| Wylie | e-texts based on the ACIP/ALL Input |
བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་པའི་གནས་གཏན་ལ་ཕབ་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙ་རྱཱ་བ་ཏཱ་ར་དྷ་ར་བ་བོ་དྷ་ན་ནི་ར་ནཱ་མ་གྲནྠ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག ་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པ་ཞེས་བྱ་བའི་གཞུང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡུན་རིང་དད་དང་བརྩོན་པའི་སྟོབས་ཀྱིས་བསམ་གཏན་མཆོག་ལ་རབ་གཞོལ་ཞིང། གང་གི་སྤྱི ་གཙུག་མཆོག་གིས་འཇམ་དབྱངས་ཞབས་ཀྱི་པདྨ་ལ་རེག་པ། །ས་སྟེང་འཇམ་དབྱངས་གཉིས་པ་ཡིན་ཞེས་མཁས་པ་རྣམས་ཀྱིས་བསྟོད་པ་བསྟན་བཅོས་རྩོམ་པ་པོ། །བསྟོད་ཕྱིར་བདག་གིས་ཡིད་ཀྱིས་དད་པའི་མེ་ཏོག་སྙིམ་པ་བཀང་བས་འཐོར། ། ་དད་པ་མེད་པ་དགྲ་ཡི་རྩ་བ་ཤེས་རབ་ཞན་པ་འཆི་བདག་ཞགས་པ་ཉིད། །དེ་ཕྱིར་དད་མེད་དགྲའི་དབང་སོང་བླུན་པའི་ཞགས་པར་ཆུད་པ་རྣམས། །འཇམ་དབྱངས་གསུང་གི་བདུད་རྩི་སྙན་གྱི་སྣོད་ཀྱིས་གསོལ་ནས་གཏོར་བ་ཡི། །གཞུང་མཆོག་སྨོད་བྱེད་དེ་དག་རྣམས ་ལ་བརྩེ་ཕྱིར་འཁྲུལ་པའི་གནས་རྣམས་བཤད། །འདི་ན་བསྟན་བཅོས་རྩོམ་པ་ནི་གཉིས་ཏེ། སྡེབ་སྦྱོར་ལྷུར་ལེན་པས་གཞུང་མཛེས་པ་གཙོ་བོར་བྱེད་པ་བཙུན་པ་ཟླ་གྲགས་ལ་སོགས་པ་དང། ཕན་འདོགས་པ་ལྷུར་ལེན་པས་སེམས་གདུལ་བ་གཙོ་བོར་བྱེད ་པ་སློབ་དཔོན་ལུ?་དྷི?་ཀ་ལ་སོགས་པའོ། །དེ་ལ་སློབ་དཔོན་ཞི་བའི་ལྷ་འདི་ནི་ཕན་འདོགས་པ་ལྷུར་ལེན་པ་ཡིན་གྱི། སྡེབ་སྦྱོར་དང་སྙན་ངག་ལ་སོགས་པ་གཙོ་བོར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་འདིར་སྡེབ་སྦྱོར་དང་འགལ་བ་དང། ་སྙན་ངག་དང། བསྐྱང་བ་དང་སྤེལ་བ་ལ་སོགས་པ་མ་བྱུང་བས་ནི་སྤང་བར་བྱ་བ་མ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཡིན་དུ་ཟིན་ཀྱང་འདི་ལ་དགོས་བ་ལ་སོགས་པ་མེད་དོ་ཞེས་བསམ་པར་མི་བྱ་སྟེ། ཇི་ལྟར་བཀོད་པའི་གཞུང་ནི་བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་སྟོན་པ་ལ་འཇུག་པས་འབྲེལ་པ་དང་བཅས་པའི་བརྗོད་པར་བྱ་བ་དང། བརྗོད་པའི་ངོ་བོའི་གནས་ལ། དེ་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་དག་གིས་རང་གི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱོགས ་རྟོགས་ཏེ། རྟོགས་པ་དང་རྗེས་སུ་མཐུན་པར་བསྒྲུབས་པས་སངས་རྒྱས་ཀྱིས་ཐོབ་ཀྱི་བར་གྱི་དགོས་པ་གྲུབ་ནས། སྲིད་པ་ཇི་སྲིད་དུ་འགྲོ་བ་ལ་ཕན་པར་གནས་པ་དགོས་པའི་ཡང་དགོས་པ་ཉིད་ལ་གནས་སོ། །ད་ལྟར་ཡང་གསུངས་པ་གཞན་དོན་ཕུན་སུམ་ཚོགས་པ ་སངས་རྒྱས་ཀྱི་འབྲས་བུའི་གཙོ་བོར་བཤད་པ་སྟེ། སངས་རྒྱས་ཉིད་སོགས་དེ་ལས་གཞན། དེ་ཡི་དོན་གྱི་འབྲས་བུར་བཤད་ཅེས་སོ། །དེ་བས་ན་འདིའི་དགོས་པ་ལ་སོགས་པ་ནི་གཞུང་གི་མིང་ཉིད་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ ་འཇུག་པ་ཞེས་བྱ་བས་ནི། འབྲེལ་བ་དང་བཅས་པའི་བརྗོད་བྱ་བསྟན་ལ་མ་འཁྲུལ་བར་དཀྲོལ་བ་ལ་སོགས་པ་ཡོད་པས་ན་དགོས་བ་ལ་སོགས་པའི་དོན་ཆེན་པོ་ཉིད་མེད་པ་མི་སྲིད་པའི་ཕྱིར་རོ། །ཡོད་ནི་སློབ་དཔོན་དངོས་གྲུབ ་ཐོབ་པ་དང། བདེན་པ་གཟིགས་པའི་ཚིག་ལ་ནི་དགོས་པ་ལ་སོགས་པ་མེད་པར་དོགས་པ་མི་རིགས་པས་སློབ་དཔོན་གྱི་ཞལ་སྔ་ནས་ནི་ཕྱག་འཚལ་བའི་དངོས་གྲུབ་བརྙས་པ་ཉིད་བས་དེ་དགོས་པ་ལ་སོགས་པ་བླུན་པོ་རྣམས་འབའ་ཞིག་ལ་བསྙད་པར་ཟད་དོ། ། ་བདེན་པ་གཟིགས་པ་རྣམས་ཀྱི་ཚིག་ལ་ཡང་དགོས་པ་མེད་པ་སྲིད་པར་རྟོག་ན་དེ་ནི་གཟུང་བར་མི་ནུས་པ་སྟེ། ཇི་ལྟར་ཟླ་བ་གྲགས་པས་གསུངས་པ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མ་ནུས་པ། །ཙན་དན་ཞེས ་བྱའི་གང་ཟག་གོ་ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་མ་དད་པ་དང། ཐེ་ཚོམ་གྱི་དྲ་བ་དང་བྲལ་བ་དང། སློབ་དཔོན་གྱི་བཀའ་ལུང་ལ་གུས་པས་ཤེས་པར་འདོད་པ་དག་གིས་འདི་ཁོང་དུ་ཆུད་པར་བྱའོ། །བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དང། ཕ ་རོལ་ཏུ་ཕྱིན་པ་དྲུག་བསྙད་པ་དང། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བཙལ་བ་དང་ཞེས་བྱ་བ་གསུམ་པོ་ནི་བསྟན་བཅོས་འདིའི་ལུས་ཡིན་པར་སྐྱེ་བོ་ཆེན་པོ་དག་བཞེད་དོ། །ཇི་ལྟར་ཞེ་ན། ཕྱག་འཚལ་བ་དང་གཞུང་བརྩམ་པར་ཞལ་གྱི་བཞེས་པ་ནི ་བར་ཆད་མེད་པ་དང། བསམ་པ་ཚར་ཆོད་པས་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་ཡིན་ལ། རང་གི་དོན་དུ་བརྩམས་པར་བསྙད་པས་ནི་མཁས་པ་མངོན་པའི་ང་རྒྱལ་ཅན་འགའ་ཞིག་ཁྱོད་ཀྱིས་བདག་ཅག་རྗེས་སུ་གཟུང་མི་དགོས་སོ་ཞེས་བར་ཆད་བྱེད ་པ་བཟློག་བས་བསྟན་བཅོས་འབྱུང་བའི་རྒྱུ་ཉིད་དོ། །སྐལ་པ་མཉམ་པ་རྣམས་ལ་བསྐུལ་བས་ནི་དེ་དག་ངད་པར་འགྱུར་ཞིང། དད་པ་དང་ལྡན་པའི་སྣོད་དུ་བསྟན་བཅོས་གཞག་པར་རིགས་སོ་ཞེས་དགོངས་པས་བསྟན་པ་ལ་འཇུག་བས་ན་བསྟན་བཅོས ་འབྱུང་བའི་རྒྱུ་ཉིད་དོ། །དེས་ན་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང། །བཙུན་པ་ཀུན་ལ་གུས་པས་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་རྣམས། །གསུང་རབ་ཚིག་ལ་དེ་ཏུས་པ་བསྟན་པར་བྱ་ཞེས་པ་ནི་བསྟན་བཅོས་འབྱུང ་བའི་རྒྱུ་དང་པོའོ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད་ཅེས་པ་ནས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས་ཞེས་བྱ་བའི་བར་ནི་དེའི་རྒྱུ་གཉིས་པའོ། །དགེ་བ་བསྒོམ་པར་བདག་གི་དད་པའི་ཤུགས་ཞེས་པ་ནས་ཇི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར ་ཞེས་པའི་བར་ནི་དེའི་རྒྱུ་གསུམ་པའོ། །དེ་ལ་བསྟན་ཆོས་འབྱུང་བའི་རྒྱུ་དང་པོ་ནི་གདུལ་བྱ་དག་ལ་བསླབ་པའི་ཆེད་དུ་ཟད་དེ། མཆོག་གི་དངོས་གྲུབ་ཐོབ་བ་དག་ནི་བགེགས་འབྱུང་བར་དོགས་པ་དང། དོན་དང་ལྡན་པའི་བྱ་བ་བརྩམས་པ་ལས་ལྡོག་པ་མི་སྲིད ་བའི་ཕྱིར་རོ། །ལུས་དང་པོའོ། །ལུས་གཉིས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་གཞག?