| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱ་ཨ་བ་ཏཱ་ར་ས་སྐཱར། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག ་པའི་ལེགས་པར་སྦྱར་བ། བཅོམ་ལྡན་འདས་གསུང་གི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ ་ལོ། །ངོ་བོ་ཉིད་ནི་བྱང་ཆུབ་པའི། །རྒྱ་མཚོ་དེ་ལ་ཕྱག་འཚལ་ཏེ། །བདག་འདྲའི་སྤྱོད་པའི་ཡན་ལག་ལས། །འཇུག ་ཕྱིར་ལེགས་སྦྱར་བཤད་ཙམ་བྱ། །དམ་པ་རྣམས་ཀྱིས་ནི་ཐོག་མ་དང་བར་དང་ཐ་མར་དགེ་བ་མངོན་པར་འཕེལ་བར་བྱ་བ ་ཡིན་པས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་ཕྱག་འཚལ་བ་ནི་དང་པོར་དགེ་བའོ།། ་ཆོས་བསྟན་པ་ནི་བར་དུ་དགེ་བའོ། །དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ནི་དགེ་བའི་རྩ་བ་མངོན་པར་འཕེལ་བ་ཡིན་པས་ཐ་མར་དགེ ་བ་ཡིན་ནོ། །དེ་ལ་བདེ་བར་གཤེགས་པ་ནི་རྟོགས་པར་བྱ་བའི་ལྷག་མ་མི་མངའ་བས་ན་ཡོངས་སུ་རྫོགས་པར་ཐུགས་སུ་ཆུད་པའི ་ཕྱིར་བདེ་བར་གཤེགས་པའོ། །ཆོས་ཀྱི་སྐུ་མངའ་བ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་དམ་པའི་ཆོས་ཀྱི་ཚོགས་ནི་ཆོས་ཀྱི་སྐུ་སྟེ ་དེ་དང་བཅས་པའོ། །སྲས་བཅས་ནི་ཉིད་ལས་འཁྲུངས་པའི་སྲས་ཏེ། བྱང་ཆུབ་སེམས་དང་བཅས་པའོ། །ལ་ལ་ལས་ནི་བདེ་གཤེགས་དམ་པའི ་ཆོས་དང་དགེ་འདུན་བཅས་ཞེས་ཟེར་རོ། །བཙུན་པ་ནི་ཉན་ཐོས་ཆེན་པོ་བརྒྱད་ལ་སོགས་པ་ལ་བྱ་སྟེ། དེ་དག་མ་ལུས་པ་ཀུན་ལ་ཕྱག་འཚལ་བའོ།། ་དཀོན་མཆོག་གསུམ་པོ་གཙོ་བོར་གྱུར་པས་སོ་སོར་སྨོས་པ་ཡིན་ལ། དེ་དག་ཀྱང་ཕྱག་བྱ་བར་འོས་པ་ཡིན་པས་གུས་པས་ཕྱག་འཚལ་ཏེ། ཞེས་བྱ ་བ་སྨོས་ཏེ། འདིར་ཡོན་ཏན་དམ་པའི་བསྟོད་པ་རྒྱ་ཆེ་བ་དང། མཆོད་པ་ཁྱད་པར་དུ་འཕགས་པའི་དམིགས་པ་ཡིད་ལ་བྱེད་པ་ལས་བྱུང་བའི་མོས་པའི ་བསམ་པ་ཤིན་ཏུ་ཕུལ་དུ་བྱུང་བའི་དགའ་བ་རྒྱ་ཆེ་བའི་མཆོད་པ་དང་བཅས་པས་ལུས་ཞིང་ཐམས་ཅད་རྡུལ་སྙེད་ཀྱིས་བཏུད་ཅིང་ཕྱག་འཚལ་ལོ། །དེ་ལྟར ་ཕྱག་བཙལ་ནས་ཅི་ཞིག་བྱེད་ཅེ་ན། བདེ་གཤེགས་སྲས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བར་གཤེགས་པའི་བདག་ཉིད་ནི་ཆོས་ཀྱི་སྐུ་སྟེ། ་དེའི་དབང་དུ་བྱས་པ་ལས་སྐྱེས་པས་ཆེན་པོ་ཐོབ་པ་དང། རྒྱུ་ལ་གནས་པ་རྣམས་སོ། །དེ་རྣམས་ཀྱི་སྡོམ་པ་ནི་མི་དགེ་བ་སྤོང་བ་དང། དགེ་བ་ལ་འཇུག་པ་དང། སེམས ་ཅན་གྱི་དོན་བྱ་བའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་དུ་གསུངས་ལ། དེར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ལ་སོགས ་པའི་དོན་རྣམ་པ་བཅུ་པོ་གང་ཡིན་པ་དེས་འཇུག་པའི་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་དེ་བསྟེན་པར་བྱའོ། །དེ་ཡང་ལུང་བཞིན་ཞེས་བྱ་བ་སྟེ། ལུང ་གི་དོན་དང་མི་འགལ་བར་རོ། །ལུང་ལས་ནི་བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་གསུངས་སོ་ཞེ་ན། མདོར་བསྡུས་ནས་ནི་ཞེས་བྱ་བ་སྨོས་སོ། །དེ་ལྟ་ཡིན་དུ་ཆུག་ན། ཅི་འདིར ་སྔོན་ཆད་མ་བྱུང་བ་གཞན་འགའ་ཞིག་སྨྲས་སམ། ལུང་ཇི་ལྟ་བ་ཡིན་ཞེ་ན། སྔོན་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྡེབ་སྦྱོར་མཁས་པས་སྔོན་མ་བྱུང་བ་ཡིན་ནམ་ཞེ་ན། སྡེབ་སྦྱོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་གང་གི་ཕྱིར་སྡེབ་སྦྱོར་ལ་མཁས་པ་མེད་པ་ཉིད་ཀྱི་ཕྱིར་གཞན་གྱི་དོན་དུ་བདག་གིས་འདི་གཞུང་དུ་ཉེ་བར་སྦྱར་བ་མ་བྱས་སོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་གལ་ཏེ་གཞན་གྱི་དོན་དུ་མ་བྱས་ན་ཅིའི་ཕྱིར་བྱེད་ཅེ་ན། དེའི ་ཕྱིར་རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ནི་འདིར་བྱང་ཆུབ་ཀྱི་སེམས་ཏེ། དེ་བསྒོམ་པའི་ཕྱིར་ཞེས་བྱ་བ་ནི་བསླབ་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ལུང་ལས་ཚིག་གི་དོན་རྒྱ་ཆེར་གསུངས་པ་དེ་ལས ་མདོར་བསྡུས་ཏེ་རང་གི་ཡིད་ལ་བསྒོམ་པར་བྱ་བའི་ཕྱིར་བདག་གིས་འདི་བྱས་སོ་ཞེས་པའོ། །དེ་ཡང་ཇི་ལྟར་ཞེ་ན། དགེ་བ་བསྒོམ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་ལ་བསྒོམ་པར་བྱ་བ་ནི་བདག་གི ་དད་པའི་ཤུགས་ཤིན་ཏུ་དག་པ་དང་འཕེལ་བར་འགྱུར་བའི་ཕྱིར་བྱས་པའོ། །རེ་ཞིག་ཅེས་བྱ་བའི་སྒྲས་ནི་གཞན་གྱི་དོན་ལ་ཡང་བལྟོས་པ་སྟེ། འདི་ནི་གཞན་གྱི་དོན་དུ་འགྱུར་ཏེ། རྒྱུད་ཤིན་ཏུ་དག་པའི་ཡིད་ ་དང་ལྡན་པ་རྣམས་ཀྱི་གོམས་པ་ཕུལ་དུ་བྱུང་བར་འགྱུར་རོ། །དེ་བས་ན་གཞན་གྱི་དོན་དུ་འགྱུར་བ་ཡིན་པས་དེའི་ཕྱིར་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་བསྐལ་བ་མཉམ་ཞིང་རིགས ་མཚུངས་པ་གང་ཡིན་པ་གཞན་དག་ཀྱང་ཡོད་པས་དེའི་དོན་དུ་ཡང་འགྱུར་བར་མཐོང་བས་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་བརྩམས་པ་འདི་ནི་དོན་ཡོད་པ་ཡིན་ནོ། །སྡེབ ་སྦྱོར་བྱེད་པའི་དོན་ནི་ཁོ་བོ་མི་འདྲིའི། བརྗོད་པར་བྱ་བ་འདྲི་སྟེ། བརྗོད་པར་བྱ་བ་ནི་འཇུག་པའི་དོན་དུ་འགྱུར་བ་ཡིན་ནོ་ཞེ་ན། དེ་ནི་བདེན་མོད་ཀྱི། གཞུང་རྩོམ་པ་ལ་ནི་རྟོག་པ་དང་ལྡན་པ་དག་བརྗོད་པར་བྱ་བའི་གཏམ་ལ ་བརྟེན་པ་ཉིད་ཀྱིས་ན་གཏམ་ཡང་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་ཡིན་པས་དེ་ལྟར་ན་བདག་དང་གཞན་གྱི་གཏམ་གྱི་དགོས་པ་ཡིན་ལ། དེ་གཉིས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་དུ་འབྱུང་བ ་ཉིད་ནི་འབྲེལ་པ་ཡིན་ནོ། །དེ་བས་ན་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་ནི་བརྗོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གླེགས་བམ་ལ་ལ་ལ་ཚིག་འདི་མེད་དེ། བསླབ་པ་ཀུན་ལས་བཏུས་པ་ཉིད ་ཡིན་མོད་ཀྱི། དེར་རིག་པ་མ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པ་ཉིད་ཡིན་པའི་ཕྱིར་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་མ་ཡིན་ལ་འདིར་ནི་བདག་གིས་བྱང་ཆུབ་སྤྱོད་པ་ལ། འཇུག་པ་རྣམ་པར ་བསམས་པ་ཞེས་བཤད་པའི་ཕྱིར་དང། བྱེད་པ་པོ་གཅིག་ཡིན་པའི་ཕྱིར་རིགས་པ་ཡིན་ཏེ། གཞན་དུ་ན་ཉན་པ་པོའི་འཇུག་པའི་ཡན་ལག་ཏུ་འགྱུར་བའི་འབྲེལ་པ་ལ་སོགས་པ་མ་སྨྲས་པར་འགྱུར་བས་འདི་ནི་འདིར་རིགས་ལ ་སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའ་དག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་དེར་སྨོས་པའི་རིགས་སོ། །ཅི་ཚེ་འདི་ཉིད་དུ་དགེ་བ་ལ་འབད་པར་ཅི་ལྟར་ནུས་ཤེ་ན། དེའི་ཕྱིར་དལ་འབྱོར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དལ་བ་ཞེས་བྱ་བ ་ནི་མི་ཁོམ་པ་ལས་ལོག་པ་སྟེ། འདིར་ནི་སྡོམ་པ་འཆགས་པ་ལ་དལ་བ་ཞེས་བྱའོ། །དེའི་འབྱོར་པ་ནི་ཕུན་སུམ་ཚོགས་པ་སྟེ། འདི་ནི་ཤིན་ཏུ་རྙེད་པར་དཀའ་ཨོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་བ་ལ ་སོགས་པར་གསུངས་པ་ཡིན་ལ། དེ་ནི་ཁོ་བོ་ཅག་རྣམས་ཀྱིས་ཐོབ་པར་གྱུར་པ་ཡིན་ནོ། །སྐྱེས་བུའི་དོན་སྒྲུབ་ནི་སེམས་ཅན་གྱི་དོན་བྱེད་པར་ནུས་ཤིང་སྐལ་པ་ཡོད་དེ། །དེ་ཐོབ་པར་འགྱུར་བ་ཡིན་ནོ། །གལ་ཏེ་དལ་འབྱོར་ཕུན་སུམ་ཚོགས་པའི་དུས ་འདིར་ཕན་པ་ཞེས་བྱ་བ་བདག་དང་གཞན་ལ་ཡུན་རིང་དུ་ཕན་ཞིང་བདེ་བར་འགྱུར་བ་རྣམ་པར་མ་བསམས་ནའོ། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར་ཞེས་བྱ་བ་ནི། ཤིན་ཏུ་རྙེད་པར་དཀའ་ཨོ་ཞེས་བྱ་བའི་ཐ་ཚིག་གོ་།ཕན་པ་དེ་ཡང ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་དང། དེ་བཞིན་དུ་སྡིག་པ་གཤགས་པར་གཏོགས་པ་བདུན་དང། བྱང་ཆུབ་ཀྱི་སེམས་ཡང་དག་པར་བླང་པ་དང། བྱང་ཆུབ་ཀྱི་སེམས་ལ་བག་ཡོད་པར་བྱ་བ་དང། ཤེས་བཞིན་ལ་སོགས་པ་བསྲུང་བ་དང་ ་བཟོད་པ་དང་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། ཡོངས་སུ་བསྔོ་བ་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་བཅུ་ལ་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཕན་ཡོན་གྱི་དབང་དུ་བྱས་ནས་ཇི་ལྟར་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར ་མཚན་མོ་སྤྲིན་སྟུག་པོ་མང་པོས་ཁེབས་པས་མུན་པ་ཤིན་ཏུ་གནག་པ་ན་སྤྲིན་དང་མུན་ནག་གི་ཐིབས་པོ་གང་ཡིན་པ་དེར་གློག་འགྱུ་སྐད་ཅིག་སྟེ། དུས་ཤིན་ཏུ་ཡུན་ཐུང་བས་རབ་ཏུ་སྣང་བ་སྟོན་ཏེ་གསལ་པར་བྱེད་པ་དེ་བཞིན་དུ་ཤིན་ཏུ་ཡུན་རིང་བའི ་འཁོར་བའི་བཙོན་ར་མུན་རུམ་དུ་སྡིག་པའི་སྟོབས་ཅན་གྱི་སྤྲིན་མང་པོས་མུན་ནག་ཏུ་གྱུར་པའི་འཇིག་རྟེན་སྡུག་བསྔལ་གྱི་མུན་གནག་འབའ་ཞིག་ཡོད་པའོ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སངས་རྒྱས་བློག་ལྟ་བུའི་དབང་གིས ་བསོད་ནམས་ལ་བློ་གྲོས་ཏེ། བླུའི་ཁྱེད་པར་གྱི་སྣང་བ་ཐང་འགའ་ཞིག་འབྱུང་བར་འགྱུར་ལ། དེ་ནི་ཤིན་ཏུ་རྙེད་དཀའ་བ་ཡིན་པས་ན། །ལན་འགའ་ཞེས་བྱ་བ་སྨོས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་དེ་ལྟས་ཞེས་བྱ་བ་ལ་སོགས་པ་སྨོས ་པ་ཡིན་ཏེ། འདིར་དགེ་བ་ནི་རྒྱུ་ལ་འབྲས་བུ་བཏགས་པའི་ཚུལ་གྱི་དགེ་བའི་ས་བོན་ལྷན་ཅིག་བྱེད་པའི་རྒྱུའི་གྲོགས་དང་བཅས་པ་ལ་བྱའོ། །དེ་ཉིད་ནི་ཉམ་ཆུང་ཞིང་སྟོབས་ཞན་པ་ཉིད་དུ་རྒྱུན་གྱི་རྟག་པ་ཡིན་ནོ། །སྡིག་པའི་ས་བོན་ནི་སྟོབས་ཆེན་པོ་དང ་ལྡན་པ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྒྱུའི་གྲོགས་དང་བཅས་པར་ཆེ་བ་ཡིན་པས་ཤིན་ཏུ་ཞེས་བྱ་བ་ལྷག་པར་མི་བཟད་པ་སྟེ། འཇིགས་སུ་རུང་བ་ཡིན་ནོ། །དེ་ན་ཞེས་བྱ་བ་སྟོབས་སམ་སྡིག་པ་དེ་ལས་རྒྱལ་བར་འདོད་ན། གལ་ཏེ་རྫོགས་པའི་བྱང་ཆུབ་ཀྱི ་སེམས་འཚང་རྒྱ་བར་བྱ་བ་ཡིན་པའི་ཕྱིར་དང་པས་ཉེ་བར་བསྟན་པར་བྱས་པའི་ཤེས་རབ་དང་སྙིང་རྗེ་གཉིས་དང་ལྡན་ཞིང་ཡོད་པ་དང་མེད་པ་ལས་འདས་པའི་སེམས་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་རྫོགས་པའི་བྱང་ཆུབ་ཀྱི་སེམས་མ་ཡིན་པ་དགེ ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཞིང་རྒྱལ་བར་བྱེད་པར་འགྱུར་ཏེ། སེམས་དེ་ཉིད་ནི་ཉེས་པ་ཐམས་ཅད་སེལ་བར་བྱེད་པའི་གཞི་ཡིན་ནོ། །དེ་ཡང་འདི་ཉིད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་བརྒྱད་སྟོང་པ་ལ་སོགས་པ་ལས་འདི་ཉིད་གསུངས་པ་ཡིན་ནོ། །བསྐལ་པ་དུ་མར་ཞེས་བྱ་བ་ལ་སོགས་པ་ལ། ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྐལ་བ་གྲངས་མེད་པ་གསུམ་དུ་རབ་ཏུ་དགོངས་ཤིང་སྤྱད་པར་མཛད་པས་ཀྱང་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་འདི་ཕན་པ་ཡིན་པར་གཟིགས་སོ། །དེ་ཡང་གང་གི་ཕྱིར་རང་དང་གཞན་གྱི་བདེ་བའི་རྒྱུར་འགྱུར་བ་ཉིད་ཀྱིས་ན་ལུས་དང་སེམས་ཚིམ་པར་བྱེད་པའི་བདེ་བ་ཉིད་ཀྱི་བདེ་བ་རབ་ཏུ་འཕེལ་ཞིང་རྒྱས་པར་གྱུར་པ་བདེ་བླག་ཏུ ་ཐོབ་པར་འགྱུར་བ་འམ་ཚད་མེད་ཅིང་གྲངས་མེད་པ་འདས་པའི་སྐྱེ་བོའི་ཚོགས་ཏེ། སེམས་ཅན་གྱི་ཚོགས་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ལ་གནས་པ་དག་བརྟེན་པར་བྱ་བའི་ཕྱིར། སྲིད་པའི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཀྱི་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་སྟེ། གཞོམ་པར་འདོད་ཅིང་སེལ་བར་འདོད་པས་སོ། །གླེགས་བམ་ལ་ལས་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་སྒྲོལ་འདོད་ཅེས་གྲང་ཏེ། དེ་ཡང་དོན་ནི་འདི་ཡིན་ནོ། །གཞན་ཡང ་སེམས་ཅན་གྱི་མི་བདེ་བ་གསལ་བར་འདོད་པ་དང། ཞེས་བྱ་བ་ནི་གཞན་དག་གི་ཕོངས་པའི་སྡུག་བསྔལ་གཞོམ་པར་འདོད་པས་སོ། །བདེ་མང་བརྒྱ་ཕྲག་ནི་བདེ་བ་ཅན་གྱི་བདེ་བ་ལ་སོགས་པའོ། །སྤྱོད་པར་འདོད་པས་ཞེས་བྱ་བ་ནི་ལོངས་སྤྱོད་པར་འདོད་པས་སོ། །ཀྱང ་ཞེས་བྱ་བའི་སྒྲས་ནི་གཞན་དག་སྤྱོད་པར་བྱད་འདོད་པས་ཀྱང་ཞེས་སྟན་ཏོ། །དེས་ནི་བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ་ཞེས་བྱ་བ་སྟེ། དེ་དོར་བར་མི་བྱའོ། །ཕན་ཡོན་འདི་ནི་དེའི་ཚེ་གཞན་གྱི་ཡིན་ནོ། །ཚེ་འདིའི་ཕན་ཡོན་ནི། བྱང་ཆུབ་སེམས་སྐྱེས་གྱུར ་ན་ཞེས་བྱ་བ་ལ་སོགས་སྨོས་པ་ཡིན་ཏེ། འཁོར་བའི་བཙོན་ར་ནི་སྲེད་པས་བཅིངས་པའི་ཁྱིམ་སྟེ། འདོད་ཆགས་ལ་སོགས་པས་བདམས་པ་གང་ཡིན་པ་དེ་ནི་འཁོར་བའི་བཙོན་རར་བསྡམས་པའོ། །ཉམ་ཐག་རྣམས་ཞེས་བྱ་བ་ནི་མྱ་ངན་བྱ་བར ་འོས་པའི་ཉོན་མོངས་པ་རྣམས་སོ། །དེ་ནི་སྒྲ?་?་གིས་ཞེས་བྱ་བ་སྐད་ཅིག་ཙམ་གྱིས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང། ལྷ་དང་མིང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བར་འོས་པར་འགྱུར་རོ། །སྐད་ཅིག་གང་གིས་ཞེ་ན ་བྱང་ཆུབ་སེམས་སྐྱེས་གྱུར་ནས་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་སྐྱེས་ཤི་འབྱུང་བར་གྱུར་བ་ཉིད་ཀྱིས་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་བརྩེགས་པ་ལ་སོགས་པ་ལས་ཇི་སྐད་གསུངས་པ་ལྟ་བུ ་ཡིན་ནོ། །དྲིས་པ་བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བར་དང་པོ་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་ཡིན་ལ། དེ་ནི་འཕགས་པའི་ཡིན་པས་འཕགས་པ་ལ་ནི་ཉམ་ཐག་རྣམས་ཞེས་མི་བྱའོ་ཞེ་ན། བདེན་མོད་ཀྱི་དེ་ནི་ཆོས་ལ་དམིགས་པ་ཅན་ཡིན་ལ། འདི ་ནི་ཡང་དག་པར་བླངས་པ་བརྡ་ཅན་ལ་དགོངས་ནས་དེ་སྐད་བཤད་པ་ཡིན་པས་ཡང་དག་པར་བླངས་པ་བརྡ་ཅན་ནི་འཕགས་པ་མ་ཡིན་པ་ལ་ཡང་སྐྱེ་བར་མདོ་སྡེ་རྣམས་ལས་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། བྱང་ཆུབ་སེམས ་དཔའ་རྒྱལ་བའི་བློ་གྲོས་ལ་སས་པར་མཐོངས་ཕྱེ་ནས་དེ་འཆི་བྲའི་དུས་བྱས་པ་དང། སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ། དེ་ནི་སྟོང་པ་ཉིད་ལ་མ་དད་ཅིང་སྟོང་པ་ཉིད་སྨྲ་བ་ལ་ཁོང་ཁྲོ་བས་ཡིན་ནོ། །ཞེས་གསུངས་པ་དང། ངེས་པ་དང་མ་ངེས་པ་ལ་འདུག་པའི ་ཕྱག་རྒྱའི་མདོ་ལས་ཀྱང། གང་ལ་ལ་ཞིག་བྱང་ཆུབ་སེམས་བསྐྱེད་ལ་རྟག་པར་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པ་དེ་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ལ་བརྟེན་ཅིང་ཞེས་བྱ་བ་ནས། འདི་ནི་ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཉན ་ཐོས་ཀྱི་ཐེག་པའི་ཕྱུགས་ཀྱི་ཤིང་རྟས་སངས་རྒྱས་ཉིད་ཀྱི་སར་བགྲོད་པར་འགྲོ་བ་ཡིན་ནོ། །ཞེས་གསུངས་པ་དང། ཆོས་བཅུ་པའི་མདོ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཨི་རིགས་ལ་གནས་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན། དེ་བཞིན་གཤེགས་པའི་ཉན་ཐོས ་ཀྱིས་བསྐུལ་ཞིང་སྐྱེ་བར་བྱས། ཡང་དག་པར་འཛིན་དུ་བཅུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། བྱང་ཆུབ་ཀྱི་སེམས་ཀྱི ་བསྔགས་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིས་ནི་རྒྱུ་གཉིས་པའོ། །སེམས་ཅན་མགོན་མེད་པ་དང། སྐྱབས་མེད་པ་དང། དཔུང་གཉེན་མེད་པ་རྣམས་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ། །དེས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་པ་འདི་ནི་རྒྱུ་བཞི་པའོ། ཞེས ་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དུ་གྱུར་པར་ནི་སྡོང་པོ་བཀོད་པ་ལས་ཀྱང་གསུངས་པས་ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་ཕྱག་བྱ་བར་འོས་པར་གྱུར་བ་ཡིན་ལ། བདེ་བར་གཤེགས་པའི་དབང་དུ་བྱས་ན་སངས ་རྒྱས་ཀྱི་ཆོས་རྣམས་ཐོབ་པར་ལྷག་པར་མོས་པའི་རང་བཞིན་ཅན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་སྐད་ཅིག་མ་གང་ལ་སྐྱེས་པའི་སྐད་ཅིག་མ་དེ་ལ་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་སྟེ། དེ་བས་ན་ལྷ་དང་མིར་བཅས་པའི་འཇིག་རྟེན་གྱིས ་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བྱ་བ་བརྒལ་བའི་ལན་བཏབ་པར་བྱའོ། །གསེར་འགྱུར་རྩི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལ། གསེར་འགྱུར་རྩི་ནི་རྩིའི་ཁྱད་པར་རོ། །མཆོག་ལྟ་བུ་ཞེས་བྱ་བ་ནི་རིན་པོ་ཆེ་ཉིད་དུ་བྱེད་ནུས་པ་སྟེ། དེ་ལྟར་བསྒྱུར་ནུས་པའོ། །མི་གཙང ་ལུས་འདི་བླངས་ནས་ཞེས་བྱ་བ་ནི་ད་ལྟར་གྱི་ལུས་འདི་གཟུང་ནས་སོ། །རྒྱལ་བའི་སྐུ་རིན་ཆེན་རིན་ཐང་མེད་པར་བསྒྱུར?