟེན་བདུན་པར་བྱ་བའི་ཕྱིར་རོ་ཞེས་བརླབ་བཏུས་སུ་གསུངས་སོ།)་།དོན་ཁོ་ན་ཐུན་མོང་གིས་བདག་པོའི་དབང་དུ་བྱས་ཏེ ་གསུངས་པའོ། །བཟློག་པར་བྱ་བ་འང་གལ་ཏེ་ན་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བར་གྱུར་ན། དེ་འང་(གཞན་གྱི་སེམས་མ་བསྲུངས་པའི)་བྱང་ཆུབ་སེམས་དཔའ་མ་ཡིན་པ་དང་དེར་(བཟློག་བྱ་བཟློག་བྱེད)་གཉིས་ཀའི་དོན་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་འདོད་ཆགས ་ལའང་(ཟླ་བསྒྲོན་མར་འདོད་པ་དག་ལ་བརྟེན་པའི་མི། །དངོས་གྱུར་པ་མ་གསོད་པ་དང། །འདོད་བརྟེན་ཚུལ་ཁྲིམས་ལྡན་པའང་གསོད། །དེས་ན་རྟག་ཏུ་སྤང་བར་བྱ་ཞེས་སོགས།)་སྐྱོན་མང་པོ་གསུངས་སྟེ་རང་གི་བདེ་བ་ལ་ཆགས་པས་ཕ་རོལ་གྱི་སྡུག་བསྔལ་ལ་བཏང་སྙོམས་པ་མཐོང་ངོ་ཞེ་ན། མཐོང་བ་བདེན་དེ་གང་གིས་གཞན ་གྱི་སྡུག་བསྔལ་རང་གི་སྡུག་བསྔལ་ཉིད་དུ་གོམས་པ་མེད་པའོ། (།དེ་ལྟར་མཐོ་ཞིང་ཤིན་ཏུ་གོམས་པ་ལ་ཉེས་པ་གཉི་ཀ་མི་འབྱུང་བ)་དེ་ལྟ་ན་རབ་ཏུ་སྤས་ཏེ་བདག་པོ་(ཁྱོ)་དང་བཅས་པའམ་བདག་པོ་མེད་པ་(མགོ་གཙང་ཟེར་བ)་རྣམས་དང་རིགས་དང་(རིགས་ཀྱིས་བསྲུངས་པ་ཕ་མའི་འགྲེལ་བ)་ཆོས་དང ་རྒྱལ་མཚན་གྱིས་བསྲུངས་པ་(བུ་མོ་གཞན་ལ་བྱིན་པ་ཞེས་བཅུ་པའི་འགྲེལ་པར་རོ།)་རྣམས་ལ་འདོད་པས་ལོག་པར་སྤྱོད་པར་མི་འགྱུར་རམ་ཞེ་ན། སེམས་ཅན་གྱི་དོན་ཡོད་པ་དང་སེམས་ཅན་ལ་ཉེ་བར་གནོད་པ་མེད་ན་རྗེས་སུ་འབྲེལ་པ་(རྒྱུ)་དེས་པར་བརྟགས་(ཀྱིས་བསྲུངས་པ་དུས་དེས་དེའི་ཚེ) ་ཏེ་(དགེ་བསྙེན་མན་ཆད་ཀྱི་སྤྱད་ཀྱང)་སྐྱོན་མེད་དོ། །ཡང་དག་པའི་ཚངས་པར་སྤྱོད་པ་རྣམས་ལ་ནི། (ཚངས་སྤྱོད་ཉིད་ཀྱི)་དོན་བྱས་པ་ཉིད་(ཏེ་འཁྲིག་པས་དོན་ལྷག་པ་སྒྲུབ་དུ་མེད།)་ལས་རིང་དུ་(འདོད་པའི་ཡུལ་མ་ཡིན་པས)་སྤང་བ་དང་མཆོད་པར་འོས་པ་ཡིན་ཏེ་མ་དང་སྲིང་མོ་ལ་སོགས་པ་བཞིན་ནོ། ་དེ་ལྟ་ན་དགེ་སློང་གིས་ཀྱང་(ཡུལ་དང་རྒྱུ་བརྟགས་ནས་འཁྲིག་པར་བྱ་བ)་དེ་བཞིན་དུ་བསྒྲུབ་པོ་ཞེ་ན། མ་ཡིན་ཏེ་(དགེ་སློང)་དེ་རྣམ་པ་གཞན་ཚངས་པར་སྤྱོད་པས་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཅི་སྟེ་(ཚངས་པར་སྤྱོད་པ)་དེ་ལས་ཀྱང་ལྷག་པའི་སེམས་ཅན་གྱི་དོན་མཐོང ་ན་(ཡུལ་དེ་ལ་སུན་འབྱིན་པའི་ཉེས་པ་མི་འབྱུང་བའི་ཆེད་དུ)་བསླབ་པ་ཕུལ་བས་(དེ་ལྟར་བྱེད་པའི་དགེ་སློང་བྱང་སེམས)་དེ་ལ་སྐྱོན་མི་སྲིད་དོ། །གཞན་ཡང་(གསེར་མདོག་གི་རྟོགས་པ་བརྗོད་པ་ལས་འབྱུང་བ་ལྟར)་འཇིག་རྟེན་ན་ཕ་མ་བུ་གསལ་ཤིང་ལ་བསྐྱོན་པ་མཐོང་བ་དག་ཀྱང་རང་དང་རྗེས་སུ་མཐུན་པའི་སྙིང་རྗེའི ་དབང་ལས་རང་གི་བདེ་བ་ལ་མི་ཆགས་པ་མཐོང་ན་མི་ཉུང་བའི་སྐལ་པར་གོམས་པ་(བློ་སྙིང་རྗེ)་དེའི་བདག་ཉིད་དུ་གྱུར་པའི་སྙིང་རྗེ་ཆེན་པོ་དང། ཐབས་དང་ཤེས་རབ་ལ་སོགས་པ་དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ ་རྣམས་ལ་འདོད་ཆགས་ཀྱིས་བར་ཆད་བྱེད་པ་ནི་ལྟ་ཅི་སྟེ་འདི་ནི་མི་སྲིད་དོ། །འདི་ལྟར་སེམས་ཅན་གྱི་དོན་ལ་ཐབས་(འདོད་པ་བསྟེན་པ་ལས)་གཞན་མེད་ན་འདོད་ཆགས་ལས་སྐྱེས་པའི་ལྟུང་བ་ནི་ལྟུང་བ་མེད་པར་གསུངས་སོ། །ཐབས་ལ་མཁས་པར་ཡང། སྨད་འཚོང་མ ་བཞིན་དུ་དོན་བྱས་པའི་བྱང་ཆུབ་སེམས་དཔའ་བལྟོས་པ་མེད་པ་ནི་སེམས་ཅན་དེ་གཏོད་དོ་ཞེས་བཀའ་སྩལ་ཏོ། །ས་མ་ཐོབ་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལེགས་པར་སྤྱོད་པ་དང་ལྡན་པ་(འདོད་ཆགས་ཀྱིས་བསྐྱེད་པ་ལྟུང་མེད་དུ་འགྱུར་བ)་འདི་བསམ་པར་(དོན་བྱས་ནས་འདོད་བ) ་བྱ་སྟེ་ཅིག་ཤོས་(ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་སྤྱོད་པ་རྣམས)་ཀྱི་མ་ཡིན་ནོ་ཞེས་པ་ཞར་ལ་འོངས་པ་དེ་ཙམ་སྟེ་བཞག་གོ་(།ཞེ་སྡང་ལས་བྱུང་བའི་ཉེས་པ་ལ་ལྟུང་མེད་མི་སྲིད།)་དེའི་ཕྱིར་ཞེ་སྡང་གི་སྐབས་སྦྱིན་པར་མི་བྱའོ། །ཉེ་བར་འཁོར་གྱིས་ཞུས་པར་གསུངས་པ། ཤཱ་རིའི་བུ་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལྟུང་བ་ནི་གཉིས་ཏེ། གང་དག་ཅེ་ན་ཞེ་སྡང་དང་ལྡན་པ་དང་གཏི་མུག་དང་ལྡན་པའོ། ཞེས་སོ། (།ཅེས་པའི་བར་རོ)་གང་ཡང་(བྱང་ཆུབ་སེམས་དཔའ་པར)་བྱང་ཆུབ་སེམས་དཔའ་རང་གི་སྲོག་གི་ཕྱིར་ཡང ་ཤེས་བཞིན་དུ་བརྫུན་དུ་མི་སྨྲ་བ་དེ་ཕ་རོལ་པོ་རྣམས་གསོད་པ་དང་འཆིང་པ་ལ་སོགས་པ་གྲོལ་བའི་དོན་དུ་ཟང་ཟིང་ལ་མི་ལྟ་བ་(ཕ་རོལ་པོ་ལ)་ཐུགས་རྩེ་བ་ཉིད་ཀྱིས་བརྫུན་དུ་སྨྲ་བ་ནི་ལྟུང་བ་མེད་པར་འགྱུར་ཏེ་བསོད་ནམས་མང་པོ་འང་རབ་ཏུ་སྐྱེའོ། །སྡིག་པའི ་གྲོགས་པོ་དང་འབྲེལ་པའི་སེམས་ཅན་(སྡིག་པའི་གྲོགས་པོ)་རྣམས་དེ་རྣམས་ལས་དབྱེ་བའི་ཆེད་དུ་ཕྲ་མ་སྤྱོད་པའང་ལྟུང་བ་མེད་དེ་བསོད་ནམས་མང་པོའང་རབ་ཏུ་སྐྱེའོ། །ལམ་ལོག་པ་ལ་སྤྱོད་པ་རྣམས་དེ་(ལམ་ལོག་པ)་ལས་བཟློག་པའི་ཆེད་དུ་ཡང་ཡང་ཚིག་རྩུབ་པོ ་སྨྲ་བའང་ལྟུང་བ་མེད་དེ་བསོད་ནམས་མང་པོའང་རབ་ཏུ་སྐྱེའོ། །གར་དང་(གྱི་གཏམ)་གླུ་དང་རོལ་མོ་དང་སྨད་ཚོང་མ་དང་བཟའ་བ་དང་བཏུང་བ་དང་རྒྱལ་པོ་དང་ཚོམ་རྐུན་པ་(ལམ་སྲང)་ལ་སོགས་པའི་གཏམ་ལ་མོས་པ་རྣམས་(གར་སོགས)་དེ་རྣམས་ཀྱི་གཏམ་གྱིས ་དྲངས་ནས་དགེ་བ་ལ་རབ་ཏུ་གཞུག་པའི་དོན་དུ་རྣམ་པ་སྣ་ཚོགས་པའི་འབྲེལ་པ་མེད་པའི་གཏམ་(ངག་བཀྱལ་བ)་བྱས་ཀྱང་ལྟུང་བར་མི་འགྱུར་ལ་བསོད་ནམས་མང་པོའང་རབ་ཏུ་སྐྱེའོ། (།ཅེས་སོ།།)་དེ་ལྟར་(སྙིང་རྗེའི་སྒོ་ནས)་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་རྣམས་བྱས ་ཀྱང་བྱང་ཆུབ་སེམས་དཔའ་ལ་མི་དགེ་བ་མེད་ཅིང་བསོད་ནམས་མང་པོ་འང་རབ་ཏུ་སྐྱེ་ན་བཅས་པའི་ཁ་ན་མ་ཐོ་བ་རྣམས་ལྟ་ཅི་སྨོས། (།ཅིའོ)་དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིས་(སློབ་དཔོན་བྱང་ཆུབ་བཟང་པོའི་འགྲེལ་པར)་པ་རྣམས་རྗེས་སུ་བསྲུང་བའི་དོན་དུ་འདི ་ལྟ་བུ་ཀུན་དུ་སྤྱད་པར་མི་བྱ་སྟེ། གང་གི་ཕྱིར་བྱིས་པ་རང་གི་དེ་སྲིད་དུ་(ཉོན་མོངས་པའི)་བག་ལ་ཉལ་མ་སྤངས་པ་རྣམས་ཕ་རོལ་སྙིང་རྗེ་བས་འཇུག་པ་ལ་ལྟུང་བ་མེད་ཅིང་བསོད་ནམས་མང་པོའང་རབ་ཏུ་སྐྱེའོ། །ཞེས་བརྟག་པ་ཕྲ་མོ་ཙམ་གཟུང་(ཞྭ་དེས་ལྷམ་ལ་བཀའ་) ་ནས་(མི་དགེ་བ)་དེ་དང་དེ་སྤྱོད་པ་རྒྱུན་དུ་བྱུང་བ་རྣམས་ངན་འགྲོར་འགྲོ་བར་འགྱུར་ཞིང། (ཐུབ་པའི)་བསྟན་པ་འདི་ལའང་མི་གུས་པར་འགྱུར་རོ་ཞེས་པའོ། (།མི་དགེ་བས་ངན་འགྲོར་འགྲོ་བ)་དེ་ལྟར་ནི་མི་དགེ་བཅུའི་ལས་ཀྱི་ལམ་རྣམས་བདག་གི་དངོས་པོ་(ལུས)་དང་ལོངས་སྤྱོད ་དང་ཕྱི་རོལ་གྱི་དངོས་པོ་རྒུད་པའི་རྒྱུ་སྟེ། ཇི་སྐད་གསུངས་པ། (ས་བཅུ་པའི་མདོར)་རིགས་ཀྱི་བུ་རྣམས་མི་དགེ་བའི་ལས་ཀྱི་ལམ་བཅུ་རྣམས་ཆེན་པོར་བསྟེན་པས་དམྱལ་བ་རྣམས་སུ་སྐྱེའོ། །འབྲིང་གིས་དུད་འགྲོའི་སྐྱེ་གནས་(སྡུག་བསྔལ་ཆེ་ཤོས)་རྣམས་སུའོ། །ཆུང ་དུས་ཡི་དགས་(སྡུག་བསྔལ་ཆུང་ཤེས)་རྣམས་སུ་སྟེ། དེ་ནི་(མི་དགེ་བ)་འདི་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་(མི་དགེ་བ་བཅུ་བྱེད་པ)་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་འོངས་ན་གོ་རིམ་ཇི་ལྟ་བར་བཅུ་པོ་རྣམས་ཀྱིས་(རིན་ཆེན་ཕྲེང་བར་གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་X ་X་པར་འཚེ་བས་གནོད་པ་མང། །རྐུ་བ་ཡིས་ནི་ལོངས་སྤྱོད་འཕོངས། །བྱི་བོ་བྱེད་པ་དག་ཟླར་བཅས།)་།ཚེ་ཐུང་བ་དང་ལོངས་སྤྱོད་ཀྱིས་ཕོངས་པ་དང་དགྲ་ཟླ་དང་བཅས་པའི་ཆུང་མ་དང་སྐུར་པ་མང་བ་དང་(བརྫུན་དུས་བས་སྐུར་བ་སྟེ་སྔ?་མ་ཡིས་ནི་བཤེས་དང་འབྱེད་པ་དང)་འདིའི་གྲོགས་པོ་དང་དབྱེ་བར ་འགྱུར་བ་དང་ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང་(མ་འབྲེལ་བ་ཡིས་ཚིག་མི་བཙུན)་ངག་གཟུང་བར་མི་འོས་པ་དང་(བརྣབ་སེམས་ཡིད་ལ་རེ་བ་འཇོམས)་འདོད་ཆགས་དྲག་པ་དང་(གནོད་སེམས་འཇིགས་པ་སྦྱིན་པར་བྱེད)་ཞེ་སྡང་དགེ་པ་དང་གཏི་མུག་དྲག་པའོ་(ལོག་པར་ལྟ་བ?་ལྟར?་ན་ཉིད་ཅེས་ཀྱང་གསུངས། ་རྩུབ་པོ་ཡིས་ནི་མི་སྙན་ཐོས)་ཞེས་པ་འདི་ནི་འདི་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུའོ། །ཕྱི་རོལ་གྱི་དངོས་པོ་རྣམས་མདངས་ཆུང་བར་འགྱུར་བ་དང་ལོ་དགྲ་མང་བ་དང་(སེར་བ་དང་རྡུལ་འཕང་པ་དང་རྩཝ་སོགས་གང་གིས་འབྲུ་རྣམས་མ་རུངས་པར་འགྱུར་བ་ཞེས་རྒྱལ་པོ་སྲས།)་།རྡུལ་གྱིས་གང་བ་དང་དྲི་ང་བས ་དང་མཐོན་དམན་ཅན་དང། (ཚིག་རྩུབ་ཀྱིས)་ཚྭ་སྒོ་ཅན་དང་དགོན་དུང་ཅན་དང་ཐ་བ་ཅན་དང་སྡིག་པ་ཅན་གྱི་ས་དང་(ཚིག་བཀྱལ་བས)་དུས་ཚིགས་འགྱུར་བ་མི་མཉམ་པ་དང། (ཚ་བའི་དུས་སུ་ཧ་ཅང་ཚ་ཞིང་གྲང་པའི་དུས་སུ་ཧ་ཅང་གྲང་བ)་འབྲས་བུ་ཕྲ་བ་དང་འབྲས་བུ་མི་ཞིམ་པ་དང་(ཱི་རྩུབ་པ) ་འབྲས་བུ་ཉུང་བའོ་ཞེས་པ་འདི་ནི་འདི་རྣམས་ཀྱི་བདག་པོའི་འབྲས་བུའོ། (།ཏེ་མཛོད་དུ་ཐམས་ཅད?་བདག་པོར་རྒྱུ་མཐུན་དང། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཅེས་པས་ལྟ)་དེ་བཞིན་དུ་(རིན་ཆེན་ཕྲེང་བར་དགེ་ལས་བདེ་འགྲོ་ཐམས་ཅད་དང་སྐྱེ་བ་ཀུན་ཏུ་བདེ་བ་དག་ཅེས་པས)་དགེ་བ་བཅུའི་ལས་ཀྱི་(ཟག་པ་དང་བཅས)་ལམ་རྣམས ་བསྟེན་པས་ལྷ་(དང་ངེས་མཚོན་ཏེ་མི)་རྣམས་སུ་སྐྱེའོ་ཞེས་པ་འདི་ནི་(དགེ་བ་བཅུ་པོ)་འདི་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུའོ། (།དགེ་བ་བཅུ་བྱེད་མཁན)་དེ་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་འོངས་ན་(མི་དགེ་ཞེས་བྱ་དེ་དག་གི་།རྣམ་སྨིན་བསྒྲགས་པ་གང་ཡིན་པ་བདེ་བ་དག་ནི་ཐམས་ཅད་ལ་འབྲས་བུ་དག་X ་X་ནི་བཟློག་སྟེ་འགྱུར། །ཞེས་པས།)་བཅུ་པོ་རྣམས་ཀྱིས་གོ་རིམ་བཞིན་ཚེ་ཐུང་བ་ལ་སོགས་པ་ལས་བཟློག་པ་བཅུར་འགྱུར་བ་འདི་ནི་འདི་རྣམས་(དགེ་བ་བཅུ་པོ)་ཀྱི་རྒྱུ་མཐུན་པའི་འབྲས་བུའོ། །གཟི་མདངས་ཆུང་བ་ལ་སོགས་པ་ལས་བཟློག་པ་བཅུར་ཡང་འགྱུར་བ་འདི་ནི་(དགེ་X ་X་བ་བཅུ་པོ)་འདི་རྣམས་ཀྱི་བདག་པོའི་འབྲས་བུའོ། །རྣམ་པར་གྲོལ་བ་གསུམ་གྱི་རྒྱུ་ཡང་(དགེ་བ་བཅུ་པོ)་འདི་རྣམས་ཏེ། ཇི་སྐད་དུ་(ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོར)་གསུངས་པ། ལག་འགྲོའི་(ཀླུ)་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ནི་ལྷ་དང་མིར་སྐྱེ་བའི ་རྟེན་ནོ། །སློབ་པ་(ཐར་པ་ལ་བརྩོན་པའི་དགེ་བ་ཅན)་དང་མི་སློབ་པ་(བསླབ་པ་མཐར་ཕྱིན་པའི་དགེ་བ་ཅན)་ཐོབ་པ་དང་རང་བྱང་ཆུབ་དང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་དང་ཇི་སྲིད་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་ཀྱི་བར་གྱི་རྟེན་ནོ་ཞེས་སོ། །འོ་ན་ཆོས་ཐམས་ཅད་རང་གི ་མཚན་ཉིད་ཀྱིས་སྟོང་པ་རྨི་ལམ་(འཕྲལ་དུ་རང་བཞིན་མེད་བཞིན་དུ་སྣང་བ)་དང་སྒྱུ་མ་ལ་སོགས་པ་ལྟ་བུ་ཡིན་ན། དེའི་ཕྱིར་ལས་དང་(ལས)་དེའི་འབྲས་བུ་ཡོད་དོ་ཞེས་རྣམ་པར་བཞག་པ་ག་ལ་ཞེ་ན། (འཐད)་དེ་ལྟར་མ་ཡིན་ཏེ་(རབ་འབྱོར་དངོས་པོ་མེད་པ་ལ་ནི་ལས་ཀྱང་བྱ་བའང་མེད་འབྲས་བུ་འང་མེད་ན། འོ་ན་བྱིས་X ་X་བ་སོ་སོ་སྐྱེ་བོ་འཕགས་པའི་ཆོས་ལ་མི་མཁས་པ་རྣམས་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མི་ཤེས་ཏེ་བྱིན་ཅི་ལོག་ལས་བྱུང་བའི་སེམས་ཀྱིས་ལས་སྣ་ཚོགས་མངོན་པར་འདུ་བྱེད་པས་དེ་རྣམས་ཀྱི་ལུས་རྣམ་པ་དེ་བཞིན་དུ་མངོན་པར་གྲུབ་སྟེ་ཅེས་ཡུམ་པར་མར་གསུངས་པ་ལྟར།)་སེམས་ཅན་རྣམས་ཀྱིས་ཆོས་རྣམས་རང་བཞིན་སྟོང་པར་མ་ཤེས་ལ་མི་ཤེས་པ་(མུ་X ་X་སྟེགས་སོགས་ཀྱིས་བདག་རྟག་པ་སོགས་ཀུན་བརྟགས་དང་ཀུན་གྱིས་ངོ་བོ་ཞེས་འཛིན་པ་ལྷན་སྐྱེས་ཀྱི།)་གང་ཟག་(དུ་འཛིན་པ)་དང་ཆོས་སུ་(ཆོས་བདེན་པར་འཛིན་པ)་རྟོག་པར་བྱེད་པ་རྣམས་ལེགས་པར་སྤྱོད་པའང་(དགེ་བ)་ཉེས་པར་སྤྱོད་པའི་(མི་དགེ་བ)་ལས་མངོན་པར་འདུ་བྱེད་ཅིང། ཉེས་པར་སྤྱོད་པས་ངན་སོང ་སུམ་དུ་ལྟུང་ལ་ལེགས་པར་སྤྱོད་པ་རྣམས་ཀྱིས་ལྷ་དང་མི་རྣམས་སུ་སྐྱེའོ། །ཡང་(ཉན་ཐོས་དང་རང་སངས་རྒྱས)་འགའ་ཞིག་གང་ཟག་གི་བདག་མེད་པ་ཉིད་ཡོངས་སུ་ཤེས་ནས་བདེ་འགྲོ་དང་ངན་འགྲོ་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས ་དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་(བཅུ་དང་བསྡུ་བའི་དངོས་པོ་བཞི)་ལ་སོགས་པའི་དགེ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པས་རིམ་གྱིས་ས་བཅུ་བགྲོད་དེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་ནས་སངས་རྒྱས་བཅོམ ་ལྡན་འདས་སུ་འགྱུར་རོ། །དེ་ལྟ་མོད་ཀྱི་(བརྒྱད་སྟོང་འགྲེལ་པའི་སྲི་ཞེ་མཉམ་ཉིད་ཀྱི་ཐད་དུ།)་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་ཡིན་ན་མི་དགེ་བ་བཅུ་ལ་སོགས་པ་རྣམས་མེད་དེ་རྨི་ལམ་གྱི་གནས་སྐབས་(ན་དགེ་མི་དགེའི་ལས་མེད་པ)་བཞིན་དུ ་སད་པའི་གནས་སྐབས་ནའང་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་སྐད་ཅིག་མ་ཉིད་ཀྱིས་(གསོད་པ་པོས་མ་བསད་ཀྱང་བསད་བྱ།)་རྒྱུ་མེད་པར་འཇིག་པ་ཡིན་པ་ན་དང་(རིགས་པ་དང་ལུང་གིས་རབ་ཏུ་བསྟན་པའི་རང་གི་འདོད་པ)་གྲུབ་པའི་(དེ་ལས་ཕ་རོལ་ཏུ་བགྲོད་མེད་པ) ་མཛའ་(ཞེས་སློབ་དཔོན་ཆོས་ཀྱིས་བཤེས་གཉེན)་ལས་ཀྱང་(མཛོད་དུ)་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་ཤེས་པའི་(ས་བསད་བྱ་དེ་རང་གི་ལས་ཀྱིས་འཆི་བ)་ཕྱིར་དོན་དམ་པར་སུས་ཀྱང་སུ་ཡང་བསད་པའང་མེད། སུས་ཀྱང་སུའི་བོར་བླངས་པའང་མེད་ཅེས་པ་ལ་སོགས་པ་ཁས་བླངས་པ་ལ་རྒྱུན ་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་གསོད་པ་ལ་སོགས་པར་རྟོག་(པ་འམ་ཞེན)་པའི་སྒོ་ནས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པ་ལས་མི་དགེ་བ་ལ་སོགས་པ་བཞིན་དུ་སྲོག་གཅོད་(སྐད་ཅིག་གིས་འཇིག་པ་ཙམ་ལ་གསོད་པར་ནི་འཇོག་གི) ་པ་ལ་སོགས་པ་རྣམས་སད་པ་ལ་རྣམ་པར་བཞག་པ་ད་ལྟར་རྨི་ལམ་ན་འང་(ལས་སོགས་འཕེལ་ཡོད་པས)་དགེ་བ་དང་མི་དགེ་བ་བསགས་པའི་གནས་སྐབས་སུ་ཨེ་མ་བསད་དོ་ཞེས་བྱ་བ་ལ་སོགས་(སད་པ་ལ་རྣམ་པར་བཞག་པ)་པའི་རྣམ་པར་རྟོག་པས་སྦྱོར་བའི ་གནས་སྐབས་ལ་སོགས་པ་མངོན་པར་ཞེན་པ་ཡོངས་སུ་གསོད་པས་ཡོངས་སུ་རྒྱས་པ་འཐོབ་པ་དེའི་ཕྱིར་(ཐེག་པ་ཆེན་པོའི་ལུགས་ཁོ་ན་མ་ཟད)་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ཀྱིས་ཀྱང་རྨི་ལམ་གྱི་གནས་སྐབས་བཞིན་ཞེས་པའི་དཔེ་མ་གྲུབ་པའོ། །དེའི་ཕྱིར་དབུ་མ་བའི ་ལུགས་ཀྱིས་སད་པའི་གནས་སྐབས་སུ་འང། དངོས་པོ་རྨི་ལམ་དང་འདྲ་བ་ལ་དེ་དང་རྗེས་སུ་མཐུན་པའི་དོན་(བདེན་པའི)་དངོས་པོ་ལ་སོགས་པར་མངོན་པར་ཞེན་པས་ཕྱིན་ཅི་ལོག་གི་འཆིང་བ་མཛའ་དག་མ་ཉམས་པ་རྣམས་ལ་དགེ་བ་ལ་སོགས་པར་རྣམ་པར ་བཞག་གོ་(།བརྒྱད་སྟོང་འགྲེལ་བར)་འོན་ཀྱང་(ཀུན་རྫོབ་དུ)་གཉིད་མཐུག་པོའི་འཁྲུལ་པའི་རྒྱུ་ཉིད་ཀྱིས་མི་གསལ་བ་དང་འཁྲུགས་པར་བསྒྲུབས་པས་རྨི་ལམ་ན་འབྲས་བུ་དམན་ལ། (ཉི་ཤུའི་རབ་ཏུ་བྱེད་པར་རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས་དེས་ན་འབྲས་བུ་འདྲ་མ་ཡིན་ཅེས་བ?་ལྟར་ཡིན།)་སད་པའི་གནས ་སྐབས་ན་གཉིད་མཐུག་པོ་འཁྲུལ་པའི་རྒྱུ་དང་བྲལ་བའི་ཕྱིར་གསལ་བ་དང་མ་མཆོལ་བར་སྣང་བ་ཉིད་ཀྱིས་འབྲས་བུ་ལྷག་པའོ། །རྨི་ལམ་གྱི་གནས་སྐབས་ནའང་ལས་དང་འབྲས་བུ་ཡོད་པར་འདོད་པའི་ཕྱིར་(རྨི་ལམ་དུ་ཕལ་པར་འགྱུར་བའི་ལས་བྱས་ན)་དགེ་སློང་མ་ཡིན་པ ་ཉིད་ལ་སོགས་པའི་སྐྱོན་བརྗོད་པར་མི་བྱ་སྟེ། བསླབ་པ་བླངས་པ་བཞིན་དུ་(འདུལ་བ་ན་རྨི་ལམ་ནི་མེད་པ་འདྲ་སྟེ་དེའི་འབྲས་བུ་ནི་མ་བྱས་པ་ཉིད་དོ་ཞེས་པས)་བཅོམ་ལྡན་འདས་ཀྱིས་བཅས་པའི་དབང་ཁོ་ན་ལས་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་རྣམ་པར་བཞག་པར་བྱ་བ་ཉིད་ཀྱི་ཕྱིར་རོ།། ་དེའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་དུ་སེམས་ཅན་རྣམས་(རྟག་པ་དང་གཙང་བར་དང་བདེ་བ་དང་བདག་ཏུ)་ཕྱིན་ཅི་ལོག་གིས་ལས་མངོན་པར་འདུ་བྱེད་ཅིང། དེ་ལས་ཀུན་ནས་ཉོན་མོངས་ཏེ་དོན་དམ་པར་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་པའི་(དོན་དམ་པ་བ)་ཕྱི་རོལ་ལམ་རྣམ་པར་རིག་པའི་དངོས་པོ ་ཅུང་ཟད་ཀྱང་མེད་ན་(དངོས་པོ་བདེན་པ)་གང་ལ་གནས་ནས་ལས་བྱེད་དེ། དཔེར་ན་རྨི་ལམ་དང་སྒྱུ་མ་ལ་སོགས་པ་རྣམས་ལ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་(སེམས་ཅན)་དེ་རྣམས་ཀྱི་ཕྱིན་ཅི་ལོག་སྤང་བའི་ཆེད་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་བསྐྱེད་དེ་ཚོགས་སོག་པ་ནས ་ཇི་སྲིད་དུ་མངོན་པར་བྱང་ཆུབ་ནས་སེམས་ཅན་རྣམས་(དུག་གསུམ་གྱི་འཆིང་བ་ལས)་ཡོངས་སུ་གྲོལ་བའི་བར་བྱེད་དོ། །འོ་ན་བྱས་ཤིང་བསགས་པའི་ལས་(ཤེས་སྤྲིང་དུ་རྟག་པ་མངོན་པར་ཞེན་དང་གཉེན་པོ་མེད། ཡོན་ཏན་བཙོན་ལྡན་གཞི་ལས་བྱུང་བ་ཡི། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །ཞེས་གསུངས་པ་ལྟར་དུ།)་སྟོབས་དང ་ལྡན་པ་ལའང་ཅི་ཡོངས་སུ་སྦྱོང་བ་ཡོད་དམ་ཞེ་ན་ཡོད་དོ། །ལས་(ཟག་བཅས)་རྣམ་པ་གཉིས་ཏེ་མི་དགེ་བ་འདོད་པ་ན་སྤྱོད་པ་ཉིད་དང། དགེ་བ་ཟག་པ་དང་བཅས་པ་ཁམས་གསུམ་པའོ། (།ལས)་དེའི་སྟོབས་ནི་བྱེད་པ་པོ་(ལས་ཀྱི་འབྲས་བུ)་མི་འདོད་ཀྱང་དེའི་འབྲས་བུ་ལ་ཡང་ ་དག་པར་སྦྱོར་བའོ། (།ལས་ཀྱི་སྟོབས)་དེ་ཡོངས་སུ་སྦྱོར་བ་ནི་ནུས་པ་མེད་པར་བྱེད་པ་སྟེ་རྒྱུ་དང་རྐྱེན་གང་ལས་ཀྱིས་ནུས་པ་སྐྱེད་པར་བྱེད་པ་(ཱི་རྒྱུ་དང་རྐྱེན)་དེ་དང་(རྣམས)་འགལ་བའི་རྒྱུ་དང་རྐྱེན་ལ་སྦྱོར་བ་ལས་(ལས་ནུས་བསྐྱེད་བྱེད)་དེ་ནུས་པ ་མེད་པར་འགྱུར་རོ། །ལས་རྣམས་ཀྱི་འང་ཀུན་ནས་སློང་བ་ཉོན་མོངས་པ་རྣམས་དང་དམིགས་པ་ནི་ཡུལ་རྣམས་སོ། །ཉོན་མོངས་པ་རྣམས་ཀྱིའང་རྩ་བ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའོ། །དེ་ལ་དངོས་པོར་འཛིན ་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། དང་པོར་དེ་(དངོས་པོ)་ལ་ཕྱི་རོལ་དང་ནང་ཞེས་པ་དང་(མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་བཞི་ལས་བཟློག་སྟེ།)་བརྟན་པ་དང་བདེ་བ་དང་ངའི་དང་ངའོ་ཞེས་པ་ལ་སོགས་པར་སྒྲོ་འདོགས་པར་(དེ་ལྟར་འཛིན་པའི། བདེན་པ) ་བྱ་བ་དང་ལས་ལ་(ཡུལ)་ཡོན་ཏན་མཐོང་བའོ། །དེ་ལྟར་ལས་བྱེད་ཅིང་བྱས་པའི་ལས་ལ་(ཡིད་ཀྱིས)་ཡོངས་སུ་དགའ་བ་དང་(ངག་གིས)་བསྔགས་པ་རྗེས་སུ་སྒྲོགས་པ་ལ་སོགས་པ་མདུག་རྫོགས་པ་སྟེ་(རྫོགས་པར་བྱེད་པ)་གང་གིས་ཏེ་ཉེ་བར་བསགས་པར་ཡོད་པ ་འབྲས་བུ་འབྱིན་ནུས་པར་འགྱུར་རོ། །དེ་གཅོད་པ་ནི་(ཆོས་བཞི་བསྟན་པར་བྱམས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང། གཉེན་པོ་ཀུན་ཏུ་སྤྱོད་པ་དང་ཉེས་པ་ལས་ལྡོག་པའི་སྟོབས་དང་རྟེན་གྱི་སྟོབས་སོ་ཞེས་པ།)་རྣམ་པ་འདི ་ལྟ་བུ་སྟེ་ལས་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པས་སྟོབས་ཆུང་བར་འགྱུར་རོ། །གང་གི་(མདོ་དེར་དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱད་པ་དེ་ལ་འགྱོད་པ་མང་བ་ཡིན་ཞེས་བཀའ་སྩལ་པ།)་ཚེ་ལས་དེ་བྱས་ནས་དེ་མ་ཐག་ཁོ་ནར་(རྗེས་སུ་གདུང་བ)་འགྱོད་པ་དང་(ལས་ལ)་སྐྱོན ་མཐོང་བས་སུན་འབྱིན་པར་བྱེད་པ་དེའི་ཚེ་མཇུག་བཅོམ་པ་ཉིད་ཀྱི་ཕྱིར་སྟོབས་ཆུང་བ་སྟེ་(ལས་ཕྱི་མ)་ཀུན་ནས་སློང་མི་ནུས་པར་འགྱུར་རོ། །སྡིག་པ་ནི་མཁས་པ་(སྟེ་དམ་པ)་རྣམས་ཀྱིས་སྨད་པའི་ཕྱིར་དང་འབྲས་བུ་འདོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་སྤང་བར་བྱའོ།། ་དེའང་རྫོགས་པའི་སངས་རྒྱས་ལ་སོགས་པའི་མདུན་དུ་(སྔར་རྒྱས་པ་རྣམས)་སོ་སོར་ཆགས་སོ་(སླན་ཆད་སྡོམ་བས)་སོ་སོར་སྤོང་ངོ་དེ་ནི་བདག་གིས་མ་ལེགས་པར་བགྱིས་པའོ། །ཞེས་སུན་ཕྱུང་ནས་སླར་མི་བགྱིད་དོ། །ཞེས་དམ་བཅས་པས་སྤྱད་པར་བྱ་བ་སྟེ་སེམས་ཀྱི་ཆོས་(ཡིན་པ) ་ཉིད་ཀྱི་ཕྱིར་རོ། །ཁབ་ཀྱིས་ཚེར་མ་འདོན་པ་བཞིན་དུ་བསལ་བར་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་གཉེན་པོའི་ཕྱོགས་ཀུན་ཏུ་སྤྱོད་པས་ཟིལ་གྱིས་མནན་པ་(ཱི་སྡིག་པ)་ནི་ཤིན་ཏུ་སྟོབས་ཆུང་བའོ། །གཉེན་(མདོ་དར་དེ་བས་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་X ་X་ཤིན་ཏུ་བརྩོན་པའོ་ཞེས་པ་ལྟར།)་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་དང་མི་དགེ་བ་ཟག་པ་དང་བཅས་པའི་(ལས་ཀྱི)་ཡང་ཟག་པ་མེད་པའི་དགེ་བའི་ལས་ལ་ཤིན་ཏུ་མངོན་པར་སྦྱོར་བའོ། །སླར་ལྡོག་པའི་སྟོབས་ཀྱིས་ཀྱང་ཀུན་ནས་མནན་བས་ཡོད་ཀྱང་ཅུང་ཟད་ཀྱང་མི་བྱེད ་པར་འགྱུར་རོ། །སོ་སོར་ལྡོག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པ་ལས་མི་བྱེད་པའི་སྡོམ་པ་ཐོབ་པའོ། (།ཞེས་པ་བཀའ་སྩལ་ཏེ)་སྡོམ་པ་ཡང་རྣམ་པ་ལྔ་སྟེ་དགེ་བསྙེན་ཉིད་ལ་སོགས་པ་(བརྒྱད་པོ)་སོ་སོར་ཐར་པའི་སྡོམ་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་(སྡོམ་པའི་X ་X་ཚུལ་ཁྲིམས་སོགས)་ཚུལ་ཁྲིམས་རྣམ་པ་(མདོ་དར་ཡང་དེ་ལ་ཉེས་པ་ལས་ལྡོག་པའི་སྟོབས་ནི)་གསུམ་གྱི་སྡོམ་པ་དང་(བྱང་ཆུབ་ཀྱི་སེམས)་དེ་ཉིད་ཁྱད་པར་དང་བཅས་པ་དབང་བསྐུར་གྱི་སྡོམ་པ་(ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་སྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །མཆོག་ཡིན་སྡོམ་པ་གསུམ་ལ་གནས་X། ་X་སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྡོམ་པ་མཆོག་ཡིན་ནོ། །ཞེས་རྒྱུད་རྡོ་རྗེ་རྩེ་མོར་གསུངས་པ།)་དང་ཟག་པ་དང་བཅས་པའི་བསམ་གཏན་རྣམས་བསམ་གཏན་གྱི་སྡོམ་པ་དང། (བསམ་གཏན)་དེ་རྣམས་ཉིད་ཟག་པ་དང་བྲལ་བ་ཟག་པ་མེད་པའི་སྡོམ་པའོ། (།ཕྱི་མ་གཉིས་རྒྱས་པར་ཆོས་མངོན་པར་རོ།)་།དེ་ཡང ་དག་པར་ལན་པ་ནི་(སྡོམ་པ་དང་ས་གསུམ)་ཆོ་ག་ཇི་ལྟ་བ་བཞིན་འཛིན་པ་དང་སྙོམས་(ཕྱི་མ་གཉིས་ལ)་བར་འཇུག་བའོ། །སྡོམ་བ་དང་པོ་གསུམ་རྣམས་ཀྱིས་དྲན་པའི་སྟོབས་ལས་མི་བྱེད་པའི་སྡོམ་བ་(དེ་བཤད་བས)་རང་བཞིན་གྱིས་སྡིག་པའི་ལས་མི་བྱེད་པའི་(སྡོམ་བ) ་ངེས་པ་ཐོབ་པ་དང་བཞི་བ་ལས་ནི་ཀུན་ནས་སློང་བ་(འདོད་ཁམས་ཀྱི་ཉོན་མོངས)་རྣམ་པར་གནོན་པར་བྱེད་པ་(སྟེ་མནན་པས་དེ་ཤིག་ཉེས་སྤྱོད་བསྐྱེད་མི་ནུས་པར་བྱེད་པ)་དང་ལྔ་པ་ལས་ནི་ཀུན་ནས་སློང་བ་དང། (གཏན་ནས)་བྲལ་བའོ། །རྟེན་གྱི་(མདོ་སྡེར་རེ་ལ་རྟེན་གྱི་སྟོབས་བཅུ ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་སྟེ་དེ་སྡོམ་པ་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་གནོན་བར་མི་ནུས་སོ་ཞེས་པས།།)་སྟོབས་ཀྱིས་ཀྱང་སྡིག་པ་ལས་ཀྱི་འཇིགས་པ་ལས་བཞིན་དུ་བྱེད་པ་པོ་མི་འདོད་པའི་འབྲས་བུ་འབྱིན་པས་ཟིལ་གྱིས་གནོན་མི་ནུས་སོ། ། ་རྟེན་གྱི་སྟོབས་ནི་རེ་ཞིག་(དང་པོར)་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འབབ་ཞིག་ཉིད་དེ། ཇི་སྐད་དུ་ཕག་མོའི་རྟོགས་པ་བརྗོད་པར་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་འཆི་བའི་ཆོས་ཅན་དོང་གི་ཕག་མོའི་མངལ་དུ་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་འབྲས ་བུ་འབྱིན་པ་ལ་མངོན་དུ་ཕྱོགས་པ་མཐོང་ནས་འཇིགས་སྐྲག་པ་ནས་ཇི་སྲིད་བརྒྱ་བྱིན་གྱི་ངག་ལས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་(ཕག་ཏུ་སྐྱེ་བའི)་ལས་དེ་བརྩད་ནས་ཕྱུང་སྟེ་དེ་ནས་ཤི་འཕོས་པ་དགའ་ལྡན་དུ་སྐྱེས་སོ་ཞེས་བའི་བར་དུའོ། །བྱང་(འཕགས ་པ་བྱམས་པའི་རྣམ་པར་ཐར་པར་ཉེས་བ་བྱས་པ་ཐམས་ཅད་བསྲེགས་པས་བསྐལ་བའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ་ཞེས་པས།)་ཆུབ་ཀྱི་སེམས་མི་གཏོང་བའང་རྟེན་གྱི་སྟོབས་སོ། །བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ་སྨོན་པ་དང་འཇུག་པའི་སེམས་ཀྱི་དབྱེ་བ་ལས་སོ། ། ་འཇུག་པའི་སེམས་ཀྱང་ཀུན་རྫོབ་པ་དང་དོན་དམ་པའི་བྱེ་བྲག་ལས་རྣམ་པ་གཉིས་སོ་ཞེས་འཆད་པར་འགྱུར་རོ། །དེ་ལ་(སེམས་ཅན་གྱི་དོན་དུ་ཞེས་བཟང་སྤྱོད་འགྲེལ་པར)་སྨོན་པའི་སེམས་ལ་བརྟེན་ནས་ལས་ཀྱི་སྒྲིབ་པ་བརྩད་ནས་འབྱིན་པའི་དཔེར་བརྗོད་པ་ནི། མཛའ་(གང་པོ་X ་X་ལ་སོགས་པའི་རྟོག་པ་བརྗོད་པར)་པོའི་བུ་མོ་གླིང་གཞན་དུ་འགྲོ་བར་འདོད་པ་མས་བརྩེ་བས་རྐང་པ་དག་ལ་འཇུས་ནས་བཟློག་པ་ན་མ་ལ་ཁྲོ་བ་དྲག་པོས་མགོ་བོ་ལ་རྐང་པ་རྒྱབ་ནས་གཟིངས་ལ་ཞོན་པ་ནས་ཇི་སྲིད་གཟིངས་ཞིག་ནས་རྒྱ་མཚོའི་འགྲམ་ན་ཉི་ཚེ་བའི་དམྱལ་བ ་ཡོད་པར། འདིས་མ་ལ་མ་གུས་བ་བྱས་པའི་ལས་ཟད་པས་སྡོད་ཅིག་འཁོར་ལོ་འདི་ཁྱོད་ཀྱི་སྤྱི་བོར་བསྐོར་བར་འགྱུར་རོ་ཞེས་པའི་སྒྲ་བར་སྣང་ལ་ཐོས་ནས་(སེམས་ཅན)་གང་སཱུང་རུང་བ་འགྲོ་བ་འདི་ན་མ་ལ་མི་གུས་པ་(འདས་པ་ན)་བྱས་པ་རྣམས་དང་(ད་ལྟར)་བྱེད ་པ་རྣམས་དང་(མ་འོངས་པ་ན)་བྱེད་པར་འགྱུར་བ་(ཱི་སེམས་ཅན)་དེ་རྣམས་ཀྱི་ལས་དེ་བདག་ཁོ་ན་ལ་རྣམ་པར་སྨིན་པར་གྱུར་ཅིག་།སུ་ཡང་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་གྱི་སྐལ་པ་ཅན་དུ་མ་གྱུར་ཅིག་ཅེས་ཤུགས་དྲག་པོས་(བདག་བས་བཞན་གཅེས་པའི)་སྨོན་པ་(བྱང་ཆུབ་ཀྱི་སེམས) ་ལ་གནས་པ། འདི་འདྲ་བའི་ལས་མཐོང་བའི་ཆོས་ལ་ཉམས་སུ་མྱོང་བར་འགྱུར་བ་དེའང་ཡོངས་སུ་ཟད་དེ་འཁོར་ལོ་ཡང་(མཛའ་བོའི་བུ་མོ)་དེའི་སྟེང་(བར་སྣང)་ཉིད་དུ་དེ་ལྟ་ཉིད་དུ་གནས་ཤིང་སླར་འདི་སྐད་ཀྱང་ཐོས་ཏེ་ལོངས་ལ་སོང་ཞིག་ཁྱོད་ཀྱི་ལས་འདི་ནི་སྨོན་པའི་སྟོབས་ཁོ་ནར ་ལས་མ་ལུས་པར་ཟད་དོ་ཞེས་པ་ལྟ་བུའོ། །འཇུག་པའི་སེམས་བརྡར་བཏགས་པ་ནི་ལྷག་པར་མོས་པ་སྟེ། (ཚོགས་ལམ་དང་སྦྱོར་ལམ་ན་ཡོད་པ)་གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རྣམས་ལ་(མོས་ནས)་དང་སེམས་ཅན་རྣམས་གདོད་ནས་དག་པ་ཉིད་དང་(དུ་མོས་ནས) ་ཆོས་རྣམས་རང་བཞིན་གྱིས་བདག་མེད་པ་ཉིད་དུ་ལྷག་པར་མོས་ནས་བྱང་ཆུབ་(ཐོབ་བར་འདོད་པ)་དང་སེམས་ཅན་(གྱི་དོན་འགྲུབ་པར་འདོད་པས་དེ་དག)་ལ་དམིགས་ཏེ་སེམས་སྐྱེད་པར་བྱེད་དོ། །དེ་ལྟར་(ཆོས་རྣམས་བདག་མེད་དུ་མོས་པ་ལ་སོགས་པའི།)་སེམས་འདི་ནི་(བདེན་པའི)་དངོས་པོར་འཛིན ་བའི་གཉེན་པོ་ཡིན་ལ་དེའི་(དངོས་པོར་འཛིན་པ)་རྩ་བ་ཅན་གྱི་ཆོས་ཐམས་ཅད་ཀྱི་གཉེན་པོར་འགྱུར་ཏེ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་བསྐྱེད་པ་འདི་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་དེ། ཇི་སྐད་དུ་(ཉེ་བ་འཁོར་གྱིས་ཞུས་པར) ་གསུངས་པ། བྱང་ཆུབ་(བྱང་ཆུབ་སེམས་དཔའ་ཨི་བསླབ་པ་བཅོས་སུ་ཡོད་པ་དང། །ཉན་ཐོས་ཀྱི་བསླབ་པ་བཅོས་སུ་མེད་པའི་རྒྱུན་ཚན་དུ།།)་སེམས་དཔའ་(ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ)་དེ་གལ་ཏེ་སྔ་དྲོ་ལྟུང་བ་བྱུང་ན་ཉི་མ་ཕྱེད་ན་བྱང་ཆུབ་ཀྱི་སེམས་(ཐམས་ཅད་མཁྱེན་པའི་སེམས)་མངོན་དུ་བྱེད་པ་(ཱི་བྱང་ཆུབ་སེམས་དཔའ་) ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཛའ་མེད་པ་(མ་ཟད་པ)་ཉིད་དུ་རིག་པར་བྱའོ། (།འདི་རྩ་ལྟུང་དུ་འགྱུར་བ་ལ་ཐུན་ཚོད་འདས་དགོས་པའི་ཤེས་བྱེད་དུ་བྱེད་པ་ནི་མདོ་དང་གཞུང་གི་དགོངས་པ་མ་ལོངས་པའོ། །ལེགས་པར་གྲུབ་པའི་རྒྱུད་དུ་ཉིན་པར་བག་མེད་བྱས་པ་རྣམས། །མཚན་མོ་སོ་སོར་བཤགས་པར་བྱ།། ་X་ནུབ་མོ་བྱས་པ་ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །ཞེས་གསུངས་པ་དང་མཐུན་པ།)་དེ་བཞིན་དུ་རིགས་ཀྱི་བུ་བསྐལ་པའི་མེ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་ནི་ཉེས་པར་སྤྱོད་པ་ཐམས་ཅད་སྲེག་པར་བྱེད་དོ། །ཞེས་རྒྱ་ཆེར་རོ། །དེ་བཞིན་དུ་འཕགས་པ་བྱམས་པའི་རྣམ་པར་ཐར ་པར་རིགས་ཀྱི་བུ་འདི་ལྟ་སྟེ་སྒྲོན་མ་གཅིག་ཁྱིམ་མམ་གནས་ཁང་ཅི་འདྲ་བ་ཅིག་ཏུ་བཅུག་ན། དེ་རབ་ཏུ་བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་པའི་མུན་པ་མུན་ནག་ཀྱང་སེལ་ཞིང་སྣང་བར་བྱེད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་སྒྲོན ་མ་གཅིག་སེམས་ཅན་གྱི་བསམ་པའི་ཐིབས་པོ་མ་རིག་པའི་མུན་པ་དང་ལྡན་པ་ཅི་འདྲ་གཅིག་ཏུ་རབ་ཏུ་ཞུགས་ན་(བྱང་ཆུབ་ཀྱི་སེམས)་དེ་རབ་ཏུ་ཞུགས་མ་ཐག་ཏུ་བརྗོད་དུ་མེད་པའི་བསྐལ་པ་བརྒྱ་སྟོང་ཕྲག་ཏུ་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པའི ་མུན་པ་མུན་ནག་ཀྱང་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་ཡང་ཡང་དག་པར་བསྐྱེད་དོ་ཞེས་སོ། །འཕགས་པ་དཀོན་མཆོག་བརྩེགས་པར་ཡང། །འོད་སྲུངས་འདི་ལྟ་སྟེ་ཕུག་ལ་སོགས་པར་ལོ་བརྒྱ་སྟོང་ཕྲག་འདས་པ་དང་སྐྱེས་བུ་འགའ་ཞིག་གིས་ཏིལ་མར་གྱི་སྒྲོན ་མ་བྱས་ན་དེ་ཅི་མུན་པ་མུན་ནག་དེ་ང་ནི་ལོ་བརྒྱ་སྟོང་དུ་བསགས་པ་སྟེ་འདི་ནས་མི་འགྲོ་ཞེས་པར་འགྱུར་རམ་བཅོམ་ལྡན་འདས་མ་ལགས་ཏེ་གང་གི་ཕྱིར་ཏིལ་མར་གྱི་སྒྲོན་མ་བགྱིས་ན་(མུན་པ)་དེ་ལ་མི་འགྲོ་བའི་ནུས་པ་མ་མཆིས་ཏེ་དེས་གདོན་མི་འཚལ་པ་ཉིད ་དུ་འགྲོ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་ཁོ་ནར་ལས་དང་ཉོན་མོངས་པ་བརྒྱ་སྟོང་ཕྲག་དུ་མར་བསགས་པའང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་(བདག་མེད་རྟོག་པ)་གཅིག་གིས་འགྲོའོ་ཞེས་སོ། །བྱང་ཆུབ ་ཀྱི་སེམས་ལ་ཞུགས་ན་ནི་ཁ་ན་མ་ཐོ་པ་ཐམས་ཅད་འདག་པ་ལ་ཐེ་ཚོམ་མེད་དོ། །ཇི་སྐད་དུ་དེ་བཞིན་གཤེགས་པའི་གསང་བའི་མདོར་གསུངས་པ་འོད་སྲུངས་དེ་གལ་ཏེ་སེམས་ཅན་ཅིག་ཁ་ན་མ་ཐོ་བ་ཆེན་པོ་(ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་བསད་པ་དང། དཀོན་མཆོག་གསུམ་གྱི་དཀོར་X ་X་ཕྲོགས་པ་དང། མ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཡིན་པ་ལ་འདོད་ལོག་སྤྱད་པ་དང། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་དང། དགེ་འདུན་གྱི་དབྱེན་བྱེད་པ་དང། འཕགས་པ་རྣམས་ལ་རྩུབ་བ་ཟེར་བ་དང། ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་དང། ཡང་དག་པ་སོང་བ་དང། ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་ཕྲོག་པར་སེམས་པ་དང། མཚམས་མེད་པ་བྱེད་བར་སེམས་པ་དང། ལྟ་བས་གཟིངས་པ་སྟེ།) ་མི་དགེ་བ་བཅུ་པོ་འདི་རྣམས་ཡང་དག་པར་ལྡན་པར་གྱུར་ལ་(སེམས་ཅན)་དེའང་དེ་བཞིན་གཤེགས་པའི་ཆོས་བསྟན་པ་(སྡིག་པ་ཟད་པར་བྱེད་པའི)་རྒྱུ་དང་རྐྱེན་ལྡན་པ་ལ་ཞུགས་ཏེ་འདིར་(ང་རྒྱལ་བསྐྱེད་པའི་དོན་གྱིས་ན)་བདག་གམ་(ཞུམ་པའི་བདག་ཉིད་ཅན་ཡིན་པས)་སེམས་ཅན་ནམ་(རིས་X ་X་མཐུན་པར་གནས་པ)་སྲོག་གམ་གང་(རྒྱུ་ལས)་བྱེད་པ་པོ་འམ་གང་(འབྲས་བུ་བདེ་སྡུག)་ཚོར་(ཞིང་མྱོང)་བ་པོ་ཅི་ཡང་མེད་དོ་ཞེས་མ་(ས་གང་ཟག་གི་བདག་མེད་དུ་དོན་དམ་པར)་བྱས་མངོན་པར་འདུས་མ་བྱས་པ་(དེ་བཞིན་དུ་སྣང་བ)་སྒྱུ་མའི་ཆོས་ཉིད་ལ་(ཆོས་ཀྱི་བདག་མེད)་འཇུག་གོ་ནས་སེམས་ཅན ་དེ་ངན་འགྲོར་འགྲོ་བར་ང་མི་སྨྲའོ་ཞེས་པའི་བར་དང། ཇི་སྲིད་དུ་གང་འདི་ལྟར་(བདག་མེད་པ་སོགས་དང་མ་བྱས་པ་སོགས་སུ)་ལྷག་པར་མོས་པར་འགྱུར་བ་དེ་ལ་ནི་ལྟུང་བ་དང་ལྟུང་བའི་གནས་ཅི་ཡང་མེད་དོ། །དེ་ཅིའི་སླད་དུ་ཞེ་ན། གནས་མེད་ཅིང་གོ་སྐབས་(མི་དགེ་བ་ལྕི་བ་བྱས་པ) ་མེད་པ་སྟེ་གང་སྒྲིབ་པ་མེད་པ་ལ་ལྟུང་བ་གནས་པ་འདི་ནི་གནས་ཡོད་པ་མ་ཡིན་ནོ་ཞེས་པའི་བར་དུའོ། །ལྷག་པའི་བསམ་པ་བསྐུལ་བའི་མདོར་ཡང། མདོར་བསྡུས་ནས་དོན་མེད་པ་སྤང་བར་གསུངས་ཏེ། བྱམས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པས་ལྔ ་བརྒྱ་བ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འཇུག་བཞིན་པ་ན་བདེ་བླག་ཏུ་(ཉོན་མོངས་པའི་འཆིང་བ་ལས)་ཡོངས་སུ་གྲོལ་བར་འདོད་པས་འདོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་འདོད་པས་(གཡང་བ་འབྱུང་རྒྱུ)་ཚོགས་ལ་མངོན་པར་དགའ་བ་མེད་པར་འབྱུང་བར་བྱ ་ཞིང་དགོན་པ་(གྲོང་ལས་རྒྱང་གྲགས་ཡན་ཆད་འཕགས་པ)་དང་ནགས་དང་བས་མཐར་གནས་པས་བརྩོན་པ་དང་མི་བརྩོན་པའི་སེམས་ཅན་ཡོངས་སུ་སྤངས་པ་(ས་འདུ་འཛི་མེད་པ)་བདག་ཉིད་ཀྱི་འཁྲུལ་པ་རྟོག་པ་གཞན་གྱི་འཁྲུལ་བ་མི་ཚོལ་བ་ཅང་མི ་སྨྲ་བ་བསྒོམ་པ་ལ་དགའ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་ལ་མངོན་པར་དགའ་བས་བསྒོམ་པར་བྱའོ་ཞེས་སོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་མདོར་ཡང་གསུངས་པ། འཇམ་དཔལ་ཆོས་ཐམས་ཅད་སྒྱུ་མ་དང་སྤྲུལ་པ ་ལྟ་བུར་ཡོངས་སུ་ཤེས་པ་དང་ལྡན་པ་ལ་(ཱི་གང་ཟག)་སྒྱུ་མ་ལྟ་བུའི་སེམས་ནི་ཆོས་རྣམས་ལ་གང་དཱུང་སྒྲིབ་པ་མེད་དོ། །འཇམ་དཔལ་དེ་ལྟ་ན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རང་གི་ཀུན་ཏུ་རྟོག་པས་དམྱལ་(སྡིག་པ་བྱས་ཏེ།)་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན ་རྗེའི་འཇིག་རྟེན་དུ་ལྟུང་ངོ། །མེད་པའི་ཆོས་ཡོངས་སུ་བརྟགས་ནས་(འཁོར་བའི)་སྡུག་བསྔལ་སྟོང་ཕྲག་མང་པོ་རྣམས་ཉམས་སུ་མྱོང་ངོ་ཞེས་སོ། །གང་ཡང་མདོ་དང་རྒྱུད་དང་གསང་སྔགས་ལ་སོགས་པ་ཟབ་མོ་དེ་རྣམས་དོན་(ཆོས་རྣམས་སྤྲོས་པ་དང་བྲལ་ཞིང་སྒྱུ་མ་ལྟ་བུའི།) ་འདི་མངོན་པར་བརྗོད་པར་བྱེད་དེ། དེ་(མདོ་ལ་སོགས་པ་ཟབ་མོ)་རྣམས་ལེན་པ་དང་འཛིན་པ་ལ་སོགས་པས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་ཟད་པར་བྱེད་ལ་དེ་ལྟར་(འཛིན་པ་སོགས་བྱེད་པ)་འདིའི་ཉེས་པར་སྤྱོད་པ་དེ་འབྲས་བུ་འབྱིན་མི་ནུས་པར་འགྱུར་ན་སྐྱེས་བུ་དམ་པ་ལ ་བརྟེན་ནས་ཆོས་ཟབ་མོ་ཉན་པ་དང་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་སོ་སོར་རྟོག་པ་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་(ཆུང་ངུ་མཐོང་ལམ)་པའི་ཡན་ལག་བསྒོམས་པ་འབྱུང་བ་ནི་ཤིན་ཏུའོ། (།ལས་ངན་ཟད་པར་བྱེད་པ།)་འདིར་དཔེར་བརྗོད་པ་ནི་(ལས་ཀྱི་སྒྲིབ་པ་རྒྱུན་གཅོད ་X་པའི་མདོར།)་དགེ་སློང་དཔས་བྱིན་ཚུལ་ཁྲིམས་དང་ལྡན་པ་བསོད་སྙོམས་སྤྱོད་པ་བུད་མེད་མཆོག་གིས་མཐོང་སྟེ་(བུད་མེད)་དེ་ཡང་ཆགས་པ་དྲག་པོས་བརྒྱལ་བ་(དགེ་སློང)་དེས་དབུགས་ཕྱུང་བས་རང་བཞིན་དུ་གནས་པ་(ཱི་ཚོང་དཔོན་གྱི་བུ་མོ)་གཟུགས་མཛེས་བ ་དང་ལྷན་ཅིག་ཀུན་ནས་སྦྱར་ཞིང་མང་དུ་གནས་ལ། (བུད་མེད)་དེའི་བདག་པོ་ལའང་དུག་དང་བཅས་པའི་ཁ་ཟས་བྱིན་ནོ། (།བདག་པོ)་དེ་ཡང་ཤི་ཞེས་ཐོས་ནས་(དགེ་སློང)་དེ་འདི་ལྟར་གྱུར་ཏེ། ཀྱེ་མ་བདག་གིས་མི་བཟད་པའི་(འཇིགས་སུ་རུང་བ)་ལས་བྱས་ཏེ་གང་གི་ཕྱིར་བདག ་གིས་འདོད་པའང་(ལོག་པ)་སྤྱད་མི?་རང?་བསད་དོ་ཞེས་པ་དང། ཀྱེ་མ་ཀྱེ་ཧུད་བདག་དམྱལ་བར་འཇུག་པར་འགྱུར་རོ་ཞེས་དེ་ལུས་དང་སེམས་གདུང་བ་དྲག་པོར་ཡོངས་སུ་གྱུར་ཏེ། སུ་ཡིས་བདག་འཕོངས་པ་འདི་ལས་གྲོལ་བར་བྱེད་ཅེས་རྣམ་པར་རྨོངས་པ་(སྨྱོས་པ)་བཞིན་དུ ་འཁོར་ཞིང་གཙུག་ལག་ཁང་གི་སྒོར་ས་ལ་འགྱེལ་ལོ། (།ལས་དེ་སྲབ་མོར་གྱུར་གྱི་བར་དུ་སྡིག་པ་འཆགས་པའི་སྟོབས་ཀྱིས་བསལ་བར་བྱས་སོ།།)་དེ་ནས་བྱང་ཆུབ་སེམས་དཔའ་ངོ་མཚར་བླ་མས་དགེ་སློང་དེ་ནགས་སུ་ཁྱེར་ཏེ་བར་སྣང་ལ་གནས་ནས་ལུས་(བྱང་ཆུབ་སེམས་དཔའ་རང)་ལས་དེ་བཞིན་གཤེགས ་པ་མང་པོ་སྤྲོས་པ་རྣམས་ཀྱི་ཆོས་བསྟན་པས་ལྷའི་བུ་སྟོང་ཕྲག་བཞི་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དེ་མ་ཐག་ཏུ་དགེ་སློང་གི་ལུས་ལ་བ་སྤུའི་བུ་ག་ཐམས་ཅད་ནས་དམྱལ་བའི་མེ་བྱུང་བ་(བྱང་ཆུབ་སེམས་དཔའ་ཨི)་བྱིན་རླབས་ཀྱིས་ཞིའོ། །དགེ་སློང་དེ་ཡང ་ཡོངས་སུ་གདུང་བ་དང་བྲལ་ཏེ་སེམས་བྱང་ཆུབ་ཀྱི་རྣམ་པ་དང་ལྡན་པས་སྐྱེ་བ་མེད་པའི་ཆོས་ཀྱི་ཚུལ་ལ་རབ་ཏུ་དཔྱད་ནས་(བདག་མེད་རྟོགས་ཏེ)་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ་ཞེས་སོ། །ཡངས་པ་ཅན་དུ་དགེ་སློང་དྲི་མ་མེད་པའི་འོད་ཟེར་བསོད་སྙོམས་ལ་རྒྱུ་བ་ན་སྨད ་འཚོང་མ་ཡང་དག་པར་ཆགས་པས་སྔགས་ཀྱིས་བཏབ་པའི་བསོད་སྙོམས་ལྷུང་བཟེད་དུ་བླུགས་པའི་དེ་མ་ཐག་ཏུ་ཡང་དག་པར་ཆགས་ཏེ་(སྨད་འཚོང་མ)་དེ་དང་ལྷན་ཅིག་ཏུ་(འཁྲིག་པའི)་རྩ་དགའ་ཉམས་སུ་མྱོང་སྟེ་གཙུག་ལག་ཁང་དུ་འོངས་ནས་འགྱོད་པ་ཆེན ་པོ་སྐྱེས་པས་ཡོངས་སུ་གདུངས་པ་ལ་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་བསྟན་པ་མཛད་པ་ནས་སྟོང་པ་ཉིད་ལས་ལྷག་པར་མོས་པ་བསྟན་པ་ལ་དགའ་བ་མཆོག་དང་ལྡན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་སོ། །གང་ཡང་དེ ་ལྟ་བུར་(ལས་ཕལ་ཆེར་ཟད་པར)་གྱུར་ཀྱང་ཞིང་བརྡས་པས་ན་སོགས་རྩ་རྟར་འགའ་ཞིག་ཏུ་ལས་ཀྱི་ལྷག་མ་ཅུང་ཟད་ལུས་པ་དང། གང་ཡང་(མཛོད་དུ་ཉོན་མོངས་རབ་དང་དྲག་པོ་དང་ཡོན་ཏན་ཞིང་དང་རྒྱུན་ཆགས་སུ་བྱས་པ་གང་ཞིག་ཡིན་པ་དང་ཕ་མ་གསོད་གང་དེ་ངེས་སོང་ཞེས་གསུངས་X ་X་ཤིང་ངེས་པ་ལས་བཟློག་པས།)་ཉམས་སུ་མྱོང་བར་ངེས་པ་མེད་པའི་ལས་(སྟོབས་ཆུང་བ)་དེའི་རྣམ་པར་སྨིན་པར་མི་ནུས་པ་ཉིད་ནི། དེ་ལ་(མས)་དབང་བའི་སྟོབས་ཀྱིས་རྣམ་པར་སྨིན་པ་ཕྱིས་བསལ་ནས་(བསོད་ནམས་ཀྱི)་ཚོགས་ཀྱི་ཡན་ལག་ཉིད་དུ་བསྐྱེད་པས་རྣམ་པར་སྦྱོང་ངོ། ། ་དགེ་བའི་ལས་ཟག་པ་དང་བཅས་པ་ནི་(སྲིད་པའི་འབྲས་བུ་འབྱིན་བར་ནུས་པ)་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང་(ཡིས)་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང། (ཡིས)་ཡང་དག་པའི་དོན་སོ་སོར་(སྟོང་ཉིད)་རྟོགས་པས་ཟག་པ་མེད་པ་ཉིད་དུ་བསྐྱེད་ནས་(བསོད་ནམས་དང་ཡེ་ཤེས་ཀྱི) ་ཚོགས་ལ་མངོན་དུ་ཕྱོགས་པར་བྱེད་པས་རྣམ་པར་སྦྱོང་ངོ། །དོན་དམ་པར་བྱང་ཆུབ་ཀྱི་སེམས་ཀྱང་(མདོ་སྡེ་རྒྱན་དུ་རྫོགས་པའི་སངས་རྒྱས་རབ་བརྙེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར།)་ཆོས་ཐམས་ཅད་སྐྱེ་བ ་མེད་(པར་རྟོགས)་པའི་ཤེས་རབ་ཟག་པ་མེད་པ་སྟེ། དེས་ནི་ལས་དམིགས་པ་མེད་པ་དང་བྱ་བ་མེད་པ་དང་བྱེད་པ་པོ་མེད་དེ་གང་ཞིག་གང་གིས་རྣམ་པར་སྦྱོང་བའོ། །དོན་དམ་པ་ལ་གནས་པས་ནི་(ཆོས)་གང་དཱུང་འཇུག་པ་འང་ལྡོག་པ་མེད་དོ་ཞེས ་ཆོས་ཐམས་ཅད་ནི་མི་དམིགས་པ་ཁོ་ནས་ལས་རྣམ་པར་སྦྱང་ངོ། (།སྐུ་ལ་བྱེད་ཀྱི་གཟུངས་བསླབ་བཏུས་སུ་དྲངས་པར)་རྨི་ལམ་དཱུང་སྡིག་པ་ཟད་པའི་མཚན་མ་རྣམས་མཐོང་སྟེ་འདི་ལྟ་སྟེ་ཟས་ངན་པ་ལ་སོགས་པ་སྐྱུག་པ་དང་ཞོ་དང་འོ་མ་ལ་སོགས་པ་ཟ་བ་འམ་(ཞོ་དང་འོ་མ་སོགས) ་སྐྱུག་པ་དང་ཉི་མ་དང་ཟླ་བ་མཐོང་བ་དང་ནམ་མཁའ་ལ་འགྲོ་བ་དང། མེ་འབར་བ་དང་(ཐུབ་པ)་སྐྱེས་བུ་དུག་དང་བཅས་པ་ནག་པོ་(ཐུབ་བ་འམ།)་ཕམ་པར་བྱས་པ་དང་དགེ་སློང་དང་དགེ་སློང་མ་མཐོང་བ་དང་འོ་མ་ཅན་གྱི་ཤིང་དང་(ལ་འཛེག་པ)་གླང་པོ་(ལ)་དང་ཁྱུ ་མཆོག་དང་(ལ)་རི་དང་(ལ)་སེངྒེའི་ཁྲི་(ལ)་དང་ཁང་བཟང་(ལ)་དང་གྲུ་ལ་འཛེགས་པ་དང་ཆོས་ཉན་པ་ལས་སྡིག་པ་ཟད་པར་ཡང་དག་པར་མཚོན་པར་བྱའོ། (།ཞེས་བཀའ་སྩལ་པ)་དེ་ལྟར་རེ་ཞིག་བྱས་པའི་ལས་རྣམ་པར་སྦྱོང་བ་བརྗོད་ཟིན་ཏོ། (།བཟང་སྤྱོད་འགྲེལ་བར)་གལ ་ཏེ་དེ་ལྟར་རྣམ་པར་དག་པ་ཡོད་ན། བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང། །ལུས་ཅན་ལས་རྣམས་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་དང། །འབྲས་བུར་ངེས་པར་སྨིན་པར་འགྱུར། །ཞེས་པ་ལ་སོགས་པའི་གསུང་རབ་(འབྲས་བུ་ངེས་པར་འབྱིན་པ)་ཅི་ལྟར་ཞེས་ན་(བརྒྱད ་X་སྟོང་འགྲེལ་པར་རྩེ་མོའི་རྟགས་ཀྱི་ཐད་དུ)་དེ་ནི་གཉེན་པོ་བསྒོམ་པ་ལ་སོགས་པ་མེད་ན་ཞེས་ཤེས་པར་བྱའོ། (།ཞེས་སོ)་མ་འོངས་པའི་ལས་ནི་(ལས་བསྐྱེད་པའི)་རྐྱེན་རྣམས་མ་ཚང་བ་བསྐྱེད་པས་མི་སྐྱེ་བ་ཉིད་སྦྱོང་བ་སྟེ། མ་སྐྱེས་པ་ནི་(དངོས་པོ)་ཅིའི་ཡང་གག?་སུ་འགྱུར་བ་མེད ་དོ། །དེ་ལ་(རྐྱེན་མ་ཚང་བ་བསྐྱེད་པ)་ཀུན་ནས་སློང་བའི་རྐྱེན་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། (ཉོན་མོངས་པ)་གང་ཀུན་ནས་གནས་པ་(ཱམ་གང་གིས་བཅུག་པ)་ལས་མི་འདོད་ཅིང་མི་ཤེས་ཀྱང་བློ་མ་སྦྱངས་པ་རྣམས་བྱ་བ་མ་ཡིན་པ་བྱེད་པའོ་བློ་སྦྱངས་པ ་རྣམས་ནི་དཔའ་བོ་སྟེ་(དཔའ་བོ)་དེ་རྣམས་ཟིལ་གྱིས་མི་ནོན་ཞིང་སླར་ལ་དེ་རྣམས་ཉིད་དེ་(མཁས་པ)་རྣམས་ཀྱིས་ཟིལ་གྱིས་གནོན་ནོ། །ཟིལ་གྱིས་གནོན་པའང་ཡང་དག་པའི་སོ་སོར་རྟོག་པས་(སྟོང་པ་ཉིད་ལ་སོགས་ཤེས་པ)་བརྫུན་པ་ཉིད་དུ་རྟོགས་ཏེ་(ཉོན་མོངས་པ་མི་མཁས་པ) ་འདི་རྣམས་ཀྱི་སྐྱེ་གནས་ནི་ཀུན་ཏུ་རྟོག་པ་ཉིད་ཡིན་པའི་ཕྱིར་རོ། (།ལས་ཀྱི)་དམིགས་པའི་རྐྱེན་ནི་ཡུལ་རྣམས་ཏེ་(ཡུལ་རྣམས)་གང་གིས་འདི་(སྐྱེས་བུ་ཚུལ་བཞིན་མིན་པ་མཚན་འཛིན་པ)་རྣམས་འབྲོས་པ་རྣམས་བཟློག་པ་པོས་སྐྲ་ནས་འཛིན་པ་བཞིན་དུ་(ངེས་གཟུང་ལ་ལན་གཉིས་སྨོས་པས) ་སྟོབས་ཀྱིས་བཀུག་ཅིང་བཀུག་ནས་བཙོན་ཁང། (འཇོག་པ)་བཞིན་དུ་བདུད་ཀྱི་ཡུལ་ལ་འཇོག་པ། དོན་དམ་པའི་གཙང་བ་ཉིད་ཐོབ་པའི་(ལས་བསྐྱེད་ནུས་ཀྱི་ཉོན་མོངས་པ་བཅོམ)་བརྟན་པ་རྣམས་ནི་(འདོད་པའི་ཡོན་ཏན་ལ་སྤྱོད་པ་རྣམས་ཀྱི་མཆོག་ཏུ་གྱུར་པ)་གཞན་འཕྲུལ་དབང་བྱེད་ཀྱི་སའི་མཐར་ཐུག ་པའི་འདོད་པ་རྣམས་ཀྱིས་ཀྱང་མི་ཁུགས་(ན་མའི་འདོད་ཡོན་སོགས་ཀྱིས་ལྟ་ཅི་སྨོས)་ཤིང་ཟིལ་གྱིས་མི་ནོན་ཏེ་སྔ་མ་བཞིན་ཞེས་པས་ལས་རྣམས་སྐྱེ་བ་མེད་དོ་ཞེས་པ་(ཉེ་སྤྱོད)་སྡོམ་པའི་ཚུལ་ཁྲིམས་ཁྱད་པར་དང་བཅས་པ་རྒྱས་པ་དང་བཅས ་པ་བརྗོད་ཟིན་ཏོ། །དེའང་(སྡོམ་པའི་ཚུལ་ཁྲིམས)་བྱང་ཆུབ་སེམས་དཔའ་ཨི་སེམས་གནས་པའི་ཆེད་དུ་འགྱུར་རོ། །འཇུག་པའི་ཚུལ་ཁྲིམས་ནི་གཉིས་ཏེ་དགེ་བའི་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་(བྱང་ཆུབ་སེམས་དཔའ་)་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་ཚད ་དུའོ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱང་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུའོ། །འདི་(བྱང་ཆུབ་སེམས་དཔའ་ཨི་ལེའུ་བཅུ་པར)་ཙམ་ཡང་བྱང་ཆུབ་སེམས་དཔའ་ཨི་བྱ་བ་ཐམས་ཅད་དོ། (།དེ་ཅི་ཞེ་ན)་འདི་ལྟ་སྟེ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཆེད་དུ་སེམས་གནས ་པ་དང། ལུས་དང་སེམས་ངལ་བ་མེད་པའི་(བདག་ཉིད་དང་སེམས་ཅན)་ཡོངས་སུ་སྨིན་པ་གཉིས་སོ་ཞེས་པའོ། །འཇུག་པའི་ཚུལ་ཁྲིམས། (གཉིས་པོ)་འདིའི་རྟེན་དུ་ལྡོག་པའི་(སྡོམ་པ)་ཚུལ་ཁྲིམས་ཏེ་(དེས)་ཡིད་དང་རྗེས་སུ་མཐུན་པ་ཕུལ་དུ་བྱུང་བའི་(ཐར་ལམ་སྒྲུབ་པ་X ་དང་རྗེས་སུ་མཐུན་པ)་ལྷ་དང་མིར་སྐྱེ་བ་རྣམས་དང་(ལྷ་མི)་དེ་རྣམས་ཉིད་བདག་གི་དངོས་པོ་དང་(ལུས)་ལོངས་སྤྱོད་དང་ཕྱི་རོལ་གྱི་དངོས་པོ་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་གྱི་འབྲས་བུ་བསྐྱེད་པར་བྱེད་པ་རྣམ་པར་གྲོལ་བའི་(ཐར་པ)་མཚན་ཉིད་རྣམས ་ཀྱང་ངོ། །དགེ་བའི་ལས་ཀྱི་ལམ་(ཚུལ་ཁྲིམས་གསུམ་པོ)་འདི་རྣམས་ཐོས་པ་ལ་སོགས་པ་དང་སྦྱིན་པ་ལ་སོགས་པ་རྣམས་ཀྱི་ཇི་ལྟ་ཇི་ལྟར་ཉེ་བར་བྱེད་པ་ཇི་ལྟར་ཇི་ལྟར་མཆོག་ཏུ་(བྱ་ནོམ་པས)་བླ་ན་མེད་པ་དང་མཆོག་ཏུ་(རྒྱ་ཆེ་བས)་ཡོངས་སུ་རྒྱས་པར་འགྱུར་ཏེ ་གང་གིས་(བརྗོད་མ་ཐག་པའི་མངོན་མཐོ་དང་?་སོགས་ཀྱི)་རྣམ་པ་དེ་ལྟ་བུའི་འབྲས་བུ་ཐོབ་པར་བྱེད་དོ། །གང་གཞན་དུ་(ཡུམ་རྒྱས་འབྲིང་དག་གིས་མཐར་གྱིས་པའི་ཚུལ་ཁྲིམས་རྗེས་དྲན་དུ)་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པ་དགུ་གསུངས་པ་དེ་ནི་(སྡོམ་པ་ལ་སོགས་པའི། བླ་ན་མེད་ཅིང་རྒྱས་པ) ་ཚུལ་ཁྲིམས་རྣམ་པ་གསུམ་པོ་འདི་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་(གསུངས་སོ)་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་(དགུ་པོ)་ཏེ་དེ་སྐྱོན་མེད་པ་ནི་ཇི་ལྟར་བླངས་པའི་བསླབ་པ་(རྩ་ལྟུང་དང་ཡན་ལག་ལྟུང་བ་སོགས)་གཅིག་ལས་ཀྱང་མི་འདས་པའི་ཕྱིར་རོ། །མ་ཉམས ་ཤིང་མ་རལ་པ་ནི་བསླབ་པ་མང་པོ་(གསུམ་ལ་སོགས་པ)་ལས་མ་འདས་པའི་ཕྱིར་རོ། །འདྲེས་པ་མ་ཡིན་པ་ནི་(ཚུལ་ཁྲིམས་ཏེ)་མི་དགེ་བ་དང་མ་འདྲེས་པའི་ཕྱིར་རོ། །ནོག་ནོག་པོར་མ་གྱུར་པ་ནི་སྲིད་པའི་ལོངས་སྤྱོད་ཀྱི་དོན་དུ་ཡོངས་སུ་མ་བསྔོས་པའི་ཕྱིར་རོ། །འདི་ཉིད་ཐུན ་ཚོགས་མ་ཡིན་པའི་ཚུལ་ཁྲིམས་ཤེས་བརྗོད་དེ་ལྟུང་བ་མེད་པའི་རྣམ་པ་གཞན་གྱིས་ནོག་ནོག་པོར་མ་གྱུར་པའི་རྣམ་པ་གཞན་བསྟེན་པའི་ཕྱིར་རོ། །གང་སྐྱོན་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་དེ་རང་དབང་ཅན་དེ་(མི་དགེ་བ་དང་མ་འདྲིས་ཤིང་སྲིད་པའི་X ་X་ལོངས་སྤྱོད་ཀྱི་དོན་དུ་མ་བསྔོས་པས།)་སྲིད་པའི་འབངས་ལས་གྲོལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་རྣམས་ཀྱིས་ཚུལ་ཁྲིམས་འདི་བསྔགས་པའོ། །ཏིང་ངེ་འཛིན་ཡང་འགྲུབ་པར་བྱེད་པ་སྟེ་ཚུལ་ཁྲིམས་དང་ལྡན་པ་ལས་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །དེའི་ཕྱིར ་འདི་འདྲ་བའི་ཚུལ་ཁྲིམས་ནི་བསྟེན་པར་བྱའོ། །དེ་འཕགས་པ་དཔའ་བོས་(ཕ་རོལ་ཏུ་ཕྱིན་པ་བསྡུས་པར)་གསུངས་པ། གང་ཞིག་ལུས་དང་ངག་དང་ཡིད་(ཉེས་སྤྱོད་ལས)་སྡོམ་པ། །འདི་ནི་མདོར་བསྡུས་ཚུལ་ཁྲིམས་ཡིན་གསུངས་ཏེ། (།ཚུལ་ཁྲིམས)་འདི་ལ་གནས་རྣམས ་འགྲོ་ལ་ཕན་པའི་དོན། །སེམས་པ་(ཱི)་ཁྱད་པར་འབྲས་བུ་དང་བཅས་འགྱུར་ཞེས་སོ། །བཟོད་པ་ནི་བཟོད་པར་བྱེད་པ་སྟེ། དོན་དམ་པ་ནི་རྣམ་པར་རྟོག་(པ)་ཞིབ། (།དེ)་བཟོད་པའི་དེ་(ཁོ་ན)་ཉིད་རིག་པས་བཟོད་པར་གསུངས། (ཏེ་གཞན་གྱི་གནོད་པ་དང་སྡུག་བསྔལ་དང་ཆོས་ཟབ་མོ་X ་X་མི་རིགས་པར་མི་རྟོགས་པས་སོ།།)་དེ་ཕྱིར་འཇིག་རྟེན་རྨི་ལམ་ལྟར་རྟོག་པ། (སྣང་ལ་རང་བཞིན་མེད་པར)་རྣམ་རྟོག་ཉེ་བར་ཞི་ལ་འབད་པར་བྱ། །བརྩོན་འགྲུས་ནི་(སྤྱོད་འཇུག་ཏུ་བརྩན་གང་དགེ་ལ་སྤྲོ་བའོ་ཞེས་པས)་དགེ་བའི་ལས་ལ་སྤྲོ་བ་སྟེ། ས་གཞི་མཛའ་དག་མེ་འདག་ཏུ་བྱ་བ་འམ། །མཚོན་གྱིས ་བཀང་བ་རྐང་པས་མནན་བྱས་ནས། །གང་ཞིག་ཐུབ་དབང་ལྟ་བ་འམ་ཞི་བའི་ཆོས། (།ཀྱི)་བཅུད་ལེན་བཏུང་ཕྱིར་(རྒྱུ་དང་དེས་མཚོན་པའི་དགེ་འདུན་ལ)་མཆོག་ཏུ་སྤྲོ་བའོ། །བསམ་གཏན་ནི་(རྟག་བྱ་འམ)་གཟུང་བར་བྱ་བ་(དམིགས་པ)་ལ་སེམས ་རྩེ་གཅིག་པ་ཉིད་ཡིན་ལ། །དེའང་(སེམས་རྩེ་གཅིག་པ)་ལུས་དང་སེམས་དབེན་པ་དག་ཁོ་ན་ལས་འགྱུར་ཏེ། ཇི་སྐད་དུ་འཕགས་པ་ཟླ་བ་སྒྲོན་མར་(ཱི་ལེའུ་ལྔ་པ)་གསུངས་པ། (གང་ཟག)་གང་རྣམས་འདོད་པ་སྤངས་ཤིང་མེ་(ལྕི་སྐམ་གྱི)་ལྟ་བུའི། །བུ་དང་ཆུང་མ་རྣམས ་ལ་སྲེད་སྤངས་ནས། །ཤིན་ཏུ་སྐྲག་པས་ཁྱིམ་ནས་ངེས་མཐོན་པ། (།འི་གང་ཟག)་དེ་རྣམས་བྱང་ཆུབ་མཆོག་འདི་རྙེད་མི་དཀའ་། །གང་རྣམས་ཁྱིམ་གྱི་ནང་ན་གནས་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་བྱུང་བ་དང།། ་མ་འོངས་འབྱུང་འགྱུར་གང་ཞིག་(ད་ལྟར)་བཞུགས་པ་མེད། །རྒྱལ་སྲིད་(རྡོ་རྗེ་བློན་པོ་ཡུལ་འཁོར་རྗོད་མཛོད་དང་མཛའ་བཤེས་དཔུང་རྣམས་ནི་ཡན་ལག་བདུན་ལྡན་རྒྱལ་སྲིད་དོ་ཞེས་ཀོ་ས་ལའི་རྒྱན་དུ་གསུངས།།)་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དཔེན་པ་འདོད་པས་ནགས་ཀྱི་ནང་གནས་ན། །ཉོན་མོངས ་རབ་ཏུ་སྤོངས་ཤིང་བདུད་བཅོམ་ནས། (།སྒྲིབ་གཉིས་ཀྱི)་རྡུལ་བྲལ་འདུས་མ་བྱས་པའི་(རྒྱུད་བླ་མར་ཐོག་མ་དཔུས་མཛའ་མེད་པ་ཡི་རང་བཞིན་ཡིན་ཕྱིར་འདུས་མ་བྱས་ཞེས་པ།)་བྱང་ཆུབ་རྟོགས་ཞེས་སོ། །སླར་ཡང། གྲོང་དང་(ཁྱིམ་གཅིག་ལ་སོགས་པ་ཡོད་པ)་གྲོང་ཁྱེར་ལ་(ནི་བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་X ་X་གནས་སོ་ཞེས?་བརྒྱད་སྡོང་འགྲེལ་ཆེན་དུ་གསུངས་སོ། །བཟོ་བཅོ་བརྒྱད་ནི་ཚོང?་བ་རྫ་མཁན?་ཕྲེང་བརྒྱུད་ཆང་མ་བྱུགས་རྫི་འབྲེག་མཁན་འབྲུ་མང་མཁན་བྱ་མཁན་མདར་བ་ཤིང་མཁན་ཐ་ཀ་བ་ཀོ་པགས་མཁན་ཉ་པ་བཙོ་བླག་མཁན་སྨིག་མ་མཁན་ཤན་བ་གཤེད་མ་ཤིང་རྟ་མཁན་རྣམས་སོ་ཀོ་ས་ལའི་རྒྱན་དུ་གྲོང་ཁྱེར་ནི་བཟེའི་བྱེ་བྲག་བཅོ་བརྒྱད་ཡོད་པ་སྟེ། སྨན་པ་རྩིས་མཁན་རི་མོ་བ་མགར་བ་སེན་མོ་འབྲེག་པ་X ་?་?་?་ཤིང་?་?་རྩིག་པའི་བླག་མཁན་པ་མཁན་ཐག་མཁན་ཚེམ་བུ་བ་འཁུར་བ་མཁན་ཡིག་མཁན་ཆང་འཚོང་མ་ཤན་པ་གོང་འཚོང་བ་རིན་པོ་ཆེའི་བཟོ་བྱེད་པའི་ཞེས་སོ།།)་དགའ་རྣམས་སྤངས་ནས་(།རི་དགས)་བསེ་(ཱི)་རུ་(ཱམ་?་རུ་ལྟ་བུའི་རང་སངས་རྒྱས)་རྟག་ཏུ་གཉིས་པ་མེད་(པར?་གཅིག་པུར)་འབྱུང་བ་ལྟར། །ནགས ་ཁྲོད་དབེན་པ་རྟག་ཏུ་བསྟེན་བྱས་ནས། །རིང་པོ་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་པ་དང། སླར་ཡང། (ལེའུ་བཅུ་དགུ་བར)་འཇིག་རྟེན་དགའ་བ་རྟག་ཏུ་བདེ་མིན་པས། །གང་ལ་འདིར་མཛའ་མི་མཛའ་འགའ་མེད་པར། །གང་ཞིག་ནགས་དང་རི་སུལ་མངོན ་དགའ་དེས། །ཤིན་ཏུ་བདེ་བ་དྲི་(མ་ཟག་པ)་མེད་(པ)་རྗེས་(སུ)་མྱོང་འགྱུར། །གང་འདིར་བདག་གི་འཛིན་པ་ཅི་འང་མེད། (།དེ་ཉིད་བཤད་པས)་གང་ལ་ཡོངས་འཛིན་ཀུན་དུ་ཡོད་མིན་པར། །འཇིག་རྟེན་འདིར་ནི་བསེ་རུ་བཞིན་(གཅིག་པུར)་སྤྱོད་པ། །དེ་ནི་མཁའ་ལ་རླུང་བཞིན ་འགྲོ་བར་འགྱུར། (།ལེའུ་དེ་ཉིད་དུ)་གང་རྣམས་སླར་ཡང་ལོག་པར་(རྟག་པ་དང་གཅོད་ས་དང་བདེ་བ་དང་བདག་ཏུ་འཛིན་པ)་རབ་ཞུགས་ཏེ། །བྱིས་པ་རྟག་ཏུ་འདོད་(པའི)་ཡོན་ཏན་ལ་དགའ་བ་རྣམས། །ཇི་ལྟར་བྱ་རྒོད་རོ་ལ་ལྷག་མོས་ལྟར། །རྟག་ཏུ་(འདོད་ཡོན་གྱི)་དབང་འགྱུར་(ཆགས་པ་མེད་པར) ་གྲོལ་བར་མི་འགྱུར་རོ་ཞེས་སོ། །འཕགས་པ་ཡུལ་འཁོར་སྐྱོང་གི་མདོར་ཡང། །མཛའ་ཡས་སྐྱོན་གྱི་(ས་གཟིངས་པའམ)་ཐིབས་པོ་ཁྱིམ་ནི་སྤངས་ནས་སེམས་བལྟོས་མེད་པ་དེ་རྣམས་ནི། ངེས་པ་རྟག་ཏུ་ནགས་སུ་(དགོན་པར)་དགའ་བ་ཐོབ་ཅིང་ཡོན་ཏན་ལྡན་རྣམས ་དབང་པོ་ཞི།། (མིག་སོགས་ཡུལ་ལ་མི་སྲེད་པས)་དེ་རྣམས་བུད་མེད་སྐྱེས་པ་རྣམས་དང་འདྲིས་པ་གང་དཱུང་ཡོད་མིན་ཞིང། །བསམ་པ་དག་པ་དྲི་མ་མེད་རྣམས་བསེ་རུ་ལྟ་བུར་གཅིག་པུར་གནས། །དེ་རྣམས་(ཆོས་གོས་ལ་སོགས་པ)་རྙེད་པས་དགའ་བར་མི་འགྱུར་མ་རྙེད་པས ་ཀྱང་ཡིད་མི་ཞུམ། །འདོད་པ་ཆུང་ཞིང་(ཡོ་བྱད)་ངན་སོང་རྣམས་ཀྱིས་མངོན་དགའ་རྒྱུ་དང་ཚུལ་འཆོས་སྤངས་ཤེས་སོ། །སླར་ཡང་(ཡུལ་འཁོར་སྐྱོང་གིས་ནུས་པའི་མདོ་དེ་ཉིད་དུ)་རིགས་པ་མ་ཡིན་པའི་སྤྱོད་པས་དེ་རྣམས་དབུལ་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །དེ་(དགེ་སློང་འདུ་འཛིལ་དགའ་བ) ་རྣམས་རབ་ཏུ་བྱུང་ཞིང་བསྟན་པ་འདི་ལ་རྙེད་པ་ཙམ་གྱིས་ཚིམ་པ་སྐྱེ་བར་འགྱུར་རོ། །དེ་རྣམས་སྡིག་པ་འཆགས་པར་ཡང་མི་འགྱུར་ན་ཡེ་ཤེས་ཀྱི་མངོན་པར་རྟོགས་པ་ལྟ་ཅི་སྨོས། དེ་རྣམས་སངས་རྒྱས་ཀྱི་ཡོན་ཏན་སྤངས་ནས་བདག་ནི་དགེ་སྦྱོང་ངོ་ཞེས་བདག་ཉིད་དམ ་འཆའ་བར་འགྱུར་རོ། །ཇི་སྲིད་དུ་ལུས་དང་སྲོག་ལ་བལྟོས་པ་དང་བཅས་པ་ནི་ཆོས་ཡོངས་སུ་ཚོལ་བར་ང་མི་སྨྲའོ། །སྐྱེས་བུ་རྨོངས་པ་དེ་རྣམས་ལ་ཇི་ལྟ་བ་དེ་ལྟར་སྟོན། (མུ་སྟེགས་པའི)་པ་དྲུག་ལ་མི་སྨོད་དོ། །དེ་རྣམས་ནི་གཞན་དུ་སྨྲ་བ་གཞན ་དུ་བྱེད་པ་བསླུ་བར་བྱེད་པ་སྟེ། དེ་རྣམས་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱི་བདེ་འགྲོ་ཡང་རིང་ན་བྱང་ཆུབ་ལྟ་ཅི་སྨོས་ཞེས་སོ། །འཕགས་པ་(དམ་པའི་ཆོས་དྲན་པ་ཉེ་བར་བཞག་བར་བསམ་གཏན་དང་ཁ་དོན་གྱི་བར་དུ་གཅོད་པར་བྱེད་པ་བཅུ་འདི་ལྟ་སྟེ་འདུ་འཛིན་གཏམ་སྙན་པ་དང་རི་མོ་འགྲི་བ་དང་སྙན་ངག་ལ ་X་སྦྱོང་བ་དང་གཟི?་ཚོགས་དང་རྒྱུ་སྐར་སེམས་པ་དང་ཟས་རྙེད་པ་བདག་གི་བྱེད་པ་དང་ཤ་ཟ་མོ་ལྟར་ནོར་སྒྱུར་བར་སེམས་པ་དང་རྒྱལ་བ་ལ་བསྟེན་པ་དང་མཁས་པ་རྣམས་ལ་མི་འདྲི་བ་དང་བདེ་བ་ལ་འཕྲོན་དུ་འབོད་པ་དང་འདྲི་ཞིང་གནས་པ་ཞེས་བཀའ་སྩལ་པའང་འདིར་འགྲིག།)་དཀོན་མཆོག་བརྩེགས་པར་འོད་སྲུངས་འདི་ལྟ་སྟེ་ནོར་བུ་རིན་པོ་ཆེ་མི་གཙང་བར་ལྟུང་ན་དོན་མེད ་པར་འགྱུར་བ་དང། སྨད་པར་བྱ་བར་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་མང་དུ་ཐོས་པ་རྙེད་པ་དང་བཀུར་སྟིའི་མི་གཙང་བར་ལྟུང་བ་བལྟ་བར་བྱའོ། །ཅུང་ཞིག་ཀྱང་མེད་པ་ལ་(ཡོངས་འཛིན་ཀུན་སྤངས་པ)་ནི་ལྷ་དང་མི་(རྣམས)་དགའ་བར་འགྱུར་རོ། །གཞན་ཡང་རང་དོན་ཙམ་ལ ་འགྲོ་བ་ཡི། (།ལྷུར་ལེན་པ)་ཕྱུགས་(མི་རྣམས་ལྟ་ཅི་སྨོས)་ཀྱང་འདི་ལྟར་ཉོན་མོངས་ཏེ། །འགྲོ་བའི་དོན་བསྒྲུབ་(པའི)་བསོད་ནམས་ཅན། (།ནམ་སྐལ་བ་བཟང་པོ)་དེ་རྣམས་སྐྱེ་བོ་ཆེན་པོའོ། །གྲང་དང་རླུང་སོགས་སྡུག་བསྔལ་རྣམས། །རང་དོན་(སློབ་དཔོན་ཨཱརྱ་དེ་བས་སེམས་ཀྱི་སྒྲིབ་སྦྱོང་དུ) ་སེམས་པས་ཀྱང་བཟོད་ན། །འགྲོ་བའི་དོན་དུ་ཞུགས་པ་རྣམས། (།སྡུག་བསྔལ)་དེ་རྣམས་ཅི་ལྟར་བཟོད་མི་བྱེད། །དམྱལ་བའི་སྡུག་བསྔལ་རྣམས་ཀྱང་ནི། །སྙིང་རྗེ་ཅན་གྱིས་བཟོད་བྱ་ན། །གྲང་དང་རླུང་སོགས་སྡུག་བསྔལ་རྣམས། །དེ་རྣམས་ད་ལྟ་ཅི་ཕྱིར་སེམས ་ཞེས་པས་(འཕགས་པ་དཔའ་བོས་ཕ་རོལ་ཏུ་ཕྱིན་བ་བསྡུ་བར)་འཇིག་རྟེན་ཕན་ལྟ་དང། །སངས་རྒྱས་ཉིད་དུ་འགྱུར་འདོད་པས། །རྟག་ཏུ་སྦྱོར་བས་བསམ་གཏན་ནི། །རྩོམ་པ་ཡང་དག་འབད་པ་བྱེད། །ངལ་བསོས་ངལ་བསོས་བསྲུབས་པ་ཡིས། །མེ་ནི་འབྱུང་(ཞེས་སོ) ་བར་མི་འགྱུར་བ། །དེ་ཉིད་སྤྱོད་དང་སྦྱོར་བ་ལའང། །ཁྱད་པར་རྟོགས་པ་མེད་ནའོ། (།ཏིང་ངེ་འཛིན་མི་སྐྱེ)་དེ་བཞིན་དཱུང། ཤེས་རབ་(ཕ་རོལ་ཏུ་ཕྱིན་པ་བསྡུས་པར)་མི་བརྩོན་བློ་ཅན་གང་ཕྱིར་ལྟ་བ་ནི། །དག་པར་མི་འགྱུར་(ལྟ་བ)་དེ་མེད་ནའང་ཚུལ་ཁྲིམས་མེད། །དེ་མེད་ན་ནི ་ཡང་དག་ཏིང་འཛིན་ཐོབ་མེད་ཅིང། (།ཏིང་ངེ་འཛིན)་དེ་དང་བྲལ་ལས་སྡུག་བསྔལ་ཟད་པ་དེ་བཞིན་ཉིད། (དེ་མེད)་ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོར་(ཱི་ལེའུ་དགུ་པ)་གསུངས་པ། གཞན་ཡང་ཏིང་འཛིན་འདི་ན་སྒོམ་མད་ཀྱང། །ཏིང་ངེ་འཛིན་གྱི་འདུ་(ཚུལ་ཁྲིམས) ་ཤེས་(ཤེས་རབ་ཀྱི)་མི་འཇིག་ན། །དེ་ཡི་(སྒོམ་པ་པོ)་ཉོན་མོངས་སླར་ཡང་འཁྲུག་འགྱུར་ཏེ། །ལྷག་སྤྱོད་འདིར་ནི་ཏིང་འཛིན་སྒོམ་པ་བཞིན་ཞེས་སོ། །མི་འཇིག་པ་ནི་རྣམ་པར་མི་དཔྱོད་པའོ། །དེ་ལྟར་ནི་སྐྱིལ་ཀྲུང་དམ་པ་བཅས་ནས་དུས་རིང་པོར་ཞི་གནས་དེའི ་བདག་ཉིད་དུ་གྱུར་པའི་དྲང་སྲོང་ལྷག་སྤྱོད་ཀྱི་རལ་བའི་བུག་པར་གནས་མི་གཡོ་བའོ་ཞེས་ཏེ་བྱི་བ་བུ་སྐྱེས་པའི་བུ་དང་(བུའི་བུ)་ཚའོ་རྣམས་ཀྱིས་དུས་རིང་པོར་རལ་པ་དམ་དུམ་དུ་བྱས་ཏེ་ས་ལ་ལྟུང་ལ། དྲང་སྲོང་དའང་དུས་རིང་པོ་ན་ཏིང་ངེ་འཛིན་(ཀྱི་ཏིང་ངེ་འཛིན) ་དེ་ལས་ལངས་ནས་རལ་པ་དེ་ལྟ་བུ་མཐོང་སྟེ། མཉམ་པར་གཞག་པས་(མངོན་ཤེས་ཀྱིས)་ཡོངས་སུ་ཤེས་ནས་ཞེ་སྡང་ཞིང་གཏུམ་པར་གྱུར་ནས་དེར་སྨྲས་པ་བདག་གང་ན་བྱི་བ་གསོད་ཅིང་ཟ་བ་དེར་སྐྱེ་བར་གྱུར་ཅིག་ཅེས་ལོག་པའི་སྨོན་ལམ་གྱི་དབང་གིས་བྱི ་ལའི་མངལ་དུ་སྐྱེས་ནས་(བྱི་བ་གསོད་ཅིང་ཟ་བར)་དེ་ལྟར་བྱེད་པ་འཕགས་པ་རྣམས་ཀྱིས་གཟིགས་ཏེ་གསུངས་པ། ཀྱེ་མ་ཏིང་ངེ་འཛིན་ཤིན་དུ་(སེམས)་དེའི་བདག་ཉིད་དུ་གྱུར་ཀྱང་ལྷག་མཐོང་མེད་ན་མི་གཡོ་བའི་ཏིང་ངེ་འཛིན་བཞིན་དུ་ཉོན་མོངས་པ་(ཱི་ས་བོན)་རྩ ་བ་ནས་འདོན་མོ་ནུས་ཏེ། དེ་ལྟར་(ཡིན་པའི་རྒྱུ་མཚན)་ནི་ཡུན་རིང་པོར་ཡང་ཏིང་ངེ་འཛིན་གྱིས་(མངོན་དུ་རྒྱུ)་བསིལ་བའི་ཉོན་མོངས་པ་སླར་འཁྲུགས་པ་རྣམས་ཀྱིས་ལྷག་སྤྱོད་བྱི་ལར་བྱས་སོ། །ཞེས་སོ། (།འཕགས་པ་བསམ་གཏན་པའི་དཔེ་མ་བྱུང་གྱི་མདོ་སྡེར་ཡང་ཞི་གནས་ཐོས་དགྲ་བཅོམ་དུ་ནོམ་པ་X) ་*། (།X་འཆི་བའི་ཚེ་རང་ཉིད་སྐྱེ་བ་ལེན་པར་མཛད་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཐེ་ཚོམ་སྐྱེས་ཏེ་ཤི་ནས་ང་རྒྱལ་བ་ཆེན་པོར་ལྟུང་བར་བཀའ་སྩལ་ཏོ།།)་དེའང་(ཤེས་རབ)་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་(སྲིད་ཞི་ལ)་རབ་ཏུ་མི་གནས་པའི་སེམས་ཉིད་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ་ཕུལ་དུ་བྱུང་བ་ཐོབ་པ་ནི་ཤེས་རབ་སྟེ། དེ་ནི་(ཕུལ་བྱུང་ཐོབ་པ་འམ་ཤེས་རབ)་འཇིག་རྟེན་པའང་ཡོད་པས་དེའི་ཕྱིར་ཆོས་ཀྱི་དེ་ཁོ་ན་ཉིད་(བདག་མེད་པ)་ཡོངས་སུ་ཤེས་པ་ལས་ཤེས་བྱ་དག་པའི་ཕ་རོལ་ཕྱིན་(ཅིང)་སོང་བས་(ཱམ་རྟོགས་པ)་ན་ཕ་རོལ་ཏུ་ཕྱིན་པའོ། །ཡང་ན་ཕ ་རོལ་ཏུ་ཕྱིན་པ་སྟེ་རྟོགས་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱང་འདི་ཡིན་ལ་ཕ་རོལ་ཏུ་ཕྱིན་པའང་འདི་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་པའི་(ཐར་བའི་ལམ་ལ་མ་ཞུགས་པ་འམ་ཚོགས་སྦྱོར་ལ་གནས་པ།)་།ཤེས་རབ་ནི་ཤེས་བྱའི་དེ་ཁོ་ན་ཉིད་ཡོངས་སུ ་ཤེས་པ་མེད་པ་ལ་སོགས་པས་དེ་ལས་བཟློག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པར་བརྗོད་དོ། །དེ་ཁོ་ན་ཉིད་དེ་ཡང་གང་ཟག་དང་ཆོས་ཀྱི་སྟོང་པ་ཉིད་དོ། །ཡང་ན་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཡེ་ཤེས་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད ་མཁྱེན་པ་ཐོབ་པ་(སངས་རྒྱས་ཀྱི་སའི?་ཤེས་རབ)་ནི་ཕ་རོལ་ཏུ་ཕུལ་དུ་བྱུང་བའི་མཐར་(མུར་ཐུག་པ)་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། (།སླར?་མི?་ཏཱའི་ཏཱ་ཡིག་ངོ་བོའི་རྐྱེན་དུ་བྱས་པ)་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་ཤེས་རབ་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །ལུང་དཱུང་(ངོ་བོའི་རྐྱེན་གྱི་མཐས་ཆོས་ཉིད་བརྗོད་པས་ན་ཆོས་ཅན་བརྗོད་པར་ཅི་འཐད་ཅེ་ན)་ངོ་བོའི་རྐྱེན་གྱི་མཛའ་ཡིས་ཆོས་ཀྱང་བརྗོད་ཀྱི་ཆོས་ཉིད་ཁོ་ན་ནི་མ་ཡིན་ནོ། །དཔེར་ན་གཤེར་བ་ཆུའི་ཁམས་སོ་གཤེར་བ་ཉིད་ཆུའི་ཁམས་སོ་ཞེས་པ་བཞིན་ནོ། །ཡང་ན ་པ་ར་མ་ནི་དོན་དམ་པ་སྟེ། པ་ར་མ་ལས་བྱུང་བ་ནི་པཱ་ར་མི་ཡིན་པས་དོན་དམ་པ་ཆོས་ཐམས་ཅད་(སྟོང་པ་དང་བདག་མེད་པར)་མཉམ་པ་ཉིད་ཀྱི་རང་བཞིན་ལ་དམིགས་ནས་སྐྱེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་ན་ཕ་རོལ་གྱི་སྒྲས་པའི་བཤེར་བ་ཉིད་ཅེས་པ་ཆོས་ཅན་བརྗོད་པ ་དེ་བཞིན་ཉིད་བརྗོད་དེ་ཐམས་ཅད་ཀྱི་ཕ་རོལ་ཏུ་(ལམ་མཆོག)་གྱུར་པའི་ཕྱིར་རོ། །ཕ་རོལ་དེ་བཞིན་ཉིད་རྟོག་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་བཤད་པའི་རྣམ་པ་འདི་ཐམས་ཅད་ཀྱང་བཅོམ་ལྡན་འདས་མ་བར་མར་བཙལ་བར་བྱའོ། ། ་ཇི་ལྟར་(དགའ་ལྡན་གྱི་ལུས་རྣམ་བཞག་ཏུ)་ན་ཆོས་ཀྱི་སྐུའི་མཛད་པ་(དང་བཅས་པ)་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། (ཤེར་ཕྱིན)་དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། (།ཞེས་སོ)་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཁམས་གསུམ་དུ་འཁོར་བ་སེལ ་བར་འབྱུང་བའོ། །གང་གི་ཕྱིར་(ཤེར་ཕྱིན)་འདི་ནི་རིག་པ་སྟེ་མ་རིག་པའི་གཉེན་པོར་གྱུར་པ་ཡིན་ལ་མ་རིག་པའི་རྩ་བ་ཅན་ནི་འཁོར་པའོ། །དེ་སྐད་དུ་ཡང་གསུངས་པ། ལས་དང་ཉོན་མོངས་པས་འཕངས་པའི་སྐྱེ་བའི་རྒྱུ་ནི་འཁོར་བའོ་ཞེས་སོ། (།རྟེན་འབྲེལ་གྱི་རྣམ་བཞག་X? ་X་འདི་རྣམས་བཤེས་སྤྲིང་གི་འགྲེལ་པ་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ་ན་ཇི་ལྟ་བར་སྣང།)་དེ་ལྟར་ནི་(ཀུན་རྫོབ་དང་དོན་དམ་པའི)་བདེན་པ་གཉིས་མི་ཤེས་པ་ནི་མ་རིག་པའོ། །མ་རིག་པའི་རྐྱེན་གྱིས་མི་དགེ་བ་འདོད་(ཁམས་གོང་མ་གཉིས་ན་མེད་པས)་པ་ན་སྤྱོད་པ་ཁོ་ན་དང་དགེ་བ་ཟག་པ་དང་བཅས་པ་ཁམས་གསུམ་པའི ་ལས་ནི་འདུ་བྱེད་དོ། །ལས་དེའི་ས་བོན་གང་ཡིན་པ་(ཱི་ས་བོན)་དེས་ཡོངས་སུ་བསྒོས་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་(སློབ་དཔོན)་ཟླ་བ་གྲགས་པའོ། །མཛོད་དུ་ནི་(རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན)་འདུ་བྱེད་ཀྱི་རྐྱེན་གྱིས་མའི་མངལ་དུ་ཉིང ་མཚམས་སྦྱོར་བའི་སྐད་ཅིག་གི་ཕུང་པོ་ལྔ་(པ་ཀུན)་རྣམ་པར་ཤེས་པ་ཞེས་བཤད་དོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཏེ། དེའང་ཉིང་མཚམས་སྦྱོར་བའི་གནས་སྐབས་སུ་མའི་མངལ་དུ་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ ་བཞི་རྣམས་དང། (མིང)་འབྱུང་བ་དང་རྒྱུར་བྱས་པའི་(འབྲས་བུ)་གཟུགས་(རེག་བྱ་སོགས)་ཇི་ལྟར་སྲིད་པ་སྟེ་(གཟུགས)་དེ་ཉིད་ནུར་ནུར་པོ་ཞེས་བརྗོད་ཅིང་རིམ་གྱིས་མེར་མེར་པོ་དང་གོར་གོར་པོ་དང་ནར་ནར་པོ་དང་ཡན་ལག་འགྱུར་བ་ལ་སོགས་པའི་གནས་སྐབས་རྣམས་སོ།། ་དེ་ལ་ཕུང་པོ་བཞི་པོ་རྣམས་ནི་ཡང་སྲིད་པར་(སྐྱེ་བ་ལེན་པ་ལ)་གཞོལ་བར་བྱེད་པའི་ཕྱིར་རམ་འབུལ་ལ་(གཟུགས་སོགས)་གཞོལ་བར་(མངོན་པར་ཕྱོགས་པ)་བྱེད་པའི་ཕྱིར་མིང་ཉིད་དོ། །འབྱུང་བ་དང་རྒྱུར་བྱས་པའི་གཟུགས་ནི་གྲང་བ་(དང་ཚ་བ་རླུང་ཉི་མ)་ལ ་སོགས་པ་རྣམས་ཀྱིས་རྣམ་པར་འགྱུར་བ་(སྔར་དང་མི་འདྲ་བའི་གནས་སྐབས)་སྐྱེ་བའི་ཕྱིར་གཟུགས་ཉིད་དོ། །མིང་དང་གཟུགས་དེ་ཉིད་རིམ་གྱིས་འཕེལ་བར་སོན་པ་ནི་མིག་ལ་སོགས་པའི་(དོན་པ)་གནས་སྐབས་སུ་སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་ཞིང་(མིག་སོགས་ཚད་པའི)་གནས ་སྐབས་དེར་སྐྱེ་མཆེད་དྲུག་རྫོགས་པར་འགྱུར་ལ། སྐྱེ་མཆེད་ཉིད་ནི་(དུ་འཇོག་པའི་དོན)་སེམས་དང་སེམས་ལས་བྱུང་བ་སྐྱེ་པའི་སྒོའི་དོན་གྱིས་ནའོ། །སྐྱེ་མཆེད་དྲུག་པོ་དེ་རྣམས་ཡོངས་སུ་སྨིན་པ་ལས་དང་ཡུལ་ལ་མངོན་དུ་ཕྱོགས་པར་གྱུར་པ་ལས་དབང་པོ་དང་ཡུལ་དང ་རྣམ་པར་ཤེས་པ་གསུམ་འདུས་པའི་(ས་ཡུལ་ཡོངས་སུ་གཅོད་པ)་བདག་ཉིད་རེག་པ་སྐྱེའོ། (།རེག་པ)་འདི་ནི་རྟེན་གྱི་བྱེ་བྲག་གིས་རྣམ་པ་(མིག་གི་འདུག་ཏེ་རེག་པ་སོགས)་དྲུག་གོ་།རེག་པ་བདེ་བ་ཉམས་སུ་མྱོང་བ་ལ་སོགས་པའི་ངོ་བོ་གང་འདྲ་བ་དེ་འདྲ་བའི་ཚོར་བ་(བདེ་བ་ལ་སོགས་པ) ་སྐྱེའོ། །དེ་བཞིན་དུ་འདུ་བྱེད་ཀྱིས་འཕངས་པའི་ཡན་ལག་(ལས་དེ)་སྲེད་པ་དང་ལེན་པས་གསོད་པས་(ནུས་པ་མཐུ་ཅན་དུ་གྱུར་པ)་འཆི་བའི་དུས་སུ་སྲིད་པར་(ཡན་ལག་བཅུ་པ)་འགྱུར་རོ། (།འོ་ལས་སྲིད་པ)་ཇི་ལྟར་འཕངས་པའི་རིམ་གྱིས་སྐྱེའོ་རྒས་སོ་འཆིའོ། །དེ་ལ་སྲེད་པ ་གང་ཞེ་ན། གང་བདེ་བའི་ཚོར་བ་ལ་མི་འབྲལ་བར་མངོན་པར་འདོད་པ་དང། སྡུག་བསྔལ་ལ་(ཱམ་མངོན་པར་རླན་པ)་འབྲལ་བར་མངོན་པར་འདོད་པ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་གཉིས་ཀར་མངོན་པར་འདོད་པ་མེད་པའོ། །ལེན་པ་ནི ་གང་འདོད་པ་ལ་སོགས་པ་(ལྟ་བ་ཚུལ་ཁྲིམས་བརྟུལ་ཞུགས་བདག་གི་དངོས་པོ)་རྣམས་(??་པ་ལ་??)་འདུན་ཞིང་(ཐོབ་པ་ལ)་ཆགས་པའོ། (།ལེན་པ)་དེ་དམིགས་པའི་བྱེ་བྲག་གིས་རྣམ་པ་བཞི་སྟེ་འདོད་པའི་ལེན་པ་དང་ལྟ་བའི་ལེན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས ་ཀྱི་ལེན་པ་དང་བདག་གི་དངོས་པོའི་ཉེ་བར་ལེན་པའོ། །འདོད་ཆགས་དེས་འདོད་པ་ལ་སོགས་པ་(ལྟ་བ་ཚུལ་ཁྲིམས་བརྟུལ་ཞུགས་བདག་གི་དངོས་པོ)་ཉེ་བར་ལེན་པར་འགྱུར་བས་སོ། །སྲེད་པ་དང་ལེན་པ་དག་ལ་(གཉིས་ཀ་འདོད་ཆགས་སུ་མཚུངས་པས)་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་མེད་པར ་ཡང་སྲིད་ལ། (སྐྱེ་བ་ལེན་པ)་མངོན་པར་དགའ་བ་ནི་སྲེད་པའོ། །ཁྱད་པར་(བརྒྱ་བྱིན་ནམ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་ན་ཅི་མ་རུང་སྙམ་པ་སོགས)་གྱིས་ནི་ལེན་པའོ། །ཡང་ན་(སྐྱེ་བའི)་རིང་བའི་རྒྱུ་སྲེད་པ་དང་(སྐྱེ་བའི)་ཉེ་བའི་རྒྱུ་ལེན་པའོ། །དེའི་ཕྱིར་དེ་ལྟར་འདུ་བྱེད་ཀྱི་ས་བོན་སྲེད་པ་དང་ལེན་པས ་གསོས་པ་(དང་མངོན་པར་རླན་པ)་འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པ་ནི་(ལས་ནུས་པ་མཐུ་ཅན)་སྲིད་པ་ཞེས་བརྗོད་དོ། །མདོ་ལས་ནི་འདོད་པའི་སྲིད་པ་དང་གཟུགས་ཀྱི་སྲིད་པ་དང་གཟུགས་མེད་པའི་སྲིད་པ་ཞེས་གསུངས་ཏེ། འོན་ཀྱང་(མདོ་དང་དམྱལ་བའི་དང་བྱོལ་སོང་གི་དང་ཡི་དགས་ཀྱི་དང་X ་X་ལྷའི་དང་མིའི་དང་ལས་ཀྱི་དང་བར་དོའི་སྲིད་པ་ཞེས་བདུན་བཀའ་སྩལ་བའི།)་ལས་ཀྱི་སྲིད་པ་ཁོ་ན་ལ་དགོངས་པའོ། །སྲིད་པའི་དེ་མ་ཐག་ཏཱུང་(སྐྱེ་བ)་འདིར་རྣམ་པར་ཤེས་པ་གང་ཡིན་པ་དེ་(ཉིང་མཚམས་སྦྱོར་བའི་ཕུང་པོ་ལྔ་པོ)་སྐྱེ་བར་འགྱུར་ཏེ་མིང་དང་གཟུགས་ལ་སོགས་པ་རིམ་གྱིས་ཚོར་བ་ཇི་སྲིད་པའོ། ་སྐྱེས་པའི་རྒ་བ་དང་འཆི་བ་ལ་སོགས་པར་འགྱུར་རོ། །དེ་ལྟར་བརྗོད་པའི་རིམ་པས་བདག་མེད་པ་ཅན་གྱི་སྡུག་བསྔལ་གྱི་ཚོགས་འདི་ཀུན་ཏུ་འབྱུང་བར་འགྱུར་རོ། །དེ་ལྟར་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ནི་མདོར་བསྡུས་ནས་ཡན་ལག་བཞི་(སྐྱེ་བ) ་རྣམས་སུ་རྣམ་པར་གཞག་པར་བྱས་སོ་ཞེས་རིག་པར་བྱའོ། །འདི་ལྟ་སྟེ་(རྒྱུ་དུས་སུ)་འཕེན་བྱེད་ཀྱི་ཡན་ལག་དང་(འབྲས་དུས་སུ)་འཕངས་པའི་ཡན་ལག་དང་མངོན་པར་འགྲུབ་བྱེད་ཀྱི་ཡན་ལག་དང་(འབྲས་བུ)་མངོན་པར་གྲུབ་པའི་ཡན་ལག་གོ་ཞེས་པ་སྟེ། (མ་རིག་སོགས)་གསུམ་དང ་བཞི་(མིང་དང་གཟུགས་སོགས)་དང་(སྲེད་པ་སོགས)་གསུམ་དང་(སྐྱེ་བ་སོགས?)་གཉིས་སོ་ཞེས་པ་རིམ་པ་ཇི་ལྟ་བ་བཞིན་ཏེ། ཡན་ལག་བཅུ་གཉིས་པོ་བསྡུས་པ་ལས་ཡན་ལག་བཞི་རྣམས་སུ་བསྒྲགས་པའོ། །གང་(ཡན་ལག་བཅུ་གཉིས)་འདི་རྣམས་(རྒ་ཤིའི)་གནས་སྐབས་ཀྱི་བར་ལ་རེག ་པ་ལ་སྟེ་གང་བར་སྐབས་ཁོ་ནར་ཤི་བ་ལ་མ་ཡིན་ལ་གཟུགས་དང་གཟུགས་མེད་པ་ལ་སྤྱོད་པའང་མ་ཡིན་ནོ། །དེ་ལྟར་རེ་ཞིག་སྐྱེ་བ་གཉིས་ཀྱི་(ལ་རྟེན་འབྲེལ་བཅུ་གཉིས་རྫོགས་བ་ཉིད)་རྣམ་པར་བཞག་པའི་དབང་དུ་བྱས་ནས་དེ་བཞིན་དུ་བརྗོད་ལ ་སྐྱེ་བ་གསུམ་དུ་ཡང་རྣམ་པར་བཞག་སྟེ། དེ་ལ་མ་རིག་པ་དང་འདུ་བྱེད་འདས་པའི་སྐྱེ་བའོ། །རྣམ་པར་(ཉིང་མཚམས་སྦྱོར་བའི)་ཤེས་པ་ནས་སྲིད་པའི་བར་ནི་ད་ལྟར་གྱི་སྐྱེ་བའོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་སྐྱེ་བའོ། །དེ་ལ་མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་འདས ་པའི་སྐྱེ་བར་བྱས་པ་རྣམས་ཀྱིས་སྐྱེ་བ་འདིར་ཉིད་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དང་པོར་བྱས་ནས་(མིང་གཟུགས་སྐྱེ་མཆེད་དྲུག་རེག་པ)་ཚོར་བ་ཇི་སྲིད་པར་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱེད་དོ། །ད་ལྟར་བའི་(སྐྱེ་བའི)་སྲེད་པ་དང་ལེན་པ་དང་སྲིད་པ་རྣམས ་ཀྱིས་ཀྱང་མ་འོངས་པའི་སྐྱེ་བ་(དང)་ལ་སོགས་པ་(རྒ་ཤི)་བསྐྱེད་དོ། །སྐྱེ་བ་གསུམ་གྱི་རྣམ་པར་བཞག་པ་འདིའི་དགོས་པའང་སྔོན་དང་ཕྱི་མའི་མཛའ་དང་བར་མ་རྣམས་ལ་ཀུན་དུ་རྨོངས་པ་བཟློག་པའོ། །དེ་ལྟར་གསུངས་མོད་ཀྱི་འོན་ཀྱང་མ་རིག་པའི་རྐྱེན ་ཅན་གྱི་འདུ་བྱེད་རྣམས་ཀྱི་(ད་ལྟར་གྱི)་སྐྱེ་བ་བསྐྱེད་པའི་དུས་ན། (འགྲུབ་བྱེད)་སྲེད་པ་དང་ལེན་པ་དང་སྲིད་པ་རྣམས་ཀྱང་ཡོད་ལ་(སྲེད་པ་སོགས)་དེ་རྣམས་ཀྱི་ཤང་མ་འོངས་པའི་སྐྱེ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ་(འཕེན་བྱེད)་མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་རྣམས་ཀྱིས ་ཀྱང་(མ་འོངས་པའི་སྐྱེ་བ་དང་རྒ་ཤི)་བྱ་བ་སྟེ། མིང་དང་གཟུགས་ལས་གཞན་བའི་སྐྱེ་བ་ལ་སོགས་པ་རྣམས་མེད་པའི་ཕྱིར་(སྐྱེ་བ་སོགས)་དེ་རྣམས་ཉིད་རྣམ་པ་གཞན་(མིང་དང་གཟུགས)་གྱིས་བཤད་པར་འགྱུར་རོ། །དེའི་ཕྱིར་སྐྱེ་བའི་རྣམ་པར་བཞག་པ་(གསུམ་དང་གཉིས་སུ་བྱས) ་གཉིས་འགལ་བ་མེད་དོ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དེ་ཡང་(རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོར་ཡན་ལག་བྱེ་བྲག་བཅུ་གཉིས་གང་ཐུབ་པ་རྟེན་འབྲེལ་གསུངས་དེ་རྣམས་ཉོན་མོངས་ལས་དང་སྡུག་བསྔལ་སྟེ། གསུམ་པོ་དག་ཏུ་འདུས་པར་ཟད། ཅེས་གསུངས་པས།)་ཀུན་ནས་ཉོན་མོངས་པ་གསུམ་གྱི་བདག་ཉིད་དང་ལམ ་གསུམ་དུ་རིག་པར་བྱའོ། །དེ་ལ་(དང་པོ་བརྒྱད་དང་དགུ་ཉོན་མོངས། གཉིས་པ་བཅུ་ང་ལས་ཡིན་ཏེ། ལྷག་མ་བདུན་ནི་སྡུག་བསྔལ་ཡིན། བཅུ་གཉིས་ཆོས་ནི་གསུམ་དུ་འདུས། ཞེས་བྱང་ཆུབ་སེམས་འགྲེལ་དུ་གསུངས།)་ཉོན་མོངས་པ་ནི་ཀུན་ནས་ཉོན་མོངས་པ་སྟེ། གང་གི་ཕྱིར་ཉོན་མོངས་པའི་དབང་གིས་ལས་དང་སྐྱེ་བ་འཕེན་པར ་བྱེད་ལ་བདེན་པ་མཐོང་བ་(མཐོང་ལམ་པ)་ལ་ལས་ཡོད་ཀྱང་ཡང་སྲིད་འཕེན་པ་མེད་པའི་ཕྱིར་དང། ཉོན་མོངས་པ་(སྲེད་ལེན)་ཀུན་ཏུ་སྤྱོད་པས་ཡང་སྲིད་པའི་ས་བོན་(དེ)་སྲིད་པར་(ལས་ནུས་པ་ཅན་དུ)་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡང་སྲིད་པར ་ཉིད་མཚམས་སྦྱར་བས་འཆིང་བར་བྱེད་པའི་ཕྱིར་(ཉོན་མོངས་པ་ནི)་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་ཡང་རྒྱུ་མཚན་ནོ། །དེ་ཉིད་(ཉོན་མོངས་པའི་སེམས་ཀྱིས་ཡང་སྲིད་ལེན་པ)་ཀྱི་ཕྱིར་དགྲ་བཅོམ་པ་ལ་ཉིད་མཚམས་སྦྱོར་བ་མེད་དོ། །ཉོན་མོངས་པ་ཅན་གྱི་སེམས་མེད་པའི་ཕྱིར་རོ།། ་ལས་དགེ་བ་དང་མི་དགེ་བའང་ཀུན་ནས་ཉོན་མོངས་པ་སྟེ། དེའི་ཚེ་ཉིད་ན་ལུས་དང་སེམས་ངག་ངལ་(སྡུག་བསྔལ་བས)་བའི་རྒྱུ་མཚན་ཡིན་པ་ཉིད་ཀྱི་ཕྱིར་དང་ཕྱིས་ཀྱང་རྣམ་པར་སྨིན་པ་སྦྱིན་པར་བྱེད་པའི་ཕྱིར་རོ། །སྐྱེ་བ་ཡང་ཉེ་བར་འཚེ་བ་ཐམས་ཅད་ཀྱི་གཞི་རྟེན་ཡིན ་པའི་ཕྱིར་ཀུན་ནས་ཉོན་མོངས་པའོ། །རྣམ་པ་གཉིས་ཀྱང་སྟེ། དང་པོ་(ཉོན་མོངས་པ་དང་ལས)་གཉིས་ནི་རྒྱུའི་ཀུན་ནས་ཉོན་མོངས་པའོ། །ཕྱི་མ་(སྐྱེ་བོའི་ཀུན་ནས་ཉོན་མོངས་པ་ནི)་འབྲས་བུའི་ཀུན་ནས་ཉོན་མོངས་པའོ། །མ་རིག་པ་དང་སྲེད་པ་དང་ལེན་པ་རྣམས་ཉོན་མོངས ་པའི་ལམ་མོ། །འདུ་བྱེད་དང་སྲིད་པ་ལས་ཀྱི་ལམ་མོ། །ཡན་ལག་ལྷག་མ་(བདུན)་རྣམས་རྣམ་པར་སྨིན་པའི་ལམ་མོ་ཞེས་པའོ། །དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་(རིན་པོ་ཆེའི་ཕྲེང་བར)་གསུངས་པ། འཁོར་བའི་འཁོར་ལོ་(ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི) ་རྣམ་གསུམ་པ། །ཐོག་མ་མཛའ་དང་དབུས་མེད་འདི། །མགལ་མོའི་འཁོར་ལོ་བཞིན་དུ་ནི། །ཕན་ཚུན་(ཅིག་གིས་ཅིག་གིས)་རྒྱུ་ཅན་འཁོར་བར་བྱེད་ཅེས་སོ། །དེ་ཉིད་ཀྱི་ཕྱིར་འཁོར་བ་ལ་ཐོག་མ་མེད་དེ་སྔར་མེད་པའི་སེམས་ཅན་སྐྱེ་བ་མེད་པའི་ཕྱིར་རོ། །ཐོག་(མཛོད་འགྲེལ་གསུམ་པར) ་མ་དང་ལྡན་པ་ཉིད་ན་(སྔར་མེད་སྐྱེས་པ་དེ)་རྒྱུ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །སྐྱེ་བ་རྒྱུ་ལ་རག་ལས་པའི་ཕྱིར་རྒྱུ་ཟད་པ་ལས་ཐ་མ་ནི་རིགས་ཏེ་ས་བོན་ཟད་པ་ལས་མྱུ་གུ་བཞིན་ནོ། །སངས་རྒྱས་བྱུང་བ་སོ་སོར་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན ་ལས་བཟློ་བའི་ཕྱིར་རོ། །གང་(བརྒྱད་སྟོང་འགྲེལ?་པའི་ཁྱད་པར་གྱིས་མཚན་ཉིད་ཀྱི་ཐད་དུ)་གཉེན་པོ་དང་ཕྲད་པ་ན་འབྲི་བའི་ཆོས་ཅན་དེ་རྣམས་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་མཛད་པའི་ཆོས་སྲིད་པ་ཡིན་ཏེ་གསེར་གྱི་དྲི་མ་ལ་སོགས་པ་བཞིན། འཁོར་བ་པ་ཡང ་བདག་མེད་པ་(བསྒོམ་པ)་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་ལ་མངོན་དུ་ཕྱོགས་པ་ཡོད་ན་འབྲི་བའི་ཆོས་ཅན་ཡིན་ནོ་ཞེས་པའི་ཚད་མ་ལས་འཁོར་བ་རྒྱུན་ཆད་པ་ཡོད་དོ། (།ཟླ་བ་སྒྲོན་མའི་མདོར)་འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས ་འགྱུར། །ཞེས་པ་ལ་སོགས་པའི་ལུང་ལས་ཀྱང་ངོ། །ཇི་སྐད་དུ་རིག་པ་དྲུག་བཅུ་པར་གསུངས་པ། མ་རིག་རྐྱེན་གྱིས་(འདུ་བྱེད་འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས་པ་ལ་སོགས་པ)་འཇིག་རྟེན་ཞེས། (།ཉེར་ལེན་གྱི་ཕུང་པོ་ལྔའོ།)་།གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར ་འཇིག་རྟེན་འདི་དག་ནི། (།རང་གི་ངོ་བོར་མ་གྲུབ་པས)་རྣམ་པར་རྟོག་པར་(ཙམ་དུ)་ཅིས་མི་འཐད། (།དེ་འཐད་དོ)་མ་རིག་འགགས་པར་གྱུར་པ་ན། (།འཇིག་རྟེན)་གང་གི་འགོག་པ་སྐྱེ་འགྱུར་བ། (།འི་འཇིག་རྟེན)་དེ་ཕྱིར་མི་ཤེས་ཀུན་བརྟགས་པར། (།ངོ་བོ་ཉིད་དུ་མ་གྲུབ)་ཅི་ཡི་ཕྱིར ་ནི་གསལ་མི་འགྱུར། (།འགྲོ་བ་འདི་ལ)་གནས་(སྐྱེ་མཆེད་དྲུག་ངོ་བོ་ཉིད་ཀྱིས)་མེད་དམིགས་པ་(ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས)་ཡོད་མ་ཡིན། །རྩ་བ་(ས་བོན་གྱི་ཚུལ་གྱིས་རྒྱུའི་རྐྱེན་ངོ་བོ་ཉིད)་མེད་ཅིང་(སྐྱེས་པ)་གནས་པ་(ངོ་བོ་ཉིད་ཀྱིས)་མེད། (།དེ་རྟེན་ཅིང་འབྲེལ་པར་འབྱུང་བས་སོ།།)་མ་རིག་(པའི་གཉིས་ཀྱིས་བསླད་པའི ་ས་བོན་ལས་བྱུང་བ། (།ཡིས་ན་ངོ་བོ་མ་གྲུབ་སྟེ)་ཐོག་མ་(སྐྱེ་བ་དང)་དབུས་(གནས་པ་དང)་མཛའ་(འཇིག་པ)་རྣམ་པར་སྤངས། །ཆུ་ཤིང་དབུས་བཞིན་སྙིང་པོ་མེད། (།ས་ལ་སྙིང་པོ་ཅན་དུ་སྣང་བས་དང)་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། (།རིམ་བདེན་པས་མ་རིག་པའི་ས་བོན་ལས་བྱུང་བ། ཐོག་མེད་ནས)་ཀུན་(དུ) ་རྨོངས་(པའི)་གྲོང་ཁྱེར་(གནད་པ་བཟློག་དཀའ་བས)་འཇིགས་རུང་བ་(ཱི)་འགྲོ་བ་(འཕགས་པ་རྣམས་ཀྱིས)་སྒྱུ་མ་བཞིན་དུ་སྣང། (།བདེ་གཟིགས)་ཚངས་ལ་སོགས་པས་འཇིག་རྟེན་འདི། །གང་ཞིག་བདེན་པ་རབ་བརྗོད་པ། །དེ་ཡང་འཕགས་རྣམས་བརྫུན་ཞེས་(བཅོམ་ལྡན་འདས་ཀྱིས)་གསུངས། ། ་དེ་ལས་ལྷག་མ་(བདེན་པ)་གཞན་ཅི་ཞིག་(སྟེ་ཅིའང་མེད)་ཅེས་སོ། །དེ་བཞིན་དུ་དངོས་པོ་(བདེན་པ)་ཁས་ལེན་ཡོད་ན་ནི། (།རང་ཕྱོགས་ལ་ཞེན་པའི་ས་དང)་ཆགས་སྡང་(གཞན་ཕྱོགས་ལ་རྒྱབ་ཀྱིས་ལྟ་བ)་དྲག་པོ་འབྱུང་འགྱུར་བའི། །ལྟ་བ་(སེམས་རྒྱུད་ལ་གནོད་པ་བསྐྱེད་ཅིང་འདའ་བར་དཀའ་བ)་མ་རུངས་(པ) ་ཡོངས་སུ་འཛིན། (།ལྟ་བ)་དེ་ཡིས་བླངས་པའི་བརྩོད་པ་བྱེད། (།དངོས་པོར་འཛིན་པ)་དེ་ནི་ལྟ་བ་ཀུན་གྱི་རྒྱུ། (།དངོས་པོར་འཛིན་པ)་དེ་མེད་ཉོན་མོངས་འབྱུང་མི་འགྱུར། །དེ་ཕྱིར་(དངོས་པོའི་རང་གི་ངོ་བོ)་དེ་ནི་ཡོངས་(སུ་ཇི་ལྟ་བ་བཞིན)་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་ཟད། །ཅིས་དེ་(ལས་རྣམས་X ་X་སྨིན་ཤིན་ཏུ་ཆེ་ཞིང་ཤིན་ཏུ་བགྲོད?་དཀའ་བས)་ཡོངས་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྲེལ་འབྱུང་མཐོང་བ་ལས། (།དངོས་པོ་རྣམས་ལ་རང་བཞིན་དུ་དམིགས་པར་མི་འགྱུར་ཏེ།)་བརྟེན་ནས་སྐྱེས་པ་མ་སྐྱེས་པར། །དེ་ཉིད་རིག་པའི་(ཉན་ཐོས་རང་རྒྱལ་བྱང་སེམས་རྣམས་ལས)་མཆོག་གིས་(རྫོགས་པའི་སངས་རྒྱས)་གསུངས། །ལོག ་པའི་ཤེས་པས་ཟིལ་མནན་པ། །བདེན་(པ)་མིན་(པའི་རྟེན་འབྲེལ་ལ)་བདེན་པར་འདུ་ཤེས་(པ་ཅན)་རྣམས། །ཡོངས་སུ་འཛིན་(ས་བདག་གིར་བྱེད་པ)་དང་རྩོད་སོགས་ཀྱི། །རིམ་པ་ཆགས་ལས་རབ་ཏུ་འཇུག། (ལས་བདེན་འཛིན་ལོག་ན་དེ་རྣམས་ལྡོག)་ཉོན་མོངས་(པ་འདོད་ཆགས་སོགས)་ལག་འགྲོ་(སྤྲུལ) ་གཡོ་ཅན་གྱིས། །འགའ་ཞིག་ཁོ་ནའི་གནས་(ཏེ་རྟེན་གྱི་རྒྱུ)་རྙེད་པས། (།འགའ་ལ)་འཛིན་པར་འགྱུར་རོ་གང་གི་སེམས། (།ཉོན་མོངས་པའི་སྤྲུལ་གྱི)་གནས་མེད་(པ་དངོས་པོ་རྣམ་པ་ཐམས་ཅད་དུ་མི་དམིགས་པ)་དེ་རྣམས་འཛིན་མི་འགྱུར། །སེམས་ནི་གནས་(དངོས་པོར་འཛིན་པ)་དང་བཅས་རྣམས་ལ། །དུག་ཆེན ་སྐྱོན་དུ་(འབྱུང་བར)་ཅིས་མི་འགྱུར། (།ཏེ་འགྱུར་བས་ཆགས་སྡང་སོགས་འབྱུང་ངོ།།)་གང་ཚེ་(དངོས་པོ་ལ་འདོད་མི་འདོད་དུ་དམིགས་པ་མེད་པ)་ཐ་མལ་གནས་པ་ཡང། །ཉོན་མོངས་མ་རིག་པའི་ལག་འགྲོས་ཟ་བར་འགྱུར། །ཇི་ལྟར་བྱིས་པས་(སོ་སྐྱེ་རྣམས)་གཟུགས་བརྙན་ལ། །བདེན་པའི་འདུ་ཤེས་(རྣམས) ་ཀྱིས་ཞེན་པ། (།ཅིང་དེ་དང་རྩེ་བར་བྱེད)་དེ་བཞིན་ཡུལ་གྱི་དབང་དུ། (།འམ་གཟེབ)་གཏི་མུག་ལས་ནི་(ཆགས་པ་ཁོང་ཁྲོ་ང་རྒྱལ་སོགས་ཀྱིས་རང་དབང་མེད་པར)་འཇིག་རྟེན་(རྣམས)་འཆིང། །དངོས་པོས་གཟུགས་བརྙན་ལྟ་བུར་ནི། །བཟུང་ནས་ཡེ་ཤེས་སྤྱན་རྣམས་ཀྱིས། །ཡུལ་གྱི ་མིང་ཅན་འདམ་ལ་ནི། །བདག་ཉིད་ཆེན་པོ་(ཆགས་པའམ)་ཐོགས་པ་མེད། །བྱི་པ་(ཉེས་པ་བསམས་པ་སེམས་པ་ཉེས་པར་སྨྲ་བ་བརྗོད་བ་ཉེས་པར་བྱས་པའི་ལས་བྱེད་པ)་རྣམས་ནི་གཟུགས་ལ་ཞེན། །བར་མི་(བསམ་གཏན་གཟུགས་མེད་ཀྱིས་སྙོམ་འཇུག་ཐོབ་པ)་རྣམས་ནི་ཆགས་བྲལ་འགྱུར། །བློ་མཆོག་(ཉན་ཐོས་དང ་རང་སངས་རྒྱས་རྫོགས་པའི་སངས་རྒྱས་(རྣམས་ཀྱི་གཟུགས་ཀྱི་ནི། །རང་བཞིན་(རང་བཞིན་མེད་བ)་ཤེས་པས་རྣམ་པར་གྲོལ། (།དངོས་པོའི་རང་བཞིན་མི་དམིགས་པས)་གནས་མེད་བདག་ཉིད་ཆེན་པོ་(འཕགས་པ)་རྣམས། །ཆགས་པ་མེད་ཅིང་ཆགས་བྲལ་མིན། །གནས་(གང་ལ་ཆགས་པ་དང་ཆགས་བྲར?་དུ་དམིགས་པ) ་ཡོད་ན་ནི་ཆགས་པ་དང། །ཆགས་དང་བྲལ་བ་སྐྱེ་བར་འགྱུར། །སྡུག་ཅེས་པ་ལས་(བྱིས་པ་རྣམས)་ཆགས་འགྱུར་ལ། །དེ་ལས་བཟློག་ལས་(བར་མ་རྣམས)་ཆགས་བྲལ་ཏེ། (།བློ་མཆོག་རྣམས་ཀྱིས)་སྒྱུ་མའི་སྐྱེས་བུ་བཞིན་དབེན་བར། (།ཞིང་སྟོང)་མཐོང་ནས་མྱ་ངན་འདས་པར་འགྲོ ་ཞེས་སོ། །འཁོར་བདེའང་སྐྱོན་ལྔ་དང་ལྡན་པར་རིག་པར་བྱ་སྟེ་སྡུག་བསྔལ་ཉིད་དང་ལོངས་སྤྱོད་ཟད་པ་དང་མཛའ་བ་དང་བྲལ་བ་དང་འཆིང་བ་དང་སྒྲིབ་པ་ཡིས་སོ། །དེ་ནི་འཕོངས་པ་འདི་རྣམས་ཏེ། (།དང་པོ)་ནད་མེད་པས་ཕོངས་པ་ནི་(བཤེས་སྤྲིང་དུ་ངེས་པ་འདོད་བས་འཕོངས་དང་འཆི་བ་དང་X ་X་ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛོད་ཅིག་།འདིའི་ཉེས་པ་ཤེས་ཀྱང་གསན་ན་མཛོད་ཅེས་པ་ལྟར།)་རྣམ་པ་མང་པོའི་ནད་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་ངལ་བ་ཡིས་སོ། (།གཉིས་པ)་ལོངས་སྤྱོད་ཀྱིས་ཕོངས་པ་ནི་དགའ་བ་ཕུན་སུམ་ཚོགས་པ་ལ་མི་དགའ་བའི་རྒུད་པ་? ་པར་འབྲེལ་པ་ཉིད་ཀྱིས་སོ། (།རྐང་བའི་རེག་པས་ནམས་པར་བདེ་བཟོད་པ། །ལྷུན་པོའི་སྦོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་ཟད་ཕོག་སྙམ་བགྱིད་འཚལ་ཞེས)་ཉེ་དུ་(གསུམ་པ)་ཉམས་པ་(ཉེ་དུ)་ནི་དེ་རྒུད་པ་དང་(ཉེ་དུ་དང)་བྲལ་བ་ལས་རྗེས་སུ་མྱ་ངན་བྱེད་པའོ། (།བཞི་བ)་ཚུལ་ཁྲིམས ་ཉམས་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པས་ན་འཆལ་བའི་ཚུལ་ཁྲིམས་(མངོན་གྱུར)་སྡངས་ཀྱང་(ཚངས་ཉིད་ཆགས་བྲལ་བདེ་བེ་ཐོབ་ནས་སླང། །མནར་མེད་མ་ཡི་བུང་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་བརྟེན་འཚལ་ལོ། །ཞེས་པས།)་སྡོམ་པའི་ཚུལ་ཁྲིམས་དང་འགལ་བ་འདོད་པའི་སྲེད་པ་བག་ལ ་ཉལ་(ས་བོན)་གྱི་རྗེས་སུ་(འབེལ་བ་འམ)་འཆིང་བའོ། (།ལྔ་པ)་ལྟ་བ་ཉམས་པ་ནི་འཇིག་རྟེན་པའི་ཡེ་ཤེས་ཐོབ་པ་(བསམ་གཏན་གཟུགས་མེད་ཀྱི་སེམས་ཐོབ་པ)་རྣམས་(ཡེ་ཤེས)་དེ་དང་འགལ་བ་མ་རིག་པའི་བག་ལ་ཉལ་གྱིས་སྒྲིབ་པ་ལས་སོ། །སྐྱེ་བའི་རྒྱུན་འདིའང་ཉེ་བར་ལེན་པའི་ཕུང་པོ ་ལྔའི་བདག་ཉིད་ཀྱི་སྲིད་པར་བརྗོད་དོ། དེའང་རྣམ་པ་བཞི་སྟེ། བར་མ་དོའི་སྲིད་པ་དང། སྐྱེ་བའི་སྲིད་པ་འགྲོ་བ་(ལྷ་སོགས)་རྣམས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་དང། དེའི་ཕ་རོལ་སྔོན་དུས་ཀྱི་སྲིད་པ་དང། (མཛད་དུ་དེ་ནི་འཆི་བའི་སྔོན་རོལ་ཏེ། སྐྱེ་བའི་སྐད་ཅིག་ཕན་ཆད་དོ་ཞེས་བ།)་སྐད་ཅིག་མ ་ཐ་མ་འཆི་བའི་སྲིད་པའོ། (འཆི་བའི)་གང་ལས་ཕ་རོལ་འཆི་བ་དང་སྐྱེ་བའི་སྲིད་པའི་འགྲོ་བ་དག་གི་བར་དུ་འབྱུང་བའི་ཕྱིར་བར་མ་དོའི་སྲིད་པ་སྟེ། ཁམས་(ཱོག་མ)་གཉིས་སུ་འགྱུར་རོ། །གཟུགས་མེད་པའི་ཁམས་ན་(གཟུགས་མེད་པས་ན)་གནས་གཞན་ཡོངས་སུ་(ཚེ་དེའི) ་བཅད་པ་མེད་དེ། (གནས་གཞན)་གང་ཐོབ་པའི་དོན་དུ་བར་མ་དོའི་སྲིད་པ་འགྲུབ་པའོ། །བར་མ་དོའི་སྲིད་བ་དེ་ཡང་(གང་དུ་སྐྱེ་བར་འགྱུར་བའི)་འགྲོ་བ་འཕེན་པར་བྱེད་པའི་ལས་ཉིད་ཀྱིས་འགྲོ་བ་ཐོབ་པའི་ཆེད་དུ་འཕེན་པའི་ཕྱིར་འགྲོ་བ་གང་དུ་འགྲོ་བར་འགྱུར་བ་དེར་(སྔོན་དུས་སྲིད་འབྱུང་X ་X་ཤ་ཚུགས་ཅན་ཞེས་བས)་གང་འོད་བར་འགྱུར་བའི་སྔོན་དུས་ཀྱི་སྲེད་པ་དེ་དང་འདྲ་བའི་རྣམ་པ་སྟེ། (ཕོ་མོའི་དབང་པོ་སོགས)་དབང་པོ་ཀུན་ཚང་བ་ལོ་ལྔ་དྲུག་པའི་བྱིས་པའི་ཚད་ཙམ་པ་དབང་པོ་གསལ་བ། ཐོགས་པ་མེད་པ་ཡིད་ཀྱི་རང་བཞིན་(རྣམས་ཡིད་ལས་བྱུང་བའི)་ལུས་ཤིན་ཏུ་དང་བ་འདོད ་བ་ན་སྤྱོད་པ་ཉིད། དྲི་ཟ་བས་དྲི་ཟ་རིགས་མཐུན་པ་དང་(སྲིད་པ་པར་མན)་ལྷའི་མིག་(གི་མངོན་ཤེས)་དག་པ་མཐོང་བ་ལས་ཀྱི་རྫུ་འཕྲུལ་གྱི་(ནམ་མཁའ་ལ་འགྲོ་བའི)་ཤུགས་དང་ལྡན་པ་(འགྲོ་བ་གང་གི་?་གྲུབ་པ་དེ་ཁོ་ནར་འགྲོའི་གཞན་དུ་མི་འགྱུར་བས།)་།མི་ལྡོག་པ་སྟེ། (བཙུན་པ་དབྱིག་ཤེས་ན་རེ)་ཉི་མ་བདུན ་ནམ་(གཞན་ན་རེ)་ཉི་མ་བདུན་པ་བདུན་ནམ་ཇི་སྲིད་སྐྱེ་བའི་(རྒྱུའི)་ཚོགས་པ་མ་ཐོབ་པའི་དུས་ཀྱི་བར་དུ་སྡོད་པ་ནི་བཞེད་པ་ཐ་དད་ལས་བསྡད་ནས་ཕ་མ་དག་སྦྱོར་བ་(ལས་ལས་བྱུང་བའི་མངོན་ཤེས་ཀྱིས)་མཐོང་སྟེ། ཇི་ལྟར་རིགས་པར་འདོད་ཆགས་སམ ་ཞེ་སྡང་སྐྱེས་པས་ཕྱིན་ཅི་ལོག་ཏུ་གྱུར་ནས་རྩེ་བར་འདོད་པས་ཡུལ་དེར་ཕྱིན་ནས། གནས་སྐབས་དེ་ལ་བདག་ཉིད་ཡང་དག་པར་མོས་ཤིང་མངལ་གྱི་གནས་(མི་གཙང་བ)་ཡང་དག་པར་ཐོབ་པ་ལ་དགའ་བ་སྐྱེས་པ་གནས་སོ། (།བོར་སྐྱེས་ནམ་ལ་དང་པོར་སྐྱེས་ན་བ་ལ། བཟློག་པ་ལ) ་དེ་ནས་འདི་ཕ་མའི་མི་གཙང་བ་(ཁུ་བ་དང)་ནུར་ནུར་བོར་གྱུར་པས་ཕུང་པོ་གོར་གོར་བོར་(འཁྲེར་པོ)་འགྱུར་རོ། །ཕོ་ནི་མོའི་ལྟོ་བ་གཡས་པ་ལ་བརྟེན་ནས་རྒྱབ་ཏུ་ཁ་ཕྱོགས་ཤིང་ཙོག་ཙོག་བོར་འགྱུར་ལ། འོན་ཏེ་མོར་གྱུར་ན་ནི་(བའི?་ཏོ)་གཡོན་པ་ལ་བརྟེན་ཏེ་ལྟོ་བ ་ལ་ཁ་བལྟས་བའོ། །མོ་ཡིར་གྱུར་པ་འམ་ཕོ་ཡིར་གྱུར་པའི་འདོད་ཆགས་ཀྱིས་ཞུགས་ཏེ། གནས་ཇི་ལྟ་བས་ཕྱིས་མ་མིང་དུ་འགྱུར་རོ། །དེ་ལྟར་སྒོ་ང་ལས་སྐྱེས་པ་དང་མངལ་སྐྱེས་སྐྱེ་གནས་སུ་འགྲོའོ། །དྲོད་གཤེར་ལས་སྐྱེ་བ་ནི་ལས་ཇི་ལྟ་བར་གཙང་བ་དང་མི་གཙང ་བའི་དྲི་མ་མངོན་པར་འདོད་པ་ལས་ཏེ། (སྐྱེ་གནས་སུ་འགྲོ)་རྫུས་སྐྱེས་ནི་གནས་མངོན་པར་འདོད་པ་ལས་སོ། (།སྐྱེ་གནས་སུ་འགྲོ)་དམྱལ་བ་པ་རྣམས་སུ་(གནས)་མངོན་པར་འདོད་པ་ནི་བློ་ཕྱིན་ཅི་ལོག་ཉིད་ཀྱི་ཕྱིར་རོ། །དམྱལ་བའི་(ལྷའི་བར་དོ་ནི་སྟན་ལས་ལྡང་བ་བཞིན་གྱེན་དུ་འགྲོ་ཞིང་མི་དང་དུད་འགྲོའི་ཡི་X ་X་དགས་རྣམས་ཀྱིས་མི་ལ་སོགས་པ་བཞིན་ཏེ།)་བར་དོའི་སྲིད་པ་ནི་སྤྱིའི་ཚུགས་སོ། (།བར་དོ་ཐམས་ཅད་ཕྱིན་ཅི་ལོག་དང་རྩ་བར་འདོད་པས་མི་འགྲོའི)་མངལ་དུ་འཇུག་པ་བཞི་རྣམས་ཏེ་རྨོངས་པ་རྣམས་ནི་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བ་ཤེས་བཞིན་མ་ཡིན་པ་ཉིད་དེ་གཅིག་གོ་།འཁོར་ལོ ་སྒྱུར་བ་བསོད་ནམས་རྒྱ་ཆེན་པོ་དང་ལྡན་པ་རྣམས་འཇུག་པ་ཁོ་ན་ཤེས་བཞིན་དུའོ། །རང་སངས་རྒྱས་རྣམས་འཇུག་པ་དང་གནས་པ་དག་གོ་(།ཤེས་བཞིན་དུ)་སངས་རྒྱས་རྣམས་ནི་འཇུག་པ་དང་གནས་པ་དང་འབྱུང་བ་ཡང་(ཤེས་བཞིན་དུ)་སྟེ་བཞི་པའོ། །དེ་ལ་(སྐྱེ་གནས ་X་བཞིའི་ཉིང་མཚམས་སྦྱོར་ཚུལ་བཤད་བ)་སྒོ་ང་ལས་སྐྱེས་པའི་སྐྱེ་གནས་པ་ནི་སེམས་ཅན་གང་སྒོ་ང་ལས་སྐྱེ་བ་རྣམས་ཏེ། ངང་པ་དང་རྨ་བྱ་ལ་སོགས་པ་རྣམས་ལྟ་བུའོ། །མི་འགའ་ཞིག་རྣམས་ཀྱང་སྟེ་དཔེར་ན་(ཚོང་པ་གྲུབ?་ཞིག?་པས་རྒྱ་མཚོའི་འགྲམ་དུ)་ཁྲུང་ཁྲུང་མོ་ལས་(བགྲོད་པ)་སྐྱེས་པའི ་བྲག་དང་ཉེ་བྲག་དང་རི་དགས་འཛིན་གྱི་མའི་བུ་སུམ་ཅུ་རྩ་གཉིས་དང་རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་རྣམས་(བཙུན་མོ་ཆེན་མ་ལ་སྒོ་ང་ལྔ་བརྒྱ་བྱུང་བ་རྒྱལ་པོས་དེ་སྒྲོམ་དུ་བཅུག་སྟེ་ཆུ་བོ་གཾ་གཱ་ལ་བསྒྱུར་བ་ཡི?་ཙ་བྱིའི་རྒྱལ་པོ་བཙུན་མོ་དང་བཅས་པ་ཁྲུས་བྱེད་པས་སྒྲོགས?་བྱེ་བ་ན་བུ་ལྔ་བརྒྱ་འདུག་པ་མཐོང་ནས་བླངས་པ།)་ལྟ་བུའོ། (།གནས་བརྟན) ་མངལ་སྐྱེས་ནི་སེམས་ཅན་གང་མངལ་ནས་སྐྱེས་པ་རྣམས་ཏེ། མི་དང་གླང་པོ་ཆེ་དང་རྟ་ལ་སོགས་པ་ལྟ་བུ་དང་ཡི་དགས་ཁ་ཅིག་ཀྱང་ངོ། །དྲོད་གཤེར་ལས་སྐྱེ་བ་ནི་གང་འབྱུང་བའི་(ས་ཆུ་མེ)་དྲོད་གཤེར་ལས་སྐྱེས་པ་རྣམས་ཏེ་སྦྲང་བུ་ལ་སོགས་པ་ལྟ་བུའོ། །མི་འགའ་ ་ཞིག་ཀྱང་(རྒྱལ་པོ་གསོ་སྦྱོར་འཕགས་ཀྱི་སྤྱི་བོ་ལས)་སྟེ་ང་ལས་ནུ་དང་(ང་ལ་ནུའི་པུས་མོ་གཡས་པ་ལས)་མཛེས་པ་དང་ཉེ་མཛེས་(གཡོན་པ་ལས)་དང་ཐོ་བའི་(རྒྱལ་པོ་ཚངས་པས་བྱིན་གྱི་བྲང་གི་ཤ་འབུར་ལས)་ཕྲེང་བ་ཅན་མ་དང་ཨ་སྨྲ་(གྲོང་ཁྱེར་ཡངས་པ་ཅན་དུ་ཤིང་ཨ་མྲའི་སྡོང་པོའི་སྦ་བ་ལས།)་སྐྱོད་མ་ལ་སོགས་པ་ལྟ་བུའོ། ། ་བརྫུས་སྐྱེས་ནི་སེམས་ཅན་གང་ཡན་ལག་(རྐང་པ་དང་ལག་པ་སོགས)་དང་ཉིད་ལག་(སོར་མོ་སོགས)་ཐམས་ཅད་ལྡན་པ་ལན་ཅིག་ལ་སྐྱེ་བ་རྣམས་ཏེ། ལྷ་རྣམས་དང་དམྱལ་བ་རྣམས་དང་སྲིད་པ་བར་མ་རྣམས་དང་ཡི་དགས་འགའ་ཞིག་དང། ཀླུ་དང་ནམ་མཁའ་ལྡིང་ལ་སོགས ་པའི་དུད་འགྲོ་འགའ་ཞིག་དང་བསྐལ་པ་དང་པོ་པའི་མི་རྣམས་ལྟ་བུའོ། །སྐྱེ་གནས་ཐམས་ཅད་ལས་བརྫུས་སྐྱེས་མཆོག་གོ་།བྱང་ཆུབ་(སས་བདག་ཀྱང་གྲུབ་པ་ཐོབ་པར་བྱ)་སེམས་དཔའ་(རྒྱལ་པོ་དོན་གྲུབ)་མངལ་སྐྱེས་ཀྱི་སྐྱེ་གནས་ལ་བརྟེན་པ་ནི། ཉེ་དུའི་འབྲེལ་པས་ཤཱཀྱའི ་རིགས་ཆེན་པོ་ཆོས་ལ་གཞུག་པའི་དོན་དང་འདི་ནི་འཁོར་ལོ་སྒྱུར་བའི་རིགས་སོ་ཞེས་གཞན་རྣམས་རིམ་གྲོ་ཆེར་བསྐྱེད་པའི་དོན་དང་མིར་གྱུར་པ་རྣམས་ཀྱིས་ཀྱང་གྲུབ་པ་འདི་ཐོབ་བོ་ཞེས་གདུལ་བྱ་རྣམས་སྤྲོ་བའི་དོན་དུའོ། །གཞན་དུ་ན་(རྫུས་སྐྱེས་ལ་སོགས་སུ་འགྱུར)་རིགས་དང་གདུང ་ཡོངས་སུ་མི་ཤེས་པ་ཅི་འདི་སྒྱུ་མའི་སྐྱེས་བུ་འམ་ལྷ་འམ་ཤ་ཟ་ཞེས་པ་འདི་ལྟར་ཡོངས་སུ་རྟོགས་པར་འགྱུར་རོ། །ཁ་ཅིག་ན་རེ་རྫུས་སྐྱེས་ཀྱི་སེམས་ཅན་(ཕྱིའི་ས་བོན་མེད་བས)་ཤི་བ་རྣམས་ཀྱི་ལུས་མི་གནས་(རེ་མེད)་ཏེ་མར་མེ་བཞིན ་མི་སྣང་བར་འགྱུར་བས་སྐུ་གདུང་རྣམས་བཞག་པའི་དོན་དུའོ་(བྱང་སེམས་མངལ་ནས་སྐྱེ།)་ཞེས་སོ། །དེ་མ་ཡིན་ཏེ་(བཅོམ་ལྡན་འདས་ཀྱི)་རྫུ་འཕྲུལ་གྱི་བྱིན་རླབས་ལས་སྐུ་གདུང་རྣམས་གནས་པའི་ཕྱིར་རོ། །དངོས་པོ་ལས་ནི་(གསེར?་འོད་དམ་པའི་མདོར་མཐོ་རིས་སུ་ནི་འཇིག་བའི་ཕྱིར། །ནམ ་ཞིག་རེ་བོང་རྭ་རྣམས་ལས། །སྐས་ནི་ལེགས་པར་བྱས་གྱུར་པ། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །སྐུ་ལ་རུས་པ་ཁྲག་མེད་ན། །རིང་སྲེལ་ཡོད་པར་ག་ལ་འགྱུར། །ཅེས་པ་ལྟར།)་སྐུ་གདུང་རྣམས་མ་འདོད་པ་ཁོ་ན་སྟེ་སྒྱུ་མ་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དང་ཐུབ་པ་དྲི་མ་མེད་པའི་བློ་ཅན་རྣམས་འཁོར་བ ་ཇི་སྲིད་པར་བཞུགས་པའི་ཕྱིར་རོ། །སྐྱེ་གནས་བཞི་ཅན་གྱི་འགྲོ་བ་འདི་འང་ཟས་བཞིས་གནས་པའོ། །དེ་ལ་ཁམས་ཀྱི་ཟས་ནི་(དྲི་རོ་རེག་བྱ་ཅན་གྱི་བདག་ཉིད་ཡིན་ཅིང)་འདོད་པའི་ཁམས་ནའོ། (།ཡུལ་དབང་པོ་རྣམ་ཤེས)་གསུམ་འདུས་པ་ལས་སྐྱེས་པ་རེག་པ་དང་ཡིད་ལ་སེམས ་པ་དང། རྣམ་པར་ཤེས་པ་ཞེས་པ་ཟས་གསུམ་ནི་ཁམས་གསུམ་རྣམས་ནའོ། །དེ་ལ་རེག་པ་ནི་རྒྱ་མཚོའི་འགྲམ་དུ་སྲོག་ཆགས་རྣམས་ཀྱིས་བྱེ་མར་བཞག་པའི་སྒོ་ང་རྣམས་མའི་རེག་པ་དྲན་པ་རྣམས་འདྲུལ་བར་མི་འགྱུར་ལ་གང་མ་དྲན་པ་དེ་རྣམས་འདྲུལ་བ་ལྟ ་བུའོ། །ཡིད་ལ་སེམས་པ་ནི་དཔེར་ན་གང་མུ་གེ་ཡོད་པ་ན་(པས་བཞག་པའི)་ཐལ་བའི་ཐུམ་བུ་ལ་ཕྱེར་བརྟགས་པའི་བུ་དག་ཡུན་རིང་པོར་(སེམས་པའི་ཟས་ཀྱིས)་གནས་པ། བཤིགས་ན་ཡིད་ཆད་ནས་ཤི་བ་དང། རྒྱ་མཚོ་ཆེན་པོར་གྲུ་ཞིག་པའི་སྐྱེས་བུ་རྣམས་སྦུ་བའི ་ཕུང་པོ་ཆེན་པོ་ལ་ཐང་ངོ་ཞེས་ཏེ་དྲུང་དུ་སོང་སྟེ་ཀུན་དུ་མ་ནམས་ནས་རེ་བ་ཆད་ནས་ཤི་བ་ལྟ་བུའོ། །གལ་ཏེ་ཡང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྲིད་པ་རྣམས་གསོ་བ་བྱེད་པས་ཟས་ཡིན་མོད། །དེ་ལྟ་ནའང་(ཟས་བཞི་སློང)་གཙོ་བོ་ཡིས་ཏེ་ལུས་རྒྱས་པའི་དོན་དུ ་ཁམ་དུ་བྱས་པའི་ཟས་དང་སེམས་དང་སེམས་ལས་བྱུང་བ་རྣམས་རྒྱས་པའི་ཆེད་དུ་རེག་པ་དང་(སྟེ་དེ་གཉིས་སྐྱེས་བའི་སྲིད་པ་གས་བ་ལ་གཙོ་བོ)་།ཡིད་ལ་སེམས་པས་ཡང་སྲིད་འཕེན་པ་དང་ཕངས་ཟིན་པ་ནི་ལས་ཀྱིས་བསྒོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར ་འགྲུབ་པོ། (།སས་དེ་གཉིས་སྲིད་པ་མ་སྐྱེས་པ་བསྐྱེད་པ་ལ་གཙོ་བོ)་འགྲོ་བ་གང་ན་ཟས་དུ་ཡོད་ཅེ་ན་(འགྲོ་བ)་ཐམས་ཅད་ན་(ཟས)་ཐམས་ཅད་དོ། །དེ་བཞིན་དུ་སྐྱེ་གནས་རྣམས་ནའོ། །དམྱལ་བ་ན་ཁམ་དུ་བྱས་པའི་ཟས་ཅི་ལྟར་ཞེ་ན། ལྕགས་ཀྱི་ཐོ་ལུམ་འབར་བ་དང་ཟངས་བསྐོལ་བའོ། ། ་ཉམས་པར་བྱེད་པའི་ཟས་ནི་དམྱལ་བ་པ་རྣམས་ན་སྟེ་(དེ་ཡང་ཟས་ཡིན་ཏེ)་ངེས་ཀྱང་བཀྲེས་པ་དང་སྐོམ་པ་འཇོམས་པར་ནུས་པའོ། །ཉི་ཚེ་བའི་དམྱལ་བ་རྣམས་ན་ཁམ་དུ་བྱས་པའི་ཟས་མི་བཞིན་ནོ། (།དུ་ཡོད)་དེ་ལྟར་སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང ་གནས་པ་དང་འཆི་འཕོ་བ་རྣམས་བཤད་ཟིན་ཏོ། །དེ་ལ་(ལོག་པར་ལྟ་བས)་དགེ་བའི་རྩ་བ་ཆད་པ་(རྟོག་པར་བྱེད་པ་ཡིན་པའི་ཕྱིར)་དང་མཚམས་སྦྱོར་བ་(ཡང་དག་པའི་ལྟ་བ་དང་ཐེ་ཚོམ)་དང་ཁམས་དང་ས་ལས་འདོད་ཆགས་དང་བྲལ་བ་དང་ཡོངས་སུ་ཉམས་པ་དང་(ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་X ་X་པས་བྱས་པའི་ཕྱིར)་འཆི་འཕོ་དང་སྐྱེ་བ་(ཕྱིན་ཅི་ལོག་གི་བློས་འགྱུར་བའི་ཕྱིར)་ཞེས་པ་ཆོས་དྲུག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ལ་འདོད་ཀྱི་གཞན་(རྣམ་ཤེས་ཚོགས་ལྔ)་ལ་མ་ཡིན་ནོ། (།ཏེ་རིག་པ་མེད་པའི་ཕྱིར)་འདིར་(སྐབས)་བར་མ་དོའི་སྲིད་པ་ཉིད་མཚམས་སྦྱོར་བ་ཡང་སྐྱེ་བའོ། །འཆི་འཕོ་དང ་སྐྱེ་བ་དག་ནི་ཚོར་བ་བཏང་སྙོམས་ལའོ། །འོན་ཀྱང་མཉམ་པར་བཞག་པའི་སེམས་དང་སེམས་མེད་པ་ལ་(འཆི་འཕོ་དང་སྐྱེ་བ)་དེ་དག་མེད་དོ། །གང་གི་ཚེ་འདིའི་རྟེན་(ལུས)་རྣམ་པར་འགྱུར་བར་རྩོམ་པ་དེའི་ཚེ་ངེས་པར་(སེམས)་འདིའི་རྟེན་(ལུས)་དེ་དང་འབྲེལ་པ་སྟེ། རྒྱུ་དང ་འབྲས་བུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང། ལྡོག་པའི་རྗེས་སུ་བྱེད་པ་ཙམ་ཉིད་ཡིན་པའི་ཕྱིར་དང་(འབྲས་བུའི་སེམས་དེ་རྒྱུའི་སེམས་ཀྱི)་དེ་མ་ཐག་པ་(དགོས་པ)་ལ་སོགས་པའི་ཁྱད་པར་དོན་མེད་པའི་ཕྱིར་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དག་(གི་སེམས་ཡུན་རིང་པོར་བརྟགས?་པ་སྐྱེ?་བ ་བཞིན་དུ་སྔར་གྱི་སེམས་ཡུན་རིང་པོ་འགགས་པ་ལས་ཀྱང་སྐྱེས་པར་གྱུར་པའི་སེམས་མངོན་དུ་གྱུར་ནས་ཕྱིས་འཆི་འཕོའི་གཞན་དུ་ནི་(སེམས་མེད་པ་ལ)་མ་ཡིན་ནོ། །སྐྱེ་བ་ལས་ནི་སེམས་ཆད་པའི་རྒྱུ་མང་པའི་ཕྱིར་(དང་ཉོན་མོངས་པ་མེད་པར་མི་སྐྱེ་བའི་ཕྱིར།) ་འདུ་ཤེས་མེད་པའི་སེམས་ཅན་གྱི་སེམས་མེད་པར་རིགས་པ་ཉིད་མ་ཡིན་ནོ། །གཞན་ཡང་གང་(སོ་སོ་སྐྱེ་བོ་དང་ཉན་རང་དང་བྱང་ཆུབ་སེམས་དཔའ་ལ)་སྣང་བ་མེད་པའི་འགྲོ་བ་པའི་སེམས་ཅན་རྣམས་ཕྱི་རོལ་པའི་(མུ་སྟེགས་པ)་མངོན་པར་ཤེས་པ་(ཟག་ཟད་མ་གཏོགས་པ)་ལྔ་ཅན་དང ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་ལམ་དུ་མི་འོང་པ་དེ་རྣམས་དེ་བཞིན་གཤེགས་པ་ལ་ཤིང་རྟའི་འཁོར་ལོའི་ཚད་ཙམ་གྱི་ཕྱོགས་ལ་སྣང་བར་འགྱུར་བ་དེ་རྣམས་ཀྱང་ཤིན་ཏུ་མང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་ན་ལྷ་དང་མི་དེ་ཙམ་མེད་དོ། །དེ་ལྟར་སེམས་ཅན་ཚད་མེད་པ་སྣང་བ་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་ལྟར་རིགས་པར་འདུལ་བར་བྱེད་དོ། །དེ་རྣམས་སེམས་ཅན་(སངས་རྒྱས་ལས)་གཞན་(བྱང་ཆུབ་སེམས་དཔའ་ལ་སོགས་པ)་རྣམས་ཀྱིས་ཤེས་པ་འང་མེད་དོ ་ཞེས་པའོ་(།འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་སྟོབས་དགུ་པའི་ཐད་དུ་བཀའ་སྩལ་པ)་འདུལ་བ་(སེམས་ཅན་དེ་རྣམས)་ཡང་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པས་སོ། (།སེམས་ཅན་སྐྱེ་རབ)་དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་(བྱང་ཆུབ་སེམས་འགྲེལ་དུ)་གསུངས་པ། ཡན་ལག་(མ་རིག་པ་ནས་སྒ་ཤིའི་བར)་བཅུ ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བར་འགྱུར། །འདི་ལས་གཞན་པའི་སེམས་ཅན་གང། (།ནམ་བདག་སོགས)་ལམ་འབྲས་སྤྱོད་པ་(བྱེད་པ་པོ་ཟ་བ་པོ)་མེད་པར་འདོད། །མེ་ལོང་(རྟེན་ཅིང་འབྲེལ་འབྱུང་སྙིང་པོར་ཁ་དོན་མར་མེ་མེ་ལོང་རྒྱ། །མེ་ཤེས་ས་བོན་?་དང་སྒྲས། །ཕུང་པོ་ཉིད་མཚམ་སྦྱོར་བ་དང། མི་འཕོ་བར་ཡང ་མཁས་རྟོགས་བྱ་ཞེས་བའི།)་ལ་རྟེན་གང་འདྲ་བར། །བཞིན་གྱི་དཀྱིལ་འཁོར་སྣང་བ་ན། (།བཞིན་རས་དེ་ནི་དེར་མེ་ལོང)་འཕོས་མ་ཡིན་ལ། (།མེ་ལོང)་འཕོས་མ་ཡིན་ལ། (།མེ་ལོང)་དེ་མེད་ན་ནི་(གདོང་པར་སྣང་བ)་དེ་མི་འབྱུང། །དེ་བཞིན་ཕུང་པོ་སྐྱེ་འགྱུར་ཞིང། སྲིད་པ་(གཞན་དཱུང)་བར་དོར་མཚམས་སྦྱོར་བ། །མཁས ་པས་(ཆ་འདིའི་ཕུང་པོ)་དེ་(ཕྱི་མར)་འཕོས་མ་ཡིན་པར། (།ཞིང་འདིའི་ཕུང་པོ་མེད་ན་ཕྱི་མ་འབྱུང་བ་མིན)་ཐམས་ཅད་ཚེ་ན་ངེས་པར་བྱ། །མདོར་ན་སྟོང་པའི་(རྒྱུ)་ཆོས་རྣམས་ཀྱིས། །སྟོང་པའི་ཆོས་(འབྲས་བུ)་རྣམས་(རྨི་ལམ་གྱི་མེ་ལས་དུ་བ་བཞིན)་སྐྱེད་བར་བྱེད་།ལས་(དང)་འབྲས་(བུ)་ཕྱེད་པོ་ཟ་བ ་པ། ཀུན་རྫོབ་ཏུ་ནི་རྒྱལ་བས་བསྟན། །ཆོས་རྣམས་རྒྱུ་ལས་སྐྱེ་བ་ལ། །འགལ་བ་ནམ་ཡང་ཡོད་མ་ཡིན། །གང་ཕྱིར་རྒྱུ་ནི་རྒྱུས་སྟོང་བས། (།ཡང་དག་པར)་།སྐྱེ་བ་མེད་པར་རྟོགས་པར་བྱ། །ཞེས་ཏེ་སེམས་ཅན་གྱི་འཇིག་རྟེན་བརྗོད་ཟིན་ཏོ། །སྣོད་ཀྱི་འཇིག་རྟེན་བརྗོད་པར ་བྱ་སྟེ། འདིར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་གྲུབ་པ་ནམ་མཁའ་ལ་གནས་པ་འོག་ཏུ་རླུང་གི་དཀྱིལ་འཁོར་(མངོན་པར་གྲུབ་སྟེ)་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་དྲུག་བརྒྱར་གྲངས་མེད་པའོ། །དེ་སྤྲིན་(གསེར་གྱི་སྙིང་པོ་ཅན)་གྱི་ཆར་པ་ལས་ཆུའི་དཀྱིལ་འཁོར་དཔངས་སུ ་འབུམ་ཕྲག་བརྒྱད་པའོ། །ཆུ་(ལ་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲི་ཡོད་པའི་བརྒྱད་འབུམ་ལས)་།ལྷག་མ་ཡོངས་སུ་གྱུར་པ་གསེར་གྱིས་གཞིའི་དཀྱིལ་འཁོར་དཔངས་སུ་སྟོང་ཕྲག་ཉི་ཤུ་ལྷག་པའི་སུམ་འབུམ་པའོ། (།ཆུང་དང་གསེར་གྱི་དཀྱིལ་འཁོར)་འདི་དག་གི་རྒྱའི་ཚད་ནི་སྟོང་ཕྲག་གསུམ་དང་ཕྱེད་དང་ར་ལྔ་བརྒྱ་ལྷག་པའི་འབུམ་ཕྲག་བཅུ་གཉིས་སོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། (།གསེར་གྱིས་གཞི)་དེར་རི་རབ་ལ་བསྐོར་ཏེ་གཉའ་ཤིང་འཛིན་དང་གཤོལ་མངའ་འཛིན་དང་སེང་ལྡེང་ཅན་དང་ལྟ་ན་སྡུག་དང་རྟ་སྣ་དང་རྣམ་འདུད་དང་མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་རྣམས་སོ། ། ་དེ་ལས་ཕྱི་རོལ་ན་གླིང་བཞི་རྣམས་དང། དེ་རྣམས་ཀྱི་ཕྱི་རོལ་ན་ཁོར་ལྕག་གི་ལྕགས་རི་སྟེ་བརྒྱད་པའོ། །ལྷུན་པོ་ནི་(ངོས་བཞི)་གསེར་དང་དངུལ་དང་བཻཌཱུརྱ་དང་ཤེལ་གྱི་རང་བཞིན་ནོ། །འཛམྦུའི་གླིང་འདིའི་ལོགས་བཻཌཱུརྱའི་རང་བཞིན་དུ་སྣང་སྟེ། དེའི་འོད་འཛམ་གླིང་གི་ཕྱོགས ་འདིར་ཕོག་པས་ནམ་མཁའ་བཻ་ཌཱུརྱའི་ཁ་དོག་དུ་སྣང་ངོ་ཞེས་སོ། །དེ་འདི་རྣམས་ཀྱང་ཚུལ་སྟོང་ཕྲག་བརྒྱད་ཅུར་ནུབ་ལ། ལྷུན་པོ་ནི་ཆུ་ལ་སྟེང་དཱུང་སྟོང་ཕྲག་བརྒྱད་ཅུའོ། །བརྒྱད་པོ་ནི་ཕྱེད་ཕྱེད་ཕྲི་བ་(འཁོར་ཡུག་དཔག་ཚད་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་པའི་འབར)་སྟེ་(སའི་ངོས?་ཞིང་རི་ཁོར་ཡུག་གི)་ ་*། (།X་ཆད་ནི་རི་མུ་ཁྱུད་འཛིན་གྱི་ཚད་ཡིན་ཞེས་གསུངས)་།དེ་རྣམས་དབང་ས་དང་ཞེད་མཉམ་བའོ། (།མུ་ཁྱུད་འཛིན་གྱི་པར)་འདི་རྣམས་ཀྱི་པར་རྣམས་ནི་རོལ་འཚོ་བདུན་ཏེ། དྲི་བཟང་བ་དང་རོ་ཞིམ་པ་དང་ཡང་བ་དང། དང་བ་དང། འཇམ་པ་དང། བསིལ་བ་དག ་མགྲིན་པ་དང་ལྟོ་བ་ལ་མི་གནོད་པ་ཉིད་ཀྱི་ཕྱིར་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའོ། །དེ་ལ་རི་རབ་དང་གཉའ་ཤིང་འཛིན་གྱི་བར་ནི་ནད་གི་རྒྱ་མཚོ་དང་པོ་སྟེ་དཔག་ཚད་སྟོང་ཕྲག་བརྒྱད་ཅུའོ། །ལོགས་ཀྱི་རྒྱར་ནི་གཉའ་ཤིང་འཛིན་གྱི་འགྲམ་ནས ་བགྲོད་པར་བྱ་བ་ལས་སུམ་འགྱུར་རོ། (།དཔག་ཉིས་འབུམ་བཞི་ཁྲིའོ།)་རོལ་མཚོ་གཞན་རྣམས་ཕྱེད་ཕྱེད་དོ་(དེ་རོལ་མཚོ་བདུན་པ་ལ་ནི་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུའོ།།)་མུ་ཁྱུད་འཛིན་དང་འཁོར་ཡུག་དག་གི་བར་ནི་ཕྱའི?་རྒྱ་མཚོ་ཆེན་པོ་སྟེ་བ་ཚྭ་ཅན་གྱི་ཆུས་གང་བ་ཞེད་དུ་སྟོང་ཕྲག ་ཉི་ཤུ་རྩ་གཉིས་ལྷག་པའི་འབུམ་ཕྲག་གསུམ་པའི་ཚད་ཅན་ནོ། །དེ་ལ་གླིང་གཞི་སྟེ་(གསེར་གྱི་ས་གཞི་འཇུག་པའི)་རི་རབ་ཀྱི་འོས་བཞི་རྣམས་ནའོ། །དེ་ལ་(ཡབ་སྲས་མཇལ་བའི་མདོར་རྒྱལ་པོ་གྲགས་པ་མཛའ་ཡས་གྱི་དུས་ན་འཛམ་བུའི་གླིང་འདི་ནི་རྒྱར་དཔག་ཚད་བྲི་བརྒྱད་སྟོང་ཡོད་པར་འགྱུར་ཏེ་ཞེས་བཀའ་སྩལ་X ་X་མགོན་པོ་བྱམས་པ་བྱོན་པ་ན། །དེ་ཚེ་འཛམྦུའི་གླིང་འདི་ཡང། །ཆུ་ཞེད་ཐ་གྲུ་མཉམ་པར་ནི། །དཔག་ཚད་སྟོང་ཕྲག་བཅུ་བ་སྟེ། ཞེས་བཀའ་སྩལ།)་ཛམ་བུའི་གླིང་ངོས་(དེ་ལ་ནི་སྟོང་ཕྲག་གཉིས་ཤིང་རྟའི་དབྱིབས་གཅིག་ལ་དཔག་ཚད་ཕྱེད་དང་བཞི་ཞེས་སོ།)་།གསུམ་ལ་སྟོང་ཕྲག་གཉིས་དང་གཅིག་ལ་ནི་དཔག་ཚད་ཕྱེད་དང་བཅས་པའི་དཔག་ཚད ་གསུམ་སྟེ་ཤིང་རྟའི་དབྱིབས་ལྟ་བུའོ། (།འཛམ་བུ་གླིང)་དེའི་དབུས་སུ་གསེར་གྱི་རང་བཞིན་གྱིས་གཞི་ལ་རྡོ་རྗེའི་གདན་མངོན་པར་འགྲུབ་སྟེ། (གང་ན)་གང་དུ་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་བཞུགས་ནས་(མཛོད་འགྲེལ་ན་མེད)་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད ་པར་བྱེད་པའོ། །འདིའི་ཤར་ན་ཤར་གྱི་ལུས་འཕགས་ཟླ་ཕྱེད་ལྟ་བུ་ངོས་གསུམ་(འཛམྦུ་གླིང)་འདི་དང་འདྲ་བ་(དཔག་ཚད་ཉིས་སྟོང)་གཅིག་ལ་དཔག་ཚད་ཕྱེད་དང་བཞི་བརྒྱ་བའོ། །འདི་ནས་ནུབ་ན་ནུབ་ཀྱི་བ་ལང་སྤྱོད་སྟོང་ཕྲག་ཕྱེད་དང་བརྒྱད་པ་ཟླུམ་པ་ཟླ་བ ་གང་བ་ལྟ་བུ་སྟེ་འདིའི་དབུས་མ་(དཔག་ཚད་སྟོང་ཕྲག)་ཕྱེད་དང་གསུམ་མོ། །འདིའི་བྱང་ན་བྱང་སྒྲ་མི་སྙན་གྲུ་བཞི་པ་ངོས་སོ་སོར་(དཔག་ཚད)་སྟོང་ཕྲག་གཉིས་པའོ། །གང་གླིང་རྣམས་ཀྱི་དབྱིབས་ཅི་འདྲ་བ་དེའི་དབྱིབས་ལྟ་བུ་ཁོ་ནར་དེར་མི་རྣམས་ཀྱི་གདོང་པའོ། །ཁ་ཅིག་ན ་རེ་མོའི་དབང་པོ་ཡང་དེ་ཞེས་སོ། (།ལུས་འཕགས་ཀྱི་འཁོར)་ལུས་དང་ལུས་འཕགས་(བྱང་སྒྲ་མི་སྙན་གྱི་འཁོར)་སྒྲ་མི་སྙེན། །སྒྲ་མི་སྙན་ཟླ་རྔ་ཡབ་(དང་སྔ་ཡབ)་གཞན། (།ནུབ་བ་ལང་སྤྱོད་ཀྱི་འཁོར)་གཡོ་ལྡན་དང་ནི་ལམ་མཆོག་འགྲོ་།བརྒྱད་རྣམས་དེ་ཡི་བར་གྱི་གླིང། །ཐམས་ཅད་ན་མི་རྣམས ་གནས་སོ། །གཞན་རྣམས་ན་རེ་གཅིག་(ལྷོ་ནུབ)་ན་སྲིན་པོ་རྣམས་སོ་ཞེའོ། །འཛམྦུའི་གླིང་འདི་ཉིད་ན། བྱང་དུ་ཌི?་ནི་ནག་པོ་དགུའི་ཕ་རོལ་ན་གངས་དང་ལྡན་པའི་རིའོ། །དེ་ལས་ཕ་རོལ་སྤོས་དང་ལྡང་བ་ལས་ཚུ་རོལ་ན་མཚོ་མ་དྲོས་པ་ཞེས་པ་ཡན་ལག་བརྒྱད་དང་ལྡན་པའི་ཆུས ་གང་བ་ཆུ་ཞེད་དུ་དཔག་ཚད་ལྔ་བཅུ་པ་གང་ལས་ཆུ་པོ་ཆེན་པོ་གངྒཱ་དད་སིནདྷུ་དང་ཤཱི་ཏཱ་པཀྵུ་རྣམས་འབབ་པའོ། (།མཚོའི)་དེའི་དྲུང་ན་(ཤིང)་ཛམྦུ་མངོན་པར་གྲུབ་སྟེ་(ཤིང་འཛམྦུ)་གང་གི་དབང་གིས་འདི་ཛམྦུའི་གླིང་ཞེས་བརྗོད་པའོ། །ཛམྦུའི་གླིང་འདི་ཉིད་ཀྱི་འོག་དཔག་ཚད་སྟོང་ཕྲག ་ཉི་ཤུའི་འོག་ན་མནར་མེད་པའི་དམྱལ་བ་(ཕྱོགས་ཕྱོགས་ནས་མེ་ལྕང་འབར་བས་བསྲེག་ཅིང་ལུས་མེར་གྱུར་བ་སྡུག་སྐད་ལས་སེམས་ཅན་དུ་ཤེས་པ་དང་ལྕགས་ཀྱི་ཞིབ་མེ་ལྕགས་ཀྱི་མདག་མ་འགྲིབ་ཏུ་འཇུག་པ་དང་ལྕགས་ཀྱི་རིལ་འབབ་འཇོག་དང་ལྕེ་ལྕགས་ཕུར་བརྒྱས་སྤྱོད་པ་དང་གན་རྒྱལ་ལ་ཁ་ལྕགས་ཀྱིས་འབྱེད་ལྕགས་ཀྱིས་ཕྱེ་ནས་ལྕགས་གོང་འབང་པོ་དང་ཟངས་ཞུན་བླུགས་པས་རྒྱུ་མ་ཚིག་པ་རོ་སྨད་ནས་ཕྱིར་འབྱུང་X ་X་བ་སོགས་མྱོང་བ་སེམས་ཅན་རྣམས་ཕན་ཚུན་དུ་ཁྲོས་པས་མཚོན་ཏགྱིས་བཏབ་ཏེ་རྒྱལ་ནས་འགྱེལ་བ་ན་ཡང་ཁྱེད་རྣམས་སོས་པར་གྱུར་ཅིག་ཅེས་གྲགས་པ་ཐོས་ཏེ་ཡང་ལངས་པ་ནས་ཕན་ཚུན་བསྣུན་པའོ།།)་ཆེན་པོ་སྟེ་དཔངས?་དང་རྒྱའི་ཚད་སྟོང་ཕྲག་ཉི་ཤུ་པའོ། །མནར་མེད་པའི་སྟེང་དུ་སྟེང་ནས་སྟེང་དུ་རབ་ཏུ་ཚ་བ་དང་(ནི་གསལ་ཤིང་རྩེ་གསུམ་བས་རྐུབ་ནས་ཕྲག་པ་གཉིས ་X་དང་སྤྱི་བོར་ཐུག?་ནས་མིག་སོགས་ནས་མེ་ལྕེ་ལྷབ་ལྷབ་པ་དང་ལྕགས་མེས་འབར་བས་ལུས་དཀྲི?་བ་དང་ལྕགས་ཀྱི་ཕྲུ་བ་ཆེན་པོ་བ་ཚ་ནུ་ཁོལ་མས་གང་བར་སྤྱི་ཆུགས་སུ་བཅུག་ནས་བསྐོལ་བས་ཀེ་རུ་སུ་གྱུར་བ་ས་གཞི་ལ་དཀྲམ་པས་ཡང་པགས་པ་དང་ཤ་ཁྲག་སྐྱེས་ནས་ཡང་ནང་དུ་འཇུག་པ་སོགས་མྱོང་བ།།)་ཚ་བ་དང་(ནི་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་བ་ཆེར་འབར་བའི་ནང་དུ་བཅུག་ནས་ཉ་བཞིན་དུ་སྲེག་པ་དང་X ་X་ལྕགས་ཀྱི་གསལ་ཤིང་འབར་བས་རྐུབ་ནས་སྤྱི་བོར་བྱུང་སྟེ་ཁ་མིག་སྣ་ན་བའི་བུ་ག་དང་བ་སྤུ་ནས་མེ་འབར་བ་ལྕགས་བསྲེགས་ཀྱིས་གཞི་ལ་གན་རྐྱལ་ལམ་ཁ་སྤུག?་ཏུ་བཞག་སྟེ་ལྕགས་ཐོ་འབར་བས་བརྡུང་ཞིང་ཀུན་ཏུ་བརྡུང་བའོ།།)་ངུ་འབོད་ཆེན་པོ་དང་(ནི་སེམས་ཅན་དམྱལ་བ་གནས་ཚོལ་བ་ལྕགས་ཀྱི་ཁང?་པའི་ནང་དུ་ཆུད་དེ་དེར་མེ་འབར་ཞིང་འཆེད་པས་བསྲེགས་ནས་དུ་ཞིང་སྡུག་སྐད?། ་X་འབྱིན་པ་སྟེ། ངུ་འབོད་ཆེན་པོ་འང་དེ་དང་འདྲ་བ་ལས་བར?་སྦྲུམ་དུ་འཇུག་པར་རིག་པར་བྱའོ།།)་ངུ་འབོད་དང་བསྡུས་འཛོམས་དང། (ནི་དམྱལ་བ་རྣམས་ཚོགས་པ་དང་དམྱལ་བ་སྲུང་མ་ཀྱི་ལྕགས་ཀྱི?་རི?་རའི?་གདོང་ལྟ་བུ་དང་ལུག་གི་དང?་རྟའི་དང་གླང་པོ་ཆེའི་དང་སེངྒེའི་དང་སྟག་གི་གདོང་ལྟ་བུ་གཉིས་གཉིས་ཀྱི་བར་དུ་བཅིངས་ནས་རིས་བཙིར་བས་སྒོ་ནས་ཁྲག་འབབ་བ་དང་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོ་འཕུད་ཤིང་X ་X་བཞིན་དུ་འཚེར་ཞིང་ཁྲག་གི་རྒྱུན་འབབ་པ་དང་ཡང་འདུས་པ་ན་ལྕགས་ཀྱི་ཕ་བོང་ཆེན་པོ་སྟེང་ནས་ལྷུང་བས་ལེབ་པ་ན་ཁྲག་རྒྱུན་འབབ་པ་མྱོང་བ།)་།ཐིག་ནག་དང་(དམྱལ་བསྲུངས་ཀྱིས་ཐིག་ནག་པོ་ཟུར་བཞི་ནས་སམ་ཟུར་བརྒྱད་སོགས་དུ་མ་བཏབ་ནས་དེ་ལྟར་གཤེག་ཅིང་འཇིགས།)་ཡང་སོས་ཏེ་དམྱལ་བ་བདུན་རྣམས་སོ། །གཞན་རྣམས་ན་རེ་མནར ་མེད་པའི་ལོགས་རྣམས་ནའོ་ཞེས་སོ། །བརྒྱད་པོ་དེ་རྣམས་ནི་སོ་སོར་བཅུ་དྲུག་ཉེ་འཁོར་ཏེ་དམྱལ་བར་ལྟུང་བ་རྣམས་(བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག་།དེ་རྣམས་ཀྱི་ནི་ངོས?་བཞིན་མེ་མང་མུར་དང་རོ་མྱགས་འདས?་སྤུ་གྲི་ལམ་སོགས་ཆུ་བོ་ཡིན་ཞེས་པ།)་འདི་རྣམས་སུ་སླར་ལྟུང་བའོ། །ཅི་དམྱལ་པའི་སྲུང་མ་དེ ་རྣམས་སེམས་ཅན་ནམ་འོན་ཏེ་མ་ཡིན་ཞེ་ན། མ་ཡིན་ནོ་བྱ་བ་བྱེད་པ་(ཱམ་གཡོ་བ)་ཅི་ལྟར་ཞེ་ན་སེམས་ཅན་རྣམས་ཀྱི་ལས་ཀྱིས་དེ་ལྟར་སྣང་བའོ། (།བཙུན་བ་ཆོས་ལྡན་རབ་འབྱོར་གྱིས་གང་དག་ཁྲོ་ཤིང་གཏུམ་ལས་དང་སྡིག་ལ་མངོན་པར་དགའ་བ་དང་སྡུག་བསྔལ་བ་ལ་དགའ་དེ་དག།)་གང་གཤིན་རྗེའི ་སྲིན་པོར་སྐྱེ་པར་འགྱུར། ཞེས་གསུངས་པ་ནི། དེར་གང་གཤིན་རྗེས་བཀས་བསྒོས་པ་རྣམས་ཀྱིས་སེམས་ཅན་རྣམས་དམྱལ་བར་ཁྲིད་པར་བྱེད་པ་དེ་རྣམས་གཤིན་རྗེའི་སྲིན་པོ་ཞེས་བརྗོད་ཀྱི་གང་(དམྱལ་བར)་ལས་བྱེད་པ་རྣམས་མ་ཡིན་ནོ་ཞེས་པའོ། (།རྟོག་དཔྱོད་ཀྱི་སའི་བསྡུ་བར ་X་(གཤིན་རྗེའི་མེ་སེན་གྱི་ལས་ཀྱི་དབང་གི་གྲུབ་པ་སྤྲུལ་པ་ལྟ་བུ་སེམས་ཅན་འབྱུང་པོ་མ་ཡིན་བ་ཞེས་གསུངས་སོ།)་།གཞན་རྣམས་ན་རེ་སེམས་ཅན་ནོ་ཞེའོ། །དེའི་ལས་རྣམས་གང་དུ་རྣམ་པར་སྨིན་ཞེ་ན། །དམྱལ་བ་དེ་རྣམས་ཉིད་དུ་འོ། །ཅི་ལྟར་མེར་(དམྱལ་བསྲུངས)་གནས་པ་རྣམས་མི་འཚིག་ཅེ་ན། ལས་རྣམས ་ཀྱི་མེ་ལས་མཚམས་བྱས་པའི་ཕྱིར་རམ་ཡང་ན་(མི་འཚིག་པའི)་འབྱུང་བའི་ཁྱད་པར་གྲུབ་པའི་ཕྱིར་རོ། །ཚ་བའི་དམྱལ་བ་བརྒྱད་པོ་འདི་རྣམས་ལས་གཞན་རྣམས་ནི་གྲང་བའི་དམྱལ་བ་རྣམས་ཏེ་(གྲང་བས)་ཆུ་བུར་ཅན་དང་ཆུ་བུར་རྡོལ་པ་དང་(གྲང་བས)་སོ་ཐམ་ཐམ་པ ་དང་ཨ་ཆུ་ཟེར་བ་དང་ཀྱི་ཧུད་ཟེར་བ་དང་(གྲང་བས་གས?་པ་སྔོན་པོ་ཁ་ལྟ་འམ་དྲུག་ཏུ)་ཨུཏཔ་ལ་ལྟར་གས་པ་དང། པདྨ་ལྟར་གས་པ་དང། (པགས་པ་ཤིན་ཏུ་དམར་བ་ཁ་བརྒྱའི་དེ་བས་ལྷག་པ།)་པདྨ་ལྟར་ཆེར་གས་བ་ཞེས་པ་བརྒྱད་པོ་རྣམས་ཛམྦུའི་གླིང་འདིའི་འོག་ན་དམྱལ་བ་ཆེན་པོ་རྣམས ་ཀྱི་ལོགས་ལའོ། །འཛམ་བུའི་གླིང་(འཕགས་བ་ཀླུ་སྒྲུབ་ཞབས་ཀྱིས་འདི་ནི?་ཉིན་ཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང། འོལ་ཡང་མི་མཆིར། ཡ་མི་བོང་ངོ་ཞེས་གསུངས།)་འདིའི་འོག་ན་མནར་མེད་པ་ལ་སོགས་པ་རྣམས་ཀྱི་གོ་སྐབས་ཀྱང་ཡོད་དེ་གླིང ་རྣམས་འབྲུའི་ཕུང་པོ་བཞིན་འོག་རྒྱ་ཆེ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒྱ་མཚོ་ཆེན་པོ་རིམ་གྱིས་གཞོལ་པའོ་ཞེས་པ་དམྱལ་བ་བཅུ་དྲུག་པོ་འདི་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་གྲུབ་པའོ། །ཉི་ཚེ་བའི་དམྱལ་བ་རྣམས་ནི་རང་རང་གི་ལས་ཀྱི་མང ་པོ་འམ་གཉིས་སམ་གཅིག་ཀྱང་རུང་སྟེ། དེ་རྣམས་ཀྱིས་རྣམ་པའི་བྱེ་བྲག་ཏུ་མའོ། །གནས་ཀྱང་ངེས་པ་མེད་དེ་ཆུ་བོ་དང་རི་དང་(རྩཝ?་མེད་ཆུ་མེད་ཤིང་མེད་ཀྱི་ཐད་ལ)་མྱ་ངན་གྱི་ཕྱོགས་རྣམས་དང་གཞན་རྣམས་དང་འོག་ནའང་ཡོད་པའི་ཕྱིར་རོ། །དུད་འགྲོ་རྣམས་ཀྱང ་ཐང་དང་ཆུ་དང་ནམ་མཁའ་ཨི་སྤྱོད་ཡུལ་བའོ། (།དེ་རྣམས་ཀྱི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ།)་ཡི་དགས་(སའི་དངོས་གཞིར་ཟས་སྐོམ་ལ་ཕྱིའི?་སྒྲིབ་པ་ཅན་ཆུ་མིག་དང། མཚོ་སོགས་མཚོན་ཆ་ཐོགས་པས་བསྲུངས་ཤིང་ཆུ་འང་སྣག་སོགས་སུ་མཐོང་བ་དང་ནང་གི་སྒྲིབ་པ་ཅན་ནི་ལ་ལས?་མིག?་ཙམ་ལ་ཁ་འབད་པ་དང་ལྦ་བ་ཅན་དང་གསུས?་པོ་ཆེ་དང་ཟས་སྐོམ་ཉིད་ལ་སྒྲིབ་པ་ཅན། མེ་ལྕེའི ་X་ཕྲེང་བ་ཅན་ཞེས་བྱ་ལ་ཟོས་པ་དང་འཐུངས་སོ་ཅིག་གིས་ཚིག་པར་འགྱུར་བ་དང་ལྗན་ལྗིན་ཟ་བཞོམ་བྱ་བ་བཤད་གཅི་སོགས་མི་གཙང་བ་ཟ་བ་དང་རང་བི་ཤ་ཟ་བའོ་ཡི་དགས་གསུམ་གསུངས་སོ།།)་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་སྟེ། དེའི་(རེའི་འཁོར་ན་ཡི་དགས་སུམ་ཅུ་རྩ་དྲུག་དྲན་བ་ཉེར་བཞག་གི་མདོར་གསུངས་ཏེ། ལྟོ་?་?་ཁ་ཁབ་ལྟར་ཕྲ?་དང། གཤང?་X ་X་ཟ?་ཀུན་སྟོན་དྲི་ཟ་དང་ཆོས་ཟ་སྦྱིན་པ་ཟ་བ་དང། །ཆུ་འཐུང་བསམ་པས་འཚོ་བ་དང། །མཆིལ་མ་ཟ་དང་ཕྲེང་བ་དང། །ལྷག་ཟ་ཤ་ཟ་བདུག་པ་ཟ། །དྲག་ཤུལ་སྤྱོད་དང་གླགས་ལྟ་དང། །ས་འོག་གནས་དང་མཐུ་བོ་ཆེ། །མཚན་མོ་ལུས་འབར་མི་གླགས་ལྟ། །འདོད་གཟུགས་གླིང་བར་གནས་པ་དང། །གཤིན་རྗེའི་དབྱུག་པ་བྱིས་པ་ཟ། །ཚངས་སྦྱིན?་འབྲུ་ཡི?་ཤུན? ་X་པ་ཟ། །མི་གཙང་ཟ་དང་ལམ་ཆེན་གནས། །མང་དུ་ཟ་དང་མེ་མདག་ཟ། །དུག་ཟ་དགོན་པར་གནས་པ་དང། །དུར་ཁྲོད་གནས་དང་ཤིང་ལ་གནས། །ལམ་གྱི་གཞི་མདོང་གནས་པ་དང། །མདུང་གྱི་སྡེ་སྟེ་སུམ་ཅུ་དྲུག་།ཅེས་བསྡུ་བའི་ཚིགས་སུ་བཅད་པའོ།)་།རྒྱལ་པོའི་ཕོ་བྲང་ནི་ཛམྦུའི་གླིང་གི་འོག་དཔག་ཚད་ལྔ་བརྒྱས་པར་བཅད་པ་ན་སྟེ། དེ་རྣམས ་ཀྱི་རྩ་བའི་གནས་ཡིན་ལ་དེ་ལས་གཞན་དུ་འཕྲོས་པ་རྣམས་སོ། (།གླིང་གཞི་པ)་འདིའི་སྟེང་གི་བར་སྣང་ལ་འཕུལ་བྱེད་ཀྱི་རླུང་རྣམས་འཁོར་བ་དང་འདྲ་བར་ཟླ་བ་དང་ཉི་མ་དང་སྐར་མ་རྣམས་རི་རབ་ལ་ཡོངས་སུ་བསྐོར་བར་བྱེད་དོ། །དེ་ལ་ཟླ་བ་དང་ཉི་མ་དག་རི་(ཡི་དགས) ་རབ་ཀྱི་ཕྱེད་གཉའ་ཤིང་འཛིན་གྱི་རེའི་སྟེང་ནས་མཉམ་པར་རྒྱུའོ། །ཚད་ནི་ཟླ་བའི་དཀྱིལ་འཁོར་གྱི་དཔག་ཚད་ལྔ་བཅུ་པའོ། །ཉི་མའི་ལྔ་བཅུ་རྩ་གཅིག་གོ་།སྐར་མའི་གཞལ་ཡས་ཁང་རྣམས་ཀྱི་གང་ཆུང་བ་དེའི་ཚད་རྒྱད་གྲགས་སོ། །ཉི་མའི་གཞལ་མེད་ལང་གི་འོག་ཕྱི ་རོལ་ནི་མེ་ཤེལ་གྱི་དཀྱིལ་འཁོར་ཚ་ཞིང་སྣང་བར་བྱེད་པའོ། །ཟླ་བའི་གཞལ་མེད་ཁང་གི་འོག་ནི་ཆུ་ཤེལ་བསིལ་པ་དང་སྣང་བར་བྱེད་པའོ། །གླིང་བཞིར་ཉི་མ་གཅིག་དང་ཟླ་བ་གཅིག་གིས་བྱ་བ་བྱེད་དོ། །གང་གི་ཚེ་བྱང་གི་སྐྲ་མི་སྙན་དུ་ནམ་ཕྱེད་བ་དེའི་ཚེ་ཤར་ལུས ་འཕགས་སུ་ཉི་མ་ནུབ་པའོ། །ཛམྦུའི་གླིང་དུ་ཉི་མ་ཕྱེད་དོ། །བ་ལང་སྤྱོད་དུ་འཆར་རོ། །དེ་བཞིན་དུ་གཞན་རྣམས་སུ་ཡང་ངོ། །འདིར་ཉི་མའི་འགྲོས་ཀྱི་བྱེ་བྲག་གིས་མཚན་མོ་དང་ཉིན་མོ་རྣམས་འཕེལ་བ་དང་ཐུང་བ་དག་གོ་།དཀར་པོའི་ཕྱོགས་ཀྱི་དང་པོར་ཟླ་བའི་དཀྱིལ ་འཁོར་ཉམས་པར་མཐོང་བའི་རྒྱུ་ཅི་ཞེ་ན། ཉི་མའི་འོད་ཀྱིས་ཏེ་(ཉི་མའི་འོད་ཟླ་བའི་གཞལ་མེད་ཁང་ལ་ཕབ?་པ་ན།)་ཟླ་བའི་གཞལ་ཡས་ཁང་གི་ལོགས་གཞན་ལས་(ཟླ་བ་རང་གི)་གྲིབ་མ་ལྷུང་སྟེ་ཟླ་བའི་དཀྱིལ་འཁོར་མ་རངས་པར་མཐོང་ངོ་ལོ། །སྔོན་གྱི་སློབ་དཔོན་རྣམས་ན་རེ། གང ་རེས་འགའ་གཞལ་མེད་ཁང་གི་ཕྱེད་སྣང་བ་དེ་འདྲ་བ་དེ་རྒྱུ་བའི་ཚུལ་ལོ་ཞེས་སོ། །ཉི་མ་ལ་སོགས་པའི་(ཟླ་བ་དང་སྐར་མ)་གཞལ་ཡས་ཁང་འདི་རྣམས་ལ་གནས་པའི་ལྷ་རྣམས་ནི་རྒྱལ་ཆེན་བཞིའི་རིས་པ་གཞལ་མེད་ཁང་ལ་གནས་པ་རྣམས་སོ། །ས་ལ་གནས་པ་ནི་རི་རབ་ཀྱི ་བང་རིམ་ལ་སོགས་པ་རྣམས་ལ་གནས་པའོ། །རི་རབ་ཀྱི་བང་རིམ་བཞི་རྣམས་ཏེ། དེ་ལ་གཅིག་དཔག་ཚད་སྟོང་ཕྲག་བཅུ་གྱེན་དུ་སོན་པ་ནས་ཏེ་བཞི་པའི་བར་དུ་ཡང་དེ་བཞིན་དུའོ། (ཏེ་དེ་རྣམས་ཀྱི་ནི་རང་ཀྱི་ཕྱེད་མན་ཆད་དུ་ཕྱིན་ཞེས་མཛོད་འགྲེལ།)་སྟོང་ཕྲག་བཅུ་དྲུག་དང་(རྒྱལ་ཆེན་བས་བཞི་པ) ་བརྒྱད་དང་བཞི་དང་གཉིས་(རི་རབ་ལས)་ཐོན་པའོ། (།བང་རིམ)་དེ་རྣམས་ལ་ལག་ན་གཞོང་ཐོགས་རྣམས་དང་ཕྲེང་ཐོགས་རྣམས་དང་རྟག་མྱོས་རྣམས་དང་རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་ཏེ། གཉའ་ཤིང་འཛིན་ལ་སོགས་པ་རི་བདུན་པོ་རྣམས་ལ་ཡང་ངོ། (།རྒྱལ་ཆེན་རི?་སང?་ཞི་བ་གནས) ་བང་རིམ་བཞི་པ་ལ་རྣམ་ཐོས་སྲས་དང་(ཀྱི་ཕོ་བྲང་ལྕང་ལོ་ཅན་ནོར་ལྷ་རྒྱད་ཐ་སྐར་གྱི་བུ་གཉིས་དྲག་པོ་བཅུ་གཉིས་བཅུ་གཉིས?་ལ་དབང་པོ་ལ་གཅིག་དང་ཉེ་དབང་སུམ་ཅུ་རྩ་གཉིས་ཏེ།)་ཡུལ་འཁོར་བསྲུང་དང་(གི་ཕོ་བྲང་ཡུལ་འཁོར་སྲུང)་འཕགས་སྐྱེས་པོ་དང་(ཱི་ཕོ་བྲང་འཕགས་སྐྱེས)་མིག་མི་བཟང་སྟེ་(གི་ཕོ་བྲང?་སྣ་ཚོགས་གཟུགས)་རྒྱལ་པོ་ཆེན་པོ ་བཞི་རྣམས་བྱང་ལ་སོགས་པའི་ཕྱོགས་(གྲོང་ཁྱེར་དཔག་ཚད་བརྒྱ་ལྔ་བཅུའི་ཚད་ཅན)་རྣམས་ན་གནས་སོ། (སའི་ངོས་བཞིར་གཉའ་ཤིང་འཛིན་གྱི་ངོས་ལ་གནས་པར་བཤད།)་ལག་ན་གཞོང་ཐོགས་ལ་སོགས་པ་འདི་རྣམས་ཐམས་ཅད་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའོ། །ལྷུན་པོའི་སྟེང་ན་ལགས་པར ་སྤང་པ་ལྷན་ཅིག་བྱས་པ་སུམ་ཅུ་རྩ་གསུམ་དེར་སྐྱེས་པས་སུམ་ཅུ་རྩ་གསུམ་པའོ། །ལྷུན་པོའི་སྟེང་གི་ངོས་སོ་སོར་སྟོང་ཕྲག་བརྒྱད་ཅུ་སྟེ་ཐུར་དུ་ཇི་ལྟ་བ་བཞིན་ནོ། གཞན་རྣམས་ན་རེ་ངོས་སོ་སོར་སྟོང་ཕྲག་ཉི་ཤུའོ་ཞེས་ཟེར་རོ། །གྲཝ་བཞིན་དཔག་ཚད་ལྔ་བརྒྱའི ་ཚད་ཀྱིས་བརྩེགས་པ་བཞི་རྣམས་ཏེ། གང་རྣམས་སུ་ལག་ན་རྡོ་རྗེ་ཞེས་པའི་གནོད་སྦྱིན་རྣམས་སོ་སོར་གནས་པའོ། །རི་རབ་ཀྱི་སྟེང་དེའི་དབུས་ན་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་ངོས་རེ་རེ་ལ་དཔག་ཚད་ཕྱེད་དང་སུམ་སྟོང་དུ་རིང་བ་དཔག་ཚད་ཕྱེད་དང་གཉིས་པ། སའི་མཐིལ ་གསེར་གྱི་རང་བཞིན་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀྲ་བ་ཤིང་བལ་ལྟར་རེག་ན་འཇམ་པ་བརྒྱ་བྱིན་གྱི་རྒྱལ་པོའི་ཕོ་བྲང་ངོ། །དེའི་དབུས་ན་རྣམ་པར་རྒྱལ་བ་ཞེས་པའི་ཁང་བཟང་ངོས་སོ་སོར་དཔག་ཚད་བརྒྱ་ཕྲག་ཕྱེད་དང་གསུམ་དུ་རིང་བ་དབངས་སུ ་ཇི་ལྟར་མཛེས་པའོ། །གྲོང་ཁྱེར་གྱི་ལོགས་བཞི་རྣམས་ན་ཤིང་རྟ་སྣ་ཚོགས་དང་རྩུབ་འགྱུར་དང་འདྲེས་ཚལ་དང་དགའ་བའི་ཚལ་ཞེས་པ་སྐྱེད་མོས་ཚལ་རྣམས་སོ། (།ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་པ)་གྲོང་ཁྱེར་གྱི་ཕྱི་རོལ་གྱི་ལོགས་གཉིས་ཀྱི་བྱང་ཤར་ན་(ཤིང)་ཡོངས་སུ ་འདུ་ས་རྟོལ་ཏེ། དེའི་རྩ་བ་དཔག་ཚད་ལྔ་ཟུག་གོ་(།སའི་ངོས་གཞིར་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པར་བཤད།)་དཔངས་སུ་དཔག་ཚད་བརྒྱ་པའོ། །ཡལ་ག་དང་འདབ་མ་དང་ལོ་མ་དཔག་ཚད་ལྔ་བཅུ་ཁྱབ་སྟེ་གནས་སོ། །དེ་ཐམས་ཅད་མེ་ཏོག་རྒྱས་པའི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་འགྲོ ་ལ་རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུའོ། །ཅི་རང་གི་འབྱུང་བ་ལ་(ས་ཆུ་སོགས)་བརྟེན་པ་ཁོ་ནས་མེ་ཏོག་གི་དྲིའི་རྒྱུན་དེ་འཇུག་གམ། འོན་ཏེ་རླུང་ལ་བསྒོས་ནས་སྐྱེ་ཞེ་ན། འདི་ལ་ངེས་པ་མེད་ལ་སློབ་དཔོན་གྱི་འདོད་པ་གཉིས་ཀར་ལྟར་ཡང་ངོ། །ལྷོ་ནུབ་ན་ཆོས་བཟང ་སྟེ་ལྷའི་མདུན་ནས་གང་དུ་ལྷ་རྣམས་འཁོད་ནས་བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད་པའོ། །དེ་ལྟ་བུ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་སྣོད་གནས་པའོ། (།འོ་ན་ཀྱང་བཤེས་སྤྲིན་དུ་མཐོ་རིས་དག་ནའང་བདེ་ཆེ་བ་དེ་དག་གི་།འཆི་འཕོའི་སྡུལ་དག་ནི་དེ་བས་ཚེ། །ལུས་ཀྱིས་དོག་མི་སྡུག་འགྱུར་བ་དང། །སྟན་ལ་མི་དགའ་མེ་ཏོག་ཕྲེངས?་X ་X་རྙིངས་དང། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བྱ་བ། །མཐོ་རེས་འཆི་བ་སྒྲོན་པའི་སྔ་ལྟས་ལྔ། །ཞེས་སོགས་གསུངས་པས་དེ་ལའང་སྨོད་པར་མི་བྱའོ།)་།སྐབས་གསུམ་པ་རྣམས་ལས་སྟེང་དུ་ལྷ་རྣམས་གཞལ་མེད་ཁང་ལ་གནས་པའོ། །དེ་རྣམས་ཀྱང་(ལྷ་དང་ལྷ་མ་ཡིན་གྱི)་འཐབ་(པ་དང)་བྲལ་བ་དང་དགའ་ ་ལྡན་དང་(རང་གི་འདོད་པའི་ཡོན་ཏན་རྣམས་སྤྲུལ་ནས་དགའ་བར་བྱེད་པས)་འཕྲུལ་དགའ་དང་(གཞན་གྱི་སྤྲུལ་བའི་ལོངས་སྤྱོད་ཀྱིས་དགའ་?་བར་བྱེད་པས།)་གཞན་འཕྲུལ་དབང་བྱེད་དེ་འདོད་ཁམས་པ་རྣམས་དང་བསམ་གཏན་བཞི་པའི་ས་པས་སོ། །དེ་ལ་ཚ་བའི་དམྱལ་བ་བརྒྱད་དང་གླིང་བཞི་(ཆོས་ཀྱི་དགའ་བ་དང་བདེ་བ་ལྷག་པར་ཆེ་བས་ན) ་དང་རྒྱལ་ཆེན་བཞིའི་རིས་པ་ལ་སོགས་པ་ལྷ་དྲུག་དང། དུད་འགྲོ་དང་ཡི་དགས་ཀྱི་དབྱེ་བས་འདོད་ཁམས་གནས་རིས་ཉི་ཤུའོ། །དེ་ལ་འདོད་པ་སྐྱེ་བ་གསུམ་རྣམས་ཏེ། འདོད་པ་ཇི་ལྟར་བསྐྱེད་པ་ལོངས་སྤྱོད་པ་ལས་མི་རྣམས་དང་(འདོད་པའི)་ལྷའི་རིས་(དང་པོ)་བཞི་རྣམས་དང ་འཕྲུལ་དགའ་བ་རྣམས་རང་གིས་སྤྲུལ་ཞིང་སྤྲུལ་ནས་འདོད་པ་རྣམས་ལོངས་སྤྱོད་པ་དང་གཞན་འཕྲུལ་དབང་བྱེད་པ་རྣམས་གཞན་གྱིས་སྤྲུལ་པའི་འདོད་པ་རྣམས་ལ་དབང་ཕྱུག་གི་དབང་བྱེད་པའོ། །འདིར་ས་དང་འབྲེལ་པར་གནས་པ་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ ་པ་རྣམས་མི་བཞིན་དུ་(བུད་མེད་དང་སྐྱེས་པ)་གཉིས་ཀྱི་གཉིས་(ཕོ་མོའི་དབང་པོ་གཉིས)་འཁྲིག་ལ། འཐབ་བྲལ་ལ་སོགས་པ་རྣམས་གྲངས་ཇི་ལྟ་བར་མཁྱུད་པ་དང་(དགའ་ལྔ་པ)་ལག་བཅངས་དང་རྒོད་པ་དང་བལྟ་བས་སོ། །འོན་ཀྱང་ལྷ་རྣམས་ལ་ཁུ་བ་མེད་པའི་ཕྱིར་རླུང་བཏང་བས ་ཡོངས་སུ་གདུང་བ་(འཁྲིག་པ་འདད་པ)་དང་བྲལ་ལོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཐམས་ཅད་ཀྱང་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པ་སྟེ་དུས་ཡོངས་སུ་བཅད་པས་མཁྱུད་པ་ལ་སོགས་པར་གདགས་པར་(ཱི་བསྟན་བཅོས་སུ)་གསུངས་སོ། །ཞེས་སོ་།ཇི་ཙམ་ཇི་ཙམ་དུ་ཡུལ་ཤས ་ཆེ་བ་དེ་ཙམ་དུ་འདོད་ཆགས་ཀྱང་ཤས་ཆེ་བའོ། །ལྷ་འམ་ལྷ་མོ་གང་གི་ཕང་པར་གཞོན་ནུ་འམ་གཞོན་ནུ་མ་བྱུང་བ་(ལྷ་འམ་ལྷ་མོ)་དེ་ནི་དེ་དག་གི་བུ་རྒྱུད་(འདོད་པའི)་དེ་ལྷའི་རིས་(དྲུག)་རྣམས་སུ་(རིམ་པ་བཞིན)་ལོ་ལྔ་དང་དྲུག་དང་བདུན་དང་བརྒྱད་དང་དགུ་པ་དང་བཅུ་པ་ལྟ་བུར ་རོ། གཟུགས་ཁམས་སུ་ནི་ལྷ་རྣམས་ལུས་ཡོངས་སུ་རྫོགས་པ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་བྲལ་བ་གོས་དང་བཅས་པར་སྐྱེའོ། །ལྷ་དེ་རྣམས་ཐམས་ཅད་ཀྱང་འཕགས་པའི་(སཾ་སྐྲི?་ཏ)་སྐད་དུ་སྨྲའོ། །དེ་ལ་བསམ་གཏན་དང་པོ་ནི་(ལས་ཆན་པ་ལས་སྐྱེས་པས་ཚང་པའི་རིས་ན་ཡོད་པས) ་ཚངས་རིས་དང་(ཚངས?་པ?་ཆེན?་པོའི་མདུན་ན་རྟག་ཚིག?་འདོན་པས)་ཚངས་པའི་མདུན་ན་འདོན་དང་(ཚེ་དང་ཁ་དོག་ལ་སོགས་པའི་ཁྱད་པར་གྱིས་ཆེ་བས)་ཚངས་ཆེན་ནོ། །གཉིས་པ་ནི་འོད་(འདི་དག་ལ་རང་གིས་ལ་ལྟོས་པའི་འོད་ཆུང་ངུ་ཡོད་པས།)་ཆུང་དང་ཚད་མེད་འོད་གདང་འོད། (འདི་རྣམས་ཀྱི་འོད་གང་རུང་རུང་ནས་བྱུང་བས)་གསལ་ལོ། ། ་གསུམ་པ་ནི་(ཡིད་ཀྱིས་ས་ལ?་བདེ་བ་རང་གི་ས་ལ་ལྟོས་པའི་ཆུང་ངུ་དང་ལྡན་པས)་དགེ་ཆུང་དང་ཚད་མེད་དགེ་དང་(བདེ་བས་མཆོག་ཏུ་གྱུར་པའི་བདེ་བ་མེད་པ་བདེ་བ་མཛའ་དག་ཡོད་པས།)་།དགེ་རྒྱས་ཏེ་འདི་རྣམས་ཀྱང་བདེ་བ་ཉམས་སུ་མྱོང་བའོ། །བཞི་པ་རབ་ཀྱི་མཛའ་བ་ནི་བཏང་སྙོམས་ཉམས་སུ ་མྱོང་བ་སྟེ། (ས་གཞི་སྤྲིན་བཞིན་འབྲེལ་བ་མེད་པས་ན)་སྤྲིན་མེད་དང་(མི་གཡོ་བའི་ལས་ལས་སྐྱེས་པས་ན)་བསོད་ནམས་སྐྱེས་དང་འབྲས་(གནས་མེད་པའི་སོ་སོར་སྐྱེ་བོ་ཐམས་ཅད་ལས་མཆོག་ཡིན་པས།)་།བུ་ཆེ་དང་(ཉོན་མོངས་ཆེན་པོ་ལུས་ལ་མེད་པས)་མི་ཆེ་བ་དང་མི་གདུང་བ་དང་(སྣང་བ་ཡོངས་སུ་དག་པས་མཛེས་པར་སྣང་བས) ་གྱ་ནོམ་སྣང་དང་ཤིན་ཏུ་(སྒྲིབ་པ་ཕལ་ཆེར་ཟང་ཟང་མཐང་བ་དག་གཙང་བཟང་བས)་མཐོང་དང་འོག་(དེའི་གོང་ན་གནས་གཞན་མེད་པས)་མིན་ནོ། (།ནམ་བསགས་མཐོ)་བསམ་གཏན་བཞི་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སོ་སོར་ས་གསུམ་པའོ། (།བཞི་པ་ས་ནི་བརྒྱད་པ་ཡིན་ཅེས་པ་ལྟར)་བཞི་པ་ནི་ཆེན ་པོ་ཉིད་ལ་ཆུང་ངུའི་ཆུང་ངུ་དང། (འབྲས་བུ་ཆེ)་ཆུང་ངུ་དང་(མི་ཆེ་བ)་འབྲིང་དང་ཆེན་པོ་(གྱ་ནོམ་སྣང)་དང་ཤིན་ཏུ་ཆེན་པོ་དང་(ཤིན་ཏུ་མཐོང)་མཆོག་ཏུ་ཆེན་པོའི་(ཱོག་མིན)་བྱེ་བྲག་གིས་གནས་དྲུག་སྟེ་འདི་རྣམས་གནས་བཅུ་བདུན་ནོ། (།སའི་དངོས་གཞིའི་དེའི་གོང་ན་དབང་ཕྱུག་ཆེན་པོའི་X ་X་གནས་ཞེས་པ་བྱང་སེམས་ས་བཅུ་པ་སྐྱེད་གཅིག་པ་ཡོད་པར་བཤད།)་དེ་ན་གནས་པའི་སེམས་ཅན་རྣམས་དང་བཅས་པ་ནི་གཟུགས་ཀྱི་ཁམས་སོ། །འབྲས་བུ་ཆེའི་ཕྱོགས་གཅིག་ན་འདུ་ཤེས་མེད་པ་པའི་སེམས་ཅན་རྣམས་སོ། །ཁ་ཅིག་འདི་རྣམས་ཀྱི་གནས་ལོགས་པ་ཁོ་ནར་འབྲས ་བུ་ཆེའི་སྟེང་ནའོ་ཞེས་སོ། །མི་ཆེ་བ་ཞེས་པ་འདིར་(དུས་ཅུང་ཟད་ཀྱིས་བདག་གི་གནས་མི་སྤོང་བས)་ཨ་བཱི་(མི་སྤོང་བ)་ཧ་ཞེས་པ་དང་མི་(ས་འོག་མ་ལ་འདོད་པར་མི་བྱེད་པས)་འདོད་པ་ཞེས་པའང་མིང་དུ་སེམས་སོ། །མི་ཆེ་བ་ལ་སོགས་པ་འོག་མིན་གྱི་བར་ལྔ་རྣམས་གཙང་མའི་གནས་ཏེ། ་གཙང་བ་ནི་འཕགས་(བསམ་གཏན་བཞི་པ་ཟག་བཅས་ཟག་མེད་དེ་ལ་མ་བསྒམས་པ)་པ་རྣམས་ཁ་ན་(ལྔ་པོ)་འདི་རྣམས་སུ་སྐྱེས་ནས་གནས་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ན་གནས་མང་ཅིང་བཏང་སྙོམས་ཉམས་སུ་མྱོང་བ་ཚོར་བ་(གཟུགས་ཀྱི་ཕུང་པོ་མེད་པས)་ལ་སོགས་པའི་ཕུང་པོ ་བཞི་པ། སྐྱེ་བའི་བྱེ་བྲག་གིས་རྣམ་པ་བཞི་སྟེ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང་ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་པའོ། །འདི་རྣམས་ཡུལ་གྱིས་བྱས་པའི་སྟེང་དང་འོག་ནི ་མེད་དེ། ཡུལ་གང་དུ་སྙོམས་པར་འཇུག་པ་དེ་ཐོབ་པ་རྣམས་ཤི་འཕོས་པ་དེ་ཉིད་དུ་སྐྱེ་བའི་ཕྱིར་རོ། (།རྟན་སྔ་མའི་སྒོ་ནས་དེ་ཉིད་སྐྱེ་བོ་ཞེས་གདགས་ཀྱི་ཡུལ་དེ་ན་གནས་པ་ནི་མ་ཡིན་ནོ་ཞེས་སློབ་དཔོན་གང་བ་སྤེལ་ལོ།།)་སླར་ཡང་དེ་ནས་ཤི་འཕོས་པ་རྣམས་(ཡུལ)་དེ་ཉིད་དུ་སྲིད་པ་བར་མ་འགྲུབ་པའོ། །འདིར ་འདི་ལ་གཟུགས་ཡོད་པ་མ་ཡིན་པས་གཟུགས་མེད་དེ་དེའི་དངོས་པོ་ནི་གཟུགས་མེད་པ་ཉིད་དོ། །གཟུགས་མེད་པ་ཁོ་ན་དང་གཟུགས་མེད་པ་ཉིད་ཅེས་པ་ནི་དམན་པ་ལ་(མེད་ཅེས)་དགག་སྒྲ་སྟེ། དེའི་ཕྱིར་དེ་ནས་ཤི་འཕོས་པ་རྣམས་ཀྱི་གཟུགས་ནི་གཟུགས་ཁོ་ན་ལས་སྐྱོའོ ་གཞན་རྣམས་ན་རེ་སེམས་ཁོ་ན་ལས་སྐྱེ་སྟེ་དེའི་(ལུས་ཡང་ན་སེམས)་རྣམ་པར་སྨིན་པ་རྒྱུས་ཡོངས་སུ་བསྒོས་པ་ཐོབ་པ་འཇུག་པ་ལས་སོ། །ཞེས་སོ། །ཆོས་མངོན་པ་བ་ཁ་ཅིག་ན་རེ་(གཟུགས)་དམན་པའི་དོན་ལ་(གཟུགས་མེད་ཅེས)་དགག་སྒྲར་བརྗོད་དེ། གཟུགས་མེད་པའི་ཁམས ་ན་གཟུགས་ཀྱང་ཡོད། གནས་ཀྱང་ཡོད། དེ་ནས་སྟེང་ནས་སྟེང་དུ་གནས་པའི་གཞལ་མེད་ཁང་རྣམས་ཀྱང་ཡོད་ཅེས་ཟེར་བ་ནས་ས་ལ་སོགས་པ་རྣམས་ཀྱི་ཡང་ཚད་དང་དབྱིབས་ཀྱི་དབྱེ་བའི་བར་དུ་རྒྱས་པར་སྟོན་ཏོ། །དེའི་འདོད་པ་འདིར་མ་སྤྲོས་ཏེ་མང་པོའི་འདོད་པ་མ ་ཡིན་པའི་ཕྱིར་རོ། །བསམ་གཏན་ལ་སོགས་པ་དང་ཕྱོགས་གཅིག་པའི་ཕྱིར་(བསམ་གཏན་དང་གཟུགས་མེད)་དེས་ཡང་དག་པར་བསྡུས་པའི་ཉེར་སྡོགས་བརྒྱད་རྣམས་ཏེ། (དེ་རྣམས་ཀྱི་ནི་ཉེར་སྡོགས་བརྒྱད། །དགྲ་བ་བདེ་མིན་སྡུག་བསྔལ་མིན། དང་པོ་འཕགས་པའང་ཁ་ཅིག་གསུམ། ཞེས་མཛོད་བརྒྱད་པར་གསུངས།)་བསམ་གཏན་དང ་གཟུགས་མེད་པ་བརྒྱད་རྣམས་ཀྱི་རེ་རེའི་རེ་རེ་སྟེ་(ཉེར་སྡོགས)་གང་གིས་དེ་ལ་འཇུག་པའོ། །བསམ་གཏན་དང་པོའི་ཉེར་སྡོགས་མི་ལྟོགས་པ་མེད་པ་(རྟོག་པ་དང་དཔྱོད་པ་དང་ཚོར་བ་བཏང་སྙོམས་དང་སེམས་རྩེ་གཅིག་པ་སྟེ)་ཡན་ལག་བཞི་པའོ། །བསམ་གཏན་དང་པོ་ཉིད་(རྟོག་མེད་བསམ་གཏན་X ་X་ཁྱད་པར་ཅན་ནི་གསུམ་བདེ་མིན་སྡུག་བསྔལ་མིན། །དེ་ནི་ཚངས་ཆེན་འབྲས་བུ་ཅན་ཞེས་མཛོད་བརྒྱད་པར།)་རྟོག་པ་དང་མཚུངས་པར་མི་ལྡན་པ་འདོད་པ་རྣམས་ལ་བཏང་སྙོམས་ཀྱི་ཚོར་བ་དང་མཚུངས་པར་ལྡན་པ་རྟོག་པ་མེད་ལ་སྤྱོད་པ་དང་བཅས་པ་ནི་བསམ་གཏན་ཁྱད་པར ་ཅན་ཡིན་ལ་བསམ་གཏན་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ཕྱིར་དེའི་འབྲས་བུ་ཚངས་པ་ཆེན་པོའོ་ཞེས་པ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་སོ། །དེ་ལ་གཙོ་བོར་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པ་དང་ལྡན་པ་ནི་འདོད་པ་ན་སྤྱོད་པའི ་ལྷ་རྣམས་སོ། (།གཙོ་ཆེར)་ཏིང་ངེ་འཛིན་གྱི་རྣམ་སྨིན་དང་ལྡན་པ་ནི་ཚངས་རིས་ལ་སོགས་པ་རྣམས་སོ། །ཤེས་རབ་ཀྱི་རྣམ་སྨིན་དང་ལྡན་པ་རྣམས་ནི་གཙང་མའི་གནས་པ་རྣམས་ཏེ་འཕགས་པ་རྣམས་ཁོ་ན་(གནས་གཙང་མ)་དེར་སྐྱེ་བའི་ཕྱིར་རོ། །འདི་རྣམས་ཀྱང་བག ་མེད་པའི་ས་ལ་གནས་པ་རྫོགས་པའི་བྱང་ཆུབ་དང་རྗེས་སུ་མཐུན་པའི་གདམས་ངག་གི་སྣོད་དོ། །བག་མེད་པའི་ས་ནི་རྣམ་པ་གསུམ་སྟེ། འདོད་པའི་བདེ་བའི་རོ་མྱང་བ་སྟེ་དེ་ཕལ་ཆེར་འདོད་ཁམས་ཀྱི་ལྷ་རྣམས་སོ། །བསམ་གཏན་གྱི་བདེ་བའི་རོ་མྱང་བ་བས ་བསམ་གཏན་དུ་སྐྱེས་པ་རྣམས་སོ། །མྱ་ངན་ལས་འདས་པའི་རྒྱུ་མཚན་(འཕགས་པའི་ལམ)་གྱི་རོ་མྱང་བ་ནི་གཙང་མའི་གནས་པ་རྣམས་སོ། །གཟུགས་མེད་པ་རྣམས་ནི་(གདམས་ངག་གི་སྣོད་མ་ཡིན་ཏེ)་བགྲོད་པ་ལ་སོགས་པ་མི་རུང་བའི་ཕྱིར་རོ། །གདུལ་བྱར་ནི ་བྱམས་པ་ཡོངས་སུ་བསྒོམས་ཤིང་རྫོགས་པའི་སངས་རྒྱས་ལ་སོགས་པ་ཡིད་ལ་བྱེད་པ་ལས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་གནས་འགྱུར་བའོ་ཞེས་པའོ། (།མཛོད་གསུམ་པ)་ཅི་ཁམས་གསུམ་པ་གཅིག་ཁོ་ནའམ་ཞེ་ན་ཁམས་གསུམ་པ་རྣམས་ཀྱི་མཛའ་ཡོད ་པ་མ་ཡིན་ཏེ་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁམས་རྣམས་སོ། །འཇིག་རྟེན་གྱི་ཁམས་རྣམས་ཇི་ལྟར་གནས་ཤེ་ན། ཤར་དང། ལྷོ་དང། ནུབ་དང་བྱང་གི་ཕྱོགས་རྣམས་དང་སྟེང་དང་འོག་ནའང་འཇིག་རྟེན་གྱི་ཁམས་འཇིག་པ་དང་འཆགས་པ ་རྣམས་ཀྱི་བར་དང་མཚམས་མེད་དེ། འོག་མིན་གྱི་གོང་ནའང་འདོད་པའི་ཁམས་སོ། །འདོད་པའི་ཁམས་ཀྱི་འོག་ནའང་འོག་མིན་ནོ། །གང་ཁམས་གཅིག་ལས་འདོད་ཆགས་དང་བྲལ་བ་དེ་(འཇིག་རྟེན་གྱི་ཁམས་ཀུན་གྱི་འདོད་ཁམས)་ཐམས་ཅད་ལས་སོ། །དེ་བཞིན་དུ་གཟུགས་དང ་གཟུགས་མེད་པ་ལས་ཀྱང་ངོ། །གང་བསམ་གཏན་དང་པོ་ལ་བརྟེན་ནས་རྫུ་འཕྲུལ་སྐྱེད་པར་བྱེད་པ་དེ་ནི་འཇིག་རྟེན་གྱི་ཁམས་གང་དུ་སྐྱེས་པ་(འཇིག་རྟེན་གྱི་ཁམས)་དེར་སྐྱེད་པར་བྱེད་ལ། ཚངས་པའི་འཇིག་རྟེན་དེ་ཉིད་དུ་(རྫུ་འཕྲུལ)་དེས་འགྲོའི་(འཇིག་རྟེན་གྱི་ཁམས)་གཞན་དུ་མ ་ཡིན་ནོ། །གང་ལྷ་རྣམས་ཀྱི་གནས་(རྒྱལ་ཆེན་རིས་བཞི་ནས་འོག་མིན་གྱི་པར)་ཉི་ཤུ་རྩ་གསུམ་བརྗོད་པ་དེ་རྣམས་ཀྱི་འོག་ནས་སྟེང་དུ་ཅི་ཙམ་རིང་ཞེ་ན། (རང་རང་གི)་གནས་དང་གནས་ནས་འོག་ཏུ་(འཛམྦུ་གླིང)་ཇི་སྲིད་པ་དེ་སྲིད་དེ་དང་དེ་ལས་སྟེང་དུ་སྟེ་ཐམས་ཅད་དུ་འཛམྦུའི་གླིང་མཚམས་སོ། ། ་འོ་ན་འཐབ་བྲལ་ལ་སོགས་པ་(འདོད་ལྷ་བཞི)་རྣམས་ཀྱི་གཞལ་མེད་ཁང་གི་ཚད་ཅི་ཞེ་ན། ཁ་ཅིག་ན་རེ་བཞི་པོ་རྣམས་རི་རབ་ཀྱི་སྟེང་ཅི་ཙམ་པའོ་ཞེས་སོ། །གཞན་རྣམས་ན་རེ་གོང་མ་ཉིས་འགྱུར་རོ་ཞེས་སོ། །ཁ་ཅིག་ན་རེ་བསམ་གཏན་དང་པོ་ནི་གླིང་བཞི་པ་ཇི་སྲིད་པའོ། །གཉིས་པ ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཇི་ཙམ་པའོ། །གསུམ་པ་ནི་སྟོང་གཉིས་པ་ཇི་ཙམ་པའོ། །བཞི་པ་ནི་སྟོང་གསུམ་ཇི་ཙམ་པའོ། །གཞན་རྣམས་ན་རེ་(སྟོང་སྤྱི་ཕུད་ན་ཚངས་པའི་འཇིག་རྟེན་སྟོང་ཡོད་པར་བཤད་པ་རང?་འགལ་པས་མི་ཐད་དམ་སྙམ།)་།དང་པོ་ལ་སོགས་པ་རྣམས་ནི་སྟོང་ལ་སོགས་པའི་ཚད་ཡིན་ལ་བཞི་པ་ནི་ཚད ་མེད་པའོ་ཞེས་སོ། །དེ་ལ་གླིང་བཞི་དང་ཟླ་བ་དང་ཉི་མ་དང་འདོད་པ་ན་སྤྱོད་པ་(ཱོ་ལྷ)་དྲུག་དང་(གསེར་འོད་དམ་པ་ལེའུ་བཅུ་གཉིས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ན་གང་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་ཞེས་སོར་སུམ་ཅུ་རྩ་གསུམ་བྱེ་བ་ཕྲག་བརྒྱ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་སོང་བའི་ལྷ་བྱེ་བ་ཕྲག་བརྒྱ་དང་ཞེས་ཀྱང་གསུངས། འདི་ལྟ་བུའི་X ་X་བཅོམ་ལྡན་འདས་རྣམ་པ་སྣང་མཛད་དེ་ནི་ལོངས་སྤྱོད་རྫོགས?་པའི་སྐུའོ་ཞེས་ཤེས་པར་བྱའོ་ཞེས་ཀྱང་གསུངས། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་བར་ཆད་མེད་པའི་རྩེ་མོའི་སྐབས་སུ། སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ཤེས་པར་འདོད་པ་དག་གིས་ནི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་ནི་སྟོང་གསུམ་མོ། །སྟོང་གསུམ་གྱི་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམ་གྱི་འཚམས་སྦྱོར་བའོ། །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམ་གྱི་རྒྱུད་གཅིག་གོ་།དེ་བྱེ་བ་ཕྲག་བརྒྱ་ལ་X ་X་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་གཅིག་སྟེ་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་རྣམ་པར་སྨིན་པའི་ཞིང་ངོ་ཞེས་ཤེས་པར་བྱ་ཞིང། དེ་འང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་གཅིག་ལ་གནས་ཏེ།)་བསམ་གཏན་དང་པོ་རྣམས་སོ་སོར་སྟོང་ནི་སྟོང་རྣམས་ཀྱི་ཚོགས་པ ་སྟེ་སྟོང་སྤྱི་ཕུང་ཀྱི་འཇིག་རྟེན་གྱི་ཁམས་སོ། །སྤྱི་ཕུང་དེ་རྣམས་སྟོང་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གཉིས་པ་དེ་རྣམས་སྟོང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་རྣམས་སོ། (།སྟོང་གསུམ)་འདི་ཐམས་ཅད ་མཉམ་དུ་(ཏེ་ཐེངས་གཅིག་ལ)་འཇིག་ཅིང་མཉམ་དུ་ཆགས་སོ། །ཆགས་པ་ནི་འབྱུང་བའོ། །འདིར་དཔག་ཚད་དང་མིང་དང་ལོ་རྣམས་ཉེ་བར་ཁོ་བའི་ཕྱིར་དང་པོའི་རིམ་གྱིས་བརྩམ་པར་བྱའོ། །གཟུགས་ཀྱི་ངེས་པར་དབྱེ་བའི་མཛའ་ནི་རྡུལ་ཕྲ་རབ་བོ། །མིང་གི་མཛའ་ནི་ཡི ་གེ་སྟེ་གོ་ཞེས་པ་ལྟ་བུའོ། །དུས་ཀྱི་མཛའ་སྐད་ཅིག་མ་སྟེ་སྐད་ཅིག་གི་ཚད་ནི་ཆོས་འགྲོ་བ་སྟེ་ཇི་སྲིད་དུ་རྡུལ་ཕྲ་རབ་ནས་རྡུལ་ཕྲ་རབ་གཞན་དུ་འགྲོ་བའོ། །ཆོས་མངོན་བ་པ་རྣམས་ན་རེ་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས་སྐད་ཅིག་མ་དྲུག་ཅུ་རྩ ་ལྔ་འདའ་ཨོ་ཞེས་སོ། །དེ་ལ་རྡུལ་ཕྲ་རབ་དང་རྡུལ་ཕྲན་དང་ལྕགས་(རྡུལ)་དང་ཆུ་(རྡུལ)་དང་རི་བོང་(གི་རྡུལ)་དང་ལུག་(རྡུལ)་དང་གླང་(རྡུལ)་དང་ཉི་ཟེར་གྱི་རྡུལ་དང། སྲོ་མ་དང་ཤིག་དང་ནས་དང་སོར་མོའི་ཚིགས་ཞེས་པ་བཅུ་གཉིས་ནི་ཕྱི་མ་(དང་ཕྱི་མ)་བདུན་འགྱུར ་ཏི་ཚིགས་གསུམ་སོར་མོའོ། །ལོགས་ལ་བྱས་པའི་སོར་མོ་ཉི་ཤུ་རྩ་བཞི་ཁྲུའོ། །ཁྲུ་བཞི་གཞུའོ། །གཞུ་ལྔ་བརྒྱ་རྣམས་རྒྱང་གྲགས་སོ། །རྒྱང་གྲགས་བརྒྱད་རྣམས་དཔག་ཚད་དོ། །སྐད་ཅིག་བརྒྱ་ཉི་ཤུ་རྣམས་དེའི་སྐད་ཅིག་གོ་།དེའི་སྐད་ཅིག་དྲུག་ཅུ་ཐང་ཅིག་གོ་། ་ཐང་ཅིག་སུམ་ཅུ་ཡུད་ཙམ་མོ། །ཡུད་ཙམ་སུམ་ཅུ་ཉིན་ཞག་གོ་།རྒྱལ་(ཅན)་དང་དབོ་(ཁྲ)་དང་ས་(ནམ་མཐོང)་ག་དང་ཆུ་(ཟེ)་སྟོང་དང་ཁྲུམས་དང་(སྒྲོག)་སྨིན་དྲུག་རྣམས་ཀྱི་ནག་པོའི་ཕྱོགས་ལ་ཚེས་རེ་རེ་ཆད་པའི་ཕྱིར་ཉིན་ཞག་ཉི་ཤུ་རྩ་དགུ་དང་ཉིན་ཞག་སུམ་ཅུ་ནི་ཟླ ་བའོ། །ཟླ་བ་བཅུ་གཉིས་རྣམས་ལོའོ། །དེ་ལ་འཛམ་བུའི་གླིང་གི་མི་རྣམས་ཕལ་ཆེར་ཁྲུ་ཕྱེད་དང་བཞི་པའོ། །འགའ་ཞིག་ཁྲུ་བཞི་པའོ། །ཤར་དང་བ་ལང་སྤྱོད་དང་བྱང་ཞེས་པ་རྣམས་ནི་ཁྲུ་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་པ་རིམ་པ་ཇི་ལྟ་བར་ལུས་ཀྱི ་ཚད་དོ། །རྒྱང་གྲགས་ཀྱི་རྐང་པ་(བཞི་ཆ)་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་རྣམས་རྒྱལ་ཆེན་བཞིའི་རིས་ལ་སོགས་པ་ལྷ་དྲུག་རྣམས་ཀྱིའོ། (།ལྷ་མ་ཡིན་རྣམས་ཀྱི་ལུས་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཚད་བཞིན་དུ་རྣམ་པར་བཞག་ན་རིག་པ་བྱའོ་ཞེས་པའི་དངོས་གཞིར་གསུངས།)་ཚངས་རིས ་ལ་སོགས་པ་བཅུ་བདུན་པོ་རྣམས་ཀྱི་ལུས་ནི་དཔག་ཚད་ཕྱེད་དང་གཅིག་པ། ཕྱེད་དང་གཉིས་དང་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་དང་དྲུག་ཅུ་རྩ་བཞི་དང་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་དང་ཕྱེད་དང་སུམ་བརྒྱ་དང་ལྔ་བརྒྱ་དང་སྟོང་དང། སྟོང་ཕྲག་གཉིས་དང ་བཞི་བརྒྱ་དང་བཅུ་དྲུག་རྣམས་སོ། །བྱང་སྒྲ་མི་སྙན་དང་བ་ལང་སྤྱོད་དང་ཤར་ལུས་འཕགས་པོ་རྣམས་སུ་ཚེ་ནི་ལོ་སྟོང་དང་དེའི་ཕྱེད་དང་དེའི་ཕྱེད་དོ། །འཛམྦུའི་གླིང་དུ་བསྐལ་པ་དང་པོའི་མི་རྣམས་ཀྱི་ཚད་མེད་པ་དང་བར་དུ་མ་ངེས་པ་དང་ཐ་མར་ལོ་བཅུའོ། །མི་རྣམས་ཀྱི ་ལོ་ལྔ་བཅུ་རྒྱལ་ཆེན་བཞིའི་རིས་པ་རྣམས་ཀྱི་ཉིན་ཞག་གོ་།དེའི་ལ་ལྔ་བརྒྱ་རྣམས་ཚེའོ། (།འདོད་ལྷ)་སྟེང་མ་རྣམས་ཀྱི་ཉིན་ཞག་དང་ཚེ་ཕྱི་མ་(ཕྱི་མ)་ཉིས་འགྱུར་རོ། (།ལྷ་མ་ཡིན་རྣམས་ནི་སུམ་ཅུ་རྩ་གསུམ་པ་རྣམས་དང་འདྲའོ་ཞེས་པའི་དངོས་གཞིར)་གཟུགས་ཅན་རྣམས་ཀྱིའང་དཔག་ཚད་ཕྱེད ་ལ་སོགས་པ་བཞིན་བསྐལ་པ་ཕྱེད་ལ་སོགས་པ་ཆེའི་ཚད་དོ། །གཟུགས་མེད་ན་བསྐལ་པ་སྟོང་ཕྲག་ཉི་ཤུ་དང་བཞི་བཅུ་དང་དྲུག་བཅུ་དང་བརྒྱད་ཅུ་རྣམས་ཚེའོ། །འདིར་བསྐལ་པ་ཆེན་པོའི་ཕྱེད་དེ་བར་གྱི་བསྐལ་པ་བཞི་བཅུ་བསྐལ་པར་བྱས་ནས། བསྐལ་པ་དེའི་ཕྱེད ་ལ་སོགས་པ་གཟུགས་ཅན་(དང་པོ)་གསུམ་པོ་རྣམས་ཀྱི་ཚེའོ། །འོད་ཆུང་ནས་བརྩམས་ནས་ནི་བསྐལ་པ་ཆེན་པོས་ཚེའོ། །ངན་འགྲོ་ནི་གང་རྒྱལ་ཆེན་བཞིའི་རིས་པ་རྣམས་ཀྱི་ཚེ་ཚད་དེ་ནི་དམྱལ་བ་ཆེན་པོ་ཡང་སོས་སུ་ཉིན་ཞག་གཅིག་སྟེ། དེའི་ལོ་ལྔ་བརྒྱ་རྣམས་ཚེའོ། ། ་སུམ་ཅུ་རྩ་གསུམ་པ་ལ་སོགས་པ་རྣམས་ཀྱི་ཚེ་ནི་ཐིག་ནག་དང་བསྡུས་འཇོམས་དང། ངུ་འབོད་དང། ངུ་འབོད་ཆེན་པོ་དང་ཚ་བར་ཉིན་ཞག་གཅིག་སྟེ་དེ་ཡིས་(བསྒྲེས་པའི)་ལོ་སྟོང་ལ་སོགས་པ་རྣམས་ཚེའོ། །རབ་ཏུ་ཚ་བ་ནི་བར་གྱི ་བསྐལ་པ་ཕྱེད་ཚེའོ། །མནར་མེད་པ་བར་གྱི་བསྐལ་པའོ། །དུད་འགྲོ་རྣམས་ཀྱི་ནི་ངེས་པ་མེད་ཅིང་མཆོག་ཏུ་ཚེ་རིང་བའི་དུད་འགྲོ་རྣམས་ཀྱི་བར་གྱི་བསྐལ་པ་སྟེ། དགའ་བོ་དང་ཉེ་དགའ་ལ་སོགས་པ་ཀླུ་རྣམས་ཀྱིའོ། (།འཕགས་པ་ཉི་མའི་སྙིང་པོར། དུད་འགྲོ་ཚེ་ཐུང་བས་X ་X་ཡུད་ཙམ་དང་རིང་བས་བསྐལ་པ་ཐུབ་ཅེས་དང་ཡི་དགས་ཚེ?་ཐུང་བས་ལོ་སྟོང་དང་རིང་པས་སྟོང་ཕྲག་བརྒྱད་ཐུབ་ཅེས་གསུངས།)་།མིའི་ཟླ་བ་ཡི་དགས་རྣམས་ཀྱི་ཉིན་ཞག་སྟེ་དེས་(བསྒྲེས་པའི)་ལོ་ལྔ་བརྒྱ་རྣམས་ཚེའོ། །གྲང་བའི་དམྱལ་བ་རྣམས་ཀྱི་ཆུ་པུར་ཅན་གྱི་ཚེ་ནི་གང་མ་ག་དྷའི་ཏིལ་ཁཱ་རི་ཉི་ཤུ ་པའི་(མཛོད་འགྲེལ་དུ་བརྒྱད་ཅུ་པ་ཞེས་བསྒྱུར)་རྫར་སྟེ་(བར་ངའི་དོན)་རྗད་དེ་ལས་ལོ་བརྒྱ་ནས་ཏིལ་རེ་ཕྱུང་བས་ཟད་པའོ། །གཞན་རྣམས་སོ་སོར་ཉི་ཤུ་འགྱུར་ཏུ་འཕེལ་བའི་ཚེའོ། (།ཚེ་ཚད་མ་རྫོགས་པར)་བར་དུ་འཆི་བ་ནི་སྒྲ་མི་སྙན་མ་གཏོགས་པ་ཐམས་ཅད་ན་ཡོད་དོ། །མཉམ་དུ་འཇིག ་གོ་ཞེས་གང་བརྗོད་པ་དེ་ལ་འཇིག་པ་གཉིས་ཏེ་འགྲོ་བ་འཇིག་པ་དང་ཁམས་(སྣོད)་འཇིག་པའོ། །ཡང་གཉིས་ཏེ་སེམས་ཅན་འཇིག་པ་དང་སྣོད་འཇིག་པའོ། (།མཛོད་དུ་འཇིག་པའི་བསྐལ་པ་དམྱལ་བ་ཡི་སྲིད་པ་མེད་ནས་སྣོད་ཟད་པ་ཅེས་པ་ལྟར)་གང་དམྱལ་བ་རྣམས་སུ་སེམས་ཅན ་འདི་འཕོ་ཞིང་མི་སྐྱེ་བའི་དུས་དེར་འགྱུར་ཏེ་དེ་འཇིག་པའི་བསྐལ་པ་བརྩོམ་པའོ། །རིམ་གྱིས་དམྱལ་བ་རྣམས་སུ་སེམས་ཅན་གཅིག་ཀྱང་མ་ལུས་པར་འགྱུར་ཏེ། གང་དེའི་ཚེ་དམྱལ་བ་མྱོང་བར་ངེས་པའི་ལས་འཛིན་པ་དེ་འཇིག་རྟེན་གྱི་ཁམས་གཞན་གྱི ་དམྱལ་བར་འཕེན་པར་བྱེད་དོ། །དེ་བཞིན་དུ་དུད་འགྲོ་རྣམས་དང་ཡི་དགས་རྣམས་དང་(ཏ་ལས་མ་ཟད་པ་རྣམས་ཞིང་གཞན་དུ་སྐྱེས།)་ཛམྦུའི་གླིང་དང་ཤར་ལུས་འཕགས་དང་བ་ལང་སྤྱོད་དང་སྒྲ་མི་སྙན་པའི་མི་རྣམས་དང་འདོད་པ་ན་སྤྱོད་པ་དྲུག་དང་བསམ་གཏན་དང ་པོ་རྣམས་རིམ་གྱིས་འཇིག་གོ་།གང་གི་ཚེ་ཚངས་པའི་འཇིག་རྟེན་(མན་ཆད)་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་འགྱུར་བ་འདི་ཙམ་འདི་ནི་འདི་ལྟ་སྟེ་སེམས་ཅན་འཇིག་པས་འཇིག་རྟེན་འཇིག་པའོ། (།སྟེ་བར་བསྐལ་བཅུ་དགུ)་དེ་ནས་སྣོད་སྟོང་པ་འདི་ཉིད་ནས་(གླིང་བཞི)་ཀུན ་ནས་སེམས་ཅན་རྣམས་ཀྱི་དེ་འཕེན་པའི་(སྟེ་བསྐྱེད་པ)་ལས་ཡོངས་སུ་ཟད་ནས་ལྷས་ཆར་མ་ཕབ་པ་དང་ཉི་མ་དང་པོ་ཤར་བས་ས་བོན་གྱི་གྲོང་དང་(ཚོགས)་འབྱུང་བའི་གྲོང་དང་(ནི་ཚིགས་ཀྱི་དོན)་ཆུ་མིག་དང་ཆུ་ཕྲན་རྣམས་སྐམ་མོ། །ཉི་མ་གཉིས་པ་ཤར་བས་ཆུ་བོ་ཐམས་ཅད་སྐམ་མོ།། ་གསུམ་པས་ཆུ་བོ་ཆེན་པོ་བཞི་དང་མ་དྲོས་པ་ལ་སོགས་པའི་མཚོ་ཕྲན་ཆེན་པོ་རྣམས་སྐམ་མོ། །བཞི་པས་རྒྱ་མཚོ་ཆེན་པོ་དཔག་ཚང་བརྒྱའི་བར་དུ་ཆུ་སྐམ་མོ། ལྔ་པས་དཔག་ཚད་ཉིས་བརྒྱ་ལ་སོགས་པའོ། །དྲུག་པས་ཆུའི་ཐིག་པ་ཤིན་དུ་ཆུང་བ་འང་མི་ལུས་ཏེ་ས་ཆེན་པོ་དང ་རི་རབ་ཀྱང་དུ་བར་འཐུལ་ལོ། །ཉི་མ་བདུན་པ་ཤར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྲེགས་(ས་སྡེར་ཉི་མ་ཕྱེ་མ་དྲུག་པོ་འདི་བས་གི?་འགྱུར་གྱིས་མཐུ་དང་ལྡན་པར་གསུངས།)་ཏེ་ཇི་ལྟར་ཐལ་བར་ཡང་མི་ཤེས་པར་བསྲགས་ནས་(མ)་རང་ཉིད་ཀྱང་ཞིའོ་ཞེས་ང་ཉི་མ ་བདུན་གྱི་མེས་འཇིག་པས་བསམ་གཏན་དང་པོའི་པར་བསྲེག་གོ་།དེ་བཞིན་དུ་ཆར་པའི་ཆུ་བ་ཚྭ་ཅན་གྱིས་བསམ་གཏན་གཉིས་པ་(ཱི་བར)་མྱགས་པར་བྱེད་དོ། །རྣམ་པར་བསྐྱོད་པའི་རླུང་ཆེན་པོའི་རླུང་གིས་འཇིག་པས་བསམ་གཏན་གསུམ་པ་(ཱི་བར)་རྣམ་པར་འཐོར་རོ།། ་བསམ་གཏན་བཞི་པ་ན་(མེ་ཆུ་རླུང་གིས)་འཇིག་པ་མེད་དོ། །འོ་ན་(བཞི་པའི་སྣོད་དེ)་དེ་རྟག་གམ་ཞེ་ན་མ་ཡིན་ཏེ་གང་གི་ཕྱིར་བསམ་གཏན་བཞི་པ་ནི་ས་གཞི་གཅིག་ཏུ་འབྲེལ་པ་མེད་ཀྱི་འོ་ན་ཅི་ཞེ་ན། གནས་གཞན་རྣམ་པར་ཆད་པ་སྟེ་སྐར་མ་བཞིན་ནོ། (།ཏེ་སྣོད་འཇིག་པ་ལ་བར་བསྐལ་གཅིག) ་དེ་ན་སེམས་ཅན་གང་དང་གང་སྐྱེ་བ་འམ་འཆི་འཕོ་བ་དེ་གཞལ་མང་ཁང་དང་བཅས་པར་ཡིན་པའི་ཕྱིར་(བཞི་པ)་འདི་རྟག་པ་ཉིད་མེད་དོ། །འདིར་བར་མ་ཆད་པར་མེ་ཡིས་འཇིག་པ་འདུན་ནོ། །དེ་ནས་ཆུས་གཅིག་གོ་།དེ་ལྟར་ཆུ་ཡིས་(རིམ་པ་ངེས)་བདུན་སོང་བ་ན་ཡང་མེད་པ་བདུན?་ནོ།། ་ཕྱིས་རླུང་གིས་འཇིག་པ་གཅིག་ཏུ་འགྱུར་ལ། དེ་རྣམས་ནི་མེས་འཇིག་པ་ལྔ་བཅུ་རྩ་དྲུག་དང་ཆུས་བདུན་དང་རླུང་གིས་གཅིག་སྟེ་འདི་རྣམས་སུ་འགྱུར་རོ། །དེ་ལྟར་དམྱལ་བར་སེམས་ཅན་རྣམས་འཆི་འཕོ་བ་ནས་བཟུང་སྟེ་ཇི་སྲིད་སྣོད་ཀྱི ་འཇིག་རྟེན་རྣམས་ཟད་བའི་བར་གྱི་དུས་འདི་འཇིག་པའི་བསྐལ་བ་སྟེ་བར་གྱི་བསྐལ་པ་ཉི་ཤུ་རྣམས་སོ། །དེའི་རྗེས་སུ་འཇིག་རྟེན་གྱི་ཁམས་ཞིག་པ་འདི་སྟོང་པ་ནམ་མཁའ་ཙམ་དུ་བར་གྱི་བསྐལ་པ་ཉི་ཤུ་གནས་སོ། (།ས་སྡེར་སེམས་ཅན་གྱི་ལས་ཀྱི་དབང་གིས་ནམ་མཁའ་ལ་བསམ ་གཏན་གསུམ་པ་སོགས་འཐབ་བྲལ་གྱི་གཞལ་མེད་ཁང་ནི་བར་འཆགས་བསམ་གཏན་བཞི་པ་སོགས་ནས་སེམས་ཅན་ཚེ་ཟད་པ་རྣམས་དེ་རྣམས་སུ་སྐྱེའོ། །དེ་ནས་སྟོང་གསུམ་གྱི་ཚད་ཀྱི་རླུང་གི་དཀྱིལ་འཁོར་དང་དེའི་སྟེང་དུ་གསེར་གྱི་སྙིང་པོའི་སྤྲིན་ལས་ཆར་པ་བབ་པ་ལས་ཆུའི་དང། དེར་རླུང་གིས་སྲ་བར་བྱས་པ་ལས་གསེར་གྱིས་གཞི་དང། དེའི་ཁམས་སྣ་ཚོགས་ཀྱི་སྤྲིན་ལས་ཆར་བབ་པ་ལས་རྒྱ་མཚོ་ཆེན་པོ་དང། དེ་ལ་ཁམས་2 ་བཟང་པོ་རླུང་གི་བསྲུབས་པས་རི་རབ་དང། ཁམས་འབྲིང་ལས་གསེར་གྱི་རི་བདུན་དང། །རླུང་གིས་བསྲུབས་པའི་ཁམས་ངན་གླིང་བཞི་དང་གླིང་ཕྲན་བརྒྱད་ཁོར་ཡུག་གི་རི་འབྱུང་བར་གསུངས་སོ།)་།དེ་ནས་སླར་ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ནམ་མཁའ་ལས་རླུང་དལ་བུ་རྣམས་གཡོའོ། །དེ་ནས་ཇི་སྐད་བརྗོད་པ་རླུང་གི་དཀྱིལ་འཁོར་ ་ལ་སོགས་པ་ཐམས་ཅད་སྐྱེའོ། །འདི་ཙམ་འདི་ནི་སྣོད་ཆགས་པས་འཇིག་རྟེན་ཆགས་པར་འགྱུར་རོ། །དེ་ནས་སེམས་ཅན་གཞན་ཞིག་འོད་གསལ་བའི་ལྷ་རྣམས་ལས་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེའོ། །སེམས་ཅན་གཞན་རྣམས ་ཀྱང་དེ་ནས་ཤི་འཕོས་ཏེ་ཚངས་པའི་མདུན་ན་འདོན་དུའོ། །དེ་ནས་ཚངས་རིས་དང་གཞན་འཕྲུལ་དབང་བྱེད་རྣམས་སུ་སྟེ་རིམ་གྱིས་བྱང་སྒྲ་མི་སྙན་དང་བ་ལང་སྤྱོད་དང་ཤར་ལུས་འཕགས་དང་ཛམྦུའི་གླིང་དང་ཡི་དགས་དང་དུད་འགྲོ་དང་དམྱལ་བ་རྣམས་ཀྱི་བར་དུ་སྐྱེའོ། ། ་འདི་ནི་ཆོས་ཉིད་ཡིན་ཏེ་གང་ཕྱིས་ཞིག་པ་དེ་མངོན་ལ་ཆགས་པའོ། །གང་གི་ཚེ་དམྱལ་བ་རྣམས་སུ་སེམས་ཅན་གཅིག་སྐྱེས་བར་གྱུར་བ་དེའི་ཚེ་གང་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་(ཟིན)་པ་ཡིན་ནོ། །ཆགས་ནས་བར་གྱི་བསྐལ་(སྟེ་བར་བསྐལ་བཅུ་དགུ) ་པ་ཉི་ཤུར་གནས་པར་འགྱུར་བ་དེ་ནི་ཉེ་བར་འོངས་པར་འགྱུར་རོ། །འདིར་བསྐལ་པ་དང་པོ་པའི་མི་རྣམས་ནི་གཟུགས་ན་སྤྱོད་པ་བཞིན་དུ་ཡིད་ཀྱི་རང་བཞིན་(ནམ་ཡིད་ལས་བྱུང་བ་འོད་ལྡན)་དང་བ་རང་འོད་ཅན་ནམ་མཁའ་ལ་འགྲོ་བ་དགའ་བའི་ཟས་ཅན་རྣམས་ཏེ། དེ་རྣམས་སའི་ཕྲི ་རྣམས་ནས་(སྦྲང་རྩིའི་རོ་བྲོ་བ)་རོ་མྱངས་ཤིང་ཟོས་པས། དེ་རྣམས་ཀྱི་ལུས་ལ་རྩུབ་པ་ཉིད་དང་ལྕི་བ་ཉིད་ཞུགས་ཤིང་འོད་ནི་ནུབ་པར་གྱུར་ཏོ། །དེ་ནས་མུན་པ་བྱུང་བ་ན་ཉི་མ་དང་ཟླ་བ་དག་བྱུང་ངོ། །སའི་རོ་དང་སའི་ཞག་དང་མྱུ་གུའི་ཚལ་རིམ་གྱིས་སྐྱེས་པ་རྣམ་པ་(རོལ) ་ཆགས་པ་ལས་ནུབ་པར་གྱུར་ཏོ། །མ་རྨོས་མ་བཏབ་པའི་འབྲས་ས་ལུ་སྐྱེས་(ཁ་དོག་དྲི་རོ་ཕུན་སུམ་ཚོགས་ཤིང་གཟེགས་མ་དང་ཕུབ་མ་མེད་པ་སོང་བཞི་ཙམ་ལ་གཡོགས་མེད་པ)་པ་དེ་ཟོས་པ་ན་གཅི་བ་དང་གཤད་བའི་ལམ་ཕོ་དང་མོའི་དབང་པོ་དང་བཅས་པ་བྱུང་ཞིང་(ཕོ་མོའི)་དབྱིབས་ཀྱང་ཐ་དད་པ ་བྱུང་སྟེ། སྔོན་གོམས་པའི་དབང་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འདོད་པའི་འདོད་ཆགས་རྒྱ་ཆེན་པོ་གང་ལས་ལོག་པར་ཞུགས་པར་གྱུར་པའོ། (།འི་འདོད་ཆགས་རེ་བྱུང་བ)་ལེ་ལོ་ལ་སོགས་(ནང་པར་ཟ?་རྒྱུ་དེ་རིང་བླངས་ཏེ།)་འཇོག་བྱས་ཤིང་བདག་ཏུ་འཛིན་པ ་སྐྱེས་པ་ན་འབྲས་ས་ལུ་བརྡས་པ་(གཟེག་མ་དང་ཕུབ་མ་བྱུང་ཞིང)་སྔར་མི་སྐྱེ་བར་གྱུར་ཏོ། །དེ་ནས་ཞིང་རྣམས་བགོས་ནས་རང་གི་རྣམས་ལ་ཀུན་ནས་འཛིན་པ་བྱས་ཏེ་ཕ་རོལ་གྱི་ལ་བརྐུས་སོ། །དེ་ནས་བསྲུང་བའི་དོན་དུ་སྐྱེས་བུ་ཁྱད་པར་ཅན་ཅིག་བྱུང་བ་ལ་དྲུག་ཆ་བསྟབས་ཏེ ་ཞིང་རྣམས་ཀྱི་བདག་པོ་ཉིད་ཀྱི་ཕྱིར་རྒྱལ་རིགས་ཤེས་དོན་དང་མཐུན་པའི་མིང་ངོ། །མང་པོས་བཀུར་བ་ཉིད་ཀྱི་ཕྱིར་དང་སྐྱེ་དགུ་རྣམས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་མང་པོས་བཀུར་བ་དང་རྒྱལ་པོ་ཞེས་སོ། །ཁྱིམ་རྣམས་ལ་ཡིད་ཕྱིར་ཕྱོགས་པ་རྣམས་ནི་བྲམ་ཟེ་ཞེས་བྱ ་བའི་མིང་བྱུང་ངོ། །རྒྱལ་པོ་གང་ཡང་རུང་བ་ཞིག་གིས་(ཆགས་པས་སེམས་ཅན་རྣམས་ལ་མ་དགོས?་བར་རྐུན་པ་མང་དུ་གྱུར་ཏེ་དེ་རྣམས་ལ་མཚོན་གྱིས་བཏབ་པས)་ཆང་བས་བཅད་པའི་ཚམ་རྐུན་པ་རྣམས་ན་རེ་བདག་གིས་འདི་ལྟ་བུ་མ་བགྱིས་སོ་ཞེས་བརྫུན་དུ་སྨྲ་བར་གྱུར་ཏོ། །དེ་ལྟར་འཇིག་རྟེན་ཆགས ་བཞིན་པ་ན་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་སྟེ། (ལ་བར་གྱི་བསྐལ་པ་བཅུ་དགུ་འདས)་ལས་ཀྱི་ལམ་(མི་དགེ་བ་བཅུ)་རྣམས་འཕེལ་བར་གྱུར་པ་ན་རིམ་གྱིས་ཐུང་བ་ཉིད་དེ། མཐར་ཚེ་ལོ་བཅུ་པ་ཆོས་མ་ཡིན་པ་ལ་ཆགས་པ། ཆགས་པ་མི་བཟད ་པས་ཟིལ་གྱིས་ནོན་པ་ལོག་པའི་ཆོས་ཀྱིས་དཀྲིས་པ་རྣམས་ལ། གནོད་སེམས་མཐར་ཐུག་སྟེ་(སའི་དངོས་བཞིར་ཚེ་ལོ་སུམ་ཅུ་པ་ལ་མུ་གེ་ཉི་ཤུ་པ་ལ་ནད་བཅུ་པ་ལ་མཚོན་ཅེས།)་ཤིང་ལ་སོགས་པ་རྣམས་(གང་ལག་ཏུ་བླངས་པ)་མཚོན་ཆར་འགྱུར་རོ། །དེ་རྣམས་སེམས་ཅན་གཞན་གསོད ་པར་བྱེད་པའི་ཕྱིར་མཚོན་གྱི་(བསྐལ་པ)་སྟེ་སྲོག་གཅོད་པ་ཉི་མ་བདུན་འབྱུང་ངོ། །སླར་ཡང་(སྡིག་པ་ལ་ཆགས་པ་སོགས)་སྐྱོན་དེ་རྣམས་ཉིད་ཀྱིས་མི་མ་ཡིན་པ་རྣམས་ཡམས་ནད་སྤྲོ་བར་བྱེད་པ་གང་ལས་(མི)་དེ་རྣམས་ནད་ཀྱིས་འཆི་བར་འགྱུར་རོ། །ཞེས་པ་ནང་ཟླ་བ་བདུན་དང ་ཉི་མ་བདུན་འབྱུང་ངོ། །སླར་ཡང་སྐྱོན་དེ་རྣམས་ཉིད་ཀྱིས་ཆར་མི་འབབ་ཅིང་མུ་གེ་འབྱུང་སྟེ། མི་དེ་རྣམས་དཀྲེས་པ་དང་ཉམས་ཆུང་བ་ལས་གབ་(པ་འམ་འདུས)་ནས་འཆི་ལ། གཞན་རྣམས་ཀྱང་དུས་གོང་དཀར་པོ་རྣམས་བསྐོལ་ནས་འཐུང་ཞིང། ཐུར་མའི་རྩེ་མོས ་ཁྱིམ་རྣམས་སུ་ཟང་ཟིང་འགོད་པར་བྱེད་དེ། དི་རིང་ཁྱིམ་བདག་གསོལ་བའོ་སང་ཁྱིམ་བདག་མོའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་དང། འབྲུའི་གནས་ཀྱི་བུག་པ་རྣམས་ནས་ཐུར་མས་འབྲུ་བ་དང་འབྲས་བུ་རྣམས་ཕྱུང་བ་ཆུ་མང་པོ་ལ་བསྐོལ་ནས་འཐུང་ངོ་ཞེས ་པ་མུ་གེ་ལོ་དང་ཟླ་བ་དང་ཞག་བདུན་རྣམས་འབྱུང་ངོ། (།མཛོད་འགྲེལ་དུ་དྲངས་པ་གང་གིས་ཉི་མ་འགའ་སྲོག་གཅོད་སྤངས་པ་དང། དགེ་འདུན་ལ་ཨ་རུ་ར་འགའ་དང་བསོད་སྙོམས་འགའ་གུས་པར་བྱས་ཏེ་ཕུལ་བས་མཚོན་དང། ནད་དང། མུ་གེའི་བསྐལ་པ་ལ་མི་སྐྱེའོ་ཞེས་བརྗོད་དོ་ཞེས་སོ།།)་དེའི་ཚེ་ཡང་(ཤར་ནུབ་ཀྱི)་གླིང་གཉིས་དག་ཏུ་(མཚོན་གྱི་ལ) ་གནོད་སེམས་ལྷག་པར་ཐོབ་པར་འགྱུར་ཞིང་(ནད་ཀྱི་ལ)་ཁ་དོག་ངན་པ་དང་ཉམས་ཆུང་པ་དག་དང། (མུ་གེའི་ལ)་བཀྲེས་པ་དང་སྐོམ་པ་དག་ཀྱང་ངོ་ཞེས་པ་(ཚེ་ལོ་དཔག་མེད་འགྲིབ་པ་ནས་ཚེ་ལོ་བཅུ་ཡི་བར།)་འདི་ནི་ཆགས་པ། (།ཟིན)་རྣམས་གནས་པའི་བར་གྱི་བསྐལ་པ་དང ་པོ་འོ། (།མཛོད?་དུ་བར་གྱི་བསྐལ་པ་དཔག་མེད་ནས། ཚེ་ལོ་བཅུ་ཡི་བར་དུའོ་ཞེས་སོ།)་ཚེ་ལོ་བཅུ་པོ་དེ་རྣམས་ལས་རིམ་གྱིས་འཕེལ་པར་གྱུར་པས་ཚེ་ལོ་བརྒྱད་ཁྲར་རེ་འགྱུར་ཞིང་སླར་ཡང་འགྲིབས་པས་ཚེ་ལོ་བཅུ་པར་གྱུར་པ་འདི་ནི་བར་གྱི་བསྐལ་པ་གཉིས་པའོ། །དེ་བཞིན་དུ་བཅོ་བརྒྱད་ཀྱི་བར་དུའོ།། ་(བར་བསྐལ)་ཉི་ཤུ་པ་ནི་ཡར་སྐྱེ་བ་ཁོ་ན་སྟེ་མར་འབྲི་བ་མེད་ལ་ཚེ་ལོ་བཅུ་པ་ལས་ཚེ་ལོ་བརྒྱད་ཁྲི་ཇི་སྲིད་པར་རོ། །པར་གྱི་བསྐལ་པ་གཞན་རྣམས་ཀྱི་འཕལ་བ་དང་འགྲིབ་པའི་དུས་ཇི་སྲིད་པ་དེ་སྲིད་བར་གྱི་བསྐལ་པ་དང་པོའི་འགྲིབ་པའི་དུས་དང་ཐ་མའི་འཕེལ་པའི་དུས་ཀྱང ་དོ་ཞེས་པས་ཐམས་ཅད་དུས་མཉམ་པའོ། །དེ་ལ་བར་གྱི་བསྐལ་པ་གཅིག་གིས་སྣོད་རྣམས་ཆགས་སོ། །བར་གྱི་བསྐལ་པ་བཅུ་དགུས་སྡོད་པ་པོ་བྱེད་དོ། །འཇིག་རྟེན་ཆགས་པ་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །གཅིག་གིས་སྣོད་རྣམས་འཇིག་གོ་།བཅུ་དགུས ་སྟོང་པར་འགྱུར་རོ། །འཇིག་རྟེན་ཞིག་པ་ན་བར་གྱི་སྐལ་པ་ཉི་ཤུ་གནས་སོ་ཞེས་པ་བརྒྱད་ཅུ་ནི་བསྐལ་པ་ཆེན་པོ་སྟེ། བསྐལ་པ་བཟང་པོ་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་ནོ། །བསྐལ་པ་འགའ་ཞིག་ནི་དེ་ལྟ་བུ་མ་ཡིན་ཏེ། །སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས ་ཤིན་ཏུ་རིང་བ་ཉིད་ཀྱི་ཕྱིར་རོ། །དཔེར་ན་བསྐལ་པ་སྐར་མ་ལྟ་བུ་སྟེ་དེའི་འགྲིབ་པའི་དུས་ཉིད་ལས་ཇི་སྐད་བརྗོད་པའི་བར་གྱི་བསྐལ་པའི་ཚད་གྱིས་བར་གྱི་བསྐལ་པ་སྟོང་ཕྲག་ཉི་ཤུ་ཡོད་པའི་ཕྱིར་རོ། །དེ་ལྟར་བཟང་པོ་(སྙིང་རྗེ་པདྨ་དཀར་པོ་ལ་མདོ་དང་བསྐལ་པ་འདི་འཆགས་པའི་དུས་སུ་ཁམས་སྣ་ཚོགས་X ་X་ཅན་གྱི་སྤྲིན་ལས་བྱུང་བའི་ཆུའི་ནང་དུ་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་སྟོང་སྣང་ནས་གཙང་མའི་ལྷ་རྣམས་ཀྱིས་ཅིའི་ལྟས་ཡིན་བརྟགས་པས་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་མཚོན་མང་ཤེས་ཏེ། བསྐལ་པ་འདི་ནི་ངའོ?་ཞེས་བསྒྲགས་སོ་ཞེས་ལེགས་པར་གསུངས་པས། དཀོན་མཆོག་སྤྲིན་དུ། དེ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་སྒྲུབ་པར་མི་ནུས་ཀྱི་ནམ་བྱང་ཆུབ་སེམས་དཔའ་ཨི་ཆོས་X ་X་ཐམས་ཅད་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ཉེ་བསྐལ་པ་བགྲང་བར་བྱའོ་ཞེས་ཀྱང་བཀའ་སྩལ་ཐེག་བསྡུས་སུ་སའི་ཐང་དུ་བཟད་དང་སྨོན་པའི་སྟོབས་ཅན་དང་སེམས་བརྟན་ཁྱད་པར་འགྲོ་བ་ཡིས་བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ་ཀུན་ཏུ་རྩོམ་པ་མཛད་ཅེས་བརྗོད་ཅེས་སོ།།)་ལ་སོགས་པ་བསྐལ་པ་ཆེན་པོ་གྲངས་ཀྱི་གནས་གཞན་དྲུག་ཅུར་སོན ་པར་ཐོབ་པ་ནི་གྲངས་མེད་པ་ཞེས་བརྗོད་དོ། །དེ་ནས་བཟླས་ནས་སླར་ཡང་བགྲང་བར་བྱ་སྟེ། དེ་ལྟ་བུ་གྲངས་མེད་པ་གསུམ་ཞེས་བརྗོད་དོ། །དེ་ལྟ་བུའི་བསྐལ་པ་གྲངས་མེད་པ་གསུམ་ལ་སངས་རྒྱས་ཉིད་འབྱུང་ངོ། །དེ་ལྟར་བསྐལ ་པ་གྲངས་མེད་པ་དང་པོས་ཚོགས་ཀྱི་ས་ནས་བརྩམས་ནས་ས་དང་པོའི་བར་རྫོགས་པར་བྱེད་དོ། །གཉིས་པས་ནི་དྲི་མ་མེད་པ་ལ་སོགས་པ་ས་དྲུག་གོ་།གསུམ་པས་མི་གཡོ་བའི་ས་ནས་བརྩམས་ནས་སངས་རྒྱས་ཀྱི་སའི་བར་རོ་ཞེས་མདོ་ལས་སོ།། ་གཞན་རྣམས་ན་རེ་གསུམ་དུ་ཆོས་མཐུན་པའི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་ཞེས་བརྗོད་ཀྱི་དོན་དམ་པར་ནི་(དངོས་པོའི་གནས་ལུགས)་མ་ཡིན་ནོ། །དེ་ལྟར་ནི་ཚོགས་ཀྱི་ས་རྫོགས་པར་བྱེད་པ་ལ་བསྐལ་པ་གྲངས་མེད་པ་གཅིག་འདའ་ཨོ། །དེའི་དེ་མ་ཐག ་པར་མོས་པ་སྤྱོད་པའི་ས་རྫོགས་པར་བྱེད་པ་ལ་བསྐལ་པ་གྲངས་མེད་པ་གཉིས་སོ། །དེའི་རྗེས་སུ་རབ་ཏུ་དགའ་བའི་ས་ནས་བཟུང་སྟེ་ཆོས་ཀྱི་སྤྲིན་གྱི་བར་སོ་སོར་སྐལ་པ་གྲངས་མེད་པ་གསུམ་གསུམ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ས་རྫོགས་ནས། ་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཐོབ་པར་བྱེད་པ་ཞེས་པ་དེ་ལྟར་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སངས་རྒྱས་ཉིད་ཐོབ་པོ་ཞེའོ། །སངས་རྒྱས་ནམ་འབྱུང་ཞེ་ན། སྐྱེ་དགུའི་མི?་ཚེ་ལོ་བརྒྱད་ཁྲི་པ་འགྲིབ་པ་ནས་བརྩམས་ནས་མི་རྣམས་ཚེ་ལོ ་བརྒྱ་པར་འགྱུར་བའི་བར་འདིར་སངས་རྒྱས་རྣམས་(ཡུལ)་འདིར་འབྱུང་ངོ། །སྔར་ནི་མ་ཡིན་ཏེ་སེམས་ཅན་ཡིད་འབྱུང་བ་(སྐྱོབ)་དཀའ་བ་ཉིད་ཀྱི་ཕྱིར་རོ། །འཕྱི་བར་ཡང་མ་ཡིན་ཏེ་དེའི་ཚེ་ཚེ་(ཱི)་དང་བསྐལ་པ་(ཱམ་དུས་ཀྱི)་དང་ཉོན་མོངས་པ་དང་ལྟ་བ ་དང་སེམས་ཅན་གྱི་སྙིགས་མ་ལྔ་ཤིན་ཏུ་ལྷག་པར་གྱུར་པའི་ཕྱིར་རོ། (།དང་པོ)་གཉིས་ཀྱི་(རིམ་པས)་སྲོག་དང་ཡོ་བྱད་རྒུད་པར་བྱེད་ལ་(དེ་ནས)་གཉིས་ཀྱི་(འདོད་པའི་བསོད་ནམས་དང་བདག་དལ་བས)་དགེ་བའི་ཕྱོགས་རྒུད་པར་བྱེད་ཅིང་(ཐ་མ)་གཅིག་གིས་བདག་གི ་དངོས་པོར་(ལུས)་རྒུད་བ་སྟེ་གཟུགས་ཚད་དང་ནད་མེད་པ་སྟོབས་དང་བློ་དང་དྲན་པ་དང་བརྩོན་འགྲུས་དང་བསྟན་པ་རྣམས་ཉམས་པའི་ཕྱིར་རོ། །རང་སངས་རྒྱས་རྣམས་ནི་(ཚེ)་འཕེལ་བ་དང་འགྲིབ་པ་ལའང་འབྱུང་ངོ། །འཁོར་ལོས་སྦྱར་བ་རྣམས་ནི་མི་རྣམས་ཀྱི ་ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱད་ཁྲི་པའི་བར་ལ་སྟེ། (འབྱུང)་འོག་ཏུ་(ཕུན་ཚོགས་མི་ཤོང་བས)་མ་ཡིན་ལ་སྐྱེ་གནས་སུ་འམ་ཡང་ན་ཆུ་སྐྱེས་ཀྱི་སྙིང་པོར་བརྫུས་ཏེ་སྐྱེ་བའོ། །དེ་རྣམས་ཀྱང་བར་སྣང་ལས་འོངས་པའི་གསེར་དང་དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་ལོ ་ཅན་གླིང་བཞི་དང་གསུམ་དང་གཉིས་དང་གཅིག་གི་བདག་པོ། འཁོར་ལོ་དང་གླང་པོ་དང་རྟ་དང་ནོར་བུ་དང་བུད་མེད་དང་ཁྱིམ་བདག་དང། (མཛོད་ཀྱི་སྤྱན)་བློན་པོའི་(དཔུང་གི་སྦྱང་ཞེས་སློབ་དཔོན་གང་ལ་སྤེལ)་རང་བཞིན་གྱི་རིན་པོ་ཆེ་བདུན་དང་ལྡན་བ། (རིམ་བཞིན)་པས་བསུ་རང ་འགྲོ་གཡུལ་བཤམས་དང། མཚོན་བརྩམས་པས་རྒྱལ་གནོད་པ་མེད་པ་སྟེ་མཚོན་གྱིས་ཀྱང་རྒྱལ་བར་བྱེད་ཅིང་གནོད་པ་མེད་ལ། རྒྱལ་ནས་སེམས་ཅན་དགེ་བཅུའི་ལས་ཀྱི་ལམ་རྣམས་ལ་འགོད་པར་བྱེད་དོ། །གླིང་བཞི་(དེ་ཉིད་ཀྱི་ཕྱིར་དེ་རྣམས་ངེས་པར་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ ་ཞེས་མཛོད་འགྲེལ་དུའོ།།)་འཇིག་རྟེན་གྱི་ཁམས་གཅིག་ཏུ་དུས་གཅིག་ལ་འཁོར་ལོས་སྒྱུར་བ་གཉིས་འབྱུང་བ་མེད་དེ། འགྲན་ཟླ་མེད་པའི་ལས་བྱས་པའི་ཕྱིར་སངས་རྒྱས་བཞིན་ནོ། །འོ་ན་(སྟོང་གསུམ)་གཅིག་ཏུ་དེ་བཞིན་གཤེགས་པ་གཉིས་དང?་ལྷན་ཅིག་ཏུ་མི་འབྱུང་བ ་ཅིའི་ཕྱིར་ཞེ་ན། སྐུ་དེ་ལྟ་བུ་ཚོགས་པས་གདུལ་བར་བྱ་བའི་སྐྱེ་བོ་མི་སྲིད་པའི་ཕྱིར་རོ། །གུས་པ་དང་རིངས་པའི་དོན་དཱུང་སྟེ་སངས་རྒྱས་གཅིག་ལ་ཤིན་ཏུ་གུས་པར་འགྱུར་ཏེ་འདི་འདྲ་བ་རྙེད་པར་དཀའ་ཨོ་ཞེས་སེམས་ཤིང། འདི་གཤེགས་པ་འམ་ཡོངས་སུ་མྱ ་ངན་ལས་འདས་ན་མགོན་མེད་པར་འགྱུར་དུ་འོངས་ཞེས་བསྟན་པ་བསྒྲུབ་པ་ལ་ཤིན་ཏུ་རིངས་བར་བྱེད་དོ། (།ཐེག་བསྡུས་སུ་ཁམས་ཅིག་ན་ནི་གཉིས་མེད་ཕྱིར་དཔག་ཚད་ལྷན་ཅིག་ཚོགས་བསགས་བྱའི་རིམ་གྱིས་འབྱུང་བར་མི་རིགས་ཕྱིར་སངས་རྒྱས་མང་པོར་རབ་ཏུ་གྲགས་ཤེས་གསུངས་པ་ལྟར།)་འཇིག་རྟེན་གྱི་ཁམས་གཞན་རྣམས་ན ་ནི་སངས་རྒྱས་རྣམས་ཡོད་པ་ཉིད་དེ། མང་པོ་རྣམས་མཉམ་དུ་ཚོགས་(སོགས)་ལ་འཇུག་པ་མཐོང་བའི་ཕྱིར་དང་གཅིག་ཏུ་མང་པོ་རྣམས་ཅིག་ཅར་འབྱུང་བ་མི་རུང་ལ་དེ་(ཚོགས་བསགས་པ་སྒྲིམས?་ཞིང་ཁམས་གཞན་དུ)་འབྱུང་བ་ལ་གེགས་ཅི ་ཡང་མེད་པས་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་ངེས་པར་འབྱུང་ངོ། །སངས་རྒྱས་ཀྱི་སྐུ་མང་པོས་གདུལ་བར་བྱ་བ་དང་སེམས་ཅན་གྱི་དོན་སྲིད་ན་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་མང་པོ་རྣམས་ཅིག་ཅར་འབྱུང་བ་འགལ་བ ་མེད་དེ་ཡེ་ཤེས་ཀྱི་ནུས་པ་ཐོགས་པ་མེད་པ་ཉིད་ནའང་ཅིག་ཅར་ཡང་སེམས་ཅན་གྱི་དོན་ལ་འཇུག་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་རྣམས་སེར་སྣ་དང་ཕྲག་དོག་ལ་སོགས་པའི་དྲི་མ་དང་བྲལ་བ་དང་རྒྱུ་མཉམ་པོར་འཇུག་པ་ཉིད་ཀྱི་ཕྱིར་རོ།། (མཛོད་འགྲེལ་དུ་X ་X་ཕྲག་དོག་མ་ལུས་སྤངས་པ་རྣམས་ཕྱོགས་གཅིག་བཞུགས་པ་ཉིད་ནའང་བཅོམ་ལྡན་འདས་རྣམས་རྣམ་མཛེས་པ་འཁོར་ལོས་སྒྱུར་ལས་ཁྱད་པར་འཕགས་ཤེས་པས།)་ཁ་ཅིག་ན་རེ་དུས་གཅིག་ཏུ་དེ་བཞིན་གཤེགས་པ་དུ་མ་མེད་དེ་(རྒྱལ་བ)་གཅིག་ཁོ་ནས་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ནུས་པའི་ཕྱིར་ཞེའོ།། ་རྟག་ཏུ་སངས་རྒྱས་གཅིག་གཅིག་ཉིད་དེ་དེ་ཁོ་ནས་སྐུ་ཚེ་མཛའ་ཡས་པར་བྱིན་གྱིས་རློབ་པར་ནུས་པའི་ཕྱིར་རོ་ཞེས་ཅིས་མི་འདོད། རྒྱུས་སྟོབས་ལས་(སངས་རྒྱས)་གཞན་རྣམས་ཀྱང་འབྱུང་ངོ་ཞེ་ན། དེ་ལྟར་ན་རྒྱུའི་སྟོབས་ཉིད་ལས་འཇིག་རྟེན་གྱི་ཁམས་མཛའ་ ་ཡས་པ་རྣམས་སུ་དེ་བཞིན་གཤེགས་པ་མཛའ་ཡས་པ་གཅིག་ཅར་འབྱུང་བར་འགྱུར་བས་འགལ་བ་ཅི་ཡོད་(བརྒྱད་སྟོང་འགྲེལ་ཆེན་སུམ་ཅུ་པར་གཞན་གྱི་འདོད་པ་བཀོད་པར།)་རིམ་གྱིས་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་འང་དེ་རྣམས་འབྱུང་བ་གནས་པ་ཁོ་ནའོ། །བྱུང་བ ་དེ་རྣམས་ནི་ཡོངས་སུ་(མི་གནས་མྱ་ངན་འདས་པའོ་ཞེས་མཚན་བརྗོད་དུ་གསུངས་པ་ལྟར།)་མྱ་ངན་ལས་འདའ་བ་མེད་པའི་ཕྱིར་རོ། །ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་ཡོད་པ་ཁོ་ནའོ། (།ཡོད་ཀྱང)་བསོད་ནམས་དང་མི་ལྡན་པ་རྣམས་ལ་སྣང་བར་མི་འགྱུར་བ་འབའ་ཞིག ་ཡིན་གྱི་བསོད་རྣམས་དང་ལྡན་པ་རྣམས་ཀྱིས་བསོད་ནམས་ཆུང་བ་འམ་ཆེ་བ་ཇི་ལྟ་བར་ཡང་དག་པར་དམིགས་སོ། (།ཞེས་སོ)་འོ་ན་འདིར་དེ་བཞིན་གཤེགས་པ་(གཉིས)་དག་(འཇིག་རྟེན་གྱི་ཁམས་གཅིག་མི་འབྱུང་ཞེས་པའི།)་འཇིག་རྟེན་གྱི་ཁམས་(དེ)་ཅི་ཙམ་དུ་འདོད་ཅེ་ན་སྟོང་གསུམ་མོ། ། ་གཞན་རྣམས་ན་རེ་གླིང་བཞི་པའོ་ཞེས་སོ། །བཅོམ་ལྡན་འདས་འོག་མིན་གྱི་ཁང་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྤྲུལ་པའི་སྐུས་སྟོང་གསུམ་གྱི་ནང་དུ་གཏོགས་པའི་གླིང་བཞི་པ་རྣམས་ཐམས་ཅད་དུ་དགའ་ལྡན་དུ་སྐྱེ་བ་དང་འཆི་འཕོ་བ་དང་མི་རྣམས་སུ ་སྐྱེ་བ་ཡོངས་སུ་འཛིན་པ་ལ་སོགས་པ་ཀུན་ཏུ་སྟོན་ཏོ་སྙམ་དུ་སེམས་སོ། (།སངས་རྒྱས་ཕལ་པོར་མི་མཇེད་འདི་ན་རྒྱལ་བུ་དོན་གྲུབ་བྱེ་བ་ཕྲག་བརྒྱ་དང་ལྷ་མོ་སྒྱུ་མ་བྱེ་བ་ཕྲག་བརྒྱ་སོགས་ཡོད་པར་གསུངས་པ་དང་མཐུན།)་བུད་མེད་ཀྱིས་ནི་འཁོར་ལོས་བསྒྱུར་བ་ཉིད་དང་བརྒྱ་བྱིན་ཉིད་ལ་སོགས་པ་ཐོབ་པ་མེད་དེ་བདག་པོ་གཞན ་གྱི་དབང་ཉིད་ཀྱི་ཕྱིར་རོ། །བུད་མེད་ལ་བུད་མེད་རིན་པོ་ཆེ་ལ་སོགས་པ་ལོངས་སྤྱོད་པའི་ནུས་པ་མེད་པའི་ཕྱིར་རོ། །རང་བྱང་ཆུབ་དང་བླ་ན་མེད་པའི་བྱང་ཆུབ་ཀྱང་(བུད་མེད་ཀྱིས)་རྟོགས་པར་མི་འགྱུར་ཏེ། གོ་རིམ་བཞིན་དུ་(བུད་མེད་བསེ་རུ)་དེ་བསེ་རུ་ལྟ་བུར་འདྲེ་བ་མེད་པ་དང ་གསུམ་གྱི་སྟོན་པ་ཉིད་མི་སྲིད་པའི་ཕྱིར་རོ། (།བུད་མེད)་དེ་ནི་(རང་བྱང་ཆུབ་མ་རུང་སྟེ།)་སྐྱེ་བོ་གཡོན་ཅན་ཐམས་ཅད་ཀྱིས་བགྲོད་པར་བྱ་བ་དང། ཤེས་རབ་ཆུང་བ་ཉིད་ལས་སློབ་དཔོན་མེད་པར་མངོན་པར་བྱང་ཆུབ་པར་མི་རུང་བར་ཀུན་དུ་སྤྱོད་པ་གཞན་གྱི་དབང་ཉིད་ཀྱི་(མི་སྲིད་བ) ་ཕྱིར་རོ། །སྔགས་ཀྱི་ཚུལ་དུ་ནི་ཐབས་ཀྱི་ཁྱད་པར་གྱིས་བུད་མེད་ཀྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་རྟོགས་སོ་ཞེས་གསུངས་སོ་ཞེས་པ་ཞར་ལ་འོངས་པ་བཞག་གོ་།ཁམས་གསུམ་པ་འདི་ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཀྱང་སྟེ ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་རང་བཞིན་ནོ། (།གསུམ་པོ)་དེ་ལ་(ཕུང་པོ་སོགས་ཀྱི་རྣམ་བཞག་འདི་རྣམས་སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ཕུང་པོ་ལྔ་པར་བཤད་པ་བཞིན་མཛད་གདའ་)་ཕུང་པོ་རྣམས་ལྔ་སྟེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའོ། །དེ་(ལྔ་པོ) ་ལ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཏེ་དབང་པོ་རྣམས་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། ཡུལ་རྣམས་དང་བཅུ་གཟུགས་ཀྱི་ཕུང་པོའོ། །གཞན་ན་དེ་རྣམ་པར་རིག་བྱེད་མ་ཡིན་པའང་ཞེས་སོ། །དེ་ཡང་(གཟུགས་བཅུ་བོ) ་རྣམ་པ་གཉིས་ཏེ་འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་པ་རྣམས་སོ། །དེ་ལ་(ཐུན་མོངས་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་ཁྱད་པར་ལས་འབྱུང་བས།)་འབྱུང་བ་(རྒྱ་ཆེ་བས)་ཆེན་པོ་བཞི་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་གི་(འབྲས་བུའི་གཟུགས་འཛིན་པ་འམ་རང་གི་མཚན་ཉིད་འཛིན་པས) ་ཁམས་ཏེ་རེག་བྱའི་ནང་དུ་འདུས། (།འབྱུང་བ་བཞི་ལས)་ལྷག་མའི་རེག་བྱ་ནི་འཇམ་པ་ཉིད་ལ་སོགས་པའོ། །མིག་ལ་སོགས་པ་བཅུ་རྣམས་འབྱུང་བ་ལས་གྱུར་པ་ཁོ་ན་སྟེ་འབྱུང་བ་རྣམས་ལ་ཡོད་པའི་ཕྱིར་རོ། །དཔེར་ན་རྩཝ་དང་ཤིང་ལ་སོགས་པ་རྒྱུར་བྱས་ནས ་ཡོད་པ་ཁྱིམ་དང་(བྱེད་ལ་རྟེན་ནས་རི་མོ་དང་མེ་ལོང་བརྟེན་ནས་གཟུགས་བརྙན)་བུད་ཤིང་རྒྱུར་བྱས་ནས་མེ་བཞིན་ཏེ། དེ་བཞིན་དུ་འབྱུང་བ་རྣམས་ལ་བརྟེན་ནས་མིག་ལ་སོགས་པ་ཉེ་བར་སྐྱེ་བ་ནི་རྒྱུར་བྱས་པའི་གཟུགས་ཤེས་བརྗོད་དོ། (།འབྱུང་བ་ལས་སྐྱེས་པ)་དེ་ཉིད་ཀྱི ་ཕྱིར་(བཞི་བརྒྱ་བ་རབ་བྱེད་བཅུ་བཞི་པར། ཇི་ལྟར་གཟུགས་སོགས་མ་གཏོགས་པར། བུམ་པ་ཡོད་པ་མ་ཡིན་པས། དེ་བཞིན་རླུང་སོགས་མ་གཏོགས་པ། གཟུགས་སོགས་ཡོད་པ་མ་ཡིན་ནོ་ཞེས་པ་ལྟར།)་གང་གི་ཚེ་འབྱུང་བ་ཆེན་པོ་རྣམས་གཟུགས་བརྙན་བཞིན་(སྣང་ཡང་བདེན་པའི)་རང་བཞིན་མེད་པ་དེའི་ཚེ་(འབྱུང་བ)་དེའི་རྒྱུ་ཅན ་འབྱུང་བ་ལས་གྱུར་པ་མིག་དང་གཟུགས་ལ་སོགས་པ་རང་བཞིན་མེད་པ་ཉིད་དུ་བདེ་བླག་ཏུ་རྟོགས་སོ། །གཞན་ཡང་(མཛོད་ལས་འདོད་ན་དབང་པོ་མེད་པ་དང་སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། ལུས་དབང་ལྡན་ལ་རྫས་དགུ་སྟེ། དབང་པོ་གཞན་ལྡན་རྫས་བཅུའོ་ཞེས་པ་ལྟར།)་འདོད་པའི་ཁམས་སུ་དབང་པོ་ལས ་ཕྱི་རོལ་པ་ནི་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་པར་སྐྱེའོ། །དེ་ལ་རྫས་བརྒྱད་རྣམས་ནི་འདི་ལྟ་སྟེ་འབྱུང་བ་ཆེན་པོ་བཞི་དང་གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །ནང་གི་བདག་ཉིད་ལུས་ཀྱི་དབང་པོ་ཅན་ནི་རྫས་དགུ་པའོ། །མིག་ལ་སོགས་པའི་དབང་པོ ་ཅན་ནི་དབང་པོ་གཞན་ལྔ་སྟེ་རྫས་བཅུ་པའོ། །སྒྲ་དང་བཅས་པ་ནི་སླར་ཡང་འདི་རྣམས་(རིམ་པ་ལྟར)་རྡུལ་ཕྲ་རབ་ཀྱི་རྫས་དགུ་པ་དང་བཅུ་པ་དང་བཅུ་གཅིག་པར་སྐྱེའོ། །དེ་ལ་རྫས་བརྒྱད་པའི་རྡུལ་ཕྲ་རབ་ལ་རྫས་བརྒྱད་པོ་དེ་རྣམས་སེ་འབྲུའི་ས་བོན་ལྟར་རང ་བཞིན་སོ་སོ་སོ་སོར་རྣམ་པར་གནས་པ་ནི་མེད་དོ། །འོ་ན་ཅི་ཞེ་ན་བཏུང་བ་ལ་སོགས་པ་ལ་ཀོ་ལ་དང་ཀུ་ལ་ཏ་ཐ་དང་བུ་རམ་དང་བསེ་ཡབ་ལ་སོགས་པའི་ཁུ་བ་(འདྲེས་པ)་བཞིན་(རྫས་བརྒྱད་རྣམས)་འདྲེས་པར་གྱུར་ནས་རྣམ་པར་གནས་སོ། །དེ་ལ་རྡུལ་ཕྲ ་རབ་ལ་(བརྒྱད་ཀྱི་ཡ་གྱལ)་རེ་རེའང་རྫས་བདུན་བདུན་ལས་ཐ་དད་པར་མ་གྲུབ་པ་ཉིད་ཀྱི་ཕྱིར་རང་བཞིན་གྲུབ་པ་མེད་དེ། ཕན་ཚུན་ལྟོས་(དབུ་མ་རྩ་ཤེར་རང་བཞིན་དག་ནི་བཅོས་པ་མིན་དང། གཞན་ལ་ལྟོས་པ་མེད་པ་ཡིན། ཞེས་པ་ཡིན་པ་ལས)་པ་ཉིད་ཀྱིས་སྐྱེ་བའི་ཕྱིར་རོ། (།ཀུན་རྫོབ་དུ།)་རྣམ་པ་ཐམས་ཅད་དུ ་མེད་པ་ཡང་མ་ཡིན་ཏེ་(གཟུགས་ལྟ་བུ)་རེ་རེའང་(རང་ལས་གཞན་པ)་རྫས་བདུན་བདུན་རྣམས་རྒྱུར་བྱས་ནས་ཉེ་བར་དམིགས་པའི་ཕྱིར་རོ། །རིགས་པ་འདི་རྫས་བཅུ་དང་བཅུ་གཅིག་གི་རྡུལ་ཕྲ་རབ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ལྟར་དབང་པོ་དང་ཡུལ་རྣམས ་གཟུགས་བརྙན་ལྟ་བུའོ། (།རང་བཞིན་མེད་ཀྱང་སྣང་ལ)་དེ་ལས་(དང་པོ་དང་ཡུལ)་སྐྱེས་པའི་སེམས་དང་སེམས་ལས་བྱུང་བ་ཡང་སྟེ་གཟུགས་བརྙན་དང་འདྲ་བ་རྟེན་(དབང་པོ)་དང་དམིགས་པ་(ཡུལ)་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཇི་ལྟར་འབྱུང་བ་ཆེན་པོ་རྣམས ་ཕན་ཚུན་བལྟོས་ནས་སྐྱེ་བ་ཉིད་ཀྱི་ཕྱིར་རང་བཞིན་གྲུབ་པ་མེད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་ཡང་སྟེ། (རང་བཞིན་གྲུབ་པ་མེད་དེ)་ཕན་ཚུན་གྱི་སྟོབས་ལས་བསྐྱེད་པས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྲུབ་པ་རྣམས་ནི་གཟུགས་བརྙན་ལྟ་བུ་ཉིད་ལ ་ཤིན་ཏུ་མི་འཇུག་གོ་།དེ་བཞིན་དུ་མཚོན་ཆ་དང་མཚན་ཉིད་ལའང་(ཕན་ཚུན་ལྟོས་པས་རང་བཞིན་མ་གྲུབ་པར)་སྦྱར་བར་བྱའོ། །དེ་ལས་ནི་འཁྲང་བ་ཉིད་དང་མཁྲེགས་པ་(ཱམ་མཁྲང་བ)་ཉིད་དང་སྲ་བ་ཉིད་དེ་འཛིན་པའི་ལས་ཅན་ནོ། །ཆུའི་ཁམས་ནི་གཤེར་བ་ཉིད་དང ་སཱུམ་པ་(དང་ཞུ་བ)་ཉིད་དེ་སྡུད་པའི་ལས་ཅན་ནོ། །མེ་ནི་ངོ་བོ་ཉིད་དེ་སྨིན་པ་(ཱམ་ཆོས་པ)་ཉིད་དང་སྐེམ་པའི་ལས་ཅན་ནོ། །རླུང་ནི་ཡང་ཞིང་གཡོ་བ་ཉིད་དེ་འཕེལ་བ་དང་འགྲོ་བར་(ཡུལ་བཞན་ཐོབ་པ)་བྱེད་པའི་ལས་ཅན་ནོ། །འདི་ལྟར ་འཕེལ་བ་ནི་ཆ་ཤས་ལྷག་པོ་བསྐྱེད་པའོ། (།རིན་ཆེན་ཕྲེང་བར་ས་ཆུ་མེ་རླུང་རྣམས་ནི་རེ་རེ་ངོ་བོ་ཉིད་དུ་མེད་གང་གསུམ་མེད་པར་རེ་རེ་མེད་ཅིག་མེད་པར་ཡང་གསུམ་མེད་དེ་གལ་ཏེ་གསུམ་མེད་རེ་རེ་མེད་ཅིག་མེད་བར་ཡང་གསུམ་མེད་ན་སོ་སོ་རང་ཡོད་མ་ཡིན་ཏེ་ཇི་ལྟར་འདུས་པ་སྐྱེ་བར་འགྱུར་ཅེས་གསུངས།)་འབྱུང་བ་ཆེན་པོ་འདི ་རྣམས་ཀྱི་ཀྱང་གཅིག་གང་ན་ཡོད་པ་དེ་ན་ལྷག་མ་རྣམས་ཏེ། གང་གི་ཕྱིར་རྡོ་ལ་སོགས་པ་སའི་རྫས་ལ་སྡུད་པ་ལ་སོགས་པའི་ལས་མཐོང་བ་ལས་ཆུ་དང་མེ་དང་རླུང་རྣམས་ཡོད་པ་ཉིད་དུ་རྗེས་སུ་དཔག་གོ་།ཆུ་ལ་གྲུ་འཛིན་པ་དང་དྲོ་བ་དང་འབབ་པ་མཐོང ་བའི་ཕྱིར་(རིམ་པ་བཞིན)་ས་དང་མེ་དང་རླུང་རྣམས་སོ། (།ཡོད་པར་རྗེས་སུ་དཔོག་གོ)་མེ་འབར་བ་ལ་བསྟན་པ་དང་གོང་བུར་འདྲིལ་བ་དང་གཡོ་བ་མཐོང་བའི་ཕྱིར་ས་དང་ཆུ་དང་རླུང་རྣམས་སོ། (།རིན་ཆེན་ཕྲེང་བར་གཡོ་དང་ཐོགས་དང་བསྡུད་པ་དག་དང?