་པ་སྟེ། དེ་ནི་ལེའུ་དང་པོ་བྱང་ཆུབ་ཀྱི་ཕན་ཡོན་བསྟན་པ་དང། གཉིས་པ་སྡིག་པ་བཤགས་པ་དང། གསུམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་དང། བཅུ་པ ་སྨོན་ལམ་གྱི་ལེའུ་སྟེ། དེ་ལྟར་རྣམ་པ་བཞི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་ཞེ་ན། ལེའུ་དང་པོ་གསུམ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ངོ་བོ་ཉིད་ཡིན་ལ་གང་བྱང་ཆུབ་ཏུ་སེམས་བརྟན་པ་དེ་ནི་ལུས་ལ་སོགས་པ་ཡོངས་སུ་བཏང་བའི་ཕྱིར ་ཏེ། ལུས་དང་དེ་བཞིན་ལོངས་སྤྱོད་དང། །དུས་གསུམ་དགེ་བ་ཐམས་ཅད་ཀྱང། །སེམས་ཅན་ཀུན་གྱི་དོན་གྲུབ་ཕྱིར། །པངས?་པ་མེད་པར་གཏང་བར་བྱ། །ཞེས་ལེའུ་གསུམ་པ་ལས་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་གི་སྨོན་ལམ་ནི་ཕྲག་དོག་པ་དྲི ་མ་མེད་པས་གཞན་ལ་ཕན་པའི་གོ་སྐབས་འབྱིན་པ་ཁོ་ན་སྟེ། དེ་བས་ན་སྨོན་ལམ་གྱི་ལེའུ་ཡང་སྦྱིན་པར་བརྗོད་པའོ། །ཞེས་བློ་དང་ལྡན་པ་དག་འཆད་དོ། །བག་ཡོད་པར་བསྟན་པ་དང། ཤེས་བཞིན་བསྲུང་བ་བསྟན་པའི་ལེའུ་གཉིས་ནི་ཚུལ་ཁྲིམས ་བརྗོད་པའོ། །ལེའུ་ལྷག་མ་བཞི་ནི་གོ་རིམ་བཞིན་དུ་བཟོད་པ་དང། བརྩོན་འགྲུས་དང་བསམ་གཏན་དང། ཤེས་རབ་སྟོན་པ་ལ་འཇུག་པའོ། །ད་ནི་ལུས་གཉིས་པའི་དབང་དུ་བྱས་ཏེ། བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང ་བཅེས་པར་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ་ཞེས་པ་ནས། འཇིག་རྟེན་བསོད་ནམས་བློ་གྲོས་ཐད་འགའ་འབྱུང་ཞེས་པའི་བར་གྱིས་རྙེད་པར་དཀའ་བའི་སྐྱེ་བ་ཆུད་མི་གསན་པར ་སེམས་བསྐྱེད་དོ། །དེ་ལྟར་སེམས་བསྐྱེད་པས་ཇི་ལྟར་ན་བདག་གིས་སྐྱེ་བ་འབྲས་བུ་ཅན་དུ་འགྱུར། འདིའི་ཐབས་ནི་གང་ཞིག་ཡིན་ཞེས་རྟོག་པ་ལ། དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་བརྟག་ཅེས་པ་ནས། བྱམས་མགོན་བློ་དང་ལྡན་པས་ནོར་བཟང ་བཤད་ཅེས་བྱ་པའི་བར་གྱིས་ཕན་ཡོན་བསྙད་པས་སེམས་དྲང་བར་བྱ་བ་དང་བཅས་ཏེ། དེའི་ཐབས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དོ། །ཞེས་ཤེས་པར་བྱའོ། །དེ་དེ་ལྟར་ཐབས་ཁོང་དུ་ཆུད་པས་སེམས་བསྐྱེད་པར་འདོད་པ་སེམས་བསྐྱེད་པ ་གཅིག་བུ་བ་འམ། འོན་ཏེ་བྱེ་བྲག་ཅན་ཞེས་སེམས་པ་ལ་ཞུགས་པ་ལ་བྱང་ཆུབ་སེམས་དེ་མདོར་བསྡུ་ན་ཞེས་པ་ནས། བསོད་ནམས་རྒྱུན་ཆགས་འབྱུང་བཞིན?