| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་བ་དང། ཞུ་ཆེན་གྱི་ལོཙྪ་བ་བནདེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།རྣམ་པ་མེད་པའི་ཚིག་ལེའུར་བྱས་པ་པཎྜི་ཏ་དགའ་བའི་དཔལ་གྱིས་མཛད་པ་བཞུགས་སོ།)་།!། །རྒྱ་གར་སྐད་དུ། ན་རཱ ་ཀཱར་བིདཤི་ཀཱ། བོད་སྐད་དུ། རྣམ་པ་མེད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་འོད་ཀྱི་དཀྱིལ་འཁོར་ཅན། །འཕགས་པ་འཇམ་དཔལ་དཔའ་བོ་ནི། །འཇིག་རྟེན་ཀུན་གྱི་བདེ་བསྐྱེད་པའི། །མགོན་པོ་ལ་ནི་མགོས་ཕྱག་འཚལ།། ་རྣམ་པ་ཀུན་ལས་རྣམ་གྲོལ་བའི། །ཤེས་པ་ནམ་མཁའ་དང་འདྲ་བ། །ཡང་དག་དོན་དམ་ཡིན་པ་རུ། །ལུང་རིགས་མཁས་པ་གཞན་དག་འདོད། །རྣམ་པ་ཟད་བ་བདེན་པ་སྟེ། །རྣམ་པ་ཡང་ནི་བརྫུན་པ་ཡིན། །ཇི་སྲིད་དུ་ནི་རྣམ་པ་སྣང། །དེ་སྲིད་ཤེས་སྐྱེ་འཁྲུལ་པ་ཡིན། །ཟད་པ་མེད ་པར་འཁྲུལ་རྒྱུད་ལ། །ཤེས་པ་རྣམ་པ་མེད་འཛིན་པ། །འཁྲུལ་པ་ཐམས་ཅད་ཀྱི་ནི་གཞི། །ཤེས་པ་རྣམ་མེད་བདག་ཉིད་ཡིན། །འོན་ཏེ་ཤེས་ཉིད་འཁྲུལ་ཡིན་ན། །ནམ་ཡང་འཁྲུལ་པ་མེད་མི་སྲིད། །འཁྲུལ་པ་རྒྱུ་མེད་ཡིན་ཞེ་ན། །རྟག་ཏུ་ཡོད་པ་ཐེལ་བར་འགྱུར། །རྒྱུ་དང་བཅས ་ན་བརྫུན་མིན་ཏེ། །དེ་ནི་གཞན་དབང་ཡིན་པར་གསལ། །མངོན་སུམ་མམ་ནི་རྗེས་དཔག་གིས། །རྣམ་པ་མེད་པར་སྒྲུབ་པར་བྱེད། །རྔམ་པ་དེ་ལས་ལོག་པས་ན། མངོན་སུམ་གྱིས་ནི་རྟོགས་མ་ཡིན། །བརྫུན་པར་སྣང་བའི་ཤེས་པ་ནི། །འཁྲུལ་ཉིད་ཕྱིར་ན་ཚད་མ་མིན། །ཤེས་པ ་ནམ་མཁའ་དང་འདྲ་བ། །ད་ལྟར་ཉམས་སུ་མྱོང་བ་མེད། །རང་བཞིན་འཁྲུལ་པ་འབྱུང་བའི་ཕྱིར། །དེ་ཕྱིར་མངོན་སུམ་ཚད་མ་མིན། །ཆོས་ཅན་མངོན་སུམ་མ་གྲུབ་ལ། །རྗེས་དཔག་ངེས་པར་འཇུག་པ་མེད། །བརྫུན་པའི་རྣམ་པ་བརྟགས་ཡིན་ཕྱིར། །བསྒྲུབ་བྱ་སྒྲུབ་བྱེད་གནས་མེད་པ ་མངོན་སུམ་འཁྲུལ་དང་འབྲེལ་པའི་ཕྱིར། །རྗེས་སུ་དཔག་པའང་བསླད་པ་ཡིན། །དེ་ཕྱིར་རྣམ་པ་མེད་བསྒྲུབ་པའི། །ཚད་མ་ཉིད་ནི་ཡོད་མ་ཡིན། །རྣམ་པ་མེད་པར་ལུང་གིས་ཀྱང། །སྒྲུབ་པར་བྱེད་པའི་གསུང་རབ་མེད། །རྨི་ལམ་སྒྱུ་མ་དང་མཚུངས་པར། །ཆོས་ཀུན་སངས་རྒྱས་རྣམས ་ཀྱིས་བསྟན། །ལུང་དང་རིགས་པ་གཉིས་ཀྱིས་གསལ་བར་རབ་གྲུབ་པ། །གཟུགས་བརྙན་དང་མཚུངས་ཤེས་པའི་རང་བཞིན་རྣམ་དག་པ། །གསལ་བར་སྣང་བ་མ་ལུས་གཞི་ནི་རྣམ་སྤངས་པ། །རྣམ་པ་མེད་པར་སྣང་བའི་གསལ་འགའ་ཡོད་མ་ཡིན། །དུ་མ་ཞེ་འམ་གཅིག་ཉིད་ཡིན། །བརྟགས ་པར་འགྱུར་ཕྱིར་དེ་ཉིད་མིན། །མ་ཁྱབ་ཅེ་ནའང་ཁྱབ་ཉིད་ཡིན། །མི་གསལ་བ་འམ་གསལ་བ་ཉིད། །མི་རྟག་པ་ལ་རྟག་ཅེས་པ། །བདག་ཏུ་སྨྲ་དང་མཚུངས་པར་འགྱུར། །མི་རྟག་སྐད་ཅིག་ཡིན་སྨྲ་ན། །དེ་དག་ཕན་ཚུན་ལྡན་བ་མེད། །རྣམ་པའི་སྐབས་ན་ཤེས་ཡིན་ན། །ཇི་ལྟར་ཁྱབ་པ ་ཞེས་བྱར་བརྗོད། །རྣམ་པ་བརྫུན་པ་ཡིན་པའི་ཕྱིར། །ཁྱབ་པའི་ནུས་པ་ཡོད་མི་སྲིད། །ཤེས་པ་ཁྱབ་པའི་ནུས་མེད་ལ། །འདོད་ན་འདིར་མཁས་ཇི་ལྟར་ཡིན། །ནམ་མཁའ་ཁྱབ་བྱ་ཡིན་ཞེ་ན། །ནམ་མཁའ་ཡོད་པར་འདོད་དམ་ཅི། །ནམ་མཁའ་སུན་ནི་ཕྱུང་ཉིད་ཀྱིས། །ཤེས་པ་སུན་ནི་བྱུང་བ ་འཐོག་།གཅིག་དང་དུ་མ་དང་བྲལ་བས། །ཤེས་པའང་བརྫུན་པ་ཉིད་དུ་འགྱུར། །ཤེས་པ་རྣམ་མེད་མཛའ་ཡས་པ་རུ་སྣང། །ལོངས་སྤྱོད་རྫོགས་དང་སྦྲུལ་པའི་སྐུ་གཉིས་ཀྱི། །གཞི་རུ་ངེས་པ་ཚོགས་གཉིས་དང་ལྡན་ཉིད། །དེ་འང་དཔལ་ལྡན་ཆོས་སྐུ་ཡིན་ཞེས་སྨྲ། །རྣམ་པ་མེད་པའི ་ཤེས་པ་ནམ་མཁའ་དང་འདྲ་ཆོས་ཀྱི་སྐུ། །གང་ཚེ་རྣམ་པ་དེས་བསྐྱེད་དེ་ཡང་འཁྲུལ་ཚོགས་ཅིས་མ་ཡིན། །འོན་ཏེ་བརྫུན་པར་རྟོགས་ཕྱིར་དེ་འཁྲུལ་གྲུབ་པ་ཡོད་མིན་ན། །བརྫུན་འགྱུར་མི་རིགས་དེ་ནི་གཞན་དབང་མ་ཡིན་ནམ། །རྣམ་པ་ཐམས་ཅད་མི་གསལ་ཞེ་ན་ཁྱོད་ཀྱི་རྣམ་མེད་ཅི་ཞིག ་བྱ། །རྣམ་པ་ཐམས་ཅད་གསལ་ཡིན་ཞེ་ན། ཁྱེད་ཀྱི་རྣམ་མེད་ཅི་ཞིག་བྱ། །རྣམ་བསྲེགས་ཤེས་པའི་རྣམ་པ་ཇི་ལྟར་སྲིད་པར་འགྱུར། །སྲིད་ནའང་རེ་ཡི་རྣམ་པ་སྔོན་མེད་ཇི་ལྟར་འགྱུར། །ཆགས་བྲལ་འདོད་ཆགས་ཕྱིར་ཡང་སྐྱེ་མེད་བཞིན། །གལ་ཏེ་སྐྱེ་ན་དེ་ཡི་ཆགས་ཉིད་ཐོགས་པ ་མེད་པར་འགྱུར། །འོན་ཏེ་སྒྱུ་མ་ཉིད་དུ་རྟོགས་ཕྱིར་དེ་དག་འཁྲུལ་མེད་ན། །དེ་བཞིན་འོན་ཏེ་ཡོད་ན་རྣམ་མེད་འབྲས་བུ་ཅི་ཞིག་ཡོད། །རྣམ་པ་མེད་པའི་ཚིག་ལེའུར་བྱས་པ་བལ་ཡུལ་གྱི་པཎྜི་ཏ་དགའ་བའི་དཔལ་གྱིས་མཛད་པ་རྫོགས་སོ།། ་