་རླུང་དང་ས་དང་ཆུ་དེ་བཞིན་ཅེས་པས།)་རླུང་ལ་འཛིན ་པ་དང་གྲང་བ་དང་དྲོ་བའི་རེག་པ་མཐོང་བ་ལས་ས་དང་ཆུ་དང་མེ་རྣམས་སོ། །ནམ་མཁའ་ནི་ཆེན་པོ་ཉིད་དུ་ཡོད་མོད་འབྱུང་བ་ཉིད་ནི་མ་ཡིན་ཏེ་འདུས་མ་བྱས་པ་ཉིད་ཀྱིས་ནི་མཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་ཁྱད་པར་བསྐྱེད་པ་ཉིད་མེད་པའི་ཕྱིར་རོ།། ་ཞེས་པས་ནམ་མཁའ་འབྱུང་བ་ཆེན་པོ་མ་ཡིན་ནོ། །མིག་གི་བང་པོ་ནི་(མིག་གི་རྣམ་པར་ཤེས་པའི་རྟེན)་མིག་གི་ཟླུམ་སྐོར་ན་མིག་འབྲས་ཀྱི་ནང་ན་གནས་པ་(ཐ་མལ་པའི་མིག་གིས)་མི་མཐོང་བ་རྒུན་འབྲུམ་གྱི་འབྲས་བུའི་ཚད་ཙམ་པ་ཟི་རའི་མེ་ཏོག་དང་འདྲ་བར ་གནས་པ་ཤིན་ཏུ་དང་བའི་པགས་པས་གཡོགས་པའོ། །རྣ་བའི་དབང་པོ་ནི་གྲོ་ག་(ཱི་མདུང་བ་འམ)་གཅུས་པ་ལྟ་བུ་རྣ་བའི་ནང་ན་གནས་པའོ། །སྣའི་དབང་པོ་ནི་དྲིལ་བུའི་ནང་གི་ལྕེ་ལྟ་བུའོ། །ལྕེའི་དབང་པོ་ནི་ཟླ་བ་ཕྱེད་པ་ལྟ་བུའོ། །ལུས་ཀྱི ་དབང་པོ་ནི་ལུས་ལྟ་བུར་གནས་སོ། །ལྔ་པོ་འདི་རྣམས་རང་གི་དོན་དམིགས་པ་ལ་དབང་བྱེད་པ་(ཱམ་བདག་པོ)་ཉིད་ཀྱི་ཕྱིར་དབང་པོ་རྣམས་སོ། །གཟུགས་ཀྱི་སྐྱེ་མཆེད་ནི་(མིག་གི་རྣམ་ཤེས་ཀྱིས་རྣམ་པར་ཤེས་བྱ་སྟེ།)་ཁ་དོག་དང་དབྱིབས་ཤེས་པ་རྣམ་པ་གཉིས་སོ། །ཁ་དོག ་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་སྤྲིན་དང་དུ་བ་དང་རྡུལ་དང་ཁུག་སྣ་(ལྷོ་བུར)་དང་གྲིབ་མ་དང་ཉི་འོད་དང། (ཱོད་ཟེར་མེད་ཀྱང་གང་ན་གཟུགས་སྣང་བ)་སྣང་བ་དང་མུན་པའོ། །དབྱིབས་ནི་རིང་པོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པོ་དང་མཐོན་པོ་དང་དམའ་བ་དང ་དབྱིབས་མཉམ་པ་དང་དབྱིབས་མི་མཉམ་པའོ། (།མཐོ་དམན་དུ་གནས་པ)་ཉི་འོད་ནི་(ཀུན་ནས་གདུང་བྱེད་དེ)་ཉི་མའི་འོད་དོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དོ། །སྒྲ་ནི་(སྣང་བའི་རྣམ་པར་ཤེས་པའི་གཟུང་མ་བྱ་སྟེ་རླུང་སེམས་ཀྱིས)་ཟིན་པ་(ཆོས་འཆད་པའི་སྒྲ་ལྟ་བུ)་དང ་མ་ཟིན་པར་(ཱི་རྒྱུ་ཅན་རླུང་སྒྲ་ལྟ་བུ)་དང་གཉིས་ཀའི་འབྱུང་བ་ཆེན་པོའི་རྒྱུ་ཅན་ནོ། (།ལག་པས་རྔ་བརྡུང་བའི་སྒྲ་ལྟ་བུ)་ཟིན་པ་ནི་སེམས་དང་བཅས་པའོ། (།སེམས་དང་སེམས་ལས་བྱུང་བ་འབྱུང་བའི་གནས་ཀྱི་གཟུགས)་མ་ཟིན་པ་ནི་(སེམས་ཅན་མ་ཡིན་པའི་གཟུགས་ཐམས་ཅད་དང)་སེན་མོ་དང་སྐྲ་ལ་སོགས་པ་གང་བཅད་པ་ལ་ནད ་མེད་པའོ། །དྲི་ནི་(ཞིམ་པ་དང་མི་ཞིམ་པ་དང་མཉམ་པར)་གསལ་ལོ། །རོ་ནི་རྣམ་པ་དྲུག་སྟེ། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཚ་བ་དང་ཁ་བ་དང་སྐ་བའི་བྱེ་བྲག་གིས་སོ། །རེག་བྱ་ནི་བཅུ་གཅིག་གི་བདག་ཉིད་དེ་འབྱུང་བ་ཆེན་པོ་བཞི་རྣམས་དང། འཇམ་པ་ཉིད་དང་རྩུབ་པ ་(སྣའི་རྣམ་ཤེས་ཀྱི་རྣམ་པར་ཤེས་བྱ་སྟེ)་ཉིད་དང་ལྕི་བ་ཉིད་དང་ཡང་བ་ཉིད་དང་གྲང་བ་དང་བཀྲེས་པ་དང་སྐོམ་པའོ། །ལྟོ་བའི་ནང་གི་གང་ལུས་ཀྱི་དབང་པོས་རེག་པར་བྱ་བ་དེ་(བཀྲེས་སྐོམ་བསྐྱེད་པར་བྱེད་བས)་བཀྲེས་པ་སྟེ་བཟའ་བ་མངོན་པར་དོད་པར་བྱེད་པ་དང། སྐོམ་པ་ནི་ལྟུང་བ་མངོན ་པར་འདོད་པ་སྟེ་རྒྱུ་(ལྟེ་བའི་ནང་གི་རེག་བྱ)་ལས་འབྲས་བུ་བཏགས་པའི་ཕྱིར་རོ། །ཆུ་དང་མེའི་ཁམས་ཤས་ཆེ་བའི་འབྱུང་བ་འདུས་ན་འཇམ་པ་(རེག་ན་འདོད་པ)་ཉིད་དང། །ས་དང་རླུང་ཤས་ཆེ་ན་རྩུབ་པ་པ་(རུང་རུང་པོ)་ཉིད་དོ། །ས་དང་ཆུ་ཤས་ཆེ་ན་ལྕི་བ་ཉིད་དོ། །མེ་དང་རླུང་ཤས་ཆེན ་ཡང་བ་ཉིད་དོ། །ཆུ་དང་རླུང་ཤས་ཆེ་ན་གྲང་བའོ། །རླུང་ཤས་ཆེ་ན་བཀྲེས་སོ། །མེ་དང་རླུང་ཤས་ཆེ་ན་སྐོམ་པའོ། །ཞེས་པ་དབང་པོ་ལྔའི་ཡུལ་རྣམས་སོ། །དེ་ལ་མིག་ལ་སོགས་པ་ལྔ་རྣམས་ནི་(དབང་པོའི་ཡུལ་ལས་འདས་པ་ན།)་རང ་གི་འབྲས་བུ་རྣམ་པར་ཤེས་པ་ལས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཁོ་ནའོ། (།མཛོད་དུ་གཉིས་ཀྱི་རྣམ་ཤེས་བྱ་ཕྱིའི་ལྔ་ཞེས་བ་ལྟར།)་གཟུགས་ལ་སོགས་པ་ལྔ་རྣམས་ནི་(ཡིད་ཤེས་དང)་མིག་ལ་སོགས་པ་ལྔའི་རྣམ ་པར་ཤེས་པ་རྣམས་ཀྱིས་རྣམ་པར་ཤེས་པར་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་དངོས་པོར་ཡོད་པ་མ་ཡིན་ནོ། །ཞེས་སྔར་བསྒྲུབས་ཟིན་ཏོ། །དེའི་ཕྱིར་བཅུ་(དབང་པོ་ལྔ་དང་དོན་ལྔ་སྟེ།)་པོ་ཉིད་གཟུགས་སུ་རུང། (དེ་ཉིད་བཤད་པས)་གང་རྣམས་གང་དུ་གནད་བར་བྱ ་བ་(རེག་པས་གཟུགས་ཡོད་བ)་དང་ཐོགས་པར་བྱ་བའོ་ཞེས་པས་ཐོགས་པ་དང་བཅས་པའི་གཟུགས་རྣམས་སོ། (།བཅུ་པོ)་དེ་རྣམས་ཀྱི་ཕུང་པོ་(དུ་མ་སྤུངས་བ)་ནི་གཟུགས་ཀྱི་ཕུང་པོར་བཤད་དོ། །ཚིམ་པར་བྱེད་པ་དང་ཡོངས་སུ་གདུང་བར་བྱེད་པ་དང་དེ་གཉིས་ལས ་རྣམ་པར་གྲོལ་བའི་ཡུལ་གྱི་རང་གི་ངོ་བོ་མངོན་སུམ་དུ་བྱ་བས་(བྱེད་པའི)་ཡུལ་ཉམས་སུ་མྱོང་བ་(དེ)་རྣམ་པར་ཤེས་པའི་ཉམས་སུ་མྱོང་བ་(ཱང?་ཡིན་ལ)་རིག་པ་(ཱང་ཡིན་པས)་ནི་ཚོར་བཞེས་བརྗོད་དོ། །དེ་ལ་བྱེ་བྲག་སྨྲ་བ་རྣམས་ན་རེ། སེམས་ནི་གཙོ་བོ་ཡིན་ལ ་སེམས་ལས་བྱུང་བ་རྣམས་མ་ཡིན་ནོ། (།སེམས་བྱུང)་དེ་རྣམས་ནི་སེམས་ཀྱི་འདི་རྣམས་སམ་སེམས་ལ་ཡོད་པ་རྣམས་ཡིན་པས་སེམས་ཀྱི་བྱ་བའི་རང་བཞིན་ཏེ་(སེམས་ལས)་ཐ་དད་དུ་གྲུབ་བོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་དུས་སུ་ནི་ཤེས་རབ་སེམས ་ལས་བྱུང་བ་ཆ་ཤས་(སམ་གཙོ་བོ་མིན)་ཀྱང་གསལ་ལ། ལ་ལ་ལ་ལར་ཆོས་གཙོ་བོ་སྟེ། དཔེར་ན་མངོན་པར་ཡིད་ཆེས་པའི་དུས་ན་དད་བ་(དང་འདྲེས་པ་མ་རྗེད་པའི་དུས་སུ་དྲན་པ)་ལ་སོགས་པ་ཟག་པ་མེད་པའི་ཕུང་པོ་ལྔའི་ཚོགས་པ་ལྟ་བུའོ་ཞེས་སོ། །རྣལ་འབྱོར ་སྤྱོད་པ་(སེམས་ཙམ)་པ་རྣམས་ན་རེ་སེམས་ཀྱི་བྱ་བའི་རང་བཞིན་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་རྣམས་སེམས་ལས་བྱུང་བ་སྟེ་སེམས་ལས་ཐ་དད་པ་མ་ཡིན་ནོ་ཞེས་སོ། །དབུ་མ་པ་རྣམས་ན་རེ་(བརྟག་མི་བཟོད་པ)་ཀུན་རྫོབ་ཏུ་མ་བརྟགས་ན་ཉམས་དགའ་བ་ཉིད་ཀྱི་ཕྱིར ་ཇི་ལྟ་བ་དེ་ལྟ་སྟེ་ཁ་ཅིག་ཏུ་དེ་ཉིད་དང་འགའ་ཞིག་ཏུ་གཞན་ཉིད་ལྟ་བུ་ཐ་སྙད་བྱེད་ལ་དོན་དམ་པར་ནི་(སེམས་བྱུང་རྫས་སུ་མེད་པས)་དེ་ཉིད་དང་གཞན་ཉིད་དཱུང་མི་རིགས་སོ་ཞེས་སོ། །ཚོར་བ་དེའི་(དབང་པོ་གཟུགས་ཅན་ལྔ་པོ་རྡུལ་ཕྲ་རབ་འདུས་པའི་ངོ་བོ་ཡིན་པས་ལུས་ཀྱི་སྒྲར་བརྗོད་ཅིང་དེ་ལ་བརྟེན་ནས་བྱུང་བའི་ཚོར་བ།) ་ལུས་ཀྱི་(ཚོར)་དང་(ཡིད་དབང་ལ་བརྟེན་པའི་ཚོར)་སེམས་ཀྱིའོ། (།ཚོར་བ)་སླར་ཡང་རྣམ་པ་གསུམ་སྟེ་བདེ་བ་(བྱུང་ན་འབྲལ་མི་འདོད་བ)་དང་(འགགས་ན་ཕྲད་པར་མི་འདོད་ཅིང་བྱུང་ན་འབྲལ་བར་ལོང་བ།)་སྡུག་བསྔལ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། (།ཕྲད?་དང་བྲལ་བའི་སྲད་པའི་རྟེན་དུ་མ་གྱུར་པ) ་སླར་ཡང་རྣམ་པ་ལྔ་སྟེ་བདེ་བ་དང་སྡུག་བསྔལ་དང་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་སོ། །དེ་ལ་གཟུགས་ཅན་གྱི་དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དང། བསམ་གཏན་གསུམ་པ་ན་(རྣམ་ཤེས་ཚོགས ་X་ལྔ་མེད་པས་ལུས་ཀྱི་ཚོར་བ་མེད་ཅིང།)་ཡིད་ཀྱི་ཡང་(རྣམ་ཤེས་དང་མཚུངས་པར་ལྡན་པ།)་སྟེ་སིམ་པའི་ཚོར་བ་(ཕན་འདོགས་བྱེད།)་བདེའི་དབང་པོའོ། །གཟུགས་ཅན་གྱི་དབང་པོའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་བ་སིམ་པ་མ་ཡིན་པའི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ།། ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་བ་ཚིམ་པའི་ཚོར་བ་ནི་ཡིད་བདེ་བའི་དབང་པོའོ། །ཡིད་ཀྱི་ཉིད་ཚིམ་པ་མ་ཡིན་པ་ནི་ཡིད་མི་བདེ་བའི་དབང་པོའོ། །ཐམས་ཅད་ཀྱི་ཉིད་སིམ་པའང་མ་ཡིན་སིམ་པ་མ་ཡིན་པའང་མ་ཡིན་པའི་ཚོར་བ་ནི་བཏང་སྙོམས ་ཀྱི་དབང་པོའོ། །གང་གི་(ལུས་ཀྱི་སེམས་ཀྱི་དབང་པོ་བཏང་སྙོམས་གཉིས་དབང་པོ་གཅིག་ཏུ་བྱེད་བ་ཅི་ཞེ་ན།)་ཕྱིར་སེམས་ཀྱི་བདེ་བ་དང་སྡུག་བསྔལ་ཕལ་ཆེར་རྣམ་པར་རྟོག་པ་ལས་སྐྱེས་ཤིང་ལུས་ཀྱི་ནི་(རྣམ་རྟོག་ལས་སྐྱེ་བ)་མ་ཡིན་ཏེ། ཡུལ་གྱི་དབང་ལས་དགྲ་བཅོམ་པ་རྣམས་ལའང་(ལུས་ཀྱི་བདེ་?) ་སྐྱེ་བའི་ཕྱིར་རོ། (།མ་ལུས་སེམས་ཀྱི་བཏང་སྙོམས་ནི་རྣམ་པར་མི་རྟོག་པར་རང་གི་རང་གིས་སྐྱེ་བས་ན་དབང་པོ་རུ་བྱས།)་སླར་ཡང་རྣམ་པ་དྲུག་སྟེ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བ་(མིག་ཤེས་དང་མཚུངས་ལྡན)་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བ་ཇི་སྲིད་པའི་བར་རོ་ཞེས ་ལ་ཚོར་བའི་ཕུང་པོ་བརྗོད་ཟིན་ཏོ། །འདིར་བུམ་པ་དང་སྣམ་བུ་དང་གཟུགས་ལ་སོགས་པ་འདུས་བྱས་རྣམས་ལ་འདུས་བྱས་སུ་ཐུན་མོང་བ་(མཚུངས་པ)་ཉིད་ནའང་སོ་སོ་དང་གི་རྒྱུ་དང་རྐྱེན་རྣམས་ལ་ཁྱད་པར་ཡོད་དོ། (།རྒྱུ་རྐྱེན)་དེའི་ཁྱད་པར་ལས་ཀྱང་ལྟོ ་ལྡིར་བ་ལ་སོགས་པའི་(འདུས་བྱས་བུམ་སྣམ་ལ་སོགས་པ)་ཕན་ཚུན་ཁྱད་པར་ཡོད་དོ། །ཁྱད་པར་དེ་ཉིད་ནི་མཚན་མ་ཞེས་བརྗོད་དེ་དེས་དོན་རྣམས་(མི་འདྲ་བ)་ཁྱད་པར་དུ་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །བུམ་པ་ཉིད་ལ་སོགས་པའི་མཚན་མ་དེ་སེམས་ལས ་བྱུང་བའི་ཆོས་གང་གིས་འཛིན་པ་དང་འདུ་ཤེས་པ་དང་ཡོངས་སུ་གཅོད་པར་(ཅིང་རྟོག)་བྱེད་པ་དེ་ནི་མཚན་མར་འཛིན་པའི་བདག་ཉིད་འདུ་ཤེས་ཞེས་བརྗོད་དོ། །འདི་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། མཚུངས་པར་མི་ལྡན་(སྟེ་ལྡན་མིན་འདུ་བྱེད)་པའི་མིང་དང ་ལྷན་ཅིག་དོན་གཅིག་ལ་འཇུག་པའི་འདུ་ཤེས་ནི་མིང་གིས་དོན་གསལ་བར་བྱེད་ཅིང་འདུ་ཤེས་ཀྱིས་ཤེས་པར་བྱེད་དོ། (།མི་དང་ལྷན་ཅིག་འཇུག་པའི་འདུ་ཤེས)་དེ་ནི་མིང་དང་མཚན་མ་དང་དོན་གྱི་བརྡ་ཤེས་པ་རྣམས་ཀྱི་གསལ་བ་སྟེ། དེ་རྣམས་ངག་ལས་མི་ངས་པར་བྱེད ་ཅིང་མིང་ལས་ཀྱང་དོན་ནོ། །དེ་ཉིད་ཀྱི་ཕྱིར་ངག་མིང་ལ་འཇུག་ཅིང་མིང་གིས་དོན་གསལ་བར་བྱེད་དོ། །བརྡ་ལ་མ་བྱུང་པ་(བརྡའ་མི་ཤེས་བ)་ནི་མི་གསལ་བའི་འདུ་ཤེས་ཀྱིས་(སམ་འདུ་ཤེས་མི་གསལ་བས་ན)་མིང་གིས་དོན་རྟོགས་པར་མི་བྱེད་ལ། མིང་(ལ་འཇུག་པར་བྱེད་བའམ།) ་གིས་དོན་རྟོགས་སུ་འཇུག་པར་ཡང་མི་བྱེད་དོ་ཞེས་ཟེར་རོ། །དེའང་གཞན་དུ་རྣམ་པར་དཔྱད་ཟིན་ཏོ། །རིགས་པ་ནི་ཕྱི་རོལ་ཏུ་འམ་ཡིད་ལའང་རུང་སྟེ་གང་དཱུང་(དོན)་སྒྲ་དང་འདྲེས་མེད་ལ། སླར་ཡང་(རྟོག་པའི་བློས)་ཡི་གེའི་རྣམ་པ་དང་འདྲེས་དོན་(སྒྲ་དང་དོན་X ་X་རྣམས་གཅིག་ཏུ་ཞེན་ནས།)་གྱི་རྣམ་པ་ཅུང་ཟད་སྤྲོ། །མི་བདེན་བདག་ཉིད་དུ་གནས་གང་ཡང་བློ་ཉིད་ཀྱིས་ཞེན་པ། (སྒྲ་དང་དོན)་དེ་དག་ཕྱི་རོལ་དང་ནི་ངག་ལ་ངེས་པར་འཛིན་ཏོ། །དེའི་ཕྱིར་རྣམ་པར་རྟོག་པར་བཞག་ཅེས་སོ། །འདུ་ཤེས་དེའང་རྣམ་པ་དྲུག་སྟེ། མིག ་གིས་རྣམ་པར་ཤེས་པར་ང?་མཚུངས་པར་ལྡན་པ་(གཟུགས་ཀྱི་མཚན་མར་འཛིན་པ)་ནད་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བར་རོ་ཞེས་པ་(དེ་ལྟ་བུ་ནི)་འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ཀྱི་ཕུང་པོ་ནི་སེམས་བྱུང་སྟེ། དེ་ལམ་ཚོར་བ་དང་འདུ་ཤེས་དག ་བྱུང་སྟེ། རྩོད་པའི་རྩ་བ་ཉིད་དང་འཁོར་བའི་རྒྱུ་ཉིད་ཀྱི་ཕྱིར་ཕུང་པོ་ལོགས་པར་བྱས་སོ། །རྩོད་པའི་རྩ་བ་ནི་གཉིས་ཏེ་འདོད་པ་ལ་ལྷག་པར་ཆགས་པ་དང་ལྟ་བ་ལ་ལྷག་པར་ཆགས་པའོ། །དེ་དག་གི་གཙོ་བོའི་རྒྱུ་ནི་གོ་རིམ་བཞིན་དུ་ཚོར་བ་དང་འདིར་མྱོངས ་(བའི་དབང་གིས་འདོད་པ་ལ་ཞེན་པ)་འདུ་ཤེས་(ཕྱིན་ཅི་ལོག་གི་ལྟ་བ་ལ་ཞེན་པ)་དག་གོ་།འཁོར་བའི་རྒྱུར་གྱུར་པའང་དེ་དག་སྟེ་ཚོར་བ་ལ་ཆགས་པ་དང་འདུ་ཤེས་ཕྱིན་ཅི་ལོག་པར་འཁོར་བའི་ཕྱིར་རོ། །དེ་ལས་གཞན་པའི་སེམས་ལས་བྱུང་བ་རྣམས་ནི་སེམས་པ་དང་རེག་པ ་དང་ཡིད་ལ་བྱེད་པ་དང་འདུན་པ་དང་མོས་པ་དང་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྟོག་པ་དང་སྤྱོད་པ་དང་བག་ཡོད་པ་དང་བག་མེད་པ་དང། ཡིད་འབྱུང་བ་(ཱམ་མ་དགའ་བ)་དང་དགའ་བ་དང་ཤིན་ཏུ་སྦྱངས་བ་དང་ཤིན་ཏུ་སྦྱངས ་པ་མ་ཡིན་པ་དང། རྣམ་པར་འཚེ་བ་དང་རྣམ་པར་མི་འཚེ་བ་དང། ངོ་ཚ་དང་ཁྲེལ་ཡོད་པ་དང་བཏང་སྙོམས་དང་རྣམ་པར་གྲལ་བ་དང་དགེ་བའི་རྩ་བ་རྣམས་དང་མི་དགེ་བའི་རྩ་བ་རྣམས་དང་ལུང་དུ་མ་བསྟན་པའི་རྩ་བ་རྣམས་དང་ཀུན་ཏུ་སྦྱོར་བ་རྣམས་དང ་འཆིང་བ་རྣམས་དང། (རྟོགས་དགའ་ཞིང་སྐྱེ་བླ་ཞིང་རྒྱས་པ་ན་རྩ་ཉོན་དྲུག་གོ)་ཕྲ་རྒྱས་རྣམས་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ཀུན་ནས་དཀྲིས་པ་རྣམས་དང་ཟག་པ་རྣམས་དང་ཆུ་བོ་རྣམས་དང་སྦྱོར་བ་རྣམས་དང་ཉེ་བར་ལེན་པ་རྣམས་དང་མདུངས་པ་རྣམས་དང་སྒྲིབ་པ་རྣམས ་དང་ཤེས་པ་རྣམས་དང་བཟོད་པ་རྣམས་ཏེ་འདུ་བྱེད་རྣམས་སོ། །དེ་ལ་སེམས་པ་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། (རྒྱལ་པོ་རྣམས་བློན་པོ་བྱ་བ་དེ་དང་དེ་ལ་འཇུག་པར་བྱེད་པ་བཞིན་དུ)་སེམས་བྱ་བ་དང་བཅས་པའི་རང་བཞིན་ཐོབ་པས་དེ་དང ་དེ་ལ་འཇུག་པར་བྱེད་པའི་ལས་ཅན་གྱི་རང་བཞིན་ནོ། (།རིག་གཞན་དུ་མ་གནས་པས། བྱེད་མེད་ཡིད་ཀྱང་གང་གིས་ན། བྱེད་དང་བཅས་ལྡན་སྣང་བྱེད་པ། སེམས་པ་དེ་ནི་ཡིད་ཀྱི་ལས་ཤེས་སོ།།)་དེ་འང་རྣམ་པ་གསུམ་སྟེ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་(ཡུལ) ་པ་(རྣམ་ཤེས་དྲུག)་དང་མཚུངས་པར་ལྡན་པས་དྲུག་གོ་།རེག་པ་ནི་མ་དང་ཕ་དང་བུར་(རིམ་པ་བཞིན།)་བཞག་པ་བྱ་བ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་འདུས་པ་སྟེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་(རྒྱུ་འབྲས་ཀྱི་ངོ་བོར)་འདུས་པ་ཡོད་པ་ན ་བདེ་བ་ལ་སོགས་པའི་ཚོར་བ་བསྐྱེད་པ་དང་རྗེས་སུ་མཐུན་པའི་དབང་པོའི་འགྱུར་བ་(རང་འདྲ་བའི་ཡུལ་གྱི་འགྱུར་པ)་ཡོངས་སུ་གཅོད་པ་གང་ཡིན་པ་འདྲ་བ་ཙམ་གྱིས་བདེ་བ་ལ་སོགས་པའི་ཚོར་བ་སྐྱེད་པར་བྱེད་པ་དེ་ནི་སེམས་ལས་བྱུང་བ་རེག་པ་ཞེས་བརྗོད་དོ། །དབང་པོའི ་རྣམ་པར་འགྱུར་བ་ལ་དེ་དང་འདྲ་བ་ཡིས་རེག་གོ་ཞེས་བྱས་ནས་སོ། །དེའི་ཕྱིར་དབང་པོའི་བྱེ་བྲག་གིས་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རོ། །ཆོས་མངོན་པར་ཡང་གསུངས་པ། གསུམ་འདུས་པ་ན་དབང་པོའི་འགྱུར་པ་ཡོངས་སུ་གཅོད ་པ་ནི་རེག་པ་སྟེ་ཚོར་བ་བསྐྱེད་པའི་བརྟེན་བྱེད་པའི་ལས་ཅན་ནོ་ཞེས་སོ། །འདུས་པ་ཞེས་བྱ་བ་ནི་འབྲས་བུ་(རྣམ་པར་ཤེས་པ)་དང་རྒྱུའོ་དངོས་པོར་གནས་པ་གསུམ་པོ་རྣམས་གང་ཕན་ཚུན་དུ་རེག་པའོ། (།རྟེ་འདུས)་ཡིད་ལ་བྱེད་པ་ནི་སེམས་ཡུལ་(དང་འདྲ་བའི་ཡུལ་གྱི་འགྱུར་བ) ་ལ་ཕྱོགས་པར་(མངོན་དུ་ཕྱོགས་པ)་བྱེད་པ་སྟེ། ཡུལ་ལ་སྟོང་པ་དང་བཅས་པ་ཞེས་པའི་དོན་ཏོ། །ཏིང་ངེ་འཛིན་ནི་རྣམ་པར་གཡེང་བའི་གཉེན་པོའི་ཆོས་ཏེ་(སེམས་ཀྱི)་རྒྱུན་གྱི་དམིགས་པ་གཅིག་པའི་རྒྱུ་ཡིན་ལ་ཡིད་ལ་བྱེད་པ་ནི་(རྒྱུན་རིང་དུ་གནས་པ་མ་ཡིན་གྱི།) ་ཡུལ་ལས་དེའི་སྐད་ཅིག་སེམས་འཕྲོ་བར་མི་བྱེད་པའོ། །འདུན་པ་ནི་རྣམ་པར་ཤེས་པའི་(ལྟ་བ་དང་ཟ་བ་དང་འགྲོ་བ་དང་མི་དགེ་བ་དང་དགེ་བ་སོགས།)་བྱེད་པར་འདོད་པ་ཉིད་དོ། །སྲེད་པ་ལས་འདུན་པ་ཐ་དད་ཏེ། ཇི་ལྟར་ལ་ཆ་ནི་ཤིང་མཚན་མོ་དག་མི་འབྲལ་བར་བྱེད་པའི་རྒྱུ་ཡིན ་པ་དེ་བཞིན་དུ་སྲེད་པ་ནི་སེམས་ཡུལ་ལ་མངོན་པར་ཆགས་པ་ལས་མི་འབྲལ་བའི་རྒྱུ་ཡིན་ལ་འདུན་པ་ནི་བྱ་བའི་བསམ་པ་ཉིད་ཙམ་ཡིན་པས་སོ། (།བདག་གི་ཟག་པ་ཟད་པ་མངོན་དུ་བྱ་ལམ?་རྟོགས་པར་བྱ་སྙམ་པ་དགེ་བའི་ཆོས་ལ་འདུག་པ་ཡིན་ཡང་སྲེད་པ་རྔ་ཡིན་ནོ་ཞེས་སློབ་དཔོན་ཟླ་བ)་མོས་པ་ནི་སེམས་རང་གི་ཡུལ་ལ་གང ་རང་གི་ངོ་བོར་(ངེས་བམ་ངེས་པར་འཛིན་པས།)་མོས་པས་ཏེ་ཕྱེ་མ་ལེབ་མེ་ལ་བཞིན་དུ་ལྷག་པར་མོས་པ་དང་བཅས་པའོ། །ཡིད་ལ་བྱེད་པ་ནི་ཡུལ་ཡིད་ལ་བྱེད་པ་སྟེ་དེར་ནི་ཡིད་ཀྱི་དབང་དུ་བྱས་ལ་འདིར་ནི་(ཡིད་ལ་ལྷག་པར་བྱེད་པའི་ངོ་བོ་ཞེས་སློབ་དཔོན་ཟླ་བ)་ཡུལ་གྱིའོ། །དད་པ་ནི་བདེན་པ ་དང་དཀོན་མཆོག་(གསུམ)་དང་(བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བ)་ལས་དང་འབྲས་བུ་(བྲལ་བ་དང་རྣམ་སྨིན་སོགས)་རྣམས་ལ་(རིམ་པ་བཞིན)་ཡོད་པ་ཉིད་དང་ཡོན་ཏན་ཅན་ཉིད་དང་ནུས་པ་ཉིད་དུ་མངོན་པར་ཡིད་ཆེས་པའོ། །དེ་དབྱེ་ན་ནི་དེ་ཡོད་པ་ཉིད་ལ་མངོན་པར་ཡིད ་ཆེས་པའི་རྣམ་པའི་དད་པ་དང་ཡོན་ཏན་ཅན་ཉིད་ལ་རབ་ཏུ་དད་པའི་རྣམ་པ་དང། ནུས་པ་(ནོར་བུ་དང་ཆུ་དང་བྱེད་ཀྱི་ཆུའི་རྙོག་པ་བསལ་ནས་དད་པར་བྱེད་པ་བཞིན་དུ་དད་པའི་ནོར་བུ་སེམས་ཀྱི་རྫིང་ཕུར་ཞུགས་ནས་མ་དད་པའི་རྙོག་པ་བསལ་ནས་ཡིད་དང་བར་བྱེད་ཅེས་སློབ་དཔོན་ཟླ་བ་གསུངས།)་ཉིད་ལ་བདག་གིས་ཐོབ་པ་འམ་འགྲུབ་པར ་ནས་སོ་ཞེས་སོ་མངོན་པར་འདོད་པའི་རྣམ་པའོ། (།དད་པ་དང་པོའི་ཡུལ)་བདེན་པ་ནི་སྡུག་བསྔལ་ལ་སོགས་པ་བཞི་པོ་རྣམས་སོ། །རྣམ་པ་གཉིས་ཀྱང་སྟེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གོ་།བརྩོན་འགྲུས་(རིན་ཆེན་ཕྲང་བར་བརྩོན་འགྲུས་དགེ་ལ་སྤྲོ་བའོ་ཞེས་དང་སྤྱོད་འཇུག་ཏུ་བརྩོན་X ་X་གང་དགེ་ལ་སྤྲོ་བའོ་ཞེས་དང།)་།ནི་དགེ་བ་ལ་སྤྲོ་བའོ། (།ལེ་ལོའི་གཉེན་པོ)་དྲན་པ་ནི་གང་(སྔར)་བྱས་པ་དང་(ད་ལྟར)་བྱེད་བཞིན་པ་དང་(མ་འོངས་པ་ན)་བྱ་བའི་ལས་རྣམས་ལ་སེམས་ཀྱི་བརྗེད་པ་མེད་པ་དང་སེམས་མངོན་པར་བརྗོད་པ་དེའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག ་པ་(སེམས་ཀྱི་རྒྱུན་དམིགས་པ་གཅིག་ལ་ངེས་པར་གནས་པ།)་ཉིད་དེ། རྩེ་ནི་དམིགས་པའོ། །ཤེས་རབ་ནི་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་(ཅིང་སོ་སོར་རྟོགས)་པ་སྟེ་ཐེ་ཚོམ་བཟློག་པའི་ལས་ཅན་ནོ། །གང་དངོས་པོ་ལ་གང་ཟག་དང་ཆོས་(བདག་དང་སེམས་ཅན་དང་X ་X་སྲོག་དང་གསོ་བ་སོགས།)་ཀྱི་བདག་(འདུས་བྱས་དང་འདུས་མ་བྱས་སོགས་བདེན་པ།)་རང་གི་བློས་ཡན་ལག་(ཆ་ཤས)་རྣམ་པར་ཕྱེ་ནས་གང་རང་གི་ངོ་བོ་ཚོལ་བ་སྟེ། གང་ཟག་དང་ཆོས་རྣམས་ལ་རང་གི་ངོ་བོ་བརྟགས་པ་ན་(རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར།)་རང་བཞིན་མེད་པ་ཉིད་ཀྱིས ་ཅུང་ཟད་ཀྱང་མི་དམིགས་སོ། །རྟོགས་པ་ནི་(རྟོག་པ)་གང་དང་ལྡན་པ་ལས་རྣམ་པར་ཤེས་པ་བུམ་པའི་རིང་བ་དང་མཛེས་པ་ཙམ་བཞིན་དུ་(ཐག་རིང་པོ་ནས་བུམ་པ་དང་ཁམ་ཕོར་ལ་སོགས་པ་མཐོང་བ་ན་དེའི་ཁྱད་པར་མི་སྐྱོད་པར།)་རགས་པའི་དམིགས་པ་(གཙང་བར)་ཡོངས་སུ་གཅོད་པ་དེ་ཀུན ་དུ་རྟོག་པའི་མིང་ཅན་ནོ། །དཔྱོད་པ་ནི་བུམ་པ་(དང་ཁམ་ཕོར་ལ་སོགས་པ་གོས་པ་འམ།)་རྙིང་པ་དང་བརྟན་པ་ཞེས་(དམིགས་པ་ལ་ཞིབ་པ།)་ཕྲ་མོ་ལྟ་བར་ཞུགས་པའི་སེམས་ལས་བྱུང་བའི་ཆོས་སོ། །བག་མེད་(རིན་ཆེན་ཕྲེང་བར་བག་མེད་པ་དགེ་བ་རྣམས་ལ་མི་སྦྱོར་བའོ་ཞེས་གསུངས་པ་ལྟར།)་པ་ནི་དགེ་བའི ་ཆོས་རྣམས་མི་བསྒོམས་པ་སྟེ་མི་སྒྲུབ་པའོ། (།གཅེས་པར་མི་འཛིན་པ)་བག་ཡོད་ནི་དེ་ལས་བཟློག་པའོ། (།སེམས་རྒྱུན་དགེ་བའི་ཆོས་ལ་གཞོལ་བར་བྱེད་པ།)་ཡིད་འབྱུང་བ་ནི་ཆོས་གང་དང་ལྡན་པ་ལས་(བཤེས་སྤྲིང་དུ་དེས་སས་འདོད་པས་འདོད་པ་དང་འཆི་བ་དང་འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་དམྱལ་བ་ཡི་དགས་སུ་འགྲོ་X ་X་རྣམས་དག་ཏུ་སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི་གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད་ཅེས་པ་ལྟར།)་།སེམས་འཁོར་བའི་སྐྱེན་མཐོང་བ་ཉིད་ལས་འཁོར་པ་ལས་ཡིད་འབྱུང་བ་སྟེ་དེ་ནི་ཉོན་མོངས་པ་སྤོང་བ་དང་རྗེས་སུ་མཐུན་པའི་ཡང་དག་པའི་ཤུགས་སོ། །མཆོག་ཏུ་དགའ་བ་ནི་སེམས་རབ་ཏུ་དགའ་ ་བ་དང་ཆགས་པ་སྟེ་ཡིད་བདེ་བ་ལས་ཐ་དད་དུ་གྱུར་པའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་དག་ལས་སུ་རུང་བའོ། (།སེམས་བྱུང་གང་དང་འགྲེལ་པ་ལ་ཏིང་ངེ་འཛིན་འབྱུང་བ།)་ཤིན་ཏུ་སྦྱངས་པ་མ་ཡིན་པ་ནི་ལུས་དང་སེམས་དག་གི་(ལས་སུ་མི་རུང་བ)་ལྕི་བ་ཉིད་དང་རྨུགས་པ་དང་གཉིད་ཀྱི ་བདག་ཉིད་དོ། །རྣམ་པར་འཚེ་བ་ནི་ཆོས་གང་དང་ལྡན་པ་ལས་ཁྲོ་བའི་རྐྱེན་གྱིས་ཐལ་ལྕག་ལ་སོགས་པས་གཞན་ལ་འཐོ?་འཚམ་པ་དེའོ། (།རྣམ་འཚེ)་དེ་དང་འགལ་བའི་ཆོས་ནི་(སྙིང་རྗེ)་རྣམ་པར་མི་འཚེ་བའོ། །ངོ་ཚ་ནི་གང་གི་དབང་གིས་བདག་ཉིད་དང་ཆོས་ཀྱི་དབང་དུ ་བྱས་པས་སྡིག་པ་ལས་བཟློག་པ་སྟེ། དེ་ནི་སྡིག་པ་ལ་མི་འཇུག་པའི་རྒྱུའི་ཆོས་ངོ་ཚ་(ཱམ་འཛེམ་བ)་ཞེས་བྱ་བའོ། །ཁྲེལ་ཡོད་ནི་གཞན་ལ་བལྟོས་ནས་སྐྱོན་རྣམས་ཀྱིས་ངོ་ཚ་བར་(ཱམ་འཛེམ་པ)་བྱེད་པའོ། །བཏང་སྙོམས་ནི་ཆོས་གང་གིས་དམིགས་པ་(།རིགས་པར་བཅོས་པ་དང་ཚུལ་འཁྲིམས་སོགས) ་ལ་སེམས་མཉམ་དུ་འཇུག་པ་སྟེ་དེ་ནི་སེམས་མཉམ་པ་ཉིད་དོ། (།བཏང་སྙོམས)་དེས་ནི་སེམས་རྗེས་སུ་ཆགས་པར་མི་བྱེད་ཁོང་ཁྲོ་བར་མི་བྱེད་དོ། (།བཏང་སྙོམས)་དེ་འང་དགྲ་བཅོམ་པ་རྣམས་ཀྱི་ཡེ་ཤེས་དང་ལྡན་པ་(ཱམ་ཡེ་ཤེས་ཀྱི་རྗེས་སུ་ངེས་པ)་སོ་སོར་བརྟགས་པའི་བཏང་སྙོམས་ཏེ། སོ་སོ ་སྐྱེ་བོ་རྣམས་ཀྱི་ནི་ཡེ་ཤེས་དང་ལྡན་པ་མ་ཡིན་(ཱམ་མི་ཤེས་པའི་རྗེས་སུ་སོང་བ།)་སོ་སོར་མ་བརྟགས་པའི་བཏང་སྙོམས་སོ། །རྣམ་པར་གྲོལ་བ་ནི་སེམས་དྲི་མ་མེད་པ་ཉིད་དེ་ཉོན་མོངས་པ་(ལས་སྒྲིབ)་ལ་སོགས་པ་སྤངས་པ་ཡོད་ན་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པ་ཞེས་བྱ་བ ་སེམས་ལས་བྱུང་བའི་ཆོས་སྐྱེའོ་དེ་ལ་དགེ་ལེགས་ཀྱི་དོན་ནི་དགེ་བའི་དོན་ཏེ་རྣམ་པར་གྲོལ་བའང་ཉེ་བར་འཚེ་བ་མཛའ་དག་ལས་ལོག་པའི་ངོ་བོ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་མེད་པའི་(ཐམས་ཅད་དུ)་དགེ་བ་(ཱམ་བདེ་བ།)་སྟེ་ནད་མེད་པ་ཉིད་བཞིན་ནོ། །ལམ་གྱི་བདེན་པ་ནི་(རྣམ་གྲོལ་དེ)་ཐོབ ་པའི་རྒྱུ་ཉིད་ཀྱི་ཕྱིར་དགེ་བའོ། །དེ་ལས་གཞན་པའི་བདེན་པ་(སྡུག་བསྔལ་དང་ཀུན་འབྱུང།)་གཉིས་ནི་ཟག་པ་དང་བཅས་པ་སྟེ་རྣམ་པར་སྨིན་པ་འདོད་པ་ཉིད་ཀྱིས་(རང་དང)་རྗེས་སུ་མཐུན་པའི་གཟུགས་བརྙན་(ཏེ་འབྲས་བུ)་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རོ། །དགེ་བའི་རྩ་བ་རྣམས ་ནི་གསུམ་སྟེ་འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའོ། །དེ་ལ་འདོད་ཆགས་མེད་པ་ནི་སྲེད་པ་དང་འགལ་བའི་(སྲེད་པའི་གཉེན་པོ)་ཆོས་ཏེ་དངོས་པོ་རྣམས་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་དོ། (།ཅན)་ཞེ་སྡང་མེད་པ་ནི་ཁོང་ཁྲོ་དང་འགལ་བའི་ཆོས་ཏེ ་སེམས་ཅན་རྣམས་ལ་མནར་སེམས་མེད་པ་(ཱམ་སེམས་རྩུབ་པ་མེད་པ)་ཉིད་ཀྱི་མཚན་ཉིད་ཅན་ནོ། །གཏི་མུག་མེད་པ་ནི་མ་རིག་པ་དང་འགལ་བའི་ཆོས་ཏེ་ཤེས་རབ་(དགེ་བ་ཉིད)་ཀྱི་རང་བཞིན་ནོ། (།གསུམ་པོ)་འདི་རྣམས་ནི་རང་ཉིད་དགེ་བ་དགེ་བ ་གཞན་རྣམས་ཀྱི་རྩ་བར་གྱུར་པ་ཤིང་གི་རྩ་བ་བཞིན་བསྐྱེད་པ་དང་གནས་པ་དང་འཕེལ་བའི་རྒྱུའོ། །འདི་ལས་བཟློག་པས་(རང་ཉིད་མི་དག་པ་མི་དགེ་བ་གཞན་གྱི་རྩ་བ་བསྐྱེད་པ?།)་ན་གསུམ་ནི་མི་དགེ་བའི་རྩ་བ་རྣམས་ཏེ་ཆགས་པ་དང་ཞེ་སྡང་དང་གཏི་མུག་གོ་།དེ་ལ་འདོད་པར ་རྟོགས་པའི་འདོད་ཆགས་ཐམས་ཅད་ནི་ཆགས་པ་མི་དགེ་བའི་རྩ་བའོ། །ཞེ་སྡང་ཐམས་ཅད་ཀྱང་ངོ། (།མི་དགེ་བའི་རྩ་བ།)་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་དང་(གཉིས་པོ)་དེ་དང་མཚུངས་པར་ལྡན་པའི་གཏི་མུག་མ་རྟོགས་པ་འདོད་པ་ན་སྤྱོད་པའི་མ་རིག་པ ་ཐམས་ཅད་ནི་གཏི་མུག་མི་དགེ་བའི་རྩ་བའོ། (།འདིར་ལྟ་བ་གཏི་མུག་དུ་བསྟན་པ།)་ལུང་དུ་མ་བསྟན་པའི་རྩ་བ་རྣམ་གསུམ་སྟེ་སྲེད་པ་དང་མ་རིག་པ་དང་བློའོ། །དེ་ལ་འདོད་པ་ན་སྤྱོད་པའི་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་(ལྟ་བ་གཉིས་པོ)་དང་དེ་དང་མཚུངས་པར་ལྡན་པའི་གཏི ་མུག་མ་གཏོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་དགེ་བ་སྟེ་མི་འདོད་པའི་རྣམ་པར་སྨིན་པ་ཅན་ཉིད་ཀྱི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་འདོད་པའི་ཁམས་སུ་འང་འཇིག ་ཚོགས་ལ་ལྟ་བ་ལ་སོགས་པ་གསུམ་སྟེ་(མཛོད?་ཀྱི་གནས་ལྔ་པར་གོང་མ་ཐམས་ཅད་ལུང་མ་བསྟན། འདོད་ན་འཇིག་ཆགས་ལྟ་བ་དང། །མཐར་འཛིན་ལྷན་ཅིག་མ་རིག་པས་ཞེས་པས།)་འདི་ཐམས་ཅད་(བསྒྲིབས?་ལ)་ལུང་དུ་མ་བསྟན་པའོ། །དེ་ལ་གང་དང་གང་ཞིག་སྲེད་པ་དང་མ་རིག་པ་དང་ཤེས་རབ་(ཉོན་མོངས་ཅན་ལྡང་མ) ་ལུང་དུ་མ་བསྟན་པ་དེ་ཐམས་ཅད་ནི་ལུང་དུ་མ་བསྟན་པའི་རྩ་བ་སྟེ། རང་ཉིད་ལུང་དུ་མ་བསྟན་པ་ཉིད་ཀྱི་ཕྱིར་དང། ལུང་དུ་མ་བསྟན་པ་གཞན་གྱི་རྩ་བ་ཉིད་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་གཞན་ནི། མ་ཡིན་ཏེ་(ཐེ་ཚོམ་ནི)་མི་བརྟེན་པ་ཉིད་དང་(ང་རྒྱལ་ནི་ཁེངས་པས) ་སྟེང་དུ་འཇུག་པ་ཉིད་ལས་རྩ་བ་དང་ཆོས་མི་མཐུན་པའི་ཕྱིར་རོ། །ཡང་ཆོས་མངོན་པར་(མཛོད་བའི་པ)་གསུངས་པ། (ཐར་པ་དམ་པའི་དོན་དུ་དགེ་རྩ་བ། ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། དེ་དག་དང་ལྡན་མཚུངས་ལྡན་གྱི། བྱ་བ་ལ་སོགས་ཀུན་བླངས་པས་ཤེས་སོ།)་།དག་པའི་རྩ་བ་གསུམ་རྣམས་དང། ངོ་ཚ་དང་ཁྲེལ་ཡོད ་པ་རང་(གཞན་དང་མཚུངས་པར་ལྡན་པ་དང་ཀུན་ནས་སློང་བ་ལ་མི་ལྟོས་པས།)་བཞིན་གྱིས་དགེ་བ་སྟེ་ཕན་པའི་སྨན་བཞིན་ནོ། (།དགེ་རྩ་གསུམ་དང་ངོ་ཚ་དང་ཁྲེལ་ཡོད་པ)་དེ་དག་དང་མཚུངས་པར་ལྡན་པས་ནི་ཆོས་གཞན་དགེ་བ་རྣམས་ཏེ་(དེ་དག་དང་མཚུངས་པ་ནི་ལྡན་པ་དགེ་བ་མིན་པས།)་སྨད་དང་བསྲེས་པའི་ཆུ ་བཞིན་ནོ། (།དགེ་བའི་རྩ་བ་སོར་དང་མཚུངས་པར་ལྡན་པའི་ཆོས)་དེ་རྣམས་ཀྱིས་ཀུན་ནས་བསླང་བས་ནི་ལུས་དང་ངག་གི་ལས་དག་དང་བྱེ་བྲག་ཏུ་སྨྲ་བའི་འདོད་པས་སེམས་དང་ལྡན་པ་མ་ཡིན་པ་ཐོབ་པ་(སྙོམ་འཇུག་གཉིས)་ལ་སོགས་པ་དགེ་བ་རྣམས་ཀྱང་སྟེ་སྨན་དང་འདྲེས་པའི་ཆུ་ལས ་ཡང་དག་པར་བྱུང་བའི་འོ་མ་བཞིན་ནོ། །ཀུན་ཏུ་སྦྱོར་བ་རྣམས་ནི་དགུ་སྟེ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་ལྡན་པ་དང་མཆོག་ཏུ་འཛིན་པ་དང་ཕྲག་དོག་དང་སེར་སྣའོ། །སྲིད་པའི་སྡུག་བསྔལ་ལ་ཀུན་ཏུ་སྤྱོད་(ཱོ་མ་དང་ཡང་དག་པར་འདུས་པ་བཞིན་ཟེར) ་བའི་ཕྱིར་ཀུན་ཏུ་སྦྱོར་བའོ། །དེ་ལ་འདོད་ཆགས་ནི་རྗེས་སུ་ཆགས་པ་དང་སྲེད་པ་དང། (སྔ་མ་ཕྱི་མས་བཤད)་ལྷག་པར་ཞེན་པ་དང་ཞེན་པའོ། །ཁོང་ཁྲོ་ནི་(རྣམ་གྲངས་ཀྱིས་བཤད་པ།)་གནོད་སེམས་དང་ཞེ་སྡང་སྟེ་སེམས་ཅན་གྱི་ཡུལ་ལ་ཀུན་ནས་མནར་སེམས་པའོ། །ང་རྒྱལ ་ནི་རྣམ་པ་བདུན་ཏེ་དེ་ལ་ཡང་དག་པ་འམ་(དོན་ལ་གནས་པ་བཞིན)་ཡང་དག་པ་མ་ཡིན་པས་གཞན་ལས་བདག་(ཉིད)་ཁྱད་པར་འཕགས་པར་རྟོག་ཅིང་(ཁངས་པའམ)་སེམས་པ་(ཱམ་རློམ་ལ)་གང་ཞིག་སེམས་ཀྱི་རང་བཞིན་གྱི་རྣམ་པར་འགྱུར་བ་ལྟུང་བའི་རྒྱུ་སེམས་ཡས་བྱུང ་པའི་ཆོས་ཉོན་མོངས་པ་ཅན་འདི་ནི་ང་རྒྱལ་གྱི་སྤྱིའོ། (།ང་རྒྱལ)་དེ་ནི་འཇུག་པའི་བྱེ་བྲག་གིས་ཐ་དད་པ་སྟེ་དེ་ལས་ཐོས་པ་དང་ཚུལ་ཁྲིམས་དང་རིགས་དང་གཟུགས་དང་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་དམན་པ་(ཱི་ཕ་རོལ་པོ)་ལས་བདག་ཉིད་དམན་པ་(ར་རྟོག་པ)་དང ་འདྲ་བ་(རྟོག་པ)་དང་ལྷག་པ་འམ་(རང་དང་ཐོས་པ་ལ་སོགས་ཀྱིས།)་མཚུངས་པ་དང་(རང་ཉིད)་མཚུངས་པར་ཉེ་བར་དམིགས་ནས་ཡོངས་སུ་རྟོག་པའི་ཁྱད་པར་ནི་ང་རྒྱལ་ལོ། །ཁྱད་པར་དུ་འཕགས་པ་རྣམས་དང་བདག་དམན་པ་(ཆོས་གང་བདག་ཉིད་ཁྱད་འཕགས ་X་དང། མཉམ་པར་རློམ་པ་གང་ཡིན་དེ། ལྷག་པའི་ང་རྒྱལ)་མཉམ་པ་ཉིད་དུ་མངོན་པར་ང་རྒྱལ་བ་ནི་ལྷག་པའི་ང་རྒྱལ་ལོ། །ཁྱད་པར་(།ཁྱད་འཕགས་པས་ཁྱད་པར་འཕགས་པ་རློམ་པ་དང། ཤིན་ཏུ་མཐོ་བས་མཐོ་སྙམ་པ། ང་རྒྱལ་ལས་ཀྱང་ང་རྒྱལ་ཏེ། ཞེས་པ་རང་བས།)་དུ་འཕགས་པ་ལས་ཀྱང་བདག་ཁྱད་པར་དུ་འཕགས་པར ་སེམས་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ་(ཉེ་བར་ལེན་པ་ཞེས་བྱ་བ་ལྔ་པོ་སྟོང་པོ་དེ་རྣམས་ལ་རྨོངས་པས་ང་སྙམ་འཛིན་པ་གང་དེ་ནི་ངའོ་སྙམ་པར་བཤད་ཅེས་པས།)་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྟོང་པ་རྣམས་ལ་ངའོ་ཞེས་ཡོངས་སུ་རྟོག་པ་ནི་ངའོ་སྙམ་པའི་ང་རྒྱལ་ཏེ་བདག་ཏུ་ང་རྒྱལ་བ་ཡང་ངོ། །ཟག ་པ་དང་བཅས་པའི་ཕུང་པོ་རྣམས་ཉེ་བར་ལེན་པ་སྟེ་བདག་ཏུ་འདོགས་པའི་རྒྱུ་ཉིད་ཀྱི་ཕྱིར་རམ། ཡང་ན་ཉོན་མོངས་པ་རྣམས་ནི་(ཟག་བཅས་ཀྱི་ཕུང་པོ།)་དེ་རྣམས་ལ་སྐྱེས་པ་ཉིད་ཀྱི་ཕྱིར་ཉེ་བར་ལེན་པ་རྣམས་སམ་བཟུང་བྱའི་ཕྱིར་ཉེ་བར་ལེན་པ་རྣམས་ཏེ། དེ་རྣམས ་ལས་ཡང་དག་པར་བྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ་།དེ་རྣམས་ཀྱང་སྟོང་པ་བརྟེན་ནས་གདགས་པར་བྱ་བ་རྣམས་ཏེ། བདག་གི་དངོས་པོ་དང་བྲལ་བའི་ཕྱིར་དང་རང་བཞིན་(བདེན་པ)་དང་བྲལ་བའི་ཕྱིར་རོ། (།ཕུང་པོ)་དེ་རྣམས་ལ་(ཕུང་པོ་ཟག་བཅས་སམ་ཉོན་མོངས་པ) ་རྨོངས་པ་ལས་ངའོ་ཞེས་འཛིན་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། (།འབྲས་བུ་མ་ཐོབ་ཐོབ་སྙམ་པ་གང་ཡིན་མངོན་པའི་ང་རྒྱལ་སྟེ་ཞེས་པས།)་བསམ་གཏན་དང་ཏིང་ངེ་འཛིན་དང་ལམ་དང་འབྲས་བུ་ལ་སོགས་པའི་རྟོགས་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཐོབ་པ་མེད་པར་བདག་གིས ་ཐོབ་པོ་ཞེས་མངོན་དུ་ཕྱོགས་པས་སེམས་པ་ནི་(ཱམ་ཁེངས་པ།)་མངོན་པའི་ང་རྒྱལ་ལོ། (།སྡིག་ལས་བྱེད་ལས་བསྟོད་པ་ནི་མཁས་པས་ལོག་པའི་ང་རྒྱལ་རྟོགས)་ལོག་པའི་ལས་(མི་འདོད་པའི་འབྲས་བུ་ཅན)་གསོད་པ་དང་རྐུ་བ་ལ་སོགས་པ་སྡིག་པའི་བྱ་བ་ལ་བསྔགས་པ་དང་(གཟེངས)་མཐོ་བར་(ཁེངས་པ) ་གྱུར་པ་ནི་ལོག་པའི་ང་རྒྱལ་ལོ། །བདག་ཉིད་(བདག་དགོས་མེད་པ་ཉིད་དོ་ཞེས་བདག་ལ་དམོད་པ་གང་ཡིན་ཏེ་དམན་པའི་ང་རྒྱལ་ཞེས་བྱ་སྟེ་འདི་རྣམས་མདོར་བདུན་བཤད་ཡིན་ཅེས་སོ།།)་ལ་བྱ་བ་ཐམས་ཅད་བསྒྲུབ་པའི་ནུས་པ་མེད་པར་ཡོངས་སུ་རྟོག་པ་དང་བདག་ཉིད་ལ་དམན་པར་ཡོངས་སུ་རྟོག་པ་ནི་ཅུང་ཟད ་ཀྱི་ང་རྒྱལ་ལོ། །མ་རིག་པ་ནི་ཆོས་གང་དང་ལྡན་པ་ལས་བདེན་པའི་དོན་མི་མཐོང་བ་དང་དངོས་པོ་རྣམས་ལ་ཡོད་པར་ཡིན་པའི་རང་བཞིན་གང་ཟག་གམ་ཆོས་སུ་སྒྲོ་འདོགས་པ་དེ་སྟེ། རིག་པའི་(ཆོས་ཀྱི་ངོ་བོ་ཉིད་ཀྱི་ཡུལ་ཅན་ཤེས་རབ་ཟག་མེད་ཀྱི)་མི་མཐུན་པའི་ཕྱོགས་དཀོན ་མཆོག་གསུམ་དང་བདེན་པ་མི་ཤེས་པ་ཙམ་མོ། །རིག་པ་ནི་ཆོས་ཀྱི་རང་བཞིན་གྱི་ཡུལ་ཅན་ཟག་པ་མེད་པའི་ཡེ་ཤེས་སོ། །ཐེ་ཚོམ་ནི་(རིན་ཆེན་ཕྲེང་བར་བདེན་པ་དང་དཀོན་མཆོག་གསུམ་སོགས་ལ་བློ་རྣམ་གཉིས་ནི་ཐེ་ཚོམ་མེད་པ་ཞེས་པས།)་བདེན་པ་དང་དཀོན་མཆོག་གསུམ་ལ་སོགས་པ ་རྣམས་ལ་ཡོད་མེད་(ཀྱི་རྣམ་པ)་གཉིས་ཀའི་རྣམ་པར་ཞུགས་པ་ཉོན་མོངས་པ་ཅན་གྱི་ཤེས་རབ་དོགས་པའི་བདག་ཉིད་དོ། །ལྟ་བ་ནི་(ཱི་ཀུན་སྦྱོར)་རྣམ་པ་གསུམ་སྟེ། (དེ་ལ། བྱིངས་ལས)་ཥ་དྲི?་འཇིག་པ་ལའོ་ཞེས་པ་འཇིག་གོ་རྣམ་པར་འཇིག་གོ་(།ཡུལ་ཁྱད་པར་ཅན) ་ཉམས་པར་བྱ་བའོ་ཞེས་པ་འཇིག་པའོ། །ཙིཉ་(བྱིངས་སུ)་སོག་པ་ལའོ། །ཞེས་པ་བསགས་པ་ནི་ཚོགས་སོ། །འཇིག་པའང་ཡིན་ཚོགས་ཀྱང་ཡིན་པ་སྟེ་རྣམ་པར་འཇིག་པའི་བདག་ཉིད་ཀྱི་ཚོགས་པ་(ཉེ་བར་ལེན་པའི་ཕུང་པོ)་ནི་འཇིག་(སཏྭཱ་ཡ)་ཚོགས་སོ། ། ་དེ་ལ་(ཕུང་པོ)་ཉོན་མོངས་པ་ཅན་གྱི་ཤེས་རབ་ཀྱིས་དར་བྱེད་པ་དང་ང་ཡིར་བྱེད་པར་ཞུགས་པ་ནི་འཇིག་ཚོགས་ལ་ལྟ་བའོ། །དེའང་ཉེ་བར་ལེན་པའི་ཕུང་པོ་(གང་ཟག་ལ་སོགས་པའི།)་རང་བཞིན་མེད་པ་ལ་ཕྱིན་ཅི་ལོག་ཏུ་རྟག་པའི་ངོ་བོ་ཉིད་དུ་གཟུང་བ་རྣམས་ལ ་གང་ཟག་ཏུ་ལྷག་པར་སྒྲོ་འདོགས་པས་ཉི་ཤུ་རབ་ཏུ་འཇུག་གོ་།འདི་ལྟ་སྟེ་གཟུགས་དང་(བདག་དང)་གཟུགས་(?)་།དང་ལྡན་པ་དང་གཟུགས་ལ་བདག་དང་བདག་ལ་གཟུགས་སོ་ཞེས་པ་གཟུགས་ཀྱི་ཕུང་པོ་ལ་མཆོག་ཏུ་འཛིན་པས་འཇིག་ཚོགས་ལ་ལྟ་བའི་ཆ་ཤས ་བཞི་རྣམས་སོ། (།རིན་ཆེན་ཕྲེང་བར་ཕུང་པོ་བདག་མིན་དེར་དེ་མིན་དེ་ལ་དེ་མིན་དེ་མེད་མིན་ཕུང་པོ་མེ་ཤིང་ལྟར་འདྲེས་མིན། དེ་ཕྱིར་བདག་ནི་ཇི་ཅེས་པ་ལ།)་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ལ་མཆོག་ཏུ་འཛིན་པས་སོ་སོར་བཞི་རྣམས ་སོ། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་ཀྱེ་མ་བདག་དང་འཇིག་རྟེན་འདི་རྟག་པ་འམ། ཆད་པ་དང་དེ་བཞིན་དུ་ཡོད་པ་དང་མེད་པ་ཞེས་འདི་ལྟ་བུ་ལ་སོགས་པ་མཛའ་གཉིས་གཉིས་སུ་རྟོག་པའི་འཇུག་པ་ཤེས་རབ་ཉོན་མོངས་པ་ཅན་མཛའ་གཉིས་སུ ་འཛིན་ཅིང་(བཤད་པས)་མངོན་པར་ཞེན་པ་ཉིད་ཀྱི་ལྟ་བ་ནི་མཐར་འཛིན་པར་ལྟ་བའོ། (།སྔོན་བདེན་པར་ཡོད་པ་ལས་མེད་པར་མ་སོང་བཞིན་དུ་མེད་པར་སོང་བར་འཛིན་པ།)་རྒྱུ་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་གསུམ་དང་རྟེན་ཅིང་འབྲེལ་པར་འབྱུང་བས་ལ་སོགས་པ་ལ་སྐུར ་པ་འདེབས་པ་མེད་(དེ་ཉིད་བཤད་པས)་པའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནི་ལོག་པར་ལྟ་བའོ། །མཆོག་ཏུ་འཛིན་པ་ནི་རྣམ་པ་(དེ་ལ་ཀུན་སྦྱོར)་གཉིས་ཏེ། དེ་ལ་དངོས་པོ་དམན་པ་(འཕགས་པ་སྤངས་པའི་ཕྱིར།)་ཟག་པ་དང་བཅས་པ་ལ་མཆོག་ཏུ ་འཛིན་ཏེ་འདི་ནི་བདེན་ཏེ་གཞན་གཏི་མུག་གོ་ཞེས་པ་འདི་ལྟ་བུར་མངོན་པར་ཞེན་པ་ནི་ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ལྟ་བ་མཆོག་ཏུ་འཛིན་པ་སྟེ་སོགས་པ་ཕྱིས་པ་ལས་སོ། །རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང་ལམ་མ་ཡིན་པ་ལ་(བདག་པ་དང་འགྲོལ་བ་དང་ངེས་པར་འབྱིན་པར) ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་འདིར་ཡང་སོགས་ཀྱི་སྒྲ་ཕྱིས་པའོ། །འདི་ནི་ཟག་པ་དང་བཅས་པའི་དངོས་པོ་མ་དག་པ་རྣམ་པར་གྲོལ་བའི་ལམ་གྱི་བདག་ཉིད་མ་ཡིན་པ་ཐམས་ཅད་ཉིད་(ཟག་བཅས་ཀྱི་དངོས་པོ་ཐམས་ཅད)་ལ་དག་པ་དང ་གྲོལ་བའི་ལམ་ཉིད་དུ་འཛིན་པའི་ཕྱིར་རོ། (རིན་ཆེན་ཕྲེང་བར་ཕྲག་དོག་གཞན་གྱི་ཡོན་ཏན་གདུང་ཞེས་པས)་ཕྲག་དོག་ནི་གཞན་གྱི་ཡོན་ཏན་གྱིས་གདུང་བའོ། །སེར་སྣ་ནི་(སེར་སྣ་གཏོང་བས་འཇིག་པ་ཉིད་ཅེས་པས།)་ཆོས་ལ་སོགས་པ་སྦྱིན་པ་ལ་མཁས་པ་དང་འགལ་བའི་སེམས་(ཀྱིས་ཀུན་ཏུ)་འཛིན ་པའོ། །?་བ་རྣམས་ནི་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་གཏི་མུག་གོ་(།གསུམ་པོ)་འདི་རྣམས་ཀྱིས་བཅིངས་པ་རྣམས་ཁམས་གསུམ་ལས་མི་འདའ་བའ་ཨི་ཕྱིར་རོ། །ཕྲ་རྒྱས་(སམ་བག་ལ་ཉལ)་རྣམས་ནི་དྲུག་སྟེ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ཐེ ་ཚོམ་དང་ལྟ་བའོ། །འདིར་འདོད་ཆགས་རྣམ་པ་གཉིས་ཏེ་འདོད་པའི་འདོད་ཆགས་དང་(སྲིད་པའི་འདོད་ཆགས་ཏེ)་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སོ། །ལྟ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་པ་ལྔར་ཕྱེ་བས་ཕྲ་རྒྱས་བཅུ་རྣམས་ཏེ་རང་གི་ངོ་བོ་ཡི ་རྣམ་པ་(མཐོང་སྤངས་སོགས)་ཐ་དད་པ་དང། ཁམས་ཀྱི་རྣམ་པའི་(མཛོད་པའི་ལུགས་ལ)་དབྱེ་བ་བཅུ་གཉིས་ལྷག་པའི་བརྒྱ་དང་དགུ་བཅུ་རྩ་བརྒྱད་དུ་འང་འགྱུར་ཏེ་ཇི་ལྟར་འཆད་པར་འགྱུར་བ་དེ་ལྟ་བུའོ། །གནས་པ་དང་སྐྱེ་བའི་རྗེས་སུ་མཐུན་པའི་དངོས་པོ་རྣམས་ལ། (ཕྲུ་རྒྱས ་ཀུན་ཏུ་འགྲོ་རྣམས་ནི། དམིགས་པའི་སྒོ་ནས་རང་གིས། ཐམས་ཅད་དུ་ནི་རྒྱས་པར་འགྱུར། ཀུན་འགྲོ་མ་ཡིན་རང་རིས་སོ། ཟག་མེད་གོང་མའི་ཡུལ་ཅན་མིན། བདག་གིར་མ་བྱས་གཉེན་པོའི་ཕྱིར།)་ཇི་ལྟར་སྲིད་པའི་དམིགས་པ་(ཕུལ)་དང་(གང་ཞིག་གང་དང་མཚུངས་ལྡན་པ། དེ་ནི་དེར་མཚུངས་ལྡན་སྒོ་ནས་ཤེས་མཛོད་དུ་གསུངས)་མཚུངས་པར་ལྡན་པ་དག་ལ་རྒྱས་པར་འགྱུར་པས ་ཕྲ་རྒྱས་སོ། །ཡང་ན་འཇུག་པ་མཚོན་པར་དཀའ་བ་ཉིད་ཀྱིས་སམ་ཕྲ་བས་བདག་ཉིད་ཀྱི་རྒྱུད་ཀྱི་རྗེས་སུ་འབྲེལ་བའི་ཕྱིར་བག་ལ་ཉལ་ལོ། །འདི་རྣམས་ཀྱི་སྐྱེ་བའི་རིམ་པ་ཡང་ཇི་ལྟར་གནས་པའི་དངོས་པོ་ཇི་ལྟ་བ་བཞིན་མ་རྟོགས་པ་ལས་(དེ་ལ)་ཡོད་པ་མ་ཡིན་པའི་རང་བཞིན་སྒྲོ ་འདོགས་པའི་ཕྱིར་སྔོན་ལ་མ་རིག་པའོ། (།མཛོད་དུ་རྨོངས་ལས་ཐེ་ཚོམ)་དེ་ནས་ཡང་དག་པ་དང་ལོག་པའི་ཕྱོགས་གཉིས་ཐོས་ནས་འདི་བདེན་ནམ་མི་བདེན་ཞེས་ཐེ་ཚོམ་མོ། །དེ་ནས་ལོག་པའི་ཕྱོགས་གོམས་པ་ལས་(དེ་ལས་ནི་ལོག་ལྟ)་དངོས་པོ་ལ་(བདེན་པ)་ཡང་དག་པར ་ཡོད་པར་སྒྲོ་འདོགས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ལོག་པར་ལྟ་བའོ། །འདིར་ལོག་པར་ལྟ་བ་ནི་ལོག་པར་ངེས་པ་སྟེ། འདི་ལྟ་སྟེ་བདག་ཉིད་(ལོག་ལྟར)་གཟུང་བར་བྱའི་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་བདག་ཉིད་ནི་མ་ཡིན་ནོ། (།དེ་ནས་འཇིག་ཚོགས་ལྟ)་དེ་ནས་འཇིག་ཚོགས་ལ་ལྟ་བའོ།། ་*། (།དེ་ལས་ཐར་འཆིད།)་དེ་ནས་མཐར་འཛིན་པར་ལྟ་བའོ། །དེ་(ལས་ནི་ཚུལ་ཁྲིམས་མཆོག་འཛིན)་དེ་ནས་ཚུལ་ཁྲིམས་དང་བཏུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་གང་ལ་མཐར་འཛིན་པ་དེས་དག་པར་བརྩི་བའི་ཕྱིར་རོ། (།དེ་ལས་ལྟ)་དེ་ནས་ལྟ་བ་མཆོག་ཏུ་འཛིན་པ་སྟེ ་ཡང་གིས་དག་པར་རྟོགས་པ་དེ་མཆོག་ཏུ་འཛིན་པའི་ཕྱིར་རོ། །དེ་ནས་(རང་གི་ལྟ་ལ་ཆགས་ང་རྒྱལ)་རང་གི་ལྟ་བ་ལ་ཆགས་པའོ། །ལྟ་བ་དེས་ཁེངས་པ་(འདི་རྒྱལ)་ན་(གཞན་ལ་ཞེ་སྡང་དེ་ལྟར་རིམ་ཞེས་སོ།།)་གཞན་ལ་ཞེ་སྡང་ངོ་ཞེས་པའི་རིམ་པའོ། །རྒྱུ་རྣམ་པ་གསུམ་རྣམས་ཀྱིས་རེ ་རེའང་སྐྱེད་པར་བྱེད་དེ་གལ་ཏེ་ཕྲ་རྒྱས་(ཉོན་མོངས་པའི་ས་བོན)་སྤངས་པ་མ་ཡིན་པར་གྱུར་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ཡུལ་ཉེ་བར་གནས་པར་གྱུར་ནའོ། (།གསུམ་པོ)་དེ་འདི་རྣམས་(རིམ་བཞིན)་རྒྱུ་དང་ཡུལ་དང་སྦྱོར་པའི་སྟོབས་རྣམས་སུ་འགྱུར་རོ། (།ཕྲ་རྒྱས) ་བྲ་རྒྱས་དྲུག་པོ་འདི་རྣམས་ཀྱང་ལུས་དང་ངག་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པའི་ཕྱིར་ཉོན་མོངས་པ་རྣམས་སཱུང་བརྗོད་དོ། །གང་ཉོན་མོངས་པ་དེ་རྣམས་ཉེ་བའི་ཉོན་མོངས་པ་ཡང་ངོ། (།རྩ་བའི་ཉོན་མོངས་པ་ལས)་གང་གཞན་སེམས་ལས་བྱུང་བའི་ཆོས་ཉོན ་མོངས་པ་ཅན་སྒྱུ་ལ་སོགས་པ་(མཆོད་གནས་ལྔ་པར་གཞན་ལ་ཉོན་མོངས་དྲི་མ་དྲུག་རྒྱུ་དང་གཡོ་དང་རྒྱགས་པ་དང་དེ་བཞིན་འཆིག་དང་?་འཛིན་དང་ལྔ་འཚེ་ཞེས་པས)་དེ་རྣམས་ནི་ཉེ་བའི་ཉོན་མོངས་པ་ཁོ་ན་སྟེ་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །དེ་ལ་རྒྱུ་ནི་གཞན་བསླུ་བ་སྟེ། གང་གིས ་རྣམ་པར་རྨོངས་པར་བྱེད་པ་འམ་གང་ལས་གཞན་རྣམས་ཀྱི་(སྒྱུ་ཅན་དེ་ཡི།)་བསམ་པ་མི་ཤེས་པར་འགྱུར་ལ། སྒྱུ་མ་བཞིན་དུ་རང་གི་ངོ་བོ་སྦས་ནས་སེམས་ཇི་བཞིན་མ་ཡིན་པའི་བདག་ཉིད་དུ་འཇུག་པ་སྟེ། ཆོས་གང་དང་ལྡན་པ་(རིན་ཆེན་ཅིང་བར་རྒྱུ་ནི་སེམས་རྒྱུར?་གྱུ་བཅེས།) ་ལས་ཕ་རོལ་རྣམས་བསླུ་བར་བྱེད་པ་དེ་རྒྱུའོ། །རྒྱགས་ཤིང་དྲེགས་པ་ནི་རྒྱགས་པ་སྟེ་གང་གི་དབང་ལས་གཞན་རྣམས་ལ་ལུས་དང་སེམས་ཀྱི་རྒྱུན་མི་གུས་པ་དང་བཅས་པར་འགྱུར་པའོ། །རྣམ་པར་འཚ་བ་ནི་ཁྲོ་བའི་རྐྱེན་གྱིས་ཐལ་ལྷག་ལ་སོགས་པ་རྡེག ་པའི་རྒྱུའི་ཆོས་སོ། (།ཚིག་པ་སྡིག་པ་ལ་ཞེན་པའོ།)་འཚིག་པ་ནི་སྡིག་པ་དང་འགྲོགས་པ་སྟེ་སོ་རྣམས་ཀྱིས་ཟས་འཛིན་པ་བཞིན་དུ་སྡིག་པས་བཙིར་ནས་གནས་པའོ། (།ཁྲོ་བ་དེ་དང་འབྲེལ་པ)་འཁོང་དུ་འཛིན་པ་ནི་(ཁྲོས་པར་གྱུར་པས)་མི་མཛའ་བ་རྗེས་སུ་འབྲེལ་(ཅིང་རྒྱུན་ཏུ་མིན)་པ་སྟེ ་སེམས་ལ་ཁྲོ་བར་བྱ་བའི་དངོས་པོ་ལན་མང་དུ་བྱེད་པའོ། །གཡོ་ནི་ཆོས་གང་དང་ལྡན་པ་ལས་ཇི་ལྟར་གནས་པའི་རིགས་པ་དང་མི་རིགས་པ་འཁྱོག་པོ་མི་གསལ་བར་འཇུག་པ་དེ་སྟེ་སེམས་ཀྱི་རྒྱུན་གྱ་གྱུའོ། (།ཁྱོག་པ)་དེ་ལ་འདི་རྣམས་ཀྱི་རྒྱུ་དང་རྒྱགས་པ་དག་འདོད ་ཆགས་ཀྱི་དྲི་མའི་རྒྱུ་མཐུན་པའོ། །འཁོན་དུ་འཛིན་པ་དད་(གཡོ་ནི་ཤིན་ཏུ་སླུ་བའོ་ཅེས་རྒྱུ་ནི་ཤིན་ཏུ་སླུ་བ་སྟེ་གཡོ་ནི་སེམས་རྒྱུར་གྱ་གྱུར་ཅེས་འགྲིག།)་རྣམ་པར་འཚེ་བ་ནི་ཁོང་ཁྲོའི་འོ། །འཚིག་པ་ནི་ལྟ་བ་མཆོག་ཏུ་འཛིན་པའི་འོ། །གཡོ་ནི་ལོག་པར་ལྟ་བའིའོ། །ཀུན་ནས་དཀྲིས་པར་རྣམ་པ་བཅུ ་སྟེ་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཕྲག་དོག་དང་སེར་སྣ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་ཁྲོ་བ་དང་འཆབ་པའོ། །རྨུགས་པ་ནི་འདར་བ་ཉིད་དེ་ལུས་དང་ཡིད་དག་ལྕི་བ་ཉིད་དུ་གྱུར་པས་སེམས་དམིགས་པ་རྟོགས་པ་ལ་ལས་སུ་མི་རུང་བའོ། ། ་གཉིད་ནི་གཉིད་དེ་རྣམ་པར་ཤེས་པ་ལྔ་འཇུག་པ་དང་འགལ་བའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པའང་བླུན་པར་(ཱམ་སྡུད་པ།)་འགྱུར་བའི་(རིན་ཆེན་ཕྲེང་བ་ལུས་སེམས་ལྕི་ཕྱིར་ལས་འབྲལ་བ་གང་ཡིན་དེ་ནི་རྨུགས་པའོ་ཞེས་པས།)་རྒྱུའོ། །གཉིད་མཐུག་པོའི་གནས་སྐབས་ན་ནི་རིག་པ་མེད་ལ་གཉིད་དང ་བྲལ་བ་ན་སྔར་གྱི་ཤེས་པས་འདུས་བྱས་པ་ལས་དེ་ལྟ་བུའི་རྣམ་པ་རྣམས་འབྱུང་སྟེ་དེའི་ཕྱིར་ལུས་ནི་(བློའི)། །རྒྱུ་མ་ཡིན་ནོ་ཞེས་ཀྱང་ཟེར་རོ། །ངོ་ཚ་མེད་པ་(འདི་?་འབྱོར་འགྱོད་གཉིས་མེད། རིན་ཆེན་ཕྲེང་བར་རྒོད་པ་ནི། ལུས་སེམས་རབ་ཏུ་མ་ཞིག་འགོད་དེ་ངན་པ་བྱས་ལ་འགྱོད། ཕྱིས་གདུང་བ་ལས་བྱུང་བའོ་ཞེས་དང། དབུ་མ་ཕུང་པོ་ལྔ་པ་རྒོད་པ ་ནི་ལུས་དང་སེམས་རབ་ཏུ་གཞི་བ་ཉིད་ཇི་ལྟ་རླུང་དང་ཁྲིས་པས་ཆུ་སྟེང་དུ་བསྐྱོད་ན་ཆུ་རླུང་གི་ཚུལ་ཆ་སྟེང་དུ་འབྱུང་བ་ནི་རྒོད་པའི་དེ་ཤིན་ཏུ་སེམས་ལས་བྱུང་བ་གང་ལུས་དང་སེམས་མ་ཞི་བར་འཇུག་པའི་རྒྱུ་མཚ་ནི་?་པའོ། །འགྱོད་པ་ནི་ངན་པར་བྱས་པའི་དངོས་པོ་ལ་ཕྱིས་?་ཞིང་མྱ་ངན་བྱེད་པ་སྟེ་ཡིད་ལ་བཅགས་པ་ནི་འདོད་པའོ། ཕྲག་དོག་དང་སེར་སྣ་ནི་ཀུན་ཏུ་སྦྱོར་བར་བཤད་ཟིན་ཏོ་ཞེས་གསུངས།)་ཆོ་ཆོས་གང་དང ་ལྡན་པ་ལས་བདག་ཉིད་ལ་བལྟོས་ནས་འཛེམ་པ་དང་དྲལ་ཞིང་སྡིག་པ་ལ་འཇུག་པ་སྟེ་དེ་རང་བཞིན་གྱིས་ངན་པའི་(ཱམ་སྨད་པ)་ཆོས་སོ། །ཁྲེལ་མེད་པ་ནི་(ཉེས་སྤྱོད་ལ་མི་འཛེམ་པ།)་དེ་ཉིད་གཞན་ལ་བལྟོས་པས་སོ། །ཁྲོ་བ་ནི་སེམས་ཅད་དང་སེམས་ཅན ་མ་ཡིན་པའི་ཡུལ་ལ་སེམས་རབ་ཏུ་ཁྲོ་བ་ཙམ་(སེམས་ཅན་གྱི་ཡུལ་ལ་མནར་སེམས་གནོད་སེམས་ཤེས་སློབ་དཔོན་ཟླ་བ།)་སྟེ་ད་ལྟར་འབྱུང་འགྱུར་གྱིས་སེམས་དེ་ཉིད་དྲག་པོ་ཉིད་དུ་བྱེད་པ་སྟེ་གཏུམ་པའོ། །འཆབ་པ་ནི་སྡིག་པ་སྦེད་པའོ། (།སེམས་ལ)་ཀུན་ནས་སྤྲེལ་ཏེ་ཀུན་ནས ་བཅིང་ནས་གནས་པས་ཀུན་ནས་དཀྲིས་པ་རྣམས་ཏེ་དགེ་བའི་ཕྱོགས་ལ་འཇུག་པ་དང་ཤིན་ཏུ་འགལ་བ་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ལའང་རྨུག་པ་དང་གཉིད་དང་ཁྲེལ་མེད་པ་རྣམས་ནི་མ་རིག་པའི་རྒྱུ་མཐུན་པའོ། །འགྱོད་པ་ནི་ཐེ་ཚོམ་གྱི་རྒྱུ་མཐུན་པའོ།། ་ངོ་ཚ་མེད་པ་དང་རྒོད་པ་དང་སེར་སྣ་རྣམས་དང་འདོད་ཆགས་ཀྱི་རྒྱུ་མཐུན་པའོ། །ཁྲོ་བ་དང་ཕྲག་དོག་དག་ཁོང་ཁྲོས་ཀུན་ནས་བསླང་བའོ། །འཆབ་པ་ནི་(ཁ་གཅིག་ན་རེ)་སྲེད་པ་འམ་(གཞན་ནི)་མ་རིག་པའི་རྒྱུ་མཐུན་ཏེ། འདི་རྣམས་དྲི་མ་བཅུ་རྣམས་དང་ཉེ་བའི ་ཉོན་མོངས་པ་རྣམས་སོ། །ཟག་པ་རྣམས་གསུམ་སྟེ་འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པའོ། །དེ་ལ་མ་རིག་པས་མ་གཏོགས་པ་གཞན་འདོད་པ་ནི་སྤྱོད་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་བཅུ་དང་བཅས་པ་རྣམས་ནི་འདོད་པའི་ཟག་པའོ། །མ་རིག་པ ་བོར་བའི་ཕྲ་རྒྱས་ཉིད་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལུང་དུ་མ་བསྟན་པ་ཁ་ནང་དུ་བལྟས་ནས་འཇུག་པ་མཉམ་པར་གཞག་པའི་ས་རྣམས་ནི་སྲིད་པའི་ཟག་པའོ། །ཁམས་གསུམ་པའི་མ་རིག་པ་ནི་མ་རིག་པའི་ཟག་པའོ། (།མ་རིག་པ)་འདི་ནི་ཉོན ་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྟེ་དེའི་ཕྱིར་(ཟག་པ)་ལོགས་པར་(མཛོད་དུ་དེ་ལུང་མ་བསྟན་ཁ་ནང་ལྟ་བ་མཉམ་པར་བཞག་པའི་ཕྱིར་གཅིག་བྱས།)་རྣམ་པར་བཞག་གོ་།སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་གནས་འཛག་པའི་ཕྱིར་རམ་འདི་རྣམས ་ཀྱིས་ཟག་པར་(གསུམ་པ་འདི་རྣམས)་བྱེད་པ་འམ་རྒྱུད་ཡུལ་ལ་གནས་པར་བྱེད་པའི་ཕྱིར་ཟག་པའོ། །ཆུ་བོ་རྣམས་ནི་བཞི་སྟེ་དེ་ལ་ལྟ་བ་རྣམས་ལས་གཞན་པ་འདོད་པ་དང་སྲིད་པ་དང་མ་རིག་པའི་ཟག་པ་རྣམས་ཁོ་ན་དང་སྲིད་པ་དང་མ་རིག་པའི་ཆུ་བོ་གསུམ་མོ།། ་ཁམས་གསུམ་པའི་ལྟ་བ་རྣམས་(མཛོད་དུ་ལྟ་རྣམས་གསལ་ཕྱིར་ལོག་ཤིག་བྱས་ཤེས།)་ལྟ་བའི་ཆུ་བོ་སྟེ་བཞི་པའོ། (།རྒྱུན་ཕྱོགས་འཁོར་བ་དང་ངན་ངན་སོགས་སུ།)་ཁྱེར་བས་ན་ཆུ་བོ་སྟེ་དེ་རྣམས་ཀྱིས་དེ་དང་ལྡན་པ་ཁྱེར་བས་ཏེ་དེའི་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །སྦྱོར་བ་རྣམས་ནི་ཆུ་བོ་བཞི་པོ ་ཁོ་ན་སྟེ་(ངེས་ཚིག་ནི)་སྡུག་བསྔལ་སྣ་ཚོགས་ལ་ཀུན་ཏུ་སྦྱོར་བས་ལྡན་པར་བྱེད་པ་འམ་ཡང་ཡང་དུ་རྗེས་སུ་འབྲེལ་པ་འམ་ཡུལ་རྣམས་ལ་སྦྱོར་བར་བྱེད་པས་སྦྱོར་བའོ། །ཉེ་བར་ལེན་པ་རྣམས་བཞི་སྟེ་འདོད་པའི་སྦྱོར་བ་ཉིད་མ་རིག་པ་དང། (འདོད་པའི་སྦྱོར་བ་ཞེས་སོགས) ་བཅས་པ་འདོད་པའི་ཉེ་བར་ལེན་པ་དང་ལྟ་བའི་སྦྱོར་བ་ཉིད་ཚུལ་ཁྲིམས་དང་བརྟུལ་ཞུགས་མ་གཏོགས་པའི་ལྟ་བ་ཉེ་བར་ལེན་པ་དང་ཚུལ་ཁྲིམས་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པ་དང་སྲིད་པའི་སྦྱོར་བ་ཉིད་མ་རིག་པ་བསྣན་པ་རྨུགས་པ་དང་རྒོད་པ་དང་བཅས ་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །ཚུལ་ཁྲིམས་དང་བཏུལ་ཞུགས་ཀྱི་ཉེ་བར་ལེན་པ་ལྟ་བ་རྣམས་ལས་ཅིའི་ཕྱིར་(ཉེར་ལེན་ལོགས་པར།)་ཕྱུང་ཞེ་ན། ལམ་གྱི་དགྲ་ཟླར་གྱུར་པ་ཉིད་ཀྱི་ཕྱིར་དང་ཕྱོགས་གཉི་ག་བསླུ་བར་བྱེད་པ་ཉིད་ཀྱི་ཕྱིར་ཏེ་གང་གི་ཕྱིར་ཁྱིམ་པ ་རྣམས་འདིས་བསླུས་ཏེ་མི་བཟའ་བ་ལ་སོགས་པ་རྣམས་ལ་ལམ་དུ་འདུ་ཤེས་པས་སོ། །རབ་ཏུ་བྱུང་བ་རྣམས་ཀྱང་སྟེ་འདོད་པའི་ཡུལ་ཡོངས་སུ་སྤངས་པས་ཡང་དག་པར་རྟོགས་པས་འགྲོ་བའི་(ཁྱིམ་པ་དང་རབ་ཏུ་བྱུང་བའི)་ཕྱིར་རོ། །འདོད་པ་ལ་སོགས་པ་ཉེ་བར་ལེན་པས ་ན་ཉེ་བར་ལེན་པ་(ཞིང་འཛིན)་རྣམས་སོ། །མདུད་པ་རྣམས་ནི་བཞི་ཡིན་ཞིང་འདོད་པའི་ཁམས་ཁོ་ན་སྟེ། (འདོད་པར་གཏོགས་པའི་མཐོང་སྤང་བསྒོམ་སྤང་གི།)་མ་རིག་པ་(ཡིད་ཆེས་པའམ།)་དང་གནོད་སེམས་(ཁོང་ཁྲོ་བ་ལྔ)་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན ་པ་དང་འདི་བདེན་པར་མངོན་པར་ཞེན་པའོ། (།ལྟ་བ་ལན་ཆོག་ཏུ་འཛིན་པ)་མ་རིག་པ་ཉིད་ལུས་ཀྱི་མདུད་པ་སྟེ་རྣམ་པ་སྣ་ཚོགས་པའི་འདོད་པ་ཐོབ་པ་(ཱམ་འདོར་བར་བརྟགས།)་རྣམས་ལ་མི་འཆད་པར་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ལྷག ་མ་ལ་སྦྱར་བར་བྱའོ། །སྒྲིབ་པ་རྣམས་ནི་ལྔ་སྟོ་འདོད་པ་ལ་འདུན་པ་གནོད་སེམས་དང་རྨུགས་པ་དང་གཉིད་དང་རྒོད་འགྱོད་དང་ཐེ་ཚོམ་མོ། །འདོད་པའི་ཁམས་ཁོ་ན་ན་སྒྲིབ་པ་རྣམས་ཏེ་(སྒྲིབ་པ་རྣམས)་ཤིན་ཏུ་མི་དགེ་བ་ཉིད་ཀྱི་ཕྱིར་རོ། །དགེ་བའི་ཕྱོགས ་ལ་སྒྲིབ་པར་བྱེད་པ་ཉིད་ཀྱི་ཕྱིར་སྒྲིབ་པ་རྣམས་སོ། །གཉིད་དང་རྨུགས་པ་དག་སྒྲིབ་པ་གཅིག་ཏུ་བརྗོད་པ་དང་རྒོད་པ་དང་འགྱོད་པ་གཉིས་དག་ཀྱང་གཅིག་པ་རྒྱ་ཅི་ཞེ་ན། ཟས་དང་ཟས་མ་ཡིན་པ་དང་བྱ་བ་གཅིག་པའི་ཕྱིར། གཉིད་དང་རྨུགས་པ་དག་ཟས ་གཅིག་པ་ནི་ཆོས་ལྔ་སྟེ། (ཉེར་བའི་དོན)་རྨྱ་བ་དང་མི་དགའ་བ་དང་གཡལ་བ་དང་ཁ་ཟས་ཀྱི་དྲོས་མ་ཤེས་པ་དང་སེམས་ཞུམ་པ་ཉིད་དོ། (།གཉིད་རྨུགས་ཀྱི)་ཟས་མ་ཡིན་པ་ནི་སྣང་བའི་འདུ་ཤེས་སོ། །བྱ་བ་ཡང་གཅིག་སྟེ་གཉིས་ཀས་ཀྱང་སེམས་ཞུམ་པར ་བྱེད་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་དག་གི་ཟས་བཞི་སྟེ་(ཉིད་དང་འབྲེལ་རྣམ་རྟོག་ནི་ཉེ་དུ་ལ་བྱམས་ཆགས་པའོ་ཞེས་སོ)་པ་ཉེ་དུའི་རྣམ་པར་རྟོག་པ་དང་ལྗོངས་ཀྱི་རྣམ་པར་རྟོག་པ་(དེ་བཞིན་མི་འཆིར་རྟོག་པ་གང་འཆི་བའི་འཇིགས་པས་མི་དོགས་པའོ་ཞེས་པ)་དང་མི་འཆི་བའི་རྣམ་པར་རྟོག་པ་དང་སྔོན ་རྒོད་པ་དང་རྩེས་པ་དང་(དགའ་བ་དང་དགའ་འགྱུར)་ཡོངས་སུ་སྤྱད་པ་རྣམས་རྗེས་སུ་དྲན་པར་འགྱུར་བའོ་ཞེས་པའོ། །ཟས་མ་ཡིན་པ་ཞིག་གནས་སོ། །བྱ་བ་འདག་ཅིག་སྟེ་གཉི་གའང་སེམས་ཉེ་བར་མ་ཞི་བར་འཇུག་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་ཉོན་མོངས་པ་ཐམས་ཅད ་སྒྲིབ་པ་ཡིན་ན་ཅིའི་ཕྱིར་ལྔ་ཁོ་ན་བཤད་ཅེ་ན་ཕུང་པོ་ལ་གནོད་པ་དང་ཐེ་ཚོམ་ཟ་བར་བྱེད་པའི་ཕྱིར་ཏེ། གང་གི་ཕྱིར་འདོད་པ་ལ་འདུན་པ་དང་གནོད་སེམས་དག་གིས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་པར་བྱེད་དོ། །གཉིད་དང་རྨུགས་པས་ཤེས་རབ་ཀྱི་ཕུང་པོ་ལའོ།། ་རྒོད་པ་དང་འགྱོད་པས་ཏིང་ངེ་འཛིན་གྱི་ཕུང་པོ་ལའོ། །ཏིང་ངེ་འཛིན་དང་ཤེས་རབ་དག་མེད་ན་བདེན་པ་རྣམས་ལ་ཐེ་ཚོམ་ཟ་བར་འབྱུང་ངོ་ཞེས་པ་དེའི་ཕྱིར་ལྔའོ། །ཤེས་པ་རྣམས་ནི་བཅུ་གཉིས་ཏེ་སྡུག་བསྔལ་(ཤེས་པ)་དང་ཀུན་འབྱུང་དང་འགོག་པ་དང་ལམ་དང་ཟང ་པ་དེང་མི་སྐྱེ་བ་དང་ཆོས་དང་རྗེས་སུ་དང་(གནོད་པར་བྱེད་པ)་གཞན་གྱི་སེམས་དང་ཀུན་རྫོབ་དང་ཡོངས་སུ་འདྲིས་པ་དང་སྒྲ་ཇི་བཞིན་ཤེས་པའོ། །བཟོད་པ་རྣམས་ནི་བརྒྱད་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །ཞེས་པ་སེམས་དང་མཚུངས་པར ་ལྡན་པའི་འདུ་བྱེད་རྣམས་བརྗོད་ཟིན་ཏོ། །སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་འགའ་ཞིག་ཁས་ལེན་པར་བྱེད་པ་(ལེའུ་གསུམ་པར་འཇུག་པའི་སྒྲུབ་པའི་སྐབས་སུ་འཆད་པ།)་འདི་ལ་སྟེ། ཐོབ་པ་དང་མ་ཐོབ་པ་དང་འདུ་ཤེས་(ཱོག་ཏུ་?་དུ་འཆད་པ།)་མང་བའི་སྙོམས ་པར་འཇུག་པ་དང། འགོག་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པ་དང་སྲོག་གི་དབང་པོ་དང། རིས་མཐུན་པ་(ལམ་སྐལ་བ་མཉམས་པ)་ཉིད་དང་ཡུལ་(ཏེ་གནས)་ལ་དམིགས་པ་དང་ཕུང་པོ་སོ་སོར་ཐོབ་པ་དང་(ནང་དང་ཕྱིའི)་སྐྱེ་མཆེད་ལ་དམིགས་པ་དང་སྐྱེ་བ་དང ་རྒ་བ་དང་གནས་པ་དང་མི་རྟག་པ་ཉིད་དང་མིང་གི་ཚགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་དང་ཚོགས་པ་དང་མ་ཚོགས་པའོ། །དེ་ལ་ཐོབ་པ་ནི་(སྔར་མང་པ)་རྙེད་པ་དང་ཡང་དག་པར་(རྙེད་ཟིན)་ལྡན་པའོ། །དེའང་རྣམ་པ་གཉིས་ནི་(རིམ་པ་བཞིན)་མཐོབ་པ་དང་ཉམས ་པ་རྙེད་པ་དང་ཐོབ་(ཟིན)་པ་ཡང་དག་པར་ལྡན་པའོ། །བཟློག་པ་ལས་མ་ཐོབ་པའོ། །ཐོབ་པ་དང་མ་ཐོབ་པ་འདི་དག་ཀྱང་རང་གི་རྒྱུད་དུ་གཏོགས་པ་ནམས་ཀྱི་ལུང་དུ་མ་བསྟན་པ་དང་དགེ་བ་དང་མི་དགེ་བའི་ལས་དད་པ་དང་ཐོས་པ་དང་བསམ་པ་ལས་བྱུང་བ ་ལ་སོགས་པ་རྣམས་ཀྱི་སྟེ། སོ་སོར་(མཛོད་དུ་ཐོབ་དང་མ་ཐོབ་རང་རྒྱུད་དུ་གཏོགས་ལ་རྣམས་ཀྱིས་ཞོག་གཉིས་ཀྱིའང་ཞེས།)་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་གི་ཡང་ངོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དགེ་རྒྱས་ཀྱི་(བསམ་གཏན་གསུམ་པའི) ་འདོད་ཆགས་དང་བྲལ་ལ་གོང་མའི་འདོད་ཆགས་དང་མ་བྲལ་བའི་(འཁོར་བ་ལས)་ངེས་པར་འབྱུང་བའི་(འདུ་ཤེས་མེད་པ་ལ་ཐར་པ་དང་སྙོམས་འཇུག་ལ་ཐར་ལམ་དུ།)་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི ་ཆོས་རྣམས་འགོག་པ་གང་ཡིན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ལ་འདོད་ཆགས་དང་བྲལ་བའི་(སྲིད་རྩེའི་འང་འདུ་ཤེས་དང་ཚོར་བ)་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་གང་སེམས་དང་སེམས ་ལས་བྱུང་བའི་ཆོས་རྣམས་འགོག་པའོ། (།ཅིང་མེད་པར་བཏང)་འདུ་ཤེས་མེད་པ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་(སྲིད་རྩིའི་སེམས་ཐོབ་པ)་འབྲས་བུ་སྟེ། (བསམ་གཏན་བཞི་པ་འབྲས་བུ་ཆེ་བའི་བྱེ་བྲག)་འདུ་ཤེས་མེད་པའི་སེམས་ཅན་གྱི་ལྷར་སྐྱེས་པའི་གང ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པའོ། (།ཅིང་མེད)་སྲོག་གི་དབང་པོ་ནི་ཁམས་གསུམ་པའི་ཚེའོ། (།རྣམ་སྨིན་གྱི)་རིགས་མཐུན་པ་ཉིད་ནི་སེམས་ཅན་(བདག་གི་དངོས་པོ)་མཚུངས་པ་དང་སེམས་ཅན་འདྲ་བ་ཉིད་དེ་སེམས་ཅན་རྣམས་དོན ་གཅིག་མངོན་པར་འདོད་པའི་རྒྱུའོ། །སྐྱེ་བ་ནི་(གཟུགས་ལ་སོང་པའི)་ཕུང་པོ་མངོན་པར་གྲུབ་པའོ། །རྒ་བ་ནི་ཕུང་པོ་ཡོངས་སུ་སྨིན་པའོ། (།སྐྲ་དཀར་དང་ལུས་སྟོབས་ཡོངས་སུ་ཉམས་པ་ལ་སོགས་བ།)་གནས་པ་ནི་སྐྱེས་པའི་ཆོས་རྣམས་(ཀྱི་རྒྱུན)་མ་ཞིག་པའོ། །མི་རྟག་པ་ཉིད་ནི་ ་སྐྱེས་པའི་ཆོས་རྣམས་འཇིག་པའོ། །མིང་གི་ཚོགས་ནི་(གཟུགས་སྒྲ་ཞེས་པ་ལ་སོགས)་མིང་གི་ཚིག་བླ་དགས་འདིའོ། །ཚིག་གི་ཚོགས་ནི་(དོན་རྣམས་ཀྱི)་ཡི་གེ་ཡོངས་སུ་རྫོགས་པ་འདིའོ། །ཡི་གེའི་ཚོགས་ནི་(་ཨཱ་ཀ་ཁ་ག་གྷ་སོགས)་ཡི་གེ་རྣམས་སོ། །མ་ཚོགས་པ ་ནི་(ཆོས?་དང་བདེ?་བསྐྱེད་པའི)་རྒྱུ་དང་རྐྱེན་མ་ཚང་བའོ། །ཚོགས་པ་ནི་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའོ། །ཐེག་པ་ཆེན་པོའི་ཆོས་མངོན་པ་ཀུན་ལས་བཏུས་པར་གསུངས་པ་ནི་སོ་སོའི་སྐྱེ་བོ་གང་ཞེ་ན། (སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བས་ན)་འཕགས ་པའི་ཆོས་རྣམས་མ་ཐོབ་པའོ་ཞེས་པ་དེ་མ་ཐོབ་པའི་ནང་དུ་འདུས་སོ། །དེ་བཞིན་དུ་མགྱོགས་པ་གང་ཞེ་ན་རྒྱུ་དང་འབྲས་བུ་མྱུར་དུ་འབྱུང་བའོ། །གོ་རིམ་གང་ཞེ་ན། རྒྱུ་དང་འབྲས་བུ་ཅིག་ཅར་(རེ་རེ་ནས)་མ་ཡིན་པར་འབྱུང་བའོ། །དུས་གང་ཞེ་ན་རྒྱུ་དང་འབྲས་བུ་རྒྱུན་ཏུ ་(སྟེང་མཐོང་བ་དང་སྒམ་པ་དང་མི་སློབ་པའི་ལམ)་འབྱུང་བ་སྟེ། (རྒྱུ་?་རྒྱུན་ཏུ་འཇུག་པ)་འདི་ཡོད་ན་དེ་ལ་གང་རྒྱུ་དང་འབྲས་བུ་བྱུང་ཟིན་ལ་འགགས་ཟིན་པ་དེ་འདས་པའི་འདུ་ཤེས་གདགས་སོ། །གང་མ་བྱུང་བ་དེ་མ་འོངས་པར་རོ། །གང་བྱུང་བ་མ་འགགས་པ་དང་ལྟར་བ་(ཱི་དུས)་ཞེས་པར་རོ། ་ཡུལ་གང་ཞེ་ན། ཕྱོགས་བཅུ་རྣམས་ན་(གཟུགས་ཀྱི)་རྒྱུ་དང་འབྲས་བུ་ཡོད་པ་སྟེ། རྒྱུ་དང་འབྲས་བུ་ཕྱོགས་བཅུ་ཁྱབ་པ་ལ་ཡུལ་དུ་བཏགས་པའོ། །གྲངས་གང་ཞེ་ན། འདུ་བྱེད་རྣམས་ཀྱི་སོ་སོ་ཐ་དད་པ་(ལ་གྲངས་ཤེས)་སྟེ་བདག་ཉིད་གཅིག་པ་ཐ་དད་པ་མེད་པ་ཉིད ་ལ་གཉིས་དང་གསུམ་ལ་སོགས་པའི་གྲངས་མི་འབྱུང་བའི་ཕྱིར་རོ་ཞེས་པའོ། །ཐོབ་པ་ལ་སོགས་པ་འདི་རྣམས་ཀྱང་ཁྱད་པར་གཞན་(མ་ཐོབ་པ་ལ་སོགས་པ)་སྤོང་བ་ལས་ལྡོག་པ་ཐ་དད་པས་(དོན་ལ་ཐ་དད་མེད་ཀྱང།)་ཐ་དད་བཞིན་དུ་རྣམ་པར་བཞག་གི་དེ་ཁོ་ན་ཉིད་དུ ་ནི་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོ་དང་ཚད་མ་རྣམ་འགྲེལ་ལ་སོགས་པར་ལེགས་པར་དཔྱད་དོ། །དེའི་ཕྱིར་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་རྫས་སུ་(བདེན་པ)་མེད་པ་ཁོ་ནའོ། (།སེམས་དང)་མཚུངས་པར་ལྡན་པའི་འདུ་བྱེད་(སེམས་བྱུང)་རྣམས་ནི་མདོར་ན་རྣམ་པ་གཉིས ་ཏེ་སྤང་བར་བྱ་བ་དང་བླང་བར་བྱ་བའོ། །དེ་ལ་སྤང་བར་བྱ་བ་ནི་ཉོན་མོངས་པ་བཅུ་རྣམས་སོ། །དེ་རྣམས་ཀྱི་ནང་དུ་ཤིན་ཏུ་སྦྱངས་པ་མ་ཡིན་པ་དང་མི་དགེ་བ་དང་མི་དགེ་བའི་རྩ་བ་དང་(བསྒྲིབས་མ་བསྒྲིབས་ཀྱི)་ལུང་དུ་མ་བསྟན་པ་དང་ལུང་དུ་མ་བསྟན་པའི་རྩ་བ་དང་ཀུན་དུ་སྦྱོར ་བ་དང་འཆིང་བ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་དཀྲིས་པ་དང་ཟག་པ་དང་ཆུ་བོ་དང་སྦྱོར་བ་དང་ཉེ་བར་ལེན་པ་དང་མདུང་པ་དང་སྒྲིབ་པ་རྣམས་འདུས་ཏེ་ཇི་ལྟ་བ་དེ་ལྟར་བརྗོད་ཟིན་ཏོ། (།ཁྱད་པར་གྱི་ཆོས)་ཉོན་མོངས་པའི་རྒྱུ་ཅན་ཀུན་ནས་ཉོན་མོངས་པ་རྣམས་དང་མི་དགེ ་བ་དང་ལུང་དུ་མ་བསྟན་པའི་སེམས་པ་ལ་སོགས་པ་རྣམས་ཀྱང་ཇི་ལྟར་སྲིད་པར་སྤང་བར་བྱའོ། །སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་དང། ཟག་པ་དང་བཅས་པའི་ཀུན་རྫོབ་ཀྱི་ཤེས་པའང་སྤང་བར་བྱའོ། །དེ་ཉིད་ཀྱི་ཕྱིར ་འདི་ཐམས་ཅད་ཉོན་མོངས་པ་སྤངས་ན་སྤོང་བར་བྱེད་དོ། །ཞེས་པས་ཉོན་མོངས་པ་སྤོང་བར་བྱེད་པ་ཁ་ན་(གཞུང་འདིར་ཁོ་བོས)་སོ་སོར་རྟོག་པར་བྱེད་པར་འགྱུར་རོ། །སེམས་ལས་བྱུང་བ་ལྷག་མ་རྣམས་ནི་བླང་བར་བྱའོ། །ཞེས་པ་འདུ་བྱེད་ཀྱི་ཕུང་པོ་(སྤང་བར་བྱ་བ།) ་བརྗོད་ཟིན་ཏོ། །རྣམ་པར་ཤེས་པ་གང་ཞེ་ན། གང་དོན་(ཡུལ་ལ)་འཛིན་པ་དང་ཡོངས་སུ་གཅོད་པ་རྣམ་པར་རིག་ཅིང་རྟོགས་པའོ། །དཔེར་ན་ནོར་བུ་རྣམས་ནི་(ཐག)་ཉེ་བར་གྱུར་པར་བཞག་པའི་(རས་དམར་པོའི་སྟེང་དུ་བཞག་ན་དམར་པོ་སྣང་བ་སོགས)་ཚོན་གྱི་རྗེས་སུ་བྱེད་པར ་འགྱུར་ཏེ་དེ་བཞིན་དུ་རྣམ་པར་ཤེས་པ་ཡུལ་གྱི་(ཉེ་བའི)་རྣམ་པ་ཅན་དུ་ཉེ་བར་སྐྱེ་བཞིན་པ་ནི་ཡུལ་ཡོངས་སུ་གཅོད་པར་བྱེད་དོ། །ཡུལ་གྱི་རྣམ་པ་ཙམ་པ་ཡང་རྣམ་པར་ཤེས་པ་མ་ཡིན་ཏེ། ཡུལ་ཁོ་ནའི་རྣམ་པར་ཤེས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དོན་གྱི་རྣམ་པ ་ལས་རྣམ་པར་ཤེས་པ་ཕྱི་རོལ་(ཏེ་ཐ་དད་པ)་ཡང་མ་ཡིན་ཏེ་(རྣམ་ཤེས)་དེ་ལ་དོན་གྱི་རྣམ་པ་མེད་པར་ཐལ་བའི་ཕྱིར་རོ། །རྣམ་པར་ཤེས་པ་ལ་གནས་པའི་རྣམ་པས་ཕྱི་རོལ་གྱི་དོན་དུ་བརྟགས་ལ་ཕྱི་རོལ་གྱིས་དོན་གྱི་ཀྱང་རྣམ་པར་ཤེས་པ་བཏགས་སོ་ཞེས་པ ་འདི་ལྟར་ཕན་ཚུན་བལྟོས་ནས་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པར་བྱ་བ་དག་གྲུབ་པོ། །རྣམ་པར་ཤེས་པ་དེ་(དབྱེ་ན)་རྣམ་པ་དྲུག་སྟེ། (མིག་གི་དབང་པོ་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པ)་མིག་(ཤེས)་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་(ཡིད་ཀྱི་དབང་པོ་X ་X་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པ།)་ཡིད་ཀྱི་རྣམ་པར་ཤེས་པའོ། །གལ་ཏེ་ཡང་དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པ་ཚོགས་པ་དང་སྣང་བ་(ཉི་མའི་འོད་ལ་སོགས་པ)་ལའང་ཇི་ལྟར་སྲིད་པ་བཞིན་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བ་དེ་ལྟ་ནའང་མིག་གི་རྣམ་པར་ཤེས་པ ་ཞེས་པ་ལ་སོགས་པས་ཐུན་མོང་མ་ཡིན་པའི་རྒྱུ་(དབང་པོ)་ཁོ་ནས་ཐ་སྙད་འདོགས་ཏེ་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་ཇི་ལྟ་བ་བཞིན་ནོ། །མར་བཞག་(མཛོད་དུ་དེ་རྣམས་གྱུར་པས་འགྱུར་ཉིད་ཕྱིར་རྟེན་ནི་མིག་ལ་སོགས་པ་ཡིན། ཞེས་པ་ལྟར་དབང་པོ་མའི་གནས་སུ་གྱུར་པའི་དོན་ནོ།།)་པར་བྱ ་པའི་དབང་པོ་ཕན་པ་དང་གནོད་པ་དག་གིས་རྣམ་པར་འགྱུར་བར་གྱུར་ན་(རྣམ་པར་ཤེས་པ་འང)་གསལ་བ་དང། །ཞན་པ་ཉིད་དུ་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བརྗོད་དོ། (།འདས་མ་འོངས་ད་ལྟར་བྱུང་བ)་དུས་དང་རྒྱུད་དང་རྣམ་པ་(ཐ་དད)་དང་འགྲོ་བ་དང་(ཐག་ཉེ་བ་དང་རྒྱང་རིང་བ) ་ཡུལ་ཐ་དད་པ་རྣམས་ཀྱི་གཟུགས་ལ་སོགས་པ་འདུས་ཤིང་སྡོམ་པ་ཉེ་བར་གཟུང་ནས་ཕུང་པོ་ལྔ་སྟེ། གཟུགས་རུང་མཚན་ཉིད་ཅན་ནི་གཟུགས། །ཚོར་བ་ཉམས་མྱོང་བདག་ཉིད་དོ། (།ཐ་དད་ནང་གི་དང་ཕྱིའི་རགས་པ་དང་ཕྲ་བ་དམན་པ་དང་གྱ་ནོམ་པའི)་འདུ་ཤེས་མཚན ་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཡུལ་ནི་སོ་སོར་རྣམ་རིག་པ། །རྣམ་པར་ཤེས་པའི་མཚན་ཉིད་དོ། །ཞེས་པ་རང་གི་མཚན་ཉིད་རྣམས་(དབུ་མ་འཇུག་པའི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཐད་དུ།)་གསུངས་སོ། །སྐྱེ་མཆེད་རྣམས་ནི ་བཅུ་གཉིས་ཏེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་ཏེ་བཅུ་རྣམས་བརྗོད་ཟིན་ལ་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་བཤད་པར་བྱའོ། །དེ་ལ་ཡིད་ཀྱི་སྐྱེ་མཆེད་ནི་དངོས་པོ་བདུན་པོ་སྟེ་ཡུལ་དྲུག་གི་རྣམ་པར ་ཤེས་པ་རྣམས་དང་ཡིད་ཀྱི་དབང་པོའོ། (།ཡིད་ཀྱི་དབང་པོ)་དེའང་རྣམ་པར་ཤེས་པ་དྲུག་པོ་རྣམས་ཀྱི་ནང་ན། གང་རྣམ་པར་ཤེས་པ་འགགས་མ་ཐག་པ་དེ་ནི་(བུ་དེ་ཉིད་གཞན་གྱི་ཕར་འགྱུར་བ་དང་འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཡིན་པ་ལྟར།)་དེ་དང་འདྲ་བའི་འབྲས་བུ་མངོན་པར་གྲུབ ་པར་བྱེད་པས་དེ་(འདས་མ་ཐག་པ)་ལས་ཕྱི་མའི་རྣམ་པར་ཤེས་པའི་ས་བོན་གྱི་དངོས་པོའི་གནས་སྐབས་ཀྱི་དྲུག་པའི་(ཡིད་ཤེས་ཀྱི)་རྟེན་རབ་ཏུ་སྒྲུབ་པའི་དོན་དུ་རྣམ་པར་བཞག་པ་སྟེ་མིག་ལ་སོགས་པའི་དབང་པོ་ལྟར་(རྣམ་ཤེས་ཀྱི་ཁམས་དྲུག་ལས།)་ཐ་དད་དུ་གྱུར ་*། (།?་ཡོད་པ)་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་དང་ནམ་མཁའ་དང་སོ་སོར་?་པའི་འགོག་པ་དང་སོ་སོར་བརྟགས་མིན་གྱི་འགོག་པ་རྣམས་ཀྱང་སྟེ་ཆོས་(འདུས་བྱས་བཞི་འདུས་མ་བྱས་གསུམ ་སྟེ)་བདུན་རྣམས་ཆོས་ཀྱི་སྐྱེ་མཆེད་དོ་ཞེས་བྱེ་བྲག་ཏུ་སྨྲ་བའོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་(རྫས་དུ་མེད་ཅེས)་དཔྱད་ཟིན་ཏོ། (།མཛོད་དུ་དེ་ལ་ནམ་མཁའ་མི་སྒྲིབ་པའོ་ཞེས་པ།)་ཆོས་གང་ཆོས་གཞན་རྣམས་(ཕར)་མི་སྒྲིབ་པ་འམ་གཞན་རྣམས་ཀྱི་(ཚུར) ་སྒྲིབ་བྱ་མ་ཡིན་པ་(ཱི་ཆོས)་དེ་མི་སྒྲིབ་ལ་གོ་སྐབས་འབྱེད་པའོ། (།ཆོས)་འདིའི་བར་དུ་དངོས་པོ་རྣམས་ཤིན་ཏུ་གསལ་བའི་ཕྱིར། (འ་ཀཱ་ཤ)་བར་གསལ་ཏེ་ནམ་མཁའ་ཡིན་ལ་གཟུགས་སུ་གྱུར་པས་མི་གསལ་ལ་སྤྲོར་མེད་པའོ། །སོ་སོར་བརྟགས་པ ་འཕགས་པ་(བར་ཆད་མེད་པའི་ལམ་གྱིས་བསྡུས་པའི།)་ཤེས་རབ་ཀྱིས་ཐོབ་པར་བྱ་བ་(ཱི་བྲལ་བ)་ནི་སོ་སོར་བརྟགས་པས་འགོག་པ་སྟེ། འདི་ལྟར་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་(མྱ་ངན་ལས་འདས་པ)་གང་དུ་ཉོན་མོངས་པའི ་འཆིང་བ་ལས་རྣམ་པར་གྲོལ་བའི་ཕུང་པོ་ཙམ་མོ། །གཞན་སོ་སོར་བརྟོགས་མིན་གྱི་འགོག་པ་ནི་གང་རྒྱུ་དང་རྐྱེན་མ་ཚང་བ་སྟེ། འདི་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཕུང་པོའི་འཆིང་བ་ཤིན་ཏུ་ཆད་པའི་མཚན་ཉིད་ཅན་ནོ།། ་འདི་གསུམ་ཡང་རྫས་སུ་ཡོད་པ་འདུས་མ་བྱས་པའོ་ཞེས་(བྱེ་བྲག་ཏུ་སྨྲ་བ།)་ཟེར་རོ། །གཟུགས་ཅན་གྱི་རྫས་མེད་པ་ཙམ་(།འགོག་པ)་ནི་ནམ་མཁའ་འོ། །ཉོན་མོངས་པ་མེད་པ་ཙམ་སོ་སོར་བརྟགས་པས་འགོག་པའོ། །ཕུང་པོ་མེད་པ་ཙམ་སོ་སོར་བརྟགས ་མིན་གྱི་འགོག་པ་སྟེ། མར་མེ་ཤི་བ་ལྟར་ཡིན་གྱི་རྫས་སུ་མེད་དོ་ཞེས་མདོ་སྡེ་པ་རྣམས་ཆོས་མ་ཡིན་པར་(གྱིས་རྫས་གྲུབ་འགོག་པ)་རྟོག་པ་རྣམས་སོ། (།དབུ་མའི་ཚུལ)་འདིར་ནི་འདུས་མ་བྱས་མ་ཡིན་ལ་ཆོས་མ་ཡིན་པའང་མ་ཡིན་ཏེ་འདུས་བྱས་བཞིན ་ཁོ་ནའོ། །དེ་བཞིན་ཉིད་ཀྱང་འདིར་འདུས་མ་བྱས་སུ་བརྗོད་དེ་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཉིད་དེ་ནི་ཆོས་ཀྱི་དབྱིངས་དང་སོ་སོ་རིག་བྱ་དང་རྣམ་པར་དག་པ་སྟེ་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་མིན་གྱི་འགོག ་པ་ཞེས་པར་ཡང་བརྗོད་དོ། །རྣམ་པར་ཤེས་པ་སྐྱེ་བའི་སྒོའི་དོན་གྱི་སྐྱེ་(སེམས་དང་སེམས་བྱུང་རྣམས་སྐྱེ་བ་མཆེད་པར་བྱེད་པས་ན)་མཆེད་བཅུ་གཉིས་རྣམས་སོ། །ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པ་བདུན་དུ་ཕྱེ་ནས་ཁམས་རྣམས་བཅོ་བརྒྱད་དུ་བརྗོད་དེ། མིག་གི་ཁམས་དང་གཟུགས ་ཀྱི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཇི་སྲིད་པའོ་ཞེས་པ་རྟེན་(མིག་སོགས་དབང་པོ)་དྲུག་དང་དམིགས་པ་དྲུག་(གཟུགས་སོགས་ཡུལ)་དང་(མིག་གི་རྣམ་ཤེས་སོགས)་རྣམ་པར་ཤེས ་པ་དྲུག་གི་བྱེ་བྲག་གིས་བཅོ་བརྒྱད་བཤད་པ་རྣམས་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་(སམ་རྟེན་ཏམ་རྒྱུད་ཅིག་ལ་རིགས་བཅོ་བརྒྱད་ཡོད་པས)་ན་ཁམས་རྣམས་སོ། །ཁམས་བཅོ་བརྒྱད་པོ་འདི་རྣམས་ལས་འདོད་པ་(ཱི་ཁམས)་དང་ཡང་དག་པར་ལྡན་པ་རྣམས་དུ ་ཞེ་ན། (བཅོ་བརྒྱད་པོ)་ཐམས་ཅད་དོ་གཟུགས་(ཁམས)་དང་ཡང་དག་པར་ལྡན་པ་དུ་ཞེ་ན། བཅུ་བཞི་སྟེ་(དེ་ནས་ཁམ་ཟས་ངེས་འདོད་ཆགས་དང་བྲལ་བས།)་དྲི་དང་རོ་དང་སྣའི་རྣམ་པར་ཤེས་པ་དང་ལྕེའི་རྣམ་པར་ཤེས་པ་རྣམས་མ་གཏོགས་པའོ། །གཟུགས་མེད་པ་དང་ཡང ་དག་པར་ལྡན་པ་རྣམས་དུ་ཞེ་ན། ཕྱི་མ་(ཡིད་ཆོས་ཡིད་ཤེས)་གསུམ་པོ་(ཁམས་གཉིས་སུ་མ་གཏོགས་པའི)་གང་ཟག་དང་བཅས་པའོ། (།ཁམས་གསུམ་དང)་ཡང་དག་པར་མི་ལྡན་པ་དུ་རྣམས་ཞེ་ན། (ཡིད་ཆོས་ཡིད་ཤེས)་དེ་རྣམས་ཉིད་གང་ཟག་པ་མེད་པ་རྣམས་སོ། །དགེ་བ ་རྣམས་དུ། མི་དགེ་བ་རྣམས་དུ། ལུང་དུ་མ་བསྟན་པ་རྣམས་དུ་ཞེ་ན། (དགེ་མི་དགེ་ལུང་མ་བསྟན)་བཅུ་ནི་རྣམ་པ་གསུམ་ཙར?་ཏ། སེམས་ཀྱི་ཁམས་བདུན་དང་གཟུགས་དང། སྒྲ་དང་ཆོས་ཀྱི་ཁམས་རྣམས་སོ། །ལྷག་མ་བརྒྱད་རྣམས་ལུང་དུ་མ་བསྟན་པའོ། ། ་དེ་རྣམས་ཀྱང་རྣམ་པ་གཉིས་ཏེ། (ཐར་བ་ཐོབ་པ་ལ)་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་སོགས་པའོ། (།ཐར་པ་ལ)་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་སྤྲུལ་པའི་སེམས་ལ་སོགས ་པ་རྣམས་སོ། །བསྒྲིབས་པ་ནི་ཉོན་མོངས་པ་དང་ཡང་དག་པར་ལྡན་པའོ་།ནང་གི་བདག་ཉིད་དུ་ཞེ་ན། བཅུ་གཉིས་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་(གཟུགས་མེད་ཀྱི་ཉོན་མོངས་པ)་ཆོས་ཀྱི་ཁམས་ཀྱི་ཁ་ཅིག་(འདུས་མ་བྱས་སོགས)་མ་གཏོགས ་པའོ། །ཕྱིའི་དུ་ཞེ་ན། དྲུག་སྟེ་གང་མ་གཏོགས་པ་རྣམས་སོ། །དམིགས་པ་དང་བཅས་པ་དུ་ཞེ་ན། སེམས་ཀྱི་ཁམས་བདུན་རྣམས་དང་ཆོས་ཀྱི་ཁམས་(སེམས་བྱུང)་ཀྱང་ངོ། །ལྷག་མ་བཅུ་རྣམས་དམིགས་པ་མེད་པའོ། །དེ་ལྟར་ཁམས་བཅོ་བརྒྱད ་པོ་འདི་རྣམས་ཁོ་ན། (སྐབས)་ལ་ལར་བསྡུས་ནས་སྐྱེ་མཆེད་བཅུ་གཉིས་སུ་རྣམ་པར་བཞག་ལ་ལ་ལར་ཤིན་ཏུ་བསྡུས་ནས་ཕུང་པོ་ལྔར་རོ། (།ཕུང་ཁམས་སྐྱེ་མཆེད)་དེ་རྣམས་ཉིད་བདེན་པ་བཞི་སྟེ། སྡུག་བསྔལ་དང་(རྒྱུར་གྱུར་པ)་ཀུན་འབྱུང་དང་འགོག ་པ་(འགོག་པ་མངོན་དུ་བྱེད་པའི་ཐབས་འགགས་པའི་ལམ་ཡན་ལག་བརྒྱད་པ་སོགས)་དང་ལམ་རྣམས་སོ། (།སུ་བཞག)་རང་བཞིན་གསུམ་དུ་ཡང་(བཞག)་སྟེ་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་བོ། །གཉིས་(ཉེར་ལེན་གྱི་ཕུང་པོ་ལྔ་འབྲས་བུར་གྱུར་པ་།སོ་སོར་བརྟགས་པའི) ་ཀྱང་སྟེ་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །གཅིག་ཁོ་ན་འང་སྟེ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའོ། (།དོན་དེ)་དེའང་སྤྲོས་པ་ལས་འདས་པའོ་།དེ་ཉིད་(རྟེན་འབྲེལ་སྤྲོས་པ་ལས་འདས་པ)་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པ ་པའི་བྱང་ཆུབ་ཀྱི་སེམས་སོ། (།བདེན་བཞི་སོགས)་དེ་ལ་སྤང་བྱའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པ་སྟེ་(སྤང་བྱ)་དེའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་དང་དེ་ཐོབ་པའི་ཐབས་ཀུན་འབྱུང་གི་བདེན་པའོ། །བླང་བྱའི་ཕྱོགས་ནི་རྣམ་པར་བྱང་བ་སྟེ་(བླང་བྱ)་དེའི་འབྲས ་བུ་(བརྟགས་པའི)་འགོག་པའི་བདེན་པ་དང་(འགོག་པ)་དེ་ཐོབ་(མངོན་དུ་བྱེད།)་པའི་ཐབས་ལམ་གྱི་བདེན་པའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པའི་ནང་དུ་འདུས་པ་ནི་(འབྲས་བུར་གྱུར་པའི་ཕུང་པོ་ལྔ་ཟག་བཅས་ཡིན་པས)་སྡུག་བསྔལ་དང་(རྒྱུ་གྱུར་བ་ཡིན་པས)་ཀུན་འབྱུང་དང་(ཕུང་པོ ་ཟག་མེད་ཡིན་པས)་ལམ་གྱི་བདེན་པ་རྣམས་སོ། །དོན་དམ་པའི་བདེན་པའི་རང་གི་ངོ་བོ་ནི་(དེ་བཞིན་ཉིད་དྲི་བྲལ་ཡིན་པས)་འགོག་པའི་བདེན་པའོ། །དེ་ཕྱིར་བདེན་པ་གཉིས་ཁོ་ན་སྟེ་ཡབ་དང་སྲས་མཇལ་བའི་མདོར་ཇི་སྐད་དུ་གསུངས་པ། འཇིག་རྟེན་(ལ།)་མཁས ་པས་(སངས་རྒྱས་ཀྱི)་བདེན་པ་འདི་གཉིས་དག་(རང་འབྱུང་གི་ཡེ་ཤེས་མངའ་བས)་གཞན་ལས་མ་ཐོས་(པར)་རང་ཉིད་ཀྱིས་གཟིགས་ཏེ། གང་ཡང་ཀུན་རྫོབ་དེ་བཞིན་དོན་དམ་མོ། །བདེན་པ་གསུམ་པོ་ཅི་ཡང་ཡོད་མ་ཡིན། ཞེས་གསུངས་སོ། (།འཇིག་རྟེན་གྱི་རང་བཞིན་ཇི་ལྟ་བ་བཞིན་ལ་མཁྱེན་པས) ་དེ་བཞིན་དུ་འཕགས་པ་ཚངས་པས་ཞུས་པར། སྡུག་བསྔལ་མེད་དོ། །སྡུག་བསྔལ་ཀུན་འབྱུང་བ་མེད་དེ། །འགོག་པ་མེད་དོ། །ལམ་འཕགས་པ་རྣམས་ཀྱི་བདེན་པ་མེད་དོ། །འོན་ཀྱང་ཆོངས་བ་གད་སྡུག་བསྔལ་(རང་བཞིན་མེད་པའི)་སྐྱེ་བ་མེད་པ་འདི ་ནི་འཕགས་པའི་བདེན་པའོ། (།ཁྱད་པར་སེམས་ཀྱི)་གང་ཀུན་འབྱུང་བ་(རང་བཞིན་མེད་པའི)་ཀུན་དུ་རྒྱུ་བ་མེད་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །གང་(རང་བཞིན་གྱིས)་ཤིན་ཏུ་འགགས་པ་རྣམས་ལ་སྐྱེ་བ་མེད་ཅིང་འགགས་པ་མེད་པ་འདི་ནི་འཕགས ་པ་རྣམས་ཀྱི་བདེན་པའོ། །གང་(དོན་དམ་པར)་མཉམ་པ་ཉིད་ཀྱི་ཆོས་རྣམས་ཐམས་ཅད་ལ་(ཀུན་རྫོབ་དུ)་བརྩེ་བས་ལམ་སྒོམ་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ་ཞེས་སོ། །དེའི་ཕྱིར་དོན་དམ་པར་སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་པ་མ་ཡིན་ཏེ ་འཁོར་བ་ལས་ཡིད་འབྱུང་བའི་དོན་དང་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་གང་ཟག་གི་བདག་མེད་པའི་དེ་(ཁོ་ན)་ཉིད་ཙམ་ལ་འཇུག་པའི་ཆེད་དུ་མི་རྟག་པ་ལ་སོགས་པའི་(རྣམ་པ་བཅུ་དྲུག་པོ།)་དེ་བོས་(སྡུག་བསྔལ་ལ་སོགས།)་དེ་བསྟན་པ་འབའ་ཞིག་སྟེ། བདག་མེད་ ་པ་གཉིས་ཀ་བསྟན་པའི་དབང་དུ་བྱས་པ་ལས་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། (།གལ་ཏེ་དོན་དམ་པར་སྤྲོས་བྲལ་ངོ་བོ་ཉིད་མེད་པ་ཡིན་པར་མི་འཐད་དེ། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་པར་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་བ་དང་ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པར་མདོ་དགོངས་པ་དེས་X ་X་འགྲེལ་སོགས་སུ་གསུངས་པས་སོ་ཞེ་ན།)་གང་རྣམས་ཀུན་རྫོབ་པའི་རང་བཞིན་ལའང་(སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས)་སྐུར་པ་འདེབས་པར་བྱེད་པ་དང། (རྒྱང་པན་པ)་གང་དམ་པ་མ་ཡིན་པའི་བསྟན་བཅོས་ཉན་(རིག་བྱེད་སོགས)་པ་ལ་སོགས་པ་ལ་མངོན་པར་བྱེད་པས་བློ་གྲོས ་ཕྱིན་ཅི་ལོག་ཅན་རྣམས། ཀུན་རྫོབ་ཡོད་པ་མ་ཡིན་པ་བརྫུན་པ་ཁོ་ན་ལ་(ཕྱི་རིམ་པས་གང་ཟག་གི་བདག)་རྟག་པ་ལ་སོགས་པའི་དངོས་པོར་སྒྲོ་འདོགས་ཤིང་(རང་གི་སྡེ་པས་ཀྱང)་གཟུགས་ལ་སོགས་པ་ཇི་ལྟར་སྣང་བའང་ཇི་ལྟ་བ་དེ་ལྟར་(བདེན་པར)་ཡོངས་སུ ་འཛིན་པར་བྱེད་པ་(དེ)་རྣམས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐར་ལྷུང་བའི་བློས་མཛའ་གཉིས་དང་བྲལ་བའོ། །ཞེས་ཇི་ལྟ་བ་བཞིན་དུ་དོན་དམ་པའི་ཚུལ་གྱིས་རྒྱ་མཚོ་ཤིན་ཏུ་ཟབ་མོ་ལ་མི་འཇུག་པས་(ལང་ཀར་གཤེགས་པར་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད ་X་དམ་པའི་དོན་དུ་ཡོད་མ་ཡིན། དངོས་རྣམས་ངོ་བོ་ཉིད་མེད་ཀྱང། དམ་པའི་དོན་དུ་བསྟན་བ་ཡིན། ཞེས་གསུངས་པ་དང་མཐུན།)་དེའི་དོན་དུ་བཅོམ་ལྡན་འདས་ཀྱིས་དགོངས་པ་ངེས་པར་འགྲེལ་པའི་མདོར་(རྒྱལ་བའི་ཡུམ་ལ་སོགས་པར)་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་(དགོངས་པ་ཅན་མ་ཡིན་གྱི)་དོན་དམ་པའི ་དབང་དུ་བྱས་པ་ཉིད་ཁོ་ནར་གསལ་བར་མཛད་ཅིང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཛའ་གཉིས་དང་བྲལ་བ་ངེས་པའི་དོན་ཁོ་ནར་གཞུང་འཇུག་པར་མཛད་དོ། །དེ་ལ་(དབུ་མ་པ་རྣམས་ཀྱང་ངོ་བོ་འདི་རྣམ་པར་བཞག་པ་ཁས་X ་X་མི་ལེན་པ་མ་ཡིན་ཏེ།)་གང་མ་བརྟགས་ན་(གྲགས་པའམ)་ཡིད་ཆེས་པ་མཐོང་བ་ཇི་ལྟ་བ་སྒྱུ་མ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་དེ་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །དེའང་(གཞན་དབང་བསམ་གྱིས་མི་ཁྱབ་པ་བསྟོད་པར་རྒྱུ་དང་རྐྱེན་ལས་བྱུང་བའང་ལགས། གཞན་གྱི ་X་དབང་ལ་ཀུན་རྫོབ་སྟེ། གཞན་གྱི་དབང་ཞེས་རབ་ཏུ་གསུངས་ཤེས་སོ།)་།ཀུན་རྫོབ་ཏུ་སྒྱུ་མ་ལྟར་ཕ་རོལ་རྐྱེན་གྱི་སྟོབས་ཀྱིས་སྐྱེའི་རང་ཁོ་ན་ནི་(སྐྱེ་བ)་མ་ཡིན་པས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་བཞག་སྟེ། གང་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་རང་བཞིན་སྟོང་པ་ཁོ ་ནའོ། (།འཇིག་རྟེན་ལས་འདས་པའི་བསྟོད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་དང། དེ་ཉིད་ཁྱོད་ཀྱིས་སྟོང་པར་བཞེད་ཅེས་སོ།)་།གཞན་གྱི་དབང་གི་ངོ་བོ་ཉིད་(སྒྱུ་མ་ལྟ་བུ)་དེ་ཁོ་ན་ལ་གང་རྟག་པ་དང་མི་རྟག་པ་ལ་སོགས་པའི་རང་བཞིན་དོན་དམ་པ་པར་(གང་ཟག་དང་ཆོས་ཀྱི་བདག་ཏུ)་སྒྲོ་འདོགས ་པ་དེ་ཀུན་བརྟགས་པའི་ངོ་བོ་ཉིད་དོ། (།ཀུན་བརྟགས)་དེའང་ཇི་ལྟར་ཀུན་བརྟགས་པའི་མཚན་ཉིད་(དོན་ལ)་མ་གྲུབ་པའི་ཕྱིར། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་གཞག་གོ་།ངོ་བོ་ཉིད་མེད་པ་འདིའང་དངོས་པོར་ན་གཞན་གྱི་དབང་གི་ངོ་བོ ་ཉིད་ཁོ་ན་ལ་རྣམ་པར་བཞག་སྟེ་(གཞན་དབང)་དེ་ཁོ་ན་ལ་(རྟག་མི་རྟག་སོགས)་དེའི་མཚན་ཉིད་དུ་བརྟགས་པའི་ཕྱིར་རོ། །གང་ཡང་ཆོས་ཐམས་ཅད་དོན་དམ་པར་རྟག་ཏུ་རང་བཞིན་གྱིས་ངོ་བོ་ཉིད་མེད་པར་གནས་པ་དེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་(རང་བཞིན་མེད་པ) ་དེ་ནི་རྟག་ཏུ་སྒྲོ་བཏགས་པ་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །གང་དགོངས་པ་ངེས་པར་འགྲེལ་པའི་མདོར་གསུངས་པ་གང་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་པ་དང ་རྣམ་པར་བྱང་བ་པ་(ཀུན་བརྟགས་པའི་མཚན་ཉིད)་གཏན་ནས་བྲལ་བ་ཉིད་དེ་(ཉོན་མོངས་རྣམ་བྱང)་དེ་(གཞན་དབང་ཡོངས་གྲུབ།)་དེ་ལ་མི་དམིགས་པ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་མཛའ་དག་ཅེས་བརྗོད་དོ་ཞེས་བྱའོ། །དེ་ལ་ཡང་འདོད་ཆགས་ལ་སོགས་པ་གཞན་གྱི ་དབང་གི་མཚན་ཉིད་ཀུན་རྫོབ་པ་རྣམས་ལ་(སེམས)་ཀུན་ནས་ཉོན་མོངས་པར་བྱེད་པ་ཉིད་དང་འཁོར་བར་(ཀུན་སྦྱོར་དགུ་ཡིས)་ཀུན་ཏུ་སྦྱོར་བ་ཉིད་དང་གཉེན་པོའི་ཕྱོགས་ཀྱི་གེགས་བྱེད་པ་ཉིད་ལ་སོགས་པ་དངོས་པོ་(ཡང་དག་པ)་པར་སྒྲོ་བཏགས་པ ་གང་ཡིན་དེ་ནི་(མ་དག་པའི་གཞན་དབང)་དེ་རྣམས་ལ་ཀུན་བརྟགས་པའི་མཚན་ཉིད་དོ། །རྣལ་འབྱོར་པའི་ཀུན་རྫོབ་ཏུ་(དབུས་མཐར་འགྱུར་མེད་བྱིན་ཅི་མ་ལོག་པས་ཡོངས་སུ་གྲུབ་པ་རྣམ་པ་གཉིས་ཤས་པས)་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི ་ཕྱིར་ཡོངས་སུ་གྲུབ་པའི་མཚན་ཉིད་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བ་རྣམས་ལ་གང་མི་(བྲལ་བའི་འབྲས་བུ)་མཐུན་ཕྱོགས་ངེས་པར་འཇོམས་པར་བྱེད་པ་ཉིད་དང་(བདག་པོའི་འབྲས་བུས)་མྱ་ངན་ལས་འདས་པ་ལ་ཡང་དག་པར་སྦྱོར་བ་ཉིད་ལ་སོགས་པའི་ངོ་བོར ་དངོས་པོའི་ཆོས་ཉིད་དུ་སྒྲོ་བཏགས་པ་དེ་ནི་(ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་?་པའི་གཞན་དབང?་དེ་རྣམས་ལ་ཀུན་བརྟགས་པའི་མཚན་ཉིད་དོ། །ཀུན་རྟགས་པའི་མཚན་ཉིད་ཀྱི་ངོ་བོའི་ཆོས་འདི་དེ་(ཀུན་ནས་ཉོན་མོངས་པ་དང་རྣམ་བྱང)་གཉིས་ཀའང་རང་བཞིན་གྱིས་འོད་(ཡང་དག་པར) ་གསལ་བའི་ཆོས་ཀྱི་དབྱིངས་ལ་མི་སྲིད་དེ། དོན་དམ་པར་ཀུན་ནས་ཉོན་མོངས་པ་ལ་སོགས་པ་(རྣམ་བྱང)་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་འདི་རྣམས་ཐམས་ཅད་ཀྱང་དོན་དམ་པར་སྐྱེ་བ་མེད་པར་རོ་གཅིག་པ་ཉིད ་ཀྱིས་ན་(གཉིས་སུ)་རྣམ་པར་དབྱེ་བ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་གཉིས་ཀྱིས་(ཉོན་མོངས་རྣམ་བྱང)་གཉིས་ཀའང་སྟོང་ལ་ཡང་དག་པའི་ཀུན་རྫོབ་ཏུ་(ཉོན་མོངས་རྣམ་བྱང)་གཉིས་ཀའང་གནས་པའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་མེད ་པའི་ཉེས་པ་འང་མེད་དེ། དེ་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཕྱེད་དང་གསུམ་པར་གསུངས་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འདོད་ཆགས་ཀྱི་ཆོས་ཅན་ནམ་(ཉོན་མོངས)་འདོད་ཆགས་དང་བྲལ་(རྣམ་པར་བྱང) ་བའི་ཆོས་ཅན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའོ། །གང་འདི་རྣམས་ཀྱི་འདོད་ཆགས་མ་ཡིན་པའི་ཆོས་ཉིད་དང་འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཆོས་ཉིད་འདིའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་དེ་བཞིན་དུ་གཟུགས་ནི་ཞེ་སྡང་གི་ཆོས་ཅན་ནམ་ཞེ་སྡང་མེད་པའི་ཆོས་ཅན་ནམ་གཏི་མུག་གི་ཆོས་ཅན་ནམ་གཏི་མུག་མེད་པའི་ཆོས་ཅན་མ་ཡིན་ནོ། །དེ་བཞིན་དུ་གང་རྣམ་པར་ཤེས་པ་ཇི་སྲིད་པའི་གཏི་མུག་མ་ཡིན་པའི་(རྣམ་པར་བྱང་བ)་ཆོས་ཉིད་དང་གཏི ་མུག་དང་བྲལ་བའང་མ་ཡིན་པ་(ཀུན་ནས་ཉོན་མོངས་པ)་ཉིད་ཀྱི་ཆོས་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཟུགས་ནི་ཀུན་ནས་ཉོན་མོངས་པ་འམ་རྣམ་པར་བྱང་བར་འགྱུར་བ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའོ། །གང་འདི་རྣམས་ཀྱི ་ཀུན་ནས་ཉོན་མོངས་པ་མ་ཡིན་རྣམ་པར་བྱང་བ་མ་ཡིན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །འོ་ན་ཀུན་རྫོབ་ཏུ་སྐྱེ་བོ་ཞེས་གསུངས་པ་མ་ཡིན་ནམ། དེ་ལ་ཀུན་རྫོབ་ཅེས་པ་འདི་ཅི་ཞེ་ན། (ཡང་དག་པར)་རང་བཞིན་མེད་པའི་དངོས་པོ་རྣམས་ལའང ་གང་(བདེན་པའི)་དངོས་པོར་ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་འདོགས་པ་འཁྲུལ་པའི་བློ་དེ་ནི་ཀུན་རྫོབ་ཏུ་བརྗོད་དེ། འདི་ལ་(སཾ་བྲི་ཏི་ཞེས་པའི་སཾ་ཡང་དག་པ་བྲི་ཏི་སྒྲིམས་ཞེས་པར་ཡང་འབྱུང་བས)་སྒྲིབས་པར་བྱ་བ་(ལས་སུ་སྒྲུབ་བ)་འམ་(བྱེད་བ་སྒྲུབ་པ)་འདིས་དེ་ཁོ་ན་ཉིད་འགེབས་པ་ལྟར་བྱེད ་པའི་ཕྱིར་རོ། (།དབུ་མ་བདེན་གཉིས་སུ་གང་ཞིག་གིས་སམ་གང་ཞིག་ལ་།ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད་ཅེས་གསུངས་པ་ལྟར།)་དེ་བཞིན་དུ་ཡང་(ལང་ཀར་གཤེགས་བའི)་མདོང་གསུངས་པ། ཀུན་རྫོབ་ཏུ་ནི་དངོས་རྣམས་ཀྱེ། །དོན་དམ་པར་ནི་རང་བཞིན་མེད། །རང་བཞིན་མེད་ལ་གང་(བདེན་དངོས་སུ)་འཁྲུལ ་པ། (།བློ?)་དེ་ནི་ཡང་དག་ཀུན་རྫོབ་འདོད་ཅེས་སོ། (།བློ་ཀུན་རྫོབ)་དེ་ལས་བྱུང་བའི་ཕྱིར་(བློ)་དེས་ཉེ་བར་བསྟན་པའི་དངོས་པོ་བརྫུན་པ་ཐམས་ཅད་ནི་ཀུན་རྫོབ་པར་བརྗོད་དོ། (།བློ་འཁྲུལ་བ)་དེའང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་ཡོངས་སུ་སྨན་པའི་དབང ་གིས་(བྱུང་ཞིང)་དངོས་པོ་(འཕགས་པ་ཀླུ་སྒྲུབ་ཀྱིས་འཇིག་རྟེན་བརྟག་བ་ཞེས་པའི་བསྟན་བཅོས་སུ་འདི་ནི་ཡོད་ཉིད་འགོག་པ་སྟེ། མེད་ཉིད་ཡོངས་སུ་འཛིན་པ་མིན། ནག་པོ་མིན་ཞེས་སྨྲས་པ་ན། དཀར་པོ་མིན་ཞེས་མ་བརྗོད་བཞིན། ཞེས?་གསུངས་པ་ཤེས་རབ་སྒྲོན་མའི་ལྔ་བར་དྲངས།)་མེད་པ་ལས་དངོས་པོ་ཡང་དག་པར་ཡོད་པ་ལྟ་བུར་ཉེ་བར་སྟོན ་ཅིང་སྲོག་ཆགས་ཐམས་ཅད་ལ་སྐྱེ་སྟེ་གང་ལས་(བློ་འཁྲུལ་པ)་དེའི་བསམ་པའི་དབང་གིས་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ཀུན་རྫོབ་ཏུ་ཡོད་པར་བརྗོད་དོ། (།ཡུལ་ཀུན་རྫོབ་པ)་འདི་རྣམས་ཡང་དག་པར་དངོས་པོའི་ངོ་བོ་ཉིད་ཀྱང་མ་ཡིན ་ཏེ་(བདེན་གཉིས་སུ་རིགས་པས་བརྟག་ན་དངོས་མ་ཡིན། དེ་ལས་གཞན་དུ་དངོས་པོ་ཡིན། དེས་ན་ཅིག་ལ་དངོས་པོ་དང། དངོས་པོ་མིན་པ་ཇི་ལྟར་འགལ། ཞེས་གསུངས་ཤིང།)་།ཇི་ལྟར་སྣང་བ་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར་རོ། (།ཡུལ་ཀུན་རྫོབ་བདེ་རྣམས་ཆོས་ཅན)་རི་བོང་གི་རྭ་བཞིན་དུ་གཏན་མེད་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ ་མ་བརྟགས་ན་དགའ་བའི་རྣམ་པར་སོ་སོར་སྣང་བའི་ཕྱིར་རོ། །དེ་ལྟར་ནི་(ཐ་སྙད་དུ་གྲུབ་པར་སྒྱུ་མའི་གླང་པོ་དེ་ཡང་སྣང། དེ་དག་ལས་མིན་གཞན་ཡིན་མིན། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ཡོད་དེ་མེད་པ་སུ་ཞིག་འདོད་ཅེས་སོ།)་།སྒྱུ་མའི་སྐྱེས་བུ་ལ་སོགས་པ་ལ་(མིག་བསླད་བས)་འཁྲུལ་པའི་ཤེས་པ ་དང་ལྡན་པའི་མི་རྣམས་ཀྱིས་གང་(སྐྱེས་བུ་ཉིད་དུ)་བཞག་པའི་ངོ་བོ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་བརྫུན་པའི་རྣམ་པ་ཅན་གྱི་ཤེས་པས་གང་སྒྲོ་བཏགས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་ཐ་སྙད་དུ་བྱས་སོ། །སྒྱུ་མའི་སྐྱེས་བུ་ལ་སོགས་པ་དེ་ཁོ་ན་ལའང་རྣམ ་པར་ཤེས་པ་མ་བསླད་པ་(ཱི་མི)་རྣམས་ཀྱིས་(འདི་སྐྱེས་བུ་དངོས་མ་ཡིན་ནོ་ཞེས།)་ཇི་ལྟར་བཞག་པའི་ངོ་བོ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་གང་ཡང་དག་པའི་ཚད་མས་ངེས་པའི་ངོ་བོ་(རང་བཞིན་མེད་པ)་དེ་ནི་དོན་དམ་པའི་བདེན་པའོ། །ཇི་ལྟར་ཡང་འཁྲུལ་པ་དང་མ ་འཁྲུལ་པའི་ཤེས་པས་རྣམ་པར་བཞག་པའི་ངོ་བོ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་ནས་རི་རབ་ཅན་ལ་སོགས་པས་ཉེ་བར་དམིགས་པ་སྐྲ་ཤད་ལ་སོགས་པ་རྣམས་ལ་དང། (ཀུན་རྫོབ་ཏུ་ཡོད་ཅིང་དོན་དམ་པར་མེ་ཅེས་རྣམ་པར་བཞག་པ)་རྣམ་པ་རིག་པར ་སྨ་བ་(སེམས་ཙམ་པ)་རྣམས་ཀྱི་(ལུགས་ལ)་གཟུང་དང་འཛིན་པའི་རྣམ་པ་གཉིས་ལ་(གཉིས་མེད་ཀྱི་ཤེས་པ་ལ་བྱུང་བ)་ཀུན་རྫོབ་ཏུ་ཡོད་པ་ཉིད་དང་དོན་དམ་པར་མེད་པ་ཉིད་དོ། །ཞེས་པ་ལ་སོགས་པར་རྣམ་པར་བཞག་པ་བལྟོས་པའི་བྱེ་བྲག་གིས་འགལ་བ་མེད་པ་དེ ་བཞིན་དུ་དངོས་པོ་ཐམས་ཅད་ལའོ། །དེས་ན་(སྒྲིབ་བྱེད)་ཇི་སྐད་བཤད་པའི་ཀུན་རྫོབ་(བློ)་འཁྲུལ་པའི་ངོ་བོ་དངོས་པོར་ན་སྐྱེ་བ་མེད་ཀྱང་(བློ་འཁྲུལ་པ)་གང་ལས་དངོས་པོ་རྣམས་སྐྱེ་བ་ལྟར་ཉེ་བར་སྟོན་ཏེ། དེས་ན་(བློ་འཁྲུལ་པ)་དེ་ལ་བརྟེན་པའི་(བསམ་པའི)་དབང་གི་ཀུན ་རྫོབ་ཏུ་དངོས་པོ་སྐྱེའོ་ཞེས་བརྗོད་ལ། དོན་དམ་པར་ནི་སྐྱེ་བ་མེད་དོ། །ཕྱིན་ཅི་མ་ལོག་པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་(དེ)་ཡང་དག་པའི་(དོན་བདག་མེད)་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ཁོ་ན་ནི་(དམ་པའི་དོན་ཅན་ནམ།)་དོན ་དམ་པར་བརྗོད་དེ་དམ་པ་(དེ་ཤེས་པ)་འདིའི་དོན་(ཏེ་ཡུལ)་ཡིན་ཞེས་བྱས་ནས་སོ། (།བསྒོམ་བྱུང་གིས)་དངོས་དང་(ཐོས་བསམ་གྱིས)་རྒྱུད་པས་(དོན་དུ)་བྱས་པ་ནི་ཁྱད་པར་ཏེ། (ཤེས་རབ་གསུམ་པོ)་དེའི་དབང་ལས་དངོས་པོ་འདི་རྣམས་ཐམས་ཅད་སྐྱེ་བ་མེད་པ་ཁོ་ནར་རྟོགས་སོ།། ་(དེས་ན་དོན་དམ་པར་སྐྱེ་བ་མེད་དོ་ཞེས་པས)་ཡང་དག་པའི་ཤེས་པས་(དངོས་པོ)་འདི་རྣམས་སྐྱེ་བ་གྲུབ་པ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །ཡང་ན་རྣམ་པར་མ་དཔྱད་པ་(ཱམ་མ་བརྟགས་པ)་ནི་ཀུན་རྫོབ་སྟེ། དེ་ལྟར་ནི་བསམ་པ་(རིགས་པའི་ཤེས་པས་བརྟགས་པ)་ལས་བྱུང་བའི་ཤེས་རབ ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ངེས་པར་སེམས་པ་ལ་ཞུགས་པའི་ཚད་མ་ཡང་དག་པའི་སྟོབས་ལས་བྱུང་བ་དང། དེ་བཞིན་དུ་བསྒོམས་པ་ལས་བྱུང་བ་ཡང་སྟེ། དེ་ཁོ་ན་ཉིད་ཀྱི་(ཤཱཀྱ་བློས་འོ་ན་དེ་བཏགས་བ་མེད་ཙམ་ཡིན་ན་དེས་ཅིའང་མི་འགྲུབ་ཅིང། བཏགས་པ་ལས་གཞན་པ་ཡིན་ན་རྟོག་མེད་X ་X་ཀྱི་ཤེས་པ་ཡིན་པས་དེ་རྟོགས་པའི་བདེན་པ་དངོས་པོ་ཡོད་པར་འགྱུར་རོ་ཞེ་ན།)་དོན་དངོས་སུ་རྣམ་པར་དཔྱོད་པ་ཉིད་ཀྱིས་སམ་(དེ་ཁོ་ན་ཉིད)་དེའི་རྒྱུ་མཐུན་པ་ཉིད་ཀྱིས་(ཤེས་རབ་དེ་གཉིས)་རྣམ་པར་དཔྱད་པར་བརྗོད་དོ། །དེ་ཁོ་ནའི་དོན་ལ་རྒྱབ་ཕྱོགས་པ་བརྫུན་པའི་(དཔྱད་མི་བཟོད་པ)་རྣམ་པ་ཉེ་བར ་འཛིན་པའི་ཤེས་པ་ཐམས་ཅད་(དཔྱད་པའི་ཤེས་རབ)་ནི་དེ་ལས་བཟློག་པའི་ཕྱིར་མ་དཔྱད་པ་སྟེ། རྣམ་པར་མི་རྟོག་པའི་(ཡང་དག་པ)་ཡེ་ཤེས་ནི་མ་ཡིན་ལ་དཔྱོད་པ་མེད་པ་ཙམ་(?་མེད་དགག)་ཡང་མ་ཡིན་ནོ། །དེའི་ཕྱིར་(བརྫུན་པ་རྣམ་པར་འཛིན་པའི་བློ།)་དེས་རབ་ཏུ་གྲགས ་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ནའོ། །ཡང་ན་ཀུན་རྫོབ་ནི་འཇིག་རྟེན་གྱི་གྲགས་པ་སྟེ། (ཱམ་ཡིད་ཆེས་པ)་འཇིག་རྟེན་(བསྟན་བཅོས་དང་ཕལ་པ)་ཐམས་ཅད་ལ་གྲགས་པའི་དོན ་ཐམས་ཅད་ཀུན་རྫོབ་ཉིད་དུ་འདོད་པའི་ཕྱིར་རོ། །དོན་ཐམས་ཅད་ཀྱང་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ཡང་མ་ཡིན་པ་ཁོ་ན་སྟེ། (དབང་པོ)་ཁ་ཅིག་གིས་(དོན)་འགའ་ཞིག་ཁོ་ན་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཤིན་ཏུ་ལྐོག་ཏུ་གྱུར་པ་ལས་དང་འབྲས་བུ ་ལ་སོགས་པ་རྣམ་པར་བཞག་པ་(འགའ་ཞིག་རྣམ་པ་གཞན་ཡིས་རྟོགས་ཀྱང།)་རྣམ་པ་སོ་སོར་ངེས་པ་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་སྟེ། (ས་སྤྱོད་ཡུལ་དུ་བྱེད)་གཞན་ནི་ཅིག་ཤོས་ཀྱི་ཤེས་པ་ལས་ཀྱང་ངོ། །བསྟན་བཅོས་བྱེད་པ་(མུ་སྟེགས་པ) ་ཁ་ཅིག་གིས་གྲགས་པ་ལས་བརྒལ་ཏེ་གང་དངོས་པོ་རྣམས་བརྟགས་པ་ལ་སོགས་པའི་ངོ་བོར་ཉེ་བར་བརྟགས་པ་དེ་ནི་ལོག་པའི་ཀུན་རྫོབ་ཏུ་ཡོད་པར་བརྗོད་དེ་གྲགས་པ་ལས་ཀྱང་མེད་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་གྲགས་པའི་རྗེས་སུ་འབྲངས་ནས ་རབ་ཏུ་བརྟགས་པ། དཔེར་ན། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྣམས་ནི་རྒྱུ་དང་བཅས། །ཞེས་པ་(ཞེས་པ་དང་རྣམ་བཤད་རིག་པར་དྲངས་པ་ལས་ཡོད་རྣམ་པར་སྨིན་པ་ཡོད། བྱེད་པ་པོ་ནི་མི་དམིགས་སོ།།)་དེ་ལྟ་བུ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པར་བརྗོད་དོ། ། ་དེས་ན་(བསྟན་བཅོས་ལ་གྲགས་པ་ལ་ཡང་དག་པ་དང་ལོག་པ་གཉིས་ཡོད་པ)་དངོས་པོ་(སྒྲ་ལྟ་བུ)་གཅིག་ལ་བསྟན་བཅོས་བྱེད་པ་རྣམས་ཀྱིས་(རྟག་མི་རྟག་སོགས)་ངོ་བོ་དུ་མར་སྒྲོ་བཏགས་པ་ཡོད་ན་འང་དངོས་པོ་(སྒྲ་ན)་ཕན་ཚུན་འགལ་བའི་རང་བཞིན་དུ་མ་ཉིད་དུ་ཐལ་བ ་མེད་དོ། །ཡང་ན་སྒྱུ་མའི་དོན་ནི་ཀུན་རྫོབ་ཀྱི་དོན་ཏེ། (སྒྱུ་མའི་དོན་ཐམས་ཅད་མེད་པ་ཡིན་ན་ཉོན་མོངས་དང་རྣམ་བྱང་ནི་འཐད་ཅིང་འཁྲུལ་ཤེས་ཡིན་ན་སེམས་ཙམ་པ་དང་ཁྱད་ཅི་ཡོད་ཅེ་ན།)་མི་བདེན་པའི་དོན་ནི་སྒྱུ་མའི་དོན་ནོ། (།ཡིན་གྱི་གཏན་མེད་ཡིན་པས་ཉོན་མོངས་དང་རྣམ་བྱང་འཐད། ཅེས་ཏེ)་སྒྱུ་མའི་དོན ་འཁྲུལ་པའི་ཤེས་པའི་ངོ་བོ་(ཡིན་ན་ཤེས་བྱ་ནང་གི་ཚུལ་ལས་ཁྱད་པར་ཅི་ཡོད་ཅེ་ན་དེ་ལྟར)་ཡིན་ནའང་ཤེས་པ་(བདེན་པའི)་དངོས་པོ་ཉིད་དུ་ཐལ་བ་ཡང་མ་ཡིན་ཏེ། (འཁྲུལ་ཤེས)་དེ་ནི་བརྫུན་པའི་རྣམ་པ་ཉེ་བར་འཛིན་པར་སྣང་བའི་(ས་རྣམ་པ་བརྫུན་པ་དང་གཅིག་པ)་ཕྱིར་ལ་བདེན་པ ་དང་བརྫུན་པའི་ངོ་བོ་དག་ཀྱང་ཕན་ཚུན་འགལ་བའི་(ས་ཅིག་ལ་ཅིག་མི་འདུ་བ)་ཕྱིར་རོ། །དེས་ན་བརྫུན་པའི་ངོ་བོའང་བདེན་པ་ཉིད་དུ་འགྱུར་བའི་(ཞིང་དེས་ཡུལ་དུ་བྱེད)་ཕྱིར་ཤེས་པ་འཁྲུལ་པ་ཉིད་དུ་མི་འགྱུར་ལ་(ཤེས་པ་ཆོས་ཅན)་སྣ་ཚོགས་ཀྱི་ངོ་བོ་(རྣམ་པ་ཅན)་ཉིད ་དཱུང་མི་འགྱུར་ཏེ། (གཅིག་ཏུ་བདེན་པའི་ཕྱིར)་གཅིག་ལ་ངོ་བོ་ཉིད་དུ་མ་འགལ་བའི་ཕྱིར་རོ། །མི་བདེན་པའི་ངོ་བོ་འང་(ཡུལ་གྱི་རྣམ་པ)་བརྫུན་པའི་ཕྱིར་འཁྲུལ་པ་འདི་ནའང་(དེ་དང་ཅིག་པའི)་ཤེས་པ་བདེན་པ་ཉིད་དུ་མི་འགྱུར་ཏེ། (ཡུལ་རྣམས་དང་ཤེས་པ)་དེ་དག་ནི ་བདག་ཉིད་ཐམས་ཅད་ཀྱི་ཕན་ཚུན་སྣ་ཚོགས་(ཐ་དད་པ་འམ)་པ་མེད་པའི་ཕྱིར་དང་(རྫས)་གཅིག་ལ་ཆ་(བདེན་བརྫུན་གྱི)་ཤས་དང་ཆ་ཤས་ཅན་གྱི་དངོས་པོ་མི་སྲིད་པའི་ཕྱིར་རོ། །དེའི་(རྣམ་པ་བརྫུན་པ་དང་ཅིག་ཅིང་ངོ་བོ་གཅིག་ལ་བདེན་བརྫུན་གཉིས་འགལ་བ།)་ཕྱིར་ཤེས་པའང ་བརྫུན་པ་ཉིད་ཀྱི་ཕྱིར་ཤེས་བྱ་ནང་གི་ཚུལ་(སེམས་ཙམ་པ)་ལས་འདི་ཁྱད་པར་ཆེའོ། །ཀུན་རྫོབ་སྒྲ་ཙམ་ཞེས་པ་ནི་མངོན་པར་མི་ཤེས་པ་སྟེ། བདེ་བར་གཤེགས་པ་(ལ་སྟོན་པར་འཛིན)་ནི་སཱུང་ཀུན་རྫོབ་སྒྲ་ཙམ་ཞེས་པར་འདོད་པ་མེད་དོ། །གང་ཡང ་མདོ་ལས། (།ལང་ཀར་གཤེགས་པ)་འདི་རྣམས་ཐམས་ཅད་མིང་ཙམ་སྟེ། (དང་ཟད)་འདུ་ཤེས་(ཅེས་ཏེ་ཀུན་རྫོབ་སྒྲ་ཙམ་ཡིན་ན་ལེགས་བཤད་ཉེས་བཤད་སོགས་ཀྱི་རྣམ་དབྱེར་མི་འགྱུར་ཏེ་བསྟན་བྱའི་དོན་མེད་ན་སྒྲ་ཙམ་ལ་ཁྱད་མེད་པའི་ཕྱིར་ཞེ་ན།)་ཙམ་ལ་རབ་ཏུ་གནས། །རྗོད་པར་བྱེད་ལས་ཐ་དད་པའི། །བརྗོད་པར ་བྱ་བ་ཡོད་པ་ཡིན། །ཞེས་གསུངས་པ་དེ་ལའང། གང་རྣམས་བརྗོད་པར་བྱེད་པ་དངོས་པོར་འགྱུར་བ་ཁོ་ན་དང། བརྗོད་བར་བྱ་བ་ཡང་(རྗོད་བྱེད)་དེ་ལས་གཞན་དུ་གྱུར་པར་(ཱི་དངོས་པོ)་རྟོག་པར་བྱེད་ན་དེ་དེའི་འདོད་པ་དགག་པའི་ཆེད་དུ་རྗོད་བྱེད་དང་བརྗོད་པར་ ་བྱ་བ་དག་(རྟོག་པ་ལ་སྣང་བའི་མིང་རྗོད་བྱེད་དང་རྟག་པ་ལ་སྣང་བའི་དོན་བརྗོད་བྱ་ཡིན་པས།)་རྟོག་པ་ལ་གནས་པ་ཉིད་ཁོ་ནར་ཉེ་བར་བསྟན་པའོ་འདིར་འདུ་ཤེས་ནི་རྟོག་པ་སྟེ། རྟོག་པའི་(ལ་སྣང་བས་དེ)་།ངོ་བོ་ཁོ་ན་རྗོད་བྱེད་དུ་མིང་(ཙམ་སྟེ་ཞེས་པའི་མིང) ་གི་སྒྲས་མངོན་པར་དགོངས་སོ། །རྣ་བའི་ཤེས་པ་ལ་སྣང་བའི་དོན་ནི་(མིང)་མ་ཡིན་ཏེ་རྗོད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། (།སྒྲ་རང་མཚན)་དེ་ཙམ་ཉིད་དུ་ཟད་ན་ཡང་ཐམས་ཅད་(སྒྲ་ཁ་ན་ལས་མ་སྣང་བས)་གཟུགས་ལ་སོགས་པ་སྣ་ཚོགས་སུ་སྣང ་བར་མི་འགྱུར་ལ་ཕུང་པོ་(དང་ཁམས)་ལ་སོགས་པ་རྣམ་པར་(སྒྲ་རང་མཚན)་བཞག་པར་ཡང་མི་འགྱུར་རོ། །ཇི་ལྟར་(ཅེས་ཏེ་ཀུན་རྫོབ་དོན་ཡིན་ན་དེ་ནི་སྤྱི་ཡིན་པས་ཁྱད་པར་མེད་ན་ཇི་ལྟར་འགྲུབ་ཅེ་ན།)་སྒྱུ་མའི་སྐྱེས་བུ་མང་པོ་རྣམས་ལ་སྐྱེས་བུ་དང་སྐྱེས་བུ་ཞེས་སྒྲའི་དོན་སྤྱིའི ་རྣམ་པ་ཅན་གྱི་ངོ་བོ་བརྟགས་པ་རྣམ་པར་འཇོག་པ་དེ་བཞིན་དུ་(དང་སྔ་ན་མེད་པ་སོགས་ཁྱད་པར་དངོས་པོར་མ་གྱུར་པ་ལའང)་དངོས་པོ་དོན་དམ་པར་ངོ་བོ་ཉིད་མེད་པ་རྣམས་ལའོ། (།སྒྲའི་དོན་གྱི་སྤྱིའི་རྣམ་པ་ཅན་གཞག)་དོན་དམ་པར་(བརྗོད་བྱ)་སྒྲོ་བཏགས་པའི་ངོ་བོར་བརྗོད་པར ་བྱ་བཞིན་པ་ནི་ཀུན་རྫོབ་ཁོ་ནར་འགྱུར་ཏེ། (དོན་དམ)་ད་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དེ་སྐད་དུ་(འཕགས་པ་བདེན་པར་ཉིད་ལ་བསྟན་པའི)་མདོར་གསུངས་པ། ལྷའི་བུ་གལ་ཏེ་དོན་དམ་པར་དོན་དམ་པའི་བདེན་པ་ལུས་(ཀྱིས་རེག་པ)་དང་ངག་(གིས་བརྗོད་པ) ་དང་ཡིད་(ཀྱིས་དམིགས་བྱ)་རྣམས་ཀྱི་ཡུལ་གྱི་ངོ་བོར་འགྱུར་ན་ནི་དོན་དམ་པའི་བདེན་པའི་གྲངས་སུ་མི་འགྲོའི་ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་དེ་འགྱུར་རོ། (།ཏེ་མ་རིག་པའི་སྟོབས་ཀྱིས་གཟུང་འཛིན་དུ་སྣང་བའི་ཕྱིར།)་འོན་ཀྱང་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས ་འདས་པའོ་ཞེས། (།གལ་ཏེ་སྐད་ཅིག་གིས་འཇིག་པ་ཀུན་རྫོབ་ཡིན་ནོ་དེ་ཉིད་བདེན་དངོས་པོ་ཞེ་ན)་ཡང་ན་དངོས་པོ་རྣམས་ཀྱི་སྐད་ཅིག་པ་ཉིད་ནི་(རང་བཞིན་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པ་མ་ཡིན་ནོ་ཞེས་པའི་རིགས་པས་དངོས་པོ་རྣམས་རང་བཞིན་མེད་པར་སྟོན་བྱེད་པ་དེ།)་ཀུན་རྫོབ་པོ། དངོས་པོ་གཡོ་བའི་བདག་ཉིད ་དེ་ཐམས་ཅད་ཀྱི་(ཆོས་ཉིད)་གང་སྒྱུ་མ་བཞིན་དུ་རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་དེ་དོན་དམ་པ་སྟེ། (སྟོང་པ་ཉིད)་དེའང་དེ་བཞིན་གཤེགས་པ་རྣམས་བྱུང་བ་དང་མ་བྱུང་བ་དག་ཏཱུང་དུས་ཐམས་ཅད་དུ་གནས་པ་ཉིད་ཀྱི་ཕྱིར ་རྟག་པའོ། །གལ་ཏེ་ཀུན་རྫོབ་(རྗེས་སུ་དཔག་པའི་ཤེས་པ)་ཚད་མ་ཡིན་ན་ཅི་ལྟར་འདི་(ཡང་དག་པ་སྒྲིབ་པའི)་ཀུན་རྫོབ་ཡིན། (།ས་སྟེ་འཁྲུལ་པར་འགལ་ལ)་འོན་ཏེ་ཚད་མ་མ་ཡིན་ན་ཅི་ལྟར་(ཀུན་རྫོབ་རྗེས་དཔག)་འདི་ལས་བདག་མེད་པར་འགྲུབ་ཅེ་ན། འདི་མི་རིགས་ཏེ་ད་ལྟར ་ནི་ཇི་ལྟར་རྗེས་སུ་དཔག་པའི་ཤེས་པ་(གཟུགས་ཡུལ)་སྤྱི་བརྫུན་པ་ཉེ་བར་འཛིན་པར་ཞུགས་པས་ཀུན་རྫོབ་པའི་(སྒྲིབ་བྱེད་འཁྲུལ་པ)་ངོ་བོ་ཡིན་ཡང་མངོན་པར་འདོད་པའི་དོན་བྱ་བ་(འཇུག་ཡུལ)་ཐོབ་པར་བྱེད་པ་ཉིད་ཀྱིས་ཚད་མར་འདོད་པ་(ཡིན་ནོ)་དེ་བཞིན ་དུ་ཀུན་རྫོབ་(ཡེ་ཤེས་ལྟ་བུ)་འགའ་ཞིག་ཀྱང་རང་གི་ངོ་བོ་(དཔྱད་ན)་བརྫུན་པ་ཡིན་ཡང་(བདག་མེད་པ་ལ་སོགས་པ)་ཚུལ་བཞིན་དུ་ཐོས་པ་དང་བསམ་པ་ལ་སོགས་པའི་རྒྱུ་བརྒྱུད་པས་འོངས་པ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་ལ་མི་བསླུབ ་ཉིད་ཀྱིས་ཚད་མའོ་ཞེས་བརྗོད་ལ་(མི་བསླུ་བ)་དེ་ལས་བཟློག་པ་ནི་ཚད་མ་མ་ཡིན་ནོ། (།རྗེས་སུ་དཔག་པའི)་ཚད་མ་ལ་སོགས་པ་རྣམ་པར་བཞག་པ་འདི་ཐམས་ཅད་(དཔྱད་ན་མ་གྲུབ་པས)་ཐ་སྙད་(ཅེས་པ་འཁྲུལ་པ)་ཁོ་ན་ལས་སོ་ཞེས་ཚད་མ་རྣམ་འགྲེལ་ལ་སོགས་པར ་བསྒྲུབས་པས་འདི་ནི་གྱི་ནའོ། (།ཁྱོད་ཀྱི་ཏེ་ཅི་ཐོ་ཐོད་ཅེས་པ།)་ཀུན་རྫོབ་(སློབ་དཔོན་བློ་བརྟན་ན་རེ། སུམ་ཅུ་པའི་འགྲེལ་པར་ཀུན་རྫོབ་གཞི་མེད་པ་མི་རུང་བས་ཀུན་རྫོབ་ཀྱི་ས་བོན་རྣམ་ཤེས་སོགས་དོན་དམ་པ་ས་ཁས་བླངས་དགོས་གསུང་ངོ། དེ་ལ་འབྲས་བུ།)་ཐམས་ཅད་ཀྱང་(བདེན་པའི)་དངོས་པོའི་ངོ་བོ་མ་ཡིན་པ་ཁོ་ནའོ་ཞེས ་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཤད་ལ་སོགས་པ་ཀུན་རྫོབ་འདིའི་ཉེ་བར་ལེན་པ་ནི་(འབྲས་བུ་བརྫུན་པ)་རང་དང་རྗེས་སུ་མཐུན་པ་ཐོག་མ་མེད་པ་དངོས་པོར་མ་གྱུར་པ་(མི་བརྟག་ན་ཉམས་དགའ་བ)་ཁོ་ནར་རིགས་སོ། (།བདེན་པ་གཉིས་སུ་བརྟགས་པ་གཞི་དང་བཅས་པ་ནི། འགའ་X ་X་ཡང་གང་ལའང་མི་སྣོད་དོ། །ཤིང་ལ་སོགས་པ་འདི་རྣམས་ནི། གཞི་ལ་སྟོབས་པ་མ་ཡིན་ཉིད། ཅེས་གསུངས་རྒྱན་དུ། བརྟག་པ་ལ་བྱས་ཉམས་དགའ་བ། བདག་ཏུ་སྔ་མ་སྔ་མ་ལ། བརྟེན་ནས་ཕྱི་མ་ཕྱི་མ་ཡི། འབྲས་བུ་དེ་འདྲ་འབྱུང་བ་ཡིན། དེ་ཕྱིར་ཀུན་རྫོབ་ཏུ་མེད་ན། རུང་མིན་ཞེས་པ་ལེགས་མ་ཡིན། གལ་ཏེ་འདི་ཡི་ཉེར་ལེན་ཡང། ཡང་དག་X ་X་ཡིན་ན་དེ་སྒྲོས་ཤིག་ཅེས་གསུངས་སོ།།)་རྣམ་པར་ཤེས་པ་ལ་སོགས་པ་(བདེན་པའི)་དངོས་པོར་གྱུར་པ་ནི་མེད་དེ་(རྒྱུ་བདེན་པ)་དེ་ནི་(འབྲས་བུ་བརྫུན་པ)་དེ་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །དེ་ཕྱིར་མ་བརྟགས་ན་གྲགས་པ་(ཱམ་གྲུབ་པ་གཟུགས་ལ་སོགས་པ)་རྣམས་ལ་གང་སྐྱེ་བ་དང ་གནས་པ་དང་འཇིག་པ་ལ་སོགས་པར་(ཐ་སྙད་པས་ཤེས་པས)་སྒྲོ་བཏགས་པ་སྒྱུ་མ་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་ལ་སོགས་པ་ལྟ་བུ་དེ་ཀུན་རྫོབ་ཀྱི་བདེན་པའོ་ཞེས་རྣམ་པར་བཞག་གོ་།གང་སྒྲོ་མ་བཏགས་པ་ཡང་དག་པའི་ཚད་མས་ཡོངས་སུ་ངེས་པ ་སྐྱེ་བ་མེད་པ་ལ་སོགས་པ་དེ་ནི་དོན་དམ་པའི་བདེན་པའོ། །དེ་སྐད་དཱུང་ཆོས་ཡང་དག་པར་སྡུད་པར་གསུངས་པ། སྐྱེ་བ་མེད་པ་ནི་བདེན་ནོ། །སྐྱེ་བ་ལ་སོགས་པ་ཆོས་གཞན་རྣམས་མི་བདེན་ཏེ་བརྫུན་པ་བསླུ་བའི་ཆོས་ཅན་ནོ་ཞེས་སོ། །སྐྱེ་བ་མེད་པ་འདི ་ཡང་དོན་དམ་པ་(སྤྲོས་བྲལ)་དང་མཐུན་པའི་ཕྱིར། དོན་དམ་པ་ཞེས་བརྗོད་ཀྱི་(དོན་དམ)་དངོས་ནི་མ་ཡིན་ཏེ། (བདེན་གཉིས་སུ་སྐྱེ་སོགས་བཀག་པ་དོན་དམ་དང་མཐུན་པའི་ཕྱིར་ཡང་འདོད་པ་ཡིན་ཅེས་དང་རྒྱན་དུ་དམ་པའི་དོན་དང་མཐུན་པའི་ཕྱིར་འདི་ནི་དམ་པའི་དོན་ཅེས་བྱ།)་དངོས་སུ་ན་དོན་དམ་པ་ནི་སྤྲོས་པ་ཐམས ་ཅད་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །སྐྱེ་བ་(བདེན་གཉིས་སུ་དགག་ཀྱང་ཡོད་པ་མ་ཡིན་པས་ཡང་དག་དུ་ན་བཀག་མེད་གསལ་ཞེས་སོ།)་།མེད་པ་ཁོ་ན་དེ་ཁོ་ན་ཉིད་དེ་ཡང་རྣམ་པ་ཐམས་ཅད་དུ་(སྒྲ་བློས)་བསྟན་པར་བྱ་བ་མ་ཡིན་ཡང་ཐ་སྙད་(ཤེས་བརྗོད)་ཀྱི་དབང་(སྐྱེ་མི་སྐྱ་སྟོང་མི་སྟོང་ལ་སོགས་པ) ་གིས་འདུས་བྱས་མ་ལུས་པའི་(སྐྱེ་མེད་དང་ངེས་པ)་ཆོས་ཉིད་ཀྱིས་ན་འདུས་མ་བྱས་པའི་ཞེས་བསྟན་པའོ། །སྐྱེ་བ་དང་སྐྱེ་བ་མེད་པ་དག་དུས་ཐམས་ཅད་དུ་གནས་པ་ཉིད་ཀྱི་ཕྱིར་འདུས་མ་བྱས་པའོ་ཞེས་ཀྱང་བསྟན་གྱི། དེ་གཉིས་(དོན་དམ་འདུས་མ་བྱས་ནི་སྐྱེ་བ་དང་སྐྱེ་མེད)་ཀའི ་ངོ་བོ་ནི་མ་ཡིན་ཏེ། (དོན་དམ)་དེ་ནི་ངོ་བོ་ཐམས་ཅད་ལས་འདས་པའི་མཚན་ཉིད་ཅན་གྱི་ཕྱིར་རོ། །ཇི་སྐད་དུ་རབ་དུ་དད་པ་ཆེན་པོ་བསྐྱེད་པའི་མདོར་(དབུ་མ་རྩ་ཤེའི་རབ་བྱེད་བཅོ་བརྒྱད་པར)་གསུངས་པ། གཞན་(གྱིས་བསྟན་པ)་ལས་རྟོག་མིན་ཞི་བ་སྟེ། སྤྲོས་པ་(དང།)་རྣམས་ཀྱིས་མ ་སྤྲོས་པ། (།ཤིང་བརྗོད་དུ་མེད)་རྣམ་པར་མི་རྟོག་སྣ་ཚོགས་མིན། (།ས་སྟོང་པ་ཉིད་དུ་རོ་མཉམ་པ)་འདི་ནི་དེ་བཞིན་ཉིད་(ཀྱི)་མཚན་ཉིད། །ཅེས་སོ། (།དོན་དམ། །དང་ཐ་སྙད་ཀྱི་སྤྲོས་པ་ལས་འདས་པ)་དེ་ཉིད་ཀྱི་ཕྱིར་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ནི་ཀུན་རྫོབ་(རང་བཞིན་དང་བྲལ་བ)་ཁོ་ནར་བྱེ་བྲག་དང་བཅས ་པ་སྟེ་དེ་ལྟར་ཡང་བྱེ་བྲག་དང་ཁྱད་པར་དང་ཡོན་(ཏེ་ཐད)་ཏན་དང་ཆོས་ཤེས་པ་དོན་གཞན་མ་ཡིན་ལ་བྱེ་བྲག་ཅན་དང་ཁྱད་པར་ཅན་དང་ཡོན་ཏན་ཅན་དང་ཆོས་ཅན་ཞེས་པ་དོན་གཞན་མ་ཡིན་ནོ། །གང་གི་ཚེ་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཀྱི་སྒྲས་ཆོས་ཅན ་ལ་བརྗོད་པ་དེའི་ཚེ་ནི་ཆོས་དེ་ཆོས་ཉིད་ཅེས་ཐ་སྙད་བྱ་སྟེ་(ཆོས་ཅན་ལ་ཆོས་དང་ཆོས་ལ་ཆོས་ཉིད་དུ་བརྗོད་པ་མི་འཐད་དོ་ཞེ་ན་དེ་ལྟར་བར་བྱས་པ་སྟེ།)་སྒྲའི་དོན་རྣམ་པར་བཞག་པ་ནི་བརྡ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །སྒྲའི་དོན་ནི་བསྒྲུབ་པ་དང་དགག་པའོ། །དེ་དག་(སྒྲ་རྣམས་ལས་དེ་རྟོགས་ཉིད་ཀྱིས་X ་X་གཞན་བཟློག་རྟོགས་འགྱུར་ཞེས་རྣམ་འགྲེལ་དུ་གསུངས་པ་ལྟར)་ཀྱང་སྒྲུབ་པ་བརྗོད་པའི་སྒྲ་ལས་ཅིག་ཅར་རྟོགས་ཏེ་པད་དཀར་གྱི་སྒྲ་ལས་འདབ་བརྒྱ་པ་དཀར་པོ་མ་གོས་པ་(རྟོགས་པ)་བཞིན་ནོ། །སྒྲ་ལས་བྱུང་བའི་ཤེས་པ་སྒྲོ་བཏགས་པའི་(སྒྲུབ་པ་དང་དགག་པ)་རང་བཞིན་རྣམ་པར ་དབེན་པའི་རང་གི་ངོ་བོའི་ཡུལ་ཅན་ཏེ། དེ་ཉིད་ཀྱི་ཕྱིར་རིགས་(བྱ་བ་རྫས་ཡོན་ཏན)་ལ་སོགས་པའི་དོན་མེད་པའི་ཡུལ་ཅན་མངོན་པར་འདོད་པའི་དོན་གྱི་དངོས་པོ་མེད་པ་ཁོ་ནའང་གཞན་སེལ་བའོ། །གལ་ཏེ་ཡང་དངོས་པོ་ཡུལ་དུ་མི་འགྱུར་རོ་ཞེས་དངོས་པོ་མེད ་པའི་ཡུལ་ནི་སེལ་བའི་ཡུལ་ཏེ། (རྣམ་འགྲེལ་དུ་རང་བཞིན་དེ་འཛིན་རྣམ་རྟོག་བའོ།?་དོན་མེད་ཀྱང་དེའི་དོན་ཅན་འདྲ་ཞེས་པ་ལྟར།)་དེ་ལ་ནི་དངོས་པོར་ན་ཡུལ་མེད་ཀྱང་(དོན་ཡུལ་དུ་བྱོས་སྙམ་པའི)་མངོན་པའི་ང་རྒྱལ་ལས་(གཞན་སེལ་བ)་འདིའི་ཡུལ་དོན་ཉིད་དོ། །དོན་གྱི་ཡུལ་ཅན་ཉིད་ནའང་(རྣམ་འགྲེལ་X ་X་དེས་གཉིས་སུ། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། གང་གིས་གོ་བར་འགྱུར་བ་དེ། དེ་ལས་གཞན་གྱིས་ནུས་མ་ཡིན་དེས་ན་ཐ་དད་རྣམ་པར་གནས་ཤེས་པ་ལྟར་དོན་དེའི།)་བདག་ཉིད་(རྣམ་པ)་ཐམས་ཅད་ཀྱིས་(སྒྲ་བྱུང་བའི་ཡུལ)་མ་ཡིན་གྱི་འོན་ཀྱང་(སྒྲ་བྱུང་གིས་གང་རྟོགས་པའི)་ལྡོག་པ་གཅིག་གི་མཚམས ་ཀྱི་ངོ་བོའོ། །གང་ཡང་རིགས་མི་མཐུན་དང་བྲལ་བའི་བདག་ཉིད་དངོས་པོའི་ཆ་(རྣམ་རྟོགས་ཀྱིས་ངེས་པ)་དེ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཏེ་དེ་སྒྲའི་དོན་ནོ། (།ཚད་མ་རྣམ་འགྲེལ་དུ)་དེ་གསུངས་པ། ངེས་པས་མ་ངེས་(པའི)་ངོ་བོ་གང། (ཡིན་པ)་དེ་ནི་ཅི་ལྟར་(ངེས་པ)་དེ་ཡི ་ཡུལ་(ཡིན་ཏེ་མིན)་ཞེས་སོ། །དེའི་ཕྱིར་སྒྲ་གཞན་རབ་ཏུ་འཇུག་པའི་ཕྱིར་(ཆ་ཤས་སྒྲ་འདོགས་ཇི་སྙེད་པ། དེ་བསལ་ཆེད་དུ་ངེས་པ་དང། སྒྲ་ཡང་དེ་ཉིད་ཁོ་ན་ཏེ། སེམས་ཅན་སྤྱོད་ཡུལ་ཐ་དད་ཅན་ཞེས་པ་ལྟར།)་།རིགས་མི་མཐུན་རེ་རེ་རྣམ་པར་གཅོད་པའི་བདག་ཉིད་ནི་དངོས་པོའི་ཆ་སྟེ་སྒྲའི་དོན་ནོ། །དེ་ཡོད་པའི ་ཕྱིར་དང་དེས་དབེན་པ་གཞན་(རྟག་པ་ལྟ་བུ)་མེད་པའི་ཕྱིར་(སྒྲ་དོན་ལ་བརྟེན་ནས་འདིར་ནི་སྒྲུབ་པ་དང། དགག་པ་ཐམས་ཅད་བརྗོད་པ་ཡིན་ཅེས་པ་ལྟར།)་དགག་པ་དང་བསྒྲུབ་པའི་ཐ་སྙད་ཐམས་ཅད་ནི་དེའི་རྒྱུ་ཅན་ཁོ་ནའོ། །གང་གི་ཕྱིར་མ་ཡིན་པར་དག་པ་ནི་རྣམ་(དངོས་པོའི་ཆ་མི་རྟག་པ་ལྟ་བུ) ་པར་གཅོད་པའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་(རྣམ་གཅོད)་དེ་མེད་(མ་ཡིན་དགག)་པར་མེད་པའི་ཕྱིར་ན་དགག་པ་རྟོགས་ལ་སྒྲས་ཀྱང་(མ་ཡིན་དགག)་དེ་བརྗོད་པར་བྱེད་པ་ཉིད་ན་ལྡོག་པ་རྗོད་པར་(ཱམ་སྒྲུབ་པ)་བྱེད་པ། ཁོ་ནའོ། །ཇི་ལྟར་ཡང་དགག་པ་བྱེད་པའི་སྒྲས་སྒྲོ ་འདོགས་པའི་རྣམ་པ་(རྟག་པ་ལྟ་བུ)་རྣམ་པར་གཅིད་ཅིང་བསྒྲུབ་པར་བྱ་བ་ཉིད་ཀྱིས་ཀྱང་བརྗོད་ལ། མེད་དགག་གི་བདག་ཉིད་ངོ་བོ་ཅི་ཡང་མེད་པ་དངོས་པོ་མེད་པའི་ངོ་བོ་མི་གཏོང་བ་དེ་བཞིན་དུ་སྒྲུབ་པས་(ཀྱང་བྱེད་པའི་སྒྲས)་སྒྲུབ་པའི་ངོ་བོ་ཉིད་དུ་བརྗོད་ཀྱང་གཞན ་ལས་ལྡོག་པས་ལྡོག་པའི་ངོ་བོ་ཉིད་ལས་མི་འདའ་ཨོ། །དེ་ཉིད་ཀྱི་ཕྱིར་ཡང་ཉན་པ་པོའི་འདོད་པའི་ངོར་(སེམས་ཀྱི)་ཁྱད་པར་(རང་བཞིན་མེད་པ་དང་སྟོང་པ་ལས)་གཞན་མི་སྤོང་བའི་ཕྱིར་(སེམས་ཅན)་སེམས་(ཆོས)་རང་བཞིན་མེད་པ་དང་སྟོང་པ་ཞེས་པ་ལ་སོགས་(རིགས་མི་མཐུན) ་པ་(ཆོས་ཅན་དང་ཆོས)་ཁྱད་པར་(རམ་དབྱེ་བ)་མེད་པའི་ཐ་སྙད་དང། ཁྱད་པར་གཞན་སྤོང་བའི་ཕྱིར་(ཆོས་ཅན)་རྣམ་པར་ཤེས་པའི་(ཆོས)་རང་བཞིན་མེད་པ་ཉིད་དང་སྟོང་པ་ཉིད་ཅེས་པ་ལ་སོགས་པ་(ཆོས་ཅན་དང་ཆོས)་ཁྱད་པར་(རམ་དབྱེ་བའི)་གྱི་ཐ་སྙད་དོ། །དོན་དམ་པར ་མི་ཆོས་རྣམ་པར་ཤེས་པ་དང། ཆོས་ཉིད་སྟོང་པ་ཉིད་ལ་སོགས་པ་ནི་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཁྱད་པར་དང་ཁྱད་པར་མེད་པ་(ཱམ་ཐ་དད་དམ་ཐ་མི་དད)་དག་མེད་དོ། (།ཚད་མ་རྣམ་འགྲེལ་དུ)་དེ་གསུངས་པ། དོན་དམ་རྣམ་པར་དཔྱད་རྣམས་ལ། །དེ་ལྟར་(དེ་ཉིད་རང་གཞན) ་གྱུར་བ་མི་འགྲུབ་བས། །ཀུན་རྫོབ་པ་ཡི་ཚིག་དོན་ལ། (།རྣམས)་དེ་ཉིད་དང་ནི་གཞན་ཉིད་འགོག་།ཅེས་དང། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཐ་དད་ཐ་དད་བརྟག་པ་མིན། ཞེས་སོ། (།དགོངས?་འགྲེལ་གྱི་མདོར་གཅིག་པ་དང་གཞན་པ་ལ་སྐྱོན་བཞི་བཞི་ཡོད་པ)་དེས་ན་ཟླ་བ་(དང་དུང)་ལ་སོགས་པ ་རྣམས་ཀྱི་དཀར་པོ་ཉིད་ལ་སོགས་པ་ལྟར་འདུས་བྱས་ཀྱི་མཚན་ཉིད་ཀུན་རྫོབ་དང་ལྷན་ཅིག་གཅིག་ཉིད་དེ་ཉིད་དང་གཞན་ཉིད་དག་གི་(གཞི་མ་གྲུབ་པས)་བརྗོད་པར་བྱར་མེད་པ་ཁོ་ན་ནི་དོན་དམ་པའི་མཚན་ཉིད་དོ། (།ཞེས་གསུངས)་དངོས་པོ་ཁོ་ན་ལ་དེ་ཉིད་དང་གཞན་ཉིད ་དུ་རྣམ་པར་རྟོག་པ་སྲིད་པའི་ཕྱིར་ལ། དོན་དམ་པའི་སྤྱིའི་མཚན་ཉིད་ནི་དངོས་པོའི་ངོ་བོ་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་བརྗོད་བྱ་མ་ཡིན་པ་ཉིད་ཁོ་ནའོ། །དངོས་པོར་ཡོད་ནའང་དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པར་རྟོག་པ་འབྱུང་གི་དངོས་པོ་རྣམས ་རང་བཞིན་མེད་པ་(དོན་དམ་པ)་ལ་(དེ་ཉིད་དང་གཞན)་དེ་དེ་ལྟར་མི་སྲིད་དོ་ཞེས་(བདེན་གཉིས་ཅིག་ན་ཇི་ལྟར་གཉིས་སུ་བཞག་ཅིང་ཐ་དད་ན་གཉིས་ཀ་དངོས་པོར་ཐལ་ལ་གཉིས་ཀ་ཡིན་ལ་ཅིག་ལ་ཕན་ཚུན་འགལ་བ་གཉིས་ཇི་ལྟར་ཡིན་གཉིས་ཀ་མིན་པའང་མི་རིགས་ཏེ་དངོས་འགལ་གཅིག་བཀག་པ་ནི་ཅིག་སྒྲུབ་པ་ཡིན་པས་སོ་ཞེས་པའི།)་འགལ་བ་མེད་པ ་ཁོ་ནའོ། །དོན་དམ་པ་(བརྟགས་པ་པ)་ཡེ་ཤེས་ཀྱི་བདག་ཉིད་ཀྱང་ཀུན་རྫོབ་དང་ལྷན་ཅིག་(ཆོས་ཐམས་ཅད་དེ་བཞིན་ལས་གཞན་མ་ཡིན་པས།)་དེ་བཞིན་ཉིད་ཀྱི་མཚན་ཉིད་(ཅན)་དོན་དམ་པའི་རྣམ་པར་གཅིག་པ་ཉིད་དུ་འདོད་པ་ཁོ་ན་སྟེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར ་གསུངས་པ། རབ་འབྱོར་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པའང་གཞན་པ་མ་ཡིན་གང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་དེ་ཁོ་ན་དོན་དམ་པའི་དེ་བཞིན་ཉིད་དོ་ཞེས་སོ། །ཡེ་ཤེས་ཀྱི་བདག་ཉིད་ཀྱི་དོན་དམ་པ་ནི ་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ། དེ་ཁོ་ན་ཉིད་རྟོགས་པ་དང་མཐུན་པ་ཉིད་ཀྱི་ཕྱིར་(བཏགས་ནས)་དོན་དམ་པའི་ངོ་བོ་ཉིད་ཀྱང་ངོ་ཞེས་པ་བལྟོས་པའི་བྱེ་བྲག་གིས་(ཆོས། འཕགས་པའི་ཤེས་རབ) ་གཅིག་ལ་(ཀུན་རྫོབ་དང་དོན་དམ)་གཉིས་ཀའི་ངོ་བོ་ཉིད་ཀྱང་མི་འགལ་ལོ་(།དོན་དམ་སྤྲོས་པ་ལས་འདས་ཤིང་དེ་དག་གི་ཁྱད་པར་ཙམ་གྲུབ་པ)་དེའི་ཕྱིར་ཆོས་དང་ཆོས་ཅན་ཐ་དད་པ་ལ་སོགས་པའི་རྣམ་པར་བཞག་པ་ཐ་སྙད་ཁོ་ནར་རོ་ཞེས་པས་དོན་དམ་པར་སེམས་བསྐྱེད་པ ་ལ་སོགས་པ་(ཱི་ཆོས)་རྣམས་ཁྱད་པར་དང་བཅས་པ་མ་ཡིན་ལ་ཁྱད་པར་མེད་པའང་མ་ཡིན་ནོ། །གང་འཕགས་པ་ས་བཅུ་པའི་མདོར་གསུངས་པ། ཀྱེ་རྒྱལ་བའི་སྲས་རྣམས་འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་པ་དེ་ནི་མདོ ་གཞན་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས)་རྣམས་སུ་རྒྱས་པ་དང་བཅས་པ་རང་བཞིན་མེད་པ་ཉིད་བསྟན་པའི་ཕྱིར་དོན་དམ་པ་པ་(དེས་པའི་དོན)་ཉིད་དུ་མི་གཟུང་གི་སེམས་ཙམ་ཉིད་དུ་བསྟན་པ་དེ་(དེ་ཙམ་གྱིས་ཆོག་པ)་ནི་རིམ་གྱིས་དོན་དམ་པའི་(རྣམ་པ་ཐམས་ཅད་པའི་སྟང་པ) ་ཚུལ་གྱི་རྒྱ་མཚོ་ལ་གཞུག་པའི་ཆེད་འབའ་ཞིག་ཏུ་ཟད་དོ་ཞེས་ཟུང་ཞིག་(།རྒྱན་དུ་སེམས་ཙམ་ལ་འདི་བརྟེན་ནས་ནི། ཕྱི་རོལ་དངོས་མེད་ཤེས་པར་བྱ། ཚུལ་འདིར་བརྟེན་ནས་དེ་ལ་ཡང། ཤིན་ཏུ་བདག་མེད་ཤེས་པར་བྱ་ཞེས་ཏེ།)་དེ་ལྟར་ནི་གང་ལན་ཅིག་ལ་ཆོས་མ་ལུས་པ་རང་བཞིན་མེད་པར ་རྟོགས་པར་མི་ནུས་པ་(ཱི་གདུལ་བྱ)་དེ་རེ་ཤིག་(ལང་ཀར་གཤེགས་པར། སེམས་ཙམ་ཉིད་ལ་བརྟེན་པ་ནི། ཕྱི་རོལ་དོན་ལ་མི་བརྟག་གོ་ཞེས་གསུངས་པ་ལྟར།)་སེམས་ཙམ་ཉིད་ལ་བརྟེན་ནས་རིམ་གྱིས་ཕྱིའི་དོན་རང་བཞིན་མེད་པ་ཉིད་ལ་འཇུག་གོ་།དེ་ཉིད་ཀྱི་ཕྱིར་(ལང་ཀར་གཤེགས་པར་གསུངས་པ། ་ཕྱི་རོལ་དོན་མེད་ཅིང་སེམས་ཙམ་སོ)་འདི་ལྟར་རྣམ་པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་སོ། (།དོན་བདེན་མེད་དུ་རྟོགས་པ)་དེའི་འོག་ཏུ་རིམ་གྱིས་སེམས་ཙམ་གྱི་རང་བཞིན་ལ་(གཅིག་དང་དུ་བྲལ་སོགས་ཀྱིས)་སོ་སོར་རྟོག་པ་ན་(སེམས)་།དེ་ཡང་(ཆོས་ཀྱི) ་བདག་མེད་པ་ཉིད་དུ་ཁོང་དུ་ཆུད་ནས་ཟབ་མོའི་ཚུལ་(སྟོང་པ་ཉིད)་ལ་འཇུག་པར་འགྱུར་རོ། (།ཏེ་དེ་ནི་ཉིད་ལ་དམིགས་ནས་ནི་སེམས་ཙམ་ལས་ཀྱང་བཟླ་བར་བྱ་ཞེས་པ་ལྟར།)་ཀུན་རྫོབ་ཏུ་(ཕྱིའི་དོན་འདོད་པའི་དབུ་མར་སློབ་དཔོན་ལེགས་ལྡན་བྱེད་ལ་སོགས་པ་ན་རེ།)་ནི་རྣམ་པར་ཤེས་པ་བཞིན་དུ་ཕྱིའི་དོན ་ཡང་གནས་ཏེ། གཞན་དུ་ན་(ཕྱིའི་དོན་མེད་ན)་འཕགས་པས་བཅུ་པར། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་རྡུལ་ཕྲ་རབ་ཀྱི་གྲངས་ལ་སོགས་པ་ཡོངས་སུ་ཤེས་པར་གང་གསུངས་པ་དེ་དང་འགལ་ཏེ། ཇི་སྐད་དུ ་གསུངས་པ། (རྒྱལ་སྲས་ས་བརྒྱད་པ་བ)་དེ་རྡུལ་ཕྲ་མོ་ཉིད་ཀྱང་རབ་ཏུ་ཤེས་ལ་(དེ་འདུས་པ)་ཆེན་པོར་གྱུར་པ་དང་ཚད་མེད་པ་ཉིད་དང་རྣམ་པར་ཕྱེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་གདན་སའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་རྣམས་(ཀྱི་གྲངས) ་ཀྱང་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་ཀྱི་(རྡུལ་གྲངས)་རབ་ཏུ་ཤེས་སོ། །ཞེས་རྒྱ་ཆེར་རོ། །གྲགས་པ་དང་ཡང་འགལ་ཏེ་(ཟླ་གྲགས་ཞབས་ཀྱིས་འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ་ཕུང་པོ་འཇིག་རྟེན་གྲགས་ཏེ་ལྔ་པར?་ཡོད་ཅེས་གསུངས་པ་ལྟར) ་རྣམ་པར་ཤེས་པ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་གྲགས་པའི་ཕྱིར་རོ། །རིགས་པས་(གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་གཅིག་སེམས་ཡོད་ཉིད་ནང་གཟུགས་མེད་ན་འཛིན་ཅིག་།དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱི་མཚུངས་པར་སྤས?་ཤིང་མངོན་པའི་ཆོས་ལས་གསུངས་ཤེས་དབུ་མ་འཇུག་པར་བཤད་པ་ལྟར།)་དཔྱད ་ན་ནི་(དོན་དང་སེམས)་གཉིས་ཀའང་བརྟག་མི་བཟོད་པ་ཉིད་ཀྱིས་དངོས་པོར་མེད་དོ། །ཐ་སྙད་ཀྱི་བདེན་པ་ལ་དངོས་པོ་(དོན་དང་སེམས)་གཉིས་ཀའང་བ་ལང་རྫི་མོའི་བར་ལ་གྲགས་པ་ཉིད་དོ། །སེམས་ཙམ་དུ་གསུངས་པའི་འབྲས་བུ་ནི། གཞན་(སློབ་དཔོན་ལེགས) ་ལྡན་གྱི་དབུ་མ་སྙིང་པོར་མདོ་ལས་སེམས་ཙམ་གསུངས་པ་མི་བྱེད་པོ་གསུམ་པོ་དག་པ་ཕྱིར་རོ། ཞེས་དང། དབུ་མ་ལ་འཇུག་པར། ཇི་ལྟར་རང་གི་བསྟན་བཅོས་རེ་རེ་ལས། མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག། སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས། རྒྱལ་བས་སེམས་ཅན་འཇིག་རྟེན་བྱེད་པོར་གསུངས་ཤེས་པ་ལྟར།)་གྱིས་ཀུན ་བརྟགས་པའི་བྱེད་པ་པོ་དང་ཟ་བ་པོ་དགག་པ་སྟེ། ཐ་སྙད་དཱུང་སེམས་ཙམ་མ་གཏོགས་པ་གཞན་བྱེད་པ་པོ་(གང་ཟག་གི་བདག)་ལ་སོགས་པ་མ་གྲུབ་པའི་ཕྱིར་རོ། །ཡང་ན་སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་ཆོས་ཐམས ་ཅད་ལ་བལྟོས་ནས་(བཞི་བརྒྱ་པའི་རབ་བྱེད་ལྔ་བར། སེམས་མ་གཏོགས་པར་འགྲོ་སོགས་བ། གང་ཕྱིར་བསོད་ནམས་ལ་སོགས་གམ་མཐོང་དེ་ཕྱིར་ལས་ཀུན་ལ། ཡིད་ནི་དོན་པོར་བསྒྲུབ་པར་བྱ། ཞེས་པ་ལྟར།)་སེམས་གཙོ་བོར་བསྒྲུབས་པའི་དོན་(ལས་དགེ་སྡིག་ལ་སོགས)་དུའོ། །གང་གསུངས་བ། དོན་ཡོད་མ ་ཡིན་སེམས་ཉིད་དེ་(ཕྱི་རོལ་དོན་མཐོང་སོགས་པ་ཡིན)་ཞེས་པ་དང། དེ་བཞིན་དུ་བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས་སོ། །དོན་དུ་སྣང་བ་རབ་ཏུ་འབྱུང། །ཞེས་བ་ལ་སོགས་པ་དེ་ཡང་རྣམ་པ་མེད་པའི་སེམས་ཀྱིས་ཅི་ལྟར་ཡང་ཡུལ་འཛིན་པ་མི་རུང ་བའི་ཕྱིར་གདོན་མི་ཟ་བར་དེ་(སེམས་ཀྱི་ཡུལ་འཛིན་པ)་རྣམ་པ་དང་བཅས་པ་ཁོ་ནར་ཁས་བླང་བར་བྱའོ། །དེའི་ཕྱིར་སེམས་ཀྱི་རྣམ་པ་མ་གཏོགས་པ་དོན་གྱི་རྣམ་པ་མི་སྣང་བའི་ཕྱིར་(སེམས་ཀྱི་རྣམ་པ་ལས་གཞན་པའི་དོན་རྣམས)་དེ་བཀག་པའི་སེམས་རྣམ་པ ་དང་བཅས་པ་ཁོ་ན་སྒྲུབ་པ་འབའ་ཞིག་སྟེ། (མདོའི་དག)་དེ་ལས་ཕྱི་རོལ་གྱི་དོན་མེད་པར་རྟོགས་པ་ནི་མ་ཡིན་ནོ། །ཡང་ན་(རྫུས་ཏེ་བྱུང་པའི་སེམས་ཅན་ཡོད་དོ་ཞེས)་གང་བདག་ཡོད་པ་ཉིད་ལ་སོགས་པར་བསྟན་པ་བཞིན་དུ་(སེམས་ཙམ་དུ་བསྟན་པ)་དེ་ལྟ་བུས ་འདུལ་བའི་སྐྱེ་བོ་ལ་བལྟོས་ནས་བཅོམ་ལྡན་འདས་རྣམས་ཀྱིས་(སེམས་ཙམ་དུ)་བསྟན་པའོ། (།རིགས་པ་དྲུག་ཅུ་བར། འཇིག་རྟེན་དབང་དུ་རྒྱལ་བ་རྣམས། ང་དང་ང་ཡི་ཞེས་གསུངས་ལྟར། དེ་བཞིན་ཕུང་པོ་སྐྱེ་མཆེད་ཁམས་དགོས་པའི་དབང་གིས་བཤད་པ་ཡིན་ཅེས་སོ།)་།དེ་སྐད་དཱུང། ལང་ཀར་གཤེགས ་པར་གསུངས་པ། ནད་པ་དང་ནི་ནད་པ་ལ། །སྨན་པས་རྫས་(གང་དང་གང་དུས་དེར་ཁམས་ལས་འཕྲོད་པ་ལ)་བྱིན་པ་ཇི་ལྟ་བར། དེ་བཞིན་སངས་རྒྱས་སེམས་ཅན་ལ། (རྣམ་རིག་ཙམ?་གྱི་གདུལ་པའི།)་སེམས་ཙམ་ཉིད་དུ་གསུངས་པ་ཡིན། །ཞེས་སོ། །གཞན་(ཱོ་ན་མི་བདེན་བསྟན་པས་གདུལ་བྱ་བསྡུས་པར་?? ་ཞེན)་རྣམས་བསླུ་བར་གསུངས་པའང་མ་ཡིན་ཏེ་(སེམས་ཙམ་དུ་བསྟན་པ)་དེ་ལྟ་བུའི་གདུལ་བའི་སྐྱེ་པོ་ལ་(ཡུན་དུ)་ཕན་བ་དང་(འབྲལ་དུ)་བདེ་བ་ཐོབ་པར་བྱེད་པས་(ཆོས)་བསྟན་པ་འབྲས་བུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་ལ་གཅིག་ཏུ་ཕན་པ་ཁོ་ན་བདེན་པ ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྣམས་(ཆོས་ཅན)་བརྫུན་གསུང་བ་ཡང་མི་མངའ་སྟེ། (གཞན་ལ་ཕན་པ་ཁོ་ན་སྟོན་པའི་ཕྱིར་རོ)་ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་(རིན་ཆེན་ཕྲེང་པའི་ལེའུ་གཉིས་པར)་གསུངས་པ། གཞན་ལ་(མཛའ་གལ་ཏེ་གདུལ་བྱ་ལ་ཕན་ཡང་སངས་རྒྱས་ཀྱིས་བརྫུན་དུ་གསུངས་པར་འགྱུར་རོ་ཞེ་ན།) ་གཅིག་ཏུ་ཕན་པ་བདེན། མི་ཕན་ཉིད་ཕྱིར་(བདེན་པ་ལས)་ཅིག་ཤོས་བརྫུན། ཞེས་སོ། (།གསུངས)་གཞན་(རྣམ་རག?་དཔྱོད་པའི་དབུ་མ་བ་སློབ་དཔོན་ཞི་བ་འཚོའི་ཞབས་སོགས།)་རྣམས་ན་རེ་(དེས་དབུ་མ་རྒྱན་དུ་རྒྱུ་དང་འབྲས་བུར་བྱུང?་བ་ཡང་ཤེས་པ་འབའ་ཞིག་ཁོ་ན་སྟེ་རང་གི་གྲུབ་པ་གང་ཡིན་པ་དེ་ནི་ཤེས་པར་གནས་པ ་??་ཅེས། གསུངས་ཤིང་དེའི་ཤེས་བྱེད་དུ་རིག་པ་དྲུག་ཅུ་པར་སྐྱེ་བ་དང་ནི་འགག་པ་དག་ཤེས་པ་འབའ་ཞིག་ཁོ་ནའོ་འབྱུང་བ་ཆེ་ལ་སོགས་བཤད་པ་རྣམ་པར་ཤེས་སུ་ཡང་དག་འདུ་ཞེས་གསུངས་པ་དྲངས་པ་ལྟར།)་སེམས་ཙམ་ཁོ་ན་(དོན་ལ་མ་ལྟོས་བར)་རང་(རིག)་གིས་རབ་ཏུ་གྲུབ་པའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་ཀུན་རྫོབ་ཏུ་གནས་ལ། ཕྱི ་རོལ་གྱི་དོན་ནི་ཀུན་རྫོབ་ཏཱུང་མི་གནས་ཏེ། སེམས་ཀྱི་རྣམ་པ་(ལ་དོན་དུ་གཞག་པ)་མ་གཏོགས་པ་དོན་དེ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་(དོན་ཀུན་རྫོབ་ཏུ་ཡང་མ་གྲུབ་པ)་དེ་རབ་ཏུ་བསྟན་པའི་ཆེད་དུ་བཅོམ་ལྡན་འདས་ཀྱི་དངོས་པོ་རྣམས་སེམས་ཙམ་ཉིད་བསྟན་ཏོ ་ཞེས་གསུང་ངོ། །དེ་ལྟར་ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་ནམ། རྣམ་པར་རིག་པ་ཙམ་པ་ཉིད་ཡིན་ཡང་བླ་སྟེ་ཐེ་ཚོམ་མེད་པར་དངོས་པོའི་(སེམས་ལ་སོགས་པ)་ངོ་བོ་ཉིད་ཡང་དག་པ་(དོན་དམ་པ)་བསྒྲུབ་པ་གང་ཡིད་ཆེས་པ་དེ་ལྟ་བུའི་བཀའ་(གསུང་རབ) ་རྣམ་པ་ཐམས་ཅད་དུ་མེད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུང་རབ་ཀྱི་ཚུལ་ཡང་དག་པ་མ་གཏོགས་(ངེས་པར་མ་ཟིན)་པ་བརྫུན་པའི་(མི་མཁས་པ་ལ་མཁས་པ)་མངོན་པའི་ང་རྒྱལ་ཅན་དངོས་པོའི་རང་བཞིན་ཉེ་བར་རྟོག་པ་རྣམས ་ནི་བཅོམ་ལྡན་འདས་ལ་(དངོས་པོར་འཛིན་པ་མདའ་བར)་སྐུར་པར་བྱེད་སྨོད་པར་བྱེད་པ་སྟེ་བདག་ཉིད་(ལམ་ལོག་པ་ལ་དཔྱད་པས)་འཕུང་ལ་གཞན་ཡང་(ལམ་ལོག་པ་ལ་སྦྱར་བས)་ཕུང་དུ་འཇུག་པའོ། །དངོས་པོར་སྨྲ་བ་དེ་(སེམས་ཙམས་མན་ཆད)་རྣམས་ཐམས་ཅད་ནི་ཆོས་ཀྱི་དེ ་ཁོ་ན་ཉིད་(བདེན་མེད་ལ)་ཕྱིན་ཅི་ལོག་ཏུ་(བདེན་པར)་སྟོན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་(ཱི་གཟུགས་ཅན)་ཁོ་ན་ཉེ་བར་སྟོན་པའོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྨྲ་བ་(དབུ་མ་པ)་རྣམས་ནི་ཕྱིན་ཅི་མ་ལོག་པ་ཉིད་ཁོ་ནའོ།། ་(བཤད་མ་ཐག་པ)་དེའི་ཕྱིར་བློ་གྲོས་དང་ལྡན་པས། དད་པས་(ཅན་གྱི)་ཆོས་ཟབ་མོ་རྣམས་སྤོང་བའི་ལྟ་བ་བོར་ཏེ། དེ་ལའང་(ཆོས་ཟབ་མོ)་བཅོམ་ལྡན་འདས། ཁོ་ན་ཚད་མར་བྱས་ན་བདག་ཉིད་མི་ཤེས་པའི་སྐྱོན་གྱིས་(ཆོས་ཟབ་མོ)་དེ་མ་གཏོགས་(སྟོན་པ) ་པར་བསམ་ཤིང་མདོ་སྡེ་ཟབ་མོ་རྣམས་ལ་(བསམ་པས)་ལྷག་བར་མོས་པ་བསྐྱེད་དེ། (སྦྱོར་བས་མདོ་དེ་རྣམས)་མཉན་པ་དང་གཟུར་བ་དང་སྒོམ་པ་ལ་སོགས་པ་རྣམས་ལ་མངོན་པར་བརྩོན་པར་བྱའོ། །གཞན་རྣམས་ཀྱང་ཡང་དག་པར་ལེན་དུ་གཞུག་གོ། ་བདག་ཉིད་(ཆོས)་དེ་ལ་མོས་པའི་ཆེད་དུ་སྨོན་ལམ་ཡང་དག་པར་བྱའོ། །དེ་ལྟར་ནི་དེ་བཞིན་གཤེགས་པ་(ས་བསྲུས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དང་བཅས་པ་རྣམས)་ཁོ་ན་མངོན་སུམ་ཚད་མ་འབའ་ཞིག་གོ་(།སངས་རྒྱས་བཅོམ་ལྡན་འདས)་དེ་རྣམས་ཀྱིས་དངོས་པོ་ཡང་དག ་པར་(ཆེན་པོར་མ་ཐད)་ཅུང་ཟད་ཀྱང་མ་དམིགས་ཏེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ་གསུངས་པ། ཡང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་མཐོང་བ་གང་ཞེ་ན་གང་འདི་(ཅི་ཡང)་མཐོང་བ་མེད་པའོ་ཞེས་སོ། །འཕགས་པ་ཆོས་ཡང་དག་པར ་སྡུད་པར་ཡང་གསུངས་པ། ཆོས་ཐམས་ཅད་མཐོང་བ་མེད་པ་ནི་མཐོང་བ་དམ་པའོ་ཞེས་སོ། །འོ་ན་ཆོས་ཐམས་ཅད་བདག་པ་མེད་པ་ཉིད་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་(གྱིས་གྲུབ་པ)་ཇི་ལྟར་ཡིན་ཏེ་(བདག་མེད)་དེ་ནི་དངོས་པོ་མེད་པ་ལ་དངོས་པོ་མེད་པར ་ཡང་ཅི་ལྟར་ཡང་(རྣམ་པ་གང་གིས་ཀྱང)་རྣམ་པར་ཤེས་པ་མི་བསྐྱེད་པའི་ཕྱིར་རོ། །ཞེ་ན། འདི་ནི་མི་རིགས་ཏེ་ཁོ་བོ་ཅག་གིས་རི་བོང་གི་ར་ལ་སོགས་པ་དང་འདྲ་བའི་(ཀུན་རྫོབ་དུ་ཡང)་དངོས་པོ་མེད་པ་འགའ་ཞིག་མངོན་སུམ་གྱིས་ཤེས་པ་སོ་སོར་བསྐྱེད་པར་བྱེད ་པར་ནི་ཁས་མི་ལེན་གྱི། འོན་ཀྱང་རྣལ་འབྱོར་པ་ཆེན་པོ་ཆོས་ཐམས་ཅད་(སྣང་བ་རང་བཞིན་མེད་པ)་སྨིག་རྒྱུ་དང་མིག་ཡོར་(སྣང་བརྙན་ཞེས་ལོ་ཙ་བ་དཔལ་རྩེགས་ཀྱིས་བསྒྱུར་བ)་ལྟར་ཇི་ལྟ་བ་བཞིན་སྒོམ་པར་བྱེད་པ་རྣམས་ཀྱིས་ཡང་དག་པའི་དོན་སྒོམ་པ་རབ་ཀྱི་མཛའ་ ་ལས་བྱུང་བའི་ཏིང་ངེ་འཛིན་ཐོབ་ལ་མཐུ་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རྣལ་འབྱོར་པ་དེ་རྣམས་ལ་ཆོས་མ་ལུས་པ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་(སུམ)་དུ་བྱེད་པ་ཤིན་ཏུ་གསལ་བའི་ཡེ་ཤེས་རྣམ་པ་དེ་ལྟ་བུ་ཉེ་བར་སྐྱེ་སྟེ། ་(བདག་མང་པ་མངོན་དུ་བྱེད་པའི་ཡེ་ཤེས)་དེ་ཉིད་མཐོང་བ་མེད་པར་བརྗོད་ཀྱི་(མཐོང་བ་མེད་ཙམ་གྱི)་མེད་པར་དགག་པའི་ངོ་བོ་མ་ཡིན་ནོ། །དེ་སྐད་དཱུང་བཅོམ་ལྡན་འདས་ཀྱིས་གསུངས་པ། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར ་ཉེ་བར་བསྟན་པར་བྱ་སྟེ་(སྣང་ཙམ་དུ)་མཐོང་བྱ་དང་(དོན་དམ་པར)་མཐོང་བྱ་མིན་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེ་ལྟར་མཐོང་བྱའི་མཚན་ཉིད་ཅན་ནི་ཐ་སྙད་དུའོ། །མཐོང་བྱ་མིན་པའི་མཚན་ཉིད་ནི་དོན་དམ་པ་ཁོ་ནར་རོ་ཞེས་པ་མདོའི་དོན་ནོ། །འདི ་ཁོ་ན་ལ་དགོངས་ནས་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་(རིག་པ་དྲུག་བཅུ་པར)་གསུངས་པ། སྲིད་པ་དང་(ཉེ་བར་ལེན་པའི་ཕུང་པོ)་ནི་(དེ་བྱེད?་པའི)་མྱང་འདས་ཉིད། །གཉིས་འདི་(ངོ་བོ་ཉིད་ཀྱིས)་ཡོད་པ་མ་ཡིན་ཏེ། སྲིད་པ་(ངོ་བོ་ཉིད་ཀྱི་སྐྱེ་བ་མེད་པའི་ཚུལ་གྱིས)་ཡོངས་སུ་ཤེས་པ ་ཁོ་ན། (།མཚན་མ་ཐམས་ཅད་ཞི་བས་ན)་མྱ་ངན་འདས་ཞེས་པར་བརྗོད་ཅེས་སོ། །གལ་ཏེ་ཡང་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པར་རོ་གཅིག་པ་ཉིད་ཀྱིས་མངོན་སུམ་ཡང་དོན་དམ་པར་རང་བཞིན་མེད་མོད། དེ་ལྟ་མོད་ཀྱི ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་(ནས་ཐ་སྙེད་དུ་ཡོད།)་པ་མངོན་སུམ་?་(དེས་ཤེས་བྱ་རྟོགས་པ)་ལ་སོགས་པ་རྣམ་པར་བཞག་པ་ཐམས་ཅད་མི་འཁྲུག་གོ་།ཐ་སྙད་དུ་རྣལ་འབྱོར་པའི་ཤེས་པ་འམ་གཞན་སོ་སོའི་སྐྱེ་བོའི་ཤེས་པ་ནི་འཕགས་པའི་གང ་ཟག་ལ་སོགས་པ་(སོ་སོ་སྐྱེ་བོ)་རྣམ་པར་བཞག་པའི་རྒྱུར་མི་འདོད་པ་མ་ཡིན་གྱི། འོན་ཀྱང་(ཆོས)་གང་ཐམས་ཅད་ཀྱི་ཚེ་ཀུན་རྫོབ་ཏཱུང་རྒྱུ་མེད་པ་དེ་ཁོ་ན་ཐ་སྙད་དཱུང་མི་སྐྱེ་བ་ཁོ་ན་སྟེ་རི་བོང་གི་རྭ་ལ་སོགས་པའོ། །གང་(ཀུན་རྫོབ་ཏུ་རྒྱུ་ཚོགས་པ)་ཡོད ་པ་དེ་ནི་(དོན་དམ་དུ་ངོ་བོ་མེད་ཀྱང)་སྐྱེ་སྟེ་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པའོ། །དེ་ལ་ཇི་ལྟར་སྔགས་དང་སྨན་ལ་སོགས་པ་ཚོགས་པའི་དབང་གི་གླང་པོ་ལ་སོགས་པ་སྣ་ཚོགས་པའི་སྒྱུ་མ་རབ་ཏུ་འཇུག་པ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཉོན ་མོངས་པ་དང་ལས་ཀྱི་དབང་གིས་(ཁམས་གསུམ་དུ)་སྐྱེ་བ་ལ་སོགས་པའི་སྒྱུ་མ་དང། རྣལ་འབྱོར་པ་རྣམས་ཀྱི་ཡང་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་རྣལ་འབྱོར་པའི་ཡེ་ཤེས་ལ་སོགས་པའི་རྒྱུ་མ་རབ་ཏུ་འཇུག་པ་ཁོ ་ནའོ། (།སྤྱོད་འཇུག་ཏུ་སྣ་ཚོགས་རྐྱེན་ལས་བྱུང་བ་ཡི་སྒྱུ་མ་དེ་ཡང་སྣ་ཚོགས་ཉིད་ཅེས་པ་ལྟར།)་།དེ་རྣམས་ཀྱི་སྒྱུ་མ་མཁན་བཞིན་དུ་སྒྱུ་མ་དེ་རྣམས་ཡང་དག་པ་ཇི་ལྟ་བར་(རང་བཞིན་བདེན་པ་མེད་པར)་ཡོངས་སུ་ཤེས་པའི་ཕྱིར་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་མེད་ཅིང་གཞན་གྱི ་དོན་དུ་གོ་ཆའང་གྱོན་ཏེ་ཇི་སྐད་དུ་ཆོས་ཡང་དག་པར་སྡུད་པར་གསུངས་པ། (རྒོད་པ་ཆེན་པོ)་རྫོགས་པའི་བྱང་ཆུབ་(ལ)་མཁས་(པ)་རྣམས་ཀྱིས། །འགྲོ་བ་(སྤྲུལ་པ་དེ་ལྟ)་དེ་ལྟར་སྔ་(མ?)་ནས་ཤེས། (།སྲས་འགྲོ་བ་ལ་ཆགས་པ་མེད)་སྲིད་གསུམ་སྤྲུལ་པ ་ལྟར་ཤེས་ཏེ། འགྲོ་བའི་དོན་དུ་གོ་ཆ་གྱོན། །ཞེས་སོ། །གང་སྐྱེ་བོ་ལ་སོགས་པའི་སྒྱུ་མ་དེ་ལ་བྱིས་པའི་སྐྱེ་བོ་རྟོག་པ་ཅན་ལྟ་བུར་ཇི་ལྟར་མཐོང་བ་བཞིན་བདེན་པར་མངོན་པར་ཞེན་པ་(ཱི་གང་ཟག)་དེ་རྣམས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པ་རྣམས ་སུ་བརྗོད་དོ། (།སྟོང་པ་ཉིད)་འདི་(གལ་ཏེ་མངོན་སུམ་ངོ་བོ་དང་བཅས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་རྣམ་ལ་འོན་ཏེ་དེ་ངོ་བོ་མེད་ན་ཇི་ལྟར་དེས་དངོས་པོ་ལུས་པས་དབེན་པ)་རྟོགས་པར་འགྱུར་ཞེ་ན། རྣལ་འབྱོར་པའི་མངོན་སུམ་གྱིས་ཡང་དག་པར་རྟོགས་པར་བྱའོ་ཞེས་པ་དེའང་རིགས་པ་མེད་པ་མ་ཡིན་ཏེ་དེ་ལྟར ་ནི་མཁས་པ་(དཔལ་ཆོས་ཀྱི་གྲགས་པ)་རྣམས་ཀྱིས། (རྣམ་ངེས་སུ)་མངོན་སུམ་རྟོག་བྲལ་མ་འཁྲུལ་པ། ཞེས་མངོན་སུམ་གྱི་མཚན་ཉིད་བཤད་ལ། གོམས་པའི་སྟོབས་ལས་ཡང་དག་པ་མ་ཡིན་པའི་དོན་ལའང་ཤེས་པ་ཤིན་ཏུ་གསལ་བ་ཁོ་ནར་སྐྱེ་སྟེ། དཔེར ་ན་འདོད་པ་དང་མྱ་ངན་དང་འཇིགས་པ་དང་སྨྱོས་པ་ལ་སོགས་པ་རྣམས་ཀྱིས་ཉེ་བར་(གང་ཚད་མ་དང་ལྡན་པའི་ཡུལ་ཅན་དེ་མི་སླུ་བ་ཡིན་ཏེ། དཔེར་ན་ཐ་སྙད་དུ་དུ་བ་ལ་སོགས་པའི་རྟགས་ངས་པ་ལས་བྱུང་བ་མེ་ལ་སོགས་པའི་ཤེས་པ་ལྟ་བུའོ་རྣལ་འབྱོར་པ་རྣམས་ཀྱི་བདག་མེད་པ་ཤེས་པ་ཡང་ཚད་མ་དང ་ལྡན་པའི་དོན་གྱི་ཡུལ་ཅན་ནོ་ཞེས་རང་བཞིན་གྱི་རྟགས་ཀྱིས་མ་འཁྲུལ་བར་གྲུབ་ཅིང)་།བསླང་པ་རྣམས་ལ་ཤིན་ཏུ་བསྒོམ་པ་མང་དུ་བྱས་པ་ལས་བུད་མེད་ལ་སོགས་པར་སོ་སོར་སྣང་བའི་ཤེས་པ་ཤིན་ཏུ་གསལ་བ་སྐྱེ་སྟེ། གང་གི་ཕྱིར་དེ་རྣམས་ཀྱིས་དེ་རྣམས་མདུན་ན་ཡོད་པ་ལྟར་མཐོང་ནས ་ལུས་ལ་སོགས་པའི་བྱ་བ་བབ་ཆོལ་རྣམས་དུ་མ་རྩོམ་པ་ལྟ་བུའོ། །དེའི་ཕྱིར་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་བསྒོམ་པར་(དང་བུ་གཅིག་པ་དང་བྱ་ཁྱུང་དང་སྒྲ)་བྱེད་པ་ཁ་ཅིག་(སྣང་བསྙན་གྱི)་ཀྱང་དེ་ལ་ཤེས་པར་ཤིན་(བསླང་བ་ཅན)་ཏུ་གསལ་བ་(བུད་མེད་ལ་སོགས་པ)་སྐྱེད་དོ། །ཞེས་པ་སྲིད་དོ། །གང ་གསལ་བར་(གསལ་བར་སྣང་བ་ལ་མི་འཁྲུལ)་སྣང་བའི་ཤེས་པ་(གོམས་པ་ལས་གསལ་བར་སྣང་??)་དེའང་རྟོག་པ་མེད་པ་ཁོ་ན་སྟེ། རྟོག་པས་འཁྲུགས་པ་ལ་གསལ་བའི་རྣམ་པ་ཉིད་དུ་སྐྱེ་བ་(དེ་ཁོ་ན་ཉིད)་མེད་པའི་ཕྱིར་རོ་ཞེས་ཚད་མ་རྣམ་འགྲེལ་ལ་(དང་རྣམ་ངེས)་སོགས་པར་(རྣམ་པར)་རྟོགས ་དང་རྗེས་འབྲེལ་ན་གསལ་བར་སྣང་བ་ཅན་མིན་ཞེས་སོགས)་རྒྱས་པར་བྱས་སོ། །མངོན་སུམ་རྣམ་བ་གཉིས་སུ་འང་སློབ་དཔོན་རྣམས་ཀྱིས་རྣམ་པར་ཕྱེ་སྟེ། རྣལ་འབྱོར་བ་རྣམས་ཀྱི་དང། ཅིག་ཤོས་རྣམས་ཀྱིའོ། །དེ་ལ་གང་ཅིག ་ཤོས་རྣམས་ཀྱི་མངོན་སུམ་དེ་ནི་དོན་དམ་པའི་དབང་དུ་བྱས་ནས་མ་འཁྲུལ་བར་མི་བརྗོད་དོ། །གཞན་དུ་ན་ནི་ཐམས་ཅད་རྣལ་འབྱོར་པ་ཁོ་ནར་འགྱུར་གྱི་ཚུ་རོལ་མཐོང་བར་མི་འགྱུར་རོ། །ཐ་སྙད་དུ་རྨི་ལམ་ལ་སོགས་པ་བཞིན་ཇི་ལྟར ་གྲགས་པའི་དོན་ལ་མི་(དངོས་པོ་བརྫུན་པ་ལས་མི་སླུ་ཡང)་བསླུ་བ་ཙམ་ལ་དེ་མ་འཁྲུལ་བར་བརྗོད་པ་འབའ་(དོན་དམ་པར་མི་སླུ་གང་ཟག)་ཞིག་གོ་།གང་(སུ་ཡང)་ཡང་ཉན་(སོ་སོ་སྐྱེ་བོ)་ཐོས་ལ་སོགས་པའི་རྣལ་འབྱོར་པའི་མངོན་སུམ་དེ་ནི་གང ་ཟག་ལ་བདག་མེད་པ་ཉིད་ཙམ་མངོན་དུ་བྱེད་བར་(ཅིག་ཤོས་ཀྱི་མངོན་སུམ)་ཞུགས་པ་ཉིད་ཀྱི་ཕྱིར། དེ་ལ་མི་བསླུ་བ་ཉིད་ཀྱིས་མངོན་སུམ་ཚང་མ་སྟེ། རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་ནི་མ་ཡིན་ནོ། །གང་བཅོམ ་ལྡན་འདས་རྣམས་ཁོ་ནའི་མངོན་སུམ་དེ་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་(གང་ཟག་གི་བདག་མེད་ཙམ)་ཡིན་པའི་ཕྱིར། དངོས་སུ་ན་དེ་ཁོ་ན་མི་བསླུ་བ་ཉིད་ཀྱིས་རྣམ་པ་(བདག་གཉིས་ཀ་སྟོང་བའི་ཚང་མ)་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ ་སོ་སོར་མ་འཁྲུལ་བ་སྟེ། དེས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མཚན་ཉིད་མེད་པར་རབ་ཏུ་མཁྱེན་(སངས་རྒྱས་རྣམས་ཀྱི་མངོན་སུམ)་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡེ་ཤེས་དངོས་པོ་ཉིད་དུ་ཐལ་བའང ་མ་ཡིན་ཏེ། (རྣམ་མཁྱེན་གྱི་ཡེ་ཤེས)་དེ་ཡང་(མངོན་སུམ)་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་(སངས་རྒྱས)་དེ་རྣམས་ཀྱི་མཚན་ཉིད་མེད་པ་ཉིད་དུ་མངོན་པར་རྫོགས་བར་སངས་རྒྱས་བའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་(འདོན་པའི)་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་འབུམ་པར་གསུངས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་ཅན་ཏེ། དེའང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པ་ཞེས་པར་མངོན་བར་རྫོགས་པར་སངས་རྒྱས་སོ་ཞེས་སོ། །དེ་ལ་ཐ་སྙད་པའི ་མངོན་སུམ་གྱི་སྤྱོད་ཡུལ་གྱི་དོན་རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པར་སྣང་བ་ལའང་གང་བྱིས་པ་རྣམས་ཀྱིས་དངོས་པོ་བ་དོན་དམ་པ་པའི་ངོ་བོ་ལ་སོགས་པར་སྒྲོ་བཏགས་པ་དེ་ལ་རྗེས་སུ་དཔག་པས་གནོད་ལ། དེ་ལ་གནོད་ན་ཆོས ་ཐམས་ཅད་དོན་དམ་པར་རང་(ཡུལ)་བཞིན་མེད་པ་ཉིད་དུ་འགྲུབ་པོ། །དེ་ལ་གནོད་པས་གྲུབ་པའི་དོན་ཡང་(བདེན་པའི)་རྗེས་སུ་དཔག་པའི་ཚད་མར་བཅོམ་ལྡན་འདས་ཉིད་ཀྱིས་(རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་རྟགས་ལ་བརྟེན་པ་ལ)་གསུངས་པ་ཁོ ་ན་སྟེ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པར། གང་ཞིག་རྐྱེན་ལས་སྐྱེས་པ་དེ་(ཐ་སྙད་བའི་མངོན་སུམ་གྱི་ཡུལ་བདེན་པ)་མ་སྐྱེས། །དེ་ཡི་སྐྱེ་བ་རང་བཞིན་ལས་ཡོད་མིན། །གང་ཞིག་རྐྱེན་གྱི་དབང་དེ་སྟོང་པར་བརྗོད། །གང་ཞིག་སྟོང་པར་ཤེས་ཏེ ་བག་ཡོད་པའོ། །ཞེས་སོ། །བློ་གྲོས་(ཆོས)་རྒྱ་མཚོ་ལ་བསྟན་པར་ཡང། །གང་རྣམས་རྟེན་ཅིང་(དོན་དམ་བར་ལ)་འབྲེལ་པར་འབྱུང། །དེ་རྣམས་རང་བཞིན་ལས་(དམ་དེ་ལ་རག་ལས་བ)་ཅི་འང་མེད། །གང་རྣམས་རང་བཞིན་ལས ་མེད་པ། (།མཁས་པ)་དེ་རྣམས་གང་དཱུང་མི་འབྱུང་ངོ། །ཞེས་སོ། (།ཆོས)་དེ་བཞིན་དུ། དཔེར་ན་མེ་ལོང་ཉིད་ལ་ནི། །གཅིག་དང་གཞན་ཉིད་(བདེན་པ་དངོས་སུ་གྲུབ་པ)་སྤངས་པའི་གཟུགས། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ ་བཞིན་དངོས་(པོ)་ལ་(གཅིག་དང་དུ་མ་དང་བྲལ་བ་རང་བཞིན་དུ)་རང་བཞིན་ཉིད་(ཡོད་མིན)་ཅེས་སོ། །འཕགས་(ལང་ཀར་གཤེགས་པའི་མདོར)་པས་ཀྱང་དབུ་མའི་བསྟན་བཅོས་སུ་(རབ་བྱེད་ཉེར་བཞི་པར)་གསུངས་པ། (།མི་འོང་གི་ངོས)་གང ་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །དེ་རྣམས་སྟོང་པ་ཉིད་དུ་སྨྲ། །དེ་ནི་བརྟེན་ནས་བཏགས་པའོ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །སློབ་དཔོན་གྱིས་ཀྱང་གསུངས་པ་གང་གིས་དངོས་རྣམས ་རྣམ་དཔྱད་ན། །དེ་ཉིད་དུ་ནི་དེ་(རྒྱུ་དང་རྐྱེན་ལ། །མྱུ་གུ་དང་རྣམ་ཤེས་སོགས། རང་གཞིན་གྱིས་མ་སྐྱེས་པ། ཁོ་བོ་རྟེན་འབྱུང་སྟོང་ཉིད་འཁོར་ལོ་ལ?་སོ་ཀེ་སལ?་ཤི་ཇི?་ལྟར་འདོགས་པ་ལྟར། མཛའ་གཉིས་སྤངས་པ)་དངོས། (།ཚེས་གྲགས། །རྣམ་འགྲེལ་དུ)་མེད། །གང་གི་ཕྱིར་ན་དེ་རྣམས ་ལ། གཅིག་(ཁོ་ན་དངོས་པོ།)་དང་དུ་མའི་རང་བཞིན་མེད། །ཅེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་པ་གཅིག་དང་དུ་མའི་ངོ་བོ་དང་བྲལ་བ་ཉིད་ཀྱི་གཏན་ཚིགས་འདི་དག་(ངོ་བོ།)་ནི། །གང་རྟེན་ཅིང་འབྲལ་པར་འབྱུང་བ་དེ་ནི་དོན་(དངོས་པོ)་དམ ་པའི་རང་བཞིན་སྟོང་པ་སྟེ་སྒྱུ་མ་བཞིན། ཆོས་ཐམས་(སློབ་དཔོན་གྱིས་ཀུན་ཏུ་བཏགས་པའི་ངོ་བོའི་དབང་དུ་བྱས་ཏེ། དེ་སྐད་བཤད་ཀྱང་ཡོངས་གྲུབ་ཉིད་མ་གྲུབ་པས་རིགས་མཐུན་མོང་པའི་ཕྱིར་ཚིག་འདི་ཐམས་ཅད་དུ་དང?་བ་ཉིད་དོ?་སྙམ་དུ་བསམས་པའོ་ཞེས་སློབ་དཔོན་ཀ་མ་ལ་ཤཱི་ལའོ།)་ཅང་ཀྱང་རྟེན་ཅིང་འབྲེལ ་པར་འབྱུང་བའོ། །གང་དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཆོས་ཐམས་ཅད་ཀྱང་དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའོ་ཞེས་སོ། །སྦྱོར་བ་གཉིས་ཀྱི་གཞུང ་ནི་རྟོག་གེའི་བྱ་བ་མི་(།?་?་?་བོ་ཞིག་འཚོ་ཞབས་ཀྱིས། །བདག་རང་གཞན་སྨྲས་དངོས་བར་རྣམས། །ཡང་དག་དུ་ན་ཅིག་པ་དང། །དུ་མའི་རང་བཞིན་སྟོང་པའི་ཕྱིར། །རང་བཞིན་མེད་དེ་གཟུགས་བསྙན་བཞིན། །ཅེས་བ་ལྟར།)་ཤེས་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར་མི་ཉན་པར་དགས་པས་འདིར ་རྒྱས་པར་མ་བྱས་སོ། །མདོར་བསྡུས་པ་ནི་ཁོ་བོས་དབུ་མའི་སྙེས་མང་ཕུལ་དུ་བྱུང་བར་རྣམ་པར་བཤད་དོ། །དེ་ལས་མཁས་པ་རྣམས་ཀྱིས་རྟོགས་བར་བྱའོ། །གལ་ཏེ་ཡང་རྗེས་སུ་དཔག་པ་འདི་ཐ་སྙད་དུ་མངོན་(ཚུ་རོལ་མཐོང་པའི)་སུམ་ཁོ་ན ་ལས་འབྲེལ་བ་ཐོབ་ནས་གནས་ཐོབ་པར་འགྱུར་མོད་ཤིང་གཉིས་དྲུང་པ་ལས་སྐྱེས་པའི་མེ་བཞིན་དུ་མངོན་སུམ་དེ་ཉིད་ལ་གནོད་བར་བྱེད་དེ། ངོ་བོ་སྙིང་ལ་གནོད་མོད། ཁོ་བོ་ཅག་ལ་མི་འདོད་པ་ཅི་ཡང་མེད་དོ། །རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས ་ཀྱི་མེས་བརྫུན་པའི་ཆོས་ཀྱི་བུད་ཤིང་འདི་ཐམས་ཅད་བསྲེགས་ནས་(ཤིང་ཉིད་བསྲེགས་པ། འབྲེལ་པ་ངེས་པར་བྱེད་པའི)་རྣམ་པར་འབྱེད་པའི་མེ་རབ་ཏུ་ཞི་བས་ནི་མྱ་ངན་ལས་འདས་པའི་མཆོག་རྟོག་པ་ཉེ་བར་ཞི་བའི་མཚན་(ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ) ་ཉིད་ཅན་རྟོགས་པར་འགྱུར་ཏེ། དེ་སྐད་དཱུང་རྒྱལ་པོའི་རིན་ཆེན་ཕྲེང་བར། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཉིད་དུ་འདོད། །དེ་རྣམས་ཇི་བཞིན་རྣམ་དཔྱོད་བའི། །མེ་ཡིས་བསྲེགས་ན་ཉེར་ཞིང་འགྱུར། །ཞེས་སོ། ། ་དེའི་(སྒྲོམ་བྱུང་གིས)་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་ན། །གལ་ཏེ་ཡང་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་རྟོག་པ་ལྡོག་སྟེ་རྟེན་མེད་མོད། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་(ཤེས་རབ་ཀྱི)་དཀོན་མཆོག་བརྩེགས་བར། ཡང ་དག་པར་སོ་སོར་རྟོག་(པར་སམ)་བྱུང་གི་ཤེས་པ་རྣམ་པར་རྟོག་པ་མངོན་སུམ་པ་པ་དང་བཅས་པ་ཉིད་ཡིན་ན་ཡང་འབྲས་(ཅན།)་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པ་ཉིད་ཀྱིས་འབྲས་བུ་ཆེན་པོ་ཉིད་དུ་ཤིང་གཉིས་དྲུང་པ་ལས་སྐྱེས་པའི་(དཔེར་ན་ཤིང་གཉིས ་རླུང་གིས་དྲུང་བ་ལས། མེ་བྱུང་བས་ནི་དེ་ཉིད་བསྲེགས་པ་ལྟར། དེ་གཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང། སྐྱེས་བ་དེ་ཡི་དེ་དག་བསྲེག་པར་བྱེད།)་ཅེས། སྒོམ་བྱུང་(གི)་མེའི་དཔེས་བསྟན་ཏོ། །གང་ཞིག་གལ་ཏེ་རྣམ་པར་ཤེས་པའང་ཆོས་གཞིན་བཞིན་དུ་དོན་དམ་བར་ངོ་བོ་ཉིད་དེ ་མེད་པ་ཡིན་ནོ་(རང་རིག་པོ་རང་པོ)་དེའི་ཚེད་ནི་བརྫུན་པའི་ཕྱིར་རྣལ་འབྱོར་བ་རྣམས་(རྣམ་ཤེས)་དེ་ལས་གཞན་པའི་ཆོས་(ཀུན་བརྟགས)་ལྟར་(སྒོམ་པ)་སྤོང་བར་བྱེད་པར་(རང་རིག་གཉིས་མེད་ཀུན་བརྟགས)་འགྱུར་རོ། (།སྤོང་བ)་དེ ་བྱེད་ན་ཡང་རྣལ་འབྱོར་པའང་མེད། རྣལ་འབྱོར་པའི་ཤེས་པ་འང་མེད། དེས་དེ་ཁོ་ན་ཉིད་སོ་སོར་རིག་པ་འང་མེད་སངས་རྒྱས་བཅོམ་ལྡན་འདས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་འང་མེད་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་མེད་དེ། དེའི་ཕྱིར་རྣམ་པར་གཞག་པ་ཐམས་ཅད་(རྣམ་ཤེས་ཡོངས་གྲུབ)་གཤིག་པར་འགྱུར་རོ་ཞེས་རྒོལ་བ་དེ་ནི་མི་རིགས་(སྲིད་པ་དང་ཞི་བ་ལ)་ཏེ། གལ་ཏེ་དེ་བདེན་པར་མངོན་པར་(རྒྱཱུམ་མེད་པས) ་ཞེ་ན་བ་སྤོང་བས་དེ་སྤོང་བར་ཐལ་ལོ་ཞེ་(ལམ་དང་འབྲས་བུ་ཐམས་ཅད་མེད་པ)་ན། དེ་ནི་ཐལ་བ་མ་ཡིན་ཏེ་དེ་ལྟར་འདོད་པའི་ཕྱིར་རོ། །འོན་ཏེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྤོང་བར་ཐལ་བར་བྱེད་(རྣམ་ཤེས་ཆོས་ཅན་བརྫུན་པའི་ཕྱིར)་ན་ནི་དེའི་ཚེ ་གཏན་ཚིག་(ཱི་སྒོ་ན)་ས་མ་ངེས་པ་ཉིད་དེ་བསྒྲུབ་བྱ་ལས་བཟློག་ན་གནོད་(མི་འདོད་པ་འཕེན་པ)་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །བརྫུན་ཞེས་ཏེ་དེ་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ་ཞེས་པ་འདི་ལ་རྒྱུ་ཅི་ཡང་(བརྫུན་པའི་ཕྱིར་བཅོས་པའི) ་མེད་དེ་བརྫུན་པ་གང་ནམ་ཡང་རང་དང་(རྣམ་པ་ཐམས་ཅད་དུ་སྤང་བྱ་ཡིན་པ་པ་སྤང་བྱ་མ་ཡིན་པ་ལ་རྟགས་བརྫུན་པ་འཇུག་པ)་གཞན་གྱི་དོན་དུ་སྦྱོར་(རྗེས་འགྲོ་ཁྱབ་པའམ་གྲུབ་སྟེ)་བ་མི་འགྱུར་བ་དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཐམས་ཅད་ཡོངས་སུ་དོར ་བའི་མཚན་ཉིད་དུ་སྤང་བར་བྱའོ། །གང་ཡང་དངོས་དང་བརྒྱུད་པས་རང་དང་གཞན་ལ་ཉེ་བར་མཁོ་བའི་ཡོན་ཏན་དེ་རྣམས་བརྩེ་བ་ཆེན་པོ་རྣམས་ཉེ་(བར་འཁོ་བར)་ཀྱིས་ཅི་ལྟར་དུས་ཐམས་ཅད་དུ་སྤང། དེའི་ཕྱིར་ཞིང་ཡོངས་སུ ་དག་པ་དང་གཟུགས་ཀྱི་སྐུ་སྤྲུལ་(བརྫུན་པ)་པ་ལ་སོགས་པ་གང་ཅུང་ཟད་དེ་(གཞན་ལ་ཕན་པ)་ཐམས་(ཚོགས་གཉིས་སོགས་པ་ལ་སོགས་པ)་ཅད་བཅོམ་ལྡན་འདས་རྣམས་ཀྱིས་ཕྱིན་ཅི་ལོག་སྤངས་པའི་(སྟེ་མི་སྤོང་སྤང་བྱ་མ་ཡིན་པ)་སྒོ ་ནས་སྤངས་ཀྱང་འཁོར་བ་ཇི་སྲིད་པར་མི་ལྡོག་པ་ཁོ་ན་སྟེ་ད་རྣམས་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་བརྫུན་པ་ཉིད་དུ་ཐུགས་སུ་ཆུད་ཀྱང་གཞན་ལ་ཕན་པའི་ཐབས་ཉིད་ཡིན་པའི་ཕྱིར་མི་འདོར་རོ། །འདི་རྣམས་ཕྱིན་ཅི་ལོག་ཏུ་ཆགས་པ་འང ་མེད་དེ་ཡང་དག་པ་ཇི་ལྟ་བ་རྟོགས་པའི་ཕྱིར་རོ། (།སངས་རྒྱས)་དངོས་པོ་ཁོ་ན་ནི་(ཆོས)་བླང་བའི་རྒྱུ་ཡང་མ་ཡིན་ལ་དངོས་(གདུལ་བྱ)་བོ་མེད་པ་ཉིད་ཡོངས་སུ་དོར་བའི་རྒྱུ་ཡང་(སངས་རྒྱས་སམ་ཞིང་དག་བྱེད་སོགས་ཐལ་བར་འགྱུར་བ་འམ) ་མ་ཡིན་ཏེ། དེ་ལྟར་ནི་ཉན་ཐོས་དངོས་པོའི་འདུ་ཤེས་ཅན་རྣམས་ཀྱང་བདེན་པ་དང་པོ་གཉིས་སྤོང་ལ་བདེན་པ་གསུམ་པ་དངོས་པོར་མེད་ཀྱང་ལེན་ཏོ། །རྣལ་འབྱོར་པ་རྣམས་ཀྱང་བརྩེ་བས་ནོན་པའི་ཡིད་ཀྱིས་གཞན་གྱི་དོན་གྱི་ཆེད་དུ ་གླང་པོ་ཆེ་ལ་སོགས་པ་བརྫུན་པ་འང་སྤྲུལ་པ་རྣམ་པ་སྣ་ཚོགས་བསྒྲུབ་པོ། །དེ་(སྡུག་བསྔལ་དང་ཀུན་འབྱུང)་བཞིན་དུ་བརྩེ་(འགོག་པ)་པ་ཆེན་པོའི་གཞན་གྱི་དབང་(བྱང་ཆུབ་སེམས་དཔའ་)་ཉིད་ཀྱིས་བཅོམ་ལྡན་འདས་གཞན་ལ་ཕན་པ་དང་བདེ ་བ་བསྒྲུབ་པའི་ཐབས་མ་ལུས་པ་མཁྱེན་པ་ཤེས་རབ་ཀྱི་སྣང་བ་ཕུལ་དུ་ཕྱིན་པས་ཀུན་དུ་རྨོངས་པའི་མུན་པ་མ་ལུས་པ་རབ་ཏུ་ཡང་གསལ་བ་གཞན་ལ་ཕན་པར་བཞེད་པ་རྣམས་ནི། (འཁོར་བའི་རྒྱུ)་ཕྱིན་ཅི་ལོག་མ་ལུས་པ་སྤངས་ནའང་སྔོན་གྱི་སྨོན ་ལམ་གྱི་དབང་གི་སེམས་ཅན་གྱི་ལས་དང་ཉོན་མོངས་པ་དང་ནམ་མཁའ་ཨི་མཐར་ཐུག་པའི་བར་དུ་བཞུགས་པར་འདོད་པ་ཁོ་ནའོ། །འཛམ་བུའི་གླིང་དཱུང་ཤཱཀྱ་ཐུབ་པའི་གཟུགས་ཀྱིས་གདུལ་བྱ་མི་སྲིད་ནའང་འཁོར་ལོ་སྡོམ་པ་ལ་སོགས ་པའི་གཟུགས་ཀྱིས་ད་ལྟར་ཡང་བཞུགས་པ་ཉིད་དེ། བཅོམ་ལྡན་འདས་(པས་མི་གནས་པའི་མྱ་ངན་ལས་འདས་དམ་པའི་ཆོས་པདྨ་དཀར་པོར། བཅོམ་ལྡན་འདས་འདི་ཡོངས་སུ་མྱ་ངན་ལས་མ་འདས་ཏེ།)་དེ་ལྟར་གཟུགས་ཀྱི་སྐུར་བཞུགས་ཤིང་འཇིག་རྟེན་གྱི་ཁམས་འཇིག་པ་ན་ཡང་ཞིང་འདི་རབ ་ཏུ་དག་པར་གནས་ལ་མ་འོངས་པའི་བསྐལ་པ་དཔག་ཏུ་མེད་པ་ན་ཡོངས་སུ་མྱ་ངན་ལས་འདའ་ཨོ་ཞེས་གསུངས། སྐལ་པ་མི་ཉུང་བར་དགེ་བའི་ཚོགས་བསགས་པ་དང་ལྡན་པ་ཟབ་མོའི་ཚུལ་ལ་བདུལ་བའི་སྐལ་པ་ཅན་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་ཡུལ་དུ་སྣང་ཞིང་ཆོས་སྟོན་ཏོ། །མཛའ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་འདོན་(ནི་གདུལ་བྱ)་པ་མི་སྲིད་དོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དེའི་བསམ་པ་བརྩེ་བའི་རང་བཞིན་མཛའ་མེད་པ་ཁོ་ནར་བཞུགས་པའོ། ་གཞན་དུ་ན་དམ་བཅས་(བརྒྱད་སྟོང་འགྲེལ་བའི་ཉན་ཐོས་ཀྱི་ཆོས་མཆོག་གི་ཐད་དང་མཚན་བརྗོད་རྒྱ་ཆེར་འགྲེལ་དུ། འཁོར་བ་ནས)་པ་དང་མཐུན་པར་གནས་(སེམས་ཅན་མཛའ་ཡས་པ་སངས་རྒྱས)་པར་མི་འགྱུར་ཏེ། དེ་རྣམས་ཀྱི་དང་པོ་སེམས་བསྐྱེད་པ ་(མི་བཞུགས་པར་ཉན་ཐོས་ལྟར་མྱ་ངན་ལས་འདའ་)་ཁོ་ན་ནས་སེམས་ཅན་ཐམས་ཅད་ཤིན་ཏུ་སྡུག་བསྔལ་བ་ལ་མ་ངེས་པར་གྲོལ་བར་དམ་བཅས་སོ། །དེ་ལ་རྣལ་འབྱོར་པའི་ཡེ་ཤེས་ལ་སོགས་(སངས་རྒྱས་མདུན་ལྡན་གྱི་པ)་སྒྱུ་མའི ་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རང་ཉིད་ཇི་ལྟ་བའི་རྗེས་སུ་མཐུན་པའོ། །བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་(ཞེས་སོ)་འདས་པའི་རྒྱུ་ནི་(དང་སྐུ)་མདོར་ན་ཐུགས་རྗེ་དང་ཤེས་རབ་དག་སྟེ། དེ་རྣམས ་ནི་ཐུགས་རྗེས་མྱ་ངན་ལས་(ཡེ་ཤེས་སོགས)་འདས་པ་མཛའ་གཅིག་ཏུ་ཞི་བར་མཁྱེན་(སྲིད་པ་དང་ཞི་བ་ལ)་ཡང་(མངོན་པར་རྟོགས་པའི་རྒྱན་དུ་ཤེས་པས་སྲིད་ལ་མི་གནས་ཤིང། སྙིང་རྗེས་ཞི་ལ་མི་གནས་དང། ཞེས་བཀའ་སྩལ་བ་ལྟར།)་ཉན་(སངས་རྒྱས)་ཐོས ་ལ་སོགས་པ་བཞིན་(མྱང་འདས)་མངོན་དུ་མི་མཛད་ལ་(རྒྱུད་བླ་མར། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་བརྟེན་ནས། འཕགས་པ་འཁོར་བ་འམ་མྱ་ངན་འདས་མི་འགྱུར།)་ཅེས་གསུངས། ་ཤེས་རབ་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པ་མ་ལུས་པའི་རྒྱུ་ཀུན་ཏུ་རྨོངས་པའི་གོ་སྐབས་ཐག་བསྲིངས་པར་བྱས་པའི་ཕྱིར་སྲིད་པར་གཏོགས་པའི་སྐྱོན་གྱིས་དྲི་མས་མ་གོས་པས་འཁོར་བར་མི་ལྟུང་ངོ་ཞེས་པ་འདི་རྣམས་གཉིས་ཀས་མི ་གནས་པར་གྲུབ་པ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འབྱུང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དུ་བརྗོད་དོ། །ཇི་ལྟ་བ་བཞིན་དུ་འཇིག་རྟེན་ཡང་སྣང་བ་དང་(སངས་རྒྱས་ཐུགས་རྗེ་དང་ཤེས་རབ་སམ་སྲིད་ཞི་གཉིས ་སྙིང་རྗེ་དང་ཤེས་རབ་ཀྱིས་མཛའ་གཉིས་སོང་བ)་བཅས་པ་ལ་སོགས་པའི་ཡེ་ཤེས་ཀྱིས་(མི་གནས་པའི་མྱང་འདས་ཀྱི་རྒྱུ་ཡིན་པའི་ཕྱིར་བདེན་གཉིས་སུ་བཏགས་པའི་ངོ་བོས་དབེན་པ་ཡི། ཇི་ལྟར་སྣང་བ་འདི་ཁོ་ན། བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཤེས ་གསུངས་པ་ལྟར)་གཟིགས་པ་དེ་འང་ཀུན་རྫོབ་དང་དོན་དམ་པའི་རྣམ་པས་ཇི་ལྟར་སྣང་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་མངོན་སུམ་ཁོ་ནར་དངོས་པོ་སྐྱེས་པ་མ་ལུས་པ་རྣམ་པ་ཐམས་ཅད་དུ་ལག་མཐིལ་གྱི་སྐྱུ་རུ་རའི་འབྲས ་བུ་བཞིན་དུ་གསལ་བར་མཁྱེན་ཏེ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཅན་(བློས་ཇི་ལྟ་བུས་མཁྱེན་ན)་དང་ལྡན་(ཅི་མཁྱེན་ན་ཤིང་བྱུང་རྣམ་པ་ཅི་ཙམ་མཁྱེན་ན་དཔེ་ཅི་འདྲང་མཁྱེན་ན)་པའི་ཕྱིར་རོ། །དེའི་ཕྱིར་བཅོམ ་ལྡན་(ཚུལ་ཇི་ལྟར་མཁྱེན་ན)་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རྣམ་པར་བཞག་གོ་།གང་ཡང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་མ་ལུས་པ་སྣང་བ་མེད་པ་ཡང་དག་པའི་(དངོས་པོ་ཀུན་གྱི་རྣམ་པ་ཐམས་ཅད་མངོན་དུ་མཁྱེན་པ) ་དོན་སྒོམ་པ་རབ་ཀྱི་མཛའ་ལས་(རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན)་སྐྱེས་པ་མཆོག་(གང་ཚེ་ཤེས་དང་ཤེས་བྱ་དག་།བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ་ཤེས་གསུངས་པ་ལྟར)་ཏུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ་(སྣང་མེད་ཀྱི་ཡེ་ཤེས) ་དེས་རྣལ་འབྱོར་པ་ཆེན་པོ་རྣམས་དེ་ཁོ་ན་ཉིད་རྟོགས་པར་བྱེད་དོ་ཞེས་པའོ། །ཚོགས་ཡོངས་སུ་རྫོགས་པ་ནི་ལྟ་བ་འདི་ཁོ་ན་ལ་རིགས་ཏེ། སྦྱིན་པར་བྱ་བ་ལ་སོགས་པའི་དངོས་པོ་འགའ་ཡང་དོན་དམ་པར་མེད་པ ་ཉིད་ཀྱི་ཕྱིར་དེར་དམིགས་པ་ནི་ཕྱིན་ཅི་ལོག་ཁོ་ན་སྟེ་སྨིག་རྒྱུ་ལ་ཆུར་དམིགས་པ་བཞིན་ནོ། །དེའི་ཕྱིར་དེས་ཀུན་ནས་བསླང་(།དམིགས་པ་མེད་པའི།)་པའི་ཕ་རོལ་ཏུ་ཕྱིན་པ། (།དང་སྦྱིན་པ་པོ་དང་ལེན་པ་པོ།)་བསྒྲུབ་པ་ཐམས་ཅད་ཀྱང་བདག ་དང། (འཁོར་གསུམ་དོན་དམ་པས)་བདག་གིར་ཕྱིན་ཅི་ལོག་(ཆུ་མེད་པ་ལ)་གིས་ཀུན་ནས་བསླང་(།སྦྱིན་བྱ་སོགས་བདན་པར་དམིགས་པ།།)་།བའི་སྦྱིན་པ་ལ་སོགས་པ་བཞིན་དུ་རྒྱུ་མ་དག་པས་ཀུན་ནས་བསླང་བ་ཉིད་ཀྱི་(།དཔེར་ན་ཕྱི་རོལ་བས།) ་ཕྱིར་ཤིན་ཏུ་སྟོབས་ཆུང་ངོ། །སྦྱིན་པར་བྱ་བ་ལ་སོགས་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་འང་མི་དམིགས་པ་ནི་ཡང་དག་པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་སྨིག་(།ཀུན་སློང་གི་སེམས)་རྒྱུ་ལ་ཆུར་མི་དམིགས་པ་བཞིན་ཕྱིན་ཅི། ། ་མ་ལོག་པའོ། །དེའི་ཕྱིར་ངེས་ཀུན་ནས་བསླང་བའི་སྦྱིན་(འཁོར་གསུམ་བདེན་པ་ཡོད་ན)་བ་ལ་སོགས་པ་འང་འབྲས་བུ་(།ཅེས་ཅན)་།ཆེན་པོར་འགྱུར་རོ། །སྦྱིན་བྱ་ལ་སོགས་པ་མཛའ་གཅིག་ཏུ་མེད་པ་འང་མ་ཡིན་ཏེ་གང་གིས་སྦྱིན ་བྱ་ལ་སོགས་པ་མི་འཇུག་པས་བསོད་ནམས་མི་འབྱུང་ལ་ཀུན་རྫོབ་ཏུ་ཐམས་ཅད་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཚེ་མི། (བྱང་ཆུབ་ཏུ)་།དམིགས་པ་ཡང་མ་ཡིན་ཏེ་ཏིང་ངེ་འཛིན་གྱི། (།སྟེ་གཏན་ནས)་གནས། (གཏན་མེད་པ།) ་སྐབས་མ་ཡིན་པ་ན་སྒྱུ་མ་བཞིན་དུ་(སྣང་ལ་བདན་མེད།)་དམིགས་པའི་(།སྦྱིན་བྱ་ལ་སོགས་པ་ཅི།)་།ཕྱིར་རོ། (།སྦྱིན་བྱ་སོགས།)་།དེའི་(རྗེས་ཐོབ)་ཚེ་ནི་མོས་པ་ལས་བྱུང་བའི་མི་དམིགས་པར་རྣམ་པར་བཞག་གོ་།མཉམ་པར ་གཞག་པའི་གནས་སྐབས་ནི་ནི་སྦྱིན་པ་ལ་སོགས་པ་རྣམས་མི་དམིགས་པ་ཁོ་ན་སྟེ། །དེའི་ཆ?་དེ་རྣམས་འཇུག་པ་ལ་བརྟེན་པ་འང་མ་ཡིན་ཏེ་སྦྱིན་པ་ལ་སོགས་པ་བཏང་སྙོམས་སུ་བྱས་པའི་ཕྱིར་རོ། །འོན་ཀྱང་སྦྱོར་བ་དང་འཇུག་གི་གནས ་སྐབས་སུ་ད?་རྣམས་ལ་འཇུག་།གོ་།དེ་ཉིད་ཀྱི་ཕྱིར། (ཤིན་ཏུ།)་སྟོང་པ་ཉིད་ལ་(མཉམ་བཞག་སྦྱིན་པ་སོགས)་ལྷག་པར་མོས་པའི་སྦྱིན་པ་ལ་སོགས་པ་མི་དམིགས་པ་ལ་བརྟེན་པ་རྣམས། (།འོ་ན་ཐབས་དང་བྲལ་བར་འགྱུར་རོ་ཞེ་ན།།།) ་འབྲས་བུ་ཆེན་པོ་ཉིད་དང་ཡོངས་སུ་དག་པར་འཕགས་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སུ་གསུངས་པ། །རབ་(།གང་ཟག་གི)་འབྱོར་བྱང་(།ཁྱད་པར་ཅན་ཁྱད་པར་འཁོར་གསུམ)་།ཆུབ་སེམས་དཔའ་གང་རབ་ཏུ་མི་གནས་པར། ་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཚང་གཟུང་བར་སླ་བ་མ་ཡིན་ནོ་ཞེས། (།ཡུམ་རྒྱས་པ་དང་རྡོ་རྗེ་གཅོད་པ)་པ་ལ་སོགས་པས་སོ། །འདིར་སྦྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་ཡིན་ཏེ། །སྦྱིན་པ་ནི་ཕ། (།ཡོད་མེད་དུ)་།རོལ་ཏུ་ཕྱིན ་པ་(།ར་བྱད་པའི་སྦྱིན་པ་པོ)་དྲུག་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །དཀོན་མཆོག་འབྱུང་གནས་ཀྱི་མདོར་ཡང་གསུངས་པ། ཞི་(།མདོའི་སྐབས)་།པའི་བློ་གྲོས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཆེད་དུ་སྤྱོད་པས་ཆོས་ཐམས་ཅད་ངོ། ་བོ་མེད་པར་ཁོང་དུ་ཆུད་པར་བྱ་སྟེ་སྦྱིན་པ་དང་ལེན་པ་པོ་དང་ཡོན་གནས་དང་ཡོངས་སུ་བསྔོ་བ་དང་སྦྱིན་པའི་འབྲས་བུ་གང་དུ་ཡོངས་སུ་བསྡོར་འཇུག་པ་དང། །གང་དུ་ཡོངས་སུ་བསྔོ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་པ་འདི་ཐམས ་ཅད་རང་བཞིན་མེད་པར་རྟོགས་པར་(ཱི་བྱ་བ)་བྱའོ། (།སྙིང་རྗེའི་མགྲོན་།སྲིད་ཞུའི་མགྲོན)་།དེ་ལྟར་སྟོང་པ་ཉིད་ལ་མོས་པ་ད་ནི་བསམ?་(གཞན)་།པ་ཚད་མེད་པ་ལས་སྦྱིན་པའི་(།རང་ཉིད)་ཕ་རོལ་ཏུ་ཕྱིན་པ། (འཁོར་གསུམ་དུ་རྟོགས་པའི་ཁྲིམས?)་།ཡོངས་སུ་དག་ ་ཅིང་སྦྱིན་པ་དེས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་སྟེ། རྫུབ་རྫུབ་མ་ཡིན་པར་འགྱུར་རོ་ཞེས་རྒྱས་པར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་གྱུར་པ་ནི་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ ་ལ་སོགས་པ་ཡོན་ཏན་གྱི་ཚོགས་རྣམས་(སྲིད་ཞི་ལས་ཕ་རོལ་ཏུ་འགྲོ་བས)་ཏེ། དེས་དེ་རྣམས་(སམ་ནག་ནོག)་ལོད་པ་བཞིན་དུ་ཁྲིད་ནས་བདེ་བར་གཤེགས་བའི་ས་ཀུན་ཏཱུང་(ལ་རག་ལུས་བ་འམ་དེ)་དུ་གནས་བར་བྱེད་པའི་ཕྱིར་རོ། །ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་བཅོམ་ལྡན་འདས་མ་ཐེག་བ་ཆེན་པོའི། །ཤེར་ཕྱིན་ཡོན་ཏན་བདག་ཉིད་ཐེག་པ་གཅིག་ཉིད་དོ། །གང་ཡང་ཐེག་པ་ཐ་དད་པ་རྣམ་པར་བཞག་པ་དེ་ནི་བྱིས་པ་རྣམས་གཞུག་པའི་དོན་དུ་བཅོམ་ལྡན ་འདས་ཀྱིས་བསྟན་པ་སྟེ། དེས་པའི་དོན་ནི་མ་ཡིན་ནོ། །ཇི་སྐད་དུ་ལང་ཀར་གཤེགས་པར་གསུངས་པ། ཐེག་པའི་རྣམ་བཞག་ཡོད་མིན་(།གསུམ་དུ)་ཉིད། །ཐེག་པ་གཅིག་ཏུ་ང་སྨྲའོ། (།རིམས་ཀྱི་ཐེག་ཆེན་ལ)་བྱིས་པ་རྣམས་ནི ་དྲང་དོན་དུ། །ཐེག་པ་ཐ་དད་ང་སྨྲའོ། །ཞེས་སོ། །ཚོགས་ཆུང་བ་ཉིད་དང་ཚོགས་ཚང་མེད་པ་ཉིད་རྣམ་པར་བཞག་མི་(།ཐ་དད་པ། །ངེས་པའི་དོན་དུ་ན)་ཐེག་པ་ཐ་དད་པ་(མཐར་ཐུག་དུ)་ནི་མ་ཡིན་ཏེ་ཆོས་ཀྱི་དབྱིངས་དབྱེར་མེད་པའི་སུ ་བའི་གྱི་ཆེད་ཕྱིར་ལ། འདི?་ནི་གཞུག་པའི། །བྱང་ཆུབ་སེམས་འགྲེལ་དུ། (སྲིད་པའི་ལམ་གྱིས་སྐྱོ་རྣམས་ལ། ངལ་སོའི་ཐེག་ཏུ་ཐེག་བ་ཆེ། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང། །གསུངས་པ་ཡིན་ཏེ་དོན་དམ་མིན་ཅེས་གསུངས)་སྐོར་བསྟན་པའོ། གང ་འཕགས་པས་ཀླུ་སྒྲུབ་ཀྱི་ཐེག་པ་ཐད་པད་ཐེག་ཆེན་ལ་དཔེ་མེད་པར་གསུངས་པ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་པ་དབྱེར་མ་མཆིས། །ཁྱོད་ཀྱིས་སེམས་ཅན་(གཞུག་ཆེད་དུ། །རིམ་ཀྱི་ཐེག་ཆེན་ལ། ཞེས་བཀའ་སྩལ་ཏེ།) ་ཐེག་པ་གསུམ་དུ་གསུངས་པའོ། །ཞེས་སོ། །དེའི་ཕྱིར་གང་ཐེག་པ་གཅིག་ཏུ་བསྟན་པ་ནི་དགོངས་པ་ཅན་ཉིད་དེ། ཆོས་ཀྱི་དབྱིངས། ལ་སོགས་པའི་མཚན་ཉིད་ཀྱི་ཐེག་པ་མཚུངས་པ་ཉིད་ཀྱིས་གཅིག་ཉིད་དུ་གསུངས་བར་བརྗོད་པ་དེ་ལ། ་ཤཱ་རིའི་བུ་ཁྱོད་མ་འོངས་པའི་དུས་ན་ཡང་དག་པར་རྫོགས་(བརྗོད་པ་པོ)་པའི་སངས་རྒྱས་པདམོའི་འོད་ཅེས་བྱ་བར་འགྱུར་(དགོངས་གཞི)་རོ་ཞེས་པ་ལ་སོགས་པ་འཕགས་བ་དམ་པའི་(???)་ལ། ཆོས་པདྨ་(ཀྱི་དོན་ལ་?་བག?་རིག་མིན) ་དཀར་པོ་ལ་སོགས་པར་མཛའ་གཅིག་ཏུ་གསུངས་པར་རྗེས་སུ་མཐུན་པ་མ་ཡིན་ནོ། །ཐེག་པ་གསུམ་བསྟན་བ་ཐབས་ཀྱི་ངོ་བོ་ཉིད་བསྟན་པར་བྱ་བའི་ཆེད་དུ་འབའ་ཞིག་ལ་གདུལ་བྱའི་སྐྱེ་བོ་ལ་བཅོམ་ལྡན་འདས་ཀྱིས་ཐེག་པ་གཅིག ་བསྟན་པ་དགོངས་པས་བསྟན་པའོ་ཞེས་(ངེས་དོན་དུ)་འཕགས་པ་ཆོས་བཅུ་པ་ལ་སོགས་པར་གསུངས་ཏེ། ཐེག་པ་གསུམ་དུ་ཡིན་ཅིང་དེ། །བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་ཐངས་ཏེ་བདེན་པ་ནི་མ་ཡིན་ཞེས་ཤེས་པའི ་གདུལ་བྱ་རྣམས་ནི་གཞུག་པར་མི་(པའི་དྲང་དོན)་ནུས་པས་སོ། །འདིའི་རྗེས་སུ་འབྲངས་པ་ལས་(ཐེག་པ་གསུམ་དུ་བསྟན་པ་བསྣན་ནས་ཅི་བྱ་ཞེ་ན།)་འཕགས་པ་བྱམས་པས་མདོ་སྡེ་རྒྱན་དུ་འང་ཐེག་པ་གཅིག་ཏུ་བསྟན་པ་དགོངས་པ་ཅན་ནོ ་ཞེས་བསྟན་ནོ། །ཉན་ཐོས་རྣམས་བག་ལ་ཉལ་ཆད་ན་སྐྱེ་བ་འང་ཤིན་ཏུ་ཡང་དག་བར་ཆད་པས་འདི་རྣམས་སྐྱེ་བ་དུ་མ་བརྒྱུད་པས་བསྒྲུབ་པར་བྱ་བའི་སངས་རྒྱས་ཉིད་དུ་ག་ལ་འགྱུར་(ཆོས་ཆོལ་གྱི་སྐབས་སུ།)་ཞེས་པ་མི་རིགས་ཏེ། དེ་རྣམས ་ཀྱི་སྐྱེ་བ་ཤིན་ཏུ་ཡང་(།ལ་སོགས་བ།)་སྲིད་པའི་རྩ་བ། །ལམ་ཕྲ་རྒྱས་དག་པར་ཆད་པ་མ་གྲུབ་པའི་ཕྱིར་རོ། །ཇི་སྐད་དུ་དཔལ་ཕྲེང་(ར་ཚོགས་གཉིས་བསགས་པ།)་སེང་གའི་ང་རོའི། (ཏ་མི་འགྱུར་རོ།)་མདོར་གསུངས་པ། དགྲ་ཉ་(རང་དགྲ)་བཅོམ ་བཅོམ་པ་རྣམས་ལའང་འཇིགས་པ་མ་ཆིས་ཏེ། གང་གིས་འཇིགས་པའི་དགྲ་བཅོམ་པ་དང་རང་སངས་རྒྱས་དེ་རྣམས་ཀྱང་བཅོམ་ལྡན་འདས་ཉིད་ལ་སྐྱབས་སུ་མཆིའོ། །དེ་རྣམས་ཀྱི་སྐྱེ་བ་ཟད་པ་མ་མཆིས་ཤིང། ་དེ་རྣམས་ལ་སྤང་བར་བྱ་བའི་ཆོས་མང་པོ་རྣམས་མཆིས་ལ། གང་རྣམས་མ་སྤངས་ན་(ཤིང་སྐྲག)་མྱ་ངན་ལས་འདས་པའི་དབྱིངས་དང་རིང་དུ་འགྱུར་བའོ་ཞེས་སོ། །རྣམ་འགྲེལ་དུ་(ཉན་རང་དགྲ་བཅོམ)་འང། དགྲ་བཅོམ་སེམས ་(དགྲ་བཅོམ)་གང་ཡིན་དེ་ཡང། །ཅི་ཕྱིར་མཚམས་སྦྱོར་(སྤང་བྱ)་མེད་པར་འདོད། །ཅེས་སོ། །གང་དུ་ཟད་པ་དང་མི་སྐྱེ་བ་ཤེས་པ་གསུངས་པ་དེའང་དྲང་བའི་དོན་དུ་མདོ་དེ་ཉིད་ལས་གསུངས་ཏེ། བཅོམ་ལྡན་འདས་གང་ཡང་དགྲ ་བཅོམ་པ་དང་རང་(རྒྱུ་མཚན)་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་(དེ་མཚམས་མི་སྦྱོར་བར་མ་ངེས)་བ་(ཉན་ཐོས་རང་སངས་རྒྱས་ལ)་ལ་(ཱི་སྐྱེ་བཟང་ངོ་ཅེས)་སོ་སོར་རྟོག་(དཔལ་ཕྲེང་གི)་བའི་ཡེ་ཤེས་མཐར་ཐུག་པ་དེ་རྣམས་དགོངས་པ ་ཅན་ཏེ་དྲང་བའི་དོན་ཏོ། །འཆི་འཕོ་ནི་གཉིས་བོ་འདི་(འཆི་བ་ལས)་དགྲ་སྟེ། བཅོམ་ལྡན་འདས་རྣམ་པར་ཅད་པའི་འཆི་འཕོ་ནི་ཉིད་མཚམས་སྦྱོར་བ་དང་བཅས་པའི་སེམས་ཅན་རྣམས་ཀྱིའོ། །བཅོམ་(སྤང་བྱ་ལྷག་མ་དང་བཅས་པས་ན) ་ལྡན་འདས་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་ནི་དགྲ་བཅོམ་པ་དང་(སྔར་གྱི་འགྲོ་བས་བསྡུས་པའི་ལུས་ཆད་པ་པོ་ཞེས་འཇུག་ཊིཀ་དབང་མེད་ཟག་རྒྱས་ཀྱི་ལུས་འདོད་བ་སྐྱེ་བའི་སྲིད་པ་འདོད་ཆགས་ལ་སོགས་པའི་ཁམས་ཀྱིས་མ་བསྡུས་པས་ན་ཞེས ་འཇུག་གིས་ཊིཀ། སངས་རྒྱས་ཉིད་དུ་བསྔོ་ས་བས་ན་ཞེས་འཇུག་ཐིག་རང་དབང་དུ་བསམས་བཞིན་དུ་ཡིད་ཀྱི་ལུས་འདོར་བ)་རང་སངས་རྒྱས་དང་(སྐྱེ་བ་ལ)་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་རྣམས་ཀྱི་བྱང་ཆུབ་ཀྱི་སྙིང་པོ་ལ ་ཐུག་པའི་བར་དུ་ལགས་སོ། །རྣམ་བར་ཆད་པའི་འཆི་འཕོ་བའི་དབང་དུ་བྱས་ཏེ་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱི་བདག་གི་སྐྱེ་བ་ཟད་དོ་སྙམ་པའི་ཤེས་པ་འབྱུང་ལགས་སོ་ཞེས་སོ། །དེའི་ཕྱིར་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས ་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་མ་རིག་པ་བག་ཆགས་མ་སྤངས་ལ་དེ་མ་སངས་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་(དགྲ་བཅོམ་པ་དང་རང་སངས་རྒྱས)་མ་སྤངས་པ་དེ་རྐྱེན་ནོ། །རྒྱུ་ནི་ཟག་པ་དང་བཅས་པའི་དགེ་བའི ་རྩ་བའི་རྒྱུ་ཅན་ཡང་སྲིད་པ་ལེན་པར་བྱེད་པ་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་ཏེ། གང་གསུངས་པ། བློ་རོས་རྒྱ་མཚོ་དེ་རྣམས་འཁོར་བར་འཆིང་བར་བྱེད་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཅི་ཞེ་ན། འདི་ལྟ ་སྟེ་བསོད་ནམས་ཀྱི་སྐྱེ་བ་ཕྱི་མ་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་(རྒྱུད་བླ་མར་མདོ་དྲངས་པ)་ཉིད་དང་བསམས་(བྱང་ཆུབ་སེམས་དཔའ་)་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར ་བ་དང་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུ་ཡོངས་སུ་མི་སྐྱོ་བ་དང་དམ་པའི་ཆོས་འཛིན་པར་འདོད་པ་དང། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལས་འགྲུས་པ་(བློ་སྔོན་དུ་བཏང་སྟེ)་ཉིད་དང། ཆོས་ལ་ཆགས་པའི་བག་ལ་ཉལ་དང་མ་བྲལ ་བ་དང། ཕ་རོལ་ཏུ་ཕྱིན་པའི་(དྲུག)་ཀུན་ཏུ་སྦྱོར་བ་(དང་འདྲ)་རྣམས་ཡོངས་སུ་མི་གཏོང་བ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པར་བྱེད་པ་ནི་(བརྒྱད་པོ)་འདི་རྣམས་སོ། །གསོལ་པ་བཅོམ་ལྡན་(མི་འདོད་པ་འམ་དེ)་འདས ་གལ་ཏེ་དགེ་བའི་རྩ་བ་ལགས་ན་དེ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བརྗོད་པར་བགྱི། བཀའ་སྩལ་པ་བློ་གྲོས་རྒྱ་མཚོ་དེ་ལྟར་ནི། འདི་ལྟ་བུའི་རང་བཞིན་འདི་རྣམས་ཀྱིས་བྱང་ཆུབ་སེམས ་དཔའ་རྣམས་ཁམས་གསུམ་དུ་སྦྱོར་བ་ལ་ཁམས་གསུམ་ནི་ཉོན་མོངས་པ་ལས་ཡང་དག་པར་བྱུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་(ཉོན་མོངས་ཞེས་བརྗོད་པ)་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས ་བསམས་བཞིན་དུ་ཁམས་གསུམ་དུ་སྦྱོར་ཏེ་དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བརྗོད་དོ་ཞེས་པ་དང། ཇི་སྲིད་དུ་ཁམས་གསུམ་དུ་སྦྱོར་བ་སྟེ་སེམས་ཉེ་བར་ཉོན་མོངས་པར་བྱེད་པས་ནི ་མ་ཡིན་ཞེས་པ་ལ་(ཏེ་ཆེད་དུ་བསམས་ནས)་སོགས་པའོ། །ཐེག་པ་ཆེན་པོ་རྒྱུད་(ཁམས་གསུམ་དུ་སྦྱར་བས་ན)་བླ་མར་ཡང། མ་རིག་པའི་བག་ཆགས་ཀྱིས་དེ་དང། མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་མཚན ་མའི་སྤྲོས་པ་ཕྲ་མོ་ཀུན་ཏུ་སྤྱོད་པས་(ཚོང་དཔོན་ནམ་ཁྱིམ་བདག་མཁས་བ་ཞིག་གིས་བུ་མི་གཙང་བའི་དོད་དུ་ལྷུང་བ་འདོན་པའི་དེས་གསུངས་སོ།། ཆོས་སྐུ་ཕ་རོལ་ཏུ་ཕྱིན་པ་བཞི་ལྡན་གྱི་ཐད་དུ)་ཀུན་ནས་བསླད་པའི་ཟག་པ་མེད་(རྐྱེན་ལས་བྱུང་བ་ཏེ། གྱི་ལས་ཤེས་སྒྲིལ) ་ལའི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་ཡང་དག་པར་སྐྱེའོ། །དེ་ལ་མ་རིག་པའི་བག་ཆགས་ཀྱིས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་ནི་ལས ་ཀྱི་ཀུན་ནས་ཉོན་མོངས་པ་བཞིན་ནོ། (།འམ་ཡིད་ལས་བྱུང་བའི)་ཡིད་(མཚན་ནས)་ཀྱི་རང་བཞིན་གྱི་ལུས་ཉན་ཐོས་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཏེ་རྣམ་པ་གསུམ་མངོན་པར་གྲུབ་པ་ནི་སྐྱེ་བའི་ཀུན་ནས ་ཉོན་མོངས་པ་བཞིན་ནོ། །དེའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྐྱུར་བའི་འཆི་འཕོ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་བཞིན་ནོ་ཞེས་སོ། །མ་རིག་པའི་བག་ཆགས་ཀྱི་ས་དང་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན་སླར་སྐྱེ་བ་འདི་རྣམས་ལ ་ཡོད་དོ་(།ཡིད་ཀྱི་རང་བཞིན་གྱི་ལུས)་ཞེས་དཔལ་ཕྲེང་སེང་གེའི་ང་རོར་གསུངས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཉེ་བར་ལེན་པའི་རྐྱེན་ཅན་ཟག་པ་དང་(ཱི་རྐྱན་ཅན)་བཅས་པའི་ལས་ཀྱི་(ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་??) ་བ་རྒྱུ་ཅན་སྲིད་པ་གསུམ་འབྱུང་ངོ། །དེ་བཞིན་ཁོ་ནར་བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཀྱི་རྒྱུ་ཅན། དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་དབང་ཐོབ་པའི་བྱང་ཆུབ་སེམས ་(འདོད་པ་སོགས)་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་ངོ་ཞེས་རྒྱས་པར་རོ། །ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་རོ། །ད་ནི་འདི་བརྗོད་པར་བྱ་སྟེ་ཅི་དེའི་བདག་གི ་དངོས་པོ་འཇིག་རྟེན་འདིར་རམ་འོན་ཏེ་འཇིག་རྟེན་ཕ་རོལ་ཏུ། ཅི་འདོད་པའི་ཁམས་སམ་གཟུགས་(ཏུ་གཏོགས་པ)་སམ། གཟུགས་(དབང་བཅུ་ཐོབ་པ་ན)་མེད་པ་འམ་ཞེ་ན། འགྲོ་བ་འམ་སྐྱེ་གནས་སམ། (ཡིད་ཀྱི་ལུས་ཅན)་སྐྱེ ་བ་འམ་(ལུས)་སྲིད་པ་འམ་འཇིག་རྟེན་གང་དཱུང་བགྲང་(གཏོགས)་བར་བྱ་བ་མ་ཡིན་ནོ། །འོ་ན་བདག་གི་དངོས་པོ་མངོན་པར་འགྲུབ་པ་ཅི་འདྲ་ཞེ་ན། ཡིད་ཀྱི་རང་བཞིན་ཏེ་ཡིད་ཀྱི་རང་བཞིན་ནི་སྤྲུལ་བ་དང་འདྲ་བར་ལྟའི་སྤྲུལ་ནི ་མ་ཡིན་ནོ། །ཡང་སྲིད་པ་ཞེས་པ་ཡང་འཆི་འཕོ་དང་སྐྱེ་བའི་དབང་ལས་བཏགས་ནས་བརྗོད་དེ་གང་གི་ཕྱིར་དབང་ཐོབ་པ་(ལུས)་ལས་སེམས་ཅན་གྱི་དོན་(ལས་དང་ཉོན་མོངས་པ་ལས་མ་གྲུབ་ཅིང་ཡིད་ཀྱིས་སྤྲུལ་པའི་ཕྱིར་ཞེས་སློབ་དཔོན་ཛ་པ་ཨ་ནན་ཏ་འཆང།)་ཡོད ་ན་འགྲོ་བ་དང་སྐྱེ་གནས་དེ་དང་དེར་ཡང་སྣང་ལ་དེ་མེད་ན་མི་སྣང་ངོ། །ལུས་དེ་ཡང་ཟག་པ་མེད་པའི་དགེ་བའི་རྩ་བའི་རྣམ་པར་སྨིན་པས་འདུས་བྱས་པའི་ཕྱིར་འདུས་བྱས་དང། འཁོར་བ་ཞེས་པར་བརྗོད ་ལ། ཟག་པ་(ལྷ་ལ་སོགས་པའི་རྫུས་སྐྱེས་ལ་སོགས་པའི)་དང་བཅས་(སེམས་ཅན་གྱི་དོན་པའི་ཡིད་ཀྱི་རང་བཞིན་གྱི)་ལས་དང། ཉོན་མོངས་པས་འདུས་མ་བྱས་པའི་ཕྱིར་འདུས་མ་བྱས་ཞེས་པ་དང་མྱ་(ཁམས་གསུམ་པའི་གཟུགས་བརྙན) ་ངན་ལས་འདས་ཞེས་པར་བརྗོད་དོ། །དེ་སྐད་དུ་ཡང་གསུངས་པ། དེའི་ཕྱིར་བཅོམ་ལྡན་འདས་འདུས་བྱས་པའི་འཁོར་བ་འང་མཆིས་ལ། འདུས་བྱས་ཀྱང་ཡིན་འདུས་མ་བྱས་པ་འང་ཡིན་པའི་མྱ་ངན་ལས་འདས ་པ་མཆིས་སོ། །ཞེས་སོ། །བཅོམ་ལྡན་(དཔལ་ཕྲེང་གི་མདོ་རྒྱུད་བླ་མར་དྲངས་པར)་འདས་མར་ཡང་གསུངས་པ། བྱམས་པ་དེའི་སྐྱེ་བ་ལས་དང་ཉོན་མོངས་པ་ཉེ་བར་འགྲོ་བར་མི་འདོགས་ཀྱི་འོན་ཀྱང་དགྲ་བཅོམ་པའི་ཡང ་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་ཡོངས་སུ་བསྒྱུར་བར་གདགས་སོ་(རྗེ་བཙུན་བྱམས་པས་ཞུས་པའི་ལེའུར)་ཞེས་སོ། (།དེས་དགྲ་བཅོམ་པ་ཉིད་ཐོབ་ནས་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་སྐྱེ་བ་མ་མཆིས་པར་ཇི་ལྟར་ཐོབ་པར་འགྱུར་ཞེས་ཞུས་པའི་ལན་དུ།) ་བདག་ལ་ཆགས་པ་དང་ལྡན་པ་ནི་མངོན་པར་དགའ་བ་སྔོན་དུ་འགྲོ་བ་ཁོ་ནར་སྡུག་བསྔལ་དང་བདེ་བ་དོར་བ་དང་ཐོབ་པར་འདོད་པས་མངལ་གྱིས་གནས་ཡོངས་སུ་འཛིན་ནོ་ཞེས་པས་ཉོན་མོངས་བ་རྣམས་ཀྱི་ནུས་པ་ནི་ཁམས ་(རྣམ་འགྲེལ་ལས། བདག་ལ་ཆགས་པ་དང་ལྡན་པས། །བདེ་སྡུག་དོར་ཐབས་འདོད་པས་ན། །སེམས་ཅན་གཞན་གྱིས་དཀྲི་མིན་བ། །དམན་པའི་གནས་ནི་ཡོངས་སུ་ལེན། །ཅེས་པ་ལྟར།)་གསུམ་དུ་སྐྱེ་བར་བརྗོད་ལ་(ཉོན་མོངས)་དེ་རྣམས་ལོག་པས་འབྲས་བུ ་ཁམས་གསུམ་པའི་སྐྱེ་བ་ལྡོག་སྟེ་ཟག་པ་མེད་པའི་དབྱིངས་སུ་སྐྱེ་བ་ནི་མ་ཡིན་ནོ། །ལང་ཀར་གཤེགས་པར་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་འཁོར་བའི་རྒྱ་མཚོར་བྱིང་ཞིང་ཆོས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པའི ་དབང་གིས་མཛའ་གཅིག་ཏུ་མྱ་ངན་ལས་མི་འདའ་སྟེ། མ་རིག་པའི་(ལྡོག་པ)་བག་ཆགས་ཀྱི་སའི་འཆིང་བ་ལས་མ་གྲོལ་གྱི། ཉོན་མོངས་བ་ཙམ་(གྱི་རྒྱུ་མཚན)་ལས་གྲོལ་བ་འབའ་ཞིག་གོ་།མྱ་ངན་ལས་འདས་པ་མེད་ན ་འང་མར་མེ་ཤི་བའི་མིང་ཅན་ཟག་པ་མེད་པའི་ཏིང་ངེ་(མིང་དེར་དེ་བཞིན་ཉོན་མོངས་པ་ཡང་དེ་དག་ཉོན་མོངས་བག་ཆགས་འབྲེལ། ཅེས་བས།)་འཛིན་པ་དང་ལྡན་པ་ལས་(ཀུན་ནས་ལྡང་བ་དང་ལྡང་བ་མ་ཡིན་པ)་བསྐལ་པ་ཇི་སྲིད་པར་ཡང་ཡོངས་སུ་དག་པའི ་སངས་རྒྱས་ཀྱི་ཞིང་དུ་པདྨའི་(ཏིང་འཛིན་གྱིས་མྱོས་པ)་སྦུབས་སུ་ཟག་པ་མེད་པའི་ཁམས་ལ་གནས་སོ། །དེ་ནས་སྣང་བ་མཛའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་འོད་ཟེར་རྣམས་ཀྱིས ་སད་པར་བྱས་པ་ལས། ཏིང་ངེ་འཛིན་དེ་ལས་ལངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལམ་འདས་པའི་འབྱོར་པ་མཐོང་སྟེ། དེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྐྱེ་བ་ལ་དབང་བའི་སྟོབས་ལས་མི་གཡོ ་བ་ལ་སོགས་པའི་ས་པའི་བྱང་ཆུབ་སེམས་དཔའ་བཞིར་དུ་སྦྲུལ་བའི་སྐྱེ་བས་གྲོལ་བའི་གནས་སྐབས་ན་དམྱལ་བ་ལ་སོགས་པ་སྤྱོད་པ་ལྟར་འགྲོ་བར་འགྲོ་ཞིང་ཚོགས་(མཆོག་ཏུ)་ཡོངས་སུ་རྫོགས་ཏེ་བྱང་ཆུབ་མཆོག་ཐོབ་པར་བྱེད ་དོ་ཞེས་(སྐྱབས་སུམ་བདུན་ཅུ་པར། བྱང་ཆུབ་རྣམ་པ་གཉིས་ཐོབ་ནས། སྲིད་པས་སྐྲག་ཡང་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲིད་གསུམ་ཁམས་གསུམ་དུ། །སྐྱེ་བ་དེ་ལ་ཡོད་མ་ཡིན། །ཟག་མེད་བྱིངས་གནས་དེ) ་*། (།དག་བྱ། །མི་ཤེས་ཉོན་མོངས་མི་སྤང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་སྐུལ་ནས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་བར་འགྱུར། །ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས།)་གསལ་པར་རིག་པར་བྱས་སོ། །ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ། དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་སེམས་སྐྱེད་པར་བྱེད་ན་བདག་ནི་དེ་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་མི་བྱེད་དོ། །ཞེས་སོ། །དེ་བཞིན་དུ་ཏིང་ངེ ་འཛིན་རྒྱལ་པོའི་མདོར་ཡང། འགྲོ་བ་འདི་རྣམས་ཐམས་ཅད་སངས་རྒྱས་འགྱུར། འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། (ཡང་དག་བ་ཉིད་དུ་ངེས་པ་ལ་ཞུགས་པ)་ཅེས་སོ། གང་གི་ཕྱིར་འདི་དྲི་མ་རྣམས་གློ ་བུར་བ་ཉིད་ཀྱི་ཕྱིར་དང་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་འགྲོ་བ་མ་ལུས་པ་ལ་སངས་རྒྱས་ཉིད་རུང་བ་ཡོད་པ་ཁོ་ནའོ་ཞེས་མངོན་པར་དགོངས་པར་བཤད་པར་རིགས་སོ། །དེ་བཞིན་དུ་(མདོའི་ཚིག)་བཅོམ ་ལྡན་འདས་ཀྱིས་མདོ་རྣམས་(སྟོང་པ་ཡིན་བས)་སུ། (བརྒྱད་སྟོང་འགྲེལ་པར་གང་གི་ཕྱིར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སེམས་ཀྱི་རང་བཞིན་ངོ་བོ་ཉིད་ཀྱིས་མ་སྐྱེས་བ་ནི་འོད་གསལ་བ་ཡིན་ཏེ། མེད་པར་ཀུན་ཏུ་རྟོག་པའི་མུན་པ་ཐམས་ཅད་རྣམ་པར་གསལ་བ་ཡིན་ནོ་ཞེས་གསུངས་པའོ།།) ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་པ་འདིས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རྟོགས་པར་རུང་བ་ཉིད་དུ་ཡོངས་སུ་བསྟན་ཏོ། །འཕགས་པ་བྱམས་པས་ཀྱང་ཐེག་པ་ཆེན་པོ་རྒྱུད་བླ ་མར། (ཱི་འགྲེལ་པར། མདོ་སྡེ་རྒྱན་གྱི་བྱང་ཆུབ་ཀྱི་སྐབས་སུ་གསུངས་པར་དྲངས་བ།)་ཐམས་ཅད་ལ་ནི་ཁྱད་མེད་ཀྱང། །དེ་བཞིན་ཉིད་ནི་(བློ་བུར་གྱི་དྲི་མ། འམ་ཐོབ་པ་གོང་གི་ལུང་འདི་དག་གིས་ན། དེ་བཞིན་གཤེགས་པའི་སྙིང་པོས་བརྟན་གཡོ་ཀུན་ལ་ཁྱབ་པ་མ་ཡིན་གྱི། འགྲོ་བའི་སེམས ་རྒྱུད་ལ་ཁྱབ་པའོ།)་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེས་ཡི་སྙིང་པོ་ཅན། །ཞེས་པ་ལ་སོགས་པས་སོ། །དེ་བཞིན་གཤེགས་པའི་སྒྲས་ཀྱང་ཆོས་ཀྱི་དབྱིངས་གང་ཟག་དང་ཆོས་ཀྱི་བདག་མེད་པའི་མཚན ་ཉིད་ཅན་རང་བཞིན་གྱིས་འོད་གསལ་བ་བརྗོད་པར་བཞེད་པ་ཉིད་ཀྱི་(ཡིན་པ། དེ་བཞིན་གཤེགས་པ། ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྟན་པས)་ཕྱིར་རོ། (།གཞུང་དེའི)་གཞན་ཡང་ཐེག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ ་དེ་ཁོ་ན་ཉིད་ཤེས་པའི་བདག་ཉིད་དང་(འདིར་འགྲོ་བ)་མྱ་ངན་ལས་འདས་པ་ལའང་བརྗོད་དེ། །འདིས་འགྲོ་བ་ཞེས་པ་དང་དེར་འགྲོ་བ་ཞེས་བྱས་ནས་སོ། །དེ་ཁོ་ན་ཉིད་ཤེས་པ་ཁོ་ནས་ཐར་པ་(མྱ་ངན་ལས་འདས་པ)་ཐོབ་ཀྱི་གཞན་ལས་མ་ཡིན ་བའི་ཕྱིར་རོ། (།ཤེས་རབ་ཀྱིས་རྟོགས་བྱའི)་དེ་(འདིས་འགྲོ་བ)་ཁོ་ན་ཉིད་དེ་འང་གཅིག་ཁོ་ན་སྟེ། ལྟ་བ་ཐ་(།རིམ་བ་ལྟར)་དད་ནའང་(ལྟ་བ་དེ་དང་དེའི་དབང་གིས)་དངོས་པོ་(དབུ་མ་འཇུག་པར། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཛའ་དག་སེལ་བ་ནི། ལྷུར་ལེན་གཞན་མེད་ཆོས ་རྣམས་དེ་ཉིད་རྣམ་འགྱུར་བྱེད་བའང་རྟེན་མིན་པས། དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་བས། དེ་ཡི་ཕྱིར་ན་ཁྱེད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བརྟན་ཅེས་གསུངས་པ་ལྟར།)་དེ་ཁོ་ན་ཉིད་སྣ་ཚོགས་སུ་དམིགས་པ་མེད་དེ་ཧ་ཅང་ཐལ་བར་འགྱུར་བའི ་ཕྱིར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་ངོ་བོ་གཅིག་གི་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ངོ་བོ་གཅིག་པ་ཁོ་ནའོ། །དེའང་དངོས་སུན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་ཡང་དག་པ་(འགྱུར་བ)་མཁྱེན་པ་རྣམས་ཀྱི་ཡེ་ཤེས་གང་དེ ་(དེ་ཁོ་ན་ཉིད་དུ་དུ་མ་མེད་ལ)་ཉིད་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཏེ་རྣམ་པ་ཐམས་ཅད་དུ་(ཱི་ཚུལ)་ཀུན་དུ་རྨོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། (།ཉན་ཐོས་ལ་སོགས་པ།)་ཉི་ཚེ་པའི་ཤེས་པ་རྣམས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་མེད་དེ ་ཧ་ཅང་ཐལ་བའི་ཕྱིར་ཏེ། དེ་ལྟ་ན་ནི་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ། །དེའི་ཕྱིར་(ཡེ་ཤེས)་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བདེ་བའི་ཡེ་ཤེས་དེ་ཉིད་མྱ་ངན ་ལས་འདས་པ་ཐོབ་(ཉི་ཚེ་བའི་ཤེས་པས་དེ་ཁོ་ན་རྟོགས་པ། ཉི་ཚེ་བའི་ཤེས་པ་ཡོད་པས)་པར་བྱེད་པའི་ལམ་ཡང་དག་(ཐེག་པ་ལམ་ཡིན་ཅིང་དེ་འང་གཅིག་ཏུ་གྲུབ་པ)་པ་སྟེ། གཞན་མ་ཡིན་ནོ་ཞེས་པ་དེའི་ཕྱིར་ཐེག་པ་གཅིག་ཁོ་ནའོ། (།དེ་ཐེག་ཆེན)་མདོར་ ་བསྡུས་པའི་རབ་ཏུ་དབྱེ་བ་ནི། འཕགས་པ་ལང་ཀར་གཤེགས་པའི་མདོར་གསུངས་པ། ཆོས་ལྔ་རྣམས་དང་རང་བཞིན་དང། །རྣམ་པར་ཤེས་པ་བརྒྱད་ཉིད་དང། །བདག་མེད་པ་ཉིད་གཉིས་དག་སྟེ། (།ཀ་མ་ལའི་ཚུལ་གྱིས་རྒྱན་གྱི་བཀའ་འགྲེལ་དུ) ་ཐེག་ཆེན་མཛའ་དག་ཡོངས་བསྡུས་འགྱུར། །ཞེས་སོ། །དེ་ལ་ཆོས་ལྔ་ནི་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། (།ལྔ་པོ)་དེ་ལ་ཀུན་རྫོབ་ཀྱི་བདེན་པ་རྒྱས་པར་བསྟན་པ་ལས་མིང ་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་རྣམས་གསུངས་སོ། །དོན་(སྒྲའི་སྤྱི་ནང་གི་བརྗོད་པ་གཟུང་བ་དང་འཛིན་པའི་རྣམ་པ)་དམ་(གཞན་དབང་གི་ངོ་བོ་ཉིད། གཉིས་མེད་པ་སྟེ་གཞན་དབང་གི་ངོ་བོ་དེ་ཉིད་གཉིས་དང་བྲལ་བ།)་པའི་བདེན་པ་བསྟན་པ་ལས་དངོས་དང་བཏགས ་པས་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་བཤད་དོ། །རང་བཞིན་རྣམ་པ་གསུམ་ནི་ཀུན་བཏགས་དང་གཞན་དབང་དང་ཡོངས་གྲུབ་བོ། །རྣམ་པར་ཤེས་པ་བརྒྱད་རྣམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན ་གྱི་(རིམ་པ་ལྟར)་ཡིད་དང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གོ་།བདག་མེད་པ་(སྔར་བཤད་པའི)་ཉིད་གཉིས་ནི་གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་དོ། །དེ་ལ་ཀུན་བརྟགས་དང་གཞན་དབང་དག་དང་རྣམ་པར་ཤེས ་པ་བརྒྱད་གསུངས་པ་རྣམས་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ལས་སོ། །ཡོངས་སུ་གྲུབ་པའི་རང་བཞིན་དང་བདག་མེད་པ་གཉིས་གསུངས་པ་ནི་དོན་དམ་པའི་བདེན་པར་བརྗོད་པ་ལས་སོ། །བདེན་པ་གཉིས་ལ་འཇུག་པའི་མདོར་ཡང་ཉོན ་མོངས་པ་ཐམས་ཅད་ཀྱི་རྩ་བ་དངོས་པོར་མངོན་པར་ཞེན་པ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པར་སྒོམ་པ་ཁོ་ནས་ཉོན་མོངས་པ་རྣམས་སྤོང་གི་ལམ་གཞན་གྱིས་མ་ཡིན་ནོ་ཞེས་བསྟན་ཏེ། གང་གསུངས་པ་འཇམ ་དཔལ་ཅི་ལྟར་ཉོན་མོངས་པ་རྣམས་འདུལ་བར་འགྱུར་ཅི་ལྟར་ཡོངས་སུ་ཤེས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་ལ་དངོས་པོ་མེད་པའི་(ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བས་སྨྲས་པ།) ་ཆོས་ཐམས་ཅད་ལ་གང་ཀུན་རྫོབ་ཏུ་ཡོད་པ་མ་(ཉོན་མོངས་པ་རྣམས)་ཡིན་པའི་ཕྱིན་ཅི་ལོག་ཏེ་དེ་ལས་ཀུན་ཏུ་རྟོག་པ་དང་རྣམ་པར་རྟོག་པའོ། །དེ་ལས་ཚུལ་བཞིན་མ་(བདེན་པའི)་ཡིན་པར་ཡིད་ལ་བྱེད་པའོ། །དེ་ལས་བདག ་ཏུ་སྒྲོ་འདོགས་པའོ། །དེ་ལས་ལྟ་བའི་(ཱམ་ཡང་དག་པ)་ཀུན་ནས་དཀྲིས་པའོ། །དེ་ལས་(འབྱུང་བ་སྤྱིར)་ཉོན་(བྱེ་བྲག་ཏུ)་མོངས་པ་རྣམས་(མི་སྡུག་པ་ལ་སྡུག་པར་འཛིན་པ་སོགས)་འབྱུང་ངོ། །ལྷའི་བུ་གང་ཡང་ཆོས་ཐམས ་ཅད་དོན་དམ་པར་ཤིན་ཏུ་(ལྔ་འམ་དྲུག་ཅུ་རྩ་གཉིས་ལ་སོགས་པ)་མ་སྐྱེས་ཤིང་མ་བྱུང་བར་ཤེས་པ་མེད་པའི་ཚུལ་གྱིས་ཤེས་པ་དེ་དོན་(འདོད་ཆགས་ལ་སོགས་པ)་དམ་པར་ཕྱིན་ཅི་མ་ལོག་པའོ། །དེ་ནི་ཀུན་ཏུ་(གང་ཟག)་མི་རྟོག་པར ་རྣམ་པར་(ཏེ་ཁྱད་པར་དུ)་མི་རྟོག་གོ་(།མི་རྟོག་པ)་དེ་ནི་ཚུལ་བཞིན་དུ་སྦྱོར་རོ། །དེ་ནི་དོན་དམ་པར་ཡོད་པ་(ཱམ་ཡང་དག་པ། འི་གང་ཟག)་མ་ཡིན་པ་སྒྲོ་འདོགས་པར་མི་འགྱུར་རོ། །དེ་ལ་ལྟ་བའི་(གང་ཟག)་ཀུན་ནས་ལྡང་བར་མི་འགྱུར་རོ། ། ་དེ་ལྟར་སྐྱེ་བ་མེད་པ་ལ་གནས་པ་དེ་ཉིད་ཀྱི་ཉོན་མོངས་པ་རྣམས་མཐོང་བ་མེད་པའི་ཚུལ་གྱིས་ཤིན་ཏུ་འདུལ་བར་བལྟ་བར་བྱའོ། །གང་གི་ཚེ་ཉོན་མོངས་པ་རྣམས་སྣང་བ་མེད་པའི་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་དོན་དམ་པར ་ཤིན་ཏུ་སྟོང་པ་(དེ་ལ་ཉོན་མོངས་པ་མི་འབྱུང་བས་རྟོག་པ་འི་གང་ཟག)་དང་ཤིན་ཏུ་མཚན་མ་མེད་པ་དང། དོན་དམ་(མཐོང་བས)་བར་དངོས་པོ་རྣམས་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་བར་རབ་ཏུ་ཤེས་པ་མེད་(དང་འམ)་བའི་ཚུལ་གྱིས་རབ་ཏུ ་ཤེས་པ་དེའི་ཆ་ལྷའི་བུ་ཉོན་མོངས་པ་རྣམས་རབ་ཏུ་ཤེས་བ་མེད་པའི་ཚུལ་གྱིས་ཡོངས་སུ་ཤེས་པར་འགྱུར་རོ། །འདི་ལྟ་སྟེ་གང་སྤྲུལ་དུག་ཅན་གྱི་རིགས་ཀླག་པ་དེས་དེའི་དུག་ཞི་བར་བྱེད་དོ། །དེ་བཞིན་དུ་གང་ཉོན་མོངས་པ་རྣམས་ཀྱི ་རིགས་ཤེས་པ་དེའི་ཉོན་མོངས་པ་རྣམས་ཤིན་ཏུ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུ་དོན་དམ་པར་ཤིན་ཏུ་མ་སྐྱེས་ཤིང་རྒྱུ་(ཱི་གང་ཟག་སྦྲུལ)་མ་བྱུང་དངོས་པོ་མེད་པའི་ཆོས་ཐམས་ཅད་ལ་གང་ཀུན་དུ་རྟོག ་པ་(།ཤིན་ཏུ་མི་དམིགས་པས)་འདི་ནི་ཉོན་མོངས་པ་རྣམས་ཀྱི་རིགས་སོ་ཞེས་སོ། །དེའི་ཕྱིར་དངོས་པོར་མངོན་པར་ཞེན་པ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་བྲ་བ་མཛའ་དག་རབ་ཏུ་སྐྱེ་བའི་རྩ་(བདོན་དངོས་ལ་སོགས་བར) ་བ་ཉིད་ཡིན་པའི་ཕྱིར། དེའི་གཉེན་པོར་གྱུར་པ་ངེས་པར་ལེགས་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཅན་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་སྒོམ་པ་འདི་གཅིག་ཏུ་ཁོ་ནར་ཟད་པ་དེའི་ཕྱིར་དེ་དོན་དུ ་གཉེར་བ་རྣམས་ཀྱིས་(བདེན་པའི་དངོས་པོར་ཞེན་པ་ནི)་ལམ་ངན་(ཐར་པ)་པའི་རྣམ་པར་རྟོག་པ་མཛའ་དག་ཐག་བསྲིངས་ཏེ་སྤངས་ནས་བདག་ཉིད་ཆེན་པོ་(སངས་རྒྱས་ལ་སོགས་པ)་རྣམས་ཀྱིས་ཤིན་དུ་གསལ་བའི་རིགས་(ངེས་པར་ལེགས་པ) ་པ་དང་ལུང་གི་སྒྲོན་མའི་ཚོགས་ཀྱིས་རབ་ཏུ་སྣང་བ་མཛད་པའི་ཕྱིར་དང་སྐྱེ་བོ་མཁས་པའི་དེད་དཔོན་མ་ལུས་བ་རྣམས་ཀྱིས་བགྲོད་ཅིང་(ཕྱི་མ་རྣམས་ཀྱིས)་རྗེས་སུ་བགྲོད་བའི་ཕྱིར་དེ་ཁོ་ན་རྟག་ཏུ་གུས་པས་བདག་འདོད་པ་རྣམས་ཀྱིས་ངེས་པར ་བསྟེན་པར་བྱའོ། །དེ་ལྟར་ཐེག་པ་ཆེན་པོའི་བདག་ཉིད་ཐེག་པ་གཅིག་ཁོ་ན་དང་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་(སྔ་མ་རྣམས་ཀྱིས)་ཉིད་མེད་པ་ཉིད་དུ་གྲུབ་བོ། (།རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་སོམ་པ་ལེགས་པར)་ད་ཁོ་ན་བཅོམ ་ལྡན་འདས་མ་ཤེས་རབ་(རམ་དེའི་ཕྱིར་ན)་ཀྱི་ཕ་རོལ་ཏུ་ཕྱིན་པའོ། (།ཤེར་ཕྱིན)་དེ་ཁོ་ན་སྟོང་པ་(ཉིད་རྟོགས་པ)་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཤེས་བྱའོ།། །།ཐུབ་པའི་དགོངས་པའི་རྒྱན་དུ་(ཐེག་པ་ཆེན་པོ)་བྱང་ཆུབ ་ཀྱི་སེམས་ཀྱི་སྣང་བའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་འགྲོ་བ་ཐམས་ཅད་སྒྲིབ་གཉིས་སྤོང་བའི་སྐལ་བ་དང་ལྡན་པའོ། །ཞེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བའི་ཆེད་དུ་རྟོག་པ་དང་ལྡན་པས་སྒོམ་པ་ལ ་འབད་པར་བྱའོ། །དེའང་ཐུན་མོང་དང་དེ་ལས་ཅིག་ཤོས་སོ་ཐབས་(ཐེག་པ་གཅིག་དང་སེམས་ཅན་ཀུན་རིགས་ལྡན་དུ་གྲུབ་པ)་དང་ཤེས་རབ་དེའི་བདག་ཉིད་དུ་སྒོམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་(ལེགས་ཉེས་འབྱེད་པའི)་དཔའ་ཐམས ་ཅད་ཀྱི་ཐུན་མོང་(སྒོམ་པ)་སྟེ་གང་གི་ཕྱིར་སྒོམ་པ་ནི་འབྲས་བུ་མངོན་པར་འགྲུབ་པའི་ཆེད་དུ་ཡིན་ལ་འབྲས་བཱུང་གཙོར་(གཅིག་པར)་པོར་གཞན་ལ་ཕན་པ་ཐུན་མོང་བའོ། །དེའང་སེམས་ཅན་གྱི་ཕུང་པོ་མཛའ་དག་སྒྲིབ་པ་གཉིས ་སྤངས་པས་ཀུན་དུ་བཟང་པོ་(སངས་རྒྱས)་ཉིད་ཡང་དག་པར་འགྲུབ་པའོ། (།སེམས་ཅན་ཀུན་གྱི་སངས་རྒྱས་ཐོབ་བ)་དེའང་(རང་ཉིད་ཀྱིས)་ཡང་དག་པར་རྫོགས་པའི་སངས་རྒྱས་(ཐོབ་པ་འབྲས་བུ་གཙོ་བོ།)་ཉིད་མེད་ན་མེད་ཅེས་པས་(སངས་རྒྱས)་དེའང ་དེའི་དོན་ཉིད་ཀྱི་ཕྱིར་འབྲས་བུའོ། །དེའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་རྒྱུའི་གནས་སྐབས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ཐར་པའི་ཆ་དང་མཐུན ་པའི་གནས་སྐབས་མེད་(སེམས་ཅན་ཀུན་གྱི་སངས་རྒྱས་ཐོབ་པ་སངས་རྒྱས)་ན་མེད་ཅེས་པས་འདི་ཐམས་ཅད་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྒོམ་པ་ཁོ་ན་ལས་བསྒྲུབ་པར་བྱ་བ་སྟེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པར་གསུངས་པ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་(འབྲས་བུ)་ཀྱི་ཕ་(མཛའ་དག)་རོལ་ཏུ་ཕྱིན་པ་འདི་ཁོ་ན་མཉན་པར་བྱའོ་ནས་ཇི་སྲིད་ཤེས་རབ་ཀྱི་ཕ་(ས་ན་སྒོམ་པ་ཐུན་མོང་བ)་རོལ་ཏུ་ཕྱིན་པ་འདི་ཁོ་ན་ལ་རྣལ ་འབྱོར་དུ་(ཐེག་པ་གསུམ་འཆར་འཐོབ་པའི་རྒྱུར།)་བྱའོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་ས་ལ་ཡང་དང་ཇི་སྲིད་སངས་རྒྱས་ཀྱི་ས་ལ་ཡང་ཞེས་པ་ལ་སོགས་པ་རྒྱ་ཆེར་རོ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རྣལ་འབྱོར་དེའང་བྱང་ཆུབ་ཀྱི ་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་ནོ། །དེའི་ཕྱིར་དེ་གོམས་པས་འབྲས་བུ་ཐམས་ཅད་མངོན་པར་འགྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཐེག་པ་གཅིག་ཏུ་བསྟན་པའང་ཤིན་ཏུ་ངེས་པ་སྟེ་ཤེས་རབ་དང་ཐབས ་གཉིས་སུ་མེད་པའི་ཡེ་ཤེས་(ཱོག་ཏུ་འཆད་པ་ལྟར)་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ལས་(ཐབས་ཤེས་རབ་ཀྱི་རྣལ་འབྱོར།)་།རྣམ་པར་གྲོལ་བའི་གཞན་པའི་ཐེག་པ་འདི་ན་ཡོད་པ་མ་ཡིན་བས་སོ་ཞེས་བསྒྲུབས་ཟིན་ཏོ། །དེའི་ཕྱིར་བཅོམ་ལྡན ་འདས་ཀྱིས་བདེན་པ་(དང་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས)་ལ་སོགས་པའི་དབྱེ་བས་(མ་གཏོགས་པའམ)་སྒོམ་པ་བསྟན་པ་ནི་གདུལ་བྱའི་སྐྱེ་བོའི་མོས་པ་ཐ་དད་པ་ལས་མིང་ཙམ་ཐ་དད་པ་སྟེ་འདི་ནི་(གདུལ་བྱ)་དེ་རྣམས་སུ་(ཱོ་ན་སྒོམ་པ་ཐ་དད་བསྟན་བ་ཅི་ཞེ་ན) ་འཇུག་པའི་དོན་ནོ། །དེའི་ཕྱིར་མིང་དེ་དང་དེས་མདོ་དང་ཆོས་མངོན་པ་ལ་སོགས་པར་དེ་དང་དེ་ལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་འཇུག་པ་རྗེས་སུ་འཇུག་པའི་ཆེད་དུ་དེ་ཁོ་ན་ཉིད་དེ་ཉིད་ཐ་དད་མེད་ཀྱང་ཐ་དད་བཞིན་དུ་མཛད་ནས་སངས ་རྒྱས་བཅོམ་ལྡན་འདས་རྣམས་(མི་རྟག་པ་སོགས)་ཀྱིས་ཉེ་བར་བསྟན་ཏོ། །དེ་ལ་(མི་རྟག་ལ་སོགས)་དབང་པོ་བརྟུལ་པོ་རྣམས་ལ་དེ་ཁོ་ན་ཉིད་སྒྲོ་བཏགས་པ་ཅུང་ཟད་བཟློག་པས་མི་རྟག་པ་ལ་སོགས་པའི་སྒྲ་རྣམས་ཀྱིས ་གསུངས་སོ། །དབང་པོ་འབྲིང་པོ་རྣམས་ལ་ནི་གཟུང་བ་དང་འཛིན་པར་སྒྲོ་བཏགས་པ་བཟློག་པས་རང་རིག་པ་ཙམ་དུ་(ཐེག་པ་དམན་པ་ལ་སོགས་པ)་བསྟན་ཏོ། །དབང་(བདག་ལ་སོགས་པ)་པོ་རྣོན་པོ་རྣམས་ལ་སྒྲོ་བཏགས་པ་མ་ལུས་པ་བཟློག ་པས་སྟོང་པ་ཉིད་དང་སྤྲོས་པ་(སེམས་ཙམ་ལ་མོས་པ)་མེད་པ་ལ་(རམ་གཟུགས་སོགས་སུ)་སོགས་པའི་སྒྲ་རྣམས་ཀྱིས། (།དང་མིག་ཡོར་ཙམ་དུ་ཞེས་སློབ་དཔོན་ཡེ་ཤེས་གྲགས་པ)་ཉེ་བར་བསྟན་ཏོ། །དེ་ཚད་མ་རྣམ་འགྲེལ་དུ་གསུངས་པ། སྟོང་ཉིད ་ལྟ་བས་གྲོལ་འགྱུར་ཏེ། བསྒོམ་པ་ལྷག་མ་དེ་དོན་ཡིན་ཞེས་སོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པ་སྒོམ་པའི་མིང་གཞན་བྱང་ཆུབ་ཀྱི་སེམས་ཁོ་ན་ལས། ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན ་ཉིད་ཀྱི་འབྲས་བུ་མཛའ་དག་(སྟོང་ཉིད་རྟོགས་པ་འི་དུ)་འགྲུབ་པ་ཞེས་པ་འདི་ནི་གནས་པའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་སྒོམ་པ་ནི་དེ་ལ་གཞུག་(གང་ཟག)་པའི་དོན་ཁོ་ནའོ། །དེ་ལ་བརྟག་པ་དང་བདེ་བ་དང་བདག་དང་བདག་གིར་(བདག ་ལ་ཕན་འདོགས་པ)་སྒྲོ་འདོགས་པ་བཟློག་པས་(སྔ་ན་མེད་པ་དང་ཕྱིས་མེད་པས)་མི་རྟག་པ་དང་སྡུག་(འདུ་བྱེད་ཀྱི་སྡུག་བསྔལ་གྱིས་?་པ་རྣམས་དང་མི་མཐུན་པས།)་ཐེག་པ་ཆུང་ངུ་གཉིས་ཀྱི་སྒོམ་པ་རིམ་གྱིས་གཉིས་མེད་བསྒོམ་པ་བདེན་པ་བསྒོམ་པ)་བསྔལ་བ་དང་(བྱེད་པ་པོ་བདག་གཞན་དང་དྲལ་བས།) ་སྟོང་པ་དང་བདག་མེད་པའི་རྣམ་པ་རྣམས་ཀྱིས་བསྒོམ་པར་བྱ་བའི་དེ་ཁོ་ན་ཉིད་དེ་ཉིད་ལ་སྡུག་བསྔལ་གྱི་བདེན་པ་ཞེས་བརྗོད་དོ། །དེ་བཞིན་དུ་ལས་དང་དབང་ཕྱུག་ལ་སོགས་པ་རྒྱུ་ཉིད་མེད་པའི་ཕྱིར་ཆོས ་ཐམས་ཅད་རྒྱུ་(བདག་དང་མཚན་ཉིད་མི་མཐུན་པས་འམ་མ་ཡིན་པ)་མེད་པ་དང་དུས་ལ་སོགས་པ་སེམས་མེད་པ་རྟག་པའི་དངོས་པོའི་རྒྱུ་ཅན་ཉིད་ཀྱི་ཕྱིར་རྒྱུ་(རང་གི་སྡེ་པའི་ལུགས་ལྟར་གཞན་སྡེའི་ལུགས་ལྟར།)་གཅིག་པ་དང་གཙོ་བོ་དང ་སྒྲའི་ཚངས་པ་ལ་སོགས་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་ཡོངས་སུ་འགྱུར་བའི་དངོས་པོའི་རྒྱུ་ཅན་དང་དབང་ཕྱུག་ལ་སོགས་(དང་དབང་ཕྱུག་ལ་སོགས་པ་གཅིག་པུ)་།པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་བློ་དང་ལྡན་པའི་རྒྱུ་(གྲངས་ཅན་འདོད་པའི)་ཅན ་ནོ་ཞེས་པ་དེའི་གཉེན་པོར་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་(མངོན་པར་གསལ་བ)་ཞེས་པའི་ལྡོག་པ་བཞི་སྟེ་དེ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་ཀུན་འབྱུང་གི་བདེན་པ་ཞེས་ཐ་(བློ་སྔོན་དུ་གཏོང་བ)་སྙད་དུ་བྱའོ། །ཐར་བ ་མེད་པ་དང་ཐར་པ་སྡུག་བསྔལ་བ་དང་བསམ་གཏན་གྱི་བདེ་བ་ཁོན་གྱ་ནོམ་པ་དང་གྲོལ་བ་ཡང་སླར་འཁོར་བར་ལྟུང་ངོ་ཞེས་པའི་གཉེན་པོར་(།འི་དེ་ཁོ་ན་ཉིད)་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་(སྐྱོ་བ་རྒྱུན་ལ ་ཡུལ་ལ་ལོངས་སྤྱོད་པ་མེད་པས་ན་དབང་པོ་རྣམས་ཉམས་པའི་ཕྱིར།)་ཞེས་པ་ལྡོག་པ་བཞི་སྟེ་(ཡང་དང་ཡང་དུ་ཉམས་པས་གྲོལ་བ་གཏན་དུ་བ་མ་ཡིན་པས)་།དེ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་འགོག་པའི་བདེན་པ་ཞེས་པར་ཐ་སྙད་དུ་བྱ་སྟེ་སྔོན་པོ་ལ ་སོགས་པ་ལས་གཞན་པའི་འགོག་པ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་བདག་ཡོད་པའི་ཕྱིར་བདག་མེད་པའི་(རྟོགས་པ)་མཚན་ཉིད་ཅན་གྱི་ལམ་མེད་པ་(འདི་ཁོ་ན་ཉིད)་དང་(འཕགས་པའི་ལམ་ཡན་ལག་བརྒྱད་པ)་འདི་ལམ་དང ་པ་དང་ལམ་གཞན་ཡང་ཡོད་པ་དང་སླར་ལྡོག་པའང་ལམ་མོ་ཞེས་པ་དེའི་གཉེན་པོར་ལམ་དང་རིགས་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པ་ཞེས་པའི་ལྡོག་པ་བཞི་སྟེ། དེ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་ལམ་གྱི་བདེན་པ་ཞེས་བསྟན་ཏེ། སྔོན ་པོ་ལ་(འདི་ལས)་སོགས་པ་ལས་གཞན་(ར་བྱེད་པ)་པའི་བདག་(བཟློག་བྱ་བཅུ་དྲུག་པོ་འདི་རྣམས་མཛོད་འགྲེལ་བདུན་པ་ན།)་མེད་པ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་དེ་ཁོ་ངོ་བོ་ན་ཉིད་ལ་དབྱེ་བ་མེད་ཀྱང་ལྡོག་པ་ཙམ་གྱིས་བྱས་པའི་དབྱེ་བ་ལས ་སྡུག་བསྔལ་ལ་སོགས་པའི་(ཉིད་བདག་མེད་ཡིན་གྱི་དེ་རྣམས)་བདེན་པ་ཐ་དད་པར་བསྟན་ལ་སླར་ཡང་ཕྱེ་བས་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་རྣམ་པ་བཅུ་དྲུག་ཏཱུང་ངོ། །དེ་ལ་མདོ་ལས། སྐྱེ་བ་སྡུག་བསྔལ་ལོ་རྒ་བ་ནི་སྡུག་བསྔལ ་ལོ་ཞེས་པ་ལ་སོགས་པས་འདུ་བྱེད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་དང་རྣམ་པར་འགྱུར་བའི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་གྱི་བདེན་པ་སྟེ་འབྲས་བུར་གྱུར་པའི་ཉེ་བར་ལེན་(ཉེར་ལན་གྱི་ཕུང་པོ)་བའི་ཕུང་པོ་ལྔ་རྣམས་སོ། ་དེ་རྣམས་ཁོ་ན་རྒྱུར་གྱུར་པ་ནི་ཀུན་འབྱུང་གི་བདེན་པའོ། །སྲེད་པ་དང་ལས་ཡོངས་སུ་ཟད་པ་ལས་གང་སྡུག་བསྔལ་ཤིན་ཏུ་སྐྱེ་བ་མེད་པའི་མྱ་ངན་ལས་འདས་པ་ནི་(དབུ་མ་ཕུང་པོ་ལྔ་པར)་འགོག་པའི་བདེན་པའོ། །དེ་ཐོབ་པའི་ཐབས་ནི་ལམ་གྱི་བདེན ་པའོ། །འདི་རྣམས་ཀྱི་རིམ་པའང་ཇི་ལྟར་མངོན་པར་རྟོགས་(འདོད་ཆགས)་པ་སྟེ། དེ་ལྟར་ནི་དང་པོ་རྣམ་པར་(སྣུམ་དང་སྡོང་བུ་ཟད་པའི་མར་མེ་ལྟར)་དཔྱོད་པའི་གནས་སྐབས་ན་སྡུག་བསྔལ་ལ་རྟོག་གོ་(།ཞེས་སོ)་ཕྱི་ནས་འདིའི་རྒྱུ་ཅི་ཞེས་ཀུན ་(ཞེས་སོ་བདེན་པ་བཞི་པོ)་འབྱུང་ལའོ། (།སྡུག་བསྔལ)་འདིའི་འགོག་པ་ཅི་ཞེས་འགོག་(མཛོད་འགྲེལ་དུ)་བ་ལའོ། །འདིའི་ལམ་ཅི་ཞེས་ལམ་ལ་སྟེ། ནད་མཐོང་ན་དེའི་གཞི་དང་ཟད་པ་དང་སྨན་ཚོལ་བ་བཞིན་ནོ་(ཏེ་ཇི་ལྟར་དཔྱད་པ་ལྟར་མངོན་པར་རྟགས)་སྡུག་བསྔལ། ་དེ་ལ་ཡོན་ཏན་གྱི་ལོ་ཏོག་མཛའ་དག་ཚུལ་ཁྲིམས་དང་འདྲ་བ་ལ་ངེས་པར་བརྟེན་ནོ་ཞེས་རྟོགས་ནས་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པས་ཚུལ་ཁྲིམས་ལ་གནས་པར་གྱུར་པ་སྒོམ་པའི་སྦྱོད་པའི་དུས ་ན་དམ་པ་མ་ཡིན་པ་དང་འདྲེས་པའི་རྣམ་པར་རྟོག་པ་རྣམས་ཡོངས་སུ་སྤོང་(གཞི)་ངོ། །དེ་ལ་འདོད་ཆགས་ལ་སྤྱོད་པས་དང་པོར?་ཏིང་ངེ་འཛིན་གྱི་དོན་དུ་མི་སྡུག་པ་སྒོམ་པར་བྱེད་དོ། །འདོད་ཆགས་ཀྱང་རྣམ་པ་དགུར་བཅོམ་ལྡན་འདས ་མ་ཆེན་མོར་(ཉོན་མོངས་པ་ལ་སོགས་པ)་བསྟན་ཏེ། འདི་ལྟ་སྟེ་དབྱིབས་ལ་ཆགས་པ་དང་མཁྲེགས་པའི་དངོས་པོ་ལ་ཆགས་པ་དང། (ཱམ་མཉམ་པར་གཞག་པའི)་ཙན་དན་ལ་སོགས་པའི་དྲིས་བསྐྱེད་པའི་ལུས་ལ་ཆགས་པ་དང། ་(སྟོང་ཕྲག་བརྒྱ་པ)་རྒྱན་གྱིས་བསྐྱེད་པའི་ལུས་མཛེས་པ་ལ་ཆགས་པ་དང། ལུས་ཀྱི་(ལུས་ཀྱི)་ཁ་(སྟེ་ལུས་ཀྱི་རིགས་པ་ལ་ཞེས་སློབ་དཔོན་ཡེ་ཤེས་གྲགས་པ)་དོག་ལ་ཆགས་པ་དང། ཤ་རྒྱས་པ་ལ་ཆགས་པ་དང། ཡན་ལག་དང་ཉིད ་ལག་གི་སྒེག་པ་ལ་ཆགས་པ་དང། སོའི་མཛེས་པ་ཕུན་སུམ་ཚོགས་པ་ལ་ཆགས་པ་དང། ཁ་དོག་དང་དབྱིབས་ལ་ཆགས་པ་ཞེས་སོ། །དེའི་གཉེན་པོར་གྲངས་(ནུབ་སོགས)་ཇི་ལྟ་བར་མི་སྡུག་པ་རྣམ་པ་དགུ་སྒོམ་པ་སྟེ། ་དཔེར་ན་སྤོས་པ་བཞིན་དུ་རྣམ་པར་བམ་པའི་འདུ་ཤེས་གཅིག་དང་ཡན་ལག་སོ་སོར་གྱུར་པ་ཉིད་ཀྱིས་འབུས་ཞིགས་པའི་འདུ་ཤེས་དང་དྲི་ང་ཞིང་རྣག་གི་རང་བཞིན་ཉིད་ཀྱིས་ན་རྣམ་པར་(དང་གོ་རིམས)་རྣགས་པའི་འདུ་ཤེས་དང། པགས ་པ་བཤུས་པ་(ཱམ་སྐྲངས་པ)་ལྟར་(ཁྲག་འཛག་པས)་རྣམ་པར་དམར་བའི་འདུ་ཤེས་དང་རྣམ་(སམ་འབུ་མང་པོའི་ནང་དུ་གཡོ་བས)་པར་སྔོས་པའི་འདུ་ཤེས་པ་དང་མི་གཙང་(སམ་གནས་ཐ་དད་ནས་རྣག་ཁྲག་འཛག?་པ)་བའི་ཕུང་པོའི་འདུ་ཤེས། ་དང་སོ་སོར་རིང་དུ་གྱུར་པ་ཉིད་ཀྱིས་(ཡན་ལག་དང་ཉིང་ལག)་རྣམ་པར་འཐོར་བའི་འདུ་ཤེས་དང་རུས་པའི་འདུ་ཤེས་དང་རྣམ་པར་ཚིག་པའི་འདུ་ཤེས་སོ་ཞེས་པའོ། །རྣམ་པར་རྟོག་པ་ལས་སྤྱོད་པས་ནི་དབུགས་རྡུབ་པ་དང། འབྱུང་བ་རྗེས་སུ ་(ཁྱི་དང་ལྕེ་སྤྱང་ལ་སོགས་པས་རྣམ་པ་སྣ་ཚོགས་སུ་ཟོས་པ་རྣམ་པར་ཟོས་པའི་འདུ་ཤེས་ཤེས་ཉི་ཁྲི་སྣང་བར)་དྲན་པ་གོམས་པར་བྱེད་དོ། །དབུགས་(པགས་པ་དང་དབྱིབས་འཁུམས་པ)་རྡུབ་པ་ནི་དབུགས་སྡུད་པ་སྟེ་འཇུག་པའི་རླུང་ངོ། །དབུགས་འབྱུང་བ་ནི་དབུགས ་སྤོ་བ་སྟེ་ཕྱིར་འགྲོ་བའི་རླུང་ངོ། །དེ་ལ་དམིགས་པའི་ཤེས་རབ་ནི་དབུགས་རྡུབ་པ་དང་འབྱུང་བ་རྗེས་སུ་དྲན་པའི་རྒྱུ་ཉིད་ཀྱི་ཕྱིར་དྲན་པར་བརྗོད་དོ། །དེ་ལ་ལུས་དང་སེམས་དག་བླ་ན་ནས་དབུགས་རྡུབ་པ་དང་འབྱུང་བ་ཙམ་ལ་སེམས ་གཏད?་དེ་དབུགས་འབྱུང་བ་དང་དབུགས་རྡུབ་པ་དག་སོ་སོར། གཅིག་དང་གཉིས་དང་ཇི་སྲིད་བཅུའི་བར་དུ་རྣམ་པར་གཡེང་(ཤེས་རབ་སྟེ)་བ་མེད་པ་བགྲང་བར་བྱེད་དེ། དེ་བཞིན་དུ་ཏིང་ངེ་འཛིན་ཐོབ་ཀྱི་བར་དུའོ། །འདི་ནི་རླུང་འབའ་ཞིག ་ཁོ་ན་(བགྲང་མ)་མ་ཡིན་གྱི་དེ་རྣམས་ནི་འབྱུང་བ་ཆེན་པོ་བཞི་དང་དེ་ལ་བརྟེན་པའི་འབྱུང་བ་ལས་གྱུར་པ་དང་(དེ་ལ་བརྟན་པའི)་སེམས་དང་སེམས་ལས་(མ་ཚང་བ་དང་ལྷག་པ་དང་འཆོལ་བའི་སྐྱོན་དང་བྲལ་བར)་བྱུང་བ་རྣམས་ཀྱང་ངོ་ཞེས་(ཉེ་བར་རྟོག་པ)་ཕུང་པོ ་ལྔར་ཉེ་བར་རྟོག་པར་བྱེད་དོ། །རླུང་ལ་དམིགས་པའི་བློ་བསྒྱུར་ནས་གོང་ནས་གོང་དུ་དགེ་བའི་(འབྲས་བུའི་གཟུགས)་རྩ་བ་རྣམས་ལ་ཀུན་ཏུ་སྦྱོར་རོ། །དེ་ནས་ཞི་གནས་རྫོགས་པ་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེ་བར་གཞག ་པ་རྣམས་གཟུགས་ནི་(བསྒྱུར་བ)་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནོ། །ཞེས་(ཆོས་མཆོག་གི་བར)་པ་ལ་སོགས་པ་(སོ་སོ)་རང་གི་མཚན་ཉིད་ཀྱིས་དང། སྟོང་པ་དང་(ཱི་སྒོམ་པ་པོ)་བདག་མེད་པ་ཉིད་དག་(བཞི་ཀའི)་སྤྱིའི་མཚན་ཉིད ་དེས་བསྒོམ་པར་བྱའོ། །དེ་ལ་དང་པོར་(ལུས་ཀྱི)་རང་གི་མཚན་ཉིད་ཀྱི་རིགས་ཅན་ལུས་དྲན་པ་ཉེ་བར་གཞག་པ་ལ་འཇུག་སྟེ་དེའང་མི་གཙང་བ་ལ་གཙང་བར་འདུ་ཤེས་ཕྱིན་ཅི་ལོག་གི་གཉེན་པོར་རོ། ། ་དེ་ནས་ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་སྟེ་དེའང་(མཛོད་དུ། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པ་ཞེས་སོ།།)་སྡུག་བསྔལ་ལ་བདེ་བར་ཕྱིན་ཅིག ་ལོག་གི་གཉེན་པོའོ། །དེ་ནས་ཀྱང་སེམས་དྲན་པ་ཉེ་བར་གཞག་པ་ལ་སྟེ་དེའང་མི་རྟག་ལ་རྟག་པར་ཕྱིན་ཅི་ལོག་གི་གཉེན་པོའོ། །དེའི་དེ་མ་ཐག་ཏུ་ཆོས་དྲན་པ་ཉེ་བར་གཞག་པ་ལ་སྟེ་དེའང་དད་པ་ལ་སོགས་པ་ཆོས་ཙམ་ལ་དམིགས ་པ་ཉིད་ཀྱི་ཕྱིར་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་གཉེན་པོའོ། །དེ་ཉིད་ཀྱི་ཕྱིར་མཛོད་དུ་གསུངས་པ། ཕྱིན་ཅི་ལོག་གི་གཉེན་པོར་བཞི། །ཞེས་སོ། །གང་གི་ཚེ་རང་གི་མཚན་ཉིད་འཛིན་པས་ཆོས་ཤེས་(བདག་གི་སྟོང་པ།) ་བྱས་ནས་ཕུང་པོ་ལྔ་ལ་དམིགས་པ་ཁོ་ན་ཆོས་དྲན་པ་ཉེ་བར་གཞག་པ་ཡིན་པ་དེའི་ཚེ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་རྣམས་ཀྱིས་ཆོས་ཐམས་ཅད་སྒོམ་པར་བྱེད་དོ། །མི་རྟག་པ་ལ་སོགས་པའི ་རྣམ་པ་བཞི་ནང་དུ་འདུས་པ་སྐད་ཅིག་མ་ཉིད་དང་གང་ཟག་གི་བདག་མེད་པའི་རྣམ་པ་དག་ཏཱུམ། གང་ཟག་གི་བདག་མེད་པ་ནང་དུ་འདུས་པའི་སྐད་ཅིག་མ་ཉིད་(ལུས་ལ་སོགས་པ་དེ་ཐམས་ཅད་སྤྱིར་བསྡུས་ཏེ།)་ཀྱི་རྣམ་པར་ཆོས་ཐམས་ཅད ་སྒོམ་པར་བྱེད་དོ། །དྲན་པ་ཁོ་ན་ཉེ་བར་འཇོག་པ་ཡིན་(ཏེ་གཞི་མཐུན)་པས་དྲན་པ་ཉེ་བར་གཞག་པའོ། །གང་(ནི་རྟག་པ་ཡིན་པས་ཏེ)་རྣམས་(བྱེད་པ་སྒྲུབ་པ)་འདི་དྲན་པ་ཉེ་བར་འཇོག་པས་ན་(དྲན་པ་ཉེར་གཞག)་ཞེས་སྨྲ་བ་དེ་རྣམས ་ནི་ཤེས་རབ་དྲན་པ་ཉེ་བར་གཞག་པར་འདོད་དོ། །དེའི་རྗེས་སུ་མི་དགེ་བ་དང་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམས་བཞིན་དུ་སྤོང་བ་དང་མི་སྐྱེ་བ་དང་འཕེལ་བ་དང་བསྐྱེད་པའི་རྒྱུ་བརྩོན་འགྲུས་ཡང་དག་པར་སྤོང་བ་རྣམས་ཏེ་འདི་རྣམས་ཀྱིས ་སེམས་ཡང་དག་པར་འཇོག་པའི་ཕྱིར་ཡང་དག་འཇོག་བཞི་རྣམས་ཀྱང་ངོ། །དེ་ནས་བརྩོན་འགྲུས་དང་ལྡན་པའི་(མི་དགེ་བ་སྐྱེ་བ། མ་སྐྱེས་པ། དགེ་བ་སྐྱེས་ཟིན། མི་སྐྱེས་པ)་སེམས་ལས་སུ་རུང་བར་འགྱུར་ཞེས་པས་འདུན་པའི ་ཏིང་ངེ་འཛིན་དང་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་སེམས་ཀྱི་ཏིང་ངེ་འཛིན་དང་དཔྱོད་པའི་ཏིང་ངེ་འཛིན་ཞེས་པ་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་གྱི་རྐང་པ་གནས་ཉིད་ཀྱི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་སོ། །དེ་ལྟར་ན ་འདུན་པ་དྲག་པོ་ཁོ་ན་ལེགས་པར་སྦྱོར་བ་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་དང་ཡང་དག་པར་སྤོང་བའི་བརྩོན་འགྲུས་རྣམས་ཀྱིས་མི་དགེ་བ་སྤོང་ཞིང་དགེ་བ་བསྐྱེད་པ་ལ་ལེགས་(དེ་བཞིའི་ཏིང་ངེ་འཛིན་ཡིན་པ) ་པར་སྦྱོར་བའི་དང་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་སེམས་རྣམས་ཀྱིས་ཡོངས་སུ་སྦྱོད་བ་ལས་དང། ཅི་བདག་མི་དགེ་བ་ཕྲ་མོ་རྣམས་ཀུན་དུ་སྤྱོད་དམ་བདག་ཡོངས་སུ་བརྟག་པར་བྱའོ་ཞེས་ཡང་དག་པར་ཉེ ་བར་འཇོག་(ཏིང་ངེ་འཛིན་བསྐྱེད་པ)་པ་ལས་ཏེ་དེ་འདི་རྣམས་ནི་(རིམ་པ་ལྟར)་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ། (།ཏིང་ངེ་འཛིན་བསྐྱེད་པ)་འདི་རྣམས་སྐྱེད་པ་ཀུན་ནས་དཀྲིས་(མི་སྤྱོད་དམ)་པ་རྣམས་རིང་དུ་གྱུར་པ་ན། (དཔྱོད་པས)་བག ་ལ་ཉལ་(ཉོན་མོངས་པའི་ས་བོན། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེ། བཞི)་རྣམས་སྤང་བའི་ཆེད་དུ་སླར་ཡང་ཡང་དག་པར་སྤོང་བ་རྣམས་ཀྱིས་བརྩོན་འགྲུས་རྩོམ་པ་ལ་སྤོང་བའི་འདུ་བྱེད་བརྒྱད་རྣམས་འབྱུང་བར་(ཉོན་མོངས་པ་མངོན་གྱུར)་འགྱུར་ཏེ། ་འདུན་པ་དང་བརྩོན་འགྲུས་དང་དད་པ་དང་ཤིན་ཏུ་སྦྱངས་པ་དང་དྲན་པ་དང་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་སོ། །དེ་ལ་ནམ་ཞིག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྙོམས་འཇུག་རྣམས་ཐོབ་པར ་འགྱུར་སྙམ་(བརྒྱད་ཅི་ཞེ་ན)་པ་ནི་འདུན་པའོ། །མི་དགེ་བ་ཐམས་ཅད་འཇོམས་པའི་ཆེད་དུ་བརྩོན་འགྲུས་སོ། །གོང་མ་དང་ཁོང་དུ་ཆུད་པའི་ཆོས་ལ་དད་པ་དང་དེ་སྔོན་དུ་འགྲོ་བའི་ཤིན་དུ་སྦྱངས་པ་དང་དེ་ལ་ཤེས་བཞིན་གྱི་(བདག་གིས།) ་ཕྱོགས་ཀྱི་དྲན་པ་དང་ལྷག་མཐོང་གི་ཕྱོགས་ཤེས་བཞིན་དང་དེ་ལའང་སེམས་མངོན་པར་འདུ་བྱེད་པའི་སེམས་པ་དང་ཀུན་(རང་ཉིད་ཀྱི)་ནས་ཉོན་མོངས་པ་མེད་(དང་པ)་པའི་བཏང་སྙོམས་སོ། །དེ་ལྟར་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན ་དང་སྤོང་བའི་(ལུས་སེམས་གནས་པར་བྱ་བའི་གདམ་ངག་ཡིད་ཀྱིས་བརྗོད་པ།)་འདུ་བྱེད་རྣམས་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཉོན་མོངས་པས་དབེན་པ། སྲིད་པ་ལས་འདོད་ཆགས་(འདུ་བྱེད)་དང་བྲལ་བ། སྡུག་བསྔལ་འགོག་པ་ལ་(ལས་བྱུང་བ)་བརྟེན ་པ། ཕུང་པོ་ཐམས་ཅད་ཉེ་བར་སྤོང་བས་ཡོངས་སུ་གྱུར་པ་སྒོམ་མོ། །དེ་ནས་ཡོངས་སུ་སྦྱད་པ་བྱས་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བདེན་པ་བཞིའི་ཡུལ་ཅན་རྣམ་པ་བཅུ་དྲུག་པ་སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ ་རྣམ་པ་བཞིའོ། །འདིར་དྲོད་དང་རྩེ་མོའི་རང་བཞིན་དང་པ་དང་བརྩོན་(དེའི་དོན་དུ)་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ་ལྔ་ནི་འཇིག་རྟེན་ལས་འདས་པའི་ཆོས་བསྐྱེད་པ་ལ་དབང་བྱེད་པ་ཐོབ་པ་ཡོད་ན་དབང་པོ་རྣམས་སུ ་འགྱུར་ཏེ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་རབ་ཏུ་སྦྱོར་བ་ནི་རྟགས་མཐོང་བ་ལས། (སྤང་རྟོགས)་གོང་མའི་ཁྱད་པར་སྐྱེས་པ་ན་ངེས་པ་སྐྱེས་པའི་(སྒོམ་པ་པོའི)་སྟོན་པ་(སངས་རྒྱས)་དང་ཉན་ཐོས་ལ་སོགས་པ་རྣམས་ཀྱི་རྟོག་པ་ལ ་མངོན་པར་ཡིད་ཆེས་པ་སྐྱེ་སྟེ་དེ་ནི་འདིའི་དད་པའི་དབང་པོའོ། །དད་པ་ལྷག་པ་ལས་བརྩོན་འགྲུས་ལ་སོགས་པ་རྣམས་ལྷག་པའོ། །དེ་ནས་དབང་པོ་ལྔ་རྣམས་སྒོམ་བཞིན་པ་ཁོ་ན་དེ་བཞིན་དུ་འཕེལ་ཏེ་ཇི་ལྟ་བར་བདུད་ལ་སོགས་པ་མི ་མཐུན་པའི་ཕྱོགས་རྣམས་ཀྱིས་མི་རྫི་བ་ཉིད་ཀྱི་ཕྱིར་དང་ཟིལ་གྱིས་མི་ནོན་པ་ཉིད་ཀྱི་ཕྱིར་སྟོབས་ཀྱི་མིང་ཐོབ་སྟེ་སྟོབས་དེ་རྣམས་ནི་བཟོད་པ་དང་ཆོས་མཆོག་གི་རང་བཞིན་ནོ། །དེ་ནས་(དངོས་པོ་དབང་པོ)་ཆོས་མཆོག་གི ་དེ་མ་ཐག་ཏུ་འཕགས་པའི་བདེན་པ་(ཐུབ་པར་དཀའ་བ)་བཞིའི་ཡུལ་ཅན་བདེན་པ་མངོན་པར་རྟོགས་པ་ཟག་པ་(དད་པའི་སྟོབས་ནས་ཤེས་རབ་ཀྱི་སྟོབས་ཀྱི་བར་རོ། །དབུས་དང་མཛའ་རྣམ་པར་འབྱོར་པར། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་འཐུན་གཉིས་གཉིས་སོ་ཤེས?) ་མེད་པ་སྐད་ཅིག་བཅུ་དྲུག་ཡང་དག་པར་སྐྱེ་སྟེ། འདི་ལྟ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་(མཐོང་ལམ)་བཟོད་པ་དང་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྟེ། དེ་བཞིན་དུ་ཀུན་འབྱུང་དང ་འགོག་པ་དང་ལམ་ལའོ། །ཞེས་པ་བདེན་པ་བཞི་ལ་དམིགས་པའི་སྐད་ཅིག་བཅུ་དྲུག་རྣམས་སོ། །དེ་ལ་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པའི་སྐད་ཅིག་བརྒྱད་རྣམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས ་པའི་གཉེན་པོའོ། །རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པའི་སྐད་ཅིག་རྣམས་ནི་གཟུགས་(བཅུ་དྲུག་པོ)་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པའི་གཉེན་པོའོ། །དེ་ལ་བཟོད་པའི་སྐད་ཅིག་ཐམས་ཅད་རྣམས ་རྐུན་པོ་(མཛོད་དུ་ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་པ་སྡུག་བསྔལ་ལའོ་དེ་ལས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །སྡུག་བསྔལ་ལྷག་མ་རྗེས་བཟོད་ཤེས། །བདེན་པ་གསུམ་ལ་དེ་བཞིན་ནོ་ཞེས་པས།)་འབྱིན་པ་(བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་པས།)་བཞིན་དུ ་ཉོན་མོངས་པ་སྤོང་བའི་ཕྱིར། བར་ཆད་མེད་པའི་ལམ་གྱི་རང་བཞིན་ཤེས་རབ་ཀྱི་བདག་ཉིད་ཉིད་ཀྱིས་སྡུག་བསྔལ་ལ་སོགས་པ་མཐོང་བའི་རང་བཞིན་ཉོན་མོངས་པའི་ཐོབ་པ་རྣམས་གཅོད་པའོ། །ཤེས་པའི ་སྐད་ཅིག་མ་རྣམས་ཀྱང་ཉོན་མོངས་པ་སྤངས་པ་ན་སྒོ་འཕར་གཅོད་པའི་ཚུལ་གྱིས་བྱ་བ་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་སྡུག་བསྔལ་ལ་སོགས་པ་མཐོང་བ་ངེས་པའི་བདག་ཉིད་ཉོན་མོངས་པ་དང་བྲལ་པའི ་ཐོབ་པ་རྣམས་དང་ལྷན་ཅིག་སྐྱེ་འོ། །ཞེས་ཁ་(བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེ་བས།)་ཅིག་གོ་།གཞན་རྣམས་ནི་རྗེས་སུ་ཤེས་པ་རྣམས་ཁོ་ན་ངེས་པའི་བདག་ཉིད་དེ་བཅུ་གཉིས་སྐད་ཅིག་(ལ་སྔ་མས།)་རྣམས་ནི་མངོན་དུ་བྱེད་པའོ་ཞེས ་ཟེར་རོ། །དེ་དང་འདི་འང་དཔྱོད་པར་འགྱུར་རོ། །འདིར་སྐད་ཅིག་བཅོ་ལྔ་རྣམས་ནི་མཐོང་བའི་ལམ་སྟེ། དེ་ལ་རྣལ་འབྱོར་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་(སྐད་ཅིག་སྔ་མ)་ཞུགས་པར་བརྗོད་དོ། །ལམ་ལ་རྗེས་སུ་ཤེས་པ་ནི ་སྒོམ་པའི་ལམ་སྟེ་(ལེའུ་གསུམ་པར)་སྐད་ཅིག་དེ་ལ་རྒྱུན་དུ་ཞུགས་པ་ཁོ་ནའོ། །རྒྱུན་ནི་མྱ་ངན་(མཛོད་དུ། སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་ཞེས་པ་ལྟར།)་།ལས་འདས་པའི་མཚོར་འབབ་པའི ་ལམ་སྟེ་དེ་ལ་ཞུགས་པའོ། །གལ་ཏེ་ཐོགས་ན་མིའི་སྲིད་པོ་བདུན་ཁོ་ན་དང། བར་དོའི་སྲིད་པ་བདུན་དང། དེ་བཞིན་དུ་ལྷ་རྣམས་སུའོ་ཞེས་པ་སྲིད་པ་ཉི་ཤུ་རྩ་བརྒྱད་དུ་སོ་སོར་མཚམས་སྦྱོར་རོ། །ཞེས་ཁ་ཅིག་གོ་། ་བདུན་ཁོ་ནར་རོ་ཞེས་གཞན་(འབྲས་གནས་སྒོམ་སྤངས་བྱ་མ་ཟད། །དེ་ལྟར་ཐོགས་ན་ལན་བདུན་པ་ཞེས་པས།)་དག་གོ་།དེའི་ཕྱིར་དེ་ལྟར་ཐོགས་(ཤིང་ཤིན་ཏུ་འགོར།)་ནི་སྲད་པ་ལན་བདུན་པ་ཞེས་བརྗོད་དོ། (།རྒྱུན་ཞུགས)་དེ་ལ་སྔ་ན་མེད་པ་ཤེས་པར་བྱ ་འདོད་པ་ཡོད་ལ་ལྟ་བར་བྱ་བ་ནི་མེད་དོ། །འདིར་ཡང་མཐོང་བའི་ལམ་ལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ནི་བྱང་ཆུབ་དང་རྫོགས་པའི་བྱང་ཆུབ་སྟེ་དེའི་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་སོ་སོར་ཐོབ་སྟེ་དྲན་པ་དང ་ཆོས་རྣམས་(བདེན་པ་བཞི་པོ་མཐོང་ཟིན་པས)་པར་བྱེད་པ་(ཉི་ཁྲི་དག་ལྡན་དུ།)་དང་བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་(སངས་རྒྱས་ཀྱི)་དང་ཏིང་ངེ་(བྱང་ཆུབ)་འཛིན་དང་བཏང་སྙོམས་སོ། །དེ་རྣམས་ནི་རྫོགས་པའི་བྱང་ཆུབ་ཀྱི་ཡན ་ལག་ཀྱང་ངོ། །དེ་ལ་ཆོས་རྣམ་པར་འབྱེད་པ་དང་བརྩོན་འགྲུས་དང་(ཤེས་རབ)་དགའ་བ་ཞེས་པ་གསུམ་རྣམས་ལྷག་མཐོང་གི་ཕྱོགས་སོ། །ཤིན་དུ་སྤྱད་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་རྣམས་ཞི་གནས་ཀྱི་ཕྱོགས་སོ། །དྲན ་པ་ནི་གཉིས་ཀའི་ཕྱོགས་སོ། །དགའ་བ་ནི་གང་དམིགས་པ་དེ་ཁོ་ན་ལ་ཡིད་བདེ་བའོ། །བཏང་སྙོམས་ནི་ལྷུན་གྱིས་གྲུབ་པ་འབྱུང་བའོ། །དབུས་དང་མཛའ་རྣམ་པར་འབྱེད་པར་ཡང་གསུངས་པ། རང་བཞིན་ཡན་ལག་གནས ་ཡན་ལག་།གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་གོ་།རྣམ་གསུམ་ཉོན་མོངས་མེད་ཡན་ལག་།འདི་ལ་གཞི་དང་གནས་དང་ནི། །རང་བཞིན་གྱིས་ནི་བསྟན་(བྱང་ཆུབ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས།)་པར་འདོད།། ་ཅེས་སོ། །བྱང་ཆུབ་ཀྱི་གནས་དྲན་པའོ། །རང་བཞིན་ཆོས་རྣམ་པར་འབྱེད་པའོ། །ངེས་པར་འབྱུང་བ་བརྩོན་འགྲུས་སོ། །ཕན་(ཉོན་མོངས་པ་མེད་པ།)་ཡོན་དགའ་བའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་གནས་ངན་ལེན་གྱི་གཉེན་པོ་ཤིན་ཏུ ་སྦྱངས་པ་སྟེ། དེའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་གཞིའོ། (།ཉོན་མོངས་པ་མེད་པའི)་གནས་ནི་ཏིང་ངེ་འཛིན་ནོ། །རང་(དེས་ལུས་སེམས་ལ་ཕན་འདོགས་པས།)་བཞིན་ནི་བཏང་སྙོམས་སོ། །དེ་ལ་སྡུག་(རུ་གྱུར་པ་ལུས་དང་སེམས་ལས་སུ་མི་རུང་བའི།) ་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འདོད་ཆགས་དང། ཁོང་ཁྲོ་དང། ང་རྒྱལ་དང། མ་རིག་པ་དང། ཐེ་ཚོམ་སྟེ་ལྔ་རྣམས་དང། འཇིག་ཚོགས་དང། མཐར་འཛིན་པ་དང། ལོག་པར ་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་རྣམས་ཏེ་ལྔའོ། །དེ་རྣམས་ཁོ་ན་ལས་བདུན་བདུན་ནི་ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་སྟེ། ་འཇིག་ཚོགས་དང་མཐར་འཛིན་པ་དང་ཚུང། །ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་མ་གཏོགས་པའོ། །ལམ་མཐོང་བས་སྤང་བར་བྱ་བ་བརྒྱད་དེ་དེ་རྣམས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ ་འཛིན་པ་དང་བཅས་པའོ། །སྒོམ་པས་སྤང་བར་བྱ་བ་བཞི་སྟེ། འདོད་པའི་ཁམས་ཀྱི་འདོད་ཆགས་དང། ཁོང་ཁྲོ་དང། ང་རྒྱལ་དང། མ་རིག་པའོ། །གཟུགས་(བདུན་པོ)་དང་གཟུགས་མེད་པའི་ཁམས་དག་ན་ཡང ་ཐམས་ཅད་དུ་དེ་རྣམས་ཁོ་ན་ཁོང་ཁྲོ་བོར་པའོ། །དེ་ཉིད་ཀྱི་ཕྱིར་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ལྟར་སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་བ་རྣམས་ལ་སླར་འབད་པས་སྒོམ་པ་དེ་ཉིད་ལམ་སྟེ། ཕུང་པོ་གསུམ ་(སྒམ་སྤང་དང་བདེན་པ་བཞིའི་མཐོང་སྤང།)་པ་འཕགས་པའི་ལམ་ཡན་ལག་(མཐོང་སྤང་བརྒྱད་ཅུ་རྩ་རྒྱད་སྤང་བཅུ་རྣམས་ཏེ།)་བརྒྱད་པ་དེ་སྒོམ་སྟེ། ཡང་དག་པའི་ལྟ་བ་དང་རྟོག་པ་དང་དག་དང་ལས་ཀྱི་མཛའ་དང་(ཤེས་རབ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི།) ་འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་གྱི་ཡན་ལག་རྣམས་སོ། །དེ་ལ་ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་རྣམས་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་དག་དང་ལས་ཀྱི་མཛའ་དང་འཚེ་བ་རྣམས་ཚུལ་ཁྲིམས ་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང། ཏིང་ངེ་འཛིན་དག་ཏིང་ངེ་འཛིན་གྱི་ཕུང་པོའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ། །ཡང་དག་པའི་རྟོག་པ་ནི་དགེ་བའི་ཀུན་དུ་རྟོག་པའོ། །ཡང་དག་པའི་ངག་ནི་དག་གི ་དགེ་བའི་ལས་ཀྱི་ལམ་བཞི་རྣམས་སོ། །ཡང་དག་པའི་ལས་ཀྱི་མཛའ་ནི་ལུས་ཀྱི་དགེ་བ་གསུམ་རྣམས་ཏེ་སྤོང་བའི་རང་བཞིན་ནོ། །ཡང་དག་པའི་འཚོ་བ་ནི་ཚུལ་འཚེས?་དང་ཁ་གསག་དང་ལོག་པའི་འཚོ་བ་(བརྫུན་སྨྲ་སྤོང་བ་སོགས།) ་སྤོང་བའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་སོ། །ཡང་དག་པའི་(སྲོག་གཅོད་པ་སྤོང་བ་སོགས།)་དྲན་ཕ་ནི་དམིགས་པ་མི་བརྗེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞིའོ། །དབུས་དང་མཛའ་རྣམ་པར་འབྱེད་པ་ཡང་དག་གསུངས ་པ། ཡོངས་སུ་གཅོད་དང་གོ་བྱེད་དང། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ཡང། །ལམ་གྱི་ཡན་ལག་དེ་རྣམས་(དེའི་གནས་སྐབས་ཀྱི་བརྒྱད།)་།ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན ་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང། །མི་མཐུན་ཕྱོགས་ཀྱི་གཉེན་པོ་ཉིད་ཅེས་སོ། (།གསུམ་སྟེ)་ད་ལ་མཐོང་བའི་ལམ་ཡོངས་སུ་གཅོད་པ་ནི་ཡང་དག་པའི་ལྟ་བའོ། །གཞན་གོ་བར་བྱེད་པ་ནི་ཡང ་དག་པའི་རྟོག་པ་དང། ཡང་དག་པའི་དག་སྟེ་ཡང་དག་པས་ཀུན་ནས་བསླང་བའི་ཚིག་གིས་དེ་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡིད་(སྒོམ་ལམ་གྱི་ཚེ)་ཆེས་པར་བྱེད་པའི་ཡན་ལག་རྣམ་པ་གསུམ་ནི་ཡང་དག་པའི་ངག་དང་ལས་ཀྱི ་མཛའ་དང་འཚེ་བ་རྣམས་སོ། །དེ་རྣམས་ཀྱིས་རིམ་པ་(ཱི་རྟོག་པ0་ཇི་ལྟར་བར་གསུམ་རྣམས་ལ་ཡིད་ཆེས་པར་འགྱུར་ཏེ། བརྗོད་(ཆོས་བསྟན་པ)་པ་དང་འབྲེལ་པའི་གཏམ་རྣམ་པར་ངེས་པས་(རྟོག་པ་ལས་བརྩམས་ནས་གཞན་རྣམས་སྒོམ་ཞིང་ལན་འདེབས་པ།) ་ཤེས་རབ་ལའོ། །བྱ་བ་མ་ཡིན་པ་མི་བྱེད་པ་ལས་ཚུལ་ཁྲིམས་ལའོ། །ཆོས་ཀྱིས་ཚོད་ཟིན་པར་ཆོས་གོས་ལ་སོགས་པ་ཚོལ་བ་ལས་ཀྱང་ཡོ་བྱད་བསྙུངས་པ་ལའོ། །མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡན ་ལག་གསུམ་ནི་ཡང་དག་པའི་རྩོལ་བ་དང་དྲན་པ་(ཉེས་སྤྱོད)་དང་ཏིང་ངེ་འཛིན་ཏེ། དེ་རྣམས་ནི་རིམ་པ་བཞིན་དུ་ཉོན་མོངས་པ་སྒོམ་པས་སྤང་པར་བྱ་བ་དང། ཉེ་བའི་ཉོན་མོངས་པ་བྱིང་རྒོད་དང། དབང་གི་མི་མཐུན་པའི ་ཕྱོགས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་གེགས་ཀྱི་གཉེན་པོའོ། (།ཉི་ཁྲི་དག་ལྡན་དུ)་འཕགས་(རྩོལ་བས་སྒོམ་སྤང་གི་གཉེན་པོ་བསྒོམ་པས)་པ་ནི་སློབ་པ་(ཱི་གཉེན་པོ། དྲན་པས)་རྣམས་(གྱི་གཉེན་པོ། བསམ་གཏན་ལ་བརྟེན་ནས་མངོན་ཤེས་སྒྲུབས་སུ་པས།)་ཏེ་དེ ་རྣམས་ཀྱི་ཉོན་མོངས་པ་ལས་གྲོལ་བ་མངོན་དུ་བྱ་བའི་(སྙོམས་འཇུག་གི་སྒྲིབ་པ་རང་བཞིན་ཉོན་མོངས་པ་ཅན་མ་ཡིན་པའི།)་ཆེད་དུ་ལམ་འདི་བསྐྱེད་དེ། །དེའི་ཕྱིར་འདི་འཕགས་པ་རྣམས་ཀྱི་ཡན་ལག་བརྒྱད་ཅེས་པས་འཕགས་པའི་ལམ་ཡན ་ལག་བརྒྱད་དོ། །ཡན་ལག་འདི་རྣམས་ལངས་པའི་ཡང་སྟེ། ལམ་ལ་མཉམ་པར་གཞག་པ་ལ་ནི་ཡང་དག་(ཡན་ལག་བརྒྱད་པ)་པའི་རྟོག་པ་དང་དག་དང་ལས་ཀྱི་མཛའ་དང་འཆི་བ་དང་དྲན་པ་རྣམས་མི་སྲིད་དོ། །འོ་ན་ལམ་ལ ་སྙོམས་པར་(ཞེས་སོ)་ཞུགས་པ་དེའི་(མཉམ་གཞག་ལས)་ཚེ་ཡན་ལག་བརྒྱད་སྒྲུབ་པའི་ཆོས་སུ་ཅི་ལྟར་འགྱུར་ཞེ་ན། འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པས་དེའི་རང་བཞིན་ཟག་པ་མེད་པ་རྣམ་པར་རིག་བྱེད་མ་ཡིན་པ་ཐོབ་སྟེ། ་(ཟག་མེད་ཀྱི་རྣམ་རིག་མིན་པ)་གང་ཐོབ་པས་ལངས་ཀྱང་སླར་ཡང་ལོག་པའི་དག་(པོ་དེ)་ལ་སོགས་པ་ལ་མི་འཇུག་ཅིང་ཡང་དག་པའི་དག་ལ་སོགས་པ་རྣམས་(ཆོས)་ལ་འང་འཇུག་གོ་།དེའི་ཕྱིར་རྒྱུ་མཚན་ལ་རྒྱུ་མཚན་(མཉམ་བཞག) ་ཅན་ཉེ་བར་བཏགས་པ་ལས་ཡན་ལག་བརྒྱད་ཉིད་དེ། གཞན་དུ་ན་ལམ་ལ་མཉམ་པར་གཞག་པ་ལ་འགལ་ལོ་(དག་སོགས།)་ལམ་འདི་འང་ཚངས་པ་མྱ་ངན་ལས་འདས་པ་ལ་ཕན་པར་སྤྱོད་པས་ཚངས་པར་སྤྱོད་པ་སྟེ། མདོར་ཚངས་བར་སྤྱོད་པ་གང ་ཞེ་ན་(ཡང་དག་པའི་དག་ལ་སོགས་པའི། འཕགས་པའི་ལམ་ཡན་ལག་བརྒྱད་དོ།)་།ཞེས་གསུངས་པའི་ཕྱིར་རོ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྡེ་བདུན་པོ་སུམ་ཅུ་རྩ་བདུན་པོ་འདི་རྣམས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསྒོམ་པར་བྱ་སྟེ་ཁྱད་པར་ནི ་འཆད་པར་འགྱུར་རོ། །བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་སྟེ། དེའི་ཕྱོགས་རྗེས་སུ་མཐུན་པ་རྣམས་སོ་ཞེས་བ་(ཉན་རང་དུ་མ་ཟད)་བྱང་ཆུབ་ཀྱི་ཕྱོགས་རྣམས་སོ། །འདིར་སྒོམ་པའི་ལམ་ལ་འདོད ་ཁམས་སུ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་རྣམས་དང། གཟུགས་དང་གཟུགས་(བྱང་ཆུབ)་མེད་པ་དག་ཏུ་འདོད་ཆགས་དང། ང་རྒྱལ་དང། མ་རིག་པ་རྣམས་སོ་ཞེས་པ་བདུན་ནོ། །སླར་ཡང་སོ་སོར་རྣམ་པ་དགུ ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ལ་སླར་ཡང་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་སོ། །འདོད་པའི་ཁམས་སོ་སོར་དང་བསམ་གཏན་བཞི་དང་གཟུགས་མེད་བཞིའི་)ཏེ་དྲུག་གོ)་ས་(ཁོང་ཁྲོ་བ་མ་གཏོགས་པའི་ཉོན་མོངས་གསུམ་པོ་ལ།) ་དགུ་རྣམས་སུ་སྟེ། སོ་སོར་རྣམ་པ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །ཁོང་ཁྲོ་ནི་དགུ་ཁོ་ནའོ། །དེ་བཞིན་དུ་སྒོམ་པའི་ལམ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ་སླར་ཡང་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་རྣམ་པ ་བརྒྱད་ཅུ་རྩ་(དགུ་དགུ)་།གཅིག་གོ་(།ལམ་གྱི)་རྣམ་པ་འདི་རྣམས་ཀྱང་ཉོན་(གཟུགས་དང་གཟུགས་མེད་ན་མེད་པ།)་སྟེ་ས་དགུ་མོངས་པའི་རྣམ་པ་རེ་རེ་སྤང་བར་བྱ་བ་ལ། སོ་སོར་བར་ཆད་མེད་པ་དང། རྣམ་གྲོལ་གྱི་ལམ་(གཉིས་གཉིས)་གྱི་རང ་བཞིན་ནོ། །དེ་ལ་འདོད་བར་གཏོགས་པའི་རྣམ་པ་ལྔའི་བར་སྤངས་ངེས་པ་ཇི་སྲིད་པ་ནི་ལན་ཅིག་ཕྱི་མ་འོང་བ་ལ་ཞུགས་པའོ། །དྲུག་པ་སྤངས་ན་ནི་ལན་ཅིག་ཕྱིར་འོང་བའོ། ། ་བདུན་པ་དང་བརྒྱད་པའི་(རྣམ་པ་ལྔ་ཡི་བར་བཅོམ་པ་གཉིས་པ་ལ་ནི་ཞུགས་པ་ཡིན་ཞེས་པས།)་རྣམ་པ་སྤངས་པའི་ཕྱིར་(བསམ་གཏན་གྱི་ཉེར་སྡོགས་ལ་བརྟེན་པ་ནི།)་མི་འོང་(རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །ཞེས་པས་འདོད་ཁམས་ཀྱི་སྒོམ་སྤང།)་།བ་ལ ་(ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང། །གསུམ་པ་ལ་ནི་ཞུགས་པ་ཡིན། །ཅེས་པས།)་ཞུགས་པའོ། །འདོད་པས་བསྡུས་པའི་རྣམ་པ་དགུ་སྤངས་པ་མི་ཕྱིར་མི་འོང་བའོ། །སྲིད་པའི་རྩེ་མོའི་བར་གྱི་ཆ་བརྒྱད་པ་ཟད་པར་བྱེད་པ ་ནི་དགྲ་བཅོམ་པ་ཉིད་ལ་ཞུགས་པའོ། དགུ་པ་སྤོང་བའི་བར་ཆད་མེད་པའི་ལམ་ནི་རྡོ་རྗེ་ལྟ་བུ་ཞེས་(དེ་དག་ཟད་པས་ཕྱིར་མི་འོང།)་ཐ་སྙད་དུ་བྱའོ། །རྣམ་པར་འགྲེལ་བའི་ལམ་ནི་སྲིད་རྩ་བའི་བར་ཆས་བརྒྱད་?་དང། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། ཅེས ་བས་ཕྱིར་མི་འོང། །བསམ་གཏན་དང་པོའི་རྣམ་པ་གཅིག་དང་བ་ནས་བཟུང་སྟེ།)་ཟད་པ་ཤེས་པའོ། །ཟད་པ་ཤེས་པ་སྐྱེས་ནས་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་ཐ་དད་པ་ཐམས་ཅད་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་རྣམས་སུ ་འགྱུར་རོ། །འདི་རྣམས་ཀྱི་ཡང་ས་བཅུ་རྣམས་ཏེ། དཀར་པོ་རྣམ་པར་མཐོང་བའི་ས་ལྷག་མཐོང་འབའ་ཞིག་གི་གནས་སྐབས་དེས་འབྱེད་ཆ་མཐུན་ལ་དང་(མི་སློབ་པ)་རིགས་ཀྱི་ས་ཆོས་མཆོག་གི་གནས་སྐབས ་དང། (ཉན་དང། །དགྲ་བཅོམ་ནས་ལུགས་བཟློག་ཏུ་བགྲངས་པའི)་བརྒྱད་པའི་ས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང། མཐོབ་བའི་ས་སྐྱེ་བ་བདུན་(སོ་སོའི་རིགས་ངེས་པས་ན། ལུས་པའི)་རྒྱུན་དུ་ཞུགས་པ་དང། དེ་ལས ་གོང་དུ་འཁོར་བ་དང་འགལ་བ་བདེན་པའི་ཡེ་ཤེས་ཐོབ་བའི་ཕྱིར་ལན་ཅིག་ཕྱིར་འོང་བ་ལ་ཞུགས་པའི་ས་དང། སྲབས་པའི་ས་ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའི་ས་དང། འདོད་ཆགས་དང ་བྲལ་བའི་ས་ནི་ཕྱིར་མི་འོང་བ་དང། དགྲ་བཅོམ་པ་གཉིད་ཀྱི་འབྲས་བུ་ལ་ཞུགས་པའི་ས་(འབུམ་ཊིག་འདོད་པ་ལས་འདོད་ཆགས་དང་གནོད་སེམས་བསྲབས་པས།)་དང། (སྤང་བྱ་དེ་གཉིས་སྤངས་བས)་བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པའི་སྟེ་བྱ་བ་བྱས ་སོ་ཞེས་ཤེས་པའི་ཕྱིར་བྱ་བ་བྱས་པ་དགྲ་བཅོམ་པ་སྟེ་དེའི་ས་ཞེས་བྱས་ནས་སོ། །ཉན་ཐོས་ཀྱི་ས་ནི་ཉན་ཐོས་ཀྱི་རྣམ་པ་བཅུ་པོ་དེ་ཁོ་ནའོ། །རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱི་སའོ། །འགའ་ཞིག་ཏུ་རིགས་དང་བརྒྱད་པ ་དང་མཐོང་བ་དང་སྲབས་པ་དང་འདོད་ཆགས་དང་བྲལ་བ་དང་བྱས་པ་རྟོགས་པའི་ས་རྣམས་ཉན་ཐོས་ཀྱི་སྟེ་གཞན་(རིགས་ཀྱིས་སོགས།)་གྱི་མ་ཡིན་ནོ། །ཞེས་(རིགས་ཀྱིས་སོགས། ས་དེ་རྣམས་འབུམ་ཊིག་ཏུ་བཤད་དོ།།)་ཐེག་པ་གསུམ་རྣམ་པར ་བཞག་པ་ལ་དགོངས་པས། དྲུག་པོ་རྣམས་ཀྱང་ཉན་ཐོས་ཀྱི་ས་ཞེས་གྲུབ་པའི་དོན་དུ་དྲུག་པོ་རྣམས་སུ་མ་འདུས་བ་ཞུགས་བ་གསུམ་གྱི་ས་ཞེས་རྣམ་པར་བཞག་པ་དེའི་ཚེ་ཉན་ཐོས་ཀྱི་ས་རྣམ་པ་བདུན་ནོ། །ཁམས་གསུམ ་གྱི་འདོད་ཆགས་དང་བྲལ་(རིགས་སོགས)་བའང་འདི་རྣམས་ཀྱི་མྱ་ངན་ལས་འདས་པར་བརྗོད་དེ་འདིར་ཉོན་མོངས་པ་རྣམས་ངས་(ཕྱི་མ།)་པར་སོང་ཞེས་བྱས་ནས་སོ། (།བ་བྱས)་མྱ་ངན་འདས་དབྱིངས་ཀྱང་སྟེ། མྱ་ངན་ལས་འདས ་པའི་དབྱིངས་ནི་མྱང་འདས་དབྱིངས་ཏེ། ཐག་(དགྲ་བཅོམ་པ)་ཐམས་ཅད་ཟད་པའི་ཡེ་ཤེས་བདེན་པ་ཡོངས་སུ་ཤེས་པའོ། །གང་གི་ཕྱིར་(ཟག་པ་ཀུན་ཟད)་དེ་སྐྱེས་ན་ཉོན་མོངས་པ་ཟད་པའི་ཕྱིར་སྡུག་བསྔལ་གྱི་མེ་སླར་སྐྱེ་བ་མེད་པས་སོ།། ་དེའང་རྣམ་པ་གཉིས་ཏེ་ཕུང་པོ་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའོ། དེ་ལ་ཕུང་པོ་ནི་ཕུང་པོ་ལྔ་ཁོ་ན་སྟེ་ཉོན་མོངས་པ་མེད་པ་རྣམས་ལྷག་མར་ལུས་པའོ། །གང་དུ་དེ་རྣམས་ཀྱང་ལུས་པ ་མེད་པ་དེ་ནི་ཕུང་པོ་ལྷག་མ་མེད་པའོ། །གང་གི་ཕྱིར་ཉན་ཐོས་རྣམས་ཚེ་ཟད་པ་ལས་བླངས་པའི་ཕུང་པོ་རྣམས་ནུབ་པ་ན། (གཟུགས་ལ་སོགས་པ་ཉོན་མོངས་པ་དང་བཅས་པའི་ཕུང་པོ་སྤངས་ལ། འི་ཕུང་པོ)་ཁམས་གསུམ་གྱི་(ཉོན་མོངས་པ་མེད་པའི་ཕུང་པོ།།)་འདོད ་ཆགས་དང་བྲལ་བའི་ཕྱིར། ཕྱི་མ་རྣམས་མ་བླངས་ན། (དགྲ་བཅོམ)་གང་ཟག་གི་བདག་མེད་པ་རྟོགས་པ་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་འདས་པའི་དབྱིངས་སོ། །སླར་ཡང་དེའི་རྣམ་པར་བཞག་པ་ཐེག་པ་གསུམ ་ལ་ཅི་རིགས་པར་རྣམ་པ་(ཕུང་པོ)་བཅུ་གསུམ་གྱིས་རིག་པར་བྱ་སྟེ། མཚན་ཉིད་ལས་དང་ཟབ་པ་ཉིད་དང་ཀུན་ནས་ཉོན་མོངས་པ་དང་དོན་དམ་པ་དང་ཡོངས་སུ་མ་རྫོགས་པ་དང་ཡོངས་(མྱ་ངན་ལས་འདས་པ)་སུ་རྫོགས་པ་དང་རྒྱན ་མེད་པ་དང་རྒྱན་དང་བཅས་པ་དང་ཁྱད་པར་དུ་འཕགས་པ་མ་ཡིན་(ཆོས་མངོན་པ་ཀུན་ལས་བཏུས་སུ)་པ་དང་ཁྱད་པར་དུ་འཕགས་པ་དང་།ལྷག་མ་དང་བཅས་པ་དང། ལྷག་མ་མེད་པ་ལས་དང་རྣམ་གྲངས་ལས་སོ། །དེ་ལ་མཚན་ཉིད་ནི་གང ་གིས་འགོག་ན་ལམ་གྱིས་སོ། །འགོག་པ་གང་ཡིན་ན་སྒྲིབ་པ་ཐམས་ཅད་ཀྱི་གནས་ངན་ལེན་སྤངས་པ་ན་གཞན་སྐྱེ་བ་མེད་པའོ། །གང་དུ་འགོག་ན་ཟག་པ་མེད་པའི་དབྱིངས་སུའོ་ཞེས་སོ། །ཟབ་པ་ཉིད་ལས་ནི་འདུ་བྱེད་དེ་རྣམས་ཉེ་བར ་ཞི་བ་ལ་འགོག་པ་དེ་གཞན་དུ་བརྗོད་པར་བྱ་བ་མ་ཡིན། གཞན་མ་ཡིན་པར་མ་ཡིན་གཉིས་ཀར་མ་ཡིན་པར་མ་(རྒྱུ་མེད་པས་སྒྲིབས་པ་གཞན།)་ཡིན་པ་སྟེ། (ཆོས་ཀྱི)་གཞན་ཉིད་ན་(འདུ་བྱེད)་དེ་དང་འབྲེལ་བ་མེད་པ་དོན་གཞན་དུ ་གྱུར་པ་ཁོ་ནར་འགྱུར་རོ། །གཞན་མ་ཡིན་པ་ཉིད་ན་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུའོ། །གཉིས་ཀ་ན་གཉིས་ཀར་རོ་གཉིས་ཀ་མ་ཡིན་པར་སྒྲུབ་པར་མི་ནུས་ཏེ། དེ་ནི་དག་གི་ལམ་ཐམས་ཅད་ལས་འདས་པ་སྤྲོས་བ་མེད་པའོ། །ཀུན ་ནས་ཉོན་མོངས་པ་ལས་ནི་དེའི་ཡན་ལག་གིས་(འགོག་པ)་མྱ་ངན་ལས་འདས་པ་སྟེ། (འགྱུར་རོ)་དེའི་ཡན་ལག་ཉོན་མོངས་པའི་རྣམ་(མི་མཐུན་པ་བྱེད་པ་འམ)་པ་(འགོག་པའི་བདེན་པ)་ཀུན་དུ་སྤྱོད་པའི་གནས་སྐབས་སྤངས་པའི་ཕྱིར་རོ།། ་འཇིག་རྟེན་པའི་ལམ་(འགོག་པ)་གྱིས་ས་(རྒྱུས)་བོན་ཉམས་སྨད་པའི་འགོག་པ་གང་ཡིན་པའོ་ཞེས་པའི་(ཏུ་འཇོག་པ་ནི)་དོན་ཏེ། །ཇི་སྐད་དུ་གསུངས་པ་འདོད་པ་རྣམས་ཀྱིས་དབེན་པ་ཞེས་(མངོན་གྱུར་པའི)་རྒྱ་ཆེར་རོ། །དོན་དམ་པ ་ལས་ནི་(བསམ་གཏན་དང་གཟུགས་མེད་ཀྱི་སེམས་ཉོན་མོངས་པའི)་ཤེས་རབ་འདིས་ས་བོན་བཅོམ་པའི་ཕྱིར་རོ། །ཡོངས་སུ་མ་རྫོགས་པ་ལས་ནི་རྒྱུན་དུ་(བསམ་གཏན་དང་པོ་ལ)་ཞུགས་པའི་འབྲས་བུས་བསྡུས་པ་ནས། དགྲ་བཅོམ་པ་ཉིད་ལ་ཞུགས ་པ་ས་བསྡུས་པའི་བར་དེ་ཀུན་དུ་སྦྱོར་བ་ལྷག་མ་དང་(འཕགས་པའི)་བཅས་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་རྫོགས་པ་ལས་ནི་དགྲ་བཅོམ་པའི་འབྲས་བུས་བསྡུས་པ་སྟེ་ཀུན་དུ་སྦྱོར་བ་ལྷག་མ་(ཤིང་མངོན་དུ་བྱས)་མེད་པ་ཉིད་ཀྱི་ཕྱིར་རོ། ། ་རྒྱན་མེད་པ་(སྒོམ་པ་རྣམས་ཀྱི)་ལས་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱིའོ། །རྒྱན་དང་བཅས་པ་ལས་ནི་གཉིས་ཀའི་ཆ་(ཉོན་མོངས་པ་དང་རྣམ་ཐར་གྱི་སྒྲིབ་པ)་ལས་རྣམ་པར་གྲོལ་བ་རྣམས་ཀྱི་སྟེ་ཡོན་ཏན་ཁྱད་པར་དུ་འཕགས་པའི ་རྒྱན་(རིག་པ་འབུམ་ལ་སོགས་པའི)་དང་ལྡན་(དགྲ་བཅོམ་པ)་པའི་ཕྱིར་(ཉོན་མོངས་པའི་སྒྲིབ་པ་ཁོ་ན་ལས)་རོ། །གཉིས་(མཛོད་དུ་འགོག་ཐོབ་གཉིས་པ་ལས་རྣམ་གྲོལ་ཅེས་པ།)་ཀའི་ཆ་ནི་ཉོན་(ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས)་མོངས་པའི་(མངོན་ཤེས་དང་རིགས་ལ་སོགས་པའི) ་སྒྲིབ་པ་དང་སྙོམས་འཇུག་གི་སྒྲིབ་པའོ། །ཁྱད་པར་དུ་འཕགས་པ་མ་ཡིན་པ་ལས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་ལས་གྲོལ་བས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིའོ། །ཁྱད ་པར་དུ་འཕགས་པ་ལས་ནི་སངས་རྒྱས་རྣམས་ཀྱི་སྟེ་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་སོ། །ལྷག་མ་དང་བཅས་པ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་སོ། །ལྷག་མ་མེད་པ་ནི་(འགོག་པ)་ལྷག ་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་(འགོག་པ)་སོ། །རྣམ་(མ་ལུས་པ)་གྲངས་ལས་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ། མ་ལུས་པར་སྤངས་པ་དང་ངེས་པར་སྤངས་པ་དང་བྱང་བར་གྱུར་པ་དང་ཟད་པ་དང་འདོད་ཆགས ་དང་བྲལ་བ་དང་འགོག་པ་དང་རྣམ་པར་ཞི་བ་དང་ནུབ་པ་དང་འདུས་མ་བྱས་པ་དང་བལྟ་དཀའ་བ་དང་གཡོ་བ་མེད་པ་དང་མི་འདུད་པ་དང་འཆི་བ་མེད་པ་དང་ཟག་པ་མེད་པ་དང་གནས་དང། གླིང་དང་སྐྱོབ་པ་དང་སྐྱབས་དང་དཔུང་གཉེན་དང་འཆི ་འཕོ་མེད་པ་དང་རིམས་ནད་མེད་པ་དང་ཡོངས་སུ་གདུང་(རྣམས་པ)་མེད་པ་དང་བདེ་བ་དང་ཞི་བ་དང་བདེ་གཞི་དང་དགེ་བར་འགྱུར་པ་དང། ནད་(་མྲི་ཏ)་མིང་(ཱམ་བདུད་རྩི)་པ་དང་མི་གཡོ་བ་དང་མྱ་ངན་ལས་འདས་པའོ་ཞེས་སོ། །དེ་ལ་མ་ལུས་པར ་(ཱམ་ཉམས་པ)་སྤངས་པ་ཞེས་པ་ནི་མདོར་བསྟན་པའོ། །ལྷག་མ་རྒྱས་པར་བཤད་པའོ། །ངེས་པར་(དགེ?་ལེགས་སུ)་སྤངས་པ་ནི་ཀུན་ནས་དཀྲིས་པ་བྱུང་བ་སྤངས་པའོ། །བྱང་བར་གྱུར་བ་ནི་བགལ་ཉལ་མཐར་བྱེད་པའི་ཕྱིར་ཏེ་བག ་ཆགས་སྤངས་པའི་དབང་དུ་བྱས་ནས་གསུངས་ལ། (།ནུབ་པའི་བར་ནི)་རྩ་བ་(བག་ཆགས)་མེད་ན་གཏན་མི་སྐྱེ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེ་སླར་(ཉོན་མོངས་པ་མངོན་གྱུར)་ཡང་གཉེན་པོ་མཐོང་བ་དང་སྒོམ་པའི་ལམ་གྱི་བྱེ་(ཉོན་མོངས་པའི) ་བྲག་གིས་རྣམ་པ་གཉིས་སུ་རྣམ་པར་བཞག་སྟེ་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་པའོ། །དེ་ལ་མཐོང་བའི་ལམ་གྱི་བྲལ་བའི་དབང་དུ་བྱས་ནས་ཟད་པ་སྟེ། ཉོན་མོངས་པའི་ཕུང་པོ་ཆུང་ངུ་ཙམ་ལུས་པ་ཉིད་ཀྱི་ཕྱིར་རོ། །སྒོམ ་པའི་ལམ་གྱིས་ནི་འདོད་ཆགས་དང་བྲལ་བ་(མཐོང་ལམ་གྱིས་སྒོམ་ལམ་གྱིས)་སྟེ་དེ་ནི་ས་ལས་འདོད་ཆགས་དང་བྲལ་བའི་རྟོགས་པ་རབ་ཏུ་སྒོམ་པ་ཉིད་ཀྱི་ཕྱིར་རོ། །དེ་གཉིས་ཀྱིས་བྲལ་བར་གྱུར་(སྒོམ་སྤངས)་ན་མི་སྐྱེ་བའི་ཆོས་ཉིད་དུ ་བྱས་བའི་ཕྱི་(བྲལ་བ)་མ་ལ་སྡུག་བསྔལ་འགོག་པ་དང་མཐོང་བའི་ཆོས་(སྒོམ་ལམ་དགུ)་ལ་ཡིད་མི་བདེ་བ་རྣམ་པར་ཞི་བ་སྟེ་དེ་ཀུན་དུ་མི་(ཱམ་རབ་ཏུ་ཕྱེ་བ)་སྤྱོད་པའི་ཕྱིར་རོ། །དེའི་ཕྱིར་དེའི་འབྲས་བུར་གྱུར་པ་སྡུག་བསྔལ་རྣམ་པ་གཉིས ་སྤངས་པའི་དབང་དུ་བྱས་ནས་གསུངས་པ་འགོག་པ་དང་རྣམ་པར་ཞི་བའོ་ཞེས་སོ། །ཉེ་བར་འཚེ་བ་ལྷག་མ་མཐར་གྱུར་པ་(ཡིད་མི་དགེ་བ་མངོན་གྱུར་དུ)་བཟུང་ནས་ནུབ་པ་ཞེས་པ་སྟེ། དེ་ལྟར་བྱས་ནས་མ་ལུས་པར་སྤངས་པ་(པོ་དེ་དག) ་རྒྱས་བར་བཤད་པར་རིག་པར་བྱའོ། །འདུས་མ་བྱས་ནི་མཚན་ཉིད་གསུམ་དང་བྲལ་བ་ཉིད་ཀྱི་ཕྱིར་ཏེ། འདུས་བྱས་ལས་བཟློག་པས་སོ། །བལྟ་དཀའ་(སྔོན་གྱི་ལས་དང་ཉོན་མོངས་པ་ལས་སྐྱེས་པའི་ཕུང་པོ་རྣམས་རང་གི་དང་གིས་འཇིགས་པས།)་བ་ནི་ཤའི་དང ་ལྷའི་མིག་གི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ་(འགོག་བདེན)་དེ་ཉིད་(སྐྱེ་བ་དང་འཇིག་པ་དང་གནས་པ)་ཀྱི་ཕྱིར་རོ། །གཡོ་བ་མེད་པ་མི་འགྲོ་བར་འཕོ་བ་དང་བྲལ་པ་ཉིད་ཀྱི་ཕྱིར་རོ། །མི་འདུད་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི ་སྲིད་པ་གསུམ་མེད་པ་ན་སྲིད་པ་རྣམས་སུ་(ཤིང་འཕགས་པ་གཅིག་བུའི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན།)་མི་འདུད་(མི་ལྟུང)་པའི་ཕྱིར་རོ། །འཆི་(དམྱལ་བ་ལ་སོགས)་པ་མེད་པ་(ཱམ་བདུད་རྩི)་ནི་ཕུང་པོའི་བདུད་(དམའ་བར་མི་འགྱུར་བ)་དང་བྲལ་བའི་ཕྱིར་ཏེ་འཆི་བའི ་བརྟེན་ཕུང་པོ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཟག་པ་མེད་པ་ནི་ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། །གནས་ནི་རྣམ་པར་གྲོལ་བའི་དགའ་བ་དེའི་གཞི་ཉིད་ཀྱི་ཕྱིར་རོ། །གླིང་ནི་ཁམས་གསུམ་ལས ་ཡོངས་སུ་ཆད་པའི་ཕྱིར་ཏེ། འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཐང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །སྐྱོབ་པ་ནི་ཉེ་བར་འཆི་བ་ཐམས་ཅད་བཟློག་པའི་ཕྱིར་ཏེ་(ཐར་པ)་དེ་རྣམས་ཐོབ་ན་སྐྱེ་བ་ལ་སོགས་པའི་(འདོད་པ་སོགས)་ཉེ་བར ་འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །སྐྱབས་ནི་དེར་བསམ་པ་དང་སྦྱོར་བ་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པའི་ཕྱིར་ཏེ། དེར་(འགོག་པ)་བྱས་པའི་བསམ་པ་དང་སྦྱོར་བ་དག་འབྲས་བུ་ཡོད་པའི་གཞི ་ཡི་གནས་ཉིད་ཀྱིས་བརྟེན་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་(མགོན་ནམ)་པའི་དོན་ཏོ། །དཔུང་གཉན་ནི་མཆོག་འཕགས་པ་ཉིད་དུ་འགྲོ་བའི་གཞིའི་གནས་(འགོག་བདེན)་ཡིན་པའི་ཕྱིར་ཏེ་དགྲ་(སེམས་བསྐྱེད་ལམ་སྒྲུབ་པ)་བཅོམ་པ་ཐོབ་པའི ་ཐབས་ཀྱི་དམིགས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་དོན་ཏོ། །འཆི་འཕོ་མེད་པ་ནི་མ་སྐྱེས་པ་ཉིད་ཀྱིས་ཉམས་པ་མི་སྲིད་པའི་ཕྱིར་རོ། །རིམས་ནད་མེད་པ་ནི་འདོད་པས་འཇོམས་པའི་གདུང་བ་ཐམས་ཅད་མེད་པའི་ཕྱིར་རོ། །ཡོངས ་སུ་གདུང་བ་མེད་པ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པའི་ཡོངས་སུ་གདུད་བ་ཐམས་ཅད་མེད་པས་ན་བསིལ་བར་གྱུར་བ་ཉིད་ཀྱི་ཕྱིར་རོ། །བདེ་བ་ནི་ན་བ་དང་རྒ་བ་དང་འཆི་བའི་འཇིགས་པ ་དང་བྲལ་བ་འཕགས་(སེམས་ཀྱི་དག་ཏུ)་པའི་གནས་(རྣམ་པར་ཤེས་པ་ལྔའི་འཁོར་དུ། ཡིད་ཤེས་ཀྱི་འཁོར་དུ)་པའི་རྟེན་ཉིད་ཀྱི་ཕྱིར་རོ། །ཞི་བ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་བརྟེན་ཉིད་ཀྱི་ཕྱིར་རོ། །བདེ་གཞི་(ཉིད)་ནི་འཇིག་རྟེན་ལས་འདས་པའི་བདེ་བའི ་གཞི་ཉིད་ཀྱི་ཕྱིར་རོ། །དགེ་བར་འགྱུར་བ་ནི་སྦྱོར་བ་བདེ་བས་དེ་ཐོབ་པའི་དམིགས་པའི་དངོས་པོའི་ཕྱིར་རོ། །ནད་མེད་པ་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་ནད་དང་བྲལ་བའི་ཕྱིར་རོ། །དཔེར་ན་རྒྱུ་གསུམ་གྱིས་ནར་འབྱུང་སྟེ་ཉེས་པ ་(ཱམ་དངོས་པོ)་བསགས་པ་ས་དང་མི་འཕྲོད་པ་བརྟེན་པས་དང་བཏང་སྙོམས་ཀྱིས་སོ། །དེ་བཞིན་ཁོ་ནར་ཉོན་མོངས་པའི་ནད་ཏེ། འདིའི་ཉེས་པ་རྣམས་ནི་འདོད་པའི་རྣམ་པར་རྟོགས་པ་ལ་སོགས་པའོ། །སྟོང་པ་(རླུང་མཁྲིས་བད་ཀན།) ་ཉིད་ལ་སོགས་པ་རྣམས་ལས་གཞན་ཐམས་ཅད་མི་འཕྲོད་པའོ། །དེའི་ཕྱིར་གུས་པ་དང་བཅས་པས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་གོམས་པ་ལས་ནད་མེད་པར་འགྱུར་རོ་(གནོད་སེམས།)་།མི་གཡོ་བ་ནི་ཡུལ་གྱི་སྤྲོས ་པའི་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་གཟུགས་ལ་སོགས་པའི་འདུ་ཤེས་ཐམས་ཅད་(བདག་མེད་པ)་དང་བྲལ་བཞི་ལ་བདེ་བར་གནས་པའི་དམིགས་པ་ཉིད་(གཟུགས་སོགས།)་ཀྱི ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་པ་གཉིས་ཀ་རྟོགས་(།འགོག་བདེན་ཏེ)་པའི་ཕྱིར་ཆོས་ཀྱི་རྣམ་པར་རྟོག་པ་རྣམས་ལའང་བསྐལ་པའི་མེ་བཞིན་དུ་སེམས་ཤིང་ཕུང་པོ་ལྷག་མ་དང་བཅས་པའི་མྱ ་ངན་ལས་འདས་པའི་དབྱིངས་ལ་མངོན་པར་དགའ་བ་མེད་དོ། །དོན་དམ་པར་ནི་སངས་རྒྱས་ཉིད་ཁོ་ན་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་དེ་ཁོ་ནར་རྣམ་པར་(ཉན་ཐོས་ལྟ་བུའི)་རྟོག་པ་མཛའ་དག ་རྣམ་པ་ཐམས་ཅད་(སློབ་དཔོན་ཀླུའི་བཤེས་གཉེན་གྱིས་སྐུ་གསུམ་གྲུབ་པར་ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར་རོ། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་གསུངས་སོ།)་།དུ་བྲལ་བའི་ཕྱིར་རོ། (གསེར་འོད་དམ་པ ་?་ལེའུ་གསུམ་པར། རིགས་ཀྱི་བུ་སྐུ་དེ་གཉིས་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་གསུངས་སོ། །ཆོས་ཀྱི་སྐུ་ལ་དགོངས་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་གསུང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད ་ཟད་བའི་མཐར་གྱུར་པའི་ཕྱིར་རོ་ཞེས་བཀའ་སྩལ་ཏོ།)་།གང་ཡང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གསུངས་པ་དེ་ནི་གདུལ་བྱ་རྣམས་ཀྱི་དེ་ལྟ་བུའི་བསམ་པའི་དབང་ལས་སོ། །འོ་ན་གང་དགྲ་བཅོམ་པའི་འབྲས་བུ་ལས ་ཡོངས་སུ་ཉམས་པ་འདི་ཅི་སླར་སྐྱེ་འམ་ཞེ་ན། འདི་ནི་མེད་དེ་གང་གི་ཕྱིར། །འབྲས་ལས་ཉམས་པ་འཆི་བ་མེད། །འབྲས་བུ་ལས་ཡོངས་སུ་ཉམས་པ་ནི་སུ་ཡང་དུས་བྱེད་པ་མེད་པ་ཁོ་ན་སྟེ། དགེ་སློང་རྣམས་འཕགས ་པ་ཉན་ཐོས་ཐོས་པ་དང་ལྡན་པ་དྲན་པ་ཉམས་པར་འབྱུང་མོད། འོན་ཀྱང་ཡང་མྱུར་བ་ཁོ་ནར་ནུབ་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་ཁོ་ནར་(འབྲས་བུ་དེ་སོར་མ་ཆུད་བར་དུ་ཀྱཻ)་འགྱུར་རོ། །ཞེས་མདོར ་གསུངས་པའི་ཕྱིར་རོ། །གཞན་དུ་ན་ཚངས་པར་སྤྱད་པ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །དེའང་འབྲས་བུ་དེ་ལས་ཡོངས་སུ་ཉམས་ཀྱང་འབྲས་བུ་དེ་དང་འགལ་བའི་བྱ་བ་མི་བྱེད་ཏེ་དཔའ་བོ་དྲེད་ཀྱང་མི་འགྱེལ་བ་བཞིན་ནོ།། ་དེ་ལ་གང་(ཐེག་པ་གསུམ་ལས)་དབང་(དེ་འབྲས་བུ་ལས་ཉམས་པ་སོར་མ་ཆུད་པར་དུས་བྱེད།)་བོ་རྟུལ་པོ་རྣམས་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་(གང་ལས་ཉམས་པའི)་སྒོམ་པ་ལ་མངོན་པར་བརྩོན་(སྟོབས་ཆེན་པོ་ཅན)་པ་དང་ཁོ་ནར་བདག ་(དེ་ཁོ་ན་ཉིད་ལ་འཇུག་པར)་ཉིད་(སློབ་ལམ་གྱིས)་དུལ་བ་དང་(མི་སློབ་པའི་ལམ་གྱིས)་ཞི་བ་(ཉན་ཐོས་ཀྱི་རིགས་ཅན)་གཅིག་པུ་མངོན་པར་སེམས་པ་རྣམས་ཏེ་དེ་ལྟར་(ཁམས་གསུམ་ལས)་འདོད་ཆགས་དང་བྲལ་བ་མངོན་དུ་བྱེད་ཅིང་དེ་རྣམས ་མྱ་ངན་ལས་འདས་པ་ཐོབ་པའི་འདུ་ཤེས་ཀྱིས་ཟག་པ་མེད་པའི་དབྱིངས་ཁོ་ན་ལ་གནས་སོ། །གང་དབང་པོ་འབྲིང་པོ་རྣམས་ནི་བདེན་པ་བསྒོམ་པ་ལ་མངོན་པར་དགའ་བ་ཁོ་ན་གཞན་གྱི་དོན་ལ་ཅུང་ཟད་སྲེད་པ་རྣམས་ཏེ་འདོད་ཆགས་དང ་བྲལ་བ་བསྐྱེད་ཀྱང་འདོད་ཆགས་དང་བྲལ་བ་མངོན་དུ་མི་བྱེད་པར་དུས་བྱེད་ཅིང། དེ་རྣམས་ལུས་ཀྱི་ཆོས་སྟོན་(རང་སངས་རྒྱས་ཀྱི་རིགས་ཅན།)་པ་མངོན་པར་འདོད་པའི་དབང་ལས་དང་ལམ་གྱི་རྣམ་པར་སྨིན་པ་ལས་དམ་(ཁམས་གསུམ་ལས།) ་པའི་ཆོས་ནུབ་པར་གྱུར་པ་ན་གཞན་གྱི་གདམས་ངག་ལ་མི་བལྟོས་པར་ཤེས་བྱའི་སྒྲིབ་པ་གཟུང་བ་དང་འཛིན་པའི་དོན་གྱི་རྣམ་པར་རྟོག་པ་དག་རིམ་པ་བཞིན་སྤངས་པ་དང་མ་སྤངས་པ་དག་རྐྱེན་ཉིད་འདི་པ་(སངས་རྒྱས་ཀྱི་བསྟན་བའི)་ཙམ ་གྱི་བྱང་ཆུབ་ཀྱི་རང་བྱང་ཆུབ་མངོན་དུ་བྱས་ཤིང་རྫུ་འཕྲུལ་ལ་སོགས་པ་བསྟན་པས་སྣོད་དུ་རུང་བར་བྱས་པའི་གདུལ་བྱའི་རྣམ་པར་ཤེས་པ་ལ་སྒྲ་མེད་ཀྱང་དོན་དེ་སྣང་ངོ་ཞེས་པས། ལུས་ཀྱིས་ཆོས་བསྟན་པ་བྱས་ནས་ཟག་པ་མེད ་པའི་དབྱིངས་ཁོ་ན་ལ་གནས་སོ། །དབང་པོ་རྟུལ་པོ་དང་འབྲིང་པོ་འདི་དག་ཀྱང་(གྲོལ་བ་མཐར་ཕྱིན་པ་མ་ཡིན་གྱི)་ཕྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འོད་ཟེར་(ཉན་པར་འདོད་པའི)་གྱིས་བསྐུལ་བ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་འཇུག་ཅིང་རིམ་གྱིས་ཡང་(འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ཇི་སྲིད་སངས་རྒྱས་ཀྱིས་མ་སྐུལ། དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་གྱུར་པ། ཉན་ཐོས་དེ་དག་གནས་པར་འགྱུར། སྐུལ་ནས་སྣ་ཚོགས་གཟུགས་ཀྱི་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །སངས ་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཅེས་གསུངས་པ་ལྟར།)་དག་པར་རྫོགས་པའི་སངས་རྒྱས་ཉིད་མངོན་པར་འགྲུབ་པར་བྱེད་དོ། །དབང་པོ་རྣོན་པོ་(ཐེག་ཆེན་གྱི་རིགས་ཅན)་རྣམས་ནི་ཡང་སྡུག་བསྔལ་ལ་སོགས་པའི་བདེན་པ་བསྒོམ་པ་ལ ་མངོན་པར་དགའ་བ་གཞན་གྱི་དོན་གཅིག་པུ་ལ་སྲེད་པ། །ཁམས་གསུམ་གྱི་ཉོན་མོངས་པ་སྤངས་ཀྱང། །སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱིས་སེམས་ཅན་མཛའ་དག་གདོན་བའི་བསམ་པ་ཅན་ཏེ་བཅོམ་ལྡན་འདས་ཀྱི ་དབང་ཁོ་ནས་དུས་དེའི་ཕྱིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་ནས་བསོད་(འཇམ་དབྱངས་དང་སྤྱན་རས་གཟིགས་ལ་སོགས)་ནམས་དང་ཡེ་ཤེས་ཀྱི་(སྲིད་པ་དང་ཞི་བ་ལས)་ཚོགས་ཡང་དག་པར་རྫོགས ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །གཉིས་པོ་དེ་དག་ཀྱང་བསྐལ་པ་གྲངས་མེད་བཞི་མངོན་པར་རྫོགས་ནས་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཉིད་འབའ་ཞིག་གོ་། ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་རྣལ་འབྱོར་དང་བྲལ་བ་ལས་མངོན་(དབང་པོ་རྟུལ་པོ་དང་འབྲིང་པོ)་པར་མཐོ་བའི་འབྲས་བུ་མེད་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་མེད་དོ། །གང་ཡང་བསྐལ་(ཞེས་གསུངས་སོ།།) ་པའི་ཚོགས་མི་ཉུང་བར་བསྒོམས་པ་བློ་ཡོངས་སུ་དག་པ་དེ་རྣམས་ལ་དེ་ཁོ་ན་ཉིད་དེ་ཉིད་ལ་སྒྲོ་འདོགས་པ་མ་ལུས་པ་བཟློག་པས་སྟོང་པ་ཉིད་དང་སྤྲོས་པ་མེད་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཉེ་བར་བསྟན་ཏོ། །དེ་རྣམས་དེ་ལ ་མངོན་དུ་ཕྱོགས་པ་བྱས་ནས་དེའི་རང་བཞིན་སྦྱིན་པ་ལ་སོགས་པ་བྱ་བའི་རང་བཞིན་གྱིས་ཐབས་གོམས་པ་ལས་སངས་རྒྱས་ཉིད་མངོན་པར་འགྲུབ་པར་བྱེད་དོ། །ངའང་སྙིང་རྗེ་ཆེན་པོ་སྐྱེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དེ་ཉིད་གོང་(གང་ཟག་སྟོང་ཉིད་སོགས) ་ནས་གོང་དུ་རྣམ་པར་རྟོགས། (སྟོང་ཉིད་སོགས)་པ་སྤངས་བས་(སྒྲིབ་པའི་དྲི་མ་མང་བས། ཚོགས་གཉིས་ཡོངས་སུ་རྫོགས་པས)་ཡོངས་སུ་དག་པ་ཉིད་བསྒྲུབ་པའི་དོན་དུ་སྒོམ་མོ། །ཇི་སྐད་དུ་བཅོམ་ལྡན་(བྱང་ཆུབ་སེམས)་འདས་མ་བདུན ་བརྒྱ་བར་གསུངས་པ་འཇམ་དཔལ་མི་གནས་པ་ལ་དེ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཅི་ཡོད། །བཅོམ་ལྡན་འདས་གང་ཅི་ལ་ཡང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གང་ཆོས་གང་གི་ཡང་གནས ་པ་འམ་མི་གནས་པ་མི་དམིགས་པ་དེ་མི་གནས་པ་སྟེ། གང་ཆོས་གང་ཡང་མི་སེམས་རྣམ་པར་མི་རིག་པའོ། །བཀའ་སྩལ་(དོན་དམ་པར)་པ་འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སེམས་སམ། གསོལ་པ། བཅོམ ་ལྡན་འདས་མི་སེམས་ལགས་སོ། །གང་བསམ་གྱིས་མི་ཁྱབ་པ་ཉིད་དེ་ཁོ་ན་ནི་མྱ་ངན་ལས་འདས་པ་དང་སྐྱེ་བ་མ་མཆིས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཆོས་ཀྱི་དབྱིངས་དང་(གྱོད)་རྒྱུ་བ་མེད་པའི་དབྱིངས་ཤེས་པ་ནི་གཉིས ་སུ་མ་མཆིས་གཉིས་སུ་བགྱིར་མ་མཆིས་པའོ། །གང་ད་ལྟ་བུའི་ཡེ་ཤེས་དེ་དམིགས་སུ་མ་མཆིས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་སོ། །བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན། (རང་གི་མཚན་ཉིད་ཀྱིས།) ་པ་སྒོམ་པ་(སྤྱིའི་མཚན་ཉིད་ཀྱིས)་ནི་ཆོས་གང་ཡང་མི་(མི་གནས་པ་ལ་མི་གནས་པར་རྟོགས་པ།)་དམིགས་པ་ན་གནས་པ་མ་མཆིས་ཏེ། ཆོས་གང་ལེན་པ་འམ་འདོར་བའོ། །ཆོས་གང་ཡང་འགྲིབ་པ་འམ་འཕེལ་བ་མི་དམིགས་སོ། །བཅོམ ་ལྡན་འདས་སྐྱེ་བ་མ་མཆིས་པ་(གནས་བྱ།)་ལ་ནི་འཕེལ་བ་འམ་འགྲིབ་པ་ཉིད་མ་མཆིས་སོ་ཞེས་སོ། །དེའི་ཡང་མཚན་ཉིད་(གནས་བྱ)་ལ་སོགས་པ་འཕགས་པ་ཀླུ་(ཅི་ཞིག)་སྒྲུབ་ཞབས་ཀྱིས་གསུངས་པ། བྱང་ཆུབ ་སེམས་ཀྱི་མཚན་ཉིད་ནི། (།མུ་སྟེགས་པའི)་བདག་དང་ཕུང་སོགས་(དང་སེམས་ཙམ་པའི)་རྣམ་རིག་གི་།རྟོག་(བྱང་ཆུབ་ཀྱི་སེམས)་པས་མངོན་པར་མ་བསྒྲིབས་ཤིང། །སྟོང་པར་སངས་རྒྱས་རྟག་(བྱང་ཆུབ་སེམས་འགྲེལ་དུ།)་།ཏུ་བཞེད། ། ་བདག་ཏུ་འཛིན་པ་བཟློག་དོན་ཏུ། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། །དེ་ཡང་སེམས་ཙམ་རྣམ་བཞག་པས། །བསྐལ་པ་ཆེན་པོ་རྣམས་ཀྱི་བཤིག་།འདི་དག་ཐམས་ཅད་སེམས་ཙམ་དུ། །རྣམ ་རིག་སྨྲ་བ་རྣམས་ལ་གྲུབ། (།རྟག་གཅིག་དང་དབང་ལ་སོགས་པའི)་རྣམ་རིག་རང་བཞིན་ཅི་ཡིན་པ། །ད་ནི་དེ་འདིར་(ཕྱི་རོལ་གྱི་དོན)་བརྗོད་པར་བྱ། །འདི་རྣམས་ཐམས་ཅད་(ཐེག་པ་མཆོག་ལ་མོས་པ)་སེམས་(ཁམས་གསུམ་པ)་ཙམ་ཞེས། །ཐུབ་པ་ཡིས་ནི ་གང་བསྟན་པ། །བྱིས་པ་རྣམས་སྐྲག་པ་སྤངས་དོན་ཏེ། །དེ་ནི་དེ་བཞིན་ཉིད་མ་ཡིན། །སྟོང་ཉིད་བདག་ཉིད་ཚུལ་གཅིག་གི་།སེམས་འདི་ཉིད་ལ་ཀུན་བརྟགས་དང། །གཞན་གྱི་དབང་དང་ཡོངས་གྲུབ་པ། །ཉིད་དུ་ཡང་(ས་བཅུའི་མདོ་ལ་སོགས་པར།) ་ནི་བརྟགས་པ་ཡིན། །ཐེག་ཆེན་ལ་དགའ་ཨི་བདག་(སེམས་ཙམ་དུ་གསུངས་པ་ངེས་པའི་དོན་དུ)་ཉིད་རྣམས། །ཆོས་ལ་བདག་མེད་དང་(བདེན་དངོས་སུ་སྒྲོ་བཏགས་པ་དང་དངོས་པོ་རྟེན་འབྱུང་སྒྱུ་མ་ལྟ་བུ)་མཚུངས་པའོ། །སྟོང་ཉིད་མཁའ་མཉམ ་ཡེ་ཤེས་ནི། །བྱང་ཆུབ་སྙིང་པོར་སོན་གྱུར་པ། །དུས་གསུམ་བྱས་པ་ལ་བརྟེན་པའི། །སངས་རྒྱས་བདག་ཆེན་ཀུན་གྱིས་མཁྱེན། །དམིགས་མེད་སྒྱུ་མ་ལྟ་བུ་ཡིས། །སྟོང་ཉིད་སྲིད་པ་འཇིག་བྱེད་པ་།ཞི་བ་ཆོས་(རྟོགས་པའི) ་རྣམས་ཀུན་གྱིས་གནས། །འདི་ནི་རྟག་ཏུ་དད་པར་གྱིས། །སྐྱེ་བ་མེད་ཅེས་སྟོང་པ་ཞེས། །དམིགས་པ་མེད་ཅེས་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་བསྒོམ་པ། །འདི་ནི་(འཁོར་བ།)་འདིར་(སྟོང་ཉིད་སྤྲོས་སྟོང་ཉིད་རུང་བལ་ཆོས་ཀུན་རུང་བས) ་དེ་བསྒོམ་པ་མིན། །དགེ་དང་མི་དགེའི་རྣམ་རྟོགས་རྣམས། །རྒྱུན་གཅོད་པ་ཡི་མཚན་ཉིད་ནི། །སངས་རྒྱས་རྣམས་ཀྱིས་སྟོང་པ་གསུངས། (།གང་ཟག)་གཞན་ནི་སྟོང་ཉིད་མིན་(མེད་པའི་སྤྲོས་པ་དང་མ་བྲལ་བས)་པར་བཞེད། །དམིགས་པ ་མེད་པའི་སེམས་ཀྱིས་ནི། །ནམ་མཁའ་ཨི་མཚན་ཉིད་ལ་གནས་པས། །ནམ་མཁའ་སྒོམ་པ་འདི་ཁོ་ན། །སྟོང་པ་ཉིད་ནི་སྒོམ་པར་དགོངས། །གང་ཕྱིར་ཆོས་རྣམས་སྐྱེ་མེད་ནི། །སྟོང་པ་ཉིད་ཅེས་རབ་ཏུ་བསྒྲགས། །མདོར་ན་ཕུང་པོ་ལྔ ་པོ་རྣམས། །ཆོས་རྣམས་ཐམས་ཅད་ཅེས་པར་བཤད། །ཇི་ལྟའི་དེ་ཉིད་བརྗོད་པ་ན། །ཀུན་རྫོབ་ཆད་པ་ཉིད་མ་ཡིན། །ཀུན་རྫོབ་ལས་ནི་ལོགས་པ་རུ། (།བདེན་པར)་དེ་བཞིན་ཉིད་ནི་དམིགས་པ་མེད། །གང་ཕྱིར་ཀུན་རྫོབ་སྟོང་ཉིད ་བརྗོད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་(སྣང་བ་ཙམ)་ཕྱིར། (།ལེའུ་དང་པོར་བཤད་པ་བཞིན)་བྱས་དང་མི་རྟོག་པ་དག་བཞིན། །ཀུན་རྫོབ་ཉོན་མོངས་ལས་ལས་འབྱུང། །ལས་ནི་སེམས་ལས་ཡང་དག་འབྱུང། ། ་སེམས་ཀྱང་བག་ཆགས་ཀྱིས་མིང་(སྟོང་ཉིད་ཀུན་རྫོབ)་ལ། །བག་ཆགས་བྲལ་བ་ལས་བདེའོ། །བདེ་བའི་སེམས་ནི་ཞི་བ་ཉིད། (།ལོགས་པ་མེད་པ)་ཞི་བའི་སེམས་ནི་རྨོངས་མེད་ལ། །རྨོངས་མེད་པས་ནི་དེ་ཉིད་རིག་།དེ་ཉིད་རིག་པས ་གྲོལ་བ་ཐོབ། །བྱང་ཆུབ་སེམས་(བའམ་ཟོས)་མཆོག་དེ་ཉིད་དང། །སྟོང་པ་ཉིད་(ཟག་པ་མེད་པའི་དེ་འདྲ་བའི)་ཅེས་བཤད་པ་སྟེ། །དེ་བཞིན་ཉིད་དང་ཡང་དག་མཛའ་། །སྡུག་བསྔལ་བདག་མེད་(ཡེ་ཤེས་ཀྱིས་ཁོ་ན་ཁོ་ན)་སོགས་དེ ་བཞིན། (།བྱང་ཆུབ་སེམས་ཀྱི་མིང་གི་རྣམ་གྲངས་ནི)་གཞན་དོན་རོ་གཅིག་བྱང་ཆུབ་ནི། །བྱང་སེམས་མྱུ་གུ་ལུས་བྱུང་བ། །སྙིང་རྗེའི་རྩ་བ་བརྟན་པ་ནི། །རྒྱལ་བའི་སྲས་ཀྱིས་སྒོམ་པར་བྱེད། །གང་སྒོམ་པ་ཡིས་བརྟན་པ་(ཀྱིས) ་རྣམས། །བསམ་གཏན་(གསུམ་པའི་བར)་གྱི་ཡང་པ་དེ་ལ་སྤངས་(པའི་དཔག་བསམ་གྱི་སེམས་ཆུབ་ནས། །སེམས་ཅན)་ཕ་རོལ་སྡུག་བསྔལ་གྱིས་(ཅན)་གསུངས་ཏེ། (།ཐུགས་རྗེས)་མནར་མེད་(བྱང་ཆུབ)་བར་ཡང་འཇུག་(རྒྱལ་བའི་སྲས་པོ) ་འགྱུར་བ། །འདི་ནི་ངོ་མཚར་འདི་སྔགས་འོས། །འདི་ནི་ཁྲིམས་མཆོག་དམ་པ་སྟེ། །དེ་ལྟ་མོད་ཀྱི་དེ་རྣམས་ཀྱི། །རང་གི་ལུས་དང་དོན་གཏོང་མཚར། །ཆོས་འདི་རྣམས་ནི་སྟོང་ཤེས་ནས། །ལས་དང ་འབྲས་བུ་བརྟེན་གང་དེ། །ངོ་མཚར་ལས་ཀྱང་ངོ་མཚར་ཞིང། །རྨད་བྱུང་ལས་ཀྱང་རྨད་བྱུང་ངོ། །སེམས་ཅན་བསྐྱབ་(བྱང་ཆུབ་སེམས)་པའི་བསམ་པ་ཡིས། (ནོར)། སྲིད་པའི་འདམ་དུ་སྐྱེས་ཀྱང་(ཀུན་རྫོབ་ལ་སྐུར་བ་མི་འདེབས་པར།) ་འདི། དེ་(ལས)་བྱུང་སྐྱོན་གྱིས་མི་གོས་ཏེ། །པདྨའི་འདབ་མ་ཆུ་ཡིས་བཞིན། །འདི་རྣམས་སྟོང་ཉིད་ཡེ་ཤེས་སེམས། །ཉོན་མོངས་བུད་ཤིང་རྣམས་བསྲེགས་ཤིང། །འོན་ཀྱང་སྙིང་རྗེས་བརླན་པ་ཡིས། །བཟང་པོ ་ལ་(འཁོར་བ་བའི)་སོགས་རྒྱལ་སྲས་རྣམས། །ཚངས་པ་དང། དབང་(བོ་དང་མི་གོས་པ། བྱང་ཆུབ་སེམས་དཔའ་རྟོགས་པའི)་ཉེ་དབང་(ཁྱབ་འཇུག)་དྲུག་(པོ་དབང་ཕྱུག་ཆེན་པོ་ལ།)་སོགས་ཀྱི། །གཟུགས་(ཐུགས་རྒྱུན)་བརྙན་དུ་ནི་རབ ་ཞུགས་རྣམས། །འགྲོ་བ་འདུལ་བའི་སྦྱོར་བ་ཡིས། །སྙིང་རྗེའི་བསམ་པས་ཟློས་གར་མཛད། །ཅེས་སོ། (།ཡོན་ཏན་ཆེན་པོ་དང་ལྡན་པ)་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དེ་སྒྲུབ་པ་དང་བྲལ་བ་འང་འཁོར་བར་འབྲས་བུ ་ཆེན་པོར་བཅོམ་ལྡན་འདས་(སེམས་ལས་སུ་རུང་བར་བྱེད་པ)་ཀྱིས་གསུངས་ཏེ། ཇི་སྐད་དུ་འཕགས་པ་རྒྱལ་པོ་ལ་གདམས་པའི་མདོར་གསུངས་པ། དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཡང་དག་པར་རྫོགས་པའི་བྱང ་ཆུབ་(ལ་ཐོབ་པར་འདོད་པའི།)་འདི་ཉིད་ལ་བདུན་པ་དང་(ཡོན་ཏན་རིག་པའི)་དད་པ་དང་(འཐུན་པའི་རྒྱན་ཚོལ་བའི)་དོན་དུ་གཉེར་བ་དང་(འདུན་པ་རྒྱུན་ཏུ་འཇུག་པའི)་སྨོན་(ཁྱོད་བྱ་བ་མང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་དུས་ཀུན་སྒྲུབ་མི་ནུས།)་ལམ་འདི་ཁོ་ན་འགྲོ་ཡང ་རུང་འགྲེང་ཡང་རུང་བགྲོད་ཀྱང་རུང། འདུག་ཀྱང་རུང་ཉལ་ཀྱང་རུང། །གཉིད་མ་ལོག་ཀྱང་རུང་ཟ་ཡང་རུང་འཐུང་ཡང་རུང་རྟག་པར་རྒྱུན་དུ་(ཏེ་བར་མ་ཆད་པར)་རྗེས་སུ་དྲན་པར་ཡིད་ལ་གྱིས་ཤིག་།(ཡང་དུ་དང་ཡང་དུ་བསྒོམས་ཤིང། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། འཕགས་པ་ཉན་(པ་གཉིད་ལོག་པས)་ཐོས་དང་རང་སངས་(བཟའ་བ་བཏུང་བ)་རྒྱས་(དུས་ཐམས་ཅད་དུ)་དང་སོ་སོ་སྐྱེ་བོ་ཐམས་ཅད་དང་བདག་གི་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར ་གྱི་དགེ་བའི་རྩ་བ་རྣམས་བསྡོམས་ནས་རྗེས་སུ་ཡི་རང་བར་གྱིས་ཤིག་(།ནས་ཇི་སྲིད་དུ)་དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད། (ཏེ་ལ་སོགས)་ཡོངས་སུ ་རྫོགས་པའི་ཆེད་དུ། ཉི་མ་ཉི་མར་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་དངོས་ཤིག་ཅེས་པ་ལ་སོགས་པ་(ལྷ་མི་དང་ཐེག་པ་དམན་པའི་རྣམ་གྲོལ)་གསུངས་ནས་དེ་སླར་ཡང་གསུངས་པ། རྒྱལ་པོ ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་དགེ་བའི་རྩ་བའི་རྣམ་པར་སྨིན་པས་ལན་དུ་མར་ལྷའི་ནང་དུ་སྐྱེས་ལ། ལན་དུ་མར་མིའི་ནང་དུ་སྐྱེས་ལ། སླར་ཡང་ལྷ་དང་མི་རྣམས་སུ་སྐྱེ་བ་ཐམས་ཅད་དཱུང་རྒྱལ་སྲིད་ལ ་དབང་བྱེད་པ་ཉིད་དུའི་གྱུར་རོ་ཞེས་སོ། (།སྒོམ་རིམ་དང་པོར)་གང་ཡང་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ཤིན་ཏཱུང་འབྲས་བུ་ཡངས་པ། (རྒྱ་ཆེ་བ)་ཁོ་ནའོ་ཞེས་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དཔས་བྱིན་གྱིས་ཞུས ་པར་གསུངས་པ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའ་ཨི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་སླར་ཡང་ལྷག་པར་འགྱུར། །གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཀྱི་ཞིང ་རྣམས་མི་གང་གིས། །རིན་ཆེན་(བདུན་ལ་སོགས་པ)་དམ་པས་ཀུན་བཀང་བ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གཅིག་ཐལ་མོ་སྦྱར་གྱུར་ཏེ། །བྱང་ཆུབ་ཆེད་དུ་སེམས་བསྐྱེད་ན། །མཆོད་པ ་འདི་ནི་ཁྱད་པར་འཕགས། །གང་(མཆོད་པ)་གིས་མཛའ་ཡང་མ་(ཚད་མེད)་མཆིས་སོ། །ཞེས་སོ་འཕགས་པ་སྡོང་པོ་(པོ་སངས་རྒྱས་རྣམས)་བཀོད་པར་ཡང། །རིགས་ཀྱི་བུ་བྱང་ཆུབ་(པར་བྱ་བའི)་ཀྱི་སེམས་ནི་སངས་རྒྱས ་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའོ་ཞེས་རྒྱས་པར་རོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་(བྱང་ཆུབ་སེམས་འགྲེལ་དུ)་གསུངས་པ། མི་གང་སྐད་ཅིག་གཅིག་ཙམ་ཡང། །བྱང་ཆུབ་སེམས་ནི་རབ་སྒོམ་པ། །དེ་ཡི་བསོད ་ནམས་ཕུང་པོ་ནི། །འདི་ཙམ་ཞེས་པ་བགྲང་མི་ནུས། །ཉོན་མོངས་མེད་གྱུར་རིན་ཆེན་སེམས། །འདི་ནི་གཅིག་ཏུ་གྲོལ་བ་སྟེ། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱིས། །གཞོམ་བྱ་མ་ཡིན་དབྲོག་བྱ་མིན། །འདི་ནི ་ཐེག་ཆེན་གཙོ་བོ་སྟེ། (།བྱང་ཆུབ་སེམས)་འདི་ནི་བྱང་ཆུབ་སེམས་མཆོག་ཡིན། (།སེམས)་མཉམ་(པར་གཞག)་རྣམས་(འཁོར་བའི་འཆིང་བ་ལས)་བྱང་ཆུབ་སེམས། །འབད་པ་ཡིས་ནི་བསྐྱེད་པར་གྱིས། །འཁོར་བ་བདག་གཞན་དོན ་སྒྲུབ་ལ། (།སྒྲུབ་བྱེད)་བྱང་ཆུབ་སེམས་ལས་མ་གཏོགས་པ། །གཞན་གང་སངས་རྒྱས་རྣམས་ཀྱིས་ནི། །སྔོན་ཆད་ནམ་ཡང་གཟིགས་པ་མེད་ཅེས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་འང་དཔེར་ན་ལོང་བས་མར ་མ་(བ)་གཟུང་བ་གཞན་ལ་ཕན་པར་འགྱུར་བ་དེ་བཞིན་དུ་དོན་མི་ཤེས་པར་ཐོས་པ་འཛིན་པའི་(གཞན་ལ་ཕན་པར་འགྱུར་བ)་ཞེས་(དཀོན་མཆོག་རྩེགས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ། དགེ་བ་དང་ནི་སྡིག་པའི་ཆོས། །ཐོས་པ་མེད་པར་ཤེས་མི་འགྱུར། །ཅེས་བཀའ་སྩལ་བས།) ་ཐོས་པའི་དོན་རྟོགས་པར་བྱས་ནས་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་གཟུང་བ་སྔོན་མ་ཅན་ཏེ། (སྡོམ་པ)་དེ་ཇི་ལྟར་གཟུང་བ་ནི་སྔར་བརྗོད་པ་དེ་བཞིན་ནོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་ནི། དཔེར་ན་(ཡིད་ཀྱིས) ་སོ་སོར་རྟོག་པ་མེད་པའི་མེ་ལ། (ཕྱིས་ཆོམ་རྐུན་པ་བསྲུང་བའི་སྐད་ལྟར)་ཚེ་བ་སྒྲ་འདོན་བྱིན་(སྒོམ་པར་བྱ)་གཉིད་མ་ལོག་ཀྱང་ཆོམ་རྐུན་པ་རྣམས་ཀྱི་རྐུ་བ་དེ་བཞིན་དུ་སྒྲ་ཙམ་ལ་བརྩོན་པ་(པ་འམ་མངོན་པར་སྦྱོར་བ། སྡོང་པོ་བཀོད་པའི་མདོར། ཡང་དག་སངས ་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་པོ། །དཔེར་ན་ལ་ཆུ་ཀླུང་གིས། །སྟབས་ཆེན་ནན་གྱིས་ཁྱེར་བ་ན། །སྐོམ་ནས་འཆི་བར་འགྱུར་བ་བཞིན། །མས་གོམས་ཆོས་ཀྱང་དེ་བཞིན་ནོ། །དཔེར་ན་མཚོ་ཆེན་མཉན་པ་དག། སྐྱེ་བོ་མང་པོ་སྒྲོལ་གྱུར་ཀྱང། །བདག་ཉིད་དེ་ནང་འཆི་འགྱུར་བ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སྩལ་བ་ལྟར།) ་ཐོས་པ་མང་ཡང་སོ་སོར་རྟོག་པ་མེད་པ་ནི་ཉོན་མོངས་པའི་ཆོམ་རྐུན་པ་རྣམས་ཀྱིས་འཇོམས་པས་ན་སྒྲུབ་པ་ལ་སྦྱར་རོ། །དེ་ཏིང་ངེ་འཛིན་རྒྱལ་པོའི་མདོར་གསུངས་པ། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བར་འགྱུར་བ་མེད་དོ་ཞེས་སོ། (།མདོ་ཚིག)་སྒྲུབ་པ་(ཅེས་པ)་ཡང་མདོར་(པར་བྱའོ།།)་བསྡུ་ན་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་སྦྱིན་པ་ལ་སོགས་པའི་ཐབས་སྒྲུབ་པའོ། །དེ་བཞིན་(བཤད་མ་ཐག་པ) ་དུ་འདི་ལྟ་བུའི་སྒྲུབ་པའང་རྙེད་པར་དཀའ་བ་ཉིད་དུ་འཕགས་པ་སྡོང་པོ་བཀོད་པར་གསུངས་པ། རིགས་ཀྱི་བུ་སེམས་ཅན་གྱི་རིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་(ཕ་རོལ་ཏུ་ཕྱིན་པ་དང་ཚད་མེད་པ་དང་བསྡུ་བའི་དངོས་པོ་ལ་སོགས་པ།) ་སེམས་སྨོན་པའི་སེམས་(སྨོན་པའི་སེམས་བསྐྱེད)་ཅན་དེ་རྣམས་རྙེད་པར་དཀའ་ཨོ། །དེ་བས་ཀྱང་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་བྱང་ཆུབ་པ་ལ་ཡང་དག་པར་ཞུགས་པ་(ལན་གནས་པ་འཇུག་པ་སེམས་བསྐྱེད་ཅན།)་དེ་རྣམས ་ཤིན་ཏུ་རྙེད་པར་དཀའ་ཨོ་ཞེས་སོ། །བྱང་ཆུབ་ཀྱི་སེམས་དེའང་ཤེས་རབ་ཀྱི་ཐབས་ཀྱིས་རང་བཞིན་ཁོ་ན་བསྐྱེད་པར་བྱའོ། (།དེ་ཁོ་ན་ཉིད་ལ་འཇུག་པར)་དེ་ལ་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་དུ་རྟོགས་པ་ནི་ཤེས་རབ ་པོ། སྤྲོས་པ་མེད་པ་ཉིད་འདི་ཅི་(ཡིན)་ཞེ་ན། མདོར་བསྡུ་ན་ཇི་སྲིད་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་(བདེན་པར་འཛིན)་རྣམ་པར་རྟོག་པ་དེ་ཐམས་ཅད་ཕྱིན་ཅི་ལོག་དང་སྤྲོས་པ་སྟེ། སྤྲོས་པ་མེད་པ་ནི་ཆོས་ཀྱི ་དབྱིངས་སྟོང་པ་ཉིད་དོ། །དེ་ལྟར་(ཇི་ལྟར་སྤྲོས་པ་མེད་པ་ཡིན་ཏེ)་ན་སྟོང་པ་ཉིད་ཁོ་ན་སྤྲོས་པའོ་ཞེ་ན། སྟོང་པ་ཉིད་ཀྱི་སྒྲས་ཅུང་ཟད་ཀྱང་སྒྲུབ་པ་(ཡོངས་གཅོད་དུ)་མེད་དེ་གང་གི་ཕྱིར། (སྤྱིར)་སྒྲུབ་པའི་སྒྲའི་དོན་མ་ཡིན་གྱི ་འོན་ཀྱང་(རྣམ་པ་གཞན་དུ།)་སྒྲོ་འདོགས་པ་ལས་ལྡོག་པ་ཙམ་(སྒྲ་དོན)་མོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་ཚིག་གས་ལ་བ་ནི་སྒྲོ་(ཡོད་མེད་དང་ལྷག་ཆད་ལ་སོགས་པར)་འདོགས་པ་མཛའ་དག་ལས་ལྡོག་པ་རྟོགས་པར་བྱེད་པས ་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་རང་བཞིན་(གཞན་སེལ)་གསལ་བར་བྱེད་ཀྱི། གང་གིས་དེ་ཁོ་ན་(སྨྲས་པ)་སྤྲོས་པ་ཡིན་པ་(ཚིག་དེས)་སྟོང་པ་ཉིད་ཁོ་ནར་སྒྲུབ་པ་མ་ཡིན་ནོ། །སྤྲོས་པ་མེད་པ་ཉིད་སྤྲོས ་བའོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་(བོས་བསམ་གྱི་ཡུལ་དུ)་སྤྲོས་པ་མེད་པ་ཞེས་བྱ་(སྟོང་ཉིད)་བའི་སྤྲོས་པ་ཡོད་པ་མ་ཡིན་ན་(སྤྲོ་མེད)་དེ་ཅི་ལྟར་སྤྲོས་པ་(ཡོངས་གཅོད་དུ)་ཡིན། དེའི་ཚེ་མེད་པ་ཁོ་ན་ཉིད་དོ་ཞེས ་མི་རིགས་པས་སོ། །དེ་ལྟར་ན་སྒྲོ་འདོགས་པ་མཛའ་དག་ལས་ལྡོག་པ་དེ་ཁོ་ན་ཉིད་དོ་(དུ་ཐལ་ལོ)་ཞེ་ན། དེ་ལྟ་མ་ཡིན་ཏེ་གང་གི་ཕྱིར་ལྡོག་པ་ནི་དངོས་པོ་མེད་པ་ཡིན་ལ་དངོས་པོ་མེད་པའང་ཅི་ལྟར་(སྤྲོས་མེད?)་དེ་ཁོ ་ན་ཉིད་ཡིན་ཏེ་སྐུར་པ་འདེབས་པའི་མཛའ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྒྲོ་འདོགས་པ་མཛའ་དག་ལས་ལྡོག་པས་དེ་ཁོ་ན་ཉིད་སྟོན་པ་ན་(གསལ་བར་བྱེད་པ)་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་དུ་དེ་ཁོ་ན་ཉིད་མཐོང་ནས་མངོན་པར་ཞེན ་(དབུ་མ་རྩ་བའི་རབ་བྱེད་ལྔ་པར། བློ་ཆུང་གང་དག་དངོས་རྣམས་པ། །ཡོད་པ་ཉིད་དང་མེད་ཉིད་དུ། །བལྟ་བ་དེས་ནི་བལྟ་བྱ་བ། །ཉེ་བར་ཞི་བ་མཐོང་མི་འགྱུར། །ཞེས་གསུངས་པས།)་བར་འགྱུར་རོ། །དེས་ན་སྟོང་པ་ཉིད་ལ་སོགས་པའི་སྒྲ་རྣམས་ཀྱིས་མངོན་པར་ཞེན་པ་དེ་དེ་བསལ་བར་བྱས་པ་ན་དེ་ཁོ ་ན་ཉིད་ཀྱི་རང་གི་ངོ་བོ་གསལ་བར་བྱེད་པས་(དེ་ཁོ་ན་ཉིད)་དེ་བརྗོད་བྱར་བཏགས་ནས་བརྗོད་དེ་སྟོང་པ་ཉིད་ལ་སོགས་པའི་སྒྲ་རྣམས་ལ་སྒྲོ་འདོགས་པ་མཛའ་དག་དང་བྲལ་བའི་ངོ་བོ་དེ་ཁོ་ན་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་རོ། །དེའི ་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཁོ་ན་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཡིན་ལ་སྤྲོས་པ་མེད་པ་རྟོགས་པའང་ཤེས་རབ་བོ། །ཐབས་ནི་བཅོམ་ལྡན་འདས་མ་སྙིང་རྗེ་ཆེན་པོའོ། །དེའང་རྣམ་པ་གསུམ་སྟེ་དེ་ལ་སེམས་ཅན་ལ་དམིགས ་(བྱང་ཆུབ་སེམས་འགྲེལ་དུ། ཇི་ལྟར་བུ་རམ་དངར་བ་དང། །མེ་ཡི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བརྗོད། །ཅེས་པས།)་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་ཡོངས་སུ་འགྱུར་བའི་སྡུག་བསྔལ་ཉིད་དག་གིས་ཉིན་དང་ཉིན་དུ ་ཡོངས་སུ་སྐྱོ་བའི་སེམས་ཅན་རྣམས་ལ་དམིགས་(དེ་དག་དང་བྲལ་བར་འདོད་པ)་ནས་སྐྱེ་བ་གང་ཡིན་པའོ། །ཆོས་ལ་དམིགས་པ་ནི་གང་(འདུ་བྱེད་ཀྱི)་སྐད་ཅིག་སོ་སོར་མི་རྟག་པ་ཉིད་ཀྱིས་འཕོངས་པར་ལྷུང་བའི་ཆོས་ཐམས་ཅད་ལ། ་དམིགས་ནས་སྐྱེ་བའོ། །དམིགས་པ་མེད་པ་ནི་(སེམས་ཅན་སྡུག་བསྔལ་ཅན་ལ་སོགས་པའི)་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་དམིགས་ནས་བསྐྱེད་པའོ། །དེ་ལ་དམིགས་པ་མེད་པའི་སྙིང་རྗེ་སྒོམ་པའི་གནས་སྐབས་ན། ་ཐབས་དང་ཤེས་རབ་དག་དེའི་བདག་ཉིད་དུ་སྒོམ་ལ་སྙིང་རྗེའི་ཅིག་ཤོས་(སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ)་སྒོམ་པའི་གནས་སྐབས་ན་ནི་མ་ཡིན་ཏེ། དེ་(དག་ནི)་ནི་དངོས་པོའི་རང་བཞིན་དུ ་དམིགས་པ་(རྟོགས་པ)་ཉིད་ཀྱིས་སྤྲོས་པ་མེད་པ་ཉིད་མེད་པའི་ཕྱིར་ཤེས་རབ་ཀྱི་རང་བཞིན་དུ་སྐྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེའི་བདག་ཉིད་དུ་(ཏེ་བདག་གཅིག་ཏུ)་བསྒོམས་པས་ན་ལྷན་ཅིག་བསྒོམ་པ་ཁོ་ན་སྟེ། (དེ་ལ) ་ཤེས་རབ་དང་ཐབས་ཀྱི་ཐ་སྙད་ཐ་དད་པ་ནི་ལྡོག་པས་བྱས་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། རབ་འབྱོར་དངོས་པོ་མེད་པའི་རང་བཞིན་གྱི་ཆོས་རྣམས་ལ་དངོས་པོར་འདུ་ཤེས་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་བསྒོམ་པ་མེད་དེ་ཕྱིན་ཅི་ལོག་པའི་ཕྱིར་རོ། (ཞེས་སོ)་།འོན་ཀྱང་ཆོས་ཀྱི་འདུ་(སྤྲོས་མེད་མ་རྟོགས་ན་ཤེས་རབ་མེད་པར)་ཤེས་ཐམས་ཅད་སྒོམ་པ་རྣམ་པར་མི་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། ། ་དེ་བཞིན་དུ་དངོས་པོའི་འདུ་(མེད་པ་ལ་ཡོད་པར)་ཤེས་ཅན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མེད་དེ་འདི་ནི་བདག་དང་འདི་ལ་དང་འདི་སྦྱིན་ནོ་ཞེས་དེ་ལྟར་འདུ་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་ཇི་སྲིད་བྱང་ཆུབ་ཀྱི་ཕྱོགས ་ལ་སོགས་པ་རྣམས་ལ་སྟེ། ཇི་སྲིད་དུ་གང་ཀུན་རྫོབ་དེ་ཁོ་ན་དོན་དམ་པ་སྟེ་གང་གི་ཕྱིར་དེ་དག་དེ་བཞིན་ཉིད་དུ་(ཡུལ་རྫས)་གཅིག་པ་ཁོ་ནའོ། །འོན་ཀྱང་ཕུང་པོ་རྣམས་ལ་དངོས་པོར་འདུ་ཤེས་པ་རྣམས་ལ་དོན ་དམ་པ་དེ་ནི་དངོས་པོ་མེད་པའོ་ཞེས་ཀུན་རྫོབ་ཏུ་བསྟན་ལ། (།ཕུང་བ)་དངོས་པོ་མེད་པར་(ཀུན་རྫོབ་དང་དོན་དམ)་འདུ་ཤེས་པ་རྣམས་ལ་དངོས་པོ་ཞེས་ཏེ། དོན་དམ་པར་ནི་དངོས་པོ་དམིགས་སུ་མེད་དེ་དེ་དངོས་(ཱི་གང་ཟག)་པོ་མེད ་པའང་མེད་དོ་ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་(རིགས་པ་དྲུག་ཅུ་པར)་གསུངས་པ། སོ་སོའི་སྐྱེ་བོ་དངོས་བདག་(ཏུ་བྱེད་པ)་ཅན། །རང་གིས་སེམས་ཀྱིས་བསླུས་གྱུར་ཏེ། །དངོས་དང་དངོས་མེད་ཕྱིན་ཅི་ལོག་(གི)་ཉེས ་པ་ཉོན་མོངས་དབང་དུ་གྱུར། །དངོས་པོ་ལ་མཁས་རྣམས་ཀྱིས་ནི། །དངོས་པོ་མི་རྟག་བསླུ་བའི་ཆོས། །གསོག་(པོ་རྣམས་ལ)་དང་སྟོང་པ་བདག་མེད་དང། །རྣམ་པར་དབེན་པ་ཞེས་(པོ)་པར་(ལ)་མཐོང་ཞེས་སོ། །དེ་ལ ་(རང་གི་རྟོགས་པ་བསྐྱེད་པས་ཡིད་དུ་འོང་བ་ལ་ཆགས་པ་དང་མི་འོང་བ་ལ་ཁོང་ཁྲོ་བའི། བ་ལ་འཕགས་པ)་དང་པོར་རེ་ཞིག་རྣལ་འབྱོར་པ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་ཏེ་ཞི་གནས་ཀྱི་ཚོགས། (སྟོང་པའི་དྲི་མ་མེད་བ་ཅོས)་རྣམས་ལ་གནས་པས ་ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ལུས་དྲང་པོར་བཞག་ནས་སྟན་བདེ་བ་ལ་འདུག་སྟེ། སེམས་རྩེ་གཅིག་པའི་མཚན་ཉིད་(ཅན)་ཏིང་ངེ་འཛིན་བསྐྱེད་པར་(རྒྱུ)་བྱའོ། །འོ་ན་སེམས་(དམིགས་པ་ལ)་རྩེ་གཅིག་བཞག་པའི ་ཆེད་དུ་རྣམ་པར་གཡེང་བ་སྤང་བའི་དོན་དུ་གོམས་པར་བྱེད་པ་ཡིན་ནོ། དབུ་མ་པ་རྣམས་ནི་གཡོ་བའི་ཆུའི་ནང་གི་ཟླ་བ་ལྟར་འགྲོ་བ་གཡོ་ཞིང་རང་གཞིན་སྟོང་པ་ཞེས་པ་དང་ཀུན་རྫོབ་པ་སྐད་ཅིག་མར་སྨྲ་པ་རྣམས ་ཀྱི་སེམས་རྣམ་པར་གཡེང་བ་ཡོད་པ་མ་ཡིན་ཏེ། (སྐད་ཅིག་རེ་རེ་ལ)་དོན་སོ་སོར་ངེས་པ་ཉིད་ཀྱིས་(སེམས)་ཐམས་ཅད་རྩེ་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། (རྩོད་པ)་འདི་ནི་འབྲེལ་བ་མེད་དེ། ཉམས་སུ་མྱོང་བས་གྲུབ་པར་ ་སེམས་འགའ་ཞིག་དེ་ཁོ་ན་ཉིད་ལ་ཡང་དག་པར་ཕྱོགས་པ་དང། འགའ་ཞིག་ཕྱིན་ཅི་ལོག་(སྟེ་དེ་ཁོ་ན་ཉིད་ལ་མི་ཕྱོགས་པ་རྣམ་པར་གཡེངས་པ་ཅན།)་དང་གཞན་ནི་བྱ་བ་ལ་སོགས་པ་ཙམ་ལ་(ལྷུར་ལེན་པ་འམ)་མཆོག་ཏུ་འཛིན་པའི་ཕྱིར་རོ།། ་དེ་ལ་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་ལས་གཞན་དུ་ཕྱོགས་པའི་སེམས་ཐམས་ཅད་རྣམ་པར་གཡེང་བ་ཁོ་ནར་བརྗོད་ལ་དེ་ཁོ་ན་ཉིད་ལ་གཅིག་ཏུ་གནས་པ་ནི་མཉམ་པར་བཞག་པ ་ཞེས་པ་འདི་ཙམ་ཅིས་མི་ཐོབ། །གང་གིས་ཕྱིར་གདོན་མི་ཟ་བར་གཅིག་ཁོ་ན་སྣ་ཚོགས་པའི་སྤྱོད་ཡུལ་སྤྱོད་པ་ཉིད་དུ་བཙལ་བར་བྱའོ། །ཅི་སྟེ་ཡང་དེ་ཁོ་ན་མངོན་དུ་བྱེད་པའི་དུས་ཀྱི་སྔ་རོལ་དུ་བདག་གོ་ཞེས་པ་གཅིག་གི ་རྣམ་པར་འཛིན་པ་ཡང་དག་པར་འབྱུང་བ་སྲིད་པའི་ཕྱིར་དེའང་ཐ་སྙད་(སེམས)་དུ་ཡོད་དོ། །གང་ལས་བདག་གི་སྐྱོན་ཟད་པར་འགྱུར་(གཡེང་བ་རྣམ་པར་བཞག་པ་སོགས་ཡོད)་ཞེས་ལམ་གོམས་པ་ལ་འཇུག་པ་གེགས་མེད་པར ་འགྱུར་ལ་ཐོབ་པར་བྱ་བའི་ཀུན་ཏུ་རྟོག་པ་ཐམས་ཅད་(བདག)་འཇུག་པར་བྱེད་པའོ། །དེ་(བདག་ཡོད་པ)་གལ་ཏེ་ཡོད་ན་དངོས་པོ་(བདག་ཡོད)་དེ་ལྟར་གྱུར་པ་ལས་ལོག་པར་ཡང་འཇུག་པ་ཅིས་འགྲུབ་པར་བྱེད་གང་གིས་དེའི་ཆ ་རྗེས་སུ་དཔག་པས་(བདག་མེད་པ)་དེ་ལྟར་ངེས་པ་དེ་ཅི་ལྟར་འཇུག་ཅེ་ན། ངེས་པ་(བདག)་དེའི་བདག་ཉིད་དུ་གྱུར་པ་མེད་པའི་ཕྱིར་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱིས་སེམས་དབང་དུ་བྱས་(བདག་འཛིན་ལ་སོགས་པ།།) ་པས་ངེས་པ་ནར་མ་མ་ཡིན་པ་ཁོ་ནའི་ཐ་(རྒྱུ་འགྱུར་བའི་བདག་འཛིན་ལ་སོགས?་པ་སེམས)་སྙད་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ཐོབ་ཀྱང་སྒོམ་པའི་ལམ་ལ་བལྟོས་པའོ། །དེ་ཉིད་ཀྱི་ཕྱིར་དེའི་འབྲས་བུ་ཐོབ་པ ་ལས་ཚུ་རོལ་གྱི་(སེམས་སྐྱེ་བའི)་གོམས་པ་ནི་མ་རིག་པ་ཁོ་ནས་ཡང་དག་པར་འབྱུང་ངོ། །དེ་ལ་དང་པོར་རེ་(ངེས་པ་རེ་ཡོད་ཀྱང་རྟག་ཏུ་མེད་པ)་ཞིག་རྒྱས་པར་ཁམས་བཅོ་བརྒྱད་ལ་སོགས་པའི་(ཤེས་བྱ་ཇི་སྙེད་པ)་རྣམ་པའི་དབྱེ་བས ་དངོས་པོ་མཛའ་དག་ལ་རྣམ་པར་དཔྱད་པར་བྱ་སྟེ་(ཁམས་བཅོ་བརྒྱད་པོ)་འདི་ཙམ་ཁོ་ན་ཆོས་ཐམས་ཅད་དོ?་ཞེས་པ་དེ་ལྟར་དེས་ནས་སླར་ཡང་སེམས་དེ་ཁོ་ན་ལ་རྒྱུན་དུ་གཏད་པར་བྱའོ། །དེ་ལ་མདོར་བསྡུ་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྐྱོན་ནི ་དྲུག་ཏུ་འགྱུར་ཏེ་འདི་ལྟ་སྟེ་ལེ་ལོ་དང་དམིགས་པ་བརྗེད་པ་དང་བྱིང་པ་དང་རྒོད་པ་དང་རྩོལ་བ་མེད་པ་དང་རྩོལ་བ་ཞེས་པའོ། །འདི་རྣམས་ཀྱི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱའོ། །འདི་ལྟ་སྟེ་དད་པ་དང་འདུན་པ་དང་རྩོལ ་བ་དང་ཤིན་ཏུ་སྦྱངས་པ་དང་དྲན་པ་དང་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་ཤེས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་རྣམས་ཏེ་དེ་ལྟར་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད ་ཅན་གྱི་དད་པས་རྣལ་འབྱོར་པ་(ཏིང་ངེ་འཛིན)་དེ་ལ་མངོན་པར་འདོད་པ་སྐྱེད་པར་བྱེད་དོ། །དེ་ལས་རྩོལ་བའོ། །དེ་ལས་ལུས་དང་སེམས་ལས་སུ་རུང་བ་(ཱི་ཤིན་ཏུ་སྦྱངས་པ)་ཉིད་དོ། །དེ་ལས་ལེ་ལོ་རྣམ་པར་ལྡོག་གོ་།དྲན་པ་ནི ་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་(འདུན་པ)་དང་རྒོད་པ་དག་གི་(སྒོམ་པ་ལ)་སྟེ་དེས་བྱིང་བ་དང་རྒོད་པ་ཉེ་བར་འཚོན་པའི་ཕྱིར་རོ། །བྱིང་བ་དང་རྒོད་པ་རབ་ཏུ་ཞི་(བཞི)་པའི་དུས་ན་ནི་རྩོལ་བ་མེད་པ་(སྒོམ་བྱའི) ་སྐྱོན་ཏེ། གཉེན་པོར་སེམས་པ་(སྒོམ་པ་ལ་སེམས་མངོན་པར་འདུ་བྱེད་པ)་བསྒོམ་པར་བྱའོ། བྱིང་བ་(གཉེན་པོ)་དང་རྒོད་པ་ཞི་བར་གྱུར་ནས་གང་གི་ཚེ་སེམས་(ཱམ་རྟོག་པ)་རང་གི་ངང་གིས་འཇུག་པ་དེའི་ཚེ་རྩོལ་བ་སྐྱོན་ཏེ། དེའི་གཉེན་པོར་དེའི་ཚེ་བཏང ་སྙོམས་བསྒོམ་པར་བྱའོ། །སྤོང་བ་བརྒྱད་པོ་འདི་རྣམས་ཀྱི་རྒྱུས་ཏིང་ངེ་འཛིན་ལས་སུ་རུང་བར་འགྱུར་ལ་(ཏིང་ངེ་འཛིན་ལས་སུ་རུང་བ)་དེས་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྣམས་མངོན་པར་འགྲུབ་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར ་མདོ་ལས་གསུངས་པ། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་མོ་ཞེས་སོ། །ཞི་གནས་ཀྱི་རིམ་པ་འདི་ཉིད་བཅོམ་ལྡན་འདས་མར་གསུངས་པ། ཇི་ལྟར་ཡང་བྱང་ཆུབ ་སེམས་དཔའ་དེ་ནང་ལ་སེམས་འཇོག་གོ་།རྒྱུན་དུ་འཇོག་གོ་།གླན་ཏེ་འཇོག་གོ་།ཉེ་བར་འཇོག་གོ་།འདུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ་ཞེས ་སོ། །དེ་ལ་འཇོག་སྟེ། ཏིང་ངེ་འཛིན་གྱི་དམིགས་པ་ལ་སེམས་(འཆིང་བའི)་གཏོད་དོ། །རྒྱུན་འཇོག་སྟེ་རྒྱུན་གྱིས་འཇུག་པ་ལ་དེ་བཞིན་ཁོ་ནར་འཇོག་སྟེ་གཞན་དུ་འགྲོ་བ་འགོག་པའི་ཕྱིར་རོ། །གླན་ཏེ་འཇོག་སྟེ་སེམས ་རང་བཞིན་གྱིས་གཡོ་བ་ཉིད་ཀྱི་ཕྱིར་ཅི་ཞིག་ལྟར་གཞན་དུ་འགྲོ་བ་ན་དེ་རྟོགས་(ཅི་འདོགས་པའོ)་ནས་མྱུར་དུ་(དམིགས་པ་དེ་ཉིད་ལ)་སྡུད་པའི་ཕྱིར་རོ། །ཉེ་བར་འཇོག་སྟེ་སེམས་བརྟན་པར་གྱུར་ཀྱང་རང་བཞིན་གྱིས་རགས་པ་ཉིད ་ཀྱིས་ན་གཞན་དུ་འང་རྣམ་པར་འགྲོ་བ་ལས་གོང་ནས་གོང་དུ་ཕྲ་བར་བྱེད་པས་དེ་ཁོ་ན་ལ་འཇོག་པའི་ཕྱིར་རོ། །དུལ་བར་བྱེད་དེ་སེམས་རང་བཞིན་གྱིས་རྣམ་པར་གཡེང་བ་ལ་དགའ་བ་ཏིང་ངེ་འཛིན་ལ་དགའ་བར་བྱེད་ཏེ ་ཏིང་ངེ་(།ཏིང་ངེ་འཛིན་གྱི་དམིགས་པ་ལས)་འཛིན་གྱི་ཕན་ཡོན་མཐོང་བ་ལས་སོ། །ཏིང་ངེ་(ཏིང་ངེ་འཛིན་གྱི་དམིགས་པ)་འཛིན་གྱི་ཕན་ཡོན་རྣམས་ཀྱང་དེ་བཞིན་གཤེགས་པའི་ཡང་བར་གྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཐམས་ཅད ་དོ། །ཞི་བར་བྱེད་དེ་དེ་ལྟར་ན་ཡང་གལ་ཏེ་ཏིང་ངེ་འཛིན་ལ་དེ་(སེམས)་མི་དགའ་བར་གྱུར་པ་དེའི་ཚེ་རྣམ་པར་གཡང་བ་ལ་དགའ་ལ་དེའི་ཕྱིར་(།ཡེང་བ་ལ་དགའ་བ)་དེ་ཞི་བར་བྱེད་པ་སྟེ། རྣམ་པར་གཡེང་བའི་ཉེས་པ་མཐོང་བ་ལས་སོ།། ་རྣམ་པར་གཡེང་བའི་སྐྱོན་ཡང་མནར་མེད་པ་ཇི་སྲིད་པའི་ཡང་སྡུག་བསྔལ་ཐམས་ཅད་དོ། །རྣམ་པར་ཞི་བར་བྱེད་དེ་བརྣབ་སེམས་དང་ཡིད་མི་བདེ་བ་ལ་སོགས་པ་སྐྱེས་པ་རྣམས་ཞི་བར་བྱེད་པའི་ཕྱིར་མི་དགའ་བ་དང་ལྡན་པའོ། །རྩེ ་གཅིག་ཏུ་བྱེད་དེ་(མིའི་སྡུག་བསྔལ་ཙམ་དུ་མ་ཟད)་དམིགས་པ་གཅིག་ལ་ཤིན་དུ་(སྤྲེལ་བ)་དང་ཆོས་མཐུན་པའི་ཕྱིར་(སྒོམ་པའི་དུས་སུ)་ཤིན་དུ་བ་སྟེ་ཤིན་དུ་གཅིག་བ་དེ་ལྟར་བྱེད་ཅིང། རྣམ་པ་བདུན་རྣམས་ཀྱིས་སྐྱོན་དང་བྲལ་བའི་སེམས ་རྩོལ་བ་ལས་དེ་ལྟ་བུ་ཁོ་ནར་རང་གི་ངང་གིས་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །མཉམ་པར་འཇོག་སྟེ་རང་གི་ངང་གིས་ཞུགས་(འབྲེལ)་ནས་རོ་མྱང་བ་མེད་པའི་ཕྱིར་(སྔ་མ)་ལྷུན་གྱིས་གྲུབ་ཅིང་རང་གི་ངང་གིས་འཇུག་པ་ཉིད་ཀྱིས ་ཡང་དག་པའི་དམིགས་པ་ལ་སེམས་འཛིན་པར་བྱེད་དོ། །མདོ་སྡེ་རྒྱན་དུ་གསུངས་པ། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་(རྩོལ་བ་མང)་བྱས་ནས། །དེ་ལས་སླར་ཡང ་བསླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ནི། །སེམས་ནི་ནང་(ཱང་གདམས་པ་དང་རྗེས་སུ་བསྟན་པའི་སྐབས་སུ)་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བ་ཡིས། །ཏིང་ངེ་འཛིན་ལ་སེམས་དགའ་བྱ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར།། ་(ཏིང་འཛིན)་དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གི་འབྱུང་བ་ཐོབ། །དེ ་གོམས་པ་ལས་འདུ་མི་བྱེད་ཅེས་སོ། །གཞན་ཡང་ཏིང་ངེ་འཛིན་ནི་ལུས་དང་སེམས་(སྐྱེས་པ)་དག་རྣམ་པར་དབེན་པ་ཁོ་ན་ལས་བྱུང་ངོ་ཞེས་(ལེའུ་དང་པོར)་སྔར་བརྗོད་ཟིན་ཏེ། །དེ་ལྟར་གང་གི་ཚེ་(ཏིང་ངེ་འཛིན་གྱི)་དམིགས་པ་དེ་ལ ་མངོན་པར་འདུ་བྱེད་པ་(ཱི་རྩོལ་བ)་མེད་པར་དང་གིས་འབྱུང་བ་ཉིད་ཀྱིས་ཇི་སྲིད་འདོད་པར་སེམས་འཇུག་པར་འགྱུར་བ་དེའི་ཚེ་ཞི་གནས་རྫོགས་པར་རིག་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་བསྐྱེད་ནས ་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཤིང་དངོས་པོ་དང་དངོས་པོ་མེད་པ་རང་རང་གི་དངོས་པོ་དང་གཞན་གྱིས་དངོས་པོ་ལ་སོགས་པར་ཡོད་ལ་བྱེད་པ་མེད་པར་བྱས་པས་ཐམས ་ཅད་ལས་ཡིད་བསླན་ཏེ་ཅི་ཡང་སེམས་པ་མེད་པར་བྱའོ། (།སྒོམ་པའི)་དེ་དེ་ལྟར་སེམས་པ་མེད་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པར་བྱེད་དེ་ཚད་མ་དང་(ལས)་གཞལ་བྱ་དང་(བྱ་བ)་འབྲས་བུའི་ཆ ་དང་ཡང་དག་པར་བྲལ་བས་ན་རང་གསལ་བའི་རང་བཞིན་ནོ། (།ཤེར་ཕྱིན)་དེ་མཐོང་བ་མེད་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ནས་དེའི་མཐུ་ལས་ཀྱེ་མ་མ་ལ་གཏི་(བྱེད་པ་པོ)་མུག་གི་ནུས་པ་གང་གིས་སེམས་ཅན་འདི་རྣམས ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཡང་བདག་(ཤེར་ཕྱིན)་ཉིད་ཀྱིས་མ་རྟོགས་པས་འདི་རྣམས་ཅི་ལྟར་རྟོགས་པར་བྱ་ཞེས་རྣམ་པར་བསམས་ནས་དེའི་བདག་ཉིད་ཁོ་ནར་འགྲོ་བ་(མ་རིག་པ)་ཐམས་ཅད་ལ་དམིགས ་ཏེ་(སེམས་ཅན་སྟོང་པ་ཉིད་དུ་ཤེས་པ)་དམིགས་པ་མེད་པའི་རང་བཞིན་སྙིང་རྗེ་ཆེན་པོ་བསྐྱེད་ནས་(སེམས་ཅན)་དེའི་(མྱང་འདས་ཀྱི་རང་བཞིན་དུ)་བདག་ཉིད་ཁོ་ནར་བདག་དང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དང་སྙིང་རྗེ་ཆེན་པོའི་བདག ་ཉིད་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེའི་བདག་ཉིད་ཀྱི་ཕྱིར་དབྱེར་མེད་པའི་རང་བཞིན་གཉིས་སུ་མེད་པ་(ཆུ་དང་འོ་མ་ལྟར)་རོ་གཅིག་ཏུ་གྱུར་པར་བལྟ་བར་བྱའོ། །དེ་ཁོ་ན་ཉིད་མཐོང་བ་འདི་ནི་གང ་ཤེས་རབ་ཀྱིས་ངས་པར་བརྟགས་པ་(ཤིང་བསྒོམ)་ལས་ཆོས་ཐམས་ཅད་མཐོང་བ་མེད་པ་ཁོ་ན་ཡིན་གྱི། གཉིད་ལོག་པ་དང་བཙུམས་པ་དག་གི་མིག་བཞིན་དུ་གང་ཡིད་ལ་བྱེད་པ་མེད་པ་ལས་ནི་མ་ཡིན་ཏེ། (ཅི་སྟེ་ཡིན་པ)་དེ་ལྟ་ན ་བག་ཆགས་མ་སྤངས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་(བདན་པར)་ལ་སོགས་པ་ལས་ལངས་པ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པར་མངོན་པར་ཞེན་པའི་རྩ་བ་ཅན་འདོད་(དངོས་པོར་ཞེན་པ་སོགས་??་ལྡོག?་གི) ་ཆགས་ལ་སོགས་པ་རྣམས་སྐྱེ་བའི་ཕྱིར་རྣལ་འབྱོར་པ་གྲོལ་བ་མེད་པ་ཁོ་ནར་འགྱུར་རོ། །ཐོག་མ་མེད་པའི་དུས་ཅན་གྱི་(གཟུགས་སོགས་བདེན་དངོས་སུ། དངོས་པོ)་མངོན་པར་ཞེན་པ་(ནི)་ཡིད་ལ་བྱེད་པ་ཡོངས་སུ་དོར་བ་ཙམ ་ལས་སྤོང་བའང་མ་ཡིན་ཏེ་འདུ་ཤེས་མེད་པའི་སྙོམས་པར་ཞུགས་པ་ལ་སོགས་པས་ཀྱང་སྤངས་པར་ཐལ་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཡུལ་ལ་(འདི་ལ་བདག་ཡོད་དམ་མེད། སྟོང་ངམ་མི་སྟོང། བདེན་པར་ཡོད་དམ་མེད་ཅེས་སོགས) ་ཐེ་ཚོམ་སྤོང་བ་མེད་པར་ནི་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤང་བར་ཡང་ནུས་པ་མ་ཡིན་ཏེ་མེ་མ་སྤངས་ན་སྲེག་པ་(ཏེ་ཡིད་ལ་མི་བྱེད་པ་ཙམ་ཡིན)་མི་སྤོང་བ་བཞིན་ནོ། །དེའི་ཕྱིར་(ཏིང་ངེ་འཛིན་གྱི་སྣང་བ་བྱུང་བ་ན་ཤེས་རབ་མིག་གིས།)་ཐེ་ཚོམ་གྱི ་ས་བོན་དང་བྲལ་བ་ཁོ་(གཟུགས་སོགས་ལ་མངོན་པར་ཞེན་པ)་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་དང་བྲལ་བར་བྱའོ། །ཞེས་ངེས་སོ། །ཐེ་ཚོམ་གྱི་ས་བོན་དང་བྲལ་བ་(གཟུགས་སོགས་བདེན་པར་ཡོད་དམ་སྙམ་པའི)་ལའང་ཞི་གནས་དང་ལྷག ་མཐོང་ངག་ཕན་ཚུན་རྗེས་སུ་མཐུན་པའོ། །དེ་ལྟར་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ཞི་གནས་ཀྱི་སྣང་བ་ཡོད་ན་ཤེས་རབ་མིང་གཞན་པ་ལྷག་(ར་བྱེད་པ)་མཐོང་གིས་(མིག་གི)་ཆོས་ཐམས་ཅད་དངོས་པོ་དང་དངོས་པོ ་མེད་པ་ལ་སོགས་པའི་ངོ་བོ་རྣམ་པར་དཔྱད་པ་ལ་རྣལ་འབྱོར་པ་ཐེ་ཚོམ་དང་བྲལ་ལོ། (།ཐེ་ཚོམ)་དེ་དང་བྲལ་ན་གཟུགས་ལ་སོགས་པར་(བདེན་པར)་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བའོ། །དེ་དང ་བྲལ་ན་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་སོ། (།ས་གཟུགས་སོགས་སྣང་རུང་མ་དམིགས་པ)་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཚེ་ཞི་གནས་དང་ཤེས་རབ་དག་དེའི་བདག་ཉིད་ཀྱི་ཕྱིར་དང། (རང་བཞིན) ་རྗོད་པའི་རིམ་པས་ཤེས་རབ་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པ་ཉིད་ཀྱི་ཕྱིར་(ཤེས་རབ་དང་ཐབས)་ཟུང་དུ་འབྲེལ་པའི་ལམ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རང་བཞིན་མཆོག་ཏུ་རྣམ་(རོ་གཅིག་པས)་བར་མི་རྟོག་པའི་རྣལ་འབྱོར ་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་བདག་ཉིད་དེ། བྱང་ཆུབ་སེམས་དཔའ་ཨང་དེའི་རང་བཞིན་ཡིན་ལ། རྣལ་འབྱོར་དེའང་གནས་སྐབས་དེར་ཤེས་རབ་དང་ཐབས་ཀྱི་རང ་བཞིན་ཟུང་དུ་འབྲེལ་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། འདོད་ཆགས་ལ་སོགས་པའི་དྲི་མ་དང་རྙོག་པ་མཛའ་དག་དང་བྲལ་བ་ཉིད་དང་(ཟུང་འཇུག)་དེ་ལས་གཞན་པའི་(མཉམ་ཉིད་སོགས)་ཡེ་ཤེས་ཁྱད་པར་ཅན་གྱི་རྒྱུ་ཉིད་ཀྱིས་མེ་ལོང་ལྟ ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། (།སྲིད་ཞི་སོགས)་ཐ་དད་པ་མཛའ་དག་(ཉོན་མོངས་པ)་མཆོག་ཏུ་འཛིན་པ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། (།རྟག་འཛིན་པ་སོགས)་ཕྱིན་ཅི་ལོག་མ་ལུས་པ ་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འགྲོ་བ་མ་ལུས་པ་ལ་ཕན་པ་བསྒྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །གཟུང་བ་དང་འཛིན་པའི་རྣམ་པ་ལ་སོགས་པ ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དམིགས་པ་ལས་ལྡོག་པས་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །མཚན་མ་མཛའ་དག་ལས་བཟློག་པས་མཚན་མ་མེད་པའི ་བདག་ཉིད་དོ། །ལོག་པའི་སྨོན་ལམ་ལས་ལྡོག་པས་སྨོན་པ་མེད་པའི་བདག་ཉིད་དོ། (།བདེན་པར)་ཕྱིན་ཅི་ལོག་གི་འདུ་བྱེད་ལས་ལྡོག་པས་མངོན་པར་འདུ་བྱེད་པ་མེད་པའི་བདག་ཉིད་དོ་ཞེས་པ་རྣམ་པར་ཐར་པ་སྒོ་བཞིའི ་རང་བཞིན་ནོ། །དེ་བཞིན་དུ་དེ་ཁོ་(དབང་པོ)་ན་མིག་ལ་སོགས་པར་(བདེན་པ)་།དམིགས་པ་ལས་ལྡོག་པས་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གཟུགས་ལ་སོགས་པར་དམིགས་པ་ལས་ལྡོག་པས་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ་ཕྱི་ནང་གི་རྟེན་དུ་དམིགས་(རྣལ་འབྱོར)་པ་ལས་ལྡོག་པས་ཕྱི་ནང་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དབང་པོ་རྣམས་ཀྱི་རྟེན་ནི་སེམས་ཀྱིས་ཟིན་(ཡུལ)་པའི་ཕྱི་ནང་(བདེན་པ)་དང་ཕྱི་རོལ་ཡང་སྟེ་དབང་པོས་བསྡུས་པ་མ་ཡིན་པ་ཉིད་ཀྱི ་(ལུས་ཁོག་པ་ཉིད་བདེན་པར)་ཕྱིར་རོ། །སྟོང་པ་ཉིད་དུ་དམིགས་པ་ལས་ལྡོག་པས་(འཇིག་རྟེན་ལས་འདས་པ་བསྟོད་པར། ཀུན་རྟོག་ཐམས་ཅད་སྤང་པའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་དམར?། །ཅེས་པ་ལྟར།)་སྟོང་པ་ཉིད་སྟོང་པ་ཉིད་ཀྱི ་བདག་ཉིད་དོ། །སྣོད་ཀྱི་འཇིག་རྟེན་དུ་ལྷག་པར་ཞེན་པ་(བྱེ་བྲག་པ་རྣམས་ཀྱིས་ཕྱོགས་རྣམས་རྫས་ཉིད་དུ་རྟོགས་སོ་ཤེས་པས།)་།ལས་ལྡོག་པས་ཆེན་པོ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དོན་(འདིའི་འགྲེལ་ཆུང་དུ་མྱ་ངན་ལས་འདས་པའི་ལམ་ལ་བཤད་དོ།།)་དམ་པར ་དམིགས་པ་ལས་ལྡོག་པས་དོན་དམ་པ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། (འཇུག་པར། དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡིས་སྟོང་པ་གང། །དེ་ནི་དོན་དམ་སྟོང་པ་ཉིད།)་འདུས་བྱས་བསོད་ནམས་ཀྱི་ཚོགས་སུ་དམིགས་པ་ལས་ལྡོག ་བས་འདུས་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་བྱང་ཆུབ་ཀྱི་ཚོགས་ཉེ་བར་དམིགས་པ་ལས་ལྡོག་པས་འདུས་མ་བྱས་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས ་པའི་(རྟག་པ་དང་ཆད་པ)་མཐར་དམིགས་པ་ལས་ལྡོག་(རྐྱེན་ལས་བྱུང་ཕྱིར་ཁམས་གསུམ་པོ། །འདུས་བྱས་ཡིན་པར་ངེས་པར་བསྙད། །ཅེས་སོ།།)་པས་མཛའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཐོག་མ་(གང་ལ་སྐྱེ་གནས་མི་རྟོག་ཉིད། དེ་དག་མེད་པ་འདུས་མ་བྱས།།) ་དང་ཐ་མའི་མཛའ་དང་བྲལ་བའི་འཁོར་པར་དམིགས་པ་ལས་ལྡོག་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དགེ་པའི་ཕྱོགས་ཡོངས་སུ་མི་འདོར་བར་དམིགས་པ་དོར་བ་མེད་པ་སྟོང་པ་ཉིད་ཀྱི ་བདག་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དུ་དམིགས་པ་ལྡོག་པས་རང་བཞིན་སྟོང་པ་ཉིད་ཀྱི་རང་གི་ངོ་བོ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་(ཐེག་པ་ཆེན་པོའི་ཆོས་ཤེས་ཛ་ཡ་ཨ་ནན་ཏ།)་རྣམས་ཀྱིས་མ་མཛད་པའི་ཕྱིར་ཆོས ་རྣམས་ཀྱི་ཆོས་ཉིད་ནི་(དེ་བཞིན་ཉིད)་རང་བཞིན་ནོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའི་ངོ་བོའི་ཆོས་ཀྱི་སྐུར་དམིགས་པ་ལྡོག་པས་(རང་སངས་རྒྱས་དང་ཉན་ཐོས)་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བདག་ཉིད་དོ། (།རང་གི་མཚན་ཉིད) ་དང་སྤྱིའི་མཚན་ཉིད་དུ་དམིགས་པ་ལྡོག་པས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དམིགས་པ་མེད་(འདུས་བྱས་འདུས་མ་བྱས་ཆོས་རྣམས་འདུས་པའི་ངོ་བོ་མེད་ཅེས་པས།)་བར་དམིགས་(གཟུགས་ནི་གཟུགས་སུ་རུང་བ་ཚོར་བ་མྱོང་དུ་རུང་བ་སོགས།) ་པ་ལས་ལྡོག་པས་མི་དམིགས་པ་སྟོང་པ་ཉིད་ཀྱི་བདག་(ད་ལྟ་བ་འདི་མི་གནས་ཤིང་འདབ་དང་མ་འོངས་ཡོད་པ་མིན། ཅེས་པས།)་ཉིད་དོ། །ཕན་ཚུན་མི་དམིགས་པའི་ཕྱིར་དམིགས་པ་མེད་(དུས་གསུམ་དུ)་པ་ནི་འདིར་དུས་གསུམ་མོ། །དངོས་པོ་མེད ་པའི་ངོ་བོ་ཉིད་དུ་དམིགས་པ་ལྡོག་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་དོ། །དངོས་པོ་མེད་པའང་འདི་ཡིན་ལ་ངོ་བོ་ཉིད་ཀྱང་ཡིན་པས་དངོས་པོ་མེད་པའི་ངོ་བོ་ཉིད་དེ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་དོ། །དེ་ཅི ་ལྟར་དངོས་པོ་མེད་པ་ཡིན་ཞེ་ན། (རྐྱེན་ལས་བྱུང་བའི་དངོས་རྣམ་པ་འདུས་པའི་ངོ་བོ་མེད་ཅེས་པས།)་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དངོས་པོར་དམིགས་པ་ལས་ལྡོག་པས་དངོས་པོ་སྟོང་པ་ཉིད་ཀྱི་བདག་ཉིད་དེ་སྐྱེ་པས་ན་དངོས ་པོ་སྟེ་(སྤུངས་པའི་དོན་ཅན)་ཕུང་པོ་ལྔ་རྣམས་སོ། །དངོས་པོ་མེད་པར་དམིགས་པ་ལས་ལྡོག་པས་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་བདག་ཉིད་དེ། སྐྱེ་བ་མེད་པས་དངོས་པོ་མེད་པ་སྟེ་ནམ་མཁའ་ཨོ། །རང་གི་ངོ་བོར་དམིགས་པ་ལས ་ལྡོག་པས་རང་གི་ངོ་བོ་སྟོང་པ་ཉིད་དོ། (།སྤུངས་པའང་དོན་ཅིའང་མེད་པ་ཡིན་པས།)་ཆོས་རྣམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པར་(ཉན་ཐོས་ལ་སོགས་པས་མ་བྱས་ཤིང།)་མ་བཅོས་པ་ནི་རང་གི་ངོ་བོ་(རུང་མྱ་ངན་ལས་འདས་པའི་འཇུག་པའི་འགྲེལ་པ།)་སྟེ་སྟོང ་པ་ཉིད་ཁོ་ནའོ། །ཕ་རོལ་གྱི་ངོ་བོར་དམིགས་པ་ལས་ལྡོག་པས་ཕ་རོལ་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བདག་ཉིད་དེ། མཆོག་ཉིད་ཀྱི་ཕྱིར་འདི་ཕ་རོལ་ཡང་ཡིན་ལ་གཞན་རྣམས་ཀྱིས་མ་བྱས་པ་ཉིད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར ་ཡང་ངོ་བོ་ཡིན་པས་(ལམ་མཆོག)་ཕ་རོལ་གྱི་ངོ་བོ་སྟེ་དེ་བཞིན་ཉིད་དོ་(ཡང་དག་པའི་མཛའ་ཨོ།)་ཞེས་པས་འདི་ནི་སྟོང་པ་ཉིད་ཉི་ཤུ་རྣམས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་སེར་སྣ་དང་ཚུལ་ཁྲིམས་འཆལ་པ་དང་མི་བཟོད ་པ་དང་ལེ་ལོ་དང་རྣམ་པར་གཡེང་པ་དང་འཆལ་པའི་ཤེས་རབ་དང་ཐབས་མ་ཡིན་པ་དང་ལོག་པའི་སྨོན་ལམ་དང་སྟོབས་མེད་པ་ཉིད་དང་མི་ཤེས་(ཚོགས་ཀྱི་སྒྲུབ་པའི)་པ་(ཕྱིན་བཅུའི་མི་མཐུན་ཕྱོགས།)་ལས་ལྡོག་བས་སྦྱིན་པ་དང་ཚུལ ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང། བསམ་གཏན་དང་ཤེས་རབ་དང་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། །དཔའ་བར་འགྲོ་བ་ལ་སོགས ་པ་ཏིང་ངེ་འཛིན་(བརྒྱ་རྩ་གཅིག)་གྱི་རང་བཞིན་ནོ་ཞེས་པས་བསོད་ནམས་ཀྱི་(ཚོགས་ཀྱི་སྒྲུབ་པའི)་བདག་ཉིད་དོ། །འདིའི་རང་བཞིན་ཁོ་ནའི་ཏིང་ངེ་འཛིན་རྣམས། གནས་སྐབས་ཀྱི་ཁྱད་པར་ལ་(རང་རང་གི)་བྱ་བ་རྣམས་སོ་སོ ་སོ་སོར་བྱེད་པའི་ཕྱིར་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ཅེས་པ་ལ་སོགས་པ་མིང་སྣ་ཚོགས་པ་རྣམས་(རྣལ་འབྱོར)་ཀྱིས་བརྗོད་ཀྱི་རང་བཞིན་ཐ་དད། (ལམ་གྱི)་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་ནི་(ཏིང་ངེ་འཛིན)་གང་གི ་དབང་གིས་ཡོ་བྱད་ཐམས་ཅད་ནམ་མཁའ་ལས་སྐྱེ་བ་དེ་ནི་ནམ་མཁར་རམ་ནམ་མཁའ་(ཏིང་ངེ་འཛིན)་འདིའི་མཛོད་དོ། ཞེས་པས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་བྱ་བ་ཐ་དད་པ་སྟེ་མདོ་ཇི་ལྟ་པར་ཤེས་པར་བྱའོ། ་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་(འདིའི་མཛོད)་པ་རྣམས་རང་བཞིན་མེད་པའི་ཕྱིར་རྟག་པ་(ལ་སོགས་པ།)་དང་མི་རྟག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་(རྒྱལ་བའི་ཡུམ་གྱི)་གཉེན་པོའི ་ཕྱོགས་ཀྱི་ངོ་བོའི་རྣམ་པ་རྣམ་པར་གཅོད་བྱ་(རྟག་པ་ལ་སོགས་པ)་ལས་ལྡོག་པའི་བདག་ཉིད་དེ། དེ་ཉིད་ཀྱི་ཕྱིར་མེད་པ་ལ་སོགས་པ་ཐམས་ཅད་ཤེས་པ་(རིམ་བཞིན)་ཉིད་ཀྱི་རྣམ་པའི་(ཉི་ཤུ་རྩ་བདུན)་བདག་ཉིད་(རྣལ་འབྱོར་འདི)་དང ་འདོད་ཆགས་དང་བྲལ་བ་ལ་སོགས་པ་(དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར)་ལམ་ཤེས་པ་ཉིད་ཀྱི་རྣམ་པའི་(སུམ་ཅུ་རྩ་དྲུག)་བདག་ཉིད་(མི་གཡ?་པའི་བར)་ཀྱང་ངོ་(རྣལ་འབྱོར་འདི།)་།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན ་གྱི་རང་བཞིན་ཉིད་ཀྱིས་དང་གཉེན་པོའི་ལམ་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་རྣམས་དང། སྤྲུལ་པའི་ལམ་ལ་རྣམ་པར་ཐར་པ་གསུམ་དང། །མཐོང་བའི་ཆོས་ལ་བདེ་བར་གནས ་པའི་ལམ་ལ་ཐར་པ་དང་མཐུན་པར་གནས་པའི་རང་བཞིན་ལས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ཞི་བར་གནས་པའི་ལམ་གྱི་རང་བཞིན་(གཟུགས་ཅན་གཟུགས་ལ་བལྟ་བ་སོགས)་ལ་འདུ་ཤེས་དང་ཚོར་བ་འགོག་པ་དང ་འཇིག་རྟེན་ལས་འདས་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པ་དང་མཐོང་བའི་(སྤོང་བའི)་ལམ་ལ་བར་ཆད་མེད་པའི་ལམ་བཞི་དང་(སྟེ་རྣམ་པར་ཐར་པ་བརྒྱད།) ་སངས་རྒྱས་ཉིད་ཀྱི་ལམ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་སོ་ཞེས་པ་རྣམ་པ་སུམ་ཅུ་རྩ་བཞི་ཉིད་ཀྱིས་དང། སྟོབས་དང་མི་(མཐར་གྱིས་གནས་པའི་སྙོམས་འཇུག་དགུ)་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས ་ཀྱི་ཆོས་མ་འདྲེས་པ་དང། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་(རྒྱལ་སྙས?་ཀྱི་ལམ་གྱི་དབང་དུ་བྱས་པའི་ལམ་བདེན་གྱི)་དེ་བཞིན་ཉིད་དང་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རང་འབྱུང་དང་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང ་ཆུབ་པའི་སངས་རྒྱས་ཉིད་དེ་རྣམ་པ་སུམ་ཅུ་རྩ་དགུ་ཉིད་ཀྱིས་ན་དམིགས་པ་དང་ཡེ་ཤེས་(མཁྱེན་པ་གསུམ)་ཀྱི་རྣམ་པའི་རང་གི་ངོ་བོ་ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིའང་རང ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་(བདེན་པ་བཞི)་དག་(རྣལ་འབྱོར་དལ?་ནང་དུ་(བརྒྱ་བཅུ་ཅུ་རྩ་གསུམ་མོ)་འདུས་པའི་ཕྱིར་ལམ་ཐམས་ཅད་ཀྱི་བདག་ཉིད་དོ། །ཉན་ཐོས་དང་རང་སངས་(རྣལ་འབྱོར་འདི)་ ་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྫོགས་པའི་སངས་རྒྱས་ཀྱི་གཟུངས་དང་མངོན་པར་ཤེས་པ་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་བདག་ཉིད་དོ། །ཚངས་པ་ལ ་སོགས་པ་ནས་བ་ལང་རྫིའི་བར་གྱི་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་གང་ཅུང་ཟད་ཡེ་ཤེས་སམ་ཏིང་ངེ་འཛིན་གཞན་ལ་ཕན་པའི་ཐབས་སུ་གྱུར་པ་དེ་ཐམས་ཅད་(རྣལ་འབྱོར)་འདི་ཉིད་དུ་སྟེ། (རྣལ་འབྱོར་འདི)་དེ་ནི ་ཐབས་(ཐབས་ཆེན་པོའི་བདག་ཉིད་ཡིན་པས།)་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ཆོས་འདི་རྣམས་རིམ་གྱིས་སེམས་བསྐྱེད་པ་(སྤྲོས་པ་མེད་པའི་ཤེས་རབ་དང་ཐབས་ཀྱི་རྣལ་འབྱོར།) ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་འདི། སེམས་བསྐྱེད་པ་འགའ་ཞིག་ཁོ་ན་ལ་བྱ་བ་(དང་ངོ་བོ)་ལ་སོགས་པའི་ཁྱད་པར་(རྣལ་འབྱོར་གྱི་རང་བཞིན་དུ་བཤད་པ།)་གྱི་སྒོས་ལྡོག་པ་ཐ་དད་པས་འགའ་ཞིག་ཁོ་ན་རྣམ་པར་གཞག་གི། ་ཐམས་ཅད་དུ་ཐམས་ཅད་རྣམས་(རྣམ་པར་བཞག་པ)་མ་ཡིན་ནོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པའི་གནས་སྐབས་ན་(ཁྱད་ཆོས)་སྤྲོས་པ་མེད་པའི་ཤེས་རབ་དང་ཐབས་(སེམས་བསྐྱེད་པ་ཉེར་གཉིས་སོ།།) ་ཀྱི་རང་བཞིན་(ཆོས་འདི་རྣམས།)་གྱི་རྣལ་འབྱོར་གྱི་བདག་ཉིད་ནི་གནས་སྐབས་ཀྱི་(ཁྱད་གཞི)་དབྱེ་བ་ཇི་ལྟ་བར་ཐ་དད་པར་ཇི་ལྟར་རིགས་པར་བཤད་པའི་ཆོས་ཀྱི་རང་བཞིན་དུ་མགོན་པོ་རྣམས་ཀྱིས་རྣམ་པར་བཞག་གོ་།དེའི་རྟགས ་ནི་ཕལ་ཆེར་མི་སེམས་བཞིན་དུ་སྣང་མེད་དང། །གཉིད་ལོག་བཞིན་དུ་མི་འཕྲོ་བར། །ངལ་བ་ངལ་སོ་བཞིན་དཱུང། །སེམས་ནི་བདག་མེད་ལ་དམིགས་(།དེ་རྣམས)་ནས། །མིག་(གྲུབ་པའི་སློབ་དཔོན་ལ?་པའི་ཞབས་ཀྱི། སྣང་བ་ཐོབ་པའི་རྣལ་?? ་??་འབྱོར་བས། །གཞན་དུ་འཁྲུལ་པ་མེད་པ་ཡི། །གྲུབ་པའི་རྟགས་རྣམས་ཤེས་བྱ་སྟེ། །ལམ་དམ་གི་ནི་དུ་བ་བཞིན།)་།ཅེས་སོ། །དག་རེངས་པར་བྱེད་པ་དང། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་མི་(མི་གཡོ་རབ་ཏུ་དང་བའི་བདག། ཅེས་པ་ལ། ཏིང་ངེ་འཛིན་གྱི་མི་མཐུན་པ་བྱིང ་རྒོད་མེད་པས་ཤེས་སྔགས་དོན་རྣམས་གཟིགས། གནས་ངན་ལེན་དང་རྣམ་རྟོགས་ཐམས་ཅད་སྤངས་པས་བརྟན་ཤིང་མི་འགྱུར་བར་གནས་པ་ནི་ཞེས་སློབ་དཔོན་འཇམ་དཔལ་གྲགས་པའོ།)་།གཡོ་རང། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །གང་གི་ཚེ་རྣལ་འབྱོར་དེ་ལས ་ལངས་པ་དེའི་ཚེ་ཡང་མཉམ་པར་མ་གཞག་པའི་གནས་སྐབས་ན་མོས་པས་དེ་(མཉམ་བཞག་གི་དམིགས་པ་རྣམས།)་བཞིན་ཉིད་ཁོ་ནར་བསྒོམ་པར་བྱའོ། །ཇི་སྐད་དུ་(རིགས་པ་དྲུག་ཅུ་པར)་གསུངས་(ཅེས་སོ)་པ། གང་(ཏིང་ངེ་འཛིན།) ་རྣམས་(འགྲོ་བ་རྣམས། རྗེས་ཐོབ)་རྣམ་པར་དབེན་པ་(སྟོང་པ)་ཞེས། །ཡིད་ནི་(ཱི་སྒོ་ན)་གཡོ་བ་(སྤྲེའུ་ལྟ་བུར)་འང་མི་གཡོ་བ་(ར་དམིགས་པ་དེ་ལ་བརྟན་པའི།)་།དེ་རྣམས་ཉོན་མོངས་(པའི)་སྦྲུལ་(གྱིས)་འཁྲུགས་(ཤིང་གང། སྐལ་ལྡན)་པའི། ། ་སྲིད་པའི་རྒྱ་མཚོ་འཇིགས་རུང་བརྒལ་ཞེས་སོ། །རྣམ་པར་མི་(ཏེ་སེམས་རང་བཞིན་གྱི)་རྟོག་པ་ལ་འཇུག་པའི་གཟུངས་སཱུང་གསུངས་པ་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པས་ནི་ཤེས་བྱ་དང ་ཁྱད་པར་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་རྣམས་ཐམས་ཅད་(རྣམ་པ་ཐམས་ཅད་དུ་མཚན་མ་ཐམས་ཅད་མངོན་དུ་མི་སྤྱོད་པས།)་ནམ་མཁའ་ཨི་དཀྱིལ་དང་མཚུངས་པར་(ཆོས་ཐམས་ཅད་མི་དམིགས་པའི་རྣམ་པར་ཞུགས་པས་ཤེས་པ་དང་ཤེས་བྱ་ལ་བྱེ་བྲག་མི ་དམིགས་པའི་ཕྱིར།)་མཐོང་ངོ། (།འཇིག་རྟེན་ལས་འདས་པའི་ཡེ་ཤེས)་དེའི་རྗེས་ལ་ཐོབ་པས་(སེམས་ཅན་གྱི་འཇིག་རྟེན་ནམ་ནང་གི་ཁམས་དྲུག།)་ནི་སྒྱུ་མ་(ལྟར)་དང་སྨིག་རྒྱུ་(སྣོད་ཀྱི་འཇིག་རྟེན་ནམ་རྣམ་ཤེས་ཁམས་དྲུག་དང་སེམས་བྱུང།)་དང་རྨི་ལམ་(ལྟར)་དང ་མིག་ཡོར་དང་བྲག་ཆ་(ལྟར)་།དང་(འདོད་བ་ན་སྤྱོད་པ་རྣམས་སམ་སྔོན་གྱི་ལས་གྱི་འབྲས་བུ་རྣམས)་གཟུགས་བརྙན། དང་(སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པས་བསྡུས་པའམ་འདུས་བྱས་ཀྱི་ཆོས་ཐམས་ཅད།)་སྦྲུལ་པ་དང་མཚུངས་པར་མཐོང་ངོ། ་དེ་ནས་བདེ་བ་ཆེན་པོ་(ལུས་ཀྱི་ལས་སམ་སངས་རྒྱས་ཀྱི་གཟུགས་སྐུ)་ལ་གནས་པའི་སེམས་དང་(མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་མངོན་ལྟར། དུ་བྱ་བ་ལ་དབང་ཐོབ་པས)་ཡངས་པ་ཉིད་འཐོབ་བོ། (།རྒྱུ་དང་འབྲས་བུ)་ཕུན་སུམ་ཚོགས་པའི་སེམས་ཆེན ་(སྐྱོན་མེད་ཅིང་མི་ཟད་ལ་བདེ་བར་གནས་པའི་དབང་ཐོབ་པས)་བོ་ཡངས་པ་ཉིད་དང་ཤེས་རབ་ཆེན་པོ་(སེམས་ཅན་གྱི་མི་མཐུན་པ་དང་གཉེན་པོ་དང་འཇུག་ལྡོག་ཀུན་ཏུ་བྱེད་པ།)་དང་(སེམས་ཅན་སྐལ་བ་ཡོད་མེད་ཡོངས་སུ་ཤེས་པ་ཐོབ་པས་ཤེས་པ་རྣམས་སློབ་དཔོན་ཀ་མ་ཤཱི་ལ།)་ཡེ་ཤེས ་ཡངས་པ་ཉིད་ཀྱང་ངོ་ཞེས་རྒྱ་ཆེར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཐབས་བསྟེན་པའི་དུས་སཱུང་ཕྱིན་ཅི་མ་ལོག་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལས་སྦྱོར་བ་དང། འཇུག་ལ་སྒྱུ་མ་བཞིན་དུ་(ཁྱད་ཆོས) ་སྒོམ་པ་ཇི་ལྟ་བ་བཞིན་དུ་དངོས་པོའི་དེ་ཁོ་ན་ཉིད་ལ་མངོན་པར་ཞེན་པ་(མེད་པའི་ཁྱད་བཞི།)་ཤེས་རབ་ཡང་དག་པར་འབྱུང་བ་ཁོ་ནའོ་ཞེས་པ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་འབྱུང་བའི་ལམ་འབྱུང་བ་ཁོ་ནའོ། །འདི་ཁོ་ན་རིག་པ ་ཆེན་མོ་མཆོག་གི་སྤྱོད་པ་བསླབ་པ་བླ་ན་མེད་པའང་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པར་གསུངས་པ། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིགས་སྔགས་ཆེ། །སེམས་ཅན ་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། (།པས་སོ)་གང་དག་(སངས་རྒྱས་དེའི་བསྟན་པ་ནུབ་པའི།)་འདས་དང་གང་ཡང་ཕྱོགས་བཅུའི་འཇིག་རྟེན་མགོན། །རིག་སྔགས་འདི་བསླབས་ཆོས་ཀྱི་རྒྱལ་པོ་བླ་མེད་འགྱུར། (།ཅི་སྟེ་ཞེ་ན།) ་གང་ཞིག་འདིར་སྤྱོད་(ཕྱིར)་སངས་རྒྱས་ཆོས་རྣམས་མི་རྟོག་སྟེ། (།རྒྱུ)་སྟོབས་(ལྔ)་དང་རྫུ་འཕྲུལ་རྐང་པ་(བཞི་དང)་བྱང་ཆུབ་ཞི་མི་རྟོག་།རྣམ་པར་མི་རྟོག་རྟོག་བྲལ་བྱིན་གྱིས་བརླབས་ཀྱིས་སྤྱོད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན ་མཆོག་སྤྱོད་པ་ཡིན་ནོ། །འཛམ་བུའི་གླིང་འདིར་(ནི་མཚོན་པ་ཙམ་སྟེ།)་སེམས་ཅན་ཇི་སྙེད་མ་ལུས་པ། །དེ་རྣམས་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། (།དངོས་གཞི)་ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་སྦྱིན་བྱས་ལ། ། ་(འཇུག་ཏུ)་ཀུན་ཀྱང་འགྲོ་བའི་དོན་རྒྱུར་བྱང་ཆུབ་ཡོངས་བསྔོ་ཡང། །གང་(རྩེ་མོ་མངོན་རྟོགས་ཀྱི་རང་བཞིན་གྱི)་ཞིག་ཤེས་རབ་ཕ་རོལ་ཕྱིན་(པ་སྟོན་པ)་ལ་མངོན་བརྩོན་པ། །ཐ་ན་ཉི་མ་གཅིག་ཅིག་རྗེས་སུ་མཐུན་བྱེད་ན། །དེ་ལ ་སྦྱིན་པའི་ཕུང་པོས་བསོད་ནམས་ཆར་མི་ཕོད། །དེ་ཕྱིར་གཡེལ་མེད་རྟག་ཏུ་ཤེས་རབ་འཇུག་པར་(བསྟན་པ་དང་བསྒོམ་པ།)་བྱ། །ཤེས་རབ་ཕ་རོལ་ཕྱིན་མཆོག་སྦྱོང་པའི། (མཉམ་པར་འཇོག་པ། ཡང་དག་པར་སྒོམ་པ།)་རྣལ་(སྔར་བསྟན་པའི) ་འབྱོར་པ། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་(དུ་ཞེན་པའི)་འདུ་ཤེས་མེད། །དེ་ཚེ་མཁས་པ་འགྲོ་པ་ཀུན་གྱི་སྦྱིན་གནས་(བསོད་ནམས་ཀྱི་ཞིང་དུ)་འགྱུར། (།བསླབས་པ་ཕུན་སུམ་ཚོགས་པ་དང་ལྡན་པས)་རྟག་ཏུ་ཡུལ་འཁོར་བསོད ་སྙོམས་(ཆོས་གོས་སོགས་དང་གཞན་གྱི་དོན་ཆེན་པོར་འགྱུར་བས)་དོན་ཡོད་ཡོངས་སུ་སྤྱོད། །བྱང་ཆུབ་སེམས་དཔའ་གང་འདིར་(འཁོར་བ་ཐོག་མེད་ནས)་ཡུན་རིང་(དུ་རང་གི་ཕྱིན་ཅི་ལོག་སྟོབས་ཀྱི)་འབྲེལ་པ་ཡི། །ལྷ་མི་ངན་སོང་གསུམ་གྱི ་སེམས་ཅན་དགྲོལ་བའི་ཕྱིར། །ལམ་ཡངས་(ཐེག་པ་ཆེན་པོ་འཁོར་མཚོའི)་ཕ་རོལ་(གྱི་འགྲམ་མྱང་འདས)་སེམས་ཅན་ཁམས་ལ་སྟོན་འདོད་པས། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་ལས་(སྙིང་བརྩེ་དང་བཅས་པས།)་བརྩོན་པར་བྱ། ། ་བསླབ་པ་འདི་ནི་འདྲེན་པས་བསླབ་པ་ཡོངས་བརྗོད་པ། །ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན། །མཁས་པ་གང་ཞིག་བསླབ་ཀུན་(འཁོར་གསུམ་དག་པའི)་ཕ་རོལ་འགྲོ་(བར)་འདོད་པས། །སངས ་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་འདིར་སློབ། །དེ་ལྟར་སྤྱོད་མཁས་(བྱང་ཆུབ་སེམས་དཔའ་)་རྣམས་ལ་(བརྒྱ་བྱིན་ལ་སོགས)་ལྷ་ཚོགས་མང་པོ་རྣམས། (།ལུས)་ཐལ་མོ་སྦྱར་བར་བྱས་ཤིང་(དག)་བཏུད་ནས་སེམས་ཕྱག ་འཚལ་བྱེད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་པའང། (།སེམས་དཔའ་དེའི)་ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་སྒྲོགས་པར་མཛད། །སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ཏུ་འགྲོ་བ་དང། ། ་སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་བྱུང་མཆོག་(སྟེ་མངོན་དུ་བྱ་བ)་རེག་དང།། །ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་འདོད་(སྤྲུལ་སྐུ)་གང། །ཕན་མཛད་(རྒྱལ་སྲས་བཅས)་རྣམས་ཀྱི་གནས་མཆོག་(ཤེར་ཕྱིན།)་ཆོས་སྐུ ་འདི་ལ་(ཀྱི་མེ་ལོང་ལྟ་བུ་སོགས)་བརྟེན་པར་གྱིས་ཞེས་སོ། །དེ་ལྟར་འདི་ནི་(ཡང་ན་ལོངས་སྐུ)་དབང་པོ་རྣོན་པོ་ཉིད་ཡིན་པའི་ཕྱིར་སོ་སོ་སྐྱེ་བོའི་གནས་སྐབས་ན་(དད་པའི་དབང་པོ་རྣོ་བས)་ཚོགས་གཉིས་རྫོགས་པ་ལ་རྟག་ཏུ་མངོན་པར ་སྦྱོར་བར་(བརྩོན་པ)་འདོད་པ་ཁོ་ན་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་(འཁོར་གསུམ་དག་པ)་ཁོ་ནའི་སྦྱིན་པ་ལ་སོགས་པའི་ཐབས་ལ་འཇུག་གོ་།ཐབས་ཀྱང་(ཞིང་དག་པ་དང་ལོངས་སྤྱོད་ཆེན་པོ་དང་འཁོར་དང་སེམས་ཅན་སྨིན་པ་དང་སྤངས་པ་ལ་སོགས་མངོན་མོད?་སྡུས་པའི) ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་(ལྔ)་དང་ཚད་མེད་པ་(བདེ་བ)་དང་བསྡུ་བའི་དངོས་པོ་(བཞི)་ལ་སོགས་པའི་བྱེ་བྲག་གིས་ཏེ། དེ་ལྟར་ཁོ་ནར་ཡང་འཕགས་པ་བློ་གྲོས་མི་བཟང་པ་དང་མདོ་སྡེ་དཀོན་མཆོག་སྤྲིན ་ལ་སོགས་པའི་མདོ་སྡེ་རྣམས་སུ་(རྒྱ་ཆེར)་གསུངས་སོ། །ཤེས་རབ་ནི་ཐབས་དེ་ཁོ་ན་(འཁོར་གསུམ་ཡོངས་སུ་དག་པས)་ཕྱིན་ཅི་མ་ལོག་པའི་རང་བཞིན་དུ་ཡོངས་སུ་གཅོད་པའི་(རྟོགས་པ)་རྒྱུའོ། །གང་གི་ཕྱིར་(ཤེས་རབ)་དེས་ཡང་དག ་པའི་ཐབས་སུ་རྣམ་པར་ཕྱེ་ནས། ཕྱིན་ཅི་མ་ལོག་པས་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་དོན་བསྒྲུབ་པའི་ཕྱིར་སྔགས་ཀྱིས་ཟིན་པའི་དུག་ཟ་བ་བཞིན་དུ་ལོངས་སྤྱོད་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་བཞིན་དུ་ཡང ་ག་ཡཱ་མགོའི་མདོ་ལས་གསུངས་པ། ཐབས་ནི་(མངོན་མཐོ།)་བསྡུ་བའི་ཡེ་ཤེས་ཏེ། །ཤེས་རབ་ཡོངས་སྤྱོད་ཡེ་ཤེས་སོ། །དེའི་ཕྱིར་(ཐབས་ཤེས་རབ)་གཉི་ག་(ས་ལ་གནས་པ་སོགས)་དུས་ཐམས་ཅད་ཁོ་ནར་བསྟེན་པར་བྱའོ།། ་དེ་ལྟར་ནི་སྙིང་རྗེ་ཆེན་པོས་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་(འབྲས་བུ)་གཟུགས་ཀྱི་སྐུ་འཁོར་ལ་སོགས་པའི་སྐལ་བ་ཆེན་པོ་ཉིད་ཀྱིས་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པའི་ཕྱིར་བཅོམ་ལྡན་འདས་རྣམས་མྱ ་ངན་ལས་འདས་པར་མི་གནས་ལ་ཤེས་རབ་ཀྱིས་ཀྱང་ཕྱིན་ཅི་ལོག་ཐམས་ཅད་སྤངས་པའི་ཕྱིར་འཁོར་བར་(གནས་པ)་མ་ཡིན་ཏེ། འཁོར་བ་(ཱི་རྩ་བ)་ནི་(ཞེས་ཀ་མ་ལ་ཤཱི་ལའོ།)་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པ་ཉིད་(ཉན་རང་གི་ལྟ་བུ།) ་ཀྱི་ཕྱིར་རོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་གོམས་པར་བྱེད་དོ། །དབང་པོ་འབྲིང་པོ་དང་དབང་པོ་རྟུལ་པོ་དག་ཀྱང་(རྣོན་པོའི)་ད་ལྟར་གོམས་པར་བྱེད་ལ། འོན་ཀྱང་དབང་པོ་འབྲིང་པོས་ཆོས་ཐམས་ཅད་སྐྱེ ་མཆེད་བཅུ་གཉིས་ཀྱི་རྣམ་པ་ཁོ་ནར་དམིགས་ནས་ཞི་གནས་སྐྱེད་པར་བྱེད་ཅིང། དབང་པོ་རྟུལ་པོས་ནི་(དོན་ཐམས་ཅད)་ཕུང་པོ་(གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ)་ལྔའི་རྣམ་པ་ཁོ་ནར་ཆོས་ཐམས་ཅད་དམིགས་ནས་ཞི་གནས་སྐྱེད་པར ་བྱེད་དོ། །དངོས་སུ་ན་རྒྱ་མཚོའི་ཆུའི་ཐིགས་པ་མྱངས་པ། (རོ་མཚུངས་པའི་ཕྱིར་གཅིག་ཏུ་རྒྱ་མཚོའི་རོ་མྱངས་ན་ཐམས་ཅད་རོ་མྱངས་པར་འགྱུར་བ།)་བཞིན་ནོ། །གང་(དབུ་མ་བཞི་བརྒྱ་པ་རབ་བྱེད་བརྒྱད་པར།)་གིས་དངོས་པོ་གཅིག་ལྟ་པོ། ། ་དེ་ཡིས་ཐམས་ཅད་མཐོང་བྱེད་གསུངས། (།གཟུགས་ཀྱི་ཕུང་པོ་དང་མིག་གི་སྐྱེད་མཆེད་དང་མིག་གི་ཁམས་ལྟ་བུ)་གཅིག་གིས་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱིས་(དངོས་པོ་རྣམས་ཀྱི་རང་བཞིན་ཀྱང་དེ་བཞིན།)་སྟོང་ཉིད་དོ་ཞེས་སོ། །གསང་སྔགས་པ ་ཀྱི་ཚུལ་ལས་ཀྱང་ཡུངས་(ལྟ་བ་པོར)་ཀར་གྱི་ཚང་ཀྱི་དཀར་པོ་ལ་སོགས་པ་སྣང་བ་ལའང་དམིགས་ནས་ཞི་གནས་དང་(ཕུང་པོ་ཁམས་བསྐྱེད་མཆེད)་ལྷག་མཐོང་དག་སྐྱེད་པར་བྱེད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམ ་པ་གསུམ་པོ་(རིམ་ལྔ་ལ་སོགས་པར)་འདི་རྣམས་ཀྱང་སྤྲོས་པ་མེད་པར་སྦྱིན་པ་ལ་སོགས་པའི་བྱ་བ་མངོན་པར་རྫོགས་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་ཉིད་ཀྱིས་བྱ་བའི་རང་བཞིན་གྱིས་ཐབས་ལ་གོམས་པ་(དབང་པོའི་རིམ་པ) ་མཐར་ཕྱིན་པ་ཉིད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པ་གསུམ་རྣམས་ཀྱིས་མངོན་པར་རྫོགས་ནས་སངས་རྒྱས་ཉིད་(འབྲས་བུ)་རྣམས་སོ། །སྦྱིན་པ་ལ་སོགས་པས་ཡོངས་སུ་བསྐོར་པའི་(ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ)་བྱང་ཆུབ་ཀྱི ་སེམས་གོམས་པ་ཉིད་ནི་རིམ་གྱིས་(འདུན་ལྡན་སོགས)་སེམས་ཉི་ཤུ་རྩ་གཉིས་རྣམས་སུ་བསྐྱེད་པར་བྱའོ། (།སྒོམ་པ་འདི་ཡོན་ཏན་ཀུན་གྱི་རང་བཞིན་ཡིན་པ།)་དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པ་ལ་ཡེ་ཤེས ་ཀྱི་ངོ་བྱང་ཆུབ་ཀྱི་སེམས་སྒོམ་པ་ཁོ་ན་སྡིག་པ་ཐམས་ཅད་སྤྱོད་པར་བྱེད་པ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་(རྩ་བ་ནས།)་པ་ཡོངས་སུ་འབྱིན་པ་རང་གཞན་ཐམས་ཅད་(ཤིན་ཏུ)་ལེགས་པ་བྱེད་པའོ ་ཞེས་པའོ། །ཐུབ་པའི་དགོངས་པའི་རྒྱན་དུ་བྱང་ཆུབ་ཀྱི་སེམས་སྒོམ་པའི་སྣང་བའི་ལེའུ་སྟེ་གཉིས་པའོ།། །།སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་དེ་རྣམས་ཁོ་ན་ཐེག་པ་ཆེན་པོའོ། (།ཐེག་པ་ཆེན་པོ)་དེ་འང ་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པའོ། །དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེར་ཕྱིན)་དེ་ཁོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ། (གོམས་པ་ལ་རིམས་ཀྱིས་སྐྱེ་བའི)་བརྒྱད་རྣམས་སོ། །དེ་ལྟར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། (ཁྱད་ཆོས། ལམ)་སེམས་བསྐྱེད་པ་ལ་སོགས་པའི་ངོ་བོ་རྒྱུ་དང་འབྲས་བུའི་བདག་ཉིད་(ཁྱད་གཞི།)་རྣམ་པ་མ་ལུས་པ་ཉིད་ཀྱིས་(སྒོ་ནས)་དངོས་པོ་མཛའ་དག་ཡོངས་སུ་ཤེས་པའི་ཕྱིར་དེ་བཞིན ་གཤེགས་པ་རྣམས་དང་འབྲེལ་པ་སྟེ། (འགྲེལ་བ)་གང་གི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་སངས་རྒྱས་ཉིད་ཡིན་ལ། (།རྣམ་པ་ཀུན་མཁྱེན་དངོས)་དེ་ནི་སྐྱེས་བུའི་དོན་གྱི་མཆོག་གོ་(།དངོས་ཀྱི་རྣམ་པ་ཀུན་མཁྱེན)་དེ་ཁོ་ན་བརྒྱད ་པ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་སྟེ། གང་གི་ཕྱིར་མངོན་པར་རྟོགས་པ་(མཁྱེན་པ་གསུམ་དང་སྦྱོར་བ་བཞི་སྟེ།)་བདུན་རྣམས་ཀྱིས་མངོན་པར་རྟོགས་པར་བྱ་ཞིང་ཐོབ་པར་བྱ་བའོ། (།རྣམ་ཀུན་མཁྱེན་པ)་དེའི་དོན་ཉིད་ཀྱི་ཕྱིར་(ཐོབ་པར་བྱེད་པ།) ་དེའི་ལམ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཏགས་པ་པ་སྟེ། (ཆོས་སྐུ་མ་གཏོགས་པ)་མངོན་པར་རྟོགས་པ་བདུན་གྱི་བདག་ཉིད་དོ། །རྣམ་པ་ཀུན་མངོན་པར་རྟོགས་པར་རྟོགས་པའང་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཀྱི་ནང་དུ་འདུས་པའི་ཕྱིར་(རྣམ་པ་ཀུན་མཁྱེན)་དེ་བཞིན་དུ་(སངས་རྒྱས་ལ)་དངོས་དང་(ལམ་ལ)་བཏགས་པ་པའོ། །ཇི་སྐད་དུ་མདོ་སྡེ་རྒྱན་དུ་གསུངས་པ། སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམས་པ་ཐམས་ཅད་མཁྱེན་ཉིད་ཐོག། ་རིན་ཆེན་སྣོད་ནི་ཕྱེ་བ་ལྟར། (།རྣམ་པ་ཀུན་མཁྱེན)་སངས་རྒྱས་(ཀྱི་ངོ་བོ)་ཉིད་(དུ)་ནི་ཡང་དག་བསྟན་ཞེས་སོ། །སློབ་(རྗེ་བཙུན་བྱམས་པར་མ་ཟད)་དཔོན་ཕྱོགས་ཀྱི་གླང་པོས་ཀྱང། །ཤེས་རབ་ཕ་རོལ ་ཕྱིན་(པ་ནི)་གཉིས་མེད། (།དེ་ནི)་ཡེ་ཤེས་(ཏེ་ཤེར་ཕྱིན། ཡིན་ནོ)་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་(ཱོ་ཤེར་ཕྱིན)་དེ་དོན་དུ་སྦྱོར་བས། །གཞུང་(དང)་ལམ་དག་ལ་(ཤེར་ཕྱིན)་དེ་(ཱི)་སྒྲས་(བརྟགས་པ)་ཡིན་ཞེས་སོ། །དེ་ཉིད་ཀྱི ་ཕྱིར་འཕགས་པ་(ཀྱེ)་བྱམས་པས་གསུངས་པ། རྣམ་པ་ཐམས་ཅད་(པ་ཡིན་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི)་མཁྱེན་ཉིད་ལམ། །སྟོན་པས་འདི་ལ་བཤད་པ་གང། །ཞེས་(པའི་ལུང)་སོ། །འདིས་ནི་(ཆོས་སྐུ)་འདི ་བཙལ་བྱ་(ལས་སུ་བསྒྲུབ་པ)་བ་འམ་(དེའི་ལམ)་འདིས་ཚོལ་བ་ཞེས་(པ་བྱེད་པོ་སྒྲུབ)་པས་ལམ་སྟེ། མངོན་པར་རྟོགས་པ་(གཞན)་བདུན་ནང་དུ་འདུས་པ་འབྲས་བུ་དང་རྒྱུའི་ངོ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་གསལ་བར་བྱས་སོ། (།ཐེག་ཆེན་དང་ཤེར་ཕྱིན་གྱི་ངོ་བོའི་སེམས་སྐྱེད)་དེའང་འགྲོ་བར་འདོད་པ་དང་འགྲོ་བ་པོའི་བྱེ་བྲག་བཞིན་དུ་(སེམས་ཅན་ཀུན་ལ་ཕན་པའི་དོན་དུ་བདག་སངས་རྒྱས་སུ་གྱུར་གཅིག་ཅེས་གང་ཐོགས་མར་དོན་དུ་གཉེར་བ།)་སྨོན་པ་དང་འཇུག ་པའི་རང་བཞིན་གྱི་དབྱེ་བ་ལས་རྣམ་པ་གཉིས་སོ། །ཡང་(སློབ་དཔོན་ཡེ་ཤེས་གྲགས་པ་ན་རེ།)་དང་པོ་རྣམ་པ་གསུམ་སྨོན་པའི་སེམས་ཡིན་ལ་(སྦྱོར་ལྡན་སོགས)་བཅུ་དགུ་འཇུག་པ་(གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་བཞུགས་པ།) ་ཉིད་དེ་ཉི་ཤུ་རྩ་གཉིས་ནི་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་སོ། །དེ་(ཞེས་གསུང་བ་སེམས་སྐྱེད་པ་ཉེར་གཉིས་སོ།།)་།རྣམས་ཀྱང་ཀུན་རྫོབ་ཏུ་ཁྱད་པར་དང་བཅས་ལ་དོན་དམ་པར་(བཞི་མ་གྲུབ་པའི།) ་ཁྱད་པར་དང་བཅས་པ་མ་ཡིན་ཁྱད་པར་མེད་པར་ཡང་མ་ཡིན་ནོ་ཞེས་སྒྲུབ་བྱེད་(དམ་འཐད་བ)་དང་བཅས་པ་སྔར་(ལེའུ་དང་པོར)་བརྗོད་ཟིན་ཏེ། ཀུན་རྫོབ་ཏུ་འང་(སེམས་བསྐྱེད)་དེ་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ལ་སོགས་ནི་ཐུན ་མོང་པའོ། །ཆོས་འགའ་ཞིག་ཀྱང་ཐུན་མོང་པ་སྟེ་དྲན་པ་ཉེ་བར་གཞག་པ་དང་སྦྱིན་པ་ལ་སོགས་པ་སེམས་བསྐྱེད་པ་(ཉེར་གཉིས་པོ)་ཐམས་ཅད་ཀྱི་གནས་སྐབས་ཀྱི་རང་བཞིན་ཏེ། སྔར་ཁོང་དུ་ཆུད་པའི་ཆོས་ཕྱི་མར་རྗེས་སུ ་འཇུག་གོ་།ཞེས་པ་ནི་རིགས་པའོ། །འགའ་ཞིག་ནི་ཐུན་མོང་མ་ཡིན་པ་སྟེ་ཡང་དག་པར་སྤོང་བ་ལ་སོགས་པ་(འདུན་ལྡན་ན་མེད་ཀྱི་བསམ་གཏན་ན་ཡོད་ཅེས་པས།)་སེམས་བསྐྱེད་པའི་གནས་(དྲན་པ་ཉེར་གཞག་ལྟ་བུ་དེ་གེགས་མེད་མ་རྒྱུན་གྱི།)་སྐབས ་ཀྱི་ཁྱད་པར་རོ། །གང་གི་ཚེ་གདུལ་བྱའི་དོར་(ལེའུ་གཉིས་པར)་ཇི་སྐད་བཤད་པའི་ལྡོག་པ་ཐ་དད་བ་ལས་སྟོང་པ་ཉིད་རྣམ་པ་ཉི་ཤུ་སེམས་བསྐྱེད་པའི་གནས་སྐབས་ཀྱི་ཁྱད་པར་རྣམས་ལ་རྣམ་པར་གཞག་པ་(སྟོང་པ་ཉིད)་དེའི་ཚེ ་དེའང་ཐུན་མོང་མ་ཡིན་པ་ཡིན་པ་སྟེ། དེ་ལྟར་ནི་ནང་དང་ཕྱི་དང་ཕྱི་ནང་སྟོང་པ་ཉིད་ནི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ཏེ་མོས་པས་སྤྱོད་པའི་ས་ལའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་(མོས་པས་སྤྱོད་པའི)་ས་དེའི་གནས ་སྐབས་ཀྱི་ཁྱད་པར་བར་ཆད་མེད་པ་སྦྱོར་བའི་ལམ་ལའོ། །ཆེན་པོ་སྟོང་པ་ཉིད་ནི་(ཆོས་དབྱིངས)་ཀུན་དུ་འགྲོ་བའི་དོན་(དུ་རྟོགས་ཏེ་རང་གཞན་མཉམ་པ་ཉིད)་གྱིས་ས་དང་པོ་ལའོ། །དོན་དམ་པ་སྟོང་པ་ཉིད་ནི་(ཆོས་དབྱིངས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱང ་བས་བསྒྲུབས་ན།)་མཆོག་(སངས་རྒྱས)་གི་དོན་(དུ་རྟོགས་པ)་གྱི་གཉིས་པ་ལའོ། །འདུས་བྱས་(ཁམས་གསུམ)་སྟོང་པ་ཉིད་ནི་(ཁམས་གསུམ་པ་གཉེན་པོར་བསྒྱུར་བར་ནུས་པས་ན།)་རྒྱུ་མཐུན་པའི་དོན་(གསུང་རབ་འབྱུང་བྱེད་དུ་རྟོགས་པ་ཉིད།) ་གྱིས་གསུམ་པ་ལའོ། །འདུས་མ་བྱས་སྟོང་པ་ཉིད་ནི་(ཆོས་དབྱིངས་སུ་ཡིས་ཀྱང་འདི་ཡིས་ཀྱང་ཅི་ཡང།)་ཡོངས་སུ་འཛིན་པ་མེད་པའི་དོན་གྱི་བཞི་པ་ལའོ། (།རྟག་ཆད་ཀྱི)་མཛའ་ལས་འདས་པ་སྟོང་པ་ཉིད ་ནི་(ཆོས་དབྱིངས་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་དག་གི།)་རྒྱུད་ཐ་དད་མེད་པའི་དོན་(དུ་རྟོགས་པ་ཉིད)་གྱིས་ལྔ་པ་ལའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་(དུ་རྟོགས་པ་ཉིད)་པ་ཉིད་ནི་(ཆོས་དབྱིངས)་ཀུན་ནས་ཉོན་མོངས་པ་(བློ་བུར་བ།) ་དང་རྣམ་པར་བྱང་བ་(ར་འགྱུར་བ།)་མེད་པའི་དོན་(དུ་རྟོགས་པ་ཉིད)་གྱིས་དྲུག་པ་ལའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་(ཆོས་དབྱིངས་མོད་ལ་སོགས་པའི་ཆོས་ཀྱི་མཚན་མ)་སྣ་ཚོགས་པ་ཉིད་མེད་པའི་དོན་(དུ་རྟོགས་པ་ཉིད)་གྱིས་བདུན་པ ་ལའོ། །རང་བཞིན་སྟོང་པ་ཉིད་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་པར་འགྱུར་བ་མི་བསྟེན་པའི་ཕྱིར་དང་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་གཉིས་ནི་(ཆོས་དབྱིངས་རང་བཞིན་གྱིས་དག་པའི་དྲི་མ་དང་དྲི་མ་ལས་ཁྱད་པར་མེད་པས།)་འགྲིབ་པ ་མེད་ཅིང་འཕེལ་བ་མེད་པའི་དོན་གྱིས་ངང་རྣམ་པར་མི་རྟོག་པ་དང་ཞིང་ཡོངས་སུ་དག་པ་ལ་དབང་བ་ཉིད་གཉིས་ཀྱིས་རྟེན་(དུ་རྟོགས་པ)་ཉིད་ཀྱིས་ནི་འབྲས་བུའི་ས་ཉིད་ཀྱི་ཕྱིར་སོ་སོར་རྟོག་པ་དང་ཡོངས་སུ་སྦྱོང་བའི་དབྱེ ་བས་བརྒྱད་བ་ལའོ། །མཚན་(དུ?་རྟོགས་བ་ཉིད)་ཉིད་སྟོང་པ་ཉིད་དང་མི་དམིགས་པ་སྟོང་པ་ཉིད་དག་ནི་(སོ་སོ་ཡང་དག་པར་རིག་པའི)་ཡེ་ཤེས་ལ་དབང་བའི་རྟེན་ཉིད་ཀྱིས་དེ་བཞིན་ཁོ་ནར་དགུ་པ་ལའོ། །དངོས་པོ་མེད ་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ་སྟོང་པ་ཉིད་དག་ལས་(ཆོས་དབྱིངས་སྟོང་པ་ཉིད)་ལ་དབང་བའི་རྟེན་(དུ་རྟོགས་པ)་ཉིད་ཀྱིས་དེ་བཞིན་ཁོ་ནར་(ཏེ་སོ་སོར་རྟོགས་པ་དང་ཡོངས་སུ་སྦྱོང་བའི་དབྱེ་པས།)་བཅུ་པ་ལ་སྟེ། བཅུ་བཞི་པ ་ལ་སོགས་པ་སེམས་བསྐྱེད་པ་བདུན་གྱི་རང་གི་ངོ་བོ་ལའོ། །དངོས་པོ་མེད་པ་སྟོང་པ་ཉིད་དང་རང་གི་ངོ་བོ་སྟོང་པ་ཉིད་དང་ཕ་རོལ་གྱི་ངོ་བོ་སྟོང་པ་ཉིད་ནི་གོ་རིམ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤོང་བའི་རྟེན ་ཉིད་ཀྱིས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤོང་བའི་རྟེན་ཉིད་ཀྱིས་དང་རང་བྱུང་ཉིད་ཀྱི་དོན་ཉིད་ཀྱིས་སངས་རྒྱས་ཀྱི་ས་ལ་སྟེ་སེམས་བསྐྱེད་པ་(ཕྱི་མ)་གཉིས་ཀྱིས་རང་བཞིན་ཉིད་ལའོ། །དེ་ལ་སེམས་བསྐྱེད་པ ་དང་པོ་ནི་(འདུན་ལྡན)་ཕྱི་མ་རྣམས་ཀྱི་རྒྱུ་ཁོ་ནའོ། །ཐ་(བགྲོད་པ་གཅིག་པ་དང)་མ་གཉིས་ནི་སྔ་མ་རྣམས་ཀྱི་འབྲས་བུ་ཁོ་ནའོ། །གཉིས་པ་ནི་ཕྱི་མ་རྣམས་ཀྱི་རྒྱུ་དང་སྔ་མའི་(འདུན་པ་དང་མཚུངས་པར་ལྡན་པ)་འབྲས་བུ་སྟེ། དེ ་བཞིན་དུ་བསམ་པ་ལ་སོགས་པ་(བར་གྱི)་བཅུ་དགུ་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོའོ། །འདུན་པའི་སྔ་རོལ་གྱི་སེམས་སྲིད་པ་ཐོག་མ་མེད་པ་ནས་བྱུང་བ་ཉེ་བར་ལེན་པ་(རྒྱུ)་དང་ཉེ་བར་བླང་བྱ་(འབྲས་བུ)་ཉིད ་ཀྱིས་རྒྱུན་དུ་ཡང་གྱུར་པ་རྣམས་ནི་རྣམ་པ་འདི་ལྟ་བུའི་(སྟེ་རྣམ་བྱང་གི)་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ནོ་ཞེས་པ་མུ་བཞིའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་རིགས་ཀྱི་གནས་སྐབས་ནའང་དེ་རྣམས་ལ་ཐུགས ་བརྩེ་བས་(འབྲས་བུ)་དེའི་དོན་དུ་ཆེད་དུ་བྱ་བ་དམིགས་པ་དང་བཅས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བདག་ཉིད་ཁོ་ནའི་ཚོགས་ཐམས་ཅད་སོགས་པར་བྱེད་པ་ལ་འཇུག་གོ་།རིགས་འདི་ནི་ཅི་དམིགས་པ་ནི་ཅི། ཆེད་དུ་བྱ ་བ་ནི་ཅི་ཞེ་ན། བརྗོད་པར་བྱ་སྟེ་(ཉི་ཁྲི་སྣང་བར)་ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་མཚན་ཉིད་ཅན་ཁོ་ན་འཕགས་པའི་ཆོས་ཀྱི་རྒྱུ་ཉིད་ཀྱི་ཕྱིར། རང་བཞིན་དུ་གནས་པའི་རིགས་དང་གཞི་དང་(ཉེ་བར) ་རྟོན་པ་དང་རྒྱུ་དང་རྟེན་དང་ཉེ་བར་གནས་པ་དང་སྔོན་དུ་འགྲོ་བ་དང་གནས་དང་ས་བོན་དང་ཁམས་དང་རང་བཞིན་ཞེས་པའི་རྣམ་གྲངས་རྣམས་ཀྱིས་བརྗོད་དོ། །དེ་ལྟར་ནི་གང་རང་བཞིན་གྱིས་རྣམ་པར་དག་པ ་གློ་བུར་གྱི་དྲི་མ་རྣམས་ཀྱིས་མི་སྣང་བར་བྱས་པའི་རིགས་དེ་ཉིད་ཕྱིས་(ཉོན་མོངས་གོམས་དང་གྲོགས་ངན་དང། །ཕོངས་དང་གཞན་གྱི་དབང་ཉིད་དེ། །ཞེས་པའི་གེགས་མེད་པས།)་དྲི་མ་མ་ལུས་པ་དང་བྲལ་བ་ལས་གསལ་བར་གྱུར་པ་ཉིད་དེ ་ནི་(མདོ་སྡེ་རྒྱན་དུ་གསེར་གྱི་རིགས་གཞིན་ཤེས་བྱ་སྟེ་ཞེས་པ།)་རྡོ་རྣམས་ལ་ལྕགས་དང་ཟངས་དང་དངུལ་དང་གསེར་གྱི་རིགས་དང་(སྔར་མི་གསལ་བ་བཞུ་བཏུལ་བྱས་པ་དང)་འདྲའོ། །ཆོས་ཉིད་བདག་ཉིད་ཀྱི་རིགས་(སེམས་ཅན་གྱི་སེམས་རྒྱུད་སྟོང་པ་ཉིད་དུ་གནས་པ།) ་འདི་ཁོ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པར་(མདོ་སྡེར)་གསུངས་སོ། །རང་བཞིན་གྱི་རིགས་དེ་ཡོད་པ་ཉིད་ནའང་སྲོག་ཆགས་རྣམས་མ་རིག་པ་ལ་སོགས་པའི་གློ་བུར་གྱི་དྲི་མས་གཡོགས་པར་གྱུར་པ་ཇི་སྲིད་པར ་རྫོགས་པའི་སངས་རྒྱས་མ་ཡིན་ནོ། (།ལམ་གོམས་པས)་རྣམ་པར་རྟོག་པའི་དྲི་མ་མ་ལུས་པ་དང་བྲལ་བ་ལས་ནི་ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་(བློ་བུར་གྱི་དྲི་མ་དང་བྲལ་བས།)་གསལ་བར་གྱུར་པའི་བྱང་ཆུབ་ཡང་དག་པར ་འགྲུབ་པོ། (།ཆོས་དབྱིངས་ཡོད་ཙམ་གྱིས་སངས་རྒྱས་མི་འགྲུབ་པ)་དེ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་པ་(ཉེས་པ་བཞི་དང་བྲལ་ཞིང་སད་པ)་ནི་རིགས་(ཡིན)་ཏེ། བྱང་ཆུབ་སེམས་དཔའ་ཨི་སྒྲ་འཇུག་པའི་རྒྱུ་མཚན་(རིགས་ཏེ)་སེམས་བསྐྱེད་པ་ཉི ་ཤུ་རྩ་གཉིས་པོ་རྣམས་དང་(སེམས་བསྐྱེད)་དེའི་ཁྱད་པར་འདུན་པ་ནས་བརྩམས་པའི་གོ་ཆའི་སྒྲུབ་པ་ལ་སོགས་པ་རྣམས་ཀྱི་བཞིའོ། །དེ་སྐད་དཱུང་རྟོགས་པ་(དྲོང་སོགས་མཐོང་སྒོམ)་ཡི་ནི་ཆོས་དྲུག་(གི་རྟེན)་དང། །གཉེན་པོ་དང ་ནི་(མི་མཐུན་ཕྱོགས)་སྤོང་བ་དང། །དེ་དག་ཡོངས་སུ་གཏུགས་བ་(ཱི)་དང། །ཤེས་རབ་སྙིང་བརྩེར་བཅས་པ་(ཱི)་དང། །སློབ་མ་ཐུན་མོང་མིན་ཉིད་(ཀྱི)་དང། །གཞན་གྱི་དོན་གྱི་གོ་རིམས་(ཀྱི)་དང། །ཡེ་ཤེས་བརྩོལ ་པ་མི་མངའ་བར། །འཇུག་(དག་གི)་པའི་རྟེན་ལ་རིགས་ཤེས་བྱ། །ཞེས་པ་ཚིག་ལེའུར་བྱས་པ་དག་གིས་དང་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་རྣམ་པར་བཤད་པ་འཕགས་པ་རྣམ་གྲོལ་སྡེའི་ཞབས་ཀྱིས་གསུངས་པ། གང་གི་ཕྱིར་སེམས ་བསྐྱེད་པ་ནས་བརྩམས་ཏེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཞི་རྣམས་ལ་དང། མཐོང་པའི་ལམ་ལ་དང་སྒོམ་པའི་ལམ་ལ་དེ་དང་དེར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་བ་བཅོམ་ལྡན་འདས་བརྗོད་པར ་བགྱི་སྟེ་ཞེས་པ་ལ་སོགས་པའོ། །གཉེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྤོང་བ་ནི་མི་མཐུན་པའི་ཕྱོགས་རྣམས་ཀྱི་(སྤོང་བ)་སྟེ། ཆོས་ཀྱི་དབྱིངས་(བློ་བུར་དྲི་མས་ཅི་རིགས་པར)་རྣམ་པར་དག་པའི་མཚན་ཉིད་དོ། །གཉེན་པོ ་དང་སྤོང་བ་དག་ཡོངས་སུ་གཏུགས་པ་ནི་མཐར་ཐུག་པར་འགྲོ་པ་སྟེ་གཉེན་པོ་མཆོག་ཏུ་བྱུང་བའི་(སྡེ་གྱུར་པ)་མཐར་ཐུག་པ་ཁོ་ན་དང་མི་མཐུན་པའི་ཕྱོགས་ཟད་པའི་མཐར་ཐུག་པའོ། (།སློབ་དཔོན)་སེང་གེ་བཟང་པོས་(ངག་ལྡན་དུ།) ་ཡོངས་སུ་གཏུགས་པ་ནི་(གཉེན་པོ་དང་སྤོང་བ)་དེ་དག་སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་སྤངས་པའོ་ཞེས་སོ། །འོ་ན་འདི་ནི་རང་བཞིན་དུ་གནས་པའི་རིགས་ཐོག་མ་(ཞེས་སོ)་མེད་པའི་དུས་ནས་འོངས་པ་ཆོས་ཉིད ་ཀྱིས་ཐོབ་པའོ། །འདི་ནི་ཡང་དག་པར་བླངས་པ་ལས་བྱུང་བ་སྔོན་གྱི་དགེ་བའི་རྩ་བ་གོམས་པས་ཐོབ་པའོ། །འདི་ནི་དུས་རེ་ཞིག་ངེས་པ་(མཐར་ཐུག་མ་ངེས་པ)་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་སོ། །འདི་ནི་རྟག་ཏུ་ངེས་པ་དེ ་བཞིན་གཤེགས་པའི་རིགས་སོ། །འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་མ་ངེས་པ་སྟེ་རྐྱེན་གྱིས་འཕྲོགས་པའི་ཕྱིར་རོ་ཞེས་རིགས་ཐ་དད་མི་རིགས་ཏེ། བཅོམ་ལྡན ་འདས་ཀྱིས་ཀྱང་གསུངས་པ། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་གཅིག་དང་དེ་བཞིན་ཉིད་གཅིག་དང་ཡང་དག་པའི་(རེ་ཤིག)་མཛའ་གཅིག་པོ་དེ་ཇི་ལྟར་སྣོད་དང་སྣོད་མ་ཡིན་པར་གདགས་(ཏེ་གདགས་པ་མི་འཐད་དོ།)་ཤེས ་སོ་ཞེ་ན། དེ་ལྟ་བུ་འདི་ནི་བདེན་ཏེ་དེ་ལྟ་ནའང་བརྟེན་པ་(བྱ་བ)་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ཐ་དད་པའི་ཕྱིར་ཉན་ཐོས་(དང་རང་སངས་རྒྱས)་ལ་སོགས་པའི་རིགས་ཐ་དད་དུ་ཐ་སྙད་དུ་བྱ་སྟེ། དཔེར་ན་ནམ་མཁའ་ལ་ཐ་དད ་པ་མེད་ཀྱང། ལམ་ཅན་ཐ་དད་པ་ལ་ཆག་པའི་ལམ་དང་བྱའི་ལམ་དང་ཉི་མའི་ལམ་ཞེས་པ་བཞིན་ཏེ། གང་གི་ཕྱིར་གང་ཉན་ཐོས་ལ་སོགས་པའི་(རང་སངས་རྒྱས)་བྱང་ཆུབ་རྟོགས་པ་སྔོན་མ་ཅན་བྱང་ཆུབ་ཆེན་པོ་རྟོགས་པ ་དེ་རྣམས་རེ་ཞིག་པའི་དུས་ཅན་དུ་བསྟན་པས་ཉན་ཐོས་ལ་སོགས་པའི་(རང་སངས་རྒྱས་ཀྱི)་རིགས་ཅན་དུ་བསྟན་ཏོ། །དང་པོ་ནས་(བྱང་ཆུབ་གཞན་ལ་མ་སྟོས་བ)་རབ་ཏུ་དགའ་བ་ལ་སོགས་པའི་ས་རྟོགས་ནས་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ ་བསྟེན་པ་རྣམས་ནི་ཐེག་པ་ཆེན་པོའི་རིགས་ཅན་ནོ་ཞེས་ཐ་སྙད་ལས་རིགས་ཐ་དད་པ་མི་འགལ་ལ་དེ་ཁོ་ན་ཉིད་དུ་ནི་(རིགས་ཐ་དད)་མ་ཡིན་ནོ། །ཇི་སྐད་(རིགས་ཐ་མི་དད་པར)་གསུངས་པ། གང་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ནི ་འདུས་མ་བྱས་པ་སྟེ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སུ་མཚུངས་ལ་རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། །རིགས་དེ་ནི་ཆོས་ཐམས་ཅད་རོ་གཅིག་པ་ཉིད་ཀྱིས་རྟག་པ་སྟེ། རིགས་དེ་ནི་ཐམས་ཅད ་གྱི་ཚེ་ཆོས་ཉིད་ཡིན་པས་ཤེས་པ་ལ་སོགས་པའོ། །ངེས་པའི་ཚིག་ནི་(གོ་ཏྲ་ཞེས་པ་ཡི་གེ་བསྣན་པས)་འདི་ལས་ཡོན་ཏན་རྣམས་གོང་(ཽཏ་ཏ་རམ་དྲི)་དུ་སྒྲོལ་བར་བྱེད་ཀུན་ནས་སྐྱེ་བར་བྱེད་པས་(མདོ་སྡེ་རྒྱན་དུ་ཡོན་ཏན་སྒྲོལ་བའི་དོན་དུ་ཤེས་པར་བྱ་ཞེས།) ་རིགས་སོ། །ཡང་ན་འགྲོ་བས་ན་སེམས་ཅན་རྣམས་ནི་གོའོ། །དེ་རྣམས་(ཏྲ་ཡ་ཅེས་པ)་སྐྱོབ་པས་རིགས་སོ། །ཡང་ན་(དག་ལྡན་དུ)་འདིར་(གོའི་བྱིངས)་ག་མི་ནི་གནས་པ་ལ་འཇུག་སྟེ། དཔེར་ན་ནམ་མཁའ་ཐམས་ཅད་དུ་སོང་བའོ ་ཞེས་པ་བཞིན་ཏེ། འགྲོའོ་གནས་སོ་ཞེས་པ་གོ་སྟེ། རྟེན་པའི་ཆོས་སོ། །དེ་སྐྱོབ་པར་བྱེད་མི་གཡོ་བའི་(ཞིང་མི་ཉམས་པ)་ཚུལ་གྱིས་འཛིན་པའི་ཕྱིར་རིགས་ཤེས་པ་སྟེ་བརྟེན་ནོ། །འོ་ན་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་ཅི་ལྟར ་སེམས་བསྐྱེད་རྣམས་ཀྱི་རྟེན་ཡིན་ཞེ་ན། དཔེར་ན་རང་བཞིན་མེད་པའི་ནམ་མཁའ་ཟླ་བ་དང་ཉི་མའི་འོད་རྣམས་ཀྱི་དང་མུན་པ་སེལ་བའི་(རྟེན་ཡིན་པ)་བཞིན་ནོ། །དམིགས་(ཞེས་སོ)་པ་(མི་དགེ་བ་སོགས)་ནི་སྤང་བར་བྱ་བ་ཉིད་དང་(དགེ་བ།) ་བླང་བར་བྱ་བ་ཉིད་དག་གིས་དམིགས་པར་(འཕགས་པ་ཀླུ་གྲུབ་ཀྱིས་རྩོད་པ་བཟློག་པར། གང་ལ་སྟོང་ཉིད་འདི་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །གང་ལ་སྟོང་ཉིད་མི་སྲིད་པ། །དེ་ལ་ཅིའང་སྲིད་མ་ཡིན། །ཞེས་པས།)་བྱ་བའོ་ཞེས་པས་སྒྲུབ་པའི་(བ)་ཡུལ་ལོ། (།དེ)་ཅི་ཞེ་ན་ཆོས ་རྣམས་ཐམས་ཅད་དོ། །དེ་ལ་མི་དགེ་བ་སྲོག་གཅོད་པ་ལ་སོགས་(ས་བཅུ)་རྣམས་དང། ལུང་དུ་མ་བསྟན་པ་ལུས་ཀྱི་ལས་ལ་སོགས་པ་རྣམས་ནི་སྤང་བར་བྱའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བ་སྦྱིན་པ ་ལ་སྲོགས་པ་(དང་སྲོག་གཅོད་སྤོང་བ་སོགས)་རྣམས་ནི་བླང་བར་བྱའོ། །དེ་ལྟར་བྱས་ན་རང་བཞིན་གཙོ་བོ་རིགས་ཡིན་ལ་རྣམ་འགྱུར་གཙོ་བོ་དམིགས་པ་སྟེ་(རིགས་དང་དམིགས་པ)་གཉི་གར་ཡང་(རང་བཞིན་རྣམ་འགྱུར)་གཉི་ག་མ་བཀག་གོ་ ་ཞེས་པས་རྟེན་(རིགས)་དང་དམིགས་པ་དག་གིས་མཚན་ཉིད་ཀྱི་དབྱེ་བ་དང་(ཆོས་དབྱིངས་ཁོ་ན་དམིགས་པ་ཡིན་ན་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་མི་འཐད་ཅིང་འདིར།)་དམིགས་པ་དག་པར་(ཱི་མཐར་ཐུགས)་འགྲོ་བའང ་འཐད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རབ་འབྱོར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་མ་ཆགས་པ་ཉིད་དང། ཡོད་པར་གྱུར་པ་ཡིན་པ་ཉིད་ལ་བསླབ་པར་བྱའོ་ཞེས་སོ། །རང་བཞིན་(ཆོས་ཐམས་ཅད་སྟོང་པ་ཉིད།) ་དང་འབྲེལ་བའི་རྣམ་འགྱུར་(ཆགས་པ་ལ་སོགས་པ།)་དམིགས་པ་སྟེ་རྣམ་འགྱུར་ཙམ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་(སྟོང་པ་ཉིད)་གཙོ་བོ་དགོས་པ་དམིགས་པར་དགོངས་ནས། རབ་འབྱོར་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ་ཞེས་གསུངས་སོ། (།རྣམ་པ་ཀུན་མཁྱེན)་འདི་ཡི་(ཞེས་སོ)་དམིགས་པ་དངོས་མེད་དེ། །བདག་པོ་(ཱི་རྐྱེན)་དྲན་པ་ཡིན་པར་བཞེང། །རྣམ་པ་བཞི་ཉིད་ཅེས་ཀྱང་ངོ།། ་འདིར་དངོས་པོ་མེད་པ་ནི་ཆོས་ཐམས་ཅད་ཀྱིའོ། །བདག་པོའི་རྐྱེན་ནི་དྲན་པ་སྟེ་(དྲན་པ)་དེ་འདིའི་རྟེན་ཉིད་ཡིན་པའི་ཕྱིར་རོ། །ཞི་བ་ཉིད་ནི་རང་བཞིན་གྱིས་ཞི་བ་སྟེ། དངོས་པོ་ལ་འགགས་པའི་ཞི་བ་ཉིད་ནི་མ་ཡིན་ནོ། །ཅི ་ལྟར་རང་བཞིན་དགོས་པ་ཡིན་ཞེ་ན། །གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་མེད་པ་ཉིད་(ཅེས་པས་རང་བཞིན་ཏེ།)་གསལ་པོར་འགྱུར་བ་བསྟེན་པ་སྒོམ་པའི་དོན་དུ་ཉེ་བར་སྦྱོར་བས་(དེ་དགོས་པའོ)་སོ། །འོན་རང་བཞིན ་མེད་པ་ཞེས་པ་ནི་དངོས་པོ་(ཱམ་གཞི)་ཅུང་ཟད་མེད་པ་ཡིན་ལ། དངོས་པོ་མེད་པ་(ཱམ་གཞི་མེད་པ་ཉིད)་ཉིད་ནའང་དམིགས་སུ་མེད་པའོ་(དམིགས་པ་མི་འཐད་པ)་ཞེ་ན། (དམིགས་པ་མེད་པ)་བདེན་ཏེ་(འདིའི་དམིགས་པ)་དངོས་པོ་མེད་པ་ཞེས ་པ་ནི་དངོས་པོར་དམིགས་པར་མི་འགྱུར་རོ་(ཞེས་རྣམ་གཅོད་ཙམ་ཡིན་གྱི་ཡོངས་གཅོད་མིན།)་ཞེས་དགོངས་པའི་ཕྱིར་ཏེ། དངོས་པོ་མེད་པ་ནི་གཉིས་མེད་དག་གོ་།རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་མེད་པ་ནི་དངོས་པོ་མེད་པའོ ་ཞེས་གསུངས་པའི་ཕྱིར་རོ། །དེ་དབུ་མར་(རྩ་ཤེ)་གསུངས་པ། (།རང་དངོས་སོགས་བཞི་ལ་མངོན་པར་ཞེན་པས་བློ་གྲོས་ཀྱི་མིག་ཉམས་པ།)་གང་རྣམས་རང་(ཡིན་གྱི་མ་ཡིན་དགག་ནི་མིན་ནོ།།)་དངོས་གཞན་དངོས་དང། །དངོས་(པོ)་དངོས་(པོ) ་མེད་(བ)་ཉིད་(དུ་དེ་ཁོ་ན་ཉིད་དུ)་ལྟ་བ། །དེ་རྣམས་སངས་རྒྱས་བསྟན་པ་(དབང་དུ་བཞག)་ལ། །དེ་ཁོ་ན་ཉིད་མཐོང་བ་མིན་(བདེན་དངོས་སུ་གྲུབ་བ)་ཞེས་པ་དང། (།རིན་ཆེན་ཕྲེང་བའི་ལེའུ་དང་པོར)་དངོས་དང་དངོས་མེད་(དེ་བཞིན)་མཆོག་འཛིན་པ ་ཟད་པ་མྱ་ངན་འདས་པར་བརྗོད། ཅེས་སོ། (།དེས་ན)་དོན་དམ་པར་ནི་(ལམ)་དམིགས་པར་བྱ་བ་དང་(བྱེད་པ་པོ)་དམིགས་པར་བྱེད་པ་དང་(བྱེད་པ)་དམིགས་པའི་སྤྲོས་པ་འགའ་ཡང་མེད་དེ། དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས ་ཀྱི་རང་བཞིན་དམིགས་པ་མེད་པ་ཁོ་ན་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཟབ་མོར་སྔར་བརྗོད་ཟིན་ཏོ། །འཕགས་པ་བྱམས་པས་ཀྱང་གསུངས་པ། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ ་དེ་ནི་(བདེན་དངོས་སུ་གྲུབ་པོ་ཞེས།)་སྒྲོ་འདོགས་དང། །སྐུར་(དངོས་པོ་མེད་ཅེས)་པའི་མཛའ་ལས་གྲོལ་བ་ཉིད། །ཅེས་སོ། །འཕགས་པ་ཞི་བའི་ལྟས་ཀྱང་གསུངས་པ། སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི ་བག་ཆགས་སྤོང་བར་བྱེད། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་(དངོས་པོ་དངོས་མེད་གཉིས་ལས)་གཞན ་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི་ཞེས་སོ། །འཕགས་པ་རྣམ་གྲོལ་སྡེས་ཀྱང། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཅི་དམིགས་ཤེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུའོ། ། ་འོ་ན་དམིགས་པར་བྱ་བ་སྟོང་པ་ཉིད་འདི་ནི་མོ་གཤམ་གྱི་བུ་བཞིན་དུ་མེད་པ་(སྟེ་དེ་ལྟར)་ཡིན་པའི་ཕྱིར་(ཉི་སྣང་བར་ཡེ་ཤེས་ཀྱི་ཚོགས་ཀྱི་སྐབས་སུ)་ཆོས་(ཆོས་ཀུན་མེད་པར་བྱེད་པ་སྟོང་ཉིད་ཡིན་བ་ལ་དེ་མ་གྲུབ་པས།)་ཐམས་ཅད་(བདེན་པ་དང། དམིགས་པ) ་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་གང་གི་ཕྱིར་(ལྷས་བྱིན)་གསོད་པ་པོ་བསད་ན་ལྷས་བྱིན་སླར་འབྱུང་བར་འབྱུང་བར་འགྱུར་པ་མ་ཡིན་ནོ་ཞེས་སོ། །དེ་ལྟར་ན་ཅི་ལྟར་དམིགས་པར་བརྗོད་ཅེ་ན། ཀུན་རྫོབ་ཏུའོ། །དེ ་ལྟར་ནི་སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོའི་ཚོགས་རྣམས་སྟོང་པ་ཁོ་ན་སྟེ་གཞན་དང་མ་འདྲེས་པའི་ཁྱད་པར། (པ་ལྟར་སྒྲོ་འདོགས་པའི་མཛའ་དངོས་པོའི་ཚོགས་ལྷས་བྱིན་ལྟ་བུ་དེའི་གསོད་བ་ལྟ་བུ་སྐུར་བ་འདེབས་པའི་མཛའ་སྟོང་ཉིད་དེ་སྟོང་པ་ཉིད་ཀྱིས་བསད་ཀྱང་དངོས་པོའི་ཚོགས་སླར ་མི་འབྱུང།)་ཁྱད་(ཡིན་ཞིང་དེའང་ལེའུ་གཉིས་པའི་འཇུག་འབྲེལ་དུ་བཤད་པ་ལྟར)་པར་གཞན་བསལ་བས་བརྗོད་པར་བྱའོ། །དེ་བཞིན་དུ་ཡང་སྟོང་པ་ཉིད་སྒོམ་པ་ཞེས་པའང་དངོས་པོའི་ཚོགས་སྟོང་པར་སྒོམ་པ་ཞེས་པ་ཁོ་ནའི་དོན་ཏོ། ། ་འོ་ན་(དངོས་པོའི་ཚོགས་ཐམས་ཅད་སྟོང་ཞིང་དམིགས་པ་ཡིན་པ།)་དེ་ལྟར་ན་སྒོམ་པར་བྱ་བའི་ཆོས་ཐམས་ཅད་(དངོས་པོར་གྲུབ་ཅིང)་དམིགས་པར་འགྱུར་ལ་(དེ་ལྟར་ཡིན་ན་འདིའི་དམིགས་པ་དངོས་མེད་དེ་ཞེས་སོ།)་དངོས་པོ་མེད་པའི་དམིགས་པའོ་ཞེས ་པ་དེ་ཉེས་པའོ། །ཅི་སྟེ་ཆོས་ཉིད་(དེ་ཆོས་ཅན་རྣམས)་དང་ཐ་དད་པ་མེད་ཀྱང་ཐ་དད་པ་བཞིན་རེ་ཞིག་སྣང་བ་དེ་ལྟ་ནའང་ལྷག་པར་ཞེན་པ་ལས་ཆོས་སུ་གྱུར་(ཱི་ཆོས་ཉིད་སྟོང་པ་ཉིད)་ཁོ་ན་བསྒོམ་པར་བྱའོ་(བས་ན་དམིགས་པ་དངོས ་མེད་དེ་ཞེས་པ་འཐད་?)་ཞེས་བ་ནི་ཉེས་པ་དེ་ལས་མི་གྲོལ་ཏེ་མ་(ཆོས་ཉིད་དེ་ཆོས་ཅན་དང)་འབྲེལ་བར་གནས་པ་ཉིད་ཀྱིས་སྒོམ་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་(ཆོས)་དངོས་པོ་སྐྱེས་པ་འདི་(ཱི་ཆོས་ཉིད)་རང་བཞིན ་མེད་པའི་ཞེས་པའི་རྣམ་པ་འདི་ཁོ་ན་སྒོམ་པ་ལས། དེ་ཅི་ལྟར་ཆོས་(དེ་ཆོས་ཅན)་ཀྱི་དེ་ཁོ་ན་ཉིད་(ཆོས་ཉིད)་སྒོམ་པའི་ཕྱོགས་ལ་ཆོས་(དེ་ཆོས་ཅན)་ཀྱི་འདུས་ཏེ་རིག་པ་ཡོངས་སུ་སྤོང། །ཡོངས་སུ་སྤོང་ནའང་ཆོས ་གཞན་སྒོམ་པ་ཁོ་ནར་འགྱུར་གྱི་(ཆོས་དེའི།)་ཆོས་ཉིད་སྒོམ་པ་མ་ཡིན་ནོ་ཞེ་ན། བདེན་ཏེ་གལ་ཏེ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་(དེ་ཆོས་ཉིད)་བསྒོམ་པས་ཀྱང་ཆོས་(དེ་ཆོས་ཅན།)་སྤྱིར་(དེ་ནི་?་འཕངས?། ཆོས་ཉིད་སྒོམ་པ་དེ་ཆོས་ཅན་དེ་ལ) ་པ་(ས་ཆོས་གཞན་སྒོམ་པར་མི་འགྱུར་གྱི)་དེ་ལྟ་ལྟ་ནའང་ཡང་ཁོ་ན་ཉིད་(ཆོས་ཉིད)་ཙམ་ལ་ཆེད་དུ་གཏང་ནས་གནས་(པའམ་སྒོམ་པ་མཐར་ཐུག་བས་དམིགས་པ་དངོས་མེད་ཅེས་པ་འཐད།)་ཏེ་དེ་ཁོ་ན་ཉིད་སྒོམ་པ་ཁོ་ན་གསལ་བར་གྱུར་པས་འཁོར ་བའི་(སྙིང་པོ་མེད་པ་འམ)་ངན་འགྲོ་འབྱིན་པས་སོ། །གང་གི་ཕྱིར་(ཆོས་ཅན)་འདོད་ལྡན་མའི་ལུས་མཆོག་ཏུ་བསྒོམ་པས་མངོན་དུ་བྱས་ན་འདོད་ཆགས་ཟུམ་པར་འགྱུར་བ་འམ། (ཆོས་ཅན)་དགྲ་བོའི་(སྒོམ་པ་མངོན་དུ་བྱས་པ)་ལུས ་ཀྱིས་ཞེ་སྡང་འཛུམས་པ་འམ་གཉིས་ཀར་སེམས་པ་མེད་པས་གཏི་མུག་འབྲི་བ་མེད་དེ་འོན་ཀྱང་(ཆོས་ཉིད་སྒོམ་པས་མངོན་དུ་བྱས་ན།)་རང་བཞིན་མེད་པ་ཉིད་ཁོ་ནར་(དྲུག་གསུམ་འབྲི)་རོ། །དེ་ཉིད་ཀྱི་ཕྱིར་(ཆོས་ཉིད)་དེ་ཁོ་ན་ལ ་ཆེད་དུ་གཏང་བས་དེ་ཁོ་ན་གསལ་བ་ཉིད་སྨན་དུ་འགྱུར་གྱི་ཆོས་(ཏ་ཆོས་ཅན)་རྣམས་བསྒོམས་པས་ནི་མ་ཡིན་ནོ། །འོ་ན་(ཆོས་ཉིད)་དེ་ལ་ཆེད་དུ་གཏང་ནའང་ཆོས་ཉིད་ཁོ་ན་གསལ་བར་འགྱུར་གྱི་ཆོས་(གསལ་བར་འགྱུར)་སམ ་ཡིན་ཞེས་པའི་འཐད་པ་ཅི་སྟེ། བསྒོམ་པས་(ཆོས་ཅན་དང་ཆོས་སམ་ཆོས་དང་ཆོས་ཉིད)་གཉིས་ཀ་ཡང་དབང་དུ་བྱེད་པའི་ཕྱིར་ཏེ་ཆོས་(ཏེ་ཆོས་ཅན)་ལ་མ་རེག་པར་ཆོས་ཉིད་ཙམ་གསལ་བར་འགྱུར་བ་ཅི་འདྲ ་བ་ཡིན་ཞེ་ན། སྐྱོན་འདི་མེད་དེ། ཆོས་(ཏེ་ཆོས་ཅན)་གསལ་བར་འགྱུར་བ་ལ་མ་རེག་(མ་ལྟོས)་པར་ཡང་ཆོས་ཉིད་ཙམ་གསལ་བར་འགྱུར་བ་མཐོང་བའི་ཕྱིར་ཏེ། ཆོས་ཉེ་བ་ལ་མ་ལྟོས་པར་གསལ་བ་དང་གསལ་བྱེད་ཅེས ་མི་འགྱུར་བ་འབའ་ཞིག་གོ་།གསལ་བར་གྱུར་ཀྱང་(ཆོས་ཉིད)་དེ་དེའི་ཡུལ་དང་འདུས་པ་ན་རྩོལ་བ་ལ་མ་ལྟོས་པར་ཡུད་ཙམ་གྱིས་(ཆོས་ཉིད)་དེའི་ཤེས་པ་ལ་(ཆོས་ཉིད)་དེའི་རྣམ་པ་གསལ་དུ་ཟིན་ཀྱང་ཆོས་ཉེ་བ་ལ་ལྟོས་པ ་ནི་མ་ཉམས་ཏེ། (ཆོས་རེ)་ཆོས་ཉིད་ཀྱི་རང་བཞིན་གི་ངོ་བོ་ཁོ་ནའི་ཕྱིར་(ཆོས་ནིམ་པའི་ཆོས་ཉིད)་དགའ་བ་ཉིད་ལ་སོགས་པ་བཞིན་ནོ། །དེ་ལྟར་ནི་ནིམ་པའི་རོ་ལ་སོགས་པ་ལ་དགའ་བ་ཉིད་དུ་གོམས་པ་ནི་(བལ་བོའི་སྐྱེ་བོ་བཞིན་དུ་དགའ་བ་དེ།)་གསལ་བར ་གྱུར་པ་མཐོང་སྟེ། ནིམ་པ་ལ་སོགས་པའི་ཆོས་ཅན་གྱི་(དགའ་པ)་དེ་ཆོས་སོ་ཞེས་དེ་བསྒོམས་པས། ནིམ་པ་ལ་སོགས་པ་རང་སྐྱེ་བའི་ཡུལ་ལ་གནས་པའམ་ལྕེའི་རྩེ་མོར་སོན་པ་ལའང་ཇི་སྲིད་(ནིམ་པ་ཞིམ་པའོ་ཞེས།)་ཕྱིན་ཅི ་ལོག་ཏུ་བསྒོམ་པ་ལ་མངོན་པར་སྦྱོར་བ་ཕུལ་བྱུང་མེད་པའི་བར་དུ་གསལ་ཞིང་གསལ་བ་ཡོད་པ་མ་ཡིན་(གྱི་གོམས་པ་མཐར་ཐུག་པ་ན་ཡོད་དོ།།)་ནོ། གསལ་བར་གྱུར་པའི་དགའ་བ་ཉིད་ཀྱང་ནིམ་པ་ལ་སོགས་པ་ཉམས་སུ་མྱོང་བ་ལ་མ ་བལྟོས་པར་འབྲེལ་མེད་དུ་གནས་པ་ན་མི་དམིགས་ཀྱི། འོན་ཀྱང་གང་དང་གང་གི་ཚེ་ནིམ་པ་ལ་སོགས་པ་ཉམས་སུ་མྱོང་བ་དེའི་ཚེ་ཡུད་ཀྱིས་དགའ་བ་ཉིད་(ལྕེས)་ཉམས་སུ་མྱོང་བའི་ཡུལ་(ཡིན་ཏེ་དེའང་གལ་ཏེ)་སྔར་བཞིན་དུ ་ཡིད་འབྱུང་བ་འམ། གཉིས་ཀ་མ་ཡིན་པ་མེད་ནའོ་ཞེས་པ་འདི་ཁོ་ན་ཆོས་ཉིད་གསལ་བར་འགྱུར་བའི་དོན་ཏོ། །ཇི་ལྟར་བཟང་མོ་ལ་སོགས་པའི་ཆོས་གསལ་བར་གྱུར་ནའང་(ཆོས)་དེའི་ཆོས་ཉིད་(འདོད་བྱ་འམ་སྟོང་ཉིད་སོགས།) ་གསལ་བར་(མེད་པ)་འགྱུར་བ་མེད་པ་དེ་བཞིན་དུ་(ཆོས་དང་ཆོས་ཉིད)་གཉིས་ཀ་ཕན་ཚུན་མི་འཁྲུལ་ནའང་(ཆོས་ཉིད)་དེ་ཁོ་ན་ཉིད་སྒོམ་པས་ཀྱང་ཆོས་(ཏེ་ཆོས་ཅན)་གསལ་བར་འགྱུར་བ་མེད་དོ་ཞེས་པས་སྐྱོན་ཅི་འདྲ་ཞིག་ཡོད། ་ཇི་ལྟར་ཡང་དགའ་བ་ཉིད་ཅེས་པ་ནི་བདེ་བར་བྱེད་པ་ཉིད་དེ། དེ་ལ་(ཆང་ལྟ་བུའི)་ཡུལ་གང་ལ་(གང་ཟག)་གང་དགའ་བ་ཉིད་དུ་སྒོམ་པ་(ཱི་གང་ཟག)་དེའི་སེམས་ཀྱི་རྒྱུན་བསྒོམས་པས་འདུས་བྱས་པ་རྒྱུར་བྱས་ནས་ཡུལ་དེ་ལྷན ་ཅིག་བྱེད་པ་ཅན་གྱི་བདེ་བ་(ཆང་ལྟ་བུ་དེ་ཞིམ་ན)་གོམས་པ་ཁོ་ན་ལས་སྐྱེས་པ་དེ་བཞིན་དུ་སྙིང་རྗེ་ལ་སོགས་པའི་ཡིད་ལས་བྱུང་བ་རྣམས་ལའང་སྦྱར་བར་བྱ་སྟེ། (དགའ་བར)་སྡུག་བསྔལ་ཅན་གདོན་ནོ་ཞེས་པ་(ཆང་ལྟ་བུར)་ལ ་སྡུག་བསྔལ་ཅན་གདོན་པར་བསྒོམས་པ་ལས་གསལ་བར་འགྱུར་ཏེ། དེའི་ཡུལ་(སྡུག་ཅན)་དང་ཉེ་བ་ན་ཡུད་ཙམ་གྱིས་(གོམས་པ་པོ)་དེའི་ཤེས་པ་དེ་དང་རྗེས་སུ་མཐུན་པའི་སྒྲུབ་པ་རབ་ཏུ་བསྐྱེད་པའི་རྒྱུ་སྟེ་འབྲེལ་པ་ཅན ་ཁོ་ན་དང་དམ་ཉེ་བར་ཅིག་ཤོས་དང་ལྷན་ཅིག་གསལ་བ་ཉིད་ནི་མ་(རྣམ་འགྲེལ་དུ་སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི་བརྩེ་བ་སྐྱེ་བར་འགྱུར་བ་ཡིན།)་ཡིན་ནོ། །ཇི་སྐད་དུ་(བརྩེ་བ)་ཐམས་ཅད་མཁྱེན་པ་གྲུབ་པར་(ཱི?་ཀྲ་མ་ལ་ཤི་ལའི་དགེ་ཚུལ་པཎྜི་ཏ་ལྟ་བུ།) ་གསུངས་(ལྷན་ཅིག)་པ། བརྩེ་(མ་གོམས་པའམ་སྡུག་བསྔལ་ཅན་ཏེ་སྐྱེས་བུ་ཡིན་པ་ལྟ་བུ)་བ་ལ་སོགས་(བ་ཡུན་རིང་པོར་གོམས་པ)་རྟོགས་པ་ཕུལ་བྱུང་ཐོབ་པ་རྣམས་ནི་(བརྩེ་སོགས)་དེའི་སྤྱོད་ཡུལ་(སྡུག་བསྔལ་ཅན་སོགས།)་ཉེར་གནས་ན། འདི་ལྟར ་རྩོལ་ལ་བལྟོས་པ་མེད་པར་དེ་རྣམས་རང་གི་ངང་གིས་སོ་སོར་བདག་ཉིད་(མིག་ཕྱེ་བ་ལྟར)་གསལ་།ཅེས་སོ། །དེའི་ཕྱིར་རང་བཞིན་མེད་པའི་ཆོས་ཉིད་གོམས་པ་ཕུལ་དུ་བྱུང་བར་འགྲོ་ན་ཡང་ཇི་སྲིད་རྣལ ་འབྱོར་བས་ཉམས་སུ་མྱོང་བར་(རྩེ་སོགས)་བྱ་བ་དེ་སྲིད་དུ་རང་བཞིན་མེད་པའི་རང་གི་ངོ་(ཁྱོད་ཀྱིས་ཁོང་དུ་ཆུད་བྱ་མོས་པར་བྱ། །ཇི་ལྟར་ཇི་ལྟར་མང་དུ་མིས་བརྟག་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེ། བའི་ངང་ཚུལ་ཡིན།)་བོ་ནི་སོ ་སོ་སྐྱེ་བོ་(མངོན་སུམ་དུ)་ལ་སོགས་པས་མཐོང་བའི་མཚན་ཉིད་དང་བྲལ་བ་(ཆོས་ཉིད)་ཁོ་ནའོ། །དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་འཁྲུལ་པ་ལས་བྱུང་བ་འདོད་ཆགས་ལ་སོགས་པའི་དྲི་མས་འདིའི ་སེམས་མཚན་པ་མེད་པའོ་ཞེས་པ་འདི་ཙམ་(ཆོས་ཉིད)་དེའི་གསལ་བར་སྣང་བ་ཉིད་དོ། འདི་(གསལ་བར་སྣང་བའི་སྒོམ་པ་པོ། །བདེན་པ)་ཕྱིན་ཅི་(བདེན་པ)་ལོག་ཏུ་སྒོམ་པ་མི་སྲིད་དེ། གང་གི་ཕྱིར་རྟོག་(བརྟག་དཔྱད)་པ་(སྒོམ་པ་པོ།།) ་སྔོན་(དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་བ་གྱུར་ཞེས་ཏིང་ངེ་འཛིན་གྱི་རྒྱལ་པོར་བཀའ་སྩལ་ཏོ།།)་དུ་གཏོང་བ་རང་གི་དོན་ནམ་གཞན་གྱི་དོན་དུ་སྒོམ་པ་ལ་མངོན་པར་བརྩོན་པ་དེ་དེ་ཙམ་ཁོ་ན་ཉིད་དུ་དོན་བྱས་པར་གྱུར་པས་ངལ་བ་གཞན་(ལོག་པར་སྒོམ་པ།) ་ལ་ཅིས་ན་འཇུག་(ཏེ་མི་འཇུག)་ཅེས་པ་སྟེ། (འཇུག་པ་ལ)་དོན་མེད་པ་ཉིད་ཀྱི་ཕྱིར་དང་དོན་བྱེད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་བཟའ་བ་དང་(ཱི་དེ་ཁོ་ན་ཉིད་གསལ་བར་སྣང་བ)་སྨན་ལ་སོགས་པ་རྣམས་ལ་མངོན་པར་འདོད ་པ་དང་སྨིན་པ་ཐོབ་པ་ན་(བཟའ་བ་ངན་པ་དང་དུག་མི་དོད་པ)་བཞིན་ཏེ། ཇི་ལྟར་ཡང་འདིར་སྨིན་པ་(ལས)་གཞན་མངོན་པར་མི་འདོད་བ་སྲིད་ཀྱང། དེ་ཙམ་ཁོ་ན་སྨིན་པ་ཕུལ་དུ་བྱུང་བ་མཐར་ཐུག་པར་ཐ་སྙད་བྱེད་པ་དེ་བཞིན ་དུ་སྐབས་སུ་འང་ཞེས་པས་སྐྱོན་ཅི་ཡང་མེད་དོ། (།ཆོས་ཉིད་གསལ་བར་གྱུར་ན་ཕྱིན་ཅི་ལོག་ཏུ་མོ་འདོད་པའི་འཐད་པ།)་གཞན་ཡང་འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་(ལམ་ཡང་དག་པ་མཐར་ཐུག་པ།)་ལ་ནི་ཕྱིན་ཅི་ལོག་གིས། །འབད་པ་ལྡན ་ཡང་མི་གནོད་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ་ཞེས་རྣམ་འགྲེལ་དུ་གསུངས་པ་ཉིད་ཀྱི་སླར་ཡང་(མཐོང་ལམ་དུ)་དཔྱོད་བར་འགྱུར་རོ། (།ཅན)་དེ་ལྟར་མཉམ་པར་མ་གཞག་པའི་གནས་སྐབས་ན་ཀུན་རྫོབ་དང་དོན ་དམ་པའི་(སྤྲོས་པ་དང་བྲལ་བ)་བདེན་པའི་བདག་ཉིད་ཁོ་ནའི་ཆོས་རྣམས་དམིགས་པའོ། །མཉམ་པར་གཞག་པའི་གནས་སྐབས་ན་ནི་རྣམ་པར་རྟོག་པའི་སྤྲོས་པ་མཛའ་དག་ལྡོག་པ་ན་དམིགས་པ་ལ་སོགས་པ་ཅི་(སྣང་བ་ཙམ།) ་ཡང་མེད་དོ་ཞེས་གནས་སོ། །ཆེད་དུ་བྱ་བ་ནི། སྒྲུབ་པ་རྣམས་ཀྱི་(ཐམས་ཅད)་ཆེད་དུ་བྱ་བའོ་(ཐོབ་བྱའི་འབྲས་བུའོ་ཞེས་སོ)་ཞེས་ལས་སྒྲུབ་པ་ཉིད་ཡིན་པའི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ ་སྤངས་པ་(སྤོང་བ་ཆེན་པོ)་དང། སེམས་བསྐྱེད་(མེ་ཏོག་གི་ཆེད་དུ་སོ་ནམ་དང་མཁས་པར་འགྱུར་བའི་ཆེད་དུ་བྱས་ནས་ཐོས་པ་བྱེད་པ་བཞིན།)་པ་ཉི་ཤུ་རྩ་གཉིས་རྣམས་ལ་མ་ཆགས་པ་ཉིད་ཀྱིས་ཇི་སྲིད་དུ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་རྟོགས ་པའི་བར་ཏེ། གང་བཅོམ་ལྡན་འདས་མའི་རྣམ་པར་བཤད་པ་འཕགས་པས་(ལམ་ལྔ་ལམ་ཆགས་པ)་གསུངས་པ། དེ་ལ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ་ཞེས་པ་བརྡ་ལས་བྱུང་བའོ། །ཆོས་གང་གིའང་སྐྱེ་བ་འམ ་འགག་(རྟོག་བ་ཆེན་པོ)་པ་(མཐོང་བ)་མེད་ཅེས་པ་ནི་དྲོད་ཀྱི་དུས་སུ་སྔ་མ་དང་ཕྱི་མའི་གནས་སྐབས་དག་ལ་(རིམ་བཞིན)་འགག་པ་དང་སྐྱེ་བའི་ཚུལ་གྱིས་ཤེས་པ་ལ་སོགས་པ་དང་འཁོར་བ་པ་དང་(འབྲས་བུ་ལ)་ཞུགས་པ་(བཞི།) ་དང་འབྲས་བུ་ལ་གནས་པ་ལ་སོགས་པ་སེམས་ཅན་གྱི་ཕུང་པོ་མ་ལུས་པའི་མཆོག་ཉིད་ཀྱི་སོགས་ཀྱི་མཚན་ཉིད་(སེམས་ཆེན་པོ)་ཅེས་པ་གསུམ་མོ། །དེ་བཞིན་དུ་བསྟན་བཅོས་ཀྱང་སེམས ་ཅན་ཀུན་མཆོག་ཉིད་སེམས་དང། སྤོང་དང་རྟོག་པ་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི་།ཆེད་དུ་བྱ་བ་འདི་ཞེས་བྱ་ཞེས་སོ། །རང་ཉིད་སངས་རྒྱས་སུ་འབྱུང་བར་འགྱུར་བ་བྱང་ཆུབ་སེམས་དཔའ་(ལས)་རྣམས ་ཀྱིའོ། །དམིགས་པ་དང་ཆེད་དུ་བྱ་བའི་ཁྱད་པར་ནི་(རིམ་བཞིན)་མངའ་སྟོང་སྦྱོར་བ་དང་འབེན་ལ་ཕོག་པ་དང་ཆོས་མཚུངས་པར་ཤེས་པར་བྱ་བའོ། །དེའི་(སྒྲུབ་པར་བྱེད་པ)་ཚེ་པའི་བདག་ཉིད་ནི་དམིགས་པ་སྟེ། ་སྒྲུབ་པ་དང་དུས་མཉམ་པ་ཉིད་ཀྱིས་(སྒྲུབ་པ)་དེའི་ཡུལ་གྱི་དངོས་པོ་རྣམ་པར་གཞག་པའི་ཕྱིར་རོ། །ཆེད་དུ་བྱ་བ་ནི་ཆེ་གེ་མོ་པ་ཐག་རིང་བ་སྟེ་དེ་མི་འབྱུང་བ་(སྒྲུབ་པ)་དེའི་འབྲས་བུའི་གནས་སྐབས་ཀྱི་རང་བཞིན ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རིགས་དང་དམིགས་པ་དང་ཆེད་དུ་བྱ་བ་དང་ལྡན་པའི་(བྱང་ཆུབ་ཏུ)་སེམས་བསྐྱེད་པར་བྱེད་དོ། །སེམས་བསྐྱེད་པའི་དེའི་མཚན་ཉིད་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས་པ། བྱང་ཆུབ ་སེམས་དཔའ་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་བྱའོ། །གཞན་གྱི་དོན་བསྒྲུབ་པར་བྱའོ་ཞེས་(གཞན་དོན་འདོད་པ་སྟེ།)་དེ་ལྟར་དོན་དུ་གཉེར་རོ་ཞེས་སོ། །བསྟན ་བཅོས་སཱུང། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། (།ཏེ་ཆེད་དུ)་ཡང་དག་རྫོགས་པའི་བྱང་ཆུབ་འདོད་(ཞེས་བྱང་ཆུབ་འདོད་པ་དང། །པ་ཉིད)་ཅེས། །དེ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་(རྫོགས་པའི་བྱང་ཆུབ) ་དེ་དོན་དུ་གཉེར་བ་དགེ་བའི་ཆོས་འདུན་པ་སེམས་ལས་བྱུང་བ་ཡིན་མོད། (བྱང་ཆུབ་འདོད་པ་ཉིད)་དེ་ཡོད་ན་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ་ཞེས་བྱས་པས་རྒྱུ་ལ་(འདུན་པ)་འབྲས་བུ་(སེམས)་བཏགས་པ་སྟེ། དེ་ལྟར་དོན ་དུ་གཉེར་(ཞིང་འདུན)་བའི་དགེ་བའི་ཆོས་ཐམས་ཅད་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཆེད་དུའོ། (།སེམས་བསྐྱེད་པའི་སྐབས་སུ་དོན་དུ་གཉེར་བ་གཙོ་བོས)་ཡང་(ན་བྱང་ཆུབ)་དེ་དོན་(ནས་འདུན་པ་བསྐྱེད་པ་ལ་སེམས་སྐྱེད་དོ་ཞེས་བརྗོད།།) ་དུ་གཉེར་བ་དང་ལྷན་ཅིག་སྤྱོད་པ་སེམས་བསྐྱེད་པ་ལ་(འདུན་པ)་དེའི་སྒྲས་བཏགས་པ་སྟེ་དེ་ལྟར་དོན་དུ་གཉེར་བ་དང་ལྷན་ཅིག་ཏུ་གྱུར་པའི་སྐྱེད་པར་བྱེད་དོ་ཞེས་ཤེས་པའི་ཆེད་དུའོ། །ཡང་ན་(དག་ལྡན་དུ)་སེམས་ནི་མངོན་པར་འདོད་པ ་སྟེ་དེ་ལྟར་(འདུན་པ)་འགྲོ་བར་འདོད་ཟེར་པ་ནི་བདག་གི་སེམས་འགྲོ་བར་ཞེས་པའོ། (།མངོན་པར་འདོད་པ་དེ)་དེ་བསྐྱེད་པ་ནི་སེམས་བསྐྱེད་པའོ། (།ཞེས་སོ)་མངོན་པར་(འབྱུང)་འདོད་པ་ནི་བསྐྱེད་པ་ལས་མི་འཁྲུལ་བ་ལས་བསྐྱེད་པ་སྨོས ་པ་ནི་ཁྱད་པར་ཡོངས་སུ་གཟུང་བའི་དོན་དུའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་སྟེ་མངོན་པར་འདོད་པ་གང་གིས་ཡིན་པ་སྟེ་དེའི་ངོ་བོ་ནི་དེ་ཉིད་དོ། །དེའི་ཕྱིར་གཞན་གྱི་དོན་གྱི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ལ་(ཐོབ་བྱང)་དམིགས་པའི་སེམས་(དག་ལྡན་དུ)་བསྐྱེད་པའོ་ཞེས་པ་(སེམས་བསྐྱེད་པ)་པ་འདིའི་མཚན་ཉིད་དོ། (།ཞེས་སོ)་འོ་ན་དོན་དུ་གཉེར་བ་ནི་རྟོག་པ་སྟེ་(རྟོག་པ)་དེ་དང་ལྷན་ཅིག་གྱུར་པའི་སེམས་ཅི་ལྟར་བཅོམ་ལྡན ་འདས་ཀྱི་ཡིན་ཞེ་ན། བདེན་ཏེ་དོན་དུ་གཉེར་བའི་དོན་དུ་གཉེར་བ་པོ་ཉིད་དེ་བྱེད་པ་པོའི་ཆོས་སྔོན་(ལམ)་གྱི་(དུས་ཀྱི)་སེམས་སོ་སོ་དང། དོན་དུ་གཉེར་བྱས་ཟིན་པ་ཉིད་དེ་ལས་ཀྱི་ཆོས་ཕྱི་མའི་སེམས་སོ་སོ་ཡང་ངོ་(གཉིས་ཡོད་པ) ་དེའི་ཕྱིར་དོན་དུ་གཉེར་བར་བྱས་ཟིན་པའི་སེམས་(ཕྱི་མ)་རྣམ་པར་རྟོག་པ་མེད་པ་ཁོ་ན་ནི་བཅོམ་ལྡན་འདས་ཀྱི་སྟེ། དེ་ལྟར་མངོན་པར་འདོད་པའོ། །ཡང་ན་ཇི་ལྟར་སྔར་(ལམ་གྱི་དུས)་གྱི་སྡུག ་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་རྣམ་པར་རྟོག་པའི་བདག་ཉིད་ཡིན་ཀྱང། དེ་བཞིན་གཤེགས་པའི་(ཐུགས་རྗེ་ཆེན་པོ)་རྣམ་རྟོག་མེད་པ་ཡིན་པ་དེ་བཞིན་དུ། ཡང་དག་རྫོགས་བྱང་ཆུབ་འདོད་ཉིད། (སྔར་རྟོག་པ་? ་X་ཡིན་ཡང་སངས་རྒྱས་ཀྱི་རྟོག་མེད་ཡིན།།)་ཅེས་པ་ཁ་ན་མ་ཐོ་བ་མེད་དོ། །སེམས་བསྐྱེད་པ་དེའང་དབྱེ་ན་ཉི་(འདུན་ལྡན་ཆོས་སྐུ་དང་ལྡན་པའི་བར)་ཤུ་རྩ་གཉིས་(ལ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་ཊི་ཀ་རུ། འདིར་སེམས་བསྐྱེད་པ་ཁ་ཅིག་ནི་སེམས་བསྐྱེད་པ་དངོས ་གཙོར་སྟོན་པ་སྟེ་འདུན་པ་ལ་སོགས་པའོ། །ཁ་ཅིག་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པའི་གྲོགས་ལ་དེར་གདགས་ཏེ་སྦྱིན་པ་ལ་སོགས་པའོ། །ཁ་ཅིག་ན་རེ། སེམས་བསྐྱེད་པའི་འབྲས་བུ་ལ་དེར་བཏགས་ཏེ་འགྲོ་བ་གཅིག་པའི་ལམ་ལ་སོགས་པའོ། །ཞེས་གསུངས་སོ།།)་སུ་བཅོམ་ལྡན་འདས་མ་སྟོང་ཕྲག ་ཉི་ཤུ་ལྔ་པ་དང་འབུམ་པར་ཡང་གསུངས་སོ། །དེ་ལ་ཐུན་མོང་དུ་སྟོང་པ་ཉིད་ཀྱི་(རྟོག་པའི)་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་ལ། དབྱེ་ན་ནི། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས ་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་(རྣམ་པ)་བརྒྱད་ཅེས་པ་(ཤེར་ཕྱིན)་དེ་ཁོ་ན་མངོན་པར ་རྟོགས་པ་བརྒྱད་རྣམས་སོ། (།བརྒྱད་ཡོད་པ)་དེ་ལ་རྒྱུ་དང་འབྲས་བུ་མ་ལུས་པ་རྟོགས་(ཤིང་ཐུགས་སུ་ཆུད)་པ་ལ་བལྟོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་མངོན་པར་བརྗོད་པའི ་ཕྱིར་(རྣམ་མཁྱེན་གྱི་སྐབས)་དེར་བཤད་པའི་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་མི་འགྱུར་རོ་ཞེས་དོགས་པ་གསལ་བའི་དོན་དུ་འབྲས་བུའི་གནས་སྐབས་མཛའ་ཨི་(སངས་རྒྱས་པ)་སེམས་བསྐྱེད་པ་གཉིས་བཞག་པའི་རྒྱུའི་གནས ་སྐབས་ཀྱིས་སེམས་བསྐྱེད་པ་ཉི་ཤུ་ནི་ལམ་ཤེས་པ་ཉིད་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་རྣམ་པར་གཞག་གོ་(།སློབ་དཔོན་སེང་གེ་བཟང་པོའི་སྡུད་འགྲེལ་དུ། ས་དང་པོ་ནས་བདུན་པའི་བར་ལམ་ཤེས་ས་བདུན་པ་ལ་བཞི་ཤེས། ས་མི་གཡོ་བ་ལ་རྣམ་ཀུན་མངོན ་རྫོགས་ས་དགུ་པ་སོགས་གཉིས་ལ་རྩེ་མོའི་མངོན་རྟོགས་ས་བཅུ་པ་ལ་མཐར་གྱིས་པ་དང་སྐད་ཅིག་མའི་མངོན་རྟོགས་བཞག་གོ་ཅེས་གསུངས་སོ།།)་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཅེས་ཀྱང་ངོ། །འདིར་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་(བྱང་ཆུབ་སེམས་དཔའ་)་རང་གི ་ལམ་མཐར་ཐུག་པར་སོན་པ་བསྒྲུབས་ནས་ཐེག་པ་གཞན་གྱིས་(ཐེག་པ་ཆུང་ངུས)་གདུལ་བའི་སེམས་ཅན་གྱི་དོན་(གྱི་དོར་རང་ཉིད)་དུ་མངོན་དུ་མི་བྱེད་པར་རྒྱུ་དང་བཅས་པའི་ལམ་ཉེ་བར་སྟོན་པ་ལ་མཁས་པའི་ཕྱིར་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས། (ཐེག་པ་གསུམ་ཀའི)་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དེའི་ཕྱིར་ཐམས་ཅད་ཤེས་པ་ཉིད་ནི་སེམས་བསྐྱེད་པ་ལྔ་པའི་བར་རོ། །དེ་ལྟར་ནི་ཤེས་པས་སྲིད་ལ་མི་གནས་དང། །སྙིང་རྗེས་ཞལ་མི ་གནས་པ། །ཞེས་པས་(གཉེན་པོ་གཞི་ཤེས་ནི)་སྲིད་པ་དང་ཞི་བ་ལ་མི་གནས་པའོ། (།བསྟན་བཅོས་སུ། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་དང། །ཞེས་དང་གཟུགས་སོགས་ཕུང་པོ་སྟོང་ཉིད་དང། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཤེས་པས།) ་གཟུགས་ལ་སོགས་པའི་ཕུང་པོ་(ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར)་རྣམས་དང་(ོཾ་སྭ་སྟི། ཕུང་པོ་བསྐྱེད་མཆེད་རྣམ་ཤེས་དྲུག་རིག་དྲུག་ཚོར་དྲུག་ཁམས་དྲུག་དང། །རྟེན་འབྲེལ་བཅུ་གཉིས་ལྔ་བཅུ་གསུམ། །ཀུན་ནས་ཉོན་མོངས་འདྲེས་སུ་འདོད། །ཕར་ཕྱིན་དྲུག་སྟོང་བཅོ་བརྒྱད་དང། །བྱང་ཆུབ་མཆོག་བདུན་བདེན་པ ་བཞི། །བསམ་གཏན་ཚད་མེད་གཟུགས་མེད་བཞི། །རྣམ་པར་བརྒྱད་དང་སྙོམས་འཇུག་དགུ། །སྒོ་གསུམ་མངོན་ཤེས་དྲུག་ཏིང་འཛིན། །གཟུངས་སྒོ་སྟོབས་བཅུ་མི་འཇིགས་བཞི། །སོ་སོ་རིག་བཞི་བྱམས་པ། །སྙིང་རྗེ་མ་འདྲེས་བཅོ་བརྒྱད་དང། །ཟུང་བཞི་རང་རྒྱལ་རྒྱལ་སྲས་དང། །སངས་རྒྱས་མཁྱེན་གསུམ ་ལྔ་བཅུ་ལྔ། །རྣམ་བྱང་འདྲེས་ཏེ་དེ་ལྟར་ན། །འདྲེས་རྐང་བརྒྱ་རྩ་བརྒྱད་དུ་འདོད། །ཅེས་གུ་རུ་རལ་དྲིས་བསྡུས།)་།སྦྱིན་པ་ལ་སོགས་པ་རྣམས་ཀྱི་(བདེན་འཛིན)་མཚན་མ་དང་བཅས་པར་དམིགས་པ་ནི་མི་མཐུན་པའི་ཕྱོགས་ཏེ། །མཚན་མ་མེད་པར་དམིགས་པ ་ཆགས་པ་མི་འཇུག་པ་ཐབས་ལ་མཁས་པ་ནི་གཉེན་པོའི་ཕྱོགས་སོ། །ཆགས་པ་སྤོང་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རང་བཞིན་གཅིག་པ་ཉིད་ཀྱིས་ན་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དུ་གཅིག་པར་ཡོངས ་སུ་ཤེས་པས་སོ། །མཉམ་པ་ཉིད་ནི་སྤྲོས་པ་(སྐྱེ་འགག་དང་འགྲོ་འོང་དང་རྟག་ཆད་གཅིག་དང་ཐ་དང་སོགས།)་ཐམས་ཅད་མི་དམིགས་པའོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་(མཐོང་བྱ་ལ་སོགས་མིན་པས)་རྟོགས་པར་དགའ་བ་ཉིད་དེ་བསམ་གྱིས ་མི་ཁྱབ་པ་ཉིད་ཀྱང་ངོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བདག་ཉིད་ཐར་པའི་ཆ་དང་མཐུན་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བའི་ལམ་ཡང་(ཡོན་ཏན་ཡང་ལྡན་དུ)་ཆོས་(གཟུགས་ཕུང་སོགས་སུ་མི་ཤེས་པས།) ་ཀྱི་བདག་མེད་པ་རྗེས་སུ་རྟོགས་པའི་སྒོ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐར་བའི་ཆ་དང་མཐུན་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་མཐོང་བའི་ལམ་གྱི་ནང་དུ་འདུས་སོ། །དེ་ལྟར་ནི་ཉན་ཐོས་རྣམས་ནི ་གཟུགས་ལ་སོགས་པ་(རྣམ་པ)་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་རྣམས་སུ་དམིགས་(པར་བྱེད)་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་མི་རྟག་པ་ལ་སོགས་པས་ཁྱད་པར་དུ་བྱས་པ་ཁོ་ནའི་གཟུགས་ལ། ་སོགས་པ་རྣམས་སྟོང་པ་ཉིད་དུའོ། (།དམིགས་པར་བྱེད་པ)་དེ་ལ་གང་གི་ཚེ་གཟུགས་ལ་སོགས་པ་རྣམས་རྟག་པ་མེད་པར་(གང་ཟག་གི་བདག་མེད་པར)་རྟོགས་པ་དེའི་ཚེ་(བྱང་སེམས)་འདི་རྣམས་(ཀྱི)་ཉན་ཐོས་ལ་སོགས་པའི་ངེས་པར ་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་རྟོགས་པ་རྣམ་པར་གཞག་གོ་།གང་གི་ཚེ་(བྱང་ཆུབ་སེམས་དཔའ་)་འདི་རྣམས་(མི་རྟག་པ)་དེ་ལྟར་གྱུར་བ་(ཱི་གཟུགས་སོགས)་འདི་རྣམས་ལ་(བསྙེན་བཅོས་སུ་རྣམ་པ་མངོན་ཞེན་ལ་སོགས་འགོག?་ཅེས་པས?) ་མངོན་པར་ཞེན་པ་མེད་པ་ལ་སོགས་པ་(ཆོས་ཀྱི་བདག་མེད་རྟོགས་པ)་སྐྱེད་པ་དེའི་ཚེ་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་རྟོགས་པར་(རྣམ་པར་བཞག)་རོ་ཞེས་པའོ། །ཉན་ཐོས་དང་རང་སངས་རྒྱས་དག ་གི་ཐམས་ཅད་ཤེས་པ་ཉིད་ནི་ཆོས་ཀྱི་བདག་མེད་(རྟོགས)་པ་དང་བྲལ་བའི་སྒོ་ནས་སྲིད་པ་དང་ཞི་བ་ལ་གནས་པ་ལ་སོགས་པའི་ངོ་བོའོ། །གང་བཅོམ་ལྡན་འདས་མ་བར་མར་(སེམས་བསྐྱེད་བཞི་པ་སྦྱོར་བ་དང་ལྡན་པའི་ཐད་དུ)་གསུངས ་པ་ཐམས་ཅད་ཤེས་པ་ཉིད་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་པ་དང་ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་(མི་མཐུན་ཕྱོགས་ཀྱི་གཞི་ཤེས་པ)་པར་འདོད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་(རྗེས་སུ)་ཐོབ་པར ་འདོད་པའི་བྱང་ཆུབ་སེམས་དཔས་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།།)་ཤེས་སོ། །དེ་ལ་ཤེས་པ་(དང་མཐོང་བ)་ནི་གང་བྱང་ཆུབ་སེམས་དཔའ་ཨི་མངོན་པར་རྟོགས་པ་ས་དང་པོ་ལ་མཐོང་བའི་ལམ་གྱིས་བསྡུས་པ་སྟེ། བྱང ་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་ཁོ་ནར་ཉན་ཐོས་ལ་སོགས་པའི་(རང་སངས་རྒྱས)་རྟོགས་པ་མཛའ་དག་ཡོངས་སུ་རྫོགས་པས་སོ། (།ཉི་ཁྲི་སྣང་བའི་རྣམ་འགོལ་བཅོ་ལྔའི་ཐད་དུ)་རྗེས་སུ་དཔག་པའི་ཤེས་པ་བསལ་བའི་དོན་དུ་མཐོང་བ ་གསུངས་པ། འཁྲུལ་པའི་མཐོང་བ་བསལ་བའི་དོན་དུ་ཤེས་པ་གསུངས་སོ། །ཤེས་པ་དང་མཐོང་བ་གསུངས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་དག་ལ་བྱང་ཆུབ་སེམས་དཔའ་ཨི་སྒོམ་པའི་ལམ ་མེད་པར་ཤེས་པའི་དོན་དུའོ། །འདའ་བ་ནི་ཡང་རྣམ་པ་ཀུན་མངོན་པར་རྟོགས་པ་ལ་འཇུག་པའོ་ཞེས་འཕགས་པའོ། །སླར་ཡང་འཕགས་པ་(བར་ཆད་མེད་པའི་རྩེ་མོའི་ལམ་ལ་ལོག་རྟོགས་བསལ་བའི་ཐད་དུ།)་སེམས་དང་པོ་བསྐྱེད ་པ་ནས་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པའི་ཤེས་པ་དང་མཐོང་བ་དག་གིས་དཀར་པོ་རྣམ་པར་མཐོང་བའི་(ཉན་རང་གི)་ས་ལ་སོགས་པས་རྣམ་པ་བརྒྱད་ལས་འདའ་བ་ཞེས་སོ། (།ཉི་ཁྲི་སྣང་བའི་དགེ་འདུན་ཉི་ཤུའི་ཐད་དུ།) ་གང་ཉན་ཐོས་ཀྱི་ལམ་གྱིས་ཐོབ་པར་བྱ་བ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་དང་གང་རང་སངས་རྒྱས་ཀྱི་ལམ་གྱིས་ཐོབ་པར་བྱ་བ་རང་སངས་རྒྱས་ཉིད་དེ་རྣམས་ནི་བྱང་ཆུབ་སེམས་དཔའ་ཐོབ་པར་མི་བྱེད་དོ།། ་འོན་ཀྱང་(ཱོན་ཀྱང་བྱང་ཆུབ་སེམས་དཔའ་)་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་རང་བྱང་ཆུབ་ཀྱི་བར་ལ་སོ་སོར་འཇོག་གོ་།ཇི་ལྟར་རང་གིས་མ་ཐོབ་པའི་ཆོས་ལ་(ཉན་རང་གི་འབྲས་བུ། འི་ལམ་དེས་རེ་ཤིག།)་གཞན ་སོ་སོར་འགོད་པར་བྱེད་(པ་འཆད་ཅེས)་ཅེ་ན་འདི་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཤཱ་(ཡུམ་བར་མའི་ཁྱད་པར་གྱི་མཚན་ཉིད་ཀྱི་ཐད་དུ)་རིའི་བུ་གང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་(རྟོགས་པ)་དང་སྤོང་བ་དེ་ནི ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཨི་བཟོད་པའོ་ཞེས་སོ། །དེའང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། (།ཞེས་སོ།། མཁྱེན་གསུམ་འཇུག་བསྡུད་ཀྱི་ཐད་དུ་ཡང)་དེ་ཅི་ལས་ཤེ་ན། གང་གི་ཕྱིར་ལམ ་གཞན་ལ་ཁྱད་པར་ཡོད་པ་ན་རིགས་དང་དབང་པོ་དང་ཚོགས་(ཉན་རང་ལས)་ཁྱད་པར་(དུ་འཕགས་པ)་ཅན་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་བཟོད་པའི་བྱེད་པར། ཅིག་ཤོས་(ཉན་རང)་རྣམས་ཀྱིས་རྟོགས་པའི་བྱེད་པ་མ ་ལུས་པ་བསྡུས་པས་གང་(ཉན་རང་དུ)་དེ་རྣམས་ཀྱི་ཤེས་པ་དང་སྤོང་བ་དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ཏེ་རྟོགས་པ་དང་སྤོང་བ་འདི་ཙམ་ཉིད་ཀྱིས་(བསྡུས་པ)་མ་ཡིན་ནོ། (།ཞེས་སོ)་གང་གི་ཕྱིར་(ཉན་རང)་དེ་རྣམས ་ཀྱི་སྒོམ་པའི་ལམ་ལ་རྟོགས་པ་དང་སྤོང་བ་ལྷག་(ཡོད་པ)་ན་(རྟོག་པ་དང་སྤོང་བ)་དེ་དག་བཟོད་པ་འདིར་ནང་དུ་འདུས་པ་ལས་མིན་གྱི་གཙོ་བོ་ནི་(ཐེག་ཆེན་མཐོང་ལམ་གྱི)་ནང་དུ་འདུས་པ་ལས་སོ། །འོ་ན་དེ་ལྟ་ན་བཅོམ་ལྡན་འདས་མར། ་མཐོང་བའི་ལམ་ཁོ་ནར་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ལས་འདས་པར་གསུངས་ལ། འཕགས་པ་བྱམས་པའི་རྣམ་པར་ཐར་པའི་མདོར་(འཇུག་པའི་འགྲེལ་བར་དྲངས་པ)་ཡང། དཔེར་ན་རིགས་ཆེན་པོའི་(རྒྱལ་རིགས་ཀྱི།) ་དབང་གིས་རྒྱལ་པོའི་བུ་(རྒྱལ་པོའི་མཚན་དང་ལྡན)་སྐྱེས་ནས་རིང་པོ་མ་ལོན་པས་བློན་པོ་རྒན་པོ་རྣམས་ཟིལ་གྱིས་གནོན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ ་སྐྱེས་པ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་(བརྡ་ལས་བྱུང་བའི་སེམས་བསྐྱེད་པ)་བྱང་ཆུབ་ཏུ་སེམས་བསྐྱེད་ནས། རིང་པོ་མ་ལོན་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཟིལ་གྱིས་གནོན་ནོ། །དེ་བཞིན་དུ་བྱ་ཁྱུང་གི་དབང ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པའི་དཔེས་དེ་མ་ཐག་ཏུ་གང་སེམས་དང་པོ་(འདུན་ལྡན)་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་(གཤོག་པ)་སྟོབས་(ནུས་པ)་དང་ཕ ་རོལ་(ཉན་རང་ཟིལ་གྱིས)་གནོན་པ་དང་ལྷག་པའི་བསམ་པའི་(སེམས་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འདྲེན་པར་འདོད་པ།)་མིག་ཡོངས་སུ་དག་པའི་ཡོན་ཏན་དེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ ་ཡོད་པ་མ་ཡིན་ནོ་ཞེས་སོ། །དཀོན་མཆོག་སྤྲིན་གྱི་མདོར་ཡང། མོས་པས་སྤྱོད་པའི་སར་བྱང་ཆུབ་སེམས་དཔའ་(འཁོར་ལོ་བསྒྱུར་བའི་རྒྱལ་པོའི་མིའི་མདོག་ལས་འདས་པ་ལྷའི་མདོག་མ་ཐོབ་པ་ལྟར་འཇིག་རྟེན་པ་དང།)་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས ་ཅད་ལས་(བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་སོགས་ཀྱིས)་འདས་པར་(འཇུག་འགྲེལ་དུ་དྲངས་པ)་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་ས་དོན་དམ་པ་པ་མ་(ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བ)་ཐོབ་པར་ཡང་འགྱུར་རོ་ཞེས་སོ། །འཕགས་པ་ས་བཅུ ་པར་ཡང། (འཇིག་རྟེན་ལས་འདས་པའི)་སེམས་བསྐྱེད་པ་ཙམ་གྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལྷག་པའི་བསམ་པའི་བདག་ཉིད་ཆེན་པོས་ཟིལ་གྱིས་གནོན་གྱི་རང་གི་བློའི་(ཤེས་རབ་ཀྱི)་རྣམ་པར་དཔྱོད་པའི་སྟོབས ་ཀྱིས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་(ཆོས་དབྱིངས)་གྱི་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ལ་གནས་པ་ཉིད་ཀྱི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཐམས ་ཅད་ཀྱི་བྱ་བ་(ཐམས་ཅད)་ལས་འདས་པར་འགྱུར་རོ་ཞེས་གསུངས་སོ། །འདིར་མདོ་དང་པོར་(བྱམས་པའི་རྣམ་ཐར་དུ)་ཐར་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཟིལ་གྱིས་གནོན་པར་གསུངས་ལ། གཉིས་པར་(དཀོན་མཆོག་སྤྲིན་དུ།) ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་སྟེ། གསུམ་པར་(ས་བཅུ་པ)་ནི་དང་པོ་དང་བདུན་པ་ལ་ཡང་ངོ་ཞེས་པ་ཅི་ལྟར་མི་འགལ་ཞེ་ན་མ་ཡིན་ཏེ། དང་པོ་(ཚོགས་ལམ)་དང་གཉིས་པའི་(སྦྱོར་ལམ་དུ)་གནས ་སྐབས་དག་ན་རྟོགས་པའི་བདག་ཉིད་ཆེན་པོས་ཟིལ་གྱིས་མི་ནོན་གྱི། འོན་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་(དང་སྙིང་རྗེ)་ལ་སོགས་པ་རྣམས་ཀྱིས་སོ། །རབ་ཏུ་དགའ་བར་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་མཐོང་བ་སྟེ་ཉན ་ཐོས་ལ་སོགས་པའི་ལམ་སྒོམ་པས་ནི་མ་ཡིན་ལ་(ཉན་རང་གི་ལམ་སྒོམ་པ)་ད་མེད་ཀྱང་(ཉན་རང)་དེའི་ལམ་རྟོགས་པའི་ཕྱིར་རིང་དུ་སོང་བ་ལ་བྱང་ཆུབ་སེམས་དཔའ་ཨི་རྟོག་པ་ལྷག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཡང་སློབ ་དཔོན་དབྱིག་གཉེན་གྱིས་ས་བཅུ་པའི་འགྲེལ་བར་ས་བདུན་པ་ལ་གསུངས་པ། དེ་(དེ་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་སྦྱངས་པའི་ཏིང་ངེ་འཛིན་ནི་ཐོབ་ནས་སྙིང་བརྩེ་བ་དང་སྙིང་རྗེ་པའི་སྟོབས་ཉན་ཐོས་དང། རང་སངས་རྒྱས་ཀྱིས་ལས་འདའ་བ་ཡིན་ནོ་ཞེས་པའི་མེད)་ལ་ཉན་ཐོས་དང་རང ་སངས་རྒྱས་ཀྱི་ས་ལས་རྒྱུ་གཉིས་ཀྱིས་འདའ་བར་ཡོངས་སུ་གསལ་བར་བྱས་ཏེ་ཐབས་དང་ཤེས་རབ་སྒོམ་པའི་སྟོབས་དང་སྙིང་རྗེའི་སྟོབས་ཀྱིས་སོ་ཞེས་དང། (ས་བཅུའི་ངེས་ཚིག་གི་སྐབས་སུ།)་མཚན་མ་མེད་པ་ལ་གནས་པའི་རབ ་ཏུ་སྦྱོར་བ་མཐར་ཐུག་པར་(ས་བརྒྱད་པ)་འགྲོ་བའི་དོན་དང། འཇིག་རྟེན་པ་(བསམ་གཏན་གཟུགས་མེད)་དང། དམན་པའི་འཇིག་རྟེན་ལས་འདས་པའི་ལམ་ལས་འདས་པའི་དོན་གྱིས་རིང་དུ་སོང་བའོ་ཞེས་སོ། །སློབ་དཔོན་ཟླ་བ་གྲགས ་པས་ཀྱང་(དབུ་མ་འཇུག་པར)་།རང་སངས་རྒྱས་རྣམས་ཐུབ་(པ་ཉན་རང་གི)་དབང་(པོའི)་དབྱངས་(ཆོས་བསྟན་པ་ལས)་སྐྱེས་བཅས། །རྫོགས་(ཉན་རང་གི)་པའི་བྱང་སེམས་(བརྡ་ལས་བྱུང་བ་དང་དོན་དམ་པའི་སེམས་སྐྱེད་པ།)་དང་པོ་ལ་གནས ་པས། །བསོད་ནམས་(སེམས་ཅན་ཚད་མེད་ལ་ཕན་པ་དང་བདེ་བ་བྱེད་པའི་བསམ་པའི)་དབང་གིས་ཐུལ་ཞིང་(ཏ་ཟིལ་གྱིས་གནོན)་རྣམ་པར་འཕེལ། །རིང་དུ་སོང་བར་(བྱང་ཆུབ་སེམས་དཔའ་)་དེ་ནི་(མཚན་མ་མེད་པའི་ལམ་ཐོབ་པས།)་བློས་ཀྱང་ལྷག་།ཅེས་སོ ་དེ་ཉིད་ཀྱི་ཕྱིར་ས་བཅུ་པར་(ས་སྔ་མ་དྲུག་ཏུ་ཉན་རང་གི་རྟོག་པ་ཟིལ་གྱིས་མི་ནོན་པར།)་གསུངས་པ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ལའང་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཤེས་པ་(ཆོས་ཀྱི་བདག་མེད་རྟོགས་པར།) ་ཡོད་དོ་ཞེས་གསལ་བར་ངེས་པར་བྱའོ། །གཞན་དུ་ན་དངོས་པོ་(ཆོས)་རང་བཞིན་མེད་པར་ཡོངས་སུ་(དེའི་འབྲེལ་བར)་ཤེས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་བཞིན་དུ་(ཉན་རང།) ་དེ་རྣམས་ཀྱང་(ཆོས་ཅན)་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློའི་(ཤེས་རབ་ཀྱི)་རྣམ་པར་དཔྱོད་པས་ཀྱང་(ཏེ་རང་བཞིན་མེད་པར་ཤེས་པའི་སྒོ་ནས།)་ཟིལ་(ཟག་མེད་ཀྱི་ལམ་མ་ཐོབ་པ། རང་བཞིན་མེད་པ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས ་དཔས་ཟིལ་གྱིས་གནོན་པ།)་གྱིས་གནོན་པར་(ཐལ་བར)་འགྱུར་ལ། ཕྱི་རོལ་པ་བཞིན་ཁོ་ནར་(ཉན་རང)་འདི་རྣམས་ཀྱི་ཁམས་གསུམ་ན་སྤྱོད་པའི་བག་ལ་ཉལ་ཐམས་ཅད་སྤངས་པར་མི་འགྱུར་ཏེ། གཟུགས་ལ་སོགས་པའི ་རང་གི་ངོ་བོར་དམིགས་པས་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་རོ། །བདག་(འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ)་ཉིད་ལ་བདག་མེད་པ་(སྟེ་བདག་གི་རང་བཞིན་མེད་པ།)་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་(ཐ་སྙད)་བཏགས་པའི ་ཉེ་བར་ལེན་པ་ཕུང་པོ་(ཏེ་རྒྱུ་མཚན་དུ་གྱུར་པ)་ལ་(ཏེ་ད་ལྟ་བུའི་ལོག་པའི་ཤས་པས་ཉོན་མོངས་སྤོང་བར་མི་རིགས་པ)་དམིགས་པའི་ཕྱིར་རོ། །ཇི་སྐད་དུ། རྒྱལ་པོའི་རིན་པོ་ཆེའི་ཕྲེང་བར་(ལེའུ་དང་པོ)་ཡང། ཇི་སྲིད་ཕུང་པོར་འཛིན་(པ་ཕུང་པོར་མངོན་པར་ཞེན་པར།) ་བྱེད་པ། །དེ་སྲིད་(དུ)་དེ་ལས་ང་ཞེས་(བདག་ཏུ)་སཱུང། (།ཞེན་ཏོ)་ང་རུ་བྱེད་པ་ཡོད་ན་སླར། །དེ་ལས་(རྣམ་འགྲེལ་དུ་བདག་ཡོད་ན་ནི་གཞན་དུ་ཤེས། ཞེས་སོགས་གསུངས་པའི་ཚུལ་གྱིས་ཆགས་སྡང་སོགས་ཀྱི་ཀུན་ནས་བསླང་བའི།།)་ལས་དང་སྐྱེ་བ་ཡང། །ཞེས་པ ་ནས། (རིགས་པས་ཚོར་བ་བདེ་སྡུག་མེད་པའི་ཕྱིར།)་བདེ་བར་མངོན་པར་ང་རྒྱལ་བ། །སྡུག་བསྔལ་སེལ་དོན་(རྩི)་ལ་(བྱེད་པ)་ཇི་བཞིན། །དེ་བཞིན་སྡུག་བསྔལ་སྔོན་རློམ་པའང། །བདེ་བ་(ཚིམ་པ)་འཇོམས་པར་བྱེད་པ་སྐྱེ། །བདེ་བར་ཕྲང ་པའི་སྲེད་པ་ཉིད། (།བདག་བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ)་རང་བཞིན་(ནི)་མེད་པས་(ར་ཤེས་པ)་རབ་ཏུ་སྤོང། །སྡུག་བསྔལ་བྲལ་བར་སྲེད་པ་ཡང། (།བདག་སྡུག་བསྔལ་སེལ་བར་གྱུར་གཅིག་སྙམ་པ།)་དེ་ཕྱིར་(རིགས་པས་ཚོར་བ་བདེ་སྡུག་མེད་པའི་ཕྱིར།)་དེ ་ལྟར་མཐོང་བས་གྲོལ། (།ཁྱེད་ཀྱི་ལུགས་ལ་ཤེས་པ་པོ་མེད་པས)་གང་(ཕུང་པོ)་གིས་(རང་བཞིན་མེད་པར)་མཐོང་བ་ཡིན་ཞེ་ན། །ཐ་སྙད་དུ་ནི་(སེམས་ཀྱིས་མཐོང་ནས།)་སེམས་(ལ་མཐོང་བ་པོར)་བརྗོད་བྱ། །སེམས་བྱུང་མེད་པའི་སེམས ་མེད་དེ། (།སེམས་བྱུང་ལ་ལྟོར?་ནས་སེམས་ཡོད་པར་འཇོག་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པས་ན)་དོན་མེད་ཉིད་ཕྱིར་(དོན་དམ་པར་སེམས)་འབྱུང་མི་འགྱུར། (།སྔར་བརྗོད་པའི་རྣམ་པ)་དེ་ལྟར་འགྲོ་བ་དོན་མེད་པ། (།ཅིའི་ཕྱིར་དོན་དམ་པར་སེམས་ཀྱིས་མཐོང་ངོ་ཞེས་མི་བརྗོད་ཅེ་ན།) ་ཇི་བཞིན་རྟོགས་ནས། (སྣོད་ཀྱི་འཇིག་རྟེན་རང་བཞིན་མེད་པས་དོན་དམ་པར)་རྟེན་མེད་པ། (།ཕུང་པོ)་ཉེ་ལེན་(པ)་མེད་པས་མྱ་ངན་འདའ་། །མེ་ཡི་ཉེར་ལེན་མེད་(པས་མི་ལྡོག)་པ་བཞིན། (།སྟེ་རང་བཞིན་མེད)་ཞེས་པའི་བར་དུའོ། །གལ་ཏེ་ཡང ་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དེ་ལྟ་ནའང་(ཉན་རང)་དེ་རྣམས་ལ་ཆོས་ཀྱི་བདག་མེད་པ་ཡོང་སསུ་རྫོགས་པར་སྒོམ་པ་མེད་ལ། །ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ནི་ཡོད་དོ།། ་(ཉན་ཐོས་དང་རང་སངས་རྒྱས)་དེ་རྣམས་ཀྱི་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་(ཱི་གཞུང)་རྣམས་སུ་རྣམ་པར་བཞག་གོ་(།སློབ་དཔོན)་གཞན་རྣམས་ན་རེ་ཉན་ཐོས་དང ་རང་སངས་རྒྱས་དག་ལ་གང་ཟག་གི་བདག་མེད་པ་ཤེས་པ་ཁོ་ན་ཡོད་ཀྱི་ཆོས་ཀྱི་བདག་མེད་པ་ཤེས་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་སུ་མང་དུ་གསལ་པོར་གསུངས་པའི་ཕྱིར ་(མདོ་སྡེ།)་ས་བཅུ་པར་(ས་བདུན་པ་པས་ཤེས་རབ་ཀྱིས་ཟིལ་གྱིས་གནོན་གྱི་དེའི་འོག་ཏུ་མི་ནོན་པར)་གསུངས་པ་ནི་རྣམ་པ་གཞན་དཱུང་(ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པས)་འཐད་ཅིང། སྐད་ཅིག་ཙམ་བདག་མེད་པར་ཤེས་པའང་འཇིག་རྟེན་པའི ་འདོད་ཆགས་དང་བྲལ་བ་རྣམས་དང། ཕྱི་རོལ་བ་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཕྱིར་དང། བག་ལ་ཉལ་སྤོང་བ་ནི་བདག་གི་(སྟེ་གང་ཟག་གི)་བདག་མེད་པར་རྟོགས་པས་ཀྱང་འགྱུར་རོ། །རིན་ཆེན་ཕྲེང་བར ་གསུངས་པ་རྣམས་ཀྱང་ཁ་ཅིག་སྐད་ཅིག་མའི་བདག་མེད་དང་ཁ་ཅིག་ཆོས་ཀྱི་བདག་མེད་དུ་སྦྱར་ཏེ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རིགས་རྣམས་ཀྱི་ཐུན་མོང་དུ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། ། ་ཞེས་པ་སྟེ་རེ་ཞིག་གཞག་གོ་།དཀྱུས་མ་རྗེས་སུ་སྦྲེལ་བར་བྱ་སྟེ། དེ་ལྟར་ན་ལམ་ཤེས་པ་ཉིད་ཀྱི་ནང་དུ་ཐམས་ཅད་ཤེས་པ་ཉིད་འདུས་ན་(ཀུན་ཤེས་དེ)་མངོན་པར་རྟོགས་པ་ལོགས་པ་ཉིད་དུ་གསུངས་པ ་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པ་(རྟགས་ལ་སོགས་པ་ལས)་ལྡོག་པའི་སྒོ་ནས་འཕངས་པ་རྣམས་ཀྱིས་དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པའི་དོན་དུ་ཐམས་ཅད་ཤེས་པ ་ཉིད་ལེགས་པར་བརྗོད་དོ། །དེ་ལྟར་ནི་ཆོས་ཀྱི་བདག་མེད་དང་བྲལ་བའི་སྒོ་ནས་སྲིད་པ་དང་ཞི་བ་ལ་གནས་པ་ལ་སོགས་པའི་རང་བཞིན་གང་ཟག་གི་བདག་མེད་པ་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག ་ཉིད་ནི་ཉན་ཐོས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་དོ། །དེ་བཞིན་དུ་(ཉན་རང་བསྟན་བཅོས་ལས་གཟུང་དོན་རྟོག་པ་སྤོང་ཕྱིར་དང། འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་པས།)་རང་སངས་རྒྱས་རྣམས་ཀྱི ་སྟེ་འོན་ཀྱང་གང་ཟག་གི་བདག་མེད་པ་དང། གཟུང་བྱའི་དོན་གྱི་རྟོག་པ་སྤངས་པའི་ཕྱིར་ཆོས་ཀྱི་བདག་མེད་པའི་ཕྱོགས་ཀྱང་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ནི་ཐམས་ཅད་ཤེས་པ་ཉིད་དེ། བྱང་ཆུབ་སེམས ་དཔས་ཤེས་པར་བྱའི་མངོན་དུ་བྱ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་ཀྱི་སྒོམ་པའི་ལམ་བཅོམ་ལྡན་འདས་མར་མ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་གྱི་དོན་དུ་ནི་ཇི་ལྟར་མཐོང་(ཉན་རང་གི་གཞི་ཤེས་ཏེ།) ་བ་ཁོ་ནའི་དོན་ཡང་དང་ཡང་དུ་མངོན་དུ་ཕྱོགས་(ཤིང་གོམས།)་པར་བྱ་བ་ནི་སྒོམ་པའི་ལམ་མོ་ཞེས་ཉེ་བར་བསྟན་ཏོ། །དེ་ལྟ་ནའང་བཅོམ་ལྡན་འདས་མར་(གཞི་ཤེས་ཀྱི་སྐབས་སུ་བྱང་ཆུབ་སེམས་དཔའ་ཨི་བསྒོམ་ལམ།)་མ་(མཐོང་ལམ་གྱི)་གསུངས་པ་ནི་རྟོགས ་པར་སླ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་མངོན་པར་རྟོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཞིན་དུ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱི་(ཀྱུད་པ)་ཐར་པའི་ཆ་དང་མཐུན་པ་གསུམ་དང། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམ་པ་བཅུ་གཉིས་དང་མཐོང་བའི་ལམ་(མཚན་ཉིད་པ་དང་བཏགས་པ་བ་ལ་ཕྱེ་ན།)་སྐད་ཅིག་མ་བཅུ་དྲུག་དང་སྒོམ་པའི་ལམ་བརྒྱད་ཅུའི་རྣམ ་པ་རྣམས་སོ་ཞེས་པ་བཅུ་གཅིག་ལྷག་པའི་བརྒྱར་སོ་སོར་ཕྱེ་བ་རྣམས་ལས་རང་གི་མཛའ་སྤྲོས་པ་ཐམས་ཅད་ལས་ལྡོག་པས་ཅིག་ཅར་ཉིད་དུ་མཚོན་པར་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པའི་ཁྱད་པར་གྱི་གནས་སྐབས ་བཅུ་གཅིག་ལྷག་པའི་བརྒྱའི་གྲངས་རྣམས་ལ་ཐར་པ་དང་ངེས་འབྱེད་ཆ་ལ་ཕན་པ་དང་མཐོང་བ་དང་སྒོམ་པའི་ལམ་བཅུ་གཅིག་ལྷག་པའི་བརྒྱའི་རབ་ཏུ་དབྱེ་བ་རྣམ་པར་བཞག་ཅིང། སྒོམ་པའི་ལམ ་གྱི་མཛའ་ཨི་རྣམ་པ་གཅིག་ནི། །སྒོམ་པས་བཙལ་བར་བྱ་བ་ཉིད་ཀྱིས་ན་སྒོམ་པའི་ལམ་ཤིན་ཏུ་བའི་ངོ་བོ་(སངས་རྒྱས་ཀྱི་སའི)་སེམས་བསྐྱེད་པ་གཉིས་ཀྱི་བདག་ཉིད་དེ། །དེའི་ཕྱིར་(སེམས་བསྐྱེད་གཉིས་སོ།)་དེ་དག་ནི་འཁོར་བ ་དང་མྱ་ངན་ལས་འདས་(བརྒྱད་ཅུ་རྩ་གཅིག་པ)་བ་མཉམ་པ་ཉིད་དང། ཞིང་དག་བ་བླ་ན་མེད་པ་རིམ་པ་ཇི་ལྟ་བར་རྣམ་པར་གཞག་གོ་།ཞེས་པ་བཅུ་གསུམ་ལྷག་པའི་བརྒྱར་རབ་ཏུ་དབྱེའོ། (།རྣམ་ཀུན་ལ་ལམ་ལྔ་བཞག་པ།) ་དེ་ཉིད་ཀྱི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བཏགས་པ་ཡིན་སྦྱོར་བ་སྟེ། དངོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་(ཁོ་ན།)་།ཆོས་ཀྱི་སྐུའི་ནང་དུ་འདུས་པ་སྲིད་པ་དང་ཞི་བ་མཉམ་པ་ཉིད་ཀྱི་བདག་ཉིད ་འབྲས་བུ་ཁོ་ནའོ། །ཞེས་(བསྟན་བཅོས་སུ།)་མཚན་ཉིད་དེའི་སྦྱོར་བ་དང། །ཞེས་པ་ལ་སོགས་པ་ཚིག་ལེའུར་བྱས་པ་གཉིས་སུ་རྟོགས་པར་བྱའོ། །དེ་ལྟར་ནི་འཕགས་པས་སྲིད་དང་ཞི་དང་མཉམ་པ་ཉིད་དང་ཞེས་པའི ་འགྲེལ་པར་གསུངས་པ། ང་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་བརྗོད་པར་བྱའོ། །མི་(ཐེག་ཆེན)་།སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བྱ་བའི་དོན་དུ་སྟེ། (སྲིད་ཞི)་དེ་གཉིས་མཉམ་པ་ཉིད ་དུ་རྟོགས་པ་ལས་ནི་མི་སློབ་པར་འགྱུར་རོ་(ཏེ་དེ་ཕན་ཆད་སླབ་པར་བྱ་བ་མེད་པའི་ཕྱིར)་ཞེས་སོ། །དགོངས་པ་ངེས་པར་འགྲེལ་པའི་མདོར་ཡང། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤངས་པ་ལས་ཤེས་བྱ་ལ་མ་ཆགས ་མ་ཐོགས་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་(རྣམ་ཀུན་གྱི་མངོན་རྟོགས།)་ཉེ་བར་བཟུང་ན་ས་བཅུ་གཅིག་པ་སངས་རྒྱས་ཀྱི་སར་བརྗོད་དོ་ཞེས་སོ། །ཐར་པའི་ཆ་ལ་ཕན་པ་ལ་སོགས་པ་(ལམ་གྱི་གནས་སྐབས)་འདི་རྣམས ་སུ་ཇི་ལྟར་རིགས་པར་བསྒོམ་པར་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་དང་སྦྱོར་བ་ནི་ཡོན་ཏན་མཐོང་བ་དང་སྐྱོན་སྤོང་བ་དང་མཚན་ཉིད་ཡོངས་སུ་ཤེས་པ་སྔོན་མ་ཅན་གོམས་པར་བྱའོ། །རང་གི་སངས་རྒྱས་ཀྱི་ནང ་དག་པ་རྫོགས་པ་དང་ཐབས་ལ་མཁས་པས་བསྐལ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཕྲིན་ལས་བྱེད་དོ། །དེ་ལ་དངོས་པོ་ཤེས་པའི་བྱེ་བྲག་རྣམས། །རྣམ་པ་ཞེས་པ་མཚན་ཉིད་དེ་དངོས་པོ་ནི་དམིགས་པ་སྟེ་བདེན་པ་བཞི་ལ ་སོགས་པའོ། (།དངོས་པོ)་དེའི་ཤེས་པ་དང་(ཤེས་པ)་དེའི་ཆེད་དུ་བྱེ་བྲག་རྣམས་ཏེ་བྱེ་བྲག་གང་(རབ་བྱེད)་རྣམས་ཀྱིས་(དམིགས་པ)་དེ་ཡོངས་སུ་ཤེས་པར་བྱ་བར་སྒྲོ་འདོགས་པ་སྟེ། རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་ཕྱོགས་ཀྱི ་གཉེན་པོའི་ཆོས་ཉིད་ཀྱི་རང་བཞིན་དེ་རྣམས་ཀྱི་རྣམ་པ་ཞེས་པ་ནི་མཚན་ཉིད་ཅེས་བྱ་བར་རྣམ་པར་བཞག་གོ་(།མི་མཐུན་པའི་གཉེན་པོའི་ངོ་བོ་རྣམས)་དེ་རྣམས་ཀྱང་རྟག་བ་དང་མི་(མཚོན་བྱ་ལམ?་མཚན་གཞི)་རྟག་པ་ལ་སོགས་པའི་སྤྲོས ་པར་སྒྲོ་འདོགས་པ་མཛའ་དག་ལས་ལོག་པའི་བྱང་ཆུབ་ཀྱི་སེམས་ཁོ་ནའི་རང་གི་ངོ་བོ་རྣམས་ཏེ། །གདུལ་བྱའི་བསམ་པ་ཐ་དད་པའི་དོར་(རྟགས་ལ་སོགས་པ)་དེ་དང་དེ་ལས་ལྡོག་པའི་དབྱེ་བས་ཐ་(མི་རྟག་པར་རྟོགས་པ་ལ་སོགས་པ།) ་དད་པ་བཞིན?་དུ་(དེ)་བཅོམ་ལྡན་འདས་མར་རྣམ་པར་བཞག་གོ་།འདིར་ཡང་གནས་སྐབས་ཇི་ལྟ་བ་བཞིན་འགའ་ཞིག་རྣམ་པར་འཇོག་པར་འགྱུར་རོ། །སྦྱོར་བ་ནི་མདོར་བསྡུ་ན་(ལེའུ་གཉིས་པར།)་ཇི་སྐད་བཤད་པའི་བྱང་ཆུབ? ་ཀྱི་སེམས་བསྒོམ་པ་ཁོ་ནའོ། །རྒྱས་པར་(ཉི་ཤུར་ཕྱེ་ནས།)་ནི་བསྟན་བཅོས་སུའོ། །སྦྱོར་བའི་ཕན་ཡོན་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་རྣམས་ནི་ཡོན་ཏན་ཏེ། འདུན་པ་ལ་སོགས་པ ་རྣམས་སུ་(ལེའུ་བཞི་པར་རྒྱ་ཆེར)་འཆད་པར་འགྱུར་རོ། །སྐྱོན་རྣམས་ནི་སྦྱོར་བའི་བར་ཆད་དོ། །མཚན་ཉིད་ནི་རྣམ་པ་བཞི་སྟེ་འདིས་མཚོན་པར་བྱ་བ་ཞེས་པ་ལ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་སོགས་པ་ནི ་ཤེས་པའོ། །བསམ་གྱིས་མི་ཁྱབ་པ་ཉིད་ལ་སོགས་པ་ཁྱད་པར་རོ། །རང་(སྒོམ་པ)་དང་གཞན་ལ་ཕན་པ་ལ་སོགས་པར་བྱེད་པའོ། །དེའང་ཕན་པ་ནི་འགྲོ་(བྱེད་པ་སྒྲུབ་བ)་བ་ལྔ་ལས་རྣམ་པར་བཀྲོལ་ནས་མྱ་ངན་ལས ་འདས་པ་ལ་སོ་སོར་འགོད་པའོ། (།མ་འོངས་པའི་ཕན་པ)་བདེ་བ་ནི་སྡུག་བསྔལ་(དང་ཡིད་མི་བདེ་བ་དང་འཁྲུག་པ)་ཐམས་ཅད་ལས་བཀྲོལ་ནས་མྱ་ངན་ལས་འདས་པ་ལ་འགོད་པའོ། (།ངན་སོང་གསུམ་དང་ལྷ་མི)་སྐྱོབ་པ་ནི་འཁོར་བ་པའི ་སྡུག་བསྔལ་རྣམས་སྤང་བའི་ཆེད་དུ་(བྱང་ཆུབ་སེམས་དཔའ་)་ཆོས་སྟོན་པའོ། །སྐྱབས་ནི་སྐྱེ་བ་དང་རྒ་བ་དང་འཆི་བ་ལ་སོགས་པའི་ཆོས་ཅན་གྱི་སེམས་ཅན་(ཚེ་འདིའི་བདེ་བས་བསྡུས་པ)་རྣམས་དེ་(སྐྱེ་བ་ལ་སོགས་པའི་སྡུག་བསྔལ། ན་ཡོད།) ་རྣམས་ལས་ཡོངས་སུ་འགྲོལ་བའོ། །གནས་ནི་ཆོས་ཐམས་ཅད་(འདྲེ་བ)་དང་འབྲེལ་བ་(དང་སྐྱེ་བ་དང་འགག་པ)་མེད་པའི་ཆེད་དུ་ཆོས་སྟོན་པའོ། །དཔུང་གཉེན་ནི་མཆོག་(སྲིད་ཞི་མཉམ་ཉིད་དུ་རྟོགས་པ)་ཐོབ་པར་བྱེད་པའོ།། ་གླིང་ནི་རྒྱ་མཚོ་དང་ཆུ་བོ་དག་ལ་ཆུས་ཡོངས་སུ་བཅད་བའི་ཕྱོགས་(རྣམ་པ)་ཡིན་པ་དེ་བཞིན་དུ་སྔོན་གྱི་མཛའ་འཁོར་བ་དང་ཕྱི་མའི་མཛའ་མྱ་ངན་ལས་འདས་པས་ཡོངས་སུ་གཅད་པའི་ཆོས་ཐམས་ཅད་དེ། འདི་ལྟ་སྟེ ་དེ་རྣམས་ཀྱི་སྟོང་པ་ཉིད་དང་མི་དམིགས་པ་ནས་མྱ་ངན་ལས་འདས་པའི་བར་ཡིན་ཞིང་(རྟོགས་པས)་དེ་ཐོབ་པར་བྱེད་པ་ནི་གླིང་ངོ། །མ་རིག་པའི་སྒོ་ངའི་སྦུབས་སུ་ཡོངས་སུ་བཅིངས་པ་རྣམས་གང་སྣང་བར་བྱེད་པ་དེ་ཡང་གླིང་སྟེ་། ་སྒྲོན་མ་དང་ཆོས་(གསལ་བར་བྱེད་པར)་མཚུངས་པའི་ཕྱིར་ཝ་ཡིག་ཕྱིས་པའོ་(ས་དྲི་བ་སྒྲོན་མ།)་གཞན་ཡང་གླིང་ཐོབ་པར་བྱེད་དུ་འཇུག་པས་ན་གླིང་སྟེ་དེད་དཔོན་ནོ། །དེའི་ལས་ཀྱང་གླིང་སྟེ། འདི་ལྟ་སྟེ་(དམ་སྒྲོན་མ) ་མྱ་ངན་ལས་འདས་བ་རིན་པོ་ཆེའི་གླིང་དུ་ཁྲིད་པར་བྱེད་(གླིང་གི་སྐད་དོད་དྭི་པ་ཅེས་པའི)་པའོ། །དེའི་ཕྱིར་གླིང་ནི་རྣམ་པ་གསུམ་མོ། །ཡོངས་སུ་འདྲེན་པ་ནི་སྙིང་རྗེ་ཆེན་པོ་བསྐྱེད་དེ་གཟུགས་ནས་དགྲ་བཅོམ་པ་ཉིད་ཀྱི་བར་གྱི ་སྐྱེ་བ་མེད་པའི་ཆེད་དང་འགག་པ་མེད་པའི་ཆེད་དང་ཀུན་ནས་ཉོན་མོངས་པ་མེད་པའི་ཆེད་དང་རྣམ་པར་བྱང་པ་མེད་བའི་ཆེད་དུ་ཆོས་སྟོན་པའོ། །ལྷུན་གྱིས་གྲུབ་པ་ནི་ལྷུན་གྱིས་མ་གྲུབ་པ་འབད་རྩོལ་དང་གཡོ་འགུལ་འགྲོ་ ་བ་དང་འོང་བ་དག་སྟེ། དེ་བཀག་པའི་ཕྱིར་རོ། །ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཞིང་དེའི་འབྲས་བུ་(རྟོགས་པ)་མངོན་དུ་མི་བྱེད་པའོ། །རྟེན་ནི་འབྲས་བུ་ཐོབ་པའོ་ཞེས་པ་རྣམ་པ་བཅུ་གཅིག་གོ་།གང་མཚོན ་པར་བྱ་བ་(སྟེ་ལས་སུ་སྒྲུབ་པ)་ཚུལ་བཞིན་མ་ཡིན་བ་ཡིད་ལ་བྱེད་པ་(ཉོན་མོངས་པའི་རྒྱུ)་དང་(ཐེག་པ་དམན་པ་གཉིས་སོ།།)་འདོད་ཆགས་ལ་སོགས་པ་སྟོང་པ་(འགྲོ་བ་ནི)་ཉིད་ལ་སོགས་པ་(མཚན་ཉིད་བཞི)་ནི་ངོ་བོ་ཉིད་དོ་ཞེས་པའོ། ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་ལས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་ཅི་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་(ལེའུ་གཉིས་བར)་སྐད་བཤད་པའི་རྣམ་པ་སོ་སོར་ངེས་པ་ཉིད་ཀྱིས་རྣམ་པ ་སོ་སོར་ངེས་པའི་ཡུལ་ཅན་རྣམས་ཏེ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མཛའ་དག་གི་ཡུལ་ཅན་ནོ་ཞེས་བ་འདི་ནི་ཁྱད་པར་རོ། །ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་མཚན་ཉིད་པར་རྣམ ་པར་བཞག་པ་སྟེ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་(ལམ་སྒོམ་པའི)་སྦྱོར་བ་པའོ། །ཡང་ན་རྣམ་པ་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་རྣམ་པར་(ཤེས་བྱ་རྟོགས་བྱེད་དུ) ་བཞག་པས་རབ་ཏུ་ཕྱེ་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་(མི་མཐུན་པ་དང་གཉེན་པོས་བཞག་པ།)་དེ་ལྟ་མ་ཡིན་ཏེ་རང་བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་འདི་ཁྱད་པར་གཞན་ནོ། །ཞེས་འཕགས་པས་གསུངས ་སོ། གང་འདོད་པ་འང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་གསུམ་ལ་ནི་སྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱི་རྣམ་པ་ཐམས་ཅད་དུ་ཁྱད་(སྐབས་བཞི་པའི་འཇུག་ཏུ།) ་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་(རྩེ་མོ་དང་མཐར་གྱིས་པ)་པོ་(ལམ་གསུམ་གྱི་ཚུལ་དུ)་རིམ་གྱིས་སྐྱེའོ་ཞེས་པས་ལན་ཅིག་ལ་སྐྱེ་བ་དགག་པའི་ཆེད་དུ་ངེས་པར་འབྱེད་པའི་ཆ་ལ་ཕན ་པ་ལ་སོགས་པའི་ཐ་སྙད་དུ་གསུངས་སོ། །ཞེས་ཁ་ཅིག་གོ་ཞེས་རྒྱ་ཆེར་འགྲེལ་དུ་(དང་མངོན་པར་རྟོགས་པའི་རྒྱན་གྱི་འགྲལ་པར་ཡང)་སེང་གེ་བཟང་པོས་བཤད་དོ། གནས་སྐབས་གཞན་རྣམས་ཀྱིས་རྗེས་སུ་འབྲངས་པ་ལས ་འདིའི་ཡང་འདོད་(མཐོང་ལམ་དང་སྒོམ་ལམ་གྱི)་པའོ་ཞེས་མཚོན་ནོ། །དེ་ཡང་འཕགས་པའི་བཞེད་པ་དང་འགལ་ཏེ། དེ་ལྟར་ནི་འཕགས་པས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་(སེར?་བཟང) ་ནི། རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་པའི་ཚིག་ལེའུར་བྱས་པ་རྣམ་པར་བཤད་པར་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་བྲིས་པ། །སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཐབས་ལ་མཁས་པ་ ་དང་མ་བྲལ་བར་སྦྱིན་(མངོན་པར་རྫོགས་པར)་པ་སྦྱིན་ཞིང་མཚན་མར་ཡང་མི་བྱེད་ཅེས་པ་ནས་བརྩམས་ཏེ་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་ཞིང། མཚན་མར་ཡང་མི་བྱེད་དོ་ཞེས་པའི་བར་དུའོ། །སླར་ཡང་རང ་ཉིད་ཀྱིས་ངང་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་རྣམ་པ་ལྔ་པོ་ཐར་པའི་ཆ་ལ་ཕན་པའི་དགེ་བའི་རྩ་བར་རྣམ་པར་བཤད་ནས། དད་པ་ལ་སོགས་པ་(ཚོགས་ལམ་ན་ཡོད་པ)་འདི་(འཕགས་པ) ་རྣམས་དབང་པོར་བརྗོད་པར་བྱ་བ་མ་ཡིན་ཏེ་དབང་པོའི་དོན་(དབང་བྱེད་པ།)་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། (དད་པ་སོགས)་འདི་རྣམས་དྲོད་ལ་སོགས་པ་ལ་དབང་པོ་ཉིད་དུ་འགྱུར་རོ་ཞེས་དགོངས་པའི་ཕྱིར་རོ། །འདི་རྣམས་ཁྱད་པར ་གྱི་ལམ་ལ་དབང་པོ་མ་ཡིན་པ་ཉིད་ན་ཆོས་ཀྱི་སྐུ་ལ་དབང་པོ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་ཏེ། སྔར་གྱི་རྟོགས་པའི་རྣམ་པ་རྣམས་འགལ་བའི་རྐྱེན་ཉེ་བར་གནས་པ་མེད་ན་ཕྱི་མར་རྗེས་སུ་འཇུག་པ་ཁོ་ནའོ་ཞེས་པ་ནི་རིགས ་པའོ་(ཡིན་པས་ཁྱད་པར་གྱི་ལམ་ལ་དབང་པོ་མ་ཡིན་པ་དེ་སངས་རྒྱས་ཀྱིས་ལའང་རྗེས་སུ་འཇུག་པ།)་སླར་ཡང་དད་པ་ལ་སོགས་པ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོའི་རབ་ཏུ་དབྱེ་བ་གསུངས་ནས། (དང་སོགས)་འདི་ཐམས་ཅད་ཐོས་པ་དང ་བསམ་པ་ལས་བྱུང་བར་རིག་པར་བྱ་སྟེ། དེ་ལས་དང་པོར་བསྟན་པ་ལ་འཇུག་པའི་རྒྱུ་(ཡིན་པ)་ཉིད་ཀྱི་ཕྱིར་རོ། །འདིར་ཐར་པ་ལནི་(སྤང་བྱ་དང།)་བྲལ་བའི་ཁྱད་པར་ཏེ་དེའི་ཆ་ལ་ཕན་པ་ཉིད་ཀྱི་ཕྱིར་ཐར་པའི་ཆ་ལ་ཕན ་བའོ་ཞེས་ཏེ། དེ་མ་ཐག་རྒྱུད་ཡོངས་སུ་སྨིན་པར་འགྲོ་བའི་ཕྱིར་ཡོངས་སུ་སྨིན་པ་ནི་ངེས་པར་འབྱེད་པའི་ཆ་ལ་ཕན་པ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །སླར་ཡང་(འཕགས་པ)་གང་གསུངས་པ་། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ་བཤད་པའི་ངེས་པར་འབྱེད་པའི་ཆ་ལ་ཕན་པ་ནི་མངོན་པར་རྟོགས་པ་པ་ཡིན་ལ། འདི་ནི་སྦྱོར་བ་པའོ་ཞེས་སོ། །དེ་ལ་(སྦྱོར་བ་ཞེས་པའི)་སྦྱོར་བ་ནི་རྣམ་པ་ཀུན་མངོན་པར ་རྫོགས་པར་རྟོགས་པ་ཁོ་ནའོ། (།སྦྱོར་བ)་དེའི་འདི་(ཅེས་པ་སྦྱོར་བ་ལ)་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པ་དང་བྱམས་པའི་སེམས་ལ་སོགས་པའི་(དེ་གཉིས་ལ་ཟློས་པའི་སྐྱོན་སྤོང་མཛད་པས་ཁྱད་པར་གྱི་ལམ་མ་ཡིན།)་ཁྱད་པར་ཅན་ནོ། །དེ ་ལྟ་ན་བྱང་ཆུབ་སེམས་དཔའ་དྲོ་པར་གྱུར་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་བག་ལ་ཉལ་ཐམས་ཅད་སྤངས་པ་ཟག་པ་དང་བཅས་པའི་སྒོམ་པ་ལས་བྱུང་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་ཅི་ལྟར་འཐད་ཅེ་ན། ་དེའང་འཕགས་པས་གསུངས་ཏེ་(ཉི་ཁྲི་སྣང་བར)་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་མེད་པ་ནི་མ་རིག་པ་དང་ལྟ་བའི་ཟག་པས་བསྡུས་པའི་བག་ལ་ཉལ་(ཕྲ་རྒྱས་མངོན་གྱུར)་རྣམས་ཡིན་གྱི་འདོད་པ་དང་སྲིད་པའི་ཟག་པས་(དེ་མི་འཐད་དོ།།) ་བསྡུས་པ་རྣམས་ནི་མ་ཡིན་ཏེ་བྱང་ཆུབ་སེམས་དཔའ་བསམས་བཞིན་དུ་སྲིད་པ་ལེན་པའི་ཕྱིར་རོ་ཞེས་པ་འདིས་ཏེ་འདིར་བག་ལ་ཉལ་ནི་རྒྱུན་ལ་མངོན་པར་དགོངས་པས་སོ། །དེ་ལྟར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་སུ། ་བཟོད་པ་འབྲིང་ལ་དེའི་འདོད་ཆགས་དང་ལྡན་པའི་སེམས་མི་བསྐྱེད་དོ་ཞེས་པ་ལ་སོགས་པ་འཕགས་པས་རྣམ་པར་བཤད་པ། ཉོན་མོངས་པ་ཐམས་ཅད་དང་ལྡན་པའི་སེམས་(མངོན་གྱུར་དུ)་མི་བསྐྱེད་པའི་ཕྱིར་ལུས་ལ ་སོགས་པ་ཡོངས་སུ་དག་པ་ཐོབ་པ་(བརྫུས་ཏེ་སྐྱེ་ཞིང་ཞིང་གཞན་དུ་འགྲོ་བ།)་དང་ཞེས་སོ། །གང་རིན་ཆེན་འབྱུང་གནས་ཞི་བས། ཐམས་ཅད་ཇི་ལྟར་འགྱུར་བ་དེ་ལྟ་བུའི་བག་ལ་ཉལ་ཞེ་སྡང་གི་རྒྱུན་སྤངས་པ་ནི་བག་ལ་ཉལ་ཐམས ་ཅད་སྤངས་པའོ་ཞེས་བཤད་པ། དེའང་བག་ལ་ཉལ་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་གསུང་ལས་དང། འཕགས་པའི་གསུང་ལས་གཞན་དུའོ་ཞེས་པས་མི་རིགས་སོ། །ཡང་འཕགས་པས་གསུངས ་པ་རྩེ་མོར་གྱུར་པའི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པའི་རྟགས་སེམས་གྱ་གྱུ་མེད་པ་ནི་དགེ་བའི་རྩ་བ་རྣམ་པར་དག་པ་ལ་སེམས་འཁྱོག་པོ་(ལམ་གྱ་གྱུ)་དང་བྲལ་པས་ཉན་ཐོས་ལ་སོགས་པའི་ས་ལས་འདས་པ་ལས ་གོང་ནས་གོང་དུ་ལུས་དང་ངག་དང་སེམས་ཡོངས་སུ་དག་པ་ཡོངས་སུ་འཛིན་པའི་རྒྱུ་ཉིད་ཀྱིས་སོ་ཞེས་སོ། །འདིར་(ཉན་རང་གིས་ལས།)་འདས་པ་ནི་མོས་པ་བར་མངོན་པར་དགོངས་ལ། རྟོགས་པ་པ་ནི་མཐོང་བའི་ལམ་ཁོ་ནར ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཁྱད་པར་གྱི་ལམ་དུ་དགོངས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པའི་རྟགས་རྒྱས་པར་བཤད་པར། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད ་པའི་སྐད་ཅིག་ལ་ནི་(ཉི་ཁྲི་སྣང་བར)་རྗེས་སུ་ཤེས་པ་དང་འབྲེལ་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་བ་སྲིད་དེ། (རྗེས་ཤེས)་དེ་ནི་ཁམས་གསུམ་པའི་གཉེན་པོར་འབྱུང་བ་ཉིད་ཀྱི་ཕྱིར་རོ་སྡུག་བསྔལ་ལ་རྗེས་སུ་ཤེས ་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་(ནི)་འདོད་ཆགས་དང་བྲལ་བ་(མྱང་འདས)་ཉིད་ཐོབ་པ་ཡོངས་སུ་སྤོང་སྟེ། སེམས་ཅན་གྱི་དོན་དང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་(ལུས)་ཡོངས་སུ་འཛིན་པས་སོ ་ཞེས་གསུངས་སོ། །ཁྱད་པར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་ས་གཞན་(ཉོན་མོངས་པ་དང་རང་སངས་རྒྱས)་དུ་ལྟུང་བའང་ཅི་ལྟར་སྲིད་དེ། ཚུ་རོལ་གྱི་ས་(ཱོག་མ)་རྣམས་སཱུང ་མ་ཡིན་པ་དེ་ཅི་ལྟར་གོང་མ་རྣམས་སུ་(ཁྱད་པར་གྱི་ལམ་དུ)་འགྱུར། གང་ཡང་རིང་དུ་སོང་བའི་ས་ལ་མཚན་མ་མེད་པར་གཞན་གྱི་དོན་ལ་འཇུག་པ་ནི་(མཚན་མ་མེད་པར་སྒྲིམ་པའི)་འབད་པ་ཡོད་པ་ཁོ་ན་ལས་འབྱུང་གི ་ཅིག་(ས་གཞན་དུ་ལྟུང་བ)་ཤོས་ལྟར་ནི་མ་ཡིན་ནོ་ཞེས་དགོངས་(ཏེ་མི་འགྱུར་རོ)་པས་འཕགས་པ་དཔའ་བོས་(ཕ་རོལ་ཏུ་ཕྱིན་པ་བསྡུས་པར)་གསུངས་པ། ཡིད་ནི་མཆོག་ཏུ་གཡོ་བས་ལྡོག་།དེའི་ཕྱིར་དེ་ལ་དབུགས་མ ་ཕྱུང། །ས་བཞིན་གཡོ་མེད་མ་ཐོབ་(འབད་པ་མེད་པར།)་བར། (བ)་བརྟན་མེད་མི་གཡོའི་ས་རྟོགས་དཀའ་ཞེས་སོ། །གང་ཡང་འཕགས་པས་ས་བཅུ་པར་ས་བརྒྱད་པ་ལ་གསུངས་(ཱི་ཡང་བ་ཉི་མ)་པ། གལ་ཏེ་སངས་རྒྱས ་བཅོམ་ལྡན་འདས་དེ་རྣམས་བྱང་ཆུབ་སེམས་དཔའ་(ཐམས་ཅད་མཁྱེན་པའི་ཡེ་ཤེས།)་དེ་(བརྒྱད་བ)་མངོན་པར་སྒྲུབ་པའི་སྒོ་(ཏེ་ཐབས)་རྣམས་ལ་འཇུག་པར་མི་མཛད་ན་དེའི་ཚེ་ཉིད་(བྱང་ཆུབ་སེམས་དཔའ་)་འདིའི་(འགོག་པ་ལས་མི་ལྡང་བས)་མྱ ་ངན་ལས་འདས་པར་འགྱུར་རོ་ཞེས་སོ། །དེ་ལ་(ཡིད་གཡོ་བས)་ལྡོག་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་ནི། ཉན་ཐོས་ལ་སོགས་པ་ལྟར། (།ལྷག་མེད་ཀྱི་སར་མདོ་སྡེ་དྲངས་པ། མ་འགགས་པ་ཡི་སེམས་ཀྱིས་ནི། །ཚོར་བ་ཉམས་སུ་མྱོང་བྱེད་པས)་མར ་མེ་བཞིན་དུ་མྱ་ངན་འདས། (།ཡང་ཞུམ་པ་མེད་པའི་སེམས་ཀྱིས་ནི། ཚོར་བ་དང་དུ་ལེན་པ་ན། །མར་མེ་ཞི་བར་གྱུར་བ་ལྟར། །ཞེས་ཀྱང་ཟེར།)་དེ་ཡི་སེམས་ནི་རྣམ་པར་གྲོལ། (།ཉི་ཁྲི་སྣང་བའི་སྒྲུབ་པ་ལ་གདམས་པའི་སྐབས་སུ།)་ཞེས་པ་ནི་མྱ་ངན་ལས་འདས་པ་མ་(ཐེག་པ་ཆེན་པོར ་X་བཀག་པས་ན།)་ཡིན་ཏེ། (བྱང་ཆུབ་ཀྱི)་སེམས་བསྐྱེད་པ་ནས་བརྩམས་ཏེ་ཉན་ཐོས་ལ་སོགས་པའི་ཐེག་པ་ལ་སྤྲོ་བའི་(ལམ་འདོད་པ།)་ཡིད་ལ་བྱེད་པ་རྣམས་རིང་དུ་སྤངས་པའི་ཕྱིར་རོ། (།རྫོགས་པའི།)་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ ་ཡང་མ་ཡིན་ཏེ་སྒོམ་པས་སྤང་བར་བྱ་བ་མ་སྤངས་པའི་ཕྱིར་རོ། །འོན་ཀྱང་འདིར་དམ་པའི་ཆོས་པདྨ་དཀའ་པོའི་མདོ་ཚད་མར་བྱས་ནས། ཇི་ལྟར་(སྙིང་རྗེ་གོམས་བས)་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ ་ཆེན་པོ་རྣམས་ལ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་རྣམ་པར་བཞག་པ་གསུངས་པ་དེ་བཞིན་དུ་དགོངས་པ་ཅན་གྱིས་མྱ་ངན་ལས་འདས་པར་རིག་པར་བྱ་སྟེ། དུས་རེ་ཞིག་སེམས་ཅན་གྱི་དོན་རྒྱུན་འཆད་པ་གཟུང་ནས་སོ། །དེ་ཉིད ་ཀྱི་ཕྱིར་གསུངས་པ། དེ་ཉིད་འདིའི་མྱ་ངན་ལས་འདས་པར་འགྱུར་ཏེ། སེམས་ཅན་གྱི་ཐམས་ཅད་ཀྱི་བྱ་བ་རྒྱུན་འཆད་དོ་ཞེས་སོ། །དེ་བཞིན་དུ་དེར་བརྒྱད་པ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ལ་བྱང་ཆུབ་སེམས ་དཔའ་ལ་ཚད་མེད་པ་(བྱམས་པ་ལ་སོགས་པ)་རྣམས་དགོས་ཏེ། གཞན་དུ་(ཏེ་ཚད་མེད་བཞི་མེད)་ན་སྐད་ཅིག་དགུ་པ་(གསུངས་པས)་ལ་སེམས་ཅན་གྱི་ཁམས་ལ་བལྟོས་པ་མེད་པས་འགོག་པར་ལྟུང་ངོ་ཞེས་(གསུངས་པ།) ་པ་འདིར་ཡང་དུས་རེ་ཞིག་སེམས་ཅན་གྱི་དོན་རྒྱུན་འཆད་པ་འགོག་བར་ཤེས་པར་བྱའོ། །གང་ཡང་(རྩེ་མོའི་མངོན་རྟོགས་ཀྱི)་བརྟན་པའི་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བར་འཕགས་པས་གསུངས་པ། འདི་ལྟར ་གྱུར་པའི་རྟོགས་པའི་གནས་སྐབས་(རྩེ་མོའི་བསྟན་པ་ཐོབ་པ།)་ན་མྱ་ངན་ལས་འདས་པར་ལྟུང་བ་སྤངས་པའི་དོན་དུ་སྙིང་རྗེ་ཆེན་པོ་ལ་མངོན་པར་ཕྱོགས་པར་བྱེད་པའི་བསམ་པས་ཤེས་པ། དེར་ཡང་མྱ་ངན་ལས་འདས་པར་ ་ལྟུང་བ་ནི་དུས་རེ་ཞིག་གཞན་གྱི་དོན་རྒྱུན་འཆད་པ་ཁོ་ནའོ། །སར་ལྟུང་བའང་དེ་བཞིན་དུ་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་སར་ལྟུང་བ་ནི་རྟོག་པ་(ཉམས་པ།) ་སྟེ་གཞན་གྱི་དོན་ལ་དགའ་བ་དང་བྲལ་བའི་ངོ་བོའི་མྱ་ངན་ལས་འདས་པའི་བདག་ཉིད་ནི་མ་ཡིན་ནོ། །འགྱུར་དུ་ཆུག་ན་ཡང་དེའི་ཚེ་ནི་བརྗོད་པ་དང་ཆད་པར་འགྱུར་པའི་རིགས་པ་རྣམས་ཤེས་པར་བྱའོ། །དེ་ཉིད ་ཀྱི་ཕྱིར་(ཡུམ་སྟོང་ཕྲག་ཉི་ཤུ་ལྔ་བར)་འཕགས་པ་བྱམས་པས་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་བྱམས་པས་དེ་ལྟར་ཡོངས་སུ་ཤེས་པ་ལ་སོགས་པ་དང་ལྡན་པའི་བྱང་ཆུབ ་སེམས་དཔའ་ཨི་མྱ་ངན་ལས་འདས་པ་གང་ལགས་ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། (བྱང་ཆུབ་སེམས་དཔའ་)་འདི་རྣམས་ཀྱི་མྱ་ངན་ལས་འདས་པ་ཟབ་སྟེ། གང་གི་ཕྱིར་དེ་ནི་མྱ་ངན་ལས ་འདས་པ་མ་ཡིན་མྱ་ངན་ལས་འདས་པ་མ་ཡིན་པའང་མ་ཡིན་ནོ། །དེ་ཅི་ལྟར་ཞེ་ན། གང་གཞན་གྱི་དོན་ལ་བརྩམས་ཏེ་འཁོར་བ་ཡོངས་སུ་མི་གཏོང་བ་ནི་(བྱང་ཆུབ་སེམས་དཔའ་)་འདི་རྣམས་ཀྱི་མྱ་ངན་ལས་འདས་པ ་མ་ཡིན་པའོ། །བདག་གི་དོན་ལས་བརྩམས་ཏེ་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བ་ནི་འདི་རྣམས་ཀྱི་མྱ་ངན་ལས་འདས་པའོ། །གཅིག་(འཁོར་བ་ལྟ་བུ)་མ་བཏང་ན་ཅིག་ཤོས་(མྱང་འདས་ལྟ་བུ)་གཏོང་བའི ་ཕྱིར་གཉིས་ཀ་དག་མི་གཏོང་བ་མི་རིགས་ཤེ་ན། (འཁོར་བ་དང་མྱང་འདས)་གཉིས་ཀར་རྣམ་པར་མི་རྟོག་པ་སྟེ་དེར་(འཁོར་འདས)་དེ་དག་གིས་(འཁོར་བས)་ཡིད་འབྱུང་བ་མེད་(ཅིང་མྱ་ངན་ལས་འདས་པ་མ་ཉམས་པར་མི་འགྱུར།)་པས ་དེའི་ཕྱིར་གཉིས་ཀ་མི་གཏོང་བ་རིགས་སོ། །དེའི་ཚེ་དེ་འཁོར་ལོ། །མྱ་ངན་ལས་འདས་ཀྱང་འདའ་ཨོ་ཞེས་མི་རིགས་སོ་ཞེ་ན་སེམས་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཨི་ཐབས་ལ་མཁས་པས་གང་འཁོར་བ་ཀུན་ཏུ་སྟོན་པ་དེ་ནི་འདིའི ་འཁོར་བ་ཡོངས་སུ་མི་གཏོང་བའོ། །གང་སྟོང་པ་ཉིད་ཀྱང་ཡིན་ལ་དམིགས་པ་མེད་པ་ལ་གནས་པ་(ཱམ་རྟོགས་པ།)་ཡང་ཡིན་པ་དེ། (བྱང་ཆུབ་སེམས་དཔའ་)་འདིའི་མྱ་ངན་ལས་འདས་(རང་རྒྱུད་དུ་མ་གྲུབ་ཀྱང་གཞན་གྱི་དེར?།)་པ ་ཡོངས་སུ་མི་གཏོང་བའོ་ཞེས་སོ། (།རང་དོན་དུ་མྱང་འདས་མི་གཏོང་བ)་འདི་ལྟ་བུ་ཁོ་ན་ལ་དགོངས་ནས་སློབ་དཔོན་ཟླ་བ་གྲགས་པས། (དབུ་མ་ལ་འཇུག་པའི་འགྲེལ་པར)་ས་བརྒྱད་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས ་ཉོན་མོངས་པ་(འཁོར་བར་སྐྱེ་བའི་རྒྱུ)་ཐམས་ཅད་མུན་པ་བཞིན་སྤོང་ངོ། །ཞེས་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ་འབྱུང་བར་(ཱམ་སྲེད་བ)་གསུངས་པ་ནི་(ས་བཅུ་པའི་མངའ་ཨི)་དེ་ཉིད་འདིའི་མྱ་ངན་ལས་འདས ་པར་འགྱུར་རོ་ཞེས་པ་སྟེ། འདོད་ཆགས་དང་མ་བྲལ་བ་ལ་མྱ་ངན་ལས་འདས་པ་ཐོབ་པའི་དོགས་པ་མེད་པའི་ཕྱིར་རོ། (ཉོན་མོངས་སྤངས་པ)་འཁོར་བ་འགགས་ཀྱང་དབང་བཅུ་ཐོབ་པ་ལས་(དབང་བཅུ་བ)་དེ་རྣམས་ཡིད ་ཀྱིས་(ལས་དང་ཉོན་མོངས་པ་ལས་མ་གྲུབ་ཅིང་ཡིད་ཀྱི་སྤྲུལ་པའི་ཕྱིར་ཞེས་འཇུག་ཊིཀ་རུ།)་རང་བཞིན་གྱི་ལུས་སྣ་ཚོགས་པས་(མི་ལ་སོགས་པའི)་སྲིད་པའི་འཁོར་བར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་མི་འགལ་ལོ་ཞེས་རྣམ་པར ་བཤད་དོ། །འཕགས་པ་རྣམ་པར་གྲོལ་བའི་སྡེས་ཀྱང། (སེམས་བསྐྱེད་བཞི་པའི་བཤད་པར་སྟེ།)་ས་འདི་(གཞོན་ནུའི་ས་བརྒྱད་པ)་ལས་ཡང་དག་པར་འདའ་བ་ནི་སངས་རྒྱས་རྣམས་ཀྱིས་ཡང་དག་པར་བསྐུལ་བའི་བྱང་ཆུབ་སེམས་དཔའ་ཨི་བྱ་བ ་ལྷག་མ་(སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་སོགས།)་མངོན་པར་འདུ་བྱེད་པ་གཟུང་ནས་སོ། །འདའ་བ་ནི་རྣམ་པ་གཉིས་ཏེ་མཐོང་བས་(ཱི་ལམ་གྱི)་འདའ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལ ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་སྒོམ་པའི་ལམ་མེད་པའི་ཕྱིར། །གནས་པས་འདའ་བ་ནི་ཕྱིར་མི་ལྡོག་པའི་སའི་སྟེ་སྒོམ་པའི་ལམ་རྒྱུན་ཆགས་པའི་མཚན་ཉིད་ཀྱི་ཕྱིར་རོ་ཞེས་ངེས་པར་དཔྱད་དོ། །སླར་ཡང ་(ཉན་ཐོས་དང་རང་སངས་རྒྱས་ཀྱི)་འཕགས་པས། དེ་(སྒོམ་པའི་ལམ)་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུ་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །རབ་ཏུ་དབྱེ་བ་རྣམ་དགུར་(བར་མཛད)་འདོད། ། ་ཅེས་པའི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པའི་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་ནི་(གྲངས་ཡོད་པ་དང་གཞལ་དུ་ཡོད་པ་དང་ཆེད་ཡོད་བ་རྟོགས་བས་བསྡུས་པ།)་སྒོམ་པའི་ལམ་གྱི་དབང་དུ་བྱས་པས་ན་ས་དགུ་པ་ལ་དེའི་གཉེན་པོར་ལམ ་ཆེན་པོའི་ཆེན་པོའི་རྣམ་པར་འགྱུར་བ་ཞེས་གསུངས་སོ། །ལམ་གྱི་རྣམ་པ་(ཆེན་པོའི་ཆེན་པོ)་འདི་ནི་ས་བཅུ་པ་སྟེ་འདོད་ཁམས་སུ་ཐ་མ་ཡིན་ན་དེ་འཆད་པར་འགྱུར་བའི་ཚུལ་གྱིས་ཁྱད་པར་གྱི་ལམ་(ཁམས་གོང་མའི་གཉེན་པོ།།) ་ལ་ཅི་ལྟར་རིགས། དེ་ཉིད་ཀྱི་ཕྱིར་ཚིག་ལེའུར་བྱས་པ་འདིའི་འགྲེལ་པར་འདོད་པའི་ཁམས་ལ་སོགས་པ་ས་དགུ་རྣམས་སུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བ་ནི་སྒོམ་པའི་ལམ་མོ་ཞེས་སེང་གེ་བཟང་པོས་བཤད་པ། འཕགས ་པའི་དགོངས་པའི་རྗེས་སུ་འབྲང་ན་འཐད་ཀྱི་གཞན་དུ་ན་(རྣམ་ཀུན་གྱི་སྒོམས་པ་ཁྱད་པར་གྱི་ལམ་དུ་འདོད།)་མ་ཡིན་ནོ། །གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་(ནི་བྱང་ཆུབ་སེམས་དཔའ་ཨི)་ཤེས་པས་དང་(དེ་ནི)་མཐོང ་བས་བལྟས་ནས་འདའ་ཨོ་ཞེས་(འཕགས་པའི་མཁྱེན་གསུམ་མཇུག་བསྡུས་ཀྱི་ཐད་དུ་དྲངས།)་པའི་འདའ་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་ལས་འཇུག་པའོ་ཞེས་(རྣམ་འཕེལ་བཅོ་ལྔ་པའི་སྐབས་སུ།)་གསུངས་པ་དེ་ལ་འདའ་བ་ནི་ས་དང་པོ་ལ ་སྟེ། ཁྱད་པར་གྱི་ལམ་ལ་ནི་མ་ཡིན་ནོ་ཞེས་དཔྱད་ཟིན་ནོ། །དེ་བཞིན་དུ་(སྐབས)་གཞན་དཱུང་ཤེས་རབ་ཅན་རྣམས་ཀྱིས་འགལ་བ་ལ་སོགས་པ་རྟོགས་པར་བྱ་སྟེ། (ཉན་རང་གི་ཤེས་པ་དང་སྤོང་བ་བྱང་ཆུབ་སེམས་དཔའ་ཨི་སྡུག་བསྔལ་ལ་ཆོས་བཟོད?་དུ་འདུས་བས།) ་ཆེན་(སློབ་དཔོན་སེང་གེ་བཟང་པོ་ལྟ་བུའི།)་པོ་འགའ་ཞིག་ལ་ལང་སོ་སོའི་སྐྱེ་བོ་ཉིད་ཀྱིས་ན་བདག་མེད་པ་ལས་འཁྲུལ་པ་སྲིད་པས་སོ་ཞེས་བས་(འགྲེལ་མེད་དང་ཟློས་པ)་འདིར་ཅི་བྱ་ཞེས་པ་ཤིན་ཏུ་སྤྲོས་པས་ཆོག་སྟེ། རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཇི་ལྟ་བར་རྣམ་པ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཁོ་ནའོ་ཞེས་གནས་སོ། །དེ་ལ་སེམས་བསྐྱེད་པ་དང་པོ་གསུམ་རྣམས་ཐོས་པ་དང་བསམ་པ་ལས ་བྱུང་བའི་ཤེས་(གཙོ་བོ་དང་ཕལ་པ་སྡོམ་པས་སེམས་སྐྱེད་ཀྱི་གཉིས་ཀྱི་ངོ་བོ་ཡིན་ལ།)་རབ་དག་གི་རབ་ཏུ་གྱུར་པའི་གནས་སྐབས་ཐར་པའི་ཆ་ལ་ཕན་པའི་དགེ་བའི་རྩ་བ་དང་ལས་དང་པོ་པའི་ས་(ལམ་ལྔ་ལས)་དང་ཚོགས་ཀྱི་ལམ་དང་ཚོགས་ཀྱི་ས ་ཡིན་པ་རིམ་པ་ཇི་ལྟ་བར་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ནི་ཆེན་པོ་དང་འབྲིང་དང་ཆུང་ངུའི་(ཡིན་ཅིང་དེ་ཉིད)་གང་ཟག་གི་གདམས་ངག་གི་ཡུལ་རྣམས་ཏེ། (ཆུང་ངུ)་དྲན་པ་ཉེ་བར་གཞག་པ་དང། (འབྲིང)་ཡང་དག་པར ་སྤོང་བ་དང། (ཆེན་པོ)་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་གོ་ཆའི་སྒྲུབ་པ་ཞེས་པར་ཡང་རྣམ་པར་བཞག་གོ་།ཤེས་རབ་ནི་རྣམ་པ་གསུམ་སྟེ། དེ་ལ་གང་ལ་ལ་གཅིག་པུ་གཅིག་དབེན་པར་སོང ་སྟེ། ལུང་(ཡིད་ཆེས་པའི་ཚིག)་གི་དོན་དཔྱད་པ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའོ། །དེ་ལྟ་ནའང་བ?་ལ་ཐེ་ཚོམ་ཟ་སྟེ། (ལེགས་པར་དཔྱད་ན།)་རྗེས་སུ་དཔག་པ་ལ་སོགས ་པའི་སྟོབས་ལས་(མཚན་བརྗོད་འགྲེལ་ཆེན་དུ་ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་ཟང་ལུང་དུ་ཤེས་པར་བྱ། །ཉེས་པ་ཟད་པ་བརྫུན་གྱི་ཚིག། སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཅེས་དྲངས་པས།།)་སྐྱེས་པ་(ཱི་ཤེས་རབ)་དེ་རིགས་པ་བསམས་པ་ལས་བྱུང་བའོ། །དེ་དག་གིས་ཐེ་ཚོམ ་གྱི་རྩ་བ་ཕྱུང་བས་འབད་པར་བྱེད་པ་ལས་ཏིང་ངེ་འཛིན་ཐོབ་པ་ལས་བསྒོམ་པ་ལས་བྱུང་བར་འགྱུར་རོ། །སྒོམ་པ་ནི་རྣམ་པ་གསུམ་སྟེ་ཞི་གནས་དང་(རྐྱང་པ)་ལྷག་མཐོང་དང་(རྐྱང་བ)་ཞི་གནས་ལྷག་(?་བྱུང་བསམ་བྱུང)་མཐོང ་དག་གོ་།ཞི་(སྒོམ་པ་ལ)་གནས་རྫོགས་ནས་འཇུག་པ་ན་གང་(སྐྱེས་པའི་ཤེས་རབ་ནི)་ལྷན་ཅིག་སྤྱོད་པར་(གྲོགས་སུ)་འགྱུར་བ་ཤེས་རབ་དང་ལྟ་བ་དང་རིག་པ་དང་བློ་དང་སྣང་བ་དེ་ལྷག་མཐོང་ངོ། །དེ་གཉིས་ཀ་བསྒོམས་(ཟུང་འཇུག) ་པ་ལས་བྱུང་བའི་ཤེས་རབ་བོ། །དེའི་ཕྱིར་མཚན་མ་མེད་པ་ཉིད་དུ་དམིགས་(ཞི་གནས་ཀྱི)་པའི་ཡེ་ཤེས་ཀྱི་རྣམ་པས་སྦྱིན་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་རང་(ཞི་གནས་དང་ལྷག་མཐོང)་གི་རྒྱུད་ལ ་འབྱུང་བ་(ཞིང་སྐྱེ)་ལས་ཡང་དག་པར་འགྲུབ་པར་བྱ་བ་ལ་ཤེས་རབ་དང་ཐབས་ལ་མཁས་པ་ནི་ཐར་པའི་ཆ་ལ་ཕན་པའོ། །འདིར་ཐར་པ་(རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར།)་ནི་བྲལ་(སྤང་བྱ་དང)་བའི་ཁྱད་པར་ཏེ། དེའི ་ཆ་ལ་ཕན་པ་ཉིད་ཀྱི་ཕྱིར་ཐར་པའི་ཆ་ལ་ཕན་ཞེས་པའོ། །ཐོག་མར་རྣམ་པ་ཀུན་རྟོགས་པའི་བདག་ཉིད་ཅན་གྱི་བསྟན་པ་ལ་འཇུག་པའི་རྒྱུར་གྱུར་པ་ཐོས་པ་དང་བསམ་པ་ལས་བྱུང་བའོ། །དེ་བཞིན་དུ?་བ་བཅོམ་ལྡན་འདས་མ ་བརྒྱད་སྟོང་པ་(འདི་ཉིད་ཀྱི་ཐད་དུ)་གསུངས་པ། རབ་འབྱོར་དེའི་ཕྱིར་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་(ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ།)་བསྒོམ་པར་བྱ་ཞིང་ཐམས་ཅད་ལ་མཁས་པས ་འབྱུང་(ཱི་ལེའུ་བཅུ་དྲུག་པ)་བར་བྱའོ། །ཞེས་སོ། །དེ་ལ་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་གྱུར་པར་སོན་པ་སྟེ། དེ་ལ་(གང་ཟག་དམ་པ།)་འདིའི་སེམས་དཔའ་མངོན་པར་འདོད་པ་(ཐོབ་པའི)་རྟོགས་པའོ་ཞེས་པ ་བྱང་ཆུབ་སེམས་དཔའ་ཨོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེ་བའི་དོན་དུ་གང་མངོན་པར་འདོད་པ་དེ་ནི་ཆེན་པོ་སྟེ། ཆེན་པོ་ཉིད་དེ་འདིའི་ཡིན་པས་སེམས་པ་ཆེན་པོའོ། །ཚིག་གཉིས་པ་འདིས་སེམས་བསྐྱེད་གསུངས་སོ། ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་ཀྱིས་ཆོས་མ་ལུས་པ་ཡོངས་སུ་ཤེས་པའོ། །ཐབས་ནི་སངས་རྒྱས་ལ་སོགས་པའི་ཡུལ་ལ་དད་པ་དང། སྦྱིན་པ་ལ་སོགས་པ་ལ་བརྩོན་འགྲུས་དང། དགེ་བ་འདོད་པ་ཉིད་ལ ་སོགས་པའི་དྲན་པ་དང། བྱེད་པ་པོ་དང་ལས་དང་བྱ་བ་མིང་དམིགས་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་(བསྟན་བཅོས་སུ། སངས་རྒྱས་སོགས་དམིགས་པ་དང། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང། །བསམ་པ་ཕུན་ཚོགས་དྲན་པ་དང། །རྣམ་པར་མི་རྟོག་ཏིང་འཛིན་དང། ཞེས་པས།) ་མ་དབང་པོའི་དོན་(དབང་བྱེད་པ)་མེད་པའི་ཕྱིར་དབང་པོའི་ངོ་བོ་མ་ཡིན་པའི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསག་པར་(ཱམ་ཉེ་བར་སྒྲུབ་པ)་བྱའོ ་ཞེས་གསུངས་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་ཐབས་ལ་མཁས་པ་དང་བྲལ་བ་(དབང་པོ་ལྔ་པོ་འབྲིང་དང་རྟུལ་པོ།།)་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་པའོ། །དེ་ལྟར་ཡང་(བསྟན་བཅོས་ལས)་གསུངས་པ། མཚན ་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །སངས་རྒྱས་སོགས་དམིགས་དད་པ་དང། །སྦྱིན་སོགས་སྤྱོད་ཡུལ་བརྩོན ་འགྲུས་དང། །བསམ་པ་ཕུན་ཚོགས་དྲན་པ་དང། །རྣམ་པར་མི་རྟོག་ཏིང་འཛིན་དང། །ཆོས་རྣམས་རྣམ་པ་ཐམས་ཅད་ཀྱིས། །ཤེས་པའི་ཤེས་རབ་ཅེས་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ ་པོས་རྟོགས་དཀའ་བཞེད། ཅེས་སོ། །དད་པ་ལ་སོགས་པའི་རིམ་པའང་རིགས་པ་སྟེ། དད་པས་ནི་རབ་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་ལས་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་(དབང་པོ)་བརྩམས་པས་ནི་དྲན་པ་ཉེ ་བར་གནས་སོ། །དྲན་པ་ལས་ཉེ་བར་གནས་པའི་སེམས་(དམིགས་པ་མ་རྗེད་པས།)་མཉམ་པར་འཇོག་གོ་།སེམས་མཉམ་པར་གཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་སོ། །ཇི་སྐད་གསུངས་པ། རབ་ཏུ་དགའ་བ་ལས ་དགའ་བ་སྐྱེའོ། །ཡིད་དགའ་བ་ལས་ལུས་ཤིན་ཏུ་(ལས་སུ་རུང་བའི)་སྦྱངས་པའོ། །ལུས་ཤིན་ཏུ་སྦྱངས་པ་ནི་བདེ་བ་མྱོང་བར་བྱེད་དོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ། (མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་དགུ།)་སེམས ་མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་(ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ།།)་ཞེས་སོ། །འོ་ན་བཅོམ ་ལྡན་འདས་མ་བར་མར་གསུངས་པ། བྱང་ཆུབ་སེམས་དཔའ་སྤྱོད་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་དམིགས་སུ་མེད་པའི་ཕྱིར་འགའ་ལའང་སྤྱོད་པ་མེད་པ་ཁོ་ན ་སྤྱོད་པ་སྟེ་གོ་ཆ་ལ་སོགས་པ་སྒྲུབ་པ་བཞིའི་ངོ་བོ་ཡིན་ལ། ལས་དང་པོ་པ་དེ་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེ་ན། །བཅོམ་ལྡན་འདས་མ་ཉིད་དུ་གསུངས་པ་མ་ཡིན་ནམ། བཅོམ་ལྡན་འདས་ཅི་ལྟར་ལས་དང་པོ ་པའི་བྱང་ཆུབ་སེམས་དཔས་ཤེས་པ་ལ་སོགས་པ་ཞུས་པའི་མཐར་སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་ཆོས་ཐམས་ཅད་ལ་(དབེན་པར)་དམིགས་སུ་མེད་པའི་ཚུལ་གྱིས་བསླབ་པར་བྱའོ་ཞེས་ཏེ། འདིས་མིག་ལ ་ཏེ་ཡང་ལས་དང་པོ་པ་ལ་དོན་དམ་པའི་སྤྱོད་པ་མེད་མོད་(དོན་དམ་པའི་སྤྱོད་པ།)་དེའི་དོན་དུ་བསླབ་པར་(ལས་དང་པོ་བ།)་བྱ་སྟེ། སློབ་པར་བྱེད་པ་ཁོ་ན་སྤྱོད་པའོ་ཞེས་བརྗོད་དེ་ཞེས་བསྟན་ཏེ་ཞེས་སློབ་དཔོན་དབྱིག་གཉེན་ནོ། །དེ་ཉིད་ཀྱི་ཕྱིར ་འདི་འདྲ་བ་ནི་ལས་དང་པོ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གོ་ཆའི་སྒྲུབ་པའོ། །དེར་འདིའི་དོན་དུ་གཉེར་བྱ་དོན་དུ་བྱ་བ་ཉིད་ཉེ་བར་སྟོན་བ་གདམས་པ་དང་རྗེས་སུ་བསྟན་(བཤད་མ་ཐག་པ) ་པ་སྟེ། ཐོབ་(ཟིན)་པའི་ཡོན་ཏན་ཡོངས་སུ་བསྲུང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ཉེ་བར་གཟུང་ནས་གདམས་པའོ། །དེའི་འོག་ཏུ་(སྔར)་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པར་ཉེ་བར་བཟུང་ནས་རྗེས་སུ་བསྟན་པར ་འགྱུར་རོ། (བསྟན་པ་དེ་ལ)་སེང་གེ་བཟང་པོ་ནི་(བརྒྱད་སྟོང་འགྲེལ་པའི་ལམ་ཤེས་ཀྱི་རྟེན་གྱི་བར་དུ)་རིམ་པ་བཞིན་དུ་ཉན་པའི་སྐབས་སུ་གཞུང་འཛིན་པའི་ཆེད་དུ་སློབ་པ་(ཉེ་བར་བསྟན་པ)་དང་སེམས་པའི་གནས་སྐབས་སུ་བཟུང་བའི་དོན་མི་བརྗེད་པའི ་ཆེད་(གདམས་པ)་བ་དང། སྒོམ་པའི་གནས་སྐབས་སུ་སྔར་མེད་པ་བསྐྱེད་པའི་ཆེད་དུ་(རྗེས་སུ་བསྟན་པ)་གསུམ་པོ་འདིའི་ཞེས་ཟེར་རོ། །དེ་ལ་བཅོམ་ལྡན་འདས་མ་བར་མ་རྣམ་(ཚེ་དང་ལྡན་པ་?་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ།)་པ་ཐམས་ཅད ་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མཚན་མར་མི་བྱེད་ཅིང་དམིགས་སུ་མེད་པ་ནི། (ཉི་ཁྲི་སྣང་བར།)་གོ་ཆ་ཆེན་པོ་ཉིད་ཀྱིས་གོ་ཆའི་སྒྲུབ་པའི་རང་གི་ངོ་བོ་ཆེན་པོ། ཉིད་དོ། ། ་དེ་བསམ་གཏན་(སོགས་ཚད་མེད་པ་དང་གཟུགས་མེད་པའི་སྙོམ་འཇུག།)་རྣམས་ལ་སྙོམས་པར་འཇུག་པར་འགྱུར་ཞིང་དེ་(བསམ་གཏན་སོགས)་རྣམས་ཀྱི་རོ་མྱང་བར་ཡང་མི་བྱེད།)་དེ་རྣམས་ཀྱིས་ཀྱང་མི་འཕྲོགས་ལ། དེ་རྣམས་ཀྱི་དབང་གིས ་ཀྱང་མི་སྐྱེ་སྟེ། བསམ་གཏན་ལ་སོགས་པ་རྣམས་ལ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པར་མཐོང་བས་གནས་ཀྱང་ཡང་དག་པའི་མཛའ་ཡང་མངོན་དུ་མི་བྱེད་དོ་ཞེས་ཐབས་ལ་(བསམ་གཏན་སོགས)་མཁས ་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་ཀྱིས་ཐབས་ལ་མཁས་པས་ཡོངས་སུ་གཟུང་བ་ཆེན་པོ་ཉིད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱིས་བསྔགས་པ་(དང་ཆེད་དུ་བརྗོད་པ)་ལ་སོགས ་གསུངས་པས་(གོ་ཆའི་སྒྲུབ་པ་དེ)་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཆེན་པོ་ཉིད་དོ། །དེ་ལ་གོ་ཆའི་སྐད་ལ)་ཆ་ནི་ཡ་ལང་དང་སྲུང་བྱེད་དེ་དབུ་མའི་སྒྲུབ་པ་(ཱམ་ལམ)་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ ་པ་ཐམས་ཅད་ཀྱིས་ཇི་ལྟར་ཆེད་དུ་བྱ་བ་ལྟར་ཕ་རོལ་(བདུད་སོགས)་གནོན་པའོ། །ཇི་ལྟར་(ཞེས་སོ)་རྒྱལ་པོའི་རིགས་རྒྱལ་སྲིད་འདོད་པ་(རྟག་ཆད་ཀྱི་མཛའ་དང་བྲལ་བས།)་འགའ་ཞིག་(རྒྱལ་སྲིད)་དེ་ལ་ཕན་པའི་འདོད་པའི་སྤྲོ ་བས་དང་པོར་གོ་གྱོན་ནོ། །དེ་ནས་འཇུག་སྟེ་(ཅིང་གནས་པར་བྱེད)་གླང་པོ་ཆེ་ལ་སོགས་པའི་(རྟ་དང་ཤིང་རྟ)་ཐེག་པ་ཞོན་ནོ། །དེའི་རྗེས་སུ་དཔུང་གི་ཚོགས་(སྡུད་ཅིང)་སོག་གོ་།དེ་ནས་(རྒྱལ་སྲིད་ཀྱི)་མི་མཐུན་ཕྱོགས་ལས་རྒྱལ་ནས་ངེས ་བར་བགྲོད་བྱའི་ས་རྣམས་སུ་ངས་པར་འགྲོ་ཞིང་རྒྱལ་སྲིད་ཐོབ་པོ། །དེའི་རྗེས་སུ་རང་གི་དོན་(རྒྱལ་སྲིད་ཐོབ་པ)་བྱས་པ་ནི་(འབངས་ལ་སོགས་པ་ལ)་སྙིང་རྗེ་དང་བཅས་པས་ཇི་ལྟར་རིགས་པར་སྐྱེ་དགུ་རྣམས་ཡོངས་སུ་སྐྱོང་བ། དེ་བཞིན་དུ ་བྱང་ཆུབ་(པའམ་འབྱུང)་སེམས་དཔའ་སྒྲུབ་པའི་རྟེན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཅན་བླང་བར་བྱ་བ་དང་(མི་དགེ་བ་ལས།)་དོར་བར་བྱ་བ་ཉིད་ཀྱིས་དགེ་བ་ལ་སོགས་པ་སྒྲུབ་པའི ་དམིགས་པ་(ཆོས་ཐམས་ཅད)་རྣམས་ལ་ཇི་ལྟར་རིགས་པར་དམིགས་ལ། །གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ། (དགེ་བ་ལ)་སྟོང་པ་ཉིད་(ཀྱི་རང་བཞིན་ཡིན་པའམ་སྟོང་ཉིད་རྟོགས་པའི་ཤེས་རབ)་དང་སྙིང་རྗེའི་སྙིང་པོ་ཅན ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པ་ལ་ཀུན་རྫོབ་(ཏུ་སྣང་ཙམ་དུ་ཡོད་པ)་དང་དོན་དམ་པའི་(ཏེ་བདེན་པ་མེད་པ)་བདེན་པ་ལས་མ་འདས་པར་མི་དམིགས་པའི་ཚུལ་གྱིས ་འཇུག་པར་བྱའོ་ཞེས་གདམས་པ་ཐོབ་པ། སྒྲུབ་པ་དེའི་དམིགས་པའི་ངོ་བོ་བདེན་པ་(བཞི)་ཤེས་པ། རྟེན་དཀོན་མཆོག་གསུམ་རིག་པ། ཁྱད་པར་དུ་འགྲོ་བར་བྱེད་པ་མ་ཞེན་པ། (སྒྲུབ་པ་ལས)་མི་ལྡོག་པའི་ཆེད་དུ་ཕྱོགས ་བཅུ་ལྟ་ཡང་ཡོངས་སུ་མི་ངལ་བ་ཐོབ་སྟེ། དེ་ལས་(བྱང་ཆུབ་སེམས་དཔའ་)་འདི་ཐེག་པ་(དམན་པ)་གཞན་(སྒྲུབ་པའི)་གྱིས་མི་འགྲོ་བའི་ཆེད་དུ་ལམ་ཡོངས་སུ་འཛིན་པར་ཡང་འགྱུར་ཞིང། ཇི་ལྟར་རིགས་པར་སྤྱན་ལྔ་དང། །མངོན ་པར་ཤེས་པ་དྲུག་དང་མཐོང་བ་དང་སྒོམ་པའི་ལམ་དག་ཀྱང་སྟེ་འཕགས་པའི་ས་ཡང་དག་པར་གནོན་ནོ། །ཞེས་པ་གདམས་ངག་གི་རིམ་པས་ཐོབ་པའི་ཡོན་ཏན་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་རྣམས་འཕེལ་བའི་ཆད ་དང་མ་ཐོབ་པ་རྣམས་ཐོབ་པའི་ཆེད་དུ་རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སྤྲོར་བཅུག་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆའི་སྒྲུབ་པ་(ཕར་ཕྱིན)་རེ་རེ་ལ་ཐམས་ཅད་ཉེ་བར་གནས་སུ་བཅུག་པ། སྦྱིན་བྱ ་ལ་སོགས་པ་མི་དམིགས་པ་ལ་སོགས་པའི་གོ་ཆ་ཉིད་ཀྱི་གོ་གྱོན་ཏེ། འདི་ལ་བར་དུ་གཅོད་པའི་མངའ་ཐམས་ཅད་ཐོགས་པའི་ཕྱིར་རོ། །དེའི་རྗེས་སུ་གོ་བགོས་པར་བྱས་(ཕར་ཕྱིན)་པ་ནི་རྣམ་པ་ཐམས་ཅད་སྒོམ་པ་ལ ་མངོན་པར་སྦྱོར་བ་(པ་མ་བརྩོན་པ)་ལས་འཇུག་(པ)་སྟེ། བསམ་(གནས་སྐབས)་གཏན་(དང་གཟུགས་མེད་དང་སྦྱིན་སོགས་དྲུག)་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་མཛའ་དག་ལ་མཛོག་གོ་།དེ་ནས་རྒྱུ་མཐར་ཐུག་པར་འགྲོ་བའི ་དོན་དུ་ཚོགས་གསོག་གོ་།དེ་ནས་ངེས་པར་འབྱུང་བར་བྱ་བ་རྣམས་སུ་ངེས་པར་འབྱུང་ཞིང་འབྲས་བུའི་ས་མནན་པའི་ཆེད་དུ་རྡོ་རྗེ་ལྟ་བུ་ཞེས་པའི་བར་ཆད་མེད་པའི་ལམ་ཁོང་དུ་(ལྷག་པར)་ཆུང་པ་ན་བྱང་ཆུབ་སེམས་(ཱམ་རྟོག་པའི་ཐོབ་པ།) ་དཔའ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཀྱི་རྣམ་པའི་མི་མཐུན་ཕྱོགས་མ་ལུས་པ་(སྟེ་སངས་རྒྱས་ཀྱི)་སྤངས་པ་ལས་(འབྲས་བུའི་ས)་གནོན་ཞིང། སངས་རྒྱས་ཀྱི་ས་ཡང་དག་(ཅིང་ཐོབ)་པའི་མཛའ་རྟོགས་པ་བག ་ཆགས་ཀྱི་མཚམས་སྦྱོར་བ་སྤངས་བ་འབྲས་བུའི་རང་བཞིན་མུར་ཐུག་པ་མེད་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་བྱེད་དོ། །དེ་ལ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ལ་ནི་སྒྲུབ་པ་མེད་དེ། (ཆོས་སྐུ)་དེར་འབྲས་(ཆོས་ཉིད་དྲི་མ་ཀུན་དང་བྲལ་བ།།) ་བུ་ཉིད་ཀྱི་བྱ་བ་མི་སྲིད་པའི་ཕྱིར་ཏེ་བྱ་བ་ནི་སྒྲུབ་པའོ། །དེའི་རྗེས་སུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྔོན་གྱི་སྨོན་ལམ་(སེམས་ཅན་གྱི་དོན་བྱ་བར་སྨོན་ལམ་བཏབ་པ་དང།)་གྱི་འཕེན་པ་ལས་དང། གདུལ་བྱ་སེམས་ཅན་གྱི་བསོད་ནམས་ཀྱི ་དབང་ལས་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པར་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་དོ། །དེའི་ཕྱིར་མཐོང་བའི་ལམ་ལ་བརྒྱུད་པས་སྦྱོར་བའི་རང་བཞིན་ཚོགས་ཀྱི་ས་(ཚོགས་ལམ)་ནི་གོ་ཆའི་སྒྲུབ་པའོ། །དངོས ་སུ་སྦྱོར་བའི་རང་བཞིན་མོས་པས་(ཅིར་འཁོར་བ་ཇི་སྲིད་དུ)་སྤྱོད་པའི་ས་(སྦྱོར་ལམ)་ནི་འཇུག་པའི་སྒྲུབ་པའོ། །ཆོས་མཆོག་ཆེན་པོ་ནི་བརྩེ་བ་ལ་སོགས་པའི་གཟུངས་ཀྱི་མཐར་ཐུག་པའི་ཚོགས་ཀྱི་སྒྲུབ་པའོ། །མཐོང ་བའི་ལམ་གྱི་རང་བཞིན་(ནི)་ས་རབ་ཏུ་དགའ་བའི་ཚོགས་ཀྱི་སྒྲུབ་པའོ། (།མངོན་པ་ཀུན་ལས་བཏུས་སུ། བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་མངོན་པར་ཞོག་པར་བྱས་ནས་ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཞེས་གསུངས་པ་དང། མདོ་སྡེ་རྒྱན་གྱི་འགྲེལ་པར། ས་དང་བོ?་ལའང་མཐོང་བའི ་ལམ་གྱི་རྗེས་སུ་སྒོམ་པའི་ལམ་ཡོད་མོད་ཀྱི་ཅེས་གསུངས་པས་ས་དང་པོའི་སྔ་ཆ་མཐོང་ལམ་དང་?་ཆ་སྒོམ་ལམ་ཡིན་པར་མངོན་ན།།)་ཁྱབ་བྱེད་སྒོམ་པའི་ལམ་གྱི་རང་གི་ངོ་བོ་དྲི་མ་མེད་པ་ལ་སོགས་པའི་སའི་ཚོགས་ཀྱི་སྒྲུབ་པའོ། །ཁྱབ་བྱེད་སྒོམ་པའི་ལམ་གྱི ་གནས་སྐབས་ཀྱི་ཁྱད་པར་ལ་ཁྱད་པར་གྱི་ལམ་གྱི་གནས་སྐབས་རྩེ་མོའི་མངོན་པར་རྟོགས་པ་ལ་གཞག་པར་བྱ་བའི་མཐོང་བ་དང་སྒོམ་པའི་ལམ་དག་གི་གནས་སྐབས་ཀྱི་ཁྱད་པར་ནི་(མཐོང་ལམ་དང་སྒོམ་ལམ)་གཉེན་པོའི་ཚོགས ་ཀྱི་སྒྲུབ་པ་རྣམ་པ་བརྒྱད་དེ་ཁྱབ་བྱེད་བསྒོམ་པའི་ལམ་(ཱོག་ཏུ་འཆད་པ་ལྟར)་གྱི་རང་བཞིན་ནོ། །ཁྱབ་བྱེད་སྒོམ་པའི་ལམ་གྱི་གཞི་(ཱམ་རྟེན)་ཅན་དུ་བཞག་པར་བྱ་བ་ལམ་(རྩེ་མོ་མངོན་རྟོགས་ཀྱི་མཐོང་བ་དང་སྒོམ་ལམ)་དེ་གཉིས་ཀའི ་སྤྱོད་ཡུལ་ཅན་ངེས་པར་འབྱུང་བར་བྱ་བའི་དངོས་པོ་ཆེད་དུ་བྱ་བ་ལ་སོགས་པ་ཁྱད་པར་གྱི་ལམ་མཐར་ཕྱིན་པའི་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཇི་སྲིད་པ་ནི་ངེས་པར་འབྱུང་བའི་སྒྲུབ་པ་སྟེ་ཁྱབ་བྱེད་སྒོམ་པའི་ལམ་གྱི ་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཆེད་དུ་བྱ་བ་(དང་མཉམ་པ་ཉིད)་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་བདུན་པོ་རྣམས་ཀྱིས་འབྲས་བུ་སེམས་བསྐྱེད་པ་གཉིས་ཀྱི་རང་བཞིན་སངས ་རྒྱས་ཀྱི་ས་ཐོབ་པའི་ཆེད་དུ། ལམ་གྱི་ཡུལ་ཅན་ངེས་འབྱུང་ངོ་ཞེས་ཚིག་ལེའུར་བྱས་པར་གསུངས་སོ། །དེ་བཞིན་དུ་ཡང། འཕགས་པ་ཐོགས་མེད་ཀྱི། དེ་ལ་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་གྲངས་ཇི་ལྟ་བར་བརྒྱུད ་པས་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པའོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ནས་གཟུངས་ཀྱི་མཐར་ཐུག་པ་ནི་དངོས་སུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས ་མཆོག་ཆེན་པོས་བསྡུས་པའོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་གྱི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་དོ། །ས་གཉིས་པ་ལ་སོགས་པའི་རང་བཞིན་(གྱི་ཚོགས་ཀྱི་སྒྲུབ་པ)་དང་གཉེན་པོའི་བདག་ཉིད ་ཀྱི་ཚོགས་ཀྱིས་སྒྲུབ་པ་(མཐོང་བ་དང་སྒོམ་པའི)་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་དང་ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་གྱི་གཞིས་སོ་ཞེས་གསུངས་སོ། །གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་(གོ་ཆ) ་དང་མཐོང་པ་(འཇུག་པ)་དང་སྒོམ་པ་དང་(ཚོགས)་ཁྱད་པར་(ངེས་འབྱུང)་གྱི་ལམ་གྱི་རང་བཞིན་རྣམས་གོ་རིམས་བཞིན་(གོ་ཆ་ལ་སོགས་པའི)་སྒྲུབ་པ་བཞི་རྣམས་སོ་ཞེས་(བཟང་པོའི་ཞབས་ཀྱི)་རྣམ་པར་བཞག་པ་དེ་ནི ་མི་འཐད་དེ། དེ་ལྟ་ན་འཇུག་པའི་སྒྲུབ་པ་མཐོང་ལམ་གྱི་རང་བཞིན་དུ་འགྱུར་གྱི། འདུན་སོགས་(བསམ་པ་ལྷག་པའི་བསམ་པ)་གསུམ་གྱི་དབྱེ་བ་ལས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་སེམས ་རྣམས་ནི། །བཅུ་དགུ་རྣམས་སུ་འདོད་པ་ཡིན། །ཞེས་(དེ་ཁོ་ན་ཉིད་ལ་འཇུག་པར་སློབ་དཔོན་ཡེ་ཤེས་གྲགས་པས།)་གསུངས་པའི་དྲོད་ལ་སོགས་པ་འཇུག་པའི་སེམས་བསྐྱེད་ཀྱི་རང་བཞིན་དུ་མི་འགྱུར་རོ། །སེང་གེ་བཟང་པོས་འགྲེལ་བཤད་དུ ་མཇུག་བསྡུ་(ཞིང་གཉེན་པོའི་ཚོགས་དང་མཚམས་སྦྱོར)་བ་མཐོང་བ་དང་སྒོམ་པའི་ལམ་གྱི་བདག་ཉིད་ཁོ་ན་སའི་ཚོགས་སོ་ཞེས་ཏེ། གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ས་བཅུ་པ་(ཙམས་པོ)་ཇི་སྲིད་པ་ཁོ་ནར་འགྱུར་གྱི་བཤད་(བའི་ཚོགས་ཀྱི) ་པའི་རྣམ་པར་བཞག་པར་བྱ་བ་མཐོང་བ་དང་སྒོམ་པའི་ལམ་གྱི་(ཁྱད་པར་གྱི་ལམ་ལ་བཞག་པའི)་རང་བཞིན་ནི་མ་ཡིན་ཏེ། (སློབ་དཔོན་སེང་གེ་བཟང་པོས)་ངེས་པར་འབྱུང་བའི་སྒྲུབ་པ་ཁོ་ན་ཁྱད་པར་གྱི་ལམ་གྱི་རང་བཞིན་ཉིད་དུ་རྣམ་པར ་བཞག་པའི་ཕྱིར་རོ། །འདུན་(རྩེ་མོ་མངོན་རྟོགས་ཀྱི)་པ་ལ་སོགས་པའི་སེམས་བསྐྱེད་པ་གསུམ་ཡང་སྒྲུབ་པའི་རང་བཞིན་དུ་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཐར་པའི་ཆ་དང་མཐུན་པ་སྒྲུབ་ཏུ་བཅུག་པ་(ཱམ་སྒྲུབ་པ)་ཉིད ་དཱུང་གསུངས་ལ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ། ཐབས་ལ་མཁས་(དང་པོ)་པ་དང་(སྦྱོར་ལམ་ཡར་ཅང་ཁ་ན་སྒྲུབ་པ་ཡོད་པས)་མ་བྲལ་བས་སྦྱིན་པ་སྦྱིན་ཞིང་མཚན་མར་མི་བྱེད་ཅེས་པ་ལ་སོགས་པ་སྟེ། སྦྱིན་པ་ལ་སོགས ་པ་(རྗེས་སུ)་སྒྲུབ་པ་ལས། (འདུན་ལྡན)་གཞན་པའི་སྒྲུབ་པ་འམ་གོ་ཆ་གཞན་མེད་དོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་དུ་གོ་ཆ་ཆེན་པོ་བགོས་པ་ཞེས་པ་ནི་(གོ་ཆའི་སྒྲུབ་པ)་སེམས་དང་པོ་ནས་གཟུང་ནས ་བསམ་པ་རྒྱ་ཆེ་བར་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་(འཇུག་པའི་སྒྲུབ་པ)་མོས་པས་སྤྱོད་པའི་ས?་(སྦྱོར་ལམ)་ནས་གཟུང་ནས་བདུན་པ་ཇི་སྲིད་པ་འབད་པ་དང་བཅས་པ་(འདན་པ་དང་ལྡན་པ།) ་རྣམ་པར་རྟོགས་པ་དང་བཅས་པར་སྤྱོད་པའི་གནས་སྐབས་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་པ་ནི་བརྒྱད་པ་ནས་བཟུང་སྟེ་དོན་དམ་པར་སྤྱོད་པ་བསྟན་པའོ། །དེ་ལ་གོ་ཆ་ཆེན་པོ་ཉིད་? ་པ་གཉིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་ལས་དང། སྒྲུབ་པ་གཅིག་ཁོ་ནར་སྒྲུབ་པ་ཐམས་ཅད་རྫོགས་པས་སྒྲུབ་པ་རྒྱ་ཆེ་བ་ལས་སོ་ནས་ཇི་སྲིད་ཕ་རོལ་ཏུ་(མདོའི་དང་པོའི)་ཕྱིན་པ་དྲུག་གི ་གོ་ཆ་ཞེས་བརྗོད་དོ་ཞེས་པའི་མཐར་ཐུག་པ་གསུངས་སོ། །དེ་བཞིན་དུ་(སློབ་དཔོན)་འདི་ཉིད་ཀྱིས་ས་བཅུ་པའི་རྣམ་པར་བཤད་པར་གསུངས་པ། དེ་ལ་གོ་ཆ་ནི་སྨོན་པའོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གང་འཕགས་པས། དྲན་པ་ཉེ་བར ་གཞག་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་རྣམས་ནི་མཐོང་བ་ལ་སོགས་པའི་ལམ་གྱིས་བསྡུས་པ་ཉིད་(སའི་མིང་ཙམ་བསྟན་པའི་ཐད་དུ)་ཀྱི་ཕྱིར་ལམ་གྱི་ཚོགས་ཞེས་བརྗོད་དོ་ཞེས་(ཉི་ཁྲི་སྣང་བའི་ལམ་གྱི་ཚོགས་ཀྱི་སྐབས་སུ) ་གསུངས་པ། དེ་ནི་(དྲན་པ་ཉེར་གཞག་སོགས)་འདི་རྣམས་ཀྱི་གནས་སྐབས་དེར་ཕལ་ཆེར་འཇིག་རྟེན་ལས་འདས་པ་རྣམས་ཁོ་ན་བསྡུས་པ་ཉིད་ཀྱི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པ། རྣམས་ནི་ཕལ་ཆེར་ལམ་ལ ་འཇུག་པ་ལ་གསུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་ཤེས་པར་(མཐོང་ལམ་སོགས་ཀྱི)་བྱའོ། །གལ་ཏེ་དེ་ལྟ་ན་(རྟོགས་པའི་ཆོས་དྲུག་གི་གསུང་གི)་ཚོགས་ཀྱིས་སའི་རྟེན་(རིགས)་མ་གསུངས་པ་ཅི་ལྟར་ཞེ་ན། (དྲན་པ་ཉེར་བཞག་སོགས། འཇུག་པའི་སྒྲུབ་པས།) ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་སྟེ། (ཉི་ཁྲི་སྣང་བའི་རིགས་ཀྱི་ཐད་དུ)་སེམས་བསྐྱེད་པ་(ཚོགས་ལམ་ཆུང་ངུ)་ནས་བརྩམས་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སུ་དང་ཞེས་པ་ལ་སོགས་པས་སོ་ཞེས་པ་སྔར་བརྗོད ་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་རྟོགས་པ་ཡི་ནི་ཆོས་དྲུག་གི་ཞེས་པ་ལ་སོགས་པའི་ཚིག་ལེའུར་བྱས་པར། སེམས་བསྐྱེད་པ་ནས་བརྩམས་ནས་ཤེས་རྟོགས་པར་བྱ་སྟེ། མདོའི་དོན་ཐམས་ཅད་ནི་དེའི་རྒྱན་ཚིག་ལེའུར་བྱས་པས་བསྡུས་པ ་མེད་དོ་ཞེས་སོ། །དྲོད་ལ་སོགས་པ་རྣམས་ནི་འཇུག་པའི་སེམས་ཉིད་ཀྱིས་གཙོ་བོ་ཡིན་པའི་ཕྱིར་ཚིག་ལེའུར་བྱས་པས་བསྡུས་ལ། སྨོན་པའི་སེམས། (རྒྱས་འབྲིང་བསྡུས་གསུམ་པ)་རྣམས་མ་ཡིན་ཏེ། ཕལ་(མངོན་རྟོགས་རྒྱན་གྱིས།) ་པ་ཉིད་ཀྱི་ཕྱིར་དྲོད་ལ་སོགས་པའི་རྒྱུ་ཉིད་ཀྱིས་ཤུགས་ཀྱིས་འཐོབ་པས་བསྡུས་པ་ཉིད་ཀྱི་ཤུགས་ཀྱིས་འཐོབ་(རྟོགས་པའི་ཆོས་དྲུག་ཅེས།)་བས་བསྡུས་(འདུན་སོགས་གསུམ)་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་རྒྱས་པས་ཆོག་གོ་།དྲན་པ ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་ནི་སྟོང་པ་(རྟོགས་པའམ)་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ནང་དུ་འདུས་པ་ཁོ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་བསྒོམ་པར་བྱ་སྟེ། ཐུན་མོང་(ཱམ་རྗེས་འགྲོ་བའི)་གི་སྒོ་ནས་ནི་སྔར་(ལེའུ་གཉིས་པར)་བཤད་པ་ཇི་ལྟ་བ་བཞིན་ནོ། །དེ་ནི་བྱང་ཆུབ་ཀྱི་ཕྱོགས་པའི་རྣམ་པ་རྣམས་ཀྱིས་བསྐོར་བ་བསྒོམ་པར་བྱ་སྟེ། འདི་ལྟ་ཁོ་ནས་འདི་རྣམས ་བྱང་ཆུབ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ཏེ་རྗེས་སུ་མཐུན་པ་རྣམས་སུ་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་མ་སྟོང་ཕྲག་ཉི་(བྱང་ཆུབ་ཀྱི་བསྡུས་པའི་ཆོས)་ཤུ་ལྔ་པར་གསུངས་པ། ཤཱ་རིའི་བུ་(བྱང་ཆུབ་ཀྱི་ཕྱོགས།) ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཡོངས་སུ་རྫོགས་པར་བྱའོ། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་(མདོ་སྡེ་ཉིད་དུ་ལམ་གྱི་ཚོགས་ཀྱི་ཐད་དུ)་ནང་དང་ཕྱི་དང་ཕྱི་ནང་གི་ལུས་དང་ཚོར་ ་བ་དང་སེམས་དང་ཆོས་རྣམས་ལ་ལུས་ལ་སོགས་པར་རྗེས་སུ་ལྟ་བས་གནས་ཤིང་ལུས་ལ་སོགས་པ་དང་ལྡན་པའི་རྣམ་པར་རྟོག་པར་རྣམ་པར་མི་རྟོག་ལ་དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ་ཞེས་སོ། །འདིར་ནང ་གི་ལུས་ནི་རང་གི་མིག་ལ་སོགས་པ་དྲུག་གོ་།ཕྱི་(ད་མི་དམིགས་པའི་ཚུལ་གྱིས)་ནི་རང་གི་ལུས་ཕྱི་རོལ་གྱི་(བརྩོན་འགྲུས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བསལ་ཞིང་སྤྱོད་ཀྱང)་འདུས་བྱས་སོ། །གཉིས་ཀ་ནི་(དབང་པོ་དྲུག་ལས།) ་ལྷག་(སྒོམ་པ་པོ)་མའི་རང་གི་ལུས་སུ་གཏོགས་པ་འབྱུང་བ་དང་འབྱུང་(སྒོམ་པ་པོ)་བ་ལས་གྱུར་པའོ། །ཚོར་བ་ལ་སོགས་པ་རྣམས་ཀྱི་རྣམ་པ་གསུམ་ནི་ལུས་རྣམ་པ་གསུམ་ལ་དམིགས་པའི་བྱེ་བྲག་གིས་སོ། །ཆོས་ནི་སེམས ་ལས་བྱུང་བ་དགེ་བ་(དང་སོགས)་དང་མི་དགེ་བ་(ཁོང་ཁྲོ་སོགས)་རྣམས་སོ། །ལུས་ལ་སོགས་པའི་རྗེས་སུ་ལྟ་བ་ནི་ལུས་(སེམས་ཆོས)་ལ་སོགས་པའི་ཆོས་ཉིད་ལ་ལྟ་བའོ། །ལུས་ལ་སོགས་པའི་འདུ་ཤེས་དང་ལྡན་(སྐབས་འདིར) ་པའི་རྣམ་པར་རྟོགས་པ་ནི་འདི་ནི་ལུས་སོ་བདག་གི་ལུས་སོ། །རྟག་པའོ་མི་རྟག་པའོ་བདེ་བའོ་སྡུག་བསྔལ་བའོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་(ཱི་འཕྲོས་པ)་སྟེ། དེའང་རྗེས་སུ་ལྟ་བ་རྣམ་པར་མི་རྟོག་པ་སྟེ་མི་དམིགས་པའི་ཚུལ ་གྱིས་སོ། །མི་དམིགས་པ་དང་བྲལ་བའི་སྒོ་ནས་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་པ་རྣམས་ཀྱིས་བསྒོམ་པར་བྱ་སྟེ། སྔར་ཇི་སྐད་བརྗོད་པ་བཞིན་ནོ། །འོ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྒོམ་པ་ནི་ཉན་ཐོས་དང་རང་སངས ་རྒྱས་ཀྱི་ཐེག་པ་པ་མྱ་ངན་ལས་འདས་པའི་(ལ་བཞོལ་བའམ་དེ)་དཔུང་གཉེན་ཅན་རྣམས་ཁོ་ན་ལ་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་མ་ཡིན་ཏེ། ཇི་(འབུམ་ཊིཀ་ཏུ)་སྐད་དུ་འཕགས་པ་འཇམ་དཔལ་གྱིས་ཞུས་པའི་རྫུ ་འཕྲུལ་གྱི་ཚེ་འཕྲུལ་བསྟན་པའི་མདོར་གསུངས་པ། འཇམ་དཔལ་མ་འོངས་པའི་དུས་ན་དགེ་སློང་རྣམས་འབྱུང་སྟེ། དེ་རྣམས་མི་གཙང་བ་ལས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནི་(ལུས)་དྲན་པ་ཉེ་བར་གཞག་པར་སྟོན་པར་འགྱུར་བ་ནས། ་འདི་ཁོ་ན་དོན་དམ་པའི་བདེན་པའོ་ཞེས་པའི་བར་དུའོ་ཞེ་ན། སྐྱོན་འདི་མེད་དེ། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཁོང་དུ་ཆུད་པ་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་དང། ཆོས་ཐམས་ཅད་མཆོག་ཏུ་མི་དམིགས ་པ་ཉིད་ཀྱི་ཕྱིར་དང་སེམས་ཅན་ལ་ཕན་པ་སྒྲུབ་པའི་(གསུངས་པ)་རྒྱུ་ཉིད་ཀྱི་ཕྱིར་འཁོར་བ་ལའང་མྱ་ངན་ལས་འདས་པ་བཞིན་ཡོན་ཏན་མཐོང་མྱ་ངན་ལས་འདས་པ་ལ་ཡང་སེམས་ཅན་ལ་ཕན་པ་སྒྲུབ་པའི་རྟེན་མ་ཡིན་པ་ཉིད་ལས ་འཁོར་བ་བཞིན་དུ་མི་མཐུན་པར་མཐོང་བ། ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་དག་མཉམ་པ་ཉིད་དུ་མཐོང་བ་རྣམས་ཀྱང་དམིགས་པ་མེད་པའི་རང་བཞིན་སོ་སོར་རྟོག་པའི་དོན་ཁོ་ནས་བྱང་ཆུབ་ཀྱི ་ཕྱོགས་རྣམས་སྒོམ་པར་བྱེད་དོ། (།ཡང་ཁྱད་པར་ཅི་འདྲ་ན་སྟོང་པ་ཉིད)་གང་བཅོམ་ལྡན་འདས་མ་སྟོང་ཕྲག་བརྒྱད་པར་གསུངས་པ། དྲན་པ་ཉེ་བར་གཞག་པ་མི་དམིགས་པ་ཉིད་གཟུང་ནས་ཤེས་པ་ལ་སོགས་པའོ། །མདོ་དེ་ཉིད་དུ་འང ་གསུངས་པ། འཇམ་དཔལ་(ཞེས་སོ)་གང་གིས་ལུས་ནམ་མཁའ་དང་(སྟོང་པ་ཉིད་ལ་སོགས་པར)་མཉམ་པར་མཐོང་བ་འདི་ནི་ལུས་ལ་ལུས་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །གང་གིས་ཚོར་བ་དང་(འཇམ་དཔལ་གྱི་ཞུས་པའི་ཆོ་འཕྲུལ་བསྟན་པའི།) ་སེམས་དང་དགེ་བ་དང་མི་དགེ་(གང་ཟག)་བ་ལ་སོགས་པའི་ཆོས་རྣམས་མི་དམིགས་ཤེས་པ་ནས་ཇི་སྲིད་འཇམ་དཔལ་དེ་ལྟར་དོན་དམ་པར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ལྟ་བར་བྱའོ་དེ་ནས་ཇི་སྲིད་དུ་གང་ཆོས་ཐམས་ཅད་རང་བཞིན ་གྱིས་སྙོམས་པར་ཞུགས་པ་དང་རང་བཞིན་གྱིས་གཡེང་བ་མེད་པར་ལྟ་བ་འདི་ནི་(ལམ་ཡན་ལག་བརྒྱད་ཀྱི་ཕྱི་མ)་ཡང་དག་པའི་ཏིང་ངེ་འཛིན་ཏོ། །འཇམ་དཔལ་གང་ལ་ལ་འདི་ལྟ་བུ་དྲན་པ་ཉེ་བར་གཞག་པ་རྣམས་ནས ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དག་པར་རྗེས་སུ་ལྟ་བ་(ཱི་གང་ཟག)་དེ་ནི་རྒལ་བ་ཕ་རོལ་ཏུ་འགྲོ་བར་ང་སྨྲའོ། །ནས་རྣམ་པ་ཐམས་ཅད་མཆོག་(གང་ཟག)་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས ་མངོན་པར་རྫོགས་པར་སངས་རྒྱས་བར་འདོད་པས་ཆོས་འདི་རྣམས་ལ་མོས་པ་བྱའོ་ཞེས་(འཁོར་བའི་རྒྱ་མཚོ)་བའི་བར་དུའོ། །བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡུལ་བསྟན་(དམན་པ་གཅིག་ཀྱང་མེད་པ)་པའི་མདོར་ཡང། འཇམ ་དཔལ་དབང་པོ་ལྔ་རྣམས་ཅི་ལྟར་ལྟ་བར་བྱ། སྨྲས་པ་ལྷའི་བུ་གང་ཆོས་ཐམས་ཅད་(རང་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་རིགས་པས།)་སྐྱེ་བ་མེད་པར་དད་པར་བྱེད་པ ་འདི་ནི་དད་པའི་དབང་པོའོ། །གང་ཆོས་ཐམས་ཅད་ལ་སེམས་འཕྲོ་བར་མི་བྱེད་དེ་རིང་བ་དང་ཉེ་བའི་འདུ་ཤེས་དང་བྲལ་བའི་ཕྱིར་ཏེ་འདི་ནི་བརྩོན་འགྲུས་ཀྱི་དབང་པོའོ། །གང་ཡིད་ལ་བྱེད་པའི་དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར ་དྲན་པ་ཉེ་བར་འབྲེལ་པ་མེད་པ་འདི་ནི་དྲན་པའི་དབང་པོའོ། །གང་ཆོས་ཐམས་ཅད་སོགས་པ་མེད་པ་ནས་དམིགས་སུ་མེད་པ་ཇི་སྲིད་པ་འདི་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །གང་ཆོས་རྣམས་ཐམས་ཅད་སྐྱེ་བ་དང་བྲལ་བ་རྣམ་པར་ཤེས་པ ་དང་བྲལ་བ་རང་བཞིན་གྱིས་སྟོང་བར་མཐོང་བ་འདི་ནི་ཤེས་རབ་ཀྱི་དབང་པོའོ་ཞེས་སོ། །དེ་བཞིན་དུ་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་དང་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ་གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་ཐམས་ཅད་ཤེས་ན་འོ་ན་བྱང་ཆུབ་ཀྱི་ཕྱོགས་ཕྱི་མ་ཐམས་ཅད་ཀྱིས་ཅི་དགོས། ཤེ་ན། དེ་ལྟ་མ་ཡིན་ཏེ་(དྲན་པ་ཉེ་བར་བཞག་པ)་དེ་རྣམས་ཀྱི་ཆོས་ཉིད་དུ་ཡོངས་སུ་ཤེས་ཀྱི། མི་རྟག་པ་ལ་སོགས ་པའི་རྣམ་པ་ཉིད་ཀྱིས་ནི་མ་ཡིན་ནོ་དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་ཏ་དོན་མེད་དོ་དམིགས་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་མི་དམིགས་པའི་ཚུལ་གྱིས། །དེ་ཉིད་ཀྱི་ཕྱིར་མི ་རྟགས་པ་ལ་སོགས་པའི་རྣམ་པ་དང་སྟོང་པ་ཉིད་ཀྱང་(བྱང་ཆུབ་སེམས་དཔའ་)་འདི་རྣམས་ཀྱི་ཡུལ་དུ་འགྱུར་རོ་ཞེས་པས་ཉན་ཐོས་ཀྱི་ལམ་ཡང་ཆོས་ཉིད་ཀྱི་སྒོ་ནས་གོམས་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་བཅུ་གཉིས ་རྣམས་སེམས་བསྐྱེད་པ་གསུམ་རྣམས་ཀྱིས་བསྡུས་པའོ། །དེ་ལྟར་ཚོགས་ཀྱི་སར་དང་དཔལ་སོགས་པའི་དགེ་བས་སེམས་ཡོངས་སུ་བསྒོམ་པ། བྱང་ཆུབ་ཀྱི་(དྲན་པ་ཉེར་བཞག་བཞི་ཡང་དག་པར་སྤོང་བ་བཞི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ།)་སེམས་ཡང ་དག་པར་བླངས་ལ་དང་སྦྱིན་པ་ལ་སོགས་པའི་དགེ་བ་བསགས་པ་དང་ལྡན་པ་ཉིད་ཀྱིས་བསོད་ནམས་ཀྱི་ཚོགས་ཡང་དག་པར་རྫོགས་པ་ནི། ཡེ་ཤེས་ཚོགས་ནི་སྒྲུབ་དོན་དུ། །གྲངས་མེད་བསྐལ་པས་(ཅིག་གིས)་ངེས་འབྱུང་ལ། ། ་མངོན་ཤེས་བརྟན་པར་(ར་གྱུར་བ་ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་པ)་གདམས་པ་(ཐོབ་པ)་ཡིས། །སྤྱོད་པའི་ས་ལ་རབ་ཏུ་འཇུག་།ཅེས་པས་སོ། (།བསོད་ནམས་ཚོགས་ནི་ཡང་དག་རྫོགས། །དེ་ནས་བློ་ལྡན་བསམ་པ་བརྟན། །དད་སོགས་དགེ་བའི་ཆོས་རྣམས་ཀྱིས། །རྒྱུད་ནི་ཡོངས་སུ་རྫོགས་གྱུར་པ།།)་སེམས ་བསྐྱེད་པ་བཞི་པ་མོས་པས་སྤྱོད་པའི་ས་སྦྱོར་བའི་ལམ་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བ་ཟག་པ་དང་བཅས་(མདོ་སྡེ་བརྒྱན་དུ་གསུངས)་པའི་སྒོམ་པའི་ལམ་ངེས་པར་འབྱེད་པ་(ཱི་ཆ་དང་མཐུན་པའམ།)་བརྟེན་པ་ལ་ཕན་པའི་དགེ་བའི་རྩ་བ་དབང་པོ་(ལྔ)་དང ་སྟོབས་ཀྱི་བདག་ཉིད་དེ་འཇུག་པའི་སྒྲུབ་པར་ཡང་རྣམ་པར་གཞག་གོ་།དེ་ལ་མོས་པ་ནི་དད་པ་ལ་སོགས་པ་དམིགས་པ་ལྔ་ལ་ཡོན་ཏན་དུ། (ཇི་ལྟར་ངེས་པ་བཞིན)་འཛིན་པ་ཕ་རོལ་གྱི་གདམས་པ་དང་རྗེས་སུ་བསྟན་པ་དང་འབྲེལ་པ ་ཡོངས་སུ་དག་པ་(ལྔ)་སྟེ་མཐར་(སྒྲུབ་བ་བཞི་ལ)་ཐུག་པར་སོང་བ་ན་རང་ཉིད་ཡང་དག་པར་ཞུགས་པ་ཉིད་ཀྱིས་མོས་པ་བསྟན་པའི་ཕྱིར་(སངས་རྒྱས་སོགས་དང་སྦྱིན་སོགས་རོ།)་།ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་(ལ་རག་ལས་པའམ་དེ)་བུད ་ཤིང་གཞན་ཁྱད་པར་ཅན་གྱིས་མེ་(ཁྱད་པར་དུ་འགྲོ་བ)་བཞིན་དུ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བར་བྱེད་པས་རབ་ཏུ་གྱུར་པའི་སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ་བར་ཆད་མེད་ན་མཐོང་བའི་ལམ་ཤིན་ཏུ་ཉེ་བར་བསྐྱེད་(ཁྱད་པར་དུ་འགྲོ་བ)་པའོ། །འཇིག་རྟེན ་པའི་བསམ་གཏན་དང་གཟུགས་མེད་པ་ལ་བརྟེན་པ་ཉིད་ཀྱིས་(འཇིག་རྟེན་པའི)་སྒོམ་པའི་ལམ་མོ། །ཟག་པ་དང་བཅས་པའི་སྒོམ་པའི་ལམ་ནི་མོས་(པ་ཡིད་ལ་བྱེད)་པ་དང་སྔོ་བ་(ཡིད་ལ་བྱེད་པ)་དང་རྗེས་སུ་ཡི་རང་པ་ཡིད་ལ་བྱེད་པ་རྣམས་སོ། ། ་ཟག་པ་མེད་པ་ནི་མངོན་པར་སྒྲུབ་པ་དང་ཤིན་ཏུ་དག་པ་དག་གོ་ཞེས་འཕགས་པའོ། །དགོངས་པ་ངེས་པར་འགྲེལ་བའི་མདོར་ཡང། འདིར་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་དགེ་བ་རྣམས་དང་ལྡན་པར་འགྱུར་ཞིང་འདི ་ཉོན་མོངས་པའང་ཀུན་ཏུ་སྤྱོད་པར་འགྱུར་ཏེ། འདི་ལྟ་སྟེ་མོས་པ་སྤྱོད་པའི་ས་ལ་ཆུ་ངུ་དང་འབྲིང་དང་ཆེན་པོའི་མོས་པ་(ཡིད་བྱེད)་ལ་འཇུག་པ་ནའོ་ཞེས་སོ། །རྣམ་པར་མི་རྟོག་པས་འབྱེད་པ་ནི་ངེས་པར་འབྱེད་པ་སྟེ། (བྱང་ཆུབ་སེམས་དཔའ་) ་མཐོང་པའི་ལམ་མོ། །དེ་བསྟེན་པ་ནི་ཆ་སྟེ་ཐོབ་པའོ། །དེ་ལ་ཕན་པ་ནི་ངེས་པར་འབྱེད་པ་བསྟེན་པ་ལ་ཕན་པའོ་(ཱི་ངས་འབྱེད་ཆ་མཐུན་པ།)་།ལ་ལར་གསལ་བའི་(བྱེ་བྲག་མང་པོ)་དབྱེ་བ་ལས་(རྣམས་ཞེས)་མང་པོའི་ཚིག་སྟེ། དྲོད་རྣམས ་དང་རྩེ་མོ་རྣམས་དང་བཟོད་པ་རྣམས་དང་ཆོས་ཀྱི་མཆོག་རྣམས་སོ་ཞེས་སོ། །གྱུར་པའི་སྒྲ་ནི་ཁ་ཅིག་ཏུ་སྦྱིར་བརྗོད་པའོ། །གྱུར་བ་དང་རྣམ་པ་དང་བྱེ་བྲག་རྣམས་དོན་གཅིག་གོ་ཞེས་ཆུར་ལྷུང་ངོ། །དྲོ་བར་གྱུར་པ་དང་རྩེ་མོར་གྱུར་པ་དང་བཟོད ་པར་གྱུར་པ་དང་ཆོས་མཆོག་ཏུ་གྱུར་བའོ་ཞེས་སོ། །དེ་རྣམས་ནི་(དྲོ་བར་གྱུར་པ་ཞེས་སོགས་ཀྱི)་ངེས་འབྱེད་ཡན་ལག་རྣམས་ཀྱང་སྟེ། ངེས་པར་འབྱེད་པ་ནི་ངེས་འབྱེད་དེ་མཛའ་(པཎྜི་ཏ་ཟེར་རོ)་གཅིག་ཏུ་ངེས་པའོ། །དེའི་ཡན་ལག་རྣམས ་ནི་ཆུང་ངུ་དང་འབྲིང་(རྩེ་མོ)་དང་ཆེན་(པོ)་དང་ཆེན་པོའི་ཆེན་པོ་(ཆོས་མཆོག།)་ཉིད་ཀྱིས་ཕྱེ་བ་བཞིའོ། །དྲོད་ནི་རྩུབ་ཤིང་རྩུབས་པ་ན་མོའི་(སྔ་ལྟས)་བཞིན་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་ལྔ་ལྟས་ཉིད་ཀྱི་ཕྱིར་རོ། །རྩེ་མོ ་ནི་དགེ་(དྲོད)་བའི་རྩ་བ་(བཟོད་པ)་གཡོ་(རྒལ་བར་འགྱུར་བ)་བའི་རྩེ་མོ་ཉིད་ཀྱི་ཕྱིར་རོ། །བཟོད་པ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ། (ཆོས་ཉིད་ལ་མི་སྐྲག་པར)་བཟོད་པའི་ཕྱིར་རོ། །ཆོས་མཆོག་ནི་འཇིག་རྟེན་པའི་ཆོས་ཐམས་ཅད ་ཀྱི་མཆོག་(མཛོད་དུ། བཟོད་པ་ཆོས་ཀྱིས་འཕལ་བར་བྱེད། །ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་ཅིག་དེ་བཞིན། །ཆོས་མཆོག་ཅེས་བཤད)་གཉིད་ཀྱི་ཕྱིར་རོ། །སླར་ཡང་དྲོད་ལ་སོགས་པ་རྣམས་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་བཅུ་(སོ་སོ་སྐྱེ་བོ)་གཉིས་སུ ་རབ་ཏུ་དབྱེའོ། །ཇི་ལྟར་བཟོད་པ་ཆེན་པོ་སྐད་ཅིག་གཅིག་ཡིན་པ་དེ་བཞིན་དུ་ཆོས་མཆོག་རྣམས་ཀྱང་ངོ་ཞེས་གང་གསུངས་པ་དེ་ནི་རང་གི་དོན་གྱི་དབང་དུ་བྱས་པས་ཉན་ཐོས་རྣམས་ཀྱི་ཡིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ ་ཡིན་ཏེ། གཞན་གྱི་དོན་(ཆེན་པོ་དང་ཆོས་ཤིན་ཏུ་བའི)་ལ་རིམ་པ་ཉིད་(ཀྱི་གནས)་སྐབས་སྲིད་པའི་ཕྱིར་དེ་དང་འདི་མི་འགལ་ལོ། །དྲོད?་ལ་སོགས་པ་འདི་ནི་བྱང་ཆུབ་གསུམ་ཐོབ་པ་ལ་རྒྱུ་སྟེ། (གང་ཟག)་འགའ་ཞིག་གི་(སྐད་ཅིག་གཅིག) ་རིགས་ལ་སོགས་པའི་སྟོབས་ཀྱིས་དམན་པའི་བྱང་ཆུབ་ཀྱང་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་དག་གི་དྲོད་ལ་སོགས་པ་ནི་བྱང་ཆུབ་མཆོག་ནམ་ཡང་ཐོབ་པ་མི་བྱེད་དོ། །དེ་ལ་དྲོད?་གསུམ ་པོ་རིམ་པ་ཇི་ལྟ་བར་ཆུང་ངུ་དང་འབྲིང་དང་ཆེན་པོའི་མོས་པའི་རང་བཞིན་ལ། སླར་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་མོས་པ་དགུ་རྣམས་རང་གི་དོན་གྱི་སྟེ། (མོས་པ)་གང་རྣམས་ཀྱིས་རང་དོན་ཁོ་ན་སྒྲུབ་པར་བྱེད་ཅིང་གཞན ་དོན་ཡང་ཆེད་དུ་བྱ་བའི་ངོ་བོས་(སྒྲུབ་པར་བྱེད)་སོ། །རྩེ་མོ་གསུམ་པོ་དེ་ལྟ་བུའི་རང་བཞིན་ལ་དེ་ལྟ་བུའི་མོས་པ་དགུ་རྣམས་རང་བཞིན་གྱི་དོན་གྱི་སྟེ་འདིར་(མོས?་པ)་སྦྱོར་བ་ནི་བར་ཆད་དང་བཅས་པའོ། །བཟོད་པ་གསུམ་པོ་དེ་ལྟ་བའི་རང ་བཞིན་ལ་དེ་ལྟ་བུའི་མོས་པ་དགུ་རྣམས་གཞན་དོན་གྱི་སྟེ་འདིར་སྦྱོར་བ་ནི་བར་ཆད་མེད་པ་ཡིན་ལ། གང་གིས་ན་(མོས་པ)་གང་རྣམས་ཀྱིས་གཞན་ཁོ་ནའི་དོན་དུ་འགྱུར་(དྲོད་དང་རྩེ་མོ)་ཞིང་རང་གི་དོན་འགོག་པ་ནི་མ་ཡིན་ཏེ། གཞན་གྱི་(སྟེ་མོས་བ་ཆུང་འབྲིང་ཆེན་བའི?) ་དོན་དང་འགལ་བ་མེད་པས་(རང་གི་དོན)་དེ་ཡོངས་སུ་རྫོགས་པར་བྱེད་པའི་(སྦྱོར་བ)་ཕྱིར་རོ། །དེ་ལྟར་མོས་པ་ཉི་ཤུ་རྩ་བདུན་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སྤྲོ་བའི་ཆེད་དུ་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་མཛད་པའི་བསྟོད་པ ་དང་བཀུར་པ་དང་བསྔགས་པ་(མོས་པ་དགུ་དགུ་ལ)་རིམ་པ་ཇི་ལྟ་བས་དེ་ལྟ་ཁོ་ནར་ཉི་ཤུ་རྩ་བདུན་ནོ། །ཆོས་མཆོག་མོས་པ་ཐམས་ཅད་རབ་ཏུ་གྱུར་པའི་རང་བཞིན་གྱི་(ར་བྱ་བ)་ནི་ཆུང་ངུའི་རྣམ་པ་ལ་མོས་པ་ཡིད་ལ་བྱེད་པ་ཐམས་ཅད་ཀྱིས ་མངོན་པར་འདུས་བྱས་པའི་བསོད་ནམས་བྱང་ཆུབ་སེམས་དཔས་(ཀུན་རྫོབ་ཏུ་དགེ་བ་སྒྱུ་མ་ལྟ་བུས་སངས་རྒྱས་ཐོབ་པར་འདུག་ཅིང་དོན་དམ་པར་འཁོར་གསུམ་མི་དམིགས་པ།)་བདེན་པ་གཉིས་ལས་མ་འདས་པས་ཡོངས་སུ་བསྔོས་ནས་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །འབྲིང་གི་རྣམ་པ་ལ་རང་གིས་ཡོངས་སུ་བསྔོས་བའི་བསོད་ནམས་མངོན་པར་འཕེལ་བའི་དོན་དུ་ཀུན་རྫོབ་ཏུ་དགེ་བའི་རྩ་བ་རྣམས་དམིགས་ནས་རབ་ཏུ་དཔའ་བའ་ཨི་སེམས་ཀྱིས་དོན་དམ་པར་དམིགས་སུ ་མེད་པ་ཉིད་དུ་རྗེས་སུ་(ཆོས་མཆོག)་ཡི་རང་བས་རང་དང་གཞན་གྱི་བསོད་ནམས་བྱ་བ་མཉམ་པ་ཉིད་ཐོབ་པོ། །རེས་འགའ་རྗེས་སུ་ཡི་རང་བ་སྔོན་མ་ཅན་གྱིས་ཀྱང་ཡོངས་སུ་བསྔོ་ཞེས་པ་(རྗེས་སུ་ཡི་རང་དང་བསྔོ་བ)་འདི་དག་ལ་རིམ་པ ་ངེས་པ་མེད་དོ། །ཡོངས་སུ་བསྔོ་བ་དང་རྗེས་སུ་ཡི་རང་བ་འདི་དག་(སེམས་བསྐྱེད་དང་པོ།)་འདུན་པ་ལ་སོགས་པ་རྣམས་ན་(འཕགས་པ་སྡུད་པར་གསུངས་པ་ལྟར)་འང་ཡོད་དེ་འོན་ཀྱང་འདིར་(འདུད་པའི་སྐབས་ཀྱི)་དེ་ལ་བལྟོས་པས་རབ་ཏུ་གྱུར་བ་དག་གོ ་ཞེས་རྣམ་པར་བཞག་གོ་(།ཆོས་མཆོག)་ཆེན་པོའི་རྣམ་པ་མོས་པ་ཐམས་ཅད་རབ་ཏུ་གྱུར་པ་མཐར་ཐུག་པའི་རང་བཞིན་ནས་གཟུང་ནས་སེམས་རང་དབང་དུ་བྱས་པ་(ཆོས་མཆོག)་ཉིད་ཁྱི་ཕྱིར་བདག་དང་བདག་གི་བདག་ཏུ་ཞེན་པ་མེད་པས ་སེམས་དུལ་བ་དང། དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ལ་བདག་དང་བདག་གི་བདག་གིས་མི་འདུད་པ་(མི་ནུས?་པ)་མེད་པ་དང་ལྡན་པ་དང། རང་དང་གཞན་གྱི་ཉོན་མོངས་པའི་ཐལ་གྱིས་གནོན་པ་དང། བདུད་ལ་(ཱམ་ཆགས་པ།) ་སོགས་པས་བྱས་པའི་ཉེ་བར་འཚེ་བའི་(ཡིས་མི་གནོད་པས་དེ)་ཡུལ་མ་ཡིན་པ་དང། ཡང་དག་(མི་དམིགས་པ)་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་རུང་བ་དང། རང་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ)་གི་རྟེན་གྱི་ཡུལ་(ཅིང་དེའི་དབང་དུ་མི་འགྱུར་བ)་མཆོད་བྱ ་ཉིད་དུ་བྱེད་དོ་ཞེས་པ་(སྒོམ་ལམ་ཟག་བཅས་ཀྱི)་བྱེད་པར་རྣམ་པར་བཞག་གོ་།ཤཱནྟི་པས་ནི་སེམས་དུལ་བ་ཉིད་ལ་སོགས་པ་བྱེད་པ་དྲུག་པོ་འདི་རྣམས་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་གྱིར་(བྱེད་པ)་བཤད་དོ། །ངེས་པར ་འབྱེད་པ་བསྟེན་པ་ལ་ཕན་པ་འདི་རྣམས་ཀྱང་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཁོ་ནའོ་ཞེས་པས། རྣམ་པར་རྟོག་པ་ཉོན་མོངས་པ་རྣམ་པ་བཞི་བསྟེན་པའོ། །དེ་ལ་རྣམ་པ་གཉིས་ནི་གཟུང ་བའི་རྣམ་པར་རྟོག་པ་སྟེ། གཟུང་བྱར་རྣམ་པར་རྟོག་པར་བྱེད་པའི་ཕྱིར་རོ། །ལོག་པར་རྟོག་པ་ནི་རྣམ་པར་རྟོག་པ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང། གཉིས་ཀ་(ཱི་དངོས་པོ)་ལ་དམིགས་པ་དང་གཉན་པོའི་ཕྱོགས་ཀྱི ་དངོས་པོ་ལ་དམིགས་པའོ། །དང་པོ་ནི་འཇིག་རྟེན་ལ་གྲགས་(བི་ཀལ་བཅེས་པའི་མི་ལོག་པའི་དོན་ཅན་ཡིན་པས)་པའི་དངོས་པོ་ལ་དང། ཕྱི་མ་ནི་(ཀུན་ནས་ཉོན་མོངས)་དེའི་གཉེན་པོ་ཉན་ཐོས་ལ་སོགས་པ་ལ་གྲགས་པ་ལ་སྟེ། གོ་རིམས་བཞིན ་དུ་དང་པོ་ནི་དྲོད་རྣམས་ལའོ། །གཉིས་པ་ནི་རྩེ་མོ་རྣམས་ལའོ། །རྣམ་པ་གཉིས་ནི་འཛིན་པའི་རྣམ་པར་རྟོག་པ་སྟེ་ཡོད་པ་མིན་པ་ཁོ་ནའི་འཛིན་པ་པོར་རྟོག་པར་བྱེད་པའི་ཕྱིར་ལ། སྐྱེས་བུ་རྫས་སུ་ཡོད་པ་ལ་དམིགས་པ ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་པའོ། །སྒྱུ་མའི་རང་བཞིན་ཉིད་ཀྱི་ཕྱིར་བཏགས་པ་རྣམས་ཏེ། དེ་དག་གོ་རིམ་བཞིན་དུ་བཟོད་པ་རྣམས་ལ་དང་ཆོས་མཆོག་རྣམས་ལའོ། །རྣམ་པར་རྟོག་པ་བཞི་པོ་འདི་རྣམས ་ཀྱང་ཡུལ་གྱི་དབྱེ་བས་སོ་སོར་(དགུ་དགུར)་དབྱེ་བ་རྣམས་སོ། །དེ་ལ་དང་པོའི་གཟུང་བྱའི་དངོས་པོ་རྣམས་ནི་མ་རིག་(འཇིག་རྟེན)་པ་དང་ཕུང་པོ་ལ་སོགས་(དགུ)་པ་རྣམས་སོ། །གཉིས་པ་ནི་སྤུངས་པ་དང་སྐྱེ་བའི་སྒོ་ལ་སོགས་པ་རྣམས ་སོ། །འཛིན་པའི་ཡུལ་དང་པོ་ནི་བདག་རང་དབང་ཅན་ལ་སོགས་པའི་(དགུ)་ངོ་བོས་སོ། །གཉིས་པ་ནི་ཕུང་པོ་ལ་སོགས་པའི་རྟེན་གྱིས་སོ། (།རྟོག་པ)་འདི་རྣམས་ཀྱང་རབ་ཏུ་དགའ་བ་ཞེས་བྱ་བ་མཐོང་བའི་ལམ་ལ་སྤང་བར ་བྱ་བ་སྟེ། གང་འཕགས་པ་རྣམ་པར་གྲོལ་བའི་སྡེས་གསུངས་པ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་རྣམས་ཀྱི་གཉེན་པོའི་མཐོང་བའི་ལམ་མོ་ཞེས་སོ། །ཆོས་མངོན་པ་ཀུན་ལས་བཏུས་པར་ཆོས་ཀྱི་བཟོད་པ་དང་ཤེས་པ ་རྣམས་ཀྱིས་གཟུང་བར་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱི་འཛིན་པ་(ཡང་དག་པའི་ཡེ་ཤེས)་རྟོགས་པས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལའང་མཚན་མ་མེད་པར་སྤྱོད་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ ་ཞེས་པ། འདིས་གཟུང་(དེ་བཞིན་ཉིད)་བ་དང་འཛིན་པ་དག་རང་བཞིན་མེད་པ་ཉིད་དུ་རྟོགས་སོ། །དེ་ཉིད་ཀྱི་ཕྱིར་མཚན་མ་མེད་པར་སྤྱོད་པ་ཉིད་དེ་དག་སྒྲོ་མ་བཏགས་པའི་ཕྱིར་རོ། །གང་ཡང་མདོ་སྡེ་རྒྱན་དུ། དྲོད་དང་རྩེ་མོ་དང་བཟོད་པ ་དང་(ཱི་གཞུང)་ཆོས་མཆོག་རྣམས་ལ་གོ་རིམ་བཞིན་འདི་རྣམས་སྤོང་བར་གསུངས་ལ་དེ་ནི་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ལ་ལྷག་(གཟུང་འཛིན)་པར་མོས་པ་བྱས་པར་རིག་པར་བྱའོ། །དྲོད་ལ་སོགས་པ་བཞི་ནི་མོས་པ་བརྟན་པ་དང། ་ཡོན་ཏན་གྱི་སོ་སོར་གནས་སུ་(ཱམ་འཇིག་རྟེན་དུ)་གྱུར་པ་ཉིད་ཀྱི་ཕྱིར་མོས་པ་སྤྱོད་པའི་སར་བརྗོད་དོ། །དེ་ལྟར་ནི་སེམས་མཉམ་པར་གཞག་པ་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་སྒོམ་པ་པོ་གང་གི་ཚེ་དོན་ཐ་དད་པར་(གོང་མའི) ་གྱུར་པའི་མངོན་པར་ཞེན་པ་མེད་པ་ལས་(ཕྱི་རོལ་གྱི་དོན་རྣམ་པར་འཇིག་པ་ཞེས་སྒོམ་རིམ་དུ་གསུངས་པས།)་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བས་ཡིད་(ཤེས)་ཙམ། (ཕྱི་དོན་མེད)་ཁོ་ནར་ལྟ་བ་དེའི་ཚེ་འདིའི་དྲོ་བར་(མདོ་སྡེ་རྒྱན་གྱི་གདམས་ངག་དང་རྗེས་སུ་བསྟན ་པའི་སྐབས་སུ། བྱང་ཆུབ་སེམས་དཔའ་མཉམ་བཞག་བས། །ཡིད་ཀྱི་བརྗོད་པ་མ་གཏོགས་ཏོར?། །ངན?་ཀུན་རབ་ཏུ་མི་མཐོང། ཞེས་གསུངས་པ་ལྟར།)་གྱུར་པའི་གནས་སྐབས་ཏེ་དེ་ཁོ་(ཐེག་པ་ཆེན་པོ་འདིར)་ན་སྣང་བ་ཐོབ་པ་ཞེས་པའི་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་རྗེས་སུ་(ཆོས་ཀྱི་སྣང་བ་དེ་འཕེལ་བའི ་ཆེད་དུ་བདག་མེད་སྒོམ་པ་ལ་བརྩོན་པར་མཛད་དོ།)་།ཡེ་ཤེས་ཀྱི་སྣང་བ་འབྲིང་དུ་གསལ་བ་ནི་རྩེ་མོ་སྟེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ནོ། །གང་གི་ཚེ་སེམས་ཙམ་ལ་གནས་པས་ཕྱི་རོལ་གྱི་དོན་(བདེན་པར)་དུ་མངོན་པ་ཞེན་པ་མེད་པའི་ཡེ ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་སྐྱེ་བ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ། གཟུང་བའི་རྣམ་པ་མེད་པར་(དེ་ནས་དོན་ཀུན་གནང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །ཅེས་ཏེ།)་ཞུགས་པའི་ཕྱིར་དེ་ཁོ་ན་ཉིད་དོན་གྱི ་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ནོ། །གང་གི་ཚེ་(དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག་།འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང། །ཞེས་སོ།།)་ཡང་དོན་འཛིན་པར་བྱེད་པའི་རྣམ་པར་གཡེང་བ་(དེ།)་སྣང་བ་མེད་པའི ་ཡེ་ཤེས་ཀྱི་སྣང་བ་རྫོགས་པར་(གཟུང་བ་མེད)་གྱུར་པ་དེའི་ཚེ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཏེ་དེ་ཁོ་ན་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །དེའི་དེ་མ་ཐག་པའི་སྐད་ཅིག་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད ་མངོན་དུ་བྱེད་པ་མཐོང་བའི་ལམ་དངོས་སུ་པའི་(མཐོང་སྤང་གི)་གཉེན་པོ་སྟེ། དེའི་ཕྱིར་དེ་ཁོ་ན་ལ་(ཆོས་མཆོག་དེ་མ་ཐག་ཏུ་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པའི་ཕྱིར།)་ཐམས་ཅད་སྤོང་བར་བྱེད་དོ། །གང་འདོད་པ་ཡང། སེང་གེ་བཟང་པོས། ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་རྣམས། རྩེ་མོའི་མངོན་པར་རྟོགས་(མཐོང་ལམ)་པས་(རྟོག་པ་བཞི་པོ)་བསྡུས་པ་མཐོང་བ་དང་སྒོམ་པའི་ལམ་དག་ཁོ་ན་ལ་སྤངས་པར་བྱ་བའོ་ཞེས་བཤད་པ་དེ་མི་འཐད་དེ། དེའི་ཚིག ་དང་སྣང་བ་ཐོབ་པ་ལ་སོགས་པ་རྟོགས་པར་བྱེད་པ་དང་འགལ་ལོ། །ཅི་སྟེ་(འཕགས་པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོགས་པ་བཞི་པོ་རྣམས་ཀྱི།)་གཉེན་པོ་མཐོང་བའི་ལམ་མོ་ཞེས་(ཡོངས་འཛིན་བཤད་མ་ཐག་གི་སྐབས་སུ་གསུངས།)་པས་སྒོམ་(འཕགས་པ།) ་པའི་ལམ་ཉེ་བར་མཚོན་པ་སྟེ། རྩེ་མོའི་མངོན་པར་རྟོགས་པ་ལའང་འཕགས་པས་བཞེད་དོ་ཞེ་ན་།དེའི་ཚེ་མདོ་སྡེ་རྒྱན་དུ་གསུངས་པའི་རིམ་པ་དང་འགལ་ཏེ། དེར་ནི་དེ་ལྟར་བཤད་ཟིན་པའི་དྲོ་བར་གྱུར་པ་ལ་སོགས་པ་རྣམས་ངེས ་པར་འབྱེད་པའི་ཆ་དང་མཐུན་པའོ། །འདི་(ངེས་འབྱེད་ཆ་མཐུན)་ལས་ཕ་རོལ་ཏུ་མཐོང་བའི་ལམ་གྱི་གནས་སྐབས་(གཟུང་འཛིན)་གཉིས་ལས་རྣམ་པར་གྲོལ་བའི་ཡེ་ཤེས་(གདམས་པ་དང་རྗེས་སུ་བསྟན་པའི་སྐབས་སུ)་ཏེ་གཟུང་བ་དང་འཛིན་པ་དང་མི ་ལྡན་པའི་ཕྱིར་རོ། །གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་མི་ལྡན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དྲི་མ་དང་བྲལ་བ་སྟེ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །དེ་འདིའི་གནས་ཡོངས་སུ་གྱུར་པ་སྟེ། ་ས་ནི་(བྲལ་བ)་དང་པོ་(རབ་ཏུ་དགའ་བ)་ཡིན་པར་འདོད། །དེ་འདིའི་(ཱམ་བྲལ་བ)་བསྐལ་པ་དཔག་མེད་ཀྱིས། །ཤིན་ཏུ་རྣམ་པར་དག་པར་འགྱུར། ཞེས་གསུངས་སོ། །གཉེན་པོའི་ཚོགས་ཀྱི་སྒྲུབ་པའི་གནས་སྐབས་སུ་དང་པོའི ་གཟུང་བྱའི་དངོས་པོ་ནི་དེ་བཞིན་ཉིད་ལ་སོགས་(གནས་གྱུར་པ)་པ་རྣམས་དང་གཟུགས་ལ་སོགས་པ་རྣམས་དང་རྨི་ལམ་ལ་སོགས་པ་རྣམས་སོ། །གཉིས་པ་ནི་གཟུང་བྱ་གཉེན་པོའི་དངོས་པོ་ནི་སྦྱིན་པ་ལ་སོགས་པ་སངས་རྒྱས ་(གཉེན་པོའི་དབང་དུ་མཛད་ནས་ཤེས་པ་ཉི་ཁྲི་སྣང་བར་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཛའ་དང་ནམ་མཁའ་དང་སྤངས་པ་དང་འདོད་ཆགས་དང་བྲལ་པ?)་ཀྱི་ཆོས་ཀྱི་མཐར་ཐུག་པ་རྣམས་སོ། །འཛིན་པའང་སྟེ་ཡུལ་དང་པོ་ནི་གང་ཟག་རྫས་སུ་(དང་སྟོང་པ་ཉིད་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ།) ་ཡོད་པ་རྒྱུན་ཏུ་ཞུགས་པ་(དགྲ་བཅོམ་པ)་ལ་སོགས་པའོ་(སངས་རྒྱས་ཀྱི་?། །ཡུལ)་གཉིས་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པ་(ཱི་འབྲས་བུ་རྣམས་དང་ས་བཅུ་དང་དཀར་པོ་རྣམ་པར་མཐོང་བ་སོགས་དང་ལམ་དང་འབྲས་བུར་གནས་པའི་འཕགས་པའི།)་གང་ཟག་བཏགས་པར་ཡོད ་པའོ། །མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་པའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་མདོར་བསྟན་པ། རྩེ་མོའི་མངོན་པར་རྟོགས་པས་བསྡུས་པའི་མཐོང་བའི་ལམ ་ལ་དང་སྒོམ་(།སྟེ་རབ་ཏུ་གདགས་པའི་རྒྱུ་མཚན་དུ་གྱུར་པ།)་པའི་ལམ་ལ་སྤང་བར་བྱ་བ་འདིའི་ཡང་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་འཇུག་པའི་ཕྱོགས་ལ་བརྟེན་པ་སྟེ། གང་བྱང་ཆུབ་སེམས་དཔས་སླང་བར་བྱ་བ་དེ་འདའ་ཨི་འཇུག་པའི ་ཕྱོགས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དང་རིགས་དང་ལམ་(རྟོག་པ་བཞི་པོ)་ཡང་དག་པར་འགྲུབ་པ་ལ་སོགས་པ་རྣམ་པར་རྟོག་པའི་གཟུང་བྱའོ། །གཉིས་པ་ནི་ལྡོག་པའི་ཕྱོགས་ལ་བསྟེན་པ་སྟེ། གང་བྱང་ཆུབ་སེམས ་(ངོ་བོ་ཉིད་དང་རིགས་དང་ནི)་དཔའ་ཨི་སྤང་བར་བྱ་བ་དེ་རྣམས་(ཐེག་ཆེན་གྱིས)་འདིའི་ལྡོག་པའི་ཕྱོགས་ཁམས་གསུམ་གྱིས་བསྡུས་པའི་ཆོས་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཏེ་རྣམ་པར་རྟོག་པའི་གཟུང་བྱའོ། །གསུམ་པ་འཛིན་པའི་རྣམ ་པར་རྟོག་པ་སེམས་ཅན་རྫས་སུ་(བྱང་ཆུབ་སེམས་དཔའ་)་ཡོད་པ་ལ་བརྟེན་པ་སོ་སོ་སྐྱེ་བོ་རྣམས་ཀྱིའོ། །འཕགས་པ་རྣམས་ཀྱི་ནི་མ་ཡིན་ཏེ་(འཕགས་པ)་དེ་རྣམས་ཀྱིས་སྤངས་པ་ཉིད་ཀྱི་ཕྱིར་ལ་མཐོང་བས་སྤང་བྱ་རྣམས་ཀྱི་དབང ་དུ་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་(ཉི་ཁྲི་གནད?་པའི་དོན)་འདི་ལྟའི་ཆོས་རྣམས་ལ་སོ་སོའི་སྐྱེ་(རྒྱུད་ལ་ཡོད་པ)་བོ་རྣམས་ཀྱི་ཡང་ཆོས་ཐམས་ཅད་བདག་མེད་པ་ཞེས་ཡིད་ལ་(ཟིན་པ)་བྱེད་པ་ནི་ལྷག་པར་མོས་པ་པ་(ཡིན་གྱི་དེ་ཁོ་ན་ཉིད ་ཡིད་ལ་བྱེད་པ་མ་ཡིན་པས་ན།)་སྟེ་འདིར་བརྗོད་པར་འདོད་པ་མ་ཡིན་ནོ། །འཛིན་པ་རྫས་སུ་ཡོན་པའི་ཆོས་རྣམས་ནི་འཛིན་པ་དང་འདོར་བ་ལ་སོགས་པ་རྣམས་(གང་ཟག་རྫས་ཡོད་བདག་མེད་པར་རྟོགས་པ་ཡོད་དོ་ཞེ་ན་དེས་ན།)་ཏེ། (འཛིན་བ་རྫས་སུ་ཡོད་པ)་དེའི་རྣམ ་པར་རྟོག་པ་རྣམས་འཕགས་པ་རྣམས་ཀྱིས་སྤངས་པས་སོ། །བཞི་པ་སེམས་ཅན་བཏགས་པར་ཡོད་པ་ལ་བརྟེན་པ་ནི་འཕགས་པ་རྣམས་ཀྱིའོ། །དེའི་དབྱེ་བ་ཆེད་དུ་བྱ་བ་ཇི་ལྟ་བར་ངེས་པར་མི་འབྱུང་བ་ལ་སོགས་པ་རྣམས་ཉན་ཐོས་དང ་རང་སངས་རྒྱས་རྣམས་ཀྱིས་མ་སྤངས་པའི་ཕྱིར་ལ། སོ་སོའི་སྐྱེ་བོ་རྣམས་ལ་ནི་(འཛིན་པ)་དང་པོའང་ཡོད་པའི་ཕྱིར་རོ། །གང་བདག་དེའི་དུས་ན་རྨ་བྱའི་རྒྱལ་པོ་ཡན་ལག་མ་སྨད་པ་ཞེས་བྱ་བ་དེར་གྱུར་ཏོ་ཞེས་པ་ལ་སོགས་པ་བཅོམ ་ལྡན་འདས་ཀྱི་གསུང་དེ་ནི་ཐ་སྙད་པ་སྟེ་དོན་དམ་པ་བ་མ་ཡིན་ནོ། །སྒོམ་པའི་ལམ་ལ་ནི། དང་པོའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་ཀྱི་དེ་བཞིན་ཉིད་ལ་སོགས་པ་སྤྱིའི་མཚན་(འཕགས་པ་ལ་ཡང་སྐྱེས་བུ་བཏགས་པར་འཛིན་པ་ཡོད་དོ་ཞེན་དེ་ལྟ་བུའི།) ་ཉིད་རྣམས་ཀྱི་(ཆོས)་མདོར་བསྡུས་པ་དང། རང་གི་མཚན་ཉིད་རྣམས་ཀྱིས་རྒྱས་པ་(རྣམ་རྟོག)་ཞེས་པ་མདོར་བསྡུས་པ་དང་རྒྱས་པ་ལ་སོགས་པ་གཟུང་བྱའོ། །གཉིས་པའི་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པ་ལ་སོགས་པ་གཟུང ་བྱའོ། །གསུམ་པའི་རྫས་སུ་ཡོད་པའི་འཛིན་པ་པོས་སེམས་ཅན་རྣམས་གདགས་པར་བྱ་བའོ་ཞེས་པས་སེམས་ཅན་བཏགས་པ་ཞེས་པ་ལ་(རྟོག་པ)་སོགས་པ་ཡུལ་ལོ། །བཞི་པའི་(སེམས་ཅན་དུ)་གདགས་པར ་བྱ་(རྟོག་པ)་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་(སེམས་ཅན་དུ་གདགས་པ)་དེའི་རྒྱུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཡུལ་ལོ། །རྣམ་པར་རྟོག་པ་འདི་རྣམས་(རྟོག་པ)་ཀྱང་བློ་དམན་པ་རྣམས་ཀྱིས ་རྟོགས་པའི་དོན་དུ་(རྗེས་སུ་བརྩེ་བས)་བཅོམ་ལྡན་འདས་མར་(ཡུལ་གྱི་དབྱེ་བས)་སོ་སོར་རྣམ་པ་དགུར་དབྱེ་བར་མཛད་དོ། །ཤེས་རབ་རྣོན་པོ་རྣམས་(བརྒྱད་སྟོང་འགྲེལ་པའི་རྩེ་མོའི་མཐོང་ལམ་གྱི་ཐད་དུ)་ཀྱིས་བརྙས་པ་སྤང་བའི་ཆེད་དུ ་ཤིན་ཏུ་ཕྱེ་བ་མ་ཡིན་ནོ། །མདོར་བསྡུས་ནས་ནི་བཞི་པོ་ཁོ་ནས་རྟོགས་པར་སླའོ་ཞེས་ཁ་ཅིག་ཏུ་རྣམ་པ་དགུར་ཡང་དབྱེ་བ་མ་བྱས་ཏེ། དེ་བཞིན་དུ་ཁོ་བོས་ཀྱང་ངོ། །སྤང་བར་བྱ་བ་འདི་རྣམས་ལས་སྣ་ཚོགས ་སུ་རབ་ཏུ་ཕྱེ་བ་གཟུང་བའི་རྣམ་(ཏེ་གཉེན་པོའི་ཕྱོགས་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ་ཞེས།)་པར་རྟོག་པ་དག་རྩེ་མོའི་མངོན་པར་རྟོགས་པར་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་སུ་སྤང་བར་བྱ་བ་དག་གོ་།གཉིས་པ་འཛིན་པའི་རྣམ་པར ་རྟོག་པ་དག་དངོས་གཞིའི་གནས་སྐབས་སུ་སྤང་བར་བྱ་བ་དག་གོ་།དེ་བཞིན་དུ་སྒོམ་པའི་ལམ་གྱི་འོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་མར་གསུངས་པ། ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་བར་འགྱུར་ན། ་ཁམས་གསུམ་པ་ལས་ངེས་པར་འབྱུང་བར་འགྱུར་རོ་ཞེས་སོ། །བར་མར་ཡང། བཅོམ་ལྡན་(སྦྱོར་བ་དང་དངོས་གཞིའི་སྐབས་སུ་སྤང་བྱ།)་འདས་རྣམ་པར་དག་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ ་ལགས་སོ། །ཤཱ་རིའི་བུ་ཁམས་གསུམ་པའི་རང་བཞིན་མི་དམིགས་པས་སོ་ཞེས་(ཁམས་གསུམ་པའི་གཉེན་དེའི་རྣམ་དག་གི་ཐད་དུ)་སོ། །འཕགས་པས་ཀྱང་(གཉེན་པོའི་ཚོགས་ཀྱི་ཐད་དུ་ཉི་ཁྲི་སྣང་བར།)་རྣམ་པར་རྟོག་པ་འདི་བརྒྱད་ནི་ཁམས་གསུམ་པར ་འདོད་དོ་ཞེས་གསུངས་སོ། །སླར་ཡང་མཐོང་བའི་ལམ་གྱི་བཟོད་(རྣམ་པར་དག་པ་མི་སྐྱེའོ།)་པ་འདི་སྐྱེས་པ་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་(སུམ་ཅུ་རྩ་དྲུག་རེ་ཡོད་པས་དེ་གསུམ)་ཀྱིས་བསྡུས་པ་ཉོན་མོངས་པ་བརྒྱ་རྩ ་བརྒྱད་མཐོང་བས་སྤང་བར་བྱ་བ་(ཉི་ཁྲི་སྣང་བར་མཐོང་ལ་མ་རྩེ་མོར)་རྣམ་པར་རྟོག་པ་བཞིས་བསྡུས་པ་སྤོང་བར་བྱེད་དོ་ཞེས་སོ། །འདིར་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་རྣམས་ལ་སོ་སོར་(ཡུལ་གྱི་དབྱེ་བས)་རྣམ་པ ་དགུར་ཕྱེ་བས་སུམ་ཅུ་རྩ་དྲུག་སྟེ་ཁམས་གསུམ་དུ་གྲངས་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །འོ་ན་འཆད་པར་འགྱུར་བའི་ཚུལ་གྱིས། རྩེ་མོའི་མངོན་པར་རྟོག་པའི་ལམ་གཉིས་ལ། (རྩེ་མོའི་རྣམ་པ་སུམ་ཅུའི)་བཅུ་དྲུག་པ་ལ་སོགས་པ་གཉེན་པོའི ་རྣམ་པ་བཅོ་ལྔ་རྣམས་ཀྱི་ས་བཅུ་དྲུག་ལ་སོགས་པས་མི་མཐུན་པའི་ཕྱོགས་ཀྱི་རྣམ་པའི་དབྱེ་བ་བཅོ་ལྔ་རྣམས་(གཟུགས་ཁམས་ཁོ་ན་ཡོད་པས།)་གཟུགས་ཀྱི་(ཐོང་བ་དང་སྒོམ་པའི)་ཁམས་ཁོ་ནར་རྣམ་པར་རྟོག་པ་བདུན་ཅུ་རྩ་གཉིས་པོ་འདི ་རྣམས་སྤོང་བར་རིགས་ཀྱི། ཅི་ལྟར་འདོད་པ་དང་གཟུགས་མེད་པའི་ཁམས་བརྗོད་ཅེ་ན། བདེན་ཏེ། འོན་ཀྱང་ཁམས་གསུམ་གྱིས་བསྡུས་པ་ཉོན་མོངས་པ་བརྒྱ་རྩ་བརྒྱད་ནི་འཇིག་རྟེན་པའི་ངེས་འབྱེད་ཆ་མཐུན་གྱི་གནས་སྐབས་དང ་མཚུངས་པར་ལྡན་པ་གང་དེ་(ཁམས་གསུམ་དུ་རྩེ)་འདིར་སྤོང་བ་སྟེ། ཤུགས་ཀྱིས་རྣམ་པར་རྟོག་པ་བདུན་ཅུ་རྩ་གཉིས་ཁོ་ནའོ་ཞེས་པ་དོན་གྱི་མི་འགལ་ལོ། །གང་གི་ཕྱིར་ཇི་ལྟར་རྣམ་པར་རྟོག་པ་བཞིའི་རབ་ཏུ་དབྱེ་བ་མ་རིག་པ་ལ་སོགས ་པའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་པོ་ཁམས་གསུམ་དུ་བརྒྱ་རྩ་བརྒྱད་དུ་འགྱུར་བ་རྟོགས་པར་སླ་བ་(སྤོང་བ)་ཉིད་ཀྱིས་མ་བརྗོད་པ་རྣམས་གཟུང་བ་དང་འཛིན་པ་དག་གི་རྣམ་པར་རྟོག་པ་ཉིད་(དང་ཕུང་པོ་དང་མིང་གཟུགས་ལ་ཞེན་པ།) ་ཀྱིས་ཕྱིན་ཅི་ལོག་པའི་ཕྱིར་དང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་མངོན་པར་ཞེན་པའི་ངོ་བོ་ཕྱིན་ཅི་ལོག་གིས་བསྐྱེད་པའི་ཕྱིར་མ་རིག་པའི་ནང་དུ་འདུས་པ་རྣམས་ས་རབ་ཏུ་དགའ་བ་ལ་མ་རིག་པ་སྤངས་པས་སྤོང་བ་དེ་བཞིན ་དུ་བརྗོད་པར་འདོད་པ་མེད་པའི་(གཉེན་པོའི་ཚོགས་ཀྱི་སྐབས་སུ་བཤད་པའི)་དེ་བཞིན་ཉིད་ལ་སོགས་པའི་རྣམ་པར་རྟོག་པའི་དབྱེ་བ་རྣམས་དང་བརྗོད་པར་འདོད་པ་མེད་པའི་(རྩེ་མོ་མངོན་རྟོགས་སུ་བཤད་པའི)་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དབྱེ ་བ་རྣམས་ཀྱང་སྒོམ་པའི་ལམ་ལ་འདོད་པའི་ཁམས་སུ་གཉེན་པོ་རྣམ་པ་དགུ་རྣམས་ཀྱིས་མ་རིག་པ་དགུ་སྤངས་པ་ཁོ་ནས་སྤོང་ལ། གཟུགས་ཀྱི་ཁམས་སཱུང་གཉེན་པོ་རྣམ་པ་བཅོ་ལྔས་མ་རིག་པ་རྣམ་པ་བཅོ་ལྔ ་སྤངས་པ་ཁོ་ནས་སོ། །གཉེན་པོའི་རྣམ་པ་བཅོ་ལྔ་རྣམས་ཀྱིས་མ་རིག་པའི་རྣམ། (ས་གཉིས་པ་ནས་ས་བཅུ་པ་ཙམ་གྱི་བར)་པ་བཅོ་ལྔ་རྣམས་ནི་སྔར་དང་འདྲ་བར་གདུལ་བྱའི་དོར་གསུངས་(རྩེ་མོ་མངོན་རྟོགས་ཀྱི་རྣམ་པ་སུམ་ཅུའི་བཅུ་དྲུག་པ་སོགས། མཐོང་ལམ་རྩེ་མོའི་སྤང་བྱ ་རྟོག་པ་སུམ་ཅུ་རྩ་དྲུག་དང་སྒོམ་ལམ་རྩེ་མོའི་སྤང་བྱ་རྟོག་པ་སོ་དྲུག་སྟེ།)་པ་(གཉེན་པོའི་ཚོགས་ཀྱི་ཐད་དུ་གསུངས་པ།)་དེ་བཞིན་ཉིད་ལ་སོགས་པ་གཟུང་བ་དང་རྫས་སུ་ཡོད་པའི་རྒྱུན་དུ་ཞུགས་པ་ལ་སོགས་པ་འཛིན་པའི་རྣམ་པར་རྟོག་པའི་རབ་ཏུ་དབྱེ་བ་བདུན་ཅུ ་རྩ་གཉིས་སྤོང་ངོ། །མ་རིག་པའི་རྣམ་པ་གཞན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་དབྱེ་བར་མ་གསུངས་པ་རྣམས་ནི་གཉེན་པོའི་རྣམ་པ་གཞན་རྣམས་ཀྱིས་སྤོང་ངོ། (།མཐར་གྱིས་པའི་མངོན་རྟོགས་པའི་རྣམ་པ་བཞི་བཅུས་སྤོང་པའི) ་བསམ་གཏན་བཞི་པ་དང་གཟུགས་མེད་པའི་ཁམས་སཱུང་གདོན་མི་ཟ་བར་འདི་ལྟར་གདམས་པར་བྱའོ། །གཞན་དུ་ན་(བོད་དུ་བཤད་པ་ལྟར།)་འཆད་པར་འགྱུར་བའི་རྣམ་པར་གཞག་པ་དང་ཅི་ལྟར་མི་འགལ། འཕགས་པས ་མཛད་པའི་རྣམ་པར་བཞག་པ་རྣམས་ལ་ཕན་ཚུན་འགལ་བ་རྨི་ལམ་ནའང་མེད་དེ་ཞེས་པ་རྒྱས་པར་ཆོག་གོ་།རྣམ་པར་རྟོག་པའི་རྣམ་པ་འདི་ལྟ་བུ་རྣམས་སྔར་ཉིད་དུ་སྤངས་པ་མ་ཡིན་ནམ། མི་སྲིད་པའི་ཕྱིར། ཅི་ལྟར ་རྟོགས་པ་རབ་ཏུ་གྱུར་པ་མཐར་ཐུག་པའི་གནས་སྐབས་(རྩེ་མོའི་མཐོང་སྒོམ)་འདི་ལ་སྤོང་བར་བསྟན་ཞེ་ན། སྐྱོན་མེད་དེ་གང་གི་ཕྱིར་གསང་བ་ཕྲ་མོ་ལ་འཇུག་པ་(ཱི་ཀུན་རྨོངས)་དང་མངོན་པར་ཤེས་པ་ཆེན་པོའི་གེགས་ཀྱི་ཀུན་ཏུ་རྨོངས ་པ་དག་དང་དེའི་ས་བོན་ཡང་བཅུ་པ་ལ་སྤོང་ངོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོར་གསུངས་སོ། །ཡང་དགོངས་པ་ངེས་པར་འགྲེལ་པར། བག་ལ་ཉལ་སྟོབས་ཆུང་བ་ནི་ས་དྲུག་པ་དང་བདུན་པ་ལ་ཉོན་མོངས་པ་ཕྲ་མོ་ཀུན་ཏུ ་སྤྱོད་པ་(མངོན་དུ་འགྱུར་བ)་ཉིད་ཉེ་བར་གཟུང་(རྣམ་པར་བཞག་པར་བྱས)་ནས་སོ། །བག་ལ་ཉལ་ཕྲ་མོ་ནི་ས་བརྒྱད་པ་ལ་སོགས་པ་རྣམས་ལ་ཐམས་ཅད་ཀྱིས་(ཉོན་མོངས་པའི་བགལ་ཉལ་གསུམ་ལ་འགྲོགས་ཡང་དག་པར་བཅོམ་པའི་བག་ལ་ཉལ་ནི་ས་ལྔ་རྣམས་ལ་ཉོན་མོངས ་པ་ལྷན་སྐྱེས་མངོན་འགྱུར་འབྱུང་བའི་གྲོགས་པོ་ཉོན་མོངས་ཀུན་བཏགས་མངོན་འགྱུར་དུ་འབྱུང་བ་མེད་པར་བསྲུངས་ནས།)་ཐམས་ཅད་དུ་ཉོན་མོངས་པ་ཀུན་དུ་(དེའི་གོང་མ)་སྤྱོད་པ་(མངོན་གྱུར)་མེད་པས་ཤེས་བྱའི་སྒྲིབ་པའི་རྟེན་ཙམ་ཉེ་བར་གཟུང་ནས་སོ་ཞེས་(གསུངས)་སོ། ། ་དེའི་ཕྱིར་ཇི་སྐད་བརྗོད་པའི་བག་ཆགས་དང་བཅས་པའི་ཀུན་དུ་རྨོངས་པའི་(བག་ཆགས་ཀྱི)་རྒྱུ་འཆད་པས། རྒྱུ་ཅན་(འབྲས་བུ)་རྣམ་པ་འདི་ལྟ་བུའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་རྣམས་རྟོགས་པ་རབ་ཏུ་གྱུར་པ་མཐར་ཐུག ་པའི་རང་(བརྒྱད་སྟོང་འགྲེལ་བའི་རྩེ་མོའི་མཐོང་ལམ་དུ)་བཞིན་ཉིད་ཀྱིས་ས་བཅུ་པ་དང་འབྲེལ་པའི་རྩེ་མོའི་མངོན་པར་རྟོགས་དེའི་པ་ལ་ངེས་པར་སྤོང་པར་རྟོགས་པར་བྱ་སྟེ། གཞན་དུ་ནི་རེས་འགའ་བས་སྤོང་ཞེས་སྔོན་གྱི་སློབ་དཔོན་རྣམས་སོ། །འདི་ནི ་མདོར་བསྡུས་པའི་དོན་ཏེ་ཇི་སྐད་བརྗོད་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་(བདག་འཛིན་ལ་སོགས་པ)་ཐམས་ཅད་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བ་ཁོ་(ས་བཅུ་པ་ལས)་ན་སྟེ། ཕྱིན་ཅི་ལོག་དེ་ནི་ཐོག་མ་མེད་པའི་དུས་ཅན་དངོས་པོ་ལ་སོགས ་པར་མངོན་པར་ཞེན་པའི་མཚན་ཉིད་ཅན་ནོ། །དེའི་ཕྱིར་(ཕྱིན་ཅི་ལག)་དེ་ལས་བཟློག་པའི་དམིགས་པ་དང་རྣམ་པ་(ཅན)་ཉིད་ཀྱིས་(ཕྱིན་ཅི་ལོག)་དེ་དང་འགལ་བ་རང་བཞིན་མེད་པའི་(རྟོགས་པ)་ཡེ་ཤེས་ལས་སྤོང་བར་བྱེད་པ་ཁོ་ནའོ།། ་དེ་སྤངས་ན་དེའི་རྩ་བ་ཅན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཅི་ལྟར་གནས་པ་ཐོབ་(སྟེ་མི་ཐོབ)་ཅེས་པའོ། །དེ་ཉིད་ཀྱི་ཕྱིར་མདོ་འགའ་ཞིག་ཏུ་གཟུང་བ་དང་འཛིན་པའི་རྣམ་པར ་རྟོག་པ་རྣམས་ཀྱི་(ཕྱིན་ཅི་ལོག)་དབྱེ་བ་རྣམ་པར་བཞག་པ་མ་མཛད་ལ། འགའ་ཞིག་ཏུ་འདོད་ཆགས་ལ་སོགས་པ་བག་ལ་ཉལ་དགུ་རྣམས་ཀྱི་ཡང་སྟེ། དངོས་པོ་དང་དངོས་མེད་པར་(བདེན་པར)་མངོན་པར་ཞེན་པའི་ངོ་བོ་མ་རིག ་པ་སྤངས་པ་ཁོ་ན་ལས་(ཀུན་རྨོངས)་དེའི་རྒྱུ་ཅན་གཟུང་བའི་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ངེས་པར་སྤོང་བར་མངོན་པར་དགོངས་པས་(དབྱེ་བ་མཛད)་སོ། །དེ་ཉིད་ཀྱི་ཕྱིར། དངོས་སུ་མ་རིག་པ་དང་འགལ་བའི་བྱང་ཆུབ་ཀྱི ་སེམས་(སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན)་ཁོ་ན་(ཐར་པ་དོན་དུ་གཉེར་བ)་ཐམས་ཅད་ཀྱིས་ངེས་པར་བསྒོམ་པར་བྱ་བར་ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཚུལ་ཐམས་ཅད་དུ་བསྟན་ཏེ། སྐྱེ་མེད་འཇིག་པ་མེད་པ་ཡི། །ཆོས ་ཀྱི་དབྱིངས་ནི་འགྲོ་ལ་སྙོམས། །ཤེས་པ་ལ་སོགས་པ་ཉན་ཐོས་ཀྱི་མདོ་ལ་སོགས་པ་རྣམས་སུ་བསྟན་ཏེ། དྲོད་ལ་སོགས་པ་(བཞི་པོ)་རྣམས་དབང་པོ་དང་སྟོབས་ཀྱི་བདག་ཉིད་དུ་(དོན་དམ་པར)་སྔར་བརྗོད་ཟིན་ལ་འཇུག་པའི ་སྒྲུབ་པའི་ངོ་བོ་ཉིད་དུ་ཡང་ངོ། །དེ་ཡང་ཐེག་པ་ཆེན་པོ་ལ་འཇུག་པ་དང་དེ་ལ་འཛེག་པའོ། །དེའང་(ཉི་ཁྲི་སྣང་བར)་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་ཐེག་པ་ལ་འཛེག་པ་ཡིན་ལ་འཛེག་པའང་འཇུག་པའོ་ཞེས་(ལེའུ་གཉིས་དང)་མིང་ལས་གཅིག ་ཁོ་ནའོ་ཞེས་འཕགས་(བརྗོད་ཟིན)་པའོ། །བཅོམ་ལྡན་འདས་མར་ཡང། (ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན)་ཐེག་པ་ཆེན་པོ་ལ་འཇུག་པ་དང་ཐེག་པ་ཆེན་པོ་ལ་འཛེག་པ་ཞེས་སོ། (།བྱེད་པ་སྒྲུབ་པ)་འདིས་འགྲོ་བ་(ཡིས་ན་ཐེག་པ་ཆེན་པོ)་དང། ་དེར་འགྲོ་བའོ་ཞེས་པས་དང་པོར་འཇུག་པའི་སྒྲུབ་པས་(ཐེག་པ་ཆེན་པོ)་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱིས་ཆོས་ལ་འཇུག་པ་ཡིན་ལ། ཕྱི་ནས་དེ་གོང་ནས་གོང་དུ་ཁྱད་པར་དུ་རྟོགས་པས་ཡང་དག་པར་འཛེག་པའོ་ཞེས་པ་ཚིག་གཉིས་སོ། །དེའི་ཕྱིར ་(ལས་སུ་སྒྲུབ་པ)་འཇུག་པ་ནི་(ཐེག་པ་སྟེ)་འགྲོ་བར་བརྩོམ་པ་དང་འགྲོ་བ་དང་གནས་ནས་འགྲོ་བ་རྣམས་རིམ་པ་ཇི་ལྟ་བར་མོས་པ་སྤྱོད་པའི་ས་དང། རབ་ཏུ་དགའ་བ་ནས་བཟུང་སྟེ་བདུན་པ་ཇི་སྲིད་པར་དང་མི་གཡོ་བ་ལ་སོགས་པ་རྣམས་ལའོ་ཞེས་སློབ ་དཔོན་དབྱིག་གཉེན་བཞེད་པ་སྟེ་སྔར་བརྗོད་དོ། །དང་པོ་(མོས་སྤྱོད་གྱིས)་ནི་མོས་པ་ཡིན་ལ་(རབ་དགའ་ལ་སོགས)་བདུན་རྣམས་སུ་འབང་པས་འགྲོ་བ་ཡིན་ཞིང་བརྒྱད་པ་ལ་སོགས་པ་རྣམས་སུ་ལྷུན་གྱིས་གྲུབ་པའི་ཐེག་པ་ཁོ་ན་སྟེ། ལེགས ་པར་འབྱོར་པའི་ཤིང་རྟ་ལ་སོགས་(སྒྲུབ་པ་བཞིའི་ས་མཚམས་ཀྱི་ཐད་དུ)་པས་ལྟར་(འགྲོ་བར)་འདིའི་འགྲོ་བ་རབ་ཏུ་བསྒྲུབ་པར་བྱའོ། །དེའི་ཕྱིར་དང་པོར་བྱང་ཆུབ་སེམས་དཔས་ཐེག་པ་ཆེན་པོ་(ཡང་ཡིན་ལ)་ལམ་གྱི་རང་བཞིན་ལ་འཇུག་གོ་།དེ་(ས་འགྲོ་བ)་ལ་ལམ ་གྱི་རབ་ཏུ་དབྱེ་བ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱང་ཆུབ་(འགྲོ་བ)་ཀྱི་(ལྷུན་གྲུབ་ཀྱིས)་ཕྱོགས་ཀྱི་བསམ་གཏན་དང་གཟུགས་མེད་པ་དང་རྣམ་པར་ཐར་པར་དང་མཐར་གྱི་གནས་པའི་སྙོམས་པར་འཇུག་(ཡིན་པ)་པ་དང་ཟིལ་གྱིས་གནོན་ ་པའི་སྐྱེ་མཆེད་དང་ཟད་པར་རང་ཏིང་ངེ་འཛིན་དང་ཤེས་པ་དང་དབང་པོ་དང་ཏིང་ངེ་འཛིན་དང་རྗེས་སུ་དྲན་པ་དང་ཚང་མེད་པ་དང། ནོར་དང་རྣམ་པར་རྟོག་པ་དང་སྤྱན་དང་མངོན་པར་ཞེས་པ། དང་གཟུངས་དང་དབང་པོ་དང་སྟོབས་དང་མི་འཇིགས་པ ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་རྣམས་སོ། །ང་ལ་(སྡེ་མཚན་དང་པོ་གཉིས་བཤད་ཟིན་པ?)་བསམ་གཏན་རྣམས་བཞི་སྟེ། བསམ་གཏན་དང་པོ་ཉོན་མོངས་པའི་འདོད་པ་མི་ལྡན་པའི་ཕྱིར་དང། ་དངོས་པོ་འདོད་པ་རྣམས་མི་དམིགས་པའི་ཕྱིར་འདོད་པ་རྣམས་ཀྱིས་དབེན་པ། །ཉོན་མོངས་པའི་འདོད་པའི་རྒྱུ་ཅན་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་མི་དགེ་བ་རྣམས་དང་བྲལ་བ་རྟོག་པ་དང་བཅས་དཔྱོད་པ་དང ་བཅས་པ་ནི་འདོད་པའི་གཉེན་པོ་རྟོག་པ་དང་དཔྱོད་པ་དག་དང་(མཚུངས་པར)་ལྡན་པ་ལས་ཏེ་འདོད་པའི་དོན་གྲུབ་པས་དང་ལུས་དང་སེམས་ཤིན་ཏུ་སྦྱངས་པས་དགའ་བ་དང་བདེ་བ་དང་ལྡན་(སྡིག་ལྟོ་མི་དགེ་བའི་ཆོས་ཀྱིས་དབེན)་པའི་སྙོམས ་པར་འཇུག་པ་ཉམས་སུ་མྱོང་བའོ། །གཉིས་པ་ནི་རྟོག་པ་དང་དཔྱོད་པ་རྣམས་སེམས་འཁྲུག་པར་བྱེད་པ་(དགའ་བ)་ཉིད་ཀྱི་སྐྱོན་དུ་མཐོང་བའི་ཕྱིར། དེ་རྣམས་(ལས་སུ་རུང་བས)་ལ་སེམས་བཟློག་སྟེ་ཏིང་ངེ་འཛིན་པར་བྱེད་པས་(རྟོག་དཔྱོད) ་དེ་རྣམས་ཐམས་ཅད་ཀྱིས་ཐམས་(བསམ་གཏན)་ཅད་སྤངས་པ་ལས། རྟོག་པ་མེད་ལ་དཔྱོད་པ་མེད་པ་ཉིད་ཀྱིས་ནང་རབ་ཏུ་དང་བ་དང་མཚུངས་པར་(རྟོག་དཔྱོད)་ལྡན་པའོ། །གསུམ་པ་ནི་བཏང་སྙོམས་པ་སྟེ་(ལམ་ཡང་དག་པར)་རྟོག་པ་དང་དཔྱོད་པ ་བཞིན་དུ་དགའ་བ་ཡང་རགས་པ་ཉིད་ཀྱིས་བཏང་(རྟོག་དཔྱོད་དགའ་བ་དང་གསུམ་པ)་སྙོམས་སུ་བྱེད་པའི་ཕྱིར་དང་དྲན་པ་དང་ཤེས་(དད་པ)་བཞིན་དང་ལྡན་པ་སྟེ། དགའ་བའི་(བསམ་གཏན)་གོ་སྐབས་མི་འབྱེད་པའི་ཆེད་དུ་དེ་དག་གི་ཤེས་རབ་མང ་དུ་བྱེད་པའི་ཕྱིར་དང། (ཡིད་བདེ་བ)་གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་དང་ཚོར་བ་དང་བང་བ་ཤིན་ཏུ་སྦྱངས་པའི་བདེ་བ་ལ་སྦྱོར་བ་ལས་བདེ་བ་དང་ལྡན་པའོ། །བཞི་པ་ནི་བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད་པ་སྟེ་སྡུག་བསྔལ་བ ་དང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔར་སྤངས་པའི་ཕྱིར། བསམ་གཏན་བཞི་པས་ནི་བདེ་པ་ཡང་(སྤོང)་ངོ། །བཏང་སྙོམས་དང། དྲན་པ་ཡོངས་སུ་དག་པ་སྟེ། (བསམ་གཏན)་དེ་དག་(བཞི་པ)་འདིར་ཤིན་ཏུ་རྣམ་པར་དག་པ་ཐོབ་པའི་ཕྱིར་རོ།། ་དེ་ལ་བསམ་གཏན་དང་པོའི་ཡན་ལག་རྣམ་ལྔ་སྟེ། རྟོག་པ་དང་དཔྱོད་པ་དག་གཉེན་པོའི་ཡན་ལག་སྟེ་དེ་དག་གིས་འདོད་པ་དང་གནོད་སེམས་དང་འཚེ་བའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་རོ། །དགའ་བ་དང་བདེ་བོ་དག་ཕན་ཡོན་གྱི་ཡན ་ལག་གོ་།སེམས་རྩེ་གཅིག་པ་ནི་(གཉེན་པོ་དང་ཕན་ཡོན)་དེ་གཉིས་ཀའི་རྟེན་གྱི་ཡན་ལག་སྟེ་(རྟོག་དཔྱོད)་ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་དགེ་བའི་རྟོགས་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། ལ།གཉིས་པ་ཡན་ལག་བཞི་རྣམས་ཏེ། ་ནང་རབ་ཏུ་དང་པ་གཉེན་པོའི་ཡན་ལག་ཡིན་ལ། ཡན་ལག་ལྷག་མ་སྔར་བཞིན་ནོ། །གསུམ་པའི་ཡན་ལག་རྣམ་ལྔ་སྟེ། བཏང་སྙོམས་དང་དྲན་པོ་དང་(དང་དབྱེད་པ་དང་དགའ་བ་དང་བདེ་བ)་ཤེས་བཞིན་(དགའ་བའི)་ནི་གཉན་པོའི་ཡན་ལག ་གོ། །བདེ་བ་ནི་(རྟོག་དཔྱོད་ཀྱི)་ཕན་ཡོན་གྱི་ཡན་ལག་གོ་།རྟེན་གྱི་ཡན་ལག་ནི་སྔ་མ་བཞིན་ནོ། །བཞི་པའི་ཡན་ལག་བཞི་རྣམས་ཏེ་བཏང་སྙོམས་ཡོངས་སུ་དག་པ་དང། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ་།སྡུག་བསྔལ་ཡང་མ ་ཡིན་བདེ་བ་འང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ་།རྟེན་གྱི་ཡན་ལག་ནི་སྔ་མ་བཞིན་ནོ། །དེ་ལ་བསམ་གཏན་(འདུ་བྱེད)་དང་(པོ་ཆུང་ངུ་དང་འབྲིང་དང་ཆེན་པོ)་བསྒོམས་པས་ཚངས་(དགའ་བའི)་རིས་ཀྱི་ལྷ་རྣམས་ནས་ཚངས་པ་ཆེན་པོ ་ཇི་སྲིད་པར་དང་བསྐལ་པ་མཉམ་པར་སྐྱེའོ། །གཉིས་པས་(ཆུང་ངུ་དང་འབྲིང་དང་ཆེན་པོར་སྒོམ་པ་འདོད་ཆུང་ནས།)་འོད་གསལ་བ་རྣམས་ཇི་སྲིད་པར་དང་ངོ། །གསུམ་(དེ་ལྟར་སྒོམ་པ)་པས་(དག་ཆུད)་དགེ་རྒྱས་པ་རྣམས་ཇི་སྲིད་པར་དང་ངོ། །བཞི་པས་འབྲས་བུ ་ཆེ་(ཆུང་ངུ་དང་འབྲིང་དང་ཆེན་པོར)་ཇི་སྲིད་པར་དང་ངོ། །དེའི་སྟེང་གནས་གཙང་མ་རྣམས་སུ་(བསམ་གཏན་བཞི་བཟག་བཅས་ཟག་མེད་སྤེལ་མར་སྒོམ་པས།)་འཕགས་པ་རྣམས་ཁོ་ན་སྐྱེའོ། །གཟུགས་མེད་པ་བཞི་རྣམས་ཁོ་ན་ནི་གཟུགས་(ཟག་བཅས་ཀྱི)་མེད ་པ་ཁོ་ན་ཉིད་རྣམས་ཏེ། དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་གཟུགས་ཀྱི་འདུ་ཤེས་རྣམས་དང་ར་བ་ལ་སོགས་པ་སྒྲིབ་པའི་འདུ་ཤེས་རྣམས་དང་ཁང་བཟད་དང་སྐྱེད་མོས་ཚལ་དང་རི་དང་ཆུ་པོ་དང། ཟླ་བ་དང་ཉི་མ་ལ་སོགས་པ ་སྣ་ཚོགས་ཉིད་ཀྱི་འདུ་ཤེས་རྣམས་ལ་འདོད་ཆགས་དང་བྲལ་བའི་(དེ་གསུམ)་ཐམས་ཅད་ལ་ནམ་མཁའ་ཨི་འདུ་ཤེས་བསྒོམས་པས། (ཱམ་ཐོབ་པ)་དེ་རྣམས་རྣམ་པ་ཐམས་ཅད་དུ་སྣང་བ་མེད་པ་ལས་ནམ་མཁའ་མཛའ་ཡས་སོ་ཞེས་འདི ་ལྟར་འདིར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་དམིགས་པས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་སོ། །དེ་ཤེས་(གཟུགས་སྒྲིབ་པ་སྣ་ཚོགས)་པ་གང་གིས་ནམ་མཁའ་མཛའ་ཡས་པར་མོས་པར་བྱས་པ་དེ་ཁོ་ན ་མཛའ་ཡས་པར་མོས་ཏེ་(དམིགས་པ)་ཐམས་ཅད་དུ་ནམ་མཁའ་ཨི་འདུ་ཤེས་བཟློག་པ་ལས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དོ། (རྣལ་འབྱོར)་།རྣམས་ཤེས་མཛའ་ཡས་སྐྱེ་མཆེད་ལས་གོང་དུ་བསྐྱོད་པས་དམིགས་པ་(ཱི་ཤེས་པ)་ཅི་ཡང ་མི་མཐོང་བ་ཅི་ཡང་མེད་དོ་ཞེས་པ་ནི་ཅི་ཡང་མེད་པ་སྟེ། དེ་ཁོ་ན་དམིགས་པར་བྱས་ནས་ཅི་ཡང་མེད་པའི་སྐྱེ་མཆོད་ལ་སྙོམས་པར་འཇུག་གོ་།ཅི་ཡང་མེད་པ་ཉིད་ཀྱི་འདུ་ཤེས་ལའང་ཆགས་པ་དང་བྲལ་བ་ནི་(ཅི་ཡང་མེད་པའི་འདུ་ཤེས།) ་དེའང་བཟློག་པར་བྱེད་ལ། འདུ་ཤེས་མེད་འདུ་ཤེས་མེད་(ཅི་ཡང་མེད་པ)་མིན་སྐྱེ་མཆེད་གང་ཡང་དག་པར་བསྒྲུབས་པས་ན། ཅི་ཡང་(དམ་ཅུང་ཟད)་གི་འདུ་ཤེས་ནི་སྔར་(ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དུས)་ཁོ་ནར་བཟློག་ཟིན་པ་དེའི་ཕྱིར ་འདུ་ཤེས་མེད་ཅིང། འདུ་ཤེས་ཕྲ་བ་ནི་འཇུག་པ་ཁོ་ན་སྟེ་(འདུ་ཤེས་ལ)་རྣམ་པར་གྲོལ་བ་མ་ཡིན་པ་དེའི་ཕྱིར་འདུ་ཤེས་མེད་པ་མ་ཡིན་པ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས། ཉམས་སུ ་མྱོང་བར་བྱེད་དོ། །གཟུགས་མེད་པ་ཉིད་འདི་རྣམས་ལ་ཡན་ལག་རྣམ་པར་གཞག་པ་མེད་དེ། ཞི་གནས་སུ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བརྒྱད་པོ་འདི་རྣམས་བསམ་གཏན་དང་གཟུགས་མེད་པ་ཉིད་རྣམས་ཏེ། དེ་རྣམས་ལ་བྱང་ཆུབ་སེམས ་དཔའ་ཉི་མ་སོ་སོར་སྙོམས་པར་འཇུག་ལ། སྙོམས་པར་འཇུག་པའི་སྔོན་དང་རྗེས་ལ་(ཉི་གྲི་སྣང་བའི་ཆོས་སྐུའི་ཐད་དུ། བཏང་སྙོམས་དང། སེམས་རྩེ་གཅིག་པའི་དབང་གིས་འདི་རྣམས་ཐམས་ཅད་ཡན་ལག་གཉིས་དང་ལྡན་པ་ཡིན་ཞེས་ཀྱང་གསུངས་སོ།)་འང་ནམ་མཁའ་ཨི་རྣམ་པ་དང་རྟགས ་དང་མཚན་མ་རྣམས་ཡིད་ལ་བྱེད་དེ། །དེ་ལ་(ཤེས་བྱའི)་ཆོས་འདི་རྣམས་ཐམས་ཅད་ལྡན་པ་མ་ཡིན་མི་ལྡན་པ་མ་ཡིན་པའོ་ཞེས་པ་ནམ་མཁའ་ཨི་རྣམ་པ་སྟེ། ཐ་དད་དང་ཐ་དད་མེད་པར་ཁས་མི་ལེན་པའི་ཕྱིར་རོ། །གཟུགས་མེད་པ ་བསྟན་དུ་མེད་པ་ཐོགས་པ་མེད་པ་ཞེས་པ་རྣམས་ནམ་མཁའ་ཨི་རྟགས་ཏེ་(ནམ་མཁའ་)་དེ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར། །འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་(དམ་བྱེ་བྲག)་གཅིག་པའོ་(བྱེ་བྲག་མེད་པ)་ཞེས་པ་ནམ་མཁའ་ཨི་མཚན་མ་སྟེ་ནམ་མཁའ་ ་ལྟ་བུའི་སྟོང་པ་ཉིད་ཀྱིས་མཚན་མ་སོ་སོར་སྣང་བའི་ཕྱིར་རོ། (།ཡིན)་རྣམ་པར་ཐར་པ་བརྒྱད་རྣམས་ལའང་སྙོམས་པར་འཇུག་སྟེ། བཅོམ་ལྡན་འདས་ཇི་སྐད་དུ་གསུངས་པ། གཟུགས་ཅན་གཟུགས་རྣམས་ལྟའོ་ཞེས་པ་རྣམ་པར་ཐར་པ ་དང་པོའོ། །ནང་གཟུགས་ཅན་(མི་སྣང་བའི་ཕྱིར་རོ་ཞེས་དག་ལྡན་ནོ)་མ་ཡིན་པས་ཕྱི་རོལ་གྱི་གཟུགས་རྣམས་ལྟའོ་ཞེས་པ་གཉིས་པའོ། །སྡུག་པའོ་ཞེས་མོས་པར་འགྱུར་རོ་ཞེས་པ་གསུམ་པའོ། །འདི་གསུམ་རྣམས་ནི་(གསུམ་པོ)་འདི་རྣམས་ཀྱིས ་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པས་སྤྲུལ་པའི་སྒྲིབ་པའི་གཉེན་པོའི་ཕྱོགས་ཉིད་ཡིན་པའི་ཕྱིར་རྣམ་པར་ཐར་པ་རྣམས་སོ། །དེ་ལ་དང་པོ་དག་མི་སྡུག་པ་སྟེ་གསུམ་པ་སྡུག་པའོ། །རྣལ་འབྱོར་པ་འགའ་ཞིག་འདོད་པ་ན་(སྤྲུལ་པའི) ་སྤྱོད་པའི་ཁ་དོག་ལ་ཆགས་པ་ལ་སོགས་པའི་གཉེན་བོར་ནང་གི་སྐྲ་ལ་སོགས་པ་(རྒྱལ་བའི་ཡུམ་དུ་ལུས་འདི་ལ་སྐྲ་དང་སྤུ་དང་སེན་མོ་དང་པགས་པ་དང་སོ་དང་ཤ་དང་ཆུ་དང་ཁྲག་དང་རུས་པ་དང་རྐང་དང་སྙིང་དང་མཁལ་མ་དང་མཆིན་པ་དང་གློ་བ་དང་འཚེར་བ་དང་ལོང་ཀ་དང་རྒྱུ་མ ་དང་གཉེ་མ་དང་ནང?་རོལ་དང། །ཅིན་དང་ཕྱིས་དང། མཆི་མ་དང་དུལ?་དང་ཚིལ་དང་སྣབས་དང་ངར་སྣབས་དང། རྣག་དང་མཁྲིས་པ་དང་བད་ཀན་དང་ཆུ་སེར་དང་བ་ཆུ་དང་འདྲི་མ་དང་ཀླད་པ་དང་གྲང?་རྒྱས་དང་མིག?་རུ་དང་སྣ་སྦགས་རྣམ་མེད་དོ་ཞེས་གསུངས་པའི་མི་གཙང་བའི་རྗེས་སུམ་ཅུ་རྩ་དྲུག།)་ལ་དམིགས་པའི་སྙོམས་པར ་འཇུག་པ་ལ་སྙོམས་པར་ཞུགས་ནས་དེའི་དེ་མ་ཐག་ཁོ་ནར་ཕྱི་རོལ་གྱི་རྣམ་པར་སྔོས་པ་ལ་སོགས་པ་ལ་དམིགས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའམ་བསམ་གཏན་དང་པོའི་ས་བའི་ཁ་དོག་ལ་ཆགས་པ་ལ ་སོགས་པའི་གཉེན་པོར་བསམ་གཏན་གཉིས་པ་ལ་(སྙོམས་པར་འཇུག)་སྟེ་གཟུགས་(དང་རྣམ་པར་དམར་བ)་ཅན་གཟུགས་ཅན་རྣམས་ལྟའོ་ཞེས་བརྗོད་པར་བྱའོ། །ནང་གི་གཟུགས་ལ་སོགས་པ་ལ་དམིགས་པའི་ཕྱིར་གཟུགས་ཅན་ཞེས ་བརྗོད་ལ། ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ལ་ལྟའོ་ཞེས་པ་སྟེ། མོས་པས་སྤྲུལ་བ་རྣམས་ཡིད་ཀྱིས་མཐོང་ངོ་ཞེས་པའི་དོན་ཏོ། །ཁ་ཅིག་ནང་གི་(གཟུགས་སྒྲ?་སོ?་ལམ་དམིགས་པ་ཁོ་ནར་ཕྱི་རོལ་གྱི་རྣམ ་པར་སྔོས་པ་ལ་སོགས་པ་ལ་དམིགས་ནས་བསམ་གཏན་དང་པོ་འམ་གཉིས་པ་ལ་སྔ་མ་བཞིན་སྙོམས་པར་འཇུག་པ་དེ་ནང་གཟུགས་མེད་པར་འདུ་ཤེས་།(རྣལ་འབྱོར)་ལས་ཕྱི་རོལ་གྱི་གཟུགས་རྣམས་ལྟའོ་ཞེས་པར་བརྗོད་པར་བྱའོ། ་དེ་བཞིན་དུ་མི་སྡུག་པ་བསྒོམས་པས་སེམས་ཀྱི་རྒྱུད་ཞུམ་པ་དགའ་བར་བྱ་བའི་ཆེད་དུ་ཅི་བདག་ལ་ཡིད་དུ་འོང་བའི་གཟུགས་རྣམས་སྡུག་པར་ཡིད་ལ་བྱས་ནས་ཁ་དོག་ལ་ཆགས་པ་ལ་སོགས་པ་སྐྱེ་བའམ་མ་ཡིན་ཞེས་ཉམས་སང? ་པས་ཡིད་དུ་འོང་བའི་གཟུགས་རྣམས་ལ་དམིགས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་བཞིན་པས་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་སྤྲུལ་ཏེ། དེ་རྣམས་ལ་རོ་གཅིག་པའི་འདུ་ཤེས་ཐོབ་པ་ལས་རིམ་པ་ཇི་ལྟ་བར ་འབད་བ་དང་མི་མཐུན་པ་ཉིད་སྤང་བའི་དོན་དུ་སྡུག་པའོ་ཞེས་མོས་པར་འགྱུར་རོ་ཞེས་བརྗོད་དོ། །དེ་ལྟར་གཟུགས་ཅན་གྱི་རྣམ་བར་ཐར་པ་རྣམས་སོ། །གཟུགས་ཅན་(སྡུག་པ་ཡིན་ནོ་སྙམ་དུ)་མ་ཡིན་པ་ལྔ་རྣམས་ཏེ། (སྡུག་པ་སྦྲུལ་ཕལ?) ་ནམ་མཁའ་(མི་སྡུག་པ་སྦྲུལ་ཕལ?)་མཛའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནས་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པའི་བར་རོ། །དེ་ལ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པ་བཞི་རྣམས་དག་པ་པ ་རྣམས་དེའི་རོ་མྱང་བའི་སྒྲིབ་པའི་གཉེན་པོ་ཉིད་ཀྱི་ཕྱིར་རྣམ་པར་ཐར་པ་ཡིན་ལ། ཞི་པའི་གནས་པ་རྣམས་སཱུང་བརྗོད་དོ། འདུ་ཤེས་དང་ཚོར་བ་འགོག་པ་ནི་ཐར་པ་དང་རྗེས་སུ་མཐུན་པའི་གནས་པ་སྟེ། འདུ་ཤེས་(སྟེ་འཇིག་རྟེན?་པའི་དགེ་བ ་གཟུགས?་མེད།)་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་བརྟེན་ནས་(སྲིད་རྩེ་དེ?་ལས?)་འདས་ཏེ། གང་ལྡང་བ་ལས་སྔ་རོལ་དུ་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་མཆོག་ཏུ་རབ་ཏུ་(ལམ?་ཆེ་འདྲ་བ)་ཞི་བའི་གནས་པའོ། །དེའི་སྒྲིབ་པ་སྤོང ་བའི་ཕྱིར་(བརྒྱད་པ་རྣོ་བས)་རྣམ་པར་ཐར་པ་རྣམས་སོ། །བསམ་གཏན་གཞི་རྣམས་དང་གཟུགས་མེད་པ་ཉིད་(ཆུ་ཅེ?་ཆར?་དུ)་བཞི་པ་རྣམས་དང་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་པ་མཐར་གྱིས་གནས་པའི་སྙོམས། (རྣམ་ཐར?)་པར་འཇུག་པ ་དགུ་རྣམས་ལ་སྙོམས་པར་འཇུག་གོ་།དགུ་པོ་དེ་འཇིག་རྟེན་ལས་འདས་པའི་ལམ་(རྣམ་ཁྱེན་གྱིའང་ཤེས་ཀྱི་རྣམ་པའི་བྱེ་བྲག)་དུ་སྡུད་པའི་དོན་གྱིས་ཏེ། འགག་པའི་སྙོམས་པར་འཇུག་པར་ནི་(འཇིག་རྟེན་ལས་འདས་པའི་ལམ)་ངེས་ཐོབ་པར་བྱ་བ ་ཉིད་ཀྱི་ཕྱིར་རོ་ཞེས་འཕགས་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་རྣམས་ལའང་སྙོམས་པར་འཇུག་གོ་།དམིགས་པ་ཟིལ་གི་གནོན་པའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཏེ། སེམས་གནས་བ་རྣམས ་ཟིལ་གྱིས་གནོན་པའི་སྐྱེ་མཆད་རྣམས་ཡིན་ལ། དེ་བརྒྱད་རྣམས་སོ། །དེ་ལ་རྣམ་པར་ཐར་པ་དང་པོ་ལས་གཉིས་དག་མངོན་པར་འགྲུབ་ལ། གཉིས་པོ་ལས་ཀྱང་གཉིས་དག་སྟེ། གསུམ་པ་ལས་བཞི་རྣམས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས ་གསུངས་པ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལྟ་ཞིང། དེ་རྣམས་ཟིལ་གྱིས་མནན་ནས་ཤེས་(རྣམ་ཐར)་ཤིང་མཐོང་ལ་དེ་ལྟར་འདུ་ཤེས་པར་ཡང་འགྱུར་རོ་ཞེས་བ་དང་པོའོ། །དེ་ལྟར་ཆེན་པོ་རྣམས་ཤེས་པ ་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལྟ་ཞིང་དེ་རྣམས་ཤེས་པ་ལ་(ཞི་གནས་ཀྱི་ལམ་གྱིས་ལྷག་མཐོང་གི་ལམ་གྱི)་སོགས་(མངོན་པའི་ང་རྒྱལ་མང་པས)་པ་གསུམ་པའོ། །དེ་ལྟར་ཆེན་པོ་རྣམས་(ལྟ)་ཞེས་ཤེས ་པ་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་སྔོན་པོ་རྣམས་ལྟ་ཞིང་དེ་རྣམས་(ཟིལ་གྱིས་མནན་ནས)་ཤེས་པ་ལ་སོགས་པ་ལྔ་པའོ། །དེ་བཞིན་དུ་སེར་པོ་རྣམས་ཤེས་པ་དྲུག་པའོ། །དེ་བཞིན་དུ་དམར་པོ་རྣམས་ཤེས་པ ་བདུན་པའོ། །དེ་བཞིན་དུ་དཀར་པོ་རྣམས་(ལྟ་ཞིང)་ཤེས་བ་བརྒྱད་པའོ་ཞེས་སོ།། (མདོ་སྔ་གསུངས་པ)་དེ་ལ་གཟུགས་ཆུང་ངུ་རྣམས་ནི་སེམས་ཅན་དུ་(སྟོན་པའམ)་བགྲང་བ་རྣམས་ཏེ་ཚང་ཆུང་བ་ཉིད་ཀྱི་ཕྱིར་རོ། །ཆེན་པོ་རྣམས་ནི་སེམས་ཅན་དུ ་བགྲང་བ་མ་ཡིན་པ་ཁྱིམ་དང་གཞལ་མེད་ཁང་དང་རི་ལ་སོགས་པ་རྣམས་ཚེ་ཚད་ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཇི་ལྟར་རིགས་བར་རྣམ་པ་ཐང་པ་རྣམས་ཀྱིས་མོས་(སྤྲུལ་བྱང)་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་(མ?་ལ་སོགས་པ་རྣམས།) ་ཟིལ?་གྱིས་གནོན་ཏེ་ཡང་དང་ཡང་ནུབ་ཅིང་མི་མཐོང་པར་བྱེད་པའི་ཕྱིར་རོ། །ཟིལ་གྱིས་མནན་ནས་ཞི་གནས་ཀྱིས་ཤེས་ཤིང་ལྷག་མཐོང་གིས་མཐོང་ལ་དེ་ལྟར་འདུ་ཤེས་པར་འགྱུར་ཏེ་མངོན་པའི་ང་རྒྱལ་མེད་བ་ཉིད་ཀྱི་ཕྱིར་རོ། །ཟད་པར་བཅུ ་རྣམས་ལའང་སྙོམས་པར་འཇུག་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱིས་ཟིལ་གིས་མནན་ནས་འདི་རྣམས་ཀྱིས་ས་ལ་སོགས་པ་རྣམས་མཛའ་དག་པར་ཀུན་ནས་(ཟིལ་གྱིས་མ་མནན་པ་ལ་མནན་སྙམ་པའི)་རྒྱ་པར་བྱེད་པའི་ཕྱིར་ཟད ་པར་རྣམས་སུ་བརྗོད་དོ། །རེས་འགའ་(ཟད་པར)་དེ་རྣམས་ཁོ་ན་སྐྱེ་མཆེད་རྣམས་སོ་ཞེས་བཟད་པར་གྱི་སྐྱེ་མཆེད་རྣམས་སུ་བརྗོད་ལ། རེས་འགའ་ནི་ས་ལ་(རམ་པད་པར་དེ?)་སོགས་པ་རྣམས་ཀྱིས་ཁྱད་པར་དུ་བྱས་ནས་བསྟན་ཏེ། ཟད་(མཛའ་དག་གམ ་པར་ས་དང་ཟད་པར་ཆུ་དང་ཟད་པར་མེ་དང་ཟད་པར་རླུང་དང་ཟད་པར་སྔོན་པོ་དང་ཟད་པར་སེར་པོ་དང་ཟད་པར་དམར་པོ་དང་ཟད་པར་དཀར་པོ་དང་ཟད་པར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། ཟད་བར་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཅེས་པའོ། །འདི་རྣམས་ཀྱང ་དགོངས་པའི་དོན་དུ་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོ་ཁོ་ནས་སྒོམ་སྟེ། དེའི་ཕྱིར་དེ་(ཆེད་མ་རྣམ་འགྲེལ་དུ། མི་སྡུག་ཟད་བ་བར་ས་ལ་སོགས། ཡིད་དག་ཡིན་ལའང?་བསྒོམས་པ་ཡི། །སྟོབས་ཀྱི་སྤྲུལ་པ་གསོལ?་བར་སྣང། །ཞེས་པ་ལྟར།)་ཁོ་ན་ཉིད་མ་ཡིན་པའི་ངོ་བོ་ཁོ་ནས་རྣལ་འབྱོར་པ་རྣམས་ལ་འདི ་རྣམས་སོ་(ལམ?་འབྲས་བུ)་སོར་སྣང་ངོ། །ཏིང་ངེ་འཛིན་གསུམ་རྣམས་ནི་རྣམ་པར་ཐར་པའི་རང་བཞིན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ཀུན་ཏུ་བརྟགས་པའི་རང་བཞིན་ནོ། །དེ་ཤིན་ཏུ་ཡོད་པས?་ཡིན་པའི་ཕྱིར་(ཀུན་རྟགས)་དེས?་(ཟད་པར།) ་དེ་རྣམས་སྟོང་པར་ཡོངས་སུ་ཤེས་པའི་ཆེད་དུ་སྟོང་པ་ཉིད་བདག་མེད་པ་སྒོམ་པར་བྱེད་དོ་ཞེས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། (ནམ་ངོ་བོ་ཉིད་དེ་ཀུན་བརྟགས)་རང་བཞིན་མེད་བ་ཉིད་ནི་ཡོངས་སུ་གྲུབ་(ཆོས་ཐམས་ཅད་ས།།) ་པའི་རང་བཞིན་ཏེ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་སྐྱེས་པ་དང་བུད་མེད་དང་སྐྱེ་བ་དང། རྒ་བ་དང་འཆི་བ་ལ་སོགས་པའི་མཚན་མ་རྣམས་དང་བྲལ་བ་ཉིད་ཀྱིས་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པའོ། །དེས ་ན་དེ་རྣམས་མཚན་མ་མེད་པ་(ནམ་ངོ་བོ་ཉིད)་མངོན་དུ་བྱ་བའི་དོན་དུ་སྒོམ་པར་བྱེད་དོ་ཞེས་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་པའི་སྒོ་(སྤྲོས་པ)་མཚན་མ་མེད་པའོ། །ཁམས་གསུམ་པ་ནི་རྒྱུ་དང་རྐྱེན་གཞན་གྱི་(ཡོངས་གྲུབ་མཚན་མ་མེད་པ། ་ཆོས)་དབང་གི་རང་བཞིན་ཏེ། གང་ཟག་དང་ཆོས་སུ་མངོན་པར་ཞེན་པ་ཕྱིན་ཅི་ལོག་ཡིན་ལ་ཕྱིན་ཅི་ལོག་རྩ་བ་ཅན་ཡང་ཉོན་མོངས་པའོ། །དེའི་ཕྱིར་(ཕྱིན་ཅི་ལོག)་འདི་ནི་སྤང་བར་བྱ་བ་སྟེ་སྨོན་པར་འོས་པ་མ་ཡིན་ལ། དེས་ན་སྨོན་པ་མིན་པ་དེ ་རྣམས་ལ་སྨོན་(ནམ་ངོ་བོ་ཉིད)་པར་མི་བྱེད་དོ་ཞེས་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །ལ་ལར་རྣམ་པར་ཐར་པའི་སྒོ་བཞི་པའང་གསུངས་པ། ནམ་མཁའ་བཞིན་དུ་རང་བཞིན་(ཱི་ཁམས་གསུམ་པ་ཕྱིན་ཅི་ལོག།)་གྱིས ་འོད་གསལ་བ་ཉིད་ཀྱི་ཕྱིར་མངོན་པར་འདུས་མ་བྱས་པའོ་ཞེས་སོ། །ཤེས་པ་བཅུ་གཉིས་པོ་སྔར་(སེམས་བྱུང་གི་ཐད?་དུ་མིང)་བརྗོད་པ་རྣམས་ཏེ་དེ་ལ་(མ་འོངས་བའི)་སྡུག་བསྔལ་ཕྱིས་སྐྱེ་བར་མི་འགྱུར་རོ་ཞེས་པའི་ཤེས་པ་ནི་སྡུག་བསྔལ་ཤས ་པའོ། །ཉོན་(དེ་སྟོང་པ)་མོངས་པ་ལ་སོགས་པ་(ཀུན་འབྱུང་གི་བདག་ཉིད)་རྣམས་སྤངས་སོ་ཞེས་ཤེས་པ་ནི་ཀུན་འབྱུང་པའོ། །སྡུག་བསྔལ་འགགས་སོ་ཞེས་ཤེས་པ་ནི་འགོག་པ་ཞེས་པའོ། །ལམ་གང་བསྒོམས་པས་འགོག་པ་མངོན ་དུ་བྱེད་པ་(ལམ)་དེའི་ཤེས་པ་སྟེ། ལམ་འདིས་སྡུག་བསྔལ་འགགས་སོ་ཞེས་(ཤེས)་པ་ལམ་ཤེས་པའོ། །འདོད་ཆགས་ལ་སོགས་པ་ཟད་པར་ཤེས་པ་ནི་ཟད་པ་ཤེས་པའོ། །འདོད་ཆགས་ལ་སོགས་པ་སྐྱེ་བར་མི་འགྱུར ་རོ་ཞེས་ཤེས་པ་མི་སྐྱེ་བ་ཤེས་པའོ། །རྣམ་པར་གྲོལ་བ་མངོན་དུ་བྱེད་པའི་ཤེས་པ་ནི་ཆོས་ཤེས་པའོ། །མི་རྟག་པ་ཉིད་ལ་སོགས་པས་དེའི་རྗེས་སུ་རྟོགས་པ་ནི་རྗེས་སུ་ཤེས་པ་སྟེ། སྒོམ་པའི་རང་བཞིན་སྒོམ་པའི་འབྲས་བུ་སྒོམ་པས་ཁོང་དུ་ཆུད་པར་བྱ་བ་ཐོབ་པ་དམན ་པ་མ་ཡིན་པའོ། །ཤེས་(སྤང་བྱ་ལས)་པ་གང་གིས་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་རྒྱུན་དུ་འཇུག་པ་ཡང་དག་པར་(ཆོས་ཤེས)་མངོན་དུ་གྱུར་པ་ཕ་རོལ་པོ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་(ཅིང་ཁོང་དུ་ཆུད) ་དང། གཅིག་ཏུ་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་པ་འདི་གཞན་གྱི་སེམས་ཤེས་པར་བརྗོད་དོ། །ཀུན་རྫོབ་པའི་ཤེས་རབ་ནི་ཀུན་རྫོབ་ཅེས་(གང་ཟག)་པའོ། །ལམ་གོམས་པ་ནི་ཡོངས་སུ་འདྲིས་པ་ཤེས་པའོ་ཞེས་པ་གང་གིས་ལྷ ་དང་མི་དང་བྱོལ་སོང་དང་ཡི་དགས་དང་དམྱལ་བ་དང་སེམས་ཅན་རྣམས་ཐམས་ཅད་ཀྱི་སྐད་ཐམས་ཅད་ཅེས་པ་དེ་སྒྲ་(ཟག་པ་དང་བཅས་པའི་ཞེས་སློབ་དཔོན་ཟླ་བ)་ཇི་བཞིན་པ་ཤེས་པའོ། །དབང་པོ་གསུམ་རྣམས་ཏེ་རྣམ་པར་བྱང་བའི་ཆོས་རྣམས་ལ ་ལྷག་པར་དབང་བྱེད་པའི་ཕྱིར་དབང་པོ་རྣམས་སོ། །མི་ཤེས་པ་(སྟེ་ཞེས་མ་ཟིན་པ)་ཀུན་ཤེས་པར་བྱེད་དོ། །ཞེས་པའི་དབང་པོ་གང་ཡིན་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དེ་དང། ཀུན་ཤེས་པའི་དབང་པོ་དང། ཤེས་(འཕགས་པའི་ལམ་གསུམ) ་ཟིན་པ་སྐྱོང་བའི་དབང་པོ་ཀུན་ནས་ཤེས་པ་སྲུང་བ་དང་ལྡན་པའི་དབང་པོ་སྟེ་རིམ་པ་ཇི་ལྟ་བར་མཐོང་བ་དང། སྒོམ་པ་དང་མི་སློབ་(མི་ཤེས་པ)་པའི་ལམ་རྣམས་སུའོ། །གང་གི་ཕྱིར་མཐོང་བའི་ལམ་དུ་ནི་(བདེན་པ་བཞི་པོ)་མི་ཤེས་པ་ཀུན་ཤེས་པར ་བྱ་(ཞིང་ཀུན་རྟགས་པར་བྱ)་བའི་ཆེད་དུ་ཞུགས་ལ། སྒོམ་པའི་ལམ་ལ་སྔར་མེད་པའི་ཀུན་ཏུ་ཤེས་པར་བྱ་བ་མེད་ཀྱི་(མཐོང་ལམ་ཤེས)་དེ་ཁོ་ན་ཕྲ་རྒྱས་ལྷག་མ་(སྒོམ་སྤང་གི་ཉོན་མོངས)་སྤང་པའི་དོན་དུ་ཀུན་ཏུ་ཤེས་པར་བྱེད་ཅིང་མི་སློབ་པའི་ལམ་དུ་ནི ་ཀུན་ཏུ་ཤེས་ཟིན་ཞེས་རྟོགས་པ་ཀུན་ཤེས་པ་སྲུང་བ་ཡིན་ལ་དེ་འདི་ལ་ཡོད་པས་ཀུན་ཤེས་པ་སྲུང་བ་དང་ལྡན་པ་འམ། ཡང་ན་ཀུན་ཤེས་པ་སྲུང་བའི་ངང་ཚུལ་འདི་ལ་ཡོད་པ་སྟེ་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པའི ་ཕྱིར། བདག་གི་སྡུག་བསྔལ་ཡོངས་སུ་ཤེས་(ཟིན)་ཏེ་སླར་ཡོངས་སུ་ཤས་པར་བྱེར་མེད་དོ་ཞེས་པ་(ཀུན་ཤེས་པ་དང་ལྡན་པ)་དེ་ལྟར་གྱུར་པའི་དབང་པོ་ནི་ཀུན་ཤེས་པ་སྲུང་བའི་ཚུལ་ཅན་གྱི་(ཀུན་ཤེས་པ་དང་ལྡན་པའི་དབང་པོ)་དབང་པོའོ། །དབྱེར ་མེད་བར་རྣམ་པར་གཞག་པས་ནི་ལམ་འདི་གསུམ་ཁོ་ན་དབང་པོ་གསུམ་མོ། །ཏིང་ངེ་འཛིན་གསུམ་རྣམས་ཏེ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་དང། རྟོག་པ་མེད་ཅིང་དཔྱོད་བཅོས་དང་རྟོག་པ་མེད་(པ་དཔྱོད་པ་མེད་བརྟེན་དང་བརྟེན་པ) ་པའོ། །རྗེས་སུ་དྲན་པ་རྣམས་(མཐོང་སྒོམ་མི་སློབ་པའི)་བཅུ་སྟེ་སངས་རྒྱས་(རྗེས་སུ་དྲན་པ)་དང་ཆོས་དང་ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་དང་གཏང་བ་དང་ལྷ་(བསམ་གཏན་དང་པོ)་དང་སྐྱོ་བ་དང་འཆི་(བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན།)་པ་དང ་(བསམ་གཏན་གཉིས་པ་ལ་སོགས་པ།)་ལུས་སུ་གཏོགས་པ་དང་དབུགས་རྡུབ?་པ་དང་འབྱུང་བའོ། །དེ་ལ་དཀོན་མཆོག་གསུམ་རྣམས་རྟེན་ནོ། །ཚུལ་ཁྲིམས་དང་གཏོང་བ་དག་བཞིའོ། །ལྷ་རྣམས་དབང་པོའོ། །སྐྱོ་བ་དང་འཆི་བ་དག་གིས་དབུགས་མི་འབྱིན ་པའོ། །ལུས་སུ་གཏོགས་པ་དང་དབུགས་རྡུབ?་པ་དང་འབྱུང་བ་དང་དྲན་པ་དག་(དྲན་པ)་གིས་ནང་དུ་མི་བརྗེད་པར་བྱེད་པའོ། །ལྷ་ནི་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ཏུ་སྐྱེས་པ་རྒྱུན་ཏུ་ཞུགས་པ་རྣམས་དང། (ཡིད་མི་རྟོན་པའམ)་གཟུགས ་(ས་ཡི་དལ་བར་མི་འདུག་པ)་དང་གཟུགས་མེད་པ་ན་སྤྱོད་པའི་ཕྱིར་མི་འོང་བ་རྣམས་སོ། །གང་མདོ་གཞན་དུ་ལྷའི་རིས་གཉིས་དག་དྲན་པར་བྱ་སྟེ་དགའ་ལྡན་པ་རྣམས་དང་གནས་གཙང་མ་རྣམས་སོ་ཞེས་གསུངས་པ་དེ་ནི་མ་(སོ?་སོ་སྐྱེ་བོ་དང) ་འདྲེས་པའི་གང་ཟག་ལ་དགོངས་པའོ་ཞེས་འཕགས་པའོ། །ཐམས་ཅད་དུ་འང་(མངོན་རྟོགས་བརྒྱན་དུ། དངོས་མེད་ངོ་བོ་ཉིད་ཀྱིས་སྟེ། ཞེས་གསུངས་བ་ལྟར)་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པས་དྲན་པའོ། །དེ་ལ་ཉིན ་མོ་སངས་རྒྱས་རྗེས་སུ་དྲན་པ་ནི་རྒྱུ་བཞི་རྣམས་ཀྱིས་ཏེ། (རྗེས་སུ་དྲན་པ)་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པས་མཆོད་པ་ཡང་དག་པར་བསྒྲུབས་པ་དང། རྣམ་པ་རྗེས་སུ་དྲན་པས་དང། (སངས་རྒྱས་ཀྱིས)་ཕན་འདོགས་པ་རྗེས་སུ་དྲན་པ་ལས་ཏེ། ཇི་ལྟར་ཉིན་པར ་སད་པ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་ལྟར། དེ་གོམས་(དད་པ་སོགས)་པས་གཉིད་(ར་བརྩོན་ཞིང་སྦྱོར་བ)་ལོག་པ་རྣམས་ཀྱིས་(སང་དུས་ཀྱི་དྲན་པ)་དེ་བཞིན་ཁོ་ནར་རྨི་ལམ་མཐོང་བལ་སོ། །དེ་ལྟར་སངས་རྒྱས་ལ་སོགས་པ་རྗེས ་སུ་དྲན་པ་ལའང་ཕན་ཡོན་འདུན་རྣམས་ཏེ། སྐྱེ་བ་དྲན་པར་(སད་པའི་རྗེས་དྲན)་འགྱུར་བ་དང། རབ་ཏུ་ངང་བ་མང་བ་དང། དམན་པའི་ཆོས་རྣམས་ལ་སེམས་མི་འཇུག་པ་དང། གཞན་རྣམས་ལ་ཐོ་མི་འཚམ་པ་(གནོད་པ་མི་ཕྱེད་བ)་དང། གཞན ་རྣམས་ཀྱང་(རྗེས་སུ་དྲན་པ་རྣམས་སྒོམ་པ་པོ)་འདི་ལ་ཐ་མི་འཚམ་པ་དང་འགྱོད་པ་མེད་པར་དུས་བྱེད་པ་དང། ལུས་ཞིག་ནས་ཀྱང་(མུ་སྟེགས་པའི་ཆོས་ལ་སོགས་པ)་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་(དང་མི)་ལྷ་རྣམས་སུ་སྐྱེ་བོ་ཞེས་པའོ། །འདོད་པ་ན ་སྤྱོད་པའི་སེམས་ཅན་(ཙམ)་ལ་དམིགས་པ་(ཱི་བྱམས་སོགས)་ཚངས་པའི་གནས་བཞི་(ཏེ་འཆི་བར)་རྣམས་སོ། །སེམས་ཅན་ཚད་མེད་པ་ལ་དམིགས་པ་ནི་ཚད་མེད་པ་བཞི་རྣམས་ཏེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་སོ། །དེ ་ལོ་(སེམས་ཅན)་བདེ་བ་དང་ལྡན་པར་འདོད་པ་བྱམས་པའོ། །སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བའོ། (སེམས་ཅན་རྣམས)་ཀུན་ནས་ཉོན་མོངས་པ་མེད་པར་འདོད་པ་བཏང་སྙོམས་ཏེ། ཀྱེ་མ་མ་ལ་སེམས ་ཅན་ཐམས་ཅད་བདེ་བ་དང་སྦྱར་བར་བྱའོ། །སྡུག་བསྔལ་དང་བྲལ་བར་བྱའོ། །བདེ་བ་དང་མི་འབྲལ་བར་བྱའོ། །ཀུན་ནས་ཉོན་མོངས་པ་(ཆགས་སྡང་རྨོངས་གསུམ)་ལས་གྲོལ་བར་བྱའོ་སྙམ་པའི་རྣམ་པ་འདི་རྣམས་ཀྱིས་སོ་ཞེས ་པས། བཞི་པོ་རྣམས་ཀྱང་མོས་(འཕགས་པ་བློ་གྲོས་མི་ཟད་པའི་མདོར། སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་ངའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས ་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཞེས་གསུངས།)་པ་སྤྱོད་པའི་ས་(ཚོགས་ལམ་སྦྱོར་ལམ)་ལ་སེམས་ཅན་ལ་དམིགས་པའོ། (།ས་དང་པོ)་རབ་ཏུ་དགའ་བ་ལ་སོགས་པ་བདུན་རྣམས་སུ་ཆོས་ལ་དམིགས་པའོ། །དེ་ལས་གོང་(ས་བརྒྱད་པ་ཡན་ཆད) ་དུ་དམིགས་པ་མེད་པའོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོར་ནི། ཉོན་མོངས་པ་ལ་བཏང་སྙོམས་པ་ནི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་(དང་བསྟོད་པ་དང་སྨད་པ་དང་གྲགས་པ་དང་མ་གྲགས་པ་དང་བདེ་བ་དང་མི་བདེ་བ།)་འཇིག་རྟེན་གྱི་ཆོས་བརྒྱད་ལ ་སོགས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པ་ལས་སོ། །བདག་དང་གཞན་སྲུང་བ་མེད་པའི་བཏང་སྙོམས་ནི་(གནོད་པ་བྱེད་པ་ལ)་བཟོད་པ་(ཁོང་ཁྲོ་མང་པ)་ལས་སོ། །དུས་དང་དུས་མ་ཡིན་པའི་བཏང་སྙོམས་ནི་སྦྱིན་པའི་དུས་སུ་ཚུལ ་ཁྲིམས་(བརྟུལ་པའི)་བཏང་སྙོམས་པ་ལས་དང། ཚུལ་ཁྲིམས་ཀྱི་དུས་སུ་སྦྱིན་པ་(བརྟུལ་བ)་དང་བཟོད་པའི་དུས་སུ་བརྩོན་འགྲུས་(སའི་བཏང་སྙོམས)་དང། བརྩོན་འགྲུས་ཀྱི་དུས་སུ་བསམ་གཏན་(བརྟུལ་བ)་དང་བསམ་གཏན་གྱི་དུས་སུ་སྦྱིན ་པ་(བརྟུལ་བ)་ལ་ཆགས་པ་དང་ཤེས་རབ་ཀྱི་དུས་སུ་ཕ་རོལ་ཏུ་ཕྱིན་པ་ལྔ་རྩོམ་པ་བཏང་སྙོམས་པའོ་ཞེས་བཏང་སྙོམས་རྣམ་པ་གསུམ་གསུངས་སོ། (།དད་པའི་དད་པ་སོགས)་དད་པ་དང་ཚུལ་ཁྲིམས་(སྡོམ་པ་དང་ཐོས་པ་(ཆོས་ཉན་ཅིང་འཛིན་པ)་དང ་གཏོང་བ་དང་(ཆོས་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པའི)་ཤེས་རབ་དང་(རང་དང་གཞན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བ་འཛེམ་པའི)་ངོ་ཆ་དང་ཁྲེལ་ཡོད་པ་རྣམས་ནང་གི་ནོར་མཆོག་བདུན་ཏེ། འདིར་དད་པ་དང་ཤེས་རབ་དག་གཙོ་བོའོ། །ཕྱི་རོལ་གྱི་ནོར་ནི་རིན་པོ ་(ཆོས་དང་ཟང་ཟིང་ཀྱི་སྦྱིན་པ)་ཆེ་དང་མུ་ཏིག་ལ་སོགས་(བཤེས་པའི་ཕྲིན་ཡོག་དུ། རང་དང་ཚུལ་ཁྲིམས་ཐོས་དང་གཏོར་བ་དང་དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས་ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད་ཅེས་གསུངས)་པ་སྟེ། བལ་ཆེར་ཉེས་པར་སྤྱོད་པ ་བསྐྱེད་པ་དང་ཚིམ་པ་མེད་པ་དང་(གནོད་པ་བྱུང་དུ་དོགས་པའི)་འཇིགས་པ་(སྐྱེས་བུ་ཆེན་པོའི)་དང་བཅས་པ་དང། ཉེ་(དངོས་སུ་བྱུང་བའི)་བར་འཚེ་བ་དང་བཅས་པ་སྟེ། རྒྱལ་པོ་དང་ཆུ་དང་མེ་དང་ཆོམ་རྐུན་དང་རང་གི་སྐྱེ་བོ་ལས་ཀྱང་ཞེས་པ་(མི་དག་པ) ་ཐུན་མོང་པ་ལྔ་ཉིད་ལས་(ཉེར་འཚེ་དང་བཅས་པས)་སོ། །དུས་ཐམས་ཅད་པ་མ་ཡིན་པ་མཛད་པ་ནི་ལོངས་སྤྱོད་པ་ལས་ཏེ། ནང་གི་(ནོར)་ནི་(ཉེས་སྦྱད་བསྐྱེད་པ་ལ་སོགས་པ)་མ་ཡིན་ནོ། །རྣམ་པར་རྟོག་པ་(བརྒྱད)་ལ་སོགས་པ་རྣམས་ནི་(གནོད་པ་འབྱུང་བ)་སྐབས ་ཇི་ལྟ་བར་འཆད་པར་འགྱུར་རོ། །ཚོགས་ཀྱི་སྒྲུབ་པ་ནི་ཆོས་མཆོག་ཆེན་པོ་ནས་གཟུང་ནས་རྣམ་པར་གཞག་པར་བྱ་ལ། (ཚོགས)་འདིས་བྱང་ཆུབ་ཆེན་པོ་འཛིན་པས་སམ་ལྗི་བ་ཉིད་ཀྱི་ཕྱིར་རམ་འགེངས་(འདིར་རྒྱས་བར་མ་བཤད་པ)་པ་(ཱམ་འཛིན་པ) ་པོ་ནི་(བྷ་ར་ཞེས་པ)་འགེངས་པ་ཡིན་ལ། རྣམ་པ་ཐམས་ཅད་ཉིད་ཀྱི་ཕྱིར། །མ་ལུས་པ་འགེངས་པ་ཚོགས་སོ། །དེའང་བསྡུས་ན་རྣམ་པ་གཉིས་ཏེ་བསོད་ནམས་ཀྱི་ཚོགས་(སེམས་ཅན་ལ་ཕན་པ་བྱེད་པ)་དང་ཡེ་ཤེས་ཀྱི་ཚོགས་སོ། །གལ་ཏེ ་ཡང་(ཆོས་མཆོག་ཆེན་པོ་ལས)་སྔོན་དཱུང་བསོད་ནམས་དང་ཡེ་ཤེས་དག་ཡང་དག་པར་སོགས་མོད། དེ་ལྟར་ནའང་(ཆོས་མཆོག་ཆེན་པོ)་འདི་ནས་གཟུང་ནས་ཁྱད་པར་དུའོ་(ཚོགས་རྫོགས་པར་བྱེད་པ)་ཞེས་རྣམ་པར་བཞག་(བདག་མེད་པོ་གཉིས་སྒོམ་པའོ།།) ་པའོ། རྒྱས་པར་རྣམ་པ་བཅུ་བདུན་ཏེ། དེ་བསྒྲུབ་པར་འཆད་པར་འགྱུར་རོ། །སེམས་བསྐྱེད་པ་བཞི་པོ་འདི་རྣམས་བརྡ་ལས་བྱུང་བ་དང་ཀུན་རྫོབ་པ་དང་འཇིག་རྟེན་པའོ། །དེའི་གོང་མ་(ལྔ་པོ་སོགས་འཕགས་པའི་སེམས་བསྐྱེད)་རྣམས ་དོན་དམ་པ་པ་དང་འཇིག་རྟེན་ལས་འདས་པ་ཡང་ངོ། །དེ་ལ་སེམས་བསྐྱེད་པ་ལྔ་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་ཆོས་ཤེས་པ་དང། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ ་རྗེས་སུ་ཤེས་པ་དང་དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་ལམ་ལའང་ཞེས་པ་བདེན་པ་བཞི་ལ་དམིགས་པ་སྐད་ཅིག་བཅུ་དྲུག་གི་བདག་ཉིད་ཆོས་ཐམས་ཅད་རང་བཞིན་མེད་(པར་མ་རིག་པ་ལ་སོགས་པའི)་སྐྱོན་མེད་པ་མངོན་དུ་བྱས ་པའི་ཕྱིར་ཡང་དག་པ་ཉིད་དུ་ངེས་པ་ལ་འཇུག་པ་རབ་ཏུ་དགའ་བའི་སའོ། །དེའང་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་སྒོམ་པའི་སྟོབས་རྫོགས་པ་ན། ཆ་(ཚད་མ་རྣམ་འགྲེལ་དུ)་ཤས་མེད་པའི་ངོ་བོ་གཅིག་།རང་ཉིད ་མངོན་སུམ་གྱུར་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། ཅེས་པའི་རིགས་པ་ལས་(རྟོགས་བྱའི)་རང་གི་ངོ་བོ་རྣམ་པ་ཐམས་ཅད་སོ་སོར་རྟོག་པར་བྱེད་པའི་ཤེས་པ་ཟག་པ་མེད་པ་ཆོས ་ཐམས་ཅད་ཀྱི་ཡུལ་ཅན་སྐྱེའོ། (།རྟོགས་བྱ་ལ་ཆ་ཤས་མེད་པ)་དེའི་ཕྱིར་སོ་སོར་རྟོག་པ་པའི་མངོན་པར་རྟོགས་པ་ལས་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པའི་མཐོང་བའི་ལམ་གྱི་རང་བཞིན་ནོ། །དེ་སྐད་དཱུང་བསམ་གྱིས་མི ་ཁྱབ་པའི་སངས་རྒྱས་ཀྱི་ཡུལ་རྒྱས་པར་བསྟན་པའི་མདོར་གསུངས་པ་འཇམ་དཔལ་འཕགས་པའི་བདེན་པ་བཞི་རྣམས་ཅི་ལྟར་ལགས། (འཇམ་དཔལ་གྱི་ལན་གསུངས་པ)་ལྷའི་བུ་འདིར་གང་གི་(རྒྱུ་རྐྱེན་གྱིས)་འདུ་བྱེད་(པ)་རྣམས ་ཐམས་ཅད་རང་བཞིན་མེད་པ་དང་མ་སྐྱེས་པར་མཐོང་བ་(ཱི་གང་ཟག)་དེས་སྡུག་བསྔལ་ཡོངས་སུ་ཤེས་སོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་ཡང་དག་པར་ཆད་པ་མེད་པར་མཐོང་བ་དེས་ཀུན་འབྱུང་སྤངས་སོ། །གང་གིས་ཆོས་རྣམས་ཐམས ་(རང་བཞིན་གྱིས་མ་སྐྱེས་པར་མཐོང་བ་ཞེས་འཇུག་ཊིཀ་གི་འགྱུར་ནའོ།།)་ཅད་ཤིན་ཏུ་ཡོངས་སུ་(རང་བཞིན་གྱི)་མྱ་ངན་ལས་འདས་པར་མཐོང་བ་དེས་འགོག་པ་མངོན་དུ་བྱས་སོ། །གང་གིས་ཆོས་ཐམས་ཅད་རང་གི་ངོ་བོས་(ཏེ་བདེན་པར)་སྐྱེ་བ་མེད་པ་ཉིད་ཀྱི ་ཕྱིར་ཤིན་ཏུ་སྟོང་པར་མཐོང་བ་དེས་ལམ་བསྒོམ་པ་བྱས་སོ་ཞེས་སོ། (།མདོའི་ངག)་འདིར་བདེན་པ་བཞིའི་རྣམ་པ་ཐམས་ཅད་པའི་རང་གི་ངོ་བོའི་དེ་ཁོ་ན་ཉིད་ནི་(ཡིན་ལུགས)་སྟོང་པ་ཉིད་ཁོ་ནར་གསུངས་ལ། (སྟོང་པ་ཉིད)་དེའང་མངོན་པར ་རྟོགས་པར་བྱ་བ་ལན་གཅིག་ཁོ་ནར་རིགས་ཀྱི་རིམ་གྱིས་མ་ཡིན་ཏེ་དེ་(སྟོང་པ་ཉིད)་ལ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་(རིགས་པ་དྲུག་ཅུ་པར)་གསུངས་པ། མ་རིག་རྐྱེན་ལས་(དང་པོ་དང་རྒྱུད་པས)་སྐྱེས ་པ་(འདུ་བྱེད་དང་རྣམ་པར་ཤེས་པ་སོགས)་ལ། (།འཕགས་པའི)་ཡང་དག་ཤེས་པས་གཟིགས་པ་ན། །སྐྱེ་བ་འམ་འོན་ཏེ་འགག་པའང་རུང། །ཅི་ཡང་དམིགས་སུ་ཡོད་མིན་ཏེ། །མཐོང་བའི་ཆོས་(ཚེ་འདི་ཉིད)་ལ་མྱ་ངན་འདས། །དེ་ཉིད་བྱ ་བ་བྱས་པ་ཡང་ཞེས་སོ། །ཆོས་(ཆོས་ཤེས་དེའི་འོག་ཏུ་ནི་ཅེས་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པར)་ཀྱི་སྒྲ་ནི་(སྐབས)་འདིར་མྱ་ངན་ལས་འདས་པར་བརྗོད་པར་བྱེད་པའོ། (།མྱ་ངན་ལས་འདས་པ)་དེའང་རྟེན་ཅིང་འབྲེལ་པར་འབྱུང་(རྟེན་འབྲེལ་སྐྱེ་བ་མེད་པ་རྟོགས་པ) ་བའི་རང་བཞིན་ལས་ཐ་དད་པ་མ་ཡིན་ནོ། །ཇི་སྐད་དུ་(ས་ལུང་ལྗང་པའི་མདོར)་གསུངས་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ངེས། ཆོས་མཐོང་སྟེ་ཆོས་ཀྱི་རང་བཞིན་ལས་(སངས་རྒྱས)་ཐ་དད་པ་མ་ཡིན་པར་འཇུག་པ་ཉིད་ཀྱི་ཕྱིར ་སངས་རྒྱས་ཀྱང་(མཐོང)་ངོ་ཞེས་སོ། །དེ་(རྟེན་འབྱུང་དང་མྱང་འདས་ཐ་དད་མེད་པ)་ཡོངས་སུ་གཅོད་པའི་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པ་སྟེ་ཆོས་ཀྱི་ཡུལ་ཅན་གྱི་ཤེས་པ་ནི་ཆོས་ཤེས་པའོ། །འདིར་སྡུག་བསྔལ་ལ ་ཆོས་ཤེས་པའི་བཟོད་པའི་རང་བཞིན་ཏེ། སྡུག་བསྔལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་སྐྱེས་པ་མེད་ལ། གང་རང་བཞིན་གྱིས་སྐྱེ་བ་མེད་པ་དེ་ཁོ་ན་མྱ་ངན་ལས་འདས་པ་སྟེ་(སྡུག་བསྔལ་དང་མྱང་འདས།) ་གཉིས་ཀ་དག་ཀྱང་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་རྩ་བར་གསུངས་པ། མྱ་ངན་ལས་འདས་འཁོར་བ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འཁོར་བ་ལས་ཀྱང་མྱ་ངན་འདས། ཁྱད་པར་ཅུང ་ཟད་ཡོད་མ་ཡིན། །མྱ་ངན་འདས་པའི་མཛའ་གང་ཡིན། །འཁོར་བ་ཡི་ཡང་མཛའ་ཡིན་ཏེ། །དེ་ལ་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན་ཞེས་སོ། །འདིར་མཛའ་ཨི་སྒྲ་ནི་རབ་ཏུ་གྱུར་པ་བརྗོད་ལ། (དཔྱད་ན་རང་བཞིན་མཚུངས་པས།) ་རབ་ཏུ་གྱུར་བ་ཞེས་བྱ་བའང། མཐོ་བར་གནས་པ་བྱིས་པའི་སྐྱེ་བོའི་བློའི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་ནོ། །མྱ་ངན་ལས་འདས་པའི་དེའི་རང་བཞིན་ཉིད་དུ་རྟོགས་པ་ཉིད་ཀྱི་(ཱམ་མཆོག་ཏུ)་ཕྱིར་དང། གཉིས་ཀའང་སྐྱེ་བ ་མེད་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར། རང་བཞིན་སྐྱེ་བ་མེད་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་གཅིག་པ་ཉིད་དོ། །དེ་ལྟར་བདེན་པ་བཞི་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ། རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག ་པ་མེད་པར་དམིགས་པའི་ཆོས་(གཅིག)་ཤེས་པས་མཐོང་བའི་ཕྱིར་མངོན་པར་རྟོགས་པ་གཅིག་ཁོ་ནའོ། །དེ་ལྟར་ནི་རྟེན་ཅིང་འབྲེལ་པར་འབྱུང་པ་ལ་དམིགས་པའི་ཤེས་པས། གང་སྡུག་བསྔལ་སྐྱེ་བ་མེད་པ་དང་འགག་པ་མེད ་པར་ཡོངས་སུ་གཅོད་པ་དེའི་བདག་ཉིད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་པའོ། །གང་ལས་དང་ཉོན་མོངས་པ་དག་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་འདི་ནི་ཀུན་འབྱུང་ཡོངས་སུ་ཤེས་པའོ། གང་འདི་རྟེན་ཅིང་འབྲེལ་པར ་འབྱུང་(སྟོང་པ་ཉིད་ཡིན་པས་རང་བཞིན་གྱིས)་བའི་རང་བཞིན་གྱི་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་དེ་འགོག་པ་ཡོངས་སུ་ཤེས་པའོ། །ལམ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར། གང་རང་བཞིན་གྱིས་སྐྱེ་བ ་མེད་པ་དང་འགག་པ་མེད་པར་ཡོངས་སུ་གཅོད་པ་དེ་ལམ་ཤེས་པའོ། །དེ་ལྟར་ཆོས་ཤེས་བ་སྐད་ཅིག་གཅིག་ལ་རྟེན་ཅིང་འབྲེལ་པ་མཐོང་པའི་(རྒྱུ)་ལས་འདིའི་མཐོང་བར་བྱ་བ་སྔར་མེད་པ་གཞན་མི་སྲིད་ཀྱི་ཇི་ལྟ་བ་བཞིན་(ལམ) ་མཐོང་བ་མཚན་ཉིད་གཅིག་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དེ་ཁོ་ན་རིམ་གྱིས་གོམས་པར་བྱས་ནས། མ་རིག་པའི་ལྷག་མ་འགགས་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལ་དམིགས་པའི་ཡེ་ཤེས་ལ་གནས ་པ་པོ་ནི་མཐོང་པའི་ཆོས་ལའང། མྱ་ངན་ལས་འདས་པ་དང་བྱ་བ་བྱས་པ་ཉིད་དུ་རྣམ་པར་གཞག་གི་གཞན་དུ་(བསྒོམས་པས་མ་རིག་པ་མ་ཟད་པ)་མ་ཡིན་ནོ། །གལ་ཏེ་སྐད་ཅིག་གཅིག་ལ་དེ་ཁོ་ན་ཉིད་མཐོང་ན་ཅི་ལྟར་མཐོང་བའི་ལམ ་སྐད་ཅིག་བཅུ་དྲུག་ཏུ་རྣམ་པར་བཞག་ཅེ་ན། (སྡེ་པ་ཁ་ཅིག་སྐད་ཅིག་གཅིག་ཏུ་འདོད་པ་དེ་དང་འདི་མི་འགལ་ཞིང།)་ངོ་བོ་གཅིག་པའི་ཡེ་ཤེས་དེ་ཁོ་ན་ལ་ཆ་རྣམས་རྣམ་པར་ཕྱེ་ནས་སྐད་ཅིག་བཅུ་དྲུག་རྣམས་སུ་རྣམ་པར་བཞག་པར་བྱ་སྟེ་རྣམ་པ་དེ་ལྟ ་བུས་གདུལ་བར་བྱ་བའི་སྐྱེ་བོ་ལ་(བཅུ་དྲུག་པོ)་དེ་ཉེ་བར་བསྟན་པ་ལས་རྗེས་སུ་འཛིན་པའི་(ར་བྱེད་པ)་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅི་ལྟར་(མི་རྟག་སོགས)་རྣམ་པ་བཅུ་དྲུག་ཏུ་ལམ་སྒོམ་ཞེ་ན། (བཅུ་དྲུག་ཏུ་སྒོམ་པ)་འདི་(བཅུ་དྲུག་ཏུ་བསྟན་པའི) ་ཡང་ཐར་པ་འདོད་པ་རྣམས་རྣམ་པ་གཞན་གྱིས་དེ་ཁོ་ན་ཉིད་ཤེས་པ་ལ་གཞུག་པའི་དོན་དུ་ཡོངས་སུ་བརྟགས་ནས་རྣམ་པར་བཞག་གི་།དེ་ཁོ་ན་ཉིད་ནི་གཅིག་ཁོ་ནའོ། །འོ་ན་(དེ་ཁོ་ན་ཉིད་གཅིག་ཡིན་པས་མཐོང་ལམ་སྐད་ཅིག་ཡིན་པ།) ་རྣམ་པར་རྟོག་པ་རྣམས་ལྷན་ཅིག་(དུས་གཅིག)་མི་འབྱུང་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་གང་གི་ཚེ་སྡུག་བསྔལ་གྱི་རྣམ་པ་རྣམས་རྟོགས་པ་(ཱམ་ངེས་པ)་དེའི་ཚེ་ཀུན་འབྱུང་གི་རྣམ་པ་རྣམས་(ངེས་པ)་མ་ཡིན་ལ་ཕྱིས་ཀྱང་ཡུལ་མེད ་པའི་རྟོགས་པ་ཡིན་ནོ་ཞེ་ན། འདི་བདེན་མོད། བདེན་པར་རེ་རེ་ལའང་རྣམ་པ་བཞིར་རྣམ་པར་རྟོག་པ་དུས་གཅིག་པ་ཅན་མ་ཡིན་ནོ། །འདི་ལྟ་བུའི་སྐྱོན་ཅུང་ཟད་ཀྱང་མེད་དོ། གང་གི་ཕྱིར་(དེ་ཁོ་ན་ཉིད་གཅིག་བོ་ནི་ངེས་ཟིན་ཅིང་གཞན་རྟོགས་རྒྱུ་མེད་པས།) ་འཛིན་པ་(རྟོགས་མེད་ཀྱི་ཤེས་པ)་ཞེས་པའི་ཁྱད་པར་ཁོ་ན་རྣམ་པ་ཐམས་ཅད་གསལ་བར་(སྣང་བར)་གྱུར་པ་མངོན་དུ་བྱེད་པ་པོ་ཡིན་ལ་(མངོན་དུ་བྱེད་པ)་གང་ལས་རྣམ་པར་རྟོག་པ་རིགས་མི་མཐུན་པ་དང་མ་འདྲེས་པར་མངོན་པར ་འདོད་པའི་(མི་རྟག་པ་ལ་སོགས་པར་ངེས་པའི)་རྣམ་པར་རྟོག་པ་རིམ་གྱིས་གསལ་བར་འབྱུང་སྟེ། དཔེར་ན་སྔོན་པོ་དང་གཡོ་བ་དང་ཁ་བྱེ་བ་ལ་སོགས་པའི་ཁྱད་པར་ཅན་གྱི་ཨུཏཔ་ལ་མཐོང་བའི་སྐྱེ་བོའི་(རྟོགས་མེད་མིག་ཤེས)་དེའི་ཡུལ་གྱི ་རྣམ་པ་ཐམས་ཅད་མངོན་སུམ་དུ་བྱ་བ་ལ་(སྔོན་པོའོ་སྙམ་པ་ལ་སོགས་པའི)་རྣམ་པར་རྟོག་པའི་རིམ་པས་གནོད་པ་མེད་དོ། དེ་བཞིན་དུ་སྐབས་སུ་འང་རྟོགས་པར་བྱའོ། །སྐད་ཅིག་མ་ཕན་ཚུན་རྣམས་ཀྱང་དེ་བཞིན་ཁོ་ནར་ཉམས་སུ་མྱོང ་བ་(རང་རིག་རྟོག་མེད)་གཞན་དང་གཞན་རྣམས་ཀྱིས་མངོན་དུ་བྱ་བ་ལ། རྣམ་པར་རྟོག་(པ་ཡུལ་ལྔར?