་བས་ན། ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་དོན་ཆེན་པོ་ཉིད་དུ་བསྒྱུར་ནུས་པ་དེ་ལྟ་བུའི་བྱང ་ཆུབ་ཀྱི་སེམས་ཞེས་བྱ་བར་མིང་བཏགས་པའི་གསེར་འགྱུར་གྱི་རྩི་དེ་རབ་ཏུ་བསྟན་ཅིང་མ་ཉམས་པ་ཉིད་དུ་གཟུང་ཞིང་བླང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གསེར་འགྱུར་རྩི་དང་འདྲ་བར་བཤད་ནས། རིན་པོ་ཆེ་དང་འདྲ་བ་ཉིད་བཤད་པའི་ཕྱིར། འགྲོ་བའི ་དེད་དཔོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བའི་དེད་དཔོན་གཅིག་པུ་ཞེས་བྱ་བ་ནི་འགྲོ་བའི་སྟེ། འཇིག་རྟེན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཁྲིད་པར་མཛད་པས་སོ། །ཚད་མེད་བློ་ཞེས་བྱ ་བ་ནི་ཕྲ་ཞིང་ཚད་མེད་པའི་ཡུལ་ཡིན་པ་ཉིད་ཀྱི་གཞན་དག་གིས་གཞལ་བར་མི་ནུས་པས་ཚད་མེད་པའི་བློ་གང་ལ་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པའི་བློ་མངའ་ཞིང་རང་གི་དོན་ཕུན་སུམ་ཚོགས་པ་ཡང་བརྙེས་པ་དེས་ལེགས་པར་ཡོངས་སུ་བརྟགས་ན ་བ་སྟེ། རིན་པོ་ཆེ་རྟོག་པ་ན་དེའི་མཚན་ཉིད་ལ་རྨོངས་པ་འམ། གཞན་བསླུ་བ་དག་ལ་ལོག་པར་རྟོག་པར་བྱེད་ན། སངས་རྒྱས་ལ་གཉིས་པོ་འདི་དག་མི་མངའ་བས་དེས་ལེགས་པར་ཡོངས་སུ་བཏགས་པ་ཡིན་ནོ། །ཅི་ལྟ་བུ་ཞེ་ན། རིན་ཆེ་བས་ཞེས་བྱ་བ་སྟེ། ཡིད་བཞིན་གྱི་ནོར་བུ ་རིན་པོ་ཆེ་ལྟར་དལ་འབྱོར་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ་བ་ཡིན་ནོ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ལྟ་སྨོས་ཀྱང་ཅི་དགོས། དེས་ན་འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས་ཏེ། དམྱལ་བ་ལ་སོགས་པའི་འགྲོ་བར་རྒྱུ་བའི་སྐལ་པ་ཅན་གྱི་སེམས་ཚོད་པ་རྣམ ་ཀྱིས་བྱང་ཆུབ་ཀྱི་སེམས་དེ་ལེགས་པར་ཤིན་ཏུ་བརྟན་པར་ཟུངས་ཤིག་པའོ། །ཡང་གཟེངས་བསྟོད་པར་བྱ་བའི་ཕྱིར། དགེ་བ་གཞན་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ལས་གཞན་པའི་དགེ་བ་ཐམས་ཅད་ནི་ཞི་བའི་འབྲས་བུ་མེད་པར་ཆུ་ཤིང ་དང་འདྲ་བར་མཛད་པ་ཡིན་ལ་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་ནི་རྟོག་པར་ཡང་འབྲས་བུ་འབྱིན་པ་ཡིན་ཏེ། སྐད་ཅིག་མ་རེ་རེ་ཞིང་རྒྱུ་འཐུན་པའི་འབྲས་བུ་འབྱིན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་འོག་ནས་དེང་ནས་བརྩམས་ཏེ་གཉིད་ལོག་གམ་ཞེས་བྱ་བ་ལ་སོགས ་པ་ཇི་སྐད་བཤད་པ་ལྟ་བུ་ཡིན་པས་སྐྱེ་བ་རེ་རེ་ཞིང་རྣམ་པར་སྨིན་པ་ཕུལ་དུ་བྱུང་བ་བསྐྱེད་དུ་ཟིན་ཀྱང། འགྲོ་བ་ཇི་སྲིད་གནས་ཀྱི་བར་དུ་རྒྱུ་འཐུན་པའི་འབྲས་བུ་རྒྱུན་མི་འཆད་པས་ཟད་པར་མི་འགྱུར་བ་ཡིན་ནོ། །དེ་ལྟར་ན་རང་གི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་ལས ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་འབྱུང་བར་འགྱུར་བ་ཉིད་ཡིན་ནོ། །གཞི་དེ་ལས་གཞན་རྣམས་ལ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྐྱེ་བའི་ཕྱིར་རོ། །དེ་ལྟར་དགེ་བ་ལ་མངོན་པར་འཇུག་པ་བཤད་པས་ལེགས་པར་གཟེངས་བསྟོད་ནས། མི་དགེ་བ་ལས ་ཟློག་པའི་རྒྱུ་ཉིད་ཡིན་པར་སྦྱར་བའི་ཕྱིར་དཔའ་བོ་དང་འདྲ་བར་བཤད་པ་ནི། སྡིག་པ་ཤིན་ཏུ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྡིག་པ་མི་བཟད་པ་དང་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པ་འཇིགས་པ་ཆེན་པོ་དང་འདྲ་བ་བྱས་ཀྱང་དཔའ་བོ་ལ ་བརྟེན་པ་དང་འདྲ་བར་གང་ཞིག་ལ་བརྟེན་ཅིང་གནས་བཅས་ན། ཡུད་ཀྱིས་ཞེས་བྱ་བ་རིང་པོ་མི་ཐོགས་པར་སྒྲོལ་ཞིང་སྐྱོབ་པར་ནུས་པའི་བྱང་ཆུབ་ཀྱི་སེམས་དེ་ལ་སེམས་ཅན་བག་དང་ལྡན་པ་རྣམས་ཀྱིས་ཅིའི་ཕྱིར་བརྟེན་པར་མི་བྱེད་དེ། ཤིན་ཏུ་ཡང་རྟེན་བཅའ་བའི ་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྡིག་པ་བྱས་ཤིང་བསགས་པ་རྣམས་རྟེན་གྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །དེ་ལ་རྟེན་གྱི་སྟོབས་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང། བྱང་ཆུབ་ཀྱི་སེམས་མི་གཏོང་བའོ་ཞེས་ཆོས་བཞི་པའི་མདོ་ལས ་གསུངས་པ་ཡིན་ནོ། །དེ་ལྟར་དགེ་བ་ལ་འཇུག་པ་དང། མི་དགེ་བ་ལས་ལྡོག་པའི་ཁྱད་པར་གྱི་གཞི་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཞེས་ཡང་དག་པར་གདམས་ནས། མེའི་ཁྱད་པར་དང་འདྲ་བར་བསྟན་ཅིང། ཕན་ཡོན་དཔག་ཏུ་མེད་པ་ཉིད་ཡོད་པས་ཡང་དག་པར ་གཟེངས་བསྟོད་པའི་ཕྱིར། དེས་ནི་དུས་མཛའ་ཨི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་འཇིག་རྟེན་འཇིག་པའི་དུས་ཀྱི་མེའི་ཕུང་པོ་དང་འདྲ་བ་ཡིན་པས་དུས་མཛའ་ཨི་མེ་སྟེ། དེ་དང་འདྲ་བར་མཚམས་མེད་པ་ལ་སོགས་པའི ་སྡིག་པ་ཆེན་པོ་རྣམས་སྐད་ཅི་གཅིག་གིས་ཞེས་བྱ་བ། ལྷག་པར་མོས་པའི་བཟོད་པ་ཆེན་པོའི་སྐད་ཅིག་མ་གཅིག་གིས་གཟུང་བར་བྱ་བ་ཉེ་བར་མི་དམིགས་པ་ན། ངེས་པར་སྲེག་པར་བྱེད་པ་ཉིད་ཡིན་ནོ། །བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེའི་ཕན་ཡོན་དཔག་ཏུ་མེད་པའི ་གྲངས་མེད་པ་དག་མགོན་པ་བྱམས་པ་ཞེས་བྱ་བ་བློ་དང་ལྡན་ཞིང་ཤེས་རབ་ཆེ་བས་ཚོང་དཔོན་གྱི་བུ་ཕོ་ནོར་བཟངས་ཞེས་བྱ་བ་ལ་བཤད་ཅིང་བཀའ་སྩལ་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ ་བུའོ། །འབྲ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དང། ཡོན་ཏན་གྱི་ཁྱད་པར་གཞན་དག་དང་ཡང་དག་པར་ལྡན་པ་ཡིན་པར་འཕགས་པ་སྡོད་པོ་བཀོད་པ་ལས་ཀྱང་གསུངས་པ་ཡིན་ནོ། །ད་ལྟར་དེ་ཡན་ཆད ་ཀྱི་ཚིགས་སུ་བཅད་པས་ནི་བྱང་ཆུབ་ཀྱི་སེམས་ལ་གོམས་པར་བྱས་པ་ཙམ་གྱིས་ཕན་ཡོན་བཤད་པ་ཡིན་ལ། འདི་མན་ཆད་ཀྱི་གནས་སྐབས་ཀྱི་དབྱེ་བ་ལ་དགོངས་ནས་བཤད་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དེ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། བྱང་ཆུབ་ཀྱི་སེམས་དེ་ལས་བྱང་ཆུབ་ཏུ་མོས་པའི་སེམས་ནི་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་རྣམས་ཀྱི་དོན་བྱའོ། །ཞེས་དད་པས་ཉེ་བར་བསྟན་པར་བྱ་བའི་བློ་དང། བྱ་བ་བདག་གིས་ཟབ་ཅིང་རྒྱ་ཆེ་བའི་དོན་ཐོབ་པར་འདོད་པའི་སེམས་དེ་ཉིད་བྱང་ཆུབ་ཏུ་སྨོན ་པའི་སེམས་ཡིན་ནོ། །བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་བླང་བ་ལ་སོགས་པས་དེ་ལ་འཇུག་པ་ནི་བྱང་ཆུབ་ཏུ་འཇུག་པ་ཉིད་ཡིན་ཏེ། དེ་ལྟ་ན་རྣམ་པ་གཉིས་སོ། །དེ་ཡང་བློ་དང་ལྡན་པས་ནོར་བཟངས་ལ་རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་རྙེད་པར་དཀའ་ཨོ། །དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་ཡང་ཆེས་རྙེད་པར་དཀའ་ཨོ། ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དབྱེ་བ་མང་དུ་གསུངས་ལ ་འདིར་ནི་རྣམ་པ་བཅུར་བཤད་ལ། དེ་ཇི་ལྟར་ན་རྣམ་པ་གཉིས་ཡིན་ཞེ་ན། དེའི་ཕྱིར་མདོར་བསྡུ་ན་རྣམ་པ་གཉིས་ཤེས་བྱ་སྟེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། རྣམ་པ་བཅུ་ཡིན་དུ་ཟིན་ཀྱང་ཕན་ཡོན་གྱི་སྐབས་མདོར་བསྡུ་ན་རྣམ་པ་གཉིས་སུ་གནས་ཏེ། ཡང་དག་པར་བླང་བ་དང ་འཇུག་པར་ཁྱད་པར་གྱིས་གཉིས་ཡིན་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ན་སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱང་སྤྱོད་པའི་བདག་ཉིད་ཀྱང་ཡིན་ན་འདི་གཉིས་ལ་དབྱེ་བ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་འགྲོ་བར་འདོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བར་འདོད་པ ་ནི་ཡུལ་དུ་འགྲོ་འདོད་པ་ཉིད་ཡིད་ཀྱིས་འགྲོ་བ་མ་ཡིན་ནོ། །འགྲོ་བ་ནི་དེར་འགྲོ་བ་སྟེ། དེ་གཉིས་ཀྱི་བྱེ་བྲག་ཅི་ལྟར་ཤེས་པ་དེ་བཞིན་དུ། འདི་གཉིས་ཀྱི་བྱེ་བྲག་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ། སྨོན་པའི་སེམས་ནི་འགྲོ་བར་འདོད་པ་ལྟ་བུ་ཡིན་ལ། འཇུག ་པ་ནི་འགྲོ་བ་ལྟ་བུ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །གང་གིས་ཤེས་པར་བྱ་ཞེ་ན། མཁས་པས་ཏེ། ལུས་ལ་སོགས་པའི་ལས་ལ་ཡང་དག་པར་བརྟགས་ནས། བདག་དང་གཞན་ལ་ཕན་པའི་ཐབས་ཤེས་ནས་རྟག་ཏུ་བྱེད་པ་གང་ཡིན་པ་དེ་ནི་ལྟུང་བའི་ཉེས་པ་མི་འབྱུང་བས་དེ་ནི ་ཤེས་རབ་ཡིན་ལ། དེ་འདི་ལ་ཡོད་པས་ན་མཁས་པ་ཞེས་བྱ་སྟེ། མཁས་པ་དེས་ཤེས་པར་བྱའོ། །སྨོན་པ་ནི་མངོན་པར་འདོད་པ་ཙམ་ཉིད་ཡིན་ལ། འཇུག་པ་ནི་ཡང་དག་པར་བླངས་པ་ལ་སོགས་པས་འཇུག་པའི་རང་བཞིན་ཡིན་ལ། འདི་སྡོམ་པ་ཡང་དག་པར ་ལེན་པ་འམ། འདིས་བྱང་ཆུབ་ཏུ་འཇུག་པས་ན་ཡང་དག་པར་ལེན་པ་དང། འཇུག་པའི་བྱང་ཆུབ་ཀྱི་སེམས་ཡིན་པ་ལྟར་སྨོན་པ་ཡང་དེ་དང་འདྲའོ། །དེ་བས་ན་འཁོར་བའི་ཚེ་འབྲས་བུ་ཆེན་པོ་འབྱུང་བར་འཇུག་པ་ལས་སྨོན་པ་དང་དབྱེ་བ་ཡོད་པ་མ་ཡིན་ནོ་ཞེ་མེད?་ནི ་བདེན་མོད་ཀྱི། ཡང་ཞེས་བྱ་བའི་སྒྲས་བྱང་ཆུབ་ཏུ་སྨོན་པའི་སེམས་ནི་འཁོར་བར་བདག་དང་གཞན་གྱི་བྱང་ཆུབ་ཀྱི་དོན་དུ་འགྱུར་བ་འབྲས་བུ་ཆེ་བ་ཉིད་འབྱུང་བ་ཡིན་མོད་ཀྱི། ཇི་ལྟར་འཇུག་པའི་སེམས་ཀྱིས་དེར་འཇུག་པ་བཞིན་དུ། བསོད་ནམས་རྒྱུན་མི་ཆད་པ ་རྒྱུན་ཆགས་སུ་འབྱུང་བ་མ་ཡིན་པས། འདིའི་འཇུག་པའི་སེམས་ནི་སྔ་མ་ལས་ཁྱད་པར་ཡོད་དོ། །དེ་ཉིད་ཇི་ལྟར་བསོད་ནམས་ཀྱི་རྒྱུན་མི་འཆད་པར་འབྱུང་བ་ཞེ་ན། དེའི་ཕྱིར་གང་ནས་བཟུང་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་གང་ནས་བཟུང་སྟེ་སེམས་ ་ཅན་ཁམས། མཛའ་ཡས་རབ་ཏུ་དགྲོལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སེམས་ཅན་གྱི་ཁམས་འདི་ཙམ་ཞེས་མཛའ་གཟུང་བར་ནི་མི་ནུས་པའི་མཛའ་པ་སྟེ། སེམས་ཅན་དེ་རྣམས་ཀྱང་རང་གི་མཚན་ཉིད་འཛིན་པས་ན་ཁམས་ཏེ། ཉོན་མོངས་པ ་ངང་ལས་དང་རྐྱེན་སྐྱེ་བའི་རྒྱུན་གྱི་རང་བཞིན་ནོ། །དེ་རྣམས་ནི་ཉོན་མོངས་པའི་འཆིང་བ་དང། འཁོར་བའི་བཙོན་ར་ལས་རབ་ཏུ་དགྲོལ་བར་བྱ་བའི་དེའི་དོན་གྱི་ཕྱིར་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་མི་ལྡོག་ཅིང་ཕྱིར་ལྡོག་པར་མི་ནུས་པའི་སེམས་ཀྱིས་འཇུག་པའི་སེམས་དེ་ནི་མངོན ་པར་འཕེལ་ཞིང་རྣམ་པར་དག་པར་བྱ་བ་ཡང་དག་པར་བླངས་པའི་སེམས་དེ་ཉིད་ཀྱིས་བྱ་བ་མཐར་ཕྱིན་པར་བྱ་བའི་ཕྱིར་ལེན་པར་གྱུར་པའོ། །དུས་དེང་ནས་གཟུང་སྟེ་གཉིད་ལོག་པར་གྱུར་ཏམ། བག་མེད་པ་ཉིད་དུ་གྱུར་ཀྱང་མི་དགེ་བ་ལས་ལྡོག་པ་དང། དགེ་བར ་འཇུག་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་རྣམས་ལ་བྱམས་པ་དང། སྙིང་རྗེ་ཆེན་པོ་དག་གིས་བསོད་ནམས་ཀྱི་ཤུགས་ཏེ། དགེ་བའི་རྒྱུན་བར་མི་འཆད་པ་དང། དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་དབང་གིས་ཟད་མི་ཤེས་པའི་བསོད་ནམས་ཀྱི་རྒྱུན་རེ་རེ ་ཞིང་ཡང་རྣམ་པ་ཐ་དད་དུ་མ་ཞིག་འབྱུང་བར་འགྱུར་ལ། དེ་ལྟར་ཤིན་ཏུ་རྒྱ་ཆེ་བ་དང། ཟད་མི་ཤེས་པ་ཉིད་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་བར་འགྱུར་ཏེ། དཔའ་སྦྱིན་གྱིས་ཞུས་པ་ལས་ཀྱང། བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་གང། དེ་ལ་གལ་ཏེ ་གཟུགས་ཡོད་ན། །ནམ་མཁའ་ཨི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར་ཞེས་གསུངས་པ་ལྟ་བུའོ། །འདིར་རིགས་པ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ཕན་ཡོན་ཆེན་པོ་དང་བཅས་པ་ཡིན་པ་འདི ་ཉིད་ནི། འཐད་པ་དང་བཅས་པར་ཞེས་བྱ་བ་རིགས་པ་དང་ལྡན་པ་ཡིན་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་གསུངས་ཤེ་ན། དམན་མོས་སེམས་ཅན་དོན་གྱི་ཕྱིར་ཞེས་གསུངས་ཏེ། འགྲོ་བ་དམན་པ་ལ་མོས་པ་དག་གིས་དོན་དུ་བྱས་སོ།། ་གང་ལས་གསུངས་ཤེ་ན། ལག་བཟངས་ཀྱིས་ནི་ཞུས་པ་ལས་ཞེས་བྱ་བ་སྨོས་སོ། །ལག་བཟངས་ཀྱིས་ཞུས་པ་ལས་འཐད་པ་དང་བཅས་པར་ཇི་ལྟར་གསུངས་ཤེ་ན། དེའི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་རྣམས་ཀྱི་ཀྱང་ནང་ཙམ། །བསལ? ་ལོ་སྙམ་དུ་སེམས་པ་ཡང། །ཕན་འདོགས་བསམ་པ་དང་ལྡན་ཏེ། །སྨན་པ་ལ་སོགས་པས་རང་གི་འདོད་པའི་དོན་གྱི་སྲེད་པ་མེད་པའི་སེམས་དང་ལྡན་ན། བསོད་ནམས་སུ་བྱ་བ་དཔག་ཏུ་མེད་པ་དག་འཛིན་པར་འགྱུར་ན། སེམས་ཅན་རེ་རེའི་མི་བདེ་བའི་སྡུག་བསྔལ་དཔག ་ཏུ་མེད་ཅིང་གྲངས་མེད་པའི་དབྱེ་བ་སྙེད་ཀྱི་བྱ་བ་ལ་དམིགས་ཏེ་དེ་བསལ་བར་འདོད་ཅིང་གཞོམ་པར་འདོད་པ་དང། སེམས་ཅན་རེ་རེའང་ཡོན་ཏན་དཔག་ཏུ་མེད་པ་འཇུག་ཅིང་བསྐྱེད་པར་འདོད་པ་དག་ནི་སྨོས་ཅི་དགོས་ཏེ། ཤིན་ཏུ་ཡང་ཚད་མེད་པ་བསོད་ནམས་སུ་འགྱུར་རོ ་ཞེས་བྱ་བར་དགོངས་སོ། །དེ་ཡོངས་སུ་ལ་ཞེ་ན། འདི་འདྲ་བའི་ཕན་སེམས་སུ་ཞིག་ལ་ཡོད་ཅེས་སྤྱིར་ཉེ་བར་བརྟགས་ནས་ཁྱད་པར་བསྟན་པའི་ཕྱིར་པ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་འམ་ཡང་ན་མ་ཡང་རུང་ཞེས་བྱ་བའི་ཡང་གིས་སྒྲས་ནི་མི་རྣམས་ཀྱི་སྤུན་ཟླའི ་མཛའ་བ་ལ་སོགས་པའོ། །ལྷ་དང་ཞེས་བྱ་བ་ནི་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་སོ། །དྲང་སྲོང་རྣམས་ཞེས་བྱ་བ་ནི་ཤིང་ལས་སྐྱེས་ལ་སོགས་པའི་སྐྱེས་བུ་རྣམས་སོ། །ཚངས་པ་ནི་འབྱིན་པ་པོ་ཉིད་ཡིན་པར་གཞན་དག་མངོན་པར་འདོད་པ་སྟེ། དེ་རྣམས་ལ་བྱང་ཆུབ་སེམས ་དཔའ་དག་སེམས་ཅན་རྣམས་ཕན་པར་དགོངས་པ་ལྟ་བུའི་ཕན་པའི་སེམས་འདི་ཡོད་པ་མ་ཡིན་ཏེ། མི་སྲིད་པ་ཉིད་ཡིན་ནོ། །གཞན་ཡང་སེམས་ཅན་དེ་དག་ཉིད་དེ། ཕ་ལ་སོགས་པ་དང་དེས་རྫས་སུ་གཟུང་བར་བྱ་བའི་སེམས་ཅན་རྣམས་ལ། སྔོན་ཆད་རང་གི་དོན་དུ་ཡང་འདི་འདྲ་བའི ་ཡིད་ལ་མངོན་པར་འདོད་པའི་སེམས་རྨི་ལམ་དུ་ཡང་མ་རྨིས་ཤིང་སྔར་སྐྱེས་པ་མ་མཐོང་ན། གཞན་དག་གི་དོན་དུ་འདི་འདྲའི་སེམས་པར་ག་ལ་འགྱུར། དེ་བཞིན་དུ་སྡུག་བསྔལ་བའི་ནད་ཀྱི་རྩི་སྨན་དུ་གྱུར་པ་ནི་ཐར་པ་ཐོབ་པའི་དོན་དུ་གྱུར་བའི་ཕྱིར། འགྲོ་བ་ཀུན་གྱི་དགའ་? ་བའི་རྒྱུར་གྱུར་བ་དང། སྐྱེ་དགུའི་སྡུག་བསྔལ་གྱི་སྨན་དུ་གྱུར་པའི་སེམས་རིན་པོ་ཆེའི་བསོད་ནམས་གང་ཡིན་པ་ཞེས་སྒྲ་གཅན་ཟིན་གྱི་མགོ་དང་འདྲ་བར་དབྱེ་བ་མེད་ཀྱང་ཕྱེ་སྟེ་བཤད་པ་ཡིན་ནོ། །འདིར་བསོད་ནམས་ནི་འགྲོ་བའི་དོན་གྱི་རྒྱུར་གྱུར་པ་ཉིད ་ཡིན་པས་བསོད་ནམས་དེ་ལས་ཇི་ལྟར་གཞལ་གྱི་ལང་དེ་བས་ཤིན་ཏུ་ཚད་མེད་པ་ཡིན་ནོ་ཞེས་དེ་ལྟར་འདིར་ནི་ལག་བཟངས་ཀྱིས་ཞུས་པ་ལས་འཐད་པ་དང་བཅས་པར་གསུངས་པ་ཡིན་ནོ། །གཞན་ཡང་ཕན་པར་བསམས་པ་ཙམ་གྱིས་ཀྱང། །སངས་རྒྱས་མཆོད ་ལས་ཁྱད་འཕགས་ན་ཞེས་བྱ་བ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོང་ཅེས་ཇི་སྐད་གསུངས་པ་ལྟ ་བུའོ། །སེམས་ཅན་ཀུན་གྱི་བདེ་བ་ནི། །ཀུན་དོན་བརྩོན་པ་སྨོས་ཅི་དགོས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་ཐམས་ཅད་ཐོབ་པའི་དོན་དུ་བརྩོན་པས་འཇུག་པ་དག་ནི་ཅིའི་ཕྱིར་ཁྱད་པར་དུ་འཕགས་པ་ཉིད་མ་ཡིན་ཏེ། ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །དེ ་བཞིན་དུ་བྱང་ཆུབ་ཏུ་སྨོན་པ་དག་གིས་བསོད་ནམས་ཚད་མེད་པ་ཡིན་ཡང། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇུག་པས་ཁྱད་པར་འཕགས་པ་ཉིད་མ་ཡིན་པར་བསྟན་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་འདོར་ཞིང་དེ་ལས་ངེས ་པར་འབྱུང་བའི་ཐར་པ་སྟེ། དེ་འདོད་པའི་ཕྱིར་བརྟུལ་ཞུགས་ཅན་ཁ་ཅིག་སྐྲ་འབལ་བ་ལ་སོགས་པ་བྱེད་ཅིང་སྡུག་བསྔལ་ཉིད་ལ་མངོན་པར་བརྒྱུག་གོ་།དེ་བཞིན་དུ་གཞན་ནི་བདེ་བ་འཐོབ་པར་འདོད་ཀྱང་མཐོ་རིས་དང་ཐར་པའི་ལམ་མི་ཤེས་ཤིང། ཀུན་ཏུ་གཏི་མུག་པས་ཤིན ་ཏུ་སྡུག་བསྔལ་བའི་རྒྱུ་དག་ལས་བདེ་བའི་རྒྱུ་ཡིན་ནོ་སྙམ་པས་མངོན་པར་བརྒྱུག་ཅིང་འང་གི་བདེ་བ་དག་ནི་དགྲ་བོ་ལྟར་འཇོམས་པར་བྱེད་པ་སྟེ་མཐོང་བ་དང་མ་མཐོང་པའི་བདེ་བའི་རྒྱུ་མི་ཤེས་ཤིང་དེ་ལ་ཀུན་ཏུ་རྨོངས་པས་སྦྱིན་པ་ལ་སོགས་པ་ནི་བདེ་བའི་རྒྱུ་ཡིན་ལ། ་དེ་ཁོ་ན་ཉིད་ཤེས་པའི་བློ་ནི་ཐར་པའི་རྒྱུ་ཡིན་ནོ་ཞེས་མི་ཤེས་པས་དེ་དང་མི་མཐུན་པ་འབའ་ཞིག་སྟོན་པར་བྱེད་དོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་སྡོམ་བ་རྩོན་ཅན་དང། ཁྱིམ་པ་གང་ཞིག་བདེ་བ་ལ་མི་དོམས་པའི་ཕྱིར་བདེ་བས་ཕོངས་པར་གྱུར་པ ་དང། དམྱལ་བ་ལ་སོགས་པའི་སྡུག་བསྔལ་དང་པོ་དང་ལྡན་པས་ལན་དུ་མར་གཟིར་བར་གྱུར་པ། དེ་དག་ལ་བྱམས་པ་ཆེན་པོ་ལས་བྱུང་བའི་བདེ་བ་ཀུན་གྱིས་ནི་ཚིམ་པར་བྱེད་དོ། །སྙིང་རྗེ་ཆེན་པོས་སྡུག་བསྔལ་ཐམས་ཅད་ནི་གཅོད་པར་བྱེད ་ཅིང་འགོག་པར་བྱེད་དོ། །ཤེས་རབ་ཀྱི་གཏི་མུག་ཀྱང་ནི་སེལ་ཞིང་འཇིག་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཨི་རིགས་དང་ལྡན་པ་དག་ནི་རང་བཞིན་གྱིས་སྙིང་རྗེ་ཆེན་པོ་ལ་སོགས་པ་དང་ལྡན་པའི་ཕྱིར་གསོལ་བ་མ་བཏབ་ཏུ་ཟིན་ཀྱང། ་གཞན་གྱི་དོན་ལ་འཇུག་པ་ཡིན་ནོ། །དེ་བས་ན་སེམས་ཅན་གྱི་དོན་འཇུག་པའི་བྱང་ཆུབ་སེམས་དཔའ་དེ་དང་དགེ་ཞིང་ལེགས་པ་མཚུངས་ཤིང་མཉམ་པ་ག་ལ་ཡོད་དེ། སྨོན་པ་ལ་གནས་སུ་ཟིན་ཀྱང་དེ་དང་མཉམ་པ་མ་ཡིན་ཏེ། ག་ལ་ཡང ་ཅེས་བྱ་བས་ནི་མི་སྲིད་པ་ཉིད་ཡིན་པར་སྔོན་ཏོ། །དེ་བས་ན་འཕགས་པ་བྱམས་པས་ཀྱང་རིགས་ཀྱི་བུ་བྱང་ཆུབ་ཏུ་སྨོན་པ་འདི་ཡང་རྙེད་པར་དཀའ་ཨོ། །དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་དེ་ཡང་ཆེས ་རྙེད་པར་དཀའ་ཨོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་ཏུ་འཇུག་པའི་བསོད་ནམས་ནི་ཤིན་ཏུ་ཡང་རྙེད་པར་དཀའ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་འདྲའི་བཤེས་ཀྱང་ག་ལ་ཡོད་ཅེས་བྱ་བ་ནི་སྨོན་པ་ལ་གནས་སུ་ཟིན་ཀྱང་འཇུག་པའི ་སེམས་ལྔ་བུ་མ་ཡིན་ཏེ། འཇུག་པ་ནི་ཤིན་ཏུ་ཡང་བསྔགས་པར་བྱ་བ་ཡིན་པས་འདི་ནི་ཁྱད་པར་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཕན་བཏགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གིས་ཕན་འཇོམས་པར་བྱེད་པ་འདོད་ཕན ་འདོགས་པ་ཞེས་བཤད་ལ། ཕན་བཏགས་པ་དེ་ལ་སླར་ལན་ལོན་པ་དེ་གང་ཡིན་པ་དེ་ནི་ལན་ལྡོན་བ་ཞེས་བྱ་བ་སྟེ། དེ་ཡང་རེ་ཞིག་བསྔགས་པར་འོས་པ་ཉིད་ཡིན་ན། མ་བཅོལ་ཕན་པར་བྱེད ་པའི་ཞེས་བྱ་བ་གསོལ་པ་མ་བཏབ་ཏུ་ཟིན་ཀྱང་ཐམས་ཅད་དུ་ཕན་འདོགས་པར་བྱེད་པ་ཉིད་ཡིན་ན། གང་བྱང་ཆུབ་སེམས་དཔའ་ཡོད་བ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་ནི་སྨོས་ཅི་དགོས་པས་ཤིན་ཏུ་ཡང་སྔགས་པར་བྱ་བ་ཡིན་ནོ ་ཞེས་བྱ་བའི་ཐ་ཚིག་གོ་།བསྟོད་པའི་ཚིག་དག་གི་བསྔགས་པར་འོས་པ་ཡིན་པ་འབའ་ཞིག་ཏུ་ཟད་དེ། ཕྱག་འཚལ་བ་དང། མེ་ཏོག་ལ་སོགས་པས་མཆོད་པ་བྱས་པ་ཡང་ཡིན་ནོ། །དེ་ཡང་གང་གི་ཕྱིར་འགྲོ་བ་ཉུང་ཟད་ཅིག་ལ་ནང ་མ་ཙམ་གྱི་ཁ་ཟས་སྦྱོར་ཞིང་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ལ་ཡང་འདི་ནི་འགྲོ་བ་ལ་ཟས་སྦྱིན་པར་བྱེད་པ་ཡིན་པས། །དགེ་བ་བྱེད་བ་ཡིན་ནོ་ཞེས་སྐྱེ་བོ་རྣམས་ཀྱིས་བཀུར་ཞིང་མངོན་པར་མཆོད་པར་བྱེད་པ་ཡིན་ནོ། །ནར་མའི་ཟས་ཅི་ཙམ ་ཞིག་སྦྱོར་བར་བྱེད་ཅེ་ན། སྐད་ཅིག་ཙམ་གྱིས་དུས་ཐམས་ཅད་དུ་མ་ཡིན་པ་དང། ཟས་ཙམ་སྦྱིན་པ་དེ་ཡང་བརྙས་པ་དང་བཅས་པ་ཉིད་དུ་བསྟེན་པར་བྱེད་པ་ཉིད་ཡིན་པའོ། །ཇི་ལྟར་ན་བརྙས་པ་དང་བཅས་པར་ཕྱིར་དུ་ཟིན་ཀྱང ་དགེ་བ་ཡིན་ཞེ་ན། ཉིན་ཕྱེད་འདྲངས་བར་བྱེད་བ་ཞེས་བྱ་བ་སྨོས་ཏེ། འགྲོ་བ་ཉུང་ཟད་ཅིག་གི་ཉི་མ་བྱེད་ཀྱི་འཚོ་བ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་གྲངས་ངེས་པ་མེད་མཛའ་ཡས་ཞེས་བྱ ་བས་ཉེ་བར་མཚོན་པ་རྣམས་ལ། དུས་རིང་དུ་སྟེ་དུས་ཆད་བ་མེད་པར་སྦྱིན་ཞིང་སྟེར་བར་བྱེད་བའོ། །ཅི་ཞིག་སྦྱིན་པར་བྱེད་ཅེ་ན། ནམ་མཁའ་དང་འགྲོ་བ་ཟད་ཀྱང་གང་ཡིད་ལ་བསམས་པ་མ་ལུས་པ་མཛའ་དག་ཡོངས་སུ་རྫོགས ་བར་བྱེད་པ་དང། ནམ་མཁའ་དང་འགྲོ་བ་རྣམས་ཟད་བར་གྱུར་ཀྱང་མི་ཟད་བ་གང་ཡིན་པ་དེ་ནི་ཡིད་ལ་བསམས་པ་མཛའ་དག་རྫོགས་བྱེད་ཅིང། ནམ་མཁའ་དང་འགྲོ་བ་ཟད་ཀྱང་མི་ཟད་བ་ཞེས་བྱ་བ་སྟེ། དུས་གསུམ་ཐམས་ཅད་དུ་?? ་བའི་བདག་ཉིད་ཅན་གྱི་དངོས་པོའི་ངོ་བོ་ཉིད་ཡིན་བའི་ཕྱིར་རོ། །འདི་སྐད་སྟོན་ཏེ། ཡང་དག་སྦྱིན་པར་བྱས་པའི་སེམས་ཅན་གྲངས་མཛའ་ཡས་ཉེ་བར་མཚོན་པའི་ཕྱིར་ཆད་པ་མེད་པ་དང་ཐམས་ཅད་ཡིད་ལ་རེ་བ་མ་ལུས་པ་ཡོངས ་སུ་རྫོགས་པར་བྱེད་པ་དང། ནམ་མཁའ་དང་འགྲོ་བ་རྣམས་ཡོངས་སུ་ཟད་ཀྱང་ཟད་བ་མེད་བ་ཉིད་ཀྱི་རྒྱུན་ཆད་བ་མེད་པར་རྗེས་སུ་སྦྱིན་པར་བྱེད་པ་དག་ཅིའི་ཕྱིར་མཆོད་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། གཞན་དུ་ན་དེ་ནི་ཤིན་ཏུ ་མཆོད་བར་བྱེད་བ་ཡིན་ནོ་ཞེས་བསྟན་པའི་དོན་ཏོ། །དེ་ལྟ་ན་གང་ཞིག་དེ་འདྲའི་རྒྱལ་སྲས་ནར་མའི་སྦྱིན་བདག་ཆེན་པོའི་ཡུལ་ལ་འགྲོ་བ་གང་ཞིག་གལ་ཏེ་རང་གི་སེམས་རྙོག་པ་དང་བཅས་ཤིང། དད་པ་མེད་པའི་ངན་སེམས་སྐྱེད ་པར་བྱེད་པ་དེ། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་བར་ནི་ཞེས་པ་རྙོག་པའི་ངན་སེམས་སྐྱེད་བའི་སྐད་ཅིག་མའི་གྲངས་ཇི་སྙེད་པའི་སྐད་ཅིག་མ་དེ་དང་མཉམ་པའི་བསྐལ་པའི་གྲངས་དེ་སྙེད་དུ་དམྱལ་བར་གནས་པར་འགྱུར ་རོ། །ཞེས་རྒྱལ་བས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་སོགས་པ་ལས་གསུངས་པ་ཡིན་ནོ། །འོན་ཏེ་རྒྱལ་བའི་སྲས་ལ་ཡིད་རབ་ཏུ་ངང་བར་བྱེད་ཅིང་དད་པར་བྱེད་བ་ན ་སྐྱེས་བུ་སྔར་བཤད་བའི་འབྲས་བུ་ཡིད་དུ་མི་འོང་བའི་དུས་དེ་ལས་ལྷག་པར་ཡིད་དུ་འོང་བའི་འབྲས་བུ་བདེ་འགྲོ་ལ་སོགས་པ་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་རྒྱལ་བའི་སྲས་རྣམས་ལ་དོ་གལ་ལམ་སྟོབས་ཆེན་པོས་ཀྱང ་སྡིག་པ་མི་འབྱུང་སྟེ། རྐྱེན་གྱི་སྟོབས་དང་ལྡན་པ་དག་ཉེ་བར་གནས་པས་ཀྱང། སེམས་ཅན་གྱི་སྡིག་པའི་ལས་དང་འབྲེལ་བར་མི་མཛད་ལ། སེམས་ཅན་མགུ་བ་ལ ་མཆོག་ཏུ་བརྩོན་པས་དགེ་བ་ནི་ངང་གིས་འཕེལ་བར་གྱུར་པ་ཡིན་ནོ། །དེ་བས་ན་གང་གི་སྐུ་ལ་རྒྱལ་བའི་སྲས་ཀྱི་སེམས་ཀྱི་ཕན་ཡོན་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་མཆོག་དམ་པ་སེམས་ཀྱི་རིན་པོ་ཆེ་འདི་སྐྱེས་ཤིང་འཁྲུངས ་པར་གྱུར་པ་དེ་རྣམས་ཀྱི་སྐུ་ལུས་ལ་ཕྱག་འཚལ་ཞིང་འདུད་པའི་བྱེད་དོ། །དེ་བཞིན་དུ་གང་ལ་གནོད་པ་བྱས་ཀྱང་བདེ་བ་དང་རྗེས་སུ་འབྲེལ་བར་འགྱུར་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས ་རྣམས་ལ་གནོད་པར་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང་མཐོ་རིས་སུ་ཉེ་བར་འགྲོ་བའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དམྱལ་བར་གནས་པར་འགྱུར་ཞེས་མ་གསུངས་སམ་ཞེ་ན། དེ་ནི་བདེན་མོད་ཀྱིས། དེ་རྣམས་ལ་གནོད ་པ་བྱས་པའི་དབང་གིས་དམྱལ་བ་རྣམས་སུ་གནས་པར་གྱུར་ཀྱང་དེ་གཞི་དེ་ལས་གནས་སྐབས་གཞན་དུ་སེམས་དད་ཅིང་ངང་བས་སླར་ཡང་སྣོད་དུ་གྱུར་པ་ན། དེ་དད་པ་ལ་སོགས་པའི་རིམ་པས་མཐོ་རིས་སུ་འགྲོ་བའི་ཐབས་ཀྱང ་དེ་ཉིད་ཡིན་པར་དེ་རྣམས་ཀྱིས་གཟིགས་ཏེ་དཔེར་ན་འཕགས་པ་མེ་ཏོག་ཟླ་མཛེས་ཀྱིས་རྒྱལ་པོ་དཔའ་བྱིན་ལ་བྱས་པ་ལྟ་བུའོ། །འདིར་ཕན་པ་ནི་ཐར་པའི་ས་བོན་ཡིན་ལ། བདེ་བ་དང་སྡུག་བསྔལ་ཡང་དེ ་དང་འབྲེལ་པའི་ངང་ཚུལ་ཡིན་པས་དེ་ལྟར་ན་བརྒྱུད་པའི་སྒོ་ནས་གནོད་པར་བྱེད་པ་ལ་ཡང་བདེ་ཞིང་ཕན་པ་དང་འབྲེལ་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་ནི་ཕན་པ་དང་བདེ་བ་ཉིད་འབྱུང་བའི་ཕྱིར་བདེ་བའི ་འབྱུང་གནས་ཞེས་བྱ་བ་སྨོས་ཏེ། བདེ་པའི་འབྱུང་གནས་ནི་བདེ་བའི་ཞིང་དུ་གྱུར་པ་ཡིན་པས། བྱང་ཆུབ་སེམས་དཔའ་སྐྱོབ་པ་དེ་ལ་སྐྱབས་སུ་མ་ཆི་ཞེས་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ནི་དེའི་འབྲས་བུ་འམ་ཡོན་ཏན ་གྱི་བདག་ཉིད་ཆེ་བའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱོར་བ་ལས་ལེའུ་དང་པོའོ།། །།དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་ཞིང་བདེ་པའི་འབྱུང་གནས་སུ་གྱུར་པ་ཉིད་ཡིན་པའི ་ཕྱིར། སེམས་རིན་པོ་ཆེ་དེ་ངེས་པར་གཟུང་ཞིང་བླང་དགོས་པས། དེའི་ཕྱིར་རིན་ཆེན་སེམས་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིན་པོ་ཆེ་ལྟ་བུའི་སེམས་དེ་ཡང་དག་པར་ལེགས་པར་གཟུང་བར་བྱ་བའི་ཕྱིར་མཆོད་པ་ཡང་དག་པར་བྱའོ། ། ་དེ་ཡང་ངད་པའི་ཤུགས་ཆེན་པོས་ཕྱག་འཚལ་བ་དང། སྐྱབས་སུ་འགྲོ་བ་ལ་སོགས་པས་དེ་བཞིན་གཤེགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང། དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དངོས་པོ་དང། དངོས་པོ་མེད་པར ་དཔྱད་ན་དྲི་མའི་ནག་ནོག་དང་བྲལ་བ་དག་དང། སངས་རྒྱས་ཀྱི་སྲས་ཡོན་ཏན་མཛའ་ཡས་པ་རྒྱ་མཚོ་སྙེད་མངའ་བ་རྣམས་ལ་ལེགས་པར་མཆོད་པར་བྱ་སྟེ། མཆོད་པ་དང་བསྟོད་པ་དང་ཕྱག་འཚལ་བ་དང། སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས། ་བསམ་པ་ཡང་དག་པར་སྤྱངས་ནས་སྡིག་པ་རྣམས་ཀྱང་བཤགས་ལ། དེའི་རྗེས་ལ་བྱང་ཆུབ་ཏུ་སྨོན་པར་བྱ་སྟེ། དེ་ནས་ནི་འཇུག་པར་བྱའོ། །དེ་ལྟར་སྦྱོར་བ་དང། དངོས་གཞི་དང་མཇུག་གིས་རྒྱས་པ་དང། ཡོངས་སུ་དག་པ་ཉིད་ཀྱིས་སེམས་རིན་པོ ་ཆེ་དེ་ཡང་དག་པར་འཛིན་པ་ཉིད་དུ་འགྱུར་རོ། །དེ་ལ་མཆོད་པ་ནི་མེ་ཏོག་དབུལ་བ་དང། དེའི་རྐྱེན་དུ་གྱུར་པའི་ལས་རྣམས་སོ། །དེ་ཡང་བླ་ན་ཡོད་པ་དང་བཅས་པ་དང། བླ་ན་མེད་པའོ། །དེ་ལས་ཀྱང་རེ་ཤིག་དང་པོ་བསྟན་པ་ནི། མེ་ཏོག་འབྲས་བུ་ཞེས་བྱ་བ་ལ ་སོགས་པ་ཡིན་ཏེ། ཇི་སྙེད་ཡོད་པ་དང་ཞེས་བྱ་བ་ནི། ཁྱད་པར་སྨྲས་པ་ཡིན་ནོ། །སྨན་གྱི་རྣམ་པ་ཞེས་བྱ་བ་ནི་སྨན་གྱི་རིགས་སུ་གཏོགས་པ་སྟེ། སྨན་གྱི་མེ་ཏོག་ལ་སོགས་པའི་མཆོག་གང་དག་ཇི་སྙེད་ཡོད་པ་དང། དེ ་བཞིན་དུ་འཇིག་རྟེན་དག་ནི་རིན་པོ་ཆེའི་རྣམ་པ་མཆོག་ཏུ་གྱུར་པ་གང་དག་ཇི་སྙེད་ཡོད་པ་སྟེ། འདིར་འཇིག་རྟེན་ཞེས་བྱ་བ་ལྷ་ལ་སོགས་པ་སྟེ། འཇིག་རྟེན་ན་ཇི་སྙེད་ཡོད་པ་ཞེས་ཐམས་ཅད་ལ་ཡང་སྦྱར་བའི་ཕྱིར་ཟློས་པའི་ཚིག་ཏུ་སྨོས་པ་ཡིན་ནོ། །གཙང་མ ་ཡང་ཡིན་ལ་ཡིད་དུ་འོང་བ་ཡང་ཡིན་པས་ཆུ་གཙང་ཡིད་དུ་འོང་བའི། །རི་བོ་ནི་ས་འཛིན་ནོ། །དབེན་ཞིང་ཉམས་དགའ་བ་ནི་དབེན་པས་ཉམས་དགའ་བའོ། །ལྗོན་ཤིང་རང་གི་མེ་ཏོག་གིས་བརྒྱན་ཅིང་འབར་བར་སྣང་བ་ནི་བརྒྱན་པས་སྤུད་པའོ། །དེ་བཞིན་དུ་ཤིང་གང་འབྲས ་བུ་བཟང་ཞིང་མཆོག་ཏུ་གྱུར་པས་ཡལ་ག་རུང་ཅིང་གཡུར་ཟབ་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཤིང་གང་འབྲས་བཟངས་ཡལ་གདུང་པ་ཞེས་བྱའོ། །དྲི་ནི་བཞི་པོ་ཆ་མཉམ་དུ་སྦྱར་བ་ལ་སོགས་པའོ། །སྤོས་ནི་ཨ་ཀ་རུ་ནག་པོ་ལ་སོགས་པའོ། །དེ་ཡང་ཕྱོགས་ལ ་སོགས་པ་སྟོང་པར་ལྷ་ལ་སོགས་པས་ལགས་པར་སྦྱར་ཏེ་བཏང་བའོ། །དཔག་བསམ་ཤིང་ནི་ཇི་ལྟར་མངོན་པར་འདོད་པའི་འབྲས་བུ་འབྱུང་བའི་ཤིང་ངོ། །ཆུ་ལས་སྐྱེས་པའི་མེ་ཏོག་པདྨ་ལ་སོགས་པས་བརྒྱན་པ་གང་ཡིན་པ་དེ་ནི་པདྨས་བརྒྱན་པའོ།། ་དེ་བཞིན་དུ་དང་པའི་སྒྲ་སྐད་ཤིན་ཏུ་སྙན་པ་དང་ལྡན་པ་གང་ཡིན་པ་དེ་ནི་དཔལ་ཤིན་ཏུ་སྐད་སྙན་པ་ཡིད་འོང་ཞེས་བྱའོ། །གཞན་ཡང་ཞེས་བྱ་བ་ནི་རེ་རེ་ནས་བརྗོད་པར་ཇི་ཙམ་ཞིག་ནུས་ཏེ། ཁྱད་པར་ཅན་གྱི་དངོས་པོ་གང་དག་ཡོད་པ་དེ་དག་ཐམས་ཅད ་དབུལ་བར་བྱའོ་ཞེས་བྱ་བར་དགོངས་ཏེ། སངས་རྒྱས་ལ་སོགས་པ་མཆོད་པར་འོས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྒྱན་དུ་གྱུར་པ་མེ་ཏོག་ལ་སོགས་པ་འདི་དག་ནི་ནམ་མཁའ་རབ་འབྱམས་ཁམས་ཀྱི་མཛའ་གཏུགས་པ་ཞེས་བྱ་བ་ནི་ནམ ་མཁའ་མ་ལུས་པ་ཁྱབ་པར་བྱེད་པ་ཡོངས་སུ་གཟུང་བ་མེད་པ་སྟེ། དཔེར་ན་བྱང་གི་སྒྲ་མི་སྙན་ལྟ་བུའོ། །དཔག་བསམ་གྱི་ཤིང་ལ་སོགས་པ་དེ་དག་ཀུན་བློ་ཡི་བླངས་ཤིང་ཀུན་ནས་བཟུང་ནས་ཐུབ་པ་སྐྱེས་བུ་རྣམས་ཀྱི་མཆོག་སྲས་དང་བཅས་པ་རྣམས་ལ ་ལེགས་པར་དབུལ་བ་བགྱི་ཞིང་འདི་དག་བདག་གིས་ལེགས་པར་གཏབ་པར་བྱའོ། །དེ་ནས་ཡོན་གནས་ཀྱི་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ལ་རྗེས་སུ་བརྩེ་བར་དགོངས་པས་བདག་གི་མེ་ཏོག་ལ་སོགས་པ་གནས་གང་ན་གནས་པ་དེ་དག་ཐམས ་ཅད་བཞེས་པར་མཛོད་གཅིག་།ད་ཅའི་ཕྱིར་ཞེ་ན། བསོད་ནམས་མི་ལྡན་ཞེས་བྱ་བ་སྨོས་ཏེ། བསོད་ནམས་ཉེ་བར་མ་བསགས་པས་སོ། །དེ་ཉིད་ཀྱིས་ན་བཀེན་ཆེན་སྟེ། ཤིན་ཏུ་དབུལ་བར་གྱུར་པའོ། །དེའི་ཕྱིར་མཆོད་པའི་ནོར་དུ་རུང་བ་ནི་ཇི་སྐད་དུ་བཤད ་པའི་མེ་ཏོག་ལ་སོགས་པ་ལས་གཞན་པ་བདག་ལ་ཅར་ཡང་མ་མཆིས་སོ་།དེ་བས་ན་གཞན་གྱི་དོན་ལ་དགོངས་པར་མཛད་པའི་མགོན་པོ་ཁྱེད་ཀྱིས་མེ་ཏོག་ལ་སོགས་པ་འདི་རྣམས་རང་རང་གི་གནས་ན། ཇི་ལྟ་བ་གནས་སུ་ཟིན་ཀྱང། བདག་གིས་བློ ་ལ་གནས་པ་སྟེ། ཉིད་ཀྱིས་མཐུས་བཞེས་པར་མཛོད་ཅིག་ཅེས་པའོ། །དྲིས་པ་ཁྱེད་ལ་རང་གི་བདག་ཉིད་ལ་སོགས་པ་ཡང་ཡོད་བཞིན་དུ། བདག་ལ་ཅི་ཡང་མ་མཆིས་སོ། །ཞེས་སྨྲ་ཞེ་ན། དེའི་ཕྱིར་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། རྒྱལ་བ་ནི་བདུད་བཞི་ལས་རྒྱལ་བའི་སངས་རྒྱས་ཏེ། དེ་སྲས་དང་བཅས་པ་རྣམས་ལ་བདག་གིས་ནི་དུས་གསུམ་གྱི་དགེ་བ་ཐམས་ཅད་དང་བཅས་པ་དང་དངོས་པོ་ཐམས་ཅད་གཏན་དུ་དབུལ་བར་བགྱིའོ། །དེས་ན་སེམས་པའི་མཆོག ་ཁྱད་རྣམས་ཀྱིས་བདག་ཡོངས་སུ་བཞེས་ཤིག་།བདག་གིར་མཛོད་ཅིག་།ཀྱེ་སེམས་པའི་མཆོག་མཆོག་ཏུ་གུས་པས་ཁྱོད་ཀྱིས་འབངས་སུ་མཆི་བར་བགྱི་ཞིང་འབངས་ཀྱིས་དངོས་པོ་ཉིད་བགྱིད་དོ་ཞེས་པའོ། བདག་ཉིད་ལ་སོགས་པ་ནི་སེམས་ཅན ་ཐམས་ཅད་ལ་སྦྱིན་པར་བྱ་བ་ཡིན་ལ། དེས་གདུལ་བྱ་དེ་རྣམས་ཀྱི་དོན་ནི་ཁྱེད་ཀྱིས་བྱ་དགོས་པ་ཡིན་ན། དེ་བདག་ཅག་རྣམས་ལ་ཅིའི་ཕྱིར་འབུལ་བར་བྱེད་ཅེ་ན། དེའི་ཕྱིར་བདག་ནི་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། བདག་ཁྱེད་ཀྱིས་ཡོངས་སུ་བཟུང་ཞིང་བཞེས་བར་མཛད་ན། སྲིད་པ་སྟེ་འཁོར་བ་ན་མི་འཇིགས་ཤིང་སྐྲག་པ་མེད་པས་སེམས་ཅན་རྣམས་ལ་ཕན་པར་གྱུར་པའི་དོན་བགྱིད་པ་དང། སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང། །སྡིག་པ་གཞན ་ཡང་སླད་ཆད་མི་བགྱིད་དེ། །ཡང་དེ་ལྟར་གྱུར་ན་ཆོས་དང་མི་འཇིགས་པ་དང། ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ལ་ཕན་པ་བགྱིད་པར་རྔོ་ཐོག་གི་གཞན་དུ་ནི་མ་ཡིན་ནོ། །ཆེན་པོ་རྣམས་ལ་བརྟེན་བཅས་ན་དོན་ཆེན་པོར་འགྱུར་བའི་ཕྱིར ་རོ། །གཞན་ཡང་ཁྱེད་རྣམས་ཀྱིས་བཞེད་པའི་དོན་ནི་འགྲོ་བའི་དོན་ཉིད་ཡིན་པས་ཁྱེད་རྣམས་ལ་ཕུལ་བས་སེམས་ཅན་ཐམས་ཅད་ལ་སྩལ་བར་གྱུར་པ་ལགས་ཏེ། ཁྱེད་ཀྱི་བཀའ་ཉིད་ཀྱིས་དེ་རྣམས་ལ་ཡང་སྩལ་བར་བགྱིའོ་ཞེས་སྦྱིན་པར་བཤད ་པ་ཡིན་ནོ། །ཡང་དེའི་རྐྱེན་དུ་གྱུར་པ་དག་བསྟན་པར་བྱ་བའི་ཕྱིར། ཁྲུས་ཀྱི་ཁང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ་དག་ནི་ཤེལ་གྱི་རང་བཞིན་ཅན་གྱིས་ས་གཞི་ཀུན་ཏུ་གསལ་ཞིང་དང ་ལ་ཆེར་བག་དང་བཅས་པ་ཉིད་དུ་བསྟར་ཅིང་བྱི་དོར་བྱས་པ་དེ་ནི་རིན་པོ་ཆེ་སྣ་ཚོགས་འོད་ཟེར་འབར་བ་དང། ལྡན་པའི་ཀ་བས་ཡིད་དུ་འོང་ཞིང་ཉམས་དགའ་བར་གྱུར་པར་མུ་ཏིག་གིས་རྒྱུ་ལས་བྱས་པའི་བླ་རེ་འོད་ཀྱིས་མདངས་ཆགས ་པ་གང་ཡིན་པ་དེར་དེ་དག་དང། དེ་ལས་གཞན་པའི་རྒྱན་རྣམས་ཀྱིས་ཀྱང་བརྒྱན་པ་དག་ཏུ་དེ་བཞིན་གཤེགས་པ་རྣམས་དང། དེའི་སྲས་རྣམས་རིན་པོ་ཆེའི་རང་བཞིན་ལས་བྱས་པའི་བུམ་པ་གྲངས་མང་པོ་དུ་མ་དག ་སྤོས་དྲི་ཞིམ་པོ་སྣ་ཚོགས་པ་དང་སྦྱར་བའི་ཆུ་ཡིད་དུ་འོང་བ་དང་མེ་ཏོག་གིས་ཀྱང་ལེགས་པར་བཀང་བ་བྱས་པ་དང། དེ་བཞིན་དུ་གླུ་སྙན་པ་དང། རོལ་མོ་སྙན་པ་དང་བཅས་པ་དུ་མ་དག་གིས་སྐུ་ཁྲུས་གསོལ་བར་བགྱིའོ། །དེ་ནས་དེའི་རྗེས་ལ་ཁྲུས ་གསོལ་བ་དེ་དག་གི་སྐུ་ལན་བཟའ་ཨི་རྣམ་པ་མཚུངས་པ་མེད་པའི་གོས་གཙང་ཞིང་དྲི་ཞིམ་པོའི་བདུག་པས་རབ་ཏུ་བསྒོམས་ཤིང་བདུག་པས་མཛེས་པར་བྱ་བའི་ཕྱིར་སྐུ་འཆི་བར་བགྱིའོ། །དེ་ནས་ནི་དེ་དག་ལ་ཁ་དོག་མཚོན་གྱིས་ལེགས་པར་བསྒྱུར་ཞིང་མཛེས ་པར་བྱས་པ་དང། དྲི་ཤིན་ཏུ་ཞིམ་པོས་བསྒོས་པའི་ན་བཟའ་དམ་པ་བདག་གིས་དབུལ་བ་འམ་དབུལ་དུ་གཞུག་པར་བྱའོ། །ན་བཟའ་དག་ལ་དྲི་དང་སྤོས་ཀྱིས་བསྒོས་ཤིང་བྱུགས་པ་ནི་རྒྱན་དང་འདྲ་བར་དྲེགས་པའི་རྒྱུ་ཡིན་པའི་ཕྱིར་བཀག་པ་ཡིན ་ལ། ཆོས་ཀྱི་བདག་པོ་ཡང་རང་ཉིད་ལ་གནས་པར་མཛད་པས་སློབ་མ་རྣམས་རྗེས་སུ་འཇུག་ཅིང་སློབ་པར་མཛད་པ་མ་ཡིན་ནམ། དེ་ནི་བདེན་མོད་ཀྱི། དད་པས་བྱིན་པའི་སྤོས་དང། མེ་ཏོག་ལ་སོགས་པས་མིག ་ལ་ཕན་པ་ལ་སོགས་པའི་བློས་དེ་ལ་སྤྱོད་པར་ནི་མངོན་སུམ་གནང་བ་ཡིན་གྱི། རྒྱན་པ་འམ་ཆགས་པའི་བློས་ནི་མ་ཡིན་ལ། སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་ལ་ནི་དེ་ལྟར་བྱེས་པ་ཉིད་ཀྱང་ཉེས་པ་ཡོད་པ་མ་ཡིན་པས་བརྩད ་པ་འདིས་ཅི་ཞིག་བྱ། ཁྱིམ་པའི་རྟགས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་གོས་བཟང་པོ་མཐོ་རིས་ན་ལྷ་ལ་ཡོད་པ་ལྟ་བུ་སྲབ་ཅིང་ཤིན་ཏུ་ཕྲ་བ་སྣ་ཚོགས་ཤིང་ཁ་དོག་དུ་མས་ཉེ་བར་བསྒྱུར་བས་མཛེས་པ་གང་ཡིན་པ་དེ་ནི་སྲབ་ལ ་འཇམ་པ་སྣ་ཚོགས་མཛེས་ཞེས་བྱ་བ་སྟེ། དེ་ལྟ་བུའི་ན་བཟའ་དང་རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས་ཞེས་བྱ་བ་གདུ་བུ་དང། དཔུང་རྒྱན་དང། སྙན་ཆ་དང། ཅོད་པན་ལ་སོགས་པ་བཟང་པོ་རྣམས་ཀྱིས་མ་ཕམ་པ་ལ་སོགས་པ་ལ་མཆོད ་ཅིང་བརྒྱན་པར་བགྱིའོ། །དེ་ལ་མ་འཕམ་པ་ནི་བདུད་ཐམས་ཅད་ཀྱིས་ཕམ་པར་མི་ནུས་པས་ན་མ་ཕམ་པ་སྟེ། འཕགས་པ་བྱམས་པའོ། །ཀུན་ནས་བཟང་བས་ན་ཀུན་ཏུ་བཟང་པོ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ།། ་འཇམ་ཞིང་སྙན་པའི་དབྱངས་མངའ་ཞིང་བྱིས་པ་འདྲ་བས་ན་འཇམ་དབྱངས་སོ། །འཇིག་རྟེན་ཐམས་ཅད་ཀྱི་དབང་ཕྱུག་བཟང་བ་ཡིན་ཞིང་དེའི་རྣམ་པ་འདྲ་པའི་ཕྱིར་དང། འགྲོ་བ་སྡུག་བསྔལ་དང་ལྡན་པ་རྣམས་ལ་སྤྱན་རས་ཀྱིས་འཚོ་ཞིང་གཟིགས་པར ་མཛད་པས་ན་འཇིག་རྟེན་དབང་ཕྱུག་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ་།སོགས་པའི་སྒྲས་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་བསྡུ་སྟེ། དེ་ལྟར་ན་མི་འཕམ་ཀུན་ཏུ་བཟང་དང་འཇམ་དབྱངས་དང། འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི ་ཞེས་བྱ་སྟེ། དེ་རྣམས་ནི་གདུལ་བྱ་རྣམས་ཀྱི་དབང་དུ་མཛད་ནས་ཁྱིམ་པའི་རྟགས་འཛིན་པར་མཛད་པ་ཡིན་ནོ། །འགང་ཞེས་བྱ་བའི་སྒྲས་གདུལ་བྱའི་དབང་གིས་སངས་རྒྱས་དེ་ལྟ་བུར་སྟོན་པར་མཛད་པ་ལ་ཡང་བརྒྱན་པར་བགྱིའོ་ཞེས་སྟོན་ཏོ། །གླིང་བཞི་པ་དང ་ཉི་མ་དང་ཟླ་བ་ལ་སོགས་པ་རེ་རེ་ཞིང་སྟོང་སྟོང་ཡོད་པ་ལ་ནི་སྟོང་སྤྱི་ཕུང་ཅེས་བྱའོ། །དེ་སྟོང་ལ་ནི་སྟོང་གཉིས་པའོ། །སྟོང་གཉིས་པ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། སངས་རྒྱས་ཀྱི་ཞིང་གཅིག་ཡིན་ལ་ཞིང་རྣམས་ལ་ནི ་ཕྱོགས་བཅུ་དག་ཏུ་མཛའ་ཡོད་པ་མ་ཡིན་ཏེ། སྟོང་གསུམ་དེ་ཐམས་ཅད་དུ་དྲིའི་དང་ལྡང་ཞིང་འགྲོ་བ་ཁྱབ་པར་འབྱུང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་སྟོང་གསུམ་ཀུན་ཏུ་དྲི་དང་ལྡང་བའི་དྲི་མཆོག་ཅེས་བྱ་བ་སྟེ། དེ་རྣམས་ཀྱིས་ཐུབ་དབང་ཀུན་གྱིས་ཞེས་བྱ་བ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་ལ་བྱུག་པར་བགྱིའོ། །ཇི་ལྟ་བུའི་སྐུ་ལ་བྱུག་པར་བྱ་ཞེ་ན། ཐུབ་པ་རྣམས་ཀྱི་སྐུ་གང་ཡིན་པ་དེ་གསེར་དེ་མདོག་བཟངས་ཀྵ་ར་དང། སའི་སྐྱོང་བུ་ཁ་སྦྱར་ནང་དུ་ལེགས་པར་བསྲེགས་ཤིང་བཙོས ་ལ་ཤིན་ཏུ་སྦྱངས་ཤིང་དག་པར་བྱས་ནས་བྱི་དོར་བྱས་ཏེ། ཕྱིས་བ་ལྟ་བུའི་འོད་ཆགས་ཤིང་ཤིན་ཏུ་འབར་བར་གྱུར་པ་དེ་དག་ལ་བདག་ཉིད་རང་གིས་བྱུག་པར་བགྱི་བ་འམ་གཞན་དག་ཉེ་བར་བྱུག་ཏུ་གཞུག་པར་བྱའོ། །གཞན་ཡང་ཐུབ་པའི་དབང་པོ་མཆོག་མཆོད ་པར་བྱ་བའི་གནས་ཀྱི་མཆོག་ལ་དྲི་དང་དབྱིབས་ལ་སོགས་པ་ཡིད་འོང་བའི་མེ་ཏོག་ལྷ་ཡུལ་ན་ཡོད་པའི་མེ་ཏོག་དྲི་ཞིམ་པ་མནདཱ་རབ་ཞེས་བྱ་བ་དང། པདྨ་དང། ཨུཏཔ་ལ་ལ་སོགས་པ་ཞེས་བྱ་བ་དེ་དག་ཐོག་མར་གྱུར་པ་སྣ་མ་དང་ཙམ་པ་དང་ནཱ་ག་གེ་སར་ལ ་སོགས་པའི་མེ་ཏོག་གང་ཡིན་པ་དེ་ཐམས་ཅད་ཀྱིས་ཐུབ་པའི་དབང་པོ་ལ་མཆོད་པ་དང། ཕྲེང་བས་ཀྱང་མཆོད་པར་བགྱིའོ། །ཇི་ལྟ་བུས་ཞེ་ན། སྤེལ་ལེགས་ཡིད་འོང་རྣམས་ཀྱི་ཞེས་བྱ་བ་སྟེ། སྣ་ཚོགས་པ་སྤེལ་ལེགས་པར་བྱས་པས་ཡིད་དུ་འོང་ཞིང ་སྙིང་དུ་སྡུག་པར་གྱུར་པ་རྣམས་ཀྱིས་མཆོད་པར་བགྱིའོ། །དེ་བཞིན་དུ་སྤོས་ཀྱི་དྲིའི་ངད་ཀྱིས་འགྲོ་བ་ཐམས་ཅད་ཁྱད་པར་བྱེད་པས་རྒྱ་ཆེར་སྤྲོས་པར་གྱུར་པ་སྟེ། དེ་ཉིད་ཀྱིས་ནི་ཡིད་དུ་འོང་བ་ཡིན་པས་སྤོས་མཆོག་ཡིད་འཕྲོག་དྲི་དང་ཁྱབ་པའི་ཞེས་བྱ་བ་སྟེ། ་དེ་ལྟ་བུའི་བདུག་པའི་སྤྲིན་ཚོགས་ཞེས་བདུག་སྤོས་ཀྱི་ཚོགས་རྣམས་ཀྱིས་ཐུབ་པའི་དབང་པོ་དེ་ལ་དབུལ་བར་བགྱི་ཞིང། བདུག་པར་བགྱིའོ། །དེ་བཞིན་དུ་ཞལ་ཟས་ཀྱི་རྣམ་པ་འབྲས་ཆན་ལ་སོགས་པ་དང། ཁར་དཀར་པོ་ལ་སོགས་པ་སྣ་ཚོགས་དང་བཅས ་པ་དང། བཏུང་བ་ཡིད་དུ་འོང་བ་དང། རྒྱ་གར་གྱི་འབྲས་བུའི་ཁུ་བ་ལ་སོགས་པ་ཉེ་བར་མཚོན་པའི་ལྷ་བཤོས་རྣམས་ཀྱང་ཐུབ་པ་དེ་རྣམས་ལ་དབུལ་བར་བགྱི་ཞིང་བསྟབ་པར་བགྱིའོ། །དེ་བཞིན་དུ་མར་མེའི་རྣམ་པ་གསེར་གྱི་པདྨ་རྣམས་ལ་ཚར་དུ་དངར ་ནས་གནས་པའི་རིན་པོ་ཆེ་སྒྲོན་མ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པ་གསལ་ཞིང་སྣང་བར་བྱེད་པ་རྣམས་ཀྱང་དེ་རྣམས་ལ་དབུལ་བར་བགྱིའོ། །གཞན་ཡང་ས་བཞི་ལེགས་པར་སྟར་ཞིང་བྱི་དོར་བྱས་པ་དྲི་ཞིམ་པོས་ཉེ་བར་བྱུགས་པ་གང་ཡིན ་པ་དེར་མེ་ཏོག་གི་སིལ་མ་ཁ་དོག་དང་དབྱིབས་སྣ་ཚོགས་པ་ཡིད་དུ་འོང་བས་སྤེལ་བ་སྒྲམ་ཞིང་དགོད་པར་བགྱིའོ། །གཞལ་ཡས་ཁང་གི་ཁྱད་པར་དབུལ་བ་ནི་སྔར་ཕུལ་བའི་གཞལ་ཡས་ཁང་གི་ཁྱད་པར་གྱི་ཚོགས་ཀྱི ་སྤྲིན་མང་པོ་ལ་དེ་ན་གནས་པའི་ལྷའི་བུ་མོ་རྣམས་ཀྱིས་སྦྱར་ཅིང་ཉེ་བར་བླངས་པའི་བསྟོད་པ་དང་གླུ་ཤིན་ཏུ་ཡིད་འོང་ཞིང་སྙན་པ་དང་ལྡན་པ་དང། གཞན་ཡང་མུ་ཏིག་དང། ནོར་བུ་རྣམས་ཀྱི་ཆུན་འཕྱང་གིས་དེ་ལ་མཛེས་པར་བྱས་པ་འམ ་དེས་མཛེས་པར་བྱས་པས་མུ་ཏིག་ཆུན་འཕྱང་མཛེས་པ་འབར་ཞེས་བྱ་བ་ལ་དེ་དག་ཐམས་ཅད་ཀུན་ནས་འབར་ཞིང་འོད་དང་ལྡན་པ་དང། རིན་པོ་ཆེའི་གདུགས་དང། རྒྱལ་མཚན་དང་བ་དན་དང་བླ་རེ་ལ་སོགས་པ་འོད་དང་བཅས་ཤིང་སྣང ་བའི་རང་བཞིན་ཅན་རྣམས་ཀྱིས་ཕྱོགས་བཅུ་པ་ཐམས་ཅད་ཀྱི་མཛའ་ཡས་པའི་ནམ་མཁའ་བརྒྱན་ཅིང་འོད་ཀྱིས་ཁྱབ་པར་གྱུར་ལ་དེ་དག་ཀྱང། བྱམས་པ་ཆེན་པོའི་རང་བཞིན་ཅན་བྱམས་པ་ཆེན་པོ་གང་ལ་གོམས་ཤིང་མངོན་དུ་མཛད་པ་རྣམས་ལ་ཁྱབ ་པར་དབུལ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བར་འདོད་པས་བསྡུས་པ་ནི་བྱམས་པ་སྟེ། དེའི་རང་བཞིན་གྱི་ཐུབ་པ་རྣམས་ལ་བསྟབ་པར་བྱའོ། ཞེས་བྱ་བའི་དོན་ཏོ། །གཞན་ཡང་གདུགས་ཀྱི་མཆོད་པ་ནི་གང་འདི་རིན་པོ་ཆེའི ་རྒྱུ་ལས་བྱས་པའི་གདུགས་སྡུག་ཅིང་ཡིད་དུ་འོང་བས་མཛེས་པར་གྱུར་པ་དེ་ནི་རིན་ཆེན་གདུགས་མཛེས་ཞེས་བྱ་བ་ཡང་དེའི་ཁྱད་པར་ནི་གསེར་གྱི་ཡུ་བ་ཅན་དུ་བྱས་པས་ཉེ་བར་མཚོན་པ་དང། ཁོ་ར་ཁོར་ཡུག་ཏུ་མུ་ཏིག་གི་རྒྱན་གྱི་རྣམ་པ་ལ་སོགས ་པ་ཡིད་དུ་འོང་བ་བརྟགས་པས་བརྒྱན་ཅིང་མཛེས་པ་དང་དབྱིབས་ལེགས་ཤིང་ལྟ་ན་སྡུག་པར་སྣང་བ་དེ་གྱེན་དུ་བསྒྲེང་བ་འདི་ཡང་རྟག་ཏུ་ཐུབ་པའི་དབང་པོ་རྣམས་ཀྱི་ཐད་དུ་བཟུང་ལ་དབུལ་བར་བགྱིའོ། །དེ་ལྟར་མཆོད་པའི་དབྱེ་བ་ཕྱོགས་ཙམ་ཞིག ་སྨྲས་ནས། གཞུང་མང་ཀྱི་དོགས་པས་སྤྱིར་མཆོད་པའི་སྤྲིན་ཇི་སྙེད་པས་སོ་སོར་གནས་པ་འབྱུང་བ་ཉིད་དུ་བསྟན་པའི་ཕྱིར། དེ་ལས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པའི་ལས་ཀྱི་རྟེན་དུ་གྱུར་པ་དེ་དག་ལས་མཆོག་སྟེ། སྔ་མ ་ལས་ཕུལ་དུ་བྱུང་བ་ཉིད་དུ་སོ་སོར་གནས་ཤིང་འབྱུང་བར་བྱིན་གྱིས་རློབ་པར་གྱུར་ཅིག་པའོ། །ཅི་ཞིག་ཅེ་ན། མཆོད་པའི་ཚོགས་ཏེ་མཆོད་པའི་སྤྲིན་གྱི་ཕུང་པོའོ། །རོལ་མོ་ནི་རྔ་བོ་ཆེ་ལ་སོགས་པའོ། །དབྱངས་སྙན་པ་ནི་རྫ་རྔ་ལ་སོགས་པའི་རོལ་མོ་དང། ་གར་དང་བཅས་པའི་དབྱངས་སྙན་པའི་གླུ་ལེན་པ་ཡིད་འོང་བ་སྟེ། དེ་རྣམས་ཀྱི་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱང་ཚིམ་པར་བྱེད་པ་ཉིད་དོ། །དམ་པ་ནི་སངས་རྒྱས་ཏེ། དེའི་ཆོས་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ནོ། །དེ་ནི་དཀོན་མཆོག་ཡིད་བཞིན་གྱི་ནོར་བུ་རིན་པོ ་ཆེ་དང་འདྲ་བར་དལ་འབྱོར་ཕུན་སུམ་ཚོགས་པ་ཉིད་ཐོབ་ཀྱང་རྙེད་དཀའ་བ་དང་དོན་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །དམ་ཆོས་དཀོན་མཆོག་ཀྱང་ཡིན་པ་ཐམས་ཅད་ཀྱང་ཡིན་པས་དེ་སྐད་ཅེས་བྱ་སྟེ། དམ་པའི་ཆོས་དཀོན་མཆོག་དེ་ལ་དེའི་གླེགས་བམ་ལ་སོགས་པ་མཆོད་པའི ་སྒོ་ནས་མཆོད་པ་དང། དེའི་གླེགས་བམ་ལ་སོགས་པ་དང་ལྡན་པ་འམ། སངས་རྒྱས་ཀྱི་སྐུ་གདུང་ཆུད་པར་བྱས་པའི་མཆོད་རྟེན་རྣམས་དང། སྐུ་གཟུགས་རྣམ་ལ་རིན་པོ་ཆེ་དང། མེ་ཏོག་ལ་སོགས་པ་གང་ཡིན་པ་དེའི་ཆར་རྒྱུན་མི་འཆད་ཅིང་བར་མཚམས ་མེད་པ་ཉིད་དུ་འབབ་པར་ཤོག་ཅིག་ཅེས་པའོ། །དེ་ལྟར་བླ་ན་ཡོད་པ་དང་བཅས་པའི་མཆོད་པ་བཤད་ནས། བླ་ན་མེད་པའི་མཆོད་པ་བསྟོན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བགྲོད་པར་བྱ་བ་ཇི་སྙེད་པ་ཐུགས་སུ་ཆུད་པས་ན། དེ་བཞིན་གཤེགས ་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བསྟོད་པ་བཤད་པ་ནི་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབྱངས་ཀྱི་ཡན་ལག་ནི་སོ་རིང་ཞེས་བྱ་བ་ལ་སོགས་པ་ལྔ་པོ་རེ་རེ་ཞིང་ཡང་ཡན་ལག་ནི་དབྱེ་བ་མཛའ་ཡས་པ་ཡོད་པས་རྒྱ ་མཚོ་ཇི་སྙེད་པ་གང་པའི་བསྟོད་པའི་ཚོགས་རྣམས་ཀྱིས། ཡོན་ཏན་རྒྱ་མཚོ་སྙེད་མངའ་བ་རྣམས་ལ་བདག་གིས་བསྟོད་པར་བགྱིའོ་ཞེས་པའོ། །བསྟོད་པའི་བྱིན་གྱིས་བསླབ་པ་སྨྲས་པ་ནི། བསྟོད་དབྱངས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན ་ཏེ། བསྟོད་པའི་དབྱངས་གླུར་ཡང་དག་པར་བླངས་པའི་ཚོགས་ནི་བསྟོད་དབྱངས་སྙན་པའི་སྤྲིན་ཏེ། དེ་དག་ཀྱང་ཡོན་ཏན་རྒྱ་མཚོ་དང་ལྡན་པའི་སྤྱན་སྔར་ངེས་པར་ཀུན་ཏུ་འབྱུང་བའམ། རྣམ་པ་ཐམས་ཅད་དུ་འབྱུང་བར་གྱུར་ཅིག་པའོ། །ཕྱག་འཚལ་བ་སྨྲས ་པ་ནི། དུས་གསུམ་ཞེས་པ་ལ་སོགས་པ་སྨོས་པ་ཡིན་ཏེ། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན་ཅེས་བྱ་བ་ནི་འདས་པ་ལ་སོགས་པའི་དུས་གསུམ་པོའི་སྤྱིར་བསྡུས་པ་ནི་དུས་གསུམ་སྟེ། དེ་དག་ཏུ་གཤེགས་ཤིང་བཞུགས་པའོ། །སུ་ཞིག་ཅེ་ན་སངས ་རྒྱས་ཏེ། ཤེས་བྱ་མཐར་ཐུག་པ་མེད་ན་ཡང་ཡེ་ཤེས་མཛའ་ཡས་པའི་སྟོབས་མངའ་བ་ཉིད་ཀྱིས་ན། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཁྱབ་པར་མཛད་པའི་བློ་གང་ལ་མངའ་བ་དེ་ནི་སངས་རྒྱས་ཏེ། དེ་རྣམས་ཀུན་ལའོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི། ཆོས ་དང་ཚོགས་ཀྱི་མཆོག་བཅས་ལ་ཞེས་བྱ་བ་སྟེ། དམ་པའི་ཆོས་དང་ཚོགས་ཀྱི་མཆོག་དང་བཅས་པ་ནི་ལུང་དང་རྟོགས་པའི་བདག་ཉིད་དང། གང་ཟག་ཆེན་པོ་བརྒྱད་ལ་སོགས་པའི་དགེ་འདུན་བཅས་པ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཀྱི ་ལུས་ཐམས་ཅད་ཀྱིས་རབ་ཏུ་བཏུད་པ་ནི་བདག་ཕྱག་འཚལ་ལོ་ཞེས་པའོ། །གཞན་ཡང་ཕྱག་བྱ་བའི་གནས་སུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞི་སྐུའི་གཟུགས་བརྙན་རྣམས་དང། བང་རིམ་དང། བུམ་པ་དང་ཁ་ཁྱེར་དང། སྲོག་ཤིང་དང་འཁོར་ལོ་དང། གདུགས ་ལ་སོགས་པ་གཟུགས་སོ་ཕག་ལ་སོགས་པ་ལ་བརྩིགས་ཤིང་བསགས་པ་ལས་བསྒྲུབས་པ་ཉིད་ནི་མཆོད་རྟེན་ནོ། །མཆོད་རྟེན་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིགས་སུ་བཅད་པ་ལ་སོགས་པའི་སྙིང་པོ་དང་ལྡན་པར་བྱས་པའི་བཅོམ་ལྡན་འདས་ཀྱི་རྟེན་ནི་འདི་ལ ་ཕྱག་བྱ་བ་ལ་སོགས་པས་བསོད་ནམས་བསྐྱེད་པའི་དོན་དུ་བྱིན་གྱིས་བརླབས་པ་ཡིན་པས་དེ་ལ་ཕྱག་འཚལ་བའོ། །འདིར་ཕྱག་འཚལ་བའི་སྒྲའི་དོན་ནི་ཡན་ལག་གི་དམ་པ་ས་ལ་བཏུད་པ་ཡིན་ལ་ཡན་ལག་གི་དམ་པ་ཡང་མགོ་བོ་ཡིན་པས་དེ་བཏུད་པ་ཞེས་བྱ ་བའི་དོན་ཏོ། །ཆེད་དུ་སོང་སྟེ་འདི་ལས་ལུང་ནོད་པས་ན་མཁན་པོའོ། །ཐར་པའི་དོན་དུ་འབད་ཅིང་བཙལ་པས་ན་བརྟུལ་ཞུགས་ཅན་ཏེ། དེ་དག་མངོན་དུ་དམིགས་ནས་ཕྱག་འཚལ་ལོ་ཞེས་པའོ། །དེ་བཞིན་དུ་སྐྱབས་སུ་འགྲོ་བ་སྨྲས་པ་ནི། བྱང་ཆུབ་སྙིང་པོར་ཞེས་པ་ལ་སོགས ་པ་སྨོས་པ་ཡིན་ཏེ། སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་ཀྱི་བར་དུ་ཞེ་ན། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཞེས་བྱ་སྟེ། སྙིང་པོར་གྱུར་པ་བྱང་ཆུབ་ཀྱི་མཆོག་ཐོབ་ཀྱི་བར་དུའོ། །ཆོས་ནི་མྱ་ངན་ལས་འདས་པ་སྟེ། དེ་ལ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་ཨི ་ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི་ཞེས་བྱ་བ་ལ། སྔར་བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆིའོ། ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྣམས་ལ་དད་པ་སྐྱེས་པའི་ཤུགས་ཀྱིས་དེ་སྐད་སྨྲས་པ་ཡིན་ལ། ད་ལྟར་ནི་སྡོམ་པ་ལན་པའི་དོན་དུ་སྐྱབས་སུ་འགྲོ་བ ་ཡིན་ནོ། །སྡིག་པ་བཤགས་པ་བསྟན་པར་བྱེ་བའི་ཕྱིར། ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་རྫོགས་པར་ཀུན་ལ་སངས་རྒྱས་པས་ན་རྫོགས་པའི་སངས་རྒྱས་སོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཀུན་ཏུ་གདོན་པར་བཞེད་པ་ཉིད་ནི ་ཐུགས་ཏེ། དེས་གཞན་གྱི་དོན་དུ་སྤྱོད་པར་མཛད་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་བརྙེས་པར་གྱུར་པས་ན། ཐུགས་རྗེ་ཆེན་པོ་མངའ་བ་སྟེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཐལ་མོ་སྦྱར་ཏེ་གསོལ་བར་བགྱིའོ། །ཐོག་མ་མེད་ལྡན་ཞེས་བྱ་བ་ནི ་རྒྱུ་མེད་པར་སྐྱེ་བ་དང། གཙོ་བོ་ལས་སྐྱེ་བར་འདོད་པ་ལ་སོགས་པ་དགག་པར་བྱ་བའི་ཕྱིར་འཁོར་བ་ནི་ཐོག་མ་མེད་པར་བསྟན་པ་ཡིན་ཏེ། འཁོར་བ་ལ་ཐོག་མ་ཡོད་པ་མ་ཡིན་ཏེ། ཐོག་མ་མེད་ལྡན་འཁོར་བ་སྟེ། དེས་ན་ཚེ་རབས་འདི་འམ་སྔོན་གྱི་སྐྱེ་བ་གཞན་དག་ལ ་བདག་གིས་མ་འཚལ་ཅིང་ཕྱུགས་ལྟར་རྨོངས་པས་སྡིག་པའི་རྣམ་པ་བདག་ཉིད་གྱིས་བགྱིས་པའམ། གཞན་བགྱིད་དུ་སྩལ་བ་ཉིད་དང། རྗེས་སུ་ཡི་རང་བ་གང་བགྱིས་པ་ཅི་ཡང་རུང་བའོ། །དེ་ཅིའི་ཕྱིར་དེ་ལྟར་བྱེད་ཅེ་ན། གཏི་མུག་འཁྲུལ་པས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འབྲས་བུ་མི་ཤེས་པའོ། །ཅི་ཞིག་ཏུ་འགྱུར་ཞེ་ན། བདག་ནོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམྱལ་བ་ལ་སོགས་པའི་འགྲོ་བར་རང་ཉིད་གནས་པའི་ཕྱིར་རོ། །དེ་ལྟར་ཁྱེད་ཀྱི་བཀའ་ལས་འདས་པའི་ནོངས་པ་དེ་ནི་རྗེས་སུ་འགྱོད་པའི་སྒོ་ནས ་དེའི་ཉེས་པ་མཐོང་བར་བགྱིས་ནས་བསམ་པ་ཐག་པས་ཡང་དག་པར་བཤགས་པར་བགྱིད་དོ། །དེ་ལྟར་བྱས་པ་ལ་སོགས་པའི་སྒོ་ནས་བཤད་ནས། ཡུལ་དང་བསམ་པ་དང་སྦྱོར་བའི་དབྱེ་བས་དེ་གཤེགས་པ་བསྟན་པའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་མཐར་ཐུག་པ་ལས་བྱུང་བའི་སངས་རྒྱས་ཀྱི་ཡེ་ཤེས་ནི་སངས་རྒྱས་སོ། །དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་པ་ནི་འདིར་དེའི་ཆོས་ཡིན་ནོ། །དེ་མཐོང་བ་ནི་དགེ་འདུན་ཞེས་བྱ་སྟེ། འདི་ནི་མངོན་པར་རྟོགས་པའི་ཀུན་རྫོབ་ཀྱི་དཀོན་མཆོག་གསུམ་མོ། ་འཇིག་རྟེན་པའི་ཀུན་རྫོབ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་སྒྱུ་མ་ལྟ་བུར་བསྟན་པ་དེའི་སྐུའི་གཟུགས་བརྙན་ལ་སོགས་པ་ནི་སངས་རྒྱས་སོ། །གཞི་དེ་ལས་བྱུང་བའི་དེའི་ལུང་གི་གླེགས་བམ་ལ་སོགས་པ་ནི་ཆོས་སོ། །དགེ་སློང་བཞིའི་ཚོགས་ལ་སོགས་པའི་འདུས་པ ་ནི་དགེ་འདུན་ཡིན་ནོ། །འདིར་མངོན་པར་རྟོགས་པའི་དཀོན་མཆོག་གསུམ་ལ་ནི་གནོད་པར་བྱ་བར་ནུས་པ་མ་ཡིན་པས། དཀོན་མཆོག་གསུམ་པོ་ཅིག་ཤོས་ཀྱི་ཡུལ་ལ་ཤས་ཆེར་འཁུ་བའི་སེམས་ཀྱིས་གནོད་པ་བགྱིས་པའམ། ཕ་མ་དག་གམ། བླ་མ་སྟེ། མཁན ་པོ་དང། སློབ་དཔོན་ལ་སོགས་པའམ། གཞན་གང་ཡང་རུང་བ་དག་ལ་ཉོན་མོངས་སྒོ་ནས་ཏེ། གནོད་པའི་བསམ་པས་ལུས་དང་ངག་དང། ཡིད་ཀྱི་སྦྱོར་བའི་བདག་ཉིད་ཅན་གྱིས་གནོད་པ་བགྱིས་པ་གང་ལགས་པ་དང། མདོར་ན་ཉེས་པ་དུ་མའི་སྐྱོན་ཆགས་པའི ་སྡིག་ཅན་བདག་གི་སྡིག་པ་གང། ཤིན་ཏུ་མི་བཟད་བགྱིས་པ་སྟེ། ཐམས་ཅད་འདྲེན་པ་རྣམས་ལ་འཆགས་ཞེས་བྱ་བ་སྤྱིར་བསྡུས་ཏེ་བཤགས་པའོ། །ཅིའི་ཕྱིར་འབད་པས་འཆགས་ཤེ་ན། གལ་ཏེ་བདག་སྡིག་པ་བགྱིས་པ་མ་བྱུང་ཞིང་མ་ཟད་པར་མྱུར་དུ་འགུམ་པར ་འགྱུར་དུ་འཆི་ཞིང་འོང་བར་འགྱུར་བས། ཇི་ལྟར་ན་སྡིག་པ་འདི་དག་ལས་སམ། ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ལས་ངེས་པར་ཐར་ཅིང་འབྱུང་བར་འགྱུར་བ་མྱུར་བའི་ཚུལ་གྱིས་ཏེ། རིངས་པ་ཉིད་དུ་མགོན་པོས་ཡོངས་སུ་བསྐྱབ་ཏུ་གསོལ་ཞིང་བདེ་བ་དམ་པར་ངེས་པར་འབྱུང ་བའི་ཐབས་བསྟན་དུ་གསོལ་ཞེས་པའོ། །འདི་ལྟར་འཆི་བདག་འདི་ནི་འདིས་མི་བྱ་བ་འདི་བྱས་ཟིན་ལ། འདིས་ནི་ད་རུང་མ་བྱས་སོ་ཞེས་སྡོད་པར་མི་བྱེད་པས་ན། ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས་ཞེས་བྱས་ཏེ། ནད་མེད་ཅིང་བདེ་བར་བྱས་པས་ཡིད་བརྟན ་དུ་རུང་བ་ཡིན་ན་ཡང། དེགས་པ་མེད་ཀྱང་འཇོམས་པར་བྱེད་པས། ཡིད་བརྟན་དུ་མི་རུང་བ་ཡིན་པས་དེ་བས་ན། ན་དང་མི་ན་ཀུན་གྱིས་ཀྱང། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་བྱ་བ་སྟེ། དོགས་པ་མེད་ཀྱང་གློ་བུར་ཉིད་དུ་འབྱུང་བས། སྤྲིན་མེད་པའི་ནམ་མཁའ་ལས་ཐོག་ཆེན་པོ ་འབབ་པ་དག་སྲིད་པ་དང་འདྲ་བར་གློ་བུར་དུ་གནོད་པ་ཆེན་པོ་འབྱུང་ངོ། །དེ་བཞིན་དུ་ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། ཞེས་བྱ་བ་སྡུག་པ་ལ་སོགས་པའི་དངོས་པོ་ཐམས་ཅད་བོར་ཞིང་སྤངས་ནས། རང་གི་ལས་ཀྱི་ལམ་འགའ་ཞིག་དང་ཆས་ཤིང ་འགྲོ་དགོས་པ་ཡིན་པས་བདག་གིས་དེ་ལྟ་བུ་འདི་མི་ཤེས་ན། མཛའ་དང་མི་མཛའ་ཀུན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས་ཞེས་བྱ་བ་ནི་རྒྱུ་དེས་མི་དགེ་བ་དུ་མ་ཞིག་བྱས་སོ་ཞེས་པའོ། །ཤི་བར་གྱུར་ནས་ནི་བདག་དང་མི་མཛའ་བའི་དགྲ་བོ་རྣམས་ཀྱང་མེད་པར་འགྱུར་ཞིང། གཞན་དག ་ཀྱང་མེད་པར་འགྱུར་ལ། མཛའ་བ་སྟེ་སྡུག་པ་རྣམས་ཀྱང་མེད་པར་འགྱུར་བ་དང། བདག་ཉིད་ཀྱང་ནི་མེད་པར་འགྱུར་རོ། །དེ་ལྟ་ན་སུ་ཞིག་ཆ་དགོས་པར་འགྱུར། །སེམས་ཀྱི་རྒྱུན་ཉིད་འགྲོའོ། །དེ་ལྟ་ན་ནི་དེ་ཉིད་བདག་ཅེ་ན། དེ་ནི་བདེན་མོད་ཀྱི། ཚེ་འདིའི་ཕུང་པོའི་སྡུག་བསྔལ་ལ་སོགས་པའམ། དེ་ལས་གཞན་པ་དག་ལ ་རྣམ་པ་ཐམས་ཅད་དུ་འཕོ་བར་བྱེད་པ་མ་ཡིན་གྱི། །འཆི་བའི་སྐད་ཅིག་མའི་རྐྱེན་དང་ཕྲད་པ་ལས་སྐྱེ་བ་གཞན་དུ་འགྲོ་བ་ན་དྲན་པའི་ཚུལ་ཉིད་ཀྱིས་དེ་དང་དེ་དྲན་པའི་ཡུལ་དུ་དེ་འགྱུར་བ་ཡིན་པས་ནི་དེ་དྲན་པར་བྱེད་དེ། དེ་བས་ན་དངོས་པོ ་གང་དང་གང་དག་རྗེས་སུ་སྤྱོད་པ་དེ་དང་དེ་གོམས་པའི་སེམས་ཀྱིས་ཉམས་སུ་མྱོང་བར་འགྱུར་ལ། དེ་ཡང་རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ་ཚེ་འདི་འདས་ཤིང་སོང་བར་གྱུར་པ་དེ་དག་ཐམས་ཅད་ནི་སླར་མཐོང་བར་མི་འགྱུར་ཞིང། ཉམས་སུ་མྱོང་བར་མི་འགྱུར་རོ། །སྐྱེ་བ་གཞན ་དག་ཏུ་ཉམས་སུ་མྱོང་བ་ལྟས་སྨོས་ཀྱང་ཅི་དགོས་ཀྱི། རེ་ཤིག་གསོན་པའི་དུས་ཀྱི་ད་ལྟར་གྱི་ཚེ་འདི་ཉིད་ལ་མཛའ་བ་དང་མི་མཛའ་བ་དུ་མ་ཞིག་འདས་པར་གྱུར་ཀྱང་རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ། དྲན་པའི་ཡུལ་དུ་གྱུར་པ་ཡིན་གྱི། སླར་མཐོང་བར་མི་འགྱུར་རོ། །དེ ་དག་གི་དོན་དུ་བྱས་པའི་སྡིག་པ་མི་བཟད་ཅིང་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འབྱིན་པའི་དྲག་པོ་གང་ཡིན་པ་དེ་ནི་མདུན་ན་གནས་པ་ཡིན་ནོ། །དེ་ལ་ཐམས་ཅད་བོར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མཛའ་བ་དང་མི་མཛའ་བ་དང་བྲལ་བ་སྔོན་འབྱུང་བ་བཤད་པ་ཡིན་ནོ། །མི ་མཛའ་བ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པས་ཕྱིས་འབྱུང་བར་འགྱུར་བ་བཤད་པ་ཡིན་ནོ། །རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་བ་ཡིན་ཏེ། ཚེ་འདིར་ཡང་མི་མཛའ་བ་ལ་སོགས་པའི་དངོས་པོ་གང་དང་གང་ལས་འཇིགས་པ་ལ་སོགས ་པ་ཉམས་སུ་མྱོང་བར་གྱུར་པ་དེ་དང་དེར་ནི་སྐད་ཅིག་མ་རེ་རེ་ཞིག་དྲན་པ་ཉིད་ཀྱིས་དྲན་པའི་ཡུལ་དུ་གྱུར་པ་ཡིན་པས་དེ་ནི་རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ། འདས་པར་གྱུར་པ་ཐམས་ཅད་སླར་མཐོང་བར་མི་འགྱུར་ཏེ། རྣམ་པ ་ཐམས་ཅད་དུ་འཇིག་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དྲན་པ་དང། སླར་ངོ་ཤེས་པར་འགྱུར། ལས་དང་འབྲས་བུ་ཡང་འབྲེལ་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཉམས་སུ་མྱོང་བའི་སྐད་ཅིག་མ་རེ་རེ་ལས་མངོན་སུམ་མམ། གཅིག་ནས་གཅིག་ཏུ་བརྒྱུད་པའི ་ཚུལ་གྱིས་དྲན་པ་ལ་སོགས་པ་སྐྱེ་བར་འགྱུར་བ་དེའི་ས་བོན་དང་རྐྱེན་དུ་གྱུར་པ་ཡིན་པས། དེ་ལྟར་ཚེ་སྔ་མ་ནས་འོངས་པ་དང། ཐམས་ཅད་བོར་ཏེ་སྐྱེ་བ་གཞན་དག་ཏུ་འགྲོ་དགོས་པས་བདག་ནི་གློ་བུར་བ་ཡིན་ནོ། ཞེས་བདག་གིས་སོ་སོར་རྟོགས་ཤིང་ཤེས་པར་མ་གྱུར ་པས། རྒྱུ་དེས་ན་མཛའ་པ་འམ་མི་མཛའ་པ་རྣམས་ལ། རྗེས་སུ་ཆགས་པ་དང་ཞེ་སྡང་བའི་དབང་གིས་སྡིག་པ་རྣམ་པ་དུ་མ་ཞིག་བྱས་པར་གྱུར་པ་འདི་ལ་གལ་ཏེ་བདག་འཆི་བར་གྱུར་བ་ན་སླར་བཅོས་པའི་ཐབས་ལ་བརྩོན་པར་མ་བྱས་ན་མྱུར་དུ་འཆི་བར་འགྱུར་རོ། །ཅིའི་ཕྱིར ་ཞེ་ན། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང། །སྣོན་པ་གུད་ནས་འོང་མེད་ན་ཞེས་བྱ་བ་སྟེ། ཚེ་མ་ཉམས་པའམ། འཕེལ་བ་འམ། སླར་འོང་བར་གྱུར་བའི་ཐབས་ཡོད་པ་མ་ཡིན་པས། བདག་ལྟ་འཆི་བར་ཅིས་མི་འགྱུར་ཏེ་ངེས་པར་འཆི་བར་འགྱུར ་ཏེ། འཆི་བའི་ཚེ་ན་ཡང་བདག་ཉིད་ཀྱི་མལ་དུ་འདུག་པ་བཞིན་དུ་འམ། གཉེན་བཤེས་རྣམས་ཀྱིས་མཛའ་ནས་ཉེ་བར་བསྐོར་དུ་ཟིན་ཀྱང། སྲོག་ཆད་པའི་ཚོར་བ་དག་སྲོག་གཅོད་པ་ལ་སོགས་པའི་སྡུག་བསྔལ་ནི་བདག་ཉིད་གཅིག་པུས་རྗེས་སུ་མྱོང་བར་འགྱུར་གྱིས། །ཉེ་དུ་དང ་མལ་སྟན་ལ་སོགས་པ་སྡུག་བསྔལ་བ་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་དེ་རྣམས་ནི་སྐྱོབ་པར་བྱེད་དོ་ཞེ་ན། དེ་རྣམས་ནི་ཚེ་འདི་ཉིད་ལ་སྐྱོབ?