་ཞེས་བའི་བར་གྱིས་སེམས་བསྐྱེད་པའི་དབྱེ་བ་གཉིས་ཡོན་ཏན་གྱི་བྱེ་བྲག་མི་འདྲ་བར ་བསྟན་པ་དང་བཅས་ཏེ་བཤད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སྨོན་པ་བྱང་ཆུབ་ཀྱིས་སེམས་ལ་སྨོད་ཅིང་འདོར་བ་དགག་པའི་ཕྱིར། གང་ནས་གཟུང་སྟེ་སེམས་ཅན་ཁམས་ཞེས་པ་ནས། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི་ཞེས་བྱ་བ་ལེའུ ་དང་པོ་ཡོངས་སུ་རྫོགས་པའི་བར་དུ་སྨོན་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་བརྗོད་པའོ་།དེ་ནས་བྱང་ཆུབ་སེམས་དཔའ་སྨོན་པའི་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལེན་འདོད་པ་ལ། དེའི་ཆོག་བསྟན་པར་བྱ་སྟེ། ཐམས་ཅད་ཀྱི་ལུས་ལྟ ་བུ་ནི། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་ཡིན་པས་འདི་ཉིད་ལ་བསླབ་པར་བྱ་སྟེ། གང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་འདི་འདི་ལས་བཤད་ལ། བྱ་བ་དང་བྱ་བ་མ་ཡིན་པའི་ཆ་བསྲུང་བ་ལ་གནས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི ་བསླབ་པ་གང་ཡང་འདྲལ་མི་སྲིད་པའི་ཕྱིར་དང། ལྟུང་བ་གསོ་བའི་ཐབས་ཀྱང་འདི་ཉིད་ལས་འབྱུང་བའི་གཤགས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བཤད་པའི་ཚུལ་གྱིས་སྟོང་པ་ཉིད་ལ་གནས་པ་ཁོ་ནས་དག་པར་འགྱུར་པའི ་ཕྱིར་རོ། །གང་དག་ལས་བྱང་ཆུབ་སེམས་དཔའ་ཨི་ལུས་བསྲུང་བ་དེ་དག་ཐམས་ཅད་ཀྱང། འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བཤད་པའི་ཚུལ་གྱི་རང་བཞིན་མེད་པ་ལ་གོམས་པ་ཁོ་ནས་བསྲུང་བ་དེ་དང་དེ་ཐམས་ཅད་འགྲུབ་སྟེ་ཇི་སྐད་དུ། ་གང་འདིར་རྒྱུ་བ་དང་ནི་མི་རྒྱུ་བ། །སྒྱུ་མ་མཁན་པོའི་ངོ་བོ་ཡོངས་རྟོགས་པ། །དོན་དམ་མཐོང་བའི་བསྲུང་བ་དེ་ཉིད་ཡིན། །བསྲུང་བའི་ཆོ་ག་གཞན་དང། འདིར་ཅི་དགོས། །ཞེས་གསུངས་སོ། །ཡང་གསུངས་པ། སྟོང་པ་ཉིད་ནི་རྣམས་སྒོམས་ན། །འཆི ་བདག་གིས་ནི་མི་མཐོང་ཞིང། །གཞན་ཡང་བདུད་ནི་བྱེ་བས་ཀྱང། །མཐོང་བར་འགྱུར་བ་མ་ཡིན་ནོ་ཞེས་སོ། །དེ་བཞིན་དུ་སློབ་དཔོན་ཆོས་ཀྱི་ཞལ་སྔ་ནས་ཀྱང། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྲུང་ནི་བསྲུང་བ་གཞན་གྱིས་བསྲུང་མི་དགོས ་སོ་ཞེས་བཤད་དོ། །དེ་ལྟ་སྨོན་པའི་བྱང་ཆུབ་སེམས་བསྐྱེད་ནས། །བདག་གཟེངས་བསྟོད་པས་ལས་ཀྱི་མཛའ་མི་ལྡོག་པར་བྱ་བའི་ཕྱིར། དེ་ལྟར་བློ་དང་ལྡན་པ་ཡིས་ཞེས་པ་ནས། མར་གྱི་ཉིང་ཁུ་བྱུང་བ་ཡིན་ཞེས་བྱ་བའི་བར་དུ་བརྗོད་དོ། །དེ་ནས ་འགྲོ་བ་ཐམས་ཅད་དབུགས་འབྱུང་བ་དང། ཚོགས་ཆེན་པོ་ལ་དགོད་པའི་ཁུར་མི་འདོར་བར་བྱ་བའི་ཕྱིར་རོ། འགྲོ་བའི་འདྲོན་བ་སྲིད་པའི་ལམ་རྒྱུ་ཞིང་ཞེས་པ་ནས། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས་ཞེས་བྱ་བའི་བར་གྱིས་ལེའུ་གསུམ ་པ་ཟད་པར་བརྗོད་དེ། དེ་ལྟར་ན་ལེའུ་དང་པོ་གསུམ་ནི་སྨོན་པའི་བྱང་ཆུབ་སེམས་བསྐྱེད་པའི་ཆོ་ག་རྒྱས་པར་བསྟན་པ་ཁོ་ན་ཡིན་ནོ། །དེ་ལ་བློ་གྲོས་ཉམས་པ་ཁ་ཅིག་ནི་སྐྱོན་འདོགས་ཏེ། འདིར་ནི་རིམ་པ་ལེགས ་པར་བརྗོད་དེ། འདིར་སེམས་བསྐྱེད་པ་དང་སྡོམ་པ་བླང་བའི་ཚིག་ནི་ཐ་མར་བྱུང་ལ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། ཞེས་པ་ལ་སོགས་པ་འཕེལ་བར་བྱ་བའི་ཚིག་སྔོན་དུ་བརྗོད་དོ་ཞེས་པ་དང། སྐབས་མ་ཡིན་པའི ་ཚིག་མཆོད་པ་བརྗོད་པའི་སྐབས་སུ་སྡིག་པ་བཤགས་པ་ལ་སོགས་པ་ཡོད་དོ་ཞེས་སོ། །དེ་དག་ནི་བླུན་པོ་ཁོ་ནའི་ཚིག་སྟེ། གལ་ཏེ་མཆོད་པ་ལ་སོགས་པ་སེམས་བསྐྱེད་པ་འཕེལ་བར་བྱ་བའི་ཕྱིར་ཡིན་ན་ནི་དེའི་ཕྱིར་རིན་ཆེན་སེམས ་དེ་རྒྱས་པར་བྱ་བའི་ཕྱིར་ཞེས་བརྗོད་པ་ནི་རིགས་ཏེ། དེ་བས་ན་དེ་དག་ནི་སྒྲ་ཙམ་ཡང་མི་ཤེས་པར་སློབ་དཔོན་ལ་སྡང་བར་ཟད་དོ། །མདོ་སྡེ་དུ་མ་ལས་ཀྱང་དང་པོ་ཡོན་ཕུལ་ནས་དེ་བཞིན་གཤེགས་པ་ལ་སེམས་བསྐྱེད་པ་མང་དུ་བྱུང ་ལ། སློབ་དཔོན་རྣམས་ཀྱང་དང་པོ་མཆོད་པ་ལ་སོགས་པས་སེམས་རྣམ་པར་སྦྱངས་ནས་གདོད་སེམས་བསྐྱེད་དོ། །ཞེས་མཐུན་པར་ཆད་དོ། །སྐབས་མ་ཡིན་པར་སྨྲས་སོ། །ཞེས་རྒལ་བའི་ལན་ནི་ཁོ་བོས་ཐོག་མ་ཁོ་ནར་སྨྲས་སོ། །དེ་ལྟར ་ན་འདིས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཆོ་ག་འདི་ལ་སློབ་དཔོན་ཞི་བའི་འཚོ་ལ་སོགས་པས་ལུགས་ཐ་དད་པ་གང་གི་མདུན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བཤད་པ་དེ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཡོངས་སུ་སྦྱངས་པ་ལ་སེམས ་བསྐྱེད་པ་ཉིད་རིགས་པ་དང་པོར་མཆོད་པ་ལ་སོགས་པས་སེམས་སྦྱང་བའི་ཕྱིར་བླ་གོས་ཕྲག?་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ལ་ཐལ་མོ་སྦྱར་ཏེ། སེམས་རྩེ་གཅིག་ཏུ་བྱེད་པས། ཕྱོགས་བཅུ་ན་བཞུགས ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང། བླ་མ་རྣམས་མངོན་དུ་དམིགས་ཏེ། དམ་ཚིག་གི་རྗེས་སུ་འཇུག་བས། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར་ཞེས་པ་ནས། སླན་ཆད་བདག་ནི་སྡིག་པ་ཡོད་མི་བགྱིད་ཅེས་པའི་བར་དུ ་ལེའུ་གཉིས་པ་ཟད་པར་བརྗོད་དོ། །དེ་མ་ཐག་ཏུ་ཡང་སེམས་ཅན་ཀུན་གྱི་ངན་སོང་གི་ཞེས་པ་ནས། བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག་ཅེས་པའི་བར་དུ་བརྗོད་དོ། །དེས་ནི་མཆོད་པ་དང། བདག་ཉིད་དབུལ་བ་དང། སྡིག་པ་བཤགས་པ་དང། ཁྲུས ་གསོལ་བ་དང། རས་དབུལ་བ་དང། རྒྱན་དབུལ་བ་དང། བྱུག་པ་དབུལ་བ་དང། སིལ་མ་དང་ཕྲེང་བའི་མེ་ཏོག་དབུལ་བ་དང། སྤོས་དབུལ་བ་དང། ལྷ་བཤོས་དབུལ་བ་དང། སྣང་བ་དབུལ་བ་དང། ས་བཞི་ལྟར་བ་དབུལ་བ་དང། གཞལ་ཡས ་ཁང་དབུལ་བ་དང། གདུགས་དབུལ་བ་དང། རོལ་མོ་དང་བླུའི་མཆོད་པ་སྨོན་ལམ་གྱིས་དབུལ་བ་དང། དཀོན་མཆོག་གི་གཟུགས་བརྙན་ལ་མཆོད་པ་སྨོན་ལམ་གྱིས་དབུལ་བ་དང། བདག་ཉིད་ཆེན་པོ་དག་གི་རྗེས་སུ་གཞོལ་བས་མཆོད་པ་དང་བསྟོད ་པ་དང། མཆོད་པ་དང། བསྟོད་པའི་མཆོད་པ་སྨོན་ལམ་གྱི་དབུལ་བ་དང། ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བ་དང། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། སྐྱབས་སུ་གསོལ་བ་བཅས་ཏེ་འགྱོད་པ་དྲག་པོས་སྡིག་པ་བཤགས་པ ་དང། རྗེས་སུ་ཡི་རང་བ་དང། བསྐུལ་བ་དང། གསོལ་བ་གདབ་པ་དང། སྨོན་ལམ་ཤིན་ཏུ་རྒྱས་པར་དམིགས་པ་སྟེ། ཉི་ཤུ་རྩ་བདུན་པོ་དག་གིས་སེམས་རབ་ཏུ་སྦྱང་ངོ། །དེ་ནས་སེམས་བསྐྱེད་པར་འདོད་པ་ཞིག་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས ་ཀྱིས། བྱང་ཆུབ་ཐུགས་ནི་སྐྱེད་པ་ལྟར་ཞེས་བྱ་བ་འདི་ལན་གསུམ་བརྗོད་དོ། །དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་སྔར་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའོ། །གལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། སྡོམ་པ་གཟུང་བ་གཉི་ག་ལེན་འདོད་པ་ཞིག ་ན་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང། །བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་བའི་ཕན་དོན་དུ། །བྱང་ཆུབ་སེམས་ན་བསྐྱེད ་བགྱི་ཞིང། །དེ་བཞིན་དུ་ནི་བསླབ་པ་ལ་འང། །རིམ་པ་བཞིན་དུ་བསླབ་པར་བགྱི་ཞེས་ལན་གསུམ་བརྗོད་དོ། །དེ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ལ་གནས་པའི་གྲངས་སུ་སོན་པ་སྟེ། དེའི་ཕྱིར་དེས་ནི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི ་ཕམ་པའི་གནས་དང། སྒོམ་པོའི་ལྟུང་བ་དང། ཉེས་བྱས་ཀྱི་ལྟུང་བ་རྣམས་བསྲུང་དགོས་པས། སློབ་དཔོན་བཙུན་པ་ཟླ་བས་སྦྱར་བའི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཉི་ཤུ་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དུ་གཏོགས་པ་དུ་མ་བསླབ ་པར་བྱ་ཞིང། ལྟུང་བ་རྣམས་མི་འབྱུང་བར་བྱ་བ་དང། བྱུང་བ་ཡང་རིངས་པ་རིངས་པར་གསོ་བར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དག་གིས་ཀྱང་འདིར་བརྩད་དུ་མེད་དོ། ལུང་དག་ལས་སངས་རྒྱས་མ་ཡིན་པའི་གང་ཟག་ལས་བྱང་ཆུབ ་སེམས་བསྐྱེད་པར་མི་སྣང་བའི་ཕྱིར་དང། ལུགས་འདི་ལ་ཉེས་པ་ཅི་ཡང་མེད་པའི་ཕྱིར་དང། སློབ་དཔོན་ནི་འཇམ་པའི་དབྱངས་ཀྱི་ལུང་ཡོད་ཅིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའི་ཕྱིར་རོ། །ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་བྱང་ཆུབ ་ཏུ་སེམས་བསྐྱེད་པའི་ཆོ་ག་སློབ་དཔོན་ཞི་བའི་ལྷ་དང་མཐུན་པར་མཛད་པའི་ཕྱིར་དང། ལུགས་གཞན་པས་འདི་ཉིད་ཚད་མ་དང་ལྡན་པར་སྣང་བའི་ཕྱིར་དེ་ལྟར་སྨོན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་འཇུག་པའི་བྱང་ཆུབ ་ཀྱི་སྦྱོར་བས་དེ་བརྗོད་པར་བྱ་སྟེ། འདི་ཡང་གནས་བརྟན་མཆེ་བའི་སྡེ་ལ་སོགས་པའི་གཞུང་བདེན་པ་མཐོང་བའི་དབང་ལས་འཇུག་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་ཅིང། འཇིག་རྟེན་པའི་ལམ་ཐམས་ཅད་སྨོན་པར་འཇོག་པ་དང། ཁ་ཅིག་གིས ་བསོད་ནམས་མངོན་པར་འདུ་བྱ་བ་དང་ལྡན་པའི་སེམས་བསྐྱེད་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ལ། བསོད་ནམས་མངོན་པར་འདུ་བྱ་བ་དང་མི་ལྡན་པའི་སེམས་བསྐྱེད་པ་ཐམས་ཅད་སྨོན་པ་ཅན་ནོ་ཞེས་བརྗོད་པ་དེ་དག་དྲང་བ་མ་ཡིན་ཏེ། ་འདིར་ནི་དེ་ལྟར་སེམས་སྦྱངས་པའི་གང་ཟག་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང། བསླབ་པ་ལ་གནས་པ་དེའི་བསླབ་པ་མི་འཇིགས་པར་རྗེས་སུ་བསྲུང་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ཉིད་སེམས་བསྐྱེད་པ་འཕེལ་བ་དང། འཇུག་པའི་བྱང་ཆུབ་ཀྱི་སེམས ་སོ་ཞེས་བློའི་ཕ་རོལ་ཏུ་ཕྱིན་པ་དག་འཆད་དེ། དེའི་ཕྱིར་དེ་ལྟར་སེམས་བསྐྱེད་ནས། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར་ཞེས་པ་ནས། སྟོང་པ་ཉིད་གཅིག་སྟོན་པར་འགྱུར་ཞེས་པའི་བར་གྱི་ལེའུ་དྲུག་གིས་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས ་དང། བསམ་གཏན་དང། ཤེས་རབ་དག་ལ་སྤྱད་ཅིང། དེ་བཞིན་དུ་སྨོན་ལམ་གྱི་ལེའུ་ལས་བཤད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བཏབ་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། འདི་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཏེ། སེམས ་སྔ་མ་འཕེལ་བར་བྱེད་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པ་ཡིན་ལ། ལེའུ་གཞན་དགུས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པ་ཉིད་དོ། །དེ་ལྟར་ན་བྱང་ཆུབ་ཀྱི་སེམས་རྣམ ་པ་གཉིས་ཀྱི་ངོ་བོ་ཡང་འདི་གནས་སོ། །བྱང་ཆུབ་རྣམས་ཀྱི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ངེས་པར་མངོན་པར་རྫོགས་པས་སངས་རྒྱས་པར་འགྱུར་ཏེ། །ནུས་པ་མཐུ་དང་ལྡན་པའི་རྒྱུ་ཚོགས་པ་ན། དེ་དང་མཐུན་པའི ་འབྲས་བུ་གྲུབ་པ་ནི་འཇིག་རྟེན་དང་བསྟན་བཅོས་ལས་གྲུབ་པོ། །དེའི་ཕྱིར་འབྲས་བུའི་བདག་ཉིད་ནི་ཤུགས་ཀྱིས་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་འདི་ནི་རྒྱལ་བའི་སྲས་ཐམས་ཅད་ཀྱི་ལམ་འབྲས་བུ་དང་བཅས་པ་བརྗོད་པ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུར་རིག་པར་བྱའོ། །འདིར་འགའ་ཞིག་བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གྲངས་སུ་ཆུད་པ་དུ་ཞིག་ཡིན། ཞེས་རྟོགས་པའི་ཆེད་དུ ་འདི་བརྗོད་པར་བྱ་སྟེ། སློབ་དཔོན་ཙན་ཏྲ་གོ་མིས་གྲངས་ཉུང་ཤོས་ངེས་པར་མཛད་པ་དང། ཐེག་པ་ཆེན་པོའི་མདོ་སྡེ་བདུན་བརྒྱ་བ་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གཞི་བཞི་བརྒྱ་ཞེས་གྲངས་སུ་ཆུད་པ་ལ་སོགས་པ་ནི་མ་ངེས་ཏེ། ་དེ་དག་ནི་ལོངས་ཙམ་ལ་དགོངས་པ་དང། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པར་ལུང་དུ་མ་ལས་མཐོང་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ནི་མདོར་བསྡུ་ན་གཉིས་ཁོ་ན་སྟེ། གང་གིས་སེམས་ཅན་ལ་ཕན་པ ་ཐམས་ཅད་བྱ་བ་དང། གང་གིས་སེམས་ཅན་ལ་གནོད་པ་ཐམས་ཅད་སྤང་བའོ། །གཞི་དེ་གཉིས་ལས་མ་འདས་མོད་ཀྱི། རྒྱལ་བར་བྱེད་པའི་ཚད་ངས་པར་ཡང་བདེན་པ་མ་མཐོང་བ་དག་གིས་ཀྱང་བྱ་བར་མི་ནུས་སོ། །དེ་བཞིན་དུ་སྣང་བ་དང་བཀག་པ ་ཡང་སྙིང་རྗེ་དང་ཤེས་རབ་ལ་ལྟོས་པས་མ་ངེས་ཏེ། ཉི་མའི་ཟེར་གྱིས་གདུངས་པའི་མཚོ་ཆེན་ལྟར། །མཉམ་པའི་སྙིང་རྗེ་ཆེན་པོ་ཁྲིད་བྱེད་ཅིང། །ནང་ན་ཁ་བ་ལྟར་བསིལ་ཕྱི་རོལ་ནི། །རྩུབ་པ་ཉིད་ཀྱིས་འགྲོ་བ་སྐྱོང་བར་བྱེད་ཅེས་གསུངས་པ་ལ་སོགས ་པས་ཐབས་དང་ཤེས་རབ་ཆེན་པོ་དག་ལ་ནི་བག་ཡངས་སུ་སྤྱོད་པ་ཡང་ཡིན་ལ། ལྟུང་བས་ཀྱང་མི་རེག་གོ་།ཤེས་རབ་དང་སྙིང་རྗེ་ཆུང་བ་དག་ནི་བཅིངས་པས་གནས་པ་ཡང་ཡིན་ལ། ཡང་དང་ཡང་དུ་ཡང་ལྟུང་བས་ཀྱང་འཛིན་ཏེ། དེའི་ཕྱིར་རྗེས་སུ ་གནང་བ་དང། དཀག་པ་ཡང་མ་ངེས་སོ། །ལྟུང་བ་འབྱུང་བ་ཡང་མ་ངེས་ཏེ། དམན་པ་ཁ་ཅིག་ནི་དངོས་པོར་འཛིན་པའི་དབང་གིས་འགྱོད་ཅིང་ཡིད་ལ་བརྟགས་པས་གཞན་གྱིས་དྲུང་དུ་ཉེས་པ་བཤགས་ཤིང། ཕྱིས་སྡོམ་པའི་རིགས ་ཀྱིས་ཉེས་བ་དེ་ལས་རིང་ཞིག་ན་ལྡང་བ་ཡང་ཡོད་དོ། །བར་མ་ཁ་ཅིག་ནི་རིགས་སྔགས་ཀྱི་ལྷ་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་མཉེས་པར་བྱས་ཏེ། ལྷའི་རྗེས་སུ་གནང་བ་ཐོབ་པས་ལྟུང་བ་ལས་ལྡང་ངོ། །དམ་པ་ཁ་ཅིག་ནི་གང ་ལྟུང་བ་བརྗོད་པ་དེ་ཉིད་ལ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས། ཚོགས་མེད་པར་གནས་ཏེ། ཇི་ལྟར་འཕགས་པའི་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས ་ལས་མེད་ཅིང་རྣམ་སྨིན་མེད་པ་དེ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་པོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ལུས་གཉིས་པའོ། །ལུས་གསུམ་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་འཇིག་རྟེན་གྱི་ལེགས་པ་ཐམས་ཅད་དང་བླ་མ་དང་འདོད་པའི་ལྷ ་ལས་འབྱུང་བས་ན། འདི་གཉིས་ནི་བདག་ལ་བཀའ་དྲིན་རྗེས་སུ་གནང་བ་ཡིན་ནོ། །ཞེས་པ་དང། སེམས་དག་བྱས་པ་གཟོ་བ་དང་མི་འབྲལ་བར་གྱུར་ཅིག་ཅེས་དགོངས་པས་ཡབ་ཡུམ་རྣམ་པ་གཉིས་ལ་ཕྱག་བཙལ་བའི་དྲིན་དུ་གཟོ་བའི་ཚིག་བརྗོད་པ་དང་བཅས ་པའོ། །གཞུང་གི་ཚིགས་ན་བདག་གི་མ་བྱེད་སྟེ། རྟོགས་པར་བླ་བ་དང། སློབ་དཔོན་དག་གིས་འབྲེལ་བ་དང། ཊཱི་ཀ་ལ་གནས་སོགས་པ་ལས་གསལ་བར་མཛད་པའི་ཕྱིར་རོ། །བདེ་གཤེགས་སྐྱེས་ནས་དཀའ་བའི་གནས་རྣམས་ཞི་།བདག་གི་བླ་མའི ་རྗེས་འབྲངས་རབ་ཏུ་གསལ་བྱས་པས། །འགྲོ་རྣམས་དད་པས་བྱང་ཆུབ་སེམས་གཉིས་གཞོན་པར་རབ་ཞུགས་ནས། སྡུག་བསྔལ་མ་ལུས་མཐར་ཕྱིན་འཇམ་དབྱངས་སྤྱོད་ཡུལ་ཉིད་གྱུར་ཅིག་།བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་རྟོག་པར ་དཀའ་བའི་གནས་བརྟན་ལ་ཕབ་པའི་གཞུང། སློབ་དཔོན་མཁས་པ་ཆེན་པོ་ཀྲིཥྞ?་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྞ་བདེ་ཉིད་དང། །ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས ་རབ་ཀྱི་སྒྱུར་ཅིང་ཞུས་ཏེ་རྟན་ལ་ཕབ་པའོ།། །། *། (།བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་བཻ་རོ་ཙ་ནས་མཛད་པ་བཞུགས་སོ།)་། *། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱཱ་བ ་