། དུས་ཕྱིས་སྟོང་ཉིད་མ་ཡིན་ནོ་ཞེས་སོགས་སུ་སྒྲོ་འདོགས་པ་བཅད་ནས་སྡུག་བསྔལ་ལ་ཆོས་ཤེས་སོགས་ངེས་པའི་རིམ་བ་སྐྱེ་བ་སྐད་གཅིག་དེ་ཁོ་ན་ཉིད་མངོན་དུ་བྱས་བ་ལ་གནོད་པ་མེད་པར།)་གཟུང་ཟིན་པ་རྗེས་སུ ་མཚམས་སྦྱོར་བའི་ངོ་བོ་རྣམས་ཀྱང་ཇི་ལྟར་མངོན་པར་འདོད་པ་ལྟར་རབ་ཏུ་འཇུག་གོ་།རིགས་པའི་འདྲེན་པས་གང་(ཆད་མ་རྣམ་འགྲེལ་དུ)་གསུངས་པ། བློ་གྲོས་ཆེ་(པ་འཁྲུལ་བའི་རྒྱུ་མཚན་མེད་པ)་རྣམས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས ་པར་བྱེད་ཅེས་སོ། །འོ་ན་དེ་ལྟར་ན་མཐོང་བའི་ལམ་དུ་(སྐད་གཅིག་ཁོ་ནས་རྣམ་པ་ཐམས་ཅད་རྟོགས་པ)་བདེན་པའི་རྣམ་པ་གཞན་གྱིས། སྒོམ་པ་གཞན་མ་བསྐྱེད་པའི་(ཱམ་མི་འཐད་པ)་ཕྱིར་(རྒྱུན་ཞུགས་སོགས་ལ)་ཞུགས་པ་ཉིད་(དང་འབྲས་བུ་ལ་གནས་པ)་ལ ་སོགས་པའི་རྣམ་པར་བཞག་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཉ་(གཟུགས་ཆོས་མཐུན་པ་མཐོང་བ་ལས། ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། གལ་ཏེ་འཁྲུལ་པའི་རྒྱུ་མཚན་ཕྱིས། ཡོན་ཏན་གཞན་སྦྱོར་མི་བྱེད་ནའོ། །ཞེས་རྣམ་འགྲེལ་དུ་གསུངས་བ་ལྟར།)་ཕྱིས་ལ་དངུལ་དུ་སྒྲོ་འདོགས་པ་བཞིན་དུ ་འཁྲུལ་པའི་རྒྱུ་མཚན་འགའ་ཞིག་གིས་རྣམ་པ་གཞན་དུ་སྒྲོ་བཏགས་པ་ཡོད་ལ། དེའི་ཕྱིར་ཕྱིན་ཅི་ལོག་པ་ཉོན་མོངས་པའི་རྒྱུ་རྩ་བས་ནས་དབྱུང་བའི་ཆེད་དུ་རྣམ་པ་གཞན་གྱིས་སྒོམ་པ་གཞན་སྲིད་པའི་ཕྱིར་བརྒྱད་པ་ལ ་སོགས་པར་རྣམ་པར་བཞག་གོ་།དགོངས་པ་འདི་ཁོ་ནས་(རྟོགས་བྱ་ཆོས་དབྱིངས་ལ་ཆ་ཤས་མེད་པའོ།།)་རིགས་པའི་སྟོབས་ལས་མཐོང་བའི་ལམ་སྐད་ཅིག་གཅིག་གི་མངོན་པར་རྟོགས་པ་ཡིན་ཡང་སྐད་ཅིག་བཅུ་དྲུག་གི་(དང་རྒྱུན་ཞུགས།) ་མངོན་པར་རྟོགས་པ་ཉིད་དུ་གསུངས་སོ། །དེའི་ཕྱིར་ཡང་(རྟོག་མེད་ཀྱི)་རྣམ་པར་ཤེས་པས་རང་གི་ངོ་བོའི་རྣམ་པ་ཐམས་ཅད་འཛིན་པ་ཉིད་ན་ཡང། ཆ་གང་གོམས་པ་གསལ་བ་ཉིད་ལ་སོགས་པས་སྒྲོ་བཏགས་པའི་རྣམ་པ་སེལ་བར ་ནུས་པ་(ཱི་ཆ)་དེ་ཁོ་ན་ལ་(ཆ་རྟོག་པ)་དེའི་གེགས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་(རྣམ་ཤེས་དེ)་ཚད་མ་ཉིད་ཡིན་གྱི་གཞན་(སྒྲོ་འདོགས་སེལ་མི་ནུས་པའི་ཆ་དེ)་ལ་(ཚད་མ)་མ་ཡིན་ཏེ་(བུམ་པ་མཐོང་ཡང)་སྐད་ཅིག་མ་ཉིད་ལ་སོགས་པ་(ལ་ཆོད་མ་མིན་པ།།)་ ་བཞིན་ནོ། །དེ་ལྟར་ན་འཕགས་པ་རྣམས་སོ་སོ་སྐྱེ་བོ་རྣམས་ལས་ཁྱད་པར་ཅི་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ། (འཁྲུལ་པའི་རྒྱུའི)་རྣམ་པ་ཅི་ཙམ་ཞིག་བསལ་བར་བྱས་ན་(འཕགས་པ)་དེ་རྣམས་ཀྱི་ཤེས་པ་འཁྲུལ ་པའི་རྒྱུ་མཚན་དང་བྲལ་བ་དེ་ཙམ་གྱིས་(འཕགས་པ)་དེ་རྣམས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །(སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་པའི་སའི་ཚོགས་ཀྱི་སྐབས་སུ)་དེ་གསུངས་པ། གང་གི་ཚེ་(ཆོས་ཐམས་ཅད་བདག་པའོ་ཞེས་བསྡོམས་པས)་ཆ་ཤས་མེད་པ ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་བདག་ཉིད་ཐམས་ཅད་ཀྱིས་རྟོགས་ནའང། ངེས་པ་སྐྱེད་པ་ལ་བལྟོས་ནས། (ཆོས་ཀྱི་དབྱིངས)་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་ལས། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མངོན་དུ་བྱེད་པའི ་ཤེས་པ་ཤིན་དུ་གསལ་བ་(རྟོག་བ་མེད་པ)་སྐྱེས་པ་དེའི་ཚེ་བྱང་ཆུབ་སེམས་དཔས་མཐོང་བའི་ལམ་ཐོབ་པོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གང་ས་རབ་ཏུ་དགའ་བར་དང་པོ་གཟུགས་ལ་སོགས་པ་རྣམས་གདོང་མ་ནས་སྐྱེ་བ་མེད་པ་ཉིད་དུ། ་རྟོགས་པའི་ཕྱིར་མི་སྐྱེ་བའི་ཆོས་ལ་(ངེས་པར་སེམས་དཔའ་ཨོ)་བཟོད་པའི་ངོ་བོ་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་པ་བརྗོད་པ་མེད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ཁོ་ན་ལ་མཐོང་བའི་ལམ་དངོས་།མངོན་སུམ་དུ ་དང། སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་ནི་སྒོམ་པའི་ལམ་མོ་(བརྒྱད་སྟོང་འགྲེལ་པའི་སའི་ཚོགས་སུ། བདེན་པ་རྣམས་ཀྱི་མངོན་པར་རྟོགས་པའི་ཕྱིར་རོ། །དེ་བསན་ས་དང་པོའི་སྐད་གཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་སྐད་གཅིག་པ་གཉིས་པ་ལ་སོགས ་པ་ནས་རྡོ་རྗེ་ལྟ་བུའི་བར་ནི་མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་སྒོམ་པའི་ལམ་ཡིན་པར་བཤད་དོ་ཞེས་གསུངས་པ།)་ཞེས་བརྗོད་པར་བྱ་བ་དེ་ནི་སོ་སོར་རྟོག་པའི་མངོན་པར་རྟོག་པ་ལས་སྐད་ཅིག་གཅིག་པོ་མངོན་པར་རྟོགས་པར་བྱ་བས་མངོན ་པར་རྟོགས་པ་(དངོས་ཀྱི)་མཐོང་བའི་ལམ་སྟེ། མ་རིག་པ་དང་བཅས་པའི་འཁོར་བ་བརྒྱད་པ་ཐོག་མ་མེད་པ་རྣམས་སུ། མ་མཐོང་བའི་དེ་ཁོ་ན་ཉིད་(མངོན་སུམ་དུ)་མཐོང་བའི་བདག་ཉིད་ཀྱིས་ན་གཙོ་(བོ་དངོས)་ཞེས་རྟོགས་པའི་ཆེད་དུའོ།། ་འཁྲུལ་པའི་རྒྱུ་མཚན་གྱིས་སྒྲོ་བཏགས་པའི་རྣམ་པ་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་རྩད་ནས་འབྱིན་པར་བྱེད་པ་ཉིད་ཀྱིས་ན་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་སྐད་ཅིག་(ཕྱི་མ)་བཅོ་ལྔ་པོ་རྣམས་ཀྱང་མཐོང་པའི ་ལམ་མོ་ཞེས་པ་ནི་ཐ་སྙད་བྱ་བ་(བཏགས་པ)་ཁོ་ནའོ། །སྒོམ་པའི་ལམ་དུ་གསུངས་པས་ཀྱང་(ཆོས་ཤེས་པ་ལ་སོགས་པ)་འདི་རྣམས་མཐོང་བའི་ལམ་བཏགས་པའོ་ཞེས་གསལ་བར་བྱས་སོ། །གཞན་དུ་ན་(སྟེ་ཆོས་ཤེས་སོགས་ཉེ་བར་བཏགས་པ་ལས་མཐོང ་དམ་པ་ཡིན་ན།)་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོར་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་གོ་ཞེས་མང་དུ་བསྟན་པ་དང་ཅི་ལྟར་མི་འགལ་(སློབ་དཔོན)་གང་རྣམས་ཀྱང་(བརྒྱད་སྟོང་འགྲེལ་ཆེན་དུ)་རྒྱུ་(ཀུན་འབྱུང)་མ་ཚང་བ་མེད་པར་སྤང་བར ་མི་ནུས་པ་ཉིད་ཀྱི་ཕྱིར་སྡུལ་མཐོང་བས་སྤོང་བའི་དུས་སུ་ཀུན་འབྱུང་སྤོང་ངོ། (།མངོན་སུམ་དུ་རྟོགས་པ་སྤང་བྱ་སྤངས་པ)་དེ་ཉིད་ཀྱི་ཕྱིར་འགོག་པ་མངོན་དུ་བྱས་སོ། །དེའང་(ལམ་སྒོམ་པ་ལས)་གཞན་དུ་ན་མི་འཐད་པས་ལམ་(འབྲས་བུས་སྡུག་བསྔལ) ་བསྒོམ་སོ། །ཀུན་འབྱུང་བ་ལ་སོགས་པ་པ་འང་དེ་བཞིན་ནོ་ཞེས་པས་འབྲས་བུའི་མངོན་པར་རྟོག་པ་ལས་ཐེག་པ་ཆེན་པོས་མཐོང་བའི་ལམ་སྐད་ཅིག་གིས་མངོན་པར་རྟོགས་པར་བལྟ་བར་བྱས་ལ། བདེན་པས་སོ་སོ་ལ་སླར་ཡང་ཕྱིན ་(ཅི་ལོག་བསལ་བས་སོ་སོར་རྟོགས་པའི་མངོན་པར་རྟོགས)་པ་ལས་སྐད་ཅིག་བཅུ་དྲུག་ཁོ་ནས་མངོན་པར་རྟོགས་པར་བྱ་སྟེ་དེའི་ཕྱིར་(འབྲས་བུ་ལ)་ཞུགས་པ་(བརྒྱད་པ)་ཉིད་ལ་སོགས་པར་རྣམ་པར་བཞག་པ་ལེགས་པར་གནས་སོ་ཞེས་ཟེར་བ་དེའི་ལུགས་ཀྱིས ་སྐད་ཅིག་བཅུ་དྲུག་རྣམས་ཀྱང་གཙོ་བོའི་(ཱམ?་དངོས་ཀྱི)་མཐོང་བའི་ལམ་མོ་ཞེས་གསལ་ལོ། (།དེའི་ལུགས)་དེ་ལྟར་ན་བདེན་པ་བཞིའི་དེ་ཁོ་ན་ཉིད་མཐོང་བ་མཐོང་བའི་ལམ་སྐད་ཅིག་བཅུ་དྲུག་ནི་ས་རབ་ཏུ་དགའ་བའོ་སེམས ་ཀྱི་སྐད་ཅིག་ནི་(དུས་མཛའ་ཨི་སྐད་ཅིག་མ་མ་ཡིན་གྱི)་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་དབྱེ་བ་དང་བཅས་པ་རྣམས་སཱུང་ཐ་སྙད་པའི་དུས་ཀྱི་ཁྱད་པར་བྱ་བ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་ཤེས་བྱ་ལ་ཤེས་པ་ཡོངས་སུ ་རྫོགས་པ་ཇི་སྲིད་པར་རིག་པར་བྱ་སྟེ། དཔེར་ན་མི་ཁོམ་པ་བརྒྱད་ལ་སོགས་པའི་ཀྵ་ཎ་བཞིན་(རེ་ཨཀྵ?་ཎ་ཞེས་པ་མི་ཁོམ་པ་དང། ཀྵ་ཎ་ཞེས་བ་ཁོམ་ཞིང་དལ་བ་ལའང་འཇུག་བ་སྐད་ཅིག་ལའང་འཇུག་པས་སྒྲའི་འདོམ་པོ་ཡོད་དོ།།)་ནོ། །དུས་(རྣམ་འགྲེལ ་དུ། སྡུག་བསྔལ་གཅིག་བསྒྲེས་དུས་ཆུང་བ་ཡི། །མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། །ཅེས་པ་ལྟ་བུ།)་ཀྱི་མཛའ་ཤིན་ཏུ་ཐུང་པའི་དུས་ནི་མ་ཡིན་ཏེ། དེ་ནི་ཕྲ?་བ་ཉིད་ཀྱིས་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ས་གང་གི་ཡོངས་སུ ་སྦྱོང་བར་གྱུར་པའི་(བསམ་དང་ཕན་པའི་དངོས་ཉིད་དང་ཞེས་སོགས།)་ཆོས་གང་རྣམས་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ། ཡོངས་སུ་རྫོགས་པ་ན་(ས་དང་པོའི་ཡོངས་སྦྱོང་རྫོགས་ནས་ས་གཉིས་བར་འཇོག་པ་ལྟ་བུ།)་ནི་ས་གཞན་དུ ་རྣམ་པར་བཞག་གོ། དེ་ལ་ཉོན་མོངས་པ་སྤོང་བའི་ཕྱིར་བར་ཆད་མེད་པའི་ལམ་གྱི་རང་བཞིན་སྡུལ?་ལ་སོགས་པ་(ཱི་བདེན་པ་བཞི)་མཐོང་བ་བརྒྱད་རྣམས་བཟོད་པ་རྣམས་ཤེས་བརྗོད་ལ། རྣམ་པར་གྲོལ་བའི་ལམ་གྱི ་ངོ་བོ་ཉིད་ཉོན་མོངས་པ་དང་བྲལ་བ་མངོན་དུ་བྱེད་པ་རྣམས་ནི་ཤེས་པ་བརྒྱད་རྣམས་ཏེ། ཆོས་(ཤེས་པ)་དང་རྗེས་སུ་ཤེས་པ་རྣམས་སོ། (།ཤས་པ་བརྒྱད་པོ)་དེ་(རྣམས)་དང་ལྷན་ཅིག་སྤྱོད་པའི་ངེས་པའི་(འབྱེད་པ)་ཤེས་པ་ཡང ་བརྒྱད་རྣམས་སོ། །དེ་ལ་ཆོས་ཤེས་པའི་བཟོད་པའི་རྟོགས་པ་ངེས་པར་འབྱེད་པའི་ཤེས་པ་བཞི་རྣམས་སོ་ཞེས་རྣམ་པར་བཞག་གོ་།རྗེས་སུ་རྟོགས་པའི་བཟོད་པའི་རྟོགས་པ་ངེས་པར་བྱེད་པའི་ཤེས་པ་རྣམས་རྗེས་སུ་རྟོགས་པའི་ཤེས་པ ་རྣམས་སོ་ཞེས་པའོ། །འོ་ནས་(སློབ་དཔོན)་སེང་གེ་བཟང་པོའི་དགོངས་པ་(མངོན་བ་ཀུན་ལས་བཏུས་སུ་གསུངས་པ་དང་མཐུན་པར)་ཤེས་པ་གང་གིས་བཟོད་པའི་མཇུག་ཐོགས་སུ་རྣམ་པར་གྲོལ་པ་མངོན་དུ་བྱེད་པ་དེ་སྡུག་བསྔལ་ལ་ཆོས་ཤེས་པའོ་ཞེས ་དང། (སློབ་དཔོན)་རིན་ཆེན་འབྱུང་གནས་ཞི་བ་ཡི་ཡང། རྣམ་པར་གྲོལ་བ་མངོན་དུ་བྱེད་པའི་ཤེས་པ་ནི་ཆོས་ཤེས་པའོ། (ཞེས་ཀུན་ལས་བཏུས་དང་མཐུན་པ།)་།མི་རྟག་བ་ཉིད་ལ་སོགས་པར་དེའི་རྗེས་སུ་རྟོགས་པ་ནི་རྗེས་སུ་རྟོགས་པའི་ཤེས་པའོ་ཞེས་ཏེ། ་ཆོས་ཤེས་པའི་བཟོད་པ་ངེས་པར་བྱེད་པའི་ཤེས་པ་རྣམས་ཀྱང་ཆོས་ཤེས་པའོ་ཞེས་པ་ནི་མ་ཡིན་ན། (བཤད་པ་སྔ་མ་ཆོས་བཟོད་ངེས་འབྱེད་ཆོས་བཤད་དེ་བརྗོད་བ)་དེ་ཅི་ལྟར་མི་འགལ་ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་གོམས་པ་ཕུལ་དུ་བྱུང་བ་མ་ཡིན ་པའི་གནས་སྐབས་འདིར་ཤིན་ཏུ་གསལ་བ་མེད་པ་ན་སོ་སོར་སྣང་བ་དང་ལྷག་པར་ཞེན་པ་(ཱི་ངེས་བདག)་གིས་བཟོད་བས་དེ་ཁོ་ན་ཉིད་མངོན་དུ་བྱས་སོ་ཞེས་རྣམ་པར་བཞག་གོ། དེའི་ཕྱིར་བཟོད་པའི་རྗེས་ཐོགས་སུ་ཉོན་(ཤིན་ཏུ་ཆེ་པ ་བཟོད་པའི)་མོངས་པ་ལས་རྣམ་པར་གྲོལ་བ་མངོན་དུ་བྱེད་པའི་ཤེས་(པར་ཆོས་ཤེས)་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་(བཟོད་པ)་ངེས་པར་བྱེད་པའི་ཤེས་པའང་མངོན་དུ་བྱེད་དོ་ཞེས་(སློབ་དཔོན་དེ་དག་གི་གཞུང་ངེས)་བཤད་ཀྱི། ཆོས་ཤེས་པའི ་བཟོད་པ་(ཆའོ་ཤེས་ལ)་ངེས་པར་འཛིན་པར་(སློབ་དཔོན་དེ་དག་གིས།)་མི་དགོངས་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཉེ་(ཆོས་བཟོད་ཆོས་ཤེས་ཀྱིས་ངེས་བར་འཛིན་བར།)་བར་མཚོན་པ་ཉིད་ཀྱིས་ན་ཤེས་པ་གང་གིས་རྗེས་སུ་རྟོགས་པ་ཤེས་པའི་བཟོད་པ ་དེ་ངེས་པར་འཛིན་པ་དེ་སྡུལ?་ལ་རྗེས་སུ་རྟོགས་པ་ཤེས་པའོ་ཞེས་ཆོས་མངོན་པ་ཀུན་ལས་བཏུས་པར་གསུངས་སོ། །ཅི་སྟེ་དེ་བཞིན་དུ་(སློབ་དཔོན)་དེ་དག་གི་དགོངས་པ་མ་ཡིན་ན་དེའི་ཚེ་(བདེན་པ་བཞི་ལ)་ཆོས་ཤེས ་པའི་བཟོད་པ་རྣམས་ལ་ངེས་པར་འཛིན་པ་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་པ་ཉིད་ན་ཆོས་ཤེས་པ་ཉིད་ཀྱིས་མ་(ངེས་པར་འཛིན་པ)་ཡིན་པས་གང་གིས་ཡིན་པ་སྟོན་ཅིག། (ངེས་པར་འཛིན་པ)་མེད་པ་ཉིད་ནི་མངོན་དུ་བྱས་སོ་ཞེས ་པའི་ཐ་སྙད་ཅི་ལྟར་ཡིན། (གལ་ཏེ)་ཤིན་ཏུ་གསལ་བ་ཉིད་ཀྱི་ཕྱིར་བཟོད་པ་དང་ཤེས་པ་རྣམས་ཀྱིས་སོ་(ངེས་པར་འཛིན)་ཞེ་ན། འོ་ན་(རིགས་པ་མཚུངས་པས)་རྗེས་སུ་རྟོགས་པའི་ཤེས་པ་རྣམས་ཀྱང་མངོན་དུ་བྱེད་པ་པོར་འགྱུར་གྱི། ངེས ་པའི་(ར་འཛིན་བ)་བདག་ཉིད་ཅན་རྣམས་སུ་(འགྱུར་བ་ནི)་མ་ཡིན་ནོ། །གཞན་ཡང་(བཟོད་པ་དང་ཤེས་པ་རྣམས)་ཤིན་ཏུ་གསལ་བ་ཉིད་དུ་ཁས་ལེན་ན། རྣམ་པར་རྟོག་པའི་བདག་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པའི་ཕྱིར་ད་ལྟར་ཁོ་ན ་རྟོགས་པ་ཐམས་ཅད་རྫོགས་པས་ན་སངས་རྒྱས་ཉིད་རྟོགས་པར་འགྱུར་རོ། །ཅི་སྟེ་འདིར་ཤིན་ཏུ་གསལ་པ་ལ་འང་ངེས་པའང་ཡོད་(འཇུག་ཊིཀ་ནི་འགྱུར་ན་གལ་ཏེ་ཤིན་ཏུ་གསལ་བ་མེད་ཀྱང་ངེས་པ་ཡོད་དོ་ཞེས་བ་སྣང)་ཅིང་(ངེས་པ)་།དེའང་བཟོད་པ་དང་ཤེས ་པ་རྣམས་ཀྱིས་མ་བསྟན་(དེ་དག་ལས་གཞན་གཅིག་ཡོད)་ན་(རིགས་བ་མཚུངས་པས)་ནི་རྗེས་སུ་རྟོགས་པའི་བཟོད་པ་ངེས་པར་འཛིན་པའང་རྗེས་སུ་རྟོགས་པའི་ཤེས་པ་ཉིད་ཀྱིས་མ་བསྟན་(མཐོང་ལམ་ལས་བཞན་གཅིག་ཡོད།)་པས་ན་(རྗེས་ཤེས་བཞིས་དོན་མེད་པས) ་སྐད་ཅིག་བཅུ་གཉིས་ཉིད་འོངས་པ་ཡིན་ནོ། །དཔེར་ན་(མཛོད་ལས་དེ་ལ?་སྐད་ཅིག་བཅོ་ལྔ་ནི། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། ཞེས་པ་ལྟར།)་མ་མཐོང་བ་མཐོང་བ་མེད་པའི་ཕྱིར་ཐ་མ་ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་སྐད་ཅིག་ཐ་མ་མཐོང་བའི་ལམ་མ་ཡིན ་པས་སྐད་ཅིག་བཅོ་ལྔ་མཐོང་བའི་ལམ་དུ་བརྗོད་པ་ལྟར་(རྗེས་བཟོད་ངེས་པར་མི་འཛིན་ཅིང་ཤེས་བྱ་གཞན་ཡང་མེད་པས)་སྔར་མེད་པ་མཐོང་བ་མེད་པའི་ཕྱིར་རྗེས་སུ་རྟོགས་པ་ཤེས་པའི་སྐད་ཅིག་མ་རྣམས་(བཞི་པོ)་མཐོང་བའི་ལམ་མ་ཡིན་ཞེས་པས་སྐད་ཅིག ་མ་བཅུ་གཉིས་ཉིད་དུ་ཐལ་ལོ། (།རྗེས་བཟོད་ངེས་པར་འཛིན་པ་རྗེས་ཤེས་ཀྱིས)་བསྟན་ན་ཡང་ངེས་པར་འཛིན་པ་གཞན་(ཆོས་བཟོད་ངེས་པ)་ཡང་ཆོས་ཤེས་པ་ཉིད་དུ་སྟོན་དུ་སྟོན་ཅིག་ཅེས་པ་གཞན་གྱི་ལུགས་བསམས་པས་ཆོག་གོ་།འདི་ནི་འདིར་མན་ངག་སྟེ། གཟུགས་ལ ་སོགས་པ་རྣམས་གདོད་མ་(དང་པོ་ཉིད)་ནས་སྐྱེ་བ་མེད་པར་སོ་སོར་རྟོགས་པའི་ཕྱིར། སྡུག་བསྔལ་བ་(ར་གྱུར་པ)་ཉིད་དང་སྡུལ?་གྱི་མཚན་ཉིད་མི་དམིགས་པ་(ངོ?་བོ?་ཅན)་སྡུལ?་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་འདི་མི་སྐྱེ་བའི་ཆོས་ལ ་བཟོད་པ་(ཆུང་ངུ)་ཞེས་བརྗོད་པར་བྱ་ལ། (སྐད་ཅིག་མ)་དེ་འདིའང་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་པ་བརྗོད་པ་མེད་པའི་སྐད་ཅིག་མའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་(ཆོས་བཟོད)་དེའི་རྗེས་ལ་ཐོབ་པ་རང་གིས་རྟོགས་པ་ཡོངས་སུ ་གཅོད་(ཅིང་ངེས་པར་བྱེད)་པའི་ཤེས་རབ་སྐྱེས་པ་(ཱི་ཤེས་རབ)་།གང་གིས་ཆོས་འདི་རྣམས་སྟོང་པ་ཁོ་ནའོ་ཞེས་སྟོང་པ་ཉིད་ཀྱི་མཚན་ཉིད་རྣམ་པར་དག་པའི་ངོ་བོས་མངོན་པར་བརྗོད་པ་(ར་བྱེད་པ)་དེ་(ངེས་པར་འཛིན་པ)་སྡུག་བསྔལ་ལ་ཆོས་ཤེས ་པའོ། གཟུགས་ལ་སོགས་པ་རྣམས་ཀྱི་(ཆོས་ཉིད)་སྟོང་པ་ཉིད་ཀྱི་མཚན་ཉིད་རྣམ་པར་དག་པའི་ངོ་བོ་དེ་དང་འདིའང་དངོས་པོ་དང་དངོས་པོ་མེད་པ་དག་གིས་བརྗོད་པར་བྱ་བ་མ་ཡིན་པའོ་ཞེས་རབ་ཏུ་ཤེས་པ་ལས་སླར་ཡང་བརྗོད་པ་མེད་པའི ་འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བ་དེ་རྗེས་སུ་རྟོགས་པ་ཤེས་པའི་བཟོད་པའོ། (།རྗེས་བཟོད)་དེའི་ཚེ་ཡང་ཁམས་གསུམ་པའི་ཆོས་རྣམས་བརྗོད་དུ་མེད་པ་ཉིད་དུ་སོ་སོར་རྟོགས་པར་བྱེད་དེ། སྐད་ཅིག་མ་(སྔ་མ)་གཉིས་ལས་ཐོབ་པས་ཤེས ་རབ་མཆོག་ཏུ་གྱུར་པའི་ཕྱིར་རོ། (།སྐད་ཅིག་མ)་སྔོན་མ་ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་ཤིན་ཏུ་གཅོང་(ཤིན་ཏུ་དྲག་པ་ཞེས་འཇུལ?་ཊིཀ་གི་འགྱུར་ནའོ)་པ་ཉིད་ཀྱི་ཕྱིར་དང་ཤེས་རབ་ཕུལ་དུ་བྱུང་བ་མེད་པའི་ཕྱིར་(འདོད་ཁམ)་དེར ་རྟོགས་པ་ཁོ་ནའི་ཆོས་རྣམས་བདག་མེད་པ་ཉིད་དུ་རྟོགས་པར་བྱེད་དོ། །དེའི་ཕྱིར་(ཆོས་འབྱོད?)་དེ་དེ་དམ་མཚུངས་པ་(ཚད)་ཉིད་ཀྱིས་དང་(ཆོས་བཟོད?)་དེའི་རྒྱ་ཅན་ཉིད་ཀྱིས་དང་(ཆོས་བཟོད?)་དེ་ཤེས་པའི་དོན་ཅན་ཉིད་ཀྱིས་ན་(ཆོས་བཟོད) ་དེའི་རྗེས་སུ་རྟོགས་པས་བཟོད་པར་གྱུར་པ་ནི་རྗེས་སུ་རྟོགས་པ་ཤེས་པའི་བཟོད་པ་ཞེས་བརྗོད་དོ། །དེ་ནས་(རྗེས་བཟོད)་དེ་ཁོ་ན་ལྟར་(རམ་ཆོས་ཤེས་དེ་ཁོ་ན་ལྟར)་ཤེས་རབ་སྐྱེ་བ་ཆོས་ཐམས་ཅད་བརྗོད་དུ་མེད་པ་བརྗོད་པར་བྱ་བ་མ་ཡིན་པ ་ཁོ་ནའི་དེ་ཁོ་ན་ཉིད་མངོན་པར་བརྗོད་པ་(ངེས་པར་འབྱེད་པ)་ནི་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བརྗོད་དོ། །འཕགས་པ་རྡོ་རྗེ་གཅོད་པར་ཡང་གསུངས་པ། བྱང་ཆུབ་སེམས་དཔའ་རྣམས་ཆོས་སུ་འདུ་ཤེས་པ་མི་འཇུག་ལ?། ཆོས་མ ་ཡིན་པར་འདུ་ཤེས་པ་(ཱམ?་མིང)་མ་ཡིན་ནོ། འདུ་ཤེས་པ་མ་ཡིན། འདུ་ཤེས་མེད་པ་(ཱམ་མི་མ་ཡིན་པ)་མ་ཡིན་ནོ་ཞེས་ཏེ། གོ་རིམ་ཇི་ལྟ་བར་གཟུང་པ་དང་འཛིན་པའི་ངོ་བོའི་ཆོས་ཐམས་ཅད་མཚན་ཉིད་ཇི་ལྟ་བར་མེད་(མེད་པའམ) ་བའི་ཕྱིར་དང་(གཟུང་བ་དང་འཛིན)་གཉིས་དང་བྲལ་བས་(ཱམ་མིང)་གཉིས་སུ་མེད་པའི་ངོ་བོས་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་དང་(གཟུང་འཛིན)་གཉིས་སུ་མེད་པའི་ངོ་བོ་འང་དངོས་པོ་དང་དངོས་པོ་མེད་པ་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ ་ཉིད་ཀྱི་ཕྱིར་དང། ཐ་སྙད་ཙམ་གྱིས་བརྗོད་དུ་མེད་པ་ཡང་བརྗོད་པར་བྱ་བར་སྤྱོད་པའི་ཕྱིར་རོ། །དེ་ལྟར་ཡང་ཆོས་སུ་དུ་ཤེས་པ་མི་འཇུག་ཅེས་པ་ལ་སོགས་པས་མཛའ་བཞི་ལས་རྣམ་པར་གྲོལ་བ་དང་དབུ་མའི་ལམ་དུ་མངོན་བར ་དགོངས་པ་སྟེ། ཡོད་པ་དང་མེད་པ་ལ་སོགས་པ་རྣམས་གཟུང་བའི་རྣམ་པ་ཡིན་པ་ཉིད་ཀྱི་ཕྱིར་དང་(རྣམ་པར་རྟོག་པའི)་གཡོ་བ་ཐམས་ཅད་ནུབ་པར་བསྟན་པའི་ཕྱིར་རོ། (རྣམ་རིག་ཙམ་དུ་སྨྲ་བ་གང)་གང་རྣམ་པར་དག་པའི་ངོ་བོའི་དམིགས་པ ་ཡོད་དོ་ཞེས་འདོད་པ་དེའི་ལུགས་ལ་(དམིགས་པ་དེ་གཟུང་བ་དེ་འདོན་པར་ཡོད་པས)་གཟུང་བའི་(ར་བྱ་བ)་རྣམ་པར་རྟོག་པ་སྤངས་པར་མི་འགྱུར་བ་ཁོ་ནའོ་ཞེས་པས། (དེ་ཁོ་ན་ཉིད)་མ་མཐོང་བ་ཁོ་ནར་གྱུར་གྱི་མཐོང་བའི་ལམ་ལ་ཡིན་ནོ། (།གཞན་དང་དོན་དམ་པ) ་འོ་ན་(དཀར་པོ་ལ་སོགས་པ་མཐོང་བ་ན)་རབ་ཏུ་གསལ་བ་ཙམ་མམ་སྣ་ཚོགས་པའི་རྣམ་པར་རང་རིག་པའི་ངོ་བོ་འདི་མ་(དག་པའི་ངོ་བོ་དམིགས་པ)་ཡིན་ནམ་ཞེ་ན། (སྨྲ་བ་པོ)་དེ་དེ་ལྟར་རྟོག་པ་ན་རབ་ཏུ་རྟོགས་པ་མ་ཡིན་པ་ཁོ་ནའོ་ཞེས་ལེགས་པར་གསུངས་ཏེ། ་(སུམ་ཅུ་བར)་འདི་ནི་(དོན་དང་བྲལ་བའི་(རྣམ་རིག་ཙམ་ཁོ་ན་ཞེས་པ་ཉེ་བར་དམིགས་པ་ལས། (རྣལ་འབྱོར་སྤྱོད་པའི་དམིགས་པའི་ཀེར་རུས་སོགས།)་ཅུང་ཟད་མདུན་དུ་(སྟེ་མངོན་དུ་ཇི་ལྟར་ཐོས་བ་ལྟར་ཡིད་ཀྱིས)་འཇོག་བྱེད་པ། །དེ་ནི་(རྣམ་པར་ཤེས་པའི་དམིགས་པ་མ་སྤངས་པའི་ཕྱིར།)་ཙམ་ལ ་མི་གནས་སོ་ཞེས་སོ། (།ཅི་སྟེ་སེམས)་དེ་ཁོ་ན་མ་ཡིན་དགག་གི། ཚུལ་གྱིས་རང་རིག་པར་(ཕོ?་རེང་བོ)་མཐོང་བ་ནི་གཟུང་བ་དང་འཛིན་པ་དག་མ་མཐོང་བ་སྟེ། དེ་ཁོ་ན་མཐོང་བའི་ལམ་མོ་ཞེ་ན། འདིའང་དེ་ལྟ་མི་རྣམས་ཀྱི་ཡོངས་སུ་བརྟགས་པ་སྟེ། ་དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་ནི། (སེམས)་དེ་བརྗོད་(འཐུག?་པའམ)་དུ་མེད་པ་ཁོ་ནར་གསུངས་སོ། །ལོག་པའི་ཀུན་རྫོབ་ཏུ་ནི་རྣམ་པར་མ་དག་པའི་ངོ་བོ་དང། གཞན་དུ་(ཡང་དག་ཀུན་རྫོབ་དང་དོན་དམ་པར)་རྣམ་པར་དག་པའི་ངོ་བོ་ཞེས་པ་འདི་ལྟར ་སྨྲ་ལ་དེ་ལ་(རིགས་པས་བཏགས་ན)་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་གི་གོ་སྐབས་མེད་དོ་ཞེས་ཀྱང་ངོ། །དེ་ལྟར་འགྱུར་དུ་ཆུག་མོ་དེ་དེ་ལྟ་ནའང་ཅི་འདི་ཙམ་གྱི་འདི་བསྒོམ་པར་བྱ་བ་ཉིད་བསྟན་ནམ། དེ་ལྟར་རོ་ཞེ་ན། དེའི ་ཚེ་རིང་སྟེ་ལམ་ཡོངས་སུ་ཉམས་པའོ། (།རྣམ་པར་དག་པའི་ངོ་བོ་ཡོད་ཅེས)་དེ་ལྟར་བསྒོམས་པ་འདི་(བདེན་པའི)་དངོས་པོའི་ངོ་བོ་ཉིད་ལས་འདའ་བ་མ་ཡིན་ནོ། །དེ་ལྟ་བུ་ནི་རབ་ཏུ་བྱེད་པ་རྣམས་སུ་མཐོང་བ་མེད་དོ། །འོ་ན ་མཐོང་བའི་དོན་ཅི་ལྟར་ཞེ་ན། ཡུལ་དེ་ལ་ཤེས་པ་མི་སྐྱེ་བའི་དོན་ཏེ་མཐོང་བ་མེད་པ་ཁོ་ནའི་སྒོམ་པ་ནི་མཐོང་བའོ་ཞེས་བརྗོད་དོ། (།བདེན་གཉིས་ལས་མ་མཐོང་བ་ཉིད་དེ་མཐོང་བར་ཤིན་ཏུ་ཟབ་པའི་མདོ་ལས་གསུངས་ཤེས་སོ)་ཤེས་པའི་སྐད་ཅིག་རྣམས་(མ་མཐོང་བ)་དེའི ་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་མཐོང་བའོ། །དེ་ལྟ་ན་(ཤེས་པའི་སྐད་ཅིག)་དེ་རྣམས་ག་ལས་སྐྱེ་ཞེ་ན། རྣམ་པར་ཤེས་པ་གནས་གྱུར་པ་ལས་(སྐྱེ་བར)་ཀུན་རྫོབ་ཏུ་བརྗོད་པར་བྱའོ། །དེ་བཞིན་དུ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས ་ལའང་རྟོགས་པར་བྱའོ། །དེ་ལ་བཟོད་པ་བརྒྱད་རྣམས་ནི་ཉོན་མོངས་པ་(ཱི་ས་བོན་འབྱིན་པས་དེ)་སྤོང་བ་ལ་རྐུན་པོ་འབྱིན་པར་བྱེད་པའི་ཚུལ་གྱི་བྱ་བ་ཅན་ནོ། །ཤེས་པ་བརྒྱད་པོ་རྣམས་ནི་(ཀུན་པོ་བྱུང་ནས)་སྒོ་འཕར་གཅོད་པའི་ཚུལ ་གྱིས་སོ། །དེ་ལ་ཆོས་ཤེས་པའི་བཟོད་པ་བཞི་པོ་ལ། འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་དང་མ་རིག་པ་དང་ཐེ་ཚོམ་དང། འཇིག་ཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་འདོད་པའི་ཁམས་(ན་ཡོད་པ་རྣམས)་ཀྱི་སྟེ། (ཆོས་བཟོད་ཀྱིས་འདོད་ཁམས་ཀྱི་སྤོང་རྗེས་བཟོད་ཀྱི་ཁམས་གོང་མ་གཉིས་ཀྱི་སྤོང་བ་འདི་དབུ་མ་ཕུང་པོ་ལྔ་པར་གསུངས།)་སོ་སོར་བཅུའོ་ཞེས་པ་བཞི་བཅུའོ། །རྗེས་སུ ་རྟོགས་པའི་ཤེས་པའི་བཟོད་པ་བཞི་ལ་ནི་(ཉོན་མོངས་པ་བཅུ་པོ)་དེ་རྣམས་ཁོ་ན་ཁོང་ཁྲོ་བ་པོར་བ་(དགུ་དགུ)་རྣམས་ཏེ། (གཟུགས་ཁམས)་བསམ་གཏན་བཞི་(ན་སུམ་ཅུ་རྩ་དྲུག)་དང་གཟུགས་མེད་པ་(ཱི་ཁམས་པ)་བཞིར་རྟོགས་པ་(སུམ་ཅུ་རྩ་དྲུག་ཏེ།) ་བདུན་ཅུ་རྩ་གཉིས་སོ་ཞེས་པ་ཉོན་མོངས་པ་བཅུ་གཉིས་ལྷག་པའི་བརྒྱ་རྣམས་མཐོང་བས་སྤང་བར་བྱ་བ་སྟེ་རབ་ཏུ་སྤང་བར་བྱ་བས་ནའོ་ཞེས་པའོ།། (བཟོད་ཤེས་ཀྱི)་སེམས་བཅུ་དྲུག་པོ་འདི་ནི་བདེན་པ་མངོན་པར་རྟོགས་པ་སྟེ། གང་གི ་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་རྣམས་སུ་གང་ཟག་དེ་དང་དེའི་དབང་དུ་མཛད་དེ་གསུངས་པ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་སོ། །དེ་བཞིན་དུ་ཆོས་མཐོང་བ ་ཆོས་ཐོབ་པ། ཆོས་རིག་པ། ཆོས་རྟོགས་པ། སོམ་ཉི་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་ལ་གཞན་གྱིས་དཀྲིར་མི་བཏུབ་པ་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པའོ་ཞེས་སོ། ་(མངོན་པ་ཀུན་ལས་བཏུས་རྩ་འགྲེལ་དུ)་ཐོག་མར་བདེན་པ་རྣམས་ལ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་རང་བཞིན་ཉིད་ཀྱི་ཕྱིར་ཆོས་རྣམས་ལ་ཆོས་ཀྱི་མིག་གོ་།དེ་ལ་ཆོས་ཤེས་པའི་བཟོད་པ་རྣམས་ཀྱིས་རྡུལ་དང་བྲལ་ཏེ་(ཆོས་བཟོད)་དེ་རྣམས་ཀྱིས་ཉོན ་མོངས་པའི་རྡུལ་སྤོང་བའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་དྲི་མ་དང་བྲལ་བ་སྟེ། (ཆོས་ཤེས)་དེ་རྣམས་དེའི་སྒྲིབ་པ་སྤངས་པའི་གནས་སུ་སྐྱེས་པའི་ཕྱིར་རོ། །ཆོས་ལ་བཟོད་པ་རྣམས་ཀྱིས་ཆོས་མཐོང་སྟེ་(ཆོས་ལ་བཟོད་པ་དེ་རྣམས)་དེ ་རྣམས་ཀྱིས་(ཆོས་བདེན་བཞིའི)་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱིས་ཆོས་ཐོབ་པ་སྟེ། (ཆོས་ཤེས)་དེ་རྣམས་ཀྱིས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་(ཱི་གནས་འགྱུར་བ)་མངོན་དུ་བྱེད་པའི་ཕྱིར་རོ། །རྗེས་སུ་རྟོགས ་པའི་བཟོད་པ་རྣམས་ཀྱིས་ཆོས་རིག་པ་སྟེ། (རྗེས་བཟོད)་དེ་རྣམས་ཀྱིས་འཕགས་པའི་རྗེས་སུ་འགྲོ་བ་(སྟ་རྒྱུ)་འདིའོ་ཞེས་དེ་གཉིས་ཀ་ཡང་དག་པར་རིག་པར་བྱེད་པའི་ཕྱིར་རོ། །རྗེས་སུ་རྟོགས་པའི་ཤེས་པ་རྣམས་ཀྱིས་ཆོས་རྟོགས་ཏེ། ་དེ་རྣམས་ཀྱིས་ཤེས་བྱ་ཇི་སྙེད་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །བཟོད་པ་དང་ཤེས་པ་ཐམས་ཅད་ཀྱིས་སོམ་ཉི་ལས་རྒལ་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་འབྲས་བུ་(མཐོང་ལམ་རྟོགས་པ)་ཐོབ་པར ་གྱུར་པ་ན་ཡུན་(རྗེས་སུ་ཤེས་པ)་རིང་པོ་ནས་འདོད་པར་བྱས་པའི་རང་གི་རྟོགས་པ་ལ་(ཐོབ་བམ་མ་ཐོབ་སྙམ་པའི)་སོམ་ཉི་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱིས་གཞན་གྱིས་ཐོབ་པ་ལ་ཐེ་ཚོམ་ལས་བརྒལ་ཏེ། (མཐོང་བ?་ན)་དེའི་གནས་སྐབས་པ ་གཞན་རྣམས་ཀྱིའང་ཁྱད་པར་རྟོགས་པ་(ཱི་ངོ་བོ)་ལ་སོ་སོར་ཐེ་ཚོམ་མེད་པའི་ཕྱིར་རོ། །ལམ་སྒོམ་པའི་ཆེད་དུ་གཞན་གྱི་དྲིང་ལ་མི་འཇོག་སྟེ། གཞན་གྱི་ཉེ་བར་བསྟན་པ་(མན་ངག)་མེད་པར་ཡང་རང་ཉིད་མཁས་པ་ཉིད་ཀྱི་ཕྱིར་རོ། ། ་གཞན་གྱིས་དཀྲིར་མི་བཏུབ་པ་ནི་ཤེས་ནས་དད་བ་ཐོབ་པས་སྟོན་པའི་བསྟན་པ་ལས་གཞན་མུ་སྟེགས་པ་རྣམས་ཀྱིས་སྐྱེ་བ་(ཚེ་རབས)་གཞན་དཱུང་མི་འཕྲོགས་པའི་ཕྱིར་རོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ནི་ཁོང་དུ ་ཆུང་པ་(ཱམ་ཐོབ་པ།)་ལས་བརྩམས་ནས་སོ་སོར་འདྲི་(གི་ཆོས)་བ་དང་ལུང་དུ་བསྟན་པའི་(ལན་བརྟབ་པ)་ཆོས་རྣམས་ལ། སྡིག་པ་འདོད་པ་(སྐུར་འདེབས་ཀྱི་འོག་ལྟ་སྐྱེས་པ)་དང་མངོན་པའི་ང་རྒྱལ་ཅན་(མ་ཐོབ་ཀྱང་ཐོབ་སྙམ་པའམ་མི་ཤེས ་ཀྱང་ཤེས་སྙམ་དུ་བརློན་པ)་བཞིན་སེམས་ཞུམ་པ་མེད་པའི་ཕྱིར་རོ། །སླར་ཡང་གསུངས་པ། དོན་ཤེས་ཤིང་ཆོས་ཤེས་ནས་ཆོས་ཀྱི་རྗེས་སུ་བའི་ཆོས་ལ་ཞུགས་པར་འགྱུར་ལ། མཐུན་པར་ཞུགས་ཤིང་ཆོས་དང་རྗེས་སུ་མཐུན་པར ་སྤྱོད་པའོ་ཞེས་པའོ། །དེ་(མདོ་སྡེ་རྒྱན་གྱི་སྒྲུབ་པའི་སྐབས་སུ། དོན་ཤེས་པས་ནི་ཆོས་རྣམས་ཀུན། །གཟིངས་དང་འདུ་བ་ཉིད་དུ་རིག། །ཐོས་པར་ཆོག་པར་འཛིན་སྤོང་ལ། །དེས་ན་ཆོས་ཤེས་པ་ཞེས?་བརྗོད། །ཅེས་གསུངས་པ་ལྟར།)་ནི་སོ་སོ་སྐྱེ་བོའི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་དོན་ཐོས་པ ་ལས་བྱུང་བའི་(དང་བསམ་པ་ལས་བྱུང་བ)་ཤེས་པས་ཡོངས་སུ་ཤེས་ནས་(ཆོས)་མདོ་ལ་སོགས་པ་རྣམས་གཟིངས་ལྟ་བུར་ཤེས་པ་ནི་ཐོས་པ་ཙམ་གྱིས་ངོམས་(ཤིང་མཆོག་ཤེས་པ)་པ་སྤངས་པའི་ཆེད་དུ་སྟེ། དེས་ན་ཆོས་ཤེས་པར་འགྱུར་རོ།། ་ཤེས་(ཤེས་བ་དེ་ཡོངས་རྫོགས་བྱའི་ཕྱིར། མཐུན་པའི་ཆོས་ནི་རབ་ཏུ་སྒྲུབ། ཅེས་གསུངས་པ་ལྟར།)་པ་དེ་ཡོངས་སུ་རྫོགས་པའི་དོན་དུ་སྒྲུབ་བཞིན་པ་ནི་རྗེས་སུ་བའི་ཆོས་ལ་འཇུག་པ་སྟེ། དེ་ལས་རབ་ཏུ་དགའ་བའི་ས་ལ། ས་དེ་(ལ་གནས)་པའི་བྱང་ཆུབ་སེམས ་དཔའ་རྣམས་དང་མཐུན་པ་སྟེ་མཉམ་པ་ཉིད་ལ་ཞུགས་པར་འགྱུར་རོ། །དེ་ནས་དྲི་མ་མེད་པ་ལ་(སྒོམ་པས)་སོགས་པའི་ས་རྣམས་ལ་(ས་ཐོབ་ཟིན་སྤྱོད?་བར་བྱེད་ཅིང་མཐོབ་བ་ཐོབ་པར་བྱེད་པས)་ཆོས་ཀྱི་རྗེས་(འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པ་ཐོབ་པས།)་སུ་མཐུན ་པར་སྤྱོད་པའོ་ཞེས་པའོ། །དེ་(མཐོང་ལམ་སྐད་ཅིག་བཅུ་དྲུག་པོ)་ལ་སྐད་ཅིག་མ་བཅོ་(དེ་བཞིན་པ་ནི་ལྷག་མ་ལ། །མཐུན་པ་ཡི་ནམ་ཆོས་སྤྱོད་དོ་ཞེས་ཏེ།།)་ལྔ་ལ་བྱང་ཆུབ་སེམས་དཔའ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་(ཡས་བགྲངས་པས)་བརྒྱད་པ་སྟེ་རྣམ་པ ་གཉིས་སོ། །དང་པོ་དབང་པོ་བརྟུལ་པོ་ནི་དད་པས་རྗེས་སུ་འབྲང་བ་སྟེ། དད་པས་དེའི་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་གང་མི་རྣམས་ནས་ཤི་འཕོས་ནས་མི ་རྣམས་དང་སྐལ་པ་མཉམ་པར་སྐྱེ་སྟེ། (བྱང་ཆུབ་སེམས་དཔའ་)་དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་(དབང་པོ་རྟུལ་པོའི་ལམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ)་རྣམས་མ་གཏོགས་པར་དབང་པོ་བརྟུལ་པོ་རྣམས་སུ་འགྱུར་རོ་ཞེས་པ་ལ་སོགས ་པའོ། གཉིས་པ་ཕྱིར་མི་ལྡོག་པ་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་མཐོང་བས་(ཱམ་ལྟ་བ)་ཐོབ་པ་སྟེ། ཆོས་དང་མཐོང་བ་ནི་ཤེས་རབ་སྟེ། (ཤེས་རབ)་དེས་དེའི་ལམ་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །གང་གསུངས་པ། ཤཱ་རིའི་བུ་ཡང? ་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་གཞན་རྣམས་དང་དགའ་ལྡན་གྱི་ལྷ་རྣམས་ནས་ཤི་འཕོས་ཏེ་འདིར་སྐྱེ་ཞིང། དེའི་དབང་པོ་རྣམས་རྣོ་བར་འགྱུར་རོ་ཞེས་པ་ལ་སོགས་པའོ། (།མཐོང་ལམ་གྱི)་སྐད ་ཅིག་བཅུ་དྲུག་པ་ལ་ནི་(བྱང་ཆུབ་སེམས་དཔའ་དེ)་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའོ། །འོ་ན་རྒྱུན་ཞུགས་པའི་ལམ་ཁོ་ནར་སྲིད་པ་(འཁོར་བ)་མེད་པར་འགྱུར་ཏེ། འཇིགས་ཚོགས་ལ་ལྟ་བ་དང་བྲལ་བའི་ཕྱིར་ལ། ་གང་གི་ཕྱིར། (རྣམ་འགྲེལ་དུ)་གཏི་མུག་ཉེས་པའི་རྩ་བ་སྟེ། (།གཏི་མུག)་དེའང་སེམས་ཅན་འཛིན་པ་ཡིན། ཞེས་བཤད་པས་སོ། །དེའི་ཕྱིར་ལམ་གཞན་(སྒོམ་ལམ)་དོན་མེད་པར་འགྱུར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ་བདེན་པ་མཐོང ་བ་ཙམ་ནི་མཐོང་བའི་ལམ་ཡིན་ལ་མཐོང་བས་ཀྱང་མངོན་པར་འདུ་བྱེད་པ་ལས་བྱུང་བའི་(ཀུན་བཏགས་པ)་བདག་ཏུ་འཛིན་པ་(འཇིགས་ཚོགས་སུ་ལྟ་བ་ཡུན་རིང་བར་བསགས་པ)་ནི་རྩ་བ་མེད་པའི་ཉོན་མོངས་པ་ཡིན་པ་ཉིད་ཀྱི་ཕྱིར་སྤང་ངོ། །དེ་ནི ་ཉེ་བར་བསྟན་པ་ལས་བྱུང་བའི་བདག་ཏུ་ལྟ་བ་སྟེ། ཕྱིན་ཅི་ལོག་པ་ནི་མཐོང་བ་ཙམ་ཁོ་ནས་སྤང་བའོ། །འཇིག་ཚོགས་སུ་ལྟ་བ་ལྷན་ཅིག་སྐྱེས་པ་ནི་ཡུན་རིང་པོ་ནས་ཞུགས་པ་ཉིད་ཀྱི་ཕྱིར་ཐོག་(གཞན་མུ་སྟེགས་པའི་བཤེས་གཉེན་ངན་པ་སོགས་ཀྱིས) ་མ་མེད་པ་ནས་གོམས་པའི་ཕྱིར་གཉེན་པོ་སྒོམ་པའི་ལམ་ཁོ་ནས་སྤང་ངོ། །ལྷན་ཅིག་སྐྱེས་པའི་སེམས་ཅན་དུ་ལྟ་བ་(བདག་འཛིན)་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་ལས་བྱུང་བ་ཡང་ངའོ་ཞེས་པའི་བློས་སྒྲུབ་པོ། །དེའི ་ཕྱིར་སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ཡོད་པའི་ཕྱིར་(འཇིག་རྟེན་ལས་འདས་པའི)་ལམ་དང་པོ་(མཐོང་ལམ)་ཁོ་ནར་འཁོར་བ་མེད་པ་མ་ཡིན་ནོ། །སེམས་ཅན་དུ་ལྟ་བ་(བདག་ལྟ)་མཛའ་དག་མ་སྤང་བའི་ཕྱིར་རོ་ཞེས་པ་ངེས་པའོ།། ་དེ་ལྟར་ཡང་ཚད་མ་རྣམ་འགྲེལ་དུ་གསུངས་པ། གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ལམ་དང་པོར་ནི་སྲིད་མེད་འགྱུར། །མ་ཡིན་ལྷན་སྐྱེས་མ་སྤངས་ཕྱིར། །སྤངས་ན་ཡང་སྲིད་ག་ལ་ཡོད། (།མཐོང་ལམ་ཐོབ་པ་ལ)་བདེ་བར་འགྱུར་བ ་འམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་སྲེད་པ་ཡི། །ངའོ་སྙམ་པའི་བློ་གང་སྟེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ང་ཞེས་མཐོང་བ་མེད་པར་ནི། །འགའ་ཡང་བདག་ལ་ཆགས་པ་མིན། །བདག་ལ་ཆགས་པ་མེད་པར་ཡང། །བདེ་བར་འདོད ་པ་མངོན?་རྒྱུག་མིན། །ཞེས་སོ། །འོ་ན་བདག་ཏུ་ཞེན་པ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེ་འང་མ་རིག་པ་དང་མཚུངས་པར་ལྡན་པ་སྟེ། དེའི་ཕྱིར་ལྟ་བའི་སྒོ་ནས་མ་རིག་པ་བརྗོད་དེ་ཞེས་རྟོགས་པར་བྱ་སྟེ། (མ་རིག་པ)་མེད་ན་(བདག་ལྟ)་མི ་འབྱུང་བ་ཉིད་ཀྱི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་ཁོ་ན་མ་རིག་པའོ་ཞེས་པ་ནི་མ་ཡིན་ནོ། (།བདག་ལྟ)་གཞན་ཡང་འཇིག་ཚོགས་ལ་ལྟ་བ་ནི་གཏི་མུག་གི་ཕྱོགས་གཅིག་ཏུ་གྱུར་པ་ཡིན་ལ་གཏི་མུག་ནི་ཉོན་མོངས་པ་མཛའ་དག་གི་རྗེས་སུ་སོང་བ ་ཡང་དག་པར་བརྟགས་པ་མ་ཡིན་པའི་མཚན་ཉིད་ཅན་ནམ་རྣམ་པ་གཞན་ཡང་རུང་སྟེ། (གཏི་མུག)་དེ་ཅི་ལྟར་འཇིག་ཚོགས་ལ་ལྟ་བར་བརྗོད་དེ། ཁྱད་པར་གྱི་(བདག་ལྟ)་སྒྲ་ལ་སྤྱིའི་(རྨོངས་པའི)་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་ལྟ ་བ་ཁོ་ན་མ་རིག་པ་ཡིན་ནོ་དེའི་ཚེ་(མཛོད་དུ། ལྟ་བ་དེ་དང་མཚུངས་ལྡན་ཕྱིར་ཞེས་གསུངས་པ་ལྟར)་ལྟ་བ་དང་མཚུངས་པར་ལྡན་པ་མ་རིག་པའོ་ཞེས་མཚུངས་པར་ལྡན་པའི་དོན་དུ་མི་འགྱུར་ཏེ། དེ་དེ་ཁོ་ན་(ཏེ་རང་ཉིད)་དང་མཚུངས་པར་ལྡན་པ་ནི་མེད ་དོ་ཞེ་ན། རྩོད་པ་འདི་ནི་ལ་ཡོངས་སུ་སྤོང་བ་རྣམ་འགྲེལ་མཛད་པ་ཉིད་ཀྱིས་གསུངས་པ། འགལ་བ་གང་ཡིན་འདིར་བཤད་བྱ། །སྟོང་ཉིད་ལྟ་(བ་བདག་མེད་མཐོང་བ)་དང་དེ་འགལ་ཕྱིར། (།བདག་ལྟ)་དེ་ལས་བྱུང་བའི་(ཱམ་དེ་རང་ཉིད)་ཉེས་ཀུན་དང། །འགལ ་བ་རབ་ཏུ་གྲུབ་པ་ཡིན་ཞེས་སོ། །སྤྱི་(མ་རིག་པ)་དང་ཁྱད་པར་གྱི་(བདག་ལྟའི)་དངོས་པོ་ཡོངས་སུ་བཏགས་པས་ནི་མཚུངས་པར་ལྡན་པའི་དོན་ཏེ། འདི་ལྟ་སྟེ་པ་ལ་ཤ་(ཁྱད་པར)་དང་ལྡན་པའི་(སྤྱི)་ནགས་ཤེས་པ ་བཞིན། དོན་དམ་པར་པ་ལ་ཤའི་རང་བཞིན་ཉིད་ཁོ་ན་བརྗོད་པར་བྱས་པ་བཞིན་ནོ། །དེ་ལྟར་ཁྱད་པར་(བདག་ལྟ)་མངོན་པར་བརྗོད་པས་(བདག་ལྟ)་དེའི་རང་བཞིན་མ་རིག་པ་རྒྱུར་གྱུར་པ་(ལས་བྱུང་བའི་བདག་ལྟ་སྟེ)་གཙོ་བོར་དེས་པར་བསྟན་ཏོ།། ་གང་གི་ཕྱིར་བདག་ཏུ་ལྟ་བ་ནི་མ་རིག་པ་ཡིན་པ་(མ་རིག་པ)་དེའི་ཕྱིར་དེའི་རྩ་བ་ཅན་གྱི་ཉོན་མོངས་པ་ཐམས་ཅད་ནི་བདག་མེད་པ་ཉིད་མཐོང་བ་ལས་རྩ་བ་ཆད་པར་བྱེད་ཅིང་རྩ་བ་ཆད་པ་ལས་རྒྱུན་གཅོད་དོ། །གང་གི་ཕྱིར་ཉོན་མོངས་པ་མཛའ་དག་དང ་འགལ་བ་བདག་མེད་པ་ཉིད་མཐོང་བ་སྟེ་དེའང་(འཕགས་པའི)་རྣལ་འབྱོར་པ་རྣམས་དང་མི་འབྲལ་ལོ་ཞེས་པས་སླར་ཉོན་མོངས་པ་འབྱུང་བ་མ་ཡིན་ནོ། །འོ་ན་སྐྱོན་དང་ལྡན་པ་ལ་ཡོན་ཏན་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དང་ལྡན་པ་ལ་སྐྱོན ་སྦྱོར་བས་འཁོར་བ་ལ་ངེས་པར་འབྱུང་བ་མེད་དོ་ཞེ་ན། མ་ཡིན་ཏེ། སྐྱོན་རྣམས་ལ་ཡོན་ཏན་ཡང་དག་པར་འབྱུང་བས་གནོད་(ཅིང་རྩ་བ་འབྱིན)་པའི་ཕྱིར་རོ། །ཅིའི་ཕྱིར་ལྡོག་པར་(སྐྱོན་ལ་ཡོན་ཏན་གྱི་གནོད། ཡོན་ཏན་ལ་སྐྱོན་གྱིས་གནོད་པ)་མི་འགྱུར་ཞེ་ན། ་ཡོན་ཏན་རྣམས་དངོས་པོའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དང་སྐྱོན་རྣམས་ནི་ཕྱིན་ཅི་ལོག་པའི་ཕྱིར་རོ། །གང་གི་ཕྱིར་སེམས་འདི་རང་བཞིན་གྱིས་འོད་གསལ་བ་སྟེ། གཞན་(བློ་བུར་བའི་རྐྱེན)་ལས་བྱུང་བའི་ཕྱིར་དང་མ་རིག་པས་ཉེ་བར ་བསླད་པའི་ཕྱིར་དྲི་མ་རྣམས་ནི་གློ་བུར་བའོ། (།དངོས་པོའི་གནས་ཀུན་ནས?)་ཡོད་པ་མ་ཡིན་པར་གྱུར་པ་སྒྲོ་འདོག་པ་ནི་རྩ་བ་མེད་པ་ཅན་ཉིད་ཀྱི་ཕྱིར་དོན་དམ་པར་ནི་ཆོས་ཐམས་ཅད་(བདེན་པའི)་དངོས་པོ་ཉིད་དུ་འགའ་ཞིག་ནའང་ཡོད་པ་མ་ཡིན་ནོ།། ་དེའི་ཕྱིར་རྣམ་པར་དཔྱད་ན་སྟོང་པ་ཉིད་ཀྱི་ཕྱིར་དྲི་མ་རྣམས་གློ་བུར་པའོ། (།ཚད་མ་རྣམ་བཀྲེལ་དུ)་དེའི་ཕྱིར་སྔར་ཡང་ནུས་མེད་རྣམས། །དེ་བདག་གྱུར་ལ་ཕྱིས་ནུས་མེད། །དེའི་བདག་ཉིད་དུ་གནས་པ་ལ་སྐྱོན་སྐྱེ་བ་མ་ཡིན་ནོ། །དེ་ལྟར་? ་འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་པ་ལྡན་ཡང་གནོད་མེད་དེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། (།དེའི་འགྲེལ་བ་སྟོང་ཕྲག་ཕྱེད་བཞི་པར)་རང་བཞིན་ནི་(གཙང་སྒྲ་ཅན་ཐོད་པ་ཅན་དུ་བསྒྱུར་བ་དང་འདྲའོ།)་འབད་པ་དང་(དེ་ཉིད་དུ) ་བྲལ་བས་ལྡོག་པར་ནུས་པ་མ་ཡིན་ཞིང། (།ཡོན་ཏན་བཟློག་པའི)་འབད་པ་ཡང་ཡོན་ཏན་རྣམས་ལ་སྐྱོན་མཐོང་བ་དང་སྐྱོན་རྣམས་ལ་ཡོན་ཏན་མཐོང་བ་ལས་འཇུག་(དགོས)་ན། ཆོས་ཐམས་ཅད་བདག་མེད་པར་མཐོང་(སེམས་པ) ་དེའི་བདག་ཉིད་དུ་གྱུར་པ་(ཱི་གང་ཟག)་ལ། སྐྱོན་རྣམས་ལ་ཡོན་ཏན་མཐོང་བ་དང། ཡོན་ཏན་རྣམས་ལ་སྐྱོན་མཐོང་བ་འམ། ཡོན་ཏན་རྣམས་(ལེགས་པར་རམ་ཡོན་ཏན་དུ)་ལ་མི་མཐོང་བ་མ་ཡིན་ཏེ། བདག་མེད་པ་མཐོང་བ་ལ་ཉེ་བར་འཚེ ་བ་མེད་པ་ཉིད་ཀྱི་ཕྱིར་རོ། (།ཞེས་སོ)་དེའི་ཕྱིར་རང་བཞིན་(ཏེ་ཡོན་ཏན་ཅན)་བདག་གྱུར་པ། །ཉེར་འཚེ་མེད་པ་ཁོ་ནའོ། །སེམས་དང་ལྡན་པ་རྣམས་ཀྱིས་དེ། །ཡོངས་བཏད་བྱ་བར་ཅི་ལྟར་ནུས་(ཤེས་ཤད།)་དེའི་ཕྱིར་ཡང་ཉེ་བར་འཚེ་བ་དང་བཅས ་པ་ཡོད་དག་པ་མ་ཡིན་པའི་དོན་(ཚར་མ་རྒྱན་དུ)་ཅན་(ནམ་ཡང་དག་པའི་དོན་ཙམ་མ་ཡིན་པ)་རང་བཞིན་མ་ཡིན་པའི་སྐྱོན་རྣམས་ཀྱིས་དེའི་བདག་ཉིད་དུ་གྱུར་པའི་ལམ། སྐྱོན་རྣམས་ཟིལ་གྱིས་མནན་ནས་སྐྱེ་བའི་མཚན་ཉིད་ཅན་ལ་མི་གནོད ་དོ། ལམ་དེའི་བདག་ཉིད་དུ་གྱུར་པ་ལ་སྐྱོན་སྐྱེད་པའི་ཚད་དུ་འབད་པ་མི་སྲིད་པ་ཁོ་ན་མོད། དེ་ལྟ་ན་ཡང་(འབད་པར)་ཁས་བླངས་ནས་བརྗོད་པར་བྱ་སྟེ། སྐྱོན་སྐྱེད་པ་ལས་འབད་པ་ལྡན་དུ་ཟིན་ཀྱང་མི་གནོད་དེ། སྐྱོན་སྐྱེད་པའི་རྩོལ་བ་བཟློག ་ནས་ཆོས་ཐམས་ཅད་བདག་མེད་པ་(རྟོགས་པ)་ཉིད་ཀྱི་ལམ་ཡོན་ཏན་དང་ལྡན་པའི་(ལ་འབད་ཅིང་དེ)་ཕྱོགས་སུ་ལྷུང་བས་ན་སྐྱོན་ཟད་པར་བྱེད་པ་ཁོ་ན་ལ་འབད་པ་བྱེད་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མ་ལུས་པའི་རང་བཞིན་ལ ་ཡོངས་སུ་ལྟ་བར་ནུས་པ་ལ་(བསམ་གོམས་པ་ལ་གནས་གྱུར་པའི་སེམས་ལ)་ཡང་སྐྱོན་སྐྱེར་ཆུག་མོད། དེ་ལྟ་ན་ཡང་འདི་ནི་དེད་དཔོན་དམ་པས་སྤངས་པའི་མགྲོན་པོ་ལྟར་(ལམ་དེ)་ཤུགས་དང་ཡང་དག་པར་ལྡན་པ་ལས་ལམ་ཁོ་ན་ལ་འབད་བ་རྩོམ ་སྟེ་ཡོན་ཏན་གྱི་ཕྱོགས་སུ་ལྷུང་བའི་ཕྱིར་ལ་སྐྱོན་ལ་དགའ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་བརྩེ་བ་དང་ལྡན་པ་ནི། རང་དང་གཞན་གྱིས་སྡུག་བསྔལ་སྤང་བའི་ཆེད་དུ་(སྡུག་བསྔལ་གྱི་རྒྱུ་སྤོང་བ་ལ)་འབད་པ་འབྱུང་ཞིང། རང་གི་སྡུག་བསྔལ་ཟད ་པ་མེད་པར་གཞན་གྱི་སྡུག་བསྔལ་བསལ་བར་མི་ནུས་ལ་དེའི་ཕྱིར་རང་གི་སྡུག་བསྔལ་ཟད་པ་མངོན་དུ་བྱ་བ་(ལ་བརྩོན་པ་དང། དངོས་པོ་ཐམས་ཅད་མངོན་སུམ་དུ་བྱ་བ་ལ་མངོན་པར་བརྩོན་པར་བྱའོ། །ཐབས་བྱུང་(སྡུག་བསྔལ་ཟད་པ་དང)་དེ་རྒྱུ ་ལྐོག་རྒྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། (།གང་ཟག)་གང་མཐོ་རིས་དང་བྱང་གྲོལ་གྱི་རྒྱུ་དང་འབྲས་བུ་མངོན་དུ་བྱས་པ་མེད་པ་(ཱི་གང་ཟག)་དེས་ཕ་རོལ་པོ་རྣམས་ལ་(མཐོ་རིས་དང་བྱང་གྲོལ་གྱི་རྒྱུ་འབྲས)་དེ་འཆད་པ་དཀའ་(ལམ་སྒོམ་པ) ་སྟེ། གང་གི་ཕྱིར་(གང་ཟག)་དེ་ནི་(འཆད་པ)་དེ་ལ་ནུས་པ་མེད་ལ། དེའི་ཕྱིར་ལུས་ཅན་རྣམས་ཀྱི་ཡོན་ཏན་སྐྱོན། །ཐམས་ཅད་གོམས་པའི་རྩ་བ་ཅན། (།ལམ་གོམས་པ་དེ)་བདག་ཉིད་དབང་གྱུར་གོམས་དེ་ཡང། །ཡོན་ཏན་ཉིད་ལས ་མཆོག་ཏུ་བྱེད། །ཅེས་པ་ཞར་ལ་བྱུང་བ་རྒྱ་ཆེ་བས་ཆོག་གོ་།དཀྱུས་མ་བརྗོད་པར་བྱ་སྟེ། དྲུག་པ་ལ་སོགས་པ་སེམས་བསྐྱེད་པ་བཅོ་ལྔ་རྣམས་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་མོ། །གལ་ཏེ་ཡང་(བཟང་པོའི་ཞབས་ཀྱི་འབྲེལ་བར) ་འདུས་བྱས་(འདི)་དང་འདུས་མ་བྱས་(སྤངས་པ)་དག་ངོ་བོ་ཅིག་པ་(ཱམ་ཐ་དད་མེད་པ)་ཉིད་ཀྱིས་རྣ་ཕན་ཚུན་ཐ་དད་པར་གང་ཤེས་པར་མི་ནུས་པ་བཞིན་དུ་ཇི་སྐད་བཤད་པའི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་དངོས་པོ ་ལས་ཐ་མི་དད་པ་ལ་(སྒོམ་ལམ་གྱིས་ཀྱང)་དམིགས་པའི་ཕྱིར། མཐོང་བ་དང་སྒོམ་པའི་ལམ་དག་(ཤེས་བྱ་བ་ལྟ་བ་རྟགས་པ་ལ)་ཐ་དད་དུ་གྱུར་པ་མེད་དོ་ཞེས་པས་སྒོམ་པའི་ལམ་(རྣམ་པར་བཞག་པ་ནི་རྟག་པ་མ་ཡིན་གྱི)་མཚན་ཉིད་པ་རྣམ ་པར་བཞག་པ་ནི་མེད་ཀྱི། འོན་ཀྱང་(སྒོམ་པའི་ལམ)་དེ་ནི་(སྒོམ་ལམ)་དེས་སྤང་པར་བྱ་བའི་དངོས་པོའི་གཉེན་པོ་ཉིད་དུ་(ཀུན་རྫོབ་ཀྱི)་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་(དངོས་པོ་དེའི་རང་བཞིན་ལས་མི་འདའ་བར་ངེས་པ)་ཉིད་ཀྱིས་བསྒོམ་པ ་བྱའོ། (།ཞེས་སོ།)་དེའི་ཕྱིར་མཐོང་བ་ཁོ་ན་རྒྱུན་དུ་(ཡང་དང་ཡང་དུ)་ཤེས་པ་སྒོམ་པ་ཡིན་ལ་དེ་(སྒོམ་པ)་ཁོ་ན་ལམ་མོ། (།སྒོམ་ལམ)་དེ་ལ་ལྷན་ཅིག་སྐྱེས་པའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་རྣམས་དང་ལྷན་ཅིག ་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང་ལོག་པར་ལྟ་བ་དག་སྟེ། ཆོས་མངོན་པ་ཀུན་ལས་བཏུས་སུ་ནི་མཐར་འཛིན་པར་ལྟ་བ་གསུངས་མེད་(མཐར་འཛིན་ལྟ་བ)་འདི་ནི་ལོག་ལྟའི་བྱེ་བྲག་ཡིན་པ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་(སྐབས) ་འདིར་དངོས་པོ་ལ་ཡང་དག་པ་ཉིད་དུ་སྒྲོ་འདོགས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ལོག་ལྟ་གཟུང་ཀྱི། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ནི་མ་ཡིན་ཞེས་སྔར་བརྗོད་ཟིན་ཏོ་ཞེས་པ་འདོད་པ་ན་སྤྱོད་པ་དྲུག་དང། གཟུགས་དང་གཟུགས ་མེད་པར་སྤྱོད་(ཉོན་མོངས་དྲུག་པ)་པོ་དེ་རྣམས་ཁོ་ན་ཞེ་སྡང་དོར་བ་(ལྔ་གཉིས)་བཅུ་རྣམས་སོ་ཞེས་པ་ཉོན་མོངས་པ་བཅུ་དྲུག་རྣམས་རིམ་གྱིས་སྤང་བར་བྱའོ། །བག་ལ་ཉལ་ཡིན་གྱི་མངོན་དུ་རྒྱུ་(མངོན་དུ་གྱུར)་རབ་ཏུ་གྱུར་པ་ནི་(སྤང་བྱ)་མ ་ཡིན་ཏེ་སྔོན་ཁོ་ནར་བྲལ་བའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་གཅིག་ལ་ཆེན་པོ་དང་འབྲིང་དང་ཆུང་ངུའི་དབྱེ་བ་རྣམ་པ་གསུམ་སྟེ་སླར་ཡང་ཆེན་པོའི་ཆེན་པོ་ལ་སོགས་པར་ཕྱེ་བས་རྣམ་པ་དགུ་དང། འདོད་པའི ་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་པ་བཞིར་གཏོགས་པ་ཉིད་ཀྱིས་བརྒྱད་ཅུ་རྩ་གཅིག་གོ་།དེ་བཞིན་དུ་དེའི་གཉེན་པོ་སྐྱོན་སྐྱེ་བར་འདོད་པ་འཇོམས་པའི་ཕྱིར་(ཕྱིས)་སྐྱོན་དང་འགལ་བ་བཤད་མ་ཐག་(དགུ་པོ་རེ་རེ)་པའི ་སྒོམ་པའི་ལམ་སྟེ། བསྒོམས་པའི་བཙལ་བར་བྱ་བ་ཉིད་ཀྱིས་ནང་(ལས་སུ་སྒྲུབ་པའི་སྒོ་ནས)་སྒོམ་པའི་ལམ་ཤིན་ཏུ་བ་ཡང་སེམས་བསྐྱེད་པ་ཐ་མ་(སངས་རྒྱས་པའི)་གཉིས་ཀྱི་བདག་ཉིད་དོ། (།སྤང་བྱ་ཆེན་པོ་ནས་རྩོམ་པ)་འོན་ཀྱང་ཆུང་ངུ་དང་འབྲིང ་དང་ཆེན་པོ་རྣམས། སླར་ཡང་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་བརྒྱད་ཅུ་རྩ་གཅིག་གོ་།འདི་ཁོ་ནའི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་བརྒྱད་ཅུ་རྩ་གཅིག་པ་ཆེན་པོའི་ཆེན་པོའི་རྣམ་པ་གཅིག་ནི་ཤིན་ཏུ་བའི ་སྒོམ་པའི་ལམ་མོ། །དེ་བཤད་པ། (བརྒྱད་སྟོང་འགྲེལ་ཆེན་དུ)་ཇི་སྐད་བསྟན་པའི་སྒོམ་པའི་ལམ་གྱི་མཛའ་ཨི་སྐད་ཅིག་ནི་(དེའི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྒྱུ་མ་ལྟ་བུར་རྟོགས་པ་གང་ཡིན་པ་དེ་ཉིད།)་གཉེན་པོའི་མཛའ་དག་གི་ངོ་བོ་ཉིད་དོ་ཞེས་པ་རྣམ ་བར་དག་པ་ཤིན་ཏུ་བ་དངོས་(ཡང་དག་པར་རྫོགས་པའི)་སངས་རྒྱས་ཀྱིའོ་ཞེས་པའོ། །གཉེན་པོ་རྟོགས་པའི་རྣམ་པ་བརྒྱད་ཅུ་པ་རྡོ་རྗེ་ལྟ་བུ་ཞེས་བྱ་བ་བར་ཆད་མེད་པའི་ལམ་གྱིས་རྐུན་པོ་ཕྱུང་བ་བཞིན་དུ་བག་ཆགས་དང་བཅས་པའི ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ལས། དེ་མ་ཐག་ཏུ་སྒོར་པར་གཅོད་པ་བཞིན་དུ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་གཉེན་པོའི་རྣམ་པ་བརྒྱད་ཅུ་རྩ་གཅིག་པ་སྟེ་ཤེས་བྱའི་སྒྲིབ་པ་སྤངས་པས་དངོས ་པོའི་མཛའ་ལས་འདས་པའི་ཕྱིར་དང་རྟག་པའི་ཆོས་ཀྱི་སྐུ་ཐོབ་པས་ན་དུས་ཀྱི་མཛའ་ལས་འདས་པའི་ཕྱིར་ཤིན་ཏུ་ནི་ཆོས་ཀྱི་དབྱིབས་ཡིན་ལ། (ཤིན་ཏུ)་དེ་ལ་ཡོད་པ་ནི་ཤིན་ཏུ་པའི་རྣམ་པར་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱིའོ། དེ་སྐད་དུ་ཡང་གསུངས་པ། གང་འདི་རྣམས་ནི་ལམ་གྱི་རྣམ་པ་བརྒྱད་ཅུ་རྩ་གཅིག་པོ་དེ་རྣམས་ཏེ། ཉོན་མོངས་པའི་རྣམ་པ་རེ་རེ་སྤང་བར་བྱ་བ་ལ་སོ་སོར་བར་ཆད་མེད་པ་ཉིད་དང་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་རྣམས ་སོ་ཞེས་སོ། །བར་ཆད་མེད་པ་ཉིད་འདིས་བཙལ་བར་བྱ་བས་ན་(མཱ་རྒ)་ལམ་སྟེ། (ཚོལ་བྱེད)་རྟོགས་པའི་རྣམ་པ་གཉིས་པའི་རྒྱུའོ་ཞེས་པ་(ལམ་རྣམ་པ་དང་པོའི)་བར་ཆད་མེད་པའི་ལམ་མོ། །དེ་ཁོ་ན་ཉིད་ཉོན་མོངས་པ་སྐྱེ་བའི་སྐད་ཅིག་གི ་ནུས་པ་མེད་པའི་ཕྱིར། མི་སྐྱེ་བར་གྱུར་པ་ན་(ཱམ་འདིའི།)་རྣམ་པར་གྲོལ་བར་བྱ་བས་རྣམ་པར་གྲོལ་བ་ཡིན་ལ་རྟོགས་པ་སྔ་མས་བཙལ་བར)་བྱས་པས་ན་ལམ་(ཱམ་བརྩལ་བྱ)་ཡང་ངོ་ཞེས་པ་རྣམ་པར་གྲོལ་བའི་ལམ་མོ། །རྣམ་པར་གྲོལ ་པ་ཉིད་ཀྱི་ཕྱིར་གཉེན་པོ་སྟེ། ཉོན་མོངས་པ་(གཏན)་མི་སྐྱེ་བའི་ངོ་བོ་ཉིད་ལས་རབ་ཏུ་སྤངས་པའི་ཕྱིར་རོ། །དེ་ལྟར་ཡང་ཆོས་མངོན་པ་ཀུན་ལས་བཏུས་པར། གཉེན་པོའི་རྣམ་པ་སྐྱེས་པ་དང་ཉོན་མོངས་པ་བསྐྱེད་པའི་ནུས་པའི ་བག་ཆགས་ཞེས་བྱ་བའི་གནས་ངན་ལེན་གྱི་རྣམ་པ་འགོག་པ་དུས་མཉམ་སྟེ་སྣང་བ་དང་མུན་པ་སྐྱེ་བ་དང་འགག་པ་བཞིན་ནོ། (།གནས་ངན་ལེན་གྱི་རྣམ་པ)་དེ་འགགས་པ་ལས་མ་འོངས་པའི་ཉོན་མོངས་པ་(ས་བོན་མེད་པས་གཏན)་མི་སྐྱེ་བའི་ཆོས ་ཉིད་དུ་གནས་པར་བྱེད་པ་དེ་ནི་སྤངས་པའོ་ཞེས་གསུངས་སོ། །དེ་བཞིན་དུ་གཉིས་པ་ལ་སོགས་པའི་རྟོགས་པའི་རྣམ་པ་རྣམས་ཀྱང་སོ་སོར་བར་ཆད་མེད་པ་དང་རྣམ་པ་གྲོལ་བའི་ལམ་གྱི་ངོ་བོའོ། །རྟོགས་པའི་རྣམ་པ་ཐ་མ ་ནི་རྣམ་པར་གྲོལ་བའི་ལམ་ཁོ་ན་ཡིན་གྱི་བར་ཆད་མེད་པའི་ལམ་ནི་མ་ཡིན་ཏེ་འབྲས་བུའི་རྟོགས་པའི་རྣམ་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་མཐོང་བའི་ལམ་ལ། སོ་སོར་དེ་ལྟ་བུའི་(བར་ཆད་མེད?་པ་དང་རྣམ་གྲོལ་གྱི) ་ལམ་གཉིས་(བརྒྱད་ཅུ་རྩ་གཅིག་པ)་ཀྱི་ངོ་བོ་སྟེ་(མཐོང་བའི་ལམ་གྱི)་སྐད་ཅིག་མ་ཐ་མའང་སྒོམ་པའི་ལམ་གྱི་རྟོགས་པའི་རྣམ་པ་དང་པོའི་བར་ཆད་མེད་པའི་ལམ་སྟེ། (མཐོང་པའི་ལམ་སྐད་ཅིག)་དང་པོ་ནི་རྣམ་པ་(ཆོས་མཆོག་གི)་པར་གྲོལ་བའི་ལམ ་ཡང་ངོ། །དེ་སྐད་དུ་ཡང་ཆོས་མངོན་པ་ཀུན་ལས་བཏུས་པར་འཇིག་རྟེན་པའི་ཆོས་མཆོག་ནི་དེ་མ་ཐག་པའི་(བར་ཆད་མེད་པ)་ཏིང་ངེ་འཛིན་(དང་ཤེས་རབ)་སྦྱོར་བའི་ལམ་སྟེ་གང་གིས་ཉོན་མོངས་པ་སྤོང་བའོ།། (འཇིག་རྟེན་པའི་ཆོས་མཆོག།) ་དེའི་དེ་མ་ཐག་ཏུ་མི་དམིགས་པའི་ཏིང་ངེ་འཛིན་(དང་ཤེས་རབ)་ནི་མཐོང་བའི་ལམ་མོ་ཞེས་གསུངས་སོ། །དེ་ལ་འདོད་པའི་ཁམས་སུ་རྣམ་པ་དང་པོ་དགུ་རྣམས་ནི་སྒྲུབ་པའི་སྒོམ་ལམ་གྱི་ངོ་བོ་སེམས་བསྐྱེད་པ་དྲུག་པ་ལ ་སོགས་པའི་རང་བཞིན་དྲི་མ་མེད་པ་ལ་སོགས་པའི་ས་དགུ་རྣམས་སོ། །ཁྱད་པར་གྱི་ལམ་གྱི་རྣམ་པ་རྣམས་ནི་སྒོམ་པའི་ལམ་ཤིན་ཏུ་བ་རྣམ་པར་དག་པ་ལས་དང། རབ་ཏུ་(ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ)་གྱུར ་པའི་རྒྱུ་དང་བཅས་པ་ཉིད་ལས་དང་སྒྲུབ་པ་ལ་བལྟོས་ནས་ཤིན་ཏུ་རྣམ་པར་དག་པ་(ཱི་ཕྱིར)་ལས་བསྒོམ་པའི་ལམ་རྣམ་པར་དག་པ་ཤིན་ཏུ་བར་ལམ་ཤེས་པ་ཉིད་(ཀྱི་སྐབས)་ལ་གསུངས་སོ། །དེ་ལ་དྲི་མ་མེད་པ་དང་འོད་བྱེད་པ ་དང་འོད་འཕྲོ་བ་དང་ཤིན་ཏུ་སྦྱང་དཀའ་བའི་སའི་ངོ་བོ་(སྒོམ་ལམ་གྱི)་རྣམ་པ་དང་པོ་བཞི་བ་ཁོང་དུ་ཆུད་པ་ན་(བྱང་ཆུབ་སེམས་དཔའ་)་རྒྱུན་ཏུ་ཞུགས་པ་ཁོ་ན་སྟེ། མི་དང་ལྷའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་རྣམ་པ་གཉིས ་སོ་དེ་ལ་དང་པོ་(མིའི་རིགས་ནས་རིགས)་ནི་(ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ནས།)་ཐབས་ལ་མཁས་པས་མི་རྣམས་སུ་རྒྱལ་རིགས་དང་བྲལ་ཟེ་དང་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ ་ལྟ་བུའི་རིགས་རྣམས་སུ་སྐྱེ་བའོ། (།རྣམས་ཡོད་པ)་གཉིས་པ་ནི་(ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སོགས་པ་ཐོབ་པ་གང་རྣམས་ཐབས་མཁས་པས་རྒྱལ་ཆེན་བཞིའི་རིས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སུ་སྐྱེ་བོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་དོའི་བར་དུའོ།)་།འདོད་པ ་ན་སྤྱོད་པ་(ཱི་ལྟ་རྣམས)་དྲུག་པོ་རྣམས་སུའོ།། (སྒོམ་ལམ་གྱི)་རྣམ་པ་ལྔ་པས་མངོན་གྱུར་པའི་ངོ་བོ་ལ་ནི་ལན་ཅིག་ཕྱིར་འོད་བའི་འབྲས་བུ་ལ་ཞུགས་པའོ། (།སྒོམ་ལམ་གྱིས་རྣམ་པ)་དྲུག་པས་རིང་དུ་སོང་བའི་རང་བཞིན་ལ་ནི་ལན་ཅིག་ཕྱིར ་འོང་བའོ། (ལན་ཅིག་ཕྱིར་འོང)་དེ་ཁོ་ན་གཞན་བར་ཆད་གཅིག་པའོ། (།སྒོམ་ལམ་གྱི)་རྣམ་པ་བདུན་པ་མི་གཡོ་བའི་སའི་ངོ་བོ་རྟོགས་པ་ན་དང། བརྒྱད་པ་ས་ལེགས་པའི་བློ་གྲོས་ཀྱི་རང་གི་ངོ་བོ་ལ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའོ། ་(སྒོམ་ལམ་གྱི་རྣམ་པ)་དགུ་པ་ཆོས་ཀྱི་སྤྲིན་གྱི་སའི་རང་བཞིན་ལ་ནི་ཕྱིར་མི་འོང་བ་སྟེ་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་ལ་སོགས་པའི་དབྱེ་བ་རྣམ་པ་དགུའོ་ཞེས་པ་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞབས་ཀྱིས། འདོད ་པར་རྣམ་པ་དྲུག་པ་དང། །དགུ་པའང་ཡང་དག་ཟད་པ་ལས། །ལན་(རིམ་པ་བཞིན)་ཅིག་ཕྱིར་འོང་ཕྱིར་མི་འོང། །གང་ཟག་དག་ནི་སྐྱེ་བར་འགྱུར། །སྲིད་རྩེའི་མཛའ་ཟད་དགྲ་བཅོམ་སྟེ། །དེ་རྣམས་(སྒོམ་པ་དང་མཐར་ཕྱིན་པའི)་ལམ་ལ་ཡང་དག་གནས།། ་(འབྲས་གནས་བཞི)་དེ་ཡི་སྦྱོར་བ་ལ་གནས་གཞི། །དེ་(བཞི་རྣམས)་ལ་ཞུགས་པ་རྣམས་སུ་བཤད། (།བརྒྱད་པོ་དེ་རྣམས་ལ)་དགྲ་བཅོམ་མི་སློབ་པ་ཡིན་ལ། །བདུན་(ནི)་གཞན་(ཏེ་སློབ་པའོ་དེའི་རྒྱུ་མཚན་སྒྲིབ་པ)་ཟད་པར་སློབ་ཕྱིར་རོ། ། ་ཞེས་པ་(དབུ་མ་ཕུང་པོ་ལྔ་པར་བཤད་པ་དང་མཐུན་པར)་ཉན་ཐོས་ཀྱི་ཐེག་པ་རྣམ་པར་བཞག་པའི་རྗེས་སུ་འབྲངས་ནས་རྣམ་པར་བཞག་པ་འདོད་བ་དང། མདོ་སྡེ་རྒྱན་དུ་(ཡོན་ཏན་གྱི་སྐབས་སུ)་དེ་བཞིན་གཤེགས་རིགས་སྐྱེ་ཐོབ་དང ་ལུང་བསྟན་པ་(ཐོབ་པ)་དང་དབང་བསྐུར་(བ་ཐོབ་པ)་དང།། (སངས་རྒྱས་ཀྱིས་ལ)་བྱང་ཆུབ་རབ་ཏུ་ཐོབ་པ་ཡང། །ངོ་མཚར་ཆེ་བ་ཡིན་པར་འདོད། །ཅེས་པ་འདིར་བཤད་པ་ནི། །འབྲས་བུ་ངོ་མཚར་ཆེ་བ་གསུངས་ཏེ། །བཞི་རྣམས་ནི་བྱང་(པ་མཐོང་ལམ) ་ཆུབ་སེམས་དཔའ་ཨི་འབྲས་བུ་སྟེ། དང་པོ་དང་བརྒྱད་པ་དང་བཅུ་པ་ལ་(རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་སྟེ།)་སློབ་པའི་འབྲས་བུ་གསུམ་དང། སངས་རྒྱས་ཀྱིས་ལ་མི་སློབ་པའི་འབྲས་བུ་བཞི་པ་(དགྲ་བཅོམ་པ)་མཆོག་ཡིན་ནོ ་ཞེས་པ་(ས་བདུན་པ་དང་ས་བརྒྱད་པ་ལན་ཅིག་ཕྱིར་འོང་དུ་བཞག་པ་དང་འགལ་ལོ་ཞེ་ན་ཕྱི་མ)་དེ་ནི་བརྒྱད་པ་མི་གཡོ་བའི་ས་ལ་ལན་ཅིག་ཕྱིར་འོང་བ་མཐར་ཕྱིན་པའི་དབང་དུ་བྱས་ནས་(ལུང་བསྟན་དང་དབང་བསྐུར་དང་ཞེས)་ལུང་བསྟན་པའི་ཐོབ་པའི་འབྲས་བུ་རྗོད ་པར་བྱེད་པའི་ཡི་གེའོ་ཞེས་པས་འགལ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་(འཕགས་པ་གྲོལ་སྡེ)་དེས་?་(སྣང་བར)་དགེ་འདུན་དཀོན་མཆོག་ལ་གདམས་པའི་རྣམ་པར་བཤད་པར། གང་ཁོ་ན་ལན་ཅིག་ཕྱིར་འོང་བ་ཞེས་བཤད་པ་དེ་ཁོ་ན་བར་ཆད ་གཅིག་པ་སྟེ་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དེ་ནས་ཇི་སྲིད་དུ་སྐྱེ་བ་གཅིག་གིས་ཐོགས་པར་རིག་པར་བྱའོ་ཞེས་པའི་བར་རོ། (།བར་ཆད་གཅིག་པ)་དེ་ནི་(འདོད་ཁམས་ཀྱི)་ཉོན་མོངས་པའི་རྣམ་པ་བདུན ་དང་བརྒྱད་སྤངས་པས་དང། དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པས་དང་བ་བསྐྱེད་པ་གཅིག་ལྷག་མར་ལུས་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་ཁྱད་པར་ཅན་ནོ། །ཞེས་བྱས་ནས་སོ། །གང་འདི་ཉོན་མོངས་པའི་རྣམ་པ་དགུ་སྤངས ་པ་ལས་ཕྱིར་མི་འོང་བའོ་ཞེས་བཤད་ལ་དེའང་རྣམ་པ་ལྔ་སྟེ། དེ་ནས་ཇི་སྲིད་དུ་གང་འདི་ཕྱིར་མི་འོང་བ་ཞེས་བཤད་པ་དེ་གལ་ཏེ་སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བརྒྱད་པ་སྤངས་པར་གྱུར་ན་དེ་ལས་(བྱང་ཆུབ་སེམས་དཔའ་ ་འདི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པའོ་ཞེས་པའི་མཐར་ཐུག་པས་དང། (རྣམ་བཞག་མཛད)་སེམས་(ཉི་ཁྲི་སྣང་བའི)་ཅན་གྱི་དོན་གྱི་ངེས་འབྱུང་གི་རྣམ་པར་བཤད་པར་ཡང། ས་དང་པོ་(རབ་དགའ་)་ལ་སེམས་ཅན་ལ་སོགས་པའི་རྣམ་པར ་རྟོགས་པ་རྣམས་མཐོང་བའི་ལམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་(སྒོམ་པའི)་ལམ་ཆུང་ངུའི་ཆུང་ངུས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤངས་པར་གྱུར་པ་ན་སེམས་ཅན་(དང་བདག)་ལ་སོགས་པ་རྣམས་དམིགས་པ་མེད ་པའི་ཕྱིར་རོ། །ནས་ཇི་སྲིད་དུས་བཅུ་པ་(ཆོས་ཀྱི་སྤྲིན)་ལ་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུའི་གཉེན་པོ་ལམ་ཆེན་པོའི་ཆེན་པོ་ནི་ནམ་མཁའ་ལྟར་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཙམ་དུ་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་མཐར་ཐུག ་པས་ཤིན་ཏུ་ཡང་རྣམ་པར་བཞག་པར་མཛད་དོ། །ཡང་སྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་གྱི་མཚན་ཉིད། འདི་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །སླར་ཡང ་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་འདོད་དོ། །ཞེས་པའི་རྒྱན་གྱི་རྣམ་པར་བཤད་པ་རྣམས་ཀྱིས་གསུངས་ཏེ། (ཉི་ཁྲི་སྣང་བར)་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་གྲངས་ཡོད་པ་དང་གཞལ་དུ་ཡོད་པ་དང། ཚད་ཡོད་པ་རྟོགས ་པས་བསྡུས་པ། ཇི་ལྟ་བར་སྒོམ་པའི་ལམ་གྱི་དབང་དུ་བྱས་པས། ས་དགུ་པར་(ཆོས་ཀྱི་སྲིན)་ལ་(རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ)་དེའི་གཉེན་པོར་ལམ་གྱི་རྣམ་པ་ཆེན་པོའི་ཆེན་པོར་འགྱུར་རོ་ཞེས་སོ། །དེ་ལ་དགུ་པ་ནི་ཆོས་ཀྱི་སྤྲིན་གྱིས་ཏེ། སྒོམ ་པའི་དབང་དུ་བྱས་ནས་དགུ་པ་ཡིན་པའི་ཕྱིར་དང་རབ་ཏུ་དགའ་བ་དང་བཅས་པས་བཅུ་བ་ཉིད་ཀྱིས་ཕྱིར་རོ་ཞེས་པ་ཐམས་ཅད་ལེགས་པར་གནས་སོ། །ཆོས་མངོན་པ་ཀུན་ལས་བཏུས་པར་ཡང། སྒོམ་པའི་ལམ་ལ་འདོད ་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པ་ལས་བཅུ་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལ་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་པས་མོས་པའི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས ་དཔའ་ཐབས་ལ་མི་མཁས་པ་གང་རྣམས་བསམ་གཏན་བཞི་རྣམས་རྫོགས་པར་བྱེད་ཅིང། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལ་སྤྱོད་ལ་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་དེ ་གལ་ཏེ་འདོད་པའི་ཁམས་ལྟ་རྣམས་སུ་འམ་མི་རྣམས་སུ་སྐྱེས་ན། དེ་རྣམས་ཀྱི་དབང་པོ་(དད་པ་ལ་སོགས་པ)་རྣམས་རྟུལ་པོར་འགྱུར་གྱི་རྣོན་པོར་མི་འགྱུར་བ་རྣམས་ཡོད་དོ་ཞེས་སོ། །གསུང་རབ་དེ་ཉིད་ཀྱི་ཕྱིར་ན་འཕགས་པས ་རྟོགས་པར་བྱས་པ་ལས་(ས་བརྒྱད་པ)་མི་གཡོ་བ་ནས་གཟུང་སྟེ་བྱང་ཆུབ་སེམས་དཔའ་(དབང་པོ་རྟུལ་བ་འབྲིང་རྣོན་པོ)་རྣམས་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ན་ཡང་(བྱང་ཆུབ་སེམས་དཔའ་)་འགའ་ཞིག་ཐབས་ལ་མི་མཁས་པ་ཉིད་དང་(སྡ?་འགྲེལ་གྱི) ་དབང་པོ་རྟུལ་པོར་ཡང་ས་ལེགས་པའི་བློ་གྲོས་ཀྱི་བར་དུ་འགྱུར་ལ། (བྱང་སེམས)་ཐམས་ཅད་ནི་(དེ་ལྟར་འགྱུར་བ)་མ་ཡིན་ཏེ་མཐོང་བས་ཐོབ་པའི་(ལན་གཅིག་ཕྱིར་འོང་དང་ཕྱིར་མི་འོང་པ)་ཞུགས་པ་གཉིས་པོ་དང་(མཐོང་ཐོབ་ཀྱི)་ལན་ཅིག་ཕྱིར་འོང་བ ་དང་ཡོངས་སུ་རྫོགས་པའི་ལན་ཅིག་ཕྱིར་འོང་བ་ཡང་ཐབས་ལ་མཁས་པ་ཉིད་དང་དབང་པོ་རྣོན་པོ་ཉིད་དག་ཏུ་མངོན་པར་རྫོགས་པར?་ཕྱིར་རོ། (།དེ་ལྟར་ཡིན་པ)་གང་གི་ཕྱིར་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་མཐོང་བས ་ཐོབ་པའི་དབང་དུ་བྱས་ནས་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ་ནས་ཇི་སྲིད་དུ་ཐབས་ལ་མཁས་པས་(ཞིང་ཁམས)་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དགྱེས་པར་སྤྱོད་པ་(ཱི་ཞིང)་དེ་དང་དེར་སྐྱེས་ཏེ་དེ་རྣམས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་(ཱི་རྣལ་འབྱོར)་དང་མ་བྲལ་བས། བསྐལ་པ་བཟང་པོ་འདི་ཁོ་ན་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱའོ་ཞེས་པའི་བར་རོ། །འདིར་ཇི་སྲིད་དུ་ས་བཅུའི་དབང་ཕྱུག ་བསྐལ་པ་བཟང་པོ་པ་(པ་སངས་རྒྱ་མ)་རྣམས་གྱི་ལོག་པར་དད་སེལ་དང་གསེར་ཐུབ་དང་འོད་སྲུངས་དང། ཤཱཀྱ་ཐུབ་པ་རྣམས་ཀྱིས་དམན་པའི་སྟོང་དུ་གྲངས་ངེས་པ་ནི་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྟེ། (ཞིང་ཁམས)་གཞན་དུ ་ཐབས་ལ་མཁས་པའི་སྟོབས་ཀྱིས་སྒྲུབ་པ་དང་དགག་ཏུ་མེད་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་དབང་དུ་བྱས་ནས་ཀྱང། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས། ཐབས་ལ་མཁས་པས ་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་པ་རྣམས་ཡོད་དོ་ནས། ཇི་སྲིད་དུ་དགའ་ལྡན་གྱི་གནས་སུ་ཚེ་ཇི་སྲིད་པར་གནས་ནས་དེ་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ཡང་དག་པར་བསྟན་ནས ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ་ཞེས་སོ། །དེ་རྣམས་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཕྱིར་རོ། ། ་ཡོངས་སུ་རྫོགས་པའི་ལན་ཅིག་ཕྱིར་འོང་བའི་(བར་ཆད་མེད་པ)་དབང་དུ་བྱས་ནས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་བསམ་གཏན་བཞི་རྣམས་ནས་ཇི་སྲིད་དུ་འཕགས་པའི་བདེན་པ་རྣམས་ཀྱི་བར་དུ་ཐོབ་(ལན་ཅིག་ཕྱིར་འོང་ཡིན་ནོ) ་ཅིང་(བསམ་གཏན་སོགས)་དེ་རྣམས་མངོན་སུམ་དུ་མི་བྱེད་པ་རྣམས་ཡོད་དེ། (བྱང་ཆུབ་སེམས་དཔའ་)་དེ་རྣམས་སྐྱེ་བ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཞེས་སོ། །ས་བཅུ་པ་ནས་གཟུང་སྟེ་བྱང་ཆུབ་སེམས་དཔའ་ཐམས ་ཅད་ཉིད་ཐབས་ལ་མཁས་པ་དང་དབང་པོ་རྣོན་པོ་ཁོ་ན་རྣམས་སུ་འགྱུར་རོ། །དེ་ལ་ཕྱིར་མི་འོང་བའི་དབང་དུ་བྱས་ནས་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་རྣམས་འདོད་པ་དང་གཟུགས ་དང་གཟུགས་མེད་པའི་ཁམས་རྣམས་སུ་མི་སྐྱེ་བ་ཡོད་དེ། འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ནས་ཇི་སྲིད་དུ་(གནས)་གང་དང་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་(ཱི་གནས)་དེ་དང་དེར ་སྐྱེ་འོ་ཞེས་པའི་བར་རོ། (།སྣང་བར)་ཕྱིར་མི་འོང་བ་ནི་ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཁོ་ནར་སྐྱེ་བ་གཉིས་པ་མངོན་པར་འགྲུབ་པར་མི་བྱེད་(པས་ཕྱིར་མི་འོང་ཡིན)་དེ་ཁྱད་པར་དུ་འཕགས་པར་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེའི་རྣམ་པ་ལྔ་རྣམས ་ཀྱི་དང་པོ་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་དེ་ནི་(ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སོགས་པ་ཐོབ་པ་གང་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བ་རྣམས་ཡོད་དོ་ཞེས་སོགས།)་ཚངས་རིས་པ་རྣམས་ནས་བརྩམས་ནས་འོག་མིན་ཇི ་སྲིད་པ་ཞེས་པ་(སྐབས)་འདིར་བར་མདོ་སྟེ། (གཟུགས་ཁམས་ཀྱི)་ལྷའི་རིས་གང་ཡང་རུང་བར་མངོན་པར་རྫོགས་པར་སངས་རྒྱས་ནས་(འཛམ་བུ་གླིང)་འདིར་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟོན་པར་བྱེད་པའོ། །གཉིས ་པ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་པའི་ཕྲལ་དུ་གང་སེམས་དང་པོ་བསྐྱེད་པ་དེ་འདིར་སྐྱེས་པ་སྟེ། སྐྱེས་པ་དེ་ཁོ་ནས་ཕུང་པོ་ལྷག་མ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་ཨོ་ཞེས་པ་སྐྱེས་ནས་ཡོངས་སུ་མྱ་ངན ་ལས་འདའ་བ་སྟེ་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སེམས་དང་པོ་བསྐྱེད་པ་ཙམ་ཁོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚད་པ་རྣམས་ཡོད་དོ་ནས། དེ ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་རྣམས་ཀྱི་དམ་པའི་ཆོས་བསྐལ་པ་འམ་བསྐལ་པའི་ལྷག་མར་གནས་སོ་ཞེས་པ་ཇི་སྲིད་པའོ། (།སྣང་བར)་དེ་ནི་མངོན་པར་བརྩོན་པའི་ལམ་ལས་(འཇུག་པ་ལ)་ཐོབ་པའོ་ཞེས་བྱས་ནས་(ཞེས་སོ) ་སོ། (དགའ་ལྡན་དུ)་འདིར་བསྐལ་པ་ནི་བར་གྱི་བསྐལ་པ་སྟེ་(བར་སྐབས)་དེའི་ཕྱོགས་གཅིག་ནི་བསྐལ་པའི་ལྷག་མའོ། (།ཞེས་སོ)་གང་ཆོས་མངོན་པ་ཀུན་ལས་བཏུས་པར་གསུངས་པ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང ་གཟུགས་ཀྱི་ཁམས་སུ་སྐྱེས་པ་(ཅེས?)་ཁོ་ནས་(ལམ་སྔོན་དུ་བྱས་ནས)་སྡུག་བསྔལ་གྱི་མཛའ་ཐོབ་པར་བྱེད་པའོ་ཞེས་པ་དེ་ནི་ཉན་ཐོས་ཁོ་ནའི་དབང་དུ་བྱས་ནས་སོ། (།གསུངས)་གསུམ་པ་མངོན་པར་འདུ་བྱེད་པ་དང་བཅས་(གཉིས་ཀའི་ཀུན་སྦྱོར་མ་སྤངས་པ) ་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་རྣམས་ཡོད་དེ། འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོད་ཞིང་དེ་རྣམས ་སེམས་ཅན་རྣམས་ཀྱི་བྱ་བ་(དོན)་ལ་རྟག་ཏུ་བརྩོན་ནོ་ནས་ཇི་སྲིད་དུ་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། ཞེས་པའི་བར་རོ། །དེ་ནི ་མངོན་པར་བརྩོན་པར་བྱེད་པས་(འགྱུར་བ་འམ)་ཐོབ་པའི་ལམ་ཅན་ཞེས་བྱས་ནས་(ཞེས་སོ)་སོ། །དེ་རྣམས་ནི་རྟག་ཏུ་སེམས་ཅན་གྱི་དོན་བྱ་བ་(ཱི་མངོན་པར་འདུ་བྱེད་པ)་ལ་གནས་པ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་སྒྲོལ་མ ་དང་འཇམ་པའི་དབྱངས་ལ་སོགས་པ་ལྟ་བུའོ། (།དག་ལྡན་དུ)་འདིར་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་པ་ཉིད་ནི་མངོན་པར་འདུ་བྱེད་པའོ། (།ཞེས་སོ)་བཞི་པ་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས ་འདའ་བ་ནི། གང་གསུངས་བ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་རྣམས་སེམས་དང་པོ་(འདུན་ལྡན)་བསྐྱེད་པ་ཁོ་ནས་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་འཇུག་པ་(སེམས་བསྐྱེད་ཙམ་གྱིས་ཕྱིར་མི་ལྡོག་པ་རྒྱལ་པོ་ནམ་མཁའ་དང་བྲམ་ཟེ་རྒྱ་མཚོའི ་སྡུག་བསྔལ་དང་དགེ་སློང་མི་འཁྲུགས་བ་ལྟ་བུའོ་ཞེས་སློབ་དཔོན་ཆོས་ཀྱི་བཤེས་བ་ཉེན?་ནོ།།)་རྣམས་ཡོད་དེ་ནས། ཇི་སྲིད་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར ་རོ། དེའང་(སྣང་བར)་མངོན་པར་བརྩོན་པ་མེད་པར་ཐོབ་པའི་ལམ་ཅན་ནོ་ཞེས་བྱས་ནས་(ཞེས་སོ)་སོ། (།འདི)་འདིར་ནི་རིགས་ཀྱི་ཁྱད་པ་ལས་ཤིན་ཏུ་མྱུར་བར་རྩོལ་བ་(འབད་པ)་ཆུང་ངུས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་འདུ་བྱེད ་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། (།སྣང་བར)་ལྔ་པ་གོང་དུ་འཕོ་བ་ནི་གང་གོང་དུ་འགྲོའི་གང་དུ་སྐྱེས་བ་(ཱི་ཡུལ)་དེ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་པའོ། །དེའང་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་འོག་མིན་གྱི་མཐར ་ཐུག་པ་སྟེ། (ཞེས་སོ)་གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལ་སྤྱོད་ཅིང་འཁོར་ལོས་སྒྱུར་བར་(ཱི་རྒྱལ་པོ)་གྱུར་ནས་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་པ་རྣམས ་ཡོད་དོ་ནས་ཇི་སྲིད་དུ་དགེ་བ་བཅུ་རྣམས་ལ་སེམས་ཅན་རྣམས་སོ་སོར་བཀོད་ནས་ཚངས་རིས་པ་རྣམས་ནས་འོག་མིན་ཇི་སྲིད་པའི་ལྷ་རྣམས་སུ་སྐྱེ་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་རོ། །དེ་འདིའི་འོག་མིན་གྱི་མཐར་ཐུག་པ་(ཱི་གོང་དུ་འཕོ་བ)་རྣམ་པ་གསུམ་སྟེ། འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་འཆི་འཕོ་བའོ། །དེ་ལ་འཕར་བ་ནི་(ཤཱ་རིའི་བུ་བྱང་ཆུབ་སེམས ་དཔའ་གང་རྣམས་བསམ་གཏན་བཞི་རྫོགས་པར་བྱས་ཏེ་བསམ་གཏན་རྣམས་ཡོངས་སུ་ཉམས་ནས་ཞེས་པས།)་གང་བསམ་གཏན་(གོང་མ)་གསུམ་ལས་ཡོངས་སུ་ཉམས་པས་(བསམ་གཏན་དང་པོ་སྒྲུབ་སྟེ་ཅེས་པས་ཚངས་རིས་པ་རྣམས་སུ་སྐྱེ་ཞིང་དེ་དག་ཀྱང་བསམ་གཏན་སྒྲུབས་ནས་ཞེས་པས།)་བསམ ་གཏན་དང་པོ་བསྒྲུབས་ནས་ཚངས་རིས་རྣམས་སུ་སྐྱེ་སྟེ་སྔོན་གྱི་གོམས་པའི་དབང་ལས་བསམ་གཏན་བཞི་པ་བསྐྱེད་ནས་དེ་ནས་ཤི་འཕོས་ཏེ་(ཱོག་མིན་གྱི་ལྷ་རྣམས་སུ་སྟེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ།།) ་འོག་མིན་གྱི་ལྷ་རྣམས་སུ་སྐྱེ་བའོ། །དེ་ནི་བསམ་གཏན་ལ་(སླུ་ཏ་ཞེས་པ་རྒྱལ་བྱེད་པ་འམ་འཕར་བ་འམ་མཆོད་པ་ལ་འཇུག་པས།)་ངེས་པར་རྐྱལ་བའི་ཕྱིར་འཕར་བ་ཞེས་བརྗོད་དོ། (།སྣང་བར)་ཕྱེད་དུ་འཕར་བ་ནི་གང་ཚངས་(ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་རྣམས ་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ཏེ་གནས་གཙང་མར་སྐྱེས་ནས་དེ་རྣམས་གནས་གཙང་མ་གཅིག་གམ་གཉིས་ལས་རྒལ་ཏེ་འོག་མིན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འཚང་རྒྱ་བའོ་ཞེས་པས།)་རིས་པ་རྣམས་ནས་ཤི་འཕོས་ཏེ་གནས་གཙང་མ་རྣམས་སུ་སྐྱེས་ནས་བར་གྱི་གནས ་གཞན་ཅིག་ཀྱང་བརྒལ་ཏེ་འོག་མིན་དུ་འཇུག་པའོ། (།ཞེས་སོ)་གནས་ཐམས་ཅད་དུ་འཆི་འཕོ་བ་ནི་གང་གནས་གཞན་ཐམས་ཅད་དུ་ཡང་དག་པར་རྒྱུས་ནས་འོག་མིན་དུ་འཇུག་པའོ། །གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས ་དཔའ་གང་དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་པ་རྣམས་ནས་འོག་མིན་གྱི་བར་རྣམས་སུ་སྐྱེ་སྟེ་ཐབས་ལ་མཁས་པས་དམྱལ་བ་པ་དང་དུད་འགྲོའི་སྐྱེ་གནས་པ་དང་(རྗེ་བོ)་གཤིན་རྗེའི་(མངའ་རིས་ཡིན་པས)་འཇིག་རྟེན ་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད། སེམས ་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་ཡོངས་སུ་སྒྲུབ་པར་བྱེད་པ་རྣམས་ཡོད་དོ་ཞེས་པ་ལ་སོགས་པའོ། །གོང་དུ་འཕོ་བ་གཉིས་པ་(སྣང་བར)་སྲིད་པའི་རྩེ་མོའི་མཐར་ཐུག་པ་ནི། ་གང་སྙོམས་པར་འཇུག་པ་(གཞན)་གཞན་(གནས་གཙང་མའི་རྒྱུ)་རྣམས་བསྒྲུབས་ཤིང་གནས་གཞན་ཐམས་ཅད་དུ་སྐྱེས་ནས་གནས་གཙང་མར་མ་ཞུགས་པ་ཁོ་ནར་གཟུགས་མེད་པར་རིམ་གྱིས་སྐྱེས་ཤིང་སྲིད་པའི་རྩེ་མོར ་སོན་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་མངོན་པར་རྫོགས་པར་འཚང་རྒྱའོ། (།ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་རྣམས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སྒྲུབ་པར་བྱེད་པ་རྣམས་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང། དེ་ནས་ནམ་མཁའ་མཛའ་ ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ལ་དེ་ནས་སངས་རྒྱས་ཀྱི་ཞིང་རྣམས་སུ་ཞེས་སོ།)་།གང་ཡང་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བ་(ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་རྣམས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པར ་གྱུར་པ་དེ་རྣམས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ཞིང་དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཞེས་སོགས་སོ།)་།དེ་ནི་(འདོད་ཁམས།)་འདི་ནས་ཤི་འཕོས་ཏེ། གཟུགས་མེད་པ་རྣམས་སུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ནི། གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དེ་གང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས ་བརྒྱན་པའི་ལུས་ཅན་རྣམས་ཏེ་ནས། ཇི་སྲིད་དུ་ཚེ་དཔག་ཏུ་མེད་པ་དང་ལྡན་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་ཕྲག་དུ་མ་རྣམས་ཡོངས་སུ་འཛིན་ཏེ། དེ་ལ་གནས་པས་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྣམས ་བསྙེན་བཀུར་ནས་ཕྱིས་(འཛམ་བུ་གླིང)་འདི་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་དུ་སྟེ། སྐྱེ་བ་ཐམས་ཅད་དུ་རྒྱུན་མི་འཆད་པར་མཐོང་པ་སྟེ་སྦྱིན་པ་དང་ཚུལ་ཁྲིམས་ལ ་སོགས་པའི་ཆོས་ལ་(མཐོང་བ་ན)་མངོན་པར་ཡང་དག་པར་བྱང་ཆུབ་པར་བྱེད་པའི་ཕྱིར་རོ། (།སྣང་བར)་གང་འགོག་པའི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར་མི་འོང་པ་དེ་ནི་ལུས་ཀྱི་མངོན་སུམ་དུ་བྱེད་པ་ཞེས་བརྗོད་དེ། མྱ་ངན་ལས ་འདས་པ་དང་འདྲ་བའི་ཆོས་(འགོག་པའི་སྙོམས་པར་འཇུག་པ)་ལུས་ཀྱི་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །ཇི་ལྟར་ལུས་ཀྱི་མངོན་སུམ་དུ་བྱེད་ཅེ་ན་སེམས་མེད་པ་ལས་ལུས་ལ་བརྟེན་པས་དེ་སྐྱེ་བའི་ཕྱིར་རོ་ཞེས་ཕྱིར་མི་ལྡོག་པ་འཁོར་ལོའི ་མདོར་གསུངས་ལ། ལུས་ནི་བརྟན་ཏེ་(ལུས་ཏེ)་གནས་གྱུར་པས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ནི་ལུས་ཀྱིས་མངོན་སུམ་དུ་བྱེད་པའོ། (།འམ་ལུས་མངོན་སུམ་དུ་བྱེད་པ)་དཔེར་ན་འཕགས་པ་བྱམས་པ་ལྟ་བུ་སྟེ། སྙོམས་པར ་འཇུག་པ་ཐོབ་པའི་ཕྱིར་ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་དག་པ་མཐར་ཐུག་པས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་མངོན་སུམ་དུ་བྱ་བས་སོ། །སེང་གེ་བཟང་པོས་(རྗེ་བཙུན་བྱམས་པ་མགོན་པོ་དེ་ནི)་ཀྱང ་(བརྒྱད་སྟོང་འགྲེལ་པའི་ལེའུ་བཅོ་བརྒྱད་པར)་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཕྱིར་མི་འོང་བ་འགོག་པ་ཐོབ་པ་ལུས་ཀྱི་མངོན་སུམ་དུ་བྱེད་པ་ཡིན་པ་དེ་བཞིན་དུ། སངས་རྒྱས་ཉིད་ལ་ཞུགས་པ་ཉིད་ཀྱིས་འཕགས་པ་ ་བྱམས་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པར་གསལ་བར་བཤད་དོ། །གང་བཅོམ་ལྡན་འདས་མར་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་(ཆེན་པོ)་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྤྱོད་པ་།བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་རྩེན་པ་རྣམས་ཡོད་དེ། (བྱང་ཆུབ་སེམས་དཔའ་)་དེ་རྣམས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་།དེ་ལས ་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལའོ། །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་ནས་ཇི་སྲིད་དུ་ཐབས་ལ་མཁས་པས་ཐོད་རྒལ་གྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སངས་རྒྱས་ཀྱི ་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་གང་སློབ་དཔོན་ཟླ་བ་གྲགས་པས་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོའི་རྗེས་སུ ་འབྲངས་ནས། སངས་རྒྱས་ཀྱི་ས་ལ་སྐྱེས་པ་མེད་པ་འགག་པ་མེད་པ་ཤེས་པ་དང་ཤེས་བྱ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ཆོས་ཀྱི་སྐུ་ནི་རྣམ་པ་ཐམས་ཅད་དུ་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་ལས ་དེའི་ཡུལ་ཅན་རྣམས་འཇུག་པ་མེད་པའི་ཕྱིར་ལུས་(སྐུ)་ཁོ་ནས་མངོན་སུམ་དུ་བྱེད་པར་ཀུན་རྫོབ་(ཏུ)་རྣམ་པར་བཞག་ལ། (ལོངས་སྤྱོད་རྫོགས་སྐུའི)་ལུས་གང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་(དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན)་འདི་(སྐུ)་ ་མངོན་སུམ་དུ་བྱེད་པ་དེའང་ཞི་བའི་རང་བཞིན་དུ་འདོད་དེ་སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ་ཞེས་དབུ་མ་ལ་འཇུག་པར་གསུངས་པ་དེ་ནི། བག་ཆགས་དང་བཅས་པའི་སྒྲིབ་པ་(ཆོས་ཐམས་ཅད་ལ་གཟིགས་པའི་རྒྱུ་?་ཀྱིས) ་གཉིས་ཀྱི་རྟེན། (གནས་གྱུར་ཅེས་སྦྲེལ)་རྡོ་རྗེ་ལྟ་བུ་ཞེས་བྱ་བ་བར་ཆད་མེད་པའི་ལམ་སེམས་བསྐྱེད་པའི་སྐད་ཅིག་གི་ཡོངས་མཐར་གནས་གྱུར་བ་ཙམ་འགོག་པ་སྟེ་མུན་པ་མེད་པ་ཉིད་ཀྱིས་འོད་གསལ་བའི་ཆོས་ཀྱི་སྐུའི་དབང་དུ་བྱས ་ནས་སོ། །དེའི་ཆེ་ནི་ལུས་ཀྱང་སེམས་དང་སེམས་ལས་བྱུང་བ་བཞིན་དུ་གནས་གྱུར་པ་འགགས་པའོ་ཞེས་པ་ཞི་བའོ། (།རྡོ་རྗེ་ལྟ་བུ)་དེའི་མཐར་ནི་འགག་པའི་སྙོམས་པར་འཇུག་པ་ལས་(སངས་པ)་བཞིན་དུ་འགོག་པ་ལས་ལངས་པ ་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པའི་རང་གི་ངོ་བོ་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་དུ་འཇུག་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དུ་འདི་མངོན་པར་དགོངས་པ་ཁོ་ནའོ། །བག་(རྡོ་རྗེ་ལྟ་བུའི་མཐར་རྟེན་གནས་ས་གྱུར་པ) ་ཆགས་མཛའ་དག་དང་བྲལ་བའི་འཁོར་བའི་བར་དུ་འཇུག་པའི་ཡེ་ཤེས་ནི་མཐར་པ་སྟེ། (ཡེ་ཤེས་དེ)་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐམས་ཅད་ཀྱིས་བསགས་པ་ཉིད་ཀྱི་ཕྱིར་སེམས་སོ་ཞེས་པ་ལ་སོགས་པ་ངེས་པའི་དོན་ ་དུ་མཛའ་དྲུག་གི་འགྲེལ་བཤད་དུ་མངོན་པར་བརྗོད་པའི་འོ། (།གང་དབུ་མ་འཇུག་འགྲེལ་པར)་གང་སྔོན་པོའི་རྣམ་པ་(དང་འབྲེལ་པར)་འཛིན་པར་སྐྱེ་བཞིན་པའི་ཤེས་པ་ནི་(མདོ་སྡེ་ལས)་སྔོན་པོ་ཤེས་སོ་ཞེས་ཐ་སྙད་བྱེད་པ་བཞིན་དུ་དེ་ཁོ་ན ་ཉིད་ཀྱི་(དངོས་པོ་ཀུན་སྐྱེ་བ་མེད་པས)་རྣམ་པར་(བཤད་པ)་ཤེས་པ་སྐྱེ་བཞིན་པ་ནི་དེ་ཁོ་ན་ཉིད་ཤེས་སོ། །ཉེ་བར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་བཞག་སྟེ། ཆོས་ཉིད་སངས་(ཀྱི་དོན་དམ་པར་ཕྱི་རོལ་གྱི་དོན་མི་སྣང་བས་ཤེས་པ་མ་ཡིན) ་རྒྱས་བལྟ་བར་བྱ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་རྣམ་པར་ཤེས་བྱ་མིན། (།ཆོས་ཉིད)་བདེ་ནི་རྣམ་པར་ཤེས་མི་ནུས། །ཞེས་(རྡོ་རྗེ་གཅོད་པར)་གསུངས་པའི་ཕྱིར། དངོས་སུ་ན་ཅུང་ཞིག་ཀྱང་གང་གིས་ཀྱང་ཤེས་པར་བྱ ་བ་མ་ཡིན་ཏེ་ཤེས་པ་དང་ཤེས་བྱ་དག་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ། །འགོག་པ་དེ་ནི་(འཕགས་པ་ཀླུ་སྒྲུབ་ཀྱིས། དངོས་པོར་རྟོག་པ་རྣམ་བཅས་པར། །དངོས་མེད་རྟོག་པ་རྣམ་མེད་དག་།རྣལ་འབྱོར་པས་ནི་གཅིག་རྒྱས་སྤྱོད། །དེ་ནི་ཟུང་འཇུག་ཤེས་སོ། །ཀུན ་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འབྲས་གྱུར་པ། །ཟུངས་དང་འཇུག་པར་དེ་བཤད་དོ། །ཞེས་གསུངས་པའི།)་ཟུང་དུ་འཇུག་པ་ཉིད་ཀྱང་ངོ། ཞེས་མངོན་པར་དགོངས་ནས་དེ་བཞིན་གཤེགས་པའི་ཐུགས་དང་ཆོས་ཀྱི་སྐུ་(སྟོང་ཉིད་དྲི་བྲལ) ་ཐ་མི་དད་པ་ཁོ་ན་སྟེ་ཇི་སྐད་དུ་གསུངས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་གང། །སྟོང་པའོ་(སྟོང་ཉིད་ཆོས་སྐུ)་དེ་ཉིད་ཁྱོད་(ཀྱི)་དགོངས་པ་(སྟེ་ཐུགས་སོ)་ཞེས་སོ། །འདི་ནི་གང་འཕགས་པ་ཞི་བ་ལྷས་གསུངས་པ། དམིགས ་པར་མེད་པ་རབ་ཏུ་ཞི་ཞེས་པ་དང། རང་རིག་པ་དེ་ཡོད་མིན་ཞེས་པ་དེའང་དོན་དམ་པར་འགོག་པ་ལ་དང་ཟུང་འཇུག་ལ་(བློ་མི་དམིགས་པར་ཞི་ཞིང་རང་རིག་ཡོད་མིན།)་སྟེ། གང་གི་ཕྱིར་ཀུན་རྫོབ་པའི་རང་རིག་པ་སེམས་བསྐྱེད་པའི ་རང་བཞིན་ནི་མདོ་དང་རྒྱུད་ལ་སོགས་པ་རྣམས་སུ་དེ་བཞིན་གཤེགས་པ་རྣམས་ཀྱིས་མང་དུ་གསལ་བར་མཛད་པ་སྤ་བར་(ལམ་སྟོན་པ)་དཀའ་བས་སོ་ཞེས་པ་(ཀུན་རྫོབ་ཏུ་ཆོས་ཀུན་ཡོད་པ་དང་དོན་དམ་དུ་མེད་པ་ཟུང་འཇུག)་ཐམས་ཅད ་ལ་འགལ་བ་མེད་དོ། (།འཕགས་པ་ལང་ཀར་གཤེགས་པར་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དངོས་རྣམས་ངོ་བོ་ཉིད་མེད་ཀྱང། དམ་པའི་དོན་དུ་བསྟན་པ་ཡིན། །ཞེས་བཀའ་སྩལ།)་དེ་ལ་ས་བཅུ་པའི་གནས་སྐབས་ཀྱི་ཁྱད་པར་བཅོ་ལྔ་པ་ལ་སོགས ་པ་སེམས་བསྐྱེད་པ་དྲུག་རྣམས་ཁྱད་པར་གྱི་ལམ་མོ། །འདིར་འཕགས་པས་(རྣམ་མཁྱེན་གྱི་རྣམ་པའི་སྐབས་སུ)་གསུངས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་(ཕུལ་དུ་བྱུང་ཟིན་པའི་དཀྱིས་སླར)་ཕུལ་དུ་དབྱུང་དུ་མེད་པ ་ཉིད་ཀྱི་ཕྱིར་གཅིག་པུ་ཁོ་ནས་ཏེ། (ཱོན་ཀྱང)་སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་རྣམ་པའི་(ཐོབ་པར་བྱེད་པ)་དབྱེ་བས་ནི་(རྣམ་མཁྱེན)་འདིའི་(ས་བཅུ་པའི) ་ཁྱད་པར་ནི་ལམ་གྱི་མཚན་ཉིད་ཅན་ཐུན་མོང་མ་ཡིན་པའི་རྣམ་པའི་དབྱེ་བ་འབའ་ཞིག་གོ་།ཞེས་སོ། (།སློབ་དཔོན)་གང་བཅོ་ལྔ་པ་ལ་སོགས་པ་སེམས་བསྐྱེད་པ་བརྒྱད་རྣམས་སངས་རྒྱས་ཀྱི་ས་ཁོ་ན་ལའོ་ཞེས་པ་དང། གང ་ཡང་ངེས་པ་མེད་པ་རྣམས་སོ་ཞེས་འདོད་པ་དེ་ནི་ཤིན་ཏུ་མི་འཐད་པས་བཏང་སྙོམས་སུ་བྱའོ། །དེ་ལ་(ཁྱད་པར་གྱི་སེམས་སྐྱེད)་དང་པོ་ལྔ་རྣམས་ལ་སོ་སོར་སྦྱོར་བ་དང་དངོས་གཞི་དང་འཇུག་ཉིད་ཀྱིས་དང་(གསུམ)་།དངོས་གཞི ་ལའང་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེན་པོའི་ཆེན་པོའི་དབྱེ་བས་(རྣམ་པ་བཞི་བཞི)་དང། སླར་ཡང་ཆུང་ངུ་ལ་སོགས་པ་རྣམས་ལ་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་གསུམ་གྱི་དབྱེ་བས་(སེམས་བསྐྱེད་རེ་རེ་ལ)་རྣམ ་པ་བཅུ་བཞི་རྣམས་ནི་གཟུགས་དང་གཟུགས་མེད་པའི་ཁམས་དག་གི་གནས་(ཏེ་ས)་བདུན་རྣམས་སུ་སོ་སོར་དགུ་དང་བརྒྱད་པར་ནི་བདུན་ནོ་ཞེས་པ་རྣམ་པ་བདུན་ཅུར་འགྱུར་རོ། །དེ་ལ་སེམས་བསྐྱེད་པ་དང་པོ ་གཉིས་(ཀྱི་རྣམ་པ་ཉེར་བརྒྱད)་དང་གསུམ་པའི་རྣམ་པ་གཉིས་(གྱི་སུམ་ཅུ)་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ་ཅིག་ཅར་སྐྱེ་བ་(ཱམ་སྙམ་པ)་དགག་པའི་ཆེད་དུ་བསྟན་པར་(ཏེ་བཏགས་པ)་བྱ་བས་ཐར་བའི་ཆ་དང་མཐུན་པའི ་བདག་ཉིད་གསུམ་དང། རྟགས་དང་རྣམ་པར་འཕེལ་བ་དང། (བྱད་པར་གྱི་ཆོས)་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་བླ་ན་མེད་པ་(ཁྱད་པར་གྱི་གཞི) ་བསྟན་པ་དང། ཏིང་ངེ་འཛིན་གྱི་རང་བཞིན་ངེས་པར་འབྱེད་བའི་ཆ་དང་མཐུན་པ་རྣམ་པ་བཞི་རྣམས་ཀྱི་སོ་སོར་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་བཅུ་གཉིས་དང། སྦྱོར་བའི་གནས་སྐབས ་དང་བཅས་པ་ལམ་ལ་རྗེས་སུ་ཤེས་པའི་བཟོད་པས་བསྡུས་པ་མཐོང་བའི་ལམ་སྐད་ཅིག་གཅིག་དང། སྦྱོར་བའི་གནས་སྐབས་དང་བཅས་པའི་སྒོམ་པའི་ལམ་རྣམ་པ་དགུ་ཞེས་པ་རྣམ་པ་སུམ་ཅུའོ། (།ཀྱི་རྣམ་པ་གཉིས ་མཐོང་བ་དང་སྒོམ་པའི)་འདིར་ནི་ལམ་གཉིས་ཀྱི་སྦྱོར་བའི་གནས་སྐབས་རྣམ་པ་གཉིས་ཀྱི་བདག་ཉིད་ནི། (རེ་རེ)་སྐད་ཅིག་གཅིག་(ཡིན)་ཀྱང་རྣམ་པ་གཉིས་ཀྱི་ངོ་བོའོ། (།བར་ཆད་མེད་པའི་ལམ་གྱི་རྣམ་པ་གཅིག་དང་བཅས་པ།) ་སྒོམ་པའི་ལམ་གྱི་རྣམ་པ་དགུ་རྣམས་ནི་གཟུང་བའི་རྣམ་པར་རྟོག་པའི་(བཞི)་གཉེན་པོ་དང་འཛིན་པའི་རྣམ་པར་རྟོག་པའི་(བཞི)་གཉེན་པོར་རོ་ཞེས་གསུངས་པས་ན་གཉེན་པོ་རྣམ་པ་བརྒྱད་རྣམས་སོ། །བསྟན་བཅོས ་ཀྱང། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་བརྒྱད། །ཉེ་བར་ཞི་བ་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་སོ། གལ་ཏེ་ཡང། (རྩེ་མོའི་མངོན་རྟོགས)་འདིའི་ཐར་(མངོན་པར་རྟོགས་པའི་རྒྱན་ལས) ་པའི་ཆ་དང་མཐུན་པ་དངོས་སུ་གསུངས་པ་མེད་མོད། དེ་ལྟ་ནའང་མངོན་པར་རྟོགས་པ་སྔ་མ་རྣམས་དང་ཕྱི་མར་ཡང་བསྟན་པའི་རྗེས་སུ་འབྲངས་པ་ལས་ཤུགས་ཀྱིས་རྟོགས་པར་བྱ་སྟེ། (ཐར་པ་ཆ་མཐུན)་དེ་མེད་པར་ངེས་པར ་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་མེད་པའི་ཕྱིར་རོ། །འདིར་སྒོམ་པའི་ལམ་གྱི་དགྲ་ཟླའི་རྣམ་པ་རྣམ་པར་རྟོག་པ་རྣམ་པ་གཉིས་སྤོང་ངོ། །རྣམ་(རྩེ་མོའི།)་པ་ཐ་མ་(སུམ་ཅུ་པ)་དང་དེའི་ཕྱིར་(བར?་གྱིས་དང་སྐད་ཅིག་མ)་མའི་(ངོ་བོ) ་རྣམ་པ་རྡོ་རྗེ་ལྟ་བུའི་བར་ཆད་མེད་བའི་ལམ་གྱི་བར་ནི་སངས་རྒྱས་ཉིད་རྟོགས་པའི་བར་ཆད་མེད་པའི་ཏིང་ངེ་འཛིན་དུ་རྣམ་པར་བཞག་གོ། (གཞུང)་འགའ་ཞིག་ཏུ་མངོན་པར་རྟོགས་པ་འདི་ཡང་(ཱམ་ལྔ་པ)་མཐར་ཕྱིན་པའི་ལམ་དུ་བརྗོད་པར ་བྱའོ། (གཞུང)་འགའ་ཞིག་ཏུ་ནི་མཐར་ཕྱིན་པའི་ལམ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དེ་མ་ཐག་ཏུ་ཟད་པ་དང་མི་སྐྱེ་བ་ཤེས་པའོ་ཞེས་སོ། །སེང་གེ་བཟང་པོའི་(མཐོང་ལམ་རྩེ་མོ)་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས ་པའོ་ཞེས་སྨྲ་བ་འཁྲུལ་པ་ཆེ་སྟེ། སྦྱིན་པ་ལ་སོགས་རེ་རེར་ནི། (།སྦྱིན་སོགས)་དེ་རྣམས་ཕན་ཚུན་བསྡུས་པ་གང། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་འདི་(རྩེ་མོའི་མངོན་རྟོགས)་འདིར་མཐོང་བའི་ལམ་ཞེས་པ་མངོན ་པར་རྟོགས་པའི་རྒྱན་ནི། རེ་རེས་དྲུག་པོ་རྣམས་ཀྱང་བསྡུས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པ་དྲུག་པ་རྣམས་ཁོ་ན་མཐོང་བའི་ལམ་མོ་ཞེས་པའི་དོན་རྟོགས་པར་བྱེད་པ་དང། དེ་བཞིན་དུ་(མདོ)་བར་མར་ཡང་སྟེ་ཕ་རོལ་ཏུ་ཕྱིན་པ ་དྲུག་རྣམས་ལམ་གྱི་བདེན་པས་བསྡུས་ཀྱི་སྡུག་བསྔལ་གྱི་བདེན་པས་མ་ཡིན་ནོ།། (པས་ལམ་ལ་ཤེས་པས་བསྡུས་ཀྱི་སྡུག་བསྔལ་ཤེས་པས་མིན)་ཇི་སྐད་དུ་མདོར་བསྡུས་པར་(བརྒྱད་སྟོང་པ)་གསུངས་པ། (ཕར་ཕྱིན་དྲུག་པ་དྲུག་མཐོང་ལམ་དུ་རྟོགས་པར་བྱེད་པ) ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ་ཞེས་སོ། (།རྩེ་མོའི་མངོན་རྟོགས)་འདིར་ཆོས་ཤེས་པའི་བཟོད་པའི་སྐབས་ཀྱང་མ་ཡིན་ཏེ། འདོད་པའི་ཁམས་ཀྱི་(སྒོམ་སྤང་གི)་ཉོན་མོངས་པའི་རྣམ་པ་རྣམས་སྔར་(རྩེ་མོའི་མངོན་རྟོགས་ཀྱི་རྣམ ་པ་དང་པོ་དགུས)་སྤངས་པ་ཉིད་ཀྱི་ཕྱིར་ཁམས་གོང་མའི་ཉོན་མོངས་པའི་གཉེན་མོའི་ངོ་བོ་རྗེས་སུ་རྟོགས་པ་ཤེས་པའི་བཟོད་པའི་ངོ་བོ་ཉིད་དུ་འཐད་དོ། །ཞེས་པ་སྟེ། བདག་ཅག་ལ་ཕ་རོལ་གྱི་སྐྱོན་རབ་ཏུ་གསལ་བར་བྱས་པས་ཅི ་ཞིག་།རྣམ་པར་མི་རྟོག་པའི་གནས་སྐབས་(རྩེ་མོའི་མཐོང་ལམ)་འདི་ཁོ་ནར་སྙིང་རྗེ་ཆེན་པོ་(དང་ཏིང་ངེ་འཛིན)་ལ་སོགས་པ་མངོན་དུ་བྱེད་པར་གྱུར་པ་ལས། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས། བྱང་ཆུབ ་སེམས་དཔའ་སེམས་ཅན་གྱི་དོན་དུ་མཐོང་བའི་ལམ་ལ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་འདི་ལྟར་སྙོམས་པར་འཇུག་གོ་།འདི་ལྟ་སྟེ། (ཐོག་མར)་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་(།དེ་ནས)་ཡང ་གཉིས་པ་དང་གསུམ་པ་དང་བཞི་པ་དང། གཟུགས་མེད་པ་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་ཡང་སྟེ། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས ་གཟུགས་མེད་པ་བཞི་པ་དང་གསུམ་པ་དང་གཉིས་པ་དང་དང་པོ་དང་བསམ་གཏན་བཞི་པ་དང་གསུམ་པ་དང་གཉིས་པ་དང་དང་པོ་ལའང་སྙོམས་པར་འཇུག་གོ་ཞེས་པའོ། །དེའི་རྗེས་སུ་མ་རིག་པའི་རྐྱེན་ཅན་འདུ ་བྱེད་ནས་ཇི་སྲིད་དུ་སྐྱོ་བའི་རྐྱེན་ཅན་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པའི་བར་རྣམས་འབྱུང་ངོ་ཞེས་(པ་ནི་ཉོན་མོངས་པ་ཅན་གྱི་རྟེན་འབྲེལ་འབྱུང་བསྟོན་པས་ཀུན་ནས་ཉོན་མོངས་ཀྱི་ཡིན ་ཞིང་དང་པོ་ནས་རིམ་པ་ལྟར་སྒོམ་པས།)་ལུགས་འབྱུང་དང། (འདི་རྣམས་བྱང་ལུགས་མཐུན་ཡིན་གྱི་ལུགས་པ་ཟློག་མ་ཡིན་པས་སློབ་དཔོན་ཐུབས་རྣམ་པར་མ་བཞག་པའི་འཁྲུལ་པར)་མ་རིག་པ་འགགས་པ་ལས་འདུ་བྱེད་འགག་སྟེ། ཇི་སྲིད་དུ་སྐྱེ་བ་འགགས་པ ་ལས་རྒ་ཤི་ལ་སོགས་པ་རྣམས་འགག་གོ་ཞེས་(པ་སྟེ་ཉོན་མོངས་ཅན་གྱི་རྟེན་འབྲེལ་འགག་པར་སྟོན་པས། རྣམ་བྱང་གི་ཡིན་ཞིང། དང་པོ་ནས་རིམ་བཞིན་སྒོམ་པས་ལུགས་འབྱུང་ཡིན་ནོ། །དེ་ནས་སློབ་དཔོན་བདག་ཉིད་ཆེན་པོ་སེང་གེ་བཟང་པོས་གསུངས་པ་ལྟར་སྐྱེ་བ་འགག་པས་རྒ་ཤི་འགག་གོ་ཞེས་སོགས་རྣམ་པར་བྱང་བ།།) ་ལུགས་ལས་བཟློག་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བལྟའོ།། (ཞིང་ཀུན་ནས་ཉོན་མོངས་པ་ལུགས་བཟློག་གི་ནི་རྒ་ཤི་སྐྱེ་བ་ལས་བྱུང་སྐྱེ་བ་སྲིད་པ་ལས་བྱུང་ཞེས་སོགས།)་དེའི་རྗེས་སུ་སྒོམ་པའི་ལམ་གྱི་རང་བཞིན་ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ ་སྙོམས་པར་འཇུག་གོ། (ཉི་ཁྲི་སྣང་བར་འདྲ་ལ་འདྲ་མིན་དུ་གསུངས)་འདི་ལྟ་སྟེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་(།བསམ་གཏན)་གཉིས་པ་དང་གསུམ་པ་དང་བཞི་པ་དང། གཟུགས་མེད་པ་དང་པོ་དང་གཉིས་པ་དང་གསུམ་པ་དང ་བཞི་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་ཡང་སྟེ། འདི་ནི་སོང་བ་གཅིག་གོ་།དེ་ལས་ལངས་ནས་བསམ་གཏན་དང་པོ་ལའོ། །དེ་ལས་འགོག་པ་(ཱི་སྙོམས་འཇུག)་ལའོ། །དེ་ལས་བསམ་གཏན་གཉིས་པ་ལའོ། །དེ་ལས ་འགོག་པ་ལའོ། །དེ་ལས་བསམ་གཏན་གསུམ་ལའོ། །དེ་ནས་འགོག་པ་ལའོ། །དེ་ལས་བསམ་གཏན་བཞི་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་རྣམ་ཤེས ་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་འདོད་པ་ན ་སྤྱོད་པའི་མཉམ་པར་མ་གཞག་པའི་སེམས་སུ་བྱེད་དོ། །འདི་ནི་སོང་པ་གཉིས་པའོ། །འདོད་པས་བསྡུས་པའི་སེམས་མཐར་འགྲོ་བར་བྱས་ནས། དེ་ནས་འགོག་པ་ལ་སྙོམས་པར་འཇུག་གོ་།དེ་ནས་མཉམ་པར་མ་བཞག་པ་ལ་གནས ་སོ། དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་གཞག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་གཞག་པ་ལའོ། །དེ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལའོ།། ་དེ་ནས་མཉམ་པར་མ་གཞག་པ་ལའོ། །དེ་ནས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་གཞག་པའོ། །དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་མཉམ་པར་མ་གཞག་པ་ལའོ། །དེ ་ནས་གསུམ་པ་ལའོ། །དེ་ནས་མཉམ་པར་མ་གཞག་པའོ། །དེ་ནས་མཉམ་པར་མ་གཞག་པ་ལའོ། །དེ་ནས་(བསམ་གཏན)་དང་པ་ལའོ། །དེ་ནས་མཉམ་པར་མ་གཞག་པ་ལའོ། (།ཞེས་པའི་བར་དུ)་འོང་བ ་འདི་ནི་ཐབས་ལ་མཁས་པའི་སྟོབས་ཀྱིས་མཉམ་པར་མ་གཞག་པ་ལས་མཉམ་པར་གཞག་པ་ལ་དང། མཉམ་པར་གཞག་པ་ལས་མཉམ་པར་མ་གཞག་པ་ལ་འཕོ་བར་གྱུར་བ་ནི་རིགས་མི་མཐུན་པར་འགྲོ་བའོ། །དེ་ལ ་སོང་བ་དང་པོ་ལ་གནས་དགུ་རྣམས་སོ། །གཉིས་པ་ལ་བཅུ་བདུན་རྣམས་སོ། །འོང་བ་ལ་ནི་(མཐར་གྱིས་གནས་པའི་སྙོམས་འཇུག་དགུ་དང་འདོད་ཁམས་གྱི་སེམས་དགུ་སྟེ)་བཅོ་བརྒྱད་རྣམས་སོ། །འདི་ལས་རྣམ་པ་གཞན་དུ་རྣམ་པར་བཞག་པ་ནི ་སེང་གེ་བཟང་པོ་ལ་སོགས་པའི་སྟེ། འཕགས་པའི་དགོངས་པ་དང་མི་འགྲིག་གོ་།ཐོད་རྒལ་དུ་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ཡིན་ན། (ཐོད་རྒལ་གྱི་སྙོམས་འཇུག)་དེ་མཉམ་པར་མ་གཞག་པའི་སེམས་ལ་ཅི་ལྟར་མི ་འགལ་ཞེ་ན། སྙོམས་པར་འཇུག་པ་ལས་འཕོ་བ་(འདོད་པའི་སེམས་དེ)་སྙོམས་པར་འཇུག་པ་(བཏགས)་པའོ་ཞེས་པས་འགལ་བ་མེད་པའོ། །ཏིང་ངེ་འཛིན་(ཐོད་རྒྱལ་གྱི་སྙོམས་འཇུག)་འདིའི་ལས་ནི་འཆད་པར་འགྱུར་རོ། །ཏིང་ངེ ་འཛིན་འདི་ནི་རྩེ་མོའི་མངོན་པར་རྟོགས་པ་ལས་སྒོམ་པའི་ལམ་མོ། །ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་(འཐོད་རྒལ)་ནི་ཐབས་ལ་མི་(གང་ཟག་གི་ཡིན་པས)་མཁས་པའི་འདི་ལྟ་བུ་མ་ཡིན་ནོ་ཞེས་པ་སྟེ་དེས་ཅི་ཞིག་།འདི་ལྟ་བུར་གྱུར ་པའི་ཐབས་ལ་མཁས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གིས་འཇུག་པ་(ཱི་རྒྱུ)་དང་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་པའི་རྒྱུ་ཆེན་པོ་ཉིད་ཀྱིས། སྒོམ ་པའི་ལམ་རྒྱུན་ཆགས་པ་ནི་ཁྱད་པར་དུ་འཕགས་པའི་ཕྱིར་རོ། (།རྩེ་མོའི་མངོན་རྟོགས་ཀྱི)་མཐོང་བ་དང་སྒོམ་པའི་ལམ་གཉིས་པོ་འདི་ལས་ཕྱི་མ་ནས་བཟུང་ནས་སེམས་བསྐྱེད་པ་ཉི་ཤུ་པའི་བར་ནི་ངེས་པར་འབྱུང་བའི་སྒྲུབ་པ་སྟེ། འདིས ་མ་རྒྱལ་བ་(སྤང་བྱ་ལས)་རྒྱལ་བ་ཐོབ་ཅིང་ངེས་པར་འབྱུང་བ་ལས་འབྲས་བུ་མཐར་ཐུག་པ་གནོན་ནོ་ཞེས་པ་སྟེ་རྒྱས་པར་སྔར་བརྗོད་ཟིན་ཏོ།། (ཁྱད་པར་གྱི་ལམ་གྱི་སེམས་བསྐྱེད)་གསུམ་པའི་རྣམ་པ་བཅུ་གཉིས་རྣམ་པ་དང་སེམས་བསྐྱེད ་པ་བཞི་པ་དང་ལྔ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་སྟེ། ཐར་པའི་ཆ་དང་མཐུན་པ་གསུམ་དང། སྔར་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྣམ་པ་བཅུ་གཉིས་རྣམས་དང། མཐོང་བའི་ལ་སྐད་ཅིག་བཅུ་དྲུག་དང། ་སྒོམ་པའི་ལམ་རྣམ་པ་དགུ་ཞེས་པ་རྣམ་པ་བཞི་བཅུའོ། །གང་ཕ་རོལ་ཏུ་ཕྱིན་པ་དྲུག་དང། སངས་རྒྱས་(རྗེས་སུ་དྲན་པ)་དང། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་དང། བྱང་ཆུབ་སེམས་དཔའ་ཕྱི་མི་ལྡོག་པའི་དགེ་འདུན ་དང་ཚུལ་ཁྲིམས་དང་གཏོང་བ་དང། ལྷ་རྗེས་སུ་དྲན་པ་རྣམས་དང་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པ་ཞེས་པ་རྣམ་པ་བཅུ་གསུམ་གསུངས་པ་དེ་རྣམས་ནི་མཐར་གྱིས་པའི་རྟོགས་པའི་རྣམ་པ་ཡིན་ཏེ། (མངོན་རྟོགས་ཀྱིས)་རྟོགས ་པའི་རྣམ་པ་(སོ་སོར)་རེ་རེ་ལའང། བཅུ་གསུམ་པོ་འདི་རྣམས་སྲིད་པས་སོ། །ཇི་སྐད་དུ་(རྒྱལ་བའི་ཡུམ་བར་མར)་གསུངས་པ། གལ་ཏེ་འདི་ལྟར་རྟོགས་པའི་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན། བཅོམ་ལྡན་འདུ་བྱང་ཆུབ་སེམས་དཔའ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མཐར་གྱིས་བགྱི་བ་དང་མཐར་གྱིས་བསླབ་པ་དང་མཐར་གྱིས་སྒྲུབ་པར་ཅི་ལྟར་གདགས་པར་བགྱི་ཞེས་སོ། །འདིར་འཕགས་པས་(ཉི་ཁྲི་སྣང་བར་འདིའི་ཐད་དུ)་?་གྱི་བ། ་གཟུང་བ་སེམས་བསྐྱེད་པ་ཤེས་པར་བྱས་སོ། །བསླབ་པ་གཟུང་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའོ་(ཞེས་པའི་དོན་དུ།)་སྒྲུབ་པ་གཟུང་བས་མཐོང་བ་དང་སྒོམ་པའི་ལམ་(ཤེས་པར་བྱ་བ)་དག་གོ་།གསུམ་ཀ་གཟུང་བས་ནི་མངོན ་པར་རྟོགས་པའི་མཐར་གྱིས་པའོ་ཞེས་གསུངས་སོ། །དེ་བཞིན་དུ་རྟོགས་པ་མཐར་གྱིས་པ་རྟོགས་པར་བྱས་པས། ཅིག་ཅར་སྐྱེ་བ་དགག་པའི་ཆེད་དུ་གདགས་(ནས་བསྟན)་པར་བྱ་བཞིན་པ། དྲན་པ་ཉེ་བར་གཞག་པ་དང་ཡང་དག་པར་སྤོང ་པ་དང། རྫུ་འཕྲུལ་གྱི་རྐང་པ་(ཱི་བདག་ཉིད་མངོན་དུ་སོང་བའི)་དང་དབང་པོ་དང་སྟོབས་ཀྱི་བདག་ཉིད་ཐར་པའི་ཆ་དང་མཐུན་པ་སྔོན་དུ་སོང་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བདག་ཉིད་མཐར་པའི་ལམ ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞི་སྒོམ་པའི་ལམ་སྟེ་རྣམ་པ་གསུམ་པོའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཐར་ཐུག་(ལེའུ་བཞི་བར་འཆར་པ)་པ་ཆོས་ཀྱི་སྐུའི ་རང་བཞིན་གྱི་སངས་རྒྱས་དོན་དམ་པར་དྲན་པ་མེད་པ་ཁོ་ནར་རྗེས་སུ་དྲན་པ་ནི་སངས་རྒྱས་རྒྱས་རྗེས་སུ་དྲན་པའོ་ཞེས་ཤེས་པར་བྱ་བའི་ཆེད་དུ་གསུངས་སོ། །སེམས་བསྐྱེད་པ་(ཡིས་མཚོན་པ་ཚོགས་ལམ)་དང་ངེས་པར་འབྱེད་པའི་ཆ་དང ་མཐུན་པ་རྣམས་དང། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པས་མཐོང་བའི་ལམ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཡོངས་སུ་རྫོགས་པས་སྒོམ་པའི་ལམ་མོ་ཞེས་པ་འདི ་ལྟ་བར་(དོན་དམ་པར)་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནའང། མཐར་(གྱིས་བྱ་བ)་ལ་སོགས་པ་(སློབ་པ་དང་སྒྲུབ་པ)་ཤེས་པར་བྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་རིག་པར་བྱའོ་ཞེས་པའོ། (།ཁྱོད་བར་གྱི་ལམ་གྱི)་སེམས་བསྐྱེད་པ ་ནི་རྣམ་པ་བདུན་ཅུ་རྩ་གཅིག་པ་སངས་རྒྱས་ཀྱི་ས་ལ་བར་ཆད་མེད་པའི་ལམ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པས་བྱང་ཆུབ་པ་མངོན་པར་རྟོགས་པ་བདུན་པའོ། །བར་དུ་གཅོད་ཅིང་བགེགས་བྱེད་པར་ནུས་པ་ནི་བར་ཆད ་ཡིན་ལ། བར་ཆད་མེད་པ་ནི་བར་ཆད་མེད་པ་སྟེ། རང་གི་དོན་ལ་(དེ་ཕན་གྱི་རྐྱེན)་ཨན་སྟེ་བར་ཆད་མེད་པ་ཉིད་དོ། །ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ན། ཟག་པ་མེད་པའི་ཚེས་གཅིག་མངོན་པར་བྱང་ཆུབ་པ་ན་དུས ་གཅིག་ལ་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་(ཅིང་རྟོག་པ)་པ་ལས་དང། གཉེན་པོ་སྒོམ་པའི་རྣམ་པར་སྨིན་པ་(ལྷུན་གྱི་གྲུབ་པ)་ཉིད་དུ་(ཆོས་ཐམས་ཅད)་རྟོགས་པའི་ཕྱིར་དང། རྨི་ལམ་བཞིན་དུ་(ཆོས་ཐམས་ཅད)་རང་བཞིན ་མེད་པ་ཉིད་དུ་རྟོགས་པའི་ཕྱིར་དང། གཉིས་ཀྱིས་བག་ཆགས་རྩ་བ་མེད་པ་ཉིད་ཀྱིས་ན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོར་རྟོགས་པའི་ཕྱིར། ལྡོག་(སྐད་ཅིག་མའི་མངོན་རྟོགས་དེ)་པ་བཞིའི་བདག་ཉིད་དོ། །འདིར་(ནམ་མཚན་ཉིད) ་བྱང་ཆུབ་སེམས་དཔའ་ཨི་ཞིང་གི་བཀོད་པ་དཔག་ཏུ་མེད་པ་རྣམས་རྣམ་པ་ཐམས་ཅད་རྫོགས་ནས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྐད་ཅིག་གཅིག་ཁོ་ན་ལ་མངོན་པར་བྱང་ཆུབ་པ་ནི་དཔེར་ན་སྐྱེས་བུ་རྡོག་ཐབས་གཅིག་གིས་བསྐུལ་བའི ་ཟོ?་ཆུན་གྱི་རྒྱུད་ཐམས་ཅད་ལན་ཅིག་(སྟེ་གཅིག་ཆར)་འགུལ་བ་དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་སེམས་གཅིག་རབ་ཏུ་ལྡན་པར་མངོན་དུ་བྱེད་པ་ན་ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་འགུགས་ཤིང་རྟོགས་པར་བྱེད་དེ་སྔོན་གྱི་སྒོམ ་པའི་འཕེན་པའི་ཤུགས་ལས་སོ། །གང་(ཡུམ་བར་མར)་གསུངས་པ། རབ་འབྱོར་འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་ཡོ་བྱད་(ཕུན་སུམ་ཚོགས་པ)་ཐམས་ཅད་ཡིད་ཀྱིས་བསམས་པ་ཁོ་ནས ་འབྱུང་ངོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་(ཆེན་པོ)་ཡིད་ཀྱིས་བསམས་པ་ཁོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་ལ་སོགས་པའོ། །ས་བཅུ་པར་ཡང་གསུངས་པ་(བྱང་ཆུབ་སེམས་དཔའ་)་དེའི ་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་རྒྱས་པར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་ཅན་ཏེ་རྣམ་པར་སྨིན་པའི ་ཆོས་ཉིད་རང་བཞིན་ཏེ། ལྷུན་གྱིས་གྲུབ་པར་(ཅིང་རྩོལ་བ་མེད)་འཇུག་པ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།)་འདིའི་གནས་སྐབས་ཡིན་ཞེས་བྱས་ནས་སོ། (སྐབས)་འདིར་ནི་ཟག་པ་མེད་པ་དང་བཅས་པའི་ཆོས་ཐམས་ཅད་ཅར་(ལྷུན་གྱིས་གྲུབ་པ) ་དེ་ལྟར་ཁོ་ནར་མངོན་པར་བྱང་ཆུབ་(ཅི་རྟོགས)་པའོ། (།རྣམ་པར་སྨིན་པར)་གནས་སྐབས་ང་ཡང་ས་བརྒྱད་པ་ན་གཟུང་སྟེ། འགྱུར་མོད། (སྐད་ཅིག་པའི་མངོན་རྟོག)་།འདི་རབ་ཀྱི)་མཐར་ཐུག་པ་ཐོབ་པའོ། །བཅོམ་ལྡན་འདས་མར་ཇི ་སྐད་དུ་གསུངས་པ། །མཚན་མ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་སོ། །མཚན་ཉིད་མེད་པ་ནི་རྨི་ལམ་ལྟ་བུ་སྟེ་དེ་གསུངས་པ། རབ་འབྱོར་འདིར་བྱང་ཆུབ་སེམས་དཔའ་རྨི་ལམ་ལྟ ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་(རྟོགས)་གནས་ནས་སྦྱིན་པ་གཏོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་དུ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་སོ་ཞེས་པའི་བར་དུའོ། (།ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི) ་འདིར་རྨི་ལམ་ལྟ་བུ་རྣམས་ལ་སྟེ་རྨི་ལམ་གྱི་རང་བཞིན། (སྣང་བར་རང་བཞིན་མེད་པ)་རྣམས་ལ་མཚན་ཉིད་མེད་པ་སྟེ་རང་བཞིན་མེད་པར་རོ། །དེ་ལྟར་ནི་གང་(དཔེར་བྱ་དང)་ཆོས་མཐུན་པ་ནི་དཔེ་དོན་ཡིན་ལ་དེ་ནི་སྦྱིན་པ་ལ་སོགས་པའི་དུས ་སུ་བར་དང་བཅས་པ་དང་བར་མེད་པར་སྟོང་པ་ཉིད་ཡིད་ལ་བྱེད་པ་ལྷག་པར་སྤྱོད་པ་ལས་ཚོགས་ལ་(བསོད་ནམས་དང་ཡེ་ཤེས།)་ཉེ་བར་མཁོ་བ་ཉིད་དུ་ཉམས་སུ་མྱོང་ནས་རྟོགས་པའི་གནས་སྐབས་སུ་ཆོས་ཉིད་དང། རོ་གཅིག་པ ་ཉིད་ལས། དབྱེར་མེད་པའི་ཕྱིར་རང་བཞིན་གྱི་དོན་ཡང་དག་པར་འགྲུབ་སྟེ། ཇི་སྐད་དུ་གསུངས་པ། །སྲིད་མོ་ཕུང་པོ་རྣམས་ནི་རྨི་ལམ་ལྟ་བུ་སྟེ། ཤིན་ཏུ་མངོན་པར་མ་གྲུབ་པའོ། །བྱང་ཆུབ་ཀྱི་རྨི་ལམ་གྱི་རང་བཞིན་ཏེ་ཤིན ་ཏུ་མངོན་པར་མ་གྲུབ་པོ་ཞེས་སོ། །དེ་ལྟར་མི་དང་གླང་པོ་ཆེ་དང་རྟ་ལ་སོགས་པའི་རྨི་ལམ་དང་(རྨི་ལམ)་དེ་མཐོང་བའི་བདག་ཉིད་ལ་གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་ཆོས་ཐམས ་ཅད་(གཟུང་བ་དང་འཛིན་པ)་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་སྐད་ཅིག་གཅིག་ཁོ་ནས་མཐོང་ངོ། །ཁ་ཅིག་ནི་(རྣམ་སྨིན་མ་ཡིན་པའི་སྐད་ཅིག་མ་སོགས་པ)་རིམ་གྱིས་སྐྱེ་བར་ངེས་ལ་སྐད་ཅིག་བཞིའི་ངོ་བོ་ནི་སྐད་ཅིག་གཅིག་གི་མངོན་པར ་རྟོགས་པའོ་ཞེས་ཟེར་རོ། །གཞན་རྣམས་ནི་དེ་བསམ་པར་བྱའོ། །ཞེས་སོ་དེ་ལྟར་སེམས་བསྐྱེད་(ཉི་ཤུས)་པ་འདི་ནི་ཡང་དག་པའི་དོན་སྒོམ་པ་རབ་ཀྱི་མཐར་ཐུག་པའི་གནས་སྐབས་ཏེ་གནས་ངན་ལེན་(གྱི་བྱེ་བྲག)་སྟེ ་ཐམས་ཅད་འཇིག་པའི་ཕྱིར་རྡོ་རྗེ་ལྟ་བུ་འང་ངོ། །གང་རྟོགས་པའི་རྣམ་པ་བདུན་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པས་སོ་སོར་ཕིགས་པར་(བམ་རྟོགས་པ)་དཀའ་བའི་ཕྱིར་བརྗོད་དུ་མེད་པའི་རང་བཞིན་(རྣལ་འབྱོར་པའི)་སོ ་སོར་རང་གིས་རིག་པར་བྱ་བ་རྡོ་རྗེ་ལྟ་བུར་(རྒྱུད་བླ་མར)་གསུངས་པར་དེར། (འདི་བཤད་པའི་རྡོ་རྗེ་ལྟ་བུ)་འདི་ནང་དུ་འདུས་ཏེ། འདིར་རྣམ་པ་བདུན་པོ་ནི་(འདུས་པ)་མ་ཡིན་ནོ། །དེ་ལྟར་ནི་ཐེག་པ་ཆེན་པོ་རྒྱུད་བླ་མར ་སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང། །ཡོན་(དང)་ཏན་སངས་རྒྱས་(ཀྱི)་།ཕྲིན་ལས་ཐམ་མ་སྟེ། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེའི་གནས་ནི་བདུན་པོ་འདི་རྣམས་སོ་ཞེས་གསུངས་སོ། ། ་དེ་ལ་དཀོན་མཆོག་གསུམ་ནི་འབྲས་བུའོ། །ཁམས་ཉེ་བར་ལེན་པའི་རྒྱུའོ། །བྱང་ཆུབ་དང་ཡོན་ཏན་ཕྲིན་ལས་རྣམས་ལྷན་ཅིག་བྱེད་པའི་རྐྱེན་ནོ། །དཀོན་མཆོག་གསུམ་ཡང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་སྟེ། དེ་ཉིད་དུ ་གང་གསུངས་པ། སངས་རྒྱས་དཀོན་མཆོག་ལས་ཆོས་དཀོན་མཆོག་འབྱུང་ཞེས་པ་དང། ཐེག་པ་ཆེན་པོའི་ཆོས་དཀོན་མཆོག་འདི་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་འབྱུང་ཞེས་སོ། །གསུམ ་པོ་དེའང་བཞི་པོ་རྣམས་ཀྱི་འདྲས་བུར་དེ་ཉིད་དུ་གསུངས་པ། དྲི་བཅས་དེ་བཞིན་ཉིད་(ཁམས)་དང་དྲི་མ་མེད། (།པའི་དེ་བཞིན་ཉིད་བྱང་ཆུབ་དང།)་དྲི་(མ་དང)་བྲལ་(བའི)་སངས་རྒྱས་ཡོན་ཏན་(སྟོབས་བཅུ་སོགས་དང)་རྒྱལ་བའི་(དཀོན་མཆོག) ་མཛད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་སོ། །སླར་ཡང་གསུངས་པ། (།གོ་རིམ་ཇི་བཞིན་གནས་གཅིག་སྟེ། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །ཞེས་པའི་འགྲེལ་པ)། དེ་ལ ་གནས་བཞི་པོ་འདི་རྣམས་ཀྱི་དང་པོ་(ཁམས)་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཉིད་ཀྱི་ཕྱིར། །སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་པས། (ཁམས)་དེ་རྣམ་པར་དག་པ་གཟུང་ནས་དཀོན་མཆོག ་གསུམ་འབྱུང་བའི་རྒྱུར་རྟོགས་པར་བྱའོ་ཞེས་པས་གཅིག་རྒྱུའོ། །ཅི་ལྟར་(གནས)་གསུམ་རྣམས་རྐྱེན་ཡིན་ཞེ་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས ་རྒྱས་(ཏེ་བྱང་ཆུབ་ཐོབ)་ནས། (ཡོན་ཏན)་སྟོབས་བཅུ་དང་མི་འཇིགས་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཕྲིན་ལས་རྣམ་པ་སུམ་ཅུ་རྩ་གཉིས་མཛེད་པ་ན། གཞན་གྱི་སྒྲ་ལ་བརྩོན ་པས་དེ་རྣམ་པར་དག་པ་གཟུང་ནས། དཀོན་མཆོག་གསུམ་འབྱུང་བའི་རྐྱེན་དུ་རྟོགས་པར་བྱའོ། །ཞེས་པ་དེ་ལྟར་(བྱང་ཆུབ་ཡོན་ཏན་ཕྲིན་ལས།)་གསུམ་རྣམས་རྐྱེན་ནོ་(ཞེས་སོ།)་།ཁ་ཅིག་ནི། སངས་རྒྱས་ལས་ཆོས་ཆོས་ལས་འཕགས ་པའི་ཚོགས། (དགེ་འདུན)་ཚོགས་ལས་སྙིང་པོ་(ཁམས་སྦྱངས་པས།)་ཡེ་ཤེས་ཐམས་ཐོབ་མཛའ་(བྱིན་པ།)་།ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་དང་སྟོབས་སོགས། །(ཡོན་ཏན)་སེམས་ཅན་ཀུན་དོན་བྱེད་ཆོས་(ཕྲིན་ལས) ་རྣམས་ལྡན་པ། །ཞེས་པ་འདིས་དཀོན་མཆོག་གསུམ་ལྷན་ཅིག་བྱེད་པའི་རྒྱུའོ། །ཁམས་དེ་བཞིན་ཁོ་ནའོ། (།རུ་ཉེ་བར་ལེན་པའི་རྒྱུའོ)་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་རྣམས་འབྲས་བུའོ་ཞེས་ཀྱང་རྣམ་པར་བཞག་གོ་ཞེས ་ཟེར་རོ། །ཚིགས་སུ་བཅད་པ་འདིས་ཀྱང་སྔར་བརྗོད་པའི་དོན་ཁོ་ནར་སྦྱར་བར་བྱ་སྟེ། དོན་རྣམ་པ་གཉིས་སུ་འབྱུང་ནའང་སྔར་བརྗོད་པའི་དོན་ཁོ་ན་ཐེག་པ་ཆེན་པོ་རྒྱུད་བླ་མར་བརྗོད་པར་བཞེད་པ་ཉིད་ཀྱི་ཕྱིར་རོ་ཞེས་(སློབ་དཔོན) ་གཞན་རྣམས་སོ། །དེ་ལྟར་དྲི་མ་མེད་པ་བྱང་ཆུབ་ལ་བར་ཆད་མེད་པའི་སེམས་བསྐྱེད་པ་(རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན)་འདི་ནི་ཆོས་དང་དགེ་འདུན་དཀོན་མཆོག་དག་གི་ནང་དུ་འདུས་སོ། །དེ་ལྟར་སེམས་བསྐྱེད་པ་དྲུག་གི་རང་བཞིན ་ཁྱད་པར་གྱི་ལམ་རྣམ་པ་(སེམས་བསྐྱེད་ལྔ་མ་ལྔ་ལ་བདུན་ཅུ་དང་དྲུག་པ་ལ་གཅིག་སྟེ)་བདུན་ཅུ་རྩ་གཅིག་རྟོགས་པ་ན་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པར་རྣམ་པར་བཞག་ལ། སྨོན ་ལམ་ལས་རང་སངས་རྒྱས་ཀྱི་ངོ་བོ་(ཱམ་གཟུགས)་ཅན་ཡང་བྱང་ཆུབ་སེམས་དཔའ་(ཁྱད་པར་གྱི་ལམ་ལ་གནས་པ།)་འདི་ལྟ་སྟེ། གང་གསུངས་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་མི་བཞུགས་ཤིང་ཉན ་ཐོས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སོ་སོར་གཅིག་པུ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་རྣམས་ཡོད་དེ། (བྱང་ཆུབ་སེམས་དཔའ་དེ་ལྟ་བུ)་དེ་རྣམས་ཐབས་ལ་མཁས་པས་སྲོག་ཆགས་བྱེ་བ་ཁྲག ་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་ཐེག་པ་གསུམ་རྣམས་ལ་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱའོ་ཞེས་སོ། །འདི་ནི་བདག་ཉིད་གཅིག་པུ ་རང་ཉིད་(དེ་གཞན་ལམ་བསྟེན་པར།)་སོ་སོར་སངས་རྒྱས་པས་རང་འབྱུང་དང་སྒྲ་མེད་པར་ཆོས་སྟོན་པ་སྟེ་རང་སངས་རྒྱས་རྣམ་པ་གཉིས་སོ། །དེ་དང་ཆོས་མཐུན་པ་ལས་གཅིག་ནི་བདག་དང་གཞན་རྣམས་ལའང་ཐོས་པ་མེད་པར ་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པའི་ཕྱིར་དང། གཞན་ནི་རང་སངས་རྒྱས་ཀྱི་ཆ་ལུགས་སུ་ཡང་བྱེད་པའི་ཕྱིར་རོ།། (།ཆོས་ཡང་དག་པར་བསྡུད་པའི་མདོར། བྱང་ཆུབ་སེམས་དཔའ་ཨི་སྤྲུལ་པ་བཅུའི་ཐད་དུ། ནམ་སེམས་ཅན་རྣམས་དང། སངས་རྒྱས་ཀྱིས་འདུལ་བ་ན་རང་སངས ་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་བསྟན་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་གསུངས། དཔའ་པར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོར་ཡང་བསྐལ་བ་རྣམ་པར་སྣང་བ་ལ་སངས་རྒྱས་རྒྱལ་བ་ཞེས་པའི་ཆོས་ནུབ་བ་ན་སེམས་ཅན་རྣམས་རང་སངས་རྒྱས་མིན་པ་སངས་རྒྱས་སྟོང་གིས་ཀྱང་གདུལ་བར་ཅི། ་ནུས་པ་ན་འཇམ་དཔལ་ལན་བྱེ་བ་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཏུ་རང་རྒྱལ་ཏུ་གྱུར་ནས་སེམས་ཅན་བྱེ་བ་ཁྲག་གསུམ་ཅུ་རྩ་དྲུག་རང་རྒྱལ་དུ་གྱུར་ནས་འགོག་པ་ལ་ཞུགས་ཤིང་སྨོན་ལམ་གྱིས་ཀྱང་མྱ་ངན་ལས་འདའ་བར་གསུངས་སོ། །ཅི་ལྟར་ན་ཆོས)་སྟོན་པ་དང་ཐ་སྙད་བྱེད་བ་མེད་པ་ཉིད་ཡིན་(ཏེ་དེ་དག་འགལ)་ཞེ་ན། (སྒྲ་བརྗོད་པ་མེད་ཀྱང)་ཆོས་སྟོན ་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་པའི་(ཆོས་སྟོན)་ཕྱིར་རོ། །དེ་ལྟར་ནི་ཚིག་སྨྲ་བ་ནི། རྣམ་པར་མ་བརྟགས་ནས་མ་ཡིན། རྣམ་པར་མ་དཔྱད་ནས་མ་ཡིན་ནོ་ཞེས་པས་(དག་ཏུ)་བརྗོད་པ་ནི་རྣམ་པར་གཡེང་བའི་ཚད་དུ ་མ་ཡིན་ལ་(རྣམ་གཡེང)་དེ་ཡང་རྒྱུད་འཁྲུག་པར་བྱེད་དོ་ཞེས་པས་བྱང་ཆུབ་སེམས་དཔས་འདི་ལྟར་སྨོན་ལམ་བཏབ་སྟེ། སངས་རྒྱས་སུ་གྱུར་ནས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་བརྗོད་པ་མེད་པར་ཡང་(ཆོས་བསྟན་པས)་སེམས ་ཅན་གྱི་དོན་བྱ་བ་ནུས་པར་གྱུར་ཅིག་ཅེས་སོ། །དེས་ན་སངས་རྒྱས་ཉིད་དང་འདྲ་བ་ཉིད་ཀྱི་ཕྱིར། རང་སངས་རྒྱས་ཀྱི་གནས་སྐབས་ནའང་སྨོན་ལམ་ལ་སོགས་(པའི་ཚུལ་ཉིད)་ཀྱིས་(ཉན་པ་པོ)་གང་ཞིག་དོན་གང་ལ་རྣམ་པ་གང་གིས་ཉན་འདོད ་པ་(ཱི་གང་ཟག)་དེའི་རྣམ་པར་ཤེས་པ་ལ། རྣམ་པ་དེ་ཁོ་ནས་སྒྲ་མེད་ཀྱང་དོན་དེ་སྣང་ངོ་ཞེས་པས་སྒྲ་མེད་པར་བརྗོད་པར་བྱ་བའི་ཆོས་གདུལ་བྱའི་རྒྱུད་ལ་བསྐྲུན་པ་(རྟོགས་པར་བྱས་པ)་ནི་སྟོན་པ་ཞེས་བརྗོད་དོ། །ཇི་སྐད་དུ་མདོར་གསུངས ་པ། ཡིད་ཀྱིས་བརྒྱ་བྱིན་ལ་ཚིགས་སུ་བཅད་པས་ལན་བཏབ་པ་ཞེས་པ་ལ་སོགས་པའོ། །དེ་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་(ཞུགས་པ་དང་རྒྱུན་དུ་ཞུགས་པ་དང)་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང ་བའི་འབྲས་བུ་ལ་ཞུགས་པ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཞེས་པ་གང་ཟག་བདུན་རྣམས་(ནང་སེམས་ཀྱིས)་རབ་ཏུ་དབྱེ་བ་ལས་བཅུ་དགུ་སྟེ། རང་སངས་རྒྱས་དང་བཅས་པ་ཉི་ཤུ་ནི། སློབ ་པ་(ཡིན་ཞིང་དེ་རྣམས་ཉིད)་ཚོགས་པ་ཉིད་ཀྱི་ཕྱིར་འཕགས་པ་(རྫོགས་པའི་བྱང་ཆུབ་ལས)་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྷ་དང་བཅས་ཤིང་བདུད་དང་བཅས ་པའི་འཇིག་རྟེན་གྱིས་དང། དམན་པའི་(ཉན་ཐོས་དང་རང་སངས་རྒྱས)་བྱང་ཆུབ་སྒྲུབ་པར་བྱེད་པའི་ཆོས་རྣམས་ཀྱིས་དང་མི་དགེ་བ་རྣམས་ཀྱིས་ཀྱང་དབྱེར་མེད་ཅིང་མི་འཕྲོགས་པའོ། །ལ་ལར་ནི་རྡོ་རྗེ་ལྟ་བུའི་(ཏིང་ངེ་འཛིན)་སེམས་ནི་མི ་སློབ་པ་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་སའི་(ཡང་ཡིན་པ་དེ)་བར་ཆད་མེད་པའི་ལམ་ཡིན་པ་ཉིད་ཀྱི་ཕྱིར་(རྒྱུ་ལ་འབྲས་བུར་བཏགས་ནས)་མི་སློབ་པར་གསུངས་སོ། །སོ་སོའི་སྐྱེ་བོ་རྣམས་ནི་སློབ་པ་(ཐར་པ་ལ་བརྩོན་པའི་དགེ་བ་ཅན)་ཡིན་ཡང་སློབ ་པ་ཉམས་པ་ཡང་ཡིན་ཞེས་པས་སློབ་པར་ཡང་བརྗོད་པ་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །འོ་ན་ཅི་(རྣམ་པར་གྲོལ་བ་ཅེས་པ་དེ་ལ)་འདས་པའམ་མ་འོངས་པ་འམ་ད་ལྟར་བྱུང་བའི་སེམས་རྣམ་པར་གྲོལ་ཞེ་ན། མ་འོངས་པའི་སེམས ་སྐྱེ་བཞིན་པ་མི་སློབ་པ་སྒྲིབ་པ་རྣམས་ལས་རྣམ་པར་གྲོལ་ལོ། དེ་སྐྱེས་པས་སྒྲིབ་པ་སྤོང་བའི་ལམ་ནི་གནས་སྐབས་ཅི་ཡིན་ཞེ་ན། འགག་པ་བཞིན་པ་ཉིད་ཀྱིས་ན་ད་ལྟར་བའོ། (།མངོན་པ་མཛོད་དུ་འང་འགག་པར་འགྱུར་བའི་ལམ་གྱི་ནི། དེ་ཡི་སྒྲིབ་པ་རབ་ཏུ་སྤོང་ཞེས་སོ།།) ་འོ་ན་བརྒྱད་པ་ལས་ཕྱིར་མི་ལྡོག་པར་གསུངས་པ་མ་ཡིན་ནམ། ཅི་ལྟར་(ཉི་ཤུ་པོ)་ཐམས་ཅད་(ཕྱིར་མི་ལྡོག་པ)་ཡིན་ཞེ་ན། དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར་(དེ་ཁོ་ན་ཉིད་ལ་འཇུག་པར)་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ནི་ཞི་གནས་དང ་ལྷག་མཐོང་སྒོམ་པས་སོ་སོ་སྐྱེ་བོའི་གནས་སྐབས་ན་མོས་པ་སྤྱོད་པའི་ས་ལས་སྔོན་དུ་(ཚོགས་ཀྱི་སར)་འང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པ་ལས་དང། སྙིང་རྗེ་ཆེན་པོ་དང་ལྡན་པ་ལས་(དད་པ་དང་བརྩོན་འགྲུས་ཀྱི་དབང་པོ་རྣོ་བས) ་ཚོགས་གཉིས་རྫོགས་པར་བྱེད་པ་ལ་རྟག་ཏུ་བརྩོན་ཞིང་འདུན་པ་དང་ཕྱིར་མི་ལྡོག་པའོ། །དབང་པོ་འབྲིང་ནི་རབ་ཏུ་དགའ་བར་ཕྱིར་མི་ལྡོག་སྟེ། དེ་ནི་སྔར་(རབ་དགའ་ཨི་ལས)་ཞི་གནས་དང་ལྷག་མཐོང་བསྒོམས་པས། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་གཉིས་སུ་མེད་པའི་རྣལ་འབྱོར་ཡང་དག་པར་སྐྱེས་ཀྱང་ཇི་སྲིད་དུ་ས་རབ་ཏུ་དགའ་བ་མ་ཐོབ་ཀྱི་བར་ངེས་པ་དང་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་འདི་དེ་ངེས་པ་པའི་རྒྱུ་མཚན་སྙིང་རྗེ་ཆེན་པོ་མེད་པས་ཚོགས་གཉིས་རྫོགས་པར ་བྱ་བ་ལ་ཤིན་ཏུ་མངོན་པར་བརྩོན་པར་འདོད་པ་མ་ཡིན་ནོ། །དབང་པོ་རྟུལ་པོ་ནི་ས་(དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ། ས་ཐོབ་པ་ནི་རྒྱལ་བའི་གནས། །ཡིད་ཆེས་པར་ནི་མི་འགྱུར་ཏེ། །ཇི་སྲིད་ས་བརྒྱད་པའི་བར་ཐེག་པ་དམན་པས་དེ་རྣམས་འཇིགས་ཤེས་བཀའ་སྩལ་བ་ལྟར)་མི་གཡོ་བ་ལ ་ཕྱིར་མི་ལྡོག་སྟེ། (ས་བརྒྱད་པ་ལས)་དེ་ནི་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པ་དང་ལྡན་པ་མ་ཡིན་པ་ལ་དེའི་ཕྱིར་དེའི་རྒྱུ་མཚན་སྙིང་རྗེ་ཆེན་པོ་མེད་པས། ཚོགས་གཉིས་རྫོགས་པར་བྱ་བ་ལ་མངོན་པར་(བརྩོན་པར་འདོད་པ་བརྩོན་འགྲུས ་དང་དད་པའི་དབང་པོ་རྟུལ་བས་ན)་ཤིན་ཏུ་དམན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་རྣམས་སུ་ས་བརྒྱད་པ་ལ་ཐམས་ཅད་ངེས་པ་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་དུ་རྣམ་པར་བཞག་གོ་།རིང་དུ་སོང་བ་ལ་(དེ་ཁོ་ན་ཉིད་ལ་འཇུག་པར། དེ་ཉིད་ལ་ནི་ཆ ་རྒྱུ་ཅན། །ཇི་ལྟར་རིང་དུ་སོང་ལ་ཞུགས། །དེ་སྲིད་དེ་ནི་ཕྱིར་མི་ལྡོག་།མ་ཡིན་ཞེས་ནི་རྒྱལ་བས་གསུངས། །ཞེས་བཤད་པས།)་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་དོ་ཞེས་ཁ་ཅིག་(སློབ་དཔོན་ཡེ་ཤེས་གྲགས་པས)་གོ་།འོ་ན་གལ་ཏེ་སོ་སོའི་སྐྱེ་བོ་ཉིད་ལ་ཡང་ཞི་གནས་དང་ལྷག ་མཐོང་དག་གིས་ཡང་དག་པའི་ཡེ་ཤེས་སྐྱེ་ན་ཅི་ལྟར་(རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་ཤེར་ཕྱིན)་མ་ངེས་པ་ཡིན། ཅི་ལྟར་ཡང་བླ་ན་མེད་པའི་དེ་ཁོ་ན་ཉིད་མངོན་དུ་བྱས་ན་ཡང་(ཤེར་ཕྱིན)་ངེས་པ་མེད་པ་ཙམ་ལས་ཕྱིར་ལྡོག་པར་དོགས ་ཤེ་ན། དེ་ཁོ་ན་ཉིད་མངོན་དུ་མ་བྱས་པ་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་གྱི། (དེ་ཁོ་ན་ཉིད)་དེ་ལས་བཟློག་པའི་(མ་ངེས་པ་ཙམ་ཞེས་དེ་ཁོ་ན་ཉིད་ལ་འཇུག་པར)་ངེས་པ་ཙམ་ལས་འཁོར་བ་པར་བརྗོད་དོ། །དེའི་ཕྱིར་ཞི ་གནས་དང་ལྷག་མཐོང་དག་གིས་ཡང་དག་པའི་ཡེ་ཤེས་བསྐྱེད་པ་ན་དེ་དང་རྗེས་སུ་མཐུན་པའི་ཐ་སྙད་དོ། །གལ་ཏེ་(གང་ཟག)་ཐམས་ཅད་(དུས)་ཐམས་ཅད་ཀྱི་ཚེ་ཁོ་ནར་དེ་ཁོ་ན་ཉིད་མངོན་དུ་བྱེད་ན་ཡང་དག་པའི་ཡེ་ཤེས་བསྐྱེད ་པ་འདི་ཅི་(སྟེ་དོན་མེད་དོ)་ཞེ་ན། (ཡང་དག་པ་ཡེ་ཤེས་བསྐྱེད་པ)་འདི་ནི་གང་དེ་དང། རྗེས་སུ་མཐུན་པའི་ཐ་སྙད་ཀྱི་བྱེད་པ་པོ་དེའོ། །འོ་ན་དེ་(ཡེ་ཤེས་སྐྱེ་བ)་ཁོ་ན་ངེས་པའོ་ཞེ་ན། དེ་ལྟ་མ་ཡིན་ཏེ་བརྟེན་པ་(མི་འགྱུར་བ)་མེད་པའི་ཕྱིར་རོ། །གང ་གི་ཕྱིར་ངེས་པ་ནི་རྡོ་རྗེ་ལྟ་བུའི་སེམས་སོ། (།ངེས་པ་མེད་པ)་དེའི་ཚེ་ཅི་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་(མཐོང་ལམ)་ལ་སོགས་པ་སྐྱེ་ཞེ་ན། དེ་སྲིད་ཙམ་པ་ཁོ་ནའི་དེ་ཁོ་ན་ཉིད་ལ་མོས་པ་ལས་སོ། (།ངེས་འབྱེད་སོགས་སྐྱེ)་ཞེས ་དེ་ཁོ་ན་ཉིད་རིག་པའོ། (།རྣམས་འདོད་པ)་གང་ཡང་ཅི་ལྟར་ཕྱིར་ལྡོག་པར་དོགས་ཤེས་བརྗོད་པ་(རིགས་པ)་དེ་ནི་རྡོ་རྗེ་ལྟ་བུའི་སེམས་མེད་པ་ཁོ་ན་ལས་སོ་ཞེས་(དང)་སྨྲའོ། །འདི་ཉིད་ལ་དགོངས་ནས་འཕགས་པ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པར། སོ་སོ་སྐྱེ་བོའི་གནས་སྐབས་དང་རབ་ཏུ་དགའ་བ་ལ་སོགས་པའི་སའི་གནས་སྐབས་ནའང་བྱང་ཆུབ་སེམས་དཔའ་རྣམས་ཕྱིར་མི་ལྡོག་པའི་རྟགས་དང་ལྡན་པར་རྒྱས་པར་བསྟན་ཏོ། །འཕགས་པ ་བྱམས་པས་ཀྱང། ངེས་འབྱེད་ཡན་ལག་(འབྱོར་ལམ)་ནས་གཟུང་ནས། མཐོང་(ལམ)་དང་གོམས་པའི་(ར་བྱེད་པ་སྒོམ་པ)་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་རྣམས་གནས། །དེ་(རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས།) ་འདིར་ཕྱིར་མི་ལྡོག་པའི་ཚོགས། (།ཏེ་དགེ་འདུན)་ཤེས་གསུངས་སོ། །ཕྱིར་མི་ལྡོག་པའི་ཆེད་དུ་འབྱུང་བ་ནི་ཕྱིར་ལྡོག་པའོ། །དེ་ལྟ་བུ་མ་ཡིན་པས་ན་ཕྱིར་མི་ལྡོག་པ་དང་ཕྱིར་ལྡོག་པར་འོས་པ་མ་ཡིན་པ་ཞེས་པ་དོན་གཅིག་གོ་།བྱང ་ཆུབ་སེམས་དཔའ་དེ་རྣམས་ཀྱང་སེམས་དཔའ་ཆེན་པོ་རྣམས་སཱུང་བརྗོད་དེ། ཆེན་པོ་ཉིད་རྣམ་པ་དགུ་(པོ་འཕགས་པ་སངས་རྒྱས་ཀྱི་འབྲེལ་པར་སློབ་དཔོན་དང་ཚུལ་བཟང་པོས་གསུངས་པ)་ཡིས་སོ། །བརྩོན་འགྲུས་ཆེན་པོ་ཉིད་ཀྱིས་ནི ་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབ་པའི་ཆེད་དུ་ཆེན་པོའི་གནས་ལ་ཡང་དག་པར་ཞུགས་པའི་ཕྱིར་ཏེ། ཆེན་པོ་(རྒྱལ་བ་དང་རྒྱལ་བའི་སྲས་པོ)་རྣམས་ཀྱི་གནས་ཐེག་པ་ཆེན་པོའོ། །རྒྱུ་ཆེན་པོ་ཉིད་(བྱང་ཆུབ་སེམས་དཔའ་དེ) ་ཀྱིས་ནི་ཐེག་པ་ཆེན་པོའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སོགས་པའི་རིམ་གྱིས་ངེས་པར་འབྱུང་བའི་ཕྱིར་རོ། །དམིགས་པ་ཆེན་པོ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་བདག ་དང་གཞན་མཉམ་པ་ཉིད་(ངར་སྒོམ་པ)་ཐོབ་པས་བྱམས་པ་ཆེན་པོ་ལ་སོགས་པ་དང་མཉམ་པར་ལྡན་པའི་(པའམ་སྦྱོར)་ཕྱིར་རོ། །དུས་ཆེན་པོ་ཉིད་ཀྱིས་ནི་དུས་(དམ་པའི་ཆོས་པདྨ་དཀར་པོར། ས་དུམ་ནས་འཐོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བར ་གྱི་བསྐལ་པ་ཉི་ཤུ་རྩ་ལྔ་བཅོམ་ལྡན་འདས་ཤཱཀྱའི་གཙོ་བོ་ལ་མཆོད་པ་བྱས་མོད་ཀྱི། འཛམ་བུ་གླིང་པ་ལ་སོགས་པ་རྣམས་ཀྱིས་ནི་ཕྱིར་དྲོ་གཅིག་གི་ཡུན་དུ་ཞེས་སོགས་གསུངས་པ་ལྟ་བུ)་ཐམས་ཅད་ལ་སྐད་ཅིག་གཅིག་བཞིན་དུ་འཇུག་པས་ན་(བཤད་སྦྱར་དུ། དུས་གསུམ་བརྟགས་པ་དྲངས་པ། །རྨི ་ལམ་ན་ནི་ལོ་གཅིག་ཀུན། །ཡུད་ཙམ་གྱིས་ཀྱང་དམིགས་པ་སྟེ། །དཔེར་ན་དཔག་མེད་དུས་དག་ཀྱང། །སྐད་ཅིག་ཉིད་དུ་འདུ་བར་འགྱུར། །ཅེས་དང། ལེགས་ཕྱིར་དུས་བྱུང་བ་ཡང་བརྩོན་འགྲུས་ལྷོད་པ་རྣམས་ལ་རེ་འདུ་སྣང། རབ་ཏུ་བརྩོན་པ་ཁྱོད་ལ་དཔག་ཏུ་མེད་པའི་དུས་ཀྱང་ཐུང་ངུར?་ཤེས་དེར་དྲངས་སོ།)་།བསྐལ་པ་དང་བསྐལ་པ ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །འདོད་པ་མེད་པ་ཆེན་པོ་ཉིད་ཀྱིས་ནི་(རྫས་ལ་སོགས་པ།)་ཡོངས་སུ་འཛིན་པ་ཐམས་ཅད་སྤངས་པ་ཉིད་ཀྱིས་བདུད་ཐམས་ཅད་ངེས་པར ་འཇོམས་པའི་ཕྱིར་ཏེ། (ཀྱེ)་བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡོངས་སུ་འཛིན་པ་ཐམས་ཅད་ལ་དོན་དུ་མི་གཉེར་བར་འགྱུར་བ་དེའི་ཚེ་སོ་སོར་དོན་དུ་གཉེར་བའི་(བམ་གླགས་ལྟ་བའམ་ཕྱིར་རྒལ་བ)་བདུད་བཅོམ ་པར་འགྱུར་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་ཆེན་པོ་ཉིད་ཀྱིས་ནི་(ཉན་རང་གི)་ཐེག་པ་དམན་པ་ཡིད་ལ་བྱེད་པ་(རྐྱང)་རིང་དུ་གྱུར་པ་སྤངས་པའི་ཕྱིར་རོ། །ཉེ་བར་སྟོན་པ་ཆེན་པོ་ཉིད་ཀྱིས་ནི་ཐེག་པ ་ཆེན་པོའི་ཆོས་ཀྱི་བཅུད་ཀྱི་དགའ་བ་དང་བདེ་བ་ཉེ་བར་སྟོན་པའི་ཕྱིར་རོ། །ཡོངས་སུ་དག་པ་ཆེན་པོ་ཉིད་ཀྱིས་ནི་(ལུས་ངག་ཡིད་ཀྱི)་ལས་རྣམ་པ་གསུམ་ཡོངས་སུ་དག་པས། འཇིགས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི ་ཕྱིར་ཏེ། (ལྷག་བསམ་དག་པའི་ས་ཐོབ་པ་ན)་ངན་འགྲོ་ལ་སོགས་པའི་འཇིགས་པའི་རྒྱུ་ཚུལ་ཁྲིམས་འཆལ་པ་ཉིད་ལ་སོགས་པ་མེད་པའི་ཕྱིར་རོ། །འཇིགས་པ་རྣམས་ནི་ལྔ་སྟེ། འཚོ་བ་མེད་པའི་འཇིགས་པ་དང། གྲགས་པ་མ་ཡིན ་པའི་(གྲགས་པ་མ་ཡིན་པ)་འཇིགས་པ་དང། འཆི་བའི་འཇིགས་པ་དང། ངན་སོང་གི་འཇིགས་པ་དང། འཁོར་གྱིས་བག་ཚ་བའི་འཇིགས་པའོ། །རྟོགས་པ་ཆེན་པོ་ཉིད་ཀྱིས་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ལུང་བསྟན་པའི་ས ་རྒྱད་པ་(མི་གཡོ་བ)་ཐོབ་པ་ལས་བགྲོད་པ་གཅིག་ཏུ་གྱུར་པ་སྟེ། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་(ས་བརྒྱད་པ་ཐོབ་བ་ཟླའོ)་རྣམས་ཀྱིས་བགྲོད་པར་བྱས་པའི་ལམ་ཐོབ་པའི་ཕྱིར་རོ། (།བྱང་ཆུབ་སེམས་དཔའ་)་དེ་རྣམས་ཀྱི་ཡང། གསེར ་ལས་བརྡུངས་བྱས་འདྲ་ཞིང་པདྨ་རྒྱས་པ་བཞིན། །བཀྲེས་པས་ཉེན་པ་ལ་གཡོས་ལེགས་ཁ་ཟས་བཟང་བ་འདྲ། །ཕྲིན་ཡིག་ལེགས་པ་རིག་འདྲ་རིན་ཆེན་སྒྲོམ་ཕྱེ་ལྟར། །ཆོས་དེ་འདིར་བཤད་པས་ཀྱང་དགའ་བའི་མཆོག་བསྐྱེད་དོ། །རྟོགས ་པའི་དོན་(ནམ་དོན་རྟོགས་པ)་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་རང་བཞིན་ཀྱི་ཆོས་(དེ་ནི)་བསྒྲུབ་པར་བྱ་བ་དང་བྱེ་བྲག་ཏུ་ཤེས་པར་བྱ་བ་དང། བསམ་པར་བྱ་བ་དང། བསམ་གྱིས་མི་ཁྱབ་པ་དང། ཡོངས་སུ་གྲུབ་པ་ཞེས་པ་རྣམ་པ་ལྔ། ་དཔེ་ལྔ་རྣམས་ཀྱིས་མདོ་སྡེ་རྒྱན་དུ་རྒྱས་པར་བསྟན་པར་རིག་པར་བྱའོ། །དེ་ལ་རིགས་ཕུན་སུམ་ཚོགས་པའི་(ཐེག་ཆེན་གྱི་རིགས་དང་ལྡན་པ)་ཐེག་པ་ཆེན་པོ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེས་པའི་རིམ་གྱིས་ཕྱིན ་ཅི་ལོག་(བདག་འཛིན་ལ་སོགས་པ)་ཐམས་ཅད་བསལ་ཏེ་(འདུན་པ་ལ་སོགས་པའི་སེམས)་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་བརྟེན་ནས། །སྒྲིབ་པ་སྤངས་པའི་(ཡང་ཡིན་པ)་མངོན་པར་ཤེས་པ་ལ་སོགས་པའི་ཁྱད་པར་དུ་འཕགས་པའི་ཡོན་ཏན ་འཕགས་པའི་ནོར་(ཡང་ཡིན་པ)་ལ་ལོངས་སྤྱོད་པའི་རྒྱུ་ཉིད་དུ་རྟོགས་ནས་འདུན་པ་ལ་སོགས་པའི་(བསམ་པ་ལྷག་པའི་བསམ་པ་སྦྱོར་བ་དང་ལྡན་པ)་སེམས་སྒྲུབ་པས། མོས་པ་སྤྱོད་པའི་སའི་བར་ལ་སྒྲུབ་པའི་སེམས་བསྐྱེད་(ཡང་ཡིན) ་པའི་ངོ་བོའི་ཆོས་ནི་གསེར་(ལེགས་པར་དག་པར་བྱ་པ)་བཞིན་དུ་དགའ་བ་མཆོག་སྐྱེད་པར་བྱེད་པའོ། །རབ་ཏུ་དགའ་བ་ལྷག་པའི་བསམ་པ་དག་པའི་ས་ལ་མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པས་དབེན ་པའི་ཁྱད་པར་དུ་སྐྱེས་པ་(དེ་ཁོ་ན་ཉིད)་མངོན་སུམ་དུ་བྱས་ཤིང་བྱེ་བྲག་ཏུ་ཤེས་པར་བྱས་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོའི་ཆོས་(སེམས་བསྐྱེད)་ནི་པདྨ་རྒྱས་པ་བཞིན་(དུ་དགའ་བ་བསྐྱེད་པོ་ཡིན)་ནོ། (།ས་དང་པོ་མངོན་སུམ་དུ་བྱེད་པའི་ཆོས)་དེ་ཁོ་ན ་དྲི་མ་མེད་པ་ལ་སོགས་པ་(རིང་དུ་སོང་བའི་བར)་འབད་རྩོལ་དང་བཅས་ཤིང་(བར་དང་བཅས་པ་དང་བར་མེད་པར)་མཚན་མ་མེད་པར་གནས་པའི་ས་དྲུག་རྣམས་སུ་བསམ་པར་བྱ་བ་ཚོགས་གཉིས་ཀྱི་མཐུ་དང ་ལྡན་པ་(ཱམ་སེམས་བསྐྱེད)་ནི་གཡོས་ལེགས་ཁ་ཟས་བཟང་པོ་བཞིན་(དགའ་བ་མཆོག་བསྐྱེད་པ་ཡིན)་ནོ། (།ས་བརྒྱད་པ)་མི་གཡོ་བ་ལ་སོགས་པ་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པར་གནས་པའི་ས་གསུམ་རྣམས་ལ་སྔོན་གྱི ་འདུ་བྱེད་ཡོངས་སུ་སྨིན་པ་བསམ་གྱིས་མི་ཁྱབ་པ་(ཱི་སེམས་བསྐྱེད)་ནི་ཕྲིན་ཡིག་ལེགས་སོ་རིག་པ་བཞིན་ནོ། (དགའ་བ་བསྐྱེད་པ་ཡིན)་སངས་རྒྱས་ཀྱི་ས་ལ་ཡང་ཡོངས་སུ་གྲུབ་པ་(ཱི་སེམས་བསྐྱེད་ནི)་བྱང་ཆུབ་ཀྱི་རང་བཞིན་ཏེ། ་(མདོ་སྡེ་རྒྱན་གྱི་བྱང་ཆུབ་ཀྱི་སྐབས་སུ)་སྒྲིབ་པ་ཀུན་གྱི་དྲི་མེད་པའི་།རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། (།པ་ནི་དཔེ)་རིན་ཆེན་སྒྲོམ་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་ཡང་དག་བསྟན། (།ཅེས་སོ)་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་རྟོགས་པའི་ཆོས་རྣམས་ནི་རྣམ་པ་སྣ་ཚོགས་པར་ངེས་པར་བསྟེན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱིས་རྣམ་པ་གཅིག་གོ་།འཇིག་རྟེན་པ་(ཚོགས་ལམ་དང་སྦྱོར་ལམ)་དང་འཇིག་རྟེན་ལས ་འདས་པའི་(མཐོང་ལམ་ཡན་ཆད་པ)་བྱེ་བྲག་དང་རྒྱུ་དང་འབྲས་བུའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་བཞིན་ཉིད་ཀྱི་གནས་སྐབས་གསུམ་གྱི་ཕྱིར་རྣམ་པ་གསུམ་ཡང་སྟེ། (རྒྱུད་བླ་མར། དག་དང་མ་དག་དག་པ་དང། ཤིན་ཏུ་རྣམ་དག་གོ ་རིམ་བཞིན། སེམས་ཅན་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་བ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར།)་སོ་སོ་སྐྱེ་བོའི་གནས་སྐབས་ན། (སྒྲིབ་པས།)་མ་དགེ་བའི་དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཅན་ནོ། །བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ལ་སོགས་པ ་བཅུ་རྣམས་སུ་(སྒྲིབ་པ་འགའ་ཞིག་གིས)་དག་ཅིང་(འགའ་ཞིག་གིས)་མ་དག་པ་སྟེ་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པ་(རྣམ་པ་དགུ)་རྣམས་ཇི་ལྟར་རིགས་པར་སྲིད་པའི་ཕྱིར་རོ། །སླར་ཡང་བྱང་ཆུབ་སེམས་དཔའ་ཨི ་ས་རྣམས་རྣམ་པ་གཉིས་ཏེ། (རིང་དུ་སོང་བ)་བདུན་པའི་བར་ནི་འབད་རྩོལ་དང་བཅས་པར་ཡིད་ལ་བྱེད་པ་ཉིད་ཀྱིས་ན་མ་དག་པའོ། (།ས་བརྒྱད་པ)་མི་གཡོ་བ་ལ་སོགས་པ་རྣམས་དག་ཅིང་མ་དག་པའོ། །དེ་བཞིན ་གཤེགས་པའི་ས་ལ་དག་པའོ། །རྣམ་པ་བཞི་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མར་རྟོགས་པ་པོའི་སྒོ་ནས་གསུངས་པ། རབ་ཏུ་དགའ་བ་ལ་(སྔོན་མཐོང་པའི་འཇིག་རྟེན་ལས་འདས་པའི་ཆོས་ཉིད་མཐོང་བའི་ཕྱིར།)་སེམས་དང་པོ་བསྐྱེད་པའི་བྱང་ཆུབ ་སེམས་དཔའ་ཨོ། །དྲི་མ་མེད་པ་ལ་སོགས་པ་དྲུག་རྣམས་ལ་(ཆལ་པའི་ངང་ཚུལ་གྱིས)་གོས་པ་མེད་པའི་སྤྱད་པ་སྤྱོད་པའི་ཕྱིར་སྤྱོད་པ་ལ་ཞུགས་པའོ། །མི་གཡོ་བ་ལ་ཕྱིར་(རྒྱུན་མི་འཆད་པར་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་སྦྱོར་བའི་ཏིང་ངེ་འཛིན་ལ་གནས་པའི་ཕྱིར) ་མི་ལྡོག་པའོ། །ཆོས་ཀྱི་སྤྲིན་ལ་(སངས་རྒྱ་བ་ལ)་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། སངས་རྒྱས་ཀྱི་ས་ལ་སྐྱེ་བ་ཐ་མ་གཅིག་གིས་བར་དུ་ཆོད་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོ་(སྐབས)་འདིར་འཇིག་རྟེན་ལས་འདས་པའི་སེམས་བསྐྱེད ་པ་རྣམས་ཀྱི་སེམས་དང་པོ་བསྐྱེད་པ་སྟེ་ཐོག་མར་མངོན་པར་རྟོགས་པ་ཉིད་ཀྱིས་གཙོ་བོ་ཉིད་ཀྱི་ཕྱིར། (སྤྱོད་པ་ལ་ཞུགས་པ་ལས)་ལེགས་པར་གསུངས་ཀྱི་(ས་དང་པོ)་འདིར་སྤྱོད་པ་མི་སྲིད་པ་ནི་མ་ཡིན་ནོ། (།ས་དང་པོ་ཡང་སྤྱོད་པ་ལ་ཞུགས་པ)་དེ་ཉིད་ཀྱི ་ཕྱིར་འཕགས་པ་རྣམ་པར་གྲོལ་བའི་སྡེ་ཡིས། (སྒྲུབ་པ་ལ་གདམས་པའི་བསྐབས་སུ)་མོས་པ་སྤྱོད་པའི་ས་དང་པོར་ཐེག་པ་ལ་ཡང་དག་པར་ཞུགས་པའོ། (།འམ་གནས་པ།)་རབ་ཏུ་དགའ་བ་ལ་སོགས་པ་ས་བདུན་རྣམས་ལ་སྤྱོད་པ་ལ་ཞུགས ་པའོ། མི་གཡོ་བ་ལ་སོགས་པའི་ས་གསུམ་ལ་ཕྱིར་མི་ལྡོག་པའོ། །ས་བཅུ་པ་ལ་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སོ་ཞེས་(ཚིག་ཇི་ལྟ་བ་བཞིན་མ་ཡིན་ཀྱང་དོན་གྱིས)་གསུངས ་སོ། འདིར་རྣམ་པ་དང་པོ་དག་ནི་འཇུག་པའི་ས་དང་ཚོགས་ཀྱི་སྒྲུབ་པ་དག་གོ་།མདོ་སྡེ་རྒྱན་དུ་ནི་(སེམས་བསྐྱེད་དེ་ནི་ས་རྣམས་ལ་མོས་དང་ལྷག་བསམ་དག་པ་དང་རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ་ཞེས་པའི་འགྲེལ་པར།)་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་རྣམ་པ་བཞི་སྟེ། མོས་པ་སྤྱོད་པའི་ས་ལ་ལྷག་པར་མོས་པ་ལས་བྱུང་བའོ། །ས་བདུན་རྣམས་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་པའོ། །བརྒྱད་པ་ལ་(རྒྱ་མཚོར་བཏང་བའི་གྲུ་པོ་ཆེ་ལྟར། ལྷུན་གྱིས ་གྲུབ་པས་རང་གི་ངང་གིས་འབྱུང་བས)་སོགས་པ་རྣམས་ལ་རྣམ་པར་སྨིན་པ་པའོ། །སངས་རྒྱས་ཀྱི་ས་ལ་སྒྲིབ་པ་མེད་པ་པའོ་ཞེས་རྟོགས་པར་མཛད་དོ། །འཕགས་པ་ལང་ཀར་གཤེགས་པའི་མདོར་ནི། སེམས་ཙམ་སྣང་བ་མེད་པ་དང། །གནས ་པ་དེ་བཞིན་སངས་རྒྱས་སོ། །འདི་རྣམས་སངས་རྒྱས་རྣམས་ཀྱིས་གསུངས། །གསུང་དང་སྨྲ་རུ་འཇུག་པ་ཡང། །གང་ཕྱིར་སེམས་ནི་ས་(སྔ་མ)་བདུན་རྣམས། །སྣང་མེད་འདིར་ནི་བརྒྱད་པའོ། །ས་གཉིས་འདིར་ནི་གནས་པའོ། །ལྷག་མའི ་ས་ནི་བདག་ཉིད་ཆེ་ཞེས་གསུངས་སོ། །སངས་རྒྱས་རྣམས་ཀྱིས་ཤེས་པ་ནི་ཇི་སྐད་དུ་གསུངས་པ། དེ་བཞིན་གཤེགས་པ་གཅིག་གིས་གསུངས་པའི་ཆོས་གང་དེ་སངས་རྒྱས་ཐམས་ཅད་ཀྱིས་(གསུངས་པ)་མ་ཡིན་པ་ཅུང་(སངས་རྒྱས་ཀྱི) ་ཟད་ཀྱང་མེད་དོ་ཞེས་སོ། །འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པར་ཡང། གཞུང་འགྲེལ་གྱིས་རྣམ་པ་ལྔ་དཀྲོལ་ཏེ། (ས་དང་པོ)་རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་དག་པའོ། །དེ་ནས་བདུན་པ་ཇི་སྲིད་པར་འབད་པ་དང་བཅས་པར ་མཚན་མ་མེད་པར་གནས་པའོ། །བརྒྱད་པ་ལ་ལྷུན་གྱིས་གྲུབ་པར་མཚན་མ་མེད་པར་གནས་པའོ། །དེ་ནས་བཅུ་པའི་བར་ལ་སྤྱོད་པ་ངེས་པ་ལ་ཞུགས་པའོ། །དེ་ནས་གོ?་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཨོ་ཞེས་སོ། (།འབུམ་ཊིཀ་ལས་ཀྱི?་ལོང?) ་གང་གསུངས་པ། ལྷག་པར་མོས་པ་པ་(ཚོགས་ལམ་སྦྱོར་ལམ)་དང། ལྷག་པའི་བསམ་པ་དག་པ་(ས་དང་པོ་རབ་ཏུ་དགའ་བ)་དང། མཚན་མ་མེད་པ་ལ་སྤྱོད་པས་གཉིས་པ་ནས་གཟུང་ནས་དྲུག་པའི་བར་དང་རྟན་ལས་འདས་པའི་དྲུག་པ་ལ་བར་དང ་བཅས་པར་མཚན་མ་མེད་པར་གནས་པ་དང། བདུན་པ་ལ་མཚན་མ་མེད་པར་མཛའ་གཅིག་ཏུ་(འབད་རྩོལ་གྱིས)་གནས་པ་དང། བརྒྱད་པ་ནས་གཟུང་ནས་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། མངོན་པར་འདུ་མི་བྱེད་ཅིང། མཚན་མ་མེད ་པར་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་རྣམ་པ་དྲུག་ཉིད་དོ། །དེ་ལ་(ནི་མི་ཏ་ཏའི་སྒྲས)་མཚན་མ་ལ་(ཱམ་རྒྱུ་མཚན)་སྤྱོད་པ་ཉིད་ནི་ཞི་གནས་ལ་སོགས་པའི་(རབ་ཏུ་འཛིན་པ་དང་བཏང་སྙོམས)་རྒྱུ་མཚན་གསུམ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར ་མདོ་སྡེའི་རྒྱན་དུ། ལྷག་པའི་བསམ་པ་དག་པ་པ་ཉིད་ན་ཡང་ས་ལྔ་པ་ཇི་སྲིད་པར་འབད་པ་དང་བཅས་པར་གནས་པའོ། །དྲུག་པ་དང་བདུན་པ་དག་མཚན་མ་མེད་པ་ཡང་ངོ་ཞེས་འབད་པ་དང་བཅས་ཤིང་མཚན་མ་མེད་པར་གནས་པ ་ཉིད་དཱུང་མངོན་པར་དགོངས་པ་ཁོ་ནར་(སྔར་བཤད་པ་ལྟར)་བསྒྲུབ་པར་བྱ་བ་ལ་སོགས་པ་ལྔ་རྣམ་པར་གཞག་པ་དང། (མདོ་སྡེ་རྒྱན་གྱི)་སེམས་བསྐྱེད་བའི་གནས་སྐབས་སུ་ནི་རྣམ་པ་བཞི་ཉིད་དུ་སྟེ་དྲི་མ་(ས་གཉིས་བ་ནས་བདུན་པའི་བར་ལ་གསུངས་པ) ་མེད་པ་ལ་སོགས་པའི་ས་རྣམས་ཀྱང་ལྷག་པའི་བསམ་པ་དག་པ་ཉིད་དུ་སོ་སོར་རྟོགས་པའི་དོན་དུའོ། །འོ་ན་བརྒྱད་པ་ནས་གཟུང་ནས་སྐྱེ་བ་གཅིག་གིས་ཐོགས་པ་ཉིད་དུ་(རབ་ཏུ་དགའ་བ་ཁོ་ནར་མ་ཟད)་སྔར་(ལན་གཅིག་ཕྱིར་འོང་བར་ཆད་གཅིག་པའི་སྐབས་སུ) ་གསུངས་ལ། འགའ་ཞིག་ཏུ་ནི་བཅུ་པར་དང་དེའི་སྟེང་དུ་(དམ་པ་ཏོག་དཀར་པོ་ལྟ་བུ)་ཡང་ངོ་ཞེས་པ་ཅི་ལྟར་ཞེ་ན། ཇི་ལྟར་སྤྱོད་པ་ལ་འཇུག་པ་ནི་སྔོན་རོལ་དུ་(རབ་ཏུ་དགའ་བ་སོགས་ས་བདུན་རྣམས་ལ)་ངེས་པ་མེད་པར་ཡིན ་ལ་བརྒྱད་པ་ནས་བཟུང་ནས་ངེས་པ་ཉིད་ན་ཡང་བཅུ་པ་ལ་ངེས་པ་མཐར་ཐུག་པས་ངེས་པ་ཉིད་དུ་གསུངས་པ་དེ་ལྟར་སྐྱེ་བ་གཅིག་གིས་ཐོགས་པ་ནི་བརྒྱད་པ་དགུ་པ་དག་དང་བཅུ་པ་དང་སྟེང་དུ་རིམ་པ་ཇི་ལྟ་བར་ངེས་པ་མེད་པ་དང ་ངེས་པ་དང་ངེས་པ་མཐར་ཐུག་པ་རྣམས་ཀྱིས་རྣམ་པར་གཞག་གོ་།གཞན་ཡང་གདུལ་བྱའི་དོར་མཉམ་པ་མེད་པའི་སྙིང་རྗེའི་རང་བཞིན་གྱི་སྐུ་ཅན་(སངས་རྒྱས)་རྣམས་ཀྱི་ཆོས་རྣམ་པར་གཞག་པ་མངོན་པར་དགོངས་པ་རྣམ་པ་སྣ ་ཚོགས་པ་ཉིད་དེ། (ཆོས་རྣམ་པར་བཞག་པ་སྣ་ཚོགས)་དེ་ལ་འགལ་བ་མེད་པ་ཁོ་ན་འབད་པས་བཙལ་བར་བྱའོ། །དེ་(འགལ་བ་མེད་པ་འབད་པ་ཚོལ་བ)་གལ་ཏེ་ཡོད་ན་ཐམས་ཅད་ལེགས་པར་གནས་སོ་ཞེས་པ་འདི་བཞག་སྟེ། དཀྱུས་མ ་རྗེས་སུ་སྦྲེལ་བར་བྱའོ། །བར་ཆད་མེད་པའི་(རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན)་ལམ་གྱི་དེ་མ་ཐག་པ་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་རྣམ་པ་བདུན་ཅུ་རྩ་གཉིས་པོ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ ་ལས་(བསྟན་བཅོས་སུ་སངས་རྒྱས་རྣམས་ཀུན་ཤིན་ཏུ་བ་ཅེས་གསུངས་པ)་ཤིན་ཏུ་བའི་རྣམ་པར་དག་པའི་ངོ་བོ་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་དང། ཉི་ཤུ་རྩ་གཉིས་(རིམ་པ་བཞིན)་དང་དངོས་གཞི་དང་མཇུག་གཉིས་དག་ནི་ཀུན་ཏུ ་བཟང་པོ་ཞེས་བྱ་བ་མིང་གཞན་དུ་ཀུན་ཏུ་འོད་སངས་རྒྱས་ཀྱི་ས་(བཏགས་པ་བ་མ་ཡིན་ན)་དངོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། འབྲས་བུའི་གནས་སྐབས་ཆོས་ཀྱི་སྐུ་མངོན་པར་རྟོགས་པ་བརྒྱད་པའོ། །དེ་རྟོགས་པ་ལས་བཅོམ ་ལྡན་འདས་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་མི་སློབ་པ་སྟེ་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་བདག་ཉིད་ཡིན་ཉིད་ཀྱི་ཕྱིར་རོ། །འདི་ཙམ་དུ་བསླབ་པར་བྱ་བ་ནི། གང་འདི་ཀུན་ནས་ཉོན་མོངས་པ་དང ་རྣམ་པར་བྱང་བའི་རྣམ་པར་རྟོག་པ་དག་སྤངས་པའི་ཆེད་དུ་ཡིན་ན་(སྲིད་ཞི)་དེ་གཉིས་ཀ་མཉམ་པ་ཉིད་དུ་རྟོགས་པ་ན་(བསླབ་པ་མཐར་ཕྱིན་པས)་མི་སློབ་པར་འགྱུར་རོ། །ཆོས་ཀྱི་སྐུ་དེའང་རྣམ་པ་བཞི་སྟེ། སྐུ་གསུམ་(སྲིད་པ) ་རྣམས་དང་མཛད་པའོ། །སྐུ་ནི་ལུས་ཏེ་སངས་རྒྱས་རྣམས་ཀྱི་ལུས་གསུམ་རྣམས་ནི་སྐུ་གསུམ་རྣམས་སོ། །བཅོམ་ལྡན་འདས་མ་ཆེན་མོ་(རྒྱས་པ་དང་བར་མ)་དག་ཏུ་གསུངས་པ་ནི། (སྒྲིབ་པ་མ་ལུས་པ་སྤངས་པས)་རྣམ་པ་ཐམས ་ཅད་ཡོངས་སུ་དག་པའི་(ཆོས་དབྱིངས)་ཟག་པ་མེད་པའི་ཆོས་(བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཉི་ཤུ་རྩ་གཅིག་པོ)་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་སུ་རིག་པར་བྱའོ།། (ཞེས་པས་སྐུ་དང་པོ་གསུངས)་གཞན་ཡང་(ཟག་མེད་ཀྱི)་ཆོས་ཐམས་ཅད་པོ་དེ་རྣམས་ཁོ་ན་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་མཚན་སུམ ་ཅུ་རྩ་གཉིས་རྣམས་དང་དཔེ་བྱད་བརྒྱད་ཅུ་རྣམས་ཀྱིས་བརྒྱན་པའི་སྐུ་ཅན་(ལོངས་སྤྱོད་རྫོགས་པའི་སྐུ)་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་(སེམས་དཔའ་ཆེན་པོ ་སྨོས་པས་འཕགས་པ་མ་ཡིན་པ་རྣམ་པར་གཅོད་པའི་ཕྱིར་རོ་ཞེས་དག་ལྡན)་རྣམས་ལ་ཐེག་པ་ཆེན་པོའི་ཆོས་དམ་པ། (སྒྲ་ཇི་ལྟ་བ་བཞིན་མ་ཡིན་གྱི་བསམ་པ་ཇི་ལྟ་བ་བཞིན་པ)་བླ་ན་མེད་པའི་རོལ་པ་དང་དགའ་བ་དང་(མཆོག་ཏུ་དགའ་དང། བདེ?་བ་ཉེ?་བར?)་ལོངས་སྤྱོད་པའི་ཆེད་དུ་སྟོན་པར ་བྱེད་དོ། (།ཞེས་བས་སྐུ་གཉིས་པ་གསུངས་པ)་གཞན་ཡང་ཆོས་ཐམས་ཅད་པོ་དེ་རྣམས་ཁོ་ན་རྟོགས་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་(སྤྲུལ་པའི་སྐུ)་ནི་ཕྱོགས་བཅུ་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། དུས་ཐམས་ཅད་དུ་སྤྲུལ་པ་སྣ་ཚོགས་པའི་སྤྲིན་གྱིས་སེམས་ཅན་ཐམས་ཅད་ཀྱི ་དོན་མཛད་དོ་ཞེས་(པས་སྐུ་གསུམ་པ་གསུངས)་སོ། །མདོ་སྡེ་དེ་དང་དེ་རྣམས་སུ་འང་སྐུ་གསུམ་རྣམས་ཁོ་ན་རྒྱས་པར་བསྟན་ཏོ། །མདོ་སྡེ་རྒྱན་དཱུང་(བྱང་ཆུབ་ཀྱི་སྐབས་སུ)་གསུངས་པ། སྐུ་གསུམ་རྣམས་ཀྱིས་སངས་རྒྱས་ཀྱི། །སྐུ་བསྡུས ་པ་ནི་ཤེས་བྱ་སྟེ། །སྐུ་གསུམ་རྣམས་ཀྱིས་(ལོངས་སྐུས)་རང་(དོན་དང་སྤྲུལ་སྐུས)་གཞན་གྱི། །དོན་འདི་(ངོ་བོ་ཉིད་ཀྱི་སྐུས)་བརྟེན་དང་བཅས་པར་བསྟན་ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང། (སྐུ་གསུམ་ལ་བསྟོད་པར)་གང ་ཞིག་གཅིག་མིན་དུ་མའང་མ་ཡིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ་ཞེས་པ་ལ་སོགས་པ་སྐུ་གསུམ་ཁོ་ན་བསྟོད་དོ། །འཕགས་པ་རྣམ་གྲོལ་སྡེའི་ཞབས་ཀྱིས་ཀྱང། (ཉི་བྲི་སྣང་བའི་སྐབས་བརྒྱད་པར) ་ཆོས་ཀྱི་སྐུ་ནི་(བརྗོད་པར་བྱ་བ་ཡིན་ལ་ཏེ)་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པ་པའོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསལ་བར་མཛད་དོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་བྱང ་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམས་སྒྱུ་མ་ལྷ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཆོས་ཀྱི་སྐུ་སྟེ་བཞི་པའོ་ཞེས་གང་དཱུང་རྣམ་པར་གཞག་པ་མེད་དེ། རྣམ་པར་གཞག་པ་དེ་ནི་སེང་གེ་བཟང་པོའི་རང་དབང་ལས་ཏེ ་སྤང་བར་བྱའོ། །འོ་ན་སློབ་དཔོན་དབྱིག་གཉེན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་རྣམ་པ་གསུམ་སྟེ་ཆོས་དང་ལོངས་སྤྱོད་རྫོགས་པ་པ་དང་སྤྲུལ་པ་པའོ། །དེ་ལ་ཆོས་སྐུ་རྣམ་པ་གཉིས་ཏེ། འདུས་བྱས་དང་འདུས ་མ་བྱས་སོ། །དེ་ལ་གང་འདུས་མ་བྱས་པ་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པ་(ཡིས་རབ་ཏུ་ཕྱེ་བའམ་དེ)་ལས་བྱུང་བ་སྟེ། དེ་ཁོ་ན་དོན་དམ་པར་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་(པའི་སྐུར)་དུ་རྟོགས་པར་བྱའོ། །གང་འདུས ་ཉས?་པའི་ཆོས་ཀྱི་སྐུ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་(སྟོབས་སོགས)་རང་བཞིན་ཏེ། གང་ཡོངས་སུ་དག་པའི་འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་ཆོས་ཀྱི་སྐུ་རྣམ་པ་གཉིས་ཉིད་ཀྱིས་ན་སྐུ ་བཞི་རྣམས་སུ་རྣམ་པར་བཞག་གོ་ཞེ་ན། མ་ཡིན་ཏེ་(གང་དེ་ཉིད་དུ)་རྣམ་པ་གསུམ་སྟེ་ཞེས་གསུངས་པའི་ཕྱིར་རོ། །ཆོས་ཉིད་ཀྱི་སྐུའི་ནི་(དེ་བཞིན་ཉིད་དག་པ)་ནང་དུ་ཆོས་ཀྱི་སྐུ་འདུས་བྱས་པ་བསྡུས་པ་(སངས་རྒྱས་སུ་བྱེད་པའི་ཆོས་རྣམས) ་ཁོ་ན་བརྗོད་པར་འདོད་པས་ཚུལ་སྐྱོགས་པ་ཡིན་གྱི་སྐུ་བཞི་པ་ཉིད་ནི་(བརྗོད་པར་འདོད་པ)་མ་ཡིན་ཏེ། ཇི་ལྟར་འཚད་པར་འགྱུར་བ་ལྟར་རོ། །དེའི་ཕྱིར་གསུམ་ཁོ་ན་མཛད་པའི་འཁོར་དང་བཅས་པས་ཆོས་ཀྱི་སྐུ་རྣམ་པ་བཞིར ་མངོན་པར་རྟོགས་པའི་རྒྱན་དུ་གསུངས་སོ། །དེ་ལ་(སྐུ)་དང་པོ་ནི་ངོ་བོ་ནི་(སྭ་བྷཱ་བ)་རང་བཞིན་ཡིན་ལ། ངོ་བོ་ཁོ་ན་(སྭ་བྷཱ་ཝེ་ཀ)་ངོ་བོ་ཉིད་དེ་(ཙན་དྲ་བར)་བི?་ན་ཡ་ལ་སོགས་པ་རྣམས་ལ་ཐ་ཀའོ་ཞེས་(ཱི་མངོན་པར་རྟོགས་པ་ནི) ་པ་རང་གི་དོན་ལ་ཐ?་(དེ་ཡན་གྱི་རྐྱེན)་ཀའོ། །དེ་ལྟར་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་རྣམས་ཀྱི་ངོ་བོ་སྐྱེ་བ་མེད་པ་མ་བཙོས་པ་འདུས་མ་བྱས་པ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་བྱ་བ་(སྐྱེ་འགག་ལ་སོགས་པའི) ་སྤྲོས་པའི་སྒྲོ་འདོགས་པ་མཛའ་དག་ལྡོག་པ་རང་བཞིན་མེད་པ་ཉིད་ནི་(རང་བཞིན་པའམ)་ངོ་བོ་ཉིད་ཀྱི་སྐུ་སྟེ། ངོ་བོའི་རྐྱེན་(ཏཱ)་ཕྱིས་པས་བསྟན་པའི་ཕྱིར་(དྷརྨ་ཏཱ་ཀཱ་ཡ)་ཆོས་ཉིད་ཀྱི་སྐུ་ཡིན་པས་(དྷརྨཱ་ཏཱ་ཡ)་ཆོས ་ཀྱི་སྐུ་འང་ངོ། (།རང་བཞིན་ཉིད་ཀྱི་སྐུ)་འདིར་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་འདའ་ཨོ་ཞེས་མྱ་ངན་ལས་འདས་པ་དང་རང་གི་དོན་ཕུན་སུམ་ཚོགས་པ་དང། གཟུགས་སྐུ་གཉིས་ཀྱི་རྟེན་ཉིད་ཀྱིས་(བདུལ་བྱ་རྣམས་ཀྱི)་སྐལ་པ་ཇི་ལྟ ་བར་ཕན་པ་སྣ་ཚོགས་པའི་མཛད་པ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་ཁྱབ་པའོ། །དེའི་ཚེ་(ཟག་མེད་ཀྱི་ཆོས)་གང་རྣམས་ཀྱི་རང་བཞིན་ཆོས་ཀྱི་སྐུ་ཡིན་པ་གློ་བུར་བའི་དྲི་མ་དང་བྲལ་བ་ལས་ཟག་པ་མེད་པ། གནས་(མཆོག་ཏུ)་གྱུར་པས ་ཡོངས་སུ་གྱུར་པ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་(སྟེ་མ་དག་པའི་ཆ་གཅིག་ཀྱང་མེད་པས)་སྤྲོས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས ་དེ་རྣམས་སྐུ་ཅིས་བསྡུས་ཤེ་ན། (ཆོས་ཐམས་ཅད་ཆོས་དབྱིངས་ལས་གཞན་པ་ཡིན་པས)་ངོ་བོ་ཉིད་(ཀྱི་སྐུ)་ཁོ་ནས་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པས་དབེན་པས་རང་བཞིན་མེད་པ་ཉིད་ཀྱི་(རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར) ་བདག་ཉིད་ཅན་གྱི་ཆོས་ཉིད་ཙམ་ཡིན་པ་ཉིད་ཀྱི་ཕྱིར་ལ། (བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ)་དེ་རྣམས་ཀྱི་མཚན་ཉིད་ཐ་དད་པ་ནི་(ཟག་མེད་ཀྱི་ཡེ་ཤེས)་དེ་རྣམས་ཀྱི་རྒྱུའི་གནས་སྐབས་ཀྱི་རྗེས་སུ་འབྲངས་པས་ཀུན་རྫོབ་པའོ། །དེ ་ཉིད་ཀྱི་ཕྱིར་གང་ཕྱིར་དབེན་པ་(ཆོས་ཉིད་ནི)་དབེན་གྱུར་(ཆོས་ཅན)་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་པ་དང། གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། (།ཆོས་ཅན)་དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་པའི་རིགས་པས་ཆོས་དང་ཆོས ་ཉིད་དག་ལ་ཐ་དད་མེད་པའི་ཕྱིར། ཆོས་དེ་རྣམས་ཀྱང་ཀུན་རྫོབ་ཏུ་ཡོད་པ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་སྒྱུ་མའི་རང་བཞིན་ཅན་གྱི་(ཟག་མེད་ཀྱི)་ཆོས་དེ་རྣམས་རྟོགས་པས་ཁོང་དུ་ཆུད་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་སོ ་སོ་རང་གིས་རིག་པར་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་དུ་དབུ་མ་ལ་འཇུག་པར། (དངོས་པོ་ཀུན)་སྐྱེ་(པ)་མེད་(པ་ནི)་དེ་བཞིན་ཉིད་དོ་གང་ཚེ་(དངོས་པོ་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པ)་བློ་ཡང་སྐྱེ་བ་དང་བྲལ་བ། །དེའི་ཚེ་(བློ)་དེ་ཡིས་དེ་བཞིན་ཉིད ་རྟོགས་བཞིན་ཏེ་(དེ་ཁོ་ན་ཉིད་སྐྱེ་བ་མེད་པ་ཡི)་དེའི་རྣམ་པར་སྟོན་(སྟེ་ཤར་བས་སོ)་པའི་ཕྱིར། །ཇི་ལྟར་(མོད་སྡབ)་སེམས་ནི་(སྔོན་པོ་སོགས)་གང་གི་རྣམ་པར་འབྱུང་བ་དེ་ནི་དེས་ནི་(སྔོན་པོ་སོགས)་ཡུལ། །ཡོངས་སུ་ཤེས་(ཤེས་ཐ་སྙད་བྱེད་ཀྱི་དངོས་པོར་ནི་ཕྱི་རོལ ་གྱི་དོན་མི་སྣང་བས་མི་ཤེས་སོ་ཞེས་འཇོག་པ)་ལྟར་དེའི་ཐ་སྙད་ཉེ་བར་བླངས་(ཤིང་བསྙད་ལ་བརྟན)་ནས་རིག་པར་གྱུར་(ཞེས་པ་བརྗོད་ཀྱི་དོན་དམ་པར་མ་ཡིན)་པའོ་ཞེས་སློབ་དཔོན་ཟླ་བ་གྲགས་པས་གསུངས་སོ། །རྒྱལ་པོའི་རིན་པོ་ཆེའི་ཕྲེང་བའི་རྣམ་པར ་བཤད་པར་ཡང། ཆོས་ཉིད་ཁོ་ནའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། (ཆོས་ཉིད་ཀྱི་སྐུ)་དེའང་ཆོས་ཐམས་ཅད་ཀྱི་ལུས་ཉིད་ཀྱིས་ཏེ་(དེ་ལྟར་ན)་འགྲོ་བ་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་དང། འཇིག་རྟེན ་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་(རྣམས་ཆོས་ཉིད་རྟོགས་པ་ལས་འབྱུང་བས་ཏེ)་ཐམས་ཅད་ཀྱི་རྟེན་ཉིད་ཀྱིས་ན་སྐུའོ། །རྟེན་གྱི་དངོས་པོའང་དེའི་(བརྟེན་པར་བྱ་བ)་འཇུག་པ་ཐོབ་པས་ལྟ་བར་བྱའོ་ཞེས་གསུངས་སོ། །དེ་ལྟར་ན ་རྟེན་ཆོས་ཉིད་དང་(རྟེན་བྱ་ཟག་པ་མང་པའི)་ཆོས་རྣམས་ནི་ཀུན་ཏུ་དེ་ལས་བྱུང་བ་རྣམས་དང་དེའི་བདག་ཉིད་ཀྱིས་སོ་ཞེས་པས་ནི་ཆོས་རྣམས་ཀྱི་སྐུ་(ཱམ་ཚགས་པ)་གང་ཡིན་པ་ནི་ཆོས་ཀྱི་སྐུའོ། །ཞེས་སྐུ་བཞི་པ་ནི་ཕ་རོལ་ཏུ་ཕྱིན་པའི ་ཚུལ་ལ་ངེས་པར་བསྟན་པ་མེད་དོ། །སྔགས་ཀྱི་ཚུལ་ལས་ནི་གདུལ་བྱའི་ཁྱད་པར་གྱི་ངོར་ཆོས་ཉིད་ལོགས་པ་བཞིན་དུ་རྣམ་པར་བཞག་པས་(སྐུ་བཞི་པ)་ངེས་པར་བསྟན་ཏོ། །དངོས་པོར་ན་(སྔགས་ཀྱི་ཚུལ)་དེར་ཡང་ལོགས ་པར་གྱུར་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་(སྔགས་ཀྱི་གཟུང)་འགའ་ཞིག་ཏུ་ཆོས་ཀྱི་སྐུའི་སྒྲས་(ཱི་རྣམ་གྲངས་ཀྱི)་ངོ་བོ་ཉིད་ཀྱི་སྐུ་བརྗོད་པར་བྱ་ལ། འགའ་ཞིག་ཏུ་ངོ་བོ་ཉིད་ཀྱི་སྐུའི་སྒྲས་(ཱི་རྣམ་གྲངས་ཀྱི)་ཆོས་ཀྱི་སྐུའོ། (།བརྗོད་དོ)་ཁ་ཅིག་ཏཱུང ་སྐུ་གཉིས་ཀྱི་རང་བཞིན་ཆོས་དང་ཆོས་ཉིད་ཟུང་ནི་དེའི་བདག་ཉིད་ཀྱིས་འབྲེལ་པའི་ཕྱིར་དང། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་གི་ངོ་བོ་ཉིད་ཀྱིས་འབྲེལ་པ་ཞེས་ཟུང་འཇུག་དང་ཟུང་འཇུག་གི་སྐུ་དང་ངོ་བོ་ཉིད་(ངོ་བོ་ཉིད་པ་ཆོས་ཀྱི) ་ཀྱི་སྐུར་ཡང་ངོ། །གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གསུངས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེར་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་བའི་སྐུར་ཡང་བརྗོད་པར་བྱ་སྟེ། སྔོན་གོམས་པའི་ཚོགས་ཀྱི་འཕེན་པ་ལས་ངོ་བོ་ཉིད་ཀྱི་སྐུས་སྤྲུལ་པ ་ཉིད་ཀྱི་ཕྱིར་རོ། །འབའ་ཞིག་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་(སྔགས་ཀྱི་ཚུལ)་དེར་བཅོམ་ལྡན་འདས་ཀྱི་(སྔགས་ཀྱི་ཚུལ)་གསུང་ཁོ་ནའོ། །གང་ཡང་(ཕ་རོལ་ཏུ་ཕྱིན་པའི་ཐེག་པ)་འདིར་སྤྲུལ་པའི་སྐུ་དེ་ནི་(སྔགས་ཀྱི་ཚུལ)་དེར་ཡང་དོ། (།ར་བྱས་པ) ་གང་རྟོགས་པའི་བདག་ཉིད་ཀྱི་ཆོས་ཀྱི་སྐུའི་རང་བཞིན་ཡང་ལྡོག་པའི་ཁྱད་པར་ཐ་དད་པ་ལས་(གཉིས་སུ)་ཐ་དད་པ་སྟེ། (མཚན་ཡང་དག་པར་བརྗོད་པར)་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཞེས་པ་ལ་སོགས་པ་སྐུ་ལྔ་པའང། (སྤྲུལ་པའི་སྐུ) ་གསུངས་ལ། (སྐུ་ལྔ)་དེ་ནི་དེ་ལ་མོས་པ་(ཱི་གང་ཟག)་རྣམས་ཀྱིས་བདག་ཅག་གིས་བྱས་པའི་རྒྱ་ཆེར་འགྲེལ་མན་ངག་སྙེ་མ་དང་འཇིགས་པ་མེད་པའི་གཞུང་འགྲེལ་དུ་གསལ་བར་ཤེས་པར་བྱ་སྟེ། འདིར་བརྩམ་པའི་འབྲེལ་པ་མེད ་པས་ཆོག་གོ་།དེའི་ཕྱིར་སྐབས་སུ་མ་བབ་ཅིང་མི་འཐད་པ་ཕྱོགས་གཞན་ནས་(སྔགས་ཀྱི་ཚུལ)་གསུངས་པའི་སྐུ་བཞི་རྣམ་པར་བཞག་པ་ནི་སེང་གེ་བཟང་པོའི་འོ་ཞེས་གནས་སོ། (།སྐུ)་གཉིས་པ་ནི་(སྐུ)་གང་སྟོན་པ་(སངས་རྒྱས)་རང་ཉིད་ཀྱི་(ཆོས)་བསྟན་པ ་ལས་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དགའ་(པ་དང)་བདེ་བ་ཉམས་སུ་མྱོང་བར་འགྱུར་ཞིང། ཉན་པ་པོ་(བྱང་ཆུབ་སེམས་དཔའ་)་ས་བཅུའི་དབང་ཕྱུག་རྣམས་ལའང་ཟབ་པ་དང་རྒྱ་ཆེ་བའི ་ཆོས་སྟོན་པའོ། (།སྐུ)་དེ་(ཚུལ)་དེ་ལྟར་ལོངས་སྤྱོད་དེ། ཡང་དག་པར་ལོངས་སྤྱོད་པ་ནི་ལོངས་སྤྱོད་རྫོགས་པའམ། ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུས་ནས་ལོངས་སྤྱོད་རྫོགས་པ་ནི་ལོངས་སྤྱོད་རྫོགས་པའོ། །དེ་འོ ་ཆེད་དུ་རབ་ཏུ་འབྱུང་ངོ་ཞེས་པ་ལོངས་སྤྱོད་པའི་སྐུ་དང། ལོངས་སྤྱོད་རྫོགས་པ་ཉིད་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་ཆེད་དུ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐཱུང་སྟེ། མཚན་དང་དཔེ་བྱད་མཆོག་ཏུ་འབར་བ་(རྒྱལ་བ)་རང་གི་དོན་ཕུན ་སུམ་ཚོགས་པ། གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པའང་ངོ། །ཡང་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་སྟེ་ཡོངས་སུ་སྐྱོད་བར་བྱེད་ངའམ་ལོངས་སྤྱོད་དུ་འཇུག་པ་དང། དེ་རྣམས ་ཀྱིས་(ལོངས་སྤྱོད་རྫོགས་པའི་སྐུ)་འདི་(ཆོས་བསྟན་པ)་དེ་དང་དེའི་(ཆོས)་བརྗོད་པར་བྱ་བའང་ཉམས་སུ་མྱོང་བ་ལས་ཡང་དག་པར་ལོངས་སྤྱོད་པར་བྱའོ་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །གང་སློབ་དཔོན་ཟླ་བ་གྲགས་པས་(བྱང་ཆུབ་སེམས་དཔའ་) ་གསུངས་པ། སངས་རྒྱས་རྣམས་ཀྱི་གཟུགས་(ཀྱི)་སྐུ་ནི། མཚན་དང་དཔེ་བྱད་རབ་འབར་ཞིང། །སྐྱེ་བོ་རྣམས་ལ་(ཕན་པའི་ཆེད་དུ)་སྣ་ཚོགས་གཟུགས། (།སྐྱེ་བ)་རང་(རང་གིས)་མོས་(པའི)་དབང་གིས་འཛིན་(རྒྱབས་གསུམ་བདུན་ཅུ་བར) ་པར་བྱེད། །བསོད་ནམས་ཚོགས་ནི་དཔག་མེད་ལས། །བྱུང་(ཞིང་འཁྲུངས)་པ་(ལོངས་སྤྱོད་རྫོགས་པའི་སྐུ)་དེ་ནི་རྒྱལ་པའི་སྲས། (རབ་དགའ་ལ་སོགས)་ས་བཅུ་ལ་ནི་གནས་རྣམས་ཀྱི། །དེ་ལྟ་བུ་ཡི་སྐུར་གཟིགས་སོ། །འདི་དེ ་ཆོས་རྫོགས་ལོངས་སྤྱོད་ལས། །རྒྱལ་(བའི)་སྲས་(ས་བཅུ་པའི་སེམས་དཔའ་)་རྣམས་ཀྱིས་སྤྱང་བྱའོ། །ཆོས་རྣམས་རང་བཞིན་ཁོ་ན་ལ། (།རྟོགས་པས)་གནས་པའི་བློ་ལ་སངས་རྒྱས་བརྗོད། །འོག་མིན་གཞལ་(ལོངས་སྤྱོད་རྫོགས་པའི་སྐུ) ་ཡས་ཁང་དུ་ནི། །དེ་(ཁོ་ན)་ཉིད་མངོན་སུམ་བྱ་བར་བཞེང། །རྣམ་པར་རྟོག་(པ)་མེད་(ཅིང་མི་མདའ་བའ་ཨི)་སངས་རྒྱས་ཀྱི། །གཟུགས་ཀྱི་སྐུ་རྣམས་ཡང་དག་འབྱུང། །སྤྲུལ་པའི་སྐུ་རྣམས་བྱང་(ཟླ་གསང་ཐིག་ལེའི་རྒྱུད་སྔགས་དོན་རྣམས་གཟིགས་ལེའུ ་དྲུག་པ་དྲངས་པ་གནས་གཙང་མ་རྣམས་སྤངས་པ་ཡིས། འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོར་ནི་འདིར་འཚང་རྒྱ་ཞེས་པ་ལྟར།)་ཆུབ་པ། །སའི་སྟེང་དུ་(གླེང་བཞི་པ་བྱེ་བ་ཕྲག་བརྒྱར)་སྟོན་པར་བྱེད་ཅེས་སོ། །སློབ་དཔོན་ཙནྟ་གོ་མིས་ཀྱང་གསུངས ་བ། དེ་བཞིན་ཉིད་ནི་ཆོས་སྐུའོ་འདི་རྣམ་རྟོག་རྣམས་ཀྱི་སྤྱོད་ཡུལ་མིན། (།ཆོས་ཐམས་ཅད་དེ་བཞིན་ཉིད་ལས་གཞན་མ་ཡིན་པས་ན)་སེམས་ཅན་ཀུན་དང་དོན་ཀུན་གྱི། །རང་བཞིན་(ཆོས་སྐུར་གྱུར་པའི་རང་བཞིན)་དེ་ནི་གཉིས་མེད་པའོ། །སྣ་ཚོགས་གཟུགས ་ཅན་སྐུ་རྣམས་དང་འགྲོ་རྣམས་དེ་བཞིན་ཉིད་ངོ་བོར། (།ཆོས་སྐུ)་གང་དུ་རོ་གཅིག་གྱུར་པ་ན། །རྒྱ་མཚོ་རུ་ནི་ཆུ་བོ་(རྣམས་ཆུང་རེ་གཅིག་པ)་བཞིན། །འདི་དེ་རྣམ་པ་དེ་ལྟའི་སྐུ། །སྐྱོབ་པ་འདི་ཡི་ཆོས་སྐུའོ། །རྣམ་པ་ཐམས་ཅད་(དུ་སྒྲིབ་པ་ཀུན) ་རྣམ་དག་ཕྱིར། (།ཆོས་སྐུ་ནི)་རྫོགས་པའི་བྱང་ཆུབ་ཁོ་ནའི་ཡུལ། །འཇིག་རྟེན་རྣམས་སུ་ལྷུན་གྲུབ་པར། རྟག་ཏུ་(ཆོས་སྐུ)་དེ་ཡི་ནུས་པ་(གཟུགས་སྐུ་དང་ཕྲིན་ལས)་རྣམས། །ཉི་མའི་འོད་ཟེར་རྣམས་བཞིན་དུ། །མཛའ་ཡས་པ་ཡི་དོན ་རྣམས་མཛད། །དམུས་ལོང་ལྟ་བུ་བདག་(ཅག་རྣམས)་བཞག་པ། (།དེ་མ་བཏེགས་པ)་རང་གི་བསོད་ནམས་ཀྱིས་བསྐྱེད་པའི། །མིག་ཅན་ས་(བཅུའི་དབང་ཕྱུག་སོགས)་ཀུན་གྱི་གཅིག་པུ་སྟེ། (།སངས་རྒྱས་གཟུགས་སྐུ)་ཅིག་ཅར་ཉི་མ་བཞིན་དུ་མཐོང། །དེའི་ཆོས ་བདུད་རྩིའི་བཅུད་ཀྱིས་ལེན། །འོན་པ་ལྟ་བུ་བདག་བཞག་པའི། །སྐལ་བ་ལྡན་རྣམས་བསོད་ནམས་ཀྱིས། །བསྐྱེད་པའི་རྣ་བས་ད་ལྟ་འང་ཉན། །སྐད་ཅིག་(མ)་སྐད་ཅིག་ཐེག་(པ)་གསུམ་(རྣམས)་ཀྱིས། །ས་བོན་ཇི་ལྟར་བསམ་ཇི་ལྟར། (།སངས་རྒྱས) ་མཛའ་མེད་(པའི་ཡུལ)་ཕྱོགས་(རྣམས)་སུ་མཛའ་ཡས་པའི། །སེམས་ཅན་(སངས་རྒྱས་ཀྱི་གཟུགས་སྐུ)་འདི་ཡིས་སྤྱོད་པ་མཛད། །ཅེས་སོ། །གསུང་པ་ཡང་(གསེར་འོད་དམ་པའི་མོད་སྡེར། སྐུ་འདི་གཉིས་ལ་མུ་བཞི་གསུངས་པའི་སྤྲུལ་པའི་སྐུ་ཡང་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན ་པ་དེ་གང་ཞེ་ན། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྐུའོ་ཞེས་གསུངས་སོ།)་།སྤྲུལ་པ་ནི་སྤྲུལ་པར་བྱས་པ་ཡིན་ཞིང་(སྤྲུལ་པ)་དེས་རྫོགས་པར་བྱས་པའི་སྐུ་ནི་སྤྲུལ་པ་པ་སྟེ། (ཡུལ)་ཐམས་ཅད་དུ་(དུས)་ཐམས་ཅད་ཀྱི་ཆོ་འཁོར་བ་ཇི་སྲིད་པ་དང་ནམ་མཁའ་ཇི་སྲིད ་པར་དུས་(འདུལ་བྱ་འདུལ་བར་རུང་བའི)་ཇི་ལྟ་བ་དང་(འདུལ་བྱའི)་བསམ་པ་ཇི་ལྟ་བར་མངོན་པར་མཐོ་བ་ངེས་པར་ལེགས་པ་མཛའ་དག་སྒྲུབ་པ་ནི་སྤྲུལ་པའི་ཕྲིན་ལས་དང། སྤྲུལ་པའི་སྐུ་སྟེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པའི ་གཟུགས་ཅན་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པའོ། །དེ་ལྟར་ནི་ཐང་དང་ཆུ་དང་བར་སྣང་ལ་སྤྱོད་པའི་བརྟན་པ་(ཕྱིའི་སེམས་སོ)་རང་གཡོ་བ་(སེམས་ཅན)་ཇི་སྙེད་པར་སྐུ་དང་གསུང་གིས་ཡང་དག་པར་བསྡུས་པའི་ཆོས་བཅོམ་ལྡན ་འདས་ཀྱིས་སྤྲུལ་པ་རྣམས་ནི་སེམས་ཅན་རྣམས་འདུལ་བའི་ཆེད་དུ་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་རྣམས་སུ་སྟེ། སྤྲུལ་པའི་སྐུའི་མཛའ་ཡས་པ་དེ་རྣམས་ཀྱང་སྒྱུ་མའི་(ས་སྤྲུལ་པ)་སྐྱེས་བུ་(ལ་ཤེས་རིག་མེད་པ)་བཞིན་དུ ་སེམས་དང་སེམས་ལས་བྱུང་བས་སྟོང་པའོ། །ཇི་ལྟར་(སྤྲུལ་པ)་དེ་རྣམས་ཀྱི་སྐུ་དང་གསུང་དག་ལ་སྤྲུལ་པ་དེ་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མི་སྤྲུལ་པ་ཅི་ཞེ་ན། (སེམས་དང་སེམས་བྱུང)་དེའི་ཉེ་བར ་ལེན་པ་མེད་པའི་ཕྱིར་དང། སྔ་(རྣམ་འགྲེལ་དུ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་དང། སྔ་ན་མེད་པ་བྱུང་བ་ལ། །ཆགས་སོགས་ངེས་མེད་ཐལ་བར་འགྱུར། །ཞེས་པས)་ན་མེད་པ་མི་འབྱུང་བའི་ཕྱིར་རོ། །འོ་ན་སེམས་དང་སེམས་ལས་བྱུང ་བ་སྤྲུལ་པ་པའང་འདོད་པ་མ་ཡིན་ནམ། སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་སྤྲུལ་པ་སྟེ་(ཕན་བདེ་ལ)་རབ་ཏུ་སྦྱོར་བའི་ཐབས་ཀྱི་ལས་ཅན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། བདེན་ཏེ་(ཐུགས་སྤྲུལ་པ་ཡང)་འདོད་མོད ་འོན་ཀྱང་ཉེ་བར་ལེན་པ་ཡོད་ན་སྟེ། ལྷའི་བྱིན་རླབས་ཀྱིས་རྨི་ལམ་(སྨི་བ་སོ་ཤེས་པ་ཉེར་ལེན་བྱས་ནས)་མཐོང་བ་(རིག་པ་འམ་གོ་བར་བྱེད་པ)་བཞིན་དང། བརྗོད་པས་ངག་གི་དོན་རིག་པ་བཞིན་ནོ། །འོ་ན་གང་སྤྲུལ་པ་དེ་རྣམས་ཅི་ལྟར་བཅོམ ་ལྡན་འདས་ཀྱི་སྐུ་ཡིན། བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་ཕྱིར་རོ་ཞེ་ན་ནི་དེའི་ཚེ་སྒྱུ་མ་མཁན་གྱི་སྤྲུལ་པ་(ཱི་ཕྱིར)་གླང་པོ་ཆེ་ལ་སོགས་པ་རྣམས་སྒྱུ་མ་མཁན་གྱི་ལུས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་གི་སྐུ་ཉིད་དུ ་བྱིན་གྱིས་རླབས་ནས། དེས་(བཅོམ་ལྡན་འདས)་སྤྲུལ་པའི་ཕྱིར་དང། རང་གི་སྐུ་བཞིན་དུ་གཤེགས་པ་དང། ཐ་སྙད་བྱེད་པ་ལ་སོགས་པའི་དཀའ་སྤྱད་རྣམས་ལ། བྱ་བ་བྱེད་པའི་ཕྱིར་(སྤྲུལ་པ)་དེ་རྣམས་ཀྱང་(སངས་རྒྱས) ་དེའི་སྐུ་རྣམས་སོ་ཞེས་པ་འདི་ནི་བཅོམ་ལྡན་འདས་ཀྱི་སྤྲུལ་པ་པའི་སྐུའོ། །སྐུ་(མདོ་སྡེ་བརྒྱན་དུ་བྱང་ཆུབ་ཀྱི་སྐབས་སུ་རང་བཞིན་དང་ནི་རྒྱུན་མི་འཆད་རྒྱུན་གྱིས་དེ་དག་རྟག་པ་ཉིད་ཅེས་པས)་གསུམ་པོ་དེ་རྣམས་ཀྱང་རྟག་པ་རྣམས་ཏེ། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རང་བཞིན་རྟག ་པ་ཉིད་ཀྱི་རྟག་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མི་ཉམ་པའི་(ཱམ་རྒྱུན་མི་འཆད་པ)་རྟག་པ་ཉིད་ཀྱིས་ན་རྟག་པ་སྟེ་ཐོག་མ་ཡོད་ཀྱང་ཐ་མ་མེད་པའི་(ཱམ་ཉམས་པར་འགྱུར་བ)་ཕྱིར་རོ། །དེ་བཞིན་དུ ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་(ཟག་པ་མེད་པ)་ཆོས་ཀྱི་ཕུང་པོ་འང་ངོ། །སྤྲུལ་པའི་སྐུ་ནི་རྒྱུན་རྟག་པ་ཉིད་ཀྱིས་རྟག་པ་སྟེ་(ཐེག་པ་ཆེན་པོ་བསྡུས་པ་དག?་ལ་ལར་རྫོགས་པར་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་འདས། །རྣམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ ་རྟག་པའི་སྐུ། །ཞེས་གསུངས་པ་ལྟར།)་མི་སྣང་བར་གྱུར་ནས་ཡང་དང་ཡང་དུ་ཡུལ་(ཕྱོགས)་ཐ་དད་པར་འཇུག་པའི་ཕྱིར་རོ། (།སྤྲུལ་སྐུ་རྒྱུན་གྱི་རྟག་པ)་དེ་བཞིན་དུ་མཛད་པའང་རྟག་པ་ཉིད་དོ། (།ཅེས་སོ)་དེ་ལྟར་ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་རྣམས་ཀྱི་དོན ་དམ་པ་པའི་ལུས་སོ། །དེ་སྐད་དཱུང་གསུངས་པ། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་པ་འདི་ནི་ཡང་དག་པའི་དེ་བཞིན་ཉིད་ཀྱི་ཚིགས་བླ་དགས་སོ་ཞེས་སོ། །འདི་(མདོ་ནས་གསུངས་པའི)་ཡང་དག་པའི་དེ་བཞིན་ཉིད་(ཉོན་མོངས་པ་དང ་ཤེས་བྱའི་སྒྲིབ་པ་མ་ལུས་པ)་ནི་རྣམ་པར་དག་པར་(ས་རབ་ཏུ་ཕྱེ་བ་འམ)་བྱུང་བའོ། །འགའ་ཞིག་ཏུ་དེ་བཞིན་ཉིད་ཅེས་པ་དང། ཆོས་ཉིད་ཅེས་པ་ཡང་(དག་མ་དག་གཉིས་ཀ)་སྤྱིར་གསུངས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་དག་དོན་དམ ་པར་(སྟོང་པ་ཉིད་ཡིན་པས)་བྱེ་བྲག་མེད་པར་བསྟན་པའི་དོན་དུའོ། །གང་(དེ་བཞིན་ཉིད་རྣམ་པར་དག་པ)་དེ་ལ་རག་ལས་པ་སངས་རྒྱས་སུ་བྱེད་པའི་ཆོས་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་པའི་སྐུ་ཞེས ་པ་གསུམ་པོ་དེ་ནི་ཀུན་རྫོབ་པའི་ལུས་འཇིག་རྟེན་ལས་འདས་པའི་ལམ་གྱིས་འདུས་བྱས་(ཤིང་བསྐྱེད)་པ་སྟེ། དོན་དམ་པར་རང་བཞིན་མེད་པའི་ཆོས་ཀྱི་(ཆོས་ཉིད)་དབྱིངས་ཀྱི་རང་གི་ངོ་བོ་གྲངས་ཇི་ལྟ་བ་བཞིན་ ་དུ་(ཟག་མེད་ཀྱི་ཡེ་ཤེས་རྣམས)་ཡང་དག་པར་རྫོགས་པའི་སངས་རྒྱས་(ལོངས་སྤྱོད་རྫོགས་པ)་དང་ས་བཅུའི་དབང་ཕྱུག་རྣམས་ལ་ཡང་དང། (སྤྲུལ་བ་ནི་ས་བཅུ་པ)་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་ ་ལ་སོགས་པ་(ཉན་ཐོས་དང་སོ་སོ་སྐྱེ་བོ)་རྣམས་ལ་ཡང་སོ་སོར་སྣང་བཞིན་པའོ། །འོ་ན་སྤྲུལ་པའི་སྐུ་ཆོས་ཀྱི་སྐུ་ལ་རག་ལས་བར་འགྱུར་མོད་དེ། (ཆོས་ཀྱི་སྐུ)་རེའི་དབང་གིས་(སྤྲུལ་སྐུ)་དེ་ཡུལ་དེ་དང་དེར་མཛའ་ཡས་པ་འབྱུང ་བའི་ཕྱིར་ཡིན་ན། ལོངས་སྤྱོད་རྫོགས་པ་ཅི་ལྟར་(ཆོས་སྐུ་ལ་རག་ལས་པ)་ཡིན་ཏེ། གང་གི་ཕྱིར་(ལོངས་སྐུ)་དེ་ནི་དཔག་ཏུ་མེད་ཅིང་ཤིན་ཏུ་ཡོངས་སུ་དག་པའི་བསོད་ནམས་ཀྱི་ཚོགས་ལས་ངེས་པར་འཁྲུངས་པ་འོག་མིན་གྱིས ་ལ་བཞུགས་པ་སྟེ། སྐུ་དེ་ཁོ་ན་ལ་བརྟེན་ནས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་རྫོགས་པར་བྱང་ཆུབ་པའི་ཕྱིར་ཏེ་དེ་ལས་རག་ལས་པ་ཁོ་ནར་རིགས་སོ་ཞེ་ན། དེ་ལྟར་མ་ཡིན་ཏེ་ཆོས་ཀྱི་སྐུ་མངོན་པར་རྫོགས་པའི་བྱང ་ཆུབ་པ་ཡོད་ན་གཞན་ལ་མི་སྣང་བ་མཆོག་ཏུ་ཕུལ་དུ་བྱུང་བ་(ལོངས་སྤྱོད་རྫོགས་པ)་དེ་འབྱུང་བ་ཁོ་ནའི་ཕྱིར་དང། (ཆོས་ཀྱི་སྐུ)་དེའི་དབང་གིས་ཀྱང་བླ་ན་མེད་པའི་ཆོས་བསྟན་པས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་བླ་ན ་མེད་པའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་དགའ་བ་དེ་ཉམས་སུ་མྱོང་བ་རྫོགས་པར་ལོངས་སྤྱོད་པ་སྟོན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་དེའི་བསྒྲུབ་པར་བྱ་བ་ཉིད་ཀྱང་མ་ཡིན་ཏེ། (ཆོས་སྐུ)་དེ་ནི་འདུས་མ་བྱས་པ་ཉིད་ཀྱི་ཕྱིར། (ཆོས་སྐུ)་དེ ་ཐོབ་པའི་ངོར་ཡེ་ཤེས་ཀྱི་ཚོགས་ཁོ་ན་གཙོ་བོར་ནུས་པ་ཡིན་ལ་(ཆོས་སྐུ་དེའི་རིན་ཆེན་ཕྲེང་བ་ལེའུ་གསུམ་པ་ལ། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་དང། བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཤེས་གསུངས་པས།)་དོ? ་བསོད་ནམས་ཀྱི་ཚོགས་ནི་རྗེས་སུ་མཐུན་པ་ཙམ་མོ། །ཡེ་ཤེས་ཀྱི་ཚེགས་དེའང་ལོངས་སྤྱོད་རྫོགས་པ་(ཱི་སྐུ)་འདིའི་ངོར་རྗེས་སུ་མཐུན་པ་ཉིད་དོ། །དོན་དམ་པར་ཡང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་ཆོས་ཀྱི་སྐུར་རོ ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་ཁོ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་ཞེས་པའོ། །ཇི་སྐད་དུ་འཕགས་པ་རྡོ་རྗེ་གཅོད་པར་གསུངས་པ། (སྐྱེ་བོ)་གང་རྣམས་(རྫོགས་པའི་སངས་རྒྱས)་དེ་ལ་གཟུགས་སུ་(ཆོས་ཉིད་དྲི་བྲལ་དུ) ་མཐོང། །གང་རྣམས་ལ་ང་སྒྲར་རྟོགས་པ། །ལོག་པར་བཅོམ་པར་རབ་སྐྱེས་པའི། །སྐྱེ་བོ་དེས་(རྣམས)་ནི་ད་མི་མཐོང། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་སངས་རྒྱས་བལྟ་བར་བྱ། །ཆོས་ཉིད་རྣམ་པར་ཤེས་བྱའང ་མིན། (།ཆོས་ཉིད)་དེ་ནི་རྣམ་པར་ཤེས་མི་ནུས་ཤེས་སོ། (།སྐྱེ་བོ)་གང་རྣམས་གཟུགས་ཀྱི་སྐུ་མཐོང་བ་ཙམ་(གྱིས)་འམ་(གསུང)་དབྱངས་རྗེས་སུ་ཐོས་པ་ཙམ་གྱིས། །དེ་བཞིན་གཤེགས་པ་བདག་ཅག་གིས་(རིམ་པ་ལྟར)་མཐོང་ངོ ་ཤེས་སོ་ཞེས་སེམས་པ་དེ་རྣམས་ལོག་པ་སྟེ་སངས་རྒྱས་མཐོང་བ་ལ་གེགས་བྱེད་པའི་ལས་ཀྱི་སྒྲིབ་པས་བཅོམ་པ་རབ་ཏུ་སྐྱེས་པ་སྟེ། དེ་(གཟུགས་སྐུའི་གསུང)་ཁོ་ན་ལ་གུས་པར་ལྟུང་བ་ཉིད་ཀྱིས་ནང་(སྐྱེ་བོ)་དེ་རྣམས་ཀྱིས ་བདག་མཐོང་བ་མ་ཡིན་པ་ལ་(མ་འོངས་པ་ན)་མཐོང་བར་ཡང་མི་འགྱུར་རོ། །གལ་ཏེ་དེ་བཞིན་དུ་ཤེས་པར་གྱུར་ན་(གཟུགས་སྐུ་མཐོང་བ་འམ་གསུང་རབ་རྗེས་སུ་ཐོབ་པ)་དེ་ཙམ་གྱིས་སངས་རྒྱས་མཐོང་བར་མི་འགྱུར་རོ། (།རྫོགས་པའི་སངས་རྒྱས) ་དེ་ནི་(སངས་རྒྱས)་དེ་མཐོང་བ་དང་རྗེས་སུ་མཐུན་པ་ཉིད་དོ་ཞེས་ཡང་དག་པར་རྟོགས་བཞིན་པ་རྣམས་ཀྱིས་བདག་མཐོང་བར་གྱུར་ཀྱང་གང་གི་ཚེ་མཐོང་བ་ཉིད་ཁོ་ནར་མངོན་པར་ཞེན་པ་དེའི་ཚེ་ཅི་ལྟར་མཐོང་བར་འགྱུར། (སངས་རྒྱས)་དེའི ་ཆོས་(སམ་ཆོས་ཉིད)་མཐོང་བ་ནི་སངས་རྒྱས་མཐོང་བ་སྟེ་(སངས་རྒྱས)་དེ་ནི་(ཆོས)་དེ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། (།སངས་རྒྱས་ཀྱི)་ཆོས་དེའང་ཆོས་ཀྱི་སྐུ་དང་ཆོས་ཉིད་སྟེ་སོ་སོ་སྐྱེ་བོ་རྣམས་ཀྱིས་གཟུགས་དང་རྗེས་སུ་ཐོས ་པ་ཙམ་གྱིས་རྣམ་པར་ཤེས་པར་མི་ནུས་ལ། དོན་དམ་པར་ནི་ཡོངས་སུ་དག་པ་(ཱི་གང་ཟག)་རྣམས་ཀྱིས་ཀྱང་(ཤེས་པར་མི་ནུས)་སྟེ། (དོན་དམ་པར)་ཤེས་པ་དང་ཤེས་པ་དག་ནུབ་པ་ཉིད་ཀྱི་ཕྱིར་རོ། །ཆོས་སུ་(ཱམ་ཆོས་ཉིད)་སངས་རྒྱས་རྣམས་བལྟ་བྱ་ཞེས ་པ་འདིར་ནི་ཆོས་ཐམས་ཅད་མཐོང་བ་མེད་པ་ཁོ་ན་སངས་རྒྱས་རྣམས་མཐོང་པའོ། །ཞེས་མངོན་པར་དགོངས་པའོ། །གལ་ཏེ་དེ་བཞིན་གཤེགས་པ་གཟུགས་སུ་བལྟ་བར་བྱ་བ་མ་ཡིན་ན། དེའི་ཚེ་(ལྷ་ལས་བབ་པ་ལྟ་བུ)་དེ་དང་དེར་གཤེགས་པ་དང་འབྱོན ་པ་ལ་སོགས་པ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཅི་ཞེ་ན། གཤེགས་པ་ལ་སོགས་པའང་མེད་དེ། གང་གི་ཕྱིར་ཇི་ལྟར་རྟོག་པ་བྱ་བ་(དེ་བཞིན་ཉིད)་དེ་ལྟར་རྟོགས་པ་ནི་དེ་བཞིན་གཤེགས་པ་སྟེ། (སྲིད་ཞི་མཉམ་ཉིད་དུ་རྟོགས་པས)་མྱ་ངན་ལས ་འདས་པ་གང་ཞིག་ཏུ་འཕྲོ་བ་དང། འཁོར་བ་འགའ་ཞིག་ནས་བྱོན་པ་མ་ཡིན་པས་ཇི་ལྟར་རྟོགས་པར་བྱ་བ་དེ་ལྟར་གཤེགས་པ་སྟེ་གཤེགས་པར་མཛད་པར་འགྱུར་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ཐ་དད་པར་དམིགས་པ ་ལ་ནི་དོན་དམ་པར་མྱ་ངན་ལས་འདས་པ་ཐོབ་པ་མེད་པའི་ཕྱིར་རོ། (།བཅོམ་ལྡན་འདས)་གང་ཡང་དེ་ལྟར་འཁོར་བ་ལས་མ་གཡོས་ཤིང་མྱ་ངན་ལས་འདས་པ་ཐོབ་པ་མེད་པ་(དེ་བཞིན་གཤེགས་པ་ཆོས་སྐུ)་སྟེ། ཅི་ལྟར་ཡུལ་འགའ་ཞིག་ནས ་ཡུལ་འགའ་ཞིག་ཏུ་བཞུད་པར་འགྱུར། སངས་རྒྱས་རྣམས་ནི་ལྷུན་གྱིས་གྲུབ་པར་ཕྲིན་ལས་མཛད་པས། གཤེགས་པ་ལ་སོགས་པ་རྣམས་ནི་སྤྲུལ་པ་ལ་སྟེ་དེ་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་དང་རོ་གཅིག་པ་གཡོ་བ་མེད་པ ་རྣམས་ཀྱི་ཐམས་ཅད་ཀྱི་ཚེ་དེ་ལྟ་བུའོ། (།སངས་རྒྱས)་འདི་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་གནས་སྐབས་ཀྱང་(བཞི་མ་གྲུབ་པ)་འདི་རྣམས་ཀྱི་གཅིག་ཉིད་དང་གཞན་ཉིད་དང་བྲལ་པ། (གང་ཟག་དང་ཆོས་ཀྱི)་བདག་གཉིས་ཀ་མེད་པར་རབ་ཏུ་མི་གནས ་པའོ། །ཆོས་དང་ཟང་ཟིང་ལ་སོགས་པ་རྣམས་ཀྱིས་(གདུལ་བྱ་རྣམས)་ཚིམ་པར་མཛད་པའི་དེ་བཞིན་གཤེགས་པ་རྣམས་བདག་གི་སྤྲུལ་པའོ། །ཞེས་བདག་ཉིད་གསལ་བར་ཡང་མི་མཛད་དེ། གཞན་དུ་ན་(བདག་ལ་བསྟོད་པ་མཛེད)་གདུལ་བྱ་རྣམས ་མི་གུས་པར་འགྱུར་རོ། །ཇི་སྐད་དུ་(འབུམ་པར)་རྒྱས་པར་སེམས་ཅན་གྱི་དོན་ལ་འཇུག་པའི་ཕྲིན་ལས་རྣམས་གསུངས་པ། ཇི་ལྟར་སྒྱུ་མ་བྱེད་པ་བཟའ་བྱ་དང་ལོངས་སྤྱོད་ཀྱི་དངོས་པོ་སྣ་ཚོགས་རྣམས་སྤྲུལ་ནས་(སྐྱེ་བ་རྣམས)་དགའ་ ་བར་བྱེད་དེ། དེའང་འཇིག་རྟེན་གྱིས་(སྒྱུ་མ་མཁན་པོས་སྤྲུལ་པོ)་འདི་ཐམས་ཅད་རྫས་མ་ཡིན་པའོ་ཞེས་མི་ཤེས་ལ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ཆོས་ཀྱི་དབྱིངས་ལས་ལོགས་པ་(ཱམ་ཐ་དད་པ)་ཅུང་ཟད་ཀྱང་མི་མཐོང ་ཞིང་(དེའི་བློ་དོན)་སེམས་ཅན་མེད་ལ་སེམས་ཅན་དུ་གདགས་པ་འང་མེད་དེ་(སེམས་ཅན་དང་བདག་མིང་གི་རྣམས་གྲངས་ཡིན་པ་ལ)་ཆོས་ཐམས་ཅད་བདག་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །དེ་ལྟར་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་སེམས་བསྐྱེད་པ ་གཉིས་ཀྱིས་བདག་ཉིད་སྐུ་གསུམ་དུ་སོ་སོར་སྣང་བའོ། །དེ་ལ་དངོས་གཞིའི་སེམས་བསྐྱེད་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རྟོགས་པའོ། (།འདི་དག་ལ་དཔྱད)་མཇུག་ནི་སྤྲུལ་པའི་སྐུ་སོ་སོར་སྣང་བའོ། །ཆོས་ཀྱི་སྐུ་ཁོ་ན་ལོངས ་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་སྣང་བ་སྐྱེད་པར་བྱེད་པའི་སྒོ་ནས་གཞན་གྱི་དོན་(འགྲོ་རྣམས་ཞི་བའི་ལས་དང་མི་ཞེས་སོགས།)་རྣམ་པ་ཉི་ཤུ་རྩ་བདུན་མཛད་པ་ཉིད་ཀྱིས་ན་ཆོས་ཀྱི་སྐུ་དང་ལྡན་པ་(ཱི་སེམས་བསྐྱེད་པ)་དང་(རྣམ་ཀུན་གྱི་དོན་ཕྱི་མ)་ཞིང ་དག་པ་བླ་ན་མེད་པ་ཡང་ངོ། (།སངས་རྒྱས་ཀྱི་སའི)་སེམས་བསྐྱེད་པ་འདི་དག་ཀྱང་སོ་སོར་ཡེ་ཤེས་ལྔའི་རང་བཞིན་དག་གོ་།དེ་སྐད་དཱུང་འཕགས་པ་སངས་རྒྱས་ཀྱི་སའི་མདོར་གསུངས་པ། རྣམ་པ་ལྔ་པོ་འདི་རྣམས ་ཀྱིས་སངས་རྒྱས་ཀྱི་སའི་ཚོགས་པ་ཡང་དག་པར་བསྡུས་པ་རིག་པར་བྱའོ། །ལྔ་པོ་ཅི་རྣམས་ཀྱིས་ཤེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོག ་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སོ། །འདིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་དང། ཤིན་ཏུ་རྣམ་པར་དག་པའི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས ་པ་དོན་ཐ་དད་པ་མ་ཡིན་ནོ། །དེ་ལྟ་ནའང་དངོས་གཞི་ནི་ལྡོག་པ་གཙོ་བོ་ཉིད་ཀྱི་ཕྱིར་ཡེ་ཤེས་(དང་པོ།)་བཞི་བདག་ཉིད་དུ་རྣམ་པར་བཞག་གོ་།དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་མེ་ལོང་ལྟ་བུའི་ཡེ་ཤེས ་ནི་ཆོས་ཀྱི་སྐུ་དང་རྟོགས་པའོ། (།འམ་ཐོབ་པ)་གང་མདོ་སྡེའི་རྒྱན་དུ་(བྱང་ཆུབ་ཀྱི་སྐབས་སུ)་གསུངས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་(ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད་ཅེས་པའི་འགྲེལ་བར་དེ་ནི)་ལོངས་སྤྱོད་རྫོགས་པའི་སངས་རྒྱས་སོ། ་ཞེས་པ་(གསུངས་པ་དང་འགལ་ཞེ་ན)་དེ་ལ་(ཱོ་ན)་ལོངས་སྤྱོད་རྫོགས། པའི་སངས་རྒྱས་ཀྱི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཤེས་བརྗོད་པར་བྱའོ་ཞེས་བཤད་སྦྱོར་བྱེད་པས་སོ། །དེ་ཉིད ་དུ་ཡང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་འཁོར་ལོ་མ་ལུས་པ་རབ་ཏུ་འཇུག་པར་གསུངས་པས་སོ། །མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་དག་ལོངས་སྤྱོད་རྫོགས་པའི་སྐུའོ། །འཇུག་ནི་(སློབ་དཔོན་ངོ་བོ་ཉིད་མེད་པའོ ་གཙོར་ལྡོག་པ་གཅིག་པ་གཙོ་བོ་ཉིད་ཀྱི་ཕྱིར་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་གང་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ལས་གྲོལ་བ། སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད ་པ། ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་རྫོགས་པ་(ཤིང་མཐར་ཕྱིན)་སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་ཡང་དག་པའི་དོན་(དེ་ཁོ་ན་ཉིད)་སྒོམ་པ་རབ་ཀྱི་མཐར་ཐུག་པ་ལས་སྐྱེས་པ་གསལ་བར་སྣང་བ་སྟེ། ཡང་དག་པའི་དོན ་ཅན་(ཡུལ་ཅན)་ཉིད་ཀྱིས་ན་མི་སླུ་བའི་ཕྱིར་ཚང་མ་ཡིན་ལ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཉིད་ཀྱིས་ན་མངོན་སུམ་སྟེ་ཉེ་བར་མཁོ་བའི་(ཱམ་ཉེ་བར་སྦྱར་བར)་ཐམས་ཅད་མཁྱེན་པ་ཉིད་བཅོམ་ལྡན་འདས་སོ། །མེ་ལོང་ལྟ་བུའི་ཡེ ་ཤེས་ནི་(ཡེ་ཤེས)་གང་ལ་མཛའ་ཡས་པའི་(ཱམ་འཚམ་པ་མེད་པ)་ཁམས་གསུམ་པའི་སེམས་དང་ཅིག་ཤེས། (བེམས་པོའི)་ཀྱི་དངོས་པོ་ཐམས་ཅད་(ཡུལ་གྱི)་རྡུལ་ཕྲ་རབ་སོ་སོ་བ། ཇི་ལྟར་ཐག་རིང་བ་དང་ཅིག་ཤོས་(ཉེ་བ་ཉིད)་ཀྱིས ་ཡུལ་(ན་ཡོད་པ་ལྟར)་དང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་(ན་ཡོད་པ)་བཞིན་གནས་སྐབས་སོ་སོ་བ་མེ་ལོང་ལ་གཟུགས་བརྙན་(གསལ་བར་སྣང་བ)་བཞིན་དུ་གསལ་བ་སོ་སོར་སྣང་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང ་གིས་དེ་ལྟར་གཟུགས་བརྙན་གྱི་(སྣང་ལ་བདེན་པར་མ་གྲུབ་ཉིད)་འགྲོ་བ་རྣམས་ཆོས་ཀྱི་བདག་མེད་པ་ཉིད་དུ་མཉམ་པ་ཉིད་དུ་རྟོགས་ནས་སེམས་ཅན་ཐམས་ཅད་རྣམས་ལ་རྟག་ཏུ་བདག་ཉིད་དང་མཉམ་པའི་སེམས་ཐོབ་པའོ། (།མཐར་ཐུག་པ) ་སོ་སོར་རྟོག་པའི་ཡེ་ཤེས་ནི་(ཡེ་ཤེས)་གང་གིས་དེ་ལྟར་(རྟག་ཏུ)་མཉམ་པར་གཞག་པ་ཁོ་ན་བཅོམ་ལྡན་འདས་(ཀྱིས)་རྟོག་པ་མེད་(སངས་རྒྱས)་ཀྱང་རང་གི་སྔོན་གྱི་སྨོན་ལམ་(གྱི་དབང)་དང་སེམས་ཅན་གྱི་བསོད་ནམས་ཀྱི་དབང་ལས ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་(འདོད་ཆགས་ལ་སོགས་པས)་སྤྱོད་པ་རྣམས་སོ་སོར་རྟོག་པར་མཛད་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་(ཡེ་ཤེས)་གང་གིས་དེ་ལྟར་སོ་སོར་རྟོགས་པའི་འགྲོ་བའི་བྱ་བ་རྗེས་སུ ་སྒྲུབ་པའོ། །ཡེ་ཤེས་བཞི་པོ་འདིའང་རྟོགས་པ་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་ཁོ་ནར་མངོན་སུམ་དང་ཐམས་ཅད་མཁྱེན་པ་དང་བཅོམ་ལྡན་འདས་སོ། (།དེ་ལྟར་ནི)་ཡེ་ཤེས་ལྔ་རྣམས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་དེ་དང ་མངོན་སུམ་མོ། །དེ་སྐད་དཱུང་(སློབ་དཔོན)་ཟླ་བ་གྲགས་པས། (དབུ་མ་ལ་འཇུག་པར)་རྣམ་པ་ཀུན་(ཏེ་ངོ་བོ་དང་ཁྱད་པར་དང་མཚན་ཉིད་དང་རྣམ་པར་དབྱེ་བ)་མཁྱེན་(པའི)་ཡེ་ཤེས་ནི། (།འདི་ལ་ཆོས་ཐམས་ཅད་ཤིན་ཏུ་གསལ་བར་སྣང་བས)་མངོན་སུམ་མ་ཚང་ཉིད ་ཅན་དུ་འདོད། །གཞན་(དགྲ་བཅོམ་བདེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་གཟིགས། ཤེས་པ་ལྟར།)་ནི་ཉེ་ཚེ་བ་(ཆོས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་མི་ཤེས་པ)་ཉིད་ཀྱིས། །མངོན་སུམ་ཞེས་ནི་འདོད་མ་ཡིན། ཞེས་སོ། །འོ་ན་ཡེ་ཤེས་ལྔ་པོ ་འདི་རྣམས་ཅིག་ཅར་ཕན་ཚུན་ཐ་དད་པ་འམ་འོན་ཏེ་མ་ཡིན། དེ་ལས་ཅིར་འགྱུར་ན་ཐ་དད་ན་ནི་ཤེས་པའི་རྒྱུན་ལྔ་རྣམས་སུ་འགྱུར་ལ། དེ་ལྟར་གྱུར་ནའང་རྣམ་པར་ཤེས་པའི་རྒྱུད་ལྔ་རྣམས་ཡོད་ན། སེམས་ཅན་སྔར་གདགས་པ ་རྣམས་སྐུ་(གསུམ་པོ)་སོ་སོ་ལ་ཅིག་ཅར་ཐོབ་པར་འགྱུར་ཏེ་ལུས་(གཞན་དང)་གཞན་གྱི་རྣམ་པར་ཤེས་པའི་རྒྱུན་རྣམས་བཞིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ་ཡེ་ཤེས་ལྔ་པོ་རྣམས་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོས། གཟུགས ་དང་རོ་དང་དྲི་དང་རེག་བྱའི་རྡུལ་ཕྲ་རབ་ཀྱི་རྒྱུན་རྣམས་ལ་བུམ་པ་གཅིག་དུ་གདགས་པ་བཞིན་དུ་(རྒྱུ)་ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་པ་ལས་(མངོན་པ་ཀུན་ལས་བཏུས་པར། དབྱེར་མེད་པར་མཚུངས་པར་ལྡན་པ་ཅིང་ཞེ་ན། རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཕྱོགས་ཅན ་ནམས་དབྱེར་མེད་པའོ་ཞེས་གསུངས་པ་ལྟར།)་དབྱེར་མེད་པའི་འཇུག་པ་ཉིད་ཀྱིས་སེམས་ཅན་གཅིག་ཏུ་གདགས་པའི་ཡུལ་ཁོ་ནའོ། །འཚོགས་པ་གཅིག་ལ་རག་ལས་པའི་རྣམ་པར་ཤེས་པའི་རྒྱུན་གཞན་(སེམས་ཅན་གཅིག་གིའང)་ལུས་ལ་མེད་པའང་མ་ཡིན་ནོ།། ་(ཱོན)་དེའི་ཚེ་ཡེ་ཤེས་ལྔ་བཞིན་དུ་སྟོབས་དང། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་དཔག་ཏུ་མེད་པ་མཛའ་ཡས་པ་རྣམས་སོ་སོ་རང་རྒྱུན་ཐ་དད་པ་ཉིད་ཀྱིས་ནི་ཅིག་ཅར་སེམས་ཀྱི་རྒྱུན་གྲངས་མེད་པར་འགྱུར་མོད་སྐྱོན ་(ཅུང་ཟད)་ཀྱང་མེད་དེ། སེམས་ཅན་(ཚོགས་པ་དབྱེར་མེད་པར་འཇུག་པ)་གཅིག་ཏུ་གདགས་པ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་མོས་པ་གཅིག་གི་ཡུལ་གྱུར་ཅིང། །འབྲས་བུ་གཅིག་ལ་ཉེ་མཁོ་བ། །དབྱེ་བ་མེད་པར་འཇུག་(པའི་དངོས་པོ)་རྣམས་ལ ་བློ་གཅིག་(དེ་རྣམས)་ཀུན་གྱི་ཡུལ་ཅན་གནས། །ཤེས་པ་རིག་པའོ། །གལ་ཏེ་དེ་ལྟ་ན་(མདོ་སྡེར)་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུན་གཅིག་པའོ་ཞེས་(བཀའ་སྩལ)་བ་ཅི་ལྟར་ཞེ་ན། སེམས་ཅན་གཅིག་ལ་(ཡེ་ཤེས)་རྣམ་པར་རྟོག་པ ་གཉིས་དུས་གཅིག་ལ་མེད་དོ་ཞེས་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུན་གཅིག་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པའི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་མང་པོ་(ས་ཕྱིའམ་ཕན་ཚུན)་འབྲེལ་པ་རྣམས་ཅིག་ཅར་རྒྱུན་དུ་འཇུག་གོ་ཞེས་པས་འགལ ་བ་མེད་དོ། །འོ་ན་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རེ་རེ་འང་(ཁྲ་བོ་འཛིན་པའི་ཤེས་པ་ལྟར)་རྣམ་པ་དཔག་ཏུ་མེད་ཅིང་རྣམ་པ་ཐ་དད་པས་ཀྱང་(ཐ་དད་དུ)་དབྱེ་བར་བྱ་ན་ནི། རྡུལ་(དབུ་མའི་རྒྱན་དུ། དེ་ལྟར་ཡིན་ན་དཀར་པོ་སོགས། །རྣམ་པ་སྣ་གཅིག་ཤེས་པ་ཡང། །ཐོག་མ་དབུས་མཛའ་ ་ཐ་དད་པས། །དམིགས་པ་སྣ་ཚོགས་ཉི་ཤུ་འགྱུར་ཅེས་དང། ཅི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་འཕྲར་འགྱུར་བ། །དཔྱད་པ་འདི་ལ་བཟློག་པ་དཀའ་ཞེས་གསུངས་པ་ལྟར།)་ཕྲ་རབ་ཉིད་ཙམ་ཡང་མི་སྲིད་པའི་ཕྱིར་ཅུང་ཟད་ཀྱང་ལྷག་མ་མེད་ལ། གལ་ཏེ་དེ་ལྟ་ན་ཡེ་ཤེས ་ལྔ་ལ་སོགས་པ་རྣམས་ཕན་ཚུན་ཐ་(ཐ་དད་པའི་ཕྱོགས་ཁོ་ནར་མ་ཟད)་དང་པ་མེད་པའི་ཕྱོགས་ལའང་(གལ་ཏེ་སྣ་ཚོགས་དེ་གཅིག་ན་ནམ་མཁའ་ཨི་གོས་ཅན་ལུགས་སམ་ཅི། །སྣ་ཚོགས་གཅིག་པའི་རང་བཞིན་མིན། །རིན་ཆེན་སྣ་ཚོགས་ལ་སོགས་འདྲ། །ཞེས་པ་བཤད་ལྟར?