་པར་བྱེད་པ་ཡིན་གྱི། འཆི་བའི་ཚེ་ན་གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་པས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། ་བསོད་ནམས་དེ་ཡང་བདག་གིས་མ་བསྟེན་ཏོ། །དེ་བས་ན་མགོན་པོ་བག་མེད་པར་གྱུར་པ་བདག་གིས་ནི་སྡིག་པ་མང་པོ་ཞིག་ཉེ་བར་བསྒྲུབས་ཤིང་བསགས་པར་གྱུར་ཏོ། །ཅིའི་ཕྱིར་ཇི་ལྟར་བྱེད་ཅེ་ན། འཆི་བའི་འཇིགས་པ་འདི་འདྲ་བ་ཉིད་མ་འཚལ་བས། མི་རྟག་ཆེ་འདི་ཉིད་ཀྱི ་ཆེད་དུ་བདག་དང་བདག་གིར་ལྷག་པར་ཆགས་པའི་རྒྱུས་སྡིག་པ་རྣམས་བསགས་སོ་ཞེས་པའོ། །དེ་བས་ན་བདག་ཉིད་ནི་གཤིན་རྗེའི་ཕོ་ཉས་ངེས་པར་ཁྲིད་པར་འགྱུར་རོ། །དེ་ལྟར་ན་དེ་ཉིད་ཀྱི་ཚེ་ཀུན་ནས་སྐྱོབ་པས་བསོད་ནམས་དག་བྱའོ་ཞེ་ན། སྐྱེ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་སྐྱེ་བོ་དག་ཡན་ལག་བཅད་པའི་ཕྱིར་དེའི་སར་ཉེས་པའི་དབང་གིས་དེ་རིང་ཁྲིད་པར་གྱུར་བ་ཡང་འཇིགས་པས་བྲེད་པར་འགྱུར་ཞིང་སྐོམ་པས་ཤིན་ཏུ་གདུ་ས་པས་ཁ་སྐམས་པ་དང། མིག་རྩ་དམ་པ་ལ་སོགས་པ་རང་བཞིན་སྔ་མ་ལས་གཞན་དུ་འགྱུར ་བར་སྣང་ཞིང། དེ་ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད་བ་ན། སྐྱབས་བྱེད་བ་བག་མེད་པ་ན། ལྷག་པར་ཞུམ་པར་བྱེད་པ་ཡིན་ན། འཆི་བའི་དུས་བྱེད་པའི་གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་འཇིགས་ལྟ་བུའི། ཤ་ཚུགས་ཅན་གྱིས་བཟུང་ཞིང་བདག་གིར་བྱས་པར་གྱུར་ལ ་འཇིགས་བ་ཆེན་པོས་སྐྲག་བར་བྱེད་པའི་རིམས་ནད་ཀྱིས་ཐབས་པར་གྱུར་ཅིང། རབ་ཏུ་ཉམ་ཐག་བྱེད་པ་སྟེ། གཤང་གཅི་འབྱུང་བས་ལུས་ལ་གོས་པར་འགྱུར་བའི་གནས་སྐབས་སུ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་སྔར་བས་བྲེད་ཤ་འཐོན་པའི་མིག་དགྲང་ནས། ཕྱོགས་བཞིར་སྐྱབས་དག ་འཚོལ་བར་བྱེད། །ཇི་ལྟར་ཞེ་ན། སུ་ཞིག་འཇིགས་ཆེན་འདི་ལས་བདག། ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །དེ་ལྟར་སྐྱབས་ཚོལ་བས། ཕྱོགས་བཞིར་སྐྱབས་མེད་པ་ཐོད་ནས་ནི་སྟེ་བསོད་ནམས་མེད་པའི་ཕྱིར་རོ། །བསོད་ནམས་ལས་ནི་སངས་རྒྱས་ལ་སོགས་པ་དེའི་ཚེ་ཡང་སྐྱབས་མཛད ་པར་སྣང་ངོ། །བསོད་ནམས་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་དེ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྟེ། བདག་ཉིད་རང་བཞིན་དུ་གནས་པར་གྱུར་པ་ཡང་དེ་ལྟར་འགྱུར་གྱི། སྡིག་པ་ཤིན་ཏུ་དྲག་པ་ཡང་དེའི་ཚེ་རང་བཞིན་དུ་གནས་པར་མི་འགྱུར་རོ། །དེ་ནས་ཀྱང་ཀུན་དུ་ཡི་མུག་འགྱུར།། ་སྐྱེ་བར་གྱུར་པས་ཀྱང། གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེའི་ཕྱིར། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་བསྐྱབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རང་ཉིད་ནས་སྐྱབས་སུ་མཆི། །རྒྱལ་བ་དེ་ཡི་ཐུགས་སུ་ཆུད་པའི་ཆོས། །དེ་ཁོ ་ན་ཉིད། འཁོར་བའི་འཇིགས་པ་སེལ་བ་དང། །བྱང་ཆུབ་སེམས་དཔའ་ཨི་ཚོགས་ལ་ཡང། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟད་ལའང་བདག་ཉིད་དབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གིས་ལུས་ནི་དབུལ་བར ་བགྱི། །དེ་ལ་ལྟག་པར་མོས་པ་ཉིད་ཀྱི་ཕྱིར་རོ། །མོས་པའི་བདག་ཉིད་སྣ་ཚོགས་པའི་སྟོབས་ཀྱིས་དེ་ལ་ཡང་དང་ཡང་བདག་ཉིད་ཀྱི་ལུས་དབུལ་བར་བགྱིའོ། །འཇམ་པའི་དབྱངས་ནི་དེ་བཞིན་གཤེགས་པའི་རིགས་ཉེ་བར་མཚོན་པ་ཡིན་ཏེ། དེ་ལ་མངོན་པར་བརྩོན་པ ་ཉིད་ཀྱི་ཕྱིར་བདག་ཉིད་ཕུལ་ནས། པདྨའི་རིགས་གང་ལ་ཐུགས་རྗེས་སྤྱོད་པ་མ་འཁྲུལ་པའི་ངང་ཚུལ་མངའ་པའི་ཐུགས་རྗེས་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ནི། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་དུ་གསོལ། །འཕགས་པ་ནམ་མཁའ་ཨི་སྙིང་པོ ་དང། སའི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལའང། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོར། །རྡོ་རྗེ་རིགས་ཀྱི་བདག་པོ་ལའང། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་བའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །དེ་ཡང་བློས ་མངོན་སུམ་དུ་བྱས་ནས་བདག་ནི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ལྟར་ཉིད་ནི་ད་ལྟར་སྟེ། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །སྐྲག་པར་གྱུར་པའི། འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཁྱེད་ཀྱི་བཀའ་ལས་འདས་བ་ལས། །བདག་ཤིན་ཏུ་སྨད་པར ་འགྱུར་རོ། །ཞེས་བསྟན་པའི་ཕྱིར། །ཐ་མལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མལ་ནད་ཀྱི་ཞེས་བྱ་བ་ནི་ལུས་ལ་བྱུང་བ་སྟེ། དེ་དག་ནི་སྨན་གྱིས་བཅོས་ན་ལེགས་པར་མྱུར་དུ་ཞི་ཞིང་དུས་ཐུང་དུས་སེལ་བའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་རིམས་དང་མཛེ་ལ་སོགས་པའི་དབྱེ ་བས་སྟོང་ཕྲག་ཉི་ཤུ་ཡོད་དེ། དེས་འཇིགས་བ་ལ་ཡང་བདག་ཉིད་ཤེས་པས། སྨན་པའི་ངག་བཞིན་དུ་བྱ་དགོས་ན། ཅི་ཡིད་ཀྱིས་ཐོག་མ་མེད་པའི་དུས་ནས་བསགས་པ་ཡིན་པའི་ཕྱིར་ཐ་མལ་པ་མ་ཡིན་པ། འདོད་ཆགས་ལ་སོགས་ཉིས་བརྒྱའི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས།། ་འདོད་ཆགས་ལ་སོགས་པའི་ནད་བཞི་བརྒྱ་རྩ་བཞི་པོ་དེ་དག་ཀྱང་སྤྱོད་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མདོར་བསྡུས་ན་བཞི་བརྒྱ་དག་ཡིན་ཏེ། བག་ལ་ཉལ་བ་ཐ་དད་པ་ལས་བཤད་པ་ཡིན་ནོ། །བག་ལ་ཉལ་དེ་དག་ཀྱང་འདོད་པའི་འདོད་ཆགས་ཀྱི་བགལ་ཉལ་ལ་སོགས་པ་དགུ་བཅུ་རྩ་བརྒྱད ་ཡིན་ན། ཁ་ཅིག་གི་ནི་བརྒྱ་བཞི་བཅུ་ཡིན་ཏེ། ཟག་པ་བཞི་དང། ཆུ་བོ་བཞི་དང། སྦྱོར་བ་བཞི་དང། ཉེ་བར་ལེན་པ་བཞི་དང། འཆིང་བ་གསུམ་དང། ཀུན་ནས་སྦྱོར་བ་དགུ་དང། སྲིད་པའི་ཀུན་ཏུ་སྤྱོད་པ་བཅོ་བརྒྱད་དང། ཀུན་ནས་དཀྲིས་པ་བཅུ་དང། ཉོན་མོངས་པའི་ས་མང་པོ་པ ་དྲུག་དང། ཉོན་མོངས་པའི་དྲི་མ་དྲུག་དང། སྒྲིབ་པ་ལྔ་དང། ཐ་མའི་ཆ་དང་འཐུན་པ་ལྔ་དང། གོང་མའི་ཆ་དང་འཐུན་པ་ལྔ་དང། ས་མང་པོ་པ་བཅུ་དང། མི་དགེ་བའི་ས་མང་པོ་པ་གཉིས་དང། རྣལ་འབྱོར་རྣམས་ཀྱི་གཞི་ཕྲན་ཚེགས་ཀྱི་མིང་ཅན་ལྔ་བཅུ་རྩ་བདུན་དག་ཡིན་ནོ། །ཉེ་བའི་ཉོན་མོངས་པ ་དག་ནི་མང་དུ་ཡོད་དེ་གཙོ་བོ་ཇི་ལྟ་བ་བཞིན་དུ་བརྒྱ་ལྔ་བཅུ་རྩ་དྲུག་ཡིན་ནོ། །དེ་གཅིག་གིས་ཀྱང་ཞེས་བྱ་བ་ནད་བརྒྱ་པོ་གང་ཡིན་པ་དག་ལས་ཁྲོས་པ་གཅིག་གིས་ཀྱང་འཛམ་གླིང་ན། གནས་པའི་མི་ཀུན་བརླག་བྱེད་ལ། དཔེར་ན་གཞན་དག་ཏུ་དྲང་སོང་ཁྲོས་པས་ཞེས་བཤད་པ་ལྟ་བུའོ། །དེ་དག ་སྲེད་པའི་འཚེ་བས་ཁྲོས་པས་འཕེལ་བར་འགྱུར། རྨོངས་པས་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་པར་འགྱུར་ཞིང། དཔེར་ན་གཞན་དག་ཏུ་ཡིད་གཉིས་ཁ་ན་མ་ཐོ་ཆེར་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་དག་ཅེས་བྱ་བ་ནད་བརྒྱ་པོ་ལུས་ལ་བྱུང་བའི་ནད་ཀྱི་རྒྱུ་དག་གི་གསོ་བའི་སྨན་གཞན ་ཏེ། ཕྱི་རོལ་དག་གི་སྨན་ནི། །ཕྱོགས་རྣམས་ཀུན་ནས་བཙལ་ནའང་མི་རྙེད་ན། རིམས་ལ་སོགས་པ་གསོ་བར་མི་ནུས་པ་དང། གློ་བུར་བ་མ་ཡིན་པ་གང་ཡིན་པ་དེ་དག་གི་ནང་ནས། རླུང་ལས་གྱུར་པ་བརྒྱ་རྩ་གཅིག་དག་དང། དེ་བཞིན་བད་ཀན་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང ་འདུས་པ་ལས་གྱུར་པ་དག་ཡིན་ནོ། །ནད་བཞི་བརྒྱ་རྩ་བཞི་པོ་དེ་དག་ནི་འཕགས་པ་དང་འ?་སྦྱིན་གྱི་ཞུས་པ་ལས། འཕགས་པ་ཕལ་ཆེན་གྱི་འདུལ་བ་ལས་བཤད་པ་དག་ཡིན་ནོ། །གང་གི་ཕྱིར་ནད་འགའ་པོ་གཅིག་གིས་ཀྱང་འཛམ་བུའི་གླིང་ན་གནས་པའི་མི་ཐམས་ཅད་རྣམ་པར ་འགྱུར་བར་བྱེད་ཅིང་འཇིགས་པར་བྱེད་པ་ན། ཡུལ་ཀ་ཤི་ཀའི་བདག་པོར་གྱུར་པ་ནི་བཅོམ་ལྡན་འདས་ཀྱིས་གང་ཉམས་པར་གཟིགས་ཤིང་སྨན་པ་ལ་དྲིས་ནས། ཕྱོགས་ཐམས་ཅད་དུ་དེའི་སྨན་མི་རྙེད་པས་ན་དེ་མི་སྲིད་དོ་སྙམ་པ་ཉིད་ཀྱིས་སྨན་པས་གསོན་པའི་ཤ་ཆེན་པོ་བསྟན་པ་ན། བདེན ་པའི་བྱིན་གྱིས་བརླབས་བསྒྲུབས་ནས་གསོལ་བར་མཛད་དོ། །ནད་བཞི་བརྒྱ་རྩ་བཞི་པོ་དེ་དག་གིས་གཟིར་བ་ནི་དེའི་རྒྱུ་དག་གིས་གཟིར་བའི་ཕྱིར་རོ། །དེ་ལ་སྟེ་དེ་དག་གིས་སྨན་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། སྨན་པ་ཐམས་ཅད་མཁྱེན་པས་ལུས་ཀྱི་ཟུག་རྔུའི་རྒྱུ་འབྱིན་ཅིང་ཟུག ་རྔུ་འབྱིན་པར་མཛད་པའི་ཕྱིར། གང་ལ་ཟུག་རྔུ་ཐམས་ཅད་འབྱིན་པའི་ངང་ཚུལ་མདའ་བ་དེ་ནི་ཟུག་རྔུ་ཐམས་ཅད་འབྱིན་པའི་འོ། །བཀའ་སྟེ་དམ་པའི་ཆོས་ཀྱི་སྨན་གྱི་མན་ངག་ལྟར་མི་བྱེད་མ་སེམས་པ་ནི། ཤིན་ཏུ་གཏི་མུག་སྨད་པའི་གནས། །ཤིན་ཏུ་རྨོངས་པ་ཀུན་ནས་སྐྱེས་པ ་ཡིན་ནོ། །དེ་ལྟར་ནི། གཡངས་ས་ཐ་མལ་ཆུང་ངུ་ལའང། །བག་ཡོད་གནས་པར་བྱ་དགོས་ན། །ཚེགས་ཆུང་ངུས་བགྲོད་པར་བྱ་བ་ཐ་མལ་པའི་ནད་པ་ཡང་སྨན་པའི་ངག་ལས་འདས་པར་བྱ་བ་མ་ཡིན་ན། དཔག་ཆད་སྟོང་དུ་ལྟུང་བ་ཡི། །ཡུན་རིང་གཡང་སར་ཏེ། ཡིད་ཀྱི་ནད་སྨན་པ་ཐམས་ཅད་མཁྱེན་པའི ་བཀའ་ལ་འདས་པ་ལྟ་སྨོས་ཅི་དགོས། བག་མེད་པས་གནས་པར་བྱ་བ་མ་ཡིན་ནོ། །གཡང་ས་ཆུང་ངུ་ལ་ཡང་བག་མེད་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཉེས་པ་ཆེན་པོར་འགྱུར་རོ་ཞེས་དགོངས་སོ། །དེ་ལྟ་ནི་འགྱུར་མོད་ཀྱི། དེ་རིང་ཁོ་ན་མི་འཆི་ཞེས། རེ་ཞིག་བདེ་བར་གནས་ལ། དེ་ནས་སྡིག་པ་བཤགས ་པ་ལ་སོགས་པ་དགེ་བའི་ལས་བྱའོ་ཞེ་ན། དེ་རིང་ལས་མི་འཆི་ཞེས་བྱ་བ་སྨོས་ཏེ། མེད་དོ་ཞེས་བདེ་བར་འདུག་པའི་རིགས་མ་ཡིན། གང་ཚེ་བདག་མེད་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང། །སྡིག་པ་ལས་འཇིགས་པར་མི་བྱ་བ་མ་ཡིན་ཏེ། ངེས་པར་འབྱུང་བ་དང་བཅས་པ་ཉིད་ཀྱི ་ཕྱིར་རོ། །ཞེས་བསྟན་པའི་ཕྱིར། བདག་ལ་མི་འཇིགས་སུ་ཡིས་ནི། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་གྱུར་ན། །ཅིའི་ཕྱིར་བདག་ཉིད་བདེ་བར་འདུག་ཅེས་བྱ་བ་སྨོས་སོ། །ལོངས་སྤྱོད་ཀྱིས་བདེ་བར་གནས་པ་ཡིན་ནོ། །ཞེ་ན་སྨྲས་པ། སྔོན་ཆད་མྱོང་སྟེ་ཞིག་པ་ལས་ཏེ ་ལོངས་སྤྱོད་དག་ལས། ལྷག་པར་གནས་པ་ཅི་ཡོད་ན། བདག་ནི་ལོངས་སྤྱོད་ལ་མངོན་པར་ཞེན་ནས། བླ་མའི་བཀའ་དང་འགལ་བར་བྱས། །འོན་ཀྱང་ཡིད་གཉེན་བཤེས་ཀྱིས་བདེ་བར་གནས་པ་ཡིན་ནོ་ཞེ་ན་སྨྲས་པ། གསོན་ཚེ་འདི་དང་དེ་བཞིན་དུ། གཉེན་དང་བཤེས་པ་རྣམས་སྤངས་ནས།། ་གཅིག་པུ་གཤེད་འགྲོ་དགོས་ན། མཛའ་དང་མི་མཛའ་ཀུན་ཅི་རུང། །དེ་དག་གི་དོན་བྱེད་པར་ནུས་པ་མ་ཡིན་ནོ་ཞེས་དགོངས་སོ། །མི་དགེ་བ་ལས་སྡུག་བསྔལ་འབྱུང། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི ་རིགས་ཞེས་བྱ་བ་སྨོས་ཏེ་ཐབས་གང་གི་ཞེས་བྱ་བའི་ཐ་ཚིག་གོ་།བདག་གྲོལ་བ་མེད་པར་གཞན་གྲོལ་བར་མི་ནུས་སོ་ཞེས་བྱ་བར་དགོངས་སོ། །སྡིག་པ་བཤགས་པ་ལ་སོགས་པ་སྡུག་བསྔལ་ལས་ཐར་པའི་ཐབས་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྨྲས་པ། བདག་ནི་མི་ཤེས་པའི་སོ་སོའི་སྐྱེ་བོ ་ཉིད་ཡིན་པའི་ཕྱིར་རོ། །གཏི་མུག་པས་ཞེས་བྱ་བ་ནི་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་དོར་བ་མི་ཤེས་པ་ཉིད་ཀྱི་ཕྱིར། ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་གང་ཡང་རུང་བ་བགྱིས་པ་རྣམས་ཡང་དང་ཡང་དུ་བྱས་པ་དང། རྗེས་སུ་ཡི་རང་བའི་བར་དུའོ། །རང་བཞིན་ནི་ངོ་བོ་ཉིད་ཀྱིས ་གང་ཉོན་མོངས་པ་ཅན་ཉིད་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་འམ། གང་ཡང་ཉེས་དམིགས་སུ་གཟིགས་པ་ལས་ཉོན་མོངས་པ་ཅན་མ་ཡིན་དུ་ཟིན་ཀྱང། བཅོམ་ལྡན་འདས་ཀྱིས་ཁ་ན་མ་མཐོ་བ་དང་བཅས་པར་མཛད་པ་དེ་ལྟ་ན། བཅས་པའི་ཁ་ན་མ་ཐོ་བ་ཉིད་ཡིན་ནོ། །དེ་དག་ཐམས་ཅད ་བཤགས་པར་བགྱི། །གང་ལ་ཞེ་ན། ཐམས་ཅད་དུ་ཐོགས་པ་མེད་པར་གཟིགས་པའི་མགོན་པོའི་སྤྱན་སྔར་མངོན་སུམ་དུ་འདུག་ནས། ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཡང་དང་ཡང་དུ་བཤགས་པར་བྱ། །འདྲེན་པ་རྣམས་ཀྱིས ་བདག་གི་སྡིག་།ནོངས་པ་ལགས་པར་གཟུང་དུ་གསོལ། །ཐུགས་ཀྱིས་བཟོད་པར་མཛད་ནས་ཀྱང། །ཐུགས་རྗེས་བདག་ལ་ནོངས་པར་བསལ་དུ་གསོལ། །ཡང་བྱེད་པ་ལ་བརྟེན་པའི་ཕྱིར། །མགོན་པོ་འདི་ནི་བཟང་པོ་མ་ལགས་པས། སླན་ཆད་བདག་ནི་ཡོངས་མི་བགྱིད། །ཡང ་དང་ཡང་དུ་མི་བགྱིད་དོ། །སྡིག་པ་བཤགས་པ་ཕལ་ཆེ་བ་ཉིད་ཀྱི་ཕྱིར་སྡིག་པ་བཤགས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ལེའུ་གཉིས་པའོ།། །།དེ་ལྟར་བདག་ཉིད་ལ་སྨད་ཅིང་བཤགས་ནས་ཀྱང། བྱ ་བ་འདོད་པའི་སྒོ་ནས་བསམ་པ་དང་སྦྱོར་བ་ཡོངས་སུ་སྦྱངས་ནས་མཆོད་པ་ལ་སོགས་པ་རྒྱས་སུ་ཟིན་ཀྱང། ཡང་དགེ་བའི་རྗེས་སུ་ཡི་རང་བ་ལ་སོགས་པ་འཕེལ་བར་བྱེད་པ་གང་ཡིན་པ། སེམས་ཅན་ཀུན་གྱི་ངན་སོང་གི་ཞེས་བྱ་བ་སོགས་པ་སྨོས་ཏེ། འདིས་ནི་ངལ་བསོ་བར་བྱེད་པས ་ན་ངལ་བསོ་བའོ། །ངན་སོང་གི་སྡུག་བསྔལ་གྱིས་ངལ་བསོ་བ་ནི། ངན་སོང་གི་སྡུག་བསྔལ་ངལ་བསོ་བའོ། །སེམས་ཅན་རྣམས་ཀྱིས་བྱས་པའི་དགེ་བ་སྟེ། བསོད་ནམས་ཀྱི་ཚོགས་དེ་དང་སྡུག་བསྔལ་ཅན་རྣམས་བདེར་གནས་ལ། མགུ་ཞིང་དགའ་བས་རྗེས་སུ་ཡི་རང་ངོ། །བྱང་ཆུབ་རྒྱུར་གྱུར ་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ། །ལུས་ཅན་ཏེ། ལུས་དང་ལྡན་པ་དག་།འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་པ་སྟེ། ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་ངོ། །སྐྱོབ་པ་རྣམས་ཀྱིས་ཏེ། དགེ་རྒྱུད་སྐྱོང་བར་མཛད་པའི་བྱང་ཆུབ་དང། རྒྱལ་སྲས་ཉིད་དང། ཚོགས་གཉིས་ལ་ཡང་རྗེས་སུ་ཡི ་རང་ངོ། །གོང་ནས་གོང་ན་ཁྱད་པར་དུ་འཕགས་པ་ནི་ཁྱད་པར་དུ་འཕགས་པ་བརྗོད་པའི་དོན་དུ། བྱང་ཆུབ་སེམས་དཔའ་དག་གི་སྔར་བཤད་པ་སེམས་ཅན་ཕན་པ་མཛད་པ་སྟེ། བྱང་ཆུབ་ཏུ་སྨོན་པའོ། །བདེ་མཛད་པ་ཞེས་བྱ་བའི་གཞུང་ཡང་བདེ་བ་ཉིད་ཕན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན ་པ་བྱེད་པར་འཇུག་པའི་སེམས་ཡིན་ནོ། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང། ཞེས་བྱ་བ་སྟེ། ཚོགས་ཀྱི་རྒྱུ་ལ་དགའ་བས་རྗེས་སུ་ཡི་རང་ངོ། །ཇི་ལྟར་བརྒྱད་སྟོང་པ་ལས་རྗེས་སུ་ཡི་རང་བ་དེ་ལྟར་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་བཤད་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས ་ལ། ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །སེམས་ཅན་རྨོངས་པས་དམྱལ་བ་ལ་སོགས་པའི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦྱོར་དུ་གསོལ། །གསོལ་བ་གདབ་པ་ནི། རྒྱལ་བ་མྱ་ངན་འདས་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ ་འདི་ལྡོངས་པར་མི་དགོད་ཅིང། །བསྐལ་པ་གྲངས་མེད་བཞུགས་པར་གསོལ་ཞེས་བྱ་བ་སྨོས་སོ། །ཡོངས་སུ་བསྔོ་བ་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ་ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་ཆེན་པོ་དང། བྱམས་པ་དག་གིས་བདག་ཉིད་ཐམས་ཅད་སྦྱིན་པ་ཆེན་པོ་ཡིན་ནོ། བྱང་ཆུབ་ཏུ་སྨོན་པའི་སེམས ་ཀྱང་དེ་ཡིན་ཏེ། འཇུག་པའི་སེམས་ནི་དེ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །སྨོན་པ་དང་སྦྱིན་པ་ནི་ཡོངས་སུ་བསྔོ་བ་ཡང་ཡིན་ཏེ། སྨོན་པ་ཡོངས་སུ་བསྔོ་བར་མི་འགྱུར་བ་མ་ཡིན་ནོ། །གང་ཅུང་ཟད་མ་བྱས་པ་ཉིད་བྱས་པ་ཡིན་ནོ། །དེ་ལྟར་འདི་དག་ཀུན ་བྱས་ཏེ་ཞེས་བྱ་བ་མཆོད་པ་ལ་སོགས་པ་ནས། གསོལ་བ་གདབ་པའི་མཐར་ཐུག་པ། དགེ་བ་བདག་གིས་བསགས་པ་གང། །ཐོབ་པ་གང་ཡིན་པ་དང། དེ་ནི་སེམས་ཅན་ཐམས་ཅད་ཀྱི། སྡུག་བསྔལ་ཐམས་ཅད་བསལ་བར་ཤོག་།ཅི་ལྟར་ཞེ་ན། འགྲོ་བ་ནད་པ་ཇི་སྙེད་ཀུན།། ་ནང་སོས་གྱུར་གྱི་བར་དུ་ནི། །སྨན་གྱི་རྒྱུ་ཉིད་སྨན་དང་སྨན་པ་ཉིད་དག་དང། །དེ་ཡི་ནད་གཡོག་བྱེད་པར་ཤོག་།གཞན་དག་ལ་ཡང། །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །ཟས ་དང་སྐོམ་དེའི་རྒྱུར་གྱུར་ཅིག་པའོ། །བསྐལ་པ་འཇིག་པ་ན། མུ་གེའི་བསྐལ་པ་བར་མར་གྱུར་པ་ནི་དེ་ལ་ཉེ་བར་མཚོན་པ་ཡིན་ཏེ། མཚོན་གྱི་བསྐལ་པ་བར་མའི་ཚེ། མེ་ཏོག་གི་ཆར་དུ་གྱུར་ཅིག་ཅེས་བརྗོད་པར་བྱའོ། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར ་གྱུར་ཏེ། ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །སྤྲུལ་པས་མདུན་ན་ཉེ་བར་གནས་གྱུར་ཅིག་།བདག་གིས་ལུས་ནི་བདག་གིས་དངོས་པོའོ་དེ་བཞིན་ལོངས་སྤྱོད་པ་དང་ཞེས་བྱ་བ་ནི་ལོངས་སྤྱད་པར་བྱ་བ་ཡིན་པས་ན་ལོངས་སྤྱོད། ཆུང་མ་དང་བྲན་དང། ཕྱུགས་དང་གསེར་དང། ཁང་ཁྱིམ་ལ་སོགས ་པའོ། །དུས་གསུམ་དགེ་བ་ཐམས་ཅད་ཀྱང། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཕངས་པ་མེད་པར་བཏང་བ་ནི་ཡང་ཕྱིར་ལེན་པའི་བསམ་པ་མེད་པ་དང། ལེན་ལ་རེ་བའི་བསམ་པ་མེད་པས་ཁོ་བོས་བཏང་བར་བྱའོ། །ཅིའི་ཕྱིར་ཞེ་ན། སེམས ་ཅན་ཀུན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །ཐམས་ཅད་བཏང་བས་མྱ་ངན་འདའ་། །བདག་བློ་མྱ་ངན་འདས་པ་བསྒྲུབ། །རང་དང་གཞན་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་བདག་གིས་ཐམས་ཅད་བཏང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་བཏང་བ ་མཆོག་།དེ་ལྟར་སྙིང་རྗེ་བསྟན་ནས་བྱམས་པ་ཡང། །བདག་གིས་ལུས་ཅན་ཐམས་ཅད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་བདག་སྟེ། ཉེ་བར་མཁོ་བ་སྦྱིན་པ་ཅན་གྱི་ཡིད་དང། བདག་གི་ལུས་འདི་ངག་གིས་ལུས་ཅན་ཐམས་ཅད་ལ། ཅི་བདེར་བྱིན་ཟིན་གྱིས་བདག་གིས་ལུས ་རྟག་ཏུ་གསོད་པ་སྟེ་བསྣུན་པ་འམ། བདག་ལ་སྨོད་པ་འམ་བདག་ལ་བརྡེག་སོགས་ཅི་དགར་བྱེད་པ་ལ་རག་།ཕྱག་དར་གྱི་རྡུལ་ལ་སོགས་པས་འགོད་པར་བྱེད་པ་ལ་རག་གོ་།བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་གཞིའི?་རྒྱུ་བྱེད་ཀྱང། དེ་ལ་བདག་ལུས་བྱིན་ཟིན་གྱིས། །འདིའི་ཁ་ངས?་ཅི་ཞིག་བྱ། ་བདག་ཉིད་ཀྱིར་གྱུར་པས་སོ། །གཞན་ཡང་དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པ་བྱེད་དུ་ཆུག་།གང་དེ་དག་འཆི་བ་ལ་སོགས་པའི་འཇིགས་པ་ཆེན་པོ་ཉེ་བར་གནས་པ་ཡོད་ན། དེ་ཟློག་གེ་བའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཁ་ན་ཐོ་བ་མེད་པའི་ལས་བདག་ལ་བྱེད་དུ་ཆུག་ཅིག་ཅེས ་བྱ་བའི་དོན་ཏོ། །བདག་ལ་དམིགས་ནས་ནམ་དུ་ཡང། །འགའ་ཡང་དོན་མེད་མ་གྱུར་ཅིག་།འགའ་ཞིག་གི་ཚེ་ཡང་འགའ་ཞིག་ཀྱང་བདག་ལ་བརྟེན་ནས། དྲན་པ་ཙམ་དུ་ཡང་དོན་མེད་པར་མ་གྱུར་ཅིག་།བདག་ལ་དམིགས་ནས་གང་དག་གི་།ཁྲོ་བ་འམ་དང་པའི་སེམས་བྱུང་བ། །དེ་ཉིད་རྟག ་ཏུ་དེ་དག་གི་།དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག་།གང་དག་བདག་ལ་ཁ་ཟེར་རམ། །བདག་ལ་གང་བརྫུན་གྱིས་སུན་འབྱིན་པར་བྱེད་པ་འམ། གཞན་གང་གནོད་པར་བྱེད་པ་འམ། །དེ་བཞིན་འཕྱར་ཁ་གཏོང་བའང་རུང། །སྐྱོན་གསལ་བར་བྱེད་པ་འང་རུང། །གཞན་དག་ཐམས་ཅད ་བྱང་ཆུབ་སྐལ་ལྡན་གྱུར། །གཞན་ཡང་བདག་ནི་མགོན་མེད་རྣམས་ཀྱི་མགོན། །བདག་ནི་མགོན་པོ་སྐྱབས་ཉིད་དེ། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཏེ། ལམ་ལ་གནས་པ་རྣམས་ཀྱི་དེད་དཔོན་དང། ཆུ་བོ་ལ་སོགས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པར ་འདོད་ཅིང། བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་བདག་གླིང་དང། །གནས་མལ་འདོད་ལ་གནས་མལ་དང། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག་།འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད ་པའི་ནོར་བུ་དང་བུམ་པ་ནི། ཡིད་བཞིན་ནོར་བུ་བུམ་པ་བཟང་པོའོ། །ཀླག་པ་ཉིད་ལས་དོན་བྱེད་པ་ནི་རིག་སྔགས་གྲུབ་པའོ། །སྨན་དོན་ཆེན་པོ་བྱེད་པ་ནི་སྨན་ཆེན་དུ་གྱུར་ཅིག་པའོ། །ཇི་ལྟར་ཡོངས་སུ་བསམས་པའི་འབྲས་བུ་འབྱིན་པའི་ཤིང་ནི།། ་དཔག་བསམ་གྱི་ནི་ཤིང་དག་དང། །ཇི་ལྟར་འདོད་པའི་དངོས་པོ་ཐམས་ཅད་འདོད་འཇོར་གྱུར་པ་དེ་ལྟར་ན། ལུས་ཅན་རྣམས་ལ་འདོད་འཇོར་གྱུར། །མདོར་བསྡུས་ན་ཇི་ལྟར་ས་སོགས་འབྱུང་བ་ཆེན་པོ་དང། །ནམ་མཁའ་མ་ལུས་པ་ན་གནས་པ་ཡི། །སེམས་ཅན་དཔག་ཏུ་མེད ་པ་ཡི། །རྣམ་པ་ཉེར་འཚོའི་གཞིར་ཡང་ཤོག་།རྣམ་པ་མང་པོ་དག་གིས་སོ། །དེ་བཞིན་དུ་བདག་པོའི་དབང་གིས་སོ། །ནམ་མཁའ་ཨི་མཐས་གཏུགས་པའི། །རྒྱུན་རིང་ཞིང་རྒྱ་ཆེ་བས་མཛའ་ཡས་པའི་སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། རྣམ་པ་དུ་མས་སེམས་ཅན་ཐམས ་ཅད་མྱ་ངན་འདའ་བར་དུ། བདག་ནི་ཉར་འཚོའི་རྒྱུར་ཡང་ཤོག་།སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་མཆོད་པ་ལ་སོགས་པ་དང། བྱང་ཆུབ་ཏུ་སྨན་པའི་སེམས་ཀྱི་མཐར་ཐུག་པ་དཀའ་བ་དག་གིས་སྦྱོར་བ་རྣམ་པར་དག་ཅིང ་བསམ་པ་ཡོངས་སུ་རྒྱས་པ་ཡིན། སྡོམ་པ་ཡང་དག་པར་ལེན་པ་ནི་གང་ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ནི་འདིར་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡིན་ནོ། །དེ་ལྟར་ནི། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན ་ལས་བླང་བར་བྱ། །དེ་འདྲ་བ་མི་རྙེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྡོམ་པ་མ་ལུས་པ་དང་ལྡན་པ། བྱང་ཆུབ་ཀྱི་མཐར་བྱོན་པ་ཐམས་ཅད་ལ། ཐོགས་པ་མེད་པའི་སྤྱན་མངའ་བས་མདུན་དུ་བལྟས་ལ། དེ་དག་ལས་དད་པའི་བྱ་བ་དྲག་པོ་དང། དེ་ཁོ་ན་ཉིད་ལ་ལྷག་པར ་མོས་པ་དག་གིས་ཡང་དག་པར་བླང་བར་བྱའོ། །ཇི་སྐད་དུ་བཤད་པའི་མཆོད་པ་ལ་སོགས་པ་བྱས་ནས། ཚིགས་སུ་བཅད་པ་གཉིས་པོ་འདི་བརྗོད་པར་བྱའོ། །བླ་མ་རྙེད་ནས་ཡང་དེ་དང་དེ་དག་ལས་དེ་བཞིན་དུ་བྱས་ཏེ། ཚུལ་ཁྲིམས་ཀྱི་ལེའུ་ལས་བཤད་པའམ། བསླབ་པ་ཀུན ་ལས་བཏུས་ལས་བཤད་པའི་ཆོ་གས་ཡང་དག་པར་བླང་བར་བྱའོ། །དེ་ནི་ཙན་དན་གྱིས་བརླན་པའི་ཡན་ལག་དྲུག་དང་བཅས་པའི་ཟླ་བའི་ཟེར་དག་གིས་སྟོན་ཀའི་བསིལ་བའི་ཟླ་བའི་ཟེར་འབའ་ཞིག་བཞིན་ནོ། །ཇི་ལྟར་རྣམ་པ་གང་གིས་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས ་ནི་བསྐྱེད་པ་དང། །བདག་གིས་གནས་སྐབས་འདི་ལྟ་བུར་གྱུར་པས་ཞེས་བྱ་བའི་ཐ་ཚིག་གོ་།བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར་ཞེས་བྱ་བ་ལ་གནས་པ་ནི་རབ་ཏུ་ཞུགས་པའོ། །དེ་བཞིན་འགྲོ་ལ་ཕན་དོན་དུ། །དེའི་རྒྱུ་མཚན་དུ་འཇུག་པའི། །བྱང་ཆུབ་སེམས ་ནི་བསྐྱེད་བགྱི་ཞིང། །དེ་བཞིན་དུ་ནི་བསླབ་པ་ལའང། །རིམ་པ་བཞིན་དུ་སྟེ་མཐར་གྱིས་བསླབ་པར་བགྱི། དེ་ལྟར་མཆོད་པ་ལ་སོགས་པའི་སྦྱོར་བ་དང། དངོས་གཞིའི་རྣམ་པ་དག་ཅིང་རྒྱས་པ་དག་གིས་སྟོང་པ་ཉིད་དང། སྙིང་རྗེའི་སྙིང་པོ་ཅན་གཟུང་བས་བློ་སྙིང་རྗེས་ནོན་པའོ། ། ་འདི་ལ་ཡོད་པ་དང་མེད་པ་ལས་འདས་པའི་བློ་ཡོད་པས་ན་བློ་དང་ལྡན་པའོ། །ཅི་ཞིག་བཟུང་ནས་ཞེ་ན། བྱང་ཆུབ་སེམས་སོ། །ཅི་ལྟར་ཞེ་ན། རབ་དང་སྟེ་བསམ་པ་དག་པས་སོ། །མཇུག་ཀྱང་རྒྱས་བ་སྟེ། སྦྱོར་བ་དང་དངོས་གཞི་རྒྱས་པ་ཉིད་ཡོད་པ་དེ་ལྟ་ན་ཡང། ཡང་རྒྱས་པར་བྱ་བའི ་ཕྱིར། སེམས་ནི་འདི་ལྟར་གཟེངས་སྟོད་དོ། །ཇི་ལྟར་གཟེངས་བསྟོད་པར་བྱ་ཞེ་ན། དེང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །འདི་ལྟར་ཚུལ་ཁྲིམས་ཡང་དག་བར་བླངས་པས། མིའི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ ་དེ་གྱུར་ཏོ། །ས་བཅུ་ལས་ས་དང་པོ་ལ་གནས་པ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་དེར་ནི་ས་ཆེན་པོའི་རིགས་ལ་དགོངས་པ་ཡིན་ལ། སྔར་ནི་སངས་རྒྱས་ཉིད་ལ་མོས་པའི་རིགས་ལ་བརྡ་ཡང་དག་པར་ལེན་པ་བྱང་ཆུབ་ཏུ ་སེམས་བསྐྱེད་པ་ལས་སྐྱེས་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །ནམ་མཁའ་ཨི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་ཡང་དག་པ་ལེན་པ་ནི་འཕགས་པ་མ་ཡིན་པ་དག་ལ་ཡང་ཡོད་དོ། ཞེས་འབྱུང་སྟེ། རྙེད་པ་ལ་སོགས་པ་ལ་ཆགས་པ་ལ་རྒྱབ་ཀྱིས་ཕྱོགས་པའི ་ཕྱིར་རོ། །ས་བཅུ་ལས་ཀྱང་ས་དང་པོ་ལས་འགའ་ཞིག་ཀྱང་རྙེད་པ་དང་བཀུར་སྟི་ལྷག་པ་མི་འདོད་ཅེས་གསུངས་པའི་ཕྱིར་རོ། །འཕགས་པ་ལ་ཡང་ལོག་པའི་འཚོ་བ་མི་མངའ་བའི་ཕྱིར་རོ་ཞེས་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཨི་སོ་སོ་ཐར་པ་ལས ་ཀྱང། རིགས་ཀྱི་བུ་མོ་ཞེས་གསུངས་ཏེ། བུད་མེད་ཉོན་མོངས་པའི་ཤས་ཆུང་བ་བྱང་ཆུབ་དོན་དུ་གཉེར་བ་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་ལ་སློབ་པར་འདོད་པ་དག་ལ་ཡང་བྱང་ཆུབ་ཀྱི་བར་དུ་སྡོམ་པ་འདི་སྐྱེ་བར་འགྱུར་ཞིང། །སྐྱེ་བ་གཞན་དག་ཏུ་ཡང་འགྱུར་རོ། །རྩ ་བའི་ལྟུང་བ་འམ་འདིའི་སྡོམ་པ་ཞིག་ན་ཡང་དྲན་པ་སད་པར་བྱ་བའི་དོན་དུ་ཉིན་རེ་ཞིང་ལན་གསུམ་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །ཡང་མི་བགྱིད་དོ་ཞེས་བྱ ་བའི་བསམ་པས་ཡང་དག་པར་བླང་བར་བྱའོ། །སྤྱིར་སྡིག་པ་ཐམས་ཅད་བཤགས་པས་གཞན་ཡང་སྐྱེ་བ་གཞན་དུ་བྱས་པ་དང། ལྟུང་བ་གཞན་དག་ལས་ཀྱང་གྲོལ་ན་དྲི་མ་མེད་པར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་ང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་བདག ་གིས་ཅི་ནས་ཀྱང། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བྱང་ཆུབ་སེམས་དེ་རྙེད་པར་དཀའ་ཨོ། །ཞེས་བསྟན་པའི་ཕྱིར། ལོང་པས་ཕྱག་དར་ཕུང་པོ་ལས། །ཕྱག་དར་ཁྲོད་ཀྱི་ཕུང་པོ་དག་ལས ་ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །འདི་དོན་ཆེན་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩི་མཆོག་ཀྱང་འདི་ཡིན་ཏེ། །ཐ་དད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ།། ་འགྲོ་བའི་དབུལ་བ་སེལ་བ་ཡི། །མི་ཟད་གཏེར་ཡང་འདི་ཡིན། །ལོངས་སྤྱོད་ཆེན་པོ་མི་ཟད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ཏེ། །འདོད་པའི་ཁམས་སུ་བདག་ཉིད་ཀྱི་འདོད་པ་ཁྱེད་པར་དུ་འཕགས་པའི་དོན ་ཅན་ཉིད་ཡིན་པའི་ཕྱིར་རོ། །སྲིད་པ་ཉིད་ལམ་ཡིན་ཏེ། དེ་ལ་འཁྱམས་པ་ནི་རྒྱུ་བའོ། །དེས་དུབ་པ་ནི་འགྲོ་བའི་ངལ་བོས་ལྗོན་ཤིང་ཡིན། །ལམ་ཀའི་གྲིབ་མ་ཅན་གྱི་ཤིང་ཡིན་ཏེ། གཟུགས་དང་གཟུགས་མེད་པ་དག་གིས་ཁམས་དག་ཏུ་བདག་ཉིད་ཀྱི་དངོས་པོ་ཁྱད་པར་དུ ་འཕགས་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །སྔར་བཤད་པའི་ཐར་པ་ལ་སོགས་པ་ཐམས་ཅད་དུ་འགྲོ་བའི་ངང་ཚུལ་ཅན་དུ་གང་ལ་ཡོད་པ་དེ་དག་ནི། འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །སྤྱི་ནི་ཐུན་མོང་གིའོ། །འགྲོ་བའི་ཉོན་མོངས ་གདུང་སེལ་བའི། །དའི་ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར། སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག་།དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ ་ཉིད་རིགས་ཡོངས་སུ་སྨིན་པ་དང། ཐར་པ་སངས་རྒྱས་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཕན་པ་དང། བདེ་བ་དང། གཉི་གའི་དོན་དུ་ཞེས་བརྗོད་པར་འགྱུར་རོ། །དེ་བས་ན་དམ་ཆོས་འོ་མ་སྟེ། འོ་མའི་རྒྱ་མཚོ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི ་བདུད་རྩི་འདི་འབྱུང་བ་ཡིན་ནོ། །དེ་ལྟར་བདེ་བ་དང་ཐར་བའི་རྒྱུ་ཉིད་ཡིན་ན་ཡང། །རེ་ཞིག་དང་པོར་བདེ་བ་ཉིད་དང་ལྡན་ནོ་ཞེས་གསུངས་པའི་ཕྱིར། འགྲོ་བའི་འདྲེན་པ་སྲིད་པའི་ལམ་རྒྱུ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ཉིད་ལོངས་སྤྱོད་ཀྱི་འབྲས་བུ་ཉིད་ཡིན ་བའི་ཕྱིར་བདེ་བའི་ལོངས་སྤྱོད་དོ། །དེ་ལོངས་སྤྱོད་པར་འདོད་པ་ནི་དེ་ལོངས་སྤྱོད་པར་འདོད་པའོ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །གཏོང་བ་ཐམས་ཅད་ནི་ལོངས་སྤྱོད་མི་ཟད་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །ད ་ནི་གཟེངས་བསྟོད་པ་བསྐྱེད་ནས་མ་ལུས་མཇུག་བསྡུ་བར་བྱེད་དེ་བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །འདི་ནི་ཡང་དག་བར་ལེན་པ་དངོས་སུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད ་བ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ལེའུ་གསུམ་པའོ།། །།རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། མཆོད་བ་ལ་སོགས་པའི་ཚོགས་བྱང་ཆུབ་པའི་བར་དུ་མཆི་བ་ན་ཡང་དོར་བ་མེད་པར། བྱང་ཆུབ་སེམས་རབ་བརྟན་བཟུང་ནས། ཅི ་ཞིག་བྱ་ཞེ་ན། བསླབ་པར་བྱ་བ་ཡིན་པས་ན་བསླབ་པ་སྟེ། །ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པ་གསུམ་ལ་ནན་ཏན་དུ་བྱ་བའོ། །དེའི་གནས་ལ་འདིར་བསླབ་པའི་ཚིག་གི་དོན་གྱིས་བསྟན་ཏོ། །དེ་ལ་གཡེལ་བ་མེད་པར་རྟག་ཏུ་ཡང། བག་ཡོད་པས། བསློབ་ལས་མི་འདའ་ ་འབད་བར་བྱ། །གཡེལ་བ་ནི་ལུས་ཀྱི་སྙོམ་ལས་ཀུན་ནས་བླང་བའི་ལེ་ལོ་སྟེ་གཡེལ་བའོ། །འདི་ལ་གཡེལ་བ་སྐྱེ་བ་མེད་པས་ན། གཡེལ་བ་མེད་པའོ། །འདི་ལ་དཔྱད་པ་མི་འཇུག་ན་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བབ་ཅོལ་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། བབ་ཅོལ་ཏེ་མ་དཔྱད་པར་བརྩམས་པ་གང་ཡིན་པའམ། དཔྱད་དུ་ཟིན་ཀྱང། གང་ཞིག་ལེགས་པར་མ་བརྟགས་པ། །དེ་ནི་དམ་བཅའ་བྱས་གྱུར་ཀྱང། །ཐེ་ཚོམ་ཟ་བས་ཁས་བླངས་སུ་ཟིན་ཀྱང། བྱ་འམ་གཏང་ཞེས་བརྟག་པའི་རིགས། །འབད་པས་བརྩམ་པར་བྱ་བ ་ཡིན་ནོ། །སངས་རྒྱས་རྣམས་དང་དེ་ཡི་སྲས། །ཤེས་རབ་ཆེན་པོས་གང་བརྟགས་ཤིང། །བློ་གཞལ་དུ་མེད་པ་དང། བྱམས་པ་ལ་སོགས་པ་དག་གིས་ལེགས་པར་ཡོངས་སུ་བརྟགས་པ་དང། བདག་ཉིད་ཀྱིས་ཀྱང་བརྟག་བརྟག་པ། །ཕན་པར་བསེམས་པ་ཙམ་གྱིས ་ཀྱང། ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་བཤོལ་དུ་ཅི་ཞིག་ཡོད། །གལ་ཏེ་དེ་ལྟར་ངན་བཅས་ནས། །ཇི་སྐད་དུ་བཤད་ཅིང་ཇི་སྐད་དུ་བཟུང་བ་ཞེས་བྱ་བ་ལ་སོགས་པས་ལས་ཀྱིས་སྒྲུབ་པ་མ་བྱས་ན་དེ་དག་ཐམས་ཅད་ཀུན་བསླུས་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ ་དང། །སེམས་ཅན་ཐམས་ཅད་ཀུན་བསླུས་ན། །བདག་གི་འགྲོ་བ་ཅི་འདྲང་འགྱུར། །གཞན་འགའ་ཞིག་ཏུ་ཡང་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དངོས་པོ་ཕལ་བ་ཅུང་ཟད་ལའང། །ཡིད་ཀྱིས་སྤྱིན་ཞེས་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །བསེམས ་པ་ཉིད་ཀྱིས་དམྱལ་བར་འགྱུར་རོ། ཞེས་བསྟན་པའི་དོན་ཏོ། །དེ་དེ་ལྟར་ན་དངོས་པོ་ཉུང་ངུ་སྦྱིན་པར་བསམས་ནས་སྦྱིན་པར་མི་བྱེད་པ་ཏེ་ཡང། ཡི་དགས་རྒྱུར་གསུངས་ན། བླ་ན་མེད་པའི་བདེ་བ་ལ་སྟེ། བདེ་བར་གཤེགས་པ་ཉིད་དང། བར་དུ་བདེ་བ་ཐམས་ཅད་ལ་འགྲོ ་བ་མ་ལུས་པ་ལ་སོགས་པ། བསམ་པ་ཐག་པས་མགྲོན་གཉེར་ནས། །ཁྱད་པར་ཅན་གྱི་ཚིག་གི་མགྲོན་དུ་པོས་ནས། གདོན་མི་ཟ་བར་བྱ་བ་ཉིད་ཀྱིས། འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་དགའ་འགྲོ་འགྱུར་རམ། །བདག་སྨད་པའི་འགྲོ་བ་མནར་མེད་བར་འགྲོ་བར ་འགྱུར་རོ། །ཆོས་སྡུད་པའི་མདོ་ལས། དངོས་པོ་ཕལ་པ་ཅུང་ཟད་ཙམ། །ཆུང་ངུ་ཟིན་ཀྱང་དེ་ཡང་ཡི་དགས་སུ་འགྱུར་བར་གསུངས་སོ། །བསམ་པ་ཞེས་བྱ་བརྗོད་ཟིན་ཀྱང། །ཡིད་ཀྱིས་ཞེས་བྱ་བ་སྨོས་པ་ནི། ལུས་དང་ངག་དང་བཅས་པ་ཡང་མནར་མེད་པའི་འགྲོ་བ་ལས་འགའ་ཞིག་ཀྱང ་ཡོད་པ་མ་ཡིན་ཏེ། བྱང་ཆུབ་རིང་དུ་སྲིངས་པ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །འོ་ན་ཇི་ལྟར་ཆོས་སྡུད་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་གཏོང་བ་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་གཏོང་བ་བདེན་ཏེ། ཐབས་ཀྱི་བཏང་དུ་ཟིན་ཀྱང་ཡང་དག་པར་ལེན་པས། སེམས་ཅན་གྲོལ་བར ་བྱེད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། མི་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཚུལ་བསམ་གྱིས་མི་ཁྱབ་དེ། །རིགས་སྣ་ཚོགས་པ་ནི། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །མི་གང་བྱང་ཆུབ་སེམས་བཏང་ཡང། །སེམས་ཅན་དེ་དག་ཐར་བར་མཛད་པ་སྟེ། བྱང་ཆུབ ་ཀྱི་སེམས་གཏང་ཡང། སེམས་ཅན་གྲོལ་བར་བྱེད་པའི་ལས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་དེ་ནི་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་གྱི་ཁོ་བོས་ཤེས་པ་ནི་མ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས་གང་ལས་འདིའི་བློ་ནི་ནུས་པ་མེད་པ་དེ་ལ་དེ་བཞིན་གཤེགས་པ་ཉིད ་ཚད་མར་གྱུར་པ་དེ་བཞིན་གཤེགས་པ་ཉིད་མཁྱེན་གྱི། དེས་ནི་མི་ཤེས་ཞེས་གསུངས་པ་ཡིན་ནོ། །འགྲོ་བ་ཐམས་ཅད་བསླུས་ན་ཁ་ན་མཐོ་བར་འགྱུར་རོ། ཞེས་བསྟན་པའི་ཕྱིར། དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ལ་དེ་ཉིད་ཀྱིས་ལྟུང་བའི ་ནང་ན་ལྕི་བ་སྟེ། འདི་ལྟར་དེ་ནི་བྱུ་འགྱུར་ན། །སེམས་ཅན་ཀུན་གྱི་དོན་ལ་དམན། །གང་གཞན་འགའ་ཞིག་འདི་ཡི་ནི། །བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་བར་ཆད་གེགས་བྱེད་པ། སྒྲ་ལས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་གེགས་བྱེད་པ ་ལྟུང་བས་དེའི་གཞན་དེའི་ངན་འགྲོ་མུ་མཛའ་མེད། ངན་འགྲོ་དག་ཏུ་སྐྱེ་བ་རྒྱུད་པའི་མཛའ་ཡོད་པ་མ་ཡིན་ནོ། །སེམས་ཅན་གཅིག་གི་བདེ་བ་ཡང། །བཤིག་ན་བདག་ཉིད་ཉམས་འགྱུར་ནས། །ངན་འགྲོའི་སྡུག་བསྔལ་གྱིས། ནམ་མཁའ་མ་ལུས་མཛའ་ཀླས་པའི། །ལུས ་ཅན་བདེ་བ་ཤིག་སྨོས་ཅི་དགོས། །བདེ་བ་ཤིག་ན་ཆེས་ཉམས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།བསོད་ནམས་ཀྱིས་གེགས་བྱེད་པས་ཀྱང། སེམས་ཅན་ཐམས་ཅད་ཀྱི་དོན་ཉམས་པར་འགྱུར་བར་བྱས་པ་དེ་བས་ན། སེམས་ཅན་གྱི་དོན་གྱི་བགེགས་བྱེད་པ་དེའི་དོན ་འགྲོ་ལ་མཛའ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་གང་ལྟུང་བར་འགྱུར་བ་ཡིན་ནོ། །ལྷག་པའི་བསམས་པས་བཤགས་པ་བྱས་ཤིང་སྡོམ་པ་བཏང་ནས་ཀྱང་ལེན་པར་བྱེད་པ་ཡིན་ཏེ། སངས་རྒྱས་པའི་ཆོས་འདུལ་བ་ནི་ངེས་པར་འབྱིན་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར ་རོ། །ངན་སོང་གི་དེ་ལྟར་ལྟུང་བའི་སྟོབས་ལྡན་དང། བདེ་བར་གཤེགས་པའི་བྱང་ཆུབ་སེམས་སྟོབས་ལྡན་པ་དག་།ལྟུང་བ་དང་ཀུན་ནས་ལྡང་བ་དག་གིས། །འཁོར་བར་རེས་ཀྱིས་སྤྱོད་པ་ནི་རེས་ཀྱིས་འདྲེ་བར་བྱེད་ནའོ། །ས་ཐོབ་པ་ལ་སྟེ། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་ ་བ་ལ་སོགས་པ་ཐོབ་པ་ལ། ཡུན་རིངས་ཐོགས་པར་འགྱུར་རོ། །ཐ་ན་དམ་བཅས་པ་མོས་པ་སྤྱོད་པའི་ས་ཐོབ་པ་ལ་ཡང་ངོ། །དེ་ཐོབ་ན་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དེའི་ཕྱིར་དེ་བཞིན་དུ་བསླབ་པ་དེ་དག་ལ་བསླབ་པར་བྱ་བ་ཡིན་པ་དེ་ལྟར་ན། ཇི་ལྟར་དམ ་བཅས་པ་ཡིན་པ་བཞིན་དུ་བདག་གིས་གུས་པར་བསྒྲུབ་པར་བྱའོ། །གཡེལ་བ་མེད་པར་རྟག་ཏུ་བསླབ་པ་ལས་མི་འདའ་བར་འབད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ནི་དེ་བས་བརྩོན་པར་མ་བྱས་ན། །དེའི་འོག་ནས་ཏེ་ངན་སོང་ནས་སོ། །འོག་ཏུ་སྟེ་ངན་སོང་དུ་འགྲོ་བར ་འགྱུར་ཏེ། ངན་འགྲོ་ཁོ་ནར་བརྒྱུད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས་བཞུགས་པ་མ་ཡིན་ནམ་དེ་འོག་ནས་འོག་ཏུ་འགྲོ་བར་མི་འགྱུར་རོ་ཞེ་ན། སེམས་ཅན་ཐམས་ཅད་ཕན་མཛད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་གཞན་དྲུག་ཅུར་ཕྱིན་པ་ནི་གྲངས ་ཡིན་ལ། བགྲང་བར་མི་ནུས་པ་ནི་གྲངས་མེད་པ་སྟེ། སེམས་ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང། །བདག་ནི་རང་གི་ཉེས་པ་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏེ། །བདག་དེ་དག་གིས་གསོ་བར་མ་གྱུར་ཏོ། །ཞེས་བྱ་བའི་ཐ་ཚིག་གོ་།ད་དུང ་དེ་བཞིན་བདག་བྱེད་ན། །ཇི་ལྟར་བདག་སྔོན་གྱི་སྐྱེ་བར་བག་མེད་པར་གྱུར་པས་ཡང་དང་ཡང་དུ་དེ་བཞིན་ཏེ། ངན་འགྲོ་དང་བདེ་འགྲོ་དང། ནང་ལ་སོགས་པ་མྱོང་བར་འགྱུར་ཞིང་ཐོབ་པར་འགྱུར་རོ། །སངས་རྒྱས་བཞུགས་ན་ཡང་ཚོགས་པ་རྙད་པར་དཀའ་ཨོ་ཞེས་བསྟན་པའི་ཕྱིར ་དེ་བཞིན་གཤེགས་པ་འབྱུང་བ་དང། །དད་དང་མི་ལུས་ཐོབ་པ་དང། །མིའི་འགྲོ་བ་ཉིད་དང། དགེ་གོམས་རུབ་བ་དེ་ལྟ་བུར། །དཀོན་པ་ནམ་ཞིག་ཐོབ་པར་འགྱུར་ཞེས་བྱ་བ་སྨོས་ཏེ། གཞན་ཡང་ནད་མེད་ཉི་མ་འདི་ལྟ་བུ་ཞེས་བྱ་བ་ནི་མིའི་ལུས་ཉིད་དེ། འདི་ནས་མེད་པའི་ཉི་མ ་ཡིན་པས་ན་ནད་མེད་པའི་ཉི་མའོ། །ཟས་བཅས་འཚོ་བ་མེད་ཀྱང་ནི། །ཚེ་ནི་སྐད་ཅིག་བསླུ་བ་སྟེ། །ལུས་ནི་ཐང་ཅིག་བརྙན་པོ་བཞིན། །བརྙན་པོ་བྱས་པའང་རྙེད་པར་འགྱུར་གྱིས། ཉེས་པར་སྤྱོད་པའང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །བདག་གིས་སྤྱོད་པ་འདི་འདྲས་ནི། །མི་ཡིན ་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་ཅེས་བྱ་བ་སྨོས་ཏེ། དགེ་བ་ལས་ཀྱང་ངན་འགྲོ་འབྱུང་བར་འགྱུར་བ་མ་ཡིན་ཞེ་ན། དགེ་བ་མེད་ཅེས་བྱ་བ་སྨོས་ཏེ། མི་ལ་ཡང་དགེ་བ་གོམས་པ་ལས་བདེ་འགྲོར་འགྱུར་གྱི་རྣམ་པ་གཞན ་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ངན་སོང་དག་ཏུའོ། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་སྟེ། གཅིག་ལ་གཅིག་ཟ་ཞིང ་དམྱལ་བའི་སྲུངས་མ་སྡང་བ་ལ་སོགས་པ་འཕེལ་ཞིང་ཉེར་བསགས་ན། རེ་ཞིག་འདི་གཉིས་ཀྱིས་ཀྱང་བདེ་འགྲོར་མ་འགྱུར་རོ། །བསྐལ་བ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར ་གཡེངས་གཉའ་ཤིང་གི། བུ་གར་རུས་སྤལ་མགྲིན་ཆུང་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །དཔེར་ན་དགེ་སློང་དག་ས་ཆེན་པོ་འདི་རྒྱ་མཚོ་ཆེན་པོར་འགྱུར་ཞིང། དེ་ལ་གཉའ་ཤིང་བུ་ག་གཅིག་ཡོད་པ་རླུང་གཡེངས་ཤིང་འདི་ནས་བསྐྱོད་པ་དང། རུས་སྤལ་ལོང ་བ་གཅིག་ཅིག་ཡོད་ལ། རུས་སྤལ་དེ་ཡང་ལོ་བརྒྱ་བརྒྱ་ཞིང་མགྲིན་པ་འདེགས་པར་འགྱུར་ན། དགེ་སློང་དག་ཇི་སྙམ་དུ་སེམས། །རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུས་སྦལ་མགྲིན་པ་ཆུད་པ་རྙེད་པར་སླ་བ་ཡིན་ནམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་མི་ཉིད་ཤིན་ཏུ་ཐོབ་པར་དཀའ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པ་འདི་དང་འདི་ཞེས་བསྟན་པའི་ཕྱིར། །སྐད་ཅིག་གཅིག་བྱས་སྡིག་པས་ཀྱང། ཞེས་བྱ་བ་སྨོས་ཏེ། མཚམས་མེད་པ་ལ་སོགས ་པས། བསྐལ་པར་མནར་མེད་གནས་འགྱུར་ན། འདུག་པར་འགྱུར་ན། ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །སྒྲ་མི་ཐོས་པར་སྨོས་ཀྱང་ཅི་དགོས། དེ་ལྟར་ནི་འགྱུར་མོད་ཀྱི། །སྡིག་པ་ཟད་པ་ལས་མནར་མེད་པ་ལས ་ཐར་བར་འགྱུར་རོ། །ཞེ་ན། སྡིག་པ་དེ་ཙམ་ཁོ་ན་མྱོང་བར་གྱུར་ནས། །ཉམས་སུ་མྱོང་བ་མནར་མེད་པ་ལ་སོགས་པ་ལས་སེམས་དེ་ནི་རྣམ་ཐར་མི་འགྱུར་ཏེ། འདི་ལྟར་དེ་ནི་སྡིག་པ་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། །དེའི་ཕྱིར་དེ་ཉིད་ལས་དགེ་བ་བྱའོ།། ་དེ་ལྟ་མ་ཡིན་ན་འདི་ལས་བསླུས་པ་གཞན་མེད། འདི་ལས་རྨོངས་པའང་གཞན་མེད་དོ། །གང་ལས་ཤེ་ན། གལ་ཏེ་འདི་འདྲའི་དལ་བ་རྙེད་གྱུར་ནས། བདག་གིས་དགེ་གོམས་མ་བྱས་པ་ལས་སོ། །དེའི་ཕྱིར་གལ་ཏེ་བདག་གིས་ད་རྟོགས་ནས། །རྨོངས་པས་ཕྱིས་ཀྱང ་སྒྱིད་ལུག་ནའོ། །བསླབ་པ་འབད་རྩོལ་མི་བྱེད་ན། །དེའི་ཚེ་འཆི་བར་འགྱུར་བའི་དུས་ཀྱི་ཚེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། །ཅིའི་ཕྱིར་ཁྱོད་འདི་འདྲའི་ལས་བྱེད་ཅེས་ཡོངས་སུ་སྨྲ་བར་བྱེད་པ་ནའོ། །དམྱལ་མེ་བཟོད་དཀའ་ཡུན་རིང་དུ། །བདག་གི་ལུས་ནི་སྲེག་འགྱུར་ན། །ཞེས ་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། ལུས་ཅན་གཞན་དང་དུད་འགྲོ་དག་ན་དུད་འགྲོ་རྣམས་ཟ་བར་བྱེད་པ་ན་ངན་སོང་དེ་ལ་རྣམ་པ་འགའ་ཞིག་ལྟར་འཕོས་ཤིང་བདེ་འགྲོར་སྐྱེ་ན་ནི། སྡིག་པའི་རྒྱུ་མཐུན་པའི་ཤེས་པས་གདུངས་ཤིང་ཕྱིས་འགྱོད་བ་མི་བཟེད་མེ་འབར་བས། དུས་ཕྱིས་མི ་བཟད་བ་ཡི་མེས། །ཡུན་རིང་སེམས་གདུངས་གདོན་མི་ཟ། །བདག་དང་བསླབ་པ་དག་ལ་མི་སློབ་པའོ། །གཞན་ཡང་ཤིན་ཏུ་རྙེད་དཀའ་ཕན་པའི་ས། །བདེ་འགྲོ་དག་གིས་ཅི་ཞིག་ལྟར་སྟེས་རྙེད་གྱུར་ནས་སོ། །དེ་ལྟར་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་བས། བདག་ཉིད་ཤེས ་དང་ལྡན་བཞིན་དུ། སྡིག་པས་ཕྱིར་ཡང་དམྱལ་བ་དེར་ཁྲིད་ནའོ། །རྨོངས་པས་སྡིག་པ་བྱེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ལ་འདིར་ཏེ། ཕན་པའི་སར་བསླབ་པ་དག་ལ་སློབ་པའོ། །སེམས་མེད་དུ་ཟད་དེ། འདི་ལྟར ་བདག་འགའ་ཞིག་སྔགས་ཀྱིས་རྨོངས་པར་བྱེད་པ་བཞིན། རྒྱུ་ཅིས་རྨོངས་པ་དག་ཀྱང་མ་ཤེས་ཏེ། བདག་གི་ལུས་ཀྱི་ཁོང་ན་ཅི་ཞིག་ཡོད། སྲེད་པ་ལ་སོགས་པ་ཞེས་བྱ་བའོ། །ཞེ་སྡང་སྲེད་སོགས་དགྲ་རྣམས་ལ། །རྐང་ལག་ལ་སོགས་ཡོད་མིན་ཏེ། །གཟུགས་ཅན་མ་ཡིན ་པའི་ཕྱིར་རོ། །དཔའ་མིན་ཏེ་བརྩོན་འགྲུས་ནི་དག་པའི་ས་ཆེན་པོ་པ་ཡིན་པའི་ཕྱིར་རོ། །སྲེད་པ་ལ་སོགས་པ་ནི་མི་དགེ་བ་ཉིད་ཡིན་པའི་ཕྱིར་ཏེ། བརྩོན་འགྲུས་དང་མཚུངས་པར་ལྡན་པ་ཉིད་མེད་པའི་ཕྱིར་རོ། །འཛིངས་མིན་ཏེ། རྨོངས་པ་དང་མཚུངས་བར་ལྡན་པའི་ཕྱིར་རོ། །ཅི་ཞིག ་ལྟར་དེ་དག་བདག་བྲན་བཞིན་བྱས། སྲེད་པ་དང་ཞེ་སྡང་ལ་སོགས་པའི་དགྲ་རྣམས་ཀྱིས་སོ། །དེ་དག་ནི་རྨོངས་པའི་རྒྱུ་ཡིན་ལ། སྔར་སྐྱེས་པའི་རྨོངས་པ་ཡང་དེ་དག་གི་རྒྱུ་ཡིན་ནོ། །སྔར་སྐྱེས་བ་དེ་ལྟ་ན་བདག་བྲན་དུ་བྱས་པ་ཡིན་ནོ། །འདི་ལྟར་བདག་གི་སེམས་ལ་གནས་བཞིན་ ་དུ། དགའ་དབུར་བདག་ལ་གནོད་བྱེད་པ། །ད་ལ་མི་ཁྲ་བཟོད་པ་ནི། །འདིར་བཟོད་པ་ཤིན་ཏུ་སྨད་པ་བསྟན་བའི་ཕྱིར། གནས་མི་བཟོད་པ་སྨད་པའི་གནས། ཞེས་བྱ་བ་སྨོས་སོ། །དེང་ནི་མཚོན་པས་གནོད་པ་ལྟར་བཟོད་པར་ནུས་ཞེས་བསྟན་པའི ་ཕྱིར། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་འཇུག་ཅིང་འཁྲིད་མི་ནུས། །མེ་ཅེ་འདྲ་བ་ཞིག་ཅེ་ན། ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་སྟེ། གང་དང་འབྲལ་པ་ལས། རི ་རབ་ཀྱང། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདར། །དེ་ལྟར་ཉོན་མོངས་པའི་དགྲ་སྟོབས་དང་ལྡན་པ་ཡིན་ནོ། །སྟོབས་དང་ལྡན་པ་འབའ་ཞིག་ཏུ་མ་ཟད་དེ། ཡུན་ཡང་ཤིན་ཏུ་རིང་བ་ཡིན་ཏེ། བདག་གི་ཉོན་མོངས་དགྲ་བོ་གང། །དུས་རིང ་ཐོག་མཛའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཚེ་རིང་ཐུབ་པ་མ་ཡིན་ནོ། །འོན་ཀྱང་དེ་དག་རྗེས་སུ་མཐུན་པར་བརྟེན་པར་བྱ་བ་ཡིན་ནོ། སྙམ་ན། སྨྲས་པ། མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ནའོ། །ཉོན་མོངས་འདི་རྣམས་བསྟེན ་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །འཁོར་བར་དགའ་བ་དང་བདེ་བའི་རྒྱུ་ཡང་ཡིན་ལ། འདི་ལ་མཐུན་པར་བསྟེན་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ལྟར་ཡུན་རིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་པའི་ཚུལ་གྱིས་ཡུན་རིང་རྒྱུན་ཆགས་ཏེ། ཐོག་མ ་མེད་པའི་དུས་ནས་དགྲར་གྱུར་པ་དག་ནི། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པའོ། །གནོད་པའི་ཚོགས་ནི་གནོད་པའི་ཚོགས་སོ། །དེ་རབ་ཏུ་འཕེལ་བའི་ཕྱིར། དེ་རྒྱུ་གཅིག་པུ་ཡིན་པ་དེ་ལྟ་ན། གནོད་པའི་ཚོགས་རྣམས་འཕེལ་བའི་རྒྱུ་གཅིག་པུའོ། །བདག་གི ་སྙིང་ལ་ངེས་པར་གནས་འཆའ་ན། བསྟེན་པར་བྱེད་ནི་ཡང་བདེ་བར་ཇི་ལྟར་འགྱུར། ཇི་ལྟར་བདེ་བར་འགྱུར་ཞེས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་འཁོར་བའི་བརྩོན་རའི་སྲུང་མ་སྟེ། དམྱལ་སོགས་སུ་གསོད་པར་བྱེད་པའི་གཤེད ་མ་ཡིན། །སྡོམ་རྩོན་སེང་གེ་འཆོར་བའི་ལྕགས་གཟེབ་ལྟ་བུར། སེམས་ཀྱི་ཁང་པ་ལྕགས་ཀྱི་གཟེབ་ལྟ་བུར། སེམས་ནི་བློ་ཡིན་ལ་ཁང་པ་ནི་ཁྱིམ་ཡིན་ཏེ། དེར་གལ་ཏེ་གནས་ན་ག་ལ་བདེ། ལུས་ཀྱི་ཡང་ངོ། །དེ་བས་ན་དེ་དག་ནི་རྣམ་པ་ཐམས་ཅད་དུ་དོན་མེད་པའི་རྒྱུ་ཡིན་ནོ། །དེ་ལྟར ་ཇི་སྲིད་བདག་གིས་དགྲ་འདི་མངོན་སུམ་དུ་ཤིན་ཏུ་ངེས་པར་མ་བཅོམ་བདག་དེ་སྲིད་བདག་འདིར་ཏེ། འདི་འགྲོའམ་ཉོན་མོངས་པ་བཅོམ་པ་ལའོ། །བརྩོན་མི་འདོར་ཞེས་བྱ་བ་ནི་བརྩོན་པ་སྤོང་བར་མི་བྱེད་པའོ། །རེ་ཞིག་གནོད་བྱེད་ཆུང་ངུ་ལའང་ཁྲོས་གྱུར་པའི། །ང་རྒྱལ་བོད་རྣམས ་དེ་མ་བཅོམ་པར་གཉིད་མི་འོང། །འཇིག་པ་ལ་རྒྱུ་མེད་པའི་ཕྱིར། །རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་སྡུག་བསྔལ་འགྱུར་པའི་ཉོན་མོངས་དག་།གཡུལ་དོར་དང་ཚེ་ནན་གྱིས་གཞོམ་པར་འདོད་པ་ཡང། གཏུམ་ཞིང་དྲག་པ་ཡང། མངའ་མདུངས་མཚོན་གྱིས་ཕོག་པའི་སྡུག ་བསྔལ་ཁྱད་བསད་ནས། །དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱར་བར་མི་བྱེད་ན། །རྟག་ཏུ་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། །རང་བཞིན་དགྲ་སྟེ། ཉོན་མོངས་པ་དག་དེས་གཞོམ་བརྩོན་པ་བདག་ལ་དེང། །སྡུག་བསྔལ་བརྒྱ་ཕྲག་རྒྱུར་གྱུར་གང་གིས་ཀྱང། །ཡི་ཆད་སྒྱིད ་ལུག་མི་འགྱུར་སྨོས་ཅི་དགོས། །སྡུག་བསྔལ་གྱི་རྒྱུ་དེ་དག་གིས་སྒྱིད་ལུག་པར་འགྱུར་རོ་སྙམ་ན། སྨྲས་པ། དོན་མེད་པ་ནི་འབྲས་བུ་མེད་པ་ཡིན་ཏེ། འབྲས་བུ་ཆུང་བ་པ་ཉིད་ཀྱི་ཕྱིར་རོ། །དགྲ་ཡིས་རྨ་སྲོལ་གཏོང་བ་ནི་དགྲ་བོས་རྨ་སྲོལ་ཞིང་གཏོང་བ་ཡང། ལུས་ལ་རྒྱན ་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་བསྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། །དེ་བཞིན་ཉ་པ་གདོལ་བ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང། །གྲད་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བའི ་ངའི?་ཕྱིར་བདག་ལྟ་ཅིས་མི་བཟོད། །འོན་ཀྱང་བཟོད་པ་ཁོ་ནའི་དེ་ལྟ་མ་ཡིན་ན། །ཕྱོགས་བཅུ་ནམ་མཁའ་ཨི་མཛའ་བཏུགས་པ་ན། ཕྱོགས་བཅུ་ནམ་མཁའ་ཨི་མཛའ་གཏུགས་དེའི་འགྲོ་བ་སྟེ། སེམས་ཅན་གྱི་ཁམས་མཛའ་མེད་པ་སྟེ། ཉོན་མོངས་དགྲ་ལས་གྲོལ་བར་དམ་བཅས ་གང་ཚེ་བདག་ཉིད་ཀྱང། །ཉོན་མོངས་རྣམས་ལས་མ་གྲོལ་བར། །བདག་གི་ཚོང་ཀྱང་མི་ཤེས་པར་དིའི་ཚེ། སྨྲ་བ་ཇི་ལྟར་སྨྱོན་པ་མིན། །དེ་ཕྱིར་ཉོན་མོངས་གཞོམ་པ་ལ། །རྟག་ཏུ་ཕྱིར་མི་ལྟོག་པར་བྱ། །ཉོན་མོངས་པ་སྤོང་བ་འདི་ལ ་རྟག་ཏུ་ཞེན་པར་བྱའོ། །ཕྱིར་ལྡོག་ན་ཞེན་པར་མི་འགྱུར་ཞིང། སྐད་ཅིག་ཞེན་པ་ཡང་ཕྱིར་མི་ལྡོག་པར་འགྱུར། གཡུལ་འགྱེད་པ་ན་ཉོན་མོངས་པ་སྤང་པར་ནུས་པ་སྟེ། གཉེན་པོའི་ཕྱོགས་རྣམས་ཀྱིས་རེ་རེ་ཞིང་རྣམ་པ་དགུ་པོ་དེ་དག་ལ་བག་ཡོད་པ་མ ་ཡིན་ནོ། །བསྣུན་པར་བྱེད་པ་ངག་བང་དུ་བྱེད་པ་ལ་ལེགས་པར་བསླབ་པ་ཉིད་ཀྱི་ཕྱིར། སྐད་ཅིག་གཡུལ་འགྱེད་པར་གྱུར་པ་ཡིན་གྱིས། འཁོན་དུ་བཟུང་བའི་མ་ཡིན་ནོ། །ཁོ་བོ་འདིར་འཁོན་དུ་བཟུང་བ་དང། གཡུལ་སྤྲོད་པར་འདོད་པར་འགྱུར་རོ། །རྒྱུད་གཞན་གྱི་ཉོན་མོངས་པ ་བཅོམ་པ་ལ་ཡང་འཁོར་བ་ལ་འཁོན་དུ་བཟུང་བས། ཉོན་མོངས་པ་ཐམས་ཅད་བཅོམ་པ་མ་ཡིན་གྱིས། འོན་ཀྱང་དེ་དང་གཡུལ་སྤྲོད་པ་ན། ཉོན་མོངས་པ་དང་འདྲེ་བས་ཉོན་མོངས་པའི་ནང་ནས་ང་རྒྱལ་ལ་སོགས་པ་འཆད་པར་འགྱུར་བའི་ཉོན་མོངས་པ་ལས ་གཞན་དུ་སྟེ། གཞན་དུ་ཉོན་མོངས་པ་གཞོམ་པ་ལ་ཉོན་མོངས་པ་འཇོམས་པར་བྱེད་པ་གཞག་།གང་དག་ང་རྒྱལ་དགྲ་བཅོ་ལས། རྒྱལ་བར་བྱ་བའི་ཕྱིར་ང་རྒྱལ་བསྟེན་ཅེས་བྱ་བ་དང། དེ་བཞིན་དུ་ཉེས་ན་ཞེ་སྡང་ལ་ཁྲོ་རིགས་ཞེས་བྱ་བས་ཆད་པར་འགྱུར་རོ་དེ ་ནི། བདག་ནི་བསྲེགས་ཏེ་བསང་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་དུད་པར་མི་བྱའོ། །ཞེས་བྱ་བ་སྨོས་ཏེ། །ཉོན་མོངས་པའི་དགྲ་རྣམས་ལའོ། །ཉོན་མོངས་པ་དག་ལ་ཁྲོ་བར་གྱུར་པ་ན། ཉོན་མོངས་པ་འདི་ནི་དེ་འདྲ་བའི་དག་མ་ཡིན་ནོ་ཞེས་བསྟན ་པའི་ཕྱིར། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །གནས་གང་ནས་ནུས་པ་རྟས་ནས་དེ་ནས་ཕྱིར་ལྡོག་གི་།ཉོན་མོངས་དགྲ་ཚུལ་དེ་དང་འདྲ་བ་མ་ཡིན་ཞེས་སྨོས་སོ། །སེམས་ནི་འདི་ལྟར་བདག་ཡིད ་ལས་གསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང། །བློ་གཞན་བདག་ལ་བརྩོན་པ་མེད་པ་ཟད། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གི་ཡང། །ཤེས་རབ་ཉིད་མིག་ཡིན་ཏེ། དེས་སྤང་བར་བྱ་བ་ཡིན་པས་ན། ཤེས་རབ་ཀྱི་མིག་ཉིད་མིག ་ཡིན་ཏེ། ཉོན་མོངས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་རབ་ཀྱིས་བལྟས་ནས་སྤང་བར་བྱ་ཞེ་ན། ཉོན་མོངས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་རྣམས་ནི་ཡུལ་ན་མི་གནས་ཏེ། ཀུན་ཏུ་རྟོག་པ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང། ཀུན་ཏུ་རྟོག་པ ་ལ་ཡང་ཡུལ་མང་བ་ཉིད་ཀྱི་ཕྱིར་དང། །ཉོན་མོངས་པ་རྣམས་ནི་གཟུགས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་དང། རྟེན་དང་བརྟེན་པ་ཉིད་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་དབང་ཚོགས་ལ་མིན་ཏེ། མིག་ལ་སོགས་པ་མ་ཡིན་ནོ། །བར་ན་ཡང་མིན་ཏེ། བར་ན་གནས་པ་ཡང་མ ་ཡིན་ནོ། །དེ་ལས་གཞན་ན་མིན་ན། འདི་དག་གར་ཏེ་གང་དུ་གནས་ཤིང་འགྲོ་བ་ཀུན་གནོད་བྱེད། དེ་ཡོད་པ་ཉིད་ནི་སྐད་ཅིག་ཉིད་ཡིན་པའི་ཕྱིར་རོ། །སྐད་ཅིག་གཅིག་པར་བདག་ཉིད་ཐམས་ཅད་འཇོག་པ་མེད་པ་ཡིན་ལ། མེད་པ་སྐྱེ་བར་བྱེད་པའི་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འདི་ནི་རྒྱུ་འདྲ་ཞེས་བྱ་བར་སྨོས་སོ། །འདི་ཐམས་ཅད་ནི་བརྫུན་པ་ཡིན་པ་དེའི་ཕྱིར། ཉོན་མོངས་པ་ལས་སྙིང་ལ་འཇིགས་པ་ཡོངས་ཤེས་ཕྱིར། ཀུན་རྫོབ་ཏུ་ཡང་བརྩོན་པ་བསྟེན་ཞེས་བྱ་བ་ནི། །བསླབ་པ་ལས་མི་འདའ་བར་བརྩོན་པའོ། །ཤེས ་ཕྱིར་ནི་ཤེས་རབ་ཕུལ་དུ་བྱུང་བའི་དོན་དུའོ། །དོན་མེད་ཉིད་དུ་ཞེས་བྱ་བ་ནི་སྐབས་མེད་པ་ཉིད་སྟེ། བདག་ལ་ནི་དམྱལ་བ་ནི་མི་ཆུང་བ་རྣམས་སུ་ཅི་སྟེ་གནོད་པ་བྱེད། ཐབས་དང་ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཨི་ནི་པདྨའི་ནགས་ཀྱི་ངང་བ་བཞིན ་དུ་མནར་མེད་པར་སྐྱེ་བ་ཞེས་པ་ལྟ་བུའོ། །དེ་ལྟར་རྣམ་བསམས་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུ་བའི་ཕྱིར་སྨྲས་པ། དེ་ལྟར་ནི་བབ་ཅོལ་བརྩམས་པ་གང་ཡིན་པའམ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་རྣམ་པར་བསམས་ལ། ཅི་སྐད་བཤད་པའི་བསླབ ་པ་བསྒྲུབ་པའི་ཆེད་དུ་འབད་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསླབ་པ་དེ་ལ་བསྒྲུབ་པ་དེའི་དོན་དུ་ཇི་སྐད་བཤད་པའི་བསླབ་པ་ནི་བསླབ་པ་བསྒྲུབ་པའི་ཆེད་དུ་བག་ཡོད་པས་འབད་པར་བྱའོ། །འཇིག་རྟེན་ན་ཡང ་སྨན་པའི་ཚིག་མ་མཉན་ན་སྨན་ངག་གིས། བཅོས་དགོས་ནང་པ་སོས་པ་ག་ལ་ཡོད། ནང་མེད་པ་ཉིད་ཅེས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས། བྱང་ཆུབ་ཀྱི་སེམས་ལ་བག་ཡོད་པ་བསྟན་པ་སྟེ་ལེའུ་བཞི་པའོ།། །། ་འབད་པས་ཅི་ཞིག་བྱ་ཞེ་ན། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། ཞེས་བྱ་བ་སྨོས་ཏེ། ངན་པ་དང་ཤེས་པ་བཞིན་དག་གིས་རབ་ཏུ་བསྒྲིམས་ནས་བསྲུང་བར་བྱ་བའི་དེ་ལྟ་མ་ཡིན་ན། སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ ་བསྲུང་བར་ཡོད་མི་ནུས། །འདི་ལྟར་སེམས་ཀྱི་གླང་པོ་ཡན་བཏང་བས། །མནར་མེད་གནོད་པ་བྱེད་པ་ལྟར། །དམྱལ་བ་དེའི་རྒྱུས་ངན་སོང་དུ་འཇུག་པར་བྱེད་པ་ལྟར། གླང་ཆེན་མ་དུལ་མྱོས་པ་ཡིས། །གླང་པོ་ཆེ་མྱོས་པ་འདུལ་སྦྱོར་མ་བྱས་པ་བཏང་བས་ཀྱང་སྐྱེ་བ་འདི ་ལ་མི་རྣམས་ལ། །དེ་འདྲའི་གནོད་པ་མི་བྱེད་དོ། །ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་ཆེན་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང། །དེ་དག་ཐམས་ཅད་ལག་ཏུ་འོང། །གང་གི་ཕྱིར། སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ ་རྣམས་ཐམས་ཅད་དང། །དམྱལ་བའི་སྲུང་མ་ཐམས་ཅད་དང། །བྱད་མ་དེ་བཞིན་སྲིན་པོ་རྣམས། །དྲན་པས་སེམས་འདི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་ནི་གཅིག་པུ་བཏུལ་བ་ཡིས། །ཤེས་བཞིན་གྱིས་དེ་དག ་ཐམས་ཅད་ཐུལ་བར་འགྱུར་དེ་ཡང་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིགས་པ་ཐམས་ཅད་དང། །སྡུག་བསྔལ་དཔག་ཏུ་མེད་པ་ཡང། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པ ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སེམས་སྔོན་དུ་སོང་བ་ཙམ་དུ་ཡིན་ནོ་ཞེས་བྱ་བ་ནས། འོན་ཀྱང་སེམས་ཉིད་དབང་དུ་གྱུར་ན་ཆོས་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བྱ་བའི་བར་དང། ཆོས་སྡུད་པའི་མདོ་ལས་ཀྱང་ཆོས་ཐམས་ཅད་ནི་སེམས་ལ་ངག ་ལུས་པ་ཡིན་ནོ་ཞེས་བྱ་བ་དང། དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ཀྱིས་བྱིན་གྱིས་བསླབས་པ་ཡིན་ནོ་ཞེས་བྱ་བ་དང། འཇིག་རྟེན་སྣ་ཚོགས་ནི་ལས་ལས་སྐྱེས་བ་ཡིན་ཞིང། ལས་ཀྱང་དངོས་སུ་སེམས ་བ་ཡིན་ནོ་ཞེས་གསུངས་སོ། །ས་བཅུ་པ་ལས་ཀྱང་ཁམས་གསུམ་པ་ནི་སེམས་ཞེས་འབྱུང་ངོ། །འདི་ནི་དེ་ལྟ་བུའི་རྣམ་པ་ཅན་ཡིན་གྱིས། །གཞན་དུ་ནི་སྤུ་གྲིའི་ནགས་ལ་སོགས་པ་སེམས་ཅན་དམྱལ་བའི་མཚོན་ཆ་རྣམས་སུ་ཞིག་གི་ཆེད་དུ་བྱས། དབང་ཕྱུག་ལ་སོགས་པ་ནི ་འགོག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ལྕགས་བསྲེགས་ས་གཞི་སྟེ། ལྕགས་ཀྱིས་གཞི་བསྲེགས་པར་གྱུར་པ་འབད་རྩོལ་དག་གིས་སུ་ཡིས་བྱས། །རབ་ཏུ་ཚ་ཞིང་ཆུ་ལན་ཚྭ་ཅན་གྱི་ཆུ་བོ་རབ་མེད་ན། བུད་མེད་ལུགས་ཀྱི་ལུས་ཅན་གྱིས་གཞེན་གྱི་ཆུང་མ་ལ་འཇུག ་པ་ལ་འཁྱུད་ཅིང་བསྣུན་ཅིང་ཟ་བར་བྱེད་པའམ། སེན་མེས་བཏུབ་པར་བྱེད་པ་གང་ཡིན་པའམ། ཡང་འཚོ་བ་ལ་འཕོ་བར་མི་བྱེད་ཀྱི། འོན་ཀྱང་སྡུག་བསྔལ་དྲག་པོ་མྱོང་བར་བྱེད་པའི་མེ་ཚོགས་དེ་དག་ཅི་ལས་སྐྱེས། །བུད་མེད་དེ་དག་ཅི་ལ་སྐྱེས། དེ་འདྲ་དེ་དག་ཐམས་ཅད ་ཀྱང། །སྡིག་སེམས་བྱུང་བར་ཐུབ་པས་གསུངས། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་གསུམ་པོ་ནི། སེམས་ལས་འཇིགས་པ་གཞན་གང་མེད། །སེམས་ཉིད་འཇིགས་པ་དང་འཇིགས་པར་བྱེད་པ་ཡིན་ནོ། །དེ་བཅིངས་ན ་འཇིགས་པ་ཐམས་ཅད་མེད་པར་འགྱུར་རོ། །ཇི་ལྟར་ཐམས་ཅད་དགེ་བར་འགྱུར་ཞེ་ན། གལ་ཏེ་འགྲོ་བ་དབུལ་བོར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་དངོས་པོ་ནི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བཞིན་དུ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་བར་དུའོ། །དེ་ལ་གལ་ཏེ་འགྲོ་བ་དབུལ་པོར་ནས། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ནའོ། །འོ་ན་དེ་ལྟ་ན་ནི་ད་རུང་འགྲོ་བཀྲེན་ཡོང་ན་སྔོན། སྐྱོབ་པ་ཇི་ལྟར་ཕ་རོལ་ཕྱིན། །འོ་ན་དེ་ཅིའི་ཕྱིར་ཞེ་ན། བདོག་པ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། བདོག་པ་ཐམས་ཅད་འབྲས་བཅས་ཏེ། དུས་གསུམ་གྱི་ཆོས་དང། མི་འཇིགས་པ་དང། ཟང་ཟིང་གི་སྦྱིན་པ་ཐམས་ཅད་ཀྱི་སེམས་ནི་གཏོང་བ་ཐམས་ཅད་ཀྱི་སེམས་ཡིན་ནོ། །དེའི་ཕྱིར་སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །འབྲས་བུ་དང་བཅས ་པར་འཇུག་པའི་ཕྱིར། འཕགས་པ་བློ་གྲོས་མི་ཟད་པ་ལས། སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ཕྱིར་དེ་ནི་སེམས་ཉིད་དོ། །ཆོས་སེམས་དཔའ་ཨི་ཀ་བ་ཆེན་པོ་ལ་དྲན་པའི་ཐག་པས་ཀུན་ནས་བརྟགས་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་སོགས་པ་ཡང་དགེ ་བའི་སེམས་ཉིད་ཡིན་པའི་ཕྱིར། ཉ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། ཉ་ནི་སྲོག་ཆགས་ཉེ་བར་མཚོན་པའོ། །སོགས་པའི་སྒྲས་ནི་གཞན་གྱི་བུད་མེད་དང་ནོར་ལ་སོགས་པ་བཟུང་ངོ། །ཐག་ཉེ་བ་ན་ཡོད་ན་ཡང་གང་ཞིག་དུ། དེ་དག་གསོད་མི་འགྱུར་བར་བསྐྲད། །དེ ་དག་ཉ་བ་ལ་སོགས་པའི་སྲོག་ཆགས་སོ། །ཐམས་ཅད་ཀྱང་ལས་ཀྱི་དབང་གིས་ཡུལ་ལ་སོགས་པ་ངེས་པ་ཡིན་གྱི། འགའ་ཞིག་ཏུ་ཡང་བསྐྲད་པར་ནུས་པ་མ་ཡིན་ནོ། །བསོད་པ་ཞེས་བྱ་བ་ནི་འཕྲོག་པ་དང། ལེན་པ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་ཡིན་ནོ།། ་གཞན་ལས་ཡང་དག་པར་བླངས་པའི་ཕྱིར། འཚེ་བ་ལ་སོགས་པ་ཐམས་ཅད་ལས་སྤོང་བའི་སེམས་ནི་ཐོབ་པ་ལས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏེ། དགེ་བ་ཆོས་སྡུད་པ་དང། སེམས་ཅན་གྱི་དོན་བྱེད་པ་ལ་འཇུག་པའི་སེམས་ཀྱི་དྲན་པས་བཅིངས་ན།། ་ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། སྦྱིན་པ་སྔོན་དུ་སོང་བ་ཅན་ནི། ཚུལ་ཁྲིམས་ཡང་དག་པར་ལེན་པ་ཡིན་ལ། དེ་ནས་བཟོད་པ་ཡིན་པ་དེ་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི། སེམས་ཅན་མི་སྲུང་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས ་ཡོང་མི་ལང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པ་དང་ཤེས་བཞིན་དག་གིས་ཞགས་པ་དང་རལ་གྲི་དག་གིས་ཁྲོ་བའི་སེམས་དགྲ་བོ་དྲངས་ཏེ། བསྣུན་ཅིང་བཅོམ་ན། དགྲ་བོ་ཐམས་ཅད་ཆོམས་དང་འདྲ། ཀུན་ཏུ་རྟོག་པ་ལས་སྐྱེས་པའི་དགྲ་བོ་ཞེ་སྡང་དེ་མེད་པའི ་ཕྱིར་མེད་པར་འགྱུར་རོ། །འདིར་དཔེས་ནི། ས་སྟེང་འདི་དག་ཀུན་གཡོག་དུ། །དེ་སྙེད་ཀོ་བས་ག་ལ་ལང། །ལྷམ་མཐིལ་ཙམ་གྱིས་ཀོ་བས་ནི། །ས་སྟེང་སྟེ་ས་ཟི་ཐམས་ཅད་གཡོག་དང་འདྲ་ཞེས་བྱ་བ་སྨོས་སོ། །གཞན་གྱིས་དོན་ལ་བཟོད་པའི་ཟོད་པ་བཤད་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་བསྟན་པའི་ཕྱིར ་དེ་བཞིན་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུའོ། །ཕྱི་རོལ་དངོས་པོའི་གཟུགས་ལ་སོགས་པའོ། །གང་གི་ཕྱིར་ས་ཐམས་ཅད་གཅིངས་ནས་བདག་གི་ཕྱིར་བཟློག་མི་ལང་བ་དེའི་ཕྱིར་ཆོས་ལ་སྤྱོད་པའི་བཟོད་པས་དེ་བཞིན་ཏེ། ལྷམ་མཐིལ་ཙམ་གྱི་ཀོ་བ་བཞིན་དུ། བདག་གི ་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་པ་ཅི་ཞིག་དགོས། །བཅོམ་ལྡན་འདས་ཀྱིས་སྡོང་དུམ་ཚིག་པ་ལ་ཡང་ལས་ཀྱི་དགོ་སྐལ་ལ་དམིགས་ནས་སེམས་སྡང་བར་མི་བྱའོ་ཞེས་བྱ་བ་དང། དེ་བཞིན་དུ་ནང་ཀྱི་དགོན་པའི་ནང་དུ་ཞུགས་པས་སྟོང་པ་ཉིད་ལ ་སོ་སོར་དཔྱད་པས་སྐྲག་པར་མི་བྱའོ། །ཞེས་གསུངས་སོ། །བཟོད་པ་དང་ལྡན་པས་བརྩོན་འགྲུས་བསྐྱེད་པར་བྱ་བ་དེ་ལྟ་བས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་སེམས་གསལ་དེ་ནི་བརྩོན་འགྲུས་དྲག་པོའི། གཅིག་ཅེས་བྱ་བ་ནི་ལུས་དང་ངག་མེད་ན་ཡང། གང ་ཚངས་པ་ཡིན་པ་ལྟར། ལུས་ངག་བཅས་པའི་འབྲས་བུ་ཡང། །ལུས་དང་ངག་ངག་གི་སྤྱོད་པ་ཞན་པས་དེ་ལྟར་མིན་ནོ། །བརྩོན་འགྲུས་ཀྱང་བསམ་གཏན་གྱི་ཕྱིར་ཡིན་པ་དེ་ལྟར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བསྟན་པ་ནི་བཟླས་བརྗོད་ནི་ནང་དུ་མི་སྨྲ་བ ་བཟླ་བའོ། །དཀའ་ཐུབ་ཀུན་ཏེ། བཟླས་པ་ལས་གཞན་དང་གཞན་པའི་བསོད་ནམས། ཡུན་རིངས་དུས་སུ་སྤྱད་བྱས་ཀྱང། །སེམས་གཞན་སེམས་གཡེངས་པས་བྱས་པ་ནི། དྲན་པ་དང་བསམ་གཏན་མེད་པའི་ཕྱིར་དང། དམན་པ་ཤེས་བཞིན་མེད་པའི་ཕྱིར། དོན ་མེད་ཅེས་བསྒོམས་པ་འབྲས་བུ་ཅན་ཡིན་ཞེས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སྟེ་དེ་ཉིད་རིགས་པས་གསུངས་པ་ཡིན་ནོ། །བསམ་གཏན་ནི་འདིར་འདོད་པ་སྤྱོད་པ་ཡིན་ཡང་ཉོན་མོངས་པ་ཅན་མ་ཡིན་ཞིང་རྩེ་གཅིག་པ་ཡིན་ནོ། །དེ ་ནས་ཁོ་ན་ཉིད་ཀྱི་བློ་ཡིན་པ་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་གང་གིས་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཉོན་མོངས་པ་སྤངས་པ་ན་ཡང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་མེད་པ་དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ནི་མཆོག ་ཏུ་བདེ་བ་ཐོབ་པའོ། །དེ་དག་དོན་མེད་གྱི་ན་འཁྱམས། །ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན ་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད་ཅེས་བྱ་བ་དང། གང་འདི་ཆོས་རྣམས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས། །སྒྱུ་མ་འང་གཞན་མིན་ཆོས་རྣམས་དག་ཀྱང་གཞན་མ་ཡིན། །ཡོད་མེད་མིང་དང་བྲལ་བ་ཉེ་བར་ཞི་སྤྱོད་པ། །དེ་འདི་ཤེས་རབ་ཕ་རོལ ་ཕྱིན་མཆོག་ལ་སྤྱོད་ཡིན། ཞེས་གསུངས་སོ། །གང་གི་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་རྣམ་པ་བཅུ་འམ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་དང། ཆོས་མ་ཡིན་པའི་འགོག་པ ་འཛིན་པའི་ཕྱིར་དེ་ཙམ་ཉིད་ནི་ཆོས་ཡིན་ནོ། །ཆོས་ཀྱི་དོན་པོ་མཆོག་སེམས་ཀྱི་གསང་འདི། སྐྱེ་བོ་སྣོད་མ་ཡིན་པ་ལ་བསྟན་པར་བྱ་བ་མ་ཡིན་པ་དེ་དང་དེ་མ་ཤེས་ཤིང་གོམས་པར་མ་བྱས་པའོ། །ཆོ་ག་འདིས་གྲལ་བར་མི་འགྱུར་རོ་ཞེས་ཟེར་བ་དེ་དག་དོན་མེད ་ཀྱིན་འཁྱམ་མོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚེས་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཉིད་ཡིན་ནོ། །ཐབས་ནི་སྙིང་རྗེ་ཆེན་པོ་དང། །དད་པས་བསྡུས་པའི་དེ་ཁོ་ན་ཉིད་ཀྱི་བློའོ། །རང་གི་དོན་དང ་གཞན་གྱི་དོན་དུ་གཉེར་བའི་སྨོན་ལམ་ཡང་དེ་ཉིད་ཡིན་ནོ། །སྟོབས་ནི་མི་མཐུན་པའི་ཕྱོགས་རྩ་ནས་འདོན་པ་གནས་དང་གནས་མ་ཡིན་པ་ལ་སོགས་པ་ལ་ཐོགས་པ་མེད་དོ། །ཡེ་ཤེས་ནི་ངེས་པར་བདག་ཉིད་ཅན་ཡིན་ནོ། །དེ་ལྟར་ན་སྦྱིན་པ་ལ་སོགས་པའི་ཀ་བ་ལ་དྲན ་པའི་ཐག་པས་སེམས་ཀྱི་གླང་པོ་དམ་དུ་བཅིངས་ན་ཐམས་ཅད་དགེ་བར་འགྱུར་རོ། །དེ་ཕྱིར་བདག་གི་སེམས་དེ་ནི། །དྲན་པས་ལེགས་པར་བཟུང་ཤེས་བཞིན་གྱིས་ལགས་པར་བསྲུང་བར་བྱའོ། །བདག་གི་སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པར། །བརྟུལ་ཞུགས ་མང་པོས་ཅི་ཞིག་བྱ། །སྐྱེ་བོ་ངན་པའི་ནང་ན་གནས་པས། ཇི་ལྟར་སེམས་བསྲུང་བར་བྱ་ཞེ་ན། དཔེར་ན་གྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང། །སེམས་ཀྱི་རྨ་ནི་རྟག་ཏུ་བསྲུང། །སྡུག་བསྔལ་གྱིས ་འཇིགས་པ་བསྲུང་བ་ཡིན་གྱི། ཤིག་ལ་སོགས་པ་གསོད་པ་ལ་སོགས་པ་ལས་སེམས་བསྲུང་བ་མི་བྱེད་དེ། །རང་ལ་སྡུག་བསྔལ་མེད་པའི་ཕྱིར་ཞེ་ན། རྨའི་སྡུག་བསྔལ་ཆུང་ངུ་ཡིས་སྐྲག་པ་ཡང་བདག་རྨའི་བསྒྲིམས་ཏེ། བག་བྱད་ན། རི་བོ་བསྡུས་འཇོམ ་བཅོམ་སྐྲག་པས། བསྡུས་འཇོམས་ཞེས་བྱ་བའི་དམྱལ་བ་ན། ལུག་ལྟ་བུའི་རི་བོ་དག་ཕྱོགས་གཉིས་ནས་འོངས་པས་ཤིག་ལ་སོགས་པ་སེན་མོས་བཅར་བ་ལྟར་དེ་དག་འཇོམས་པས་སྐྲག་པ་དག་།སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་བ་ཞེས་བྱ་བ་ཅིས་མི་བསྲུང་སྟེ། ་འོན་ཀྱང་བསྲུང་བ་ཉིད་ཡིན་ནོ། །ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྤྱོད་བ་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པ་འདི་འདྲས་གནས་བྱེད་ན། སེམས་བསྲུང་པའི་བདག་ཉིད་ཀྱིས། སྐྱེ་པོ་ངན་པའི་ཁྲོད་གནས་སམ། །བུད་མེད་ཁྲོད་ན་གནས་ཀྱང་རུང། ། ་བུད་མེད་ཀྱི་ནང་ན་འདུག་ན་ཡང། སྡོམ་བརྩོན་བརྟན་པ་སྟེ། བག་ཡོད་པས་ཉམས་པར་མི་འགྱུར་རོ། །དེ་ལྟར་མི་འགྱུར་མོད་ཀྱི། གནས་པ་འདིས་གནས་པ་ན། བདག་ལ་བསྟོད་པ་ལ་སོགས་པ་མེད་པའི་ཕྱིར། འབའ་ཞིག་གི་ཚེ་ཡང་རྙེད་པ་ལ་སོགས ་པ་མེད་པར་འགྱུར་རོ་ཞེ་ན། བདག་གི་རྙེད་དང་བཀུར་སྟི་དང། ལུས་དང་འཚོ་བ་མེད་བླ་ཞིང་མེད་དུ་ཟིན་ཀྱང་ངོ། །གང་བདག་གིས་དོན་ཉིད་ཀྱི། དགེ་བ་གཞན་ཡང་ཉམས་བླའོ། །སེམས་ནི་ནམ་ཀྱང་ཉམས་མི་བྱ། །བྱང་ཆུབ་ཀྱི་སེམས་རྣམ་པ་བཅུ ་འགའ་ཞིག་གི་ཚེ་ཡང་ཉམས་པར་མི་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ནམ་ཡང་ཞིག་པར་མ་གྱུར་ཅིག་།ཅེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ཞེ་ན། སེམས་བསྲུང་འདོད་པ་རྣམས་ལ་ནི། །བདག་གི་ཐལ་མོ་སྦྱར་བྱས་ནས། །དྲན་པ་དང་ནི་ཤེས་བཞིན་དག་།སྲོག་ལ་བབ་ཀྱང ་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཤེས་བཞིན་ནི་ཡང་དག་པར་རབ་ཏུ་ཤེས་པའི་སྒྲའི་ཚིག་བྱ་བས་ཐུང་ངུ་དང་ཕྱི་མ་དང་བཅས་པ་ཡིན་ནོ། །ཤེས་བཞིན་ནི་ཤེས་རབ་སྟེ། གང་གི་ལུས་དང་ངག་དང ་ཡིད་ཀྱི་ལས་ཐམས་ཅད་ཡང་དག་པར་བརྟགས་ཤིང་བདག་དང་གཞན་ལ་ཕན་པ་ཤེས་ནས་རྟག་ཏུ་བྱེད་པ་དང། འབད་རྩོལ་ཐམས་ཅད་ཀྱིས་བག་ཡོད་པ་ཕུལ་དུ་བྱུང་བས་སྲུངས་ཤིག་ཅེས་སོ། །སྐྱེ་སེམས་བསྲུང་བར་ནི་འདོད་རྣམས་ལ་ཞེས་རྣམ་པར་བསྒྱུར་ནས ་སྦྱར་བར་བྱའོ། །ཅིའི་ཕྱིར་འདི་བསྲུང་ཞེ་ན། འདི་ལྟར་ནད་ཀྱིས་དཀྲུགས་པའི་མི་དག་ནི། ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་རྨོངས་པ་སྟེ་དྲན་པ་དང་ཤེས་བཞིན་དག་གིས་སེམས་བཀྲུགས་པ་སྟེ་ཁྱབ་པ་ནི་ལས་རྣམས་ཀུན་ལ་མཐུ་མེད་དོ། །དེ་བཞིན་དུ། སྐྱེས་བུ ་ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམས་དང་བསྒོམ་པ་ཡང། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཤེས་བཞིན་མེད་པར་ཐོས་པ་ལ་སོགས་པ་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །ཐོས་པ་ལ་སོགས་པ་དང་ལྡན་པའི ་དོན་ཤེས་བཞིན་མ་ཡིན་ནམ་ཞེ་ན། སྨྲས་པ། རང་བཞིན་གྱི་ཐོས་ལྡན་དང་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང། །རྣམ་པ་འགའ་ཞིག་གི་རྣམ་པ་འགའ་ཞིག་གི་ཚེ། ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ཤེས་བཞིན་མེད་པའི་ཉེས་པས། ལྟུང་བའི་?? ་དང་བཅས་པར་འགྱུར། །ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཉེས་པ་མ་སྤངས་པ་དེ་དག་གི་ཡང་མི་ཐུན་པའི་ཕྱོགས་ཀྱིས་བཅོམ་པ་ཡིན་པ་དེ་བས་ན་དེ་དག་ནི་ཤེས་བཞིན་མེད་པའི་ཆོམ་རྐུན་དག་།དྲན་པ་ཉམས་པའི་རྗེས་འབྲངས་བས། །བསོད ་ནམས་དག་ནི་ཉེར་བསགས་ཀྱང། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ་།དྲན་པ་ཉམས་པ་སྟེ། ཞིག་པའི་རྗེས་སུ་འབྲངས་པའི་ངང་ཚུལ་ཡོད་པ་ནི་དྲན་པ་ཉམས་པའི་རྗེས་སུ་འབྲངས་པ་ཅན་ཏེ། ཤེས་བཞིན་མེད་པའི་ཆོམ་རྐུན་དེ་དག་གི་བསོད་ནམས་ཉེ་བར་བསགས་སུ ་ཟིན་ཀྱང་འཕྲོགས་ནས་ངན་འགྲོར་འགྲོ་བར་འགྱུར་རོ། །འདི་ལྟར་ཉོན་མོངས་ཆོམ་རྐུན་ཚོགས་འདི་ནི། །གླགས་སྐབས་ཚོལ་བར་བྱེད་པ་སྟེ། གླགས་ཏེ། སྐབས་རྙེད་གྱུར་ནས་དགེ་འཕྲོག་ཅིང། །དྲན་པ་རྨོངས་པས་འཕྲོག་པར་བྱེད་པ་དེ། བསོད་ནམས་ཀྱི་འབྲས་བུའི་སྐབས་འཕྲོག་པར ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ། བདེ་འགྲོའི་སྲོག་ཀྱང་འཕྲོག་པར་བྱེད། །དེ་བས་དྲན་པ་ཡིད་སྒོ་ནས། །གུད་དུ་ནམ་ཡང་མི་གཏང་ངོ། །ཡིད་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ཉིད་སྒོ་ཡིན་ཏེ། བྱང་ཆུབ་པའི་ཐབས་ཡིན་ནོ། །དེ་ལས་ནམ་ཡང་བཟློག་པར་མི་བྱའོ། །ཡུལ་གཞན ་དུ་སོང་ན་ཡང། རྣམ་པ་འགའ་ཞིག་གིས་ཉེ་བར་གཞག་།ཡུལ་གཞན་ལས་ཡིད་ལ་བྱེད་པས་གཞག་ལ། ཡིད་ཀྱི་སྒོ་ལ་ངན་སོང་གནོད་པ་དག་།དྲན་པར་བྱས་ཏེ་ཉེ་བར་བཞག་པར་བྱའོ། །ཇི་ལྟར་ཉེ་བར་བཞག་པར་བྱ་ཞེ་ན། བླ་མ་དང་ནི་འགྲོགས་པ་ལས། །མཁན་པོས་རྗེས་སུ ་བསྟན་པ་དང། །སློབ་མ་དག་ལ་མཁན་པོས་བསླབ་པ་ལ་འདས་པ་ན། བསྐུལ་ཞིང་རྗེས་སུ་སྟོན་པ་ནི་དྲན་པར་བྱེད་པ་ཞེས་བྱ་བ་ལ་སོགས་ལྔ་ཡིན་ཏེ། མཁན་པོས་རྗེས་སུ་བསྟན་པ་ངེས། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །གཞན་ཡང ་སངས་རྒྱས་བྱང་ཆུབ་སེམས་དཔའ་དག་།ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་གཟིགས་པ་སྟེ། སྤྱན་གང་ལ་མངའ་བ་དེ་དག་ནི། །ཀུན་ཏུ་ཐོགས་མེད་གཟིགས་བར་ལྡན། །ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་ཕྱིར་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན། དེ་དག་གི་མདུན་ན ་བཞུགས་སོ་ཞེས། དེ་ལྟར་བསམས་ནས། དེ་དག་གི་སྤྱན་སྔར་ངོ་ཚ་དང་གུས་པ་དང། འཇིགས་བཅས་དྲན་པ་རབ་ཏུ་གཞག་།སྡིག་པ་དག་ལས་ཁྲེལ་ཡོད་པ་དང། དད་པ་ལས་གུས་པར་གཞག་པའོ། །དེ་ལ་སངས་རྒྱས་རྗེས་དྲན་ཡང། །ཡང་དང་ཡང ་དུ་འབྱུང་བར་འགྱུར། །དེ་ལྟར་སྤྱན་སྔར་གནས་པ་དེ་ལ་སྐད་ཅིག་མ་རེ་རེ་གཟུགས་དང་ཆོས་ཀྱི་སྐུ་ལ་དམིགས་པའི་སངས་རྒྱས་རྗེས་སུ་དྲན་པ་ཡང་རྗེས་སུ་འབྱུང་བར་འགྱུར་ཞིང་དེའི་ཚེ་ཡིད་ཀྱི་སྒོ་འབའ་ཞིག་ཏུ་མ་ཟད་ཀྱི་ཚེ་དྲན་པ་ཡིད་སྒོ་ནས། བསླབ་པ་དག ་བསྲུང་བའི་དོན་དུ་གནས་གྱུར་པ། དེ་ཚེ་ཤེས་བཞིན་འོད་འགྱུར་ཞིང། །སོང་བ་དག་ཀྱང་ཕྱིར་འོང་གི་ཚུལ་ཁྲིམས་ལ་གནས་ན་ཏིང་ངེ་འཛིན་འཐོབ་པའི་ཕྱིར་ཤེས་རབ་ཡོངས་སུ་ཉམས་པ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་སོང་བ་དག་ཀྱང་འོང་བར་འགྱུར་རོ། །དྲན་པ་དང ་ཤེས་བཞིན་དག་གིས་ཇི་ལྟར་སེམས་བསྲུང་བར་བྱ་བ་ཡིན་ཞེ་ན། རེ་ཞིག་དང་པོ་སྦྱོར་བའི་མཇུག་ཐོགས་སུ་སྡོམ་པ་ཡང་དག་པར་ལེན་པའི་དེ་མ་ཐག་ཏུ་འདི་འདྲ་བའི་སེམས་ཏེ། བྱང་ཆུབ་ཀྱི་སེམས་སོ་སོའི་སྐྱེ་བོ་ཉིད་ཡིན་པའི་ཕྱིར་འབད་པས། འདི་ནི་སྐྱོན ་བཅས་ཤེས་བྱས་ནས་ཏེ། དྲན་བ་དང་ཤེས་བཞིན་ལེགས་པར་གཞག་ནས་སོ། གླེགས་བམ་ལ་ལས་ནི་དེ་ནི་ཡུལ་གཞན་བྱས་ནས་ཞེས་འབྱུང་སྟེ། ཁོང་དུ་ཆུད་པར་