CLOSE WINDOW

N4069: byang chub sems dpa'i spyod pa la 'jug pa'i don sum cu rtsa drug bsdus pa
Wyliee-texts based on the ACIP/ALL Input

མ་ཕྱེའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་རྫོགས་སོ།། (།།བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་སོ་དྲུག་ཏུ་བསྡུས་པ་གསེར་གླིང་གི་བླ་མ་ཆོས་སྐྱོང་གིས་མཛད་པ་བཞུགས་སོ། །ཇོ་བོས་བསྐུལ། །) ་རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱཱ་བ་ཏཱ་ར་ཥཊཏྲེཾ་ཤཏཔི་ཎྜཱ་ནཝ?། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་བསྡུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དལ་འབྱོར་འདི་ནི ་ཤིན་ཏུ་རྙེད་པར་དཀའ་། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུར་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡི་བརྒྱ ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང། །དེ་ལྟར་དགེ་བ་ཉམ་ཆུང་ཉིད་ལ་བརྟག་།སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་ནོན་པར་འགྱུར། །བསྐལ་པ་དུ་མར་རབ་དགོངས ་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་ཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །འཇིགས་དང་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང། །སེམས་ཅན་མི་བདེ་གསལ་བར་འདོད་པ་དང། །བདེ་མང ་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གི་།འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག ་བྱར་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་ཟུང། །བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། ་བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་པར་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །བྱང་ཆུབ་སྨོན་པའི ་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཛའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱི་སུ། །སེམས་དེ་ཡང ་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག་།ནམ་མཁའ་མཉམ་པར་རབ་ཏུ་འབྱུང། །ཕན་པར་བསམས་པ་ཙམ་གྱིས་ཀྱང། །སངས་རྒྱས་མཆོད་པ་ཁྱད་འཕགས་ན། །སེམས ་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང། །སྡུག་བསྔལ་ཉིད་ལ་མངོན་པར་བརྒྱུག་།བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དག་ལྟར་འཇོམས། །གང་ཞིག་བདེ་བས་ཕོངས་པ་དང། ། ་སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱི་ཚིམ་པ་དང། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་སེམས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲ་འདི་ག་ལ་ཡོད། །གང་ཞིག ་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར། །ཞེས་ཐུབ་པས་གསུངས། །འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་པ། །དེ་ཡི་འབྲས་བུ ་དེ་བས་ལྷག་པར་འཕེལ། །རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང། །སྡིག་པ་མི་འབྱུང་དགེ་བ་དང་གིས་འཕེལ་།རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས ་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཡོན་ཏན་རྒྱ་མཚོ་ཅན་དག་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ཕྱག་འཚལ་དབྱངས་ཀྱི་ཡན་ལག་ནི། །ཕྱག་འཚལ་དབྱངས་ཀྱི་བསྟོད་པས་བསྟོད། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས ་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། ། ་ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ལ། །བདག་གིས་མ་འཚལ་སྡིག་བགྱིས་པ་འམ། །བགྱིད་དུ་རྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ ་པ་ཐག་པས་མགོན་ལ་བཤགས། །སེམས་ཅན་ཀུན་གྱི་ངན་སོང་གི་།སྡུག་བསྔལ་ངལ་སོའི་དགེ་བ་དང། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ། །ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏ་གསོལ་བ་ནི། །སེམས ་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མ་སྤར་དུ་གསོལ། །རྒྱལ་བ་མྱ་ངན་འདས་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་དགོས་ཅིང། །བསྐལ་པ་གྲངས་མེད་བཞུགས་བར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། ། ་དགེ་བ་བདག་གིས་བསགས་པ་གང། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་གསལ་བར་ཤོག་།ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ། །དེ་དག་རིམ ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང། །དེ་བཞིན་དུ་ནི་བསླབ་པ་ལའང། །རིམ་པ་བཞིན་དུ་བསླབ་བར་བགྱི། །དེ་ལྟར་བློ་དང་ལྡན་པ་ཡི། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས ་*། ཨོ་རྒྱན། །པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །དེ་ཚེ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲེད་བ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས ་གཡེལ་བ་མེད་པར་རྟག་ཏུ་སྤངས། །བསླབ་ལས་མི་འདའ་འབད་པར་བྱ། །བབ་བཅོལ་བརྩམས་པ་གང་ཡིན་པ་འམ། །གང་ཞིག་ལེགས་པར་མ་བརྟགས་པ། །དེ་ནི་དམ་བཅས་བྱས་གྱུར་ཀྱང། །བྱ་བ་འམ་གཏང་ཞེས་བརྟག་པར་རིགས། །སངས་རྒྱས ་རྣམས་དང་དེ་ཡི་སྲས། །ཤེས་རབ་ཆེན་པོས་གང་བརྟགས་ཤིང། །བདག་ཉིད་ཀྱིས་ཀྱང་བརྟག་བརྟགས་པ། །དེ་ལ་གཤོལ་དུ་ཅི་ཞིག་ཡོད། །གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་ན། །བདག་གི ་འགྲོ་བ་ཅི་འདྲར་འགྱུར། །ཅི་རྨོངས་དག་ཀྱང་མ་ཤེས་ན། །བདག་གི་ཁོང་ན་ཅི་ཞིག་ཡོད། །ཞེ་སྡང་སྲེད་སྲོག་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡང་མིན་ཡང། །དཔར་འཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། ། ་བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་ནི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ནུས། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག་།སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག ་ནི་དེ་སྐད་འདོམས་པར་བྱེད། །བླ་མ་དང་ནི་འགྲོགས་པ་དང། །མཁན་པོས་རྗེས་སུ་བསྟན་པ་ལས། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང། །བྱང་ཆུབ ་སེམས་དཔའ་ཨི་རྟུལ་ཞུགས་མཆོག་།སྲོག་གི་ཕྱིར་ཡང་མི་གཏོང་བའོ། །འདི་དང་སངས་རྒྱས་བཀའ་སྩལ་གཞན། །མདོ་སྡེ་བཀླགས་ནས་ཤེས་པར་བྱ། །མདོ་སྡེ་རྣམས་ལས་བསླབ་པ་སྣང། །དེ་བས་མདོ་སྡེ་བཀླག་པར་བྱ། །བསྐལ་པ་སྟོང་དུ་བསགས་པ་ཡི། ་སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །བདག ་གམ་བདག་གི་བཤེས་རྣམས་ལ། །སྡུག་བསྔལ་བརྙས་དང་ཚིག་རྩུབ་དང། །མི་སྙམ་པ་ཡི་མི་འདོད་འབྱུང། །དགྲ་ལ་དེ་ལས་བཟློག་པར་འབྱུང། །བདེ་བའི་རྒྱུ་ནི་རེ་འགའ་འབྱུང། །སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང། །སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས ་སེམས་ཁྱོད་བརྟེན་པར་མནོས། །མཁྲིས་པ་ལ་སོགས་སྡུག་བསྔལ་གྱི། །འབྱུང་གནས་ཚེ་ལ་མི་ཁྲོ་ན། །སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ། །དེ་དག་ཀུན་ཀྱང་རྐྱེན་གྱིས་བསྐུལ། །ཉེས་པ་ཇི་སྙེད་ཐམས་ཅད་དང། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི ་སྟོབས་ལས་འབྱུང། །རང་དབང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཐམས་ཅད་གཞན་གྱི་དབང། །དེ་ཡི་དབང་གིས་དེ་དབང་མེད། །དེ་ལྟར་ཤེས་ན་སྦྲུལ་ལྟ་བུའི། །དངོས་པོ་ཀུན་ལ་ཁྲོ་མི་བྱ། །བག་མེད་པས་ན་བདག་ལའང་བདག་།ཚོར་མ་ལ་སོགས་གནོད་པར་བྱེད། ། ་བུད་མེད་ལ་སོགས་ཐོབ་བྱའི་ཕྱིར། །རྔམ་ཞིང་ཟས་གཅོད་ལ་སོགས་བྱེད། །གང་ཚེ་ཉོན་མོངས་དབང་གྱུར་པས། །བདག་ཉིད་ཀྱང་ནི་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པར་ཇི་ལྟ་བུར། །ཉོན་མོངས་སྐྱེས་པས་དེ་ལྟ་བུར། བདག་གསོད ་ལ་སོགས་ཞུགས་པ་ལ། །སྙིང་རྗེ་བརྒྱ་ལ་མ་སྐྱེས་ནའང། །ཁྲོ་བར་འགྱུར་བ་ཅི་ཐ་ཚིག་།དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང། །བརྩོན ་གང་དགེ་ལ་སྤྲོ?་བ་སྟེ། །དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང། །སྒྱིད་ལུག་བདག་ཉིད་བརྙས་པའོ། །སྙོམ་ལས་བདེ་བའི་རོ་མྱོང་ནས། །གཉིད་ལ་བརྟེན་པའི་སྲེད་པ་དང། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། ལེ་ལོ་ཉེ་བར་སྐྱེ་བར་འགྱུར། ་དེ་ལྟར་མི་མཐུན་ཕྱོགས་སྤངས་ཏེ། །སེམས་ཅན་དོན་བསྒྲུབ་བྱ་ཕྱིར་དུ། །མོས་བརྟན་དགའ་དང་དོར་བ་དང། །ལྷུར་ལེན་དབང་བསྒྱུར་སྟོབས་ཀྱིས་ནི། །བརྩོན་འགྲུས་སྤེལ་ཕྱིར་འབད་པར་བྱ། །བདག་དག་གཞན་གྱི་ཉེས་པ་ནི། ། ་དཔག་མེད་བདག་གིས་གཞོམ་བྱ་སྟེ། །ཉེས་པ་རེ་རེ་ཙམ་ལ་ཡང། །གང་དུ་བསྐལ་པ་རྒྱ་མཚོར་ཟད། །ཉེས་ཟད་རྩོམ་པ་དེ་ལ་ནི། །བདག་གི་ཅུང་ཟད་ཙམ་མི་བལྟ། །བདག་དང་གཞན་གྱི་ཡོན་ཏན་ནི་།མང་པོ་བདག་གི་བསྒྲུབ་བྱ་སྟེ། །གང་དཱུང་ཡོན ་ཏན་རེ་རེ་ཞིག་།བསྐལ་པ་རྒྱ་མཚོས་ལོབས་ནའང་རུང། །རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྟན་བར་བརྩམ་ཞིང་བསྒོམ་པར་བྱ། །དང་པོར་འབྱོར་པ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །མ་བརྩམས་པ་ནི་མཆོག་ཡིན་ཏེ། །བརྩམས་ནས་བཟློག ་བར་མི་བྱའོ། །རྩེད་མོའི་བདེ་འབྲས་འདོད་པ་ལྟར་།འདི་ཡིས་བྱ་བའི་ལས་གང་ཡིན། །ལས་དེ་ལ་ནི་ཞེན་བྱ་སྟེ། །ལས་དེས་མི་ངོམས་དགའ་བར་བྱ། །རྗེས་སུ་མི་བདེར་འགྱུར་བའི་ལས། །རིག་འགྱུར་དེ་མ་ཐག་ཏུ་གཏང། ། ་དེ་ནི་ཤིན་ཏུ་རྫོགས་ནས་ཡང། །ཕྱི་ཕྱིར་བྱེད་འདོད་སྤང་བར་བྱ། །འཐབ་སྙིང་དགྲ་དང་ལྷན་ཅིག་ཏུ། །གཡུལ་ངོར་རལ་ཁ་ལྷག་པ་བཞིན། །ཉོན་མོངས་མཚོན་ལས་བཟུར་བྱ་ཞིང། །ཉོན་མོངས་དགྲ་རྣམས་འཇོམས་པར་བརྟག་།གཡུལ་དུ་རལ་གྲི་ལྷུང་གྱུར་ན།། ་འཇིགས་པས་མྱུར་དུ་ལེན་པ་ལྟར། །དེ་བཞིན་དྲན་པའི་མཚོན་ཤོར་ན། །དམྱལ་བའི་འཇིགས་དྲན་མྱུར་དུ་བླང། །ཇི་ལྟར་ཤིང་བལ་འགྲོ་བ་དང། །འོང་བ་རླུང་གི་དབང་གྱུར་པ། །དེ་བཞིན་འབྱོར་བ་མོས་པ་ཡི། །དབང་དུ་གྱུར་པས་མྱུར་དུ་འགྲུབ། །དེ་ལྟར ་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་བཞག་།སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་ཆེ་བའི་ཕྲག་ན་གནས། །ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ། །དེ་བས་འཇིག་རྟེན་སྤང་བྱ་ཞིང། །རྣམ་པར་རྟོག ་བའང་ཡོངས་སུ་དོར། །ཆགས་པའི་ཕྱིར་དང་རྙེད་སོགས་ལ། །སྲེད་པས་འཛིན་ཏེ་མི་སྤོངས་ཏེ། །དེ་བས་འདི་དག་ཡོངས་སྤོང་ལ། །མཁས་པས་འདི་དག་སྤྱད་པར་བྱ། །བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་བས་ན། ། ་ཐམས་ཅད་བདག་བཞིན་བསྲུང་བར་བྱ། །བདག་ཉིད་སྐྱོན་བཅས་གཞན་ལ་ཡང། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང། །གཞན་བླང་བར་ནི་བསྒོམ་པར་བྱ། །གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ ་དེས། །བདག་དང་གཞན་དུ་བརྗེ་བ་བྱ། །གསང་བའི་དམ་པ་དཔྱད་པར་བྱ། །དེ་བས་སྒྲིབ་པ་གསལ་བའི་ཕྱིར། །ལོག་པའི་ལམ་ལས་སེམས་བསླན་ཞིང། །ཡང་དག་དམིགས་ལ་རྟག་ཏུ་ཡང། །ཡིད་ནི་བརྟན་པོར་གཟུང་བར་བྱ། །དེ་ལྟར་དེ་དག་ཐམས་ཅད་ཀྱང། །ཤེས ་རབ་དོན་དུ་ཐུབ་པས་གསུངས། །དེ་བས་མྱ་ངན་འདས་པ་དང། །བདེ་བ་འདོད་པས་ཤེས་རབ་བསྐྱེད། །དོན་དམ་དང་ནི་ཀུན་རྫོབ་སྟེ། །འདི་ནི་བདེན་པ་གཉིས་སུ་གནས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་དང་སྒྲ་ནི་ཀུན་རྫོབ་ཡིན། །དེ་ལ་འཇིག་རྟེན་རྣམ་གཉིས ་མཐོང། །རྣལ་འབྱོར་པ་དང་དེ་བཞིན་ཕལ། །དེ་ལ་རྣལ་འབྱོར་འཇིག་རྟེན་གྱིས། །འཇིག་རྟེན་ཕལ་པ་སུན་ཡང་འབྱིན། །གོང་མ་གོང་མའི་ཁྱད་པར་གྱིས། །རྣལ་འབྱོར་པ་ཡང་སུན་འབྱིན་ཏོ། །བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བསམས་པ་ཡིས། །དགེ་བ་གང ་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག་།ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གིས་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག་།དེ་དག་སངས་རྒྱས་བདེ་ཐོབ་ཀྱི། །བར་དུ་དེ་བདེ་བ་ཉམས ་མ་གྱུར། །འགྲོ་བས་བླ་ན་མེད་པ་ཡིས། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག་།འཇིག་རྟེན་ཁམས་ན་དམྱལ་བ་དག་།གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག། །། ་གསེར་གླིང་གི་བླ་མ་ཆོས་སྐྱོང་ལ། །གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་དང། དཱི་པོ་ཀ་རས་གསོལ་བ་བཏབ་ནས། སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་པ་ལས་ཕྱེ་བ་སུམ་ཅུ་རྩ་དྲུག་གི་དོན་བསྡུས་པ་ལོགས ་སུ་བཀོད་པ་རྫོགས་སོ།། །།པཎྜི་ཏ་དཱི་པོ་ཀ་ར་དང། ལོཙྪ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་དོན་བསྡུས་པ་ཆོས་སྐྱོང་གིས་མཛད་པ་བཞུགས་སོ། །ཇོ་བོས་བསྐུལ།) ་