། ་རྣམ་པ)་སྣ་ཚོགས་པའི་དབྱེ་བས་(ཐ་དད་མེད་པར་འདོད་ཀྱང་དངོས་པོར་ན)་ཐ་དད་པའི་ཕྱིར། (།དཔྱད་ན)་ཡེ་ཤེས་གཅིག་པོ་དེ་འང་ཅུང་ཟད་ཀྱང་ལུས་པ་མེད་དོ་དེ་ལྟར་གྱུར་ན། ཐ་དད་པ་མ་ཡིན་ཐ་མི་དད་པ་འང་མ་ཡིན་གཉིས་ཀ་མ་ཡིན་གཉིས་ཀ་མ་ཡིན ་པའང་མ་ཡིན་ནོ་ཞེས་པ་ཅི་ཞིག་དེ་ཁོ་ན་ཉིད་དུ་འགྱུར་ཞེ་ན། ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པའི་སྤྲོས་པ་མཛའ་དག་གིས་སྟོང་པ་ཉིད་ཁོ་ནའོ་ཞེས་རྒྱས་པ་དང་བཅས་པ་སྔར་བརྗོད་ཟིན་ཏོ། །གསུངས་པ་ཡང། དྲི་མེད་དབྱིངས ་ནས་སངས་རྒྱས་རྣམས། །གཅིག་(ཐ་དད་མེད་པ)་དང་མང་པོ་(ཐ་དད་པ)་ཉིད་ཀྱང་མིན། (།མང་པོ་ཉིད་མིན་ཏེ)་ནམ་མཁའ་བཞིན་དུ་ལུས་མེད་ཕྱིར། (།གཅིག་པ་ནི་མེད་དེ)་སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། (།མདོ་སྡེ་རྒྱན་གྱི་བྱང་ཆུབ་ཀྱི་སྐབས་སུ)་གཉིས ་དང་(བར་མ)་གཉིས་དང་(ཕྱི་མ)་གཅིག་གིས་ནི། །འདིར་ནི་སྐུ་གསུམ་རྣམ་པར་བཞག་།ཅེས་སོ། །ཅི་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་(གཏན་ནས)་མེད་པ་ཁོ་ན་འམ་ཞེ་ན། དེ་ལྟར་སྨྲ་བ་མ་ཡིན་ཏེ། (ཡེ་ཤེས)་དེ་ནི་ཀུན་རྫོབ་ཏུ་(ཡེ་ཤེས་དང་པོ)་ ་བཅོམ་ལྡན་འདས་རྣལ་འབྱོར་པའི་དབང་ཕྱུག་དམ་པའི་སོ་སོ་རང་གི་རིག་པར་བྱ་བའི་ཕྱིར་རོ། (།ཡེ་ཤེས)་དེ་གལ་ཏེ་ཀུན་རྫོབ་ཏུ་འདོད་ན་དེ་ལ་ཀུན་རྫོབ་ཏུ་ཡང་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པ་བསམ་མོ་ཞེས་ནི་མི་བརྗོད་དེ། ་(གཅིག་དང་ཐ་དད་པ་བསམས་པ)་ཇི་ལྟ་བ་དེ་ལྟར་འགྱུར་མོད་བཅོམ་ལྡན་འདས་རྣམ་པར་རྟོག་པ་མེད་པ་ལ་ནི་(གཅིག་དང་ཐ་དད་ཀྱི)་བརྟག་པ་དེ་མེད་ལ། ཡེ་ཤེས་དེ་(སངས་རྒྱས་པས)་གཞན་གྱི་སྤྱོད་ཡུལ་ཡང་མ་ཡིན་ཏེ། གང་འཕགས་པ་ལང ་ཀར་གཤེགས་པར་གསུངས་པ། སོ་སོ་རང་རིག་ཡེ་ཤེས་དེ། །རྟོག་གེ་པ་རྣམས་སྤྱོད་ཡུལ་མིན། །ཞེས་སོ། །ཚད་མ་རྣམ་འགྲེལ་དཱུང། །རྣལ་འབྱོར་(རྣམས་ཀྱི)་རྟོགས་པ་བསམ་མི་ཁྱབ། །ཅེས་སོ། །གང་བསམ་གྱིས་མི་ཁྱབ་བའི་ཡེ་ཤེས་ཅན ་རྣམས་ཀྱི་(སྐབས་བསམ་གཞུང་ལུགས)་ཡེ་ཤེས་ལྔ་ལ་སོགས་པ་རྣམས་ལ་ལ་ལར་ཐ་དད་པ་དང་ཐ་མི་དད་པར་ཐ་སྙད་བྱེད་པ་དེ་ནི་གདུལ་བྱའི་བསམ་པའི་དོར་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ལས་སོ་ཞེས་པ་(གཅིག་དང་ཐ་དད་དུ་གསུངས་པ) ་ཐམས་ཅད་ལེགས་པར་གནས་སོ། །འོ་ན་(ཤེས་བྱ)་ཐམས་ཅད་རིག་པར་བྱེད་པ་ཅི་ལྟར་སྲིད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་ལ་མཁས་པ་ཉིད་གོམས་པ་ལས་ཏོ། (ཀུན་རིག་འབྱུང)་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པ་ནི་(གེགས)་ ་གང་(ཀུན་རིགས)་ཐོབ་པར་མི་བྱེད་པ་(ཱི་གེགས)་ཡོད་དམ་ཅི་(དེའི་རྒྱུ་མཚན)་འདོད་ཆགས་ལ་སོགས་པའི་སྒྲིབ་པ་(མཛའ་དག)་དང་བྲལ་བར་བྱེད་པ་ཡིན་པའི་ཕྱིར་རོ། (།འོ་ན)་དེའི་ཚེ་(གང་མཐོང་བའི)་དངོས་པོ་རྣམས་ཇི་ལྟ་བ་བཞིན་དུ་མཐོང་བ། (།སྒྲིབ་པ་དང་བྲལ་བ) ་འདི་ལས་(སངས་རྒྱས)་འདི་དངོས་པོ་མ་ལུས་པ་རྟོགས་(ཏེ་མེད་དོ)་པའི་སྤྲུལ་པ་ལ་མཁས་པར་རིག་པ་མ་ཡིན་ཏེ་དེ་ཁོ་ན་ཉིད་སྒྲིབ་པར་བྱེད་པ་ཉིད་ནི་དྲི་མ་(འདོད་ཆགས་ལ་སོགས་པ)་ཉིད་ཡིན་ལ། དྲི་མ་ཉོན་མོངས་པ་རྣམས་རྣམ་པར་རྟོག་པས་སྤྲུལ ་པ་ལ་གེགས་བྱེད་པ་པོ་མ་ཡིན་ནོ་ཞེ་ན། འདི་ལ་བརྩད་པར་བྱ་སྟེ། ཅི་དངོས་པོ་རྣམས་མཐོང་བ་ལ་རྣམ་པར་རྟོགས་པ་གེགས་ཉིད་དུ་མ་མཐོང་ངོ། (ཱོན་ཏེ)་ཉོན་མོངས་པས་བྱས་པ་མ་ཡིན་ཞེས་པའོ། །དེ་གཉིས་ཀ་ཡང་ཡོད་པ་མ་ཡིན་ཏེ་(དངོས་པོ་ཀུན་རྟོགས་པ) ་གང་གི་ཕྱིར་ཉམས་སུ་མྱོང་བ་བཞིན་དུ་རྣམ་པ་ཐམས་ཅད་པའི་རྣམ་པར་རྟོག་པ་གང་ནའང་མེད་པས་སོ། (རྣམ་རྟོག་དངོས་པོ་མཐོང་བའི་གེགས་ཡིན)་རྣམ་པར་རྟོག་པ་(ཉོན་མོངས་པས་བྱས་པ་ཡིན་ཏེ)་དེ་དང་བྲལ་བའང་ཉོན་མོངས་པ་མེད་པ་མེད་(བར?་འགག་པ་གཉིས་ཀྱིས་སྣ་ལམ་གོང?) ་མ་ཡིན་ཏེ། (ཉོན་མོངས་པ་མེད་པ་ཡོད་ན་འབྱུང་བར་འགྱུར)་གང་གི་ཚེ་དགའ་བའི་དངོས་པོ་མཐོང་བ་ན་སྐྱོན་དང་མཐོང་བ་ལའང་སྐྱོན་མེད་པར་རྣམ་པར་རྟོག་པ་དེའི་ཚེ་འདོད་ཆགས་ནི་གསལ་བར་(རྣམ་རྟོག་དེའི)་རྒྱུ་ཡིན་ནོ། །གང་གི་ན? ་འང་མི་དགའ་བ་ཡོན་ཏན་དང་ལྡན་པའང་ཡོན་ཏན་མེད་པར་རྣམ་པར་རྟོག་པ་དེའི་ཚེ་ཞེ་སྡང་ངོ། (།རྣམ་རྟོག་དེའི་རྒྱུའོ?)་གོམས་པ་མེད་ན་ཐམས་ཅད་ཡོད་པའི་(ཱམ་ཡང་དག་པ)་ངོ་བོ་མ་ཡིན་པར་རྣམ་པར་རྟོག་པ་ནི་གཏི་མུག་གིས་བྱས་པ་ཁོ་ན ་སྟེ། ལ་བ་ལ་སོགས་པ་བཞིན་དུ་(ཉོན་མོངས་པས)་སྒྲིབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྒྱུད་མི་མཐུན་པ་(ལས་སུ་མི་རུང་བ)་སྐྱེས་པས་སོ། །དེའི་ཕྱིར་ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཇི་ལྟ་ཇི་ལྟར་(ཉོན་མོངས་པ)་གཏི ་མུག་ལ་སོགས་པ་(ཡོངས་སུ་སྦྱངས་པ་འམ་དེ་རྣམས)་ལས་ཡོངས་སུ་རྒྱལ་བ་དེ་ལྟར་གང་ཉིད་ཀྱིས་(རྒྱུད)་མི་མཐུན་པ་(ལས་སུ་མི་རུང་བ)་ལྡོག་པས་(དེ་ཉིད་བཤད་པ)་གང་གི་ཚེ་རེ་ཞིག་བློ་རྣམས་རང་གི་རྣམ་པ་རྣམས་ལ་ངེས་པར་རྟེན་ཅིང ་(གོམས་པས)་མཐར་ཐུག་པ་ན་རྣམ་པ་ཐམས་ཅད་རང་དངོས་པོ་ཐམས་ཅད་ལ་ཡང་(ངེས་པར་བསྟེན་པར)་འགྱུར་རོ། །དེ་བཞིན་དུ་རྣམ་པར་རྟོག་པའི་རྟོགས་པ་རྣམས་སྒོམ་པ་རབ་ཏུ་གྱུར་པ་ན། གསལ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་ལ། ་དེའང་(གསལ་བ་ཉིད)་སྒོམ་པའི་ཁྱད་པར་གྱི་སྟོབས་ཁོ་ན་ལས་ཏེ། ལྷའི་དབང་ལས་བདེན་པའི་རྨི་ལམ་བཞིན་ཏེ། (བརྒྱད་སྟོང་འགྲེལ་ཆེན་ལེའུ་བཅུ་གཉིས་བར། གང་རྣམས་རྣལ་འབྱོར་པའི་ཤེས་པ་ཐམས་ཅད་དམིགས་པ་མེད་པ་ཉིད་ཡིན་ན་ཡང་རྨི་ལམ་བདེན་པ་མཐོང་བ ་འདྲ་བར་དངོས་པོ་ལ་མི་བསླུ་བ་ཉིད་ཀྱིས་ཚད་མའོ་ཞེས་གསུངས་པ་ལྟར།)་དོན་གྱི་རྣམ་ལ་ནི། དོན་ཇི་ལྟ་བའི་བདག་ཉིད་མེད་པར་(ཡོད་པ)་མ་ཡིན་ལ་(དོན)་དེ་ལས་སྐྱེ་བ་ལས་གཞན་དུ་ཡང་(ཡོད)་ངོ། །གང་ཚད་མ་རྣམ་འགྲེལ་དུ། གཟུང་བའི ་མཚན་ཉིད་(རང་དང་འདྲ་བ་སྐྱེད་བྱེད་ཡིན་ཞེས།)་བསམ་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་(ཱི)་བསམ་མི་ཁྱབ། (།གཟུང་འཛིན་ལས་གྲོལ་བའི་ཕྱིར་རོ)་ཅེས་སོ། །ཕྱི་རོལ་དུ་ནི་སོ་སོ་སྐྱེ་བོའི་འདྲ་བ་ཉིད་དང། སྐྱེད་པར་བྱེད་བ ་དག་གིས་རིག་བྱར་གནས་ལ་རྣལ་འབྱོར་པའི་(རིག་ཆ་ནི་བསྐྱེད་པ་མེད་ཀྱང)་འདྲ་བ་ཙམ་གྱིས་ཀྱང་ངོ། (།རེག་བྱ)་ཐོབ་པར་བྱ་བ་ནི་དོན་འཇུག་ཡུལ་(ཚད་མའི་བློར་གྱུར་བའི་རྣལ་འབྱོར་བའི་ཤེས་པ)་ཉེ་བར་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་མི་བསླུ་བའོ། །འོན ་འབྱུང་འགྱུར་(མ་འོངས་པ)་དང་བྱུང་ཟིན་(འདས་པ)་དག་དུས་ཀྱིས་བར་དུ་ཆོད་པས་ན་(རྣལ་འབྱོར་པའི་ཤེས་པ)་དེས་ཅི་ལྟར་སྟོན་ཞེ་ན། ཡུལ་གྱིས་བར་དུ་ཆོད་པ་(ད་ལྟར་གྱི་ལྐོག་གྱུར)་ལའང་(དེས་མི་སྟོན་པ)་འདིར་ཐལ་ལོ་ཞེས་པས་འཇུག་ཏུ་རུང་བའི ་ཡུལ་(ཕྱོགས)་ལའང་སྟོན་པར་བྱེད་པ་ཚད་མ་མ་ཡིན་པར་འགྱུར་རོ། (།ཡུལ་གྱི་ཆོད་པ)་དེ་ནི་དེ་ཙམ་དུ་ཡོད་དོ་ཞེ་ན། གཞན་(རུས་ཀྱི་ཆོད་པ)་ཡང་འབྱུང་འགྱུར་རམ་འབྱུང་བར་རོ། (།ཡོད་དོ)་གལ་ཏེ་(རྣལ་འབྱོར་བའི་ཤེས་པ་ཡོད་པའི)་དེའི་དུས་ན ་མེད་པས་སོ་ཞེ་ན། (རྣལ་འབྱོར་པ་ཡོད་པས)་དེའི་ཡུལ་ན་ད་ལྟར་བའང་(ཱི་ལྐོག་གྱུར)་མེད་དོ། །ཞེས་པ་མཚུངས་སོ། །དོན་བྱ་བའང་དེ་ཇི་ལྟར་(ད་ལྟར་ལྐོག་གྱུར)་དེའི་ཡུལ་ཉེ་བ་ན་ཡིན་པ་དེ་ལྟར་(འདས་མ་འོངས)་དེའི་དུས་ཉེ་བ་ནའོ་ཞེས་པ་ཁྱད་པར ་ཅི་ཡང་མེད་དོ། (།བརྒྱད་སྟོང་འགྲེལ་ཆེན་བཅུ་གཉིས་པར། །དངོས་དང་རྒྱུད་པས་དེས་ཕན་གདགས་པར་བྱ་བའམ། དེ་ལ་ཕན་འདོགས་པར་བྱེད་པའི་ད་ལྟ་བ་ཉིད་རྟོགས་པ་ན་འདས?་དང་མ་འོངས་པ་དག་ཤེས་ཏེ། ས་གཞི་དབེན་པ་རྟོགས་པ་ཉིད་བུམ་པ་མེད་པ་རྟོགས་པ་ཡིན་པ་བཞིན་ནོ། །ཞེས་གསུངས་སོ།)་།ཅི་སྟེ་ཐམས་ཅད་རིག ་པར་བྱེད་ན་འདོད་ཆགས་ལ་སོགས་པ་ཕ་རོལ་གྱི་སེམས་མ་ལུས་པ་མངོན་སུམ་དུ་མཛད་པའི་ཕྱིར། བཅོམ་ལྡན་འདས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་དུ་འགྱུར་རོ་ཞེ་ན། (དམིགས་པ་དང་མྱོང་བ་ཐ་དད་པས་ན)་མ་ཡིན་ཏེ། གང ་གི་ཕྱིར་འདོད་ཆགས་ནི་གང་གི་བག་ཆགས་ཀྱི་ནུས་པ་དང་ལྡན་པ་ལས་འདོད་ཆགས་པ་ཉིད་དུ་བྱེད་ཀྱི་(གང་ཟག)་གཞན་གྱི་བག་ཆགས་ཀྱི་སྟོབས་དང་ལྡན་པ་ལས་(འདོད་ཆགས་ཅན་དུ་འགྱུར་བ)་མ་ཡིན་ཏེ། (དེའི་རྣམས) ་ཉེ་བར་འཇོག་པར་གྲུབ་པ་ཉིད་ཀྱིས་(རིགས་བྱེད་དུ་གྱུར་པའི་ཡེ་ཤེས)་དེའི་ཡང་དག་པར་རིག་པར་བྱ་བའོ། །འོ་ན་(རང་གི་སྡེ་པ་བྱེ་བྲག་སྨྲ་བ་ལ་སོགས་ན་རེ)་གལ་ཏེ་ཀུན་རྫོབ་ཏུ་ཡེ་ཤེས་སྐད་ཅིག་གཅིག་གིས་ཅིག་ཅར་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ ་ལ་ཁྱབ་ན་དེའི་ཚེ་དངོས་པོ་རྣམས་(ཡེ་ཤེས་སྐད་ཅིག་གི་ཡུལ)་འདི་ཙམ་ཞེས་ཡོངས་སུ་བཅད་པའི་(ཕྱིར་དངོས་པོ་རྣམས)་མཛའ་མེད་པར་ཁས་བླངས་པ་ལ་གནོད་དེ། དེ་ལྟར་ནི་ཡེ་ཤེས་གཅིག་(ལ་བཞུག་པའམ་གཅིག)་གིས་རྟོགས་པའི་དངོས་པོ ་ལས་གཞན་པའི་དངོས་པོ་མེད་དོ་ཞེས་པ་འདི་ལྟར་ཡོངས་སུ་བཅད་པར་བྱ་བ་(ཡིན་པའི་ཕྱིར་དངོས་པོ)་རྣམས་ཅི་ལྟར་མཛའ་དང་ལྡན་པར་མི་འགྱུར་ཞེ་ན། དེ་ལྟར་མ་ཡིན་ཏེ། ཇི་ལྟར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཕྱོགས་དང་ཕྱོགས ་བྲལ་རྣམས་ན་མཛའ་ཡས་པ་(ཡོད་པ)་དེ་ལྟ་ཁོ་ནར་ཐམས་ཅད་མཁྱེན་པའི་ཐུགས་(ཡེ་ཤེས)་མཛའ་(ཡས་པ་འམ་མཛའ་)་མེད་པས་ཅིག་ཅར་འཛིན་པས་ཏེ། (ཁྲ་བོ་སོགས་བཀྲ་པ་ན)་སྔོན་པོ་དང་སེར་པོ་ལ་སོགས་པ་དུ་མ་(ཤེས་པ་གཅིག་གི་འཛིན་པ) ་བཞིན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཆད་པར་བྱས་ན་ནི་(ཤེས་བྱ་རྣམས)་མཐར་ཐུག་པ་ཉིད་ཀྱི་སྐྱོན་(འབྱུང་ངོ)་ནོ། །གང་གིས་ཤེས་པར་བྱ་བ་ཉིད་ཀྱིས་ན་(དངོས་པོ་རྣམས)་མཛའ་དང་ལྡན་པར་འགྱུར་བ་དངོས་པོ་རྣམས་ཡེ ་ཤེས་ཀྱིས་ཡོངས་སུ་བཅད་པ་མ་ཡིན་པའི་རང་བཞིན་ཉིད་ཀྱིས་མཛའ་མེད་པར་ཁས་བླངས་པ་མ་ཡིན་གྱི་འོན་ཀྱང་ཡུལ་བཀོད་པ་མཛའ་ཡས་པ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་མཛའ་ཡས་ལ། སེམས་ཅན་གྱི་འཇིག ་རྟེན་ནི་གྲངས་མཛའ་མེད་པ་ཉིད་ཀྱིས་ཀྱང་(མཛའ་ཡས་སོ)་ངོ། །དེའི་ཕྱིར་འདི་ནི་འདིར་བསྡུས་པའི་དོན་ཏེ། དཔེར་ན་རྨི་ལམ་བདེན་པ་མཐོང་བའི་(གང་ཟག་གི)་ཤེས་པ། དོན་དམ་པར་ཡུལ་མེད་ཀྱང་སོ་སོར་ངེས་པའི་ཡུལ་གྱི་རྣམ་པ་ཅན་དུ ་རྟགས་དང་ལུང་ལ་མ་ལྟོས་པར་རྟེན་གྱི་ཁྱད་པར་གྱི་དབང་ལས་སྐྱེ་བས་ཉེ་བར་བསྟན་པས་ཉེ་བར་བསྟན་པའི་(ཇི་ལྟར་རྨི་ལམ་རྨིས་པ་བཞིན)་དོན་ཐོབ་པར་བྱེད་པ་ཉིད་ཀྱིས་མི་བསླུ་བར་འགྱུར་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གོམས་པའི་སྟོབས་ཀྱིས་ཇི་ལྟར་(དངོས་པོ)་དེ་བཞིན་བྱུང་(ཟིན)་བའམ་འབྱུང་བཞིན་པའམ་འབྱུང་བར་འགྱུར་བའོ་ཞེས་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་དངོས་པོར་གཞན ་གྱིས་ཡོངས་སུ་བརྟགས་པ་དེ་ལྟ་ཁོ་ནར་འགལ་བ་དང་མི་འགལ་བ་དང་སྤང་བྱ་དང་བླང་བྱ་ལ་སོགས་པ་ཉེ་བར་སྟོན་པ་རྣམ་པ་སྣ་ཚོགས་པའི་རབ་ཏུ་དབྱེ་བ་ཅན་གྱི་སྤྲོས་པ་རྣམས་ཕྱི་རོལ་བཞིན་དུ་ཡོངས་སུ་(གང་ཟག་རྣལ་འབྱོར་པ་ལས) ་བསལ་(ཞིང་མངོན)་བའི་ངོ་བོ་གསལ་བར་སོ་སོར་སྣང་བ། རྟགས་དང་ལུང་ལ་ལྟོས་པ་མེད་པ་མི་བསླུ་བ་ཉིད་དུ་སྐྱེས་པ་ནི་མངོན་སུམ་ཚད་མར་འདོད་དོ་ཞེས་པའོ། །ཁ་ཅིག་གི་འདོད་པའང་སོ་སོར་རྟོག་པའི་ཡེ་ཤེས་དང་བྱ་བ་གྲུབ ་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ལས་སྐྱེས་པ་རྗེས་ཐོབ། དག་པ་འཇིག་པའི་(སྒྲ་དོན་འཛིན་པའི)་རྣམ་པར་རྟོག་པའི་ངོ་བོ་ཞེས་པའོ། །ཡང་གཞན་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཁོ་ན་དེ་བཞིན་ནོ ་ཞེས་སོ།། (བརྒྱད་སྟོང་འགྲེལ་ཆེན་དུ་ཡང་བཅུ་གཉིས་པར། གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟོབས་ལས་སྐྱེས་པའི་དག་པ་འཇིག་རྟེན་པ་རྣམ་པར་རྟོགས་པའི་ཤེས་པས་རྣམ་པར་གཅོད་པ་ཉིད་ཅེས་གསུངས།)་དེ་དང་འདིའི་འདོད་པའང་རྣམ་པ་ཐམས་ཅད་དུ་མི་རིགས་མོད། །ཤིང ་རྟ་ཆེན་པོ་རྣམས་ཀྱིས་(གཞུང)་གཞན་དུ་དཔྱེད་ཟིན་ནོ་ཞེས་པ་འདིར་ཞར་འབྱུང་རྒྱ་ཆེ་བས་ཅི་བྱ། དེ་ལྟར་ཡེ་ཤེས་ལྔ་རྣམས་མདོར་བསྡུས་ནས་རྣམ་བཞག་སྟེ། རྒྱས་པ་ལས་(ཡེ་ཤེས་རྣམས)་དང་སེམས་དང ་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རྣམས་འགའ་ཞིག་རྣམ་པར་འཇོག་པར་འགྱུར་རོ། །དེ་ལྟར་མདོར་བསྡུས་ན་(གཏགས་པ་བ?)་རྒྱུ་དང་(མཚན་ཉིད་པ)་འབྲས་བུའི་བདག་ཉིད་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་རང་བཞིན་ཐེག་པ་ཆེན་པོ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་རྟོགས་པ་གཅིག་ཁོ་ནའོ། །ཕྱེ་བས་རྣམ་པར་གཞག་ན་ནི་མངོན་པར་རྟོགས་གསུམ་རྣམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་ཤེས་པ ་ཉིད་དང་ཐམས་ཅད་ཤེས་པ་ཉིད་ནི་མངོན་པར་མཚོན་པར་བྱ་བ་རྣམས་ཏེ། (ཡུལ་ནི་རྣམ་པ་གསུམ་པོ་རྒྱུད་ཞེས་གསུངས་པ་ལྟར)་འཇུག་པའི་ཡུལ་ཉིད་ཀྱིས་ན་རྒྱུའི་མངོན་པར་རྟོགས་པ་སྟེ། (ཉན་རང་གི་ཀུན་ཤེས)་སྤང་བྱ་དང་བླང་བྱའི ་མཚན་ཉིད་ཀྱི་དབང་དུ་བྱས་ནས་(མཁྱེན་པ་གསུམ་པོ)་དེ་བསྟན་པའི་ཕྱིར་རོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་རྩེ་མོར་གྱུར་པ་དང་མཐར་གྱིས་པ་དང་སྐད་ཅིག་གཅིག་ལ་མངོན་པར་རྫོགས་(གཞན་མཁྱེན་གསུམ) ་བར་བྱང་ཆུབ་པ་རྣམས་ནི། འདིས་རབ་ཏུ་སྦྱོར་རོ་ཞེས་པ་(རྒྱུའི་མངོན་པར་རྟོགས་པ)་དེའི་སྦྱོར་བའི་མངོན་པར་རྟོགས་པའོ། །ཕྲིན་ལས་དང་བཅས་པའི་ཆོས་སྐུ་ནི་འབྲས་བུའི་མངོན་པར་རྟོགས་པའོ། །སླར་ཡང་གསུམ་པོ་འདི ་རྣམས་རྒྱས་བར་(ཕྱིན)་མངོན་པར་རྟོགས་པ་དྲུག་རྣམས་ཏེ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམ་གྲངས་ཇི་ལྟ་བར་(རྣམ་ཀུན)་སྦྱོར་བའི་མངོན་པར་རྟོགས་པ་དང། རབ་ཏུ་གྱུར་པའི་མངོན་པར་རྟོགས ་པ་དང་(མཐར་གྱིས་པ)་གོ་རིམ་གྱི་མངོན་པར་རྟོགས་པ་དང་(སྐད་གཅིག་མ)་མཐར་ཐུག་པའི་མངོན་པར་རྟོགས་པ་ཞེས་དབྱེ་བ་ལས་སོ། །ཤིན་དུ་རྒྱས་པ་ལས་ནི་རྒྱུའི་མངོན་པར་རྟོགས་པ་སྔར་བཞིན་གསུམ་ཉིད་ཀྱིས་ན་མངོན་པར ་རྟོགས་པ་བརྒྱད་རྣམས་སོ། །གང་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་གསུམ་རྣམས་སྦྱོར་བའི་ཡུལ་ཡིན་ལ། དེ་ལས་གཞན་བཞི་རྣམས་སྦྱོར་བ་དང་རྒྱུའོ་ཞེས་འཕགས་པས་རྣམ་པར་བཞག་པ་མཛད་པ་ནི་(ཉི་ཁྲི་སྣང་བར་ཐམས ་ཅད་མཁྱེན་པ་ཉིད་གསུམ་ནི་ཡུལ་ལོ། །མངོན་པར་རྟོགས་པ་བཞི་ནི་རྒྱུའོ་ཞེས་གསུངས་སོ།)་།འདི་དང་དོན་གྱིས་མཐུན་པ་ཁོ་ནའོ། །སེམས་བསྐྱེད་པ་རྣམས་ལ་མངོན་པར་རྟོགས་པ་རྣམ་པར་བཞག་པ་(མདོ་དང་རྒྱས་པ)་འདི་ཐམས་ཅད་(འཕགས་པ་རྣམ ་གྲོལ་བ་སྡེ་ལ་སོགས་པ)་བདག་ཉིད་ཆེན་པོ་རྣམས་ཀྱི་དགོངས་པ་ཁོ་ན་འདིར་བརྗོད་པའོ་ཞེས་པའོ།། །།ཐུབ་པའི་དགོངས་པའི་རྒྱན་དུ་མངོན་པར་རྟོགས་པ་བརྒྱད་ཀྱི་སྣང་བ་སྟེ་ཡོངས་སུ་བཅད་པ་གསུམ་པའོ།། །། ་དེ་ལྟར་འདུན་པ་(ལུགས་ལྡན་པ)་དང། བསམ་པ་དང། ལྷག་པའི་བསམ་པ་དང། སྦྱོར་བ་དང་སྦྱིན་པ་(ཱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ)་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ་ཐབས་དང། སྨོན་ལམ་དང། སྟོབས་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མངོན་པར་ཤེས་པ་དང། བསོད་ནམས་དང། ཡེ་ཤེས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང། སྙིང་རྗེ་དང། ལྷག་མཐོང་དང། གཟུངས་དང། སྤོབས་པ ་དང། ཆོས་ཀྱི་སྡོམ་དང། བགྲོད་པ་གཅིག་པའི་ལམ་དང། ཆོས་ཀྱི་སྐུ་དང་ལྡན་པ་སྟེ། སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་སོ་སོར་(རེ་རེ་ཡང)་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཀྱིས་ཡང་དག་པར་བསྡུས་པ་འདི་རྣམས་ལ། དད་པ་དང ་ལྡན་པ། (ཞེས་པ་འདོད་པ་དང་ལྡན་པ)་ཡོད་པ་ཉིད་དུ་མོས་པས་(ཱི་ཐ་དད་པ)་ཡིད་ཆེས་པ་ཡང་དག་པར་སྐྱེས་པ་ཡོན་ཏན་དང་ལྡན་པ་ཉིད་དུ་མོས་པས་(མི་དད་པ)་རབ་ཏུ་དད་བ་སྐྱེས་བ་ཐོབ་པར་ནུས་པ་ཉིད་དུ ་མོས་པས་མངོན་པར་འདོད་པ་(ཱི་དད་པ)་ཐོབ་པ་གང་རུང་རུང་འདོད་པ་འམ་(འདོད་རྒྱལ)་གཞན་གྱིས་བསྐུལ་པས་(ཱམ་གཞན་གྱི་རྗེས་སུ་འཇུག་པ)་མ་ཡིན་པ་(དགག་སྒྲ་འདི་འཇུག་ཊིག་གི་འགྱུར་ནག་ཤ་མན་སྟོན་ཡོད)་ཡིས་(གང་ཟག་གི)་བསོད་ནམས ་དང་ལྡན་པ་རྣམས་ཀྱིས་མངོན་པར་འདོད་ཅིང་ཡོངས་སུ་མ་སེམས་པའི་དོན་(མངོན་མཐོ་དང་ངེས་ལེགས)་རྣམས་རིང་པོ་མི་ཐོགས་པ་ཉིད་དུ་(བསོད་ནམས་ངེས)་ཕུན་སུམ་ཚོགས་པར་(ཱམ་འགྲུབ་པ)་བྱེད་དོ་ཞེས། བྱང་ཆུབ་ཏུ ་སེམས་བསྐྱེད་པ་ལེན་པ་དང་སྦྱིན་པ་ལ་སོགས་པ་དགེ་བའི་ཚོགས་ཉེ་བར་སོགས་པར་བྱེད་ཅིང་(དེ་ལྟ་བུའི)་བྱང་ཆུབ་སེམས་དཔའ་ནི་དང་པོར་ཞིག་སྨོན་པའི་སེམས་(དགྲོ?་བར་འདོད་པ་ལྟ་བུ)་སྐྱེད་པར་བྱེད་དོ། (།སྨེན་པའི་སེམས་བསྐྱེད)་དེའི ་ཡོན་ཏན་ཡང་རྣམ་པ་གཉིས་ཏེ། དེ་ལ་མཐོང་བའི་ཆོས་ཏེ་(ཚེ)་ནི་ད་ལྟར་བའི་སྐྱེ་བའི། །བརྒྱུད་པ་ནི་དུས་ཕྱི་མ་བྱང་ཆུབ་ཀྱི་བར་དུ་བརྒྱུད་བའི་སྐྱེ་བའོ། །དེ་(གཉིས)་ལ་ཐོབ་པར་བྱ་བའི་ཡོན་ཏན་ནི་མཐོང་བའི་ཆོས་ལ་ཐོབ ་པ་དང་བརྒྱུད་པས་ཐོབ་པའོ། །དེ་ལ་(གང་ཟག)་གང་ལ་ལ་ཞིག་གིས་ཕྱོགས་བཅུ་རྣམས་སུ་(སངས་རྒྱས་ཀྱི)་ཞིང་(ཁམས)་མཛའ་ཡས་པ་རྣམས་རིན་པོ་ཆེ་(ཌཱུརྱ?་དང་གསེར?་ལ་སོགས་པ)་སྣ་ཚོགས་ལས་བརྒྱན་པར་བྱས་ནས་ལྷ་དང་མིའི་བདེ་བ ་ཡོ་བྱད་(བཟང་བོ་དང་ལྟུང་བ་དང་གསོད?་པ་ཛ་བཟངས་དང་བཞོན་པ་ལ་སོགས་པ)་དེ་དང་དེ་རྣམས་དང་ལྡན་པ་རྣམས་སྐད་ཅིག་སོ་སོར་སྟེར་བས་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པ་ཁོ་ནའི?་བསྐལ་པར་(ཱུས?་དམ་པ)་ཕྱོགས་བཅུ་ན་བཞུགས་པའི ་སངས་རྒྱས་རྣམས་ཁོ་ན་ལ་ཕུལ་ལ། (གང་ཟག)་གཞན་གང་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བཞིན་བ་ཁོ་ནས། (བྱང་ཆུབ་སྟོན་དམ་མཆོག་ཏུ་གྱུར་པ)་འདི་ནི་འདི་ལྟར་ཁོ་ནའོ་ཞེས་མོས་པས་(བྱང་ཆུབ་ཀྱི)་སེམས ་དེ་སྐྱེད་བར་བྱེད་པ་(ཱི་གང་ཟག)་དེ་འདིས་ནི་སྔར་གྱི་སྦྱིན་པ་པོ་དེ་ལས་བསོད་ནམས་ཁྱད་པར་དུ་འཕགས་པ་ཐོབ་པོ་ཞེས་བསོད་ནམས་ཀྱི་མཆོག་ཉིད་ཐོབ་པ་ནི་མཐོང་བའི་ཆོས་(ཚེ་འདི)་ལ་ཐོབ་པའི་ཕན་ཡོན་ཏེ། (དེའི)་མོས་བ ་དང། བསོད་ནམས་དག་ནི་(སྨོན་པའི་སེམས་བསྐྱེད་པའི)་སྐྱེ་བ་གཅིག་པོ་དེ་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་མོས་པ་འཕེལ་བས་བསགས་བཞིན་པའི་བསོད་ནམས་ཀྱི་ཆུ་པོས་སྡིག་པའི་དྲི་མ་བཀྲུས་ཤིང། སྡིག་པ་ལས་བྱུང་བའི་ངན་འགྲོ ་གསུམ་རྣམས་དང། (རིང་དུ་བྱེད་བ)་གཞན་དོན་ལ་འབབ་པ་ཉིད་ཀྱི་ཕྱིར། བདེ་འགྲོ་དང་ཟག་པ་མེད་པ་དམན་པའི་(ཉན་ཐོས་དང་རང་སངས་རྒྱས་བ)་ཆོས་ཀྱི་བསྔགས་པ་སྨྲ་བའི་སྡིག་པའི་གྲོགས་པོ་རྣམས་རིང་དུ་བྱེད་ལ་མུ་སྟེགས་བ་དང ་བདུད་ལ་སོགས་བ་རྣམས་ཀྱིས་ཀྱང་ཟིལ་གྱིས་མནན་པར་བྱ་བ་མ་ཡིན་པ་དང་(ས་འོག་སོགས)་འཇིག་རྟེན་གསུམ་གྱིས་བཀུར་བར་འགྱུར་ཞིང་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་(།དེ་བཞིན་གཤེགས་པ)་དེ་རྣམས་ཀྱིས་འདོམས་བར ་བྱེད། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཉིད་ཐོབ་ལ་ཚོགས་(རྣམས)་ཡོངས་སུ་རྫོགས་པར་བྱེད་(མཐར་ཐུག་པ་ན)་སངས་རྒྱས་ཉིད་ཀྱང་རྟོགས་ཤིང་ཐོབ་བར་བྱེད་དོ་ཞེས་བསམ་དོར་བསྡུས་པ་ལས་(སྐྱེ་བ་དུ་མ)་བ་རྒྱུད་བས་ཐོབ་པའི་ཡོན་ཏན་རྣམས ་ཏེ། རྒྱས་པ་ལས་ནི་སྐབས་ཏེ་ཇི་ལྟ་བར་འཆད་པར་འགྱུར་རོ། །འདུན་པ་ལ་སོགས་པའི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་འདི་རྣམས་ཀྱང་བཅོམ་ལྡན་འདས་མ་ཆེན་མོ་(རྒྱས་པ་དང་བར་མ)་དག་ཏུ་གསུངས་ལ། འཕགས་པ་བློ་གྲོས ་མི་བཟད་པའི་མདོ་དག་གིས་ནི། (སེམས་བསྐྱེད་ཉི་ཤུ་རྩ་གཉིས་སོ)་དེ་རྣམས་ལ་རིམ་བ་ཇི་ལྟ་བར་(དུས་མཛའ་དུས་མཚོ་དུས་ལག་དང། །སུམ་ཅུ་རྩ་བདུན་རྐང་ལག་མཆོས། བཅུ་ཆེན་གཉིས་པ་བྱེ་བ་ཡིན། །དེ་རྣམས་མི་བཟད་བརྒྱད་ཅུར་འགྱུར་ཞེས་པ་ལྟར།) ་མི་ཟད་པ་བརྒྱད་ཅུ་རྣམས་སོ། །འདི་ལྟ་སྟེ། སེམས་དང་པོ་སྐྱེད་པ་(མི་ཟད་པ་དང་བསམ་པ་དང།)་སྦྱོར་བ་དང། ལྷག་པའི་བསམ་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་དང། ཚད་མེད་པ་བཞི་རྣམས་དང། མངོན་པར་ཤེས་པ་ལྔ་རྣམས་དང། བསྡུ་བའི ་དངོས་པོ་བཞི་རྣམས་དང། སོ་སོ་ཡང་དག་པར་རིག་པ་བཞི་རྣམས་དང། རྟོན་པ་བཞི་རྣམས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང། ཞི་གནས་དང་ལྷོག ་མཐོང་དག་དང། གཟུངས་དང། སྤོབས་པ་དག་དང། ཆོས་ཀྱི་སྡོམ་བཞི་རྣམས་དང། བགྲོད་པ་གཅིག་པའི་ལམ་ཉིད་དང། ཐབས་ལ་མཁས་པ་ཉིད་ཀྱི་མི་ཟད་པ་ཉིད་ཀྱི་ཕྱིར་རོ། (།མི་ཟད་པའི་མོད)་འདིར་སྦྱོར་བ་དང་ལྷག་པའི་བསམ ་པའི་དག་རིམ་པ་བཟློག་ནས་བསྟན་པ་ནི་(ལྷག་བསམ་དང་སྦྱོར་བ)་གཉིས་ཀའང་(སྐབས)་གཉིས་ཀ་ལ་འབྱུང་བར་གསལ་བར་བྱེད་པའོ། (།ཚོགས་ལམ་ནའང་སྦྱོར་བ་ཡོད་པ)་དེ་ཉིད་ཀྱི་ཕྱིར་འཕགས་པ་ཐོགས་མེད་ཀྱིས་(སྒྲུབ་པ་བཞིའི་མཚམས་ཀྱི་ཐད་དུ) ་སྨོན་པ་བརྒྱུད་པས་སྦྱོར་བ་རུ་གསུངས་སོ། །སེམས་བསྐྱེད་པ་བཅོ་ལྔ་པར་(མངོན་ཤེས་པ་དང་ལྡན་པ)་ཡང། བཅོམ་ལྡན་འདས་མ་བར་མ་འཕགས་པས་ཉེ་བར་གཞག་པས་མངོན་པར་ཤེས་པ་རྣམས་རྟོགས་པར་བྱས་པ་ནི་(དེ་ཉིད་ཀྱི་སྐབས་སུ) ་གསལ་བར་བྱེད་པར་འགྱུར་རོ། །གང་གི་ཕྱིར་བཅོམ་ལྡན་འདས་རྣམས་ཀྱིས་(ཆོས)་བསྟན་པ་ནི་(གདུལ་བྱ་སྣ་ཚོགས་ཀྱི་ངོར)་རྣམ་པ་སྣ་ཚོགས་བ་སྟེ། མདོ་ལ་ལང་ཆོས་ཁ་ཅིག་(བྱང་ཆུབ་ཀྱི་ཕྱོགས་རྣམས་སེམས་བསྐྱེད་བཅུ་བདུན་པ་ལ་བཞག་བ་ལྟ་བུ)་གནས་སྐབས ་འགའ་ཞིག་ལ་བསྟན་པ་འགལ་བ་མེད་དོ་ཞེས་སྐྱོན་ཅུང་ཟད་ཀྱང་མེད་དོ། །སེམས་བསྐྱེད་པ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རབ་ཏུ་དང་པ་(འདི་དད་པ)་སྐྱེད་པར་བྱེད་པའི་(ཡོན་ཏན)་དཔེར་བརྗོད་པ་རྣམས་ཀྱི་རྒྱས་པར ་བྱའོ། །དེ་ལ་སེམས་བསྐྱེད་པ་དང་པོ་ནི་ཆེད་དུ་བྱ་བ་(སེམས་ཅན་ཀུན་མཆོག་ཉིད་སེམས་སོགས)་དང་བཅས་པའི་བྱང་ཆུབ་ལ་འདུན་(ཏེ་ཐོད་པར་འདོད)་པའི་མཚན་ཉིད་ཅན་མི་ཟད་པ་དང། ས་དང་མཚུངས་པ་སྟེ། སངས་རྒྱས་ཀྱི་ཆོས ་ཐམས་ཅད་དང་(སངས་རྒྱས་ཀྱི་ཆོས)་དེའི་ཚོགས་(བསོད་ནམས་དང་ཡེ་ཤེས་དག)་རབ་ཏུ་སྐྱེ་བའི་གཞིར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དཀོན་མཆོག་རྩེགས་པའི་མདོར་དོན་གྱིས་གསུངས་པ་ཡང་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས ་གཟུང་སྟེ་ཐོག་མ་དང་བར་དང་ཐ་མ་རྣམས་སུ་སེམས་ཅན་རྣམས་(ཐམས་ཅད)་ཀྱི་དགེ་བའི་རྩ་བ་མངོན་པར་སྒྲུབ་པའི་རྟེན་དུ་(ཏེ་གནས་སུ)་གྱུར་པ་ཉིད་ཀྱིས་(ན།)་ཕན་པ་དང་གནོད་པ་བྱེད་པ་ཐམས་ཅད་(ཀྱིས་སེམས་མ་ཟིན་པའི་ཕྱིར་ཞེས་པས ་མདོ་འགྲེལ་གྱི་འགྱུར་ན་སྣང་ངོ)་ལ་མཛའ་ཐུག་པ་མེད་པའི་སེམས་དང་ས་དང་མཚུངས་པར་ཡང་འགྱུར་གྱི་ཇི་ལྟར་ཡང་བཏང་སྙོམས་པར་འཇུག་པའི་(ཱམ་ཡལ་བང་འཇོག་པ)་ས་ལ་བརྟེན་ནས། སྐྱེས་བུའི་བྱེད་པ་དེས། སེམས་ཅན ་རྣམས་(ས་གཞི)་དེར་ཉེ་བར་འཚོ་བར་བྱེད་པ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། (།སེམས་བསྐྱེད་པ)་འདི་ནས་གཟུང་སྟེ་བྱང་ཆུབ་སེམས་དཔའ་ནི་སྐྱེས་བུ་ཆེན་པོའི་རྣམ་(ཏེ་རང་གི་རྩལ་གྱིས) ་པར་རྟོགས་པ་བརྒྱད་རྣམས་ལ་ཉིན་དང་མཚན་དུ་མངོན་དུ་ཕྱོགས་པར་བྱེད་དོ། (།བརྒྱད་པོ)་དེ་རྣམས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་(བའམ་འཇོག་པ)་ནུས་པར་(དུས)་ནམ་ཞིག་འགྱུར་ཞེས་པ་དང། ་དབུལ་ཞིང་སྐྱོ་བའི་(ཱམ་རྣམས་ཐག་པ)་སེམས་ཅན་རྣམས་(བདག་གིས)་འབྱོར་པ་ཆེན་པོ་ལ་ངེས་པར་སྦྱོར་བར་ནམ་ཞིག་འགྱུར་སྙམ་པ་དང། རང་གི་ལུས་ཤ་ཁྲག་དང་བཅས་པས་སེམས་ཅན་གྱི་དོན་(དུ?)་གང?་གི་ཚེ ་བྱེད་པར་འགྱུར་སྙམ་པ་དང། (བདག་གིས)་དུས་ཤིན་ཏུ་རིང་པར་དམྱལ་བར་གནས་པས་ཀྱང་སེམས་ཅན་རྣམས་ལ་ཕན་པ་ཁོ་ན་(དུས)་ནམ་(ཞིག)་བྱེད་པར་འགྱུར་སྙམ་པ་དང། (བདག་གིས)་འཇིག་རྟེན་པ་དང་འཇིག་(ཱམ་ནམ)་ཞག? ་རྟེན་ལས་འདས་པའི་འབྱོར་པས་འཇིག་རྟེན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡང་དག་པར་རྫོགས་པར་(བྱས་པ)་ནམ་(གྱི་དུས་སུ)་མཐོང་བར་འགྱུར་སྙམ་པ་དང། (བདག་ཉིད)་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི ་སྡུག་བསྔལ་ཐམས་ཅད་ལས་ནམ་གྱི་ཚེ་འདོན་པར་འགྱུར་ཞེས་པ་དང། སེམས་ཅན་ལ་ཕན་པའི་འབྲས་བུ་མེད་པའི་སྐྱེ་པ་དང། སེམས་ཅན་གྱི་དོན་ལ་རབ་ཏུ་སྦྱར་བ་དང་བྲལ་བའི་སེམས་དང་གཞན་གྱི་དོན་ལ་རོ་གཅིག་པ་མ་ཡིན ་པའི་(ལུས་ཀྱི)་བྱ་བ་དང། སྐྱེ་བོ་ཐམས་ཅད་དགའ་པར་མི་བྱེད་པའི་ངག་དང། གཞན་གྱི་དོན་དང་བྲལ་བའི་གསོན་པ་དང། གཞན་ལ་ཕན་པ་ལ་སྟོབས་ཆུང་བའི་ལུས་དང། གཞན་ལ་ཕན་པར་བྱེད་པ་ལ་མི་དགའ་བའི་བློ་དང། སེམས ་ཅན་ལ་ཕན་པའི་བྱ་པ་མི་བྱེད་པའི་རྫས་(ནོར་དང།)་འགྲོ་པའི་དོན་དུ་སྤྱོད་པ་དང་བྲལ་བའི་དབང་ཕྱུག་དང། (སྲོག་གི་དབང་པོ?)་གཞན་འཚོག་པས་(ཱམ་འཚེ་བ་སྟེ་བརྡུང?་བར་བྱེད་པ)་དགའ་རྣམས་སྐྱེ་བ་དང། སྐྱེ་བར་མ་འགྱུར་ཅིག་ཅེས་པ་དང ་སྲོག་ཆགས་ཐམས་ཅད་ཀྱི་སྡིག་པའི་ལས་ཀྱི་འབྲས་བུ་(འདོད་བྱ་མིན་པ)་བདག་ལ་གྱུར་ཅིག། (དབང་ཆེ་བ་ཉིད)་བདག་(རིན་ཆེན་ཕྲང་བར་བདག་ལ་དེ་དག་སྡིག་སྨིན་ཅིང། །བདག?་དགེ?་མ་ལུས་དེར་སྨིན་ཤོག་།ཅེས་གསུངས་པ་ལྟར)་གི་ལེགས་པར་སྤྱད་པ་ཐམས་ཅད ་ཀྱི་འབྲས་བུ་(འདོད་པར་བྱ་བ་རྣམས)་སེམས་ཅན་ཐམས་ཅད་ལ་གྱུར་ཅིག་ཅེས་པ་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་རྣམས་སོ། (།སེམས་བསྐྱེད་པ་དང་པོ)་འདིའི་རྗེས་སུ་བསྔགས་པ་(ཕན་ཡོན)་ཇི་སྐད་དུ་དཀོན་མཆོག་རྩེགས་པས ་འོད་སྲུངས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་ཆགས་(བའམ་ཞུགས་པ)་ནས་ཞག་བདུན་ལོན་པར་གྱུར་མ་འབྱུང་བ་ཆེན་པོ་མེར་མོར་པོར་གྱུར ་པ་དབང་པོ་(མིག་ལ་སོགས་པ)་ཡོངས་སུ་མ་སྨིན་པ་དེ་ལ་(སྐབས)་དེར་ལྷ་རྣམས་ཤིན་ཏུ་སྟོབས་དང་ལྡན་པར་དགའ་(བ་འམ་སྤྲོ་བ)་བསྐྱེད་ཀྱི་གཞོན་ནུ་(འཁོར་ལོས་སྒྱུར་བའི་མཚན་དང་མི་ལྡན་པ)་མགྱོགས་པ་དང་སྟོབས་དང་ཤུགས་དང ་མཐུ་ཐོབ་པ་ཆེར་སྐྱེས་པ་དེ་རྣམས་ལ་ནི་(ལྷ་རྣམས་ཤིན་ཏུ་དགའ་བ)་མ་ཡིན་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། (གཞོན་ནུ་མཚན་དང་ལྡན་པ)་དེ་ནི་འཁོར་ལོས་སྒྱུར་བའི་རིགས་མི་འཆད་པའི་ཆེད་དུ་གནས་པར་འགྱུར་བའི་ཕྱིར་རོ། །དེ ་བཞིན་དུ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་(དང་པ་ལ་སོགས་པའི)་དབང་པོ་ཡོངས་སུ་མ་སྨིན་པ། ཉོན་མོངས་པའི་འབྱུང་བ་ཆེན་པོ་ནུར་ནུར་པོར་གྱུར་པ། ཐ་མལ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པའི་ཆེད་དུ ་འཁོར་བར་འཁོར་མོད། འོན་ཀྱང་དེར་སྔོན་གྱི་སངས་རྒྱས་མཐོང་བའི་ལྷ་རྣམས་ཤིན་ཏུ་སྟོབས་དང་ལྡན་པར་དགའ་པ་(ཱམ་སྤྲོ་བ)་སྐྱེད་ཀྱི། དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དེ་རྣམས་ལ་ནི་(ལྷ་རྣམས་ཤིན་ཏུ་སྤྲོད) ་མ་ཡིན་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། (སེམས་དང་པོ་བསྐྱེད་པའི་རྒྱལ་བའི་སྲས)་དེ་ནི་སངས་རྒྱས་ཀྱི་གདུང་(འཚོ་བ་པར་བྱེད་པས)་མི་འཆད་པའི་ཆེད་དུ་གནས་(ཤིང་དགྲ་བཅོམ་པ་ནི་དེ་ལྟ་མ་ཡིན)་པའི་ཕྱིར་རོ་ཞེས་སོ། །འོད་སྲུངས་འདི་ལྟ་སྟེ། བྱ་ཀ་ལ་པིངཀའི ་ཕྲུ་གུ་སྒོ་ངའི་སྦུབས་ན་གནས་པ་མིག་མ་བྱེ་བའང། འདི་ལྟ་སྟེ། ཟབ་ཅིང་སྙན་པའི་སྒྲ་སྐད་སྒྲགས་པས་བྱའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ནོ། །འོད་སྲུངས་དེ་བཞིན་དུ་སེམས་དང་པོ་བསྐྱེད་པའི ་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་ན་གནས་པ་ལས་དང་ཉོན་མོངས་པའི་མུན་པ་དང་རབ་རིབ་ཀྱི་དྲ་བས་མིག་ཁེབས་བའང། འདི་ལྟ་སྟེ། དགེ་བའི་རྩ་བ་(རྫོགས་པའི་བྱང་ཆུབ་ཏུ)་ཡོངས་སུ་བསྔོ་བའི་སྦྱོར་བ་དང ་སྒྲུབ་པའི་སྒྲ་བསྒྲགས་པས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །འོད་སྲུངས་འདི་ལྟ་སྟེ། རིའི་རྒྱལ་པོ་གངས་རི་ལ་སྨན་གང་ཡོད་པ་དེ་རྣམས་ང་ཡིར་བྱ་བ་མེད། ཡོངས་སུ་གཟུང་བ་མེད། རྣམ་པར ་རྟོག་པ་མེད་དེ། ནང་གང་ལ་བཏང་བར་ནང་དེ་ཞི་བར་བྱེད་དོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གོང་ཡེ་ཤེས་ཀྱི་སྨན་ཡང་དག་པར་བསྒྲུབ་པ་དེ་ཐམས་ཅད་རྣམ་པར་རྟོག་པ་མེད་པར་ཡང་དག་པར་སྒྲུབ ་ཅིང་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་(སེམས་ཅན)་དེ་རྣམས་(ཉོན་མོངས་པའི་ནང་ཞི་པར་བྱེད་པས)་གསོ་བ་ལའང་རབ་ཏུ་སྦྱོར་བར་བྱེད་དོ། །འོད་སྲུངས་འདི་ལྟ་སྟེ། ཇི་ལྟར་(ཚེས་གཅིག་གི)་ཟླ་བ་གསར་པ་ལ་ཕྱག ་འཚལ་བ་དེ་ལྟར་(ཉའི)་ཟླ་བ་གང་བ་ལ་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་ང་ལ་ཤིན་ཏུ་སྟོབས་དང་ལྡན་པར་དང་པ་དེ་རྣམས་ཀྱིས་(ཟླ་བ་ཆས་པ་དང་འདྲ་བའི)་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི་(ཟླ་བ་གང་བ་དང་འདྲ་བའི)་དེ ་བཞིན་གཤེགས་པ་ལ་མ་ཡིན། (།དཀོན་མཆོག་བརྩགས?་པའི་འགྲེལ་པར་སློབ་དཔོན་བློ་བརྟན་གྱིས་སྒྲུབ་པ་དང་འཚོད་པ་ལ་ངོ?་མཚར་ཀྱི་བློར་འགྱུར་བ་དེ་ལྟར་གསུམ་པ་ལམ་ཡིན་ཏེ་འདིར་ཡང་དེ་ལྟར་རིག་པར་བྱའོ་ཞེས་གསུངས)་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ ་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ལ། དེ་བཞིན་གཤེགས་པ་ལས་བྱུང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ངོ་ཞེས་སོ། །བྱང་ཆུབ་སེམས་དཔའ་ཨི་སར་ཡང། (སེམས་བསྐྱེད་ཀྱི་སྐབས་སུ)་འདི་གཉིས་ནི་བྱང་ཆུབ ་སེམས་དཔའ་སེམས་དང་པོ་བསྐྱེད་པ་བརྟན་པའི་སེམས་བསྐྱེད་པའི་ཕན་ཡོན་དག་སྟེ། སེམས་བསྐྱེད་མ་ཐག་ཏུ་(སེམས་ཅན་ཐམས་ཅད་ཀྱིས་མཆོད་པས)་སེམས་ཅན་ཐམས་ཅད་ཀྱི་ཡོན་གནས་སུ་(གྱུར་པར་འགྱུར་བ་དང། འཇིག་རྟེན་ཀུན ་གྱིས་བཀུར་བར་འོས་པས)་བླ་མར་གྱུར་པ་དང་བསོད་ནམས་ཀྱི་(མེ་ཏོག་གི)་ཞིང་དང་སྐྱེ་དགུ་རྣམས་ཀྱི་(ཕན་པ་སྒྲུབ་པས)་ཕ་དང་འདྲ་བ་དང་གནོད་པ་མེད་པའི་(གནོད་པར་བྱ་བ་མ་ཡིན་པ)་བསོད་ནམས་ཡོངས་སུ་འཛིན་པར་བྱེད་པའོ། །དེ ་ལ་འདི་ནི་གནོད་པ་མེད་པའི་བསོད་ནམས་ཏེ། གང་གིས་བསྲུངས་པའི་བྱང་ཆུབ་སེམས་དཔའ་གཉིད་ལོག་གམ་མྱོས་པར་(སྨྱོས་པ་དང་ཆད་ལ་སོགས་པས་བཞི་བ)་གྱུར་པ་ལ་འང་སྦྲུལ་ལམ་གནོད་སྦྱིན་ནམ་མི་མ་ཡིན་པ ་གཉུག་མར་གནས་པ་རྣམས་ཀྱིས་ཐོ་འཚམ?་པར་མི་བྱེད་དོ། །ཆོ་བརྫས་ནའང་བསོད་ནམས་(གནོད་བྱ་མིན་པ)་དེས་(ལུས་དང་སེམས་ལ)་གནོད་པ་ཉུང་བ་དང། ནང་མེད་པའི་རང་བཞིན་ཅན་དུ་འགྱུར་བ་ནས། དྲན་(སེམས་ཅན ་གྱི་བྱ་བ་ལ་བརྩོལ་བ་དང་ཆོས་སྟོན་པ་ན)་པ་ཉམས་པ་མེད་པ་དང། (དེ་ཉིད་བཤད་པ?)་སེམས་ཉམས་པ་མེད་པའི་བར་དུའོ། (།བྱང་ཆུབ་སེམས་དཔའ་)་དེ་ལས་གཞན་པའི་(སེམས་ཅན་དུ)་ལག་དུ་སོང་བ་ན་མ་གྲུབ་པ། སེམས་ཅན་རྣམས ་ཀྱི་(ཧ་ཅང་ཆེར་ཆས་ཆར་ཆུངས་དང། །བྱི་བ་ནེ་ཙོ་ཆ་ག་བ། །རྒྱལ་པོ་ངན་པར་གྱུར་པ་དེ། །དྲུག་པོ་དེ་ལ་ཡམས་ཤེས་བྱ། །ཞེས་པའི)་ཡམས་(སྐྱེ་བོ་མང་པོ་ལ་གནང་པ)་དང་(མི་དང་མི་མ་ཡིན་པའི)་ཉེ་བར་འཚེ་བ་དང། །ནང་འགོ་བ་ཉེ་བར་ཞི་བར་བྱེད་པའི་གསང་སྔགས་ཀྱི་ ་ཚིག་རྣམས་དང། རིག་སྔགས་ཀྱི་ཚིག་རྣམས་ཀྱང་(བྱང་ཆུབ་སེམས་དཔའ་)་དེའི་ལག་ཏུ་སོན་པོ་རྣམས་འགྲུབ་ན། གཞན་གྱི་གྲུབ་པ་རྣམས་སླར་སྨྲ་ཅི་དགོས་ཞིང་གང་ན་(བྱང་ཆུབ་སེམས་དཔའ་)་གནས་ལ ་དེར་འཇིགས་པ་དང་སྐྲག་པ་དང། མུ་གེའི་འཇིགས་པ་རྣམས་དང། མི་མ་ཡིན་པས་བྱས་པའི་ཉེ་བར་འཚེ་བ་རྣམས་ཀྱང། མ་བྱུང་བ་རྣམས་མི་འབྱུང་ལ་བྱུང་བ་རྣམས་ཀྱང་ཞི་བར་འགྱུར་རོ། །གལ་ཏེ་སེམས་དང་པོ ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་བརྒྱ་ལམ་སེམས་ཅན་དམྱལ་བ་རྣམས་སུ་ངན་འགྲོའི་སར་སྐྱེས་ཀྱང། དེ་ཚད་ཆེན་པོས་(སམ་ཤས་ཆེར)་ཤིན་ཏུ་མྱུར་བར་གྲོལ་ལ། དམྱལ་བ་རྣམས་ལས་ཤིན་ཏུ་ཆུང་བའི་སྡུལ་མྱོང ་ཞིང། ཆོས་ཤིན་ཏུ་སྐྱོ་བའང་སྐྱེའོ་སེམས་ཅན་དེ་རྣམས་ལའང་སྙིང་རྗེའི་སེམས་ཉིད་དོ། །དེ་ལྟར་གནོད་པ་མེད་པའི་བསོད་ནམས་ཡོངས་སུ་འཛིན་པ་པོས་དེ་ལྟ་བུའི་ཆ་དང་མཐུན་པའི་ཕན་ཡོན་མང་པོ་རྣམས་ཐོབ་བོ་ཞེས་སོ ་བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་ལྟ་བུ་སྟེ། (ཉི་ཁྲི་སྣང་བར)་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཕན་པ་དང་བདེ་བའི་བསམ་པ་ནི་ཕྱི་མ་དང་དེའི་ཚེའི་དུས་དག་ཏུ་རྣམ་པར་འགྱུར་བ་མི་བསྟེན་པའི་(།གསུང) ་ཕྱིར་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་(ཏུ་གནས་པ)་ཉིད་ཀྱི་བར་གྱི་བསམ་པ་ནི་(འ་ཥ་ཡ)་བསམ་པའོ། (།ཞེས་སོ)་དེའང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་(ཅི་དགོངས་པ་ཡོངས་སུ་རྫོགས་པར་བསམ་པ་ཞེས ་བཟང་སྤྱོད་འགྲེལ་པར་བཤད)་པར་འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་བསམ་པ་དང་(སངས་རྒྱས་ཀྱི)་ཞིང་ཡོངས་སུ་སྤྱོད་པའི་བསམ་པ་དང། སེམས་ཅན་(ཐམས་ཅད་ལ་ཕན་པ་དང)་བདེ་བའི་བསམ་པའོ། །དེ་ལ་(བསམ་པ) ་དང་པོ་ཡང་(ནི)་ཡང་བ་དང་ལྕི་བ་དང་རྣམ་པ་གཉིས་ཏེ། ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གང་སངས་རྒྱས་བཅོམ་ལྡན་དས་གདུལ་བྱ་ཉེ་བ་མེད་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་(ཱི་ཚུལ) ་བསྟན་པ། (གདུལ་བྱར་མ་གྱུར་པ)་གཞན་རྣམས་ཀྱི་མིང་མཐོང་བའོ་ཞེས་པ་འདས་པ་རྣམས་དང་གང་ཡང་གདུལ་བྱ་ཉེ་བ་རྣམས་ཀྱིས་མཐོང་བཞིན་པ་ཉིད་ཀྱིས་ན་བཞུགས་པ་(ད་ལྟར་བ)་རྣམས་དང་གང་ཡང་མ་དོན་པར་རྫོགས ་པར་སངས་མ་རྒྱས་པ་(རང་གཞན་གྱི)་དོན་རྫོགས་པར་བྱས་པ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞེས་པ་མ་བྱོན་པ་རྣམས་ཏེ། དེ་(དུས་གསུམ་གྱི་སངས་རྒྱས)་རྣམས་བདག་གིས་བླ་ན་མེད་པའི་ཆོད་པས་མཆོད ་པར་བྱའོ་ཞེས་པ་ནི་ཡང་བ་སྟེ། དེ་རྣམས་ཀྱི་ཆེད་དུ་སྐུ་གཟུགས་རྣམས་དང་མཆོད་རྟེན་རྣམས་དང་ནམ་མཁའ་(རུ་ཡིད་ཀྱིས་བསམ་པ)་ལའང་མཆོད་པ་བྱེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་(བཅུ) ་བསྒྲུབ་པ་ནི་སྒྲུབ་པའི་མཆོད་པ་སྟེ། (སྒྲུབ་པའི་མཆོད་པ)་དེ་ཡོངས་སུ་རྫོགས་པར་བྱེད་པའི་བསམ་པ་ནི་(མཆོད་པའི་བསམ་པ)་ལྕི་བའོ། །གཉིས་པ་(ཞིང་ཡོངས་སུ་དག་པར་བྱ་བའི་བསམ་པ)་ནི་བདག་གིས་སངས་རྒྱས་ཀྱི་ཞིང་མཐོ་དམའ་དང་ཅོད་རོང་དང ་སྡོམ་དུ་མ་དང་ཚེར་མ་དང་གསེག་མ་(ཱམ་གྱོ་དུམ?)་དང་གྱོ་མོ་དང་བོང་བ་དང་(གཅན་གཟན)?་སྦྲུལ་དང་ཚོམ་རྐུན་དང་མུ་གེ་དང་ཆུ་(ཱི་དགོན་པ་དང་མྱ་ངན་གྱི་ཐད་ལ་འཆུ་མེད་པ)་དང་ནད་ཀྱི་དགོན་པོ་དང་བྲལ་བ་ཉིད་ཀྱི་ཕྱིར་རྣམ་པར་དག་ཅིང་ལག་མཐིལ ་ལྟར་མཉམ་པ་ཤིང་བལ་ལྟར་འམ་པ་ཡངས་པ། དཔག་བསམ་གྱི་ཤིང་ལྗོན་པ་(མ་རྨོས་མ་བཏབ་པའི་ལོ་ཏོག)་ལ་སོགས་པ་དང་ལྡན་པ། ངན་འགྲོའི་ས་དང་བྲལ་བ་ཤེལ་དང་ཨིནྡྲ་ནཱི་ལ་དང། བེཌཱུརྱ་ལ་སོགས་པའི་རང་བཞིན་དུ ་གྱུར་ཅིག་ཅེས་པའོ། (།འི་བསམ་པ)་གསུམ་པ་(སེམས་ཅན་བདེ་བར་བྱ་བའི་བསམ་པ)་ནི་ཞིང་དེར་གང་(འདོད་པ་ལོག་པའི)་ཁམས་དང་(མི་ལ་སོགས་པའི)་འགྲོ་བ་དང་(བརྫུས་སྐྱེས་ལ་སོགས་པའི)་སྐྱེ་གནས་དང་(བྲམ་ཟེ་ལ་སོགས་པའི) ་རིགས་ཀྱིས་བསྡུས་པའི་སེམས་ཅན་ཇི་སྙེད་པ་རྣམས་ཐམས་ཅད་ངན་འགྲོ་(ན་ཡོད)་བ་རྣམས་ཀྱང་ལྷ་དང་མིའི་བདེ་བ་རབ་ཏུ་གྱུར་པ་ངན་འགྲོ་ཅན་(ཏེ་ངན་ངན་འགྲོའི་རྒྱུ)་མ་ཡིན་པའི་བདེ་བས་རྟག་ཏུ་བདེ་བར་གྱུར་ཅིག་།ལུས་དང་སེམས ་གནོད་པ་དང་བྲལ་བ་དང། (སེམས་ཅན)་དེ་རྣམས་ཡོ་བྱད་གང་དང་གང་གིས་བདེ་བ་འདི་དང་འདི་འདྲ་བ་མངོན་པར་འདོད་པའི་ཡོ་བྱད་དེ་དང་དེ་དེ་རྣམས་ལ་བདག་གི་དགེ་བའི་ལས་ཡོངས་སུ་སྨིན་པ་ལས་ཉེ་(སེམས་ཅན་དེ་རྣམས་ཀྱི) ་བར་འབྱུང་བ་དང། རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པར་ཡང་གྱུར་ཅིག་།དེ་ལྟར་(སེམས་ཅན)་དེ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལ་(སྣོད་དུ་རུང་བར་གྱུར་པ)་ཡོངས་སུ་སྨིན་པ་དང། ཡིད་ལ་རེ་བ་རྫོགས་པ་དང ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་པར་བྱའོ་ཞེས་པའོ་(ཱི་བསམ་པ།)་ལྷག་པའི་བསམ་པ་དང་ལྡན་པ་ནི་དཀར་པོའི་ཕྱོགས་ཀྱི་ཟླ་(རེའི)་བ་གསར་པ་(ཆོས་པ)་ལྟ་བུ་སྟེ་(།ལྷག་བསམ་ཅན་གྱི་སེམས་བསྐྱེད)་དེས་དགེ ་པ་རྣམས་སྐྱེ་བ་འཕེལ་བ་འཐོབ་པའི་ཕྱིར་རོ། །ཁྱད་པར་(དམ་ལྷག་པར)་རྟོགས་པའི་(ཱམ་ཐོབ་པ)་ཆེད་དུ་བའི་བསམ་པ་ནི་ལྷག་པའི་བསམ་པ་སྟེ་གང་བཅོམ་ལྡན་འདས་མར་(སེམས་སྐྱེད་གསུམ་པའི་སྐབས་སུ)་གསུངས་པ། དེས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་བསྒོམ་པར་བྱ་བའོ་ནས་ཇི་(མི་གཅད་པའི་འདུ་ཤེས་དགུ་སྒོམ་པའི་བར་དང་སྐྱེས་བུ་ཆན་པའི་རྣམ་རྟོག་བརྒྱུད་སྒོམ་པའི་བར་དང)་སྲིད་དུ་སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ་ཞེས་པའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་སྦྱོར་བ་གོམས་པ་འདིའང་(དགེ་བའི་ཆོས་རྣམས)་ཡང་དག་པར་སྐྱེ་བར་བྱེད་འཕེལ་བར་བྱེད་དེ། དཀར་པོའི་ཕྱོགས་ཀྱི་ཟླ་བ་གསར་པ་བཞིན་ནོ། །དཀོན ་མཆོག་བརྩེགས་པར་ནི་དོན་གྱིས་ན་ཟླ་བ་དང་མཚུངས་པར་འགྱུར་གྱི་ཡང་ཇི་ལྟར་ཟླ་བ་དཀར་པོའི་ཕྱོགས་(ཡར་ངོ)་ཁོ་ན་སྨད་པར་བྱེད་ཅིང་ནག་ཕྱོགས་(མར་ངོ)་ལ་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་མ་ཡིན་ཏེ་སྤྱིའི ་མཚན་ཉིད་ཀྱིས་ནག་པོ་དང་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་སྣང་བར་བྱེད་པ་ཉིད་ཀྱིས་སོ་(ཉི་མ་དང་མཚུངས་པ་ཡང)་ཞེས་སོ། །དེ་ལྟར་འདི་ནི་ལས་དང་པོ་པའི་ངོ་བོའི་སེམས་བསྐྱེད་པ་གསུམ་ལ་ཚོགས་ཀྱི་སར། ་(མདོ་སྡེ་རྒྱན་གྱི་གདམས་པ་དང་རྗེས་སུ་བསྟན་པའི་སྐབས་སུ)་བསམ་གཏན་མངོན་ཤེས་བསྒྲུབས་པ་ལས། སངས་རྒྱས་དཔག་ཏུ་མེད་རྣམས་ལ། །མཆོད་པའི་དོན་དང་(ཆོས)་མཉན་ཆེད་དཱུང། །དེ་ནི་འཇིག་རྟེན་ཁམས་རྣམས་(སུ)་འགྲོ། ་འདི་ཡིས་སངས་རྒྱས་དཔག་མེད་རྣམས། །བསྐལ་པ་(གྲངས)་དཔག་མེད་བསྙེན་བཀུར་ནས། (།སངས་རྒྱས)་དེ་(རྣམས)་ལ་བསྙེན་བཀུར་བྱས་པ་ལས། །སེམས་ནི་(བསམ་གཏན་པ)་ལས་རུང་མཆོག་ཏུ་འགྱུར། །ཆོས་དང ་གང་ཟག་གི་བདག་མེད་པ། །ཉིད་ཀྱི་གདམས་པ་དང། རྗེས་སུ་བསྟན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་བརྩམས་པ་ཉིད་(སེམས)་ལས་ལས་སུ་རུང་བར་གྱུར་པ་ན་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན ་ཐོབ་སྟེ། (ཏིང་ངེ་འཛིན)་གང་ཐོབ་པ་ལས་སྟན་གཅིག་ལ་གནས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་བསྟན་པ་ཉན་པ་དང་གཞུང་(ཚིག)་དོན་དག་འཛིན་པའོ་ཞེས་པའོ།། (མདོ་སྔ་རྒྱན་དུ། དེ་ཚེ་ཆོས་ཀྱི) ་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར།)་ཏིང་ངེ་འཛིན་དེ་ཐོབ་ན་ཏིང་ངེ་འཛིན་དང་ཤེས་རབ་དག་མངོན་འཕེལ་བའི་དོན་དུ་སངས་རྒྱས་རྣམས་ལས་གདམས་པ་ཐོབ་པོ།། ་(བྱང་ཆུབ་སེམས་དཔའ་ཆེན་པོ)་དེའང་(མདོར་ཡེ་ཤེས་གང་དང་ལྡན་ལས)་ཕྱོགས་(བཅུ)་སོ་སོར་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་བལྟ། (སངས་རྒྱས)་དེ་རྣམས་ཀྱི་ཆོས་བསྟན་པའང་ཉན། དགེ་འདུན་ལའང་བསྙེན ་བཀུར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའང་བལྟ། (སངས་རྒྱས་ལྟར་ལ་སོགས་པ)་དེ་ཐམས་ཅད་ལའང་བདག་དང་གཞན་དུ་བདེན་པར་འདུ་ཤེས་པ་མེད། ཕ་རོལ་ཏུ་ཕྱིན་པ་རྣམས་ལའང་སྤྱོད་དོ་ནས་ཇི་སྲིད་སངས་རྒྱས་ཀྱི ་ཆོས་རྣམས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད། དེ་ལས་ཀྱང་ཐམས་ཅད་ལ་(ང་རྒྱལ་གྱི)་རློམ་སེམས་མེད་དོ་ཞེས་པ་སྤྱད་པ་རྣམས་ཀུན་ནས་དང་ཡང་དག་པར་ཡོངས་སུ་འཛིན་པའི་ཕྱིར་ལམ་ཡོངས་སུ་འཛིན་པ་ལ། ཇི་ལྟར ་རིགས་པ་ཚོགས་ཀྱི་སར་དང། གོང་མ་གོང་མའི་སེམས་ཀྱི་གནས་སྐབས་སཱུང་རིམ་གྱིས་བསྐྱེད་པའི་མཆོག་དང་རབ་མཆོག་ལ་སོགས་པའི་བྱེ་བྲག་གིས་སྤྱན་ལྔ་རྣམས་སོ་སོ་འཐོབ་ལ། མངོན་པར་ཤེས་པ་དྲུག་རྣམས ་ཀྱང་སྟེ། (སྦྱར་དེ་མངོན་ཤེས)་དེ་རྣམས་ལའང་རློམ་སེམས་སུ་མི་བྱེད་ལ། གང་(སྤྱན་དང་མངོན་ཤེས)་དེ་རྣམས་ཀྱིས་ཤེས་པ་དེ་ཐམས་ཅད་ཀྱང་མི་དམིགས་སོ། །དེ་ལ་ཤའི་མིག་ནི་གང་གཟུགས་རྣམས་མཐོང་བ་སྟེ། དེ་བཅོམ་ལྡན ་འདས་མར་གསུངས་པ། (ཉི་ཁྲི་སྣང་བར)་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་པ་ནས་བརྩམས་ནས། ཇི་སྲིད་དུ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་མཐོང་བ་ཡོད་དོ?་ཞེས་པ་འདུལ། རྣམ་པར་སྨིན་པ་བ་ཉིད་ཀྱིས་ན་(ཤའི་མིག)་དེའི་ཡུལ་སོ་སོར་ངེས་པ་ཉིད་ཀྱི་ཕྱིར་རོ། (།ཞེས་སོ་ཉི་ཁྲི་སྣང་བར)་ཤའི་མིག་གི་ཁྱད་པར་བག་ཙམ་ནི་སྲོག་ཆགས་ཕལ་ཆེ་བ་ཙམ་ལ་ཡོད་དོ། །ལྷའི་མིག་ན་གང ་གཟུགས་རྣམས་དང་འཆི་འཕེ་དང་སྐྱེ་བ་དག་ཀྱང་མཐོང་བའོ། །དེ་གསུངས་པ། ཤཱ་རིའི་བུ་རྒྱལ་ཆེན་བཞིའི་རིས་པ་རྣམས་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་ལྷའི་མིག་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གང་ཡང་བྱང་ཆུབ ་སེམས་དཔའ་ཨི་ལྷའི་མིག་དང་(འདོད་པ་དང་གཟུགས་ཁམས་ཀྱི)་ནི་ལྷ་དེ་རྣམས་ཀྱིས་རབ་ཏུ་མི་ཤེས་སོ། །ཞེས་སོ། (ཅིའི་ཕྱིར་ཞེ་ན)་ཕྱོགས་བཅུ་རྣམས་སུ་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་ཐམས་ཅད་(བྱང་ཆུབ་སེམས་དཔའ་ལྷ་ཡི་མིག)་འདིའི་ཡུལ་ཡིན ་པ་ཉིད་ཀྱི་ཕྱིར་རོ་(ཤེས་སོ)་ཤེས་རབ་ཀྱི་སྤྱན་ནི་ཆོས་ཐམས་ཅད་མི་དམིགས་པ་རྣམ་པར་མི་རྟོག་པ་སྟེ། གང་ཟག་གི་བདག་མེད་པ་མཐོང་བ་ཙམ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་རྣམས་ལའང་ཡོད་དོ། །ཆོས་ཀྱི ་སྤྱན་ནི་གང་འཕགས་པའི་(གང་ཟག)་རྟོགས་པའི་སྤྱོད་ཡུལ་ཅན་ཏེ། (ཆོས་ཀྱི་སྤྱན་ནི་མདོ་སྡེ་དང་དབྱངས་ཀྱི་སྙན་པའི་སྡེ་ལ་སོགས་པའི་ཆོས་ལ་ཐམས་ཅད་དུ་ཐོགས་པ་མེད་པའོ་ཞེས་སློབ་དཔོན་ངོ་བོ་ཉིད་མེད་པས་མདོ་སྔ་རྒྱན་གྱི་ཊཱིཀ་གསུངས)་དེ་གསུངས་པ། འདིར་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ཆོས་ཀྱི་སྤྱན་གྱིས་འདི་ལྟར་ཤེས་ཏེ། (གང་ཟག)་འདི་ནི་དད་པའི་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ་ནས་ཇི་སྲིད་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་(ལས་ཕྱིར་མི་ལྡོག་པས)་ཏུ་མངོན་པར་རྫོགས ་པར་འཚང་རྒྱ་བར་འགྱུར་བའི་བར་དུའོ། ཞེས་པའོ། (།ཆོས་ཀྱི་སྤྱན)་འདི་བག་ཙམ་ནི་དགྲ་བཅོམ་པ་ལའང་ཡང་ངོ། (།སྟོབས་བཅུ་པོའི)་གནས་དང་གནས་མ་ཡིན་པ་མཁྱེན་པ་སྤངས་པའི་(ལྷག་མ)་མཁྱེན་པ་དགུ་རྣམས་ཆོས་ཀྱི་སྤྱན་ན ་ཞེས་དབྱིག་གཉེན་ནོ། །སངས་རྒྱས་ཀྱི་སྤྱན་ནི་(ཉི་ཁྲི་སྣང་བར)་གང་ཆོས་ཐམས་ཅད་རྣམས་ཐམས་ཅད་དུ་མངོན་པར་རྫོགས་པར་རྟོགས་པའོ། (།སངས་རྒྱས་ཀྱི་སྤྱན)་འདི་ཁོ་ན་སྟོབས་བཅུའི་ངོ་བོ་ཞེས་ཁ་ཅིག་གོ་།མངོན་པར ་ཤེས་པ་རྣམས་ནི་རྫུ་འཕྲུལ་གྱི་བྱ་བ་དང་ལྷའི་རྣ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། ལྷའི་མིག་(ཞེས་སོ)་དང་ཟག་པ་ཟད་པ་ཤེས་པ་དྲུག་རྣམས་སོ། །ལྷའི་མིག་གི་མངོན་པར ་ཤེས་པས་(སེམས་ཅན་ཐམས་ཅད་ཀྱི)་འཆི་འཕོ་བ་དང་སྐྱེ་བ་དག་ཤེས་སོ། (།ལྷའི་མིག་གི་མངོན་ཤེས)་འདི་ནི་སྒོམ་པ་(བསམ་གཏན)་མངོན་པར་འདུ་བྱེད་པ་ལས་སྐྱེས་པ་སྟེ། སྔ་མ་ལྷའི་སྤྱན་(དེ་སྔོན་མར་མེ་ཕུང་བ་ལ་སོགས་པའི་ལས་ཀྱི) ་རྣམ་པར་སྨིན་པ་པའོ། །ཅི་ལྟར་སངས་རྒྱས་ཀྱི་སྤྱན་དང་མངོན་པར་ཤེས་པ་དྲུག་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་བརྗོད་ཅེ་ན། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔས་དེ་དག་གཉིས་ཀ་སོ་སོར་འཐོབ་པ་སྟེ། སངས་རྒྱས་ཀྱིས ་ལ་ནི་དེ་དག་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་མཐར་ཐུག་པར་འགྱུར་རོ། །དེ་ལྟར་སྦྱིན་པ་ལ་སོགས་པ་དགེ་བའི་ཚོགས་(གཉིས་ཀྱི)་གོ་ཆ་(ཱི་སྒྲུབ་པ)་དང་ལྡན་པ་(རྒྱལ་སྲས།)་འདི་སེམས་བསྐྱེད་པ་བཞི་པ་འཇུག་པའི་སྒྲུབ་པ ་མངོན་པར་སྒྲུབ་པར་བྱེད་དོ། །དེའང་སྦྱོར་བ་དང་ལྡན་པ་མེ་ལྟ་བུ་སྟེ། (སྦྱོར་བ་ཅན་གྱི་སེམས་བསྐྱེད)་དེས་ཁྱད་པར་རྟོགས་པ་(འཕེལ་བས)་ནི་རབ་ཏུ་གྱུར་པར་འགྲོ་བའི་ཕྱིར་ཏེ། བུད་ཤིང་གི་ཁྱད་པར་གྱིས་མེ་(འཕེལ)་བཞིན་ནོ། (།རྟོགས་པའང ་བར་བྱེད་པ)་དེ་ཉིད་ཀྱི་ཕྱིར་(བློ་གྲོས་མི་ཟད་པར་བཀའ་སྩལ་པ་ལྟར)་ལྷག་པའི་བསམ་པ་ཡང་(སྦྱོར་བ)་འདི་ལྟ་སྟེ། འདི་ཆོས་རབ་ཏུ་གྱུར་པ་འདོད་(ཁྱད་པར་དུ་འཕགས་པ)་པ་ཉིད་ཀྱིས་སོ། །དཀོན་མཆོག་བརྩེགས་པར་གསུངས་པ། དོན་གྱིས་ན ་མེ་དང་མཚུངས་པར་འགྱུར་གྱི། ཡང་ཇི་ལྟར་མེ་ནི་རྣམ་པར་བསྒྲུབས་པའི་(སྟེ་འཆགས་པའི་རྒྱུ་ཡིས་འཆགས་པ)་སངས་རྒྱས་ཀྱི་ཞིང་འཇིག་པར་བྱེད་པར་འགྱུར་བ་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །འོན་ཀྱང་དགེ་བའི་རྩ་བ ་ཡོངས་སུ་སྨིན་པ་(ཱི་གདུལ་བྱ)་རྣམས་ཀྱི་རྣམ་པར་གྲོལ་བ་ལ་ཡང་དག་པར་རེག་པར་མངོན་པར་སྒྲུབ་ཅིང་རྣམ་པར་གནས་པའི་ཆེད་དུ་ཡང་དག་པའི་གདམས་ངག་ཉེ་བར་བསྡུད་པ་(ཱམ་སྒྲུབ་པ)་ཉིད་ཀྱིས་སོ་ཞེས་སོ། །འཕགས་པ་དཀོན ་མཆོག་སྤྲིན་གྱི་མདོར་ཡང། མོས་པ་སྤྱོད་པའི་ས་འདི་ཁོ་ན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོ་ཡིན་ཀྱང་བྱིས་པའི་(སོ་སོ་སྐྱེ་བོ)་རྒུད་པ་ཐམས་ཅད་(ཐེ་ཚོམ་མི་ངལ་ཟད་པ་དང་ཞེས་སོགས་ཀྱི)་ལས་ཡང་དག་པར ་འདས་པ་སྟེ། ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པའི་ཡོན་ཏན་གྲངས་མེད་པར་ལྡན་པར་གསུངས་སོ། (།མོས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་)་དེ་ནི་བསམ་གཏན་དང་གཟུགས་མེད་པ་ལ་སོགས ་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དང་(ལམ་རྣམས། བྱམས་པ་ལ་སོགས་པ)་ཚད་མེད་པ་རྣམས་དང། (ནང་སྟོང་པ་ཉིད་ལ་སོགས་པ་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་ཞེས་དཀའ་སྩལ་བས)་སྟོང ་པ་ཉིད་ཉི་ཤུའི་ཆོས་ཐམས་ཅད་ཀྱང་དམིགས་སུ་མེད་པར་སྦྱོར་བ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྦྱིན་པར་བྱ་བ་(ལས)་དང་སྟེང་བ་(བྱེད)་པོ་དང་ལེན་པ་པོ་(ཆེད་དུ་བྱ་བ)་རྣམས་ནས། ་ཇི་སྲིད་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་(འཁོར་གསུམ)་རང་བྱང་ཆུབ་སེམས་དཔའ་དང་ཡིད་ལ་བྱེད་པ་རྣམས་ཀྱང་མི་དམིགས་པའི་ངོ་བོ་འཁོར་གསུམ་ཡོངས་སུ་དག་པ་ལ་གོམས་པར་བྱེད་དོ། (།བྱེད་པ་པོ)་སྒོམ་པ་པོ་དང་བསྒོམ་པར ་བྱ་བ་དང་(བྱ་བ)་སྒོམ་པ་རྣམས་(མདོ་ལས་སྒོམ་པ་མི་སྒོམ་པའི་དོན་དུ་ཞེས་བཀའ་སྩལ་པས)་དམིགས་པ་མེད་པའི་ཆེད་དུ་བྱས་ནས་(དཀར་པོ)་དགེ་བའི་ཆོས་ཐམས་ཅད་སྒོམ་པར་བྱེད་དོ། །མངོན་པར་ཤེས་པ་(དང་པོ)་ལྔ ་རྣམས་ཀྱིས་(རྫུ་འཕྲུལ་གྱི)་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འགྲོའོ། (།ཞིང)་དེར་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་བྱེད་དོ་(སངས་རྒྱས)་དེ་རྣམས་ལས་(ལྷ་ཡི་རྣ་བས)་ཐེག་པ་ཆེན་པོ་ཉན་ཏོ། །སེམས་ཅན ་རྣམས་(ཀྱི་བསམ་པ་ཡོངས་སུ་ཤེས་པ་ལ་སོགས་པས)་ཡོངས་སུ་སྨིན་པར་བྱེད་དོ། (།བྱང་ཆུབ་སེམས་དཔའ་)་རང་གི་སངས་ཀྱི་ཞིང་ཡོངས་སུ་སྦྱོད་བར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་ཞེས ་སྤྲོ་བར་བྱེད་དོ། །ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པ་རྣམས་བལྟའོ། (།སངས་རྒྱས)་དེ་རྣམས་ཀྱིས་ཀྱང་(བྱང་ཆུབ་སེམས་དཔའ་)་འདི་ཡོངས་སུ་སྒྲོགས་སོ། །དེ་ལྟར་དགུ་པོ་འདི་རྣམས་ལ་ཤིན་ཏུ་ལེགས་པར་སོ་སོར་འཇུག་གོ་།དེ ་བཞིན་དུ་ཡང་བསྟན་བཅོས་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང། །ལམ་དང་བྱམས་ལ་སོགས་པ་དང། །དམིགས་མེད་སྦྱོར་བར་སོན་པ་དང། །འཁོར་གསུམ་རྣམ་པར་དག་པ་དང། །ཆེད་དུ་བྱ་དང་མངོན ་ཤེས་དྲུག་།རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །ངེས་པར་འཛེག་པར་ཤེས་པར་བྱ། ཞེས་སོ། །འདིར་སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ཉིད་ལ་སོགས་པའི་ཆེད་དུ་བྱ ་བ་རྣམ་པ་གསུམ་པོ་ཆེད་དུ་བྱ་བའི་འཇུག་པར་སྨྲས་པས། སེང་གེ་བཟང་པོས་(འདིའི་ཐད་དུ)་སྟོང་ཕྲག་ཉི་ཤུ་ལྔ་པའི་གཞུང་འཕགས་པས་(སྣང་བར)་དྲངས་པ་མ་མཐོང་ངོ་ཞེས་མཚོན་ནོ། །དེ་ལྟར་འཇུག་བཞིན་པ་འདི། ལུས་(ལུས་ལ ་སྲིན་བུ)་རྣམས་མི་འབྱུང་(ཞེས་པས)་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་དང་བྲལ་བ་དང། བཟོད་པ་ཐོབ་པ་སྟེ། ལས་ཀྱི་དབང་གིས་ངན་སོང་དུ་མི་འགྲོ་སྟེ། ངན་འགྲོའི་རྒྱུ་འདོད་ཆགས་ལ་སོགས་པ་(དང་ལྡན་པའི་སེམས)་སྐྱེ་པ་མེད་པའི་ཕྱིར་རོ། ། ་གང་(སྐབས་དང་པོའི་ངེས་འབྱེད་ཆ་མཐུན་གྱི)་བཟོད་པ་འབྲིང་ལ་གསུངས་པ། དེ་ནམ་ཡང་མངལ་དུ་མི་སྐྱེ་སྟེ། རྟག་ཏུ་རྒྱུན་མ་ཆད་པར་རྫུས་ཏེ་སྐྱེའོ་ཞེས་པ་ལ་སོགས་པའོ། །སྙིང་རྗེས་ནི་(རི་བོང་གི་སྐྱེ་རབས་ལྟ་བུ་སོགས)་གཞན་དོན་དུ་ངན ་འགྲོ་བ་ཁོ་ནའོ། །དེ་བཞིན་དུ་(ཐེ་ཚོམ་མི་ངལ་ཟད་པ་དང་ཞེས་ཉི་ཁྲི་སྣང་བར)་འདི་མི་ཁོམ་བརྒྱད་རྣམས་སུ་མི་སྐྱེའོ། །བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་འཛིན་ནོ་ཞེས་པ་ལ་སོགས་པའོ། །ལོག་པར་ལྟ་བ་(མེད་པར་ལྟ་བ)་དང། དམྱལ་བ་དང་དུད ་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བ་དང། སངས་རྒྱས་ཀྱི་གསུང་མི་ཐོས་པ་དང། ཡུལ་མཛའ་འཁོབ་ཏུ་སྐྱེ་བ་དང། དབང་པོ་རྣམས་(ཡིད)་གླེན་ཞིང་(ལྕེ)་ལྐུགས་པ་ཉིད་དང། ལྷ་ཚེ་རིང་པོར་སྐྱེ་བའོ་ཞེས་པ ་མི་ཁོམ་པ་(སྤྱོད་འཇུག་འགྲེལ་ཆེན་དུ། དམྱལ་བ་ཡི་དགས་དུད་འགྲོ་དང། །ཚེ་རིང་ལྷ་དང་ཀླ་ཀློ་དང། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོ་མ་བརྒྱད། །ཅེས་བཤད་པ་བསྡུ་པའི་ཚིགས་བཅོད།།)་བརྒྱད་རྣམས་སོ། (།ཞེས་སོ)་འདིར་ཚེ་རིང་པོ་ནི་གཟུགས་མེད་པ་རྣམས ་དང་འདུ་ཤེས་མེད་པའོ། (།རེ)་དུད་མེད་(ཀྱི་དངོས་པོ་མི)་འཛིན་ཞེས་ཉིད་བཀག་པ་ནི་(བུད་མེད་དེ)་གཞན་གྱི་(དབང་དུ་གྱུར་པ)་དབང་ཉིད་ཀྱིས་སངས་རྒྱས་ཉིད་དང་རྗེས་སུ་མཐུན་པ་རྟོགས་པ་ལ་རབ་ཏུ་སྦྱོར་བའི་དབང་ཉིད་ཀྱི་སྐབས་མ་ཡིན་པ ་ཉིད་ཀྱི་ཕྱིར་རོ། །སྐྱེས་པའི་དངོས་པོ་ཁོ་ན་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཏིང་ངེ་འཛིན་རྣམས་ཀྱང་(བྱང་ཆུབ་སེམས་དཔའ་)་རྟག་པར་རབ་ཏུ་དུ་བ་བཞིན་དུ་སོ་སོར་ཐོབ་པོ། །ཇི་སྐད་(སྐབས་དང ་པོའི་ངེས་འབྱེད་ཆ་འཐུན་གྱི་སྐབས་སུ)་དུ་ཆོས་མཆོག་ཆུང་ངུར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་ནས། །དཔའ་བར་འགྲོ་པ་དང་ནམ་མཁའ་མཛོད་དང་རིན་ཆེན་ཕྱག་རྒྱ་དང ་སེང་གེ་རྣམ་པར་བརྩོན་པ་ལ་སོགས་པའི་བར་མྱུར་(ཉི་ཁྲི་སྣང་བར)་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་རྒྱུའི་ཏིང་ངེ་འཛིན་རྣམས་ལ་དམིགས་སོ་(ཞེས་སོ)་ཞེས་གསུངས་སོ། །ཆོས་མཆོག་ཆེན་པོ་ནས་བཟུང་ནས ་ཚོགས་རྣམས་སྒྲུབ་པར་བྱེད་དོ། །དེ་ལྟར་ནི་སྙིང་རྗེས་(ཱི་ཚོགས་ཀྱི)་ཕྱོགས་བཅུ་རྣམས་སུ་སོ་སོར་གངྒཱའི་ཀླུང་གི་བྱ་མ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ན་གནས་པ་ནས་(ཇི་སྲིད་དུ)་དམྱལ་བ་དང་བྱོལ་སོང་དང། ཡི ་དགས་ལ་སོགས་པའི་སེམས་ཅན་རྣམས་རང་གི་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་(དེ་དང་དེའི)་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ཏེ། སངས་རྒྱས་(འཇིག་རྟེན་དུ་བྱོན་པ)་དང་བཅས་པའི་ལྷ་དང་མི་རྣམས་སུ་སྐྱེར་འཇུག་སྟེ། ་སངས་རྒྱས་ལ་སོགས་པ་ལ་ཕྱག་འཚལ་བ་ཐོས་པས་(སངས་རྒྱས་སོགས)་དེ་ཡིད་ལ་བྱེད་པ་ལས་(ངན་འགྲོ)་དེ་རྣམས་ངན་འགྲོ་རྣམས་ལས་མཐོན་ཏེ་རྫོགས་པའི་བྱང་ཆུབ་(ཐོས་ཐོབ)་ཀྱི་བར་དུ་སངས་རྒྱས་མ་ཉེས ་པས་བྱེད་པ་དང་རྗེས་སུ་མཐུན་པའི་སྐྱེ་བ་ཡོངས་སུ་འཛིན་ཞིང་(བརྩེ་དང་སྦྱིན་ལ་སོགས་པ་དྲུག་ཅེས་སོགས་གསུངས་པ་ལྟར)་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམས་རྒྱུན་ཏུ་གོང་ནས་གོང་དུ་(ལྷག་ཅིང་ལྷག་པར)་འཕེལ་བར་བྱེད་དུ་འཇུག་གོ། ་གཟུངས་རྣམས་ཀྱང་སོ་སོར་འཐོབ་པོ། (།གཟུངས)་དེའང་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་བཞི་རྣམས་ཏེ། བཟོད་པའི་གཟུངས་དང་ཆོས་ཀྱི་གཟུངས་དང། དོན་གྱི་གཟུངས་དང། སྔགས་ཀྱི་གཟུངས་སོ། (།དེ་ལ)་བ་ཨ་ར་པ་ཙ ་ལ་སོགས་པའི་ཡི་གེ་རྣམས་ལ། (ཡི་གེ)་དེའི་དོན་དེ་བཞིན་(དེ་ཁོ་ན་ཉིད)་དུ་(མ་སྐྱེས་པ་དང་རྡུལ་བྲལ་སོགས་སུ)་སྒྲོ་བཏགས་ནས་སྒོམ་པར་བྱེད་པ་རྣམས་ཀྱི་སྒོམ་པ་ཡོངས་སུ་རྫོགས་པ་ན་ཡི་གེ་དེའི་དོན་དོན་དམ་པ་ལ་བཟོད་པ་སྐྱེ་བའི ་དེ་བཟོད་པའི་གཟུངས་ཏེ་ཤེས་རབ་ཀྱི་(རང་བཞིན་ཅན་འཇུག་ཊིཀ)་བཟོད་པ་འཛིན་པའི་ཕྱིར་རོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་(བསྟན་པའི་ཆོས་ཀྱི)་ཕུང་པོ་འཛིན་པའི་རྒྱུ ་(དྲན་པ་དང་ཤེས་རབ)་ནི་ཆོས་ཀྱི་གཟུངས་ཏེ། དཔག་ཏུ་མེད་པའི་ཆོས་(མ་གོམས་ཤིང་ཁ་དོན་བྱང་བར་མ་བྱས་པ)་རྣམས་ཐོས་པ་ཙམ་གྱིས། མཛའ་མེད་པའི་དུས་སུ་འཛིན་པའི་ཕྱིར་རོ། །དེ་ནས་དེ་བཞིན་(རྒྱལ་སྲས་བཅས་ཀྱི་བསྟན་པ་ཚད་མེད)་དུ ་དེའི་(བརྗོད་བྱའི)་དོན་འཛིན་པའི་(དྲན་པ་དང་ཤེས་རབ)་རྒྱུ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་(ལ)་རྗེས་སུ་འཛིན་པར་(ཕན་འདོགས)་བྱེད་པའི་སྔགས་(ཡམས་ནང་ཞི་བར་བྱེད་པ་སོགས)་སྒྱུ་མ་ལྟ་བུ་རྣམས་འཆང་པ་ལ་ནི་དབང ་བ་(ཏིང་ངེ་འཛིན་གྱི་དབང་ཐོབ་པ)་ནི་སྔགས་ཀྱི་གཟུངས་སོ། །དེ་ལ་(བཟད་པའི་གཟུངས)་བཅོམ་ལྡན་འདས་མཚན་མོ་(རྒྱས་པ་དང་བར་མ)་དག་ཏུ་གསུངས་པ། ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདོད་མ་(དང་པོ)་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ ་ཞེས་ཏེ། ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་ཇི་ལྟ་བའི་ཡང་དག་པ་སོ་སོར་རྟོགས་པའི་སྒོ་སྟེ་ཐབས་སོ་ཅིའི་ཕྱིར་ཞེ་ན། གདོད་མ་ནས་མ་སྐྱེས་པའི་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གདོད་མ་ནས་(དང་པོ)་དྲི་མ་དང་བཅས་པའི ་གནས་སྐབས་ཁོ་ན་ན་(བདེན་པར)་སྐྱེས་པ་མེད་པ་དེའི་ཕྱིར་(རྣལ་འབྱོར་པ)་འདིས་སྐྱེ་བ་མེད་པའི་དོན་དུ་ཨ་ཡིག་ལ་སྒྲོ་བཏགས་ནས་སྒོམ་པ་གོམས་པའི་སྟོབས་ལས་ཨ་ཡིག་ཙམ་(སྐྱེ་མེད་དུ)་ལེགས་པར་བསྒོམས་པ་ན་ཆོས ་ཐམས་ཅད་ལ་སྐྱེ་བ་མེད་པའི་བཟོད་པ་ཐོབ་པོ་ཞེས་པས་མ་སྐྱེས་པ་ཉིད་ནི་ཨ་ཡིག་གི་དོན་ཏོ། །དེ་བཞིན་དུ་ར་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་(ར་ཛ:)་རྡུལ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཇི་ལྟར་ནམ ་མཁའ་རྡུལ་གྱིས་མི་གོས་པ་དེ་བཞིན་(ཆོས་ཉིད)་དུ་དེ་བཞིན་ཉིད་ཀྱང་ཉོན་མོངས་པའི་རྡུལ་གྱིས་མི་གོས་སོ། །ཞེས་པ་(ར་ཡིག)་རེ་ཕའི་དོན་ཏོ། །དེ་བཞིན་དུ་པ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། (པ་ར་མར)་ཐ་དོན་དམ་པ་ངེས ་པར་ཞུགས་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དོན་དམ་པ་ནི་(གནས་པ་མེད་པ་འམ)་ངེས་པར་ཞུགས་པ་(དབྱེ་བ་མེད་ཅེས་དག་ལྡན)་འམ། ཆོས་ཐམས་ཅད་ལ་(དོན་དམ་པར)་དེའང་དེ་བཞིན་ནོ་(ངེས་པར་ཞུགས་པ)་ཞེས་པ་ནི་པ་ནི་བ་ཡི་གི ་དོན་ཏོ། །དེ་བཞིན་དུ་རྩ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། (ཙཡ་ཝ་ན)་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་རོ་ཞེས་སོ། །དེ་བཞིན་ཉིད་ལ་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་དག་མེད་པ་ཙ་ཡིག་གི་དོན་ཏོ། །དེ་བཞིན ་དུ་མ་ཡིག་ནི་ཆོས་ཐམས་ཅད་(རྟོགས)་ཀྱི་སྒོ་(ཐབས)་སྟེ་(ནཱ་མ།)་མིང་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཞེས་ཏེ། དེ་བཞིན་ཉིད་ལ་མིང་དུ་གདགས?་པ་མི་ལྡན་པ་ནི་ན་ཡིག་གི་དོན་ཏོ། །དེ་ལྟར་ལ་ཡིག་ལ་སོགས་པ་རྣམས་ཀྱི ་དོན་བཅོམ་ལྡན་འདས་མ་(ཡུམ་རྒྱས་འབྲིང)་དག་ཏུ་རྒྱ་ཆེར་ཤེས་པར་བྱའོ། །ཕྱི་མོའི་ཡི་གེ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་གཟུངས་ཀྱི་རྣམས་སོ།། (འབུམ་ཊིཀ་ཏུ་བྱང་ཆུབ་སེམས་དཔའ་ཨི་སེམས་དོན་དྲངས་པ)་རྣམ་གྲངས་གཞན་ནི་གང ་བཟོད་པ་སྐྱེ་བའི་ཆེད་དུ་གསུངས་པའི་སྔགས་ཀྱི་ཚིག་།ཏདྱ་ཐཱ། ཨི་ཊི་མི་ཊི་ཀི་ཊི་ནི་ཀྵ་ན་ཏི་པ་དཱ་ནི་སྭཱ་ཧཱ། ཞེས་པ་ལ་སོགས་པ་(གསང་སྔགས་བཞི)་དེ་རྣམས་དོན་དམ་པར་(བརྗོད་བྱ་བརྗོད་བྱེད་ཀྱི)་རང་བཞིན་མེད་པར ་བསྒོམ་པར་བྱེད་ཅིང་(སོགས)་དེའི་རྗེས་སུ་འབྲང་(ཏེ་འབྲ)་བས་ཆོས་ཐམས་ཅད་ཀྱང་(ཀུན་བཏགས་པའི་བདག་ཉིད་ཀྱིས)་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ་བ་ལས་(འགའ་བ་དང་མཆོག་ཏུ་དགའ་བ་འཐོབ་ཅིང)་དོན་དམ་པའི་ཆོས་རྣམས་ལ་བཟོད་པའི ་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་(ས་རབ་དགའ་)་སྐྱེ་བ་དང་རྗེས་སུ་མཐུན་པའི་བཟོད་པ་(མོས་པས་སྤྱོད་པའི་ས)་སྐྱེའོ་ཞེས་པའོ། (།ས་མཚམས་འདི་བྱང་ཆུབ་སེམས་དཔའ་ཨི་ས་གསུངས)་དེ་ལ་མོས་པ་སྤྱོད་པའི་སར་བཟོད་པའི་གཟུངས་འཐོབ་ལ། གཞན ་གསུམ་རྣམས་ནི་ས་(དེ་གོང་དུ་སྨོན་ལམ་བསམ་གཏན་ལས་ཐོབ་ཀྱང་ངེས་པ་དང་བརྟན་པ་དང་རྒྱ་ཆེ་བ་མ་ཡིན་གྱི)་རབ་ཏུ་དགའ་བ་ནས་གཟུང་ནས་སོ། (།ས་རབ་དགའ་)་འདིར་ནི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་དབང་བ་ཉིད་ཀྱིས་སྔགས་ཀྱི་ཡི་གེ་རྣམས་བྱིན ་གྱིས་རློབ་སྟེ། སྔགས་ཀྱི་ཡི་གེ་འདི་རྣམས་ཆོ་ག་འདི་ལྟ་བུས། སེམས་ཅན་ཐམས་ཅད་ཀྱི་ཡམས་དང་ཉེ་བར་འཚེ་བ་དང་ནད་འགོ་བ་དང་འཁྲུག་པ་ཐམས་ཅད་ཞི་བའི་ཆེད་དུ་དང། སྡིག་པ་ཐམས་ཅད་དང་ངན་འགྲོ་ཐམས་ཅད་ཟད་པའི་ཆེད་དུ ་གྲུབ་པར་གྱུར་ཅིག་ཅེས་དེ་ལྟར་བྱིན་གྱིས་བརླབས་པ་(ཱི་སྔགས་ཀྱི་ཡི་གེ)་དེ་རྣམས་ཆོ་གའི་ཁྱད་པར་ངེས་འགྲུབ་པ་ཁོ་ནའོ། (།སྔགས)་དེ་བྱིན་གྱིས་རློབ་པའི་ཡེ་ཤེས་ནི་སྔགས་ཀྱི་གཟུངས་སོ། །གཟུངས་(ཡེ་ཤེས་ཀྱི་ངོ་བོ་ཅན)་དེའི་དམིགས ་པའི་དངོས་པོ་ཉིད་ཀྱིས་ན་ཡི་གེ་དེ་རྣམས་ཀྱང་(ཡུལ་ལ་ཡུལ་ཅན་གྱི་མིང་གིས་བཏགས་ན)་གཟུངས་ཀྱི་སྒྲས་བརྗོད་དོ། །གཞན་ཡང་(བྱིངས་ལས)་མ་ན་ཤེས་པ་ལའོ། །ཏྲཻ་ཉ་སྐྱོང་བ་ལའོ་ཞེས་(ཤེས་པར་བྱེད་པས)་པ་ཡེ་ཤེས་དང་(སྐྱོང་བས) ་སྙིང་རྗེ་ནི་སྔགས་ཀྱི་སྒྲས་བརྗོད་པར་བྱ་ལ། (ཡེ་ཤེས་དང་སྙིང་རྗེ)་དེ་དག་གི་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་ཡི་གེ་དེ་རྣམས་ཀྱང་སྔགས་སུ་བརྗོད་དོ། །མ་རིག་པ་སྤོང་བར་བྱེད་པ་ཉིད་ཀྱི་ཕྱིར་དང་རིག་པ་(ཡེ་ཤེས)་སྐྱེད་པར་བྱེད་པའི་ཕྱིར་(ཡེ་ཤེས་དང)་སྙིང་རྗེ ་དང་ཡི་གེ་དེ་རྣམས་རིག་སྔགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་པ་ད་(གནས་དང་ཚིག་གཉིས་ཀ་ལ་འཇུག།)་སྟེ་གནས་ཉིད་ཀྱི་ཕྱིར་ཚིག་རྣམས་ཏེ། དེས་ན་གཟུངས་ཀྱི་གསང་སྔགས་ཀྱི་(པ་དང)་གནས་རྣམས ་དང་རིག་སྔགས་ཀྱི་(པ་ད)་ཚིག་རྣམས་སོ་ཞེས་པ་ཡང་མིང་ངོ། །དེ་ལ་ས་དང་པོ་ལ་ཁྱད་པར་ཅན་གྱིས་བྱིན་གྱིས་བརླབས་པ་(ཱམ་ཁྱད་པར་དུ་གནས་པ)་ཞེས་པའི་གཟུངས་ཐོབ་སྟེ། དེའི་དབང་ལས་མཆོག་ཏུ་གྱུར་པའི་ཆོས་རྣམས་ཀྱིས ་བྱིན་གྱིས་བརླབས་པར་(ཱམ་གནས་པ)་འགྱུར་རོ། །གཉིས་པ་ལ་སོགས་པའི་ས་དགུ་རྣམས་ལ་རིམ་པ་ཇི་ལྟ་བར་གོང་ནས་གོང་དུ་རབ་མཆོག་ཏུ་གྱུར་པས་(དེས་དེར་ཚུལ་ཁྲིམས་དག་པས)་དྲི་མ་མེད་པ་དང། (སེམས་འཁྲུལ་པ་དང་བྲལ་བས་བཟོད་པས)་ལེགས ་པར་རབ་ཏུ་གནས་པ་(ཱམ་ཤིན་ཏུ་བརྟན་པ)་དང་(བདུད་དང་ཕྱིར་རྒོལ་ཀུན་གྱིས་མི་ཐུབ་པས)་ཐུབ་པར་དཀའ་བ་དང་(ཡོན་ཏན་གྱི)་སེམས་ཀྱི་རྒྱན་དང། ཡེ་ཤེས་དཀྱིལ་འཁོར་གྱི་སྒྲོན་མ་དང། ཁྱད་པར་དུ་འགྲོ་བ་དང། རྣམ་པར་མི་རྟོག ་པ་དང། སྒོ་མཛའ་ཡས་པ་དང། མི་ཟད་པའི་ཟ་མ་ཏོག་(གི་གཟུངས་འཐོབ་བོ།)་།དེ་བཞིན་དཱུང་ས་སོ་སོ་ལ་གཟུངས་རེ་རེ་སྔོན་དུ་འགྲོ་བའི་གཟུངས་སྟོང་ཕྲག་(རང་གི་ངོ་བོ་ཤིན་ཏུ་མང་པས)་གྲངས་མེད་ཅིང་(ཡོན་ཏན་ཚད་མེད་པ་དང་ལྡན་པས) ་དཔག་ཏུ་མེད་པ་དུ་མ་རྣམས་སོ་སོར་འཐོབ་པོ་(ཞེས་སོ)་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ཀྱིས་དགོངས་པ་ལ་སོགས་པས་ཡོངས་སུ་གཟུང་བས་(ཱི་རྒྱུ་ཡི)་ན། བར་ཆད་བྱ་བའི ་ཆེད་དུ་རབ་ཏུ་འབད་པའི་བདུད་ཀྱི་ནུས་པ་འཇོམས་པ་ལ་སོགས་པའི་(བྱང་ཆུབ་སེམས་དཔའ་ཚོགས་ལམ་སྦྱོར་ལམ་པའི་ཡང)་ཡོན་ཏན་རྣམས་(མངོན་རྟོགས་རྒྱན་དུ་བདུད་ཀྱི་ཐུ་བཅོམ་ལ་སོགས་པ་ཡོན་ཏན་རྣམ་པ་བཅུ་བཞིའོ། ཞེས་པས)་རྒྱས་པ་དང་བཅས ་པར་མདོ་རྣམས་སུ་བརྩོན་འགྲུས་ཅན་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལྟར་ཡང་(འདིར་ས་བཅུའི་སེམས་བསྐྱེད་བཅུའི་ཡོན་ཏན་ཕལ་ཆེར་ནི་ས་བཅུའི་མདོར་གསུངས་པ་བཞིན་ནོ)་བྱང་ཆུབ་སེམས་དཔའ་(དེ་ཁོ་ན་ཉིད་སྒོམ་པའི་གདམས་ངག་ཐོབ་པས)་བཤེས་གཉེན་དམ་པ ་ལེགས་པར་ཡོངས་སུ་གཟུང་བ། དགེ་བའི་རྩ་བ་ལེགས་པར་བསགས་པ། (ཚུལ་ཁྲིམས་འཁོར་བཅས་ལེགས་པར་བསྲུངས་པས)་ཚོགས་ལེགས་པར་རྫོགས་པ། སྙིང་རྗེ་ཆེན་པོ་ལ་(ལ་མར་དུ་གནས་པས་དེ)་བརྟེན་པ་འདི། འགྲོ་བ་ཐམས་ཅད་(བསྡུ་བའི ་དངོས་པོ་བཞིས་ཡོངས་སུ་སྨིན་པར་བྱེད་པས)་ཡོངས་སུ་བསྐྱབ་པའི་ཆེད་དང་རྣམ་པ་ཐམས་ཅད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཆེད་དུ་དང། ཆོས་ཀྱི་འཁོར་ལོ་ཆེན་པོ་(འཛམ་བུ་གླིང་བྱེ་བ་ཕྲག་རྒྱར་གཅིག་ཆར་དུ)་རབ་ཏུ་བསྐོར་བའི་ཆེད་དུ། ་(ཡོན་ཏན་འཛིན་པ་གཙོ་ཆེ་བས་དམ་པ་ཆེ་བ)་ཆོས་ཀྱི་དབྱིངས་ཀླས་ཤིང་(འབྲས་བུ་ཡིད་དུ་འོང་པའི་རྒྱུ་མི་ཟད་པས་གནས་པ་ཆེ་བ)་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པ་(མྱ་ངན་ལས་འདས་པ་གཞོལ་བས་མཐར་ཕྱིན་པ་ཆེ་བ)་ཕྱི་མའི་མཛའ་ཨི་མུར་ཐུག་པར་སེམས་ལྔ་པ་སྐྱེད་པར ་བྱེད་དོ། །སེམས་བསྐྱེད་པ་དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུ་སྟེ། ཟང་ཟིང་གི་ལོངས་སྤྱོད་(ཟས་གོས་སོགས)་རྣམས་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པའི་ཕྱིར་དང། (དེས)་མི་ཟད་པ་ཉིད་ཀྱི ་ཕྱིར་རོ། །གང་(སེམས་བསྐྱེད་པ་ལྔ་པ)་སྐྱེས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་བྱིས་པ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས་ཅད་ལས་འདས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་(འཇིག་རྟེན་ལས་འདས་པའི་སེམས་དང་པོ) ་སྐྱེས་པས། སྐྱོན་མེད་པ་ལ་ཞུགས་པར་འགྱུར། (།སངས་རྒྱས་ཀྱི་རིགས་ལས་མི་ཉམས་པས)་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པར་(དང་ངེས་པ)་འགྱུར། སྲིད་པ་བར་མ་ལས་ཁུ་བ་ལ་བཞིན་དུ་མཐོང་བའི་ལམ་ལ། ངེས་པ་ཇི་སྲིད་པར་འགྱུར་རོ།། ་རྫོགས་པའི་བྱང་ཆུབ་ཀྱི་དཔུང་གཉེན་ཅན་(ནམ་བྱང་ཆུབ་གཞོལ་བ་ཅན)་ནོ་ཞེས་པ་འདིའི་མཐོང་བའི་ལམ་ས་དང་པོའོ། (།དབུ་མ་ལ་འཇུག་པའི་འགྲེལ་པར)་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང ་རྗེ་ལ་སོགས་པས་ཡོངས་སུ་གཟུང་བའི་ཟག་པ་མེད་པའི་ཡེ་ཤེས་ཁོ་ན་(ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོགས་པ་སོགས་ཀྱི)་ཆར་རྣམ་པར་ཕྱེ་བ་ནི་སའི་(ཞེས་བྱ་བ)་མིང་འཐོབ་སྟེ། (ཏིང་ངེ་འཛིན་བརྒྱ་ཐོབ་པ་ལ་སོགས་པའི)་ཡོན་ཏན་གྱི་རྟེན ་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། (།ས་ཞེས་བྱ་བ)་དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང་མཐུ་(ཱོག་མ་འོག་མ་ལས)་ཕུལ་དུ་བྱུང་བ་ཐོབ་ཅིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་(བཅུ)་ལྷག་པ་(ཤས་ཆེ་བ)་དང། རྣམ་པར ་སྨིན་པ་(འཛམ་བུ་གླིང་ལ་དབང་བའི་རྒྱལ་པོ་སོགས)་རབ་མཆོག་ཏུ་གྱུར་པའི་བྱེ་བྲག་ལས། རབ་ཏུ་དགའ་བ་དང། དྲི་མ་མེད་པ་དང། འོད་བྱེད་པ་དང། འོད་འཕྲོ་བ་དང། སྦྱང་དཀའ་བ་དང། མངོན་དུ་གྱུར་པ་དང། རིང་དུ་སོང་བ་དང། ་མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྤྲིན་དང། ཀུན་ཏུ་འོད་ཅེས་པ་བཅུ་གཅིག་ཏུ་རྣམ་པར་བཞག་གི་།འདིའི་རང་གི་ངོ་བོ་ཕུལ་དུ་བྱུང་བས་བྱས་པའི་ཐ་དད་པ་བརྗོད་པར་བྱ་བའམ་མཉན་པར་བྱ་བ་མེད་དོ།། ་ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། (དེ་ནི་སྦྱོར་བ་ལས་བྱུང་བའི)་བསམ་(བྱུང)་དང་(སྐྱེས་ཐོབ་ཀྱི)་སེམས་ཀྱི་ལམ་(ཡུལ)་རྣམས་སྤངས། (།པའི)་ཡེ་ཤེས་མངོན་སྒྲུབ་(པ་ནི)་ཐུབ་པའི་དབང་པོས་མཁྱེན་(ཞེས་སོ) ་ཕུང་པོ་སྐྱེ་མཆེད་ཁམས་ཀྱིས་ཕྱེ་མ་ཡིན། །སེམས་ཀྱིས་རྟོགས་མིན་ཡིད་ཀྱི་བསམ་པ་མ་ཡིན། །ཇི་ལྟ་བར་(སྣང་ལ་བྱ་བའི)་རྗེས་མཁའ་རྣམས་ཀྱིས། །སྨྲ་བར་མི་ནུས་མཐོང་བར་ཉེར་འགྲོ་མིན། །དེ་ལྟར་རྒྱལ་བའི ་སྲས་ཀྱིས་ས་ཀུན་ཀྱང། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས་ཞེས་སོ། (།འགྲེལ་བར)་ནམ་མཁའ་ལ་འགྲོ་བའི་བྱའི་རྐང་རྗེས་ནི་བརྗོད་པར་མི་ནུས་ཤིང་བལྟ་བར་ཡང་མ་ཡིན་ཏེ། ནམ་མཁའ་ཨི་ཕྱོགས་ནི་(བྱ)་དེའི་རྐང་རྗེས་བཞིན་དུ་ཡོངས་སུ་བཅད་བྱའི་རང ་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། (ནམ་མཁའ་)་དེ་ལ་(བྱའི་རང?་བ)་དེ་རྣམ་པར་འགོད་པར་མི་བྱེད་པའང་མ་ཡིན་ནོ། །དེ་བཞིན་དུ་བྱའི་རྐང་རྗེས་ལྟ་བུའི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱི་གནས་སུ་གྱུར་པ་འཕགས་པ་བྱང་ཆུབ་སེམས་དཔའ་ཨི ་ས་རྣམས་དང་སངས་རྒྱས་ཀྱི་ས་རྟོགས་པའི་ཡེ་ཤེས་ཀྱིས་བསྡུས་པ་རྣམས་ཀྱང་སྒྲ་ཇི་བཞིན་པའི་རང་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་(འཆད་པ་པོས)་རྗོད་པར་མི་ནུས་ལ་(ཉན་པ་པོས)་མཉན་པར་ཡང་མ་ཡིན་ནོ?། (མིང་ཚིག་ཡི་གེ)་དེ ་རྣམས་(བྱང་ཆུབ་སེམས་དཔའ་ཨི་ས)་དེ་ལ་རྣམ་པར་འགོད་པ་དབྱེ་བ་ཀུན་རྫོབ་ཏུ་མི་བྱ་བ་འང་མ་ཡིན་ནོ། །དེ་ལ་མངལ་གྱི་གནས་སྐབས་དང་འདྲ་བར་བྱང་ཆུབ་སེམས་ཀྱི་ས་བཅུའི་གནས་སྐབས་རིག་པར་བྱ་སྟེ། ས་འདི་རྣམས་(ཤེས་བྱའི)་སྒྲིབ ་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །བཅས་པའི་གནས་སྐབས་དང་འདྲ་བས་སངས་རྒྱས་ཀྱི་གནས་སྐབས་ཏེ། འབྲས་བུ་ཡོངས་སུ་རྫོགས་པ་ཉེ་བར་གཟུང་ནས་ཤེས་བྱ་ཐམས་ཅད་ཀྱི་སྤྱོད་ཡུལ་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ།། ་བཙས་པ་ནི་(མིག་ལ་སོགས་པའི)་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་སོ་སོར་ཉམས་སུ་མྱོང་བ་བཞིན་ནོ། །དེ་ལ་མངལ་གྱི་གནས་སྐབས་བཅུ་ནི། ཁུ་བའི་ལུས་ཀྱི་གནས་སྐབས་དང། ནུར་ནུར་པོའི་ལུས་ཀྱི་གནས་སྐབས་དང། ལྟར་ལྟར་པོའི ་ལུས་ཀྱི་གནས་སྐབས་དང། མཁྲད་བའི་(ཱམ་བསྲ་བ)་ལུས་ཀྱི་གནས་སྐབས་དང། ལུས་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང། རང་བཞིན་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང། ལས་(ཉོལ་ཉོལ་པོའི)་དང ་བཅས་པའི་ལུས་ཀྱི་གནས་སྐབས་དང། ཡོངས་སུ་རྫོགས་པའི་ལུས་ཀྱི་གནས་སྐབས་ཀྱང་རྣམ་པ་གསུམ་སྟེ། (མིག་སོགས)་དབང་པོ་ཡོངས་སུ་རྫོགས་པ་དང། མཚན་(མ་ཡན་ལག་ཉིང་ལག)་ཡོངས་སུ ་རྫོགས་པ་དང། ཆུ་ཞེང་ཡོངས་སུ་རྫོགས་པའོ། (།བཅུ་པོ)་དེ་རྣམས་དང་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ཆོས་མཐུན་པར་ཉེ་བར་མཚོན་པར་བྱའོ། (།ས་འགྲེལ་དུ)་གང་གི་ཕྱིར་འདིར་དང་པོར་རང་དང་གཞན་གྱི་དོན ་སྒྲུབ་པར་བྱེད་པའི་(གནས)་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་ལས་བྱང་ཆུབ་སེམས་དཔའ་(སྐད་ཅིག་སོ་སོ)་རབ་ཏུ་དགའ་བ་དེའི་ཕྱིར་འདི་རབ་ཏུ་དགའ་བ་སྟེ་དང་པོའོ། །གཞན་ཡང་རབ་ཏུ་དགའ་བ་(ཕུན་སུམ་ཚོགས་པ) ་ཉིད་ཅེས་བྱ་བ་ནི་སེམས་ཚིམ་པ་(ཱམ་མགུ་བ)་དང། ཡིད་བདེ་བ་ཉིད་དང། རངས་པ་ཡིད་ལ་བྱེད་པའོ་(ཱམ་ཡིད་རངས་པ།)་དེའང་རྣམ་པ་དགུ་སྟེ། དད་པས་(ཱི་དད་པ)་རབ་ཏུ་དགའ་བ་ཉིད་ནི་དཀོན་མཆོག་རྣམས་ལའོ།། ་དགའ་བས་(ཱམ་རངས་པ)་རབ་ཏུ་དགའ་བ་ནི་དམིགས་པ་ལ་དགའ་ཞིང་ཚིམ་པ་ཉིད་ཀྱིས་སོ། །གོང་དུ་སོན་པས་(ཱམ་རངས་པའམ་སེམས་དཔངས་མཐོ་བ)་མཆོག་ཏུ་དགའ་བ་ནི་བདག་ཉིད་རྟོགས་པའི་ཁྱད་པར་(ལ་རྟོགས་པའམ)་མཐོང ་བར་བྱེད་པ་ཉིད་ཀྱིས་སོ། །མགུ་བས་(ཱམ་མཆོག་ཏུ་གྱུར་པ)་མཆོག་ཏུ་དགའ་པ་ནི་རང་གི་ལུས་དང་སེམས་རྗེས་སུ་འཛིན་(ཞིང་ཕན་འདོགས)་པ་རྒྱས་པ་ཉིད་ཀྱིས་སོ། །བརླབས་ཀྱིས་མཆོག་ཏུ་དགའ་བ་ནི་རང་གི་ལུས་དང་རྗེས་སུ་འཛིན ་པས་(ཏེ་ཕན་འདོགས་པས)་ཁྱབ་པ་ཉིད་ཀྱིས་སོ། །སྤྲོ་བས་མཆོག་ཏུ་དགའ་བ་ནི་བྱང་ཆུབ་ཉེ་བ་མཐོང་བ་ལས་སོ།། (མདོ་སྡེ་རྒྱན་དུ་བྱང་ཆུབ་ལ་ནི་ཉེ་བ་དང། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེས་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་རྗོད་ཞེས་གསུངས་པས།)་མི ་འཁྲུགས་པས་མཆོག་ཏུ་དགའ་བ་ནི་རང་གི་རྒྱུད་ཡོངས་སུ་སྨིན་པར་བྱ་པའི་ཆེད་དུ། འབེལ་པའི་གཏམ་གཏན་ལ་འབེབས་པའི་དུས་སུ་འཁྲུག་པ་མེད་པ་ཉིད་ཀྱིས་སོ། །རྣམ་པར་འཚེ་བ་མེད་པས་མཆོག་ཏུ་དགའ་བ་ནི་གཞན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ ་སེམས་ཅན་སྡུད་པའི་དུས་སུ་སྙིང་རྗེ་དང་ངེས་པ་(ནི་རྒྱུད་དགའ་བས་སོ་ཞེས་བཟང་སྤྱོད་འགྲེལ་བ་རུ)་ཉིད་དག་གིས་སོ། །ཁྲོ་བ་མེད་པས་མཆོག་ཏུ་དགའ་བ་ནི་(གཞན་སྨིན་པར་བྱེད་པ)་དེ་ལས་ལོག་པར་(སྒྲུབ་པའམ)་ཞུགས་པའི་དུས་སུ་བཟོད་པས་སོ། །རབ་ཏུ་དགའ་བའི་ས་འདི་ལ ་གནས་པའི་བྱང་ཆུབ་སེམས་དཔའ་། འཕགས་པ་ས་བཅུ་པར་གསུངས་པའི་སྨོན་ལམ་ཆེན་པོ་བཅུ་རྣམས་དང། འབད་པ་ཆེན་པོ་རྣམས་(དང་མངོན་པར་སྒྲུབ་པ་ཆེན་པོ་རྣམས)་མངོན་པར་སྒྲུབ་པོ། །འདི་ལྟ་སྟེ་སངས་རྒྱས་ཐམས་ཅད་ལ་མཆོད ་པ་(བཟང་པོ་སྤྱོད་པའི་སྨོན་ལམ་དུ། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་འགྱུར། །ཅེས་དང། མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། དེ་དག་ལ་ཡང་མཆོད་བརྒྱ་ཆེར་བགྱི། །ཞེས་དང། སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང། །ཅེས་ཀྱང་བཀའ་སྩལ།)་དང་རིམ་གྲོ་བྱ ་པའི་ཆེད་དུ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། །ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཛའ་ཨི་མུར་ཐུག་པ་བསྐལ་པ་བགྲངས་པ་དང། སངས་རྒྱས ་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་དུ་རྒྱུན་མི་འཆད་པར། (ཆོས་དེ་དྲུག་ནི་མཆོད་པའི་ཁྱད་པར་རམ་སྨོན་ལམ་གྱི་ཁྱད་པར་དུ་སྦྱར)་མཆོད་པ་ཆེན་པོ་དང་རིམ་གྲོའི་ཆེད་དུ། སྨོན་ལམ་ཆེན་པོ་དང་པོ་མངོན་པར་སྒྲུབ་པའོ་དེ་བཞིན་དུ་(རྒྱལ་བ་རྣམས་ཀྱི་དམ་པའི ་ཆོས་འཛིན་ཅིང)་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་(གསུང་རབ)་ཀྱི་ཚུལ་ཡང་དག་པར་གཟུང་བའི་ཆེད་དང། སངས་རྒྱས་ཐམས་ཅད་ཀྱི་(བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང། ཞེས་རང?་གི་དང་བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད་ཅེས་གཞན་ལ་སྟེ།)་བྱང ་ཆུབ་(རྟོགས་པའི་ཆོས)་ཡང་དག་པར་ཡོངས་སུ་གཟུང་བའི་ཆེད་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་(སྒྲུབ་པར་བྱེད་པ་རྣམས་ལ་ཉེར་འཚེ་བསྲུང་བས)་ཡོངས་སུ་བསྲུང་བའི་ཆེད་དུ་གཉིས་པའོ།། ་(ཡུལ་མང་བ)་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ། དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་ནས། འཕོ་བ་དང་(མངལ་དུ)་འཇུག་པ་དང། ལྷུམས་ན་བཞུགས་པ་དང། བལྟམ་པ ་དང། གཞོན་ནུ་རོལ་པ་དང། ནང་གི་གྲོང་(བཙུན་མོའི་འཁོར)་དུ་བཞུགས་པ་དང། (ཁབ་ནས)་མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་ཡང་དག་པར་གཤེགས་པ་དང། བདུད་འདུལ་བ་དང། མངོན ་པར་རྫོགས་པར་བྱང་ཆུབ་པ་དང། གསོལ་བ་(ཆོས་གསུང་བར)་བཏབ་པ་དང། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དང། མྱ་ངན་ལས་འདས་པ་ཆེན་པོར་འཕོ་བའི་ཆེད་དུ་(རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་བའི་རྣམ་པར ་སྟོབས་ཀྱིས་འཇུག།)་གསུམ་པའོ། །དེ་བཞིན་དུ་(བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང)་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ཏེ་ཕ་རོལ་ཏུ་ཕྱིན་པས་(དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ།)་ཡང་དག་པར་བསྡུས་པ། ས་ཡོངས་སུ ་སྤྱོད་པ་(བཟང་པོ་སྤྱོད་པ་རྣམ་པར་སྤྱད་པ་ཡང་མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི།)་ཡན་ལག་དང་ཉེ་བའི་ཡན་ལག་དང་བཅས་པའི་ལས་ཀྱི་གདམས་ངག་དང་རྗེས་སུ་བསྟན་པ་རབ་(བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག། བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་དག། །དེ ་རྣམས་བདག་གིས་ནམ་ཡང་ཡིད་མི་དབྱུང་བ)་ཏུ་སྦྱིན་པས་བསྟན་པའི་སེམས་བསྐྱེད་པ་མངོན་པར་སྒྲུབ་པའི་ཆེད་དུ་བཞི་པའོ། །དེ་བཞིན་དུ་ཁམས་དང་འགྲོ་བ་དང་སྐྱེ་གནས་དང་རིས་སུ་གཏོགས་པའི་མིང་དང་གཟུགས་ཀྱིས་ཡང་དག་པར་བསྡུས་པའི ་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་སྨིན་པར་བྱ་བའི་ཆེད་དང། སངས་རྒྱས་ཀྱི་ཆོས་ལ་གཟུང་བའི་ཆེད་དང། འགྲོ་(བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང། །འགྲོ་བ་ཐམས་ཅད་ལ་ཅི་ཕན་པར་སྤྱད། །ཅེས་དང། སེམས་ཅན་རྒྱ་མཚོ་བདག་གིས་རྣམ་པར་བགྲོལ) ་བ་བགྲངས་པ་ཐམས་ཅད་(བྱང་ཆུབ་གཉིས་ཀྱི)་རྣམ་པར་བཅད་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་ཆེད་དུ་ལྔ་པའོ།། (དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་བཀོད་ལ་འཇུག)་དེ་བཞིན་དུ་འཇིག་རྟེན ་གྱི་ཁམས་ཤིན་ཏུ་རྒྱ་ཆེ་བ་དང། ཆེན་པོར་སོན་པ་དང། ཚད་མེད་པ་དང། ཕྲ་བ་དང། རགས་པ་དང། (སྒྲེལ་ཞིང་བསྒྱུར་བའང་བྱུང)་འཆོལ་བ་དང། སྟེང་གཡོགས་མེད་ཅིང་(སྤྱིའུ་ཚུགས་སཱུང་བསྒྱུར)་གཞི་ཕྱལ་པ་དང། འཇུག ་པའི་ཁྱིམ་ཅན་དང། རྣམ་པར་དབྱེ་བ་མིག་འཕྲུལ་ལྟ་བུ་དང། ཕྱོགས་བཅུ་ཚད་མེད་པ་མ་ལུས་པ་ལ་འཇུག་པའི་རྣམ་པར་དབྱེ་བ། ཡེ་ཤེས་ཀྱིས་ཁོང་དུ་ཆུད་ཅིང་མངོན་སུམ་གྱུར་པར་བྱ་བའི་ཆེད་དུ་དྲུག་པའོ། །དེ་བཞིན ་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཞིང་གཅིག་དང། (རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ)་ཞིང་གཅིག་ཞིང་ཐམས་ཅད་དུ་མཉམ་པར་རྒྱུ་བ་སོ་སོར་སྦྱོང་བ་དང། སངས་རྒྱས་ཀྱི་ཞིང་(ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང)་ཚད་མེད་པ ་རྣམས་འོང་དང་བཀོད་པའི་རྒྱན་གྱིས་སོ་སོར་བརྒྱན་པ་དང། ཉོན་མོངས་པ་ཐམས་ཅད་བསལ་བས་(ཞིང་དེ)་ཡོངས་སུ་དག་པའི་ལམ་དང་ལྡན་པ་དང། སེམས་ཅན་ཡེ་ཤེས་ཚད་མེད་པའི་འབྱུང་གནས་ཀྱིས་ཡོངས་སུ ་གང་བ་དང། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་པ་དང། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བར་ཡང་དག་པར་བསྟན་ཅིང་ཚིམ་པར་བྱ་བའི་ཆེད་དུ་བདུན་པའོ། །དེ་བཞིན་དུ་(གང་ཡང་དུས་གསུམ་X ་X་གཤེགས་པ་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི)་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་དང། སྦྱོར་བ་མཉམ ་པ་ཉིད་ཀྱི་ཆེད་དང། (ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེང་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག།)་འགྲན་ཟླ་མེད་པའི་(ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་དག་དང)་དགེ་བའི་རྩ ་བ་བསགས་པའི་ཚད་དང། རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་དང་(སངས་རྒྱས་སྲས་ཀྱི་བསྐོར་བའི་མགོན་པོ་རྣམས་མངོན་སུམ་རྟག་ཏུ་བདག་གི་རྒྱལ་བ་བལྟ།)་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འགྲོགས་ཤིང་མི་འབྲལ་བའི་ཆེད་དང། ་སངས་རྒྱས་འབྱུང་བ་ཇི་ལྟར་འདོད་པར་བསྟན་པའི་ཆེད་དང། རང་(སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི)་གི་སེམས་བསྐྱེད་པས་དེ་བཞིན་གཤེགས་པའི་མཐུ་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི ་ཆེད་དང། མ་ཉམས་ཤིང་རྗེས་སུ་འགྲོ་བའི་(འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར)་མངོན་པར་ཤེས་པ་འཐོབ་པའི་ཆེད་དང། (ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང)་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་བའི་ཆེད་དང། ་(དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ)་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སོ་སོར་སྣང་བ་འཐོབ་པའི་ཆེད་དང། སྐྱེ་བ་(ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་གི ་རབ་ཏུ་བྱུང་བར་ཤོག་ཅེས་དང། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད)་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བའི་ཆེད་དང། ཐེག་(ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་དང།)་པ་ཆེན་པོ་བསམ ་གྱི་ས་མི་ཁྱབ་པ་དང་ལྡན་པའི་ཆེད་དང། (བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། ཞེས་དང། བསྐལ་བ་རྒྱ་མཚོར་མི་སྐྱོ་སྤྱད་པར་གྱི། །ཞེས་དང། གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག་།སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད།)་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་རྣམ་པར་མི ་སྤྱད་པའི་ཆེད་དུ་བརྒྱད་པའོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་འཁོར་ལོ་ལ་ཡང་དག་པར་གནས་པའི་(ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང)་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྤྱད་པའི་ཆེད་དང། (ལུས་དང་ངག་རྣམས་དང་ཡིད་ཀྱིས་ཀྱང་སྤྱོད་པ་དང་ནི་སྨོན་ལམ་གཅིག ་ཏུ་སྤྱད)་ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པའི་ཆེད་(མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི།)་དང། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་དེས་པ་ཉིད་ཀྱི་ཆེད་དང། སྒྲ་(གསུང་ཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས ་ཡན་ལག་རྣམ་དག་བ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུངས་ལ་རྟག་ཏུ་འཇུག་པར་བགྱི།)་བརྗོད་མ་ཐག་ཏུ་མཐུ་དང་ཡེ་ཤེས་ཁོང་དུ་ཆུད་པའི་ཆེད་དང། མཐོང་མ་ཐག་ཏུ་སེམས་ཅན་རབ་ཏུ་དང་བ་ཐོབ་ཅིང་ཉོན་མོངས་པ་ལྡོག་པར་བྱ་བའི་ཆེད་དང། ་སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཐོབ་པའི་ཆེད་དང། (ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག་།ཅེས་དང། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས་བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི།)་ཡིད་བཞིན་གྱི་ནོར་བུ་དང་མཉམ་པའི ་ལུས་ཐོབ་པའི་ཆེད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་(སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང)་སྤྱད་པའི་ཆེད་དུ་དགུ་པའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པའི་འཚང་རྒྱ་བའི་ཆེད་དང། བྱིས་(བཱ་མ་ས་ཐ)་བའི་ལམ་(སྐྲའི་རྩེ་མོ)་གཅིག་(སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང། བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག།)་ལས་མ་འདས་པར་བྱིས་པའི ་ལམ་ཐམས་ཅད་དུ་སྐྱེ་བར་འབྱུང་བ་དང། གཞོན་ནུ་རོལ་རྩེད་དང། ནང་གི་གྲོང་དུ་བཞུགས་པ་དང་མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། བདུད་འདུལ་བ་དང། མངོན་པར ་རྫོགས་པར་བྱང་ཆུབ་བ་དང། གསོལ་བ་བཏབ་པ་དང། ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་(ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར)་ཉེ་བར་བསྟན་པའི་ཆེད་དང། སངས་རྒྱས་ཀྱི་ཡུལ་ཆེན་པོ་མཐུ ་དང་ཡེ་ཤེས་ཀྱི་(ཆགས་པ་མེད་པར་གྱུར་པའི་ལེ་ཤེས་སྟོབས)་རྗེས་སུ་འགྲོ་བའི་ཆེད་དུ། །ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་ཕྱི་མའི་མཛའ་ཨི་མུར་ཐུག་པ། བསྐལ་པ་བགྲངས་པ་(ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང) ་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་རྒྱུན་མི་འཆད་པར་ཡེ་ཤེས་ཆེན་པོ་མངོན་(ནམ་མཁའ་ཨི་མཛའ་ཐུག་གྱུར་པ་ཇི་ཙམ་པ། སེམས་ཅན་མ་ལུས་མཛའ་ཡང་དེ་བཞིན་ཏེ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཛའ་ཡང་དེ་ཙམ་མོ།)་།པར་སྒྲུབ ་པའི་ཆེད་དུ་སྨོན་ལམ་ཆེན་པོ་བཅུ་པ་མངོན་པར་སྒྲུབ་པོ། །ཞེས་པ་དེ་ལྟ་བུའི་ངོ་བོ་འདི་རྣམས་སྨོན་ལམ་ཆེན་པོ་དང་འབད་པ་ཆེན་པོ་བཅུ་རྣམས་ཏེ། དེ་ལ་སོགས་པ་(སྨོན་ལམ)་སོ་སོ་ལ་སྨོན་ལམ་གྲངས་མེད་པ་ཁྲག་ཁྲིག ་བརྒྱ་སྟོང་གི་འཁོར་ཅན་ས་ཡོངས་སུ་སྦྱོང་བ་རྣམས་ཏེ་གང་བྱང་ཆུབ་སེམས་དཔས་སྒྲུབ་པ་རྣམས་སོ་སོར་འཐོབ་བོ་ཞེས་པས་འདི་རྣམས་སྒོམ་པའི་ལམ་ལས་ཡོངས་སུ་སྤྱོད་བར་བྱེད་པའི་སྨོན་ལམ་གྱི་ཁྱད་པར་རྣམས་སོ། (།བཅུ་པོ)་དེ་ལ ་སྨོན་ལམ་ཆེན་པོ་དང་པོ་ནི་(རྒྱལ་བ་མཆོད་པས)་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཆེད་དུའོ། །གཉིས་པ་ནི་(གསུང་རབ་དང་བྱང་ཆུབ་གཟུང་བས)་ཡེ་ཤེས་ཀྱི་ཚོགས་(རྫོགས་པའི་ཆེད)་ཀྱིའོ། །ལྔ་ནི་སེམས་ཅན་ཡོངས་སུ་སྨིན་བའི་ཆེད་དུ་སྟེ། རྟེན་(ཏེ་ལུས) ་ཅིང་འདྲ་བས་(སེམས་ཅན་སྨིན་པར་བྱེད་པ)་དང། སེམས་(བསྐྱེད་པ)་ཅི་འདྲ་བས་དང། སེམས་ཅན་(ཁམས་དང་འགྲོ་བ་སོགས)་གང་རྣམས་དང་(འཇིག་རྟེན་གྱི་ཁམས)་གང་དུ་གནས་པས་(སམ་གང་དུ་གནས་པ་རྣམས)་དང། ཇི་ལྟར་གྱུར་པས་(སམ་གང་དུ་གནས་ནས)་ཡོངས་སུ་སྨིན་པར་བྱ ་པ་རྣམས་(སྨོན་ལམ་གཉིས་པ་ནས་བདུན་པའི་བར)་དེ་རྣམས་སུའོ། །གསུམ་རྣམས་བདག་ཉིད་ཀྱི་སའི་ཁྱད་པར་རྟོགས་པའི་(ཱམ་ཐོབ་པ)་ཆེད་དང། (ཕྱིར་མི་ལྡོག་པའི་སྦྱོད་པ་སྤྱད་པ་སོགས་ཀྱིས།)་བྱང་ཆུབ་སེམས་དཔའ་ཨི་ས་མཐར་ཐུག་བར་བགྲོད་པའི་ཆེད་དང། (མཛད་པ་བཅུ་X ་གཉིས་བསྟན་པས)་ཐམས་ཅད་ཀྱི་མཐར་ཐུག་པར་འགྲོ་བའི་ཆེད་དུའོ། །དེ་ལ་(འདོད་པའི་ཆོས)་དོན་དུ་གཉེར་བའི་མངོན་པར་འདུ་བྱེད་པ་ནི་སྨོན་ལམ་སྟེ་འདུན་པའི་ཁྱད་པར་རོ། (།དོན་དུ་གཉེར་བྱ)་དེ་འགྲུབ་པར་བྱེད་པའི་ཐབས་ནི་(དུ)་འབད་རྩོལ་ལོ། །དེས ་འགྲུབ་པར་བྱེད་པ་ནི་མངོན་པར་སྒྲུབ་པའོ། །འདི་གསུམ་ས་(རབ་ཏུ་དགའ་བ)་འདི་ལ་རིམ་གྱིས་མངོན་པར་སྒྲུབ་པོ། །སྨོན་ལམ་དང་པོ་ལ་མཆོད་པ་རྣམ་པ་གསུམ་སྟེ། རྙེད་པའི་མཆོད་པ་ནི་ན་བཟའ་(དང་ཞལ་ཟས)་ལ་སོགས་པ་རྣམས་ཀྱིས་སོ།། ་བཀུར་སྟིའི་མཆོད་པ་ནི་གདུགས་(དང་རྒྱལ་མཚན་པ་ངན)་ལ་སོགས་པ་རྣམས་ཀྱིས་སོ། །སྒྲུབ་པའི་མཆོད་པ་ནི་དང་པ་ལ་སོགས་པའི་སྒྲུབ་པས་སོ། །རིམ་གྲོ་རྣམ་པ་གསུམ་སྟེ། བསྙེན་བཀུར་དང་(བཀའ་ལུང་ཉན་པ་ཟེར)་ཡང་དག་པར་ཚོལ་བ་(ཱམ་རིམ་འགྲོ་བྱ་བ) ་དང། སྒྲུབ་པའོ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ནི། (མཆོད་རྫས་ཀྱི)་དངོས་པོ་སྣ་ཚོགས་མང་བ་ཉིད་ཀྱིས་དང། དངོས་པོ་གྱ་ནོམ་པ་ཉིད་ཀྱིས་སོ། །མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ་ནི་རབ་ཏུ་དང་བ་(དད་པ)་དྲག་པོས་དང་(རྫོགས་པའི)་བྱང ་ཆུབ་ཏུ་ཡོངས་སུ་བསྔོས་པའི་མོས་པས་སོ། །ཆོས་ཀྱི་དབྱིངས་དང་རྒྱ་ཆེ་བ་ནི་དགེ་བའི་རྩ་བ་གཞན་ཐམས་ཅད་པས་(མཆོད་པའི་སྨོན་ལམ)་མཆོག་ཉིད་ཀྱིས་སོ། །ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པ་ནི་འདོད་པའི་འབྲས་བུ་མི་རྟག་པའི་རྒྱུ ་ཉིད་(ཡིན་ཞིང་དེ)་མི་བཟད་པ་ཉིད་ཀྱིས་སོ། །ཕྱི་མའི་མཛའ་མུར་ཐུག་པ་ནི་རྟག་པའི་འབྲས་བུ་(ཡང་ཡིན་ཞིང)་མྱ་ངན་ལས་འདས་པ་(ཡང་ཡིན་པ)་ཐོབ་པའི་རྒྱུ་ཉིད་ཀྱིས་སོ། །བསྐལ་བ་ཐམས་ཅད་དང་སངས་རྒྱས ་འབྱུང་བ་ཐམས་ཅད་དུ་བརྒྱུན་མི་འཆད་པའོ། །གཉིས་པ་ལ་ཆོས་ཀྱི་ཚུལ་ནི་མདོ་ལ་སོགས་པའི་ལུང་(གི་ཆོས)་རྣམས་(གཅིག་ནས་གཅིག་ཏུ)་བརྒྱུད་པའོ། (།ཆོས)་ཡང་དག་པར་འཛིན་པ་ནི་ལེན་པ་དང། འཛིན་པ་དང། ལུང ་ནོད་པ་དང། ཁ་ཏོན་བྱ་བ་སྦྱིན་པའི་ཕྱིར་རོ། །བྱང་ཆུབ་ནི་ཐོབ་པའི་(ཱམ་རྟོགས་པ)་ཆོས་ཏེ་བྱང་ཆུབ་རྣམ་པ་གསུམ་མོ། །དེ་ཡང་དག་པར་ཡོངས་སུ་གཟུང་བ་ནི་རྟོགས་པར་(ཱམ་ཐོབ་པ)་བྱ་བའི་གདམས་ངག་(གདུལ་བྱ་ལ)་སྦྱིན་པས་སོ།། ་ཡོངས་སུ་བསྲུང་བ་ནི་སྒྲུབ་པ་སྟེ། ཉེ་བར་འཚེ་བ་(བྱུང་བ)་ལ་སྐྱོབ་པས་སོ། །དེ་བཞིན་གཤེགས་པ་ནི་བསྟན་པ་ཕུན་སུམ་ཚོགས་པས་སོ། །སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་(རིམ་པ་ལྟར)་རྟོགས་པ ་དང་ཐུགས་སུ་ཆུད་པ་ཕུན་སུམ་ཚོགས་པ་སྟེ། (རིམ་པ་ལྟར)་ཇི་སྙེད་པ་དང། ཇི་ལྟ་བ་མངོན་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དྲུག་པ་ལ་(སྨོད་ཀྱི)་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མཛའ་དག་དང། དོན་དམ་པ་དང། (ཕུན་སུམ་ཚོགས) ་དཔག་ཏུ་མེད་པའི་མཚན་ཉིད་ཀྱིས་ཡེ་ཤེས་ཁོང་དུ་ཆུད་ཅིང་མངོན་སུམ་དུ་གྱུར་པར་བྱ་བའི་ཆེད་དུའོ། །དེ་ལ་ཡངས་པ་(ཱམ་ཤིན་ཏུ་རྒྱས་པ)་ལ་སོགས་པ་རྣམས་ནི་སྟོང་པ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་གསུམ་རྣམས་སོ།། ་ཕྲ་བ་ནི་(ཞིང་ཁམས)་གང་རྣམས་ནི་ཡིད་ཀྱི་རང་བཞིན་ལུས་ཅན་རྣམས་སོ། །རགས་པ་ནི་(ཞིང་ཁམས)་གང་རྣམས་ན་ཡིད་ཀྱི་རང་བཞིན་གྱིས་(ལུས་ཅན)་མ་ཡིན་པ་རྣམས་སོ། །འཚོལ་བ་(སྡེལ?་ཞིང་ཏུ་འང་བསྒྱུར)་ནི་གོ་རིམ་དུ་མི་གནས་པ ་རྣམས་སོ། །སྟེང་གཡོགས་མེད་(ཱམ་སྤྱིའུ་ཚུགས་ནི)་ཅིང་གཞི་ཕྱལ་བ་ནི་ཁྱིམ་གནས་པ་མ་བྱས་པ་རྣམས་སོ། །འཇུག་པའི་ཁྱིམ་ཅན་ནི་ཁྱིམ་གནས་པ་བྱས་པ་རྣམས་ཏེ། འདི་ནི་(འཇིག་རྟེན་གྱི་ཁམས)་མཛའ་དག་གི་མཚན་ཉིད་དོ། །མིག ་འཕྲུལ་(ལྟ་བུའི)་གྱི་རྣམ་པར་དབྱེ་བ་ཉིད་ནི་དོན་དམ་པའི་(ཇི་ལྟ་བ)་མཚན་ཉིད་དེ། (འཇིག་རྟེན་གྱི་ཁམས)་ལས་ཀྱི་སྒྱུ་མ་(ཱི་རང་བཞིན་དེ)་ལས་བྱུང་བའི་ཕྱིར་རོ། །ཕྱོགས་བཅུ་ཚད་མེད་པའི་རྣམ་པར་དབྱེ་བ་མ་ལུས་པ་ལ་འཇུག་པ་ནི་དཔག ་ཏུ་མེད་པའི་མཚན་ཉིད་དོ། །དེ་ལ་དོན་དམ་པའི་མཚན་ཉིད་(ལ་སྨོན་པ)་ནི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པའི་ཆེད་དུའོ། །དེ་ལས་གཞན་པའི་མཚན་ཉིད་(གཉིས་པོ་ལ་སྨོན་པ)་ནི་སོ་སོར་མངོན་སུམ་དུ་རྟོགས་པ་ཉིད་ཀྱི་(ཚད་དང་བྲལ་བས) ་ཆེད་དུའོ། (།སྨོན་ལམ)་བདུན་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ། དེ་ཡོངས་སུ་དག་པ་རྣམས་བདུན་ཏེ། ཐུན་མོངས་པ་ཡོངས་སུ་དག་པ་ནི་ཞིང་ཐམས་ཅད་ཞིང་གཅིག་ཉིད་ཀྱིས་སོ། །དབང་(བསྒྱུར་བར)་གྱུར་པ་ཡོངས་སུ་དག་པ་ནི་ཞིང་ཐམས་ཅད ་དུ་(ཞིང་ལྟར)་མཉམ་པར་རྒྱུ་བ་ཡོངས་སུ་སྤྱོད་པ་ཉིད་ཀྱིས་སོ། །རབ་ཏུ་དང་བ་(ཱམ་མཛེས་པ)་ཉིད་ཡོངས་སུ་དག་པ་ནི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་འོད་དང་བཀོད་པའི་རྒྱན་གྱིས་སོ་སོར་བརྒྱན་པ་ཉིད་ཀྱིས་ཏེ། འོད་ཀྱིས་བརྒྱན་དང་གནས་པའི་རྒྱན ་གྱིས་སོ། །ཡོངས་སུ་ལོངས་སྤྱད་པ་ཡོངས་སུ་དག་པ་ནི་(ཞིང་དེ)་ཉོན་མོངས་པ་ཐམས་ཅད་བསལ་བས་ཡོངས་སུ་དག་པའི་ལམ་དང་ལྡན་པ་ཉིད་ཀྱིས་སོ། །གནས་པ་བོ་སེམས་ཅན་ཡོངས་སུ་དག་པ་ནི། སེམས་ཅན་ཡེ་ཤེས་ཚད་(ཱམ་ཡང་དག་པར་བཀོད་པ) ་མེད་པའི་འབྱུང་གནས་ཀྱིས་ཡོངས་སུ་གང་བ་ཉིད་ཀྱིས་སོ། །རྒྱུ་(ཡང་ཡིན་ལ)་ཡོངས་སུ་དག་པ་(ཡང་ཡིན་པ)་ནི་སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་འཇུག་པ་མངོན་པར་སྒྲུབ་པ་ཉིད་ཀྱིས་སོ། །འབྲས་བུ་ཡོངས་སུ་དག་པ་ནི་སེམས་ཅན་གྱི་བསམ་པ ་ཇི་ལྟ་བར་(ཞིང)་ཡང་དག་པར་(ཡེ་ཤེས་ཀྱིས)་སྟོན་ཞིང་(མཐུས)་ཚིམ་པར་བྱེད་པ་ཉིད་ཀྱིས་ཏེ། ཡེ་ཤེས་དང་མཐུ་དག་གིས་(སྟོན་ཅིང་ཚིམ་པར་བྱེད་པ)་སོ། །བརྒྱད་པ་ལ་(རྒྱལ་བ་དང་རྒྱལ་བའི་སྲས་དང)་བསམ་པ་དང་སྦྱོར་བ ་གཅིག་པ་ནི་ཐེག་པ་ཆེན་པོ་ལ་འཇུག་པའི་ཆེད་དུ་སྟེ། ཐེག་པ་གཞན་(ཆུང་ངུ)་མི་འདོད་པའི་དོན་གྱིས་སོ། །ཐེག་པ་ཆེན་པོ་འང་(དམིགས་སྒྲུབ་ཡེ་ཤེས་བརྩོན་འགྲུས་རྩོམ། །ཐབས་མཁས་འགྲུབ་པ་ཕྲིན་ལས་ཆེ། །ཞེས་པ)་ཆེན་པོ་ཉིད་རྣམ་པ ་བདུན་དང་ལྡན་པའི་ཕྱིར་ཏེ་(མདོ་སྡེ་རྒྱན་འགྲེལ་དུ)་དམིགས་པ་ཆེ་བ་ཉིད་ནི་(ཐེག་པ་འདི་ལ)་མདོ་སྡེ་ལ་སོགས་པའི་(འདུལ་བ་དང་མངོན་པ)་ཆོས་རྒྱ་ཆེན་(སྟོང་ཕྲག་བརྒྱ་བ་ལ་སོགས་པ)་པོ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །སྒྲུབ ་པ་ཆེན་པོ་ཉིད་ནི་(ཐེག་པ་འདིས)་རང་དང་གཞན་གྱི་དོན་(མཛའ་དག)་སྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ཉིད་ནི་གང་ཟག་དང་ཆོས་(གཉིས་ཀ)་ལ་བདག་མེད་པ་ཉིད་ཤེས་པའི་ཕྱིར་རོ། །བརྩོན་གྲུས་བརྩོམ་པ་ཆེན་པོ་ཉིད་ནི་བསྐལ ་བ་གྲངས་མེད་པ་གསུམ་དུ་རྟག་ཏུ་(བྱ་བ)་དང་གུས་པར་བྱ་བ་(སྟེ་འབད་པ་དྲག་པོས)་ཉིད་དག་གིས་སྦྱོར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་འཁོར་བ་ཡོངས་སུ་མི་གཏོང་(བས་མྱང་འདས་ལ་མི་གནས)་ཞིང་ཀུན་ནས་ཉོན ་མོངས་པ་མེད་པའི་(སི་སྲང་བ་ལ་མི་གནས་པ)་ཕྱིར་རོ། །ཡང་དག་པར་འགྲུབ་པ་ཆེན་པོ་ཉིད་ནི་(ཐེག་པ་འདིས)་སྟོབས་དང་མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཕྲིན་ལས ་ཆེན་པོ་ཉིད་ནི་(ལན་ཅིག་ཏུ་མ་ཟད)་ཡང་དང་ཡང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་ཆེན་པོ་(ཐེག?་པ་འདིས)་སྟོན་པའི་ཕྱིར་རོ། (།ཆེན་པོ་བདུན་དང་ལྡན་པ)་དེ་ཉིད་ཀྱི་ཕྱིར་(ཐེག་པ་ཆེན་པོ)་འདི་ལ་རབ་ཏུ་དང་བ་ཙམ ་ཡང་འབྲས་བུ་ཆེན་པོར་ཉེ་བར་གཟུངས་ཏེ། ཟུང་གི་མདོར། (ཀྱེ)་ཀུན་ཏུ་དཔའ་བོ་གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་རབ་ཏུ་དང་བ་བསྐྱེད་པར་འགྱུར་བ་དེ་ནི་བསྐལ་པ་སྟོང་དུ་ངན་འགྲོར་(ཏེ་དམྱལ་བར)་འགྲོ་བར་མི་འགྱུར་རོ། །བསྐལ་པ་སྟོང ་ཕྲག་ལྔ་བདུད་འགྲོའི་སྐྱེ་གནས་སུ་མི་སྐྱེའོ། །དེ་བཞིན་དུ་ཡི་དགས་རྣམས་སུའོ། །བསྐལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔར་ལྷའི་འཇིག་རྟེན་དང་ཚངས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་སོ། །འདིར་འགའ་ཞིག་དགེ་བའི་རྩ་བ་མ་བསྐྲུན་པ་སྡིག ་པའི་(འཕེལ?་བ)་གྲོགས་པོས་ཡོངས་སུ་ཟིན་པ། མང་དུ་མོས་པ་མེད་པ་(འགའ་ཞིག)་འདི་ལྟ་བུ་ཤིན་ཏུ་གྱི་ནོམ་པ་ལེགས་པར་བཤད་པ་ཐེག་པ་ཆེན་པོའི་ཆོས་ལ་ཡང་མཆོག་ཏུ་ཟབ་པ་དང་རྒྱ་ཆེ་བ་ཉིད་དུ་འཇུག་པར། (གང་དང་འགྲོགས་ན) ་མི་བྱེད། རྟོགས་པར་མི་བྱེད། ལྷག་པར་མོས་པར་མི་བྱེད། སྐྲག་པར་བྱེད། རྣམ་པ་མང་པོར་སྨོད་བར་(ཱམ་སྤོང་བ་བྱེད)་ཇི་སྲིད་དུ་(ཐེག་ཆེན)་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་པའི་བར་དུ་སྨྲའོ། །བཅོམ་ལྡན་འདས་ཀྱིས ་གསུངས་པ། ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པས་གསུངས་པ་འདི་ནི་ཐེག་པ་མཆོག་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་དུའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་(ཐེག་ཆེན)་འདི་དམན་པ་ལ་མོས ་པའི་(ཱམ་མོས་པ་དམན་པ)་སེམས་ཅན་རྣམས་ཀྱིས་མཉན་པར་ཡང་མི་ནུས་སོ་ཞེས་སོ། །ཐེག་པ་ཆེན་པོ་ཅི་ལྟར་སངས་རྒྱས་ཀྱི་བཀའ་མ་ཡིན། (ཞེས་དྲིས་པས)་མདོ་སྡེ་དང་འདུལ་བ་དང་མངོན་པ་ལས་ཕྱི་རོལ་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ།། ་གསུངས་པ། གང་མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་བ་དེ་(མི་མཐུན་པ་མེད་པ།)་སངས་རྒྱས་ཀྱི་གསུང་ངོ་ཞེས་པས་སོ། །ཐེག་པ་ཆེན་པོ་(འཇུག་སྣང་མི་འགལ་བ)་དེ་ལྟ་བུ་མ་ཡིན་པས་སོ་ཞེ ་ན་(སྤྱོད་འཇུག་ཏུ་ངག་གང་མདོ་སྡེ་ལ་འཇུག་སྟེ། གལ་ཏེ་སངས་རྒྱས་གསུང་འདོད་ན། །ཐེག་ཆེན་ཕལ་ཆེར་ཁྱེད་ཅག་གི་།བཀའ་དང་མཚུངས་འདོད་མིན་ནམ་ཅི་ཞེས་སོ།།)་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་དང་འདུལ ་བ་རྣམ་བ་དུ་མ་རྣམས་ནི་(ཐེག་ཆེན)་དེར་ངེས་པར་བསྟན་ལ་ཁྱད་པར་དུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་(བསྟན)་དོ། །ཅི་སྟེ་ཕ་རོལ་ཏུ་ཕྱིན་པར་ཡིན་ཀྱང་སྡེ་པའི་སྡེ་སྣོད་གསུམ་དུ་(ཐེག་ཆེན)་འདི་ལྟར་མ་བསྟན་ཏོ་ཞེ་ན། ་དེ་ལྟར་གྱུར་ན་རྣམ་པ་བཅོ་བརྒྱད་དུ་གྱེས་པའི་བདེ་སྣོད་གསུམ་པོ་ཕན་ཚུན་གཞུང་དང་དོན་ཤིན་ཏུ་ཐ་དད་པ་སངས་རྒྱས་ཀྱི་གསུང་མ་ཡིན་པར་འགྱུར་རོ། །གཞན་ཡང་འདུལ་བ་རྣམ་པར་བཤད་པར་གསུངས་པ། ཐུབ་པའི ་དབང་པོ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ནས་བསྟན་པ་འཛིན་པའི་བྱེ་བྲག་གིས་དང་པོར་སྡེ་པ་གཉིས་ཏེ་གནས་བསྟན་པ་དང་དགེ་འདུན་ཕལ་ཆེན་པ་དག་གོ་ཞེས་སོ། །བཅོམ་ལྡན་འདས་འོད་སྲུངས་ཀྱིས་ཀྱང ་ལུང་བསྟན་ཏེ། རྒྱལ་པོ་ཀྲི་ཀྲིའི་མི་བཅོ་བརྒྱད་ཀྱིས་རས་ཡུག་དྲངས་པའི་རྨི་ལམ་སྟོན་པ་ན། ཤཱཀྱ་ཐུབ་པའི་བསྟན་པ་རྣམ་པ་(སྡེ་པ་ཐ་དད་པ་བསྟན་པ་བསྡུས་པར་སློབ་དཔོན་དུལ་ལྷས། ཤར་དང་ནུབ་དང་གངས་རི་དང།)་བཅོ་བརྒྱད་དུ་འགྱེས ་པར་འགྱུར་རོ་ཞེས་སོ། །གཞན་ཡང་ཆོས་གང་དེ་བཞིན་གཤེགས་པས་བསྟན་པ་སྟེ། ཚིག་དང་ཡི་གེ་དེ་རྣམས་ཁོ་ནས། དང། གོ་རིམ་དེ་ཉིད་ཀྱིས་ཡང་དག་པར་གཟུང་ཞིང་བསྟན་པ། མི་ཉུང་མ་ལྷག་པ་ཕྱིན་ཅི་མ་ལོག་པ་དེའི ་ཚེ་གཞུང་འདི་བཀའ་མགུར་ནས་གསུངས་པ་དཔལ་གྱི་ཞལ་ནས་གསུང་པ་ཞེས་བརྗོད་དེ། བཅོམ་ལྡན་འདས་དྲང་སོང་ཉིད་ཀྱིས་འདིར་(གསུངས་པ)་ཞེས་བྱས་ནས་སོ། །གང་གི་ཚེ་དེ་བཞིན་གཤེགས་པས་གསུངས་པའི་དོན་ཁོ་ན་(རྗོད་བྱེད)་ཡི ་གེ་གཞན་རྣམས་དང་གོ་རིམ་གཞན་གྱིས་ཉེ་བར་སྦྱར་བ་འམ་(བཤད་སྦྱར་དུ་བྱས་པ)་ཡང་དག་པར་བསྡུས་པ་འམ། (ཚིག་དོན)་འཆད་པ་དེའི་ཚེ་གཞུང་འདི་རྗེས་སུ་མཐུན་པའི་བཀའ་ཞེས་བརྗོད་དོ། །གང་དུ་(ཡི་གེ་དང་གོ་རིམས་སུ་མ་ཟད)་དོན ་ཡང་གཞན་པ་དེ་ནི་བཀའ་ཨང་མ་ཡིན་ལ་རྗེས་སུ་གནང་བའི་བཀའ་ཨང་མ་ཡིན་ཏེ། འཇིག་རྟེན་པའི་བསྟན་བཅོས་ལ་སོགས་པ་རྣམས་བཞིན་ནོ། །ད་ནི་སྡེ་པའི་གཞུང་རྣམས་སྒྲ་ལས་ཀྱང་(ཕན་ཚུན)་ཐ་དད་ལ་(སངས་རྒྱས)་ཀྱི་གསུང་པ་ལས) ་མང་པོར་དོན་ལས་ཀྱང་(ཐ་དད)་སྟེ། མདོ་སྡེའང་ཕྱིན་ཅི་ལོག་ཏུ་བརྗོད་པ་འང་ཀློག་ལ། འདུལ་བ་གཅིག་ཏཱུང་ཁ་ཅིག་གིས་(ཕམ་པའི)་ལྟུང་བར་གྱུར་པར་སྨྲ་ལ། གཞན་རྣམས་ཕྱིར་བཅོས་པ་དང་བཅས་པའོ་ཞེས་སོ། །ཆོས ་མངོན་པར་ཡང་(འཇིག་རྟེན་ལས་འདས་པར་སྨྲ་བ་དང་ས་སྟོན་པས་བདེན་གཅིག་ཆར་མཐོང་བར་འདོད་ཅིང)་ཁ་ཅིག་གིས་སྐད་ཅིག་གཅིག་གི་མངོན་པར་རྟོགས་པས་འབྲས་བུ་ཁོང་དུ་ཆུད་པའོ།། (ཀུན་གྱིས་བཀུར་བའི་སྡེ་པས་མཐོང་ལམ་སྐད་ཅིག་བཅུ ་གཉིས་སུ་འདོད)་ཁ་ཅིག་གི་ནི་སྐད་ཅིག་བཅུ་གསུམ་གྱི་མངོན་པར་རྟོགས་པས་སོ། །ཁ་ཅིག་གི་ནི་སྐད་ཅིག་བཅུ་དྲུག་གི་མངོན་པར་རྟོགས་པས་སོ། །གལ་ཏེ་དགོངས་པའི་དབྱེ་བས་སྐད་ཅིག་མའི་དབྱེ་བ་འདི་རྣམས་ཀྱང ་སྡུད་པ་པོ་རྣམས་ཀྱིས་བརྗོད་པ་སྲིད་པས་སོ་ཞེ་ན། དེ་ལྟ་ཡིན་ན་(གཅིག་དང་བཅུ་གསུམ་དང་བཅུ་དྲུག)་ཐམས་ཅད་དུ། སྡེ་པ་གཅིག་ལ་སྐད་ཅིག་མའི་དབྱེ་བ་སྲིད་པའི་ཕྱིར་བསྟན་པར་བྱ་བར་འགྱུར་ལ། (བསྟན་པ)་དེ་ལྟའང་མ་ཡིན་ནོ། །ཁ ་ཅིག་བདག་མེད་པའི་ཉིད་མཐོང་བ་བཏགས་པར་ཡོད་པར་རྣམ་པར་འཇོག་པར་བྱེད་དོ།། (ཀུན་གྱིས་བཀུར་བའི་སྡེ་པ)་ཁ་ཅིག་(ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དུ་མེད་པའི)་གང་ཟག་རྫས་སུ་ཡོད་པར་རོ། །སྡེ་པ་གཅིག་ཏཱུང། མདོ་སྡེ་པ་རྣམ་པ་གཞན་པའི་ཕྱོགས ་ཡོངས་སུ་འཛིན་ལ། ཆོས་མངོན་པ་རྣམས་ཀྱང་གཞན་དུའོ། །ཁ་ཅིག་འདུས་བྱས་ཐམས་ཅད་སྐད་ཅིག་པར་འདོད་པས་(མི་མཐུན)་ཏེ། ཁ་ཅིག་གཉིས་པར་མི་གནས་པའི་ཕྱིར་རོ། །ཁ་ཅིག་སེམས་དང ་སེམས་ལས་བྱུང་བ་རྣམས་ཁོ་ན་སྐད་ཅིག་(མང་པོར་བལྟ་བ་ཅི་སྨོས)་གཉིས་དག་ཏཱུང་མི་གནས་ཤིང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་སྐད་ཅིག་གསུམ་དཱུང་གནས་པར་(ཀུན་གྱིས་བཀུར་པ་རྣམས་ཕུང་པོ་རྣམས་དུས་གཞན ་དུ་བསྟན་ན་གནས་པར་འདོད)་རོ། །ཁ་ཅིག་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་སྐད་ཅིག་གཉིས་པར་མི་གནས་ཤིང་གཟུགས་ཅན་རྣམས་དུས་རིང་པོར་ཡང་གནས་ཏེ། ས་ནི་བསྐལ་པའི་བར་དུ་གནས་སོ་ཞེས་སོ། །ཁ ་ཅིག་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བ་ཟད་པ་ཙམ་མྱ་ངན་ལས་འདས་པ་སྟེ་ཐ་སྙད་ཙམ་དུའོ། །ཁ་ཅིག་ནི་མྱ་ངན་ལས་འདས་པ་བཏགས་པར་ཡོད་པ་སྟེ། (མྱང་འདས)་གང་དུ་ལྟ་བའི་ཉོན་མོངས་པ་དང་སྐྱེ་བ ་ཟད་པར་འགྱུར་གྱི་སྐྱེ་བ་དང་ཉོན་མོངས་པ་ཐམས་ཅད་ཉིད་ཟད་པ་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ་ཞེས་སོ། (།ཐམས་ཅད་ཡོང་སྨྲ་བ)་ཁ་ཅིག་འདས་པ་དང་མ་འོངས་པའི་ཆོས་རྣམས་དུས་ཐམས་ཅད་དུ་རྫས་སུ ་ཡོད་དོ་ཞེས་སོ། (།ས་སྟོན་སྡེ་པ)་ཁ་ཅིག་(འདས་མ་འོངས)་མེད་དོ་ཞེས་སོ། །ཁ་ཅིག་ཐོབ་པ་ལ་སོགས་པའི་(ལྡན་མིན་འདུ་བྱེད་ཀྱི)་ཆོས་རྣམས་རྫས་སུ་ཡོད་དོ་ཞེས་སོ། །ཁ་ཅིག་མེད་དོ་ཞེས་སོ། །ཁ་ཅིག་སྲིད་པ་བར་དོའི་སེམས་ཅན་རྣམས ་ཡོད་དོ་ཞེས་སོ། །ཁ་ཅིག་མེད་དོ་ཞེས་སོ། །ཁ་ཅིག་གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ་ཞེས་སོ།། (འཇིག་རྟེན་ལས་འདས་པར་སྨྲ་བ)་ཁ་ཅིག་ཡོད་དོ་ཞེས་སོ། །ཁ་ཅིག་གཟུགས་མེད་པའི་ཁམས་ན་གནས་མེད་དོ་ཞེས་སོ། །ཁ་ཅིག ་གནས་དང་བཅས་པའོ་ཞེས་ཏེ་སྔར་(ལེའུ་དང་པོར)་ཇི་སྐད་བཤད་པ་བཞིན་དུ་ཇི་སྲིད་ས་ལ་སོགས་པ་རྣམས་ཀྱི་ཚང་དང་དབྱིབས་ངེས་པར་བསྟན་པ་ཐ་དད་པའི་བར་དུའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་ཤིན་ཏུ་མང ་པོ་རྣམས་(སྡེ་པའི་གཞུང)་དེ་དང་དེར་མཐོང་ན་དེ་རྣམས་ཅི་ལྟར་བཀའ་ཉིད་དུ་རིགས་(ཱོན་ཀྱང་ཐུབ་ཆེན)་གྱིས་(གང་ཟག་གི་བསམ་པ་ལ་དགོང་ཏེ་འགྲེལ?་པར་གསུངས་པ་ཡང་སྲིད་དོ།།)་ཁྱད་པར་དུ་ཡང། གང་རྣམས་ཀྱི་རྩ་བའི་བསྡུས་བ་ཉམས་སོ་ཞེས་ཁས ་ལེན་པའོ། (།ཇི་ལྟར་བཀར་འཐང)་འོན་ཏེ་གཞུང་འདི་རྣམས་ཕྱིས་དགྲ་བཅོམ་པ་རྣམས་ཀྱིས་མཛད་པའོ་ཞེ་ན་མ་ཡིན་ཏེ། དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་ནི་འདི་ལྟར་ཕན་ཚུན་དོན་འགལ་བའི་གཞུང་མཛད་པ་མ་ཡིན ་པས་སོ།། (ཱོན་ཀྱང་དགྲ་བཅོམ་པ་རྣམས་ཤེས་བྱའི་སྒྲིབ་པ་ཀུན་མ་སྤངས་པས་ཕན་ཚུན་འགལ་བ་བྱེད་པའང་སྲིད་སྙམ་སྟེ་དཔྱད་དོ།།)་དེའི་ཕྱིར་(སྡིག་པའི)་ཡང་གཞུང་འདི་རྣམས་དགྲ་བཅོམ་པ་རྣམས་ཀྱིས་མཛད་པར་མི་རིགས་སོ་ཞེས་པའོ། །འོ་ན་ཅི་ཞེ་ན ་སོ་སོ་སྐྱེ་བོ་རྣམས་ཁོ་ནས་བྱས་སོ་ཞེས་རིགས་སོ། (།སོ་སོ་སྐྱེ་བོ)་དེ་རྣམས་འཛིན་སྟངས་ཐ་དད་པའི་རྒྱུ་མཚན་མ་རིག་པ་དང་ཐེ་ཚོམ་ལ་སོགས་པའི་བག་ལ་ཉལ་རྣམས་མ་སྤངས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་འདི་ལྟ་བུ་(དོན་འགལ་བ ་དུ་མ་སྟོན)་དེ་ལྟར་བྱས་པའི་གཞུང་རྣམས་སུ་ཐེག་པ་ཆེན་པོ་ལེགས་པར་གསུངས་པ་བཀའ་ཅི་ལྟར་གཞུག་པར་ནུས་འདི་རྣམས་སུ་འབའ་ཞིག་ཏུ་(བཞུགས་པར་མི་ནུས་པར)་མ་ཟད་ཀྱི་གང་ཡང་དེའི་(ཆེ)་བ་ཉན་ཐོས་ཀྱི་ཐེག་པའི ་གཞུང་(བསྡུ་བའི་བཞི)་མ་ཉམས་པ་སྡུད་བ་པོས་བསྡུས་པ་བཀའ་དེ་རྣམས་སུ་ཡང་(བཞུགས་པར་མི་ནུས)་སྟེ། (ཐེག་པ་ཆེ་ཆུང་གཉིས)་བར་ཤིན་ཏུ་རིང་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དམན་པའི་ཐེག་པར་ཐེག་པ་ཆེན་པོ་ཞུགས་བའམ་ནང་དུ ་འདུས་པར་གྱུར་ན་ནི་དེའི་ཐེག་པ་ཆེན་པོ་ཉིད་ཀྱང་(ཆེན་པོ་བདུན་མེད་པའི་ཕྱིར)་ཉམས་པར་འགྱུར་ཏེ། ཅི་རྒྱ་མཚོ་ཆེན་པོ་ཁྲོན་པ་ལ་སོགས་པ་རྣམས་སུ་མ་ཞུགས་པ་ཉིད་ཀྱི་ཕྱིར་རམ་ནང་དུ་མ་འདུས་པ་ཉིད་ཀྱི་ཕྱིར་ཆུའི་རྟེན་མ་ཡིན་པར་འགྱུར་རམ། དེའི ་ཕྱིར་(སྡེ་ཡི་གཞུང)་དེ་རྣམས་སུ་མི་འཇུག་པ་ནི་ཐེག་པ་ཆེན་པོའི་ཡོན་ཏན་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་(མདོ་སྡེ་རྒྱན་གྱི་སྐབས་དང་པོར)་གསུངས་པ། (ཐེག་པ་ཆེན་པོ)་རང་གི་(མདོ་སྡེ)་ཉིད་ལ་འཇུག་ཕྱིར་དང། (།བྱང་སེམས)་རང་གི་(ཉོན་མོངས་པ་རྣམ་རྟོག)་འདུལ ་ལ་སྣང་ཕྱིར་ཡང། །རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། (།བྱང་ཆུབ་ཆེན་པོ་ཐོབ་པའི)་ཆོས་ཉིད་དང་ནི་འགལ་མེད་ཕྱིར། །ཅེས་སོ། །གལ་ཏེ་ད་ནི་སྡེ་པའི་གཞུང་འདི་རྣམས་བཀར་མི་འདོད་ན་བསྙེན་པར་རྫོགས་པ་ལ་སོགས་པའི་ལས་རྣམས་ཅི་ལྟར ་འགྲུབ། (སྟེ་མི་འགྲུབ་ཅིང)་དགེ་སློང་ཉིད་མེད་ན་སྐྱོན་མང་པོ་རྣམས་སུ་འགྱུར་རོ་ཞེ་ན། བསྙེན་པར་རྫོགས་པའི་དངོས་པོ་དེའང་(ཐེག་ཆེན་ལ་སྐུར་པ་འདེབས་པ་ཁྱེད་རྣམས་ཀྱིས)་ཡོད་པའམ་མེད་པ་ཞེས་ཅི་ལྟར་ཤེས་པར་བྱ་སྟེ། མངོན་སུམ་ལས་མ་ཡིན་ཞིང། ་རྗེས་སུ་དཔག་པ་ལས་ཀྱང་མ་ཡིན་ཏེ། (དེ་སྒྲུབ་པ་ལ་ཚུལ་གསུམ་པའི)་རྟགས་མེད་པའི་ཕྱིར་རོ། །འོན་ཀྱང་གཞུང་འདི་རྣམས་བཀའ་ཉིད་དམ་བཀའ་མ་ཡིན་པ་ཉིད་ནའང་(ཆོ་གའི་གཞུང་རྣམས་རྗེས་སུ་གནང་བའི་བཀའ་ཡིན་པས)་བསྙེན་པར་རྫོགས་པ་ལ་སོགས ་པའི་ལས་རྣམས་འགྲུབ་པོ། །བསྙེན་པར་རྫོགས་པ་རྣམ་པ་བཅུའོ་ཞེས་འདུལ་བ་འཛིན་པ་རྣམས་སྨྲ་བ་(སོ་སོ་མཐར་བྱེད་པ་གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས་ཤེས་པའི་སོགས་ཀྱིས་བསྡུས་པ)་འདི་ལྟ་སྟེ། རང་(མཛོད་འབྲེལ་བཞི་པར)་འབྱུང་ཉིད་ཀྱིས་(བསྙེན་པར་རྫོགས་པར) ་ནི་སངས་རྒྱས་རྣམས་དང་རང་སངས་རྒྱས་རྣམས་ཀྱིའོ། །སྐྱོན་མེད་པ་(ཱམ་ངེས་པ)་ལ་བཞུགས་པས་ཅང་ཤེས་ཀཽ་དི་ནྱ?་དང་རྟ་ཐུལ་དང་བཟང་ལྡན་དང་རླངས་པ་དང་མིང་ཆེན་ཏེ་ལྔ་རྣམས་ཀྱིའོ། །དགེ་སློང་ཚུར་ཤོག་གིས་གྲགས་པ་ལ་སོགས་པ ་རྣམས་ཀྱིའོ། (།སངས་རྒྱས་བཞུགས་ཀྱི་བར་ལ་མང་དུ་བྱུང། རྫོགས་པའི་སངས་རྒྱས་ལ)་སྟོན་པར་ཁས་བླངས་པ་ལས་(བསྙེན་པར་རྫོགས་པ་ནི)་འོད་སྲུངས་ཆེན་པོའི་འོ། །དྲིས་ཤིང་མཉེས་པས་ལེགས་བྱིན་གྱིའོ། །ལྕི་བའི་ཆོས་ཁས་བླངས་པས་སྐྱེ་དགུའི་བདག་མོ ་ཆེན་མོའི་འོ། །ཕོ་ཉས་ཆོས་སྦྱིན་མའི་འོ། །འདུལ་བ་འཛིན་པ་དང་ལྔ་(ཱི་དགེ་འདུན་གྱི་ལས་ཆོག་བྱས)་པས་ཡུལ་མཛའ་ཁོབ་རྣམས་སུའོ། །བཅུའི་ཚོགས་ཀྱིས་(དགེ་འདུན་གྱི)་དབུས་རྣམས་སུའོ། །སྐྱབས་སུ་འགྲོ་བ་(ལན)་གསུམ་བརྗོད་པས་བཟང ་སྡེའི་ཚོགས་དྲུག་ཅུ་རྣམས་ཀྱིའོ་ཞེས་སོ། །དེ་ལྟར་རྗེས་སུ་གནང་བའི་བཀའ་རྣམས་ཀླགས་པས་ཀྱང་གསོལ་བར་(བསྙེན་པར་རྫོགས་པའི་ཆོག)་བྱེད་དེ། དོན་གྱིས་(རྗེས་སུ་གནང་བའི་བཀའ་)་དེ་རྣམས་དེ་བཞིན་གཤེགས་པས་གསུངས་པ་(བསྙེན་པར་རྫོགས་པ) ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཀྱི་གསུང་ནི་དོན་ལ་རྟོན་པ་སྟེ། ཚིག་འབྲུ་ལ་སྟོན་པ་ནི་མ་ཡིན་ནོ་ཞེས་སོ། །རྒྱས་པས་ཅི་ཞིག་སྟེ། དཀའ་(ཱོ་རྒྱལ)་བ་(འདི་མ་ཐག་ཏུ་འཆད་པ)་འདི་ནི་བརྒལ་དཀའ་བ་སྟེ། གང་དེ ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་པ་རྣམས་ཀྱང་ཆོས་འདོད་པ་ལ་(རྒྱུད་བླ་མའི་རྡོ་རྗེའི་གནས་བཞི་པར། །ཆོས་ལ་ཁོང་ཁྲོ་བདག་ལྟ་དང། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང། །སེམས་ཅན་དོན་ལ་ལྟོས་མེད་པ། །འདོད་ཆེན་མུ་སྟེགས་ཉན་ཐོས་དང། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི།། ་ཞེས་པ་འདོད་ཆེན་ལྟར།)་བསྒྲིབས་པས་ཕྱིན་ཅི་ལོག་པ་རྣམས་ཐེག་པ་ཆེན་པོ་སྤོང་བའི་ཚུལ་མ་ཡིན་པ་ཆེན་པོ་ལ་འཇུག་པའོ། །ཇི་སྐད་དུ་(རིན་ཆེན་ཕྲེང་ལེའུ་བཞི་པར)་གསུངས་པ། ཐེག་པ་ཆེན་པོ་གང་ཞིག་ཏུ། (།སྤྱོད་པ)་ཐམས་ཅད་སྙིང་རྗེའི ་རྩ་བ་ཅན། (།དྲུག་དང)་རྒྱུ་མཐུན་ཡེ་ཤེས་དྲི་མེད་བཤད། (།པའི་ཐེག་ཆེན)་དེ་ལ་སེམས་ཡོང་སུ་ཞིག་སྨོད། །སྐྱོན་དང་ཡོན་ཏན་མི་ཤེས་པ་འམ། །ཡོན་ཏན་(ལ)་སྐྱོན་དུ་བལྟ་བའམ། །ཡོན་ཏན་ལྡན་(གཞན་ལ་ཕན་འདོགས་པ)་ལ་སྡང་བ་ཞིག་།ཐེག ་པ་ཆེ་ལ་སྨོད་བྱེད་པའོ། ཞེས་སོ། །ཡང་ན་(ཐེག་ཆེན་ལ་སྨོད་པ)་འདི་ལ་མཚན་པ་ཅི་ཡོད་དེ་གང་ལོང་བ་རྣམས་ཀྱིས་ཉམས་པར་(ཱམ་འཁྲུལ་པ)་བྱ་བ་ཡིན་པས་སོ། །གང་བཟློག་པར་བྱས་པ་རྣམས་ཀྱང་མི ་ཉན་ཞིང། བདག་དང་གཞན་རྣམས་(རྒྱུད་བླ་མར་གང་ཞིག་ཡིད་ནི་ཆེས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད་ཅེས་གསུངས་པ་ལྟར།)་གཡང་ས་ཆེན་པོར་(ངན་འགྲོ)་ལྟུང་བར་བྱེད་དོ། ཞེས་རྗེས་སུ་བརྩེ་བར་བྱ་བའོ་ཞེས་པ་ཤིན་ཏུ་འབྲས་པས་(ཕན་པར་སྨྲ་བ) ་ཆོག་གོ། (སྨོན་ལམ)་དགུ་པ་ལ་དེ་མ་ཐག་པ་གསུམ་གྱིས་ལུས་ལ་སོགས་པའི་(ངག་དང་ཡིད)་ལས་(དོན་ཡོད་པ)་བསྟན་ནོ། །རང་བཞིན་གྱིས་(སྡུག་བསྔལ)་དང། གེགས་ལས་སྐྱེས་པའི་སྡུག་བསྔལ་གྱི་གཉེན་པོར་གོ་རིམ་བཞིན་དུ ་སྨན་ཆེན་པོ་དང་ཡིད་བཞིན་གྱི་ནོར་བུ་དང་མཉམ་པ་ཉིད་དོ། །བཅུ་པ་ལ་བྱིས་པ་རྣམས་ཏེ་གདུལ་བྱ་རྣམས་ཀྱི་གཙོ་བོར་གདུལ་པའི་གནས་(འཛམ་བུ་གླིང་པ་ཡིན་པ)་ཉིད་ཀྱི་ཕྱིར། བྱིས་པའི་ལམ་གསུངས་པ་ནི་འཛམ་བུའི་གླིང ་ངོ། ཛམྦུའི་གླིང་གཅིག་གི་(དུ་བྱང་ཆུབ་པ་སྟོན་པའི)་དུས་སུ་ཛམྦུའི་གླིང་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པའོ་ཞེས་པའི་དོན་ཏོ། །མཐུ་ནི་འཇིག་རྟེན་གྱི་ཁམས་གཞན་རྣམས་སུ་གདུལ་བྱ་ཐམས་ཅད་ལ་བདེན་པ་(བཞི) ་བསྟན་པའི་ཆེད་དུའོ། །ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་ནི་(ཆོས་གང་རུང)་གཅིག་མངོན་པར་རྫོགས་པར་བྱང་ཆུབ་པས་ཆོས་ལ་བདག་(བདེན་པ)་མེད་པའི་རྣམ་པས་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པར་མོས་པའི་ཕྱིར་རོ།། ་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་ནི་དག་ཅིག་བརྗོད་པས་གདུལ་བྱ་མོས་པ་སྣ་ཚོགས་པ་རྣམས་ཀྱི་སེམས་ལ་ཅིག་ཅར་གོ་བར་བྱེད་པས་སོ། །སྨོན་ལམ་འདི་རྣམས་ས་(གཉིས་པ་ལ་སོགས)་གོང་མ་རྣམས་སུ་རྣམ་པར་དག་པར་འགྱུར་རོ། །མོས ་པ་སྤྱོད་པའི་ས་ལ་ནི་འདི་ལྟ་འདི་ལྟར་གྱུར་ཞེས་མོས་པ་རྣམས་སོ།། (མདོ་སྡེ་རྒྱན་དུ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྤྱོང། །དེའི་འོག་ཏུ་ཏིང་འཛིན་དང། །ཤེས་ཕུང་པོ་རྣམ་པར་སྦྱོང། །དེ་ལས་གཞན་པ་རྣམས་ལ་ནི། །སྒྲིབ་རྣམས་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང། ་གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང། །ཞེས་གསུངས་པ་ལྟར།)་དེ་བཞིན་དུས་འདི་ནས་གཟུང་ནས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ཏིང་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ཡོངས་སུ་སྦྱོང ་བར་བྱེད་དོ། (།ཕུང་པོ)་འདིར་དང་པོ་གསུམ་ནི་(རིམ་པ་ལྟར)་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་མོ།། (མདོ་སྡེ་རྒྱན་དུ། མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད་དང། །ཞིང་གི་རྣམ་པར་དག་པ་དག་།འབྲས ་བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པ་གྲུབ་ཉིད་དང། །ཏིང་ངེ་འཛིན་དང་གཟུང་དག་ནི། །གྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བསྟེན། །ཅེས་གསུངས་པ་འབྲས་བུ་བཞིའི་སྒྲིབ་པ་ལས།)་རྣམ་པར་གྲོལ་བའི་ཕུང་པོ་ནི་མི་སློབ་པའི་ལམ་མོ། (།ས་བདུན་པ་ལ་སོགས་པ་བཞི། ་ཤེས་བྱ་ལ་ཐོགས་པའི་སྒྲིབ་པ་ལས)་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་མི་སློབ་པའི་(ཡང་དག་པར་རྫོགས་པའི་སངས་རྒྱས)་ཡང་དག་པའི་ལྟ་བའོ། (།ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས)་དེ་བཞིན་དུ་ཡང་འདི་སྨོན་ལས་དངོས་པོ་ཐམས ་ཅད་ལས་བལྟོས་པ་མེད་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་བློ་རྒྱ་ཆེ་བའི་སྤྲོ་བ་ཡང་དག་པར་སྐྱེས་པ། (ཆོས་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་རང་གཞན)་མཉམ་པ་ཉིད་རྟོགས་པ་ལས་རང་གི་དོན་བཞིན་དུ་གཞན་གྱི་དོན་རྣམས་ལ་འཇུག་བཞིན་པ་ནི ་གཏོང་བ?་(སྦྱིན་པ།)་ཆེན་པོ་ལ་རབ་ཏུ་འཇུག་སྟེ། (རྫས)་གང་(སློང་བ་པོ)་གང་གིས་དོན་དུ་གཉེར་བ་(སློང་བའི་རྫས)་དེ་(སློང་བ་པོ)་དེ་ལ་སྟེར་བར་བྱེད་ཅིང་ཕྱི་རོལ་(ནོར་རམ)་ལམ་ནང་(ལུས)་ཡང་རུང་གང་ཡོངས་སུ་མི་གཏོང་བའི་དངོས་པོ་དེ་མེད་དེ། དེ ་ལྟར་(བྱང་ཆུབ་སེམས་དཔའ་)་འདིའི་གཏོང་བ་(སྦྱིན་པ)་ཆེན་པོ་འབྱུང་ངོ། །ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་མང་པོ་རྣམས་(སྣང་བར་འགྱུར) ་ཏེ་མཐོང་བ་རྒྱ་ཆེན་པོ་ཉིད་དང་སྨོན་ལམ་གྱི་སྟོབས་ཀྱིས་ནས། ཇི་སྲིད་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་(སྣང་བར་འགྱུར)་གྱི་བར་དང་(བྱང་ཆུབ་སེམས་དཔའ་)་དེ་དེ་བཞིན་གཤེགས་པ་དེ་རྣམས་མཐོང་ནས་ལྷག་པའི ་བསམ་པ་རྒྱ་ཆེན་པོ་ཉིད་ཀྱིས་བཀུར་སྟིར་(བསྟོང་པ་དང་བསྔགས་པས་དེའི་ཡོན་ཏན་སྨྲ་བར)་བྱེད། བླ་མར་བྱེད། རི་མོར་(གུས་པར་སྨྲ་བ་དང་ཕྱག་འཚལ་བ་ལ་སོགས་པ)་བྱེད། (མེ་ཏོག་དང་བདུག་སྤོས་ལ་སོགས་པས)་མཆོད་པར་བྱེད་དོ་ནས་ཇི་སྲིད་བྱང་ཆུབ་སེམས ་དཔའ་ཨི་(ཡོ་བྱད་འཇིག་རྟེན་དང་ཐུན་མོང་མ་ཡིན་པ)་བདེ་བར་སྦྱར་བ་རྣམ་པ་ཐམས་ཅད་ཀྱང་ཉེ་བར་སྒྲུབ་པོ་དང། (མཆོད་པ་བྱས་པའི)་དགེ་བའི་རྩ་བ་དེ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དོ། །དེས ་སངས་རྒྱས་བཅོམ་ལྡན་འདས་ད་རྣམས་ལ་མཆོད་པ་ལས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཀུན་ཏུ་སྐྱེས་པ་ཡིན་ཏེ་བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་དེ་ལས་འདི་(ཕར་ཕྱིན་བཅུའི ་ནང་ནས)་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤིན་ཏུ་ལྷག་པར་འགྱུར་ལ། ཕ་རོལ་ཏུ་ཕྱིན་པ་ལྷག་མ་(དགུ་པོ)་རྣམས་ལ་(ཅི་ནུས་པའི་འོས་སུ)་ཡང་དག་པར་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་སོ། །ཡུམ་ཚན་མོ་དག་ཏཱུང་གསུངས་པ། བཅོམ ་ལྡན་འདས་ཇི་སྲིད་དུ། བྱང་ཆུབ་སེམས་དཔའ་བསམ་པ་རྒྱ་ཆེན་པོ་དང་བདག་ཉིད་ཆེན་པོའི་བསམ་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདི་(རྒྱལ་སྲས)་རྣམས་(ཕྱིན་ཅི་ལོག་པ་ནི་མེད་པའི་ཕྲིན་ལས་ཀྱི་ཐད་དུ) ་བརྒྱ་བྱིན་ཉིད་དང། འཇིག་རྟེན་སྐྱོང་བ་ཉིད་དང་འཁོར་ལོས་བསྒྱུར་བ་ཉིད་ལ་སོགས་པའི་(འཁོར་བ་དང་ཐེག་པ་དམན)་ཕུན་སུམ་ཚོགས་པ་རྣམས་དོན་དུ་མི་གཉེར་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བ་ཡོངས་སུ་སྔོ ་བར་བྱེད་དོ་ནས་ཇི་སྲིད་(རྒྱལ་སྲས)་དུ་འདི་རྣམས་(ཉོན་མོངས་པས)་ཆགས་པ་མེད་པ་དང་(ཆོས་སུ་བདེན་པར)་འཛིན་པ་མེད་པ་ཉིད་དེ། འདི་ནི་(རྒྱལ་སྲས)་འདི་རྣམས་ཀྱི་རྒྱ་ཆེ་བའི་བསམ་པ་ཉིད་དོ། །གང་ཡང་དེའི་ཆགས་པ་མེད་པའི་བདེ་བ་དང ་འཛིན་པ་མེད་པའི་བདེ་བ་དང་མྱ་ངན་ལས་འདས་པའི་བདེ་བ་སྟེ་བདེ་བ་དེ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་འདོད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་པ། ་འཁོར་བ་ཡོངས་སུ་གཏོང་བ་ཉིད་ཀྱིས་ཏེ། འདི་ནི་(རྒྱལ་སྲས)་འདི་རྣམས་ཀྱི་བདག་ཉིད་ཆེ་བ་ཉིད་ཀྱིས་བསམ་པའོ། །གསོལ་པ། བཅོམ་ལྡན་འདས་ངོ་མཚར་ཞིང་རྨད་དུ་བྱུང་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་རྣམས་ཏེ་(ཆོས) ་དེ་རྣམས་ཐོབ་པར་འདོད་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བགྱི་འོ། །ཞེས་སོ། (།ས་འགྲེལ་དུ)་དེ་ལ་མཐོང་བ་རྒྱ་ཆེ་བ་ཉིད་ནི་གང་མཐུའི་ཁྱད་པར་གྱི་གཟུགས་ཀྱི་སྐུ་མཐོང་བའོ། །སྨོན་ལམ ་གྱི་སྟོབས་ཀྱིས་ནི་གང་ནང་གི་ཡང་དག་པའི་སྨོན་ལམ་ལས་(ཆོས་མཐོང་བས)་ཆོས་ཀྱི་སྐུ་མཐོང་བའོ། (།སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ཞེས)་ཐབས་མཁས་པ་ཉིད་ཀྱིས་མང་པོ་ཉིད་དང་རབ་ཏུ་གྱུར་པ་བསྟན་པའི་དོན་དུ་གྲངས ་རྣམ་པ་མང་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་བསམ་པ་ལ་བརྟེན་པ་ཡང་སྟེ་དེའང་རྣམ་པ་དྲུག་སྟེ། མི་ངོམས་པ་(ཱི་བསམ་པ)་དང། རྒྱ་ཆེ་བ་དང། དགའ་བ་དང། ཕན་པ་དང། གོས་པ་མེད་པ་ ་དང། དགེ་བའི་བསམ་པ་རྣམས་ཀྱིས་སོ། །འདིར་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་ལ་སྐད་ཅིག་གཅིག་ལའང་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་(དངོས་པོས་མ་ངོམ་པ)་འཇིག་རྟེན་གྱི་ཁམས་རིན ་པོ་ཆེ་(སྣ་བདུན་པོ)་ཐམས་ཅད་ཀྱིས་བཀང་བ་སྣམས་སྟེར་ཞིང། (བདག་ཉིད་སྟོང་བས་མི་ངོམས་པས)་དེ་དང་མཉམ་པའི་ལུས་རྣམས་ཀྱང་(དུས་ཀྱིས་མི་ངོམ་པས)་དེ་དང་མཉམ་པའི་སྐལ་བར་སྐད་ཅིག་སོ་སོ་ལ་སྦྱིན་པར་བྱེད་ལ། སེམས་ཅན ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་གྱི་ཁམས་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བ་ཇི་སྙེད་པ་དེ་ལ་ཡང་(རྣམ་གྲངས་ངེས་སྦྱིན་པར་བྱེད)་དོ། །གཞན་(སེམས་ཅན་གྱིས་མི་ངོམས་པ) ་ཡང་(མདོ་སྡེ་རྒྱན་དུ)་ལམ་ཀའི་འབྲས་མཆོག་ལྡན་པའི་ལོངས་སྤྱོད་ཤིང་ལས་ཇི་ལྟ་བར། །དོགས་པ་དང་བྲལ་ལུས་ཅན་བསམ་པ་རང་བཞིན་གནས་རྣམས་ཀྱིས། (།རྒྱལ་བའི་སྲས་པོ)་གང་གི་ནོར་རྫས་རྒྱ་ཆེའང་བླངས ་ནས་རང་ཉིད་ལོངས་སྤྱོད་པ། གཏོང་དགའ་ལོངས་སྤྱོད་ཅན་དེ་བྱང་ཆུབ་སེམས་དཔའ་ལས་གཞན་མིན་ཞེས་སོ། །འདི་ལྟ་བུས་མི་ངོམས་པ་(ཆོག་པར་མི་འཛིན་པ)་ཁོ་ན་ནི་སྦྱིན་པའི་བསམ་པའོ། །བྱང་ཆུབ་སེམས་དཔའ་ ་སྦྱིན་པ་བརྒྱུད་པ་དེ་ལྟ་བུའི་(ཡུན་རིང་པོར་ལྟ་ཅི་སྨོས)་ངོ་བོ་སྐད་ཅིག་ཙམས་ཡང་ཉམས་པར་མི་བྱེད་ཅིང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་གཅོད་པར་མི་བྱེད་དེ། འདི་ལྟ་བུ་ནི་སྦྱིན་པ་ལ་རྒྱ་ཆེ་བའི་(ཱམ་ཡངས་པ) ་བསམ་པའོ། །སེམས་ཅན་དེ་རྣམས་དེ་ལྟར་སྦྱིན་པས་རྗེས་སུ་འཛིན་པ་པོ་(བྱང་ཆུབ་སེམས་དཔའ་)་ཆེས་དགའ་བར་འགྱུར་གྱི། (མདོ་སྡེ་རྒྱན་དུ། ཇི་ལྟོར་བློ་ལྡན་འདི་ན་ཀུན་གཏོང་བས། །དོན་གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར། །དེ་ལྟར་སློངས་མོ་པ་རྣམས་བླང་བྱ་བ། །འདོད་དགུ ་ཐོབ་པ་རྣམས་ཀྱིས་དགང་མི་འགྱུར། །ཅེས་པ་ལྟར།)་སྦྱིན་པ་དེས་རྗེས་སུ་གཟུང་བར་བྱ་བཞིན་པའི་སེམས་ཅན་རྣམས་(དེ་ལྟ་བུའི་དགའ་བ)་མ་ཡིན་ནོ་ཞེས་པ་འདི་ལྟ་བུའི་ངོ་བོ་ནི་སྦྱིན་པ་ལ་དགའ་བའི་བསམ་པའོ། །གང་སྦྱིན་པས་ཕན་བཏགས་པའི ་སེམས་ཅན་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་བདག་ལ་ཆེས་ཕན་འདོགས་པར་ལྟའོ། །བདག་ཉིད་ནི་(སེམས་ཅན་རྣམས་ལ་ཕན་འདོགས་པར་ལྟ་བ)་མ་ཡིན་ཏོ། (སེམས་ཅན་དེ)་རྣམས་(བདག་གི)་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཉེ་བར་སྟོན་པ་རྒྱུར་བྱས་ནས་(ཕན་འདོགས་པར་བལྟའོ)་སོ། །འདི་ནི་ཕན་པའི་བསམ་པའོ། །སེམས་ཅན་རྣམས་ལ། དེ་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུས་བྱས་ནས་ཀྱང་(ཚེ་འདིར)་ལན ་ནམ་(ཕྱི་མར)་རྣམ་པར་སྨིན་པ་(ལོངས་སྤྱོད་ཆེན་པོ་སོགས)་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ཏེ། འདི་ནི་གོས་པ་མེད་པའི་བསམ་པའོ། །གང་དེ་ལྟར་སྦྱིན་པའི་ཕུང་པོ་རྒྱ་ཆེ་བ་རབ་ཏུ་སྦྱོར་བའི་རྣམ་པར་སྨིན་པ་(ཡང)་སེམས ་ཅན་རྣམས་ཁོ་ནའི་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི། བདག་ཉིད་ལ་མ་ཡིན་ཞིང། (དེའི་དགེ་བ)་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡང་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ ་བར་བྱེད་དེ། འདིའི་དགེ་བའི་བསམ་པའོ། །གང་བྱང་ཆུབ་སེམས་དཔའ་ལུས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པས། ཚེའི་ཚང་(ཆུ་བོ་གངྒཱའི་བྱེ་མ)་དེ་དང་མཉམ་པའི་བསྐལ་པར་རྒྱུན་ཏུ་ཡོ་བྱད་(ཆུ་དང་ཙན་དན་དག་བྱུག་པ་དང་ནོར་བུ་སོགས) ་ཐམས་ཅད་ཀྱིས་ཕོངས་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སེམས་ཡོངས་སུ་གང་བར་སྦྱོང་ལམ་(འགྲོ་ཆག་ཉལ་འདུག)་རྣམ་པ་བཞི་བྱེད་ཅིང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག ་མ་གཅིག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་མ་གཅིག་གི་བར་དུ་སྒོམ་པར་བྱེད་པས་(རྣམ་གྲངས་ངེས་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་ཇི་ཙམ་གྱི་སངས་རྒྱས་དེ་ཙམ་ཞིག་སྒོམ་ཡང)་མི་ངོམས་པ་ཁོ་ན་ནི་(རྒྱལ་སྲས) ་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་བསྒོམ་པ་ལ་(མི་ངོམས་པའི)་བསམ་པའོ། །སྒོམ་པ་བ་རྒྱུད་པ་དེའང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་(སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད)་དུ ་རྒྱུན་མི་གཅོད་དེ་འདི་ནི་རྒྱ་ཆེ་བའི་བསམ་པའོ། །སྒོམ་པ་དེས་(སེམས་ཅན་ལ་ཕན་འདོགས་པའི་བྱང་ཆུབ་སེམས་དཔའ་)་ཆེས་དགའ་བར་འགྱུར་གྱི། ཕན་གདགས་པར་བྱ་བཞིན་པའི་སེམས་ཅན་རྣམས་ནི་(དེ་ལྟར)་མ་ཡིན་པ ་ཁོ་ནའོ་ཞེས་པ་འདི་ནི་དགའ་བའི་བསམ་པའོ། །གང་རྣམས་ལ་(ཚུལ་ཁྲིམས་ནས་ཤེར་ཕྱིན་གྱི་བར་སྒོམ་པས)་ཕན་བཏགས་པའི་སེམས་ཅན་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་(བདག་ལ)་ཤིན་ཏུ་ཕན་འདོགས་པ་པོར ་བལྟའི་བདག་ཉིད་(སེམས་ཅན)་ནི་དེ་རྣམས་ལ་(ཕན་འདོགས་པར་བལྟ་བ)་མ་ཡིན་ཏེ་(སེམས་ཅན་དེ་རྣམས་ཀྱི་བདག་གི)་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་སྟོན་པ་རྒྱུར་བྱས་ནས་(ཕན་འདོགས)་སོ་ཞེས་པ་འདི་ནི་ཕན ་པར་བྱེད་པའི་བསམ་པའོ། །དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བར་གྱི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུས་བྱས་ནས་ཀྱང། ལན་ནམ ་རྣམ་པར་སྨིན་པ་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ནོ་ཞེས་པ་འདི་ནི་གོས་པ་མེད་པའི་བསམ་པའོ། །གང་(ཕར་ཕྱིན་ཕྱི་མ་ལྔ་སྒོམ་པ)་དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོ་རྣམ་པར་སྨིན་པ་སེམས་ཅན་རྣམས་ཁོ་ནའི ་ཡིན་པར་མངོན་པར་དགའ་བར་བྱེད་ཀྱི་བདག་ཉིད་ལ་མ་ཡིན་ཞིང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་ཡང་བྱེད་དོ་ཞེས་པ་འདི་ནི་དགེ་བའི་བསམ ་པའོ། སར་ཡང་(ས་བཅུ་པའི་མདོར)་གསུངས་པ་སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་བརྒྱ་སོ་སོར་ཐོབ་ཅིང་སྙོམས་པར་འཇུག་གོ་།སངས་རྒྱས་བརྒྱ་མཐོང་ངོ། (།སངས་རྒྱས)་དེ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱང་ཤེས་སོ། ་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་ཅིང་སྣང་བར་ཡང་བྱེད་དོ། །ཞིང་བརྒྱར་འགྲོའོ་སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་པ་བརྒྱར་གནས་ཤིང། སྔོན་དང་ཕྱི་མའི་མཐར་འཇུག་གོ་།ཆོས་ཀྱི་སྒོ་བརྒྱ་རྣམ་པར ་འབྱེད་དོ། (།དེའི་འགྲེལ་པར)་ལུས་བརྒྱ་སྟོན་པར་བྱེད་དོ། །ལུས་དང་ལུས་ལའང་བྱང་ཆུབ་སེམས་དཔའ་ཨི་འཁོར་བརྒྱ་དང་ལྡན་པར་སྟོན་པར་བྱེད་དོ་ཞེས་སོ། །འདིར་ཏིང་ངེ་འཛིན་གྱི་ལས་ནི་སངས་རྒྱས་མཐོང་བ་ལ་སོགས་པའོ། །གཡོ ་བར་བྱེད་པ་ནི་གདུལ་བྱ་རྣམས་འདུན་པར་(ཅིང་གུས)་བྱེད་དོ། །འགྲོ་བ་དང་སྣང་བར་བྱེད་པ་དག་གིས་(རིམ་ངན)་སོང་སྟེ་མཐོང་ནས་(གདུལ་བྱ)་ཡོངས་སུ་སྨིན་པར་བྱེད་དོ། (།སྔ་ཕྱིའི་མཐར)་འཇུག་པ་ནི་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ལས ་སེམས་ཅན་རྣམ་ཀྱི་སྡིག་པ་དང་བྲལ་བའི་དབང་དུ་བྱས་ཏེ་ལས་ཀྱི་(རྒྱུད་དམ)་འགྲོ་བ་སྟོན་པར་བྱེད་དོ། །རྣམ་པར་འབྱེད་དེ་(བྱང་ཆུབ་སེམས་དཔའ་)་རང་གི་བློ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ། ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་དོན་སེམས་སོ།། ་ཐམས་ཅད་དུ་བརྒྱ་སྨོས་པ་ནི་ངེས་པར་འགྱུར་པ་ཉིད་ཀྱིས་སོ། །ཐབས་ལ་མཁས་པ་ཉིད་ཀྱིས་ནི་གྲངས་ངེས་པ་མེད་པ་ལས་གྲངས་ངེས་པ་(བྱུང)་ཡང་ངོ། (།གྲངས་མེད་པ་འབྱུང་བ)་དེ་ཉིད་ཀྱི་ཕྱིར་འདིར་མོས་པ་(ས་དང་པོར་མ་ཟད) ་སྤྱོད་པའི་ས་ལ་འང་ཏིང་ངེ་འཛིན་གྲངས་མེད་པ་རྣམས་(འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་སྔར་དྲངས་པ་ལྟར)་ཐོབ་པ་དང། སངས་རྒྱས་ལ་སོགས་པ་རྣམས་མཐོང་བ་ལ་སོགས་པའང་(བརྒྱད་སྟོང་པའི་ལེའུ་སུམ་ཅུ་པར།)་གསུངས་སོ ་སངས་རྒྱས་གྲངས་མེད་པ་མཐོང་བ་ནི་ཚོགས་ཀྱི་སར་ཡང་སྟེ་འཕགས་པ་རྟག་པར་རབ་ཏུ་དུ་བ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་(རྟག་ཏུ་དུས་ཕྱིས)་རབ་ཏུ་དགའ་བའི་ས་ལའང་ཏིང་ངེ་འཛིན་རྣམ་གྲངས་མེད་པ་ཉིད་ན་ཡང་རྨི་ལམ་གྱི་གནས་སྐབས ་བཞིན་དུས་དེ་སྲིད་པར་སྣང་བའོ་ཞེས་(བརྒྱད་སྟོང་འགྲེལ་བའི་ལེའུ་སུམ་ཅུ་གཅིག་པར་བསྟན་པ་ནི)་པའི་ཆ་ནི་སེང་གེ་བཟང་པོའི་ལེགས་པའི་ཆ་ཡིན་ལ་གང་ཡང་(མངོན་པར་རྟོགས་པ་བརྒྱད་ཀྱི་ངོ་བོའི་ཤེར་ཕྱིན་སྟོན་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་རྣམས)་རྟོགས་པའི་ཚུལ ་གྱིས་བརྟན་པར་སོ་སོར་སྣང་བ་ཉིད་ན་དེ་རྣམས་ཀྱི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བ་སངས་རྒྱས་ཉིད་དུ་དེའི་ཚེ་ཁོ་ན་འགྱུར་རོ་ཞེས་པ་(སློབ་དཔོན་སེང་གེ་བཟང་པོས་གསུངས་པ)་ནི་འགལ་བའི་ཕྱིར་བསམ་པ་དེ་ནི་ལེགས་པ་མ་ཡིན་ནོ།། ་གལ་ཏེ་ཐབས་ལ་མཁས་པས་ཐམས་ཅད་ཀྱི་ཚེ་(ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི)་ཏིང་ངེ་འཛིན་རྣམས་སོ་སོར་སྣང་བར་འགྱུར་མོད་དེ་ལྟ་ཡང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་དྲི་མ་རྣམས་(ཡོད་པ་ཉིད)་ཀྱིས་ན ་ཆེར་གསལ་བ་མེད་པ་ཉིད་ཀྱི་ཕྱིར་དང། ཤིན་ཏུ་རིང་བར་ཁྱབ་པ་མཆོག་ཏུ་གྱུར་བ་མེད་པ་ཉིད་ཀྱི་ཕྱིར་(རབ་ཏུ་དགའ་བའི་ས)་དེའི་ཚེ་ཁོ་ན་སངས་རྒྱས་ཉིད་དུ་ཐལ་བ་མེད་དོ། །དེ་ལྟར་དཔག་ཏུ་མེད་པའི་ཡོན་ཏན་གྱི་སྟེར་བྱང་ཆུབ་སེམས་དཔའ་ ་དེ་ནི་ཕལ་ཆེར་འཛམྦུའི་གླིང་གི་དབང་ཕྱུག་ཏུ་འགྱུར་ཞིང། (ནོར་དང་སྐྱེ་བོ་མང་པོ་ལ་དབང་བསྒྱུར་བ)་དབང་ཕྱུག་ཆེན་པོ་ལ་དབང་རབ་ཏུ་ཐོབ་ལ། (རྣམ་པར་དཀར་བའི)་ཆོས་རྗེས་སུ་བསྲུང་ཞིང་གཏོང་བ་ཆེན་པོ་རྩོམ་པ་རྣམས་ཀྱིས་ཆིམ་པ་མེད་པའོ།། ་ལས་གང་ཅུང་ཟད་རྩོམ་པ་དེ་སྦྱིན་པའམ་སྙན་པར་སྨྲ་བ་འམ། དོན་སྤྱོད་པའམ་དོན་མཐུན་པ་ཉིད་ཀྱིས་(རྩོལ)་ཏེ་སྐྱེ་བ་ཐམས་ཅད་དུའོ། །དེ་ལ་(མདོ་སྡེ་རྒྱན་དུ། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྦྱོར། ་དང། དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་པས།)་སྦྱིན་པ་ནི་(གཙོ་བོར)་ཕྱི་དང་ནང་གི་ཟང་ཟིང་སྦྱིན་པ་སྟེ། དེས་གདུལ་བྱ་རྣམས་ཆོས་སྒྲུབ་པར་རུང་བར་བསྐྱེད་པའི་སྣོད་དུ་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ནི ་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་ཆོས་(ཕར་ཕྱིན་དྲུག)་ལ་ཡང་དག་པར་འགོད་པའི། །དོན་མཐུན་པ་ནི་གང་(འདུལ་བྱ)་ལ་ཕ་རོལ་ཡང་དག་པར་བཀོད་པ་(ཱི་ཆོས)་དེ་ལ་རང་ཡང་རྗེས་སུ་འཇུག་པའི་ཞེས་པ་བཞི་སེམས་ཅན་བསྡུ་བའི་ཐབས ་རྣམས་སོ། །བསྡུ་བ་དེའང་མོས་(མདོ་སྡེ་རྒྱན་དུ། ཕལ་ཆེར་དོན་མེད་དོན་ཡོད་དང། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་པས།)་པ་སྤྱོད་པའི་སར་ཕལ་ཆེར་དོན་མེད་པའོ། །ས་བདུན་རྣམས་ལ་ཕལ་ཆེར་དོན་ཡོད་པའོ། །བརྒྱད་པ་ལ་སོགས་པའི་ས་རྣམས་ལ་རྣམ ་པ་ཐམས་ཅད་དུ་དོན་ཡོད་པ་སྟེ། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་གདོན་མི་ཟ་བར་ཕུན་སུམ་ཚོགས་པའི་(འགྲུབ་པ)་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ནི་རྣམ་པ་བཞི་སྟེ། ལས་ཀྱི་དབང་གིས་ནི་མོས་པ་སྤྱོད་པའི་ས ་ལ་གནས་པ་རྣམས་ཀྱི་སྟེ། ལས་ཀྱི་དབང་གིས་(སྐྱེ་བ་ནི)་མངོན་པར་འདོད་པའི་གནས་སུ་སྐྱེ་བའོ། །སྨོན་ལམ་གྱི་དབང་གིས་ནི་ས་ལ་བཞུགས་པ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་སྐྱེ་བ་ལ་དབང་བ་ཉིད་ཀྱིས་དུད ་འགྲོ་ལ་སོགས་པའི་དམན་པའི་གནས་སུ་སྐྱེ་བ་གང་ཡིན་པའོ། །ཏིང་ངེ་འཛིན་གྱི་དབང་གིས་བསམ་གཏན་རྣམས་(ཀྱི་འབྲས་བུ་སྐྱེ་བ)་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བ་གང་ཡིན་པའོ། །དབང་འབྱོར་པའི་དབང་གིས་ནི་སྤྲུལ་པ་རྣམས ་ཀྱིས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བ་ཀུན་ཏུ་སྟོན་པ་གང་ཡིན་པའོ། །གཞན་ཡང་(འཕགས་པ་རྣམ་གྲོལ་སྡེས་ཟུང་དུ་འབྲེལ་བའི་ཚོགས་ཀྱི་སྐབས་སུ)་གསུངས་པ། བྱང་ཆུབ་སེམས་དཔའ་ཨི་སྙིང ་རྗེ་ནི། །སྲིད་པར་གནས་པའི་རྒྱུ་ཡིན་ཏེ། །དེ་ནི་གནས་པ་བྱེད་ཀྱང་བློ། །ཞེན་པ་རྗེས་སུ་སེམས་མ་ཡིན། ཞེས་སོ། །དེར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་ཆགས་པ་མེད་པར་སྤྱོད་ཅིང། འདོད་པ་(ཱི་ཡོན་ཏན)་ལ་ཡོངས་སུ་ལོངས ་སྤྱོད་པ་རྣམ་པ་མང་པོར་སྟོན་པར་བྱེད་ཀྱང་(འདོད་ལེན)་དེ་ལ་ཆགས་པ་མེད་དོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་ཡོ་བྱད་ཐམས་ཅད་སོགས་པར་བྱེད་ཅིང་དེ་ལའང་ཞེན་པ་མེད་པར་འགྱུར་རོ། །བདག་དང་བདག་གི་བར ་འཛིན་པ་སྔོན་མ་ཅན་ཉིད་ཀྱིས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ནི་རྣམ་པར་སྨིན་པ་(ཡང་ཡིན)་སྡུག་བསྔལ་(ཡང་ཡིན)་གྱི་རྒྱུ་ཁོ་ནར་འགྱུར་ལ་ཆོས་ཐམས་ཅད་སྒྱུ་(བརྒྱད་སྟོང་འགྲེལ་ཆེན་སུམ་ཅུ་པར) ་མ་ལྟར་བསྒོམས་པས་ནི་སེམས་ཅན་གདུལ་བརྒྱུར་བྱས་ནས་ཉོན་མོངས་པ་ལ་དབང་བ་ཉིད་ཐོབ་པས་(དོན་ཆེན་པོ)་བསམ་པའི་ཁྱད་པར་ལས་སྒྱུ་མའི་སྐྱེས་བུ་བཞིན་དུ་(ཆགས་ཞེན་མེད་པར)་འདོད་པ་ཡོངས་སུ་ལོངས་སྤྱོད་པ ་རྒྱལ་བའི་སྲས་པོ་རྣམས་ལ་སྐྱོན་བྱེད་པ་མ་ཡིན་པས་སོ། །དེ་སྐད་དུ་འང། མདོ་སྡེ་རྒྱན་ལ་སོགས་པ་རྣམས་སུ་གསུངས་པ། བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས། །རྟག་ཏུ་འཁོར་ལོས་སྒྱུར་བར་ནི། །འགྱུར་ཞིང་སྐྱེ ་བ་ཐམས་ཅད་དུ། །སེམས་ཅན་དོན་ནི་རབ་ཏུ་བྱེད། (།ཐེག་པ་ཆེན་པོ་བསྡུས་པའི་ཡེ་ཤེས་ཀྱི་ཐད་དུ)་ཐབས་ཆེན་ལྡན་པ་རྣམས་ལ་ནི། །ཉོན་མོངས་(འདོད་ཆགས)་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དུའོ། །དེ་ཕྱིར ་རྒྱལ་སྲས་བསམ་མི་ཁྱབ་ཅེས་སོ། །ཡང་ན་(བྱང་ཆུབ་སེམས་དཔའ་)་འདི་འདོད་ན་ཁྱིམ་དང་ཆུང་མ་དང་ལོངས་སྤྱོད་ཐམས་ཅད་དང། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤངས་ནས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་ངོ། །ཇི་ལྟར་ཡང་འདི ་འདི་(ས་དང་པོ)་ལ་འདི་ལྟར་རབ་ཏུ་འབྱུང་བ་དེ་བཞིན་དུ་ས་གོང་མ་རྣམས་ལ་འང་ངོ། །(མདོ་སྡེ་རྒྱན་དུ། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ཕྱིར་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཤེས་ཏེ།)་བྱང་ཆུབ་རྒྱལ་སྲས ་སེམས་དཔའ་རབ་ཏུ་འབྱུང་བ་ཡང། ཐོག་མ་ཁོ་ནར། མ་དང་ཕ་དང་བུ་དང་(བྱང་བའི་ཕྱོགས་ཀྱི་ལེའུར)་ཆུང་མ་ལ་སོགས་པ་ཡོངས་སུ་འཛིན་པའི་སྐྱོན་དེ་སྙེད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ཡོངས་སུ་གཟུང་བ་དེའི་དོན་དུ་ཞིང་ལས་དང་ཉོ་ཚོང ་དང་རྒྱལ་པོའི་སྐྱེས་བུ་བྱེད་པ་ལ་སོགས་པའི་ཉོན་མོངས་པས་(དང་རྣམ་པར་ཆགས་པ)་ཡོངས་སུ་དཀྲུགས་པའི་(ཞེས་བྱང་ས)་སྡུག་བསྔལ་ལས་ཀྱང་ངོ།། (གྲོལ་བས་ཡོངས་སུ་ངལ་བ་མེད་དོ།།)་མཛའ་གཅིག་ཏུ་ཚངས་པར་སྤྱོད་པ་ལུ་གུ་རྒྱུད་ཏུ་སྤྱོད་པར ་ནུས་སོ། (།ཡང་དག་པར་བླངས་པའི་ཚུལ་ཁྲིམས་དག་པས)་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་ཤེས་པ་(ས་བཅུའི་རྟོགས་པ)་མྱུར་བར་འགྱུར་ཏེ། དགེ་བ་གང་དང་གང་ཁོ་ན་རྩོམ་པ་དེ་དང་(མྱུར་བ་མྱུར་བར)་དེ་མཐར་ཕྱིན་པ་ཁོ་ནར ་འགྱུར་(བས་དགེ་བ་ལ་རབ་ཏུ་བརྩོན)་རོ། །བརྟུལ་ཞུགས་ངེས་པ་ལ་གནས་པ་ཉིད་ཀྱི་ཕྱིར་ཐམས་ཅད་དུ་ཚིག་(བཙུན་ཞིང་གཞན་གྱིས)་གཟུང་བར་འོས་པར་(ཡིད་ཆེས་པའི་གནས་སུ)་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་(ཆོས་ལྔ་དང་ལྡན་པ) ་དེ་ལྟ་མ་ཡིན་ནོ། །ཞེས་པ་དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་ཀྱིས་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གི་ཁྱད་པར་རོ་ཞེས་བྱང་ཆུབ་སེམས་དཔའ་ཨི་སར་གསུངས་སོ། །དེ་ལྟ་བུ་ནི་(རབ་ཏུ་དགའ་བའི)་སེམས་བསྐྱེད་པའི་འདིའི་ཡོན་ཏན་རྣམས་སོ། །སྔར? ་གྱི་སེམས་བསྐྱེད་པའི་(ས་གཞི)་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་(དང་གཟུངས)་ལ་སོགས་པ་རྣམས་ནི་འདི་ལ་(སྡང་ལས)་ཆེར་འབར་བ་དང་རིང་དུ་ཁྱབ་པའོ། །དེའི་གོང་གི་སེམས་བསྐྱེད་པའི་ཡོན་ཏན་རྣམས ་ནི་(འདི་ཙམ་ཞེས་པའི)་འཚམ་པ་མེད་པ་རྣམས་སོ། །ཇི་སྐད་དུ་འཕགས་པས་བཅུ་པར་(ས་དང་པོའི་འཇུག་ཏུ)་གསུངས་པ། དེ་ཡན་ཆད་དུ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་སྨོན་ལམ་ཁྱད་པར་ཅན་གྱིས་རྣམ་པར་འཕྲུལ་ཏེ། ་གང་རྣམས་ཀྱི་ལུས་(བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཀུན་གྱི་གནས)་སམ་འོད་དམ་རྫུ་འཕྲུལ་ལམ་སྤྱན་ནམ་སྤྱོད་ཡུལ་ལམ་དབྱངས་སཾ?་སྤྱོད་པའམ་(འགྲོ་བ)་བཀོད་པའམ་བྱིན་གྱིས་བརླབས་སམ་མོས་པའམ་མངོན་པར་འདུ་བྱེད་པ ་རྣམས་ཀྱང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་(འབུམ)་རྣམས་ཇི་སྙེད་པ་དེ་སྙེད་དཱུང་བགྲང་བར་སླ་བ་མ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་ས་སོ་སོ་ལ་ཆོས་ཀྱི་སྤྲིན་གྱི་བར་ལ་གསུངས་སོ། (།ས་འགྲེལ་དུ)་དེ་ལ་སྤྱན་ནི་རྣམ་པ་ལྔའོ། ་དབྱངས་ནི་སྤྲུལ་པའི་གསུང་ངོ། །བཀོད་པ་ནི་སྤྲུལ་པའོ། །བྱིན་གྱིས་བརླབས་ནི་གང་གིས་ཕ་རོལ་བྱིན་གྱིས་བརླབ་པའོ། །དེ་ནས་ཏིང་ངེ་འཛིན་གྱི་སྒོ་ལ་བརྟེན་ནས་མོས་པ་ཇི་ལྟ་བ་བཞིན་དུ་མཐུའི་(མངོན་པར་ཤེས་པ)་བྱ་བའི་དོན་སྒྲུབ ་པའོ། ཤེས་རབ་ཀྱི་སྤྱན་གྱིས་བསྡུས་པའི་གཟུངས་ཀྱི་སྒོ་ལ་བརྟེན་ནས་ཆོས་སྟོན་པ་མངོན་པར་འདུ་བྱེད་པ་རྣམས་སོ། (།ཡོན་ཏན་མཚམ་པ་མེད་པ)་དེ་ལྟ་ནའང་(ས་གཉིས་པ་ལ་སོགས་པར)་དེའི་ཡོན་ཏན་རྣམས་བག་ཙམ་བརྗོད་པར་བྱའོ། །དེ ་ལ་སེམས་བསྐྱེད་པ་དྲུག་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་(རི་ཞེས་དག་ལྡན་ན)་ར་ཧ་ན་ལ་(ཞེས་སོ)་སོགས་པའི་རིན་པོ་ཆེའི་འབྱུང་གནས་ལྟ་བུ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་(སེམས་བསྐྱེད)་དེ་ལས་འབྱུང ་བའི་ཕྱིར་རོ། །དྲི་མ་མེད་པའི་ས་ཡང་(ལྟུང་བའི་འཁྲུལ་པའི་ཆ་ཕྲ་མོ་རྣམས་ལ་ཡང་ཤེས་བཞིན་དུ་གནས་པར་ནུས་པ་ནས་ས་གསུམ་པ་ཐོབ་པའི་བར་དུ་སྟེ། དེར་མཆོག་གི། ཞེས་པར་ཆོས་དབྱིངས་རྟོགས་ཤིང། ལྟུང་བ་ཕྲ་མོའི་འཁྲུལ་པའི་དང། །ལས་ཀྱི་འགྲོ་བ་སྣ་ཚོགས་ལ་ཤིན་ཏུ་རྨོངས་པ་དང་དེའི་གནས ་ངན་ལེན་སྤོང་ངོ།།)་སྟེ། གང་གི་ཕྱིར་འདི་ལ་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བ་(ལྟུང་བའི་འཁྲུལ་པ་ཕྲ་མོ་ལ་ཡང་ཤེས་བཞིན་དུ་འཇུག་པས)་དེའི་ཕྱིར་(འདོད་ཆགས་ལ་སོགས་སྣ་ཚོགས་པའི་དྲི་མས་རྟག་ཏུ་དྲི་མ་ཅན། དྲི་མ་མེད་པས་གང་དག་པ། །དྲི་མ་མེད་ཅེས་བརྗོད་པ ་ཡིན། ཞེས་པས།)་དྲི་མ་མེད་པའོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་འདིའི་ལྷག་ཅིང་ཤིན་ཏུ་དག་པར་འགྱུར་ཏེ། སེམས་བསྐྱེད་པ་ལྔ་པས་བརྩེན་པའི་བྱང་ཆུབ་སེམས་དཔའ་ཨི་(དགེ་བ་བཅུ་ཤས་ཆེ་ཞིང་དག་པ)་དེ་བཞིན་མ་ཡིན་ནོ།། ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤེས་དང་(སླབ་པ་ལས་ལྷག་པའི་ཚུལ་ཁྲིམས)་ཚེ་བར་འགྱུར་རོ། །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕལ་ཆེར་གླིང་བཞི་ལ་དབང་པའི་འཁོར་ལོས་སྒྱུར ་བའི་རྒྱལ་པོའི་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟོབས་ཅན་དུ་འགྱུར་རོ། (།དེ་ཡང)་སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་འཆལ་པའི་དྲི་མ་བཟློག་པའི་ཆེད་དང། དགེ་བ་ལ་བརྟེན་པ་རྣམས་དགེ་བཅུའི་ལས་ཀྱི་ལམ་རྣམས་ལ་དགོད ་པའི་ཆེད་དུའོ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་ཀྱང་(ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་)་འདི་ལ་སྣང་བར་འགྱུར་ཏེ། རྒྱ་ཆེན་པོ་མཐོང་བས་(ཱམ་མཐོང་བརྒྱ་ཆེ་བ)་དང། སྨོན་ལམ་གྱི་སྟོབས་ཀྱིས་སོ། །ཐབས་ལ་མཁས ་པའི་སྟོབས་ཀྱིས་ན་སོ་སོར་སྣང་བ་འདིའང་ངེས་པ་མེད་པ་སྟེ། གནས་སྐབས་སྔ་མ་(ས་དང་པོ་ལ་སོགས་པ)་རྣམས་ལ་བཞིན་ནོ། །ངེས་པ་ལས་ནི་སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་སྟོང་ཐོབ་པོ། །སངས་རྒྱས་སྟོང་མཐོང་ངོ། (།སངས་རྒྱས)་དེ ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་ཁམས་སྟོང་གཡོ་བར་བྱེད་དོ། (།འཇིག་རྟེན་གྱི་ཁམས་སོ།)་སྣང་བར་ཡང་བྱེད་དོ། །ཞིང་སྟོང་དཱུང་འགྲོའོ། །སེམས་ཅན་སྟོང་ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་པ་སྟོང ་དུ་གནས་ཤིང། སྔོན་གྱི་མཛའ་དང་ཕྱི་མའི་མཐར་འཇུག་གོ་།ཆོས་ཀྱི་སྒོ་སྟོང་རྣམ་པར་འབྱེད་དོ། །ལུས་སྟོང་སྟོན་པར་བྱེད་དོ། །ལུས་རེ་རེ་ལའང་བྱང་ཆུབ་སེམས་དཔའ་ཨི་འཁོར་སྟོང་སྟོན་པར་བྱེད་དོ། །སྣང་བ་ལ་སོགས་པ་རྣམས་ཀྱི ་གྲངས་མ་ངེས་པ་དང་(རང་རང་གི་སྐབས་སུ་བཤད་པའི)་ངེས་པ་འདི་དག་ཀྱང་སེམས་བསྐྱེད་པ་གོང་མ་གོང་མ་རྣམས་ལ་ཡང་(འདིར་བཤད་པ་ལྟར)་རིག་པར་བྱའོ། །དེ་བཞིན་དུ་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་སེམས་བསྐྱེད ་པ་སྔ་མའི་ཡོན་ཏན་རྣམས་(ས་གཉིས་པ)་འདི་དང་ཕྱི་མར་ཡང་ཐམས་ཅད་དུ། རྗེས་སུ་འཇུག་ཅིང་(གོང་ནས་གོང་དུ)་རབ་ཏུ་གྱུར་པ་ཤིན་ཏུ་དང་ཆེས་(གསལ་བ་ལ)་སོགས་པ་ཐ་དད་པ་ཡང་ངོ། །སེམས་བསྐྱེད་པ་བདུན་པ ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྒྱ་མཚོ་ཆེན་པོ་ལྟ་བུ་སྟེ། མི་འདོད་པ་ཐོག་ཏུ་བབ་པ་ཐམས་ཅད་ཀྱིས་མི་འཁྲུག་པའི་ཕྱིར་རོ།། (ཆོས་དབྱིངས་བསྟོད་པར། ཉོན་མོངས་དྲ་བ་རབ་འགགས་ནས། །དྲི་མེད་ཤེས་རབ་རབ་གསལ་བས། །ཚད ་མེད་པ་ཡི་མུན་པ་དག་།སེལ་བར་བྱེད་པས་འོད་བྱེད་པ)་ཞེས་པ་ལས་འོང་བྱེད་པ་ཡང་སྟེ། (འཇིག་རྟེན་པའི་ཏིང་ངེ་འཛིན་མཛའ་དག་ལ་སྙོམས་པར་འཇུག་ནུས་པ་དང། ཇི་སྙེད་བོས་པའི་དོན་དུ་འཛིན་ནུས་པ་ནས་གཟུང་ནས་ས་བཞི་པ་མ་ཐོབ་པའི་བར་དུ་སྟེ། དེར་ཆོས་དབྱིངས་རྒྱུ་མཐུན་དོན་གྱི་མཆོག ་ཉིད་ཤེས་པར་རྟོགས་ཤིང། འདོད་པའི་འདོད་ཆགས་ཀྱིས་ཤིན་ཏུ་རྨོངས་པ་དང། ཐོས་པའི་གཟུགས་མ་རྫོགས་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་སྤོང་ངོ།)་།གང་གི་ཕྱིར་འདི་ལ་ཏིང་ངེ་འཛིན་མ་ཉམས་པ་ལ་བརྟེན་པ་(འདི་ལྟར་ཐོབ་པའི)་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་སོ། ་འདིར་བྱང་ཆུབ་སེམས་དཔའ་ཤིན་ཏུ་སོ་སོར་རྟོགས་པའི་ཤེས་པ་ཅན་ཏེ་ཕྱིར་ཡང་ཚད་མེད་པ་དམ་པའི་ཆོས་(ཀྱི་ཚིག་དང་དོན)་ཚོལ་བ་ལ་མངོན་པར་བརྩོན་པར་གནས་ཤིང། ཉིན་དང་མཚན་དུ་ཆོས་ཉན་པ་དོན་དུ་གཉེར་བ་དང། ་ཆོས་སྨྲ་བ་ལ་དཀའ་བ་བྱེད་པའི་འདུ་ཤེས་སུ་འགྱུར་རོ། །ཕྱི་འམ་ནང་གི་དངོས་པོ་གང་(ཆོས་སྨྲེ་བ)་དེ་ལ་མི་སྦྱིན་པ་དེ་ཅུང་ཟད་ཀྱང་མེད་པ་དང། བླ་མ་ལ་(ལུས་ཀྱི)་བསྙེན་བཀུར་བྱ་བ་གང་ཉམས་སུ་མི་ལེན་པ་དེ་ཅུང་ས་རྟག་ཏུ་སྦྱོར་བ ་ཟད་ཀྱང་མེད་པ་དང། (ཆོས་ཉན་པའི་ཆེད་དུ)་ལུས་ཀྱི་གནོད་པ་གང་མི་ལེན་པ་དེ་ཅུང་ཟད་ཀྱང་མེད་དོ། །རྟག་པར་རབ་ཏུ་(ཆོས་ལ)་སྦྱོར་བའི་རྒྱུ་ནི་ཆོས་ལ་གུས་པ་མཆོག་ཏུ་གྱུར་པའོ། (།བྱང་སེམས)་དེ་ནི་ནོར་དང་རྒྱལ་སྲིད ་དང་བདེ་འགྲོར་སྐྱེ་བ་དང་འཇིག་རྟེན་པའི་རྣམ་པར་དག་པ་(བསམ་གཏན་དང་གཟུགས་མེད་ཀྱི་སེམས)་དང་བདག་ཉིད་ཀྱི་ལུས་པས་ཀྱང་ཆོས་ཤིན་ཏུ་གཅེས་པར་བྱེད་དེ། (རྒྱལ་སྲས་ས་གསུམ་པ)་དེ་ནི་ཆོས་ཀྱིས་ཤིན་ཏུ་དགའ་ ་བར་འགྱུར་གྱི། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང། བརྒྱ་བྱིན་དང། ཚངས་པ་ཉིད་(ཀྱིས་དགའ་བ)་མ་ཡིན་ལ་ཆོས་ཀྱི་ཚིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ ་ཡོངས་སུ་སྤོང་བ་གཅིག་གི་དོན་དཱུང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་(ཀུན་ཏུ་འབར་བ་རབ་ཏུ་མཆེད་པ་མེ་ལྕེ་གཅིག་ཏུ་གྱུར་པ)་གང་པར་ཡང་ཚངས་པའི་འཇིག་རྟེན་གྱི་བར་ནས་ཀྱང་བདག་ཉིད་འདོད ་བར་སྤྲོ་ན་མིའི་འབོས?་ཐ་མལ་བར་ལྟ་ཅི་སྨོས་ཏེ་འོན་ཀྱང་བདག་གིས་དམྱལ་བ་དང་ངན་འགྲོའི་སྡུག་བསྔལ་ཐམས་ཅད་རྒྱུན་ཏུ་གནས་པས་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བར་བྱ་ན་མིའི་སྡུག་བསྔལ་ལ་ཀུན་ཏུ ་གནས་པས་(ཆོས་བཙལ་བར་བྱ་བ)་ལྟ་ཅི་སྨོས་ཤེས་བརྩོན་འགྲུས་དྲག་པོ་རྩོམ་པས་(ཆོས་ཚོལ་ཞིང)་ཇི་སྐད་ཐོས་ལའི་ཆོས་རྣམས་ལ་(ཕྱིན་ཅི་མ་ལོག་པར)་ཚུལ་བཞིན་དུ་སོ་སོར་རྟོག་པའི་རང་བཞིན་ཅན་དུ ་འགྱུར་ཏེ་ཆོས་དེ་རྣམས་ཐོས་ན་གཅིག་ཏུ་དཔེན་བར་སོང་བས་འདི་ལྟར་དཔྱོད་དེ། ཆོས་(མི་གནས་པའི་མྱ་ངན་ལས་འདས་པ)་དང་རྗེས་སུ་མཐུན་པའི་ཆོས་(རྒྱལ་སྲས་ཀྱི་ལམ)་བསྒྲུབས་པས་སངས་རྒྱས་ཀྱི་ཆོས་འདི་རྣམས ་ཁོང་དུ་ཆུད་པར་བྱའི། དག་གི་ལས་ཡོངས་སུ་དག་པ་འབའ་ཞིག་གིས་མ་ཡིན་ནོ་ཞེས་འཕགས་པ་ས་བཅུ་པར་གསུངས་སོ། (།ཆོས་དང་རྗེས་སུ་མཐུན་པ་ཞེས་པ)་འདིར་ཆོས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་གྲོལ་བའི་ཆོས་སོ། །དེ ་དང་རྗེས་སུ་མཐུན་པའི་ཆོས་ནི་རྗེས་སུ་བའི་ཆོས་ཏེ། ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པའི་སྟོབས་དག་གིས་སངས་རྒྱས་ཀྱི་ཆོས་རྣམས་རིག་ནས་(ལྷག་པའི་སེམས་ཀྱི་སླབ་པ་ཤས་ཆེ་བ་བསམ་གཏན)་དང་གཟུགས་མེད་པའི ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་ཚད་མེད་པ་དང་མངོན་པར་ཤེས་པ་རྣམས་སྦྱོར་བ་ལས་ཐོབ་ཀྱི། མངོན་པར་དགའ་(ཞིང་སྟེ)་བ་ལ་གནས་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། ་དེ་ལ་བསམ་གཏན་རྣམས་(ལ)་ནི་(བདེ་མིན་ལ)་བདེ་བར་མངོན་པར་ང་རྒྱལ་བའི་སེམས་ཅན་རྣམས་ཀྱི་དབང་དུ་བྱས་(ནས་སྙོམས་པར་འཇུག)་པའོ། །གཟུགས་མེད་པ་རྣམས་ནི་(ཐར་པ་མིན་པ་ལ)་ཐར་པར་མངོན་པར་ང་རྒྱལ ་བ་རྣམས་ཀྱིའོ།། (དབང་དུ་བྱས་ནས་སྙོམས་པར་འཇུག་པ)་བྱམས་པ་དང་སྙིང་རྗེ་དག་སྡུག་བསྔལ་ཅན་རྣམས་ཀྱིའོ། (།བདག་གི་སྡུག་བསྔལ་ལས་དགྲོལ་ལོ་སྙམ་པས)་དགའ་བ་དང་བཏང་སྙོམས་དག་གྲོལ་བ་རྣམས་ཀྱིའོ། (།དབང་དུ་བྱས་ནས་སྒོམ་པའོ།།) ་མངོན་པར་ཤེས་པ་རྣམས་ནི་སྐྱབས་ངན་པ་(དབང་ཕྱུག་ལ་སོགས་པ)་ལ་ཞུགས་པ་རྣམས་ཀྱི་དབང་དུ་བྱས་ནས་ཏེ། མཐུ་ཁྱད་པར་ཅན་གྱིས་(མདོ་སྡེ་རྒྱན་གྱི་མཐུན་སྐབས་སུ། ཕྱོགས་སུ། དེས་ང་སངས་རྒྱས་སེམས་ཅན་དག། ཡང་དག་མཆོད་བྱེད་རྣམ་པར ་དག་པ་བསྐྱེད་ཅེས་གསུངས།)་གཞུག་པའི་དོན་དུའོ། །མ་ཉམས་པའི་བསམ་གཏན་ལ་སོགས་པ་(མངོན་ཤེས་ཀྱི་བར)་ཐོབ་པའི་ཕྱིར་ས་འདི་ནི་(བསམ་གཏན་སོགས)་དེ་རྣམས་ཀྱི་རབ་ཏུ་ཕྱེ་བ་ཡིན་ནོ། །ས་སྔ་མ་(གཉིས)་དག་ན་ཡང་དེ ་རྣམས་ལ་སྙོམས་པར་འཇུག་པ་མེད་པ་ནི་མ་ཡིན་ནོ། །འདིར་མངོན་པར་ཤེས་པ་ལྔ་རྣམས་ཏེ་དེ་སྐད་དཱུང་(ས་གསུམ་པའི)་མདོར། དེ་རྫུ་འཕྲུལ་གྱི་བྱ་བ་རྣམ་པ་དུས་སོ་སོར་ཉམས་སུ་མྱོང་བར་བྱེད་དེས་ཡང་གཡོ་བར་བྱེད་དོ།། ་(ལུས་ལ་དབང་བས)་གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །མང་པོར་གྱུར་(སྒྲོས)་ནས་གཅིག་ཏུ་(བསྡུས་པར)་འགྱུར་རོ། །སྣང་བར་གྱུར་ཅིང་མི་སྣང་བར་གྱུར་པའང་ཉམས་སུ་མྱོང་བར་བྱེད་དོ། (བྱེད་པ་ལ་དབང་བས)་རྩིག་པ་ལས་ཐད་ཀ་དང ་ར་བ་(གང་གི་ཁང་པ་བསྐོང་བ)་ལའང་ཐད་ཀ་དང། རི་ལའང་ཐད་ཀར་མི་ཐོགས་པར་འགྲོའོ། །ནམ་མཁའ་ལའང་(སྐྱིལ་ཀྲུང་གི་བྱ་བཞིན)་འགྲོ་བ་དང། ས་ལའང་(ཚུལ་བཞིན)་སྟེང་དུ་འབྱུང་བ་དང། བྱིའུ་ཟུལ་བྱེད་དོ། །ཆུ་ལ་(མི་ཕྱིར་བར)་ས་ལ་བཞིན་དུ ་འགྲོའོ། །དུ་བ་ཐུལ་བར་ཡང་བྱེད། འབར་བར་ཡང་བྱེད་དོ། །སྤྲིན་ཆེན་པོ་བཞིན་དུ་ལུས་ལས་ཆུ་འབྱིན་ཏེ། ཆུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀུན་ཏུ་འབར་བའང་ཞི་བར་བྱེད་(པའི་ཆུ་རྒྱུན་འབྱིན)་པའོ། ། ་ཉི་མ་དང་ཟླ་བ་དག་ཀྱང་ལག་པས་(རེག་ཅིང)་ཡོངས་སུ་ཉུག་(ཅིང་འཇུག)་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དཱུང་(སྣོད་ཀྱི་འཇིག་རྟེན་ལ་དབང་བསྒྱུར་བས)་ལུས་ཀྱིས་དབང་སྒྱུར་(ཏེ་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད) ་རོ། སོ་སོར་སྣང་བ་དང། བདེ་བའང་སྟེར་རོ། །འོད་ཟེར་ཡང་རབ་ཏུ་འགྱེད་དོ། །དེ་ལྷའི་རྣ་བའི་ཁམས་མིའི་ལས་འདས་པས་ལྷ་དང་མི་རྣམས་ཀྱིས་སྒྲ་རྣམས་(མནར་མེད་ཀྱི་བར) ་ཞེས་ཛ་ཡ)་ཐོས་སོ། །དམྱལ་བ་དང་བྱོལ་སོང་དང་ཡི་དགས་རྣམས་ཀྱི་དང། (ཆུང་ངཱུང་ཐོས་ཏེ)་ཐ་ན་ཤ་སྒྲ་དང་སྦྲང་བཅུ་མཆུ་རིང་དང། སྲིན་བུ་དང་བྱ་དང་བུང་བ་རྣམས་ཀྱི་ཡང་སྡུག་བསྔལ་དང་ལྡན་པ་རྣམས་ཀྱི་ཉེན་པའི ་སྒྲ་ཐོས་ནས་(དེ་རྣམས་ཀྱིས)་སྡུག་བསྔལ་དེ་བསལ་བའི་ཆེད་དུ་འབར་ཅིང། (འཇིག་རྟེན་གྱི་ཁམས)་འདི་ཉིད་དུ་གནས་ནས་ཞིང་སྣ་ཚོགས་པ་རྣམས་ན་སངས་རྒྱས་རྣམས་ཆོས་སྟོན་པ་ཉན་ནོ། །དེས་(ལ་ལ་ལ)་སེམས་(ཉམ་ཐག་པ) ་ཅན་(ལ་ལ་ལ)་ཕ་རོལ་དང་གང་ཟག་ཕ་རོལ་རྣམས་ཀྱི་སེམས་ཀྱང་སེམས་ཀྱིས་ཡང་དག་པར་ཇི་ལྟ་བར་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའོ་ཞེས་པ་དང། དེ་བཞིན་དུ་འདོད་ཆགས ་དང་བྲལ་བ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང། གཏི་མུག་དང་བཅས་པ་དང་གཏི་མུག་དང་བྲལ་བའི་སེམས་ནས་ཨི་སྲིད་བླ་ན་མེད་པའི་སེམས་ལ་བླ་ན་མེད་པའི་སེམས་སོ་(རྫོགས་པའི་སངས་རྒྱས་ཀྱི་ཐུགས) ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་པ་དང་གཉིས་དང་གསུམ་ནས་ཇི་སྲིད་སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་དང་གཉིས་དང་གསུམ ་རྣམས་ནས་ཇི་སྲིད་དུ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་རྣམས་ཀྱང་རྗེས་སུ་དྲན་ནོ། (།གནས)་ཆེ་གེ་མོ་ཞིག་ཏུ་བདག་མིང་འདི་ཞེས་བ་བར་གྱུར། རུས་དྲས་སྲོང་རྒྱས་(པའི་རྒྱུད་ལ་སོགས་པ)་འདི་ལྟ་བུ། (བྲམ་ཟེ་ལ་སོགས་པ)་རིགས ་འདི་ལྟ་བུ། ཁས་ཟས་འདི་ལྟ་བུ། ཡུན་འདི་ལྟ་བུར་གནས་ཚེའི་མཛའ་ནི་འདི་ལྟ་བུ་ཐུབ་བདག་(སྐྱེས་གནས)་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་པ་ན་ཇི་སྲིད་དེ་ནས་(མཐར)་ཤི་འཕོས་ནས་འདིར་སྐྱེས་སོ་ཞེས་པ་ནས། ཇི་སྲིད་ཡན་ལག་དར ་བཅས་རྣམ་པ་(གནས་ལུགས)་དང་བཅས་ཆེད་དུ་བྱ་བ་(ཱམ་དན་རྟགས)་དང་བཅས་རྒྱུ་མཚན་(རྒྱུ་གང་གིས་དེར་སྐྱེས་པ)་དང་བཅས་པའི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །ཕ་རོལ་པོ་རྣམས་ཀྱི་ཡང་སྔོན་གྱི་སྲིད་པ་(ཕ་རོལ་པོ)་དེ་རྣམས་(རབ་ཏུ་བྱེ་བ) ་ཁོ་ནས་དྲན་དུ་འཇུག་གོ་(།བྱང་སེམས)་དེས་ལྷའི་མིག་(ཡོངས་སུ་གསལ་བར་མཐོང་བས)་རྣམ་པར་དག་པ་(ཡུལ་ཀུན་ན་གནས་པའི་གཟུགས་མཐོང་བར་ནུས་པས)་མིའི་ལས་འདས་པས་སེམས་ཅན་རྣམས་མཐོང་སྟེ། འཚེ་བཞིན་པ་དང་སྐྱེ་བཞིན་པ་དང། སྐྱེས ་པ་རྣམས་དང་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་དང་དམན་པ་དང་(བདེ་འགྲོ་དང་ངན་འགྲོ་གཉིས་ཀའི)་གྱ་ནོམ་པ་རྣམས་དང། བདེ་འགྲོ་དང་ངན་འགྲོ་ལས་ཇི་ལྟ་བར་ཉེ་བར་འགྲོ་བའི་སེམས་ཅན་རྣམས་རབ་ཏུ་ཤེས་ཏེ། སེམས་ཅན་འདི་རྣམས་(ཟིན) ་ལུས་ཀྱི་ལེགས་པར་སྤྱོད་པ་(གསུམ)་དང་དག་གི་ལེགས་པར་སྤྱོད་པ་(བཞི)་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་(གསུམ)་དང་ལྡན་པ་འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་ཅན་རྣམས་ཏེ། ལེགས་པར་སྤྱོད་པའི་རྒྱུ ་དེས། ལུས་ཞིག་ནས་པ་དེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་(མི་དང)་ལྷ་རྣམས་སུ་སྐྱེའོ། །སེམས་ཅན་འདི་རྣམས་ནི་ལུས་ཀྱིས་ཉེས་པར་སྤྱད་པ་(མི་དགེ་བ་བཅུ)་དང་དག་གི་ཉེས་པར་སྤྱད་པ་དང་ཡིད་ཀྱི་ཉེས་པར་སྤྱད་པ་དང་ལྡན་པ་འཕགས ་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་(ལས་དང་འབྲས་བུ་མི་བདེན་པ)་ལྟ་བ་ཅན་རྣམས་ཏེ་ལོག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུ་ལས། ལུས་ཞིག་ནས་ཤི་བའི་འོག་ཏུ་(སྡུག་བསྔལ་གྱི་གནས་སུ་མངོན་པར་གྲུབ་པས་ངན་པ་བར་སོང་སེམས་པར་སྤྱད་པས་འགྲོ་བ་ངན་པར?) ་འགྲོ་(གནོད་པ་སྣ་ཚོགས་སུ་ལྷུང་བའི་དོན་གྱིས)་ལོག་པར་ལྟུང་བ་དམྱལ་བ་རྣམས་སུ་སྐྱེའོ། །ཞེས་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའ་ཨི ་ཁམས་ཀྱི་མཐར་ཐུག་པར་འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་སོ། །འདིར་མངོན་པར་ཤེས་པ་གཅིག་(རྫུ་འཕྲུལ)་གིས་སེམས་ཅན་རྣམས་ཉེ་བར་གནོན་(པའམ་བགྲོད)་ནོ ་ཞེས་པས་ཁྱབ་བདག་ཉིད་ཐོབ་པོ། (།གཞན་གྱི་སེམས་ཤེས་པ་དང་ལྷའི་རྣ་བ)་གཉིས་ཀྱིས་ཆོས་སྟོན་པ་སྒྲ་དང་དོན་སོ་སོ་ཡང་དག་པར་རིག་པ་ལས་ཏེ། སེམས་ཤེས་ནས་སྐད་གཞན་རྣམས་ཀྱིས་དོན་ཤེས་པར་བྱེད་པས་སོ། (།སྔོན་གནས་དྲན་པ ་དང་ལྷའི་མིག)་གཉིས་དག་གིས་འོང་བ་དང་འགྲོ་བ་ཤེས་ཏེ། སེམས་ཅན་རྣམས་ཀྱི་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ཨི་ཡོངས་སུ་སྨིན་པ་ཤེས་སོ། །རྣམ་པར་དག་པ་ནི་གསལ་བར་ཐོབ་པའི་ཕྱིར་རོ། །མིའི་ལས་འདས་པ་ནི་ཐག་རིང་པོ་ནས ་ཐོས་པ་སྟེ་མིའི་སྒྲ་ལས་ཤིན་ཏུ་འདས་ནས་འོག་ཏུ་ཇི་སྲིད་མནར་མེད་པའི་བར་གྱི་སྒྲ་ཐོས་པར་ནུས་པའི་ཕྱིར་རོ། །རྣམ་པ་ནི་འདི་རྣམས་ཐམས་ཅད་ཐ་དད་པའོ། །ཆེད་དུ་བྱ་བ་(ཱམ་ངན་རྟགས)་ནི་མིང་ངོ། །རྒྱུ་མཚན་ནི་རིགས ་ལ་སོགས་པ་རྣམས་ཏེ། གང་གིས་སྐྱེས་པའི་རྒྱུ་མཚན་ནོ། (།བྱང་སེམས་ས་གསུམ་པ)་འདི་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་སྣང་བར་འགྱུར་ཏེ། མཐོང་བ་རྒྱ་ཆེན་པོ་ཉིད་དང་སྨོན་ལམ་གྱི་སྟོབས་ཀྱིས་སོ། ་དེའང་ཕལ་ཆེར་སུམ་ཅུ་རྩ་གསུམ་པའི་བདག་པོ་ལྷའི་རྒྱལ་པོ་དབང་པོར་(བརྒྱ་བྱིན)་འགྱུར་ལ་སེམས་ཅན་གྱི་འདོད་པའི་འདོད་ཆགས་བཟློག་པའི་ཐབས་ཡང་དག་པར་བསྒྲུབ་པ་ལ་མཁས་པ་སྟེ། སེམས་ཅན་རྣམས་འདོད ་པའི་འདམ་ལས་གདོན་པའི་དོན་དུའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ལས་(ཐོབ་པའི་དཀའ་སྤྱོད་སག?་ནུས་པས)་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་ཞིང་བསྡུ་བའི་དངོས་པོ་རྣམས་ལས་དོན་སྤྱོད་པའོ། །སྐད་ཅིག ་གཅིག་གིས་ཏིང་འཛིན་བརྒྱ་ཕྲག་སྟོང་(ལ་སྙོམས་པར་འཇུག་པ)་ཐོབ་པ་དང། སངས་རྒྱས་འབུམ་མཐོང་བ་དང། དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་(དེ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བཞིན་དུ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ཉམས་སུ་མྱོང་བར་འགྱུར་རོ་ཞེས་ཛ་ཡ།) ་སོ། འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་གཡོ་ཞིང་སྣང་བར་བྱེད་པ་དང། ཞིང་བརྒྱ་ཕྲག་སྟོང་དུ་འགྲོ་བ་དང། སེམས་ཅན་འབུམ་ཡོངས་སུ་སྨིན་པར་བྱེད་པ་(དགེ་བའི་ལས་ལ་འགོད་པ)་དང། བསྐལ་བ་སྟོང་ཕྲག་བརྒྱར་གནས་(པའི ་ནུས་པ་ཡོད)་པ་དང། བསྐལ་པ་འབུམ་བྱི)་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་ལས་འཇུག་པ་དང། ཆོས་ཀྱི་སྒོ་འབུམ་རྣམ་པར་འབྱེད་པ་དང། (ཁོང་དུ་ཆུད་ནས་རང་གིས་བློ་གྲོས་འཕེལ་བའི་ཆེད་དུ་དེ་རྣམས་ཀྱི་དོན་སེམས)་ལུས་འབུམ་སྟོན་པ་དང། ལུས་ས ་སོ་ལའང་བྱང་ཆུབ་སེམས་དཔའ་ཨི་འཁོར་འབུམ་སྟོན་པར་བྱེད་དོ། །དེ་ལྟར་ཐོབ་པའི་ཡོན་ཏན་(ཉེ་བར)་འཕེལ་བ་ལ་སྤྲོ་བ་དང་ལྡན་པ་ནི་(བརྩོན་འགྲུས་ཅན་སྔར)་རྟོག་(ཟིན)་པ་དང་(སར)་མ་རྟོགས་པ་(རིམ་བཞིན)་འཕེལ་བ་དང་རྟོགས ་པ་(ཡང་དག་པར)་འབྱུང་བའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་བརྩོན་འགྲུས་ཁོ་ནའོ་ཞེས་སེམས་བསྐྱེད་པ་བརྒྱད་པ་མངོན་པར་སྒྲུབ་པར་བྱེད་དོ། (།སེམས་བསྐྱེད་པ་བརྒྱད་པ)་དེའང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རྡོ་རྗེ་ལྟ ་བུ་སྟེ། ཡིད་ཆེས་བ་བསྟན་པ་ཉིད་ཀྱིས་ནས་མི་ཕྱེད་པའི་ཕྱིར་རོ། །ས་(ཆོས་དབྱིངས་བསྟོད་པར། རྟག་ཏུ་དག་པའི་འོད་ཀྱིས་གསལ། འདུ་འཛི་རྣམ་པར་སྤངས་པ་ཡི། ཡེ་ཤེས་འོད་ཀྱི་རབ་བསྐོར་བས། །ས་དེ་འོད་འཕྲོ་ཅན་དུ་འདོད། །ཅེས་པས།)་འོད་འཕྲོ་བ་ཡང་(ཇི་ལྟར་ཐོས ་པའི་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱིས་ལན་མང་དུ་གནས་པར་བྱེད་ནུས་ཤིང་ཆོས་དང་སྙོམས་པར་འཇུག་པའི་སེམས་བཏང་སྙོམས་སུ་བྱེད་ནུས་པ་ནས་གཟུང་ནས་ས་ལྔ་པ་ཐོབ་པའི་བར་དུ་སྟེ། ཡོངས་སུ་འཛིན་པ་མེད་དོན་དང། །ཞེས་པར་ཆོས་དབྱིངས་རྟོགས་ཤིང་སྙོམས་པར་འཇུག་པ་ལ་སྲེད་པའི་དང་ཆོས ་ལ་སྲིད་པའི་ཤིན་ཏུ་རྨོངས་པའི་དང་དེའི་གནས་ངན་ལེན་ཡོངས་སུ་སྤོང་བས་སོ།)་།སྟེ་གང་གི་ཕྱིར་(ས)་འདིར་བྱང་ཆུབ་ཀྱི་ཕྱོགས་(ཤེས་པའི་ཤེས་རབ་ཤས་ཆེ་བས་ཏེ)་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་བུད་ཤིང་བསྲེགས་ལ། དེའི་རྒྱུ ་ལས་ཡེ་ཤེས་ཀྱི་མེའི་འོད་འབྱུང་བའི་ཕྱིར་འོད་འཕྲོ་བའོ། (།འམ་མེ་ལྕེ་ཅན་ས་བཞི་པ)་འདིར་ཡང་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མང་པོ་རྣམས་སྣང་བར་འགྱུར་ལ་སྐད་ཅིག་གཅིག ་གིས་ཏིང་ངེ་འཛིན་བྱེ་བ་བརྒྱ་སོ་སོ་ཐོབ་པ་དང། སངས་རྒྱས་བྱེ་བ་བརྒྱ་མཐོང་བ་དང། དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་པ་དང། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་གཡོ་བར་བྱེད་ཅིང་སྣང་བར་ཡང་བྱེད་པ་དང། ཞིང་བྱ་བ་བརྒྱར་འགྲོ ་བ་དང་སེམས་ཅན་བྱེ་བ་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང། བསྐལ་པ་བྱེ་བ་བརྒྱར་གནས་ཤིང་སྔོན་གྱི་མཛའ་དང་ཕྱི་མའི་མཐར་འཇུག་པ་དང་ཆོས་ཀྱི་སྒོ་བྱེ་བ་བརྒྱ་རྣམ་པར་འབྱེད་པ་དང། ལུས་བྱེ་བ་བརྒྱ་སྟོན་པ་དང། ་ལུས་དང་ལུས་ལའང་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱའི་འཁོར་དང་ལྡན་པར་སྟོན་པར་བྱེད་དོ། །ཕལ་ཆེར་ལྷའི་རྒྱལ་པོ་རབ་འཐབ་བྲལ་དུ་འགྱུར་ལ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་ཡང་དག་པར ་འཇོམས་པ་ལ་(བྱེད་པའི་སྒོ་ནས)་མཁས་པ་དང་(མཐུའི་སྒོ་ནས)་གཙོ་བོ་སྟེ། སེམས་ཅན་རྣམས་(འཇིག་རྟེན་པ་དང་དེ་ལས་འདས་པའི)་ཡང་དག་པའི་ལྟ་བ་ལ་དགོད་པའི་ཆེད་དུ་མཁས་པའོ། (།ས་བཞི་པ)་དེའི་བསྡུ་བའི་དངོས་པོ་རྣམས ་ལས་དོན་མཐུན་པ་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ལས་(ངག་དང་ཡིད་ཀྱི་སྤྱོད་པ་ལས་འདས་པའི་ཆེད་དུ་རྒྱུན་མི་འཆད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་གནས་པའི་ཕྱིར་ན།)་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །དེ ་ནས་སེམས་བསྐྱེད་པ་དགུ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་རི་བོ་ལྟ་བུ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་(མི་གཡོ་བ)་ཕྱིར་རོ། །ས་སྤྱད་དཀའ་བའང་སྟེ། (བདེན་པ་བཞི་སྒོམ་བ་འཁོར་བ་ལ་མི་ཕྱོགས་པ་དང ་མྱ་ངན་ལས་འདས་པ་ལ་ཕྱོགས་པའི་སེམས་བཟློག་སྟེ་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་སྒོམ་ནུས་པ་ནས་བཟུང་ནས་ས་དྲུག་པ་ཐོབ་ཀྱི་བར་དུ་སྟེ། དེར་ཆོས་དབྱིངས་རྒྱུད་རྣམས་ཐ་དད་མེད་དོན་དང། ཞེས་པར་རྟོགས་ཤིང་འཁོར་བ་ལ་ཕྱིར་ཕྱོགས་པ་དང་མངོན་དུ་ཕྱོགས་པ་དང་མངོན་དུ་ཕྱོགས་པ་ཡིད་ལ ་བྱེད་པ་འདིར་མྱ་ངན་ལས་འདས་པ་ཕྱིར་ཕྱོགས་པ་དང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང། དེ་དག་གི་གནས་ངན་ལེན་སྤོང་ངོ།)་གང་གི་ཕྱིར་འདི་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་གི་རིག་པ་དང་བདེན་པ་ཤེས་པ་དག་ཕན་ཚུན་འགལ་བ་ལས་ཡོངས་སུ་སྦྱོང་བ་བྱ་བ་དཀའ་བ་དེའི ་ཕྱིར་(ཆོས་དབྱིངས་བསྟོང་བར། རིགས་དང་རྒྱུ་བརྩལ་བཟོ་གནས་ཀུན། །བསམ་གཏན་རྣམ་པ་སྣ་ཚོགས་ཉིད། །ཉོན་མོངས་ཤིན་ཏུ་སྤྱད་དཀའ་ལས། །རྣམ་པར་རྒྱལ་བས་སྤྱད་དཀའ་ཨོ། །ཞེས་སོ།)་།ཤིན་ཏུ་སྦྱད་དཀའ་བའོ། །འཇིག་རྟེན་གྱི་(རིན་ཆེན་ཕྲེང་བར་ལྔ་པ་ཤིན་ཏུ་སྤྱད) ་དཀའ་བདུད། ཀུན་གྱི་ཤིན་ཏུ་ཐུབ་དཀའ་ཨི་ཕྱིར། ཅེས་གསུངས།)་ཁམས་ཐམས་ཅད་ན་གནས་པའི་བདུད་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་(ས་ལྔ་པ)་འདིར་ཐུབ་པར་(ཱམ་གཞོམ་པ)་མི་ནུས་སོ་ཞེས་པས་ཤིན་ཏུ་རྒྱལ་བར་དཀའ་བ་ཡང་ངོ།། ་དེ་ནི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཆེན་པོ་(གཅིག་ཏུ་གྱུར་ནས་མང་པོར་གྱུར་པ་སོགས)་མངོན་པར་སྒྲུབ་པའི་སྣ་ཚོགས་པའི་ཐབས་དང་བྱ་བ་རབ་ཏུ་སྦྱོར་བ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ ་རྒྱལ་སྲས)་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་སྦྱོར་(ཞིང་བརྩོན)་པས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་(ཡོངས་སུ་སྨིན་པའི་ཁྱད་པར་བྱེད་འདོད་པས་ན་དེའི)་རྗེས་སུ་སོང་བའི་སེམས་ཀྱི་རྒྱུན་དང་ལྡན་ཞིང་དགེ་བའི་རྩ་བ་ལ ་སྦྱོར་བ་ལ་(ཞུགས་པའི)་ཕྱིར་མི་ལྡོག་པ་སྟེ་ཁྱད་པར་ཅན་གྱི་ཆོས་(ཀྱི་ལམ)་ཚོལ་བ་ལ་(དེ་འདོད་པས)་མངོན་པར་བརྩོན་པས། སེམས་ཅན་ལ་ཕན་པ་གང་འཇིག་རྟེན་ན་རབ་ཏུ་སྦྱོང་བ། (དོན་དང་བྱ་བ་རྗེད་པའི་གནོད་པའི་གཉེན་པོར)་ཡི་གེ་དང་(ལྟ་བ་ངན་པ་དང ་བློ་ཆུད་པས་གནོད་པ་སེལ་བའི)་བསྟན་བཅོས་དང་རྒྱ་དང་(ནོར་བླངས་པ་མ་སྤས་པའི་གཉེན་པོར)་གྲངས་དང་རྩིས་(འདུ་བ་དང་དགོད་པས་རྨོངས་པའི་གཉེན་པོར)་དང་ཤོད་ཐབས་ལ་སོགས་པ་རྣམས་དང། (དབུལ་བའི་གཉེན་པོར)་ཁམས་ཀྱི་རྒྱུད་(དམ་ནོར་སྒྱུར་བའི་དཔྱད) ་དང་གསོ་བའི་རྒྱུད་དབུལ་བ་དང་བརྗེད་བྱེད་དང་འབྱུང་བོའི་གདོན་སེལ་བ་རྣམས་དང། དུག་དང་རོ་ལངས་ཀྱི་སྦྱོར་བ་འཇོམས་པར་བྱེད་པ་རྣམས་དང། སྙན་རང་གས་(ཟློས་གང་ལ་སོགས་པ)་དང་གར་ཐབས་དང་གཏམ་རྒྱུད་དང། རོལ་མོ ་དང་(ཡིད་མི་བདེ་བའི་གནོད་པའི་གཉེན་པོར)་སྔོན་བྱུང་བ་རབ་ཏུ་དགའ་བར་བྱེད་པ་རྣམས་དང། (གནས་ལ་མངོན་པར་མི་དགའ་བའི་གནོད་པའི་གཉེན་པོར)་གྲོང་དང་གྲོང་ཁྱེར་དང་སྐྱེས་མོས་ཚལ་དང་འབབ་ཆུ་ཆུ་ཀླུང་དང་མཚོ་དང་འཚེའུ་དང་རྫིང་བུ་དང ་མེ་ཏོག་དང་འབྲས་བུ་དང་སྨན་དང་ནགས་ཚལ་མངོན་པར་སྒྲུབ་པ་རྣམས་དང། (བསད་པ་དང་འཆིད་བ་ཆད་པ་ལ་སོགས་པའི་གཉེན་པོར)་གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་དང་བཻཌཱུརྱ་དང་དུང་དང་མན་ཤེལ་དང་བྱི་རུ་དང་རིན་པོ་ཆེའི་བྱུང། བུར ་བསྟན་པ་རྣམས་དང། (མི་མཐོང་བ་དང་རྣམ་སྨིན་ཐོབ་པའི་ཡན་ལག་གི་ཉེས་པ་ལས་གྱུར་བའི་གཉེན་པོར)་ཟླ་བ་དང་ཉི་མ་དང་གཟའ་དང་རྒྱུ་སྐར་དང་འོང་དང་ས་གཡོ་བ་དང་གཅན་ཟན་(གཟའའཛིན་གྱི་ལ་བྱའི་ལ་ཉེ་དང)་དེ་དང་རྨི་ལམ་ཕྱི་ལྟས་སྟོན་པ་ལ་འཇུག ་པ་དང། སེམས་ཅན་གྱི་ཡན་ལག་དང་ཉིད་ལག་གི་མཚན་ཉིད་སྤྱོད་པ་(ལག་རིས་ལྟ་བུ)་དང་རྗེས་སུ་སྤྱོད་པའི་སྦྱོར་བའི་ལྟས་རྣམས་དང། སྡོམ་(འཆལ་བའི་ཚུལ་ཁྲིམས་ཉེ་བའི་ཉོན་མོངས་པའི་གཉེན་པོ)་པའི་ཆོ་ག་དང། (འདོད་པའི་འདོད་ཆགས་ཀྱི་གཉེན་བར) ་བསམ་གཏན་དང། (སྐྱབས་ངན་པའི་གཉེར་པོར)་མངོན་པར་ཤེས་པ་དང། (ལོག་པའི་བསོད་ནམས་ལ་སྦྱོར་བའི་གཉེན་པོར)་ཚད་མེད་པ་དང། གཟུགས་(ལོག་པའི་ཐང་པ་ལ་སྤྱོད་པའི་ཉོན་མོངས་པའི་གཉེན་པོར་གྱུར)་མེད་པའི་གནས་རྣམས་དང། གཞན་ཡང་གང་(སེམས་ཅན་ལ) ་རྣམ་པར་ཐོ་འཚམ་པ་མེད་པ་དང། རྣམ་པར་མི་འཚེ་བ་དང་ལྡན་པ་རྣམས་དང། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བ་(ཱི་འཇིག་རྟེན་པའི་ཤེས་པ)་དེ་རྣམས་ཀྱང་སྙིང་རྗེ་དང་ལྡན་པས་མཐར་གྱིས་སངས་རྒྱས ་ཀྱི་ཆོས་ལ་འགོད་པའི་ཆེད་དུ་མངོན་པར་སྒྲུབ་པོ་ཞེས་འཕགས་པ་ས་བཅུ་པར་གསུངས་སོ། (།ས་ལྔ་པ་ལ་གནས་པའི་རྒྱལ་སྤོས)་འདི་ལའང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་སྣང་བར་འགྱུར་རོ། །སྐད་ཅིག་གིས་ཏིང་ངེ་འཛིན ་བྱ་བ་སྟོང་ཐོབ་པོ། །སངས་རྒྱས་བྱེ་བ་སྟོང་མཐོང་ངོ། (།སངས་རྒྱས)་དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་གཡོ་བར་བྱེད་སྣང་བར་བྱེད་དོ། །ཞིང་བྱེ་བ་སྟོང་དཱུང་འགྲོའོ། །སེམས་ཅན་བྱེ་བ་སྟོང་ཡོངས་སུ་སྨིན ་པར་བྱེད་དོ། །བསྐལ་པ་བྱེ་བ་སྟོང་དུ་གནས་ཤིང་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་འཇུག་གོ་།ཆོས་ཀྱི་སྒྲོ་བྱེ་བ་སྟོང་རྣམ་པར་འབྱེད་དོ། །ལུས་བྱེ་བ་སྟོང་སྟོན་པར་བྱེད་དོ། །ལུས་དང་ལུས་ལའང་བྱང་ཆུབ་སེམས་དཔའ་ཨི་འཁོར་བྱེ་བ་སྟོང ་སྟོན་པར་བྱེད་དོ། །ཕལ་ཆེར་ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་དུ་འགྱུར་ཏེ། སེམས་ཅན་ཐམས་ཅད་མུ་སྟེགས་པའི་གནས་ཐམས་ཅད་ལས་རྣམ་པར་བཟློག་པ་ལ་བྱང་(མཁས་པ)་པ་དང་གཙོ་བོ་ཡིན་ཞིང་སེམས་ཅན་རྣམས ་བསྡུ་བའི་དངོས་པོ་(གཞི)་རྣམས་ཀྱིས་བདེན་པ་(བཞི་རྟོགས་པ)་ལ་འགོད་པ་ལ་མཁས་པ་ཡིན་ནོ། (།དོན་དམ་པར་དབེན་པའི་རྣམ་པ་སྒོམ་པ་ལན་མང་དུ་བྱེད་པའི)་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཤིན་ཏུ་ཤས ་ཆེ་བར་འགྱུར་རོ། (།སྐྱོ་བ་དང་ལྡན་པའི་སེམས་ཀྱི་རྒྱུད་ཀྱིས་མཚན་མ་མེད་པ་ལ་མཉམ་པར་འཇོག་ནུས་པ་ནས་ས་བདུན་པ་ཐོབ་ཀྱི་བར་དུ་སྟེ། དེར་ཆོས་དབྱིངས་ཉོན་མོངས་དག་མིན་དོན་དང། ཞེས་རྟོགས་ཤིང་འདུ་བྱེད་འབྱུང་བ་མངོན་སུམ་དུ་གྱུར་པའི་དང་མཚན་མ་མང་དུ་འབྱུང་བའི་ཤིན་ཏུ་རྨོངས་པ་དང ་དེའི་ག་ནས་ངན་ལེན་སྤོང་ངོ།)་།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཐོབ་པ་དེ་ལས་(བྱང་ཆུབ་སེམས་དཔའ་)་འདིའི་སེམས་བསྐྱེད་པ་བཅུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྨན་ཆེན་པོ་ལྟ་བུ་སྟེ། ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །ས་མངོན་དུ་གྱུར་པའང་སྟེ། གང་གི་ཕྱིར་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་(བཅུ་གཉིས་ཤེས་པའི་ཤེས་རབ་ཤས་ཆེ་བས་དེ)་རྣམ་པར་འབྱེད་པ ་ལས་ཆགས་པ་མེད་པའི་སྒོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་མངོན་དུ་འགྱུར་ཏེ་དེའི་ཕྱིར་མངོན་དུ་གྱུར་པའོ། (།ཞེས་སོ)་འདི་ལའང་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག ་སྟོང་མང་པོ་རྣམས་སྣང་བར་འགྱུར་རོ། །སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་བྱེ་བ་འབུམ་སོ་སོར་ཐོབ་པོ། །སངས་རྒྱས་བྱེ་བ་འབུམ་མཐོང་ངོ། །དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ ་ཕྲག་སྟོང་གཡོ་བར་བྱེད་སྣང་བར་ཡང་བྱེད་དོ། །ཞིང་བྱེ་བ་སྟོང་ཕྲག་བརྒྱར་འགྲོའོ། །སེམས་ཅན་བྱེ་བ་འབུམ་ཡོངས་སུ་སྨིན་པར་བྱེད་དོ། །བསྐལ་པ་བྱེ་བ་འབུམ་དུ་གནས་ཤིང། སྔོན་གྱི་མཛའ་དང་ཕྱི་མའི་མཐར་ཡང ་འཇུག་གོ་།ཆོས་ཀྱི་སྒོ་བྱེ་བ་འབུམ་རྣམ་པར་འབྱེད་པར་བྱེད་དོ། །ལུས་བྱེ་བ་འབུམ་སྟོན་པར་བྱེད་དོ། །ལུས་དང་ལུས་ལའང་བྱང་ཆུབ་སེམས་དཔའ་ཨི་འཁོར་བྱེད་པ་འབུམ་སྟོན་པར་བྱེད་དོ། །ཕལ་ཆེར་ལྷའི་རྒྱལ་པོ་རབ་འཕྲུལ་དགར ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་རྒྱུན་གཅོད་པ་ལ་བྱང་བ་དང་གཙོ་བོ་ཡིན་ཞིང་སེམས་ཅན་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཛུང་མཁས་པ་ཡིན་ནོ། །(ཀུན་ནས་ཉོན་མོངས་པ་དང་རྣམ་དག་མེད་པའི་དོན ་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པས་རྟོགས་པས)་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤས་ཆེ་བར་ཡང་འགྱུར་རོ། (།དབུ་མ་ལ་འཇུག་པར)་དེ་ལྟར་བློ་(ཤེས་རབ)་ཡི་(དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པའི་མུན་པ་འཇོམས་པས)་འོད་ཟེར ་གསལ་པོར་སྣང་བ་ཅན། །རང་གི་ལག་མཐིལ་སོན་པའི་སྐྱུ་རུ་ར་(ཤིན་ཏུ་གསལ་བར་རྟོགས་པ)་ཇི་བཞིན། (།སྙིང་རྗེས་འཁོར་བ་ཇི་སྲིད་པར་གནས་པའི་དོན་དུ་སྦྱོར་བ་ལ)་སྲིད་གསུམ་འདི་ནི་གདོད་ནས་མ་སྐྱེས་པར། །རྟོགས་ཏེ་ཐ་སྙད་(ཀུན་རྗོད་ཀྱི) ་བདེན་པའི་སྟོབས་ལས་(སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པས)་འགོག་པ་རྟོགས། (།དེའི་འགྲེལ་པར)་འགོག་པ་ཐོབ་པས་འགྲོ་བ་ཡོངས་སུ་སྐྱོབ་པའི་བསམ་པ་ཡོངས་སུ་གཏོང་བའང་མ་ཡིན་ཏེ། (།ཐུགས་རྗེས་ཡོངས་སུ་མི་འདོར་བས་སོ།) ་འཁོར་བར་སོན་པའི་(ཱམ་རྟོགས་པ)་སྦྱོར་བ་(སྙིང་རྗེས་འཁོར་བ་ཇི་སྲིད་པར་གནས་པའི་དོན་དུ་སྦྱོར་བ)་དང་མྱ་ངན་ལས་འདས་པར་སོན་པའི་ལྷག་པའི་བསམ་པ་(ཤེས་རབ་ཀྱི་སྒོ་ནས་སྟོང་ཉིད)་སྒོམ་པ་ནི་(བྱང་ཆུབ་སེམས་དཔར)་འདི་ཡི་འགྲོ་བ་དགོན ་མེད་པ་ལ་སྙིང་རྗེ་ཤིན་ཏུ་ཆེས་འཕེལ་བར་བྱེད་པས་སོ། །དེ་ནས་སེམས་བསྐྱེད་པ་བཅུ་གཅིག་པ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པས་བཤེས་གཉེན་(ནི་མཛའ་བོ)་ལྟ་བུ་སྟེ་བྱམས་པ་(སེམས་ཅན་རྣམས་ལ་བདེ་བསྒྲུབ) ་*། (།X་བའི་བསམ་པ་ཏིང་ངེ་འཛིན་གྱིས་བསྐྱེད་པ)་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་(ཏིང་ངེ་འཛིན་གྱིས་བསྐྱེད་པ་ཞེས་དག་ལྡན)་གྱི་མཚན་ཉིད་ཅན་མི་ཟད་པའི་ཚད་མེད་པ་(སེམས་ཅན་ཚད་མེད་པ་ལ་དམིགས་པ) ་དང་ལྡན་པ་ཉིད་ཀྱིས་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་བར་མར་གསུངས་པ། དགེ་བའི་སེམས་བསྐྱེད་པ་གཅིག་ཀྱང་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས་(རྒྱ་མཚོ་ཆེན་པོར་ཆུའི་ཐིག་པ་གཅིག་པོར་བའི་དཔེས)་མི་ཟད་པར་བྱེད་འདོད་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་དམྱལ་བ་དང་བྱོལ་སོང་(ཐབས་མཁས་པས) ་གི་སྐྱེ་གནས་དང་(རྗེ་བོ)་གཤིན་རྗེའི་(འཁོར་གྱི)་འཇིག་རྟེན་གྱི་(ཡི་དགས་ཀྱི)་སྡུག་བསྔལ་རྣམས་ལ་(བཟོད་པས)་སྤྲོ་བར་འདོད་པ་དང། བསྐལ་པ་སྟོང་ཕྲག་བརྒྱར་བསགས་པའི་ཚུལ་ཁྲིམས་ཀྱང་སེམས ་ཅན་ལ་བལྟོས་ནས་(ཏེ་སེམས་ཅན་ལ་རྗེས་སུ་བརྩེ་བས)་གཏོང་བར་འདོད་པ་(བྲམ་ཟེའི་ཁྱེའུ་སྐར་མ་ལྟ་བུ)་དང། སངས་རྒྱས་ཀྱི་རིགས་(ས་བརྒྱད་པར)་སུ་སྐྱེ་བར་འདོད་པ་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དང། སྐྱེས་བུ་ཆེན ་པོའི་མཚན་སུམ་ཅུ་རྩ་གཉིས་རྫོགས་པར་བྱེད་འདོད་པའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ཞེས་སོ།། (མདོའི་དག)་འདིར་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་ནི་ཁྱད ་པར་དུ་འཕགས་ཤིང་ལྷུན་གྱིས་གྲུབ་པ་མཚན་མ་མེད་པར་གནས་པ་ས་མི་གཡོ་བ་ཐོབ་པའོ། །སེམས་བསྐྱེད་པ་འདི་ཡང་ས་རིང་དུ་སོང་བ་(བར་སྐབས་མེད་པར་མཚན་མ་མེད་པ་སྒོམ་ནུས་པ་ནས་བཟུང་ནས་ས་བརྒྱད་པ་ཐོབ་ཀྱི ་བར་དུ་སྟེ། ཆོས་ཀྱི་དབྱིངས། ཐ་དད་མེད་པའི་དོན་ཉིད་དང། །ཞེས་པར་རྟོགས་ཤིང་མཚན་མ་ཕྲ་མོ་འབྱུང་བའི་དང། རབ་ཏུ་མཚན་མ་མེད་པ་ཡིད་ལ་བྱེད་པའི་ཐབས་ལ་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་སྤོང་ངོ།)་།སྟེ། གང་གི་ཕྱིར་འདིར་བྱང་ཆུབ་ཀྱི་ཕྱོགས་དང་བདེན ་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དམིགས་པ་མཚན་མ་མེད་པའི་གནས་པ་འབད་པས་འཇུག་པ་སྟེ། དེའི་ཕྱིར་(ཆོས་དབྱིངས་བསྟོད་པར། འཁོར་ལོའི་བཀོད་པ་རྣམ་ཀུན་ཏུ། །འོད་ཀྱི་དྲ་བས་བརྩེ་བ་དང། །འཁོར་བའི་མཚོ་ཡི་འདམ་བརྒལ་བས། །དེ་ལ ་རིང་དུ་སོང་ཞེས་བྱ། །ཞེས་སོ།།)་རིང་དུ་སོང་བའོ། །འདིར་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པའི་དོན་དུ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་སྟེ། ་མངོན་པར་ཤེས་པ་དྲུག་རྣམས་ལ་འང་ངོ། །དེ་ལ་རྫུ?་འཕྲུལ་གྱི་བྱ་བ་ཤེས་པ་རྣམ་པ་གཉིས་ཏེ། (བྱང་ཆུབ་སེམས་དཔའ་ཨི་མཐུའི་ལེའུར)་ཡོངས་སུ་བསྒྱུར་བ་པ་དང། སྤྲུལ་པ་པའོ། །དང་པོ་ནི་གཡོ་བར་བྱེད་པ་ལ་སོགས ་པ་སྔར་(ས་གསུམ་སྐབས་སུ)་ཇི་སྐད་བཤད་པའོ། །སྤྲུལ་པ་པོ་ནི་རྣམ་པ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་ལས་སོ། །དེ་ལྟར་ནི་ཕྱོགས་བཅུར་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ ་གྲགས་མེད་པའི་སེམས་ཅན་གྱི་དོན་དུ་སྐད་ཅིག་གཅིག་ལའང་འགྲོ་བ་དྲུག་གི་སེམས་ཅན་གྱི་གཟུགས་ཁ་དོག་སྣ་ཚོགས་པ་(ཱི་སྐུ)་སྤྲུལ་པ་རྣམས་ཀྱིས་ཕུན་སུམ་ཚོགས་པར་བྱེད་དོ།། (གསུང་གི ་སྤྲུལ་པ་ནི)་ལྷ་ལ་སོགས་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་དང་ཇི་སྲིད་ཕྱོགས་བཅུ་རྣམས་སུ་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་དབྱངས་ཀྱིས་སྤྲུལ་པ་གོ་བར་བྱེད་དོ། ། ་དབྱངས་དེ་ལས་ཀྱང་རྣམ་པ་དུ་མར་ཆོས་སྟོན་པར་བྱེད་དོ། །ཡང་ན་གཞན་སྤྲུལ་པ་རྣམས་ཀྱིས་(ཆོས་སྟོན་པ་འམ་བག་མེད་བསྐུལ་བ)་བྱེད་དུ་འཇུག། ། ་(སེམས་ཅན་གྱི་རྒྱུད་མ་ཡིན་པ)་ནམ་མཁའ་ཡང་ཆོས་སྟོན་པའི་སྒྲ་འབྱུང་བར་བྱེད་དོ། །ཡུལ་(གྱི་སྤྲུལ་པ)་རྣམས་ཏེ་བཟའ་བ་དང་བཏུང་བ་དང་གཞོན་པ་དང་གོས་དང་(པདྨ་རཱ་ག་ལ་སོགས་པ) ་རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་དོན་དུ་(ཇི་ལྟར་འདོད་པ་ལྟར)་སྤྲུལ་པར་བྱེད་དོ། །ཟག་པ་ཟད་པ་ཤེས་པས་(ཱི་མངོན་ཤེས་ཀྱི)་བདག་(དེ་བཞིན་གཤེགས་པ ་ལ་འམ་བྱང་ཆུབ་སེམས་དཔའ་ཞེས་བྱད་པར)་གམ་ཕ་རོལ་པོ་རྣམས་ཀྱི་ཉོན་མོངས་པ་ཟད་པ་ཇི་ལྟར་གྱུར་བ་བཞིན་ཞེས་སོ། །བཅོམ་ལྡན་འདས་མ་ཆེན་མོ་དག་ཏུ་ཡང་གསུངས་པ། དེ་འདི་ལར་རྟོགས་པར ་བྱ་སྟེ། གང་ཕྱོགས་བཅུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དེ་རྣམས་དང་གང་ཡང་དེ་རྣམས་ན་དེ་བཞིན་གཤེགས་པ་(བཞུགས་པ)་དེ་རྣམས་ཐམས་ཅད་རང་བཞིན་གྱིས་སྟོང་པ་(སྟེ་དེ ་རྣམས་མི་སྟོང་ན་ཉི་ཚེའི་སྟོང་པར་འགྱུར་རོ།།)་མིང་འབའ་ཞིག་པ་བརྡར་བཏགས་པའོ་ནས་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་ཞེས་པའི་བར་དུ་སྟེ། དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི ་ལ་གནས་ནས་(འཕྲིན་ལས་ཀྱི་མདོར། རབ་འབྱོར་བྱ་འདབ་མ་མེད་པ་ནམ་མཁའ་ལ་འགྲོ་བར་མི་ནས་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོས་ཀྱང་མངོན་པར་ཤེས་པ་རྣམས་ལམ་བསྟེན་པར་སེམས་ཅན་རྣམས་ལ་ཆོས་སྟོན་པར་མི་ནུས་སོ་ཞེས་བཀའ་སྩལ།)་མངོན ་པར་ཤེས་པ་དྲུག་རྣམས་མངོན་པར་སྒྲུབ་པོ།། (མངོན་ཤེས)་གང་རྣམས་ལ་གནས་པ་ནས་ཕྱོགས་བཅུ་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་(རྫུ་འཕྲུལ་གྱིས)་འགྲོ་ཞིང་བསྙེན་བཀུར ་བྱེད་དོ།། (དེ་བཞིན་གཤེགས་པ།)་དེ་རྣམས་ལ་ཆོས་ཀྱང་ཉན་ཏོ། །དེ་རྣམས་ལ་དགེ་བའི་རྩ་བ་རྣམས་སྐྲུན་པར་བྱེད་ཅིང་མངོན་པར་ཞེན་པ་མེད་དེ། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་པས་སོ། ་དེ་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སེམས་ཅན་རྣམས་མཐོང་ནས། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་(འཇིག་རྟེན་གྱི་ཁམས)་དེར་སོང་སྟེ་(སེམས་ཅན)་དེ་རྣམས ་ལ་ཆོས་སྟོན་པར་བྱེད་དོ། །ལྷའི་རྣ་བའི་ཁམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཆོས་མཉན་ཏེ། གཟུང་ནས་(སེམས་ཅན)་དེ་རྣམས་ལ་སྟོན་ཏོ། སེམས་ཀྱི་རྣམ་གྲངས ་ཤེས་པས་སེམས་ཅན་རྣམས་ཀྱི་སེམས་?་རྣམས་རིགས་ནས་བསམ་པ་ཇི་ལྟ་བར་དེ་རྣམས་ལ་ཆོས་སྟོན་ཏོ།། (བྱང་ཆུབ་སེམས་དཔའ་)་དེས་བདག་དང་གཞན་གྱི་སྔོན་གྱི་གནས་རྣམ་པ་དུམ་རྗེས་སུ་དྲན་ཞིང། སྔོན ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་རྗེས་སུ་དྲན་ནས་(ཆོས)་ངེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ཟག་པ་ཟད་པ་ཤེས་པས་སེམས་ཅན་རྣམས་(རང་དང)་དང ་རྗེས་སུ་ཐུན་པར་ཆོས་སྟོན་ཏོ། །དེ་མངོན་པར་ཤེས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ནི་དོན་གྱི་ཆེད་དུ་ལུས་གང་དང་གང་འཛིན་པར་འདོད་པ་(ཱི་ལུས)་དེ་དང་དེ་ཁོ་ན་སོ་སོར་འཛིན་གྱི་(ལུས་གཟུང་བ) ་དེ་ལ་བདེ་བ་དང་སྡུག་བསྔལ་(ལམ་ཤེས་བཤད་ཀྱང་རུང)་དང་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་རྣམས་ཀྱིས་(དེ་བཞིན་གཤེགས་པའི་སྤྲུལ་པ་ལྟར) ་གོས་པ་མེད་དོ་ཞེས་སོ། །དེ་(དེ་ཉིད་ཀྱི་དོན་དུ་གཟུང་བའི་ལུས་དེ་ལ་སྡུག་བསྔལ་གྱིས་མི་གོས་པ)་ཉིད་ཀྱི་ཕྱིར་རྩོད་པ་འདི་འཇུག་པ་མ་ཡིན་ཏེ། (འཇིག་རྟེན་ལས་འདས་པའི)་སེམས་དང་པོ་བསྐྱེད་པ་ཁོ་ནས་བྱང ་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཏེ། ངེས་པའང་ཅི་ལྟར་ངན་འགྲོ་རྣམས་སུ་སྐྱེ་བ་ཡིན་ཞེས་པའོ། །གང་གི་ཕྱིར་(གང་ཟག)་གང་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཚད་མེད་པ་བཞི་ལ་སྤྱོད་ཅིང་མི་དགེ་བའི་ཆོས་བཅུ་སྤངས་ནས་གནས་པ་དེའི་མི་ཁོམ་པ་བརྒྱད་རྣམས་མི་སྲིད་ན ་(ལས་ཀྱི་དབང་གིས)་ངན་འགྲོར་སྐྱེ་བ་ལྟ་ཅི་སྨོས། འོ་ན་བྱོལ་སོང་གི་(ཤ་ར་བྷ་ལ་སོགས་པའི)་སྐྱེ་གནས་ཀྱི་སྐྱེས་རབས་རྣམས་ཅི་ལྟར་ཡིན་ཞེ་ན། (དུད་འགྲོའི་སྐྱེས་རབས)་དེ་རྣམས་ནི ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་(བྱང་ཆུབ་སེམས་དཔའ་)་སེམས་ཅན་གྱི་དོན་གྱི་ཆེད་དུ་(ལས་དང་སྐྱེ་བ་སོགས་ལ)་དབང་ཐོབ་པ་ཉིད་ཀྱིས ་(རང་དབང་གི)་བསམས་བཞིན་དུ་སྐྱེ་བ་རྣམས་ཏེ། བྱོལ་སོང་གི་སྡུག་བསྔལ་རྣམས་མྱོང་བ་འང་མ་ཡིན་ནོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་དབང་(བཅུ་མཐར་ཐུག་པ)་གི་མཆོག་ཐོབ་པ་ལ། འཇིག ་རྟེན་གྱི་ཁམས་ཐམས་ཅད་དུ་ཅིག་ཅར་མཛའ་ཡས་པའི་སྐུ་(སྣ་ཚོགས་པ་རྣམས)་གཞན་གྱི་དོན་གྱི་ཆེད་དུ་སྤྲུལ་པ་བཞིན་ནོ། །མངོན་པར་ཤེས་པ་དྲུག་པོ་འདི་རྣམས་བྱང་ཆུབ་སེམས་དཔའ་ལ་སྐྱེ་བ་ནས་སྐྱེ་བར་འབྱུང ་སྟེ། བྱོལ་སོང་གི་སྐྱེ་གནས་ལ་སོགས་པར་(སྐྱེས་ན)་ཡང་(མངོན་ཤེས)་མི་ཉམས་སོ། །དེ་ལྟར་མངོན་པར་ཤེས་པ་རྣམས་ཀྱིས་རྗེས་སུ་གཟུང་(ཞིང་ཕན་བཏགས)་བའི་སེམས་ཅན་རྣམས་ཀྱང་ལྷན་ཅིག་སྐྱེས ་པའི་བྱམས་པས་(བྱང་ཆུབ་སེམས་དཔའ་)་དེའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་ཁྲོ་བར་མི་བྱེད་དོ། །གདུག་པ་ཅན་དང་ང་རྒྱལ་ཅན་དང་མུ་སྟེགས་ཅན་གང་(རྣམས་བྱང་ཆུབ་སེམས་དཔའ་)་དེའི་ཚིག་ལ་གནས་པར ་མི་འདོད་པ་དེ་རྣམས་(དེ་ཉིད་བསྡུས་པའི་ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུར། ཕྱག་ན་རྡོ་རྗེས་དྲག་པོ་ལ་སོགས་པ་བརྟུལ་བ་ལྟར)་མགོ་དགས་པ་ལ་སོགས་པས་བསྐུལ་ཞིང་(བདག་ཉིད་ཀྱི་ཡོན་ཏན)་གསལ་པར་བྱས་ནས་བསྡིགས་པས ་བདག་ཉིད་ཀྱི་ཚིག་འཛིན་དུ་འཇུག་སྟེ་གང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དང་ལྡན་པའི་ཚིག་ལ་ཁྲོ་བའི་སེམས་ཅན་དེ་ནི་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །གཞན་དུ་བྱང་ཆུབ་སེམས་དཔའ་ཁོ ་ནས་(རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཕན་པ)་དུས་དང་དུས་མ་ཡིན་པ་གཟིགས་པའི་ཕྱིར་རོ། །ཟང་ཟིང་མེད་པའི་སེམས་ཀྱིས་འདི་ཆོས་སྟོན་པར་བྱེད་དེ། སྙིང་རྗེ་ཡང་དག་པར ་བསྐུལ་པ་ཤེས་རབ་ཀྱིས་སྦྱངས་པའི་ཡིད་ཅན་རྣམས་སེམས་ཅན་རྗེས་སུ་འཛིན་པའི་ཆེད་ཁོ་ནར་ཆོས་སྟོན་པར་བྱེད་པའི་ཕྱིར་རོ། །ས་(ས་ལྔ་པ་ལ་འཇིག་རྟེན་པའི་བཟོ་གནས་ཤེས་པ་སྒྲུབ་པ་རྣམས་འདིར་ལྷུན་གྱིས་གྲུབ་པར་འབྱུང་ཞིང། ་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོའི་སྒོར་གྱུར་པས)་གོང་མ་གསོལ་པ་(འདུལ་བར་བྱ་བའི)་རྣམས་མ་གཏོགས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སློབ་དཔོན་དུ ་འོས་པར་འགྱུར་རོ། །འཕགས་པ་ས་བཅུ་པར་གསུངས་པའི་རིམ་པས་ས་སྤྱོད་པར་བྱེད་པའི་ཏིང་ངེ་འཛིན་འབུམ་ཕྲག་བཅུ་རྣམས་ལ་སྙོམས་པར་འཇུག་སྟེ་དེ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་སྦྱངས ་པའི་ཏིང་ངེ་འཛིན་རྣམས་སོ་སོར་ཐོབ་པ་ལས་དང། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་བ་དང་ཤེས་རབ་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པས་ས་བརྒྱད་པ་ལ ་མངོན་དུ་ཕྱོགས་པར་ཡང་འགྱུར་བ་དང། (བྱང་སེམས་བདུན་པ)་འདིའི་ལུས་དང་ངག་དང་ཡིད་ཀྱི་ལས་མཚན་མ་དང་བྲལ་བ་ཚད་མེད་པར་(མི་སྐྱེ་བའི་ཆོས་ལ་བཟོད་པས་སྣང་བར་གྱུར་པ)་ཡང་འཇུག་གོ་།འོ་ན་ས་དང ་པོ་ཁོ་ནར་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལས་འདས་པ་མ་ཡིན་ནམ། སླར་ཡང་འདིར་ཅི་ཞེ་ན། (ས་དང་པོ)་དེར་ནི་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པའི་བདག་ཉིད་ཆེ་(བྱང་ཆུབ་སེམས་དཔའ་རྣམ་གྲང་ཟླ་བས་དྲིས ་པ།)་བ་ཉིད་ཀྱིས་ཏེ། རང་གི་བློའི་རྣམ་པར་དཔྱད་པས་ནི་(ཉན་ཐོས་ཀྱིས་ལས་འདའ་བ)་མ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། (དབུ་མ་ལ་འཇུག་པར་ཡང་དྲངས་པ)་ཀྱེ་རྒྱལ་བའི་སྲས ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་རྒྱལ་པོའི་(རིགས་ཀྱི་མཐུའི)་བྱིན་གྱིས་བློན་པོའི་ཚོགས་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར ་དཔྱོད་པས་ནི་མ་ཡིན་ནོ། (།རྒྱལ་པོའི་བུ)་དེ་ནར་སོན་པ་ན་རང་གི་བློའི་སྟོབས་བསྐྱེད་པས་ཀྱང་ངོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་(དོན་དམ་པའི་བྱང་ཆུབ་ཀྱི)་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི ་བསམ་པའི་(བསོད་ནམས་ཁྱད་པར་དུ་འཕགས་པའི་རྒྱུ་བྱང་ཆུབ་སེམས་དང་སྙིང་རྗེ)་བདག་ཉིད་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་(ཤེས་རབ་ཀྱི)་རྣམ་པར་དཔྱོད ་པས་(ཆོས་ཀྱི་དབྱིངས་ལ་འཇུག་པ)་ནི་མ་ཡིན་ནོ། །ས་བདུན་པ་འདི་ལ་གནས་པ་ནི་རང་གི་ཡུལ་(ཆོས་ཀྱི་དབྱིངས)་ཤེས་པའི་(རྟོགས་པ)་ཁྱད་པར་གྱི་བདག་ཉིད་ཆེན་པོ་ལ་(མེད་ལ་སོགས་པར་མཚན་མ་མངོན ་དུ་མི་སྤྱོད་པར་འཇུག་པ)་གནས་པ་ཉིད་ལས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་ལས་ཤིན་ཏུ་འདས་པ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཟབ་ཅིང་དབེན་ལ་རྒྱུ་བ་མེད་པ་ཐོབ་པ་ཡིན་ཏེ་(སེམས ་ཅན་ལ་ལྟ་བ་དང་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཆེད་དུ་ཞེས་བྱང་སར།)་གོང་དུ་ཁྱད་པར་ཚོལ་བའི་བརྩོན་པའང་མི་གཏོང་ངོ། །ཞེས་སོ། བྱང་ཆུབ་སེམས་དཔའ་ཨི་ལས་ནི་ཁྱད་པར་དུ་འཕགས་པ་ཏིང་ངེ་འཛིན་ལ་བརྟེན ་པ་ཉིད་ཀྱིས་(མཉམ་པར་གཞག་པ་ཉིད་ཀྱིས)་མཚན་མ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལས་ནི་མཚན་མ་དང་བྲལ་བར་འཇུག་ཀྱང་ཚད་མེད་པ་མ་ཡིན་ཏེ། (མཛའ་གཅིག་ཏུ)་སེམས ་ཅན་ཐམས་ཅད་ཀྱི་དོན་བྱ་བའི་(གོ་ཆ་མེད་པས་དེའི)་དབང་དུ་བྱ་བ་མེད་པའི་ཕྱིར་རོ། (།བྱང་ཆུབ་སེམས་དཔའ་)་འདིའི་ལས་ནི་སྦྱོར་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་ལེགས་པར་སྦྱངས་པ་དང། མི་སྐྱེ་བའི་ཆོས་ལ་བཟོད་པ ་སྣང་བ་རྟོགས་པའོ། །རིང་དུ་(རྟོག་པ་མཐོན་པོར)་སོང་བ་ཉིད་ཀྱི་ཕྱིར་ཟབ་པའོ། (།མི་སྐྱེ་བའི་ཆོས་ལ་བཟོད་པ)་དེའི་མི་མཐུན་ཕྱོགས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་དབེན་པའོ། །དེ་ལས་གཞན་པའི་(ཱོག་མ)་འཇིག་རྟེན་ལས་འདས་པ་དང ་འཇིག་རྟེན་པའི་ས་ལ་མི་རྒྱུ་བ་ཉིད་ཀྱི་ཕྱིར་རྒྱུ་བ་མེད་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལས་དེ་ནི་མཚན་མ་དང་བྲལ་བ་ཡིན་ཡང་(ཟབ་པོ་སོགས)་འདི་འདྲ་བ་མ་ཡིན་ལ་(།རང་གི་སྤངས་རྟོགས)་དེ་ཙམ་ལ་གནས་པ་སྟེ། གོང་མ་ཡོངས་སུ ་མི་འཚོལ་བའི་ཕྱིར་རོ། །གནས་པ་ཁྱད་པར་ཅན་ཡང་སྟེ་འདི་ཡང་དག་པའི་མཛའ་ཨི་(རྟོགས་པ)་གནས་པས་གནས་པའི་ཕྱིར་དང། འགོག་པ་མངོན་དུ་མི་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ། ཀྱེ་རྒྱལ་བའི་སྲས་ས ་དྲུག་བ་ནས་གཟུང་ནས་བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་གོ་།ས་བདུན་པ་ལ་ནི་སེམས་ཀྱི་སྐད་ཅིག་ནས་སེམས་ཀྱི་སྐད་ཅིག་(རེ་རེ)་ལ་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ་འགོག་པ་མངོན་དུ་བྱས་པར་བརྗོད་པར ་བྱ་བའང་མ་ཡིན་ནོ། (།ཡང་དག་པའི་མཛའ་ལ་གནས་ཀྱང་འགོག་པ་མངོན་དུ་མི་བྱེད་པ)་དེས་ན་འདི་བསམ་གྱིས་མི་ཁྱབ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ་ཞེས་བརྗོད་དོ་ནས་ཇི་སྲིད་དུ་(འཁོར་བ་མང་པོས་ཀུན་ཏུ་བསྐོར་བར་སྣང་ཡང)་རྟག་པར་རྒྱུན་ཏུ་དབེན་པའི ་སེམས་འཐོབ་པའང་ཡིན། སེམས་ཅན་ཡོངས་སུ་སྨིན་པའི་དོན་དུ་སྨོན་ལམ་གྱི་དབང་གིས་(བསམ་པ་བཞིན་དུ་སྲིད་པ་འཛིན་པའི་སྦྱོར་བས)་ཁམས་གསུམ་པར་སྐྱེ་བ་ཡང་མངོན་པར་སྒྲུབ་ལ་འཇིག་རྟེན་གྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་སོ་ཞེས་པའི་བར ་དུའོ། འདིར་ཡང་དག་པའི་མཛའ་(དེ་བཞིན་ཉིད)་ལ་སྙོམས་པར་འཇུག་པ་ནི་འགོག་པ་ལ་སྙོམས་པར་འཇུག་པ་སྟེ། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་པ་ལས་ཏེ། (ཡང་དག་པའི་མཛའ་)་འདིར་སྤྲོས་པ་ཐམས་ཅད་འགོག་གོ་ཞེས ་བྱས་ནས་སོ། །འདི་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་ཀྱང་སྣང་བར་འགྱུར་ལ་སྐད་ཅིག་གིས་ཀྱང་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་སོ་སོར་འཐོབ་པ་དང། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་མཐོང་བ་དང། སངས་རྒྱས་?དེ ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་པ་དང། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་གཡོ་ཞིང་སྣང་བར་ཡང་བྱེད་པ་དང། ཞིང་བྱེ་བ་ཁྲག་ཁྲིག་འབུམ་དུ་འགྲོ་བ་དང་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཡོངས་སུ་སྨིན་པར་བྱེད་པ་དང། བསྐལ་པ་བྱེ་བ་ཁྲག་ཁྲིག ་བརྒྱ་སྟོང་དུ་གནས་ཤིང་སྔོན་གྱི་མཛའ་དང་ཕྱི་མའི་མཐར་རབ་ཏུ་འཇུག་པ་དང། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་རྣམ་པར་འབྱེད་པར་བྱེད་པ་དང། ལུས་བྱེ་བ་ཁྲག་ཁྲིག་འབུམ་སྟོན་པར་བྱེད་དོ། །ལུས་དང་ལུས་ལ ་འང་བྱང་ཆུབ་སེམས་དཔའ་ཨི་འཁོར་བྱེ་བ་ཁྲག་ཁྲིག་འབུམ་སྟོན་པར་བྱེད་དོ། །ཕལ་ཆེར་ནི་ལྷའི་བདག་པོ་གཞན་འཕྲུལ་དབང་བྱེད་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་(ཉན་ཐོས་དང་རང་སངས་རྒྱས་ཀྱི ་ཞེས་བྱང་སང)་མངོན་པར་རྟོགས་པའི་ཡེ་ཤེས་སྒྲུབ་པ་ལ་བྱང་བ་དང། གཙོ་བོ་ཡིན་ཞིང། སེམས་ཅན་རྣམས་སྐྱོན་མེད་པ་ལ་འཛུད་མཁས་པའོ། །འདིའི་ཐབས་ལ་མཁས་པ་ཉིད་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །དེ་ལྟར་ཡོངས་སུ་སྦྱོང་བའི་ས་བདུན་རྣམས་དང་འབད་པ་དང་བཅས་པས་མཚན་མ་མེད་པར་(མཚན་མ་ཐམས་ཅད་མཚན་མ་མེད་པར་ཡང་རྟོགས་ལ་མཚན་མར་བྱས་པའི་ཐ་སྙད་ཀྱང ་མི་འགག་པས)་སྤྱོད་པའི་(ས་བདུན་པ)་ཡོན་ཏན་རྣམས་རྟོགས་(ཤིང་ཐོབ)་པ་ལས་སེམས་བསྐྱེད་པ་བཅུ་གཉིས་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་སྟེ། (སྣང་བའི་འགྱུར་དུ་ཇི་ལྟར་སྨོན ་བའི་འབྲས་བུ་འགྲུབ་པའི་ཕྱིར་ཞེས་ཏེ།)་།སྨོན་ལམ་(མོས་པ་ཞེས་དག་ལྡན)་ཇི་ལྟ་བར་འབྲས་བུ་ཕུན་སུམ་ཚོགས་པའི་(ཱམ་འབྱོར་པ)་ཕྱིར་རོ། (།བློ་གྲོས་མི་ཟད་པར་གསུངས་པའི)་མངོན་པར་ཤེས་པ་མི ་ཟད་པའང་སྟེ་མངོན་པར་ཤེས་པ་རྣམས་(རྩོལ་མེད་དུ)་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་རོ། (།ས་བཞི་པར)་ས་མི་གཡོ་བའང་(ལྷུན་གྱིས་གྲུབ་པར་མཚན་མ་མེད་པར་འཇོག་ནུས་པ་ནས་ས་དགུ་པ་ཐོབ་ཀྱི་བར་སྟེ་དེར་ཆོས་དབྱིངས། དྲི་མེད ་འཕེལ་བ་མེད་དོན་དང། །དབང་ནི་རྣམ་པར་བཞི་ཡིས་གནས། །ཤས་པ་ལྟར་རྣམ་པར་མི་རྟོགས་པ་ལ་དབང་བ་དང། ཞིང་དག་པ་ལ་དབང་བའི་གནས་སུ་རྟགས་ཤིང་མཚན་མ་མེད་པ་ལ་སྒྲིབ་པའི་དང། མཚན་མ་དག་ལ་དབང་བའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་སྤོང་ངོ།)་།སྟེ་གང་གི ་ཕྱིར་བྱང་ཆུབ་ཀྱི་ཕྱོགས་དང་(ལྔ་པར)་བདེན་པ་དང་(དྲུག་པར)་རྟེན་ཅིང་འབྲེལ་པར་འབྱུང་བ་(རྟོག་པའི་ཤེས་རབ་ཐོབ་པ་མེད་རྣམས)་ལ་དམིགས་པའི་མཚན་མ་མེད་པར་གནས་པ་(མངོན་པར་འདུ་བྱེད་པ་མེད་པ)་རང་གི་དང་གིས་འབྱུང་བ་ཉིད་ཀྱི་ཕྱིར་གཡོ ་བ་མེད་དེ་དེའི་ཕྱིར་མི་གཡོ་བའོ། (།ཆོས་དབྱིངས་བསྟོད་པར་སངས་རྒྱས་ཀྱིས་དེས་འདི་གཟུང་ཞིང། ཡེ་ཤེས་རྒྱ་མཚོར་ཞུགས་པ་དང། །འབང་མེད་ལྷུན་གྱིས་གྲུབ་གྱུར་པ། །བདུད་ཀྱི་འཁོར་གྱི་མི་གཡོ་བའོ།)་།ཞེས། ཕྱིར་མི་ལྡོག་པའི་ས་ཞེས་བརྗོད་དེ། (བདུད་ཀྱི་ལས་དང་ཉོན་མོངས་པས)་ཡེ་ཤེས ་མི་ལྡོག་པའི་ཕྱིར་རོ། (།ཐབས་ཉིད་དེ)་འགྲོ་བ་ཐམས་ཅད་ཀྱིས་ཤེས་པར་དཀའ་བ་ཉིད་ཀྱི་ཕྱིར་བསྒྲུབ་པར་(ཱམ་རྙེད་པ)་དཀའ་བའི་སའོ། (།སྤྱོད་པ་རྣམ་པར་དག་པས་ན)་ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་སའོ། །བསམ་པ་ཇི་ལྟར་བཞིན ་དབང་བསྒྱུར་བའི་ཕྱིར་སྐྱེ་བའི་སའོ། (།གནས་པ་དག་པ)་ཡང་(འབད་པས)་བྱ་བ་མེད་པའི་ཕྱིར་ཡོངས་སུ་རྫོགས་པའི་(འཇིག་རྟེན་པས་འདུས་བྱས་པ་རྣམ་པར་དག་པ)་སའོ། །ཡེ་ཤེས་ཀྱི་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པ་ཉིད་ཀྱི་ཕྱིར་ཡོངས་སུ ་མཐར་ཐུག་པའི་སའོ། (།འཇིག་རྟེན་ལས་འདས་པའི་འདུས་བྱས་པ་རྣམ་པར་དག་པ།)་སྔོན་གྱི་མཛའ་རྣམས་སུ་སྨོན་ལམ་མངོན་པར་སྒྲུབ་པ་ཉིད་ཀྱི་ཕྱིར་སྤྲུལ་པའི་སའོ། (།དེ་གཉིས་ཀའི་འདུས་མ་བྱས་རྣམ་པར་དག་པ)་གཞན་གྱིས་མི་འཁྲུགས་པའི་ཕྱིར་བྱིན་རླབས་ཀྱི་སའོ། །སྔོན་གྱི་མཛའ་རྣམས་སུ་མངོན་པར་སྒྲུབ ་པ་ཉིད་ཀྱི་ཕྱིར་ལྷུན་གྱིས་གྲུབ་པའི་སའོ། །དགེ་བའི་ཆོས་རྣམས་(འབད་པ་མེད་པར)་ལྷུན་གྱིས་གྲུབ་པ་ཁོ་ནས་རྣམ་པར་སྨིན་པའི་བདག་ཉིད་དུ་འབྱུང་བའི་ཕྱིར་རྣམ་པར་སྨིན་པའི་སའོ། །སངས་རྒྱས་རྣམས་ལས་སངས་རྒྱས་ཉིད་(མྱ་ངན་ལས་འདས་པའི་སའོ་ཞེས་འབྱུང་བས་བརྟོག།) ་དུ་ལུང་བསྟན་པ་ཐོབ་པའི་ཕྱིར་ལུང་བསྟན་པའི་སའོ། (།གང་ཟག་དུས་ཀྱི་བྱེ་བྲག་གིས། །ལུང་བསྟན་པ་ཡང་རྣམ་པ་གཉིས། ཞེས་པ་ལྟར།)་ལུང་བསྟན་པའང་གང་ཟག་གི་བྱེ་བྲག་གིས་རིགས་ལ་གནས་པ་སེམས་བསྐྱེད་པ་མངོན་སུམ་(དུ་གནས་པ་ལུང་སྟོན་པ)་དང ་མངོན་སུམ་མ་ཡིན་པར་གནས་པའི་གང་ཟག་ལུང་སྟོན་པ་ལས་སོ།། (མདོ་སྡེ་རྒྱན་དུ། གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེའི་བཟོད་པ་ཐོབ་པ་ཡིས། ང་རྒྱལ་རྩོལ་བ་སྤངས་པ་ལས། །ཞེས་གསུངས་པས)་ལུང་བསྟན་པ་ཆེན་པོ་ནི་ས་བརྒྱད་པ་ལ་སྟེ་མི་སྐྱེ་བའི ་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། (།ས)་འདིར་ཡང་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་ལ་འཇུག་ཅིང། སེམས་(རྣམ་པར་སྨིན་པའི་རྣམ་པར་རིག་པ)་དང་ཡིད་དང་(དར་སེམས་པའི་རྣམ་པར ་རིག་པ)་རྣམ་པར་ཤེས་པའི་རྣམ་པར་རྟོག་པའི་(ཡུལ་རྣམ་པར་རིག་པ)་འདུ་ཤེས་ཐམས་ཅད་དང་བྲལ་ཞིང་(རང་གི་ངང་གིས་དེ་བཞིན་དུ་ཞུགས་པ་ལ་མི་གཡོ་བས་ཁྱད་པར་དུ་འཕགས་པས)་མི་སྐྱེ་བའི་ཆོས ་ལ་བཟོད་པ་ཐོབ་པ་ཞེས་བརྗོད་པར་བྱའོ། (།མི་སྐྱེ་བའི་ཆོས་ལ་བཟད་པ)་དེ་ཐོབ་པ་ལས་(བྱང་ཆུབ་སེམས་དཔའ་)་འདིའི་གང་བདེ་འགྲོ་དང་ངན་འགྲོར་རྣམ་པར་སྨིན་པར་བྱ་བའི་ལས་ཀྱི་སྒྲིབ་པ་དེ་རྣམས་ཡང་དག་པར་འཆད་པར་འགྱུར ་རོ། །གཞན་དུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མ་འོངས་པའི་སྐྱེ་བོ་ལ་རྗེས་སུ་རྩེ་བས་(ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་པ་སོགས)་སྟོན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་གནས་པ་ཟབ་མོ་ཤེས་པར་དཀའ་བ་(བྱང་ཆུབ་སེམས་དཔའ་དག་པའི་ས ་རྣམས་དང་ཐུན་མོང་དུ་གྱུར་པས)་དབྱེར་མེད་པར་(གཟུང་འཛིན་སྣང་བ་དང་བྲལ་བས།)་མཚན་མ་ཐམས་ཅད་དང་བྲལ་པ་རྗེས་སུ་ཐོབ་པ་ནས། ཀུན་གཞིའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཤིན་ཏུ་གནས་པ་ཞེས་པ་འགྲེལ་དུ་རྣམ་པར་སྨིན་པའི་ཆོས་ཉིད་ལ་གནས་པ་ཡང ་ངོ། (།བྱང་ཆུབ་སེམས་དཔའ་ས་བརྒྱད་པ་དེ་ལ་རྣམ་པ་ཐམས་ཅད་དུ་(འཁོར་བ་དང་མྱང་འདས)་གཉིས་ལ་ཀུན་ཏུ་སྤྱོད་པ་འམ་མཚན་མ་ལ་ཀུན་ཏུ་སྤྱོད་པ་(ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ལས་འདོད་ཁམས་ཀྱི་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བ་ལྟར)་སྣང་བར་མི་འགྱུར་རོ། དེ་(དབུ་མ་ལ་འཇུག་པར) ་འགོག་པ་ལ་སྙོམས་པར་ཞུགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནས་འགག་པ་དེ་ལས་སློང་བར་མཛད་དེ། (ཞེས་སོ)་ཇི་སྐད་དུ་འཕགས་པ་ས་བཅུ་པར་གསུངས་པ་དེ་སྔོན་གྱི་སྨོན་ལམ་(འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར)་ཤོག་ཅེས་སོ་གྱི་སྟོབས་བསྐྱེད་པ ་དང་ཆོས་ཀྱི་སྒོའི་རྒྱུན་(གྱི་ཏིང་ངེ་འཛིན་ཞེས་ཛ་ཡ)་དེ་ལ་གནས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པ་མཛད་(ཅིང་བྱིན་གྱིས་རློབ)་དེ། དེ་(བྱང་ཆུབ་སེམས་དཔའ་ལ)་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས ་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་(སྟོབས་དང་མི་འཇིགས་པ་སོགས)་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་སྟེ། (སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན)་འོན་ཀྱང་རིགས་ཀྱི་བུ་གང་ངེད་རྣམས་ཀྱི་སྟོབས་བཅུ་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱིས། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་ཚོལ། (ཞིང་སྒྲུབ)་པ་ལ་མངོན་པར་སྦྱོར་(བ་རབ་རྩོལ་བ)་གྱིས་ཤིག་།བརྩོན་འགྲུས་(ཡང་དང་ཡང་དུ་སྦྱོར་བ་བྱེད་པའི་སྒོ་ནས་རྩོམས་ཤིག་མི་སྐྱེ་བའི་ཆོས་ལ) ་བཟད་པའི་(རྫོགས་པའི་བྱང་ཆུབ་ཀྱི)་སྒོ་(ཏེ་ཐབས)་འདི་ཉིད་ཀྱང་མ་འདོར་ཅིག་།གཞན་ཡང་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པས་གནས་པ་(ཡང་དག་པའི་མཛའ་ཨི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ།)་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་འདི་རྣམས་ལ་སོམས་ཤིག་།ཡང ་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དོན་ཐོབ་པར་བྱ་བ་དང་ཡེ་ཤེས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་(རྣམས་དོན་མེད་དུ་མི་འགྱུར་བ)་རྗེས་སུ་དྲན་པར་གྱིས་ཤིག་སྟེ་གང་འདི་ཆོས་ཐམས་ཅད་སྟོང་པ་ཉིད་དང་ཆོས་ཐམས་ཅད་དམིགས་སུ་མེད་པའོ། འགྲོ་བའི་དོན་དང་ཡེ་ཤེས་ཀྱི་སྒོ་ནས ་ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ་དེ་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་རྣམས་སུ་གཞུག་པ་མ་མཛད་ན་དེ་ཁོ་ནར་(བྱང་ཆུབ་སེམས་དཔའ་།)་འདིའི་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར ་ཏེ། (འགོག་པ་ལས་མི་ལྡང་བས་ན)་སེམས་ཅན་ཐམས་ཅད་ཀྱི་བྱ་བ་རྒྱུན་འཆད་པའོ་ཞེས་སོ། (།བྱང་ཆུབ་སེམས་དཔའ་)་འདིའང་(རྒྱ་མཚོར་ཕྱིན་པའི་གྲུ་བོ་ཆེ་རླུང་གིས་བསྐྱོད་པའི་དཔེ)་གང་ཡུད་ཙམ་ཞིག་གིས་ལྷུན་གྱིས་གྲུབ་པའི་(རང་གི་ངང་གིས་འཇུག་པ)་ཡེ་ཤེས་ཉིད་ཀྱིས་ཐམས ་ཅད་མཁྱེན་པའི་ཡེ་ཤེས་གནོན་པ་དེ་ནི་སྔར་གྱི་(ས་བདུན་པ་ཡན་ཆད)་རྩོལ་བ་དང་བཅས་པའི་ལས་ཅན་གྱིས་བསྐལ་པ་འབུམ་གྱིས་ཀྱང་དེ་སྙེད་དུ་དཔག་ཏུ་མེད་པ་རྗེས་སུ་ཐོབ་པར་མི་ནུས་སོ། (།ས་འགྲེལ་དུ་སྣོད་དུ་འཇིག་རྟེན་ལ་དབང་བ་ནི་ཞེས་སོ)་འཇིག་རྟེན་གྱི ་ཁམས་རྣམས་དང་སེམས་ཅན་རྣམས་ཀྱི་སོ་སོར་རབ་ཏུ་དབྱེ་བ་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སངས་རྒྱས་ཀྱི་ཞིང་གཅིག་ལས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་རྗོད་དུ ་མེད་པ་རྣམས་སུ་དང། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་ནའང་(དེ་འདྲ་བའི་རང་གི་ལུས་སྟོན་པས)་སོ་སོར་སྣང་བར་འགྱུར་བ་ཡིན་ནོ། (།སེམས་ཅན་གྱི་འཇིག་རྟེན་ལ་དབང་བའི་སྦྱོར་བ་སྟོན་ཏེ་ཞེས་པ་འབྲེལ་དུ།)་སེམས་ཅན་རྣམས་ཀྱིས་ལུས་རྣམ་པར ་དབྱེ་བ་(ཇི་འདྲ་བ)་ཁ་དོག་དང་རྟགས་དབྱིབས་དང་ཆུ་ཞེང་རྣམས་དང། མོས་པ་དང་ལྷག་པའི་བསམ་པ་ཅི་འདྲ་བར། སངས་རྒྱས་ཀྱི་ཞིང་དེ་རྣམས་སུ་དང་འཁོར་གྱི་དཀྱིལ་འཁོར་རྣམས་སཱུང་དེ་དང་དེར་དེ་ལྟ་དེ་ལྟར་རང་གི་ལུས་ཀུན་ཏུ་སྟོན་ཏེ། དགེ་(དགེ་བྱེད?་གི ་འཁོར་གྱི་དཀྱིལ་འཁོར་དུ།)་སྦྱོང་དང་བྲམ་ཟེ་དང་རྒྱལ་རིགས་དང་(རྗེའུའི་རིགས་དང)་ཁྱིམ་བདག་དང་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དང་ཚངས་པ་རྣམས་ཀྱི་གཟུགས ་རང་རང་གི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་སྟོན་པ་ནས་ཇི་སྲིད་དུ་འོག་མིན་འཁོར་གྱི་དཀྱིལ་འཁོར་རྣམས་སུ་འོག་མིན་གྱི་གཟུགས་སྟོན་པའི ་བར་དང། ཉན་ཐོས་དང་(ཀྱིས་འདུལ་བར་བྱ་བ་ལ་དེ)་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་(མཚན་དང་དཔེ་བྱད་ཀྱིས་བརྒྱན་པ)་གཟུགས་སུ་སྟོན་ཏེ་དེ་དང་དེའི་གཟུགས་ཀྱིས་གདུལ་བ་(འདི་སེམས་ཅན)་རྣམས་ཀྱི་དོན་གྱི་ཆེད་དུའོ།། ་དེ་ལྟར་གདུལ་བྱའི་ལུས་དང་སེམས་དང་སྐལ་བ་མཐུན་པར་བདག་ཉིད་ཀྱི་ལུས་དང་སེམས་དག་སྟོན་ཏོ། །འདི་(བཤད་མ་ཐག་པ)་འང་བསམ་གྱིས་མི་ཁྱབ་པ་སྟེ། ཇི་སྐད་དུ་འཕགས་པས་བཅུ་པར་གསུངས་པ། (བྱང་ཆུབ་སེམས་དཔའ་)་དེ་སེམས ་ཅན་རྣམས་ཀྱི་སེམས་དང་བསམ་པ་མངོན་པར་སྒྲུབ་པ་ཀུན་ཏུ་ཤེས་ནས་ཇི་ལྟར་གདུལ་བྱ་ཡོངས་སུ་སྨིན་པའི་དུས་ལས་མི་འདའ་བར་(ཱོག་ནས་འབྱུང་བ་གཞིན་སྤྲུལ་པར)་འདོད་ན་སེམས་ཅན་གྱི་ལུས་རང་གི་ལུས་སུ་བྱིན་གྱིས་རློབ་པའོ། །དེ་བཞིན་དུ ་སངས་རྒྱས་ཀྱི་ཞིང་གི་ལུས་དང། ལས་ཀྱི་རྣམ་པར་སྨིན་པའི་ལུས་དང། ཉན་ཐོས་ཀྱི་ལུས་དང་རང་སངས་རྒྱས་ཀྱི་ལུས་དང་བྱང་ཆུབ་སེམས་དཔའ་ཨི་ལུས་དང། དེ་བཞིན་གཤེགས་པའི་སྐུ་དང། (ཐོས་པ་ལས་བྱུང་བ་ལ་སོགས་པའི)་ཤེས་པའི ་ལུས་དང་ཆོས་ཀྱི་ལུས་དང་ནམ་མཁའ་ཨི་ལུས་བྱིན་(རང་གི་ལུས་སུ)་གྱིས་རློབ་པོ། །རང་གི་ལུས་སེམས་ཅན་གྱི་ལུས་སུ་བྱིན་གྱིས་རློབ་པོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་ལུས་ལ་སོགས་པ་ནམ་མཁའ་ཨི་ལུས་ཀྱི་བར་དུ་རང་གི་ལུས་བྱིན་གྱིས་རློབ་པོ་ཞེས་སོ། (།པའི་འགྲེལ་པར་འདིར) ་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡེ་ཤེས་ངག་གིས་ཡེ་ཤེས་(མངོན་པར)་རྫོགས་པར་བྱང་ཆུབ་པ་ལ་དབང་འབྱོར་བའི་སྦྱོར་བར་རིག་པར་བྱ་སྟེ། དེ་ལ་དོན་དམ་པའི་ཡེ་ཤེས་ནི་ལུས་སུ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་དང། ལུས་མཉམ ་པ་ཉིད་(དུ་རྟོགས་པ)་ཐོབ་པས་སྟོན་ཏེ། རང་དང་གཞན་གྱི་རྒྱུད་(ཐ་དད་དུ)་ཡོངས་སུ་མི་གཅོད་པས་སོ། (།བཤད་མ་ཐག་པ)་འདིས་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་དོན་དམ་པའི་ཡེ་ཤེས་ཡོངས་སུ་གསལ་བར་བྱས་པར་འགྱུར་རོ། །ཀུན་རྫོབ་ཀྱི་ཡེ ་ཤེས་ནི་སེམས་ཅན་གྱི་ལུས་ལ་སོགས་པ་རབ་ཏུ་ཤེས་པ་སྟེ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང། གཉིས་ཀ་མ་ཡིན་པའི་ཕྱོགས་རབ་ཏུ་ཤེས་པའི་ཕྱིར་རོ། །དེ་ལ་སེམས་ཅན་(གྱི་ལུས)་དང་སྣོད་ཀྱི་འཇིག་རྟེན་ཞིང་(གི་ལུས)་དག ་དང་དེའི་སྐྱེ་བའི་རྒྱུ་ལས་ཀྱིས་(ལུས་ཀྱི)་ཀུན་ནས་ཉོན་མོངས་པའི་ཕྱོགས་རིག་པར་བྱའོ། །ཐེག་པ་གསུམ་གྱིས་རྣམ་པར་བྱང་བའི་ཕྱོགས་ཏེ་དེ་ཡང་(ཤེས་པའི་ལུས་ཀྱི)་ཡེ་ཤེས་གང་གིས་དང་ཆོས་གང་གིས་རབ་ཏུ་ཕྱེ་བའོ། །ནམ་མཁའ་ཨི་ལུས་ཀྱིས་(ཀུན་ནས་ཉོན ་མོངས་པ་དང་རྣམ་བྱང)་གཉིས་ཀ་མ་ཡིན་པའི་ཕྱོགས་སོ། (།སེམས་ཅན་གྱི་ལུས་ལ་སོགས་པ)་རང་གི་ལུས་སུ་བྱིན་གྱིས་རློབ་པས་ནི། དབང་དེ་དང་དེ་ལ་བྱ་བ་མཚུངས་པའི་སྒྲུབ་པར་བྱེད་པའི་སྦྱོར་བ་ཉིད་ཡོངས་སུ་གསལ་བར་བྱེད་དོ། །དབང་བཅུ་རྣམས་ཀྱང ་ས་འདིར་(བརྒྱད་པ།)་ལ་སོ་སོར་འཐོབ་སྟེ། (དབང་བཅུ་པོ)་གང་རྣམས་ཐོབ་པ་ལས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་(བསམ་པར་མི་ནུས་པ)་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ཉིད་དང་ལྡན་པ་ཡིན་ནོ། ། ་*། (།འདི་གཅིག་ཏུ་མི་གཡོ་བ་སྟེ།)་རྟག་པར་རྒྱུན་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡིན། (དེ་ཡང་ཡོན་ཏན་ལྔ་སྟེ་མཆོད་པའི་ཡོན་ཏན་ནི)་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོད་པ་(བཞི)་ལ་སོགས་པ་རྣམས་ཀྱིས་བསུ་བ ་ཡིན། (ཀུན་ཏུ་བསྲུང་བའི་ཡོན་ཏན་ནི)་ལག་ན་རྡོ་རྗེ་རྣམས་རྟག་པར་ཕྱིར་འབྲང་པ་ཡིན། (རྟེན་གྱི་ཡོན་ཏན་ནི)་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མ་བཏང་པ་ཡིན། ལུས་རྣམ་པར་ཕྱེ་བ་ཚད་མེད་པ་མངོན་པར་བསྒྲུབས་པ་ཡིན། (སེམས་ཅན་སྨིན་པར་བྱེད་པའི་ཡོན་ཏན་ནི་ལྔ་སྟེ) ་ལུས་ཀྱི་སྤྱོད་པའི་སྟོབས་ཐམས་ཅད་དང་ལྡན་པ་ཡིན། མངོན་པར་ཤེས་པ་ཆེན་པོའི་རྣམ་པར་སྨིན་པ་ཡོངས་སུ་གྲུབ་པ་(ཡིས་དང་པོ་དང་བསམ་པ་དང་བག་ལ་ཉལ་ཤེས་པར་ནུས་པ།)་ཡིན། ཏིང་ངེ་འཛིན་མཛའ་ཡས་པ་ལ་དབང་བྱེད་པ་ཡིན། ལུང་བསྟན་པ་ཚད་མེད་པ ་ཡང་དག་པར་ཚོལ་བ་ཡིན་འགྲོ་བ་ཇི་ལྟར་སྨིན་པ་ལྟར་(ཞིང་ཡོངས་སུ་དག་པའི་ཡོན་ཏན་ནི)་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པ་(ཡིས་བཏང་པར་ནུས་པ)་ཡིན། ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པ་ཡིན། བསྐལ་པ་རེ་རེ་དང་འཇིག་རྟེན་གྱི་ཁམས་རབ་འབྱམ ་རེ་རེར་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་རྣམས་ལ་བསྟི་སྟང་བྱེད་བཙུན་པར་བྱེད་དོ། །ཆོས་(འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བ་སྔོན་དུ་འགྲོ་བའི)་ཀྱི་སྣང་བ་ཉེ་བར་སྒྲུབ་པའང་ཚོལ་ལོ། །འདིའི་(བྱང་ཆུབ་སེམས་དཔའ་)་དགེ་བའི་རྩ་བ་དེ་རྣམས་ཀྱང་རྒྱ་ཆེན་པོར ་འགྱུར། (རབ་ཏུ་སྤྱངས་པ)་ཚིམ་པར་བྱེད། ཡོངས་སུ་དག་པར་འགྱུར། འོད་གསལ་བར་འགྱུར་རོ། །ཐེག་པ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའང་རྣམ་པ་དགུ་སྟེ། དཀྱིལ་འཁོར་གྱི་དོན་ནི་མི་ཕྱེད་པའི་དོན་ནོ། །འདི་ལྟ་སྟེ། ཡེ་ཤེས་མི་ཕྱེད་པ་དང། བཤད ་པ་(ཱམ?་བསྟན་པ)་མི་ཕྱེད་པ་དང། རྣམ་པར་གྲོལ་བ་མི་ཕྱེད་པ་དང། ཞིང་ཡོངས་སུ་དག་པར་དབྱེར་མེད་པ་དང། ཐེག་པ་ཆེན་པོ་ལ་འཇུག་པར་དབྱེར་མེད་པ་དང། མངོན་པར་ཤེས་པ་མི་ཕྱེད་པ་དང། དྲིས་པ་ལུང་སྟོན་པར་ནུས་པར་དབྱེར་མེད་པ་དང། བྱང་ཆུབ ་ཀྱི་སྙིང་པོ་ལ་འདུག་པ་མི་འཕྱེད་པ་དང། མངོན་པར་རྫོགས་པ་བྱང་ཆུབ་པ་དབྱེར་མེད་པའོ། །འདིར་(འཇུག་པའི་འགྲེལ་པར་དང་ངོ། དོན་དམ་པའི)་སེམས་བསྐྱེད་པར་གྱུར་པས་ཀྱང་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་གང་སྨོན་ལམ་སྤངས་མེད་པ་བརྒྱ་མངོན་པ ་བསྒྲུབ་པས་དེ་རྣམས་འདིའི་ཡོངས་སུ་དག་པར་(ཏེ་ཡོངས་སུ་སྨིན་པའི་ཚུལ་གྱིས་རང་གི་ངང་གིས་འཇུག་པར)་འགྱུར་བས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཤིན་ཏུ་ཤས་ཆེ་བར་འགྱུར་རོ། །དེ་ལྟར་འདི་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ ་པའི་འཇིག་རྟེན་གྱི་(ས་རྒྱད་པའི་བྱང་སེམས་ཁམས་རྣམས་བྱམས་པ་ཆེན་པོའི)་སྣང་བ་སྤྲོས་ནས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ཡོངས་སུ་གདུང་བ་རིམ་གྱིས་ཞི་བར་བྱེད་ཅིང་རྟེན་(སེམས་ཏེ)་རྣམས་ཀྱང་ཚིམ་པར་བྱེད་དོ། །ས་(འབུམ་ཊིཀ)་འདི་ལའང་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་(མེད?་?) ་ཤིན་ཏུ་ཕྲ་པའང་མེད་དོ་ཞེས་པས་འདོད་པ་ལྔ་ལ་(ཆགས་པས)་ཡོངས་སུ་ལོངས་སྤྱོད་པ་མི་སྲིད་པ་ཁོ་ན་སྟེ། དེ་ལྟ་ནའང་སེམས་ཅན་ཡོངས་སུ་སྨིན་པའི་རྒྱུར་བྱང་ཆུབ་སེམས་དཔའ་རྣམས་འདོད་པའི་ཡོན་ཏན་(གཟུགས་སོགས)་ལྔ་ཡིད་དུ་འོང་བ)་རྣམས་ཉེ་བར་ལེན་(ལོངས་སྤྱོད ་པར་བྱེད)་ཏེ་དེ་ལྟར་ནི་བསྡུ་པའི་དངོས་པོ་ལ་མཁས་པ་བདག་ཅག་གི་བྱང་ཆུབ་སེམས་དཔའ་(རྒྱལ་བུ་དོན་ཐམས་ཅད་གྲུབ་པ)་དོན་མཐུན་པ་ཉིད་ཀྱིས་བསྡུ་བའི་དོན་དུ་གྲགས་འཛིན་མ་དང་ས་སྐྱོང་མ་(ཱམ་ས་མཚོམ)་ལ་སོགས་པ་བུད་མེད་སྟོང་ཕྲག་ཉི་ཤུ་རྩ་བཞི ་རྣམས་ལ་སོ་སོར་སྐུ་མངོན་པར་སྤྲུལ་ནས་དེ་རྣམས་ཐམས་ཅད་དང་རོལ་ཏེ། (།པ་བསྟན)་གལ་ཏེ་འདོད་པ་ལ་སྤྱད་པ་བདེན་པ་མ་ཡིན་འོན་ན་དེའི་ཚེ་སྒྲ་གཅན་འཛིན་སྲས་ཡིན་པའང་བདེན་པ་མ་ཡིན་པར་འགྱུར་རོ་ཞེ་ན། མི་བདེན་པ་མ་ཡིན་ཏེ། སྲས་རྣམས་ནི ་འདོད་པ་ཡོངས་སུ་ལོངས་སྤྱོད་(འཁྲིག་པ་བྱས་པ)་པའི་རྒྱུ་ལས་མངལ་དུ་གནས་ཤིང་སྐྱེ་བ་ཁོ་ན་མ་ཡིན་གྱི། རྫུས་ཏེ་སྐྱེ་བ་རྣམས་ཀྱང་འབྱུང་ངོ། སྒྲ་གཅན་འཛིན་བཟང་པོའང་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། (སེམས་ཅན་གྱི་དོན་གྱི)་དགོས་པའི་དབང་ཁོ་ནར་མངལ་དུ ་གནས་པའི་རྣམ་པར་(ཀུན་ཏུ)་བསྟན་པའོ། །ཞེས་སོ་འཕགས་པ་ཆོས་འཕགས་ས་བཅུའི་དབང་ཕྱུག་བུད་མེད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་བརྩེན་པའང་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་སྦྱོར་བ་ནི་བླ་ན་མེད་པའི་ཡུལ་ཅན་གྱི་དགའ་བ་ལ་དབང་(འབྱོར)་པའི་རྟེན་ཡིན་པ་ཉིད་ཀྱིས་ན་འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པའི་དོན་དུ་སེམས་ཅན་(སྐྱེས་པ་དང་བུ་མེད་སོགས)་མཉམ་པ་ཉིད་ཀྱིས་རྒྱས་པར་བྱེད་པ་ལས་ཏེ་བུད་མེད་ཀྱི་དངོས་པོ་དང་ལྡན ་པའི་སེམས་ཅན་རྣམས་ཀྱིས་ཀྱང་རང་དང་གཞན་གྱི་དོན་རྣམ་པར་དག་པའི་ཆེད་དུ་(འཕགས་པ་ཆོས་འཕགས)་དེའི་འཁོར་གྱི་དངོས་པོ་དོན་དུ་གཉེར་བར་བྱེད་པའི་ཕྱིར་རོ། །འཕགས་པ་དཀོན་མཆོག་བརྩེགས་པར་ཡང་གསུངས་པ། འོད་སྲུངས་འདི་ལྟ་སྟེ་སྔགས ་དང་སྨན་གྱིས་ཡོངས་སུ་གཟུང་བའི་དུག་གིས་(འཆི་བའི་སྒོ་ནས)་ལྟུང་བར་བྱེད་མི་ནུས་སོ། །འོད་སྲུངས་དེ་བཞིན་དུ་ཤེས་རབ་དང་ཐབས་ལ་མཁས་པའི་སྨན་གྱིས་ཡོངས་སུ་ཟིན་པ་བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས་པའི་(འདོད་ཆགས་ཀྱི)་དུག་གིས་ལྟུང་བར་བྱེད་མི ་ནུས་སོ་ཞེས་དང། འོད་སྲུངས་འདི་ལྟ་སྟེ། གྲོང་ཁྱེར་ཆེན་པོའི་ལྗན་ལྗིན་(ལུང་གང)་དེ་ལྟ། བུ་རམ་ཤིང་གི་ཞིང་རྣམས་དང་རྒུན་འབྲུམ་གྱི་ཞིང་རྣམས་ལ་ཉེ་བར་མཁོ་བར་གྱུར་པར་(ཕན་པར)་འགྱུར་རོ། །འོད་སྲུངས་དེ་བཞིན་དུ་གང་བྱང་ཆུབ ་སེམས་དཔའ་ཨི་ཉོན་མོངས་པའི་ལྗན་ལྗིན་(ལུང)་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་མཁོ་བར་(ཕན་པ)་གྱུར་པར་འགྱུར་རོ་ཞེས་སོ། །ས་འདི་ལ་བྱང་ཆུབ་སེམས་དཔའ་ཕལ་ཆེར་སྟོང་གི་བདག་པོ་ཚངས་པ་ཆེན་པོར་འགྱུར་ཏེ། ཟིལ་གྱིས་གནོན་པ ་པ་(གཞན་རྣམས་ཀྱིས)་ཟིལ་གྱིས་མི་གནོན་པ་དང་དབང་ཉིད་ཐོབ་པ་གཙོ་བོ་སྟེ། སེམས་ཅན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་བསྒྲུབ་པའི་ཆེད་དུ་ལས་ཐམས་ཅད་ཀྱི་བསྡུ་བའི་དངོས་པོ་(བཞི་པོ)་རྣམས་ཀྱིས་རྩོམ་མོ། །སྐད་ཅིག་གཅིག་གིས་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་རྣམས་སོ་སོར་ཐོབ་པོ། །དེ་སྙེད་ཀྱི་སངས་རྒྱས་མཐོང་ངོ། །དེ་(སངས་རྒྱས)་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །དེ་སྙེད་ཀྱི་འཇིག ་རྟེན་གྱི་ཁམས་གཡོ་བར་བྱེད་སྣང་བར་ཡང་བྱེད་དོ། །དེ་སྙེད་ཀྱི་ཞིང་རྣམས་སཱུང་འགྲོའོ། །དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྙེད་ཀྱི་བསྐལ་པར་གནས་ཤིང་སྔོན་གྱི་མཛའ་དང་ཕྱི་མའི་མཐར་འཇུག་གོ་།དེ་སྙེད་ཀྱི ་ཆོས་ཀྱི་སྒོ་རྣམ་པར་འབྱེད་དོ། །དེ་སྙེད་ཀྱི་ལུས་སྟོན་ནོ། །ལུས་སོ་སོ་ལའང་བྱང་ཆུབ་སེམས་དཔའ་ཨི་འཁོར་དེ་སྙེད་དོ། །དེ་ལྟར་(ས?་འགྲེལ་དུ)་ས་བརྒྱད་པ་ལ་ཡེ་ཤེས་ཀྱི་ལས་མངོན་པར་སྒྲུབ་པ་རྣམས་ཀྱིས་ཞིང་ཡོངས་སུ་དག་པར་རྫོགས་པར་བྱས་ནས ་ས་དགུ་པ་(སེམས་ལ)་ཅན་ཡོངས་སུ་སྨིན་པ་རྫོགས་པར་བྱེད་དོ། (།ཞེས་སོ)་དེ་ཡང་(བྱང་སེམས)་འདིའི་སེམས་བསྐྱེད་པ་བཅུ་གསུམ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཉི་མ་ལྟ་བུ་སྟེ། (བློ་གྲོས་མི་ཟད་པར་གསུངས་པ་ལྟར)་མི་ཟད་པའི་སྡུ་བའི་དངོས་པོ་རྣམས ་ཀྱིས་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །ས་ལེགས་པའི་བློ་གྲོས་ཀྱང་སྟེ། པ་གང་གི་ཕྱིར་འདིར་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པ་རྣམས་(སོ་སོ་ཡང་དག་པར་རིགས་པ་བཞི་རྣམས་ཀུན་ཏུ་ཆོས་སྟོན་པ་ལ་དབང་ཐོབ་པ་ནས་ས་བཅུ་པ་ཐོབ ་བའི་བར་དུ་སྟེ། དེར་ཆོས་དབྱིངས་ཡེ་ཤེས་ལ་དབང་པོའི་གནས་སུ་རྟོགས་ཤིང། ཆོས་བསྟན་པ་ཚད་མེད་པ་དང་ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་དང་གོང་ནས་གོང་དུ་ཤེར་པ་ས་དང་སྤོབས་པ་ལ་གཟུངས་ལ་དབང་པའི་ཤིན་ཏུ་རྨོངས་པ་དང་སྤོབ་པ་ལ་དབང་བའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་སྤོང་ངོ།)་།ཀྱིས་ཆོས་འཆད་པ་པོ་ཉིད ་ཀྱི་ཕྱིར་ལེགས་པ་སྟེ། དེའི་ཕྱིར་ལེགས་པའི་བློ་གྲོས་སོ། (།ཆོས་དབྱིངས་བསྟོད་པར་སོ་སོ་ཡང་དག་རིག་ཀུན་ལ་ཆོས་སྟོན་པ་ཡི་འབེལ་བའི་གཏམ། རྣལ་འབྱོར་པ་དེ་མཐར་སོང་བས། ས་དེ་ལེགས་པའི་བློ་གྲོས་འདོད་ཅེས་གསུང་དེ་ནི་(ས་དགུ་པའི་སེམས་དཔའ་སོ་སོ)་ཡང་དག་པར་རིག་པ་བཞི་རྣམས ་ཀྱིས་ཆོས་སྨྲ་བ་པོ་ཆེན་པོའོ། །དེ་ལྟར་སྤོབས་པ་མི་ཆོད་པ་ཅན་དེའི་སྔོན་བསགས་པའི་དགེ་བའི་རྩ་བ་རྣམ་པར་སྨིན་པའི་བདག་ཉིད་ཡོངས་སུ་གྱུར་པ་རྣམས་འཁོར་བ་ཇི་སྲིད་པར་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་དོན་དང ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྫོགས་པར་(དང་འགྲུབ་པ)་བྱེད་དོ། །དེ་ཉིད་ཀྱི་ཕྱིར་(ས་དགུ་པའི)་སྤྱོད་པ་འདི་ངེས་པའི་སྤྱོད་པ་ཞེས་བརྗོད་དེ། སྨོན་ལམ་གྱི་སྟོབས་ཀྱིས་མངོན་པར་གྲུབ་པ་ཉིད་ཀྱི་ཕྱིར་རོ། སྤྱོད་པ་འདིས་ཀྱང་ཡོངས་སུ་སྨིན་པའི་སེམས་ཅན་རྣམས ་ཐེག་པ་གསུམ་ལ་ངེས་པར་འགྱུར་རོ། །རྣམ་པར་སྨིན་པའི་བདག་ཉིད་ཀྱི་ཕྱིར་དོན་ཡོད་པའི་སྤྱོད་པ་འཇུག་གོ་།དེ་ཉིད་ཀྱི་ཕྱིར་ངེས་པའི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་ཉི་མ་གཅིག་ལ་སེམས་ཅན་གྱི་དོན་གྱི་བྱ་བ་ཡོངས་སུ ་རྫོགས་པར་བྱས་པ་ལ་སྔ་མའི་སྤྱོད་པ་ཅན་(ས་བརྒྱད་པ་མན་ཆད)་རྣམས་ཀྱིས་བྱེ་བ་སྟོང་ཕྲག་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། (ས་དགུ་པའི་བྱང་ཆུབ་སེམས་དཔའ་)་འདི་ཡང་གཟུངས་(ཱོག་ཏུ་འཆད་པའི་གཟུགས་བཅུ་ལ་སོགས་པ)་ཀྱི་སྒོ་ཚད་མེད་པ་གྲངས་མེད་པ་འབུམ་ཐོབ ་པ་རྣམས་ཀྱིས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་གྲངས་མེད་པ་རྣམས་ཀྱི་མདུན་དུ་ཆོས་ཉན?་ཅིང་ཐོས་ནས་ཀྱང་མི་བརྗོད་དོ། (།ཆོས)་ཇི་སྐད་དུ་ཐོས་པའང་(ཡན་ལག)་གྲངས་མེད་པ་འབུམ་ཕྲག་བཅུ་དང་ལྡན་པའི ་དབྱངས་ཀྱི་ཡན་ལག་ལ་མཁས་པས་(གྲངས་མེད་པ་འབུམ་ཕྲག་བཅུ་ཡོད་དེ)་སྙིང་དུ་ཚད་མེད་པ་དང་ལྡན་པའི་སྤོབས་པ་རྣམ་པར་ཕྱེ་བའི་སྒོས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་དུ་རྒྱས་པར་བཀང་ནས་བསམ་པ་དང་མོས ་པ་ཇི་ལྟ་བ་བཞིན་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཡུམ་རྒྱས་ཁྲིད་གི་གླེང་གཞི་ལས་བྱུང་བའི།)་འཁོར་མཛའ་ཡས་པ་ཟིལ་གྱིས་གནོན་པའི་མི་འཇིགས་པ་དང་ལྡན་ཞིང་ཆོས་ཀྱི་སྟན་ལ་འདུག་པས། འདོད་ན་སྒྲ་སྐད་ཅིག་བརྗོད་པས་འཁོར་ཐམས་ཅད ་སྒྲ་སྐད་སྣ་ཚོགས་པ་ཚད་མེད་པས་ཆོས་ཀྱི་སྒོ་རྣམས་(ཤེས་སུ་འཇུག་ཅིང)་གོ་བར་བྱེད་དོ། །སྒྲ་སྣ་ཚོགས་དང་དབྱངས་ཀྱི་ཡན་ལག་ཐ་དད་པ་རྣམ་པར་ཕྱེ་བ་རྣམས་ཀྱིས་(གོ་བར་བྱེད་པ)་ཡང་ནའོ། །འདོད་ན་ཡི་གེ་(་ལྟ་བུ)་གཅིག་གི་སྒྲ་ལ་ཆོས་ཐམས་ཅད་རབ་ཏུ་ཕྱེ་བའི་སྒྲ་འབྱུང་བར་བྱེད ་པ་སྤུའི་ཁུང?་བུ་(རྣམས)་ལས་དང། འོད་ཟེར་རྣམས་ལས་དང། ནམ་མཁའ་ལས་དང། འཇིག་རྟེན་གྱི་ཁམས་གྲངས་མེད་པར་(གཏོགས་ཤིང)་སོན་པའི་གཟུགས་ལ་སོགས་པའི་སྣང་བ་ལས་ཀྱང་སྟེ་(ཆོས་ཀྱི་སྒྲ་འབྱུང་བར་བྱེད)་འདི་ནི་མདོར་བསྡུས་པ་ལས་འདིའི་(བྱང་ཆུབ་སེམས་དཔའ་ས་དགུ་པ་ལ) ་སྟོན་པ་ཕུན་སུམ་ཚོགས་པའོ། །དེའང་རྣམས་པ་གསུམ་དུ་ཡོངས་སུ་རྟོགས་པར་བྱ་སྟེ། ཡེ་ཤེས་ཕུན་སུམ་ཚོགས་པ་དང། གསུང་ཕུན་སུམ་ཚོགས་པ་དང། སྨྲ་པ་པོ་ཕུན་སུམ་ཚོགས་པས་སོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་གང་ཐེག་པ་གསུམ་གྱི་དབྱེ ་བས་(ས་ཡོངས་སུ་སྨིན་པས)་རྣམ་པར་གྲོལ་བའི་སྣོད་ཉིད་ལ་སོགས་པ་(རྣམས་གྲོལ་གྱི་རང་བཞིན་དང་དབྱེ་བ)་སྟོན་པའོ། །གང་ཡང་(ཉན་ཐོས་ལ་སོགས་པའི)་རིགས་དང་དབང་པོའི་(རྟུལ་འབྲིང་རྣོན་པོ)་རབ་ཏུ་དབྱེ་བ་ལ་སོགས་པའི་དབང་དུ་བྱ་བ་ནི་(ཡེ་ཤེས་ཕུན་སུམ་ཚོགས་པ)་དེའི་ཡུལ་ལོ། །གསུང་ཕུན ་སུམ་ཚོགས་པ་ནི་སོ་སོ་(ཱོག་ནས་འཆད་པར་འགྱུར་བའི)་ཡང་དག་པར་རིག་པས་མངོན་པར་བསྒྲུབས་པའི་ཆོས་སྟོན་པའོ། །དེའང་རྣམས་པ་བཞི་སྟེ། གསུང་རབ་ཡན་ལག་བཅུ་གཉིས་སྟོན་པ་དང། དེའི་བཤད་པ་སྟོན་པ་དང། (གདུལ་བྱ)་གང་གི་བསམ་པ་ཇི་ལྟ་གདའ་? ་རྗེས་སུ་འཇུག་པའི་ཕྱིར་རྗེས་སུ་འཇུག་པ་སྟོན་པ་དང། གང་རྣམ་གྲངས་ཇི་སྙེད་པ་རྣམས་ཀྱིས་རྟོགས་པར་བྱ་བ་(ཱི་རྣམས་གྲངས)་དེ་སྟོན་པའི་ཕྱིར་རྗེས་སུ་མཐུན་པ་སྟོན་པའོ། །གསུང་རབ་ཡན་ལག་བཅུ་གཉིས་རྣམས་ནི་མདོ་དང། །དབྱངས་ཀྱིས་(གདུལ་བྱའི་མདའི?་??) ་བསྙད?་པ་དང་ལུང་བསྟན་པ་དང། ཚིགས་སུ་བཅད་པ་དང། ཚད་དུ་བརྗོད་པ་དང། གླེང་གཞི་དང་རྟོགས་པ་བརྗོད་པ་དང། དེ་ལྟ་བུ་བྱུང་བ་དང། སྐྱེས་པའི་ར་བས་དང། ཤིན་ཏུ་རྒྱས་པ་དང། ཆོས་རྨད་དུ་བྱུང་བ་དང། གཏན་ལ་ཕབ་པ་(བློ་དཔོན་ངོ་བོ་ཉིད་མེད་པས ་X་དེ་ལ་གསུང་རབ་ཀྱི་ཡན་ལག་ཏུ་གཏོགས་པ་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་དང་སྐྱེས་པའི་རབས་ཀྱི་སྡེ་གང་ཡིན་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དོ། །ལྷག་མ་ནི་ཕལ་ཆེར་ཉན?་ཐོས་ཀྱི་སྡེ་སྣོད་དོ་ཞེས་གསུངས།)་།རྣམས་སོ།། དེ་ལ་མདོ་སྡེ་ནི་གང་རྐྱང་པ་རྣམས་(ལྟུག་པ)་ཀྱིས་དོན་གསལ ་བར་བྱེད་པའོ། །དབྱངས་ཀྱིས་བསྙད་པ་ནི་གང་མདོ་ཁོ་ན་དབུས་དང་མཛའ་མར་ཚིགས་སུ་བཅད་པས་དབྱངས་སུ་བསྙད་པའོ། །གང་དྲང་བའི་དོན་གྱི་མདོ་དེའང་དབྱངས་ཀྱིས་བསྙད་པ་སྟེ། རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ལུང་བསྟན་པ་ནི་གང ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལྟ་བུ)་དུ་ཉན་ཐོས་འདས་ཏེ་འདུས་བྱས་པ་དང་འབྱུང་བ་ལུང་སྟོན་པའོ། །གང་ངེས་པའི་དོན་གྱི་མདོར་ཡང་སྟེ། དེས་རྣམ་པར་ཕྱེ་ནས་དགོངས་པ་འཆད་པའི་(གཡེ་ཞེས་པ)་ཕྱིར་རོ། །ཚིགས་སུ་བཅད་པ་ནི་གང་ཚིགས་བཅད་དུ་གསུང ་པ་སྟེ་དེ་ནི་རྐང་པ་གཉིས་པ་དང། རྐང་པ་གསུམ་པ་དང། རྐང་པ་གསུམ་པ་དང། རྐང་པ་(མ་འོངས་པ་ན)་བཞི་པ་དང། (ཁྱིམ་བདག་སྨྲ་མཁས་ལུང་བསྟན་པ་ལྟ་བུ་དཔོན་ན་མི་ཆོད་པ་ལྟ་བུ་ཞེས་བཤད་པའི་འབྲེལ་པར། ངེས་དོན་གྱི་མདོ།)་རྐང་པ་ལྔ་པ་དང། རྐང་པ་དྲུག་པའོ། །ཆེད་དུ་བརྗོད་པ་ནི་གང་ཡི་རང་བས་བརྗོད་པའོ ་གླེང་གཞི་ནི་(གང་ཟག)་གང་ཆེད་དུ་བྱས་ནས་གསུངས་པའམ་བྱུང་བ་དང་ལྡན་པའི་བསླབ་པ་བཅས་པ་གསུངས་པའོ། །རྟོགས་(བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་མཛད་དོ་ཞེས་པ་ལྟ་བཱུམ། ཡུམ་དུ་ལྷའི་བུ་རྣམས་ཀྱི་ཨེ་མ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལན་གཉིས་འབྱུང་ངོ། །ཞེས་གསུངས་པ་ལྟ་བུ།)་པ་བརྗོད་པ ་ནི་དཔེ་དང་བཅས་པར་གསུངས་པའོ། །དེ་ལྟ་བུ་བྱུང་(གང་ཟག་གང་ཞིག་གི་ལྟུང་བར་འགྱུར)་བ་ནི་གང་སྔོན་གྱི་(བྱུང་བའི)་སྦྱོར་བ་དང་ལྡན་པའོ། །སྐྱེས་པའི་རབས་ནི་གང་(རྒྱལ་བུ་ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལྟ་བུ།)་བྱང་ཆུབ་སེམས་དཔའ་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས ་(ཀོ་ས་ལའི་རྒྱལ་པོ་རིང་པོ་ལེན་དང་ཀ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་སྔོན་བྱུང་གསུངས་ནས་རྒྱལ་པོ་དེ་དག་ཀྱང་བཟོད་པ་དང་བཟོད་པའི་བསྔགས་པ་སྨྲ་ན་དགེ་སློང་གི་ལྟ་ཅི་སྨོས་ཤེས་པ་ལྟ་བུ)་པ་ནི་གང་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ ་ཕན་པ་དང་བདེ་བའི་གནས་ཡིན་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་ནི་(གསུང་རབ)་གང་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྟོན་པའོ། །གཏན་ལ་ཕབ་པ་ནི་གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག ་(འཕགས་པ་དགེ་འདུན་ཕལ་ཆེན་པ་ན་རེ། གླེང་བཞིའི་སྡེ་དང། རྟོག་བརྗོད་པའི་སྡེ་དང། གཏན་ལ་ཕབ་པའི་སྡེ་གསུམ་གཞན་དགུ་རུ་ཇི་ལྟར་རིགས་པར་འདུས་པས་གསུང་རབ་ཡན་ལག་དགུའོ་ཞེས་སོ།)་།པ་སྟོན་པའོ། །སྨྲ་བ་པ་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། གཟུངས་ཕུན་སུམ་ཚོགས་པ་དང། རབ་ཏུ ་གསལ་བར་བྱེད་པ་ཕུན་སུམ་ཚོགས་པ་དང། དྲིས་པ་ལུང་སྟོན་པ་ཕུན་སུམ་ཚོགས་པ་དང། འཛིན་པ་ཕུན་སུམ་ཚོགས་པའོ། །དེ་ལ་གཟུང་(མདོ་སྡེའི་དོན་འཆད་པས་མ་མོ་ཞེས་ཀྱང་བྱ་བ)་ཕུམ་སུམ་ཚོགས་པ་ནི་གཟུངས་རྣམས་པ་བཅུ་སྟེ། དོན་གྱི་གཟུངས་དང ་(ཆོས་དང་ལྡན་པ)་གཞུང་གི་གཟུངས་དང། མངོན་པར་ཤེས་པའི་(ཡེ་ཤེས་མངོན་པར་སྒྲུབ་པ)་གཟུངས་དང། (སྟོང་གསུམ་གྲངས་མེད་བརྗོད་དུ་མེད་པའི་སེམས་ཅན་རྣམས་ཀྱིས་སྐད་ཅིག་ལ་རེ་རེས་ཀྱང་སྒྲ་ཐ་དད་ཚད་མེད་པས་དྲིས་གཅིག་གིས་དྲིས་པ་དེ་གཞན་གྱིས་མ་ཡིན་ནའང་བྱང་ཆུབ་སེམས་དཔའ་དེས་སྐད་ཅིག་ལ་ཐམས་ཅད་བཟུང་སྟེ་ཚིག་གཅིག་བརྗོད་པར ་ཐམས་ཅད་གོ་བར་བྱེད་པ།)་།འོད་ཟེར་རབ་ཏུ་འགྱེད་པའི་གཟུངས་དང། ཕས་ཀྱི་རྒོལ་བ་ཚར་བཅད་པའི་གཟུངས་དང། དེ་བཞིན་གཤེགས་པ་མཆོད་པ་དང་སེམས་ཅན་བཀྲེན་པ་རྗེས་སུ་འཛིན་པ་ཉེ་བར་སྒྲུབ་པའི་གཟུངས་དང། །ཐེག་པ་ཆེན་པོ ་ལ་ཞུམ་པའི་སེམས་ཅན་ཡང་དག་(སྣང་བ་དང་ལྡན་པའི)་པར་གཟེངས་བལྟོད་པའི་གཟུངས་དང་(བློ་གྲོས་བཟང་པོ་དང་ལྡན་པ།)་ཆགས་པ་མེད་པའི་སྨོན་ལམ་གྱི་གཟུངས་དང། སྤོབ་པ་མི་ཟད་པའི་གཟུངས་དང། (ནོར་དང་ལྡན་པ)་དོན་སྣ་ཚོགས་ལ་སྤོབས་པའི་གཟུངས་སོ། །འདི ་ནི་(ཡུམ་གྱི་གླིང་གཞི་ལས་འབྱུང་བའི)་བསྐལ་པ་བྱེ་བ་མཛའ་ཡས་པ་ལས་དེས་(གཟི་བརྗིད་ལྡན་པ)་པར་འབྱུང་བ་ལ་མཁས་པ་(ཱམ་ཐོགས་པ)་ཡང་སྟེ། (གས་པ་མེད་པའི་སྒོ་ཡི)་དེ་ལྟར་ནི་བྱང་ཆུབ་(མཛའ་ཡས་པ་དང་ལྡན་པ)་སེམས་དཔའ་(དོན་སྣ་ཚོགས་དང་ལྡན་པ་ཞེས་མདོ་ཚིག་།ས་དགུ་པ་གནས་པའི་བྱང་སེམས) ་རྣམ་པར་སྨིན་པའི་(ལྷུན་གྱིས་གྲུབ་པ)་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ལས་བྱ་དཀའ་བ་ཐམས་ཅད་ལ་བྱ་དཀའ་བའི་འདུ་ཤེས་མི་སྐྱེའོ། (།བྱང་ཆུབ་སེམས་དཔའ་)་དེའི་བརྩོན་འགྲུས་ཤིན་ཏུ་ཆེན་པོ་རྩོམ་པས་སྒྲུབ་པའི་བསྐལ ་པ་མང་པོ་རྣམས་བསྙིལ་བར་འགྱུར་ཏེ། དཔེར་ན་བདག་ཅག་གི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔར་གྱུར་པའི། སངས་རྒྱས་ཉེར་སྐར་རྒྱལ་མཉེས་པར་བྱས་པས་བསྐལ་པ་དགུ་བསྙིལ་བ་(ཱམ་བསྡུམས་པ)་ལྟ་བུའོ། དེ་བཞིན་དུ་ཆེ ་བའི་བརྩོན་འགྲུས་ཀྱིས་སྒྲུབ་བཞིན་པའི་བསྐལ་པ་(མཛོད་བཞི་པར་སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི་ཞེས་དང་དེའི་འགྲེལ་པར)་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་རྣམས་(རིའི་ཕུག་ན་མེའི་ཁམས་སྙོམས་པར་ཞུགས་པ་ལ་རྐང་པ་གཅིག་གིས་འགྲེང་སྟེ་ཞག་བདུན་དུ་སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ ་གཞན་པ་ལྷ་ཡུལ་པ་ལ་མེད། འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམས་ཐོས་དུའི?་གནས་ནའང་ཡོད་མ་ཡིན། ལྷ་ཡི་ཕོ་བྲང་གནས་མཆོག་རྣམས་ནའང་ཡོད་མིན་ཕྱོགས་དང་ཕྱོགས་འཚམས་རྣམས་ནའང་མེད། རི་དང་ནགས་སུ་བཅས་པའི་ས་སྟེངས་བརྒྱས་པ་ཀུན་ཏུ་ཡུལ་གཅིག་ག་ལ་ཡོད། ཅེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟོད་དེ།)་ཀྱང ་བསྙིལ་བར་འགྱུར་རོ། །གང་ཡང་དེ་ལྟར་ཐམས་ཅད་ཁས་བླངས་ནས་སུ་ཞིག་གིའང་(འབུམ་ཊིཀ་མཁན་པོ)་བསྐལ་པ་གྲངས་མེད་པ་བསྙིལ་བར་མི་འགྱུར་པ་ཁོ་ནའོ་ཞེས་པའི་འདོད་པ་དེ་འཕགས་པས་(རྣམ་གྲོལ་སྡེ)་ཁྱད་དུ་བསད་པ་ནི། འབྲས་བུ་གཉིས་པ་ལ་ཞུགས ་པ་མཐོང་བས་ཐོབ་པའི་དབང་དུ་བྱས་ནས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ་ནས་ཇི་སྲིད་དུ་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་(བྱང་ཆུབ་སེམས་དཔའ་ཨི་ས་ཡི་གནས་པའི་ལེའུར་ལ་ལ་ནི་བསྐལ་པ་ཆེན་པོའི་བར་དུ་འདུམས་པར་བྱེད་གྱི། བསྐལ་པ་གྲངས་མེད་པ་བསྙིལ་བར་བྱེད་པ ་དགའ་ཡང་མེད་པར་རིག་པར་བྱའོ་ཞེས་གསུངས།)་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་པའི་བཤད་པས། གང་གི་ཕྱིར་འབྲས་བུ་གཉིས་པ་ལ་ཞུགས་པ་ནི་ས་དྲུག་པ་ལ་གནས་པ་སྟེ་(ལེའུ་དང་པོའི་བསྐལ་པའི་དོན་འཆད་པའི་ཐད་དུ།) ་སྔར་བརྗོད་པའི་རིམ་པར་བསྐལ་པ་གྲངས་མེད་པ་གཉིས་པ་དང་འབྲེལ་པའི་བསྐལ་པ་ལྔ་པོ་འདི་ཉིད་ལ་གནས་ལ། དེ་ཉིད་ལའང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ནི། ཅི་ལྟར་བསྐལ་པ་གྲངས་མེད་པ་གསུམ་པ་བསྙིལ་པ་མ་ཡིན། ཅི་སྟེ་བསྐལ་པ་བཟང ་པོ་ལ་འཕགས་པ་བྱམས་པ་ལ་སོགས་པས་བཅུ་གསོལ་(ཞིང་བརྙེས?་པ)་བསྐལ་པ་གྲངས་མེད་པ་(བསྐལ་པ་བཟང་པོ)་གསུམ་པ་ལ་གནས་པ་རྣམས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་པའོ་ཞེ་ན་(དེ་ལྟར་འགྱུར་བ)་འདི་ལས་(བསྐལ་པ་གྲངས་མེད་པ ་མི་འདུམ་པ།)་ཅི་སྟེ། གང་གི་ཕྱིར་མཐོང་བས་ཐོས་པ་ས་དྲུག་པ་གསོལ་(ཞིང་བརྙེས་པ)་པ་རྣམས་བསྐལ་པ་བཟང་པོ་ལ་མངོན་པར་རྫོགས་པར་བྱང་ཆུབ་པས་ན་བསྐལ་པ་གྲངས་མེད་པ་བསྙིལ་བ་(ཱམ་འདུམས་པ)་ཁོ་ནའོ་ཞེས་གནས་སོ། །དེ་ཉིད་ཀྱི་ཕྱིར་ཕུལ ་དུ་འབྱུང་དུ་མེད་པའི་ཤིན་ཏུ་ཆེ་བའི་བརྩོན་འགྲུས་དང་ཐབས་ཀྱི་ཁྱད་པར་གྱིས་སྒྲུབ་བཞིན་པ་རྣམས་ཀྱི་བསྐལ་པ་གྲངས་མེད་པ་གཉིས་ཀྱང་བསྙིལ་བར་འགྱུར་བ་ནས་ཇི་སྲིད་བསྐལ་པ་གཅིག་ལ་དང། སྐྱེ་བ་འི?་ས་དང། ཇི་སྲིད་དུ་སྐྱེ་བ་འདི ་ཁོ་ན་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་སྔགས་ཀྱི་ཚུལ་ལ་གསུངས་སོ། (།འཛིན་པ་ཕུན་སུམ་ཚོགས་པ་ནི་ཞེས་པ་འགྲེལ)་ཤས་ཆེར་ཡེ་ཤེས་ཀྱི་སྣང་བ་འདི་ལྟ་བུ་འཛིན་པར་བརྩོམ་སྟེ། དེ་གལ་ཏེ་སྐྲའི་རྩེ་མོའི་གོ་རེ་རེ་ལ་འཇིག་རྟེན་གྱི་ཁམས་གྲངས་མེད ་པའི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དེ་(ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཡང་གསང་ཆེན་ཐབས་མཁས་སུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་འདོད་ན་ཞག་བདུན་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བཀའ་སྩལ།)་སྙེད་ཀྱི་འཁོར་རྣམས་ལ་ཆོས་སྟོན་ཞིང། དེ་བཞིན་གཤེགས་པ་རེ་རས་(བརྗོད་དུ་མེད) ་ཀྱང་དེ་སྙིང་ཀྱི་སེམས་ཅན་རྣམས་ལ་དོན་ཐ་དད་པ་ཅན་གྱི་ཆོས་སྟོན་ཏེ། སེམས་ཅན་སོ་སོ་ལའང་དེ་སྙེད་ཀྱི་ཆོས་རྣམས་དང། སྐྲའི་རྩེ་མོ་གཅིག་ལ་ཇི་ལྟ་བ་དེ་ཡང?་ཆོས་ཀྱི་དབྱིངས་ཐམས་ཅད་ན་སྟེ། དེར་བདག་གིས་ཇི་ལྟར་ཅིག་གཅིག་གིས་དེ་བཞིན་གཤེགས་པ ་*། (།ཤིན་ཏུ་མང་པོ)་དེ་རྣམས་ཀྱི་ཆོས་ཀྱི་སྣང་བ་(ཐམས་ཅད)་སོ་སོར་ནོད་(ཚིག་དོན་འཛིན)་པ་དེ་ལྟ་བུའི་དྲན་བ་རྒྱ་ཆེན་པོ་མངོན་པར་བསྒྲུབ་པར་བྱ་ཞིང། (སྟོང་གསུམ་གྲངས་མེད་པའི་སེམས་ཅན་ཆོས་ཉན་པ་རྣམས་སྐད་ཅིག་གཅིག་གིས་ཆོས་བཤད་པས་ཚིམ་པར་བྱེད་པའི) ་ཤེས་རབ་ཀྱི་སྣང་བ་རྣམ་པར་ངེས་པའི་སྤོབས་པ་ཡོངས་སུ་སྦྱངས་ནས་སྐད་ཅིག་གཅིག་གིས་འཇིག་རྟེན་གྱི་ཁམས་དེ་སྙེད་རྣམས་སུ་སེམས་ཅན་ཐམས་ཅད་ཚིམ་པར་བྱའོ་ཞེས་པའོ། །བསྐལ་པ་གཅིག་ལའང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག ་དུ་མ་རྣམས་མཐོང་ངོ། །བསྙེན་བཀུར་བྱེད་དོ། །བླ་མར་བྱེད་དོ། །ཕལ་ཆེར་སྟོང་གཉིས་ཀྱི་བདག་པོ་ཚངས་པ་ཆེན་པོར་འགྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྟོན་པ་ལས་གཙོ་བོ་ཡིན་ཞིང། འདོད་ན་ཚུལ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་སྟེ། ་གང་སྐད་ཅིག་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཇི་སྙེད་པའི་གྲངས་དེ་སྙེད་ཀྱི་ཏིང་ངེ་འཛིན་རྣམས་སོ་སོར་འཐོབ་པོ། །དེ་སྙེད་ཀྱི་སངས་རྒྱས་རྣམས་མཐོང་ངོ། (།སངས་རྒྱས) ་དེ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱང་ཤེས་སོ། །དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་གཡོ་ཞིང་སྣང་བར་ཡང་བྱེད་དོ། །དེ་སྙེད་ཀྱི་ཞིང་རྣམས་སུ་འགྲོའོ། །དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྙེད་ཀྱི་བསྐལ་པར་གནས་ཤིང། སྔོན ་གྱི་མཛའ་དང་ཕྱི་མའི་མཛའ་ཡང་འཇུག་གོ་།དེ་སྙེད་ཀྱི་སྒོ་རྣམས་རྣམ་པར་འབྱེད་དོ། །དེ་སྙེད་ཀྱི་ལུས་རྣམས་སྟོན་ཏེ། ལུས་སོ་སོ་ལའང་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཨི་འཁོར་རོ་འདིའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཤས་ཆེ་བར་འགྱུར་རོ ་དེ་ལ་(བི་བརྡ་ཆེན་པར་བྱང་ཆུབ་སེམས་དཔའ་ཨི་སྟོབས་བཅུ་ལ། བསམ་པ་ལྷག་བསམ་སྦྱོར་ཤེས་རབ་སྨོན་ལམ་ཐེག་པ་སྤྱོད་རྣམས་འཁྲུལ། བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར་ཅེས་ཏེ་དེ་དཀོན་མཆོག་སྤྲིན་དུ་དཀའ་སྩལ་ཏོ།)་།བསམ་པའི་སྟོབས་ནི་ཉོན་མོངས་པ་(ས་དགུ་པའི་བྱང་ཆུབ་སེམས་དཔའ་ཏེ་ཤེས་རབ་ཀྱི་སྟོབས་ཀྱིས་ཁྱད་པར་དང་ལྡན་པའི་ཕྱིར) ་ཀུན་ཏུ་སྤྱོད་པ་(མོག?་དུ་རྒྱུ)་མེད་པའི་ཕྱིར་རོ། །ལྷག་པའི་བསམ་པའི་སྟོབས་ནི་སའི་ཡེ་ཤེས་ཡོངས་སུ་སྦྱངས་པ་ཉིད་ཀྱི་ཕྱིར་རོ། །གཟུངས་ཀྱི་སྟོབས་ནི་ཆོས་མི་བརྗེད་པ་ཉིད་ཀྱི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྟོབས་ནི་རྟག་ཏུ་རྣམ་པར་གཡེང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་དག ་པའི་འབྱོར་པའི་སྟོབས་ནི་མཛའ་ཡས་ཤིང་མུར་ཐུག་པ་མེད་པའི་འཇིག་རྟེན་གྱི་ཁམས་(སེམས་ཅན་རྣམས)་ཀྱི་སྤྱོད་པ་རྣམ་པར་དབྱེ་བ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །དབང་གི་སྟོབས་ནི་ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་འཐོབ་པའི་ཕྱིར་རོ། ། ་སྤོབས་པའི་སྟོབས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་(རྣམ་པར་འབྱེད་པ་འམ)་རྣམ་པར་དཔྱོད་པའི་རྣམ་པར་དབྱེ་བ་ལ་མཁས་པ་(ཤེས་རབ་ཆེས་ཆེ་བ)་ཉིད་ཀྱི་ཕྱིར་རོ། །སྨོན་ལམ་གྱི་སྟོབས་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་པ་ལ་སྦྱོར་བ་མི་གཏོང་བའི་ཕྱིར་རོ།། ་ཕ་རོལ་ཏུ་ཕྱིན་པའི་སྟོབས་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་(ཡོན་ཏན་གྱི)་ཆོས་ཡོངས་སུ་སྨིན་པར་བྱེད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། སེམས་ཅན་ཐམས་ཅད་ལ་ཕན་པའི་སྤྱོད་པ་མི་གཏོང་པའི་ཕྱིར་རོ། །བྱམས་པ་(ཏེ་སྨོན་ལམ་འདེབས་པ) ་ཆེན་པོའི་སྟོབས་ནི་སེམས་ཅན་ཐམས་ཅད་བསྐྱབ་པ་ལ་མཆོག་ཏུ་སྦྱོར་བ་(འདི་བརྩོན་འགྲུས)་མི་གཏོང་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་སྟོབས་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་རོ། །ཆོས་ཉིད་ཀྱི་སྟོབས་ནི་སྒྱུ་མ ་ལྟ་བུ་ལ་སོགས་པའི་ཆོས་ཉིད་མངོན་དུ་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ནི་རྣམ་པ་ཐམས་ཅད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངོན་དུ་ཕྱོགས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས ་པ་མདོ་སྡེར་(རྒྱས་པར)་བསྟན་པའི་སྟོབས་རྣམས་སོ། །དེ་ལྟར་ས་(ས་འབྲེལ་དུ)་དགུ་པ་ལ་ཞིང་ཡོངས་སུ་དག་པ་རང་སེམས་ཅན་ཡོངས་སུ་སྨིན་པ་དག་བྱས་ནས། ས་བཅུ་པ་ལ་ཤེས་བྱ་མངོན་པར་རྫོགས་པར་(རྟོགས་པའི་ས)་བྱང་ཆུབ་པ་སྒོམ་པ་ཡོངས་སུ་རྫོགས་པར ་བྱེད་དོ་(ཅེས་སོ།)་ཞེས་པས་སེམས་བསྐྱེད་པ་བཅུ་བཞི་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་དྲི་ཟའི་གླུ་སྙན་ལྟ་བུ་སྟེ། (བློ་གྲོས་མི་ཟད་པར་བཀའ་སྩལ་པའི)་མི་ཟད་པའི་སོ་སོ་ཡང་དག་པར་རིག་པ་བཞི་(ས་དགུ་པ་ལེགས་པར་སྦྱངས་པ ་འམ་དབང་བསྐུར་བ་འམ་ཁྲུས་བྱེད་པ།)་རྣམས་ཀྱི་(ཧ?་ཡིག།)་གདུལ་བྱ་མདུན་པར་བྱེད་པའི་ཆོས་བསྟན་པ་ཉིད་ཀྱི་ཕྱིར་རོ། །ས་ཆོས་ཀྱི་སྤྲིན་ཡང་སྟེ། གང་གི་ཕྱིར་ས་འདིར་བྱང་ཆུབ་སེམས་དཔའ་ཆོས་ལ་རྒྱལ་ཚ་བ་ཉིད་དུ་དབང་བསྐུར་བར་བྱ་བ་དེའི་ཕྱིར་ཆོས་ཀྱི་སྤྲིན་ནོ། (།བྱིངས)་མི་ཧ་བྲན ་པ་ལ་སྟེ་གྷ་(སྐྱེན)་ཉའོ། །མིང་ལ་གྷ་(ཏུ་བསྒྱུར་བ)་ཉིད་དོ། །སྤྲིན་ཆེན་པོ་ལྟར་འཇིག་རྟེན་(སངས་རྒྱས་ཀྱི་ཞིང་དང་འཁོར་དང་སྤྲུལ་པ་ལ་སོགས་པ་སྟོན་པ་དང་ཆོས་ལ་རྫོགས་པར་ལོངས་སྤྱོད་ནུས་པ་དང། སེམས་ཅན་སྨིན་པར་བྱེད་ནུས་པ་ནས་བཟུང་ནས་སངས་རྒྱས་ཀྱི་བར་དུ་ཏེ་དེར་ཆོས་དབྱིངས་ལས་ལ་དབང་བའི་གནས་སུ་རྟོགས་ཤིང་གསད་པ་ཕྲ་མོ་ལ་འཇུག་པའི་ཀུན་ཏུ་རྨོངས་པ་དང ་དེའི་གནས་ངན་ལེན་སྤོང་ངོ།)་བའི་དགེ་བའི་ལོ་ཏོག་མངོན་པར་(མི་ཏོག་གི་ཆེད་དུ་ཆར་འབབ་པ།)་འཕེལ་བའི་དོན་དུ་ལྷུན་གྱིས་གྲུབ་(ཅིང་རྩོལ་བ་མེད)་པར་ཆོས་ཐམས་ཅད་ཀྱི་ཆར་པ་འབེབས་སོ་ཞེས་པས་ཀྱང་ཆོས ་ཀྱི་སྤྲིན་ནོ། །སྤྲིན་(ས་འདྲེལ་དུ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཤེས་ཛ་ཡ)་དང་ཆོས་མཐུན་པའང་རྣམ་པ་གསུམ་སྟེ། ཁྱབ་པར་བྱེད་པ་ལས་ནི་ས་འདིར་ཐོས་(སྔར)་པའི་ཆོས་ཀྱིས་(སྤྲིན་གྱི)་ནམ་མཁའ་ལ་(དབུ་མ་ལ་འཇུག་པར་བཤད།)་བཞིན་དུ་རྟོན་ལ་ཁྱབ་པའི་ཕྱིར་རོ།། ་(ཆོས་དབྱིངས་བསྟོད་པར་ཡེ་ཤེས་རང་བཞིན་འདི་ཡི་སྐུ་དྲི་མེད་ནམ་མཁའ་དང་མཉམ་པ་སངས་རྒྱས་རྣམས་ཀྱི་འཛིན་པ་ལས་ཆོས་ཀྱི་སྤྲིན་ནི་ཀུན་ཏུ་འབྱུང་ཞེས་སོ།)་རྡུལ་རབ་ཏུ་ཞི་བར་བྱེད་པ་ལས་ནི་ཆོས་དེས་སེམས་ཅན་རྣམས་ཀྱི་ཉོན་(ཁྱབ་པ)་མོངས་པའི་རྡུལ་རབ་ཏུ་ཞི་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། ་འཕེལ་བར་བྱེད་པ་(ཱམ་འབྱིན་པར་བྱེད་པ)་ལས་ནི་དགའ་(སྤྲིན་གྱི་ཆར་གྱི་ལོ་ཏོག་སྒོལ་བར་བྱེད་པའམ་འཕེལ་བར་བྱེད་པའམ་འཕྲེལ་བར་བྱེད་པ་བཞིན་དུ)་ལྡན་གྱི་གནས་ན་(ས་བཅུ་པ་ལ་ཡོད་པའི)་བཞུགས་པ་ལ་སོགས་པའི་རིམ་གྱིས་སེམས་ཅན་གོང་དུ་སྒྲོལ་(ཽཏྟ་ར་ཏ?) ་བར་(ཱམ་འཕེལ་བའམ་འདྲེན་པ)་བྱེད་པའི་ཕྱིར་ཏེ། སྤྲིན་གྱི་ཆར་པས་ལོ་ཏོག་འཕེལ་བར་བྱེད་པ་བཞིན་ནོ། (།ཞེས་སོ)་དེ་ལྟར་ནི་འཕགས་པ་ས་བཅུ་པ་ལ་སོགས་པའི་མདོ་སྡེར་(རྒྱས་པར)་བསྟན་པའི་རིམ་པས་(བྱང་ཆུབ་སེམས་དཔའ་)་དེ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག ་བཅུ་ཇི་སྙེད་པའི་མཐར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མངོན་པར་དབང་བསྐུར་བ་(འཐོབ་པ)་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་ཏེ། (ཏིང་ངེ་འཛིན)་གང་མངོན་དུ་གྱུར་མ་ཐག་ལ་སྟོང་གསུམ་གྱི་མཐར་ཐུག་པ་(བཅུ་རུ་འབུམ་ཊཀ)་འབུམ་ཕྲག་བཅུ་ཚང ་(ཏིང་ངེ་འཛིན་གང་ལ་གནས་ན།)་བའི་ཚད་ཀྱི་རིན་པོ་ཆེ་(ཐོབ་པའི་ཆེད་དུ་འོད་ཟེར་གྱིས)་ཆེན་པོའི་པདྨ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་རིན་པོ་ཆེ་(པདྨ་རཱ་ག་སོགས།)་ལས་བསྐྲུན་པ་(ཱམ་སྤྲོས་པ)་སྟོང་གསུམ་འབུམ་ཕྲག་བཅུ་ཚང་བའི་(འབུམ་ཕྲག་ཅེས་པ་འདི་ས་བཅུ་པའི་མདོ་འགྲེལ་ནའོ?) ་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དང་ལྡན་པའི་རིན་པོ་ཆེ་ཆེན་པོའི་པདྨའི་འཁོར་ཅན་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་པ་གནས་སོ། །དེ་ཏིང་ངེ་འཛིན་དེ་ཐོབ་པ་ལས་པདྨ་དེ་ལ་འདུག་པར་ཀུན་ཏུ་སྣང་ངོ།། ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་(དབང་བསྐུར་བྱ། སྟོང་ཆེན་པོའི་གཏོས་དང་མཉམ་པའི་པདྨ་ཆེན་པོ་བྱང་ཆུབ་སེམས་དཔའ་)་དེ་ལ་བསྐོར་ནས་བལྟ་ཞིང་པདྨའི་འཁོར་དེ་རྣམས་ལ་གནས་སོ།། ་དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོ་བར་གྱུར་ཏོ། །ངན་སོང་ཐམས་ཅད་རྒྱུན་ཆད་པ་དང། སྤྱོད་པ་མཐུན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུ་བ་དང། འཇིག་རྟེན་གྱི་(ནས་ཏིང་ངེ་འཛིན་འབུམ་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ ་བྱང་ཆུབ་སེམས་དཔའ་གཙོ་འཁོར་དེ་རྣམས་སྙོམས་པར་ཞུགས་མ་ཐག་པར་གྱུར་པ)་ཁམས་ཐམས་ཅད་ཀྱི་ལྷ་དང་མིའི་སིལ་སྙན་དང་གླུ་དང་རོལ་མོའི་སྒྲ་དང་(འབྱུང་བ)་སེམས་ཅན་ཐམས་ཅད་བདེ་བ་སྐྱེ་བ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་(རྫས་ཀྱིས) ་པ་དང་རིམ་(ལུས་ངག་གིས)་སྲོ?་བསམ་གྱིས་མི་ཁྱབ་འཇུག་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གྱིས་ཀྱང་རྣམ་པར་རིག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་(དབང་བསྒྱུར་བར་བྱ་བ)་དེའི ་ཞབས་ཀྱི་མཐིལ་དག་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་ནས་ཕྱོགས་བཅུ་རྣམས་སུ་མནར་མེད་པའི་མཐར་ཐུག་པའི་སེམས་ཅན་དམྱལ་བ་པ་རྣམས་སྣང་བ་སྔོན་མ་ཅན་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་དོ། ་དེ་བཞིན་དུ་པུས་མོ་གཉིས་ནས་དུད་འགྲོ་རྣམས་སོ། (།སྣང་བར་བྱེད་ཅིང་བསྡུ་བསྔལ་ཞི་བར་བྱེད)་ལྟེ་བའི་དཀྱིལ་འཁོར་ནས་ཡི་དགས་རྣམས་སོ། །རྩི་བས་ལོགས་དག་ནས་མི་རྣམས་སོ། །ཕྱག་(གི་མཐིལ)་དག་ནས་ལྷ་དང་ལྷ་མ་ཡིན་རྣམས་སོ། །ཕྲག་པ་དག་ནས་ཉན་ཐོས ་ཀྱི་ཐེག་པ་པ་རྣམས་ཏེ་(སྣང་བར་བྱེད)་།ཆོས་སྣང་བའི་སྒོ་ཉེ་བར་སྒྲུབ་པའོ། །རྒྱབ་དང་མགྲིན་པ་ལས་(ཱོད་དེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་ནས)་རང་སངས་རྒྱས་རྣམས་ཏེ། (སྣང་བར་བྱེད)་ཞི་བའི་ཏིང་ངེ་འཛིན་གྱི་སྒོའི་ཚུལ་ལོ། (ཉེ་བར་སྒྲུབ)་ཞལ་གྱི་སྒོ་ནས་སེར་ས?་དང ་པོ་བསྐྱེད་པ་ནས་གཟུང་སྟེ་ཇི་སྲིད་ས་དགུ་པ་རྗེས་སུ་ཐོབ་པའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཏེ་(སྣང་བར་བྱེད)་ཤེས་རབ་དང་ཐབས་ལ་མཁས་པའི་ཚུལ་ཡང་(ངོ་ཉེ་བར་སྒྲུབ།)་།སྨིན་མཚམས་ཀྱི་མཛོད་སྤུ་ནས་(ཱོད་ཟེར་དེ་སྙེད་ཀྱིས)་བདུད་ཀྱི ་གནས་ཐམས་ཅད་མོག་མོག་པར་བྱས་ནས་དབང་བསྐུར་བའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་ནུབ་(ཅིང་ཐིམ་པར)་འགྲོའོ། །སྟེང་དུ་ཡན་ལག་དམ་པ་(མགོ་བོ)་ལས་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུ ་ཚད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་རྣམས་སུ་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སྣང་བར་བྱ་སྟེ། འཇིག་རྟེན་ལ་ལན་བཅུར ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་འོད་ཟེར་གྱི་དྲ་བའི་དཀྱིལ་འཁོར་ཆེན་པོ་རྣམས་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོར་བྱ་བ་འཇུག་པར་བྱེད་དོ། །ཕྱོགས་བཅུ་རྣམས་ན་མ་ལུས་པའི་ཆོས་ཀྱི་དབྱིངས་ཀྱི ་ནང་དུ་གཏོགས་པའི་མེ་ཏོག་(དང)་སྤོས་ལ་སོགས་པ་དང། གདུགས་དང་ན་བཟའ་དང་རིན་པོ་ཆེའི་རྒྱན་ལ་སོགས་པར་གདགས་པ་ཇི་སྙེད་པ་དེ་ལས་ཤིན་ཏུ་ལྷག་པ་འཇིག་རྟེན་གྱི་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པ་བཀོད་པ་སྣ ་ཚོགས་པའི་རིན་པོ་ཆེ་ལ་སོགས་པའི་ཆར་རྣམས་དེ་བཞིན་གཤེགས་པ་རིག?་འཁོར་གྱི་དཀྱིལ་འཁོར?)་དུ་སྤྲིན་ཆེན་པོ་རྣམས་བཞིན་དུ་ཆར་འབབ་པོ། །མཆེད་པ་དེ་རྣམས་སེམས་ཅན་གང་རྣམས་ཀྱིས་ཤེས་པ་(ཱི་སེམས་ཅན)་དེ་རྣམས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ ་ཏུ་ངེས་པར་འགྱུར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཞབས་ཀྱི་འོག་གི་མཐིལ་རྣམས་སུ་ནུབ་པར་འགྱུར་རོ། །ཕྱོགས་བཅུ་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམ་དེ་རྣམས་ནས་ཀྱང་ས་དགུ་པ་ཇི་སྲིད་པ་ལ་གནས་པའི ་(རམ་ཡང་ན་ནི་ཡ་ཏའི་སྐྲ་བག་ཡོད་པས་ལེགས་པར་བསྡམས་པ་ཅན་དུ་ཞེས་པ་འགྲེལ་དུའོ།།)་།བྱང་ཆུབ་སེམས་དཔའ་གྲངས་མེད་པ་རྣམས་ལྟགས་ཤིང་བྱོན་ནས། །བྱང་ཆུབ་སེམས་དཔའ་དེ་ལ་ཡང་དག་པར་མཆོད་དེ་བལྟ་ཞིང་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག ་གོ་།བྱང་ཆུབ་སེམས་དཔའ་(གཙོ་བོ)་དེའི་ཡང་ཐུགས་ཀ་ན་གནས་པའི་མཚན་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲ་ཤིས་ལས་བདུད་ཀྱི་དགྲ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཆེན་པོ་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུའི ་འཁོར་ཅན་སྤྲོས་ནས་ཕྱོགས་(བཅུ་རྣམས)་སྣང་བར་བྱས་ཤིང་ཆོ་འཕྲུལ་མུ་མེད་པ་རྣམས་ཡང་དག་པར་བསྟན་ཏེ། སླར་ལོག་ནས་(ཤུགས་གའི)་དཔལ་གྱི་བེའུ་དང་རྡོ་རྗེ་དང་བཀྲིས་ཁོ་ན་ལ་ནུབ་པར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་མཐུ་(ནུས་སྟོབས?་སྡང?་ལས) ་སྟོང་འགྱུར་ལས་ལྷག་པར་མངོན་པར་འཕེལ་ལོ། །དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་རྣམས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་ཆེན་པོ་འོད ་ཟེར་གྲངས་མེད་པའི་འཁོར་ཅན་རྣམས་ཀྱིས་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམས་མཛའ་མེད་པ་རྣམས་སྣང་བར་བྱས་ནས་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་རྣམས་ཡང་དག་པར་བསྟན་ཞིང་བྱང་ཆུབ་སེམས་དཔའ་ ་གྲངས་མེད་པ་རྣམས་བསྐུལ་ཏེ། ཕྱིར་ལོག་ནས་བྱང་ཆུབ་སེམས་དཔའ་དབང་བསྐུར་བྱ་དེའི་ཡན་ལག་མཆོག་དབུ་ལ་ནུབ་པར་འགྱུར་རོ། །འོད་ཟེར་ཆེན་པོ་དེའི་འཁོར་གྱི་འོད་ཟེར་རྣམས་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱི་བོར་ནུབ ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ལ་ཡེ་ཤེས་ཆེན་པོའི་དབང་གིས་དབང་བསྐུར་བ་ཞེས་བརྗོད་དོ། །རྣམ་པར་ཐར་པའི་ཆེ་བ་ནི་ཞེས་པ་འགྲེལ་དུ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ ་པ་ཞེས་བྱ་བའང་འཐོབ་པོ། །རང་གི་སྨོན་ལམ་གྱི་སྟོབས་བསྐྱེད་པས་ཀྱང་ལུས་སྣ་ཚོགས་པ་རྣམས་ཀྱིས་སྐད་མདོ་སྡེ་རྒྱན་གྱི་སྐྱབས་འགྲོའི་སྐབས་སུ་སངས་རྒྱས་ཀུན་གྱི་འོད་ཟེར་ཆེན་པོ་དབང་བསྐུར་བྱིན། དེ་ནི་ཆོས་ལ་དབང་བ་ཀུན་དང་ཡང་དག་ལྡན་ཞེས་འདིའི་དགོངས་པའོ། །ཅིག་གཅིག་ལ ་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ན་རྡུལ་ཕྲ་རབ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་བཀང་ནས་དགེ་བ་བདུད་རྩིའི་རྒྱུན་གྱི་ཆར་དང་འདྲ་བ་རྣམས་ཀྱིས་བསམ་པ་ཇི་ལྟ་བར་སེམས་ཅན ་རྣམས་ཀྱི་ཐོག་མ་མེད་པའི་དུས་ཅན་གྱི་མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པའི་རྡུལ་དང་མེ་ལྕེ་དང་འདྲ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །ཆོས་ཀྱི་ཆར་ཆེན་པོ་འབེབས་པ་དེའི་ཕྱིར་ས་འདི་ཆོས་ཀྱི་སྤྲིན་ཞེས་བརྗོད་དོ། །དེ་དེ་མ་ཐག་པར་བསྟན་བ་སྙེད ་གྱི་འཇིག་རྟེན་གྱི་ཁམས་རྣམས་སུ་འང་དགའ་ལྡན་གྱི་ཕོ་བྲང་དུ་བཞུགས་པ་ནས་ཇི་སྲིད་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང་འདུལ་བའི་དུས་ལ་བབ་པའི ་གདུལ་བྱ་ཇི་ལྟ་བ་རྣམས་ལ་བྱིན་གྱིས་རློབ་པོ། །ཡེ་ཤེས་ཀྱི་དབང་དེ་ལྟ་བུ་དང་ལྡན་ཅིང་ཤིན་ཏུ་རྣམ་པར་བརྟགས་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ཆེན་པོ་ཅན་བྱང་ཆུབ་སེམས་དཔའ་ས་བཅུ་པ། དེ་འདོད་ན་ཀུན་ནས་ཉོན་མོངས་པ་ཅན་གྱི་མ་དག་པའི ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ལྟ་བུ་ནི་ཡོངས་སུ་དག་པ་ཉིད་དུ་བྱིན་གྱིས་རློབ་པོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་ནི་བདེ་བ་ཅན་ལྟ་བུ་ཀུན་ནས་ཉོན་མོངས་པ་ཅན་ཉིད་དུའོ། །དོག་པ་ནི་ཡངས་པ་ཉིད་དུའོ། །ཡངས་པ་ནི་དོག་པ་ཉིད་དཱུང་ངོ་བྱིན་གྱིས་རློབ་པོ། ་རྡུལ་ཕྲ་རབ་གཅིག་ཏུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་བྱིན་གྱིས་རློབ་སྟེ། རྡུལ་ཕྲ་རབ་དེ་ཡང་འཕེལ་བ་མེད་ལ་བྱ་བ་དེ་རྣམས་ཀྱང་ཀུན་ཏུ་སྟོན་ནོ། །འཇིག་རྟེན་གྱི་ཁམས་གཅིག་ཏུ་འཇིག་རྟེན་ཁམས་གྲངས་མེད་པའི་བཀོད་པ ་འདོད་ན་དང་དེ་ནས་གང་ཆོས་རྣམས་བདེན་པར་མེད་པས། སེམས་ཅན་ཡོད་ཁོར་ཡུག་དང་མཚོ་དང་བཅས་པར་པ་རྣམས་ཀྱང་ཀུན་ཏུ་སྟོན་ཏོ། འདོད་ན་འཇིག་རྟེན་གྱི་ཁམས་གཅིག་གི་བཀོད་འདོན་ན་པ་དང་དེར་སེམས་ཅན་གང་ཡོད་པ་རྣམས་ཀྱང་འཇིག་རྟེན་གྱི་ཀུན་ཏུ་སྟོན ་འཇིག་རྟེན་ཁམས་གྲངས་མེད་པ་ཁམས་གྲངས་མེད་པ་རྣམས་སུའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པར་གནས་པའི་སེམས་ཅན་རྣམས་སྐྲའི་ཁྱོན་འཇིག་རྟེན་གྱི་ཁམས་གཅིག་པོ་དེར་གཅིག་ཏུ་སྟེ། དེ་རྣམས་ལ་གནོད་པའང་མེད་དོ། སངས་རྒྱས་ཀྱི་ཡུལ ་གྱི་བཀོད་པ་གྲངས་མེད་པའང་སྐྲའི་ཁྱོན་སྟོན་གཅིག་ཏུའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་ན་རྡུལ་ཕྲ་རབ་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་རང་གི་ལུས་རྣམས་འགོང་སེམས་ཅན་སྐད་ཅིག་གཅིག་ལ་སྤྲུལ་པར་བྱེད་དོ། །ལུས་རེ་རེ ་ལའང་དེ་སྙེད་ཀྱི་ལག་པ་རྣམས་དང་དེ་སྙེད་ཀྱི་མགོ་བོ་རྣམས་དང་མགོ་བོ་སོ་སོ་ལ་དེ་སྙེད་ཀྱི་ལྕེ་རྣམས་ཀྱང་སྟོན་པར་བྱེད་དོ། །ལག་པ་དེ་རྣམས་ཀྱིས་ཀྱང་ཕྱོགས་བཅུ་རྣམས་སུ་བདེ་བ་ཅན་དང་པདྨ་ཅན་དང་འོད་ཟེར་ཅན ་ལ་སོགས་པ་སངས་རྒྱས་དེ་མ་ཐག་ཏུ་བཤད་པའི་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་སུ་སངས་རྒྱས་མཆོད་པ་ལ་རབ་ཏུ་སྦྱོར་རོ། །ལག་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་མེ་ཏོག་གི་ཕུར་མ་རྣམས་སངས་རྒྱས་བཅོམ་ལྡན་འདས ་དེ་རྣམས་ལ་འཐོར་རོ། །དེ་བཞིན་དུ་དྲི་ལ་སོགས་པ་རྣམ་ཇི་སྲིད་ན་བཟའ་དང་གདུགས་དང་རིན་པོ་ཆེ་ལ་སོགས་པའི་བཀོད་པའི་བར་དུ་ཡང་ངོ། །སངས་རྒྱས་རྣམས་འཕུལ་ལྕེ་དེ་རྣམས་ཀྱིས་ཀྱང་སངས་རྒྱས་དེ་རྣམས་ཀྱི་བསྔགས་པ་ཡོན་ཏན་སྒྲོགས་པ ་བརྗོད་པ་དང་གསོལ་བ་འདེབས་པའང་བྱེད་དེ་བཅོམ་ལྡན་འདས་རྣམས་ཇི་ལྟར་འོས་པར་ཆོས་བསྟན་དུ་གསོལ་ཞེས་པ་ལ་སོགས་པ་དང། གང་སེམས་ཅན་གྱི་འདུལ་བྱ་ཉེ་བའི་བྱ་བ་རེ་ཤིག་རྫོགས་པ་ལྟ་བུ། ཐབས་ཀྱིས་གདུལ་བྱ་རྣམས ་བརྩོན་པར་བྱ་བའི་ཆེད་དུ་མྱ་ངན་ལས་འདས་ཟིན་པ་པ་སྟོན་པར་བཞེད་པ་མྱ་ངན་ལས་འདས་པར་བབ་པ་མེད་པ་དེ་རྣམས་ལ། འགྲོ་བ་མ་ལུས་པ་ལ་རྒྱུ་དགེ་བ་བསྐྱེད་པའི་མཚན་ཉིད་ཀྱི་ཕན་པའི་ཆེད་དང་འབྲས་བུ་མངོན་པར་མཐོ ་བ་དང་ངེས་པར་ལེགས་པའི་འབྲས་བུ་གྲུབ་པའི་མཚན་ཉིད་ཀྱི་བདེ་བའི་ཆེད་དུ་ཡུན་རིང་པོར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པར་བཅོམ་ལྡན་འདས་རྣམས་བཞུགས་སུ་གསོལ་ཞེས་བསྙེན་བཀུར ་བྱས་ཤིང་ཕྱག་འཚལ་ནས་གསོལ་བ་འདེབས་པར་བྱེད་དོ། །སེམས་ཅན་སྐད་ཅིག་རེ་རེ་ལ་ཕྱོགས་བཅུ་ཁྱད་པར་འགྲོ་སྟེ་མངོན་པར་མངོན་པར་རྫོགས་པར་བྱང་ཆུབ་པའི་བཀོད་པ་ནས་ཇི་སྲིད་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི ་བཀོད་པ་ཇི་སྲིད་པ་རྣམས་བྱིན་གྱིས་རློབ་པོ། །དུས་གསུམ་གྱི་ལུས་ཚད་མེད་པ་ཉིད་དང། བྱིན་གྱི་རློབ་རང་གི་ལུས་ལ་བཅོམ་ལྡན་འདས་ཚད་མེད་པ་རྣམས་ཀྱིས་སངས་རྒྱས་ཞིང་གི་བཀོད་པ་གྲངས་མེད་པ་རྣམས་དང། འཇིག་རྟེན་གྱི་ཁམས་འཇིག་པ ་དང་ཆགས་པ་ཐམས་ཅད་ཀྱང་ངོ། །རང་གི་ལུས་ལ་བྱིན་གྱིས་རློབ། རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱང་བ་སྤུའི་ཁུང་བུ་གཅིག་ནས་འབྱིན་ཏེ་སེམས་ཅན་རྣམས་ལ་རླུང་ངེས་གནོད་པའང་མེད་དོ། །འཇིག་བྱིན་གྱིས་རློབ་པ་རྟེན་གྱི་ཁམས་ཀྱི་རྒྱ་མཚོའི ་མཐར་ཐུག་མེད་པ་ཞེས་ཀྱང་རུང་བའི་ཆུའི་ཕུང་པོ་གཅིག་ཏུ་བྱིན་གྱིས་རློབ་པ་དང། ཆུ་ཡི་ཕུང་པོ་དེར་ཡང་པདྨ་ཆེན་པོ་དང་པདྨ་དེའི་འོད་ཀྱི་བཀོད་པ་འཇིག་རྟེན་གྱི་ཁམས་མཛའ་ཡས་བ་ཁྱབ་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་དེར་ཡང་བྱང་ཆུབ་ཀྱི་ཤིང་ཆེན་པོ ་སྟོན་པར་བྱེད་པ་ནས་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ངོ། །ཀུན་ཏུ་སྟོན་པ་རང་གི་ལུས་ལའང་ཕྱོགས་བཅུ་རྣམས་ཀྱི་ནོར་བུ་དང་གློག་དང་ཟླ་བའི་འོད་ནས་དང་ཉི་མའི་འོད་ཇི་སྲིད་འོད་དང་སྣང་བའི་བཀོད་པ ་ཐམས་ཅད་ཀྱི་བར་དུ་བྱིན་གྱིས་རློབ་པོ། །ཁའི་དབུགས་ཀྱིས་ཕྱོགས་བཅུ་པོ་རེ་རེ་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་གཡོ་བར་བྱེད་དེ། ས་གཡ?་བ་དེས་སེམས་ཅན་རྣམས་སྐྲག་པར་ཡང་མི་བྱེད་དོ། །ཕྱོགས་བཅུའི་རླུང་གིས་འཇིག་པ་དང་ཆུས་འཇིག ་པ་དང་མེས་འཇིག་པ་ཡང་བྱིན་གྱིས་རློབ་པོ། །རང་གི་ལུས་ཀྱང་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་བརློབ་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་རང་གི་སངས་རྒྱས་ཀྱི་ཞིང་དང། རང་གི་སངས་རྒྱས་ཀྱི་ཞིང་ལའང་དེ་བཞིན་གཤེགས་པའི་སྐུའོ ་ཞེས་པ་འདི་ལྟ་བུ་ལ་སོགས་པ་མཛའ་ཡས་པ་ཚད་མེད་པ་གྲངས་མེད་པའི་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་ལམ་དང་མངོན་པར་ཤེས་པའི་རྣམ་པར་རོལ་པ་རྣམས་སྟོན་པར་བྱེད་དོ། །ས་ཆོས་ཀྱི་སྤྲིན་ཐོབ་པའི་བྱང་ཆུབ་སེམས་དཔའ་འདིའི་ཡང་ཡེ་ཤེས་བྱིན་གྱིས་རློབ་པོ ་ཀྱི་སྣང་བ་སེམས་ཅན་རྣམས་ཇི་སྲིད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་གཞུག་པའི་ཆེད་དུ་གནས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ས་དགུ་པ་ཇི་སྲིད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ལས ་གཞན་པའི་ཡེ་ཤེས་ཀྱི་སྣང་བ་རྣམས་ཀྱིས་མི་འཕྲོགས་སོ། །གང་གི་ཕྱིར་འདིའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བས་དེའང་ཕལ་ཆེར་གནས་གཙང་མའི་ལྷའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམས་ལ་ཕ་རོལ་ཏུ་ས་བཅུ་པོ་ཡན་ཆད་པ ་ཕྱིན་པ་སྟོན་པ་ལ་བྱེད་བ་དང་གཙོ་བོ་ཡིན་ཞིང་ཆོས་ལ་ལོངས་སྤྱོད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ལ་མཁས་པའི་ཁྱད་པར་དང་ལྡན་པས་ན། འདོད་ན་རྣམ་པ་དེ་ལྟ་བུའི་བརྩོན་གྲུས་རྩོམ་སྟེ། གང་ལས་སྐད་ཅིག་གཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང ་གྲངས་མེད་པ་ལས་འདས་པའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཏིང་ངེ་འཛིན་རྣམས་འཐོབ་པོ། །དེ་སྙེད་ཀྱི་སངས་རྒྱས་རྣམས་མཐོང་ངོ། །སངས་རྒྱས་དེ་རྣམས་ཀྱི་བྱིན་རླབས་ཀྱང་ཤེས་སོ། །དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གཡོ་ཞིང་སྣང་བར་བྱེད་དོ།། ་དེ་སྙེད་ཀྱི་ལུས་སྟོན་ཞིང་ཞིང་རྣམས་སུ་འགྲོའོ། །དེ་སྙེད་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྙེད་ཀྱི་བསྐལ་པར་གནས་ཤིང། སྔོན་གྱི་མཛའ་དང་ཕྱི་མའི་མཛའ་འཇུག་གོ་།དེ་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་རྣམ་པར་འབྱེད་དོ། །དེ་སྙེད ་ཀྱི་ལུས་སྟོན་ཞིང། ལུས་དང་ལུས་ལའང་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཨི་སྟོན་འཁོར་རོ། །ལུས་ཀྱི་བ་སྤུའི་བུ་ག་རེ་རེར་ཡང་གྲངས་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རེ་རེ་ལ་འཁོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཅན ་སྔོན་བྱུང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཚོགས་ཀྱི་རང་བཞིན་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་སུ་བྱུང་བ་ལྟར། དབུ་མ་ལ་འཇུག་པར། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང་ལྷན་གཅིག་རྫོགས་སངས་རྒྱས་ཀུན་བགྲང་འདས་དང། དེ་བཞིན་ལྷ་དང་ལྷ ་མིན་མི་རྣམས་ཀྱང་སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས་ཤེས་དང་དེའི་འགྲེལ་པར་རྣམས་སྐད་ཅིག་སྐད་ཅིག་དང་ལ་རྣམ་པ་གཞན་དང་གཞན་ཡང་སྟོན་པར་བྱེད་དེ། །ཀུན་ཏུ་རྒྱུ་བ་བསམ། རྣམ་པར་རྟོག་པ་ལ་སྦྱོད་པ་མེད་པ་ཁོ་ནར་རོ། །རྒྱལ་བ་རྒྱལ་སྲས་ཀྱིས་བསྐོར་བ་དེ་ལས་གཞན་ལྷ་དང་མ་ལ ་སོགས་པ་འགྲོ་བ་ལྔའི་དབྱེ་བ་ཐ་དད་པའང་འཁོར་བར་ཐ་དད་པ་མེད་པར་ཏེ། ཀྱང་གི་སྒྲ་ལས་བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པའི་རྒྱལ་ལོ་དང་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་འབད ་པ་མེད་པར་ཁོ་ནར། བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་བྱས་ནས་ཆོས་སྟོན་པར་བ་སྤུའི་ཁུང་བུ་རེ་རེར་སྐད་ཅིག་རེ་རེ་ལ་སྟོན་བྱེད་དོ། །ཞེས་སོ་སྒྱུ་མ་ལ་སོགས་པ་ལྟ་བུའི་ཆོས་ལ་མོས་པ་ནི་ཇི་སྐད་དུ་བཅོམ་ལྡན་འདས་མ་རྒྱས་པ་དང་བར་མང་མཐར་ཐུག་པར་འགྲོ་བའི་ས་ལ་གནས ་པའི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ངེས་པར་བསྟན་པར་གསུངས་པ། སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླ་དང་རྨི་ལམ་དང་མིག་ཡོར་དང་སྒྲ་བརྙན་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུའི་ཆོས་ལ་ལྷག་པར་མོས་པ་རྣམས་ཀྱིས་ཤེས་སོ། །འདིར་དཔེ་འབུམ་ཊ་གི?་དུ་བརྒྱད ་ཀྱིས་མཚན་ཉིད་བརྒྱད་རྣམས་གསལ་བར་བྱས་ཏེ། འདི་ལྟ་སྟེ་སྟོང་པ་ཉིད་དང་ཀྱི་མཚན་ཉིད་མཚོ་མ་མེད་པ་དང་ནི་བག་འདྲའི་རྩེ་མོ་ཞེས་ཐེག་བསྡུས་བཤད་སྦྱར་དུ་བསྒྱུར་ཏེ་མྱུར་དུ་བསྐོར་བ་སོགས་ཡིན་པར་མངོན་ནོ། །སྨོན་པ་མེད་པ་དང་རང་བཞིན་མེད་པ་དང་སྣང་བསྙན་དང་རྟེན་ཅིང་འབྲེལ་པར་འབྱུང ་པ་དང་ཀུན་བརྟགས་དང་གཞན་གྱི་དབང་གི་མཚན་ཉིད་རྣམས་སོ། །ཞེས་སོ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་ངར་གྱི་ཡོལ་བས་བར་དུ་ཆོད་པ་ཙམ་དུ་སྐྱེ་བ་གཅིག་གིས་ཐོགས་པའི་དམ་པ་ཏོག་དཀར་པོ་ལྟ་བུ་བདག་ཉིད་ཆེན་པོ་འདིའི་ཡོངས་སུ་དག་པ་རྣམས་ཏེ། ཅིག ་ཅར་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རང་གི་ལུས་ཡང་དག་པར་སྟོན་པ་དང། སྐྱིལ་ཀྲུང་གཅིག་གིས་ཞིང་ཐམས་ཅད་ཁྱབ་པ་དང། རྒྱལ་པའི་ཡུམ་གྱི་སེམས་བསྐྱེད་བཅོ་ལྔ་པར་བཀའ་སྩལ་པ་ལྟ་བུ། །རང་གི་ལུས་ཀྱི་རྡུལ་ཕྲ་རབ་དང་ཕྱི་རོལ་གྱི་རྡུལ་ཕྲ་རབ ་རེ་རེ་ལའང་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་རྣམ་པར་འཕྲུལ་པ་དང་སེམས་ཅན་གྱི་ཁམས་འཇིག་པ་དང་འཆགས་པ་ལ་སོགས་པ་ཡང་དག་པར་སྟོན་ཞིང། རྡུལ་ཕྲ་རབ་དེ་རྣམས་ཆེར་སོང་བའང་མ་ཡིན ་ལ། སངས་རྒྱས་ལ་སོགས་པ་དེ་རྣམས་ཆུང་བ་ཉིད་དམ་འདྲེན་པ་འང་མ་ཡིན་ཏེ། དེ་སངས་རྒྱས་སོགས་རྣམས་དང་རྡུལ་ཕྲ་རབ་དེར་དེ་ལྟར་ཕན་ཚུན་པའམ་འདྲེས་དོག་པ་མེད་པ་ཁོ་ནར་བཞུགས་པ་ནི་གཞན་དུ་ཞིང་ཡངས་པ་རྣམས་སུ་ཇི་ལྟར་བཞིན་ནོ་ཞེས་པ་ལ་སོགས ་པ་སྐུའི་ལས་ཡོངས་སུ་དག་པ་རྣམས་དང། གསུང་གཅིག་གིས་གདུལ་བྱ་རྣམས་ཀྱི་བསམ་པ་ཇི་ལྟ་བར་ཆོས་བསྟན་པ་ཐོབ་པར་བྱེད་པ་དང། དབྱངས་གཅིག་གིས་ཞིང་ཁམས་ཐམས་ཅད་སྤྲོ་བའམ་ཁྱད་པར?་དང་དབྱངས་ཀྱི་དཀྱིལ་འཁོར་རེ་རེར་དབྱངས ་ཐམས་ཅད་འབྱུང་ཞིང་སྣང་བའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་དག་གི་ལས་ཡོངས་སུ་དག་པ་རྣམས་དང། ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཚད་མེད་པ་ལ་སྙོམས་བར་འཇུག་པར་ཞེས་པ་འདི་ལྟ་བུ་ལ་སོགས་པ་ཡིད་ཀྱི་ཕྲིན་ལས་རྣམས་དང་མདོར ་བསྡུ་ན། གོམ་པ་འདེགས་པ་དང་འཇོག་པའི་ལས་རྣམས་ཀྱང་ཇི་སྲིད་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཐོབ་པ་ས་ལེགས་པའི་བློ་གྲོས་ལ་རབ་ཏུ་གནས་པ་རྣམས་ཀྱིས་ཀྱང་ཤེས་པར་སླ་བ་མ་ཡིན་ན། གཞན་རྣམས་ཀྱི་ལྟ། ཡོངས་སུ་དག་པ། ཤེས་པར་སླ་བར་མ་ཡིན་པ ་རྫུ་འཕྲུལ་དང་དུས་གསུམ་ལྟ་བ་དང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་རྣམ་པར་ཐར་པ་དང་སྤྲུལ་པའི་ལས་དང་བྱིན་རླབས་ཀྱི་ལས་དང་མཐུའི་ལས་དང། ཅི་སྨོས། དེ་ཉིད་ཀྱི་ཕྱིར་ཡུམ?་མར་གསུངས་བ། རབ་འབྱོར་བྱང་ཆུབ་སེམས་དཔའ་ས་བཅུ་ས་བརྒྱད་པ་ལ་གནས་པ་མན་ཆད་པ་ལ་གནས་པའི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་ཁོ་ན་ཞེས་པར་བརྗོད་པར་བྱའོ་ཞེས་སོ། །འཕགས་པ་བློ་གྲོས་རྒྱ་མཚོའི་མདོར་ཡང?། ས་བཅུ་པ་ལས་ཕ་རོལ་གྱི་བྱང་ཆུབ་སེམས་དཔའ་ནི་ཐོས་མ་ཐག་པ་དེ་བཞིན་གཤེགས་པ་ཁོ་ནར ་བརྗོད་པར་བྱའོ། །ཞེས་སོ། །དེ་ནི་དེ་བཞིན་གཤེགས་པའི་མཛད་པས་སེམས་ཅན་རྣམས་ལ་སོ་སོར་ཉེ་བར་གནས་ཀྱི་དེ་བཞིན་གཤེགས་པའི་རྟོགས་པས་གནས་པ་ནི་མ་ཡིན་ནོ། །འཕགས་པ་བྱམས་པས་ཀྱང་གསུངས་པ། སྔོན་གྱི་འཕེན་པའི་དབང་ལས་དང། །རྣམ་རྟོག་ཐམས་ཅད ་གྲལ་བའི་ཕྱིར། །དེ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལུས་ཡིན་པར་གསུངས་ཀྱང་དེ། ཅན་སྨིན་ཆེད་དུ། །སླར་ཡང་འབད་པ་བྱེད་མ་ཡིན། །སྟོན་དང་གཟུགས་སྐུ་དག་དང་ནི། ཐུགས་ཀྱི་སྤྱོད་དང་སྐུའི་སྤྱོད་ལམ་གྱིས་རྒྱུད་བླ་མའི་རིགས་ཀྱི་སྐབས་སུ། ཀྱང་འབད་པ་མེད་པར་འབྱུང་བའི་ཕྱིར། འབད་རྩོལ་གྱི་རྒྱུ། རུང་བ ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་གང་ཞིག་གང་གིས་ཇི་ལྟར་འདུལ། །དེ་འདིས་དེ་ལྟར་ཁོ་ནར་ཤེས། །དེ་ལྟར་ནམ་མཁའ་ཆོས་འི་ཐས་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །གྱི་ཁྱད་པར། ཐོགས་མེད་བློ་ལྡན་དེ་ཡི་ནི། །སེམས་ཅན་དོན་ནི་ཡང་དག་འཇུག། བྱང་ཆུབ་སེམས་དཔའ་ ་རྟོགས་པ་འདི་ཐོབ་པ་དེ་བཞིན་གཤེགས་རྣམས་དང། སེམས་ཅན་བྱང་ཆུབ་སེམས་དཔའ་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་རྣམས་ན་མཉམ་པ་ཉིད། །འོན་ཀྱང་ས་གཞི་དང་རྡུལ་ཕྲན་དང། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང། བྱང་ཆུབ ་སེམས་འི་ཚུལ་དཔའ་ཨི?་ཁྱད་དེ་ཡིན་ཞེས་སོ། །དེ་གྲངས་རྒྱ་ཆེ་བ་ནི་ཞེས་པ་འགྲེལ་དུ། ལྟར་ས་ཆོས་ཀྱི་སྤྲིན་འདིའི་ཡོན་སེམས་ཅན་གྱི་དོན་བྱེད་པ་ཏན་རྣམས་མདོར་བསྡུས་པ་བསྟན་པ་སྟེ། རྒྱས་པར་ནི་བསྐལ་པ་གྲངས་མེད་པ་འབུམ་ཕྲག་དུ་མས་ཀྱང་མཐར་ཐུག་པ་མེད?་པའི་རྣམ་པས་བལྟ ་པར་བྱའོ། །ཇི་སྐད་དུ་གསུངས་པ། ཀྱེ་རྒྱལ་བའི་སྲས་དེ་ལྟར་རེ་ཞིག་ས་ཆོས་ཀྱི་སྤྲིན་འདི་ཁོ་ན་བསྐལ་པ་ཚད་མེད་པར་བསྟན་ཀྱང་ཕྱོགས་ཙམ་ནའང་དེ་ལྟར་ཚད་མེད་ཞིག་བསྟན་པར་ཟད་ན། དེ་བཞིན་གཤེགས་བསྟན་པ་པའི་ས་ལྟ་ཅི་སྨོས། །ཀྱེ་རྒྱལ་བའི་སྲས ་དེ་གལ་ཏེ་ཕྱོགས་ས་བཅུ་པའི?་མདོར་བཅུ་རྣམས་སུ་ཕྱོགས་རེ་རེར་འཇིག་རྟེན་གྱི་ཁམས་སུ་མཛའ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉན་པའི་སངས་རྒྱུ་ཅུང་ཟད་ཀྱི་ཞིང་རྣམས་ཆོས་ཀྱི་སྤྲིན་འདི་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་(བུའི་ཤིང་གི་ཚལ་ལམ་འོད?་མའི་ཚལ་དང་འདམ་བུའི་དང་ཏིལ་གྱི་ཚལ་ལྟར) ་གང་བར་གྱུར་ཀྱང། (།བྱང་ཆུབ་སེམས་དཔའ་ཆེན་པོ)་དེ་རྣམས་ཀྱི་བསྐལ་པ་མཛའ་ཡས་པར་བསྒྲུབས་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མངོན་པར་བསྒྲུབས་པས་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་སྐད་ཅིག་གཅིག་གི་ལས་བྱུང་བའི་དེ་བཞིན ་གཤེགས་པའི་ཡུལ་གྱིའང་(བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས)་ཇི་སྲིད་བྱེ་བ་ཁྲག་ཁྲིག་འབུམ་གྱི་ཆ་དང་གྲངས་དང། རྒྱུའི་བར་དཱུང་མི་བྲོད་དོ་ཞེས་སོ། །དེ་ལྟར་(ཆོས་ཀྱི་སྤྲིན་ལ་གནས་པའི)་བྱང་ཆུབ་སེམས་དཔའ་འདི་ས་བཅུ་པ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་བཅོ་ལྔ་པ་ལ་སོགས ་པ་སེམས་བསྐྱེད་པ་དྲུག་རྣམས་མངོན་པར་སྒྲུབ་པོ། །དེ་ལ་སེམས་བསྐྱེད་པ་བཅོ་ལྔ་པ་མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། མཐུ་ནུབ?་པ་མངོན་ཤེས་དྲུག)་ཐོགས་པ་མེད་པ་ཉིད་ཀྱིས་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་མང ་གསུངས་པ། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་གཅིག་གིས་ཕྱོགས་བཅུ་རྣམས་སུ་མཛའ་ཡས་ཤིང་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོའོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་ལ་སོགས་པའི་ཆུའི་ཕུང་(རྒྱས་འབྲིང་དུ་སེམས་བསྐྱོད་ཀྱི?་དུ) ་པོ་གང་དེ་ཐམས་ཅད་སྐྲའི་རྩ་མོའི་མཛའ་བརྒྱར་བཤགས་པའི་ཆས་འཕེན་པར་བྱེད་ལ་དེ་ལ་བརྟེན་པའི་སྲོག་ཆགས་རྣམས་ལ་གནོད་པ་(པར་འདོད)་མེད་དོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བར་གྱི་བསྐལ་པར་བསྲེག་པའི་མ་འབར་བའི་ཁའི ་དབུགས་གཅིག་གིས་ཡོངས་སུ་རབ་ཏུ་ཞི་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའི་རླུང་གི་དཀྱིལ་འཁོར་རྣམ་པར་བསྐྱོད་པ་ཆེན་པོ་སོར་མོའི་ཚིགས་ཀྱི་རྩེ་མོ་གཅིག་གིས་(ཡོངས་སུ)་གནོན་པར་བྱེད་དོ། །ནམ་མཁའ་ཨི་ཁམས་སྐྱིལ་མོ་དཀྲུང་གཅིག་གིས་(རྒྱས་པར) ་ཁྱབ་པར་བྱེད་དོ། །རི་རབ་ཆེན་པོ་ལ་སོགས་པའི་རི་བོ་རྣམས་སྐྲ་ཉག་མ་གཅིག་གིས་བཅིངས་ཏེ་(བྱེད?་དུ་བཏེག་ནས)་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་འཕེན་པར་བྱེད་དོ། །ཕྱོགས་བཅུ་རྣམས་སུ་སོ་སོར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན ་འདས་པ་རྣམས་ལྷའི་མིག་གིས་བལྟའོ། (།རྫོགས་པའི་སངས་རྒྱས)་དེ་རྣམས་ཀྱི་ཆོས་བསྟན་པ་ཡང་ལྷའི་རྣ་བས་ཉན་ནོ། །སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་རྣམས་ཤེས་སོ། (།སེམས་ཅན)་དེ་རྣམས་ཀྱི་ཡང་སྔོན་གྱི་གནས་རྗེས་སུ ་དྲན?་ནོ། །ཟག་པ་ཟད་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་མངོན་པར་སྒྲུབ་ལ། ཡང་དག་པའི་མཛའ་སྔོན་དུ་བྱེད་པའང་མ་ཡིན་ནོ། (།བར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ཡོད།)་ཞེས་སོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ལ་སོགས་པའི་མཐུ་འདི་འདྲ་བ ་རང་དང་(ཅིང་ཡིད་ཆེས།)་པར་དཀའ་བ་མ་ཡིན་ཏེ། བསམ་གཏན་པ་རྣམས་ཀྱི་ཡང་དག་པར་སྟོན་པ་ཁྱབ་བདག་(པར་འབྱོར་པ)་ཉིད་འདི་བསམ་གྱིས་མི་ཁྱབ་པའི་ཕྱིར། །སེམས་བསྐྱེད་པ་འདི?་ནི། (བློ་གྲོས་ནི་ཟད་པར་བཀའ་སྩལ་བའི།)་སྟོན་པ་མི་ཟད་པ་ཡང་ངོ། །དེ་ལ ་དོན་ལ་རྟོན་གྱི་ལེགས་པར་སྦྱོར་བ་(སཾ་སྐྲི་ཏའི་སྐད།)་ལ་སོགས་པའི་ཚིག་འབྲུ་ལ་(རྟོན་པ)་མ་ཡིན་པ་དང། ཆོས་ནི་རིགས་པ་(འཐད་པ་སྟེ།)་དེ་ལ་རྟོན་གྱི་གནས་བརྟན་ལ་སོགས་པའི་(མདོ་སྡེ་རྒྱན་དུ། གཙུག?་ལ་བསྟན་པའི་ཆོས་དང་ནི། དེ་དོན་དགོངས་པ་ཅན་དང་ནི། ངེས་དོན་ཆ་དམ?་ལྡན་པ་དང། དེའི་བརྗོད་མེད ་འང་བའོ། །ཞེས་གསུངས་པ་ལྟར།)་གང་ཟག་ལ་མ་ཡིན་པ་དང། སྒོམ་པ་ལས་བྱུང་བའི་ཤེས་རབ་ནི་ཡེ་ཤེས་ཏེ་དེ་ལ་རྟོན་གྱི་རྣམ་པར་ཤེས་པ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་དག་ལ་མ་སྟོན་པ་ཡིན་པ་དང། སངས་རྒྱས་བཅོམ་ལྡན་འདས་ནི་ཚད་མ ་མཆོག་སྡེ། དེས་ན་ངེས་པའི་དོན་གྱི་སྟོན་པ་མདོ་སྡེ་གང་ཡིན་པ་དེ་ལ་རྟོན་གྱི་དྲང་བའི་དོན་ལ་མ་ཡིན་པའོ་ཞེས་པ་རྟོན་པ་བཞི་རྣམས་སོ། །སེམས་བསྐྱེད་པ་བཅུ་དྲུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་བང་མཛོད་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི ་(དོན་དམ་པའི་ཚད་མ་མཐར་ཐུག་པ།)་ཚོགས་མང་པོའི་མཛོད་ཏེ་མཛད་ཀྱི་གནས་སམ་མཛོད་ཀྱང་ཡིན་ལ་གནས་ཀྱང་ཡིན་པས་གནས་ཉིད་ཀྱི་ཕྱིར་རོ། །སེམས་བསྐྱེད་པ་བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་ན་ལམ་པོ་ཆེ་ལྟ་བུ་སྟེ། འཕགས ་པའི་གང་ཟག་ཐམས་ཅད་སྔ་མ་རྣམས་གཤེགས་ཤིང་ཕྱི་མ་རྣམས་རྗེས་སུ་གཤེགས་པའི་ཕྱིར་རོ། །སེམས་བསྐྱེད་པ་བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་(བཟང་པོ)་ལྟ་བུ་སྟེ་(སེམས་བསྐྱེད ་དེ་ཏིང་ངེ་འཛིན་དང་ཤེས་རབ)་ཟུང་དུ་འབྲེལ་པར་འགྲོ་བ་(ཱམ་འབྱུང་བ)་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་ལས་པ་གང་ཡང་རུང་བར་མི་ལྟུང་བར་བདེ་བླག་ཏུ་འགྲོ་བའི་ཕྱིར་རོ། །སེམས་བསྐྱེད་པ་བཅུ་དགུ་པ་གཟུངས་དང་སྤོབས་པ་དང?་ལྡན་པ་ནི་བཀོད ་མའི་ཆུ་(ལྟ་བུ)་སྟེ་ཆུ་འཛིན་ཞིང་མི་བཟད་པར་འབྱིན་པ་དང་ཆོས་མཐུན་པར་ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་(གཟུངས་ཀྱིས)་འཛིན་ཅིང་(སྤོབས་པ)་མི་ཟད་པར་སྟོན་པར་འབྱུང་བའི་ཕྱིར་རོ། །སེམས་བསྐྱེད་པ་ཉི་ཤུ་པ་ཆོས་ཀྱི ་སྡོམ་དང་ལྡན་པ་ནི་ཀུན་དགའ་ཨི་སྒྲ་ལྟ་བུ་སྟེ་ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པར་སྒྲོགས་པའི་ཕྱིར། ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་སོ་སོར་དུས་རིང་པོར་མུན་པས ་འཐོམས་པའི་འཇིག་རྟེན་གྱི་བར་རྣམས་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་(གླིང་བར་གྱི་མུན་པ)་དེར་སྐྱེས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་སྒྲོགས་པར་བྱེད་ཅིང་(མུན་པ་མུན་ནག་ཏུ་གྱུར་པ་འམ། ་སེམས་ཅན།)་དེ་རྣམས་ཀྱང་(འཇིག་རྟེན་དབང་དེ་ལས་འདས་པའི)་ཡང་དག་པའི་ལྟ་བ་ལ་སོ་སོར་འགོད་པར་བྱེད་(འདོད་པའི་བྱང་ཆུབ་སེམས་དཔས་ཤེས་གསུངས)་དོ་ཞེས་སོ། །དེ་ལ་ཆོས་ཀྱི་སྡོམ་རྣམས་ནི་(ཉི་ཁྲི་སྣང་བར)་འདུས་བྱས་ཐམས་ཅད་མི་རྟག་པ་དང། ་ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་བ་དང།། (ར་སོ་སོར་རྟོག་པ)་ཆོས་ཐམས་ཅད་བདག་མེད་པ་ར་སོ་སོར་རྟོག་པ་དང་མྱ་ངན་ལས་འདས་པ་ཞི་བའོ་ཞེས་པ་སོ་སོར་རྟོགས་པ་རྣམས་སོ། (།ཞེས་སོ)་དེ་ལ་མི་རྟག་པ་ནི། (ར་སོ་སོར་རྟོག་པ) ་རྟག་ཏུ་མེད་པ་སྟེ། མེད་པའི་དོན་ནི་མི་རྟག་པའི་དོན་ཏོ། །ཀུན་རྫོབ་ཏུ་སྐད་ཅིག་གིས་འཇིག་པའི་དོན་ཡང་མེ་རྟག་པའི་དོན་ནོ། །རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཞི་བའོ་ཞེས་པ་མདོར་བསྡུས་ཏེ་སའི་ཡོན་ཏན་རྣམས་རྣམ་པར་གཞག་པ་སྟེ། ་(བདག་དང་བདག་གིའི་ངོ་བོའི་འདུས་བྱས།)་ཨ་པ་རཏྠ)་བཅོམ་(དབུས་མཛའ་རྣམ་པར་འབྱེད་པར། མི་རྟག་དོན་ནི་མད་དོན་དང། སྐྱེ་ནི་འཇིག་པའི་(དོན་ཉིད་དང་ཞེས་གསུངས།)་ལྡན་འདས་ཀྱིས་ཀྱང་(ས་བཅུ་པའི་མདོ་སྡེར)་གསུངས་པ། ཀྱེ་རྒྱལ་བའི་སྲས་འདི་རྣམས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ ་རྣམས་ཏེ། འདོར་བསྡུས་ནས་བསྟན་པས་བསྟན་གྱི་རྒྱས་པར་ནི་བསྐལ་པ་མཛའ་ཡས་པར་སྟོན་པར་བྱིན་གྱིས་བརླབས་པ་ལས་རྗེས་སུ་རྟོགས་པར་བྱའོ། །གང་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱིས་གསུངས་པ་དང་གསུང་བར་འགྱུར་བ་དང་གསུངས་པ་དེ་རྣམས་ཀྱང་ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པོ་འདི་རྣམས་ཏེ། རྣམས་པ་ཐམས་ཅད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་སོང་བ་རྣམས ་སུ་བལྟ་བར་བྱ་སྟེ། རིམས་གྱིས་(ཀུན་མཁྱེན་གྱི་ཡེ་ཤེས་ལ)་མངོན་དུ་ཕྱོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའང་སྐད་ཅིག་གཅིག་ཁོ་ན་ལ་བཅོམ་ལྡན་འདས ་ཀྱིས་རྟོགས་པ་སྟེ། (སངས་རྒྱས་ཀྱི་ས་ལ་ཤེས་བྱ་ཐམས་ཅད་ལ་རབ་ཏུ་ཕྲ་བའི་ཆགས་པའི་ཀུན་རྨོངས་དང་ཐོགས་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་སྤོང་ངོ།)་།ཇི་ལྟར་བུམ་པ་ལ་སོགས་པ་ཐ་དད་ན་ཡང་མི་(ནམ་མཁའ་)་སྒྲིབ་པ་ཉིད ་དུ་མཚུངས་པ་ཉིད་ཀྱི་ཕྱིར། (བུམ་པ་སོགས)་དེར་སོན་པའི་ནམ་མཁའ་ཐ་མི་དད་པ་དེ་བཞིན་དུ་(ཆོས་ཅན)་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཐ་དད་ནའང་(གཟུགས་སོགས)་དེར་སོན་པའི་(ཆོས་ཉིད)་དེ་ཁོ ་ན་ཉིད་སྐྱེས་བ་མེད་པའི་མཚན་ཉིད་ཅན་ཐ་མི་དད་པའི་ཕྱིར་དེ་ཁོ་ན་ཉིད་གཅིག་ཁོ་ནར་ཤེས་པར་བྱ་ཞིང། (ཆོས་ཉིད་གཅིག་པུ་དེའང་བཅོམ་ལྡན་འདས་ཀྱི་ཤེས་པའི)་སྐད་ཅིག་གཅིག་ཁོ་ནས་རྟོགས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའང ་སེམས་བསྐྱེད་པ་གཉིས་ཏེ་སྔར་བཤད་པ་ལྟར་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་ལ་སེམས་བསྐྱེད་པ་ཉི་ཤུ་རྩ་གཅིག་པ་ནི་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་སྟེ། བླ་ན་མེ་དང་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་(སངས་རྒྱས་ཀྱིས་ན་ཡོད་བ)་ཐོབ་པས ་ན་ས་དེ་པ་རྣམས་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་རང་གི་ངོ་བོའི་སེམས་དེའི་བདག་ཉིད་དུ་སྦྱོར་བ་ལས་བྱང་ཆུབ་སེམས་པ་ངལ་རྣམས་ཀྱི་འབྲས་བུ་དང་བྱ་བ་(ཱཾ་བྱ་བ་བྱེད་པ)་ཐ་མི་དད་པའི་ཕྱིར་བགྲོད་པ་གཅིག་པའི་ལམ་མོ། །དེ་དང ་ལྡན་པ་ནི་ཆུ་བོའི་རྒྱུན་ལྟ་བུ་སྟེ་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་ནི་འདྲེས་པ་དང་ཉེ་བར་འདྲེས་པ་ཉིད་ཀྱིས་(ས་བརྒྱད་པ་མི་གཡོ་བ་ནས་གཟུངས་བ་ནས་ནི་གྱ་ནོ?་བྱ་འདི་ནི་བླ་ན་མེད་པའོ། །སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པ་ཆོས་ཀྱི་སྐུ་དང ་ལྡན་པ་ནི་སྤྲིན་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་(སེམས་བསྐྱེད་ཉེར་གཉིས་སོ)་དེ་ལས་འཇུག་པའི་ཕྱིར། །སྤྲིན་ལས་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པ་རྣམས་(འཇུག་པ)་བཞིན་དུའོ། (།བློ་གྲོས་མེ་མི་ཟད་བར་བཀའ་སྩལ་བ་ལྟར་ཐབས་ལ)་མཁས་པ་མི་ཟད་པའང ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་(མཛད་པ་བཅུ་གཉིས)་ཀུན་ཏུ་སྟོན་པ་ནི་ཐབས་ལ་མཁས་པའོ། །དེ་ལྟར་ཡང་བསྟན་བཅོས་ལས་ཀྱང། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། འདི་ནི་ཐབས་མཁས་བཅས་པ་ཡིན་ཞེས་སོ། །སློབ་དཔོན་དབྱིག་གཉེན་གྱི ་ཀྱང་གསུངས་པ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སངས་རྒྱས་ཀྱི་ཡེ་ཤེས་ནི་རྣམ་པར་ཐར་པ་དང་ཐབས་ལ་མཁས་པའི་ཕྲིན་ལས་ཅན་ཏེ་ཛམྦུའི་གླིང་བྱེ་བ་ཕྲག་བརྒྱར་ཅིག་ཅར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་རོ་ཞེས་སོ། (།བརྒྱད་སྟོང་འགྲེལ་པར་རང་དོན ་གྱིས?་?ཆུང་ངུའི་ཐད་དུ་ཐབས་ལ་མཁས་པ་ན་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་(ཟུང་དུ་འཇུག་པའི་དག་གམ། དེ་ལས་སྐྱེས་པའི་ལས་??་ལ་མཁས་པའོ། །ཞེས་སོ་ས་བཅུ་པའི་སྨོན་ལམ་བཅུ་པའི་འགྲེལ་པར་ཅིའི་ཕྱིར་དགའ་ལྡན་དུ་གཞུགས་པ་ཀུན་ཏུ་སྟོན་གྱི་གཟུགས་དང་གཟུགས་མེད ་རྣམས་སུ་(བཞུགས?་སྟོན་པ)་མ་ཡིན་ཞེ་ན། མི་ཁོམ་པ་(?་?་དང་གཟུགས་མེད་པ་ནས)་འདི་འོངས་ཀྱི་བདག་ཅག་གི་རྒྱུ་མཚན་དུ་ནི་མ་ཡིན་པ་ཁོ་ནའོ་ཞེས་རིམ་གྲོ་མང་དུ་མི་བྱེད་པ་ཡོངས་སུ་སྤང་བའི་དོན་དུའོ། །ཅིའི་ཕྱིར་གཞན་འཕྲུལ་དབང་སྒྱུར་དུ་མ་ཡིན་ཞེ་ན་ནུས་པ ་ཡོད་ཀྱང་ཁྱད་པར་དུ་འཕགས་པའི་སྐྱེ་(བ་དབང་བསྒྱུར)་སྤངས་ནས་སེམས་ཅན་ལ་ཐུགས་བརྩེ་བས་དགའ་ལྡན་དུ་སྐྱེས་སོ། །ཞེས་རིམ་གྲོ་མང་དུ་ལྷག་པར་བསྐྱེད་པའི་དོན་དུའོ། །ཅིའི་ཕྱིར་མི་རྣམས་སུ་(གཞུགས་བསྟོན?་ལ?)་མ་ཡིན་ཞེ་ན། ལྷའི་བདེ་བ་སྤངས་ནས་བདག ་ཅག་ལ་ཐུགས་བརྩེ་བས་མིར་བྱིན་ཞེས་རིམ་གྲོ་མང་དུ་ལྷག་པར་བསྐྱེད་པའི་དོན་དུའོ། །ཅིའི་ཕྱིར་མངལ་དུ་གནས་པ་སྟན་ཞེ་ན། རིགས་མཐུན་པ་མ་(ལ་སྐྱེས་བཞན་རྣམས)་སྤྲོས་བསྐྱེད་པའི་དོན་དུའོ། །ཅིའི་ཕྱིར་རང་ཉིད་མངོན་པར་བྱང་ཆུབ་པ་བསྙན་གྱི། སངས ་རྒྱས་གཞན་གྱི་ཉེ་བར་བསྟན་པ་ལས་(བྱང་ཆུབ་པ)་མ་ཡིན་ཞེ་ན། སྐྱེས་བུའི་བྱེད་པ་(འབད་རྩོལ)་ལ་སྦྱོར་བའི་དོན་དུ་སྟེ། (རང་ཉིད་ཀྱི་ལམ་སྒྲུབ་པ་ལ་འབད་དགོས་ཀྱི)་གཞན་ལ་རག་ལས་པས་མི་འགྲུབ་ཅེས་སའོ། །དེའི་གླེང་གཞིའི་འགྲོལ་བ་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང ་བའི་གནས་པས་གནས་ཤི་ན་རྟེན་འབྲེལ་དེ)་མངོན་པར་རྫོགས་པར་རྟོགས་པ་ཐུན་མོང་མ་ཡིན་པར་གསལ་བར་བྱ་བའི་དོན་དུའོ། །ཅིའི་དོན་དུ་གཞན་གྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཉི་མ་བདུན་དུ་འདས་པར་མཛད་ཅེ་ན། བདག་ཉིད་ཆོས ་ཀྱི་ཀུན་དགའ་དགྱེས་པ་ཆེན་པོ་ཉིད་གསལ་བར་གྱི་བའི་དོན་དུའོ། །དེའང་ཅིའི་དོན་དུ་ཞེ་ན་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་དགའ་བ་དང་གུས་པ་ཡང་དག་པར་འཕེལ་པའི་དོན་དུ་སྟེ་དེ་(ཆོས་ཀྱི?་དགྱེ?་བ)་ལྟར་གྱུར་ཀྱང་དེ་འཕྲ་པའི་དགྱེས་པ ་སྤངས་ནས་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་ཆོས་སྟོན་པར་བྱེད་དོ་ཞེས་པའོ། །ཅིའི་ཕྱིར་ཅང་མི་གསུང་བར་གྱུར་ཞེ་ན། (ཚངས་པ་ལ་སོགས་པ)་ཡོངས་སུ་བསྐོམ་པ་རྣམས་ཀྱིས་གསོལ་བ་བཏབ་པས་ཆོས་ལ་གུས་པར་(ཤིང་བྲམ?)་བྱ་བའི་དོན་དུའོ། །དེ་ལས ་ཚངས་པ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་པའོ། །ཅིའི་ཕྱིར་(སྐབས་སམ་མདོ)་འགའ་ཞིག་ཏུ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐོག་མར་ཤཱ་རིའི་བུ་ལ་བོས་ཏེ་བཀའ་སྩལ་བ་ལྟ་བུ)་གསོལ་བ་མ་བཏབ་པ་ཁོ་ནར་སྟོན་པར་རྩོམ་ཞེ་ན། གཞན་དུ་ན་(སྟོན ་པ་རང་ཉིད་ཀྱིས་མ་གསུངས་ན)་ཅི་སྟོན་པར་བཞེད་པའམ་ཞེས་(ཐུབ་པའི་དབང་པོ)་འདིའི་སྟོན་པར་བཞེད་པ་ཉིད་མི་ཤེས་པས་སོ། །ཅིས་ཡང་བྱང་ཆུབ་སེམས་དཔའ་(དང་ཉན་ཐོས་དང་དགྲ་བཅོམ་པ་རབ་འབྱོར)་ལ་སོགས་པ་རྣམས་ལ་བསྟན་པའི་ཆེད་དུ། བྱིན་གྱིས་རློབ་པར་བྱེད་ཅེ་ན་(བྱིན་གྱིས ་རླབ་བྱ)་དེའི་རིགས་རྣམས་སྤྲོ་བ་ཡང་དག་པར་འཕེལ་བའི་དོན་དུའོ། །བྱིན་གྱིས་རློབ་པའང་རྣམ་པ་གསུམ་སྟེ། སྐུ་ཡིས་ནི་ཕྱག་(རྒྱལ་བའི་ཕྱག་རྡོ་རྗེ་སྙིང་པོའི་མགོ་ལ་རེག་པ་ལྟ་བུ)་རེག་པ་ལ་སོགས་ཁ་ཅིག་ཏུ་ནི་(རབ་འབྱོར་ལ་ཡུམ་འཆད་པར་སྐུལ་བ་ལྟ་བུ)་གསུང་གིས་སོ། །ཁ་ཅིག་ཏུ་ནི ་ཐུགས་(ཤེར་སྙིང་སྟོན་པ་ན་སྤྱན་རས་གཟིགས་ལྟ་བུ)་ཀྱིས་སོ། །ཁ་ཅིག་ཏུ་གསུངས་གི་ཁ་ཅིག་ཏུ་གསུམ་(ཀས་??་དེ?)་འོད་ཟེར་དང་བཅས་པའི་ཆོ་འཕྲུལ་དང་གསོལ་བ་འདེབས་པ་སྟོན་པར་བྱེད་ཅེ་ན། ལས་ཀྱི་ཁྱད་པར་གྱི་དོན་དུ་སྟེ་(ས་བཅུ་པའི་མདོ་རྩ་འགྲེལ་དུ་ལེའུ་དང་པོར)་འོད་ཟེར་དེ་ནི་ལས ་བརྒྱད་དང་ལུས་གཉིས་ཅན་ནོ། །དེ་ལ་ཡང་དག་པར་(ཱི་རྟོགས་པ)་སད་པར་བྱེད་པའི་ལས་ཅན་ནི་གང་(ཱོད་ཟེར)་དེས་རེག་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ཀྱི་(སྟོབས)་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པས་སྐྱེས་པའི་སྟོབས་སྣང ་པར་བྱེད་པའོ། །སྡུད་པ་དང་(རྒྱས་པར)་འགྱེད་པའི་ལས་ནི་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་སུ་བཀྱ་ནས་འོད་འདོམ་གང་ཙམ་དུ་བསྡུས་པའོ། །རྒྱུ་ཉིད་ཀྱི་ལས་ནི་གྲངས་མེད་པའི་འོད་ཟེར་གྱི་འཁོར་གྱི་རྒྱུ་ཉིད་ཀྱིས་སོ། (།ཀུན་ཏུ)་སྟོན་པར་བྱེད ་བའི་ལས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་གྱི་དང་(འཇིག་རྟེན་གྱི་ཁམས)་དེར་གནས་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྟོན་པའོ། །རབ་ཏུ་ཞི་བར་བྱེད་པའི་ལས་ནི་ངན་སོང་གི་སྡུག་བསྔལ་(མི་ཟད་པ་ཐམས ་ཅད་རབ་ཏུ་ཞི་བར་བྱེད་བའི་ཕྱིར་རོ། (།ཏེ་ངན་སོང་གི་བསྡུལ་ཐམས་ཅད་རྒྱུན་བཅད་ཅེས་མདོར་བཀའ་སྩལ།)་ཟིལ་གྱིས་གནོན་པའི་ལས་ཅན་ནི་བདུད་ཐམས་ཅད་ཀྱི་མཐུ་དམན་པར་བྱེད་པ་སྟེ་(བདུད)་སྐྲག་ཅིང་བཏགས་པས་གདུལ་བྱ་རྣམས་ལ་བགེགས་བྱེད་པ་ལ་མི་འཇུག་པའོ། (།འདུལ? ་བྱ་རྣམས)་འདུན་པར་བྱེད་པའི་ལས་ནི་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཕྲིན་ལས་དང་མཐུ་(སྟོན་ཅིང)་གསལ་པར་བྱེད་པ་ལས་སོ། །གསོལ་བ་འདེབས་པའི་(ཱི་སྐུལ་བར་བྱེད་པ)་ལས་ནི་ཚིགས་སུ་བཅད་པའི་སྒྲ་འབྱིན་པ་ལས་སོ། །ལུས་གཉིས་ཇི་ལྟར་ཞེ ་ན་སྐར་མདའ་ལྟ་བུའི་ལུས་ནི་གང་གི་ཚེ་(ཱོད་ཀྱི)་ཁམས་གཞན་དུ་འགྱེད་པའོ། །ཉི་མ་ལྟ་བུའི་ལུས་ནི་གང་གི་ཚེ་སྤྲིན་གྱི་དྲ་བ་མཐུག་པོའི་ཁང་པ་བརྩེགས་པ་བྱས་ནས་ཐམས་ཅད་གནས་ཏེ་གཅིག་གི་མཐུས་(ཐམས་ཅད)་སོ་སོར་སྣང་ངོ། །དེ་ལྟར་འཁོར་གྱི ་དཀྱིལ་འཁོར་དེ་རྣམས་སུ་(ཚོགས་པ)་གཅིག་ཏུ་གྱུར་པ་བཞིན་དུ་ཕན་ཚུན་མཐོང་བས་བསྟན་པའང་སླ་བར་འགྱུར་ལ་ཉན་པ་འང་ངོ་(སླ་བར་འགྱུར་རོ།)་།གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་འདས་པའི་ལས་ལུང་སྟོན་པར་བཞེད་པར་གྱུར་བ་དེའི ་ཚེ་འོད་ཟེར་རྣམས་བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ནུབ་པ་འགྱུར་རོ། །འོན་ཏེ་མ་འོངས་པ་(ལུང་སྟན་པར་བཞེད་པ)་ཡིན་ན་མདུན་དུའོ་(ནུབ་པ།)་།དམྱལ་བར་སྐྱེ་(བ་ནི)་ལུང་སྟོན་པ་ནི་ཞབས་ཀྱི་མཐིལ་དུའོ། །བྱོལ་སོང་དུ་སྐྱེ་བ་ནི་ཞབས་ཀྱི་རྟིང་པར་རོ?། །ཡི་དགས་སུ་སྐྱེ་བ་ནི་ཞབས ་ཀྱི་མཐེ་བོང་ལའོ། །མིང་སྐྱེ་བ་ནི་པུས་མོ་སྐུ་དག་ལའོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་(པའི་གཅིན?་ནི)་ཕྱག་གཡོན་པའི་མཐིལ་དུའོ། །འཁོར་ལོས་སྒྱུར་པའི་རྒྱལ་པོ་ནི་ཕྱག་གཡས་པའི་མཐིལ་དུའོ། །ལྷར་སྐྱེས་པ་ནི་ལྟེ་བར་རོ། །ཉན་ཐོས་ཀྱི ་བྱང་ཆུབ་ནི་ཞལ་དུའོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ནི་སྨིན་མཚམས་སུའོ། །བླ་མ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གཙུག་ཏོར་དུའོ། །ཞེས་སོ། །ཅིའི་དོན་དུ་སྤྱོད་ལམ་བཞི་དང། །གཟིམས་པ་དང་བཞེངས་པ་དང་སྐུ་འཆག་པ་ཞེས་ཛཱ་ཡ་ཨཱ་ནན་ཏ་ཆོས་སྟོན་པ ་དང་སྙོམས་པར་འཇུག་པ་དང། ནང་དུ་ཡང་དག་པར་འཇོག་པས་གནས་པ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་དང་བྱ་བ་དང་བྲལ་བའི་མཚན་ཉིད་བཞི་རྣམས་ཀྱིས་གནས་ཤེ་ན། གནས་པ་ཐམས་ཅད་ཀྱིས་འཕགས་པ་ཐམས་ཅད་བྱང་ཆུབ ་སེམས་དཔའ་སོགས་དང་ཐུན་མོང་མ་ཡིན་པའི་ཕན་འདོགས་པ་ཆེན་པོ་རབ་ཏུ་འཇུག་པ་ལས་སོ། །གཞན་ཡང་འཇིག་རྟེན་པའི་འམ་ཞེན་པ་བསམ་པའི་དབང་ལས་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་ལ་ནང་དུ་ཡང་དག་པར་འཇོག་པ་ཡིན་གྱི་རང་གི་ངོ་བོ་ལས ་ནི་མ་ཡིན་ནོ། །ཅིའི་ཕྱིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཞེ་ན། འདི་ཙམ་གྱིས་འགྲོ་བའི་དོན་ཕུན་སུམ་ཚོགས་བསྒྲུབ་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི་ཆོས་ནི་བསྟན་པའོ། །དེ་ཉིད་འཁོར་ལོ་སྟེ་གདུལ་བྱའི་རྒྱུད་རྣམས་ལ ་ཏེ། རྟག་ཏུ་མཉམ་པར་བཞག་པས་སར་དུ་ནང་དུ་འཇོག་མི་དགོས་པས་འཁོར་ཞིང་འཕོ་བར་བྱེད་པའི་ཕྱིར་རོ་ཞེས་པ་ཆོས་ཀྱི་འཁོར་ལོ་སྟེ། བདེན་པ་བཞིའོ། །བདེན་བཞི་དེ་གསུམ་དུ་བཟླས་པ་ནི། འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི ་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བདེན་པ་བཞིའི་རང་བཞིན་ཡོངས་སུ་བཅད་པ་ནི་ལམ་དང་པོའོ། །བདེན་པ་བཞི་པོ་དེ་ཁོ་ན་རིམ་པ་ཇི་ལྟ་བར་ཡོངས་སུ་ཤེས་པར་བྱ་བ་དང། རབ་ཏུ་སྤོང་བར་བྱ་བ་དང། མངོན་དུ་བྱ་བ་དང། བསྒོམ ་པར་བྱ་བ་འདི་ཙམ་ཉིད་དུ་ཡོངས་སུ་བཅད་པ་ནི་ལན་གཉིས་པའོ། །བདེན་པ་བཞི་པོ་དེ་ཁོ་ནའི་བདག་ཉིད་ཀྱིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་བ་སྤངས་པ་དང་འགོག་པ་མངོན་དུ་བྱས་པ་དང་བསྒོམས་ཟིན་པ་ཉིད་དུ་ཡོངས་སུ་གཅོད་པ་ནི་བཟླས་པ་གསུམ ་པའོ། །དེའི་ཕྱིར་དེ་ནི་ལན་གསུམ་དུ་བསྐོར་བའོ། །དེ་ཉིད་རྣམ་པ་བཅུ་གཉིས་སུ་བཤད་ན་སྡུག་བསྔལ་གྱི་བདེན་པའི་སྡུག་བསྔལ་གྱི་རང་བཞིན་དང། ཡོངས་སུ་ཤེས་པར་བྱ་བ་ཉིད་དང་ཡོངས་སུ་ཤེས་པ་ཉིད་ཅེས་པ་རྣམ་པ་གསུམ་དང། ཀུན་འབྱུང་གི་བདེན ་པའི་དེའི་རང་བཞིན་དང་སྤངས་པར་བྱ་བ་ཉིད་དང་སྤངས་པ་ཉིད་ཅེས་པ་གསུམ་དང། འགོག་པའི་བདེན་པའི་དེའི་རང་བཞིན་དང་མངོན་དུ་བྱ་བ་ཉིད་དང་མངོན་དུ་བྱས་པ་ཉིད་ཅེས་པ་གསུམ་དང། ལམ་གྱི་བདེན་པའི་དེའི་རང་བཞིན་དང་བསྒོམ་པར ་བྱ་བ་དང་བསྒོམས་པ་ཉིད་ཅེས་པ་གསུམ་སྟེ། དེའི་ཕྱིར་དེ་ནི་རྣམ་པ་བཅུ་གཉིས་སོ། །བརྒྱད་སྟོང་འགྲེལ་ཆེན་གྱི་སྒྲུབ་པའི་སྒོམ་ལམ་གྱི་ཐད་དུ་ཡང་ན་འདི་ནི་སྡུག་བསྔལ་ལོ་ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་ཤེས་སོ་ཞེས་པ་ལན་གསུམ་དུ་བསྐོར་བའོ། །གསུམ་པ་སོ་སོ་ལ ་སངས་རྒྱས་ཀྱི་སྤྱན་མངོན་སུམ་དུ་བྱེད་པ་ཉིད་ཀྱིས་ན་ཟག་པ་མེད་པའི་ཤེས་རབ་ཀྱི་མིག་དང་རྣམ་པར་མི་རྟོག་པ་ཡེ་ཤེས་དང་ཡང་དག་པའི་དོན་ཅན་ཉིད་ཀྱི་ཕྱིར་རིག་པ་དང་མི་སློབ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཐེ་ཚོམ་མེད་པ་ཉིད་ཀྱི་ཡེ་ཤེས་ཀྱི་བློ་འབྱུང ་བར་བྱེད་པའི་ཕྱིར་ཞེས་པ་རྣམ་གྲངས་བསྡུ་བར་མངོན་སུམ་དུ་གྱུར་པ་མཐོང་བས་མིག་དང་ལྐོག་དུ་གྱུར་པ་ཤེས་པས་ཡེ་ཤེས་དང། མ་རིག་པ་ལས་བཟློག་ཅིང་བྱེ་བྲག་ཏུ་རྟོགས་པས་རིག་པ་དང་ཡང་དག་པར་ཡོད་པའི་དོན་ཤེས་པས་བློའོ་ཞེས་འཕགས་པ་ཐོགས་མེད་ཀྱིས་གསུངས། རྣམ་པ་བཅུ་གཉིས་རྣམས་སོ། །དེ་ལྟར ་བདེན་པ་སོ་སོ་ལ་སྟེ་བདེན་པ་རེ་རེ་ལ་གསུམ་དང་བཅུ་གཉིས་ཡོད་ཀྱང་གསུམ་དང་བཅུ་གཉིས་སུ་ཆོས་མཐུན་པ་ཉིད་ཀྱི་ཕྱིར་ལན་གསུམ་དང་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བསྟན་པ་ལས་སོ། ། ་བརྒྱད་སྟོང་འགྲེལ་ཆེན་དུ་གཉིས་དོན་གྱི་མོ?་པ་ཆུང་ངུའི་འབྲིང་པོའི་ཐད་དུ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱི་སྤྱོད་པ་རེ་རེའི་གཉེན་པོ་གཞུང་ཇི་སྙེད་ཀྱིས་ཡོངས་སུ་རྫོགས་པ་དེ་སྙེད་ཀྱི་གཞུང་གི་ཕུང་པོ་ནི་ཆོས་ཀྱི་ཕུང་པོ་ཞེས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག? ་རྣམས་སོ། །ཅིའི་ཕྱིར་བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་ཤེ་ན། ཟླ་བས་བྱ་བ་སྙོམས་ལས་ཀྱིས་ལོ་ལ་སོགས་པས་བྱེད་པའི་ལེ་ལོ་ཅན་རྣམས་མྱུར་བའི་དོན་དུའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ཡུན་ཇི ་སྲིད་དུ་གནས་པར་འགྱུར་ཞེ་ན། མངོན་པ་མཛོད་ཀྱི་འགྲེལ་བའི་བརྒྱད་པར་ལུང་དང་རྟོགས་པའི་ཆོས་དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ་རྟོགས་པའི་ཆོས་ནི་དེ་ལྟ་བུ་ཡིན་གྱི་ལུང་ནི་ཡུན་རིང་དུ་གནས་སོ་ཞེས་གསུངས་སོ། །ལྔ་བརྒྱ་པ་ཐ་མ་ནི་སྲིད་པར་རོ། །བརྒྱ་ཕྲག་ལྔ་རྣམས་འདུས ་བ་ནི་ལྔ་བརྒྱ་པའོ། །ཐ་མ་ནི་ལྔ་བརྒྱ་པ་ལྔ་བ་སྟེ། ལྔ་བརྒྱ་པ་ལྔར་དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་པའི་གསུང་ལས་ཏེ་དམ་པའི་ཆོས་སྒྲུབ་པ་ཉམས་པའོ་ཞེས་ཁ་ཅིག་གོ་།འབུམ་ཊིཀ་མཁན་པོ་ལ་སོགས་གཞན་རྣམས་ནི་དེ་བཞིན་གཤེགས ་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་སྟོང་ཕྲག་ལྔ་རྣམས་ཏེ། དེ་རྣམས་བརྒྱ་ཕྲག་ལྔ་ལྔ་རྣམས་ཀྱིས་ཕྱེད་མར་བྱས་པ་ནི་ལྔ་བརྒྱ་པ་བཅུ་རྣམས་སུ་འགྱུར་རོ། །དུས་བཅུ་རྣམས་ཏེ། སྔོན་ལ་རེ་ཞིག་རྟོགས་པའི་དུས་དང་སྒྲུབ་པའི་དུས་དང ་ལུང་གི་དུས་ཤེས་པ་གསུམ་མོ། །སླར་ཡང་གསུམ་པོ་དེ?་ལ་སོ་སོ་རྣམ་པ་གསུམ་སྟེ། དགྲ་བཅོམ་པ་རྟོག་པ་དང་ཕྱིར་མི་འོང་བ་རྟོགས་པ་དང་རྒྱུན་ཏུ་ཞུགས་པ་དང་རྟོགས་པ། ལྷག་མཐོང་སྒྲུབ་པ་དང་ཏིང་ངེ་འཛིན་དང་ཚུལ་ཁྲིམས་སྒྲུབ་པ་དང་ཆོས་མངོན་པའི་ལུང ་དང། མདོ་སྡེའི་ལུང་དང་འདུལ་བའི་ལུང་སྡེ་སྣོད་ཀྱི་དུས་ཏེ་དགུ་པོ་རྣམ་གྲངས་ཇི་ལྟ་པར་ལྔ་བརྒྱ་པ་དགུ་རྣམས་ལའོ། །བཅུ་པའི་དུས་ནི་རྟགས་ཙམ་འཛིན་པ་སྟེ། བཅུ་པ་འདི་ཉིད་ལྔ་བརྒྱ་པ་ཐ་མའོ་ཞེས་སྨྲའོ། །སྤྲོས་པས་ཆོག་གོ་།ཡེ་ཤེས་ལྔ་པོ་རྣམས་ཀྱང་སྔར ་ལེའུ་གསུམ་པར་ནི་མདོར་བསྡུས་པས་རྣམ་པར་གཞག་ལ། འདིར་ནི་རྒྱས་པར་བྱའོ། །དེ་ལ་དང་པོ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་བདག་ཉིད་ཅིག་པའི་ཡེ་ཤེས་སོ། །ཡེ་ཤེས་ལྔའི་སྐབས་འདི་རྣམས་ཕལ་ཆེར་སངས་རྒྱས་ཀྱི་སའི་འགྲེལ་བར་སློབ་དཔོན་དང་ཚུལ་བཟང་པོས་གསུངས། ་དེ་འང་ཆོས་ཀྱི་རྣམས་གྲངས་མཛའ་དག་སློབ་པའི་ལམ་དུ་ཐོས་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་རབ་ཏུ་དགའ་བ་སོགས་ས་མ་དེ་བཞིན་ཤེས་བྱ་ཐམས་ཅད་ནས། སྒོམ་པ་ལས་ནི་ཡང་དག་བྱུང་ལུས་པ་སྒོམ་པའི་རྒྱུ་ཅན་སེམས་ཅན་ཀུན་ལ་ཐམས་ཅད་དུ་གཉིས་བསྐྱེད་མི་བཟད་འབྲས་བུ་ཅན་རྟག་ཏུ་སེམས ་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྐྱེད་པའི་ཆེད་དུ་ཉེ་བར་གནས་པ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་ཚད་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་དང་ལྡན་པའི་རྗེས་སུ་སོང་བ་དང། མདོ་སྡེ་རྒྱན་དུ་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། སྒྲིབ་གཉིས་དག་པའི་མཚན་ཉིད་དེ་ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང། ཕྱིན་ཅི་མ་ལོག་པའི་རང་བཞིན་དང། འཕགས་པའི་ཆོས་ཐམས་ཅད་བསྐྱེད་པའི་རྒྱུ་དང། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་བདག་ཉིད་དོ། །རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང། སྤྲུལ་པ་དག་གི་ཐ་དད་འཇུག་འདི་ནི་སངས་རྒྱས་རྣམས་དག་གི་ཆོས་དབྱིངས་རྣམ་པར་དག་པར་བཤད་གལ་ཏེ། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། ཆོས་རྣམས་ཀྱི་དབྱིངས་ཀྱང་དེ་བཞིན་ཉིད ་ཡིན་ཞིང། དེ་འང་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ན། ཆོས་རྣམས་ཀྱང་རྣམ་པ་ཐ་དད་སྣ་ཚོགས་པ་རྣམས་ཏེ་སོ་སོ་རང་གི་མཚན་ཉིད་ཐ་དད་པའི་ཕྱིར། ཆོས་ཐ་དད་དེའི་རྗེས་སུ་སོན་པའི་ཆོས་ཀྱི་དབྱིངས་ཅི་ལྟར་ཐ་དད་པ་སྣ་ཚོགས་པ་མ་ཡིན་ཏེ། ཐ་དད་པའི་ཆོས ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་པར་གྱུར་ན་ཡང་ཇི་ལྟར་སྤྱིའི་མཚན་ཉིད་ཡིན་ཞིང་ཇི་ལྟར་ཡོངས་སུ་དག་ཞེ་ན། དཔེར་ན་མདོ་སྡེ་རྒྱན་དུ་ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། དེ་བཞིན་དེ་ཡང་རྟག་ཏུ་ཀུན་སོང་འདོད་ཅེས་པ་ལྟར། ནམ་མཁའ་དངོས་པོ་མེད་པ་བུམ་པ་དང་སྣམ་བུ་ལ ་སོགས་པ་ཐ་དད་པ་ཐམས་ཅད་ཀྱི་རྫས་སུ་སོན་ཀྱང་ཐ་དད་པ་མ་ཡིན་པར་རྟོགས་པར་བྱ་སྟེ། བུམ་པའི་ནམ་མཁའ་དང་སྣམ་བུའི་ནམ་མཁའ་ཞེས་པ་ལ་སོགས་ཐ་དད་དུ་?ད་པ་ནི་ཐ་སྙད་ཙམ་མོ། །དེ་བཞིན་དུ་ཆོས་ཉིད་གཟུགས་སོགས་དེའི་བདག་ཉིད་ཀྱིས་གཟུགས ་སོགས་པ་ཐ་དད་པ་ཐམས་ཅད་ཀྱི་རྗེས་སུ་སོན་ཡང་ཐ་དད་པ་མ་ཡིན་ཏེ། སྤྲོས་པ་གཅིག་དང་ཐ་དད་ལ་སོགས་པ་མ་ལུས་པ་ལས་ལྡོག་པ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་སྟོང་པ་ཉིད་ནས་ཇི་སྲིད་དུ་རྣམ་པར ་ཤེས་པའི་སྟོང་པ་ཉིད་ཅེས་པ་ལ་སོགས་པ་ཆོས་ཅན་དང་ཆོས་ཉིད་རྣམས་དབྱེ་དྲུག་པས་ཐ་དད་དུ་ཕྱེ་བ་ནི་གཟུགས་སོགས་ཀྱི་ཁྱད་པར་སྟོང་ཉིད་ལས་གཞན་སྤངས་པས་ཐ་སྙད་ཙམ་མོ། །ཁྱད་པར་གྱི་ཁྱད་པར་གཞན་མི་སྤོང་བ་ནི་རབ་འབྱོར་གཟུགས་སྟོང་པའོ་ནས་རྣམ་པར་ཤེས ་པ་སྟོང་པའོ་ཞེས་པའི་བར་ཀྱང་ངོ། །གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་ཆོས་ཅན། །དེ་ནི་ཆོས་ཉིད་སྟོང་པ་ཉིད་དུ་བརྗོད། །རྟེན་འབྱུང་སྟོང་ཉིད་དེ་ནི་བརྟེན་ནས་བཏགས་པའོ། །དེ་ནི་དབུ་མ་ཡི་ནི་ལམ་ཁོ་ནའོ་ཏེ་ལས་གཉིས་སྤངས་པ། །ཞེས་པ་དང། གང་ཕྱིར་དབེན་པ་ཆོས་ཉིད་སྟོང་ཉིད ་དབེན་གྱུར་ཆོས་ཅན་གཟུགས་སོགས་ལས། ཐ་མི་དད་པ་ཉིད་དུ་འདོད། །ཅེས་པའི་རིགས་པ་ལས་སོ། །དོན་དམ་པར་ནི་ཆོས་ཀྱི་དབྱིངས་འདིར་རང་གི་ངོ་བོ་སྤོང་བའམ་ངོ་བོ་གཞན་ཉེ་བར་ལེན་པ་མ་ཡིན་ནོ། །དེ་གསུངས་པ། ལྡོག་པ་རང་བཞིན་མེད་ཉིད་ཕྱིར། ཐ་དད་ཐ ་དད་མེད་བརྟག་བར་བྱ་བ་མིན། ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ནམ་མཁའ་ནམ་མཁའ་ཞེས་བརྗོད་དེ། །ནམ་མཁའ་ནི་བརྗོད་དུ་མེད་པའོ། །དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་སྟོང་པ་ཉིད་ནི་བརྗོད་དུ་མེད་པར་བྱང་པའོ་ཞེས་སོ། །ཆོས་འོ་ན་ཆོས་ཉིད་བརྗོད་དུ ་མེད་ན་དེ་བསྟན་པའི་ཆོས་ཅི་བྱ་ཞེ་ན། བསྟན་པ་དོན་མེད་པར་ཐལ་བའང་མ་ཡིན་ཏེ། ཆོས་ཉིད་དེ་རྟོགས་ཐོས་བསམ་གྱིས་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་ཏེ། བརྒྱུད་པར་ཕྲིན་གྱི་ཡི་གེ་མཐོང་བས་དོན་རྟོགས་པ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི ་རྒྱུ་མཐུན་པར་གང་བརྗོད་དུ་མེད་པའི་(ཆོས་དབྱིངས་ཚིག་ཏུ)་དོན་བརྗོད་པས་གསལ་བར་བྱེད་པ་དེ་འདི། ནམ་མཁའ་ལ་ཚོན་གྱི་རི་མོ་འགོད་པ་བཞིན་དུ་ཤིན་ཏུ་ངོ་མཚར་བའོ། །ཇི་སྐད་དུ་གསུངས་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་སྐྱེས་བུ་འགའ་ཞིག་ཁོ་ན་ནམ་མཁའ་གཟུགས ་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་རྣམ་པར་རིག་བྱེད་མ་ཡིན་པ་འདི་ཚོན་སྣ་ཚོགས་པས་བཀྲ་བར་བྱེད་དོ་ནས། ཇི་སྲིད་དུ་བློ་གྲོས་རྒྱ་མཚོ་དེ་བས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཤིན་ཏུ་དཀའ་ ་པ་མཛད་པ་སྟེ། མིག་གི་ཡུལ་དུ་གང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་ནས་བརྗོད་པས་སེམས་ཅན་དང་གང་ཟག་ཕ་རོལ་རྣམས་ལ་རྣམ་པར་རིག་པར་བྱེད་པའོ་ཞེས་པ་ལ་སོགས་པའི ་བར་དུའོ་མདོ་སྡེ་རྒྱན་གྱི་བྱང་ཆུབ་ཀྱི་སྐབས་སུ་དྲི་མེད་དབྱིངས་ལས་སངས་རྒྱས་ཀྱི། མཚན་ཉིད་དང་ནི་གནས་པ་དང་ཕྲིན་ལས་ཟབ་པ་འདི་བཤད་པ་མཁའ་ལ་ཚོན་གྱི་རི་མོ་འབྲི་ཞེས་བསྲུངས་པ་དང་མཐུན། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་འདིའང་རང་བྱིན་གྱིས་རྣམ་པར་དག ་པ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་འདི་ཅིས་མཉམ་ཞེ་ན་སྟོང་པ་ཉིད་དུ་མཉམ་པས་འདིས་མཉམ་པའོ་ཞེས་གསུངས་པ་ལྟར། མཉམ་པ་ཉིད་ཡོངས་སུ་རྫོགས་པ་ཐམས་ཅད་དུ་དབྱེར་མེད་པར་འཇུག་སྟེ། ཇི་ལྟར ་རང་གི་སེམས་སྟོང་ཉིད་ཡིན་པས་རྣམ་པར་དག་པར་ཡོངས་སུ་གྲུབ་པ་ནི་རྟག་ཏུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རང་བཞིན་ཡོངས་སུ་དག་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་འཇུག ་བ་རང་བཞིན་གྱིས་ཡོངས་སུ་དག་པའོ། །འོན་ཀྱང་བློ་བུར་བའི་དྲི་མ་དང་མ་བྲལ་བའི་ཕྱིར་དག་པར་རྣམ་པར་བཞག་པར་མི་བྱའོ། །དྲི་མ་མ་དག་པ་དེའི་ཚེ་ཡང་སྐྱོན་རྣམས་ཀྱིས་གོས་པའང་མ་ཡིན་ཏེ། ་སེམས་དེ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་འདོད་ཆགས་ལ་སོགས་པ་ནི་རྣམས་སྐྱོན་རྣམས་ཏེ་སྐྱོན་ཆགས་པས་ན་སུན་དབྱུང་བར་བྱ་བ་ཉིད་ཀྱི་ཕྱིར་དང་སེམས་དྲི་མ ་ཅན་དུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྐྱོན་དེ་རྣམས་ཀྱང་བློ་བུར་བ་སྟེ་བརྟགས་པའི་སྟོབས་ཀྱིས་འཇུག་པའི་ཕྱིར་སེམས་དེའི་རང་བཞིན་མ་ཡིན་པ་ཉིད ་ཀྱི་ཕྱིར་རོ། །རང་བཞིན་མ་ཡིན་དེ་ཉིད་ཀྱི་ཕྱིར་སྐྱོན་དེ་རྣམས་སྤང་བར་བྱ་བ་སྟེ་རང་བཞིན་ནི་སྤང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་གསུངས་པ། སེམས་སེམས་ཀྱི་ཆོས་ཉིད་ལ་སེམས་སུ་བརྟགས་ནས ་འདི་ནི་རང་བཞིན་འོད་གསལ་བའོ་ཞེས་སོ། །འོ་ན་སེམས་ཅན་རྣམས་ལ་འདོད་ཆགས་ལ་སོགས་པ་ཇི་ལྟར་ཡོད་ཅེ་ན། ཇི་ལྟར་ནམ་མཁའ་རང་བཞིན་གྱིས་ཡོངས་སུ་དག་ཀྱང་མིག་མ་དག་པ་རྣམས་ལ་རབ་རིབ་ལ ་སོགས་པས་ཉེ་བར་བཅོམ་པ་འམ་གནོད་པ་ལས་རྣམ་པར་མ་དག་པར་སྣང་བར་དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་ཀྱང་རང་ཕྱིན་ཅི་ལོག་མ་རིག་པའི་དབང་གིས་གི་རྟོག་པས་ཀུན་ནས་བསླད་བའི་འདོད ་ཆགས་ལ་སོགས་པའི་རྒྱུ་མཚན་ལས་ཤེས་རབ་ཀྱི་མིག་མ་རིག་པའི་རབ་རིབ་ཀྱིས་ཉེར་བར་བཅོམ་པ་རྣམས་ལ་རང་བཞིན་གྱིས་ཡོངས་སུ་དག་པ་ཡང་ཕྱིན་ཅི་ལོག་ཏུ་སྣང་ངོ། །རྣམ་པ་ཐམས་ཅད་ཡོངས ་སུ་དག་པའི་ཤེས་རབ་ཀྱི་སྤྱན་རྣམས་ནི་ཕྱིར་ཅི་ལོག་པ་དེ་ལྟར་མི་དགོངས་སོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཡང་བློ་བུར་གྱི་དྲི་མ་རྣམ་པ་ཐམས་ཅད་ཡོངས་སུ་དག་པ ་ནི། ཁྱད་པར་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་བསྟན་པར་བྱའོ། །ཆོས་སྐུ་དེ་ཁོ་ན་དོན་དམ་པར་དེ་བཞིན་གཤེགས་པར་བརྗོད་དོ། ། ་དུས་ཐམས་ཅད་དུ་དེ་བཞིན་ཁོ་ནར་ཡོད་པའི་ཕྱིར་རོ། །དེ་བཞིན་ཉིད་དུ་ཀུན་ཏུ་ཡོད་པ་ནི་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་རྟོག་གེ་འབར་བའི་ལེའུ་བཞི་པར་།དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས ་བྱ་བ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སོགས་པ་རྣམས་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་ཡིན་གྱི་ནང་གི་བྱེད་པའི་སྐྱེས་བུ་རྟག་པ་ཐམས་ཅད་ལ་ཁྱབ་པ་ལྟ་བུ་ནི་མ་ཡིན་ཏེ། ཇི་སྐད་དུ། ཆོས་ཐམས ་ཅད་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ངོ་བོ། གང་སྟོང་པ་ཉིད་དང་མཚན་མ་མེད་པར་སྨོན་པ་མེད་པ་ནི་དེ་བཞིན་གཤེགས་པའོ་ཞེས་འབྱུང་ངོ་ཞེས་བཤད་པ་ལྟར་རོ། །ཕྱིར་སེམས་ཅན་ཐམས ་ཅད་ཀྱི་སེམས་ཀྱི་རྒྱུད་རྣམས་ལའང་དེ་བཞིན་ཉིད་ཡོད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་སོ།། མདོ་སྡེ་བརྒྱན་དུ་དེ་གཞིན་ཉིད་ཐམས་ཅད ་ལ་ཁྱད་པར་མེད་ཀྱང་དག་གྱུར་པས། དེ་བཞིན་གཤེགས་པ་ཉིད་དེའི་ཕྱིར་འགྲོ་ད་ཡི་སྙིང་པོ་ཅན་ཞེས། །ཐམས་ཅད་ལ་གནས་ཀྱང་ཆོས་དབྱིངས་དེ་སེམས་ཅན་རྣམས་ཀྱི་རང་གི་སྒྲིབ་པའི་སྟོབས་བསྐྱེད་པ ་ལས་དམུས་ལོང་གིས་ཉི་མ་བཞིན་དུ་མི་མཐོང་ངོ། །ཇི་སྐད་དུ་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ། ཇི་ལྟར་ཆུ་ཡི་སྣོད་ཆགས་པའི་ཟླ་བའི་གཟུགས་བསྙན་མི་སྣང་བ་བཞིན ་སེམས་ཅན་སྐྱོན་ཅན་ལ་སངས་རྒྱས་ཀྱི་གཟུགས་རྣམས་སྣང་བ་མིན། ཞེས་སོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང ་བཞིན་ཡིན་ན་(ཆོས་དབྱིངས)་དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཚུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་འབད་རྩོལ་མེད་པས་ཅི་ལྟར་སེམས་ཅན་གྱི་དོན་མཛད་པའི་རྒྱུ ་ཅན་གྱི་ཡེ་ཤེས་རྣམས་སྐྱེད་པར་བྱེད་ཅེ་ན། ནམ་མཁའ་བཞིན་ཏེ། དཔེར་ན་ནམ་མཁའ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་སྐྱེ་བ་ལ་གེགས་མི་ཕྱེད་པའི་ངོ་བོས ་སྐབས་སྟེར་(གོ་འབྱེད)་བར་བྱེད་ཅིང། (འདི་ལ་གོ་དབྱེའོ་འདི་ལ་གོ་མི་དབྱེའོ་ཞེས)་རྣམ་པར་རྟོག་པར་ཡང་མི་བྱེད་པ་དང། དཔེར་ན་ཟླ་བ་དང་ཉི་མ་དང་སྒྲོན་མ་ལ་སོགས་པ ་རྣམས་(གསལ་བར་བྱེད་པ)་ཀྱི་འོད་ཟེར་རྣམས་དེ་ལ་འབད་རྩོལ་མེད་པར་སྐྱེས་ནས་གཟུགས་ལ་སོགས་པ་རྣམས་རབ་ཏུ་གསལ་བར་བྱེད་པ་དང། ཡིད་བཞིན་གྱི་ནོར་བུ ་རྣམས་ཀྱང་འབད་རྩོལ་དང་བྲལ་བར་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་(རེ་བ)་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཆོས ་ཀྱི་དབྱིངས་རྣམ་པར་དག་པ་ལ་(ཆོས་དབྱིངས)་དེའི་བདག་ཉིད་ཀྱིས་གནས་པ་ནི་འབད་པ་མེད་པར་དོན་ཐམས་ཅད་མཛད་པར་རྣམ་པར་གཞག་སྟེ་།དེའི ་ཕྱིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལྔ་ལ་སོགས་པ་ཐམས་ཅད་བསྐྱེད་པ་ལ་(གོ་འབྱེད་པས)་རྒྱུ་མཚན་གྱི ་གྱི་དངོས་པོར་འགྱུར་བ་འམ་ཡེ་ཤེས་(ཀྱི)་སྤྲུལ་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ཉིད་སེམས་ཅན་གྱི་བྱ་བ་བསྒྲུབ་པའི་རྒྱུ་མཚན་རྣམས་ཐམས་ཅད་ནམ ་མཁའ་བཞིན་དུ་གོ་སྐབས་འབྱིན་པར་བྱེད་དོ། །མི་ཟད་པ་ཉིད་ཀྱིས་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་དང་ཐོགས་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ལས་ཀྱང ་སྔོན་གྱིས་མངོན་པར་འདུ་བྱེད་པའི་དབང་ལས་(ཆོས་ཀྱི་དབྱིངས་རྣམ་པར་དག་པ)་དེའི་བདག་གྱིས་སྐྱེ་བའི་ཕྱིར་རོ། (།འོག་ནས་དེ་མ་ཐག་ཏུ་འབྱུང་བ)་འདི ་ལ་ཁོ་ནའང་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་བསམས་ཀྱིས་མི་ཁྱབ་པའི་ངོ་བོ་སྟེ་(རྐྱེན)་།གང་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ཡོངས་སུ ་བརྒྱན་པ་རྣམས་འཁོར་བའི་མཛའ་ཨི་བར་གྱིས་བསྐལ་པར་བྱིན་གྱིས་རློབ་པ་(ཱམ་ལྷག་པར་གནས་པ)་དང་(བརྒྱད་སྟོང་འགྲེལ་པ་དང། ་མཚན་བརྗོད་རྒྱ་ཆེར་འགྲེལ་དུ་ཇི་ལྟར་ཇི་ལྟར་གདུལ་བྱ་ཡི། དོན་རྣམས་རྫོགས་པར་འབྱུང་འགྱུར་བ། དེ་ལྟ་དེ་ལྟར་སྣང་བ་ཡང། བདག་ལ་བསྟན་ཏེ་འབྱུང་གྱུར་ཅིག་ཅེས་པའི ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་ཆོས་ཀྱི་སྐུའི་གནས་སྐབས་ལས་རྣམ་པར་རྟོག་པ་མེད་པ་ཡང་ཐམས་ཅད་མཁྱེན་པ་དང། སྤྲུལ་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའོ། །གལ་ཏེ་ཡང་དེའི་ཚེ་དེ་བཞིན་གཤེགས་པ ་རྣམས་ལ་འདི་ནི་བྱ་བའོ། འདི་ནི་བྱ་བ་མ་ཡིན་པའོ། །ཞེས་བྱ་བ་ལ་སོགས་(ངེས་པར་བཞུག་པ)་བའི་(ཱམ་བསམས)་རྣམ་པར་རྟོག་པ་མེད་མོད། དེ་ལྟ་(ཱམ་ཡེ་ཤེས་ཀྱི་སྤྲུལ་བ་ཐམས་ཅད)་ན་ཡང་སྔོན་(གི་བསམ་གྱིས་མི་ཁྱབ་པ)་གྱི་འཕེན་པའི་དབང་ལས། རབ ་ཏུ་ངེས་པར་གཟུང་ནས། གཉིད་སང་པ་བཞིན་དང་འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བ་བཞིན་དུ། ཇི་སྐད་བརྗོད་པའི་བྱ་བ་རྣམས་རབ་ཏུ་མཁྱེན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོས་ངེས་(མི་ཞིག་གི་ཙམ་ནས་ད་བར་བྱའོ་ཞེས) ་པར་བསྟན་པར་གསུངས་པ། ལོག་པ་ལས་འདི་ལྟ་སྟེ། དགེ་སློང་གཎྜཱི་བྱིན་གྱིས་བརླབས་ནས་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་གྱི་གཎྜཱིའི་སྒྲ་དེའི་རྣ་བར་ཉེ་བར་ལྟུང་བའང་མ་ཡིན་ལ་རྣམ་པར་རྟོག་པར་བྱེད་པའང་མ་ཡིན་ཏེ། ་འོན་ཀྱང་ལྡང་པར་འགྱུར་རོ་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་(བརྡུང་པའི་བར་དུ)་དབྱིངས་རྣམ་པར་དག་པ་དེའང་ཡེ་ཤེས་དང་སྤྲུལ་པ་ཐམས་ཅད་ཀྱིས་སེམས་ཅན་གྱི་བྱ་བ་སྒྲུབ་པ་ལ་དབྱེར་མེད་པར་འཇུག་གི་།སྐྱ་བ་དང་འགག་པ་དག་ནི་མ ་(གཎྜིའི་སྒྲ་གྲགས་ན)་ཡིན་ནོ། (།གལ་ཏེ་ཆོས་དབྱིངས་རྣམ་དག་ཤེས་བྱ་ཀུན་གྱི་རྗེས་སུ་སོང་ཞིང་ཐ་མི་དད་ཡིན་ན་དེ་སྐྱེ་འཇིག་ཅན་དུ་འགྱུར་ལ་དེ་དག་མིན་ན་ཤེས་བྱ་དང་ཐ་མི་དད་དུ་འགལ་ཞེ་ན།)་དེ་ཁོ་ན་མངོན་པར་དགོངས་ནས་(ཐ་མི་དད་པ)་གསུངས་པ། འཇམ་དཔལ་སྐྱེ་བ་མེད་པ་དང་འགག་པ་མེད ་(པ་ཞེས་པ་འདི་ནི་ཏེ་གཟུགས་སོགས་དང་ཐ་མི་དད་ཅིང་དེའི་གོ་བྱེད་པའི་ནམ་མཁའ་བཞིན།)་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ་ཞེས་པ་ལ་སོགས་པ། (སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོར། ལྷའི་བུ་ལྷའི་བུ་བློ་གྲོས་རབ?་གནས་ཀྱིས་ཞུས་པའི་མདོར།)་ཆོས ་ཐམས་ཅད་བསྐྱེ་བ་མེད་བ་ནི་སངས་རྒྱས་འབྱུང་བ་སྟེ། དེ་ལྟ་ན་ཐོབ་པ་མེད་དོ། །མངོན་པར་རྟོག་པ་མེད་དོ་ཞེས་པ་ལ་སོགས་པའོ། །གཟུགས་ལ་སོགས་པ་དོན་དམ་པར་དེ་བཞིན་ཉིད་ཀྱི་ངོ་བོ་ཅན་རྣམས་ལའང་སྐྱེ་བ་ལ་སོགས་པ་རྣམས་ཡོད་པ་མ ་ཡིན་ལ་ཀུན་རྫོབ་ཏུ་ནི་རྣམ་པར་བཞག་གོ་།དེ་བཞིན་དུ་ཡེ་ཤེས་དང་སྤྲུལ་པ་ལ་སོགས་པ་ཐམས་ཅད་ཀྱང་ངོ། །གལ་ཏེ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ན། དེ་སེམས་ཅན་ཐམས་ཅད་ལ་ཕན་པ་(བདེན་པར)་དང ་བདེ་བ་ཉེ་བར་སྒྲུབ་(སྐྱེ་བ་ལ་སོགས་པ)་པའི་ཆེད་དུ་གསུངས་པ་དང་བཞུག་པ་དང་བྱོན་པར་བྱེད་པས། དེ་དང་ཐ་(ཀུན་རྫོབ་ཏུ་བཞག་གོ)་མི་དད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱང་སྨྲ་བ་དང་འགྲོ་བ་(དེ་བཞིན་གཤེགས་པ)་དང་འོང་བར་ཐལ་(མ་འོངས་པའི)་བས་ན་གཅིག ་ཤོས་དང་འདྲ་བར་རྣམ་པར་དག་པ་མེད་པ་དང་སྐྱེ་བ་ལ་(འདི་ནས་གཞན་དུ)་སོགས་(གཞན་ནས་འདིར)་བར་(སངས་རྒྱས)་ཐལ་ལོ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་དོན་དམ་པར་དེ་བཞིན་གཤེགས་པ་སྟེ་ཆོས་ཀྱི་དབྱིངས་ཀྱང་སེམས ་(ཕལ་པ)་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་རྗེས་སུ་སོན་(དང་འཇིག་པ)་པའོ། །དེ་རྣམས་ཀྱང་རང་གི་ས་བོན་ཡོངས་སུ་སྨིན་པའི་དབང་ལས་དང་དེའི་བདག་པོ་ཉིད་ལས་དེའི་ངོ་བོའི་བྱི་བ་(ཅན)་སོ་སོར་སྣང་བའི་རྣམ་པར་རིག་པ་ཉེ་བར་སྐྱེས་པས་ན་དེ་ལྟར་རབ་ཏུ ་འཇུག་སྟེ། གང་ལས་དེ་བཞིན་གཤེགས་པ་སྟེ། ཆོས་(སེམས་ཅན)་བསྟན་པ་(དགེ་བའི)་དང་བཞུད་པ་ལ་སོགས་པ་(སངས་རྒྱས)་སེམས་ཅན་(འགྲོ་འོད་སོགས)་གྱི་བྱ་བ་མཛད་དོ་ཞེས་ཐ་སྙད་འདོགས་པའོ། །དེ་བཞིན་གཤེགས་པ་ནི་བདག་པོ ་(ཉིད་ཙམ་དོན་མཛད་པར་སྣང་བ)་མ་གཏོགས་པའི་བྱ་བ་གཞན་ཡོད་པ་མ་ཡིན་ཏེ་གང་(བྱ་བའམ་སྤྱོད་པ)་ལས་དེའི་ངོ་བོའི་བྱ་བར་འགྱུར་བའོ། །ཇི་སྐད་དུ་འཕགས་པས་(དེ་བ་མེད་པར་བསྟོད་པར)་གསུངས་པ། ཁྱོད་ཀྱིས་ཡི་གེ་གཅིག་ཀྱང་ནི། །ཅུང ་ཟད་བཤད་པ་མེད་པར་ནི། །གཙོ་བོས་གདུལ་བྱའི་སྐྱེ་བོ་ཀུན། །ཆོས་ཀྱི་ཆར་པས་ཚིམ་པར་མཛད་ཅེས་སོ། །བཅོམ་ལྡན་འདས་མ་བར་མར་ཡང། །རིགས་ཀྱི་བུ་ངེས་པར་དེ་བཞིན་གཤེགས་པ་ནི་གང་དཱུང་བཞུད ་པའམ་བྱོན་པ་མེད་དེ། གང་གི་ཕྱིར་དེ་བཞིན་ཉིད་ནི་གཡོ་བ་མེད་པའོ་ནས། ཇི་སྲིད་དུ་དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པའོ་ཞེས་པ་ལ་སོགས་པའོ། །གཟུགས་ཀྱི་སྐུ་ལ་མངོན་(རྟག་ཏུ་དུ)་པར་དགོངས་ནས་དེ་བཞིན་གཤེགས་པ་གཤེགས ་སོ་ཞེས་པ་ལ་སོགས་པ་གསུངས་ཏེ་འགལ་བ་མེད་དོ། །གལ་ཏེ་སངས་རྒྱས་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདག་ཉིད་ཡིན་ན་ཅི་ལྟར་ཁྱེད་དང་(སྤྲུལ་བའི)་བདག་གི་དོན་ཉིད་དུ་འབད་རྩོལ་མེད་པར། འཁོར་གྱི་དཀྱིལ ་འཁོར་ཐ་དད་ཅེ་ན་ཆོས་ཀྱི་སྐུས་ཐ་དད་པ་མེད་པའི་དེ་བཞིན་གཤེགས་པ་སྤྲོས་པ་མེད་པའི་ངོ་བོ་ཅན་སྔོན་གྱི་སྨོན་ལམ་གྱི་དབང་ལས་ལོངས་སྤྱོད་(མི་འཁྲུགས་པ་ཤཱཀྱ་ཐུབ་པ)་རྫོགས་པ་དང་སྤྲུལ་པའི་སྐུ་ཐ་དད་པ་ཅན་རྣམས་ཀྱི་ཡང། ་རང་གི་འདུས་བྱས་པའི་སྟོབས་ཀྱིས་བྱུང་བ་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་འཁོར་གྱི་(ཡིན་ཡང)་དཀྱིལ་འཁོར་རྣམས་ཉེ་བར་དམིགས་ལ། སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་བཀོད་པ་སྣ་ཚོགས་པ་རྣམས་ཀྱང་ངོ། །མེ་ལོང་ལྟ ་བུའི་(བསོད་ནམས)་ཡེ་ཤེས་ནི་བདག་དང་བདག་གིར་འཛིན་པ་དང་གཟུང་བ་དང་འཛིན་པའི་རྣམ་རྟོག་གིས་དབེན་པ་དམིགས་(ཐ་དད་རྣམས)་པ་རྣམ་པ་ཡོངས་སུ་མ་ཆད་པ། ཉོན་མོངས་པའི་དྲི་(དམིགས་ཏེ་འཁོར་ལོས་བསྒྱུར་བའི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་བཞིན་ནོ།།) ་མ་དང་རྣམ་པར་རྟོག་པ་(ཤེས་བྱའི་སྒྲིབ་པ་གང་ཟག་གི་བདག་འཛིན)་མཛའ་དག་(ཆོས་ཀྱི་བདག་འཛིན། མདོ་སྡེ་རྒྱན་གྱི་བྱང་ཆུབ་ཀྱི་སྐབས་སུ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱད་རྫོགས་པའི་སངས་རྒྱས་ཉིད། །སེམས་ཅན་གཟུགས་བསྙན་འབྱུང་ཕྱིར་ཏེ། །ཞེས་གསུངས།)་སྤངས་པ། གཡོ་བ་མེད་པ། ཡེ་ཤེས་མ་ལུས་པའི་རྟེན་གྱི་རང་བཞིན་དམིགས་པ་མ་ལུས་པ་ལ་བརྗོད་ངས་པ་མེད་པ། ཡུལ་དང་དབང་པོ ་དང་ཤེས་པའི་གཟུགས་བརྙན་འཆར་བའི་རྒྱུ་མཚན་ཤེས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། དེ་བཞིན་ཉིད་རྣམ་པར་དག་པ་ལ་དམིགས་པའོ། །དེ་ཡང་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱས་ནས་འབྱུང་ཞིང། (ཤེས་བྱ་དང་རྣམ་པ་ཐ་དད་པར་མ་ཞུགས་པ) ་དེ་བཞིན་གཤེགས་པ་ནི་དེའི་བདག་(འབྲེལ་བར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི)་ཉིད་ཀྱི་ཕྱིར། དེས་རང་རིག་པའི་རྣམ་(རྣམ་པར་མི་རྟོག་པའི་ཡེ་ཤེས། མེ་ལོང་ཡེ་ཤེས)་པས་རང་དང་སྤྱིའི་མཚན་ཉིད་ཀྱི་རྗེས་སུ་སོན་པའི་སྐྱེ་མཆེད་ལ་སོགས་པ་གཟུགས ་བརྙན་དང་འདྲ་བར་(མེ་ལོང་ཡེ་ཤེས)་སོ་སོར་སྣང་བ་རྣམས་དེའི་རྣམ་པ་ཉེ་བར་འཛིན་པའི་ཕྱིར་ན་དེ་བཞིན་གཤེགས་པར་རབ་ཏུ་མཁྱེན་ཏོ། །དེ་བཞིན་གཤེགས་པ་ནི་བརྗེད་ངེས་པ་མེད་པའི་ཆོས་ཉིད་(སྟེ་དེ་པ་ལྡན་པ)་ཅན་དུ་ཡང་དེ་ཉིད་ཀྱི ་ཕྱིར་རིགས་ཏེ། ཤེས་བྱ་མཛའ་དག་ལ་བརྗེད་(སྐྱེ་མཆེད་སོགས)་ངེས་པ་མེད་པའི་ཕྱིར་རོ། །གཞན་དུ་ན་མེ་ལོང་ལྟ་བུའི་ཡེ་ཤེས་མེད་ན་ཅི་ལྟར་ཐམས་ཅད་མཁྱེན་པ་ཉིད་(།བསྙེལ་བ)་ཡིན་ཏེ། ཤེས་བྱའི་ཕུང་པོ་མཛའ་དག་རང་གི་ངོ་བོ ་བཞིན་དུ་དེ་ལ་རབ་ཏུ་གསལ་པས་སོ། །དུས་གསུམ་པའི་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ཀྱི་ཤེས་པའང་དེས་ཡང་དག་པར་མི་རིག་པ་(དེ་བཞིན་གཤེགས་པ)་འབྱུང་བ་མེད་དེ། ཐམས་ཅད་ཡང་དག་པར་རིག་པ་ཁོ་ནའོ། །ཡང་ན་(སོ་སོ་འམ་ཡེ་ཤེས་ཀྱི ་མེ་ལོང་ཡེ་ཤེས)་དེ་བཞིན་གཤེགས་པའི་མེ་ལོང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྒྱུད་གཞན་རྣམས་ལའང་སྐྱེ་མཆེད་དང་དེའི་ཡུལ་དང་རྣམ་པར་ཤེས་(མེ་ལོང་ཡེ་ཤེས)་པའི་གཟུགས་བརྙན་རྣམས་འཇིག་(འཇིག་རྟེན་ནམ)་རྟེན ་གྱིས་ཤེས་པར་འགྱུར་ཏེ། དེ་མེད་ན་དེ་རྣམས་མི་འབྱུང་བའི་ཕྱིར་ལ། འབྱུང་བའི་དུས་ཉིད་ནའང་ཡང་དག་པར་རིག་པའི་ཕྱིར་རོ། །དེའི་ཕྱིར་འདི་གསུངས་ཏེ། དེ་བཞིན་གཤེགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ ་འཁོར་ལ་བརྟེན་ནས་སྐྱེ་(ཱམ་བཏགས་པ)་མཆེད་(མེ་ལོང་ཡེ་ཤེས)་དང་གཟུགས་བརྙན་དེའི་ཡུལ་དང་རྣམ་པར་ཤེས་པའི་གཟུགས་བརྙན་རྣམས་རྣམ་པར་རིག་པར་བྱེད་དོ། །དེའི་དབང་གིས་དེ་རྣམས་འབྱུང་བའོ་ཞེས་པ་དགོངས་པ་སྟེ། ས་བོན་ཡོད ་ནའང་ས་གཞི་ལ་སོགས་པ་མེད་པ་ལ་སོགས་པ་མེད་པ་ལས་མྱུ་གུ་མི་སྐྱེ་བ་བཞིན་དང། གཟུགས་ཡོད་ཀྱང་མེ་ལོང་མེད་པའི་ཕྱིར་(རབ་ཏུ་འམ་སྣང?་ངོ་མེ་ལོང་ཡེ་ཤེས་གཟུགས་བརྙན་གསུམ་པོ)་གཟུགས་བརྙན་མི་འཆར་བ་བཞིན་ནོ། ། ་འདི་འང་མི་གཡོ་བ་བསྐྱོད་བྱ་མ་ཡིན་པ་སྟེ། རྣམ་པར་རྟོག་པའི་ཡོངས་སུ་གཡོ་བ་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་དང། རྒྱུན་གྱིས་རྟག་ཏུ་རྗེས་སུ་སོན་པ་ཉིད་ཀྱི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་གསུམ་རྣམས ་(མེ་ལོང་ཡེ་ཤེས)་ནི་གཡོ་བ་འང་སྟེ་(མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན།)་།རེས་འགའ་བ་ཉིད་དུ་ཐ་སྙད་བྱ་བ་(རྒྱུན་མི་འཆད་པས)་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འདི་ཤེས་པ་འབྱུང་བའི་རྒྱུ་མཚན་ཡིན་ན་དེའི་ཕྱིར་རྒྱུ་མཚན་རྟག་ཏུ ་ཉེ་པའི་ཕྱིར་དེའི་དབང་གིས་འབྱུང་བ་སྲོག་ཆགས་ཐམས་ཅད་ཀྱི་ཤེས་པའི་གཟུགས་བརྙན་རྣམས་ཅིག་ཅར་རམ། ཐམས་ཅད་ཀྱི་ཚེ་འཆར་བར་ཐལ་བར་ཅི་ལྟར་མི་འགྱུར་ཞེ་ན། ཇི་ལྟར་མེ་ལོང་གི་དཀྱིལ་འཁོར་ནི ་གཟུགས་ཡེ་ཤེས་བརྙན་སྣ་ཚོགས་འཆར་(འབྱུང་བའམ།)་བའི་རྒྱུ་མཚན་དུ་འགྱུར་ཞིང་རྟག་ཏུ་གཟུགས་བརྙན་(རྟག་ཏུ)་འཆར་བར་བྱེད་(ཱམ?་ཕུང?)་པའང་མ་ཡིན་ཏེ། གཟུགས་ཀྱི་རྐྱེན་(གཟུགས་ཀྱི་རྐྱེན་ལ་ལྟོས་ནས)་ལ ་བལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་མེ་ལོང་གི་ཡེ་ཤེས་ནི་སེམས་ཅན་དང་དུས་ཀྱི་རྐྱེན་གྱི་ཁྱད་པར་ལ་བལྟོས་པ་སྟེ་མུ་སྟེགས་པ་ལ་སོགས་པ་ཁ་ཅིག་ནི་མི་དགེ་བའི་བཤེས་གཉེན་དང་ཕྲད་ལ་ལས་དམ་པ་མ་ཡིན་པའི་ཆོས་ཉན?་པས ་བསྒྲིབས། །ཁ་ཅིག་ནི་དམ་པའི་ཆོས་སྤོང་བའི་མཚན་ཉིད་ཀྱི་དམ་པའི་ཆོས་ཀྱིས་ཕོངས་པར་གྱུར་པའི་ལས་བྱེད། ཁ་ཅིག་ནི་ཉོན་མོངས་པའི་སྒྲིབ་པས་བསྒྲིབས། ཁ་ཅིག་ནི་(སྡིག་པའི་གྲོགས་པོ།)་ལས་(འཕྲིག་པ་དང་འཚེ་བ་ཆོས་སུ་སྟོན་པ་ལ་སོགས་པ ་རྒྱུད་བླ་མར། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང། །ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་ན། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག?་ལ་ཡོད། །ཅེས་ལྟར།)་ཀྱི ་སྒྲིབ་པ་དྲག་པོས་བསྒྲིབས། ཁ་ཅིག་ནི་ངན་སོང་གསུམ་དང་བྱང་གི་སྒྲ་མི་སྙན་པའི་མི་དང་འདུ་ཤེས་མེད་པའི་སེམས་ཅན་གྱི་ངོ་བོ་རྣམ་པར་སྨིན་པའི་སྒྲིབ་པས་བསྒྲིབས། ཁ་ཅིག་ནི་མི་ཁོམ་པར་ལྷུང། ཁ་ཅིག་ནི་ཐེག་པ་དམན་པའི་(ཉན་ཐོས་དང་རང ་རྒྱལ་བ)་རིགས་ཅན་རྣམས་ཏེ། འདི་རྣམས་ཐམས་ཅད་དུས་རེ་ཞིག་པའི་སྣོད་མ་ཡིན་པ་རྣམས་སོ། །ཇི་སྐད་དུ་མདོ་སྡེ་རྒྱན་དུ་གསུངས་པ་ཇི་ལྟར་ཆུ་ཡི་སྣོད་(སྦྱོང་འཇུག་འབྲེལ་ཆེན་དུ། དམྱལ་ང་ཡི་དགས་དུད་འགྲོ་དང། །བླ་ཀློ་ཚ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང ་པ། །ལྐུགས་པ་འདི་དག་མི་ཁོམ?་བརྒྱད?་ཅེས་པ། །མཐར་ཐུག་སངས་རྒྱས་ཀྱི་རིགས་ཅན་ཡིན་པས་ཆག་ན།། །ཟླ་བའི་གཟུགས་ནི་མི་སྣང་བ། །དེ་བཞིན་བྱང་ཆུབ་ཀྱི་སྐབས་སུ)་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ནི་མི་སྣང་ངོ། །ཇི་ལྟར་མེ་ནི་གཞན་དུ་འབར། ་སླར་ཡང་གཞན་དུ་ཞི་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང། (།གདུལ་བྱ་སྐལ་ལྡན་ལ)་སྣང་དང་མི་སྐལ་མེད་ལ་སྣང་ཤེས་པར་བྱ་ཞེས་དང། (དེའི་འབྲེལ་པར)་སངས་རྒྱས་ཀྱིས་གདུལ་བར་བྱེ་བ་རྣམས་ཡོད་པ་ནི། སངས་རྒྱས། ་འབྱུང་བའི་ཕྱིར་དེ་སྣང་གི་རྣམ་པར་བརྟུལ་བྲིན?་པ་ན། མྱ་ངན་ལས་འདས་པའི་ཕྱིར་དེ་མི་སྣང་ངོ། །གསུངས་པ། སྐྱེ་བོའི་བསོད་ནམས་ཀྱིས་དང་སྨོན་ལམ་ཁྱད་པར་ལས། འཕངས་ཕྱིར་འདི་ཡི་འཇུག་པ་ཤིན་ཏུ་བསམ་མི ་ཁྱབ་ཅེས་སོ། །སྙིང་རྗེ་ཆེན་པོའི་སངས་རྒྱས་རང་བཞིན་ཆོས་ཀྱི་སྐུ་ནི་རྟག་པ་སྟེ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ན། །གང་དང་གང་ལ་གང་ཚེ་དང། །གང་ཚེ་བྱ་བ་ཕན་འགྱུར་བ། །དེ་དང་དེ་ལ་དེ་སྣང་ངོ། །སངས་རྒྱས་ཐམས་ཅད་ཀྱི་ཚེ་ཡིད ་བཞིན་གྱི་ནོར་བུ་ལྟར་གནས་ཀྱང་སེམས་ཅན་རྣམས་ཀྱི་རང་གི་ལས་སྔོན་བསྐྲུན་པའི་ས་བོན་གསོལ་བཏབ་པར་གདུལ་བྱ་ཆོས་སྟོན་པ་ལ་སོགས་པ་ཡུན་དུ་འཕྲོད་པར་སེམས་ཅན་སངས་རྒྱས་ཞེས་པ་མངོན་རྟོགས་རྒྱན་དུ་གསུངས། དེའི་འགྲེལ་བར་བཅོད ་ཀྱི་ཉེས་པས་བསྐྱེད་པས་རྒྱུ་མ་ཚང་བ་ལས་འབྲས་བུ་སྟེར་བར་སྣང་བ་མ་ཡིན་ཏེ། དཔེར་ན་ལྟའི་རྒྱལ་པོས་ཆར་ཕབ་ཏུ་ཟིན་ཀྱང་རུལ་བར་གྱུར་པ་ལ་སོགས་པས་ས་བོན་དུ་མི་རུང་བར་གྱུར་པའི་ཤཱ་ལི་ལ་སོགས་པའི་ས་བོན་ནི་མྱུ་གུ ་སྐྱེད་པར་མི་བྱེད་པ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་བཞིན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་བྱང་ཆུབ་སེམས་དཔས་མཐོང་བའི་ལམ་མངོན་པར་རྟོགས་པའི་དུས་སུ་བདག་ཆོས་དབྱིངས་ཀུན་ཏུ། འགྲོ་རྟོགས་པས་དང་གཞན་མཉམ་པ་ཉིད་ཀྱི ་ཡེ་ཤེས་ཐོབ་ལ་དེ་མཉམ་ཉིད་ཉིད་ལ་དམིགས་ཞེས་སོ་བསྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདི། །མི་གནས་ཞི་བར་བཞུགས་བ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་ཆོས་པ་བཞིན།། ་སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཅེས། པ་དེ་འམ་ཡེ་ཤེས་ཁོ་ན་ས་གོང་ནས་གོང་དུ་སྒོམ་པ་རབ་ཏུ་གྱུར་པའི་རྣལ་འབྱོར་པ་རམ་ཚུལ་གྱིས་ན་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་སངས་རྒྱས་ཀྱི་ས་ལ་མི་གནས་པའི་མྱ་ངན་ལས་འདས ་པ་ལ་ཞུགས་པ། དབྱིབས་དང་ཁ་དོག་གི་བདག་གི་དངོས་པོ་སྐུ་རྣམ་པ་སྣ་ཚོགས་པ་སྟོན་པའི་ཐབས་སུ་རྣམ་པར་བཞག་གོ་།དེ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལས་ཁྱད་པར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཙམ་དང་དེའི ་ཆོས་ཉིད་ཀྱི་ཡུལ་ཅན་གྱི་མེ་ལོང་ལྟ་ཅན་བུའི་ཡེ་ཤེས་ལ་དམིགས་པའོ། །འམ་དབྱིབས་དང་ཁ་དོག་སྣ་ཚོགས་པ་ཅན་གྱི་སྐུ་ཇི་སྐད་གཟུགས་སྐུ་ཀུན་ཏུ་སྟོན་པའི་རྒྱུ་ཡིན་ལ་དུ་གསུངས་པ། ནང་དང་ཕྱིའི་མ་རིག་པ་ལ་སོགས་པ་དང་ས་བོན་ཡོད་པར་མྱུ་གུ་འབྱུང་བ་སོགས། ་ཚངས་གཡོ་བ་མེད་པ་དང་སྟོང་པ་དང་གང་ཟག་མེད་པ་སོགས་པ་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པ་ཡང་བྱང་ཆུབ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་གཟིགས ་པ་དེ་འདྲ་བ་ཁོ་ན་ནི་ཚངས་པ་ཆོས་དེ་རྣམས་སོ་ཤེས་བྱའི་ཞེས་པ་དང། སླར་ཡང་གསུངས་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་གཏོགས་པའི་ཆོས་དེ་རྡུལ་ཙམ་ཡང་མ་མཐོང་ངོ་ཞེས་སོ། །རྟེན་ཅིང་འབྲེལ་པར་འབྱུང ་བའི་ཆོས་ཉིད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲ་ཡང་དག་པར་འཇུག་པ་ཉིད་དུ་མངོན་པར་དགོངས་ནས་གསུངས་པ། གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ལས་ཐ་དད་པ་མཐོང་བ་དེ་ནི་ཆོས་མཐོང་བའོ། །གང་ཆོས་མཐོང་བ་དེ་ནི་སངས་རྒྱས་མཐོང ་བའོ་ཞེས་སོ། །དོན་དམ་པའི་ཆོས་ཡིན་པ་ཉིད་བརྟགས་ནས་ཀྱི་ཕྱིར་དང་དོན་དམ་པའི་སངས་རྒྱས་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ནི་ཐམས་ཅད་དུ་འི་ཆོས་ཉིད་ཐ་དད་པ་མེད་དོ། །ཚང་མེད་པ་རྣམས་ཀྱང་མི་གཡོ་བ་ནས་གཟུང་ནས་རྣམ་པར་སྨིན ་རྟེན་འབྲེལ་གྱི་ཆོས་ཉིད་པ་ཏུ་གྱུར་པ་དང། མངོན་པར་འདུ་བྱེད་པ་འབད་རྩོལ་མེད་པར་འབྱུང་བ་དང། མཉམ་པ་ཆོས་ཉིད་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་བྱམས་སོགས་ལྡན་པ་དང། ས་བརྒྱད་པ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་དང ་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་ཆོས་ཐམས་ཅད་མ་དམིགས་པའི་ཕྱིར་དམིགས་པ་མེད་པ་ཞེས་བརྗོད་དོ། །དེ་རྣམས་ཉིད་སངས་རྒྱས་ཀྱི་ས་ལ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྟག་ཏུ་རྗེས་སུ་སོན་པ ་སྟེ། བྱ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །ཚད་མེད་བ་དེ་རྣམས་ཀྱི་མཉམ་པ་ཉིད་དེ། ཡུལ་དུས་གདུལ་བྱ་ཐམས་ཅད་དུ་ཁྱད་པར་མེད་བྱམས་པ་ལ་སོགས་པར་འཇུག་པའི་ཕྱིར་རམ་ཡང་ན་དེ་རྣམས་ཁོ་ན་མཉམ་པ་ཉིད་དེ་མཉམ་པ་ཉིད ་སེམས་ཅན་འདུལ་བའི་དུས་ལས་མི་འདའ་ཞིང་སེམས་ཅན་མཛའ་ཡས་པ་དེ་རྣམས་སྨིན་པའི། ལ་དམིགས་པའི་ཕྱིར་རོ། །འཁོར་བ་མྱ་ངན་ལས་འདས་པ་དག་དང་ལམ་གང་གིས་ཞི་བ་དང་འབྲས་བུ་དག་བྱམས་པ་ལ་སོགས་པ་ཀྱང་མཉམ་པ་ཉིད་དེ་རང་བཞིན ་གྱིས་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་རོ། །རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་འཇིག་རྟེན་རྣམས་ཐམས་མཉམ་པ་ཉིད་ཅན་དུ་རོ་གཅིག་གང་དུ་ཞི་བ་པ་ཉིད་མྱ་ངན་ལས་འདས་པ་ཀྱི་ཕྱིར་རོ་གཅིག་ཏུ་མཉམ་པ་ཉིད་དང ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡོན་ཏན་རྣམས་ཀྱང་མཉམ་པ་ཉིད་དུ་ཡོངས་སུ་རྫོགས་པས་ན་མཉམ་པ་ཉིད་ཀྱི་ཡེ་རྙེད་པས་དྲེ་ནས?་པ་མེད་ཅིང་མ་རྙེད་པས་སྲོ་ཤིང་བ་མེད་པ་ནས་བདེ་བས་ཆགས་པ་མེད་ཅིང་སྡུག་བསྔལ་གྱི་ཁོང་ཁྲོ་བོ་མེད་པའི་པར་ཙན་དན་དང། ཤེས་སོ། ། ་སོ་སོར་རྟོག་པའི་ཡེ་ཤེས་ནི་མི་ཟད་པའི་ཟ་མ་ཧོག་སོགས་གཟུངས་དང་བསམ་གཏན་དང་དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་སོ་སོ་ཡང་དག་པར་རིག་པ་དང་སྟོབས་དང་མི་འཇིགས་པ་ལ་སོགས ་སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུགས་རྣམས་ཀྱིས། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་མཛད་ཅིང། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས་ཤེས་པས། པ་རྣམས་ཐམས་ཅད་ཀྱི་ཡང ་དག་པར་འཛིན་པ་ཉིད་ཀྱིས་སྐྱེ་བའི་སྒོ། ཤེས་བྱའི་རྣམ་པ་ཐ་དད་པ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་བཻ་ཌཱུརྱ་ལ་སོགས་པའི་རང་བཞིན་གྱི་སྐུ་ཡང་དག་པར་སྟོན་པའི་ཐབས། ཐེ་ཚོམ་ཐམས་ཅད་གཅོད་པའི་རྒྱུའི་ཆོས་རབ་ཏུ་གསལ ་བར་བྱེད་པའོ། །རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན། ཡིན་ཞིང་རྣམ་པ་ཤིན་ཏུ་རྣམ་པར་ཕྱེད་པ་སྟེ། ཇི་ལྟར་ཆོས་དེ་རྣམས་མངོན་པར་ཐ་དད་པའི་རྣམ་པས་ཕྱེད་པ་ཡིན་པ་དེ་ལྟ་ཁོ་ནར་སོ་སོར་རྟོགས་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་གསུང་རབ་པའི་རྒྱུ་སྟ་ལོངས ་སྤྱོད་རྫོགས་པའི་གི་མཚན་ཉིད་སྣ་ཚོགས་ཀྱི་ངོ་བོ་སྐུ་ཡིས་ཐ་དད་མེད་པ་ཉིད་འབྱོར་པ་སྣ་ཚོགས་པ་བསྟན་པ་ལས་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ལྷན་ཅིག་དམ་པའི་ཆོས་རྫོགས་ཅིང་མ་འདྲེས་པར་ལོངས་མ་འདྲེས་པར་སྤྱོད་པ་སོ་ཡེ་ཤེས་དེ་ཉིད་སོར་ཉམས་སུ་ཡིན་མྱོང ་བའི་ཕྱིར་རོ། །ཁམས་དང་འགྲོ་བ་ཡེ་ཤེས་དེས་དང་སྐྱེ་གནས་གཞན་གྱི་རྒྱུ་དང་འབྲས་བུ་བསྡུས་པའི་སེམས་དང་སེམས་རྣམས་ལས་བྱུང་བ་སོ་སོར་སྣང་བ་སྟེ། གང་གི་ཕྱིར་དེའི་བདག་རྐྱེན་ལས་རྟོགས་པ་པོ་རྣམས་དེ་ལྟར་རྣམ་པར་བཞག་པ ་ཉེ་བར་འདོགས་པས་གསུམ་སོ། །ལྔ་དགའ་བའི་རྒྱུ་ཡང་སྟ་ཕ་རོལ་འགྲུབ་བྱང་ཏུ་ཕྱིན་པ་ལ་སོགས་པ་ཆོས་སྣ་ཚོགས་པ་རྣམས་ཀྱིས་སོ་སོར་སྟོན་པའི་ཡེ་ཤེས་དགའ་བར་བྱ་བ་སོ་སོར་རྟོག་པའི་ཡེ་ཤེས་ཉིད་ཀྱིས་དགའ་སེམས་དང་སེམས་བྱུང་ཀུན་མཁྱེན་པ ་བ་དེས་འགོད་པའམ་པར་འབྲེལ་པར་ཡེ་ཤེས་དེ་ཉིད་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་དགའ་བས་སོ། །བྱ་བ་བསྒྲུབ་པའི་ཡེ་ཤེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་རྣམས་གདུལ་བྱ་འི་དུས་ལ་བབ་པས་ཇི་ལྟ ་བ་རྒྱུ་ཡིན་པ་ལ་བར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་སྣ་ཚོགས་ཆེད་བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང། །དཔག་མེད་བསམ་ཡས་སྤྲུལ་བ་ཡིས། །སེམས་ཅན་ཀུན་དོན་མཛད་པ་པོ། །ཅེས་མདོ་སྡེ་རྒྱན། དུ་དཔག་ཏུ་མེད་པ་ཆད ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ཐབས་སྣ་ཚོགས་པ་རྣམས་ཀྱིས་ཕ་རོལ་ལ་ཕན་པ་བྱེད་པའི་རྒྱུད་གཅིག་པ་ཅན་ཏེ། རང་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ནོ། །དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པ་སྣ་ཚོགས ་པའི་རྟེན་ཉིད་ཀྱི་ཕྱིར་སྤྲུལ་པའི་སྐུའོ། །དེ་ཡང་རྣམ་འམ་བསམ་པར་མི་ནུས་པ་པ་གསུམ་སྟེ། སྐུའི་སྤྲུལ་པ་དང་གསུང་གི་སྤྲུལ་པ་དང། ནམ་གཅིག་ཏུ་གཙོ་བོར་གྱུར་ཐུགས་ཀྱི་སྤྲུལ་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་དེ་ལ་སྐུའི་སྤྲུལ་པ་རྣམ་པ་གསུམ་སྟེ། ་རྫུ་འཕྲུལ་ཀུན་ཏུ་སྟོན་པ་དང། སྐྱེ་བ་ཀུན་ཏུ་སྟོན་པ་དང་ལྡན་གྱི་རྣམ་པར་སྨིན་པ་ཀུན་ཏུ་སྟོན་པའོ། །དེ་རྣམས་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འདུན་པར་མཛད་དེ། དང་པོར་མངོན་དུ་ཕྱོགས་པར་བསྐྱེད་པ་ལ་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་ཏེ། དཔེར ་ན། ལྟེང་རྒྱས་འོད་སྲུངས་ལ་སོགས་པ་བཞིན་ནོ། །ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་མཛད་དེ། ལས་སུ་གདུལ་བྱ་རྣམས་རུང་བ་ཉིད་དུ་བསྐྱེད་ཐུབ་པའི་བསྟན་པ་ལ་པ་ལས་དགེ་བའི་རྩ་བ་རྒྱས་པར་མཛད་པ་ཉིད་ཀྱིས་སོ། །རྗེས་སུ ་བསྟན་པའི་ཆོ་འཕྲུལ་གྱིས་ཁམས་གསུམ་པ་དང་ངན་འགྲོ་འམ་སྟོན་པ་ལས། གདུལ་བྱ་རྣམ་པར་གྲོལ་བར་སེམས་མཛད་དེ། དེའི་ཉེ་བར་བསྟན་པའི་སྟོབས་ཀྱིས་འཕགས་པའི་ལམ་བསྐྱེད་པའི་ཕྱིར་དང། འོད་ཟེར་དམ་པའི་ཆོས་གསུང་པའི ་འགྱེད་པ་ལ་སོགས་པས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ཤིང་སྔོན་གྱི་དགེ་བའི་རྩ་བ་དྲན་པར་བྱས་ནས་བདེ་འགྲོ་ལ་རབ་ཏུ་དགོད་པའི་ཕྱིར་རོ། །ཆོ་འཕྲུལ་གསུམ་རྣམས་ཀྱང་གནས་པ་བཞི་རྣམས་ཀྱིས་བྱེད་དེ། འཁོར་བ་ལས་གྲོལ་བ་དེ་ལ་སྤྱོད ་ལམ་གྱི་གནས་པ་ནི་ངན་འགྲོའི་སྐུའི་ལས་ཐམས་ཅད་དོ། །སྟོན་པས་ར་བྱེད་པ། གནས་པ་ནི་བླང་དོར་གྱིས་གནས་སྟོན་པས་གསུང་གི་ལས་ཐམས་ཅད་དོ། །ངན་འགྲོ་ལས་གྲོལ་བར་བྱེད་ཏིང་ངེ་འཛིན་གྱིས་གནས་པ་ནི་གང་རང་བཞིན་གྱིས་རྟག་ཏུ་མཉམ་པར ་གཞག་པ་དང། གང་ཡང་ཏིང་ངེ་འཛིན་ལ་ཡང་དག་པར་ཕྱོགས་པར་བྱེད་པས་ཏེ་དེ་གཉིས་ཡིད་ཀྱི་ལས་སོ། །སྙོམས་པར་འཇུག་པས་གནས་པ་ནི་གང་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་པ་དང་ལྷ་ལ་སོགས་པ་ནས་འཕོ་བ་ན་ཡང ་སྟེ། དེ་གཉིས་ཀ་ཡིད་ཀྱི་ལས་སོ། །སྐྱེ་བ་ཀུན་ཏུ་སྟོན་པ་ནི་དེ་བཞིན་གཤེགས་པ་རྣམས་ཅིག་ཅར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་སྐྱེ་བ་ཉེ་བར་སྟོན་པའོ། །ལས་ཀྱི་རྣམ་པར་སྨིན་པ་ཀུན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པས ་ཏུ་སྟོན་པ་ནི་ལས་ཀྱི་འགྲོ་བ་ཡང་དག་པར་སྟོན་པ་སྟེ། འདོད་པ་དང་མི་འདོད་པའི་ལས་ཀྱི་གླིང་བཞི་བྱེ་བ་ཕྲག་བརྒྱ་སོགས་འབྲས་བུ་ལ་ལྷའི་རིས་ལ་སོགས་པ་ཉེ་བར་ལོངས་སྤྱོད་པ། འདུལ་བྱའི་དོན་དུ་ཡང་དག་པར་སྟོན་པའི་ཕྱིར་རོ། །གང་གི་ཕྱིར་བདེ་བ་དང་སྡུག ་བསྔལ་ལུས་ཀྱིས་མྱོང་བ་འམ་རྒྱུ་བ་སྔོན་གྱི་ལས་ཀྱི་འབྲས་བུ་ལས་ཀྱི་ལུས་ཀྱི་རྟེན་ཅན་སྐྱེ་ལ་སྔོན་གྱི་ལས་ཀྱིས་སྤྲུལ་པའི་ལུས་ནི་ལས་ཀྱི་ལུས་སོ། །བྱ་བ་བསྒྲུབ་པའི་ནང་རྒྱུད་དུ་གྲུབ་པ་མེད་ཀྱང་ཡེ་ཤེས་ཁོ་ན་སྐུ་སྤྲུལ་པའི་ལས་ཏེ་སྐུར་སོ་སོར་སྣང་བའི་རྣམ་པར ་ཤེས་པ་བསྐྱེད་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་རོ་ཞེ་པ་སྟེ། དེ་ལྟ་བུ་བྱུང་བ་དང་སྤྱོད་ཚུལ་གྱི་མཛའ་སྟོན་པ་དང་སྐྱེས་པའི་ལས་ཀྱང་ཡིན་ལ་ལུས་ཀྱང་ཡིན་པས་རབས་ཐམས་ཅད་སྒྲོལ་ལ་སོགས་པའོ། །དེ་ཐམས་ཕྲིན་ཅད་ཀྱང་སྣ་ཚོགས་པ་སྤྲུལ་པའི་སྐུ་སྟོན ་པ་སྟེ། དཔེར་ན་མཐེ་བོའི་རྩེ་མོ་སྣང་བ་ལ་སོགས་ས་ཀུན་ཏུ་བསྟན་སྔོན་གྱི་གཏན་རྒྱུད་ནས་བཤད་པ་ལྟ་བུ་པ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེའི་སྙིང་པོའི་སྐུ་ཅན་ཉེ་བར་འཕོ་བ་མེད་པའི་ཆོས་ཅན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་ཀུན་ཏུ ་དཔའ་ལའང་ལས་ཀྱི་ལུས་སྟོན་པ་ནི་ལྷ་བྱིན་གྱིས་སྒྱོགས་བསྣུན་པས་འདོད་པའི་ཁམས་ཀྱི་དབང་ཕྱུག་བདུད་སྡིག་ཅན་འབྱུང་པོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུའི་འཁོར་ཅན་གྱིས་འབད་འམ་བསྣུན་དུ་པ་དྲག་པོས། མཚོན་ཆའི་ཁྱད་པར་དེ་དང་དེ ་རྣམས་ཀྱིས་ཉེ་བར་བསྣུན་པའི་ཁྱད་པར་རྣམས་ཀྱིས་ཀྱང། བ་སྤུ་གཅིག་ལངས་པའི་ཉམས་པའང་སྐྱེས་པ་མེད་ན་རྣམ་པ་གཞན་དུ་ལྟ་ཅི་སྟེ་མི་སྲིད་ཞིང། དེ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ལའང་ལྷ ་བྱིན་མིང་ཙམ་ཉིད་ཀྱིས་ཉེ་བར་གནོད་པ་བྱས་སོ་ཞེས་པ་འདི་ཇི་ལྟར་ཞེ་ན། དེའི་ཕྱིར་འདི་ཐམས་ཅད་ནི་སྲོག་ཆགས་རྣམས་དེ་དགེ་བ་དང་མི་དགེ་མཉམ་པ་ཆེན་པོ་བསྐྱེད་པ་པའི་བྱ་བ་ལ་རབ་ཏུ་འཇུག་པ་དང་ལྡོག་པའི་དོན་དུ་དེ་རྣམས་དང ་སྐལ་བ་མཉམ་པ་ཉིད་བསྟན་པས་གདུལ་བའི་དོན་དུའོ། །དཀའ་བ་ཡིན་ཏེ་མི་སྲིད་དོ་སྤོང་ལས་ཀྱི་རྣམ་སྨིན་ཀུན་ཏུ་སྟོན་པ་པ་སྟོན་པ་ནི་དེ་ལྟར་བསྟན་པས་གདུལ་བར་བྱ་བ་རྣམས་གདུལ་བའི་རིམ་པ་ལྟར་དོན་དང་ཚུལ་ཁྲིམས་དང་བརྟུལ་སྲོག་ཆགས ་ཞུགས་ཙམ་གྱིས་དག་པར་མི་འགྱུར་གྱི་ཡེ་ཤེས་ཀྱིས་ལོ་དྲུག་ཏུ་དག་པའོ་ཞེས་རབ་ཏུ་བསྟན་པའི་ཀུན་ཏུ་དོན་དུ་ཡང་ཀུན་ཏུ་ངོ། །བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས་དགེ་སྤྱོད་མགོ་རེག་ལ་བྱང་ཆུབ་ག་ལ ་ཡོད་ཅེས་པ་འདིའི་འབྲས་བུའོ་ཞེས་འདུལ་བ་ལུང་ལ་སོགས་པར་གསུངས་པ་ནི་དག་གི་ཉེས་པ་སྤྱོད་པ་ལས་བཟློག་པའི་དོན་དུའོ། །སྟོན་པ་འགྲོ་བའི་ཉི་མ་ཉི་མའི་གཉེན་འདི་ཉིད་བྲམ་ཟེའི་ཁྱེའུ་བླ་མར་གྱུར་པས་ཐུབ་པའི་དབང་པོ་འོད་སྲུང་གི་དབང་དུ་བྱས་ནས།)་སྐུའི་སྤྲུལ ་པ་དང་གསུང་གི་སྤྲུལ་པ་དེའང་ལོ་དྲུག་ཏུ་དཀའ་བ་སྤྱད་པ་རང་དང་གཞན་གྱི་ལུས་དང་འདུལ་བྱ་རྣམས་འབྲེལ་པ་དང་མ་འབྲེལ་པ་ཡང་ངོ། །དྲན་དོན་ཐུགས་ཀྱི་སྤྲུལ་པ་ནི་རང་དང་གཞན་དང་འབྲེལ་པ་ཁོ་ནའོ། །དེ་ལ་སྐུའི་སྤྲུལ་བ་རང་གི་ལུས་དང ་འབྲེལ་པ་ནི་སངས་རྒྱས་བདག་ཉིད་འཁོར་སངས་རྒྱས་ལོས་སྒྱུར་བ་ལ་སོགས་པའི་གཟུགས་སུ་སྟོན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པ་དང་ལྡན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང ་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་རྣམས་ཀྱི་སྐུ་དང་གསུང་གི་འཇུག་པ་ནི་འཇིག་རྟེན་རྗེས་སུ་གཞུག་པ་ལས་ཀྱང་རིག་པར་བྱ་སྟེ། ཇི་ལྟར་མཉན་ཡོད་དུ་རྒྱལ་པོ་ཀ་པི་ན་གདུལ་བའི་དོན་དུ་བདག་ཅག་གི་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི ་གཟུགས་འཛིན་པས་རྒྱན་རྣམས་ཀྱང་གཟུང་ཞིང་གཞུ་ཡང་གཟུང་ལ། འཁོར་དེ་དང་མཐུན་པར་འཇུག་པའམ་དམ་པའི་ཆོས་ལ་ཉིད་དུ་ཉན་ཐོས་ཆེན་པོ་རྣམས་ཐམས་ཅད་ཀྱིས་ཀྱང་རྒྱལ་ཕྲན་ལ་སོགས་པའི་གཟུགས་ཀྱིས་རབ་ཏུ་བྱུང་བ་ལ་བཀག་པའི ་རྒྱན་རྣམ་པ་སྣ་ཚོགས་པ་གཟུང་བ་ནས། ཇི་སྲིད་ཀ་པི་ཎ་དང་བློན་པོ་ལ་སོགས་པའི་འཁོར་སྟོང་ཕྲག་བཅོ་བརྒྱད་བསྙེན་པར་རྫོགས་ཏེ། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང། མཉན་ཡོད་དེ་ཉིད་དུ་བྲམ་ཟའི་ཁྱེའུ་རྒྱུ་འདུལ་བའི་དུས་ན་བཅོམ ་ལྡན་འདས་ཚངས་པའི་གཟུགས་གདོད་བཞི་རལ་པའི་ཅོད་པན་འཆད་བར་གསུངས་པ་དང། རྒྱལ་པོའི་ཁབ་ཏུ་བརྒྱ་བྱིན་གྱི་ཆ་ལུགས་སུ་སྤྲུལ་ནས་བྲམ་ཟེ་སྟོང་ཕྲག་ལྟ་བུ་དྲུག་ཅུ་མཐོ་རིས་ཀྱི་འབྲས་བུ་དང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང། དྲང ་སྲོང་གནས་འཇོག་གི་རིགས་ཅན་གྱི་བྲམ་ཟེ་མོ་འདུལ་བ་ན། མཉན་ཡོད་དུ་བཅོམ་ལྟ་བུ་ལྡན་འདས་ཀྱིས་རྒྱལ་བའི་དབང་པོ་བུད་མེད་ཀྱི་རོ་བཟུང་ཞིང་འདི་ནི་བདག་གི་ཆུང་མའོ་ཞེས་ཀྱང་གསུངས་པ་དང། ཀོ་ཤ་ལའི་གར་མཁན་ལྟ་བུ་འདུལ ་བའི་དོན་དུ་ཡུལ་མ་ཀ་ར་ཀོཊཊ་བལླི་རུ་བཅོམ་ལྡན་འདས་གར་མཁན་གྱི་ཆ་ལུགས་འཛིན་པར་གསུངས་པ་དང། དྲི་ཟ་ཟུར་ཕུད་ལྔ་པ་གདུལ་བའི་ཆེད་དུ་དྲི་ཟ་ཐ་མལ་པའི་གཟུགས་ཅན་ལྟ་བུ་བཅོམ་ལྡན་འདས་ཀྱིས་པི་ཝང་བསྣམས ་ཤིང་ཀླུ་བླངས་ལ་པི་ཝང་གི་རྒྱུད་སྟོང་པོ་བཅད་པ་ན་སྒྲ་སྟོང་ཕྲག་ཡོངས་སུ་རྫོགས་པ་ནམ་མཁའ་ལ་བྱུང་ལྟ་བུ་བ་ལྟ་བུའོ། །དེ་བཞིན་དུ་རབ་ཏུ་བྱུང་བ་དང་འགལ་བ་འདུལ་བ་ལ་བཀག་པ་གཞན་རྣམས་ཀྱང་ཁྱིམ་པ་ཐ་མལ་པའི ་གཟུགས་ཀྱིས་སྤྱོད་པར་གསུངས་ཏེ། ཇི་སྐད་དུ་བསྟོད་པ་མཛད་པས་གསུངས་པ། མཆོག་ཏུ་ཞི་བ་ལ་གནས་ཀྱང། །ཐུགས་རྗེའི་དབང་དུ་གྱུར་ཉིད་ཀྱིས། །རོལ་མོ་མཁན་གྱི་སྒྱུ་རྩལ་ལའང། །ཁྱོད་ཀྱི་ཞབས་ནི་བཀོད་པ ་མཛད་ཅེས་སོ། །རོལ་མོ་མཁན་ནི་རོལ་རྩེད་མཁན་རྣམས་སོ། །དེ་རྣམས་ཀྱི་སྒྱུ་རྩལ་(བློན་པོ་མཁོལ?་གྱིས་བསྟོད་པ་བརྒྱ་ལྔ་བཅུ་པའི་ལེའུ་དྲུག་པ་ཐུགས་རྗེ་ལ་བསྟོད་པར)་ནི་གཟོ་སྟེ་པི་ཝང་སྒྲོག་པ་ལ་སོགས་པ་ཡང་ངོ། །དེའང་མཛད་པའི་ཆེད་དུ་གཤེགས་པའོ། །སྡེ ་པའི་ལུང་རྣམས་སུ་ཡང་གསུངས་པ། མར་མེ་མཛད་པ་ནས་གཟུང་ནས། དེ་བཞིན་གཤེགས་པ་ཆགས་བྲལ་ཏེ། སྒྲ་གཅན་འཛིན་སྲས་བསྟན་ཞེས་པ། འདི་ནི་འཇིག་རྟེན་རྗེས་གཞུག་པའོ། །ཞེས་ཏེ། ཆོ་འཕྲུལ་སྣ་ཚོགས་པ ་རྣམས་སྟོན་(འཇིག་རྟེན་རྗེས་སུ་མཐུན་པར་འཇུག་པ་ཞེས་བྱ་བར)་པའོ། །བྱང་ཆུབ་སེམས་དཔའ་(ས་བརྒྱད་པར་ཉོན་ཡིད་ཀྱི་འཁོར་གྱི་བག་ཆགས་མེད་པས)་རྣམས་ཀྱིས་ཀྱང་ཡང་དག་པ་མ་ཡིན་པའི་ཕྱག་(འདུལ་བ་ལ་སོགས་པའི་ལས་མཐུན་པ་མ་ཡིན ་པ་རྣམས་ཀྱང་སྟོན་པ་ནས་དམན་པ་བྲན་ཉིད་ཀྱི་བར་དུ་ཡང་ངོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་རྣམས་ཀྱི་སྤྱོད་(རད?་བས?་དམན་པ་ལ)་པ་ནི་འདི་འདྲ་བའོ་ཞེས་བསམ་གྱིས་མི ་ཁྱབ་པ་སྟེ། དེ་ལ་ཐར་པ་འདོད་པ་རྣམས་ཀྱིས་དད་པ་(བརྟོན)་ཁོ་ན་བྱའོ། །གཞན་ཡང་ཁ་ཅིག་ཏུ་གདུལ་བྱ་དང་འཚམ་པའི་ཡུལ་དུ་གཤེགས་པས་དང། ཁ་ཅིག་ཏུ་གདུལ་བྱ་རྣམས་རང་གི་ཡུལ་དུ་བཀུག་པས་དང། ཁ་ཅིག་ཏུ་གནས ་པའི་སྐུ་(འཕགས་པ་རྣམས་ཀྱི་སྤྱོད་བ།)་ལས། ཕྱོགས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་རྣམས་སུ་སྐུ་ལ་སོགས་པ་ཡང་(ཐུབ་དབང)་དག་པར་བསྟན་པས་སོ། །བཅོམ་ལྡན་འདས་ནི་དབང་(བཅུ་ལ་སོགས་པ)་ཐམས་ཅད་སོ་སོར་རྟོགས ་པའི་དབང་ཉིད་ཐོབ་པའི་ཕྱིར་སྐུ་ལ་སོགས་པ་རྣམས་ཀྱི་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་གྱི་བར་ལ་འཇུག་པ་དང། མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་ཡང་དག་པ་མ་ཡིན་པའི་རྟོག་པས་དབེན་པར་མཛད་དེ། དཔེར་ན་སེར་སྐྱའི ་(ཱི་ཐོབ་པ)་གཞིའི་ནགས་སུ་སེང་(དང་རྣམ་འཕྲུལ)་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་དང་བརྒྱ་བྱིན་དང་དཔལ་མོ་དང་རི་སྐྱེས་དང་གཞོན་ནུ་ལ་སོགས་པ་(འདུལ་བར་དུས་ལ་བབ་པ)་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ ་ལྡིང་དང་མིའམ་ཅི་བརྒྱ་ཕྲག་སྟོང་(ཁྱབ་འཇུག)་དུ་མ་(དབང་ཕྱུག་ཆེན་པོ)་རྣམས་(ཚངས་པ)་མྱ་ངན་ལས་འདས་པ་དང་(ཽ་མཱ)་ལྡན་(གདོང་དྲུག)་པའི་བསྟན་པས་བཏུལ་ལོ་ཞེས་པ་ལ་སོགས་པ་ལྟ་བུ་རིམ་པ་ཇི་ལྟ་བར་དཔེར་བརྗོད་པ་རིག་པར ་བྱའོ། །བག་མེད་པ་དང་ལྡན་པ་རྣམས་ཀྱང་བག་ཡོད་པའི་གནས་ལ་བཀོད་པས། དེ་དང་དེའི་སྡུག་བསྔལ་ཞི་བར་མཛད་དེ། དཔེར་ན་(དམ་པའི་ཆོས)་བདག་ཅག་གི་བཅོམ་ལྡན་འདས་ཀྱིས་དགའ་བོ་དང་སོར་ཕྲེང་དང་མཐོང་ལྡན་དང་བདེ་བྱེད་ལ ་སོགས་པ་རྣམས་བཞིན་ནོ། །དེ་ལྟར་(དགེ་སྒོམ་ཞིང་ཟག་བཅས་ཀྱི་གཞི་ལས་སེམས་བསྲུང་བ། འཕྲལ་དང་ཕྱི་མའི)་ནི་(བཤེས་སྤྲིང་གི་འགྲེལ་པར)་དགའ་བོ་ཞེས་བྱ་བ་ཤཱཀྱའི་གཞོན་ནུ་ཆགས་པ་དྲག་པོ་ཅན་(ཡུལ་དུས)་ཐམས་ཅད་དུ་རང་གི་ཆུང་མ་(མཛེས་མ) ་ལ་ཤིན་(བཤེས་པའི་སྤྲིང་ཡིག་ཏུ་གང་ཞིག་སྔོན་ཆད་དག?་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་པ་དེ་བྱེད་བཞིན། ཅེས་སོ།)་ཏུ་ལྷག་པར་ཆགས་དེ་མེད་པར་ཡུད་ཙམ་མའང་མི་སྡོང་པ་དེ་འདྲ་བ། དེ་དེ་བཞིན ་གཤེགས་པས་ཁྱིམ་ནས་བཀུག་ནས་རབ་ཏུ་འབྱུང་དུ་བཅུག་ཅིང་རབ་ཏུ་བྱུང་ནས་ཀྱང་བུད་མེད་དེ་ཉིད་ལ་ཉིན་དང་མཚན་དུ་སེམས་པར་བྱེད་ཀྱི་ཆོས་(ལ་རྗེས་སུ་སེམས་པ་མ། ཆུང་མ)་ཡིན་པ། དེ་ལྟ་ནའང་དེ་བཞིན་(དགའ་བོ) ་གཤེགས་པས་ཇི་ལྟར་དགྲ་བཅོམས་ཉིད་ཐོབ་པ་ལྟར་མཛད་དོ། །དེ་བཞིན་དུ་བྲམ་ཟེ་རྨོངས་པ་སོར་མོའི་ཕྲེང་ཅན་ཞེས་བྱ་བ་དེས་བླ་མའི་བཀའ་ཨི་བྱ་བ་ཆེད་དུ་འགྱུར་རོ་ཞེས་པའི?་སྟོང་དུ་གཅིག་གིས་མ་ཚང་པ་འཚོ ་བ་དང་བྲལ་བར་བྱས་པ་དེ་ཡང་(ཐབས་མཁས་ཀྱི)་ཕྱིས་དེ་བཞིན་གཤེགས་པར་གྱུར་པ་པས་རབ་ཏུ་ཕྱུང་ཞིང་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་མཛད་དོ། །ཅེས་པ་དང། མཐོང་ལྡན་ནི་མ་སྐྱེས་དགྲ་ཡིན་ལ། དེའང་ཞེ་སྡང་ཅན ་(སྲོག་དབང་པོ།)་ཏེ། ད་ལྟར་ནི་དེས་མི་དགེ་བའི་བཤེས་གཉེན་དང་འགྲོགས་པ་དང། སྔོན་གྱི་མཁོན་རྗེས་སུ་འབྲེལ་པ་ལས། །ཕ་ཆོས་དང་ལྡན་པའི་རྒྱལ་པོ་སྲོག་དང་ཕྲལ་ལ། དེའང་དེ་བཞིན་གཤེགས་པ་ཁོ་ནའི་དགེ་པའི་བཤེས ་གཉེན་ལ་བརྟེན་ནས་དམྱལ་བའི་མེའི་བུད་ཤིང་(ལྷས་བྱིན)་ལས་ཐར་རོ་ཞེས་པ་དང། རིགས་ཀྱི་བུ་བདེ་བྱེད་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་(གཟུགས་ཅན་སྙིང་པོ)་ལ་བྱེད་པའི་དབང་ལས། ཕ་རོལ་གྱི་བུད་མེད་དང་འགྲོགས་པ ་ལ་བརྟེན་ནས། མ་འཚོ་བ་དང་ཕྲལ་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ཁོ་ན་ལ་བརྟེན་ནས་(དམ་དགེ?་བྱེད)་ཕོ་ལོང་བརྡབས་པ་(མི་སྡུག་པ་ལ་སྡུག་པར)་དང་འདྲ་བས་དམྱལ་བ་ལས་འདས་ཏེ་མཐོ་རིས་ཀྱི་འཇིག་རྟེན་གྱི་བདེ་བ ་ཉམས་སུ་མྱོང་ངོ་ཞེས་ཐོས་(།སྲོག)་སོ། ཞེས། སྐུའི་སྤྲུལ་པ་གཞན་གྱི་ལུས་དང་འབྲེལ་པ་ནི་བདུད་ལ་སོགས་པ་རྣམས་སངས་རྒྱས་ལ་སོགས་པའི་གཟུགས་སུ་སྟོན་པའོ། །མ་འབྲེལ་པ་ནི་ས་ལ་སོགས་(ལྷའི)་བ་རྣམས་རིན་པོ ་ཆེ་སྣ་བདུན་ལ་སོགས་པའི་རང་བཞིན་(སངས་རྒྱས་ཀྱི་སའི་འབྲེལ་པར)་ལ་སོགས་པའི་གཟུགས་སུ་སྟོན། (དང་ལྟ)་པའོ། །གང་ཡང་ཚད་མེད་(ཱམ་དཔག་ཏུ་མེད་པ)་པའི་སངས་རྒྱས་(རང་གཞན་གྱི་རྒྱུད་དང)་ཀྱི་སྐུ་སྟོན་པ་དང། གང་ཡང་འོད་ཟེར་ ་བཀྱེ་ནས་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང། གང་ཡང་སྐྱེ་བ་ལ་སོགས་པ་སྟོན་པའོ། །དེ་བཞིན་དུ་གསུང་གི་སྤྲུལ་པ་བདག་གི་ལུས་དང་འབྲེལ་པ་ནི་ཚངས་པའི་དབྱངས་ཀྱི་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་གོ་བར་མཛད ་པའོ། །གཞན་གྱི་ལུས་དང་(མཛའ་ཡས་པ་འབྲེལ)་པ་ནི་གང་གིས། ཉན་ཐོས་ལ་(ཀུན་ཏུ)་སོགས་པ་ཆོས་མ་རྟོགས་པ་རྣམས་ཀྱང་སངས་རྒྱས་ཀྱི་(གསང་ཆེན་ཐབས་མཁས་སུ་གསུངས་པའི་ནོའུ་འགལ་གྱི་བུས་རྒྱལ་བའི་གསུང་གི་མཛའ་བརྟགས་པ་ལྟ་བུ)་དབྱངས ་ཀྱིས་ཐེག་པ་ཆེན་པོའི་ཆོས་སྟོན་པ་སྟེ། དཔེར་ན་འཕགས་པ་རབ་འབྱོར་ལ་སོགས་པ་རྣམས་(ཐེག་པ་ཆེན་པོའི)་བཞིན་ནོ། །མ་འབྲེལ་པ་ནི་རོལ་མོའི་རྣམ་པ་ཐམས་ཅད་དང། གཟུགས་སྣང་བ་ཐམས་ཅད་དང། ནམ་མཁའ་ལས་ཀྱང་ཆོས ་སྟོན་པའི་སྒྲ་འབྱུང་བར་མཛད་པའོ། །ཐུགས་ཀྱི་སྤྲུལ་པ་ནི་བདག་(གྱིས་ཤེར་བྱིན་བསྟན་པ)་ཉིད་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའོ། །གཞན་གྱིའང་དེ་ལྟར་སེམས་ངེས་པར་འཛིན་པ་སྟེ། གང་གིས་ཤེས་རབ་དམན་པས་ཀྱང་ཆོས ་ཕྲ་མོ་ཡང་སོ་སོར་རྟོགས་པར་མཛད་པ་དང། དྲན་པ་(ར་གཉིད་འབྲེལ་པ)་ཉམས་པ་རྣམས་ཀྱང་དྲན་པ་ཐོབ་ཅེས་པ་ལ་སོགས་པའོ། །སངས་(རྒྱུད་དང་འགྲེལ་པ)་རྒྱས་ཀྱི་སྤྲུལ་པ་དེ་ཡང་རྣམ་པ་ཐམས་ཅད་དུ་རྟག་པར་རྗེས་སུ་སོན་པ་བསམ་གྱིས ་(ཟབ་མོ)་མི་ཁྱབ་པར་རིག་པར་བྱ་སྟེ། མཛད་པ་བྱ་བ་དང་གྲངས་དང་ཞིང་གི་བྱེ་བྲག་ལས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་དང། (ཞེས་སོ)་སེམས་ཅན་གྱི་དོན་གྱི་བྱ་བ་ལ་མི་ལྡོག་པར་འཇུག་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དང་ཡེ་ཤེས་ལྔ ་པོ་འདི་རྣམས་ཀྱི་གོ་རིམ་རྣམ་(མདོ་སྡེ་རྒྱན་དུ་སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། (།མཛད་པ་སྒྲུབ་པའི་བྱེ་བྲག་དང། །གྲངས་དང་ཞིང་གི་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ་ཞེས་པ་ལྟར།)་པར་བཞག་པ་ནི་རྒྱུ་དང་འབྲས་བུ་དང་དེའི་རབ་ཏུ་དབྱེ་བ་ལས་སོ། །དེ་ལ་རྒྱུ་ནི་ཆོས་ཀྱི་དབྱིངས ་ཤིན་ཏུ་རྣམ་པར་དག་པའོ། (།དེ་ལས་འཕགས་པའི་ཆོས་སྐྱེ་བའི་ཕྱིར་རོ།)་།འབྲས་བུ་ནི་འཕགས་པའི་ཡེ་ཤེས་ཏེ། (ཆོས་ཀྱི་དབྱིངས)་དེ་ལ་དམིགས་པར་སྐྱེས་པའི་ཕྱིར་དང། (སྐྱེས་ནས་ཆོས་ཀྱི་དབྱིངས)་དེ་ལ་བརྟེན་པའི་ཕྱིར་དང། དེའི་ལྡོག ་པའི་དབྱེ་བ་རྣམ་པ་ལྔའོ། (།ཞེས་སོ)་ཇི་ལྟར་སྐྱེ་བ་ལས་སོ་ཞེས་པ་གཞན་རྣམས་སོ། (།མདོ་སྡེ་རྒྱན་དུ་འཛིན་པའི་ཕྱིར་དེ་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པ་ཡང་དག་འབྱུང། ཞེས་གསུང།)་།ཡང་ན་དེ་བཞིན་གཤེགས་(ཡེ་ཤེས)་པའི ་(སློབ་དཔོན་དང་ཚུལ་བརྗོད་པོ་ཆོས་དབྱིངས་ལ་དམིགས་པས་ཐོས་པ་མ་ལུས་པ་འཛིན་པ་དང་སེམས་ཅན་ཀུན་ལ་བདག་གཞན་མཉམ་པ་ཉིད་བསྙེས་པ་དང་ངམ་པའི་ཆོས་སྟོན་པའི་ཐབས་དང་གཞན་ལ་ཕན་འདོགས་པའི་རྒྱུ་ཡིན་པས)་།རང་བཞིན་དང་རྒྱུ་དང་འབྲས་བུའི་རིམ་པ་སྟེ། གང་ཡང་དེ་བཞིན ་གཤེགས་པའི་རང་བཞིན་དེ་བཞིན་ཉིད་རྣམ་པར་དག་པའི་མཚ?་མ་ཉིད་ཅན་དང། །དེ་ལ་དམིགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་རབ་ཏུ་གྱུར་པའོ། །རྒྱུ་ནི་ཚད་མེད་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད ་ཀྱི་(ཡེ་ཤེས)་ཕུལ་དུ་བྱུང་བའོ། །འབྲས་བུ་ནི་གཞན་གྱི་དོན་བྱེད་པ་སྟེ། (ཆོས་དབྱིངས་དག་པ)་དེ་འང་སྐལ་པ་དང་ལྡན་པ་དང་སྐལ་བ་མེད་(དང་པོ།)་པའི་སེམས་ཅན་སོ། (།དུས་ཀུན་ཏུ་བྱམས་བདན?་ཐུགས་རྗེ་ཆེན་པོ་དང་ལྡན་པས)་སོར་རྟོག་པ་ལས་དང་དེ་དང་རྗེས་སུ ་མཐུན་པའི་བྱ་བ་སྒྲུབ་པ་ལས་སོ། (།ཡང་ན)་སངས་རྒྱས་(ཕན་པ)་ཐད་རྣམ་པར་བཞག་པའི་རིམ་པ་(ར་བྱས་པ)་སྟེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་བྱ་བ་སྒྲུབ་པའི་སངས་རྒྱས་ནི་ཆོས་ཀྱི་དབྱིངས་རྣམ་པར་(ཱི་ཡེ་ཤེས)་དག་པའི་རང ་(སེམས་ཅན་གྱི་དོན)་བཞིན་(ཆོས་དབྱིངས་དང་མེ་ལོང་ལྟ་བུ)་གཉིས་དག་དང། སྒོ་ནས་གཉིས་(མཉམ་པ་ཉིད་དང་སོ་སོར་རྟོག་པ)་དག་དང་(བྱ་བ་སྒྲུབ་པ)་གཅིག་གིས་རིམ་པ་ཇི། (སྤྲུལ་པ་པ)་ལྟ་བ་བཞིན་ཏེ། སྔར་(ལེའུ་གསུམ་པར)་ཇི་སྐད་བཤད་པ་བཞིན་ནོ།། ་གལ་ཏེ་ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པའི་མཚན་ཉིད་ཅན་གྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་དེ་ལྟ་ན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ཁོ ་ནས་བསྡུས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་གཡོ་བ་ཉིད་ཀྱིས་ན་(མཆོག་ཏུ)་ཆོས་ཀྱི་སྐུས་བསྡུས་པའི་ཕྱིར་རོ། །དེ་སློབ་དཔོན་ཙནྟྲ?་གོ་མིས་གསུངས་པ། འགའ་ཞིག་དེ་བཞིན་ཉིད་དམིགས་པ། །མེ་ལོང་ཡེ་ཤེས་སུ་ནི་འདོད། ། ་གཞན་རྣམས་དོན་ཀུན་རྣམ་པ་ཅན། །དོན་ཀུན་སྤྱོད་ཡུལ་ཅན་དུ་འདོད། །མཉམ་ཉིད་དེ་ཡེ་ཤེས་གང་ཡིན་པ། །དེ་ནི་དེ་བཞིན་ཉིད་ལ་དམིགས། །བྱ་བ་བསྒྲུབ་པའི་ཡེ་ཤེས་ནི། །དགོས་(པའི)་དོན་(གྱི)་རྣམ་པ་ཅན་དུ་འདོད། །རྣམ་པ་ཀུན ་ཏུ་ཐམས་(མེ་ལོང་ཡེ་ཤེས། དེ)་ཅད་ཉིད། །འདི་ཡི་རྣམ་ཤེས་ནུས་ཀུན་ལྡན། ཞེས་སོ། །དེའི་ཕྱིར་མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་དག་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། (སེམས་ཅན་གྱི)་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་ལ་ཉེ་བར་ལོངས་སྤྱོད ་པའི་རྟེན་ཉིད་ཀྱི་ཕྱིར་རོ། །དེ་ལ་འབྲས་བུའི་གནས་སྐབས་ནི་སངས་རྒྱས་ཀྱིས་ཀུན་ཏུ་བཟང་པོ་ཞེས་བྱའོ། །འབྲས་བུ་དེའང་ཡེ་ཤེས་དང་(གཡོ་བས)་སྤངས་པའི་བདག་ཉིད་དེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པའོ། །ཡེ་ཤེས ་དེའང་རྣམ་པ་ལྔ་སྟེ། འདི་ཙམ་ཁོ་ན་སངས་རྒྱས་ཀྱི་ས་སྟེ། མཛའ་དག་པར་དེར་སངས་རྒྱས་ཀྱི་ཆོས་མ་ལུས་པ་བསྡུས་པར་རྣམ་པར་བཞག་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱི་གནས་པ་ལས་(ཡེ་ཤེས་ལྔ་དང་བྱ་སྟེ་དང་སྒྲིབ་པ་མ་ལུས་པ་སྤངས་པའི་ཕྱིར་རོ) ་བ་གཅིག་ཏུ་བྱས་(ཡེ་ཤེས་ལྔ་པོ)་རྣམས་ནི་རང་གི་མཚན་ཉིད་ཀྱིས་བསྡུས་སོ། (།ཆོས་དབྱིངས་དག་པ་དང་ཡེ་ཤེས་ལྔ་པོ)་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་རྣམས་ནི་སོ་སོར་(ས་འགྲེལ་ན་ཡོད)་རྟོག་པའི་ཡེ་(།འམ་རྒྱུ་མཚན)་ཤེས་ཀྱིས་བསྡུས་པ་སྟེ་ལུས་ལ ་སོགས་བ་ལས་སོ་སོར་རྟོག་པའི་ཕྱིར་རོ། །ཡང་དག་པར་སྤོང་བ་བཞི་ནི་བརྩོན་འགྲུས་ཀྱི་རང་བཞིན་ཏེ། བརྩོན་འགྲུས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བཟུང་བ་འདོར་བ་མེད་ཅིང་བཞག་པ ་མེད་པའི་མཚན་ཉིད་ཅན་(ཚོར?་བ་དང་སེམས་དང་ཆོས)་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཚད?་མེད་པ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཉིད་ཀྱི་ཕྱིར་སོ་སོར་རྟོག་པའི་(བསལ་བར་བྱ་བ)་ཡེ་ཤེས་ཏེ། ཏིང ་ངེ་འཛིན་གྱི་སྒོ་ཅན་རྣམས་ཀྱི་གནས་སུ་འགྱུར་རོ་ཞེས་པའི་གསུང་ལས་སོ། །གང་ཡང་གཞན་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པ་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང། ཟག་པ ་ཟད་པ་མཁྱེན་པ་དང། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དག་ཁོ་ན་ལས་གཞན་པའི་མངོན་པར་ཤེས་པ་རྣམས་དང། (རྟོག་པ་དང་བཅས་སྤྱོད་པ་དང་བཅས་པ་སོགས་ཀྱི)་ཉོན་མོངས་(རྣམས)་པ་མེད་པ་(དཔའ་བར་འགྲོ་བ་སོགས་ཀྱི)་དང། སྨོན་ནས་ཤེས་པ་དང ་སོ་སོ་ཡང་དག་པར་རིག་པ་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། ལམ་ཤེས་པ་རྣམས་དང་ཀུན་ཏུ་འགྲོ་བའི་ལམ་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་དག་ལས་གཞན་པའི་སྟོབས་རྣམས ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཁ་ཅིག་ནི་མི་འཇིགས་པ་རྣམས་དང་དད་པ་ལ་སོགས་པ་རྣམས་མཉམ་(བཞི)་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དོ་ཞེས་ཟེར་རོ། །རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་བྱ་བ་སྒྲུབ་པའི་ཡེ་(བརྒྱད ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་སོ་ཞེས་ས་འབྲེལ་དུ་གསུངས།)་ཤེས་ཀྱིས་སོ། །ཟག་པ་ཟད་པ་མཁྱེན་པའི་ཡེ་ཤེས་མངོན་པར་ཤེས་པ་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་ཟག་པ་ཟད་པའི་རྒྱུད་ལ་བརྗོད་པར་འདོད་པ་ན། (རྒྱུད)་གང་གི་ཟག ་བ་རྣམས་ཟད་པའོ་ཞེས་ཡེ་ཤེས་ལྔ་རྣམས་ཀྱིས་སོ། །ཡང་ན་མྱ་ངན་ལས་འདས་པ་ནི་ཟག་པ་ཟད་པའོ་ཞེས་པ་སྟེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམས་ཀྱིས་སོ། །ཀུན་ཏུ་འགྲོ ་བའི་ལམ་(ཱི་རྒྱུད་དེའི་ཡིན)་མཁྱེན་པའི་སྟོབས་ནི་(བསྡུས)་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་རྣམས་སོ། །ཤེས་རབ་ཀྱི་དབང་པོ་དང་ཤེས་རབ་ཀྱི་སྟོབས་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དག་གིས་སོ། །བྱང་ཆུབ་ཀྱི་ཡན་ལག ་དང་ལམ་གྱི་ཡན་ལག་རྣམས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སོ། །སྡུག་བསྔལ་ཤེས་པ་ལ་སོགས་པ་ཤེས་པ་བཅུ་གཉིས་རྣམས་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དག་གིས་(བསྡུས་པ)་སོ། །བསྙེལ་བ་མི་(བདུན) ་མངའ་བའི་ཆོས་ཉིད་(བརྒྱད)་ནི་མེ་ལོང་ཡེ་ཤེས་ཀྱིས་སོ། །བག་(བསྡུས)་ཆགས་ཀྱི་མཚམས་སྦྱར་བ་ཐམས་ཅད་སྤངས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་མེ་ལོང་ཡེ་ཤེས་དག་གིས་སོ། །ཕ་རོལ་ཏུ་ཕྱིན་པ་(ཟག་པ་མེད་པ)་རྣམས ་ཀྱང་ངོ། ཕ་རོལ་ཏུ་ཕྱིན་པ་ཟག་པ་དང་བཅས་པ་རྣམས་ནི་ལམ་གྱི་གནས་སྐབས་སུ་སོ་སོར་རྟོག་པ་དང་བྱ་བ་བསྒྲུབ་པའི་ཡེ་ཤེས་དག་གིས་སོ། །མཚན་དང་དཔེ་བྱད་རྣམས་ནི་བྱ་བ་སྒྲུབ་པའི་ཡེ་(བསྡུས)་ཤེས་ཀྱིས་བསྡུས་སོ། །ཡེ་ཤེས་ཀྱིས་ཉེ ་ཡེ་ཤེས་དངོས་གཉིས་ཀྱིས་བསྡུས་སོ། བར་མཚོན་པའི་སེམས་ལས་སེམས་ལས་བྱུང་བའི་ཚོགས་སྨོས་པའི་ཕྱིར། དེ་ལས་(བཏགས་པ་བ)་གཞན་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྦྱར་བར་བྱའོ། །དེ་བཞིན་དུ་མེ་ལོང་ཡེ་(རྣམས)་ཤེས ་དང་དེའི་རྟེན་ཅན་གྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་པ་གཉིས་པོ་(གཉིས་སུ་རྟོག་པ་དང་བྲལ་བས།)་ཚུལ་(ལམ་ངོ་བོ)་གཅིག་པ་(སྟེ་སྔ་མ།)་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་དམིགས་པ་(དང་ཕྱི་མ་དེ་བཞིན་ཉིད་ལ་དམིགས་པ)་ཉིད་ཀྱི་ཕྱིར་རོ།། ་དེ་ལས་གཞན་པའི་ཡེ་ཤེས་གཉིས་ཀྱང་རོ་གཅིག་པ་སྟེ། གཞན་ལ་ཕན་པར་རྒྱུད་གཅིག་པ་ཉིད་ཀྱི་ཕྱིར་དང། དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །གཉིས་ཅན་གཉིས་དང་ཆོས་ཀྱི་དབྱིངས་ཤིན ་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་རང་གི་ངོ་བོ་ཐ་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པ། ངད་པ་མེད་པ་སྟེ། དེའི་བདག་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་སངས་རྒྱས་གྱི་སའི་མདོང་གསུངས་པ། ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་འདྲེས་པ་དང་ཉེ་བར་འདྲེས་པ་བྱ་བ་རོ་གཅིག་པ་ཙན། (ཆོས་དབྱིངས)་གྱི་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱོད་པའོ། ཞེས་སོ། །གསུང་དེ་ཉིད་ལས། སེམས་བསྐྱེད་པ་སྔ་མ་རྣམས་སུ་རོ་གཅིག་པ་མ ་ཡིན་ནོ་ཞེས་རྟོགས་པར་བྱའོ། །འདྲེས་པ་ནི་གཅིག་ཏུ་གྱུར་བའོ། (།འམ་འབྲས་བུ)་གཅིག་ཏུ་གྱུར་པའང་རེས་འགའ་ཐ་དད་པར་བྱེད་ལ། དེ་ནི་ནམ་ཡང་ཐ་དད་པར་བྱ་བ་མེད། (སློབ་པའི་ལམ་གྱི)་པའོ་ཞེས་པ་ཉེ་བར་འདྲེས་པ་ཤིན་ཏུ་དབྱེར ་མེད་པས་མཉམ?་པར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་ཉིད་དུ་ཉེ་པར་ལྡན་པའི་ཕྱིར་རོ། །བྱ་བ་རོག་ཅིག་བ་སྟེ་རོ་ནི་སྙིང་པོ་སྟེ་རང་བཞིན་ནོ། །ཡེ་ཤེས་ཀྱིས་རྫོགས་པར་ལོངས་སྤྱོད་པ་ནི་ཡུལ་ཏེ། ཆོས་ཀྱི་དབྱིངས ་ཡང་དག་པར་ལོངས་སྤྱད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཀྱིས། ཤིན་ཏུ་རྫོགས་པར་ལོངས་སྤྱོད་པ་(།འབྲས་བུ་གང།)་གི་དགོས་པ་ཡེ་ཤེས་ནི་ཆོས་ཀྱི་(མེ་ལོང་ལྟ་བུ་དང་མཉམ་བ་ཉིད་ཀྱི་ཡེ་ཤེས)་དབྱིངས་ལ་(ཡེ་ཤེས་ཀྱི)་ཡེ་ཤེས་དམིགས ་ནས་སྐྱེ། (རམ་རྫོགས་པར)་བའི་ཕྱིར་རོ་གཅིག་པ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །(འབྲས་བུ་རོ་གཅིག་པ་ཅན་ནོ།)་ཡང་ན་(ཆོས་དབྱིངས?)་ཡང་དག་པར་ལོངས་སྤྱོད་པ་ནི་རྫོགས་པར་ལོངས་སྤྱོད་པ་མྱོང་བྱེད་དེ། ཚོར་བ་ཡེ་ཤེས་ཀྱིས་ཡང་དག ་བར་ལོངས་སྤྱོད་པར་བྱ་བ་ཉིད་ཀྱི་ཕྱིར་ན། འདི་ཡེ་ཤེས་ཀྱིས་རྫོགས་བར་ལོངས་སྤྱོད་པ་ཡིན་ལ། དེའང?་བདེ་བ་སྟེ་རྟན་གཅིག་པ་ཉིད་ཀྱི་ཕྱིར་རོ་གཅིག་པ་སྟེ། དེ་ལ་སྡུག་བསྔལ་དང་བཏང་སྙོམས་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །འབྲས་བཱུང?་སྟེ? ་ཆོས་ཀྱི་དབྱིངས་ཀྱིའོ། །ཡང་ན་ཡེ་ཤེས་(མྱོང་བྱེད་ཚོར་བ)་ཁོན་རྫོགས་པར་ལོངས་སྤྱོད་པ་སྟེ། ཀུན་(ཚོར་བ)་རྫོབ་ཏུ་རང་རིག་པ་ཉིད་ཀྱི་རྣམ་པས་ཡང་དག་པར་ལོངས་སྤྱོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཡང་རོ་གཅིག་པ་སྟེ་བདག་དང་གཞན་ལ་སོགས ་པ་གཉིས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འབྲས་བུ་ཡང་སྟེ། རྒྱུ་ལས་གཉིས་ཀྱི་འདུ་ཤེས་ཀྱིས་དབེན་པར་དུས་ཐམས་ཅད་དུ་འཇུག་པའི་ཕྱིར་རོ། །མདོའི་(ས་འགྲེལ་དུ། དེ་ཡང་བཏང་སྙོམས་ཏེ་བདེ་བ་དང་སྡུག་བསྔལ་གྱི་བྱེ་བྲག་མེད་པས་ངོ་བོ་མེད་པའི་ཕྱིར་རོ་གཅིག་པོར ་ཞེས་གསུངས།)་ངག་གི་དོན་འདི་ཡང། འདིར་ཐམས་ཅད་རིག་པ་ཁོ་ནའོ། །ཡེ་ཤེས་(བདག་དང་གཞན་སོགས)་ལྔ་པོ་འདི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ས་རྣམས་ཀྱང་བསྡུས་ཏེ། འོན་ཀྱང་མངོན་པར་འདུ་བྱེད་པ་དང་བཅས་པ་འབྱུང་བའི་ལམ་ལ ་གནས་བ་རྣམས་ལ་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པ་ནི་མི་འབྱུང་ངོ། །ས་བརྒྱད་པ་ནས་གཟུང་ནས་ནི་བྱང་ཆུབ་སེམས་དཔའ་གཉིས་ཀྱི་དུ་ཤེས་(བྱང་ཆུབ་སེམས་དཔའ་)་དང་བྲལ་བའོ། །གཉིས་ནི་བདག་དང་བདག ་གི་མ་(ས་བདུན་བས་སོགས་བ)་དང་ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་དང། བྱུང་བ་དང་མ་བྱུང་བ་དང། སྐྱེས་པ་དང་མ་སྐྱེས་(ས་བརྒྱད་པ་ཡན་ཆད)་བ་དང། བདག་དང་གཞན་ཞེས་བྱ་བ་ལ་སོགས་པའོ། །དེའི་(ཞེས་བཀའ་སྩལ)་གཉེན་པོར་ཐམས ་ཅད་དུ་སེམས་མཉམ་པ་ཉིད་ཐོབ་བོ། (།ས་བརྒྱད་པ)་དེ་ནས་བཟུང་ནས་གཉིས་ཀྱི་འདུ་ཤེས་དང་བྲལ་བ་ལས། འབད་བ་རྩོལ་བ་ཐམས་ཅད་དང་བྲལ་བ་ཟག་པ་མེད་པ་མཛའ་གཅིག་ཏུ་ཡོངས་སུ་དག་(གཉིས་འཛིན)་པ་ལྷུན་གྲུབ་པར་འབྱུང་བ་རྣམ ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་གཟུགས་བརྙན་ཉིད་ཀྱི་ཕྱིར་འབྲས་བུ་རོ་གཅིག་པ་ཡེ་ཤེས་རྫོགས་པར་ལོངས་སྤྱོད་པའོ། །འོན་ཀྱང་སྒྲིབ་པའི་ལྷག་མ་དང་བཅས་པ་ཉིད་ཀྱིས་ན་ཡོངས་སུ་མ་དག་པའོ། །ལྷུན་གྱིས་གྲུབ་པའི ་ཡེ་ཤེས་ཀྱི་སྦྱི་ལ་མངོན་པར་དགོངས་ནས་གསུངས་པའི་ཕྱིར་འགལ་བ་མེད་དོ། །མི་གཡོ་བ་ལ་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་ས་བརྒྱད་བར་ཡང)་ཞེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པས་སོ། །གལ་ཏེ་ཡང་རབ ་(དག་པ་དང་མ་དག་པ)་ཏུ་དགའ་བ་ལ་(འབྲས་བུ་རོ་གཅིག་པའི་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱོད་པར)་བདག་དང་གཞན་མཉམ་པ་ཉིད་ཐོབ་པ་ཡོད་པ་དེ་ལྟ་(མ་བྱུང་བ)་ནའང་འབད་པ་དང་བཅས་པར་འབྱུང་བ་ཉིད་ཀྱིས་ན་ཡོངས་སུ་དག་པ་མ་ཡིན་པ་ཉིད་ཀྱི ་ཕྱིར་རྣམ་པར་མ་བཞག་གོ། བྱང་ཆུབ་སེམས་དཔའ་ཨི་ས་ཐམས་ཅད་ཀྱང་རྒྱ་མཚོར་ཆུ་བོ་ཆེན་པོ་རྣམས་བཞིན་དུ་སངས་རྒྱས་ཀྱི་སར་ཞུགས་པ་རྟེན་ཐ་དད་མེད་པ་རྣམ་སུ་འགྱུར་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད ་(གཉིས་ཀྱི་འདུ་ཤེས་དང་བྲལ་བ)་ཡོངས་སུ་དག་པ་རྟེན་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་འབྲས་བུ་(རྟེན་ཐ་མི་དད་པ)་རོ་(མདོ་སྡེ་རྒྱན་དུ། སངས་རྒྱས་ཉིད་དུ་ཞུགས་ན་དེ་རྣམས་ཀུན། །རྟེན་ཡང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག་།མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང། སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ་ཞེས་གསུངས) ་གཅིག་པ་ཅན་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱོད་པའོ། །དེ་ཉིད་ཀྱི་ཕྱིར་(རྟེན་ཐ་མི་དད་པ)་ཡང་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་དུ་མར་རྣམ་པར་མ་བཞག་གོ་།གང་(ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། སྒྲིབ་པ་དག་པའི་མཚན་ཉིད་དེ་ཞེས་བཀའ་སྩལ་བས།) ་ཁོ་ན་ཆོས་(ཟག་བཅས་ཟག་མེད)་ཐམས་ཅད་ཀྱི་དེ་བཞིན་ཉིད་(འབྲས་བུ་རོ་གཅིག་པ)་དེ་(མདོ་སྡེ་རྒྱན་དུ། ཟག་མེ་དང་དབྱིངས་ནས་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང། །སྔོན་གྱི་ལུས་རྗེས་འབྲེང་བའི་ཕྱིར། །ཅིག་མིན་མང་པོ་ཉིད་མ་ཡིན་ཞེས་པས།)་བཞིན་ཉིད་ཀྱི་ངོ་བོ་(སྟེ་དེ་བཞིན་ཉིད)་ཕྱིན ་ཅི་མ་ལོག་པའི་ངོ་བོ་དེ་ཁོ་ན་ཉིད་སྟོང་པ་ཉིད་དེ་ནི་ཤིན་ཏུ་རྣམ་པར་དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལམ་(མཐར་ཕྱིན་པའི་ལམ)་ཐོབ་པ་ལས་སྒྲིབ་པ་གཉིས་ཀྱི་ས་བོན་ཤིན་ཏུ་བྲལ་བར་གྱུར་བ་ན་(བག་ཆགས་ཤིན་ཏུ་ཕྲ་བ་དང་བདས?་ཏེ་སྤངས་པ)་ཡོངས ་སུ་དག་པའི་ཆོས་ཀྱི་དབྱིངས་(ནི་རྡོ་རྗེ་ལྟ་བུའི་འོག་ཏུ)་དེ་བཞིན་ཉིད་གནས་གྱུར་པ་ཞེས་བརྗོད་དོ། །ཟག་པ་མེད་པའི་དབྱིངས་ཀྱང་ངོ། །དེ་ནི་ཡེ་ཤེས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། སོ་སོར་རང་གི་རིག་པར་བྱ་བ་ཉིད ་ཀྱིས་(དེ་བཞིན་ཉིད་གྱུར་པ)་དེ་ལ་དམིགས་པས་ནམ་མཛའ་མེད་པའི་དུས་སུ་(ཏེ་འཁོར་བ་ཇི་སྲིད་པར)་གནས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དེ་དང་ཆོས་ཐམས་ཅད་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དམིགས་པ་སྟེ། རང་གི་(གི་མཚན་ཉིད་ཆོས་ཐམས་ཅད)་དང་སྤྱིའི ་མཚན་ཉིད་(ཆོས་དབྱིངས)་ལ་དམིགས་པ་ཉིད་ཀྱི་ཕྱིར་རོ། །གང་ཁོ་ན་རྣམ་པར་རྟག་པའི་བདག་ཉིད་(ཀྱང་ཡིན་ལ)་གནས་ངན་ལན་མཛའ་དག་གི་རྟེན་(ཡང་ཡིན་པ)་ཀུན་གཞིའི་རྣམ་པར་ཤེས་པ། གཉེན་པོའི་སྟོབས་ཀྱིས་གནས་ངན་ལན ་གྱི་དྲི་མ་མ་ལུས་པ་དང་བྲལ་བ་ལས་གནས་གྱུར་པ་དེ་ཁོ་ན་མེ་ལོང་ཡེ་ཤེས་ཞེས་བྱའོ། །གང་སློབ་དཔོན་ཙནྡྲ་གོ་མིས་གསུངས་པ། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་(དུ་གནས)་གྱུར་པ། །དེ་ཡང་ཆོས་ཀྱི ་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད་ཅེས་སོ། །ཀུན་(གསེར་འོད་དམ་པའི་མདོ་སྡེ་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དང། ཀུན་གཞི་ལ་གནས་པའི་ཡིད་དང། ཀུན་གཞིའི་རྣམ་པར་ཤེས་པའོ་ཞེས་བཀའ་སྩལ་བ་སོགས་ཀྱི)་གཞིའི་རྣམ་པར་ཤེས་པ་འདི་ཅི་ཞེ་ན། ་ཡིད་(དབུ་མ་འཇུག་པའི་འགྲེལ་པར། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལ་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་ཏོ། ཞེས་ཀྱང་གསུངས།)་ཀྱི་རྣམ་པར་ཤེས་པ་ཁོ་ན་སྟེ། ཇི་(ཡིད་ཀྱི་རྣམ་ཤེས)་ལྟར་དེ་ཁོ་ན་བདག་དང་བདག་གི་བར་སྒྲོ ་འདོགས་པས་རབ་ཏུ་འཇུག་པ་ན་ཉོན་མོངས་པ་ཅན་གྱི་ཡིད་དུ་ཐ་དད་པར་རྣམ་པར་བཞག་པ་དེ་བཞིན་དུ་(ཡིད་ཤེས)་དེ་ཁོ་ན་གནས་ངན་ལེན་ལ་སོགས་པ་མཛའ་དག་གི་རྟེན་ཉིད་ཀྱིས་དང། (དགེ་བའི་རྩ་བ)་ཆད་པ་དང ་མཚམས་སྦྱོར་བ་དང་(ཁམས་དང་ས་ལས)་འདོད་ཆགས་དང་བྲལ་བ་དང་ཉམས་པ་དང་འཆི་འཕོ་བ་དང་སྐྱེ་བ་ལ་སོགས་པའི་རྟེན་ཉིད་ཀྱིས་ན་གནས་ངན་ལེན་ལ་སོགས་པ་རྣམས་(ཡིད་ཤེས)་འདིར་གཞི་འཆའོ་ཞེས་པས་ཀུན་གཞིའི ་རྣམ་པར་ཤེས་པ་ཡང་ངོ། །དེ་ཉིད་ཀྱང་དེ་ལས་གཞན་པའི་རྣམ་པར་(འབྲས་བུ་འམ་སྙོམས་འཇུག་གོང་མ་སོགས་ལས)་ཤེས་པ་དང་ལྷན་ཅིག་ཏུ་གྱུར་པའི་ཆོས་གཞན་དགེ་བ་དང་མི་དགེ་བ་དེ་དང་དེ་རྣམས་ཀྱིས་བསྒོ་བྱ་སྟེ། ཇི་ལྟར་རིགས་བར་ས ་བོན་རྒྱས་པས་རྒྱ་བྱས་པ་(ཀུན་གཞིའི་ཡེ་ཤེས་ཀྱི་ངོ་བོ)་གང་ལས་རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་རྒྱུར་བླངས་པ་ལས་སྟོབས་ཇི་ལྟ་བར་དགོད་པར་བྱེད་པའི་འཇུག་པ་ཐོབ་པར་གྱུར་བ་ན། ཕྱིས་(ཚོགས་པ)་དེའི་(བག་ཆགས་ཀྱི)་འབྲས་བུ་(དགེ་བ་ལས)་འདོད ་པའམ། (མི་དགེ་བ་ལས)་མི་འདོད་པ་མངོན་པར་འགྲུབ་སྟེ། (དཔེར་ན་རྒྱ་སྐྱེགས་(བག་ཆགས་རྟག་པ)་ཀྱི་ཁུ་བས་ཡོངས་སུ་བསྒོས་པའི་རས་བལ་གྱི་ས་བོན་ལ་མེ་ཏོག་དང་འབྲས་བུ་ཡང་དམར་(རྒྱུ་དུས་ལས)་པོ་ཉེ་བར་སྐྱེ་བ་བཞིན་ནོ། །ཇི་སྐད་དུ་གསུངས་པ། ་གང་ཕྱིར་རྒྱུད་གང་ཁོ་ན་ལ། ལས་ཀྱི་བག་ཆགས་(དབུ་མ་འཇུག་པར། དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིང་ལོན་ནས་ཀྱང། །འབྲས་བུ་ཡང་དག་འབྱུང་བ་རིག་པར་བགྱིས། །ཤེས་ཀྱང་གསུང།)་བསྒོས་(ཤིང་བཞག་པར)་གྱུར་པ། (།རྒྱུ)་དེ་ཁོ་ན་ལ་འབྲས། བུ་འབྲེལ ་(ས་བོན?་བརྒྱ་སྐྱེགས་འགོས་པའི)་རས་བལ་ལ་ནི་དམར་ཉིད་བཞིན་ཞེས་སོ། །དེ་(ཀུན་གཞི་ཡིད་ཤེས་ཀྱི་ཁྱད་པར)་ཁོ་ན་ཡང་དགོངས་པ་ངེས་པར་འགྲེལ་པའི་མདོར་(དབུ་མ་ལ་འཇུག་པ་ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། ཕུང་པོ་འདི་རྣམས་འབའ་ཞིག་ཉིད་ཡོད་ཅེས། བསྟན ་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། ཞེས་གསུངས་པ་དང་མཐུན་པར།)་གདུལ་བྱའི་ཁྱད་པར་གྱི་ངོར་གསུངས་པ། ལེན་པའི་རྣམ་པར་ཤེས་པ་(ཀུན་གཞིའི་རྣམ་ཤེས)་ཟབ་ཅིང་ཕྲ། །ས་(དགེ་མི་དགའ་ཨི་ལས་བསྐྱེད་པའི།)་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། ། ་བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་(སེམས་ཙམ་པ་མན)་རྣམས་ལ་(ཉན་ཐོས་ཀྱི་སྡེ་སྣོད་དུ)་ངས་མ་བསྟན་ཞེས་སོ། (།ཀུན་གཞི)་དེ་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་(ཱི་ཡུལ་དུས)་རྣམས་སུ་ལུས་ལེན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ནས? ་དེ་ལ་བྱིས་པ་ཆོས་ཀྱི)་བརྗོད་དོ། །ཆོས་(ཟག?་བཅས་ཟག་མེད)་ཐམས་ཅད་ཀྱི་ས་བོན་རྣམས་ཀྱི་གཞི་ཉིད་ཀྱི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །སྐྱེ་བ་སྔ་མའི་(སས་དགེ་མི་དགེ་ཟག་བཅས་ཀྱི)་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པའོ། །གང་འདི་ཀུན ་གཞིའི་རྣམ་པར་ཤེས་པ་(བཤད་མ་ཐག་པ)་འདི་དང་རྣམ་པར་(ཀུན་ནས)་རྟོག་པ་ཅན་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་དབང་པོ་ལྔའི་རྣམ་པར་ཤེས་པ་རྣམས་ལས་གཞན་པ་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའོ་(སློབ་དཔོན་ནམ་ཤེས་པ) ་ཞེས་སེམས་དཔའ་(ཱམ་སློབ་དཔོན་དེའི་ལམ་ཤེས་པ)་དེའི་དམིགས་པ་དང་རྣམ་པ་ཅི་ཡིན། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པའོ་ཞེ་ན། ཅི་ལྟར་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་མ་ཡིན་ལ་(དམིགས་པ་དང་རྣམ་པ་མ་ཆད་པ་འདི་འདྲ་བའང་ཡིན། དེ ་ལྟར་ནི་རང་གསལ་ལ་ཐུན་མོང་མ་ཡིན་པ་རྣམ་པར་ཤེས་པའོ་ཞེས་པ་མཚན་ཉིད་དོ། །བརྗོད་པའི་རྣམ་པར་ཤེས་པ་རྣམ་པ་བརྒྱད་མ་གཏོགས་པ་གཞན་ནི་འདིར་ཅུང་ཟད་ཀྱང་སོ་སོ་རང་གིས་རྣམ་པ་དང་བཅས་པར་ཉམས་སུ་མོང་བ་མེད་དོ།། ་མི་གསལ་བར་ཡོད་དོ་ཞེས་འདོད་པ་ཡང་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་(སེམས་ཙམ་པ)་མ་ཡིན་ཏེ། (སྣང་དུ་རུང་བ་མ་དམིགས་ཀྱང་ཡོད་ན)་བདག་ལ་སོགས་པ་ཕྱི་རོལ་དུ་གྱུར་པ་ཡང་ཡོད་པ་ཉིད་དུ་(ཧ་ཅང)་ཐལ་བའི་ཕྱིར་རོ། །རྣམ་པ་མེད་པའི ་རྣམ་པར་ཤེས་པ་ནི་(སང?་བ་ན་ལྟ་རི་སྨོས། རྨི་ལམ་དུ་ཡང་ཉམས་སུ་མྱོང་བ་མེད་དོ་ཞེས་གཞན་དུ་(དབུ་མ་བདེན་གཉིས་སུ། རྣམ་པ་མེད་པའི་ཤེས་པ་ནི། ཡུལ་ལ་འཛིན་པ་མི་རིག་སོ། །ཞེས་དང་དབུ་མ་རྒྱན་དུ། དོན་གྱི་རྣམ་པ་བསྒྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །དེ་ལ་ཕྱི་རོལ ་རིག་པ་ཡིས། །རྣམ་པ་འདི་ཡང་ཡོད་མ་ཡིན་ཞེས་སོ།)་ལེགས་པར་དབྱེད་ཟིན་ཏོ། དེའི་ཕྱིར་རྟའི་རྭ་བཞིན་དུ་(ཀུན་བཞིའི་རྣམ་ཤེས་མི་གསལ་བ།)་དེ་ལ་མངོན་སུམ་མེད་ལ་རྗེས་སུ་དཔག་པ་ཡང་མེད་དོ། (ཆང་མའམ?་གྲུབ་པས། དེ་ལྟར་ན་ཡང་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ། (ཡོད་ངེས?་སུ)་ཡོངས་སུ་རྟོག་པ་བདག ་ཀྱང་ཡོངས་སུ་རྟོག་ཅིག་དེ་ཀུན་གཞེ?་ཁོ་ན་ཡང་བདག་གི་རང་གི་ངོ་བོའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་མངོན་པར་དགོངས་ནས་བདག་ཏུ་ཡོངས་སུ་རྟོག་(ན་མི་རུང་ངོ་ཞེས་སོགས)་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གང་བྱེ་བྲག་ཏུ་སྨྲ་བའི་ཁྱད་པར ་རྣམས། སེམས་དུས་བ་ནི་ལེགས་པའོ། །སེམས་དུལ་གྱུར་ལས་བདེ་བ་འབྱུང། ཞེས་པ་དང། གང་ཕྱིར་བདག་ཉིད་བདག་གི་མགོན། །ཕ་རོལ་མགོན་དུ་སུ་ཞིག་འགྱུར། ཞེས་པ་ལ་སོགས་པ་བསྟན་པ་ན་དགོངས་པ་(ཇི་ལྟ)་བར་མི་ཤེས ་པ་རྣམས་(སེམས་འདུལ་བ་ཞེས་སོགས་དང་བདག་ཉིད་མགོན་ཞེས་སོགས)་སེམས་ཁོ་ན་བདག་གོ་ཞེས་མངོན་པར་རློམ་སྟེ། དེ་(རློམ་པ་པོ)་རྣམས་ཀྱིས་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་སྟོན་པའི་གསུང་རབ་ཉན་ཐོས་ཀྱི་ཐེག་པ་ཐོས་པར་གྱུར་ན། དེའི ་ཚེ་རྣམ་པར་ཤེས་པ་(ཀུན་བཞི)་དེ་བདག་གོ་ཞེས་ཤིན་ཏུ་བརྟན་པར་རློམ་པར་འགྱུར་རོ། །དེའི་ཕྱིར་འདི་ལྟར་ཡང་མངོན་པར་དགོངས་ནས་གསུངས་པ། བྱིས་པ་རྣམས་ལ་ཞེས་པ་ལ་སོགས་པའོ། །གང་རིག་པའི་མཚན་ཉིད་(རང་གསལ ་ཞིང་རིག་པ་ཉིད།)་དང་བྲལ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་རྟོག་པ་དེ་ནི་ཆེན་པོ་རྣམས་ཀྱང་བག་མེད་པ་ལས། །རིགས་མེད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ངེས་པར་ཁས་ལེན་པ་བཞིན་དང། དོན་དམ་པར་(བདེན)་གྲུབ ་བའི་ཤེས་པ་ཙམ་ཁས་ལེན་པ་བཞིན་དུ་འཁྲུལ་པའོ་(ཱམ་ས་པ)་ཞེས་པ་སྟེ། འདིར་(སྔར་སེམས་ཅན་གྱི་འཇིག་རྟེན་དུ)་སྐྱེས་བུ་ཚང་མས་ཅི་ཞིག་།འདིར་བརྗོད་པའི་རིགས་པས་སེམས་མེད་པའི་སྙོམས་པར་འཇུག་པ་དག་དང་འདུ་ཤེས་མེད་བ་ལ? ་སེམས་ཡོད་དོ་ཞེས་འདོད་པ་ནི་ཡང་དག་པར་རྟོགས་པ་མ་ཡིན་ནོ་ཞེས་རྒྱས་པར་ཅི་བྱ་སྟེ། སྐབས་སུ་བབ་པ་བཞག་པར་བྱའོ། །ཡེ་ཤེས་གཞན་གསུམ་ཡང་གནས་གྱུར་པ་སྟེ། གང་སློབ་དཔོན་ཙནྡྲ་གོ་མི་གསུངས་པ། ཉོན་མོངས་ཅན་ཡིད་གནས ་གྱུར་པ། (སྒྲིབ་པ་གཉིས་བྲལ་བས་བདག་ལྟ་སོགས་སྤངས་པ།)་མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེའོ། །མཉམ་པ་ཉིད་དངོས་སོར་རྟོག་པའི་ཡེ་ཤེས)་དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། ཆོས་(སྟོན་བ་དང་ཉིད་ཐེག་པ་ཆེན་པོའི)་ལ་རྫོགས། ་ལོངས་སྤྱོད་(དགའ་བདེ་ལ་ནམ་ཐོ་བ་མེད་པ)་སྟོན་ཕྱིར། །བྱང་ཆུབ་སེམས་དཔའ་ཆེན་པོ་(ས་བཅུ་ལ་གནས་པ)་རྣམས། །ཆོས་(ཆོས་སྟེན་པ་ཐོབ་ནས)་ལ་རྫོགས་(གནས་གྱུར་པ)་ལོངས་སྤྱོད་(ཅིང་དགའ་བར་བྱེད་པ་མྱོང་བའི)་ཕྱིར་ཡང། (།སློབ་དཔོན། ཡིན་ཏེ)་ཁ་ཅིག་མེ་ལོང་ཡེ་ཤེས་ཀྱང། (།བར) ་ལོངས་སྤྱོད་རྫོགས་པའི་སྐུ་རུ་རྟོགས་(སོ། ངང་ངའི་དབང་གིས)་དེ་(ཆོས་སྐུའི་ངོ་བོ་མེ་ལོང་ཡེ་ཤེས)་ཡང་(ཆོས་སྐུ)་དེ་ལ་རྒྱུ་ཉིད་ཕྱིར། །ཉེ་བར་བཏགས་ལས་(ལོངས་སྤྱོད་རྫོགས་སྐུར་བརྗོད་པ)་དེ་བཞིན་(ཞེས་སློབ་དཔོན)་གཞན། (།རྣམས་གསུང། དེ་ལ་བཻཌཱུརྱ་ལ་སོགས་པའི་སྐུ་དང་ཆོས་སྟོན་པར་སྣང་བས ་དབང་པོ་(སྒོ)་ལྔ་ཡི་རྣམ་ཤེས་གང། (གནས་གྱུར་བ)་དེ་ནི་(སེམས་ཅན་ཀུན་གྱི་དོན་དུ་གཟུངས་དང་སྒྲ་སོགས)་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་སྒྲུབ་པ་(ཱི་ཡེ་ཤེས་ཀྱི་མིང)་ཙམ་ཉིད་ཐོབ། །དེ་(བྱ་བ་སྒྲུབ་པའི་ཡེ་ཤེས)་ཡང་(དུས)་རྟག་པར ་ཐམས་ཅད་དུ། །དུས་ཇི་བཞིན་དང་(གདུལ་བྱ་རྣམས་ཀྱི)་བསམ་ཇི་བཞིན། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་སྟེ། སྦྲུལ་པ་ཀུན་ཀྱི་རྒྱུ་ཡིན་ཕྱིར། (།སློབ་དཔོན།)་ཁ་ཅིག་གི་ཡིད་ཀྱི་(རྣམ་ཤེས་གནས་གྱུར་པ)་ཁོ་ན་ལ། སྤྲུལ་(ངེས་སེམས་ཅན་གྱི་དོན་མཛད་པ)་པའི་སྐུ་ཉིད་དུ་ནི་རྟོག་།དབང་པོ་ལྔ། (ཡུལ་ ་ཡི་རྣམ་ཤེས་(གནས་གྱུར་པ)་གང། །དེ་(སངས་རྒྱས)་ཡི་(བཻ་ཌཱུརྱཱ་ལ་སོགས་ཀྱི་སྐུར་སྣང་བར་འབྱུང་པས)་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་སོ། །དེ་ལྟར་ཡེ་ཤེས་ལྔ་པོ་འདི་རྣམས་ནི་ཡོངས་སུ་དག་པའི་འཇིག་རྟེན་ལས་འདས་པའི་ཀུན་རྫོབ ་ཏུ་མཆོག་ཏུ་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་(རྟོགས)་ལས་ཉེ་བར་སྐྱེས་པ་སྟེ་(ཆོས་དབྱིངས)་དེའི་རང་བཞིན་(ནམ་ངོ་བོ་ཉིད)་རྣམས་སོ། །ཟག་པ་མེད་པའི་(བློ་བུར་གྱི་དྲི་མ་དང་བྲལ་པ)་ཆོས་ཀྱི་དབྱིངས་དེ་ཡང་ཆོས་ཀྱི་སྐུ་སྟེ། ཟག་པ་མེད་པའི་ཆོས་གང ་རྣམས་ཆོས་ཉིད་ཡིན་པའི་(ཟག་པ་མེད་པའི)་ཆོས་དེ་ཐམས་ཅད་བཅོམ་ལྡན་འདས་མ་ཆེན་མོ་(རྒྱས་པ་དང་བར་མ)་དག་ཏུ་གསུངས་ལ། དེའི་ཕྱིར་བསྟན་བཅོས་(མངོན་པར་རྟོགས་པའི་རྒྱན།)་ནི། བྱང་ཆུབ་ཕྱོགས་(དང)་མཐུན་(པ་རྣམས ་དང)་ཚད་མེད་(བཞི)་དང། །རྣམ་པར་ཐར་(པ་བརྒྱད)་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང། །ཟད་པར་བཅུ་ཡི་བདག་ཉིད་དང། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བ་རྣམ་བརྒྱད་དང། ཉོན ་མོངས་མེད་དང་སྨོན་མཁྱེན་དང། །མངོན་ཤེས་(དྲུག་དང)་སོ་སོ་ཡང་དག་རིག། (པ་བཞི་དང)་རྣམ་པ་ཐམས་ཅད་དག་བཞི་དང། །དབང་བཅུ་དང་ནི་སྟོབས་བཅུ་དང། །མི་འཇིགས་པ་ནི་བཞི་རྣམས་དང། །བསྲུང་བ་མེད ་པ་རྣམ་གསུམ་དང། །དྲན་པ་ཉེར་གཞག་རྣམ་གསུམ་དང། །བསྙེལ་བ་མི་མངའ་ཨི་ཆོས་ཉིད་དང། །བག་ཆགས་ཡང་དག་བཅོམ་པ་དང། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད ་བཤད་པ་གང་ཡིན་དང། །རྣམ་པ་ཐམས་ཅད་མཁྱེན་ཞེས་པའང། (།གིས་ལམ་ཤེས་དང་ཀུན་ཤེས་སྡུད་དང)་ཆོས་ཀྱི་སྐུ་རུ་མངོན་པར་བརྗོད་ཅེས་སོ། །བྱང་ཆུབ་ཀྱི་ཕྱོགས་རྣམས་དང་ཚད་མེད་པ་རྣམས་དང་ཞེས་ཟླས་དབྱེའོ། །མཐར་གྱིས ་མི་སྔ་མའི་རྗེས་སུ་ཕྱི་མས་འབྲེལ་པའོ། །སྲུང་བ་མེད་པ་ནི་བསྲུང་བར་བྱ་བ་མ་ཡིན་པ་སྟེ་མི་བསྲུང་བའོ་ཞེས་པའི་དོན་ཏོ། །དེ་ནི་རྣམ་པ་གསུམ་མོ། །ཆོས་ཀྱི་སྐུ་(ཀཱ)་ཡ་ཞེས་པ་ནི་ཟག་པ་མེད་པ་(ཱི་ཆོས་ཀྱི)་སྟེ། འདིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི ་ཚོགས་སོ། །དེ་ལ་སྐབས་ཇི་ལྟ་བར་བདག་གིས་(དེ་རྣམས་ལས)་མང་པོ་རྣམས་གསལ་བར་བྱས་(དྲིན་ལ།)་ལྷག་མ་རྣམས་(སྐབས)་འདིར་གསལ་བར་བྱའོ། །ཉོན་མོངས་(ཱམ་ཚོགས་ཞེས་པ་ར་ཅ?)་ནི་ཀུ་ཅོ་དང་འཐབ་རྩོད་ལ་སོགས་པ་སྟེ། (སྐབས)་འདིར ་ནི་འཐབ་པའི་རྒྱུ་ཉོན་མོངས་པ་ནི་འཐབ་པའོ། །བདག་ལ་དམིགས་ནས་(སེམས་ཅན་ཕ་རོལ་པོ)་འདི་རྣམས་ཀྱིས་ཉོན་མོངས་པ་སྐྱེ་པར་མ་གྱུར་ཅིག་(།ཉོན་མོངས་པ་མེད་པའི་སྐད་དོད?་ཨ་ར་ཎ་ཞེས་པ་ཐད་དུ་བསྒྱུར་ན་མཛའ་མེད་པ་ཡིན་པས)་ཅེས་ཏིང་ངེ་འཛིན་གང་ལ་སྙོམས ་པར་འཇུག་པ་སྟེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ལས། (ཏིང་ངེ་འཛིན)་གང་ལས་ལངས་ནས་གྲོང་ཁྱེར་ལ་སོགས་པར་ཞུགས་པ་(ཏིང་ངེ་འཛིན་ཐོབ་པའི་གང་ཟག)་དེ་ལ་དམིགས་ནས་(ཡུལ་དུས)་དེར་དེ་(ཕ་རོལ་པོ)་རྣམས་ཀྱི་འཐབ་པ་(ཉོན་མོངས་པ)་མི་སྐྱེ་བ་དེ་ནི་འཐབ ་པ་མེད་པའོ། (།ཏིང་ངེ་འཛིན་ནོ།)་དེ་(ཉོན་མོངས་པ་མེད་པ)་ནི་ཉན་ཐོས་ལའང་འགྱུར་ཞིང་སངས་རྒྱས་ལའང་(འགྱུར)་སྟེ། དེ་དག་གི་བྱེད་པ་ལ་ཁྱད་པར་རོ། །ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་གྲོང་ལ་སོགས་པར་སེམས་ཅན་གང་རྣམས་ཀྱིས་མཐོང ་བར་གྱུར་པ་ན་(མཐོང་པོ)་དེ་ལ་ཉོན་མོངས་པ་(རྣམས)་མི་སྐྱེ་བ་སྟེ། (སེམས་ཅན)་དེ་རྣམས་ཀྱི་མཐོང་བ་ཉིད་རྣམ་པར་སྤོང་བའོ། །དེ་བཞིན་གཤེགས་པའི་ནི་མཐོང་བར་གྱུར་པ་ན་ཡང་དེ་རྣམས་ཀྱི་ཉོན་མོངས་པ་རྒྱུན་གཅོད་པ་ཉིད་ཀྱི། མཐོང ་བ་(ཉིད་སྤང་བ)་ནི་མ་ཡིན་ནོ་ཞེས་པ་(རྣམ་རྟོག་གི་སྤྲོས་པ)་ཉོན་མོངས་པ་འཐབ་པ་འགོག་པའོ། །ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་མཐོང་བས་མི་རྣམས་ཀྱི་ཉོན་མོངས་པ་སྐྱེ་བ་རྣམ་པར་སྤོང་ལ། དེ་བཞིན་གཤེགས་པ་ཡི་ནི་(མཐོང་བའི་མི་ལས) ་གཞན་རྣམས་ཀྱི་ཡང་ཉོན་མོངས་པའི་རྒྱུན་ནོ་(རྣམ་པར་སྤོང་ངོ)་ཞེས་པ་(སློབ་དཔོན)་གཞན་(གསུང་ངོ)་ནོ། །རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱང་འཐབ་པའོ། (།འམ་ཉོན་མོངས་པ)་དེ་རྣམས་མེད་པ་ལས་རྣམ་པར་མི་རྟོག་པའི ་སྙོམས་པར་འཇུག་པ་ནི་འཐབ་པ་(ཉོན་མོངས་པ)་མེད་པའོ། །འདི་ཤེས་པར་གྱུར་ཅིག་ཅེས་སྨོན་(པ་བྱས་ནས)་ནས། བསམ་གཏན་ལ་སྙོམས་པར་ཞུགས་པའི་འཇིག་རྟེན་གྱི་(སྔར)་བྱུང་བའི་མཛའ་(འབྱུང་བའི་མཛའ་)་ལ་སོགས་པ་ལ ་གང་(ཇི་ལྟ་བ་བཞིན)་ཤེས་པ་སྐྱེ་བ་དེ་ནི་ཉན་ཐོས་རྣམས་ཀྱི་སྨོན་ནས་ཤེས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་ནས་མཁྱེན་པ་ནི་ལྷུན་གྱིས་གྲུབ་པ་སྟེ། རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཀུན་ནས་ཆགས ་པ་(མཉམ་པར་མ་བཞག་ན་མི་མཁྱེན་པ)་མེད་པ་(རྒྱུན་མི་འཆད་པ)་སྟེ་བལྟོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཐོགས་པ་མེད་པ་(ཤེས་བྱ་ཐམས་ཅད་ལ་འཇུག་པ)་སྟེ། ཐམས་ཅད་དུ་ཐོགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །རྟག་ཏུ་གནས་པ་སྟེ། རྟག་ཏུ་ཐུགས་མཉམ ་པར་གཞག་པ་ལ་གནས་པ་ཉིད་ཀྱི་ཕྱིར། དྲི་བ་ཐམས་ཅད་ལ་ཡང་ལན་འདེབས་པར་བྱེད་དོ། །ཡོངས་སུ་དག་པ་རྣམ་པ་བཞི་རྣམས་ནི་རྟེན་ཡོངས་སུ་དག་པ་དང་དམིགས་པ་ཡོངས་སུ་དག་པ་དང་ཐུགས་ཡོངས་སུ་དག་པ་དང་ཡེ་ཤེས ་ཡོངས་སུ་དག་པའོ། །དེ་ལ་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་བག་ཆགས་གནས་ངན་ལེན་རྣམས་རྟེན་(ཐུགས་རྒྱུད)་ལས་ཤིན་ཏུ་བྲལ་བར་བྱས་ཏེ་རང་གི་བདག་ཉིད་ཀྱི་དངོས་པོ་(སྐུ་ལུས)་ལའང་(སྐྱེ་བ)་ལེན་པ་དང་(བཞེང་ན་སྐལ་བ་མང་པོར) ་གནས་པ་དང་འཕོ་(འགྲོ་བའི་དོན་དུ་གྱུར་ན་འཆི་བ)་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་སྒྱུར་བ་ཉིད་ནི་རྣམ་པ་ཐམས་ཅད་དུ་རྟེན་ཡོངས་སུ་དག་པའོ། །དམིགས་པ་ཐམས་ཅད་ཀྱི་(སྔར་མེད)་སྤྲུལ་པ་དང་(སྔར་ཡོད་པ་གཞན་དུ)་ཡོངས་སུ ་བསྒྱུར་བ་དང་གྲངས་རྣམས་ལ་དབང་སྒྱུར་བ་ཉིད་ནི་རྣམ་པ་ཐམས་ཅད་དུ་དམིགས་པ་ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་སེམས་གནས་ངན?་ལེན་ཐམས་ཅད་དང་བྲལ་བ་དང་སེམས་ལ་དགེ་བའི་རྩ་བ་རྣམ་པ་ཐམས་ཅད་བསགས་པ་ཡང་རྣམ་པ ་ཐམས་ཅད་དུ་ཐུགས་ཡོངས་སུ་དག་པའོ། (།མདོན་པ་ཀུན་ལས་བཏུས་སུ། ཏིང་ངེ་འཛིན་ལ་ཇི་ལྟར་འདོད་པ་བཞིན་དབང་བསྒྱུར་བ་ཡིན་པར་བཤད།)་སྔར་བཞིན་དུ་མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བ་དང་ཤེས་བྱ་ཐམས་ཅད་ཀྱི་(ཐམས་ཅད་མཁྱེན་པའི)་ཡེ ་ཤེས་ལ་དབང་སྒྱུར་བ་ནི་རྣམ་པ་ཐམས་ཅད་དུ་ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་ནི་འཆི་བ་དང་ཀུན་ནས་ཉོན་མོངས་པ་དང་བཀྲེན་པ་(ཱམ་དབུལ་བ)་དང། ཉེས་པ་སྤྱོད་པ་དང་ངན་འགྲོ་དང་ཡོངས་སུ་ཚོལ་བས་ངལ་བ་དང། ཆོས་ཀྱིས ་ཕོངས་པར་གྱུར་པའི་ལས་ཀྱི་སྒྲིབ་པ་དང་འདོད་པས་པར་དུ་གཅོད་པ་(ཱི་གེགས)་དང་འཇིགས་པ་(བག་ཚ་བ)་དང། ཅི་ལྟར་སྨྲ་བར་བྱ་ཅེས་པ་(ཐེ་ཚོམ་སྟེ)་ཉེ་བར་འཚེ་བ་བཅུའི་(པོ་འདི་རྣམས་ས་འབྲེལ་དུ་གསུངས)་གཉེན་(ལ་འབད་པ)་པོ་རྣམས་སོ། །དེ་ལ་ཚེ་ལ ་དབང་བ་ནི་(ལོངས་སྤྱོད་སྦྱིན་པས་ཐོབ་པར་བྱ་བ་སྟེ)་ཇི་ལྟར་འདོད་པ་བཞིན་དུ་ཚེ་གནས་པའི་ཕྱིར་དང་གཏོང་པའི་ཕྱིར་ཏེ། འདི་ལྟ་སྟེ་བརྗོད་དུ་མེད་པའོ། (།འི་ཡང)་བརྗོད་དུ་མེད་པའི་བསྐལ་པར་ཚེའི་ཚད་བྱིན་གྱིས་རློབ་པ་ལ་སོགས་པ་ནའོ། །སེམས ་ལ་དབང་བ་(ཱང་ལོངས་སྤྱོད་སྦྱིན་པས་ཐོབ་པར་བྱ་བ)་ནི་ཇི་ལྟར་འདོད་པར་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སོགས་པ་ལ་སྙོམས་པར་འཇུག་པའི་ཕྱིར་དང་ལྡང་བའི་ཕྱིར་རོ། །ཡོ་བྱད་ལ ་དབང་བ་(ཱང་སྦྱིན་པས་ཐོབ་བྱ)་ནི་ཇི་ལྟར་འདོད་པར་ཕན་པར་བྱེད་པ་(ཱམ་ཉེ་བར་མཁོ་བ)་སོ་སོར་ཉེ་བར་གནས་པར་བྱེད་པའི་ཕྱིར་ཏེ་(ས་བཅུ་པར)་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་དུ་མའི་(མུ་ཏིག་དང་གསེར་དངུལ་ལ་སོགས་པ)་རྒྱན་གྱིས་སོ་སོར ་བརྒྱན་པར་བྱིན་གྱིས་རློབ་པ་ལ་སོགས་པ་ཡང་དག་པར་སྟོན་པ་ཉིད་ཀྱིས་སོ། །ལས་ལ་དབང་བ་(ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི)་བྱ་ནི་ཇི་ལྟར་འདོད་པར་སྐུ་དང་གསུང་གི་ཕྲིན་ལས་གྲུབ་པའི་ཕྱིར་དང་(ས་བཅུ་པར)་དུས་ཇི་ལྟ ་བར་(ཁམས་དང་འགྲོ་བ་དང་སྐྱེ་གནས་དང་གནས་སྐབས་གཞན་དུ་མྱོང་འགྱུར་གྱི་ལས་གཞན་དུ་བསྒྱུར་བར་བྱེད་པས་ཞེས་ཊིཀ)་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་རློབ་པ་ཡང་དག་པར་སྟོན་པའི་ཕྱིར་རོ། །སྐྱོ་བ་ལ་དབང་བ་ཉིད་(ཚུལ་ཁྲིམས་ཀྱི་ཐོབ་བྱ)་ནི་སྐྱེ་བའི་(ལུས་ལན་པའི་ཚེ) ་སྐྱེ་མཆེད་ཐམས་ཅད་དུ་ཇི་(བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་ཁམས་སུ་སྐྱེ་བ་སོགས)་ལྟར་འདོད་པར་སྐྱེ་བའི་ཕྱིར་རོ། །རྫུ་འཕྲུལ་ལ་དབང་བ་(བསམ་གཏན་གྱི་ཕར་ཕྱིན་གྱིས་ཐོབ་བྱ)་ནི་ཇི་ལྟར་འདོད་བར་མངོན་པར་ཤེས་པ་རྣམས་(འབྱུང་བ)་དང་(ས ་བཅུ་པར)་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྣམ་པར་འཕྲུལ་པ་(མཛའ་ཡས་པ)་ཀུན་ཏུ་སྟོན་པ་ལ་སོགས་པའོ། (།བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་ཐོབ་བྱ)་སྨོན་ལམ་ལ་དབང་བ་ཉིད་ནི་(རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པའི)་སྨོན་ལམ ་ཐམས་ཅད་ཡང་དག་པར་གྲུབ་པའི་ཕྱིར་རོ། (།བཟོད་པའི་ཕར་ཕྱིན་གྱི་ཐོབ་བྱའི)་མོས་པ་ལ་དབང་བ་ཉིད་ནི་(དངོས་པོ)་གང་ཇི་ལྟར་མོས་པ་དེ་དེ་བཞིན་ཁོ་ནར་འགྱུར་བ་སྟེ། དཔེར་ན་(ས་བཅུ་པའི་མདོར)་འཇིག་རྟེན་གྱི་ཁམས་ཐམས་ཅད ་སངས་རྒྱས་ཀྱིས་ཡོངས་སུ་གང་བ་ཡང་དག་པར་སྟོན་པ་(ས་ལ་སོགས་པ་ཡང་ཆུ་ལ་སོགས་པའི་རང་བཞིན་དུ་སྟོན་པ)་ལ་སོགས་པ་ལྟ་བུའོ། (།ཤེས་རབ་ཀྱི་ཕར་ཕྱིན་གྱིས་ཐོབ་བྱ)་ཡེ་ཤེས་ལ་དབང་པ་(ཤེས་བྱ)་ནི་གང་ཁོ་ན་ཤེས་པར་འདོད་པ་དེ་ཁོ་ན་ཤེས ་པ་སྟེ། འདི་ལྟ་(ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པར་བྱ་བ་མདོ་སྡེ་ས་བཅུ་པར)་སྟེ། སྟོབས་(བཅུ)་དང་མི་འཇིགས་པ་(བཞི)་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་(བཅོ་བརྒྱད)་དང། མཚན་དང་དཔེ་བྱད་དང། མངོན་པར་བྱང་ཆུབ ་(བ་སྒྲིབ་པ་གཉིས་དང་བྲལ་བའི་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས)་ཡང་དག་པར་སྟོན་པ་ལ་སོགས་པའོ། །ཆོས་ལ་དབང་བ་ཉིད་ནི་མདོ་(དང་དབྱངས་ཀྱི་བསྙན་པ)་ལ་སོགས་པའི་ཆོས་རྣམ་པར་བཞག་པ་རྣམས་ལ་མཁས་པའོ། །སྲུང་བ་མེད་པ་གསུམ་རྣམས་ན?་དེ? ་བཞིན་གཤེགས་པ་ནི་སྐུའི་(ཀུན་ཏུ)་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་དེ?་ལ་སྐུའི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་(ག?)་གཞན་གྱིས་ཤེས་པར་འགྱུར་རོ། ཞེས་བཅས་པར་བྱ་བར་དགོངས་པ་ཅུང་ཟད་མི་མངའ་བ་འདི་ནི་སྲུང་བ ་མེད་པ་དང་པའོ། །དེ་བཞིན་དུ་གསུང་གི་ལས་(མ་དག་པ་སྤ་མི་རིགས་པ)་ནི་གཉིས་པའོ། །དེ་བཞིན་དུ་ཡིད་ཀྱི་ལས་(མ་དག་པ་གཏན་མི་མངའ་བ)་ནི་གསུམ་པའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་ཇི་སྐད་དུ་གསུངས་པ་སྟེ། དེ་བཞིན་གཤེགས་པ ་ཆོས་སྟོན་པ་ན་(ཉན་པ་པོ)་ཁ་ཅིག་གུས་པར་ཉན་འདོད་རྣ་གཏོང་པར་བྱེད་ཀུན་ཤེས་པའི་སེམས་(སམ་བཀའ་བསྒོ་བ་སེམས་ལ)་ཉེ་བར་འཇོག་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་ངེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར ་ཡིད་བདེ་བར་མི་འགྱུར་(ཆེས།)་ཐུགས་མཐོན་པོ་ཡ་ཡ་པོ་ཉིད་དུ་མི་འགྱུར་བ་དང་(ཉན་པ་པོ)་གཞན་རྣམས་གུས་པར་མི་ཉན་རྣ་མི་གཏོད་ཅེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཁོང་ཁྲོ་བ་མ་ཡིན་མི་བཟོད་པ་མ་ཡིན། (བར་མ)? ་ཐུགས་མི་ཆེས་པ་མ་ཡིན་ཐུགས་མི་མཉེས་པ་མ་ཡིན་པ་དང། (ཉན་པ་པོ)་ཁ་ཅིག་གུས་པར་ཉན་འདོད་པ་དང་(ཁ་ཅིག)་གུས་པར་ཉན་མི་འདོད་པ་དེས་དེ་བཞིན་གཤེགས་པ་གཉིས་སུ་མི་འགྱུར་རོ་ཞེས་པ་དགྱེས་པ་དང ་ཁོང་ཁྲོ་བར་ཏེ། ཐམས་ཅད་དུ་བཏང་སྙོམས་པར་གནས་པ་དྲན་པ་དང་ལྡན་པའི་ཤེས་བཞིན་ཅན་ནོ་ཞེས་པའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་སེམས་ཅན་གྱི་དོན་བྱ་བའི་དུས་ལས་(བབ་པ་ན་དེ་ལ)་མི་འདའ་བའ་ཨི་(རང ་དོན་མཛད་པ)་ཕྱིར་རོ། །བག་ཆགས་ཡང་དག་པར་བཅོམ་པ་ནི། ཉོན་མོངས་པ་སྤངས་ཀྱང་གང་ཉོན་མོངས་པ་མ་སྤངས་པ་དང་འདྲ་བར་སྤྱོད་པ་དེ་ཉོན་མོངས་པའི་བག་ཆགས་ཏེ་ཏིལ་གྱི་མེ་ཏོག་(དང་གླ་རྩི)་ལ་སོགས་པ་བསལ ་ཡང་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ལ་(ཏིལ་གྱི་མེ་ཏོག་དང་གླ་རྩི་སོགས)་དེས་ཡང་དག་པར་བསྒོས་པའི་དྲི་ཕྲ་མོ་ལྷག་པར་གནས་པ་བཞིན་ནོ། །དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་(ཇི་ལྟ་བ་བཞིན་ཤེས་བགེགས) ་སུ་གྱུར་པའོ། །འདོད་ཆགས་ལ་སོགས་པའི་བག་ཆགས་ནི་ལུས་དང་ངག་གི་སྤྱོད་ཚུལ་(ཉོན་མོངས་པ་ཅན་ལྟ་བུ)་གྱི་ཁྱད་པར་གྱིས་རྒྱཱུང་སྟེ། ཇི་ལྟར་(མོའུ་དགལ་གྱི་བུ)་དགྲ་བཅོམ་པའི་སྔོན་སྤྲེའུར་གྱུར་པའི་(གནས་ངན་ལན)་མཆོངས ་ནས་གཤེགས་པ་དང། (དགྲ་བཅོམ་པ་པི་ལེན་ཏ)་སྔོན་བྲམ་ཟེར་གྱུར་པའི་(གནས་ངན་ལེན)་རྨངས་མོ་ཞེས་བརྗོད་པ་ལྟ་བུའོ། །དེ་ཐམས་ཅད་ཉིད་ཀྱང་དེ་བཞིན་གཤེགས་པ་ལ་ནུབ་པར་གྱུར་པའོ་(ཁོ་ན)་ཞེས་པ་ཉོན་མོངས་པའི་བག ་ཆགས་(གནས་ངན་ཤིན་ཏུ་ཕྲ་བ་ཡང)་ཡང་དག་པར་བཅོམ་པ་དེ་བཅོམ་ལྡན་འདས་སུ་བརྗོད་དོ། །ཐུགས་རྗེ་ཆེན་པོ་ནི་ཕན་པའི་བསམ་པ་ཉིད་དེ་གང་གིས་བཅོམ་ལྡན་འདས་དུས་ཐམས་ཅད་དུ་ལན་(ཉིན་ལན་གསུམ་མཚན་ལན་གསུམ) ་དྲུག་ཏུ་(ཅེས་པ་མཚོན་པ་སྟེ་རྒྱུན་མི་འཆད་པར)་སུ་ནི་འགྲིབ་སུ་ནི་འཕེལ་(སུ་ནི་མངོན་པར་མཐོ་པའི་སྣོད་ཡིན་སུ་ནི་ངེས་པར་ལེགས་པའི་སྣོད་ཡིན་སུ་ནི་སངས་རྒྱས་ཀྱི་འབྱོར་པའི་སྣོད་ཡིན།)་ཞེས་པ་ལ་སོགས་པས་འཇིག་རྟེན་ལ་གཟིགས་པའོ། །རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ཁྱད་པར་དང་མཚན་ཉིད་དང་དབྱེ་བ་མཐར་ཐུག་པ་(རྣམ་པ་ཀུན་ཡེ་མ་ལུས་པ)་ཤེས་པའོ། །སྟོབས་བཅུ་རྣམས་ནི་(རྒྱུད་བླ་མར་གནས་དང་གནས་མིན་ལས་རྣམས་ཀྱི། །རྣམ་སྨིན་དང་ནི་དབང་པོ་དང།།) ་ཁམས་རྣམས་དང་ནི་མེས་པ་དང། །ཀུན་འགྲོའི་ལམ་དང་བསམ་གཏན་སོགས། །ཉོན་མོངས་དྲི་མ་མེད་པ་དང། །སྔོན་གནས་རྗེས་སུ་དྲན་པ་དང། །ལྷ་མི་མིག་དང་ཟག་པ་ཟད། །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ་ཞེས་ཏེ།)་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས ་དང་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང། བསམ་གཏན ་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་མཁྱེན་པའི་སྟོབས་དང། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང། འཆི་འཕོ་དང་སྐྱེ་བ་མཁྱེན ་པའི་སྟོབས་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །འདི་རྣམས་ཀྱི་མཚན་ཉིད་ནི་མདོ་ལས་ཇི་སྐད་དུ་གསུངས་པ་བཞིན་ཏེ། དེ་ལ་(རྒྱུ་གང་ལས་གང་ངེས་པར་སྐྱེ་བས)་སྲིད་པ་དང་མི་(གང་ལས་གང་ཡེ་མི་སྐྱེ་བས)་སྲིད་པ་ནི་གནས་དང་གནས་མ་ཡིན་བདག ་སྟེ། རྒྱུ་ཡང་གནས་སོ། །འདི་ལྟ་སྟེ། (རྒྱལ་བའི་ཡུམ་དུ)་གནས་ཀྱང་གནས་སུ། གནས་མ་ཡིན་པ་ཡང་གནས་མ་ཡིན་པར་རབ་ཏུ་མཁྱེན་ཏོ་ཞེས་སོ། །ཉེས་པར་སྤྱོད་པ་(མི་དགེ་བ)་རྣམས་ཀྱི་རྣམ་པར་སྨིན་པ་མི་འདོད་པ་ནི་(འདོད་བྱ་མ་ཡིན ་བ)་གནས་སོ། །འདོད་(འདོད་བྱ)་བ་ནི་གནས་མ་ཡིན་པའོ། །ལེགས་པར་སྤྱད་པ་(དགེ་བ)་རྣམས་ཀྱི་(འབྲས་བུ)་འདོད་པ་ནི་(སྟེ་འདོད་བར་བྱ)་གནས་སོ། །མི་འདོད་པ་ནི་གནས་མ་ཡིན་པའོ། །སེར་སྣས་(རྣམ་སྨིན་གྱི་འབྲས་བུ།)་དབུལ་བ་ཉིད་ནི་གནས་སོ།། ་(རྣམ་སྨིན་གྱི་འབྲས་བུ)་ལོངས་སྤྱོད་ཆེན་པོ་ཉིད་ནི་གནས་མ་ཡིན་པའོ། །སྦྱིན་པས་(རྣམ་སྨིན)་ལོངས་སྤྱོད་ཆེན་པོ་ཉིད་ནི་གནས་བསོ། །དབུལ་བ་ཉིད་ནི་གནས་མ་ཡིན་པའོ། (།གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་རྗེས་སུ་འབྲངས་ནས)་མ་དང་ཕ་དང་དགྲ་བཅོམ། ་པ་གསོད་བ་དང་དགེ་འདུན་གྱི་དབྱེན་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པའི་མཚན་ཉིད་ཅན་གྱི་(མཛོད་པ་བསྒྲེལ?་དུ་བྱེད་པའི་གང་ཏག?་དེ་ནས་ཤིན?་འོས?་ནས་དམྱལ་བར་སྐྱེ་བར་འགྱུར་བ་ལ་བར་ཆད་མེད་པས་ན།)་མཚམས ་མེད་པ་ལྔ་(སློབ་དཔོན་ཟླ་བ་གྲགས་པས་སྒྲོན་མ་གསལ་བའི་ལེའུ་ལྔ་བར། ཕ་དང་མ་དང་དགྲ་བཅོམ་བསད་པ་དང། །སངས་རྒྱས་ཀྱི་སྐུ་འཇིག་པ་དང། དམ་པའི་ཆོས་སྤོང་བ་ཞེས་པའི་ལས་ལྔས་ནི་འཆི་བའི་དུས་བྱས་མ་ཐག་ཏུ་དམྱལ་བར་ལྟུང?་ཟས་འཚམས་མེད་པ་སྟེ་ཞེས་གསུངས་ཤིང། མི་གཡོ་བའི་རྒྱུར?་རྣལ ་འབྱོར་བླ་ན་མེད་དུ་མཛད་པའི་འགྲེལ་པ་སློབ་དཔོན་བདེ་བ་ཆེན་པོའི་རྡོར་རྗེས་མཛད་པར། འཚེམས?་མེད་པ་ལྔ་ཞེས་པ་ནི། མ་གསོད་པ་དང། ཕ་གསོད་པ་དང། དགྲ་བཅོམ་པའི་ཁྲག་འབྱིན་པའི་སན་ས་དང། བྱང་ཆུབ་སེམས་པའི་ཏིང་ངེ་འཛིན་བསྐྱོད་པར་བྱེད་པ་དང། དགེ་འདུན་གྱི་དབྱེན་ནོ་ཞེས་ཀྱང་གསུངས་སོ། །བྱང ་པའི་ངང་ཅན་དང། མ་དང་དགྲ་བཅོམ་པ་ལ་མི་ཚངས་པར་སྤྱོད་པས་སུན་འབྱིན་པ་དང་བྱང་ཆུབ་སེམས་དཔའ་ངེས་པ་ལ་གནས་པ་བཀྲོངས?་པ་དང། སློབ་པ་ཡང་(དཀྲོངས?་པ)་དང། དགེ་འདུན་འདུ་བའི་སྒོ་འཕྲོག་པ་དང། མཆོད་རྟེན ་འཇིག་པ་ཞེས་པ་མཚམས་མེད་པ་དང་ཉེ་བ་ལྔ་བྱེད་(ཡིད་མི་དགེ་བས་སེམས་རྣམ་པར་གཡེངས་པ་ན)་པའི་སེམས་གནས་(ཤིང་མཉམ་པར་བཞག་པར་གྱུར)་པ་ནི་གནས་མ་ཡིན་པའོ། (།སྡིག་པ་རྒྱས་པ)་འགྱོད་པས་གནས་པའི་སེམས་རབ་ཏུ་སྦྱངས ་པ་(དག་བ་ལས་སུ་རུང་བ)་ནི་གནས་མ་ཡིན་པའོ། །བུད་མེད་ཀྱི་ལུས་དེ་ཉིད་ཀྱིས་འཁོར་ལོས་བསྒྱུར་བ་དང་ཚངས་བ་ཉིད་(དང་རྒྱ་རྒྱ་བྱིན)་ལ་སོགས་པ་ནི་གནས་མ་ཡིན་པའོ། (།གནས་མ་ཡིན་བ་ལས)་བཟློག་པ་ཐམས་ཅད་གནས་སོ། །འོད་ལྟ་བུ ་ལ་སོགས་པའི་གནས་དང་གནས་མ་ཡིན་པ་མཁྱེན་ཏེ། དག་པ་ཆགས་པ་མེད་པ་ཐོགས་པ་མེད་པའི་(སྟེ་ཆོས་བརྒྱད?་པོ་དང་ལྡན་པ)་ཡེ་ཤེས་ཀྱིས་སོ། །དག་པ་ནི་ཡང་དག་པ་ཇི་ལྟ་བ་སྟེ་ཕྱིན་ཅི་མ་ལོག་པའོ། (།ཁྱད་པར་ཀྱི་བཞིའི་ཆོས་ཅན)་གང? ་ངག་གང་གྱུར་པའོ་(ཱམ་ཡང་དག་པ)་ཞེས་འདོད་པས་(མཁྱེན་པ)་ཆགས་པ་མེད་པའོ། །རྣམ་(ཁྱད་པར་གྱི་ཆོས)་པ་གང་དང་གང་གིས་གྱུར་པ་(ཱམ་ཡང་དག་པ)་ཞེས་རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར་ཐོགས་པ་མེད་པའོ། །མཁྱེན་པ། ཡེ་ཤེས ་དེ་ཉིད་སྟོབས་ཏེ་ཤིན་ཏུ་ཡང་གཞན་རྣམས་ཀྱིས་(མི་ཆགས་ཤིང)་རྫི་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང། (སྟོབས་མ་ཐོབ་པ)་གཞན་རྣམས་ཤིན་ཏུ་ཡང་ཟིལ་གྱིས་གནོན་པའི་ཕྱིར་རོ། །ལས་ནི་བསོད་ནམས་དང་(འདོད་ཁམས་ཀྱི་དགེ་བ)་བསོད་ནམས ་མ་ཡིན་པ་(མི་དགེ་བ)་དང་མི་གཡོ་བ་(ཁམས་གོང་མའི་དགེ་བ་ལ)་སོགས་པའོ། (མངོན་པ་ཀུན་ལས་བཏུས་སྐུ)་གཟུགས་དང་གཟུགས་མེད་པ་དང་མཚུངས་པར་ལྡན་པའི་བསོད་ནམས་ནི་མི་གཡོ་བའོ། (ས་སོ)་ཁ་ཅིག་(བརྒྱད་སྟོང་འགྲལ?་བའི་རང?་དོན་གྱི ་མོས་པ་ཆུང་ངུའི་ཐད)་ཏུ་ཁམས་གསུམ་ཀ་དང་མཚུངས་པར་ལྡན་པའི་དག་བའང་(གནས་འཇོག་གི་མདོར་གོང་མའི་ལྟ་ཆེ་ཟད་ཅིང་བསོད་ནམས་ཟད་ཅེས་པ་ལྟ་བུ)་བསོད་ནམས་སུ་རྣམ་པར་བཞག་གོ་།རྣམ་པར་སྨིན་པ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས ་(བཏང་སྙོམས)་པའོ། །ཁམས་སྣ་ཚོགས་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པ་བསྐྱེད་པའི་བསམ་(པའི)་རྟེན་ནོ། །མོས་པ་སྣ་ཚོགས་པ་ལ་འདིར་མིས་པ་ནི་འདོད་པ་སྟེ། འདི་ལྟར་འདོད་ཆགས ་ལ་གནས་པའི་ཡང་ཞེ་སྡང་ལ་འདོད་པ་དང། ཞེ་སྡང་ལ་གནས་པའི་འདོད་ཆགས་ལ་(འདོད་པ།)་དང། སྦྱོར་བ་དམན་པའི་སྦྱོར་བ་རྒྱ་ཆེན་པོ་ལ་(འདོད་པ)་དང། སྦྱོར་བ་རྒྱ་ཆེན་པོའི་སྦྱོར་བ་དམན་པ་ལའོ་(འདོད་པ།)་།དབང་པོ་རྣམས་ནི ་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་པོ། །དེ་(ལྔ་པོ)་རྣམས་ཀྱི་མཆོག་དང་མཆོག་མ་ཡིན་པ་ཐ་(རྟུལ་པོ)་དང་འབྲིང་དང་མཆོག་(རྣོན་པོ་སྟེ)་།འདི་ནི་དབང་པོ་ཐ་མའོ་འདི་ནི་དབང་པོ་འབྲིང་ངོ་ཞེས་པ་ལ ་སོགས་པའོ། (།འདི་ནི་དབང་པོ་རབ་པོ་འདི་ནི་དབང་པོ་མེད་པའོ་ཞེས་དག་ལྡན)་ཐམས་ཅད་དུ་འགྲོ་བའི་ལམ་སྟེ་འདིར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ཡང་དག་པ་ཉིད་དུ་ངེས་པ་(འཕགས་པ་ཐོབ་པ་ཉིད)་དང་མ་ངེས ་པ་ཡང་ཤེས་ཤིང་(ཡང་དག་པར་ངེས་པ་དང་མ་ངེས་པ)་དེ་དག་གི་རྗེས་སུ་མཐུན་པའི་ལམ་ཡང་ཤེས་ལ་སྟོན་པར་ཡང་བྱེད་དོ། (།མཛོད་དུ་འཕགས་དང་འཚམས་མེད་བྱེད་ལ་དག་།ཡང་དག་ལོག་པ་ཉིད་ངེས།)་ལོག་པ་ཉིད་དུ་ངེས་པ་(འཚམས་མེད་བྱས་པ)་རྣམས ་མཁྱེན་ནས། དེ་རྣམས་ལ་བཏང་སྙོམས་ཁོ་ན་རྗེས་སུ་མཐུན་ནོ་ཞེས་རེ་ཞིག་གི་དུས་སུ་བཏང་སྙོམས་སུ་བྱེད་པ་དང་འདི་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ལམ་མོ། །འདི་ནི་ཞེ་སྡང་གིའོ། (།གཉེན་པོར་གྱུར་པའི་ལམ)་ཞེས་པ་ལ ་སོགས་པའོ། །བསམ་གཏན་གཞི་རྣམས་དང་རྣམ་པར་ཐར་པ་བརྒྱད་རྣམས་དང། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ལ་སོགས་པ་ཏིང་ངེ་འཛིན་གསུམ་རྣམས་དང། གཟུགས་མེད་པའི་སྙོམས་བར་འཇུག་པ་བཞི ་རྣམས་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བ་(དང་བལྟ་བ)་ལ་སོགས་པས་སོ། །རྣམ་པར་བྱང་བ་ནི་དམིགས ་པ་མེད་པ་(དང་ལྡན་པ)་ལ་སོགས་པས་སོ། །ལྡང་བ་ནི་(སྔར་བསད་པའི)་སེང་གེ་རྣམ་པར་བསྒྱིངས་པས་སམ་ཐོད་རྒལ་གྱིས་སོ། །སྔོན་གྱི་གནས་ནི་(སེམས་ཅན་རྣམས་ཀྱི)་སྐྱེ་བ་སྔ་མའོ། །དེའི་རྗེས་སུ་དྲན་པ་ནི་ངན་པའོ། །འཆི ་འཕོ་བ་དང། སྐྱེ་བ་དག་ནི་སེམས་ཅན་རྣམས་ཀྱི་འཆི་བ་དང་སྐྱེ་བ་དག་གོ་།དེ་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་གསུངས་པ། དེ་ལ་འདི་ནི་དེ་བཞིན་གཤེགས་བའི་ལྷའི་སྦྱན་(འཆི་འཕོ་དང་སྐྱེ་བ་མཁྱེན་པ) ་ཏེ་(སྤྱན)་གང་གིས་ཕྱོགས་བཅུའི་འཇིག་རྟེན་ནམ་མཁའ་ཨི་ཁམས་ཀྱི་མཐར་ཐུག་པར་(ཉེ་ནམ་མཁའ་བཞིན་དུ་མཛའ་ཡས་བར)་ཞིང་དུ་སྣང་བ་གང་འགའ་ཞིག་བསྲེག་བཞིན་པ་དེ་རྣམས་གཟིགས་པ་དང། འཇིག་བཞིན་པ་རྣམས་དང། འཆགས ་བཞིན་པ་རྣམས་དང། གང་དུ་སེམས་ཅན་དུ་སྣང་བ་དེ་རྣམས་འཆི་བཞིན་པ་དང། སྐྱེ་པ་རྣམས་ཐམས་ཅད་དང། །གང་ཡང་སྣང་(སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས)་བ་མེད་པའི་སེམས་ཙམ་ཇི་སྙད་བ་དེ་རྣམས་ཀྱང ་དེ་བཞིན་གཤེགས་པའི་ལྷའི་སྤྱན་ལ་སྣང་བར་འགྱུར་རོ་ཞེས་སོ། །གལ་ཏེ་ཡང་(བརྒྱ་བསྟང་འགྲེལ་བའི་ཡོན་ཏན་བཅུ་གསུམ་བའི་ཐད་དུ)་དབང་པོ་རྣམས་གནས་ངན་ལེན་གྱི་རང་བཞིན་ནོ་ཞེས་གསུངས་པའི་ཕྱིར་མི་ཤེས་པའི་(གནས་ངན་ལེན)་རང་བཞིན ་ཀྱི་དབང་པོ་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་སྤངས་པ་ན་ཡིད་ཀྱི་གློ་བཞིན་དུ་དབང་པོའི་བློ་ལ་སོགས་པ་རྣམས་ཀྱིས་ཡུལ་(ཐམས་ཅད)་ཡོངས་སུ་གཙང་པས་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་ཐམས་ཅད་ནི་ཡུལ་ཐམས ་ཅད་པར་འདོད་(དེ། མདོ་སྡེ་རྒྱན་དུ་བྱང་ཆུབ་ཀྱི་རྣམས?་རྒྱུར་གྱི་ཐད་དུ། དབང་པོ་ལྔ་དག་གནས་ཀྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང། །འབྱོར་པ་དམ་པ་ཐོབ་ཐོབ་པར་འགྱུར། ཞེས་གསུངས་ཤིང།)་ཇི་སྐད་དུ་དཔལ་འཁོར་ལོ་སྡོམ་པའི་རྒྱུད་དུ་(རྩ་རྒྱུད་དུ་གྲགས ་པའི་ལྔ་བཅུ་བར)་གསུངས་པ། ཐམས་ཅད་དུ་ནི་ཕྱག་ཞབས་མཛའ་། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་གནས་ཤེས་སོ། །འཕགས་པ་དད་པའི་སྟོབས་བསྐྱེད་པའི ་མདོར་ཡང་གསུངས་པ། འཇམ་དཔལ་དེ་བཞིན་དུ་(སྤྱན་ཁོ་ནར་མ་ཟད)་དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཚན་རེ་རེས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛེས་སྤུས་ཀྱང་གཟིགས་སོ། །དེ་བཞིན་དུ ་དུས་ཅིག་ཅར་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་གཟིགས་སོ་ཞེས་སོ། (།བརྒྱད་སྟོང་འགྲེལ་པར)་དེ་ལྟ་ན་ཡང་དབང་པོའི་བློར་སྔོན་(གནས་བ་གྱུར་བའི་དུས)་གྱི་རྗེས་སུ་འབྲངས་པས ་རྣམ་པར་བཞག་གོ་ཞེས་པས་(དེ་བཞིན་གཤེགས་པ)་ལྷའི་མིག་ཅེས་པ་ལ་སོགས་བར་བརྗོད་པར་བྱའོ། །ཟག་པ་ནི་ཉོན་མོངས་པ་རྣམས། །དེ་རྣམས་ཀྱི་ཟད་བ་གང་ཡིན་པ་དང་(འགོག་པ།)་ལམ་གང་གིས་ཟད་པ་(འགོག་པ་དང་ལམ)་དེ ་གཉིས་ཀའང་ཟག་(ཅེས་སོ)་བཟད་པ་སྟེ། སེམས་ཅན་རྣམས་ཀྱིའོ། །སེང་གེ་བཞིན་དུ་བསྙེངས?་པ་(འཇིགས་པ)་ཤིན་ཏུ་མི་མངའ་བར་རིག་པར་གསུངས་པ་ནི་མི་འཇིགས་པ་སྟེ་དེའི་དངོས་པོ་འམ་ལས་ནི་མི་འཇིགས་པ་ཉིད་དོ? ་མི་འཇིགས་པ་ཉིད་བཞི་རྣམས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་བ་ལ་མི་འཇིགས་པ་ཉིད་དང། ཟག་པ་ཟད་པ་ལ་མི་འཇིགས་པ་ཉིད་དང། བར་དུ་གཅོད་པའི་ཆོས་(སྟོན་པ)་ལ་མི་འཇིགས་པ་ཉིད་དང། དེས་བར་འབྱུང་བའི་ཆོས། ་ལ་མི་འཇིགས་པ་ཉིད་དོ། (།རྗེ་བཙུན་བྱམས་པས། རང་བཞིན་དོན་དུ་ཡེ་ཤེས་དང། །སྤངས་དང་ཡེ་ཤེས་དང་ངེས་འབྱུང་གེགས་མཛད་ལ། །སྟོན་མཛད་མུ་སྟེགས་གཞན་དག་གིས་།མི་རྗེ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་གསུངས།)་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་(སྟོན་པ) ་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །དེ་གཉིས་ནི་རང་དོན་ནོ། །བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་(བྱང་ཆུབ་གསུམ་པོ)་གེགས་སོ། །ངེས་པར ་འབྱུང་བའི་ཆོས་ནི་མྱ་ངན་ལས་འདས་པ་ཐོབ་བར་བྱེད་པའོ་(ཱམ་ལམ།)་།འདི་གཉིས་ནི་གཞན་གྱི་དོན་ཏེ་ཕ་རོལ་པོ་རྣམས་ལ་(ལམ་གེགས)་དེ་འཆད་པའི་ཕྱིར་རོ། (།བཞི་པོ)་དེ་རྣམས་ལ་མི་འཇིགས་པ་ཉིད་དེ། དེར་དམ་བཅའ་སོ ་སོར་འགོད་པ་རྣམས་ལའོ་(མི་འཇིགས་པ། །དེ་འགོད་པ)་བྱེད་པ་པོ་(འགྱུར)་མགོན་མེད་པ་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱི་མགོན་དང་སྒྲུབས་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་(མདོའི་སྡེ་ལ་སོགས་པ) ་ཡན་ལག་བཅུ་གཉིས་ནི་ཆོས་སོ། (།གསུང་རབ)་དེའི་བརྗོད་པར་བྱ་བ་(ཱི་དོན)་མཛའ་དག་ནི་དོན་ནོ། །དེ་རྣམས་ཁོ་ནའི་མིང་གི་ཕྱོགས་ཅིག་ལ་སོགས་པ་རྣམས་ཀྱི་(ཡི་གེ་བསྣན་པ། དང་ཡི་གེ་ཕྱིབ?་བ་དང་ཡི་གེ་བསྒྱུར་བས)་རྣམ་པ་མང་པོར་ངེས་པར་བཤད ་པ་ནི་ངེས་པའི་ཚིག་གོ། ཡང་ན་རྒྱུའི་ཆོས་ཐམས་ཅད་ནི་ཆོས་སོ། །འབྲས་བུའི་ཆོས་ཐམས་ཅད་ནི་དོན་ནོ་(དགོས་པ།)་།འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སྐད་ཐམས་ཅད་ཁོ་ན་ནི་ངེས་པའི་ཚིག་གོ་།དེ་(རྣམ་གྲངས་གཉིས་སུ་བྱས ་པའི་གསུམ་པོ)་རྣམ་སོ་སོ་ཡང་དག་པ་རིག་པ་ནི་རིམ་པ་ཇི་ལྟ་བ་ཆོས་སོ་སོ་ཡང་དག་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་རིག་པ་དང། ཆོས་ལ་སོགས་པ་རྣམས་ཕ་རོལ་པོ་རྣམས་ལ ་བསྟན་(ཅིང་གསལ་བར་བྱ།)་པའི་ཆེད་དུ་ཆོས་ལ་སོགས་པ་སོ་སོ་ཡང་དག་པར་མངོན་དུ་གྱུར་པ་ནི་སྤོབས་པའོ། (།སྤོབས་པ)་དེའང་འདི་ཡིན་ལ་སོ་སོ་ཡང་དག་པ་རིག་པ་ཡང་ངོ་ཞེས་པ་སྦྲོངས་པ་སོ་སོ་ཡང་དག་པར་རིག་པའོ། །མ་འདྲེས་པར ་སྤྱོད་པ་ཞེས་པ་ནི་མ་འདྲེས་པའི་ཆོས་ཏེ། (རྫོགས་པའི་སངས་རྒྱས)་གཞན་རྣམ་དང་ཐུན་མོང་མ་ཡིན་པ་(སངས་རྒྱས་ཁོ་ན་ལ་མངའ་བ)་ཞེས་པའི་དོན་ནོ། །དེ་རྣམས་ཀྱང་ཇི་སྐད་དུ་འཁྲུལ་པ་(མི་མངའ་བ་དང། ཅ་ཅོ་དང་དྲན་པ་ཉམས་པ་མེད་པ་ཉིད་དང། ་ཐུགས་མཉམ་པར་མ་གཞག་པ་དང། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཉིད་དང་འདུན་པ་(ཉམས་པ་མི་མངའ་བ)་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ ་བ་རྣམས་ཉམས་པ་མེད་པ་ཉིད་དང། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་བྲང་བ་དང་དུས་གསུམ་རྣམས་ལ་ཐམས་ཅད་དུ་མ་ཆགས་མ་ཐོགས་པའི ་ཡེ་ཤེས་རབ་ཏུ་འཇུག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་བཅོ་བརྒྱད་དོ། །དེ་ལ་(སྤྱོད་པ་དང་ནི་རྟོག་པ་དང། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་སྤྱོད་བས་བསྡུས་པ་དྲུག་གི)་དང་པོ་ནི་སྐུའི་ཕྲིན་ལས་ཡོངས་སུ ་དག་པའོ། །གཉིས་པ་ནི་གསུང་གི་ཕྲིན་ལས་(དག་པས)་སོ། །དེ་ནས་བཞི་ནི་ཐུགས་ཀྱི་ཕྲིན་ལས་སོ་(དག་པས།)་།དེ་ནས་དྲུག་ནི་(རྟོགས་པས་བསྡུས་པ་སྟེ)་དེ་བཞིན་གཤེགས་པའི་དབང་པོ་རྟེན་དང་བཅས་པ་འབྲས་བུ་དང་བཅས་པ་རྣམས ་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པ་ལས་ཏེ། དེ་ལ་རྟེན་ནི་འདུན་པའོ། །འབྲས་བུ་ནི་རྣམ་པར་གྲོལ་བའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པ་(བ་བ་བཞི)་རྣམས་སོ། །དེ་ནས་གསུམ་ནི་སྐུ་ལ་སོགས་པའི་འཕྲིན་ལས་རྣམས ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པ་(ཱམ་ཡེ་ཤེས་ལ་གནས་པ)་རྣམས་ཏེ། ཡེ་ཤེས། (སྔོན་དུ་གྲོ་བས)་རྒྱུ་(ཅན)་ཉིད་ཀྱིས་དང། ཡེ་ཤེས་(ཀྱི་རྗེས་སུ་འབྲང་བ་དེ)་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་ནའོ། །དེ་ནས་གསུམ་ནི་དུས་གསུམ་རྣམས ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་རྣམས་སོ། །འདིར་མདོ་ནི་དེ་བཞིན་གཤེགས་པ་ལ་(སྐུའི)་འཁྲུལ་པ་མེད་དོ་ཞེས་པའོ། །ཇི་ལྟར་དགྲ་བཅོམ་པ་གྲོང་ལ་སོགས་པར་བསོད་སྙོམས་ཀྱི་ཆེད་དུ་རྒྱུ་བ་རྣམས་གླང་པོ་ཆེ ་དང་རྟ་གཏུམ་པོ་དང་བ་ལང་དང་ཁྱི་དང་ཚེར་མ་དང་སྦྲུལ་ལ་སོགས་པ་རྣམས་ཀྱིས་གནོད་པ་སྐྱེལ་བ་དང། དབྱེ་དགོན་པར་ཆོམ་རྐུན་དང་སྟག་ལ་སོགས་པས་འཇིགས་པ་སྟེ་འདི་འདྲ་བའི་འཁྲུལ་པ་དེ་བཞིན་(གཏུམ་པོ) ་གཤེགས་པ་ལ་ཐམས་ཅད་ཀྱིས་(རྟག་ཏུ་ཡང་དག་པར་རྟོགས་པས་ན)་ཐམས་ཅད་དུ་མི་མངའ་ཨོ། །འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར་ཡང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུའི་ཕྲིན་ལས་འཁྲུལ་བ་མི ་མངའ་པ་(སེམས་ཅན་རྣམས།)་རབ་ཏུ་དང་བ་བསྐྱེད་པའི་སྤྱོད་ལམ་(མཛེས་པ)་ཅན། སྤྱོད་ལམ་བཞིས་གྲོང་དང་གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བ་ན་ཞབས་ཀྱི་མཐིལ་གཉིས་ས་ལ་མི་རེག་ཅིང། །ས་ཆེན་པོ་ལ་འཁོར་ལོ་རྩིབས་སྟོང་ཕྲག་ཅན་རྣམས ་འབྱུང་བ་དང། (འཁོར་ལོའི་སྟེང་དུ)་དྲི་ཡིད་དུ་འོང་བ་ཅན་གྱི་པདྨ་རྣམས་འབྱུང་ངོ། །གང་དེ་བཞིན་གཤེགས་པའི་ཞབས་དག་གཞག་པ་དང་གང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི ་ཞབས་(གཉིས)་ཀྱི་འོད་ཀྱིས་རེག་པ་(ཱི་དུད་འགྲོ)་དེ་རྣམས་ཞག་བདུན་དུ་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་བ་དང། ཤི་འཕོས་ནས་ཀྱང་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་ན་བཟའ་སོར་བཞིའི་བར་གྱིས་མི ་རེག་པར་གནས་ལ་(བྷཻ་རམ་བྷ)་རྩོམ་ཆེན་གྱི་རླུང་(སྣོད་འཆགས་པའི་དུས་ཀྱི་རླུང་གི་ཁྱད་པར་ཞེས་ཛ་ཡ)་གིས་ཀྱང་གཡོ་བར་བྱེད་མི་ནུས་སོ། (།སངས་རྒྱས་ཀྱི)་སྐུའི་འོད་ཀྱིས་མནར་མེད་པའི་མཐར་ཐུག་པའི་སེམས་ཅན་རྣམས་བདེ་བར་བྱེད་དོ། །དེས ་ན་དེ་བཞིན་གཤེགས་པ་ལ་སྐུ་འཁྲུལ་པ་མེད་པར་བརྗོད་པར་བྱའོ་ཞེས་ཏེ། རྟག་པ་ཁོ་ནར་ཡང་དག་པར་གཟིགས་(པའམ་བརྟགས)་ནས་མཛད་པའི་ངང་ཅན་ཉིད་ཀྱི་ཕྱིར་རོ། །ཅ་ཅོ་མི་མངའ་ཨོ་ཞེས་པ་སྟེ། ཇི་ལྟར་དགྲ་བཅོམ་པ ་རྣམས་དགོན་པར་ལམ་ནོར་བས་(ཱམ་སྟོར་པ)་སྒྲ་བསད་མཐོན་པོ་འདོན་པར་འགྱུར་བའམ། (ཆགས་པའི)་བག་ཆགས་ཀྱི་དབང་ལས་གང་མོ་ཆེར་རྒོད་བ་དེ་ལྟ་བུ་སངས་རྒྱས་ལ་མི་མངའ་སྟེ་རྟག་ཏུ་མཉམ་པར་གཞག་པའི་ཕྱིར། ། ་དྲན་པ་ཉམས་པ་མི་མངའ་ཨོ་ཞེས་པ་སྟེ། ཇི་ལྟར་དགྲ་བཅོམ་པ་མཉམ་པར་མ་གཞག་པ་ལས་དྲན་པ་ཉམས་པས་བྱ་བ་(ར་བོས་པ)་མི་བྱེད་པ་དང། དུས་ལས་ཀྱང་འདའ་པ་དེ་ལྟ་བུ་སངས་རྒྱས་ལ་མི་མངའ་སྟེ། ཐུགས་རྗེ ་ཆེན་པོ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཐུགས་མཉམ་པར་མ་གཞག་པ་མི་མངའ་ཨོ་ཞེས་པ་སྟེ་ཇི་ལྟར་དགྲ་བཅོམ་པ་སྙོམས་པར་ཞུགས་པ་ཁོ་ན་མཉམ་པར་གཞག་པ་ཡིན་གྱི་གཞན་གྱི་(སྟེ་དུས་སུ་མཉམ་པར་བཞག་པ)་ཚེ ་མ་ཡིན་པ་དེ་ལྟ་བུ་སངས་རྒྱས་མ་ཡིན་ཏེ་རྟག་ཏུ་མཉམ་པར་གཞག་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་ཨོ་ཞེས་པ་སྟེ། ཇི་ལྟར་དགྲ་བཅོམ་པ་མཛའ་གཅིག་ཏུ་(འཁོར་བ་པའི)་ཕུང་པོ་རྣམས་ལ་མི་མཐུན་པའི ་འདུ་ཤེས་ཅན་དང། མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་ཅན་ཡིན་པ་དེ་ལྟར་སངས་རྒྱས་མ་ཡིན་ཏེ། རང་བཞིན་གྱི་བདག་མེད་པ་ཉིད་ཀྱིས་ན་(འཁོར་བ་དང་མྱང་འདས)་གཉིས་ཀ་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །སོ་སོར ་མ་བརྟགས་པའི་བཏང་སྙོམས་མི་མངའ་ཨོ་ཞེས་པ་སྟེ། ཇི་ལྟར་དགྲ་བཅོམ་པ་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་བྱ་བ་བཏང་སྙོམས་སུ་བྱེད་པ་དེ་ལྟ་བུ་སངས་རྒྱས་ལ་མངའ་བ་མ་ཡིན་ཏེ། (ཐུབ་པའི་དབང་པོ)་དེ་ནི་དུས ་ལ་སོགས་པ་རྣམས་སོ་སོར་བརྟགས་པ་རྣམས་ཁོ་ནས་བར་མར་(བཏང་སྙོམས་སུ)་གནས་པར་འགྱུར་གྱི་རྣམ་པ་གཞན་དུ་(བརྟབས་ནས་འདུལ་བའི་དུས་ལ་བབ་ན)་ནི་མ་ཡིན་ནོ། །འདུན་པ་ཡོངས་སུ་ཉམས་པ་མི་མངའ་ཨོ་ཞེས་པ་ལ་སོགས་པ ་སྟེ། དགྲ་བཅོམ་པ་རྣམས་ནི་རིགས་(དམན་པ་ཉིད)་ཀྱི་དབང་ལས་སངས་རྒྱས་ཀྱིས་དང་སངས་རྒྱས་ཀྱི་མཛད་པ་ལ་འདུན་པ་ལ་སོགས་པ་མི་འབྱུང་ངོ། །དེའི་ཕྱིར་(དགྲ་བཅོམ་པ།)་དེ་རྣམས་(འདུན་པ་སོགས)་དེ་རྣམས་ལས་མ་ཐོབ་པའི་ཡོངས་སུ་ཉམས ་པས་ཡོངས་སུ་ཉམས་པ་རྣམས་སོ། །དེ་ལྟ་བུ་སངས་རྒྱས་རྣམས་ལ་མ་ཡིན་ཏེ། (སངས་རྒྱས)་དེ་རྣམས་ཀྱིས་མ་ཐོབ་པའི་ཁྱད་པར་གྱི་ཆོས་མེད་པའི་ཕྱིར་རོ། །དེ་ལ་འདུན་པ་ལ་སོགས་པ་རྣམས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར ་སོ་སོར་རྟོག་པར་མཛད་པས་ནི་བྱམས་པ་(ཆེན་པོ་ལ་འདུན?་པ?་ཉམས་པ་མི་མངའ་བ)་དང་སྙིང་རྗེ་དང་ཆོས་སྟོན་པ་དང་སེམས་ཅན་གདུལ་པ་(སེམས་ཅན་རྣམས་བསྟན་པ་ལ་འཇུག་པ)་དང་(སེམས་ཅན)་ཡོངས་སུ་སྨིན་པར་བྱེད་པ་(སེམས་ཅན་རྣམས་ཉོན་མོངས ་བ་སྤོང་བ་དང་རྗེས་སུ་མཐུན་པར་མཛད་པ)་དང་(སེམས་ཅན)་རབ་ཏུ་དབེན་པ་(ཉོན་མོངས་སྤོང་པ)་དང་བྱང་ཆུབ་ཡང་དག་པར་ལན་དུ་འཇུག་པ་(ལ་འདུན་པ་ཉམས་པ་མི་མངའ་བ)་ནི་འདུན་པའོ། །བརྩོན་འགྲུས་ནི་འདི་ལྟ་སྟེ། གདུལ་བྱ་(ལ་བརྩེ་བས་དགོངས་པར་མཛད ་པས་ན)་འགུགས་པར་བྱེད་པའི་(ཱམ་ཡལ་བར་མི་འདོད་པ)་བརྩོན་འགྲུས་དང། ཆོས་ཉན་པ་རྣམས་ལ་(སང་ངམ་གནང་བཤད་ཀྱིས་ཞེས)་མི་སྒྲུབ་པ་(ཱམ་བརྙས་པ)་མེད་པའི་བརྩོན་འགྲུས་ཏེ། གལ་དེ་དེ་བཞིན་གཤེགས་པ་(ཉན་པ་པོ)་དེ་གང ་བསྐལ་པར་མི་སྐྱོ་བར་ཉན་པ་དེ་ལྟ་བུའི་ངོ་བོའི་ཆོས་ཉན་པ་པོ་རྙེད་ན་བསྐལ་པར་ཡང་དེ་བཞིན་གཤེགས་པ་ཆོས་སྟོན་བཞིན་(ཆོས་གསུང་བ་ལས)་པ་མི་བཞེངས་ཏེ། བཟའ་བ་དང་བྲལ་བའི་རྒྱུད་ཀྱིས་(ཏེ་སྐུ་ཡིས)་དང་སེམས་ཅན ་ལ་ལྟོས་པས་ཀྱང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་འདས་པར་མཛད་ནས་གང་དུ་ཐ་ན་སེམས་ཅན་གཅིག་སངས་རྒྱས་ཀྱི་གདུལ་ཕྱིར་འགྱུར་བར་ཡང་གཤེགས་སོ། །དྲན་པ་ཉམས་པ་མི ་མངའ་སྟེ། (ཆོས་གསུང་བ་ལས་མི་ལྡང་ཞིང)་དེ་བཞིན་གཤེགས་པ་(སྔར་ཉམས་སུ་མྱོང་བ)་དྲན་(པར་མཛད)་ནས་སམ་བསམ་པར་(ཏེ་དཔྱད་པར)་མཛད་(ཏེ་རྣམ་པར་བརྟགས)་ནས་སམ། རྟོག་པར་མཛད་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པ་མ་ཡིན་(དེ་བཞིན་གཤེགས ་པ་ལ་རྣམ་རྟོག་མི་མངའ་བ)་པའོ། །ཏིང་ངེ་འཛིན་(ཉམས་པ་མི་མངའ་བ་ནི་ཆོས་ཐམས་ཅད)་མཉམ་པ་ཉིད་དེ། ཆོས་(དམིགས་བྱ་དང་དམིགས་བྱེད་ཀྱི་ངོ་བོ)་ཐམས་ཅད་ཀྱི་(དངོས་པོ་གང་ཡང་དམིགས་པས་ན)་མི་མཉམ་པ་མེད་པ་ཉིད་དང་(མཉམ་པ་ཉིད་ནི་ཕྱིན་ཅི ་མ་ལོག་པའི་ངོ་བོ་ཡིན་པས་ན)་ཇི་ལྟ་བ་བཞིན་ཉིད་དོ། (།ཆོས་ཉིད)་གང་མཉམ་པ་(དེ་བཞིན་ཉིད)་དང་མཉམ་པ་ཉིད་(ཆོས་ཉིད)་དེ་དང་ཏིང་ངེ་འཛིན་མཉམ་པ་ཉིད་དོ། (།ཆོས་ཉིད)་གང་དང་ཏིང་ངེ་འཛིན་མཉམ་པ་(ཱི་ཆོས་ཉིད་དང་མཉམ་པའི་ཏིང་ངེ་འཛིན)་དེ་དང ་དེ་བཞིན་གཤེགས་པ་རྣམས་མཉམ་པ་ནས། ཇི་སྲིད་དུ་(ཆོས་ཉིད་ཀྱི་རང་བཞིན་གྱིས)་ཁམས་གསུམ་ལའང་བརྟེན་པ་མེད་(ཅིང་མི་གནས)་པ་ཉིད་ཀྱི་ཕྱིར་ཉམས་པ་མེད་ཅིང་ཡོངས་སུ་ཉམས་པ་མེད་པ་སྟེ། དེས་ན་ཏིང་ངེ་འཛིན་ཉམས་པ་མེད ་དོ་ཞེས་བརྗོད་པར་བྱའོ། །ཤེས་རབ་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ལ་(ཕ་རོལ་གྱིས་བསྟན་པའི་སྟོབས་ལས་མ་བྱུང་བས)་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པའི་(སྤྲོས་པ་ཀུན་དང་བྲལ་བར་སོ་སོར་ཉིད་ཀྱི་ཐུགས་སུ་ཆུད་པ)་ཡེ་ཤེས་དང། སེམས་ཅན ་ཕ་རོལ་རྣམས་ལ་ཆོས་རབ་ཏུ་གསལ་བར་བྱེད་པའི་ཡེ་ཤེས་དང། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་མཁས་པས་(ཆིག)་རབ་ཏུ་དབྱེ་པ་(སྒྲ་དང་དོན་གྱི་སྒོ་ནས)་མཁྱེན་པའི་ཡེ་ཤེས་དང། ཚིག་གཅིག་རབ་ཏུ་འཇུག་པས ་བསྐལ་པ་སྟོང་ཕྲག་བརྒྱར་ལྷག་པར་གནས་པ་(ཱི་དངོས་པོ་ཀུན)་སྟོན་(ནུས)་པའི་ཡེ་ཤེས་དང། ཇི་ལྟར་དྲིས་པའི་དོན་གསུངས་པས་ཐེ་ཚོམ་གཅོད་པ་(ཱི་ཤེས་པ་མངའ་བ)་དང་ཐེག་པའི་(གསུམ་པོ)་རྣམ་པར་གཞག་པ་སྟོན་པའི་ཡེ ་ཤེས་དང། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་(འདོད་ཆགས་དང་ཞེ་སྡང་ལ་སྤྱོད་པ་སོགས)་བརྒྱད་ཁྲི་བཞི་སྟོང་རྣམས་མཁྱེན་པ་དང། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ཇི་ལྟར་སོ་སོར་(གདལ?་གང)་འོས་པའི་ཆོས་སྟོན་པའི་ཡེ་ཤེས ་སོ་ཞེས་པ་འདི་ནི་དེ་བཞིན་གཤེགས་པའི་(ཤེས་རབ་སྟེ་དེ་ཡང་སྐད་ཅིག་སོ་སོ་ལ་ཆད་པ་མེད་པས)་མཛའ་ཡས་པ། (རྒྱུན་འཆད་པ་མེད་པས)་མུར་ཐུག་པ་མེད་པ་མི་(དེ་དག་ཉིད་ཀྱི་ཕྱིར)་ཟད་པ་ཚད་མེད་པ། །རུ་སྙེ་སྟོང་པ་ཉིད་དུ་སྟོན་པའི་ཤེས་རབ་པོ། །དེ་བཞིན་གཤེགས ་པའི་རྣམ་པར་གྲོལ་བ་ནི་ཆགས་པ་(འདོད་ཆགས)་དང་འཛིན་པ་(གཟུང་བ་དང་འཛིན་པར་མངོན་པར་ཞེན་པ)་ཐམས་ཅད་དང་བྲལ་བ། (སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པས)་སྔོན་གྱི་མཛའ་དད?་མ་བཅིངས་པ། (།འདས་པའི་དུས་དང་མ་འབྲེལ)་ཕྱི་མའི་མཐར་(མ་འོངས་པའི་དུས)་མི་འཕོ ་བ། ད་ལྟར་བྱུང་བ་(ཱི་དུས)་ལ་མི་གནས་པ་(གདོངས་ནས་མ་སྐྱེས་པ་སྟོང་པ་ཉིད་ངོ་བོ་ཡིན་པས་ན་ཉོན་མོངས་པའི་དྲི་མས་མ་གོས་པའི་ཕྱིར།)་སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་ཁོ་ནར་(མ་དམིགས་པའི་ཚུལ་གྱིས)་ཤེས་པ་(ནི་རྣམ་གྲོལ)་སྟེ། དེའི་ཕྱིར་སྐད་ཅིག ་གཅིག་དང་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་(ཏེ་སྐད་ཅིག་གཅིག་གི་ངོ་བོ་ཅན་གྱི་སོམས་དང་ཤེས་རབ་ཀྱིས)་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བརྗོད་པར་བྱའོ། །སྐུའི་ཕྲིན་ལས་ཐམས ་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། སྐུའི་ཕྲིན་ལས་གང་དང་ཡང་དག་པར་ལྡན་པའི་དེ་བཞིན་གཤེགས་པ་(སྤྱན་གྱིས་གཟིགས་སོ)་བལྟ་བས་ཀྱང་སེམས་ཅན་རྣམས་འདུལ་བར་མཛད་དོ། (།ལྗགས་ཀྱིས)་གསུང་བཞིན་པའང ་རུང། ཅང་མི་གསུང་བར་གྱུར་པའང་རུང། (ཁ་ཟས)་གསོལ་བས་ཀྱང་རུང། སྤྱོད་ལམ་གྱིས་ཀྱང་རུང། མཚན་(སུམ་ཅུ་རྩ་གཉིས)་རྣམས་ཀྱིས་ཀྱང་(སེམས་ཅན་རྣམས་འདུལ་ལོ)་ཞེས་རྒྱ་ཆེར་རོ། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ། ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། དེ་བཞིན་གཤེགས་པ་ནི་(ཡེ་ཤེས་སྔོན་དུ་འགྲོ་བས)་འབྲས་བུ་དང་ལྡན་པའི་(དོན་མེད་མ་ཡིན་པ)་ཆོས་སྟོན་པར་མཛད་དོ། །གསུང་དེ་ཡང་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའོ། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ཡང་(སེམས་ཅན་ཀུན་གྱི་སེམས་མཁྱེན་པས)་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོན་པ། ཆོས་ཐམས་ཅད་(ཀྱི་རང ་བཞིན་ལ་མཁྱེན་པས་དེ་རྣམས)་ངེས་པར་རྟོགས་པ་(ཱམ་བསམས་པ།)་ཏིང་ངེ་འཛིན་ཐམས་ཅད་ལ་(རང་ཉིད་ཀྱིས་བསྐྱེད་པས་ན)་གཞན་གྱི་རྐྱེན་གྱིས་མ་ཡིན་པ། (དམིགས་བྱའི་དངོས་པོ་ཅུང་ཟད་ཀྱང་མེད་པས)་དམིགས་པ་ལས་ཡང་དག་པར་འདས་པ། རྟེན་ཅིང ་འབྲེལ་པར་འབྱུང་བ་རྟོགས་པ། (ཱམ་འཇུག་འགྲེལ་གྱི་འགྱུར་ན་རྐྱེན་ལས་སྐྱེ་བ་དང་ཅེས་པ་སྣང་སྟེ། ཊཱི་ཀ་ཡིས་ཀྱང་རྒྱུད་དང་འབྲས་བུ་དག་མི་རྟོགས་པས་སོ་ཤེས་བཀྲལ།)་སྲིད་པ་(བསལ་བ་ཞེས་བསྒྱུར་ཞིང་སྲིད་པ་གསུམ་གྱི་འགྲོ་བས་མ་བསྡུས་པ་ཤེས་བཀྲལ།)་གསུམ་གྱི་འགྲོ་བས་དཔག་ཏུ ་མེད་པ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། (བདུད་ཀྱི་གླགས་མི་རྙེད་པ།)་ཇི་སྲིད་དུ་(སྟོང་པ་ཉིད་དང་རོ་ཅིག)་ཆོས་ཀྱི་དབྱིངས་དང། དབྱེར་མེད་པའི་བར་དུ་ཡང་ངོ། །འདས་པའི་དུས་ལ་(ལྟོས་པ་མེད་པས)་མ་ཆགས་མ་(གང ་ལ་ཡང)་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་སྟེ། (འདས་པའི)་སངས་རྒྱས་ཀྱི་ཞིང་(བྱུང་བ་དང་ཞིག་པ)་ཇི་སྙེད་པ་དང། (ཞིང)་དེ་རྣམས་ན་རྩཝ་དང་འཁྲི་ཤིང་ལ་(སྨན་དང་ནགས)་སོགས་པ་ཇི་སྙེད་པ་རྣམས་དང་སངས་རྒྱས་བཅོམ་ལྡན ་འདས་ཇི་སྙེད་(བཞུགས)་པ་རྣམས་དང། ཆོས་སྟོན་པ་ཇི་སྙེད་པ་རྣམས་དང། རང་དང་གཞན་རྣམས་ཀྱི་སེམས་གང་གི་དེ་མ་ཐག་ཏུ་སེམས་གང་(འདས་པའི་དུས་སུ)་སྐྱེས་པ་དེ་ཐམས་ཅད་བགྲང་བའི་སྦྱོར་བས་མཁྱེན་ཏོ། །དེའང་མངོན ་སུམ་གྱི་ཡེ་ཤེས་ཀྱིས་ཏེ། རྗེས་སུ་རྟོགས་པའི་ཤེས་པས་(སོ་བསྒྱུར་ཏེ་མཉམ་བཞག་དང་རྗེས་ཀྱི་ཤེས་པས་སོ་ཞེས་བཀྲལ་སྣང)་ནི་མ་ཡིན་ནོ། །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། ཞིང་ངམ་སེམས ་ཅན་གང་ཅི་ཡང་རུང་བ་(མ་འོངས་པ་ན)་སྐྱེ་བར་འགྱུར་བ་རྣམས་དང་(སེམས་ཅན་མཛའ་དག་གི)་སེམས་གང་གི་དེ་མ་ཐག་ཏུ་སེམས་གང་སྐྱེ་བར་འགྱུར་བ་དེ་ཐམས་ཅད་བགྲང་བས་མཁྱེན་ཏོ་ཞེས་རྒྱས་པར་རོ། །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས ་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། གང་ད་ལྟར་བྱུང་བ་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་རྣམས་དང་(རྫོགས་པའི་སངས་རྒྱས་རྣམས་དང)་ཆོས་རྣམས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་མཁྱེན་པ ་ནས་ཇི་སྲིད་དུ་(བྲམ་?་ལ་སོགས་པའི)་རིགས་ཐམས་ཅད་དང་པ?་ལ་སོགས་པའི་ཁམས་ཐམས་ཅད་དང། རྡུལ་ཕྲ་རབ་ཀྱི་ཆར་བཅད་པ་(པའི་ཁམས་སོགས་རྡུལ་ཕྲ་རབ་དང་རྡུལ་འདི་ཙམ་ཡོད་ཅེས་པ)་དང། ཇི་སྲིད་སྐྲའི་རྩེ་མོའི་མཐས་བླངས་པའི་བར་(ཆུ་ཡི ་ཁམས་སྐྲ་རྩེས་བླངས་ན་སྐྲ་རྩེ་འདི་ཙམ་གྱིས་ལོངས་པར་འགྱུར་ཞེས་མཁྱེན་པ)་དང། ཇི་སྲིད་དུ་དམྱལ་བ་ལ་སོགས་པའི་འགྲོ་བར་སྐྱེས་པའི་སེམས་ཅན་གྱི་ཁམས་ཀྱི་བར་ཡང་མཁྱེན་ཏོ་ཞེས་(མདོ་སྔར?)་རྒྱས་པར་རོ། །དེ་བཞིན་གཤེགས་པ་ནི་(གཟུང?་པ?་འཛིན་པ་དག་མི ་མངའ་བས་ནི)་གཉིས་ཀྱི་རྗེས་སུ་འབྲང་བ་ཤེས་པ་མེད་དེ། གཉིས་སུ་མེད་པ་ལ་(སེམས་ཅན་རྣམས)་འཇུག་པའི་ཆེད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་ཡང་མཛད་དོ་(ཞེས་མདོ་སྡེ་དེར་བཀའ་སྩལ་ཏོ།)་།འོ་ན་གལ་ཏེ་དོན་དམ་པར་(ཤིས་བྱའི་ཆོས)་མཛའ་དག ་སྟོང་པ་ཉིད་ཁོ་ན་ཡིན་ཞིང། བཅོམ་ལྡན་འདས་ཀྱང་དེ་ཁོ་ན་ཉིད་(སྟོང་པ་ཉིད)་གཟིགས་པ་ཡིན་(པའི་ཕྱིར)་ན་དེ་ཇི་ལྟར་བཅོམ་ལྡན་འདས་(དེ་ཁོ་ན་ཉིད་མེད་པའི)་ཕྱི་རོལ་གྱི་དོན་དང་རྣམ་པར་ཤེས་པ་(བདེན་པ)་དག་སྟོན་པར་མཛད་དེ། དེ་ཁོ་ན་ཉིད ་གཟིགས་པ་ནི་དེ་ཁོ་ན་མ་ཡིན་པ་སྟོན་པར་བྱེད་པ་མེད་ལ་(ཅི་སྟེ་དེ་ཁོ་ན་ཉིད་མ་ཡིན་པ།)་སྟོན་ན་ཡང་ཅི་ལྟར་དེ་ཁོ་ན་ཉིད་མཐོང་(གཟིགས)་པའོ། །ཞེས་རྟོགས་པར་བྱ་ཞེ་ན། འདིར་བརྗོད་པར་བྱ་སྟེ། ཕྱི་རོལ་གྱི་དོན་དང་རྣམ་པར་རིག་པ ་དག་(བདེན་པར་ཡོད་པར)་སྒྲུབས་པའི་དོན་དུ་བཅོམ་ལྡན་འདས་(དོན་དང་རྣམ་ཤེས)་དེ་སྟོན་པ་མ་ཡིན་གྱི། འོན་ཀྱང་(དེ་དག་བདེན་པར་འདོད་པའི)་རྗེས་སུ་བརྗོད་པའི་དོན་དུ་སྟེ། ཕུང་པོ་ལྔ་པོ་ཁོ་ན་དང་རྣམ་པར་ཤེས་པ་ཙམ་ཁོ་ན་ཡོད་ཀྱི ་བདག་ནི་མེད་དོ་ཞེས་བདག་བཀག་པ་དེ་རྗེས་སུ་བརྗོད་པས་འཆད་པར་བཞེད་པའི་ཕྱིར་རོ། (།འོ་ན)་རྗེས་སུ་བརྗོད་པ་ཡང་ཅི་ལྟར་ན་སྟོང་པ་གཟིགས་པ་ལ་ཡིན་ཏེ། དེ་(བརྗོད་པར་བྱ་རྒྱུ)་སོ་སོར་སྣང་བ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་འཇིག ་རྟེན་པའི་བློ་(དང་མཐུན་པ)་ཁོ་ནས་རྗེས་སུ་བརྗོད་པ་སྲིད་པའི་ཕྱིར་རོ། །འཇིག་རྟེན་པའི་བློ་ནི་(དངོས་པོ་བདེན་པར་འཛིན་པ)་དེ་ལྟ་བུ་སྟེ། ཐོག་མ་མེད་པའི་མ་རིག་པ་གོམས་པའི་ཕྱིར་རོ། །འོ་ན་གལ་ཏེ་བཅོམ་ལྡན་འདས་ལ་(སེམས་ཅན་འདུལ་བའི་དོན) ་འཇིག་རྟེན་པའི་བློ་ཡིན་ན་ཅི་ལྟར་དེ་ཁོ་ན་ཉིད་གཟིགས་པ་ཡིན་ཞེ་ན། མ་ཡིན་ཏེ་(འཇིག་རྟེན་པའི་བློ་མེད་ཀྱང)་སྔོན་གྱི་(སློབ་ལམ་གྱི)་འཕེན་པས་སྟོན་པའི་ཕྱིར་ཏེ། (རྫ་མཁན་ལ་སོགས་པའི)་འཁོར་ལོ་འཁོར་བ་བཞིན་ནོ། (།འཇིག་རྟེན་པའི་བློ་མེད་ཀྱང་སྔོན་གྱི་འཕན ་པས་སྟོན་པས)་དེའི་ཕྱིར་རྣམ་པ་དུ་མར་སྟོན་པ་ནི་འཇིག་རྟེན་(ལམ་ཡང་དག་པ་ལ)་གཞུག་པའི་ཆེད་དུ་འགལ་བ་མེད་དེ། འདི་ལྟར་ཏེ་ལྡེམ་པོར་དགོངས་པ་རྣམ་པ་བཞིས་སྟོན་པའོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས ་རྣམས་ལ་བལྟ་བར་བྱ་སྟེ། (ཐེག་ཆུང་བའི་རིགས་ཅན་རྣམས)་བསྟན་པ་ལ་གཞུག་པའི་དོན་དུ་མི་སྐྲག་པའི་ཆེད་དུ་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་སྟོན་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པར་དགོངས་པ་ནི་དོན་གཞན་ལ་དགོངས ་པས་ན་(སེམས་ཙམ་པའི་ལུགས་དབང་བཙན་དུ་བྱས་ན)་ཀུན་བརྟགས་པ་ལ་སོགས་ངོ་བོ་ཉིད་གསུམ་རྣམས་ལ་བལྟ་བར་བྱ་སྟེ། ངོ་(འདི་དབུ་མའི་ལུགས་ལ་དགོངས་པ་ཅན་མིན་གྱི་དེས་དོན་ནོ)་བོ་ཉིད་མེད་པ་དང། མ་སྐྱེས་པ་ལ་སོགས་པར་ཆོས་ཐམས ་ཅད་སྟོན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་འདུལ་བ་ལ་བལྟ་བར་བྱ་སྟེ། ཇི་སྐད་དུ་སངས་རྒྱས་ལ་བརྙས་(ཤཱཀྱ་ཐུབ་པ་འདི་རྒྱལ་བ་རྣམ་པར་གཟིགས་པས་དམན་ནོ་སྙམ་པ་ལྟ་བུ)་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། ང?་ཉིད་དེའི ་(མདོ་སྡེ་རྒྱན་གྱི་བཤད་པའི་སྐབས་སུ། ཚིགས་སུ་བཅད་པ་གཉིས་པའི་གཟུང་དྲངས་པ། སངས་རྒྱས་ཆོས་ལ་བརྙས་པ་དང། །ལེ་ལོ་ཅུང་ཟད་ཆོག་འཛིན་དང། །ང་རྒྱལ་འདོད་ཆགས་སྤྱོད་པ་དང། །འགྱོད་དང་མ་ངེས་སྟོག་པ་ནི། །སེམས་ཅན་རྣམས་ཀྱི་གྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས་ཤས་ཏེ།)་དུས་ན་ཡང་དག ་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེར་གྱུར་ཏོ་ཞེས་པའོ། (།རྒྱལ་བ་རྣམ་པར་གཟིགས་དང་ཤཱཀྱ་སེང་གེ་གཉིས)་མཉམ་པ་ཉིད་ལ་འདིར་ལྡེམ་པོར་དགོངས་པ་སྟེ་ཆོས་ཀྱི་སྐུ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ལ་(ཐེག་པ་ཆེན་པོ་སོགས)་བརྙད? ་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་འདི་སྙེད་(རྣམས)་ལ་བསྙེན་བཀུར་བྱས་ནས་ཐེག་པ་ཆེན་པོ་ཁོང་དུ་ཆུད་པར་གྱུར་ཏོ་ཞེས་པའོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་གསུངས་པ་ན། ་གང་རྣམས་བདེ་བ་ཅན་དུ་(སྐྱེ་བར་གྱུར་ཅིག་ཅེས)་སྨོན་ལམ་བྱེད་པར་འགྱུར་བ་དེ་རྣམས་(བདེ་བ་ཅན)་དེར་སྐྱེ་བར་འགྱུར་རོ་ཞེས་པ་དང་སངས་རྒྱས་དྲི་མེད་ཟླ་འོད་ཀྱི་མཚན་(?པར་སྨོས་པ་འམ)་གཟུང་བ་འདི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ་ཞེས་པ་(ལ་དེ་ཙམ་ངས་ཀྱང་ནུས་སོ་སྙམ་པ)་སྟེ། དུས་གཞན་དུ་(བདེ་བ་ཅན་དུ་སྐྱེ་བ་དང་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ།)་།ཞེས་པ་དགོངས་པའོ་།ཅུང་ཟད་ཙམ་གྱིས་ཆོག་པའི་སྒྲིབ་པའི་གཉེན་པོར ་གསུངས་པ་ནི་(ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པ་སོགས་ཀྱི་གང་ཟག)་འགའ་ཞིག་ལ་སྦྱིན་པ་ལ་སོགས་པའི་དགེ་བ་གང་ཡིན་པ་དེ་ཉིད་བསྔགས་ཕར་མཛད་ལ་འགའ་ཞིག་ལ་སྨོད་པ་སྟེ། ཅུང་ཟད་ཙམ་གྱིས་(ཏེ་སྦྱིན་པ་ཙམ་གྱིས་སམ་ཐོས་པ་སོགས) ་*། (།ཙམ་གྱིས)་ཆོག་པའི་གང་ཟག་གི་བསམ་པ་ལ་དགོངས་པས་སོ། །འདོད་ཆགས་ལ་སྤྱོད་པའི་(ཁམས་གསུམ་པའི་ཕུན་ཚོགས་ལ་ལྷག་པར་ཚོགས་པ)་སྒྲིབ་པའི་གཉེན་པོར་གསུངས་པ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སངས ་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པར་མཛད་པའོ། །ང་རྒྱལ་ལ་སྤྱོད་པའི་(ལྷ་དང་ཀླུ་སོགས་ཁ་ཅིག་གཟུགས་དང་དབང་ཕྱུག་དང་མཐུ་ལ་སོགས་པས་ཁེངས་པ)་སྒྲིབ་པའི་གཉེན་པོ་གསུངས་པ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་འགའ་ ་ཞིག་གི་ཕུན་སུམ་ཚོགས་པ་(ནི་ལྷ་ཀླུ་སོགས་ཀྱི་ཕུན་ཚོགས་ཀུན་ལས་ཁྱད་པར་འཕགས་ཤིང་བསམ་གྱིས་མི་ཁྱབ་ནས)་ལྷག་པ་བསྔགས་པར་མཛད་པའོ། །འགྱོད་པའི་སྒྲིབ་པའི་(ཡིས་དགེ་ལ་མི་སྦྱོར་འགྱོད་པའི་གཉེན་པོ་ཡང་མི་བསྟེན་པ)་གཉེན་པོར་གསུངས་པ་ནི། གང ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་བྱེད་པ་དེ་རྣམས་ཐམས་ཅད་མཐོ་རིས་སུ་ཉེ་བར་འགྱུར་རོ། །ཞེས་པའོ། །རེ་ཞིག་ཙམ་མ་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལས ་འབྱེད་(ཅིང་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ་བར་འདོད)་པའི་སྒྲིབ་པའི་གཉེན་པོར་གསུངས་པ་(དམ་པའི་ཆོས་པདྨ་དཀར་པོ་སོགས་སུ)་ནི་ཉན་ཐོས་ཆེན་པོ་(ཤཱ་རིའི་བུ་ལྟ་བུ)་རྣམས་སངས་རྒྱས་ཉིད་དུ་སྟོན་པ་དང། (སེམས་ཙམ་པའི་གྲུབ་མཛའ་ཨི་དབང་དུ་བྱས ་པར)་ཐེག་པ་གཅིག་ཏུ་སྟོན་པ་ཡང་ངོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་(མདོ་སྡེ་རྒྱན་དུ་ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང། །རྫོད་བྱེད་ཟབ་པ་ཉིད་ལ་ནི། །ལྡན་བོར་ཤོངས?་པ་རྣམ་པ་བཞི་ཞེས་གསུངས་པས།)་རྗོད་བྱེད་ཟབ་པ་ཉིད་ལ་བལྟ་བར ་བྱ་སྟེ། འདི་ལྟ་སྟེ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས་།ཉོན་མོངས་ཀྱིས་ཀྱང་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཞེས་པ་སྟེ། འདི་ནི་འདིར་ལྡེམ་པོར་དགོངས་པ་སྟེ། སྙིང་པོ་(བི་སཱ་ར)་མེད ་པ་རྣམ་པར་གཡེང་བ་མེད་པ་ལ་གང་རྣམས་ཀྱི་སྙིང་པོའི་(ཙོ་བ?)་བློ་ཅན་དང། རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་འཛིན་པ་ལས་བཟློག་པས་མི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་ལ་ཤིན་ཏུ་(ཱམ་ལེགས་པར)་གནས་པ་ཡོངས་སུ་མ ་ཉམས་པ་དང། ཉོན་མོངས་པ་སྟེ་(བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར)་དཀའ་བ་སྤྱོད་པའི་རྩོལ་བའི་ངལ་བས་ཤིན་ཏུ་ཡོངས་སུ་ཉོན་མོངས་པའོ་ཞེས་པའོ། །དབྱངས་ཀྱི་ཡན་ལག་དྲུག་ཅུ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི ་མདོར་ཇི་སྐད་དུ་གསུངས་པ་རྣམས་ཏེ། དེ་ལ་གསུང་གི་གཉེན་པོ་(ཱམ་སྣུམ་པའམ་རླན་པ)་ནི་(ཆུས་མཉེན་བས་མེ་ཏོག་དང་ནགས་སོགས་སྟེན་པ་ལྟར)་སེམས་ཅན་གྱི་ཁམས་ལ་དགེ་བའི་རྩ་བ་(མ་ཆགས་པ་སོགས)་སྟོན་མ་སྐྱེད་ན་བསྐྱེད་པ་དང་བསྐྱེད་ན་འཕེལ ་བར་བྱེད་པའི་ཕྱིར་རོ། །འཇམ་པ་ནི་(དར་དང་དུས་བལ་ལ་སོགས་རེག་པ་ཙམ་གྱིས་བདེ་བ་སྐྱེ་བ་ལྟར)་མཐོང་བའི་ཆོས་ཁོ་ན་ལ་(མཉན་པ་ཙམ་ཉིད་ན)་བདེ་བ་ལ་རེག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འོང་བ་ནི་(དོན་ནི་ཡིད་ཀྱིས་ཤེས་ཀྱི་རྣ་བས་མ་ཡིན་པས་ན)་དོན། ་བཟང་བ་ཉིད་ཀྱི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཡི་གེ་(ས་མཚོན་པའི་ཚིག)་བཟང་བ་ཉིད་ཀྱི་ཕྱིར་རོ། །ངག་པ་ནི་འཇིག་རྟེན་ལས་འདས་པ་(གོང་མ་དང་བཅས་པ་ཉན་རང་བྱང་ཆུབ་སེམས་དཔའ་ཨི་ཡིན་ནའང)་བླ་ན་མེད་པའི་(རྫོགས་པའི་སངས་རྒྱས)་རྗེས་ལ་ཐོབ་པའི ་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་དང་བག་ཆགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེ་(རྟོག་པ་འམ)་སོ་སོར་གྲགས་པ་ཉིད་ཀྱི་ཕྱིར་རོ། (།ཝརྞ)་སྙན་ཞིང་འཇེབས་པ་ནི་མུ་སྟེགས་ཅན་བློ ་གྲོས་ངན་པ་ཅན་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་(ཝརྞ་ལ་ཡི་གེ་བསྣན་པའི་ངེས་ཚིགས་ལ་གུ་ཎ་ཞེས་པ)་སྟོབས་ཀྱིས་ཡོན་ཏན་(སྟོབས་ཉིད་ཡོན་ཏན་ཡིན་པ)་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་(ཇི་ལྟར་གསུངས་པ་ལྟར)་སྒྲུབ་པས་ངེས ་བར་འབྱུང་བའི་(ཐར་བར་བྱེད་པ)་ཕྱིར་རོ། མི་ཚུགས་པ་ནི་ཕ་རོལ་གྱི་སྨྲ་བ་པོ་ཐམས་ཅད་ཀྱིས། (གནོད་པར་བྱ་མི་ནུས་པས)་གཅད་པར་བྱ་བ་མ་ཡིན་པ་(མི་རྫིབ)་ཉིད་ཀྱི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། (།གསུང་དེ)་དུལ་བ་ནི ་འདོད་ཆགས་ཀྱི་གཉེན་པོ་ཉིད་ཀྱི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅའ་སྟེ་(དེ་ཁོ་ན་ཉིད་རྟོགས་པ)་བའི་(ཕས་ཀྱི་རྒོལ་བ)་བདེ་བའི་ཐབས་ཉིད་(ཡིན་གྱི་གཅེར་བུ་བ་ལྟར་ཚེ་འདི་དང་ཕྱི་མའི་སྡུག་བསྔལ་གྱི་གནས་མ་ཡིན་པ་ཉིད)་ཀྱི་ཕྱིར་རོ། །མི་བསླང་པ་ནི་(བསླབ་པ་བཅས་པ)་དེ་ལས ་འདས་པ་ན་(བཤགས་པ་ལ་སོགས་པ)་ཡང་དག་པར་ངེས་པར་འབྱུང་བ་(ཱི་ཐབས)་ཉེ་བར་སྙོན་པ་ཉིད་ཀྱི་ཕྱིར་རོ། རབ་ཏུ་གདུལ་བ་ནི་ཐེག་པ་གསུམ་གྱིས་འདུལ་བ་ཉེ་བར་སྟོང་པ་ཉིད་ཀྱི་ཕྱིར་རོ། །རྣ་བར་སྙན་པ་ནི་རྣམ་པར་གཡེང་བའི ་གཉེན་པོ་ཉིད་ཀྱི་ཕྱིར་རོ། །ལུས་ཚིམ་པར་བྱེད་པ་ནི་(གསུང་ངེས)་ཏིང་ངེ་འཛིན་སྐྱེད་(ཅི་ཞིག་གནས་ཀྱི་ལམ་བསྐྱེད)་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཚིམ་པར་(ཱམ་འགུ་བ)་བྱེད་པ་ནི་ལྷག་མཐོང་གི་(ཤེས་རབ)་རབ་ཏུ་དགའ་(སེམས་འགྲོ་བ) ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་(ཏེ་མེད་པར་བྱེད)་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགའ་བ་དང་བདེ་བ་བསྐྱེད་པ་ནི་ལོག་པར་ངེས་པ་(བདག་མེད་པ་ལ་བདག་ཏུ་ངེས་པ་སོགས)་སེལ་བའི་ཕྱིར་རོ། །ཡོངས་སུ ་གདུང་བ་མེད་པ་ནི་(གསུང་དེ་དང་པོར་ཉན་ཅིང་དེ་ནས་སྒྲུབ་ནས་མཐར་མངོན་སུམ་དུ་མཐོང་བ་ན)་སྒྲུབ་པ་པོ་འགྱོད་པ་མེད་པའི་ཕྱིར་རོ། །ཀུན་ཏུ་ཤེས་པར་བྱ་(ཞིང་ཁོང་དུ་ཆུད་པར་བྱ)་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར ་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཉིད་ཀྱི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱི་དཔེ་མཁྱུད་(ཆོས་ལ་སེར་སྣ)་མེད་པར་ཆོས་སྟོན་པའི་ཕྱིར་རོ། །དགའ་བར ་བྱ་བ་ནི་རང་གི་དོན་རྫས་སུ་ཐོབ་པ་(དགྲ་བཅོམ་པ)་རྣམས་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མངོན་པར་དགའ་བར་འོས་པ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམས་ཀྱིས་སྤྲོ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཀུན་ཤེས་པར་བྱ་བ་གཞུག་ཏུ་འོས་པ་ནི ་བསམ་གྱིས་མི་ཁྱབ་པའི་ཆོས་(བསམ་པར་མི་ནུས་ཤིང་བསམ་པ་ལ་ཕན་ཡོན་མེད་པ་བདག་ལ་སེམས་པ་དང་སེམས་ཅན་གྱི་ལས་ཀྱི་རྣམ་སྨིན་ལ་སེམས་པ་སོགས།)་ཡང་དག་པར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རིག་པར་བྱར་གཞུག་ཏུ་འོས་པ་ནི་བསམ་པར་བྱ་བའི་(ཱམ ་བསམ་གྱིས་ཁྱབ་པ)་ཆོས་ཡང་དག་པར་སྟོན་པ་ཉིད་ཀྱི་ཕྱིར་རོ། །རིགས་པ་ནི་(གསུང་དེ)་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་བ་(ཱམ་ཕན་པ་དང་བཅས་པ)་ནི་ཇི་ལྟར་འོས་པ་གདུལ་བྱ་ལ་(ཆོས་སེམས་ཅན་གྱི་བསམ་པ་དང་མཐུན་པར)་སྟོན་པ་ཉིད་ཀྱི་ཕྱིར་རོ།། ་ཟློས་པའི་སྐྱོན་མེད་པ་ནི་འབྲས་བུ་མེད་པ་མ་ཡིན་པའི་ཕྱིར་རོ། སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཆོགས་ཐམས་ཅད་(སེར་སྐྱ་ལ་སོགས་པ)་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་(ས་བསྲུངས་ཀྱི་བུ་ལ་སོགས་པ)་སྒྲ་སྐད་ནི་རྒྱ ་ཆི་བ་(ཞིང་བརྗིད)་ཉིད་ཀྱི་ཕྱིར་རོ། །འབྲུག་གི་སྒྲ་དབྱངས་ནི་ཟབ་བ་ཉིད་ཀྱི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་དབྱངས་(ཀླུའི་གནས་ན་ཆིག་སྙན་ཞིང་འདའ་མི་ནུས་བ་ལྟར)་ནི་གཟུང་བར་འོས་བ་ཉིད་ཀྱི་ཕྱིར། །དྲི་ཟའི་གླ་དབྱངས་ནི་སྙན་པ་ཉིད་ཀྱི་ཕྱིར་རོ། ཀ་ལ་པིངཀའི་སྒྲ་དབྱངས་ཡང ་(དང་ཡང་དུ་ནི་རྒྱུན་མི་འཆད་བ་དང་འཇིག་ཅིང་ཞིག་ན་ཡང་དེ་མཉན་པར་བྱ་བའི་དགའ་བ་འབྱུང)་བའི་ཕྱིར་རོ། (།ཏེ་སྙན་པའི་ཕྱིར་ཞེས་པའི་དོན་ཏོ།)་།ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་ཐག་རིང་པོར་གྲགས་པ་ཉིད་ཀྱི་ཕྱིར་རོ། །ཤང་ཤང་ཏིའུའི་(རྣ་བའི་བདུད་རྩི)་སྒྲ་དབྱངས་སུ་གྲགས་པ་ནི ་གྲུབ་བ་ཐམས་ཅད་ལ་བཀྲ་ཤིས་པ་ཉིད་ཀྱིས་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྒྲ་གཟུང་བ་ནི་དོན་རྟོགས་པར་བྱེད་པའི་མཚན་ཉིད་(ལུང་དུ་སྟོན་པ)་ཅན་གྱི་སྒྲ་རྟོགས་པར་བྱ་བའི་དོན་དུའོ། །དབྱངས་གཟུང་བ་(ཱམ་སྨོས་པ)་ནི་(དོན) ་དེ་དང་དེའི་བརྡ་རྟོགས་པར་བྱེད་པའི་དོན་ནོ། །གྲག་པ་གཟུང་བ་ནི་དེ་དང་དེའི་དབྱངས་ཀྱིས་བརྡ་རྗེས་སུ་སྟོན་པ་(ཱམ་སྨྲ་བ)་རྟོགས་པར་བྱེད་པའི་དོན་ནོ། །ལྷའི་དབང་པོའི་དབྱངས་ལྟར་སྙན་པ་ནི་(དེ་ལས)་འདའ་བར་བྱ ་བ་མ་ཡིན་པའི་ཕྱིར་རོ། །རྔའི་སྒྲ་ནི་བདུད་དང་གླགས་ཚོལ་བ་(ཱམ་ཕྱིར་རྒོལ་བ)་ཐམས་ཅད་ལས་རྒྱལ་བའི་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །མ་ཁེངས་པ་ནི་སྟོང་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་བ་ནི་རྨད་པས ་(མི་འདའ་བར་བྱ་བ་ཡིན)་ཀུན་ནས་ཉོན་མོངས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་(ཉན་ཐོས་ལུང་བསྟན་བའམ་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་སོགས།)་ལུང་བསྟན་པ་(ཱམ་ཡང་ན་དབང་པོས་བྱས་པ་ལ་སོགས་པའི་བརྡ་སྤྲོད་པ་ཀུན་གྱི) ་ཐམས་ཅད་ལ་མཚན་ཉིད་རྣམ་པ་ཐམས་ཅད་ལ་རྗེས་སུ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཟུར་བཅག་པ་(སྒྲ་ཉམས་པ)་མེད་པ་ནི་དྲན་པ་ཉམས་པས་དེ་མི་གསུང་བའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་གདུལ་བའི་བྱ་བ་(གློང་བ་དང་དྲན་བར་བྱ ་པ་དང་རྗེས་སུ་བསྟན་པ་དང་གདམས་པའི་ཆོས་བསྟན་པ)་རྣམས་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །མི་ཞན་པ་ནི་འཇིགས་པ་(བསྙངས་པ)་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། ་རབ་ཏུ་དགའ་བ་ནི་མི་སྐྱོ་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་མཁས་པ་(ཱི་རྗེས་སུ་སོན་པ་འམ་དེ)་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཆུབ་པ་(ཱམ་མཛའ་དག་པ)་ནི་སེམས་ཅན་རྣམས་ཀྱི་(སེམས་ཅན)་དེའི་དོན་ཐམས ་ཅད་ཕུན་སུམ་ཚོགས་པར་(སྒྲུབ་པར)་བྱེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུན་ཆགས་པ་ནི་རྒྱུན་མ་ཆད་པ་ཉིད་ཀྱི་ཕྱིར་རོ། །འབེལ་པ་(ཱམ་རོལ་པ)་ནི་རྣམ་(ཚིག་དང་ཡི་གེ)་པ་སྣ་ཚོགས་སུ་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །སྒྲ་ཐམས་ཅད ་རྫོགས་པར་བྱེད་པ་ནི་སྒྲ་གཅིག་ལས་(ལྷ་དང་ཀླུ་ལ་སོགས་དང་འཕགས་པ་དང་ཀླ་ཀློ་ལ་སོགས་པའི)་སྒྲའི་རྣམ་པར་རིག་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་ལས་(བདུལ་བྱ་རྣམས་ཀྱི)་དོན་དུ་མའི་རྣམ་པར་རིག་པ་ཉེ ་བར་གནས་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅའ་བ་ཇི་ལྟ་བ་བཞིན་(ཇི་སྐད་གསུངས་བ་ལྟར་དངོས་པོ་དེ་ཡིན་པའི་ཇི་སྐད་གསུངས་པ་དེ་བཞིན་སྒྲུབ།)་པའི་ཕྱིར་རོ། །མི་འགྱུར་བ་ནི་(ལ་ལར་ཞུས་ཀྱང་མི་གསུང་ལ་ཆེ་དཀར་ཡང་མི་གསུང་བར་མཛད་ཅེས་སློབ་དཔོན་ལ་ཁོལ་གྱིས་བསྟོད་པ་ལྟར།)་དུས་ལ ་བབ་པར་རབ་ཏུ་སྦྱོར་བའི་ཕྱིར་རོ། །མ་བརྟབས་བ་ནི་རྟབ་རྟབ་པོར་མི་གསུང་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲགས་པ་ནི་རིང་བ་དང་ཉེ་བའི་འཁོར་དུ་མཚུངས་པར་ཐོས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ནི་འཇིག་རྟེན ་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །དེ་བཞིན་དུ་ཡོན་ཏན་གཞན་རྣམས་ཀྱང་མདོ་སྣ་ཚོགས་རྣམས་སུ་རྒྱས་པར་བསྟན་པ་འདི་ལྟ་སྟེ། (འདི་རྣམས་འཕགས་པ་སངས་རྒྱས་ཀྱིས་འགྲེལ་པ་ན་བཞུགས)་སྤྱོད་པ་སྣ་ཚོགས་པ་རྣམས ་ཀྱིས་འཇུག་པའི་(ཱམ་འཛུད་པ)་ཡོན་ཏན་ནི་གདུལ་བྱ་ཇི་ལྟ་བར་བདག་ཉིད་ཀྱི་ལུས་ཡང་དག་པར་ཕྱེ་བ་(ཱམ་སྐལ་བ་མཉམ་པ)་ཀུན་ཏུ་སྟོན་པས་འཇུག་པ་(ཱམ་འཛུད་པ)་ཉིད་ཀྱི་ཕྱིར་རོ། །དགེ་བའི་ཆོས་སྐྱེ་བ་མཁྱེན་པའི་ཡོན་ཏན་ནི། དཔེར་ན་སོར ་མོའི་ཕྲེང་བ་ལ་སོགས་པ་རྣམས་ལ་བཞིན་ཏེ། ཉན་ཐོས་ལ་སོགས་པའི་ཡུལ་ལས་འདས་པ་དགེ་བའི་རྩ་བའི་ས་བོན་ཕྲ་མོ་ཡང་རྡོའི་གསེབ་ཏུ་སོན་པའི་གསེར་གྱི་ས་བོན་བཞིན་དུ་ཕྱིན་ཅི་མ་ལོག་པའི་རྣམ་པར་མཁྱེན་པའི་ཕྱིར་རོ། །ཇི་ལྟ ་མོས་པ་བཞིན་དུ་(ཀུན་ཏུ)་སྟོན་པའི་ཡོན་ཏན་ནི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྣམ་པར་རྟོག་པ་མེད་པར་ཡང་དེ་བཞིན་གཤེགས་པའི་དབང་ལས་(གདུལ་བྱ)་རང་གི་མོས་པའི་དབང་ལས་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་ལ ་སོགས་པའི་སྐུ་ཅན་དུ་མཐོང་བ་སྟེ། དེ་བཞིན་གཤེགས་པ་རྟོག་པར་མི་མཛད་པ་རྣམ་པར་རྟོག་པར་མི་མཛད་ཅེས་པ་ལ་སོགས་པ་མདོ་ཇི་ལྟ་བ་བཞིན་ནོ། །ཚད་མེད་པའི་རྟེན་(ཏེ་ལུས)་གྱིས་སེམས་ཅན་འདུལ་བ་ལ་རབ་ཏུ་སྦྱོར་བའི་ཡོན་ཏན་ནི ་ཚད་མེད་པའི་བྱང་ཆུབ་སེམས་དཔའ་ཨི་རྟེན་རྣམས་ཀྱིས་སེམས་ཅན་འདུལ་བའི་ཆེད་དུ་རབ་ཏུ་སྦྱོར་བ་སྟེ། དེ་ནི་དེ་བཞིན་གཤེགས་པའི་དབང་གིས་དམ་པའི་ཆོས་ཉན་པ་དང་སེམས་པ་དང་སྒོམ་པའི་རིམ་གྱིས་ཡེ་ཤེས་ཀྱི་ཁྱད ་པར་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྗེས་སུ་འཛིན་པ་(ཕན་འདོགས་པ)་དང་ཡོངས་སུ་གཏད་པ་དག་གིས་ཡོངས་སུ་(རྒྱུན)་ཆད་པ་མེད་པར་བརྒྱུད་པས་(འདུལ་བྱ་འདུལ་བ་ལ)་རབ་ཏུ་འཇུག་པའི་ཕྱིར་རོ། །ཆོས་ཀྱི་སྐུ་དང་ཕ ་རོལ་ཏུ་ཕྱིན་པ་མཉམ་པ་རྫོགས་པའི་ཡོན་ཏན་ནི་གཉིས་སུ་མེད་(དེ་བཞིན་ཉིད)་པའི་ཆོས་ཀྱི་སྐུ་ཅན་སངས་རྒྱས་ཀྱི་ས་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་མཚུངས་པར་རྫོགས་པའི་ཕྱིར་རོ། །འདྲེས་པ་མེད་པའི ་སངས་རྒྱས་ཀྱི་ཞིང་ཇི་ལྟར་མོས་པ་བཞིན་ཡང་དག་པར་སྟོན་པའི་ཡོན་ཏན་ནི། སེམས་ཅན་གྱི་མོས་པ་ལ་བལྟོས་པས་འདྲེས་པ་མེད་ཅིང་མ་འདྲེས་པར་སངས་རྒྱས་ཀྱི་ཞིང་གསེར་ལ་སོགས་པའི་རང་བཞིན་དུ་ཡང ་དག་པར་སྟོན་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་གསུམ་པ་རྣམས་ཀྱིའང་ཡུལ་ཡོངས་སུ་ཆད་པ་མེད་པའི་ཡོན་ཏན་ནི་ཐོག་མ་དང་བར་མ་དང་ཐ་མ་སྤངས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་རྣམས་ཀྱིས་རྣམས་དང་སངས་རྒྱས་ཀྱི ་ཞིང་རྣམས་སུ་ཐམས་ཅད་དུ་ཡུལ་ཡོངས་སུ་བཅང་པ་མེད་པས་མཉམ་པ་ཉིད་དུ་འགྲོ་བའི་(ཱམ་རྟོགས་པའི་ཕྱིར་རོ)་ཕྱིར་རོ། །འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཉེ་བར་གནས་པའི་ ་ཡོན་ཏན་ནི་(ཆོས་ཀྱི་དབྱིངས་ཀྱི་ཀླས་པ་ཞེས་པ)་ཆོས་ཀྱི་དབྱིངས་(སྒྲིབ་པ་གཉིས་པོ་ཀུན་དང་བྲལ་བས)་ཤིན་ཏུ་རྣམ་པར་དག་པ་འཁོར་བའི་བར་དུ་གནས་པ་ལས་(ཆོས་སྐུ)་དེའི་རྒྱུ་མཐུན་པ་མདོ་ལ་སོགས་པའི་ཆོས་རྣམས་གདུལ་བྱ་རྣམས་ཀྱི་དུས་ཇི་ལྟ་བ་བཞིན་ཕྱི་མའི ་མཐར་(སྟོན་པ་འདས་པའི་ཚུལ་བསྟན་ནས)་དང་དེའི་ཚེ་(ཞལ་བཞུགས་པ)་ཉིད་ན་ཡང་སོ་སོར་ཉེ་བར་གནས་པའི་ཕྱིར་རོ། །མི་ཟད་པ་ཉིད་ཀྱི་ཡོན་ཏན་ནི་(ནམ་མཁའ་ཨི་ཁམས་ཀྱི་མཛའ་གཏུགས་པ་ཕྱི་མའི་མཛའ་ཨི་མུར་ཐུག་པ་ཞེས་བཀའ་སྩལ་པ།)་ཆོས་ཀྱི་དབྱིངས་ལ་རྣམ་པར་བཀོད་པ ་རྣམས་ནམ་མཁའ་བཞིན་དུ་མཐར་ཐུག་པ་(ཱམ་འཇུག་པ)་མེད་པ་ལས་འཁོར་བ་ཇི་སྲིད་པར་ཆོས་ཀྱི་དབྱིངས་ལས་འགྲོ་བ་མཛའ་དག་གི་དོན་བྱ་བ་རྒྱུན་མི་འཆད་པར་རབ་ཏུ་སྦྱོར་བ་ཉིད་ཀྱི་ཕྱིར་ཡོན་ཏན་མི་ཟད་པ་ཉིད་དོ། །མཛེས་པ་(ཱི་ཡོན་ཏན་ཁྱད་པར་ཅན) ་དང་སླར་མི་ལྡོག་པ་དང་མ་ལུས་པ་རྟོག་པའི་ཡོན་ཏན་ཏེ། འདིས་ཀྱང་རིམ་པ་ཇི་ལྟ་བར་(ཚད་མ་རྣམ་འགྲེལ་དུ། དེ་ཕྱིར་ཕྱི་རོལ་པ་དང་སློབ་མི་སློབ་ལས་ལྷག་ཅེས་གསུངས་པ་ལྟར།)་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་རྣམས་རྣམ་པར་གཅོད་པར་རིག་པར་བྱའོ།། ་དེ་ལ་འཇིག་རྟེན་ལས་འདས་པའི་(མཐོང་བ་དང་སྒོམ་པ)་ལམ་གྱིས་(ཡེ་ཤེས་དང་སྤངས་བདུན་སུམ་ཚོགས་པ)་ཐོབ་པ་ཉིད་ཀྱིས་ན་མཛེས་པར་རྟོག་པ་(ཱམ་གཤེགས་པ)་ཡིན་ལ་དེ་བཞིན་དུ་ཕྱི་རོལ་པ་རྣམས་ཀྱི་མ་ཡིན་ཏེ། མཚམས་དང ་བཅས་པ་ཉིད་ཀྱིས་(ཕྱི་རོལ་པ)་དེའི་ཐར་པ་ནི་ཐར་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལྡོག་པའོ་ཞེས་བརྗོད་པ་ན་སྐྱེ་བ་དང་སྐྱོན་ཀུན་ཏུ་འབྱུང་བ་སྟེ། དེ་(སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག། སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས ་པ་ཉིད་ཡིན་ནོ། །ཞེས་ཏེ།)་དག་ཀྱང་སློབ་པ་རྣམས་ཀྱི་ཡིན་ལ་བཅོམ་ལྡན་འདས་ནི་མི་སློབ་པའོ། །ལུས་པ་ནི་ཉོན་མོངས་པ་མེད་ཅིང་ནད་(འཁོར་བའི་སྡུག་བསྔལ་གྱིས་གདུངས་པ)་མེད་ལ་ལུས་དང་ངག་དང་ཡིད་ལས་སུ་མི་རུང་བའམ་(ཱི་མི)་ ་*། (།མཐུན་པ་ཉིད)་ལམ་འཆད་པ་ལ་མི་གསལ་བའོ། (།ལུས་པ)་དེ་ཐེག་པ་དམན་པའི་(ཉན་བློས་དང་རང་སངས་རྒྱས་པ)་མི་སློབ་པ་དགྲ་བཅོམ་པ་རྣམས་ལའང་ཇི་ལྟར་སྲིད་པ་བཞིན་ཡོད་ལ་བཅོམ་ལྡན་འདས་ལ་ནི་མ་ཡིན་ནོ།། ་རིག་པ་དང་ཞབས་སུ་ལྡན་པའི་ཡོན་ཏན་ཏེ། དེ་ལ་རིག་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ལྷག་པའི་ཚུལ་ཁྲིམས་དང་ལྷག་པའི་སེམས་ཀྱི་བསླབ་པ་ནི་ཞབས་སོ། །རིག་པ་སྔོན་མ་ཅན་དེ་དག་ཞབས་ཉིད་(ལྷག་མ་ཡོད་པ ་སློབ་དཔོན་དབྱིག་གཉེན་གྱི་སངས་རྒྱས་རྗེས་དྲན་གྱི་འགྲེལ་པ་དང་བརྒྱད་སྟོང་འགྲེལ་ཆེན་དུ)་ཀྱི་ཕྱིར་ཏེ། གང་གི་ཕྱིར་རིག་པ་མིག་དང་འདྲ་བས་བལྟས་པས་ཅིག་ཤོས་(ཚུལ་ཁྲིམས་དང་ཏིང་ངེ་འཛིན)་ཞབས་དང་འདྲ་(ཚུལ་ཁྲིམས་དང་ཏིང་ངེ་འཛིན)་པ་དག་གིས ་དེ་ལྟར་(བགྲོད་བྱའི་གནས་སུ)་འགྲོ་བར་བྱེད་པའི་ཕྱིར་རོ། །དབང་ཕྱུག་དང་གཟུགས་དང་གྲགས་པ་དང་དཔལ་དང་ཡེ་ཤེས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པའི་ཡོན་ཏན་ཏེ། དེ་ལ་དབང་ཕྱུག་ནི་(རང་དབང་སྟེ)་གཞན་གྱི་དབང ་མ་ཡིན་པ་ཡིན་ལ། དེ་ནི་བཅོམ་ལྡན་འདས་ཀྱི་ཕུན་སུམ་ཚོགས་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཡོན་ཏན་ཐམས་ཅད་ཕུན་སུམ་(ཉོན་མོངས་པའི) ་ཚོགས་པའི་མཚན་ཉིད་ཅན་ཡང་ངོ། (དབང་ཕྱུག)་གང་གི་ཕྱིར་བཅོམ་ལྡན་འདས་སྒྲིབ་པ་མེད་པ་ནི་བདེ་བ་ཆེན་པོའི་བདུད་རྩིས་མངོན་པར་(དབང་སྐུར་བའམ)་བྲན་ཞིང་བླ་ན་མེད་ལ་སྒྲིབ་པ་མེད་པའི་སྐུ་དང་གསུང་དང་ཐུགས ་ཕུན་སུམ་ཚོགས་པ་རྟོགས་པར་(ཱི་ཐོབ་པ)་མཛད་པས་སོ། །དེ་བཅོམ་ལྡན་འདས་མར་གསུངས་པ། གང་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདེ་བའོ་ཞེས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོ་ན་བདེ་བ་སྟེ། ་སྡུག་བསྔལ་(གསུམ་པོ)་མ་ལུས་པ་ཉེ་བར་ཞི་བའི་བདེ་བ་ཉིད་ཀྱི་ཕྱིར་རོ། (།རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སཱུང)་གསུངས་པ་ཡང། (ཉོན་མོངས་མེད་པས)་རབ་ཏུ་ཞི་(ཡོངས་སུ་མི་ཉམས་པས)་བློ་མི་གཡོ་(འཇིག་རྟེན་འཇིག་རྟེན་ལས་འདས་པའི་བདེ་བ་མཆོག ་ཡིན་པས)་མཆོག་(།ཇི་སྲིད་འདོད་པ་དང་ཇི་སྲིད་འདོད་པར་མངོན་དུ་བྱེད་པས)་དབང་བསྒྱུར་(དེ་ལས་གཞན་པའི་བདེ་བ་དང་བདེ་བའི་རིགས་སུ)་མཉམ་དང་མི་(ཁྱད་པར་བཞི་པོ་འདིས)་མཉམ་པ། །རྣམ་པར་མི་རྟོག་བདེ་དེའི་ཕྱིར། །བྱང་ཆུབ་སེམས་དཔའ་རྟོགས་པར་བྱེད ་ཅེས་སོ། །དེ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བཅོམ་ལྡན་འདས་ནི་བཏང་སྙོམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་(མདོ་སྡེ་སངས་རྒྱས་ཀྱི་སའི་འགྲེལ་པ་མཁན་པོ)་འདོད་པ་ནི་མི་འཐད་པར་རིག་པར་བྱའོ། །གཟུགས་ཕུན་སུམ་ཚོགས་པ ་ནི་བླ་ན་མེད་པའི་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་རྣམ་པར་གསལ་བའི་(ཱམ་མཛེས་པ)་སྐུ་ཅན་ཉིད་ཀྱི་ཕྱིར་རོ། །གྲགས་པ་ཕུན་སུམ་ཚོགས་པ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་(ཡོན་ཏན་བརྗོད་པའི)་སྒྲ་གྲགས་པ་ཉིད་ཀྱི་ཕྱིར་རོ། ་ཕུན་སུམ་ཚོགས་པ་གང་གིས་ན་མང་པོ་(འགྲོ་བ་ཀུན)་རྣམས་ཀྱིས་བསྟེན་པར་བྱ་བ་དེ་ནི་དཔལ་ཏེ། བསོད་ནམས་ཀྱི་ཚོགས་བླ་ན་མེད་པའི་མཚན་ཉིད་ཅན་ནོ། (།དཔལ)་དེ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་པ་དང་འཇིག ་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་(མངོན་མཐོ་ངེས་ལེགས)་ཐམས་ཅད་འདོད་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཤེས་བྱ་ཐམས་ཅད་ལ་(ཡུལ་དུས་དང་དབྱེ་བ་དང་རྒྱུ་བརྒྱུད་པ་དང་འབྲས་བུ ་བརྒྱུད་པ་སོགས)་རྣམ་པ་ཐམས་ཅད་དུ་དག་པ་དང་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་ཡེ་ཤེས་ཅན་ཉིད་ཀྱི་ཕྱིར་རོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པའི་གསུང་ཕུན་སུམ་ཚོགས་པ་སྟེ། ལྷུན་གྱིས་གྲུབ་པས ་ཆགས་པ་མེད་ཅིང་མི་ལྡོག་ལ་འབད་པ་མེད་པར་འབྱུང་བ་དང་འགྲོ་བ་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་ཚིམ་པར་བྱེད་པ་དང། དབྱངས་ཀྱི་ཡན་ལག་ཐམས་ཅད་དང་ལྡན་པ་དང། འགྲོ་བ་གྲོལ་བར? ་བྱེད་པའི་གསུང་སྟེ། གཞན་གྱི་དོན་རྣམ་པ་ཐམས་ཅད་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དག་གི་རྟག་ཏུ་མི་ལྡོག་(ཅིང་རྒྱུན་མི་འཆད)་པའི་བྱ་བ་ཅན་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་ཞབས་ཀྱིས་ནི། རང་བཞིན་ལེགས་པར་གནས ་པ་མེ་ལོང་ཡེ་ཤེས་ཀྱིས་ཐོབ་པའི་ཕྱིར་དབང་ཕྱུག་ཕུན་སུམ་ཚོགས་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཀྱི་ལུས་(བདག་ཉིད་ཀྱི་དངོས་པོ)་ཐོབ་པའི་ཕྱིར་གཟུགས་ཕུན་སུམ་ཚོགས ་པའོ། །སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པས་ན་ཆོ་འཕྲུལ་(རྫུ་འཕྲུལ་དང་རྗེས་སུ་བསྟན་པ་སོགས)་ཐམས་ཅད་ཀྱིས་ཤིན་ཏུ་ཕྲ་བའི་མཛའ་ཡས་པའི་གདུལ་བྱའི་སྒྲིབ་པ་སྤོང་བའི་ཕྱིར་གྲགས་པ་ཕུན་སུམ་ཚོགས་པའོ། །འཇིག ་རྟེན་གྱི་ཁམས་ཐམས་ཅད་དུ་མོས་པ་ཇི་ལྟ་བར་སེམས་ཅན་ཐམས་ཅད་ཀྱི་མཛའ་ཡས་པའི་བསོད་ནམས་(ཀྱི་བྱིན་རླབས)་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་ལས་མི་ཟད་པའི་རིན་པོ་ཆེའི་རང་བཞིན་གྱི་རྟེན་(གནས་སམ ་སྐུ)་ལ་སོགས་པ་སྟོན་པས་(རང་ཉིད་དང་སེམས་ཅན)་ཚིམ་པར་བྱེད་པའི་ཕྱིར་དཔལ་ཕུན་སུམ་ཚོགས་པའོ། །ཐུན་མོང་མ་ཡིན་པའི་ཆོས་དང་ལྡན་པ་ཐམས་ཅད་དུ་ཡེ་ཤེས་ལ་དབང་ཉིད་ཐོབ་པའི་ཕྱིར་ཡེ་ཤེས་ཕུན་སུམ་ཚོགས ་པའོ། །དེ་ལྟར་གྱུར་པའི་(སངས་རྒྱས)་ཤིན་ཏུ་སེམས་ཅན་གྱི་དོན་ལ་(བརྩོན་པར་མཛད་པ་འམ།)་མཆོག་ཏུ་སྦྱོར་བ་ནི་མཆོག་ཏུ་མྱ་ངན་ལས་འདས་པ་(ཱམ་རྫོགས་པ)་མཉམ་པ་ཉིད་ཐོབ་པའི་ཕྱིར་བརྩོན་འགྲུས་ཕུན་སུམ་ཚོགས་པའོ། །ཞེས་རྣམ་བཞག ་མཛད་དོ། (།སྡུད་པའི་བཀའ་འགྲེལ་ན་ནི་ཡེ་ཤེས་ལྔ་པ་འཇོག་པ་ལ་ཚུལ་འདི་དང་ཡེ་མི་འདྲ་བ་གཅིག་སྣང།)་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་(འཁྲུང)་སྟེ། ནམ་མཁའ་གནས་པར་ཇི་སྲིད་པར ་བཞུགས་སོ། (།ཞིང)་དེ་ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡིན་ཞེ་ན། (རྫོགས་པའི་སངས་རྒྱས)་དེ་ཉིད་(ཞིང)་དེར་གཙོ་བོར་འབྱུང་བའི་ཕྱིར་རོ། །འཇིག་ཅིང་རབ་ཏུ་འཇིག་པ་ན་འཇིག་རྟེན་ཏེ། སྐྱེ་དགུ་(སེམས་ཅན)་དང་དེའི་སྣོད་དོ། །དེས་ན ་འཇིག་རྟེན་གྱི་ཁམས་ནི་རྣམ་པ་གཉིས་ཏེ་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ། །དེ་ལ་(ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་གི)་སྣོད་ཀྱི་འཇིག་རྟེན་དུས་གཞི་ལག་མཐིལ་ལྟར་མཉམ་པ་ཁང་བཟང་དང་སྐྱེད་མོས་ཚལ་དང ་འབབ་སྟེགས་དང་དཔག་བསམ་གྱི་ཤིང་ལ་སོགས་པས་བསྐོར་བའི་སེམས་ཅན་གྱི་གནས་མཆོག་ཏུ་འབར་བ་གསེར་དང་དངུལ་དང་བཻཌཱུརྱ་དང་མུད་སཱ་ར་གརྦྷ་དང་རྡོའི་སྙིང་པོ་དང་མུ་ཏིག་དམར་པོ་དང་ཀར་ཀེ་ཏ་ན་སྟེ། རིན་པོ ་ཆེ་སྣ་བདུན་གྱི་རང་བཞིན་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་གཞན་དུ་འཕྲོ་བའི་འོད་ཟེར་ཆེན་པོ་འགྱེད་པ། སྟེང་དཱུང་ནམ་མཁའ་དང་རྗེས་སུ་མཐུན་པར་སྣང་བའོ། (།ལོངས་སྐུའི་ཞིང)་དེར་སེམས་ཅན་གང་སུ་རྣམས་སྐྱེས ་བ་དེ་རྣམས་ཐམས་ཅད་ཀྱང་འཕགས་པའི་ས་(རབ་ཏུ་དགའ་བ་ཡན་ཆད)་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། སླར་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་སྨིན་པར་བྱའོ། །སེམས་ཅན་དེ་རྣམས་ཀྱང་ས་དང་ཆུ་དང་མེ་དང ་རླུང་དང་(མཛོད་དུ་བུ་ག་ནམ་མཁའ་ཨི་ཁམས་ཡིན་ནོ། །ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན་ཞེས་བཤད།)་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་གྱིས་ནི་ཁམས་དྲུག་པ་ཅན་ཏེ། དགེ་སློང་སྐྱེས་བུ་འདི་ནི་ཁམས ་དྲུག་པའོ་ཞེས་གསུངས་པའི་ཕྱིར་རོ། (།ལོངས་སྐུའི་གདུལ་བྱ)་དེ་རྣམས་ཀྱི་ལུས་ཀྱང་མཛེས་པ་དང་ལྡན་པ་འོད་ཀྱི་དཀྱིལ་འཁོར་ཅན་ཏེ། ས་གཞི་དང་རྗེས་སུ་མཐུན་པའི་ཁ་དོག་དང་དབྱིབས་(ཱོད?་ཚོང?)་ཅན་ནོ། ། ་(ལོངས་སྤྱོད་རྫོགས་སྐུའི་ཞིང)་དེ་ན་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ལ་ཡོངས་སུ་ལོངས་སྤྱོད་པ་ཡང་ལྷའི་འཇིག་རྟེན་ཐམས་ཅད་ལས་སོ་སོར་(རམ་རབ་ཏུ)་ཁྱད་པར་དུ་འཕགས་པ་སྟེ། (སེམས་ཅན)་གང་རྣམས་ཀྱི་ལོངས་སྤྱོད་ནི་མཛའ་ ་གཅིག་ཏུ་དགེ་བ་བདེ་བ་མཛའ་གཅིག་ཏུ་ཁ་ན་མ་ཐོ་བ་(སྨད་བྱ)་མེད་པ་མཛའ་གཅིག་ཏུ་དབང་སྒྱུར་བའོ། (།ལོངས་སྤྱོད)་འདི་འདྲ་བ་ནི་ཁམས་དྲུག་ཡོངས་སུ་དག་པ་སྟེ། མཛའ་ཡས་པ་ཉིད་དང། (འདི་ཙམ་དུ་ཟད་ཅེས་པའི)་མཚམས ་དང་བྲལ་བ་ཉིད་ཀྱི་ཕྱིར་དང། ཤིན་ཏུ་རོལ་པ་ཉིད་ཀྱི་ཕྱིར་རོ། (།ལོངས་སྐུའི་ཞིང)་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་(རྣམས)་སུ་སོང་ནས་དེར་སེམས་ཅན་དེ་རྣམས་ཀྱི་མི་དགེ ་བ་བསགས་པ་སྤང་བར་བྱ་བ་(རྣམས)་དང། དེའི་གཉེན་པོ་དགེ་བ་སོགས་པ་རྣམས་རབ་ཏུ་མཁྱེན་ནས་དགེ་བའི་ཆོས་བསྐྱེད་པའི་ཆེད་དུ་ཆོས་སྟོན་པར་བྱེད་དོ། །བྱང་ཆུབ་སེམས་(འཇིག་རྟེན་གྱི་ཁམས)་དཔའ་རྣམས་ལའང ་ཡོན་ཏན་འདི་རྣམས་ཐམས་ཅད་ཡོད་ལ་མཆོག་ཏུ་རྣམ་པར་དག་པར་སོན་པ་ནི་མ་ཡིན་ནོ། །དེ་ལྟར་མཚམས་མེད་པའི་ཡོན་ཏན་གྱི་གཏེར་(དུ་གྱུར་པའི)་གྱི་སངས་རྒྱས་ཀྱི་ཞིང་དུ་མཛའ་ཡས་པའི་རིན་(དྲན་པ་ཉེ་བཞག་སོགས) ་པོ་ཆེའི་རང་བཞིན་གཞལ་མེད་ཁང་གི་འཁོར་གྱི་ནང་ན། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་མཆོག་ཏུ་འབར་བས་སྐུ་རྣམ་པར་གསལ་བ་ནི་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུའོ།། (མངོན་རྟོགས་རྒྱན་དུ། མཚན་ནི ་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེང། ཅེས་གསུངས་སོ།)་།དེ་ལ་གཟུགས་ཆང་མར་(རམ་བདེ་ཅན་དུ)་བྱེད་པའི་གང་ཟག་རྣམས་ཀྱི་ངོར་དང་པ་མངོན་པར་འཕེལ་བའི་ཆེད་དུ་སྐྱེས་བུ ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་རྣམ་པར་བཞག་གི་(མཚན་དང་དཔེ་བྱད)་འདི་རྣམས་ཀྱི་གྲངས་འདི་ཙམ་དུ་བྱ་བར་ནུས་པར་བྱ་བ་ནི་མ་ཡིན་ནོ། །དེ་ལ་མཚན་རྣམས་ནི། ཕྱག་དང་ཞབས་འཁོར ་ལོས་མཚན་པ་ཉིད་དང། རུ་སྦལ་བཞིན་དུ་ཞབས་(ཉོན་མོངས་པ་མེད་པས)་ཤིན་ཏུ་གནས་པ་ཉིད་དང། ཕྱག་དང་ཞབས་ཀྱི་སོར་མོ་དང་ཕའི་རྒྱལ་པོ་ལྟར་(རྣམ་པ་ཐམས་ཅད་དུ་མཛས་པའི)་དྲ་བས་འབྲེལ་པ་ཉིད་དང། ཕྱག་དང་(ཀྱི་མཐིལ་རྣམས) ་ཞབས་(ཤིང་བལ་གྱི་འདབ་མ་ལྟར)་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང། བདུན་མཐོ་བ་ཉིད་དང། (ཕྱག་དང་ཞབས་ཀྱི)་སོར་མོ་རིང་བ་(ཡོ་བ་ལ་སོགས་ཀྱི་སྐྱོན་སྤངས)་ཉིད་དང། རྟིང་པ་ཡངས་པ་ཉིད་དང། སྐུ་(མི་ཐ་མལ་པ་ལས་མཐོ་བདུན་ཙམ་དུ་འཕགས ་པས)་ཆེ་ཞིང་དྲང་བ་(ཡ་ཡོ་མེད་པ)་ཉིད་དང། ཞབས་འབུར་མི་མངོན་པ་ཉིད་དང། སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང། བྱིན་པ་རི་དགས་ཨེ་(ཤ་ར་བྷ་འམ)་ནེ་ཡ་ན་ལྟ་བུ་དང། ཕྱག་རིང་(ཱམ་ཕྱག)་རིང་ཞིང་(ཞབས་དང་མཉམ་པ)་མཛེས་པ་ཉིད་དང། ་འདོམས་ཀྱི་སྤ་པ་(གླང་པོ་ཆེ་དང་རྟ་ཅད་ཤེས་ལྟ་བུ།)་སྲུབས་སུ་ནུབ་པ་ཉིད་དང། མདོག་གསེར་(ཤིན་ཏུ་སྦྱངས་པ)་འདྲ་བ་ཉིད་དང། པགས་པ་འཇམ་པ་ཉིད་དང། སྤུ་རེ་རེ་ནས་(གཉིས་མེད་པར་སྐྱེས་ཤིང)་གཡས་སུ་འཁྱིལ་བ་ཉིད་དང། ཞལ ་མཛོད་སྤུས་(ཀུན་ད་ལྟར་དཀར་ཞིང་ཟླ་བ་དང་ཉི་མ་ལས་ལྷག་པའི་འོད་དང་ལྡན་པ)་མཚན་པ་ཉིད་དང། རོ་སྟོད་སེང་གེའི་འདྲ་བ་ཉིད་དང། དཔུང་མགོ་(ཕྲག་པ)་ཤིན་ཏུ་ཟླུམ་པ་ཉིད་དང། ཐལ་གོང་རྒྱས་པ་ཉིད་དང། (སྨིན་མཚམས) ་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང། དབུ་གཙུག་ཏོར་དང་ལྡན་པ་ཉིད་དང། ལྗགས་སྲབ་ཅིང་རིང་བ་ཉིད་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གྱིས་དམ ་ལྗགས་རླུང་དང་མཁྲིས་པ་དང་པད་ཀན་གྱིས་མ་ཉམས་པའི་ཕྱིར་དང་རོ་བྲོ་སོ་སོར་མྱོང་བ་དང་མཐུན་པའི)་པའི་ཆོས་གོ་བར་བྱེད་པའི་(བལྟ་ན་སྡུག་པ)་ཕྱིར་ཚངས་པའི་དབྱངས་ཉིད་དང། འགྲམ་པ་སེང་གེའི་འདྲ་བ་(བལྟ་ན་སྡུག་པ)་ཉིད་དང། ཚེམས་ཤིན་ཏུ་དཀར་བ ་ཉིད་དང། ཚེམས་(ལ་མཐོ་དམན་མེད་པས)་མཉམ་པ་ཉིད་དང། ཚེམས་(མཚམས་མ་འདོད་པས)་ཐགས་བཟང་པ་ཉིད་དང། (མི་གཞན་ལ་སོ་སོ་གཉིས་སམ་ཉེར་བརྒྱད་ལས་མེད་པ་ལ)་ཚེམས་བཞི་བཅུ་ཚང་བ་ཉིད་དང། སྤྱན་མཐོན་མཐིང་ཉིད་དང། ་སྤྱན་རྫི་མ་བའི་ལྟ་བུ་ཉིད་དོ། །ཞབས་ཤིན་ཏུ་གནས་པ་ཉིད་ནི་(ཞབས་ལ་རྒྱུ་མོ་ཁུང་མེད་པས)་ས་ལ་མཉམ་པར་རེག་པ་སྟེ། ས་(གཞི)་ཆེན་པོ་ཐམས་ཅད་ལའང་དམའ་བ་དང་མཐོ་བ་དང། གསེག་མ་དང་རྡོ་བ་དང་ཆུ་དང ་(བླ་འོག་རྣམས་ལེགས་པར་གཞོལ་བས་དང་མ་འདྲེས་པས་ཤེས་འཕགས་པས)་འདམ་དང། ཚེར་མ་དང་བུ་ག་ལ་སོགས་པ་མེད་པར་མཉམ་པོར་གནས་ལ། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་དུ་མའི་བར་གྱི་དབང་གིས་(ཐག)་རིང་བའང་(ཐག ་ཉེ་བར)་འགྱུར་རོ། །སོར་མོའི་ཚིགས་དང་པོ་ནས་བརྩམས་པའི་སོར་མོའི་བར་ལ་སེང་སེང་བོ་མེད་ན་ཡང་སོར་གདུབ་ལ་སོགས་པའི་རྒྱན་གཞུག་ཏུ་རུང་བའི་སོར་མོ་ཅན་ནོ། །འཇམ་པ་ནི་ཤིན་ཏུ་གཞོན་པ་ཉིད་དོ།། ་གཞོན་ཤ་ཆགས་པ་ནི་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །བདུན་ནི་ཕྱག་དང་ཞབས་ཀྱི་རྒྱབ་གཉིས་དང། ཕྲག་གོད་(དམ་དཔུང་མགོ)་གཉིས་དང་ལྟག་པ་སྟེ་ཤས་(རྒྱས་ཤིང)་ཁེངས་པ་(ཱམ་གཉེན་པ) ་ཉིད་ཀྱི་ཕྱིར་རོ། (།རྟིང་བཔ་ཡངས་པ་ནི)་ཞབས་ཀྱ་མཐིལ་ཐམས་ཅད་ཆ་བཞིར་བྱས་ནས་ཆ་གསུམ་རྣམས་ལ་ཞབས་དང། ཆ་གཅིག་ལ་རྟིང་པ་སྟེ་ཚད་དང་ལྡན་པའོ། །ཞབས་འབུར་མི་མངོན་པ་ཞེས་པ་འདིར་མདོ་ནི་ཤིན་ཏུ་པུས་མོ་དང ་ལོང་བུ་(ཱི་ཚིགས་ཀྱི་དུས་པ)་མི་མངོན་པ་ཉིད་ཀྱི་ཕྱིར་ཞབས་འབུར་མི་མངོན་པའོ་ཞེས་སོ། །དེའི་ཕྱིར་ཤིན་ཏུ་ཡང་སྤས་པའི་དོན་ཅན་ཨུད་(དེ་ལྟ་བུའི)་སྒྲའོ། །པུས་(ཽད་ཤམ་ཁ་ཞེས་པ་སྒྱུར་ན)་མོ་དང་ལོང་བུའི་རུས་པ་བརྗོད་པར་བྱེད་(ཱི་ཚིགས) ་པ་ནི་ཤ་མཁའ་ཨི་སྒྲའོ། (།ཞབས་འབུར་ཞེས་པ་ལ)་བརླའི་རྩ་བ་ལས་འོག་ཐམས་ཅད་ལ་ཞབས་ཤེས་རྟོགས་པར་བྱའོ། །ེ་ནའི་ཡན་ལག་(ཱམ་ཆ་ཤས)་ནི་ཨེ་ན་ཡ་སྟེ། བྱིན་པ་དང་འདྲ་བ་ནི་བྱིན་པ་སྟེ། ཤ་ཤིན་ཏུ་རྒྱས་པ་དང་རིམ ་ཕྱིས་ཕྲ་བ་དང། མཉམ་པར་གནས་པ་དང། ཤིན་ཏུ་འདྲིལ་ཞིང་ཡོངས་སུ་ཟླུམ་པ་སྟེ་སོར་བརྒྱད་(ཅོ་བརྒྱད་ཅེས་འབུམ་ཊཱིཀ)་ཀྱི་ཕྱོགས་སུ་འགྱུར་རོ། །ཕྱག་(གི་དཔུང་བ)་དག་(སྤོམ་པའམ)་མཛེས་པ་ཉིད་ནི་རྒྱས་པ་ཉིད་ཀྱི་ཕྱིར་རོ། །རིང་བ ་ཉིད་ནི་བྲིད?་དུ་རིང་བ་སྟེ། མ་བཏུད་པར་(ཕྱག་གི་མཐིལ་གཉིས་ཀྱིས)་པུས་མོར་སླེབ་པ་ཉིད་ཀྱི་ཕྱིར་རོ། །འདོམས་སུ་སྤ་བ་(ར་བྱ་བ)་སྤུབས་སུ་ནུབ་པ་ནི་གང་གི་འདོམས་ཀྱི་སྦ་བ་མི་མངོན་པའོ། །མདོག་གསེར་འདྲ་བ་ཉིད་ཀྱིས་ནི་སྐུ ་མཁྲེགས་ཤིང་སྣུམ་ལ་འོད་གསལ་བའི་ཁ་དོག་ཅན་ཉིད་དུ་བསྟན་པའོ། །སྤུ་གཡས་སུ་འཁྱིལ་བ་ཉིད་ནི་གཡས་ཕྱོགས་སུ་འཁོར་བས་སོ། །མཛོད་སྤུ་ནི་སྨིན་མཚམས་ཀྱི་བར་ན་ཐིག་ལེའི་གནས་ན་འཇམ་པ་དཀར་བ་མཉེན་པ་དྲངས ་ན་ཁྲུ་གང་དང་ཁྲུ་གཉིས་དང་ཁྲུ་གསུམ་ལ་སོགས་པའི་(ར?་རིང་བ)་ཚད་འབྱུང་ལ། བཏང་ན་གཡས་སུ་འཁྱིལ་བ། རྩེ་མོ་གྱེན་དུ་ཕྱོགས་པ་སྐྱུ་རུ་རའི་འབྲས་བུའི་ཚད་ཙམ་པ་དངུལ་(གྱི་སྤུ་བ་འམ)་འབུར་གྱི་རྣམ་པའོ། །རོ་སྟོད་སེང་ ་གེའི་འདྲ་བ་ཉིད་ནི་རྒྱས་པ་ཡངས་པ་ཤ་རྒྱས་པའི་བྲང་ཅན་ཉིད་ཀྱི་ཕྱིར་དང། མཛེས་པ་(ཱམ་མ་ཞུམ་བ)་ཉིད་དང་རྒྱ་ཆེ་བ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་ཟླུམ་བ་རྩའི་དྲ་བ་མི་མངོན་པ་ནི་(སངས? ་རྒྱས)་གང་གི་དཔུང་མགོ་སྟེ། གསེར་གྱི་བུམ་པའི་མགྲིན་པ་བཞིན་ཡོངས་སུ་ཟླུམ་པའི་མགྲིན་པ་ལེགས་པར་འབྲེལ་པ་ཅན་ནོ། །དཔུང་མགོ་(ཕྲག་པ)་དག་གི་བར་དང་བར་ནི་ཐལ་གོང་སྟེ་(སངས་རྒྱས)་འདིའི་དེ་(ཐལ་གོང)་ཉེ ་པར་རྒྱས་པའོ་ཞེས་པ་ཐལ་གོང་རྒྱས་པའོ། །རོ་དྲུག་པོ་རྣམས་ཀྱི་བྲོ་བ་མཁྱེན་ཞིང་(དགའ་བ)་ཚིམ་པར་བྱེད་པ་སྟེ་རོ་བྲོ་བའི་མཆོག་ཉིད་ཀྱིས་ཞལ་ཟས་ཅན་ནི་བཅོམ་ལྡན་འདས་སོ་ཞེས་ཁ་ཅིག་ཏུ་བརྗོད་དོ། །ཡན་ལག་དང ་ཉིད་ལག་རྣམས་སུ་རོ་རྣམས་བྲོ་བར་བྱེད་(ཅེས་པའི་བཤད་པ)་གསོལ་བར་བྱེད་ཅེས་པ་རོ་བྲོ་བ་སྟེ་རྩ་རྣམས་སོ། །དེ་རྣམས་ཀྱི་མཆོག་ཉིད་ནི་རླུང་དང་མཁྲིས་བ་དང་བད་ཀན་ལ་སོགས་པ་རྣམས་ཀྱིས་མ་དཀྲུགས་པ་ཉིད་ཀྱིས ་མཉམ་པར་གནས་པ་སྟེ། (ཐུབ་པའི་དབང་པོ)་འདིའི་རླུང་ལ་སོགས་པས་མ་དཀྲུགས་པ་(ཱི་རྩ)་རྣམས་ནི་མཐོ་བར་མི་འགྱུར་འདུས་ཁོང་སུ་མ་ཡིན། འཁྱིལ་པར་བྱས་པ་མ་ཡིན། ཁ་དོག་ངན་པ་མ་ཡིན་ཏེ་མི་མངོན་པར ་རྩ་དེ་རྣམས་ཀྱིས་རྣམ་འགྱུར་མ་བྱས་པའི་སྐུ་ནི་གསེར་གྱི་གཏན་པ་བཞིན་དུ་ཡིད་དུ་འོང་བར་འགྱུར་རོ། །རླུང་ལ་སོགས་པ་རྣམས་ཀྱིས་མ་དཀྲུགས་པ་དེ་རྣམས་ཀྱིས་ཀྱང་ཡང་དག་པར་གསོལ་བའོ། །ད་(བུམ་ཊཱིཀ་ཏུ) ་གསུངས་པ། སྐྱེས་བུ་ཆེན་པོ་རྣམས་ཀྱི་མགྲིན་པར་རོ་གསོལ་(རྒྱུ་བར་ཞེས་འབུམ་ཊཱིཀ)་བར་བྱེད་པ་སྟོང་ཕྲག་བདུན་པོ་གྱེན་དུ་ཁ་ཕྱོགས་པ་རྣམས་འཇུག་གོ་།ཞེས་སོ། རོ་(ཐ་ན་ཏིལ་འབྲས་ཙམ་གཅིག་གསོལ་བས་ཀྱང་སྐུ་ཀུན་ལ་ཁྱབ་པར? ་འགྱུར་ཞིང།)་ཐམས་ཅད་ཀྱང་ཞལ་དུ་བཅུག་པས་བདུད་རྩིའི་རོ་དང་མཉམ་པར་འགྱུར་རོ། །ཡང་ན་རོ་བྲོ་བར་(ཱམ་མྱང་བ)་བྱའོ་ཞེས་པར་རོ་སྟེ། དྲུག་རྣམས་སོ། །དེ་རྣམས་ཀྱི་བོ་བ་སྟེ། ཞིམ་པའི་མཆོག་ཉིད་དོ། །དེ་དང་ལྡན་པའི་ཞལ་ཟས་གང ་ལ་ཡོད་པ་ནི་དེ་སྐད་དོ། །ཞེས་བྱེ་བྲག་ཏུ་བཤད་དོ། །ནྱག་ནི་དམའ་བ་སྟེ་སྐུ་སྨད་དོ། །རོ་དྷ་ནི་སྐུ་སྟོང་ངོ། །ཡོངས་སུ་གབ་པ་ནི་མཉམ་པ་སྟེ། ལྟེ་བ་ནས་གཟུང་ནས་སྐུ་སྨད་དང་སྐུ་སྟོང་ཚད་མཉམ་པའོ། །ཡང་ན་འདོམས་ནི་ནྱེ་གྲོ་དྷ་(སངས་རྒྱས) ་སྟེ་སྐུ་བཞེངས་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཕྱག་གཉིས་འདོམ་དུ་བྱས་ན་སྐུ་མཛའ་དག་ཆུ་དང་ཞེང་དག་མཉམ་པའོ། །ནྱ་གྲོ་དྷ་ནི་ཤིང་ཁ་ཊ་སྟེ་དེ་དང་འདྲ་བར་མཆུ་དང་ཞེང་མཉམ་པའོ་ཞེས་ཁ་ཅིག་གོ་།གཙུག་ཏོར་ནི་དབུ ་བཀྲིས་པའི་རྣམ་པར་ཟླུམ་ཞིང་ལེགས་པར་ཡོངས་སུ་རྫོགས་པའོ། །ལྗགས་ཆེ་བ་ཉིད་ནི་རིང་བ་ཉིད་ཀྱི་ཕྱིར་ཏེ། སྙན་གྱི་བྲག?་པའི་(རྣམ་གྲངས་ཀྱིས)་བཤད་ན་བར་དང་དཔྲལ་བའི་སྐྲ་མཚམས་ཀྱི་མཐར་ཐུག་བར་ལྗགས་ཀྱིས་རེག་པའོ། ། ་(ཱམ་ཡས་བཀབ་པའི་ཚུལ་གྱིས)་ཤིན་ཏུ་ཡང་དག་པར་རྫོགས་པ་མ་ཡིན་པ་ཚེས་བཅུ་གཉིས་ཀྱི་ཟླ་བའི་དཀྱིལ་འཁོར་དང་འདྲ་བ་ལེགས་པར་འབྲེལ་པ་དང་འགྲམ་པའི་མཛའ་ཟླུམ་པ་ཉིད་ཀྱི་ཕྱིར། (བལྟན་སྡུག་པ)་འགྲམ་པ་སེང་གེའི་ལྟ་བུ་ཉིད་དོ། ་ཚེམས་བཞི་བཅུ་ཆང་བ་ནི་གཞན་རྣམས་ཀྱི་བཞིན་དུ་སུམ་ཅུ་རྩ་གཉིས་སམ་ཉི་ཤུ་རྩ་བརྒྱད་མ་ཡིན་པའོ། །སྤྱན་གྱི་ཟླུམ་བའི་དབུས་(སྤྱན་འབྲས)་སྣུམ་ཞིང་གནག་བ་དང་ནག་པོ་ཟླུམ་པོའི་ལོགས་གཉིས ་དཀར་བ་དང། རྫི་མ་གནས་པའི་གོ་སྐབས་(རླ་འོག་གི་ཕྱོགས)་སྣུམ་ལ་མཐིང་ཀར་འདུག་པ་དང། མཛའ་(གྲ)?་གཉིས་ཤིང་པིཔྤ་ལའི་(བྱང་ཆུབ་ཤིང)་ཤུན་པ་ལྟར། དམར་བ་དང། རྫི་མ་དང་སྤྱན་གྱི་བར་གསར་གྱི་ཁ་དོག་གོ་ཞེས ་པ་འདི་ལྟར་རབ་ཏུ་དང་བ་(མཛེས་པ)་ལྔ་རྣམས་དང་ལྡན་ཀྱང་སྤྱན་གྱི་དཀྱིལ་འཁོར་(སྤྱན་འབྲས)་གཙོ་བོ་ཉིད་ཀྱི་ཕྱིར་སྤྱན་མཐོན་མཐིང་ངོ་ཞེས་གསུངས་སོ། །བེའུ་གཞོན་ནུའི་(རྫི་མ)་བཞིན་དུ་བླ་འོག་ཤིན་ཏུ ་སྣུམ་ཞིང་འོད་དང་ལྡན་པ་ཉིད་ཀྱི་ཕྱིར་དང། མ་འཛིངས་པ་ཉིད་ཀྱི་ཕྱིར་སྤྱན་རྫི་མ་བའི་ལྟ་བུ་ཉིད་དོ། །མཚན་འདི་རྣམས་རྗེས་སུ་གསལ་བར་བྱེད་པའམ་མཚན་དང་རྗེས་སུ་མཐུན་པར་གསལ་བར་བྱེད་པའམ་སྐྱེས་བུ་ཆེན་པོར་རབ་ཏུ་གསལ་བར་བྱེད་ཅེས་པའམ ་རྗེས་སུ་མཐུན་པར་མཛེས་པར་བྱེད་ཅེས་པ་(་ནུ་བྱ་ཉ་ཛ་ན)་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཏེ་ཅན་སེན་མོ་ཟངས་ཀྱི་མདོག་(དམར་བ)་ལྟ་བུ་ཉིད་དང། སེན་མོ་སྣུམ་པ་ཉིད་དང། སེན་མོ་མཐོ་བ་ཉིད་དང། སོར་མོ་ཟླུམ་བ་ཉིད་དང། སོར་མོ ་རྒྱས་པ་ཉིད་དང། སོར་མོ་བྱིན་གྱིས་(ཏེ་རིམ་གྱིས)་ཕྲ་བ་ཉིད་དང། རྩ་མི་མངོན་པ་ཉིད་དང། རྩ་མདུད་པ་མེད་པ་ཉིད་དང། (ཞབས་འབུར་མི་མངོན་པ)་ལོང་བུ་མི་མངོན་པ་ཉིད་དང། (རུས་སྦལ)་ཞབས་མི་མཉམ་པ་མེད་པ་ཉིད་དང། སེང ་གེའི་སྟབས་སུ་གཤེགས་པ་ཉིད་དང། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང། ངང་པའི་སྟབས་སུ་གཤེགས་པ་ཉིད་དང། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང། གཡས་ཕྱོགས་སུ་བསྐོར་བས་གཤེགས་པ་ཉིད། ་དང། མཛེས་པར་གཤེགས་པ་ཉིད་དང། མི་གཡོ་བར་གཤེགས་པ་ཉིད་དང། སྐུ་འཁྲིལ་བག་(ནམ་མཁའ་ལ)་ཆགས་པ་ཉིད་དང། སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང། སྐུ་རིམ་པར་འཚམ་པ་ཉིད་དང། སྐུ་གཙང་བ་ཉིད་དང། ་སྐུ་འཇམ་པ་ཉིད་དང། སྐུ་རྣམ་པར་དག་པ་ཉིད་དང། (དྲང་བོར)་མཚན་ཡོངས་སུ་རྫོགས་པ་ཉིད་དང། སྐུ་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང། གོམ་པ་སྙོམས་པ་ཉིད་དང། སྤྱན་རྣམ་པར་དག་པ་ཉིད་དང། སྐུ་ཤིན་ཏུ་གཞོན ་ཤ་ཅན་ཉིད་དང། སྐུ་ཞུམ་བ་མེད་པ་ཉིད་དང། སྐུ་རྒྱས་པ་ཉིད་དང། སྐུ་ཤིན་ཏུ་གྲིམས་པ་ཉིད་དང། ཡན་ལག་དང་ཉིད་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང། གཟིགས་པ་རབ་རིབ་མེད་ཅིང་དག་པ་ཉིད་དང། དཀུ་ཟླུམ་པ་ཉིད་དང་དཀུ་སྐབས ་ཕྱིན་པ་ཉིད་དང། དཀུ་མ་རྙེངས་པ་ཉིད་དང། ཕྱལ་ཕྱང་དེ་བ་ཉིད་དང། ལྟེ་བ་ཟབ་པ་ཉིད་དང། ལྟེ་(ཕྱག་ཞབས་ལ་སོགས་པ)་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང། (སྤྱན)་ཀུན་ནས་མཛེས་པ་ཉིད་དང། ཀུན་སྤྱོད་པ་གཙང་བ་ཉིད་དང།? ་སྐུ་ལ་སྨེ་བ་དང་(ཆེན་པོ)་གནག་བག་མེད་པ་ཉིད་དང། ཕྱག་མཐིལ་ཤིང་བ་ལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང། ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང། ཕྱག་གི་རི་མོ་ཟབ་པ་ཉིད་དང། ཕྱག་གི་རི་མོ་རིང་བ་ཉིད་དང། ཞལ་ཧ ་ཅང་མི་(ཆུང་ངུ)་རིང་བ་ཉིད་དང། ཤིན་ཏུ་དང་ཞིང་འོད་འབར་བ་ཉིད་ལས་ཞལ་ལ་གཟུགས་བརྙན་འཆར་བའི་ཕྱིར། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཉིད་དང། ལྗགས་མཉེན་པ་ཉིད་དང། ལྗགས་སྲབ་པ་ཉིད ་དང། ལྗགས་དམར་བ་ཉིད་དང། གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང། གསུང་སྙན་ཞིང་མཉེན་པ་འཇམ་པ་ཉིད་དང། མཆེ་བ་ཟླུམ་པ་(ཱམ་མཐོང་བ)་ཉིད་དང། མཆེ་བ་རྣོ་བ་ཉིད་དང། མཆེ་བ་དཀར་བ ་ཉིད་དང། མཆེ་བ་མཉམ་པ་ཉིད་དང། མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང། ཤངས་མཐོ་བ་ཉིད་དང། ཤངས་གཙང་བ་ཉིད་དང། སྤྱན་ཡངས་པ་ཉིད་དང། རྫི་མ་སྟུག་པ་ཉིད་དང། སྤྱན་དཀར་ནག་འབྱེས་ཤིང་པདྨའི ་འདབ་མ་རངས་པ་ལྟ་བུ་ཉིད་དང། སྨིན་ཚུགས་རིང་བ་ཉིད་དང། སྨིན་མ་འཇམ་པ་ཉིད་དང། སྨིན་མ་སྣུམ་པ་ཉིད་དང། སྨིན་མའི་སྤུ་མཉམ་པ་ཉིད་དང། ཕྱག་རིང་ཞིང་རྒྱས་པ་ཉིད་དང། སྙན་མཉམ་པ་ཉིད་དང། སྙན ་མ་ཉམས་པ་ཉིད་དང། དབྲལ་བ་ལེགས་པར་དབྱེས་པ་ཉིད་དང། དཔྲལ་བ་དབྱེས་ཆེ་བ་ཉིད་དང། དབུ་རྒྱས་པ་ཉིད་དང། དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང། དབུ་སྐྲ་སྟུག་པ་ཉིད་དང། དབུ་སྐྲ་འཇམ་པ་ཉིད་དང། དབུ་སྐྲ་མ་འཛིངས་པ་ཉིད ་དང་།དབུ་སྐྲ་མི་བཤོང་བ་ཉིད་དང། དབུ་སྐྲ་བྲི་ཞིམ་པ་ཉིད་དང། དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་ཐུགས་ཀ་དང་ཕྱག་དང། ཞབས་བརྒྱན་པ་ཉིད་ཅེས་པའོ། ཐུགས་ཀར་ཡང་དཔལ་བེའུ་ལ་སོགས ་པ་འབྱུང་བ་སྟེ། (མི་རྩུབ་པ)་ཐུགས་ཀ་ན་གནས་པའི་དཔལ་བེའུ་ལ་སོགས་པ་རྣམས་ལས་འོད་ཟེར་རྣམས་འབྱུང་ངོ་ཞེས་པ་(གླེང་གཞིར)་གསུངས་པའི་ཕྱིར་རོ། །མདོ་གཞན་དུ་ཕྱག་དང་(ཐུགས་ཀའི་དེ་རྣམས་མདོ་ནས་མ་བཤད་དོ་ཞེ་ན) ་ཞབས་ལ། སྡོང་རིས་དང་བུམ་པ་གང་བ་དང་ཉ་དང་གཉའ་ཤིང་དང་རྒྱལ་མཚན་དང། དུང་དང་ཁྲི་བཟང་པོ་དང་གདུགས་དཀར་པོ་དང་རྔ་ཡབ་ལ་སོགས་པ་རྣམས་ཀྱང་གསུངས་སོ། །མཚན་དང་དཔེ་བྱད་འདི་རྣམས་ཀྱང ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་འཁོར་ལོས་སྒྱུར་བ་རྣམས་ལའང་འབྱུང་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་(གནས་མ་འཁྲུགས་པས)་ཡུལ་ན་གནས་པ་དང། (ཤིན་ཏུ་འོད་ཆགས་ཤིང་ཡིད་ཕྲོགས་པ)་གསལ་བ ་དང་རྫོགས་པ་ཉིད་རྣམས་ཀྱིས་བླ་ན་མེད་པར་ཕུལ་དུ་བྱུང་(ཱི་རྒྱལ་པོ)་བའོ། །ཕལ་ཆེར་ནི་འདི་(མཛོད་གསུམ་པར། ཐུབ་མཚན་ཡུལ་ན་གནས་པ་དང། །གསལ་བ་རྫོགས་པས་འཕགས་པ་ཡིན། ཞེས་བཤད་པས)་རྣམས་བཅོམ་ལྡན་འདས་ལོངས་སྤྱོད ་མ་ཚད་བ་མེད་པ)་རྫོགས་པའི་སྐུའི་སྟེ། གཟུགས་ཀྱི་སྐུ་(ལོངས་སྤྱོད་རྫོགས་པ་ཞེས་བྱ་བ)་གང་ལ་(མཚན་བཟང་པོ་དང་དཔེ་བྱད)་གནས་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་(ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན)་མངོན་དུ་མཛད་པའི་སྐུ་དེ་(ས་བཅུ་པ) ་ལ་(གནས་པའི་བྱང་ཆུབ་སེམས་དཔའ་ལས་གཞན་པའི་སྤྱོད་ཡུལ་མ་ཡིན་པས)་བསམ་གྱིས་མི་ཁྱབ་ཅིང་སྣ་(བཻ་ཌཱུརྱའི་རང་བཞིན་ལ་སོགས་པའི་སྐུ་སྟོན་པས)་ཚོགས་གཟུགས་ཅན་ཏེ། གཟུགས་(སམ་ངོ་བོ)་དེ་དང་དེས་བྱང་ཆུབ་སེམས་དཔའ་རྣམས་ཆོས་ལ་རྫོགས་པར ་ལོངས་སྤྱོད་པའི་རྒྱུ་ཉིད་ཀྱིས་(སྣ་ཚོགས་གཟུགས་སུ)་ཡོངས་སུ་འགྱུར་བར་མཛད་དོ། །དེ་(དབུ་མ་ལ་འཇུག་པར་དེའི་མཐུས། སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག་།ཅེས་གསུངས་པ་ལྟར།)་ལས་སྒྲ་གང་བྱུང་(ཆོས་དབྱིངས་དེ་ཁོ་ན་ཉིད་ནོན་པར ་བྱེད་བ)་བ་དེ་ལས་འཇིག་རྟེན་ཡང་རྣམ་པ་དེ་ལྟ་བུའི་ཆོས་བསྟན་པའི་སྣོད་དུ་འགྱུར་ཞིང་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་(སྟོང་པ་ཉིད)་རྟོགས་པར་འགྱུར་རོ། (།དེ་ལྟ་བུས་འབྱུང་བ)་གང་གི་ཕྱིར་(རྫོགས་པའི་སངས་རྒྱས)་འདིས་སྔོན་བྱང་ཆུབ་སེམས་ད ་གྱུར་པས་སྨོན་ལམ་བསྐྱེད་པ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་རྣམས་དུས་འདིར་འདི་ལྟར་རྣམ་པར་མི་རྟོག་པར་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་(ལ་རྟོག་པ་མེད་ཀྱང་གཞན་གྱི་བསམ་པའི་དོན་ཕུན་ཚོགས་འབྱུང་བ)་དང ་འདྲ་བར་(དབུ་མ་འཇུག་པར། དེ་བཞིན་ད་ལྟ་སྐྱེ་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །འཇུག་པ་སྐྱེ་བའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆོས་བསམ་མི་ཁྱབ་ཅེས་དང།)་ཇི་ལྟར་རྗེས་སུ་མཐུན་པར་སེམས་ཅན་གྱི་དོན་སྒྲུབ་པ་རྫོགས་པར ་མཛད་མོད་ཀྱང། (དུས་ཐམས་ཅད་ཆོས་ཀྱི་སྐུ་ལ་བཞུགས་པ)་སྐད་ཅིག་ཀྱང་ཆོས་ཀྱི་དབྱིངས་ལས་མི་གཡོ་བ་དང། སེམས་ཅན་གདུལ་བའི་དུས་ལས་མི་འདའ་བ། དེ་(གང་གི་དུས་ན་གང་འདུལ་བར་འགྱུར་བའི་དུས་དེ་ན་འདུལ་བར་མཛད་པས)་བཞིན་དུ ་བདག་ཀྱང་འགྱུར་བར་བྱའོ། །ནམ་མཁའ་ཇི་སྲིད་པ་དང་སེམས་ཅན་ཇི་སྲིད་པ་དང་ཇི་སྲིད་དུ་ཉོན་མོངས་པ་དང་ལས་རྣམས་རབ་ཏུ་གདགས་པ་དེ་སྲིད་དུ་བདག་སྲོག་ཆགས་གཅིག་གི་ཡང་བྱ་བ་ལ། སངས་རྒྱས་ཀྱི་བྱ་བ་ཡོངས་སུ་རྫོགས ་ཀྱང། གནས་པར་བྱ་ཞིང་ཕན་པ་རྣམས་བྱའོ་ཞེས་པ་(རྫོགས་པའི་སངས་རྒྱས)་འདིའི་སྨོན་ལམ་གྱི་འཕེན་པའི་དབང་(སྟེ་ནུས་པ)་ལས་དང། གདུལ་བྱ་རྣམས་ཀྱི་རྣམ་པ་དེ་ལྟ་བུའི་ཆོས་ཉན་པ་འཇུག ་པའི་ལས་(མངོན་རྟོགས་རྒྱན་དུ་རྒྱུ་ནི་ཡོངས་སུ་སྨིན་གྱུར་ན་ཞེས་པ་ལྟར།)་ཡོངས་སུ་སྨིན་པ་ལས། དེ་འདྲ་བའི་བྱ་པའི་ཁྱད་པར་(མངོན་པར་མཐོ་བ་དང་ངེས་པར་ལེགས་པ)་རྣམས་རབ་ཏུ་གདགས་ཏེ། (མེད་པར་གཤེགས་པ་ཉིད་ཀྱི་སྨོན་ལམ་དང་གདུལ་བྱ་དུས་ལ་བབས)་གང ་ལ་རྣམ་པར་རྟོག་པ་མེད་པར་གྱུར་ཀྱང་མཛའ་མེད་པའི་དུས་སུ་ནམ་མཁའ་ཇི་སྲིད་པར་ཇི་ལྟར་གདུལ་བྱ་དང་རྗེས་སུ་མཐུན་པའི་བྱ་བ་འཇུག་པས་མཛའ་ཡས་པའི་སེམས་ཅན་གྱི་ཁམས་ཀྱི་དོན་མཛད་དོ། (།ལོངས་སྤྱོད་རྫོགས ་པའི)་སྐུ་འདི་ཡང་ས་བཅུའི་དབང་ཕྱུག་ཁོ་ནའི་བྱང་ཆུབ་སེམས་དཔའ་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པས་དྲི་མ་མེད་པའི་ཤེས་རབ་ཀྱི་མེ་ལོང་ཅན་རྣམས་ལ་སོ་སོར་སྣང་གིས་འཇོག་མ ་པ་རྣམས་ལ་མ་ཡིན་ནོ། (།གདུལ་བར་བྱ་བའི)་སེམས་ཅན་འདུལ་བའི་རྒྱུ་མཚན་དུ་ཇི་སྐད་བརྗོད་པའི་སྐུ་ལས། གང་གཞན་རྒྱུ་མཐུན་པའི་སྐུ་འཇུག་པ་(ཱམ་འགྲུབ་པ)་རྣམས་ནི་ཆོས་ཀྱི་སྐུའི་མཐུ་ལས་ཡང་དག་པར་(བཅུ་པ་ལས) ་བྱུང་པ་འམ་གཟུགས་ཀྱི་སྐུའི་མཐུ་ལས་ཡང་དག་པར་བྱུང་བ་འང་རུང་སྟེ། དེ་(ལོངས་སྤྱོད་རྫོགས་སྐུ་ལས་གཞན)་རྣམས་ཀྱི་ཡང་མཐུ་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་བོ། །དེ་(དབུ་མ་མཇུག་པར། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འགགས་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཛའ་དག་སྟོན་པར་མཛད་ཅེས་པ་ལྟར།)་ལྟར་ནི་གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་(སྟེ་སངས་རྒྱས་མི)་གནས་སྐབས་ལས་གང་སྔོན ་ཐོག་མ་མེད་པ་དང་ལྡན་པའི་འཁོར་བར་རང་གི་སྐྱེ་བའི་གནས་སྐབས་འགགས་པ་(བྲམ་ཟེ་དང་རྒྱལ་རིགས་སུ་འཁྲུངས་པ་ལ་སོགས)་སྤྱོད་པའི་མཛའ་(བྱུང་ཚུལ)་སྣ་ཚོགས་པ་(ཱམ་བཀྲ་བ)་དུ་མ་དེ་རྣམས་གསལ་བ་སྟེ། (གསལ་བའི་རྒྱུ་མཚན)་ལུས་པ ་མེད་པའི་སྤྱོད་པའི་མཛའ་བསྟན་པ་ལས་(སོ)་ཕན་(མ་འཆོལ་ཏེ)་ཚུན་འདྲེས་པ་མེད་པ་དེ་རྣམས་ཐམས་ཅད། ཤིན་ཏུ་ཡོངས་སུ་དག་པའི་མེ་ལོང་གི་དཀྱིལ་འཁོར་ལ་གདོང་གི་གཟུགས་བརྙན་བཞིན་དུ། ཅིག་ཅར་ཉིད་དུ་རྒྱུ་མཐུན ་པའི་སྐུ་(ལོངས་རྫོགས་པའི་སྐུ་ཞེས་འཇུག་ཊིཀ)་གཅིག་ཁོ་ན་ལ། འབད་པ་མེད་པ་ཁོ་ནས་ཀུན་ནས་སྟོན་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྔོན་སྤྱོད་པ་རྣམས་ཏེ་བཅོམ་ལྡན་འདས་ཀྱིས་(བྱང་ཆུབ་སེམས་དཔའ་ཨི་སྐབས་སུ)་སངས་རྒྱས་བཅོམ ་ལྡན་འདས་གང་བསྙེན་བཀུར་བྱས་པ་རྣམས། གང་འདྲ་བའི་སངས་རྒྱས་ཀྱི་ཞིང་བཻ་ཌཱུརྱ་དང་པདྨ་རཱ་ག་དང། ཨིནྡྲ་ནཱི་ལ་དང་ཤེལ་ལ་སོགས་པའི་རང་བཞིན་རིན་པོ་ཆེའི་ལྗོན་ཤིང་ལ་སོགས་པས་མཛེས་པར་བྱས་པ། ཞེང ་དང་ཆུ་དང་ཟླུམ་སྐོར་ལ་སོགས་པ་རྣམས་དང་བཅས་པ་དེ་ལ་(ཱི་སངས་རྒྱས་ཀྱི་ཞིང)་བརྟེན་པའི་སེམས་ཅན་རྣམས་ཀྱི་ཁྱད་པར་གྱིས་ཉེ་བར་མཛེས་པར་(ཱི་གནས་ཏེ།)་སངས་རྒྱས་བཅོམ་ལྡན་འདས་བལྟམ་པ་(ར་བྱང་ཆུབ་པ)་ལ ་སོགས་པ་སྟོན་པར་བཤད་པ་དེ་མ་ལུས་པ་སྐུ་གཅིག་ལ་སྟོན་པར་མཛད་དོ། །སངས་རྒྱས་དེ་རྣམས་ཀྱི་ཡང་གང་སྐུ་(ཱི་མཐུ་གཅིག་ལས་སྐུ་གཅིག་ལས་སྐུ་དུ་མ་འཕྲོ་བ་ལ་སོགས་པ)་དང་སྤྱོད་པ་(ཱི་མཐུ་བསླབ་པ་བསྲུང་བ་དང་ཆོས་སྟོན་པའི་སྒོ་ནས་སེམས ་ཅན་གྱི་དོན་མཛད་པ)་དག་གི་མཐུ་ཕུལ་དུ་བྱུང་བ་དང། ཇི་སྙེད་དུ་(སངས་རྒྱས)་དེ་རྣམས་ཀྱི་དགེ་འདུན་འདུས་པར་གྱུར་པ་འམ། (བསྟན་པའི)་ཆོས་དང་རྗེས་(ཏེ་ཕྱིས)་སུ་མཐུན་པའི་ཆོས་སྒྲུབ་པའི་རྣམ་པ་གང་གིས་ཉན་ཐོས་དང་བཅས ་བའི་དགེ་འདུན་དུ་གྱུར་པ་དང། སངས་རྒྱས་དེ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དུ་གང་འདྲ་བའི་བྱང་ཆུབ་སེམས་དཔའ་དེ་རྣམས་མཚན་དང་དཔེ་བྱད་ཀྱིས་རྣམ་པར་བཀྲ་བའི་སྐུ་ཅན་དབྱིབས་དང་ལྡན་པ ་ཞལ་ཟས་དང་ཆོས་གོས་དང་གནས་(དང་མལ་ཆ)་ལ་སོགས་པ་ཡོངས་སུ་སྤྱོད་པ་དང་ལྡན་པ་རྣམས་བྱུང་བ་དང། (དོན་དམ་པར)་ཐེག་པ་(ཆེན་པོ)་གཅིག་དང་(སེམས་ཅན་རྣམས་བཞུགས་པའི་ཆེད་དུ)་ཐེག་པ་གསུམ་ལ་བརྟེན་པའི ་ཆོས་ཉེ་བར་བསྟན་པ་གང་འདྲ་བ་དང་(སངས་རྒྱས་ཀྱི་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་དེའི)་བདག་ཉིད་བྲམ་ཟེ་(དང་རྒྱལ་རིགས)་ལ་སོགས་པའི་རིགས་སུ་རབ་ཏུ་སྐྱེས་པ་གང་འདྲ་བ་དང། གཟུགས་དང་(བཟང་བ)་བློ་(གསལ་བ)་དང ་ལྡན་པ་དང། ཁྱིམ་པ་དང་རབ་ཏུ་བྱུང་བར་གྱུར་པ་དང། ཆོས་མཉན་ནས་སྤྱོད་པ་གང་ལ་སྤྱོད་པ་དང། ལྷག་མ་དང་བཅས་པ་(བསླབ་པ་མཛའ་དག་མི་བསྲུང་བ)་དང་ལྷག་མ་མེད་པའི་(བསླབ་བ་མཛའ་དག་བསྲུང་བས)་བསླབ ་པ་ཁས་བླངས་པ་དང། སངས་རྒྱས་དེ་རྣམས་དང་ཉན་ཐོས་དང་བཅས་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་རྣམས་ལ་བཟའ་བ་(དང་ལྡན་པ་དང་བཏུང་བ་དང་འཇིབ་པ)་ལ་སོགས་པ་དང་ཆོས་གོས་དང། རིན་པོ་ཆེའི ་རྒྱན་ལ་སོགས་པ་དུས་ཇི་སྲིད་དུ་ཚད་གང་ཕུལ་བ་(སྟོན་པ)་དང། ཇི་(དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་ངེ་འཛིན་དང། ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང། །མ་ཚང་མེད་དང་ཉིད་ཀྱི་སྤྱོད་པ་ཀུན། །སྐུ་ཡི་བ་སྤུའི་ཁུང་བུར་གསལ་བར་སྟོན་ཅེས་པ་ལྟར།) ་ལྟར་ཡང་(རྫོགས་པའི་སངས་རྒྱས)་འདི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་སྤྱོད་ཚུལ་གྱི་མཛའ་སྟོན་པ་དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སྤྱོད ་པའི་ཡང་གང་སྔོན་གྱི་གནས་སྐབས་མ་ཚང་པ་མེད་པ་དེ་རྣམས་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །དེ་ལྟ་བུ་ལྟ་ཞོག་།གཞན་ཡང་བ་སྤུའི་ཁུང་བུར་ཡང་བདག་ཉིད་ཀྱི་སྤྱོད་པ་ཐམས་ཅད་གསལ་བར་སྟོན་པར་མཛད་དོ། ། ་གཞན་ཡང་འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བའི་སངས་(སངས་རྒྱས་ཀྱི་གནས་སྐབས་ན)་རྒྱས་རྣམས་ཀྱི་(བྱང་ཆུབ་ཀྱི)་ཐུགས་དང་(སངས་རྒྱས་དུས་ན)་པོ་བསྐྱེད་པ་ནས་གཟུང་ནས་(བཤད་མ་ཐག་པ་ལ་སོགས)་ཇི་སྲིད་བྱང་ཆུབ་སྙིང་པོའི་བར ་གྱི་སྤྱོད་པ་གང་རྣམས་དང། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་དང་(སོ་སོ)་སྐྱེ་བོ་མ་ལུས་པ་རྣམས་ཀྱི་ཡང་གནས་སྐབས་(སྣ་ཚོགས)་ཐམས་ཅད་པ་(འགྱུར་བ)་སྤུའི་ཁུང་བུ་རེ་རེར་ཅིག་ཅར་སྟོན ་པར་མཛད་དོ། །ནམ་མཁའ་ཨི་མཐས་ཀླས་པའི་འཇིག་རྟེན་གྱི་ཁམས་ཀྱང་བཞེང་ན་རྡུལ་ཕྲ་རབ་གཅིག་གི་ནང་དུ་(སྟོན་པར་སྤྱོད)་སྟེ། འཇིག་རྟེན་ཕྲ་བར་གྱུར་པ་ཡང་མ་ཡིན་ལ། རྡུལ་ཕྲ་རབ་ཆེ་བར་མ་ཡིན་ནོ། །རྡུལ་ཕྲ་རབ་གཅིག་གིས་ཀྱང་ ་མཛའ་མེད་པའི་ཡུལ་ལ་ཁྱབ་པ་དང་འཇིག་རྟེན་མ་ལུས་པ་བརྟེན་པ་སྟོན་པར་མཛད་དོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་ན་ཇི་སྙེད་པའི་རྡུལ་ཕྲ་རབ་དེ་སྙེད་ལས་ལྷག་པའི་སྤྱོད་པ་(སྦྱིན་པ་དང་སྦྱིན་པ་ཆེན་པོ་དང་མཆོག་ཏུ་གྱུར་པའི་སྦྱིན་པ་ལ་སོགས) ་རྣམ་པར་བཀྲ་བ་(ཕྱོགས་མཛའ་ཡས་པའི)་རྣམས་སྐད་ཅིག་གཅིག་ལ་རྣམ་པར་རྟོག་པ་མེད་པར་འཁོར་བ་ཇི་སྲིད་ཀྱི་བར་དུ་སྟོན་པར་མཛད་དོ། །དེ་ལྟར་འགྲོ་བའི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ ་རྣམས་ནི་(སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་དང།)་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བ་རྣམ་པ་དེ་ལྟ་བུའི་མིག་འཕྲུལ་གྱི་ངོ་བོ་ལས་མ་འདས་པའི་(སྣང་བ་རང་བཞིན་མེད་པ)་རང་བཞིན་མངོན་སུམ་པ་ཡང་དག་པར་སྟོན་པར་ནུས ་པའོ་ཞེས་མཁས་པ་རྣམས་ཀྱིས་མོས་པར་བྱའོ། །དེ་ལྟར་(སྤྲུལ་པའི་སྐུ་འཆད་པར་འགྱུར་ཏེ)་བཅོམ་ལྡན་འདས་ཁམས་གསུམ་(པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་དེ)་ལས་འདས་པ་ཡང། སྤྲུལ་པའི་སྐུ་རྣམས ་(སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་ཁྱོན་ནས་སྤྲུལ་རྣམས་ཀྱིས། །གཤེགས་པ་དང་ནི་བལྟམ་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། །མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པ་དཀྲི་བར་མཛད། ཅེས་པའི་འགྲེལ?་བར།) ་ཀྱིས་འཇིག་རྟེན་རྗེས་སུ་གཞུག་པས་ཡུམ་དང་ཡབ་དང་སྲས་ལ་སོགས་པའི་འབྲེལ་པ་ཡང་དག་པར་སྟོན་ཞིང་ཁམས་གསུམ་པར་བཞུགས་ནས་ཇི་ལྟར་རྗེས་སུ་མཐུན་པའི་ཆོས་སྟོན་པ་ཡང་དག་པར་འཇུག་པས། རྣམ་པ་སྣ ་ཚོགས་པ་(གདུལ་བྱ་རྣམས)་སྤྱོད་པའི་སེམས་ཅན་གྱི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ། གྲགས་པ་དང་(བའམ་གཤེགས)་ལན་(འདོད་ཆགས་ལ་སྤྱོད་པ་སོགས་དང།)་དུ་ཕན་འདོགས་པ་ལ་སོགས་པ་འདོད་པས་མ ་ཡིན་པར་ཐུགས་རྗེས་འགྲོ་བ་རབ་ཏུ་ཞི་བ་ལ་སོགས་པའི་ཕྲིན་ལས་རྣམས་ཀྱིས་རབ་ཏུ་འགོད་པར་མཛད་དོ། །དེ་ལྟར་ནི་(ལ་རེ་བ)་འགྲོ་རྣམས་ཞི་བའི་ལས་དང་ནི་ཞེས་པ་ལ་སོགས་པ་ཇི་སྲིད་དུ། ཆོས་ཀྱི་སྐུའི་ཕྲིན་ལས་འདི། ། ་རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པ་མངོན་པར་རྟོག་པའི་བརྒྱན་ནོ། །ཕྲིན་ལས་དེ་རྣམས་ཀྱང་བཅོམ་ལྡན་(མངོན་པར་རྟོགས་པའི་རྒྱན་དུ)་འདས་སྐུ་དེ་རྣམས་སུ་སྤྲུལ་པ་སྟེ། གང་དམྱལ་བ་པ་རྣམས་ཀྱི་དམྱལ་བའི་མེ་ཤི་བར ་བྱས་པས་དང། ཆོས་སྟོན་པས་(སེམས་དང་བར་བྱས་པ)་དང། དེ་བཞིན་དུ་བྱོལ་སོང་རྣམས་ལའང་རང་གི་ཤ་དང་ཁྲག་ལ་སོགས་པ་སྟེར་བས་དང། དེ་བཞིན་དུ་ཡི་དགས་(རྒྱལ་བའི་ཡུམ་རྒྱས་པ་དང་བར་པར་བཀའ་སྩལ་པ་ལྟར)་རྣམས་ལ་བཟའ་ ་བ་དང་བཏུང་བ་ལ་སོགས་པ་བྱིན་པས་དང། ཆོས་བསྟན་པས་ཀྱང་སེམས་མངོན་པར་དང་བར་བྱས་ནས། མངོན་པར་དང་བ་དེས་ཀྱང་རང་(རང་གི་ངན་པའི)་འགྲོ་བ་རྣམས་ནས་ཤི་འཕོས་ནས་ལྷ་དང་མི་རྣམས་སུ་སྐྱེ་བར་བྱེད་པ་དང། ལྷ་ཐེག ་པ་དམན་པ་ལ་མོས་པ་རྣམས་ཀྱང་ཆོས་བསྟན་པས་མངོན་པར་དང་བར་བྱས་ནས་མི་རྣམས་སུ་སྐྱེ་བ་ནས་ཇི་སྲིད་དུ་ཉན་ཐོས་ཀྱི་བྱང་ཆུབ་ལ་འགོད་དོ་ཞེས་པ་ལ་སོགས་པ་རྣམས་མདོ་ཇི་ལྟ་བར། བདག་གིས་གོང་དུ་གནས་སྐབས་ཇི་ལྟ་བར ་བརྗོད་ཟིན་ཏོ། །གཞན་ཡང་བཅོམ་ལྡན་འདས་འདི་ཇི་ལྟར་རང་ཉིད་(བྱང་ཆུབ་ཀྱི)་ཐུགས་དང་པོ་ལ་སོགས་པ་རྣམས་བསྐྱེད་པ་དེ་བཞིན་དུ་(གདུལ་བྱ་རྣམས་ཀྱང)་སེམས་དེ་དང་དེ་བསྐྱེད་པའི་ཆེད་དུ་གདུལ་བྱ་རྣམས་ལ་ཆོས་སྟོན་པར་མཛད་དོ་ཞེས ་མདོར་བསྡུས་ནས་(རྫོགས་པའི་སངས་རྒྱས)་འདིའི་ཕྲིན་ལས་བསྟན་པའོ། (།དབུ་མ་ལ་འཇུག་པའི་འགྲེལ་པར)་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཇི་སྐད་བརྗོད་པ་འདི་རྣམས་ཀྱང་སངས་རྒྱས་ཀྱིས་ཀུན་ཏུ་འོད་ལ་རྣམ་པ་ཐམས་ཅད་ཡོངས་སུ་དག་པར ་འགྱུར་རོ། (།ཡོན་ཏན)་གང་རྣམས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་(ཁྱད་པར་གྱི་ཆོས)་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ཡུལ་ཅན་དེ་(ཆུ་བོ་བཞིའི་ནང་དུ་ཆུད་པ)་ལས་གཞན་པའི་ཡོན་ཏན་(མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས ་པ་སོགས)་མཛའ་དག་དང་ལྡན་པའི་དེ་བཞིན་གཤེགས་པ་(ཤིང་མཐར་ཐུག་པར་གྱུར)་ཆོས་ཀྱི་སྐུ་ལས་ཐ་དད་པ་མེད་པར་འཇུག་པ་ནམ་མཁའ་གཅིག་པུ་དཔེ་དང་(གཞལ་བར་བྱ་བས་ན)་དཔེར་བྱ་བའི་ཡོན་ཏན་རེ་རེར་ཡོན་ཏན་མ་ལུས་པ་རྒྱས ་པ་རྣམས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་(ཁྱད་པར་གྱི་གཞིའོ)་ཅད་ན་གནས་པའི་འགྲོ་བ་མགོན་མེད་པའི། རྣམ་པ་ཐམས་ཅད་(འཇུག་ཊིཀ་ཏུ་ཡོན་ཏན་རེ་རེ་ལ་ཡང་ཡོན་ཏན་རྒྱས་པ་ཇི་ཙམ་ཡོད་པ་དེ་ནམ་མཁའ་དང་མཚུངས་ཏེ་མཛའ་ཡས་པ་ཡིན་ནོ་ཞེས་པ།)་ཀྱིས ་སྣོད་ཇི་ལྟ་བ་བཞིན་དུ་རྒྱུན་ཆད་པ་མེད་པར་ནམ་མཁའ་འཇུག་པ་ཇི་སྲིད་པར་མགོན་དུ་འགྱུར་རོ། །ཅི་སངས་རྒྱས་ཐམས་ཅད་རྣམ་པ་ཐམས་ཅད་མཉམ་པར་འགྱུར་རམ་ཞེ་ན། རྒྱུ་གསུམ་རྣམས་ཀྱིས་མཉམ་པ་ཉིད ་དེ། སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དང། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང། ལོངས་སྤྱོད་རྫོགས་པ་བ་དང། སྤྲུལ་བའི་སྐུ་དག་གིས་འཇིག་རྟེན་གྱི་དོན་སྤྱོད་པའོ། །སྐུ་ཚེ ་(མཛོད་འདུན་པར་སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང། །རིགས་དང་སྐུ་བོང་ཚད་ཀྱིས་ཡིན་ཞེས་བཤད།)་དང་(གནས་གྱུར་པ)་རིགས་དང་ཚད་(སྐུ་བོང་གི)་ཀྱིས་བྱས་པའི་(སྒོ་ནས)་ཐ་དད་པར་མི་འགྱུར་ཏེ། (མཐོ་རིས་དང་བྱད?་གྲོལ་མཛད་པ།) ་ཤིན་ཏུ་རིང་བ་དང་ཐུང་བར་འཚོ་བའི་ཕྱིར་དང་(འཇིག་རྟེན་ན་འགྱུར་བའི་དབང་གིས)་བྲམ་ཟེ་དང་རྒྱལ་རིགས་སུ་རིགས་ཐ་དད་པའི་ཕྱིར་དང། འོད་སྲུངས་དང་གོའུ་ཏ་(ཤཱཀྱ་བ)་མ་ལ་སོགས་པ་རུས་ཐ་དད་པའི་ཕྱིར་དང། ་(སྐུ་ཚེ)་ཆུང་བ་དང་ཆེ་བའི་བོང་ཚོད་ཐ་དད་པའི་ཕྱིར་ཏེ། (འདུལ་བའི)་དུས་ཇི་ལྟ་བའོ། །ཕུན་སུམ་ཚོགས་པ་རྣམ་པ་གསུམ་པོ་འདི་ཉིད་ཡིད་ལ་བྱེད་པའི་མཁས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ ་ཀྱི་དྲུང་དུ་ཤིན་ཏུ་དགའ་བ་དང་གུས་པ་བསྐྱེད་པར་བྱ་ནུས་ཏེ། འདི་ལྟ་སྟེ་རྒྱུ་ཕུན་སུམ་ཚོགས་པ་(བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས)་དང། འབྲས་བུ་ཕུན་སུམ་ཚོགས་པ་(ཆོས་སྐུ་སོགས)་དང། ཕན་པ་བྱེད་པ་ཕུན་སུམ་ཚོགས་པའི ་དེ་ལ་རྒྱུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། བསོད་ནམས་དང་(ཕ་རོལ་ཏུ་ཕྱིན་པ་ལྔ་པོ)་ཡེ་ཤེས་(ཤེས་རབ)་ཀྱི་ཚོགས་ཐམས་ཅད་ལ་(ཡང་དང་ཡང་དུ)་གོམས་པར་བྱེད་པ་དང། དུས་རིང་པོར། (འགྲོ་བའི་དོན་སྤྱོད་པ ་བསྐལ་པ་གྲངས་མེད་གསུམ་དུ)་གོམ་པར་བྱེད་པ་དང། རྒྱུན་དུ་(བར་ཚད་མེད་པར)་གོམས་པར་བྱེད་པ་དང། བཀུར་སྟིར་(གུས་པ)་བྱས་ཏེ་གོམས་པར་བྱེད་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ཡེ་ཤེས་དང་སྤངས་པ་དང། མཐུ ་དང་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའོ། (།ཆོས་སྐུ་དངོས་སུ་གྲུབ་པས་འབྱུང་བ)་ཕན་པར་བྱེད་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ངན་སོང་གསུམ་དང། འཁོར་བའི་སྡུག་བསྔལ་ལས་ཤིན་ཏུ་ངེས་པར་འགྲོ་ལ་བ་ཕུན་སུམ་ཚོགས་པ ་དང། ཐེག་པ་གསུམ་དང་བདེ་འགྲོ་ལ་འགོད་པ་ཕུན་སུམ་ཚོགས་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། (བདག་ཉིད་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པས)་ཉེ་བར་མ་བསྟན་པར་མཁྱེན་པ་དང། (རང་དང་སྤྱིའི་མཚན་ཉིད་མ་ལུས་པ་ཐུགས་སུ ་ཆུང་བས)་ཐམས་ཅད་མཁྱེན་པ་དང། རྣམ་པ་(གང་ཅིའང་མི་མཁྱེན་པ་མེད་པས)་ཐམས་ཅད་དུ་མཁྱེན་པ་དང། འབད་(བཞེད་པ་ཙམ་གྱིས་ཐུགས་སུ་ཆུད་པ)་པ་མེད་པར་མཁྱེན་པའོ། །སྤངས་པ་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ཉོན་ ་མོངས་པ་(མཐོང་སྤང་དང་སྒོམ་སྤང)་ཐམས་ཅད་སྤངས་པ་དང། ཤིན་ཏུ་(སླར་མི་ལྡོག་པར)་སྤངས་པ་དང། བག་ཆགས་དང་བཅས་པ་(མ་ལུས་པར)་སྤངས་པ་དང། (གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བས)་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས ་པར་འཇུག་པའི་སྒྲིབ་པ་སྤངས་པའོ། །མཐུ་ཕུན་སུམ་ཚོགས་པའང་རྣམ་པ་བཞི་སྟེ། ཕྱི་རོལ་གྱི་ཡུལ་རྣམས་(སྔོན་མེད་པ་འབྱིན)་སྤྲུལ་ཞིང་ཡོངས་སུ་བསྒྱུར་བ་(རྡོ་སོགས་གསེར་སོགས་སུ་མཛད་པ་སོགས།)་དང་བྱིན་གྱིས་རློབ་པ་(ཡུན་རིང་དུ་གནས ་པར་མཛད་པ)་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང། སྐུ་ཚེ་(གདུལ་བྱའི་དོན་དུ)་གཏོང་བ་དང་(ཡུན་རིང་དུ)་བྱིན་གྱིས་རློབ་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང། བསྒྲིབས་པ་(ལ་གཤེགས་པ)་དང་ནམ་མཁར་(གཤེགས་པ)་དང་(ཐེག) ་རིང་བ་ལ་མྱུར་བར་གཤེགས་པ་དང། ཕྲ་བ་ལ་མང་པོ་ལ་འདུག་པ་ལ་དབང་བ་ཉིད་ཕུན་སུམ་ཚོགས་པ་དང་སྐུའི་འོད་ཀྱིས་མཛའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་ལ་སོགས་པ་རྣམ་པ་སྣ ་ཚོགས་པའི་གཉུག་མའི་(རང་བཞིན་གྱིས་འབྱུང་བ)་ངོ་མཚར་(ཁྱོན)་བ་ཕུན་(གླང་པོ་ཆེ་ལ་སོགས་པ)་སུམ་ཚོགས་པའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་ཡང་རྣམ་པ་བཞི་སྟེ། མཚན་ཕུན་སུམ་ཚོགས་པ་དང། དཔེ་བྱད་ཕུན་སུམ ་ཚོགས་པ་དང། སྟོབས་ཕུན་སུམ་ཚོགས་པ་དང། རྡོ་རྗེའི་(ལྟ་བུ)་སྙིང་པོའི་རུས་པའི་ལུས་(སྐུ་གདུང)་ཕུན་སུམ་ཚོགས་པའོ་(ཞེས་སོ།)་།ལོངས་སྤྱོད་རྫོགས་པའི་སྐུའི་ཡང་འཁོར་གྱི་དཀྱིལ་འཁོར་ཐ་དད་པ་དང་ཞིང་ཐ་དད་པ་སྟེ། ལོངས་ ་སྤྱོད་རྫོགས་པའི་སྐུ་འགའ་ཞིག་གི་སངས་རྒྱས་ཀྱི་ཞིང་ནི་ཤེལ་གྱི་རང་བཞིན། འགའ་ཞིག་གི་ནི་བཻཌཱུརྱའི་རང་བཞིན་ཏེ། (མདོ་སྡེ་རྒྱན་དུ་ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང། །མཛད་པ་རྣམས་ཀྱི་ཐ་དད་དོ།) ་དེ་ལྟ་བུ་ལ་སོགས་པའོ། །མིང་ཐ་དད་པ་ནི་འོད་དཔག་མེད་དང། རྣམ་པར་སྣང་མཛད་ཅེས་པ་འདི་ལྟ་བུ་ལ་སོགས་པའོ། །སྐུ་ཐ་དད་པ་ནི་(གདུལ་བྱ)་འགའ་ཞིག་གིས་རྣམ་པ་འགའ་ཞིག་ཏུ་མཐོང་བ་སྟེ། ཤེལ་གྱི་རང་བཞིན་ལ ་སོགས་པ་ཐ་དད་པའམ། སྐུ་ཆུང་བ་དང་སྐུ་ཆེ་བ་ཐ་དད་པས་སོ། (།གསུང་རབ་ཀྱི)་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་ཐ་དད་པ་ནི་ས་བཅུ་པ་དང་བློ་གྲོས་མི་ཟད་པའི་ཆོས་ཀྱི་རྣམ་གྲངས་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་ཐ་དད ་པས་སོ། །འཁོར་གྱི་དཀྱིལ་འཁོར་(རམ་མཛད་པའི་བྱེ་བྲག)་ཐ་དད་པ་ནི་དེར་འདུས་པའི་བྱང་ཆུབ་སེམས་དཔའ་(ཱི་བསམ་པ)་ལ་བལྟོས་པ་སྟེ། (འཁོར་གྱིས)་བསྐོར་བ་ཐ་དད་པ་ཡང་ངོ། །ཇི་ལྟར་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་འདི ་རྣམས་འཁོར་དང་བཅས་པ་འདིར་(ལུང་ལ་བརྟེན་ནས)་ངེས་པར་བསྟན་པ་དེ་ལྟ་ཁོ་ནར་རྟོགས་པར་བྱ་སྟེ། གནས་(སེམས་བསྐྱེད་འཁོར་བཅས)་གང་རྣམས་བསམས་ན་བྱིས་པ་(བློའི)་ནུས་པ་ཟད་པ་ལས་སྐྱོ་ཞིང་སྨྱོ་ལ་བརྒྱལ་བ་དང་འཆི་བར་འགྱུར ་པའི་གནས་དེ་རྣམས་ནི་བསམ་གྱིས་མི་ཁྱབ་པ་(བསམ་པར་མི་ནུས་པ)་རྣམས་ཏེ། རྟོག་གའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱང་ཇི་ལྟར་བཅོམ་ལྡན་འདས་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོས་གཟིགས་ཤིང་བསྟན་པ་དེ ་ཁོ་ན་ལྟར་བདག་གིས་(གདམ་ངག)་འདིར་གདམས་ངག་ཇི་ལྟ་བར་ངེས་པར་བཤད་པའོ། །དེ་ལྟར་འདི་ནི་སངས་རྒྱས་རྣམས་ཀྱི་བདག་ཉིད་ཆེན་པོ་ཉིད་(དམ་ཆེ་བདག་ཉིད)་མདོར་བསྡུས་པ་སྟེ། ཕྱེ་བར་བྱ་ན་ནི་དབྱེ་བ་མཛའ་ཡས་པར་འགྱུར་རོ།། ་སངས་རྒྱས་རྣམས་ཁོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་(གཟུགས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུའི)་བ་སྤུའི་ཁུང་བུ་རེ་རེར་(ཱི་ཡོན་ཏན་གྱི་ཁྱད་པ)་དང་དཔེ་བྱད་དང་སྐྱེས་བུ་ཆེན་པོའི་མཚན་(གྱི་ཡོན་ཏན་གྱི་ཁྱད་པར)་དང། སྟོབས་དང་མི ་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དེ་རྣམས་ཀྱང་ཡོངས་སུ་གཅོད་(ཅིང་མཁྱེན)་པར་ནུས་ལ། མངོན་པར་བརྗོད་པར་ཡང་(ནུས)་ནུས་མོད། (རང་ཉིད་ཀྱི)་ཡེ་ཤེས་ཀྱི་ཡུལ་(དུ་གྱུར་པ)་བསམ ་གྱིས་མི་ཁྱབ་པའི་བསྐལ་པ་གྲངས་མེད་པར་སྐུ་ཚེའི་ཚང་བྱིན་གྱིས་བརླབས་པར་གྱུར་ཅིང། (ཤིན་ཏུ)་མྱུར་ཞིང་མྱུར་བར་ལས་(ཡོན་ཏན་རྒྱས་པར་བརྗོད་པ་ལས)་གཞན་མེད་པར་གྱུར་ནས་གལ་ཏེ་བརྗོད་པར་(ཅིང་གསུངས)་གྱུར་པ་དེ་ལྟ་ན ་ཡང་ཡོན་ཏན་(རྒྱས་པར་བརྗོད་པ)་རྣམས་ཡོངས་སུ་རྫོགས་པར་མི་འགྱུར་བ་ཉིད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་(སངས་རྒྱས་ཀྱི་ཡོན་ཏན་ཤེས་པ་དང་བརྗོད་པར་མི་ནུས་པ)་ལྟ་ཅི་སྨོས་ལ་རང་སངས་རྒྱས་སམ་ཉན་ཐོས་རྣམས་ཀྱིས་ནི་སངས་ ་རྒྱས་ཀྱི་ཡོན་ཏན་གྱི་མཛའ་(ཇི་སྙེད་པ)་ཤེས་པའམ་བརྗོད་པར་མི་ནུས་པར་སྔར་ཁོ་ནའོ་(དོན་གྱིས་བརྗོད་ཟིན་པ།)་།གཤོག་པའི་རྒྱ་ཤིན་ཏུ་ཡངས་པའི་རླུང་གི་ཤུགས་རློབ་ཅིང་ཕ་རོལ་གནོན་པའི་(ཐོབ་པ)་ནམ་མཁའ་ལྡིང ་(དབུ་མ་འཇུག་པར། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི་ཡོན་ཏན་མཁའ་ལྟར་བརྗོད་མི་ནུས་པས་ལྡོག་པར་འགྱུར། །ཅེས་དང་དེའི་འགྲེལ་པར།)་ཡང། ནམ་མཁའ་ཡོངས ་སུ་(རྫོགས་ཤིང)་ཟད་དེ་སྙམ་ནས་ནམ་མཁའ་ལས་འབབ་པ་མ་ཡིན་གྱི། འོན་ཀྱང་རང་གི་སྟོབས་དང་ཕ་རོལ་གནོན་པ་ཉམས་(ནམ་མཁའ་ལས་འབབས)་པས་སོ། །དེ་བཞིན་དུ་གང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང ་བསམ་གྱིས་མི་ཁྱབ་པའི་(སྟོང་པ་ཉིད་ལ་སོགས་པ)་རྣམ་པར་ཐར་པ་ཐོབ་པ་སྟེ། (ས་བཅུའི་དབང་ཕྱུག)་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་དེ་སྙེད་མངོན་པར་བརྗོད་པར་ནུས་པ་ལས། ཡོན་ཏན་ཡོངས་སུ་ཟད་པས་ནམ་མཁའ་བཞིན ་དུ་མཛའ་མེད་པའི་ཡོན་ཏན་རྣམས་(བརྗོད་པ)་ལས་ལྡོག་པ་མ་ཡིན་གྱི། རང་གི་བློའི་སྟོབས་ཡོངས་སུ་ཉམས་པས་ནི་ལོག་ནས་(ཡོན་ཏན་མི་སྤྱོད་པར)་གནས་ན། རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་ཀྱིས་(རྫོགས་པའི་སངས་རྒྱས་ཀྱི) ་ཡོན་ཏན་གྱི་མཛའ་རྟོགས་པར་འགྱུར་བ་ལྟ་ཅི་སྨོས། གང་གི་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཤེས་པའམ་མངོན་པར་བརྗོད་པ་ལ་འདི་ལྟ་བུའི་(ཉན་རང་དང་བྱང་ཆུབ་སེམས་རྣམས་ཀྱིས་ཡོན་ཏན་མི་ནུས་པ)་གཏམ་འདི་སྟེ། དེའི་ཕྱིར་བདག་ལྟ་བུ ་མ་རིག་པའི་རབ་རིབ་ཀྱིས་ལོང་བ་ཇི་ལྟ་བ་བཞིན་གྱི་དེ་ཁོ་ན་ཉིད་(ཏེ་སངས་རྒྱས་རྣམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པ)་ཤིན་ཏུ་ལྐོག་ཏུ་གྱུར་པ་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་སྐབས་ག་ལ་ཡོད། གལ་ཏེ་ཡང་(ཚུལ) ་དེ་ལྟ་སྟེ། དེ་ལྟ་ན་ཡང་འཕགས་པ་ཀླུ་སྒྲུབ་དང། འཕགས་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པ་ལ་བརྟེན་པ་ལས། ཐེ་ཙོམ་མེད་པར་བདག་གིས་ཡོན་ཏན་ཕྱོགས་གཅིག་གི་ཆ་ཙམ་བརྗོད་དོ། །དེ་ལྟར་ཡང་དེ་བཞིན་གཤེགས་པ་རྣམས ་ནི་མཛའ་ཡས་ཤིང་རྨད་དུ་བྱུང་བའི་ཡོན་ཏན་རིན་པོ་ཆེ་ཆེན་པོའི་འབྱུང་གནས་ཡིན་ནོ། (།ས་སངས་རྒྱས་ཀྱི་ཡོན་ཏན་གསུངས་པ།)་འོན་ཀྱང་སླར་ཡང་བྱིས་པ་རང་ཡོན་ཏན་གྱིས་བཀྲེན་པས་མོས་པ་དང་བྲལ་བ་རྣམས་ཡོན་ཏན་ཕུན་སུམ་ཚོགས་པ ་དེ་འདྲ་བ། (།པ་ཡང་ཡིན)་ཐོས་ཀྱང་(ཡང་ཡིན་པ)་སངས་རྒྱས་དང་དེའི་ཆོས་ལ་གུས་པར་མི་བྱེད་ལ། མཁས་པ་རྣམས་ནི་རྐང་གི་ཁོང་ནས་ཀྱང་(སོ་སོ་སྐྱེ་བོ)་བཅོམ་ལྡན་འདས་དེ་དང་(རྗེས་སུ་དཔགས་ནས)་དེའི་ཆོས་(སངས་རྒྱས་ཀྱི)་ལའང་མངོན་པར ་རབ་ཏུ་དང་བར་བྱེད་དོ། །དེ་རྣམས་དེ་ལ་(རྟོགས་པ་མེད་ཀྱང)་དད་(བྱང་ཆུབ་པ)་པ་ཙམ་གྱིས་ཀྱང་མངོན་(གང་རྣམས་རྒྱལ་བ་རྣམས་འདྲེན་ལ། །བྱ་བ་ཆུང་དཱུང་བྱེད་གྱུར་པ། །དེ་དག་མཐོ་རིས་སྣ་ཚོགས་དག་།འགྲོད་ནས་བདུད་རྩིའི་གོ་འཕང་འཐོབ་ཅེས་བཀའ་སྩལ་ཏོ།།)་པར་བསྒྲུབ་པ་རྣམས། །རྣམ་པར་སྨིན་པ ་མ་ངེས་པའི་སྡིག་པ་(མཁས་པ)་རྣམས་ཀྱི་ཕུང་པོ་རྣམས་ཟིལ་གྱིས་མནན་ཏེ། ལྷ་(དགེ་བ)་དང་མིའི་དཔལ་ཉམས་སུ་མྱོང་ཞིང། རྫོགས་པའི་བྱང་ཆུབ་བླ་ན་མེད་པ་མཆོག་ཏུ་འགྲོ་བར་འགྱུར་རོ་ཞེས་པའོ།། (ཱམ་མངོན་པར་ངང་པའི་མཁས་བ)།། ་ཐུབ་པའི་(སྟོབས་ཆུང་བ)་དགོངས་པའི་རྒྱན་དུ་ཡོན་ཏན་གྱི་སྣང་བ་སྟེ། ཡོངས་སུ་བཅད་པ་བཞི་པའོ།། །།ཞེས་པ། ཐུབ་དགོངས་དཔག་བསམ་ལྗོན་ཤིང་རྟོག་པའི་རླུང་གིས་ནི། གཡོས་ཤིང་ལྟ་ངན་ཆུ་ཡིས་རྒྱུན་དུ་རབ་བཞིར་མཐར་ཞུགས ་པ། མི་མཐུན་ཕྱོགས་(སམ་རྒྱུད་པ་སྙིགས་མ་ལྔ་ལ་སོགས་པ)་རྣམས་ཉེ་བར་གྱུར་ལས་འབྲས་བུ་བཟང་(པོ)་རྣམས་བསྡུས་(ཅིག། པའི)་ཀྱེ་(ཞེས་མོས་ནས)་སྙིང་སླར་(རྣམ་པར)་ཡང་(དལ་འབྱོར)་སྐྱེ་(ཐོས་བསམ་སྒོམ་གསུམ་གྱི་ཆུས་ངེས་པར་བཀྲུས?་པ)་བ་དག་(ཏེ་དགེ་པར་གནས་ལ?) ་པ་འབྱུང་བ་ག་ལ་ཞིག་།སྣང་བ་འདི་ལས་ཕན་དང་མི་ཕན་པའང་རྣམ་བལྟས་ནས། །གང་ལས་མཐོ་བས་ཡོན་ཏན་རང་བཞིན་ཐེག་པ་འདི་ཞོན་ཏེ། །བདག་ནང་(གི)་སྟོབས་ལྡན་དགྲ་བོའི་རིགས་ཀྱིས་རྩ་བ་མྱུར་ཆོད་ལ། ་སྲིད?་གསུམ་རྣམ་རྒྱལ་ཕུན་ཚོགས་བྱང་ཆུབ་(བསྟན་བཅོས་ཀྱི)་གནས་ཀྱིས་ཕུན་ཚོགས་བྱོས། (།ཏེ་ཤེས་པར་བྱས)་ཚུལ་གསུམ་རྣམས་ལ་བདེན་པ་ཟུང་གི་སྲོག། (ཆེན་པོ)་མདོར་བསྡུས་(ཉིད་ཀྱི)་བདག་གིས་འདི་རུ་ཉེ་(ཉོན་མོངས་པ)་བར་བཀོད། །གལ་ཏེ ་ཉེས་པར་(ལས)་ཟིན་ན་དེ་བཟོད་མཛོད། །བདེན་པ་གཉིས་ལས་བརྙེས་ཚད་(སུམ)་མ་(པར)་ཡིན། །གཞུང་ལུགས་(ཐེག་པ)་སྨད་མེད་(ཀུན་རྫོབ་དང་དོན་དམ་པའི)་བཤད་པའི་ལེགས་བྱས་འདོད་བྱ་ཟླ་(བསྟན་བཅོས)་བ་ནི། །རབ་རིབ་འཇོམས་བྱེད་ཉིད ་བྲལ་དེ་ཡིས་སྐྱེ་(སྐྱོན)་བོ་ཚ་མི་བྱེད་(རབ་ཏུ་དགའ་བ་ལ་སོགས)་ཤོག་(།ས་རྣམས)་བདག་ཀྱང་སོ་སོའི་སྐུ་འཛིན་(ཤིན་ཏུ་ལེགས་པས)་བསམ་མི་ཁྱབ་(པའི)་སྐུ་ཕུན་ཚོགས་ཀྱིས། (།ཏེ་བསོད་ནམས)་རྩོད་པ་དང་བྲལ་བསྐལ་བར་རོལ་པའི་ཆེད་དུ་འདུ ་བར་ཤོག་།ཡོན་ཏན་(རྣམས་ཟག་མེད་ཀྱི་བདེ་བས་དམ་པ་བསྒྲིབས་པའི་རྒྱན། །བརྟན་པ་འོད་(སངས་རྒྱས་དང་བྱང་ཆུབ་སེམས་དཔའ་།)་འབར་དྲི་(ཱམ་ཡང་ན་འགྲོ་བ་སོ་སོའི་ལུས་འཛིན་ཡང་ཞེས།)་མེད་པ། །སྣང་བ་འདི་ནི་སྐྱེ་བོ་ཡི། །མགྲིན་པ་རྣམས་ལ་གདགས་པར་མཛོད། །སྣང་བ་དང་བཅས ་རྒྱུན་འདི་ལྟར། །སེམས་ཅན་སེམས་ལ་སྡོང་བུར་བཞིན། །ཐུབ་པ་ནང་འོད་འཇུག་ཆེད་དུ། །ནམ་མཁའ་ཇི་སྲིད་གནས་པར་ཤོག་(།གཞུང་དམ་ལམ)་ཐུབ་པའི་དགོངས་པའི་རྒྱན་སློབ་དཔོན་མཁས་པ་ཆེན་པོ་འཇིགས ་མེད་འབྱུང་གནས་སྤས་པའི་ཞབས་(མར་མའི)་ཀྱིས་མཛད་པ་རྫོགས་སོ། (།གི་ཟེར་པ་འམ་འཕོ་བ།)་།རྣམ་གནོན་ཚུལ་(གྱི་གཙུག་ལག་ཁང་གི)་མཁས་(པ)་འཇིགས་མེད་ཀྱིས། །གནད་ལ་རེག་པའི་ཚུལ་འདི་ནི། །དཔལ་ལྡན ་དགའ་སྐྱོང་རྒྱལ་སྲིད་ཀྱི། །སུམ་ཅུའི་ལོ་ལ་བྱས་པ་ཡིན། །ཕྱེད་དང་བཅས་པའི་སྟོང་ཕྲག་ལྔ། །མཁས་པ་རྣམས་ཀྱི་སྡོམ་པའི་ཚད། །བསྔགས་འོས་བརྒྱན་པའི་ཆེད་དུ་འདིའི། །ཚད་བཞིན་སྙིང་ལ་དངོས་པོ་རྣམས་ཞེས་པའོ། ། ་བདེ་གཤེགས་བསྟན་པ་བསམ་འཕེལ་ནོར་བུ་སྐྱེ་བོ་ཀུན་གྱི་རང་གི་མི་ཤེས་མུན་པས་བསྒྲིབས་ནས་དོན་མེད་གྱུར། །དེ་རྟོགས་དོན་དུ་(བར)་དུ་(པ)་ཤེས་རབ་སྒྲོན་མ་འདེགས་པར་བྱེད་པའི་དཔང་གྱུར་ཤིང་རྟ་ཆེན་པོ་རྣམས ་(ལོ་ཙ་བ་ཆེན་པོ་སྤོང་ཞོའི་ཚིགས་བཅད)་ཀྱང་ནུབ་གྱུར་ཏེ། །འགྲོ་བ་ཀུན་ལ་ཤིན་ཏུ་དོན་མེད་ལྟ་བུར་མི་འཇིགས་སེང་གེའི་ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ནས། །ཡོན་ཏན་རང་བཞིན་ཐུབ་ཆེན་དགོངས་པའི་སྒྲོན་མ་འདི་ནི་མི་ཤེས་མུན ་པ་བསལ་ཕྱིར་མཛད། །དེ་ལྟ་ན་ཡང་འཕགས་པའི་སྐད་ཀྱིས་དབེན་པའི་སྐྱེ་བོ་དག་ལ་དོན་མེད་ལྟ་བུར་ཁོ་བོས་རབ་རྟོགས་ནས། །དེ་དག་ཀུན་གྱི་ཡིད་ཀྱི་མུན་པ་ཤིན་དུ་སྟུག་པོ་རྣམ་པར་བསལ་ཕྱིར་བདག་གིས་ལེགས ་པར་འདི་བསྒྱུར་ལས། །བྱུང་བའི་བསོད་ནམས་ཆུ་འཛིན་འོད་ཟེར་ལྟ་བུར་ཤིན་ཏུ་གསལ་ཞིང་དགའ་བ་བསྐྱེད་པ་གང་ཡིན་དེས། །འདི་རུ་སྐྱེ་བོ་ཀུན་གྱི་ཡིད་ཀྱི་མུན་པ་ཤིན་ཏུ་སྟུག་པོ་རྣམ་པར་བསལ་ནས་ཟབ་མོའི་ལམ་རྟོགས ་ཤོག། །།མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་བདེ་བར་གཤེགས་པའི་བཀའ་རབ་འབྱམ་ལ་ཤེས་པའི་སྣང་བ་སྐྱེས་པའི་མཁས་པ་ཆེན་པོ་དེ་ཉིད་ལས་མཉན་ནས། དེ་ཉིད་ཀྱི་ཞལ་སྔར་ཤཱཀྱའི་དགེ་སློང་སྤོང་ཞོ་གསལ་བ་གྲགས་ཞེས་བྱ ་བས། ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་མཁས་པའི་འབྱུང་གནས་དཔལ་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དུས་ཕྱིས་ལུང་དང་རིགས་པའི་དབང་ཕྱུག་སྟག་སྡེ་པ་ཆེན་པོ་སེང་གེ་རྒྱལ་མཚན་གྱི་བཀའ་དྲིན་དང། དེ་ཉིད ་ཀྱི་སྲས་ཀྱི་ཐུ་བོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཀྱི་སྟོབས་ཀྱིས་མཛའ་ཡས་པའི་ཤེས་བྱའི་ཆོས་ལ་དབང་སྒྱུར་བ་ཤོང་སྟོན་ལོཙྪ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་སོགས་པ་ལ་བརྟེན ་ནས། ཕྱི་དང་ནང་གི་གཞུང་ལུགས་དུ་མ་རྣམས་ལ་བློའི་སྣང་བ་ཆེར་རྒྱས་པ། ཞུ་ཆེན་གྱི་ལོཙྪ་བ་དཔང་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། དགེ་བའི་བཤེས་གཉེན་དོག་ཤིང་དཔོན་པོ་དང། བདེ་བ་ཆོས་ཀྱི་བཟང་པོ་ལ་སོགས ་པས། མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས། ལེགས་པར་བཅོས་ནས། དག་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སླར་ཡང་དཔལ་ལྡན་བློ་གྲོས་བརྟན་པ་དེ་ཉིད་ཀྱིས་གཞུང་འདིའི་སྐབས་དང་གཞུང་ལུགས ་གཞན་གྱི་སྐབས་མཐུན་པ་ཇི་སྙེད་རྙེད་པ་རྣམས་སྦྱར་ཞིང་རྒྱ་དཔེ་དང་གཏུགས་ཏེ་ལེགས་པར་བརྟགས་ཤིང་དཔྱད་ནས་ཞུ་ཆེན་བགྱིས་ལ་དོན་ལའང་ལེགས་པར་དཔྱད་པས་ཤིན་ཏུ་དག་པར་བགྱིས་པའོ། །སྒྲ་དོན་སྣང་བ་ཉིན་བྱེད ་འོད། །བརྩོན་པས་ཡང་ཡང་བརྟེན་བ་ཡིས། །གཞུང་མཆོག་ཟབ་ཡང་འདབ་བརྒྱའི་ཚལ། །དགོངས་དོན་གེ་སར་རབ་གསལ་གྱུར། །འགྲོ་བ་མང་པོ་ལ་ཕན་པར་གྱུར་ཅིག། །། !། (།ཚད་མ་རྣམ་འཇོམས་ཀྱི་མདོར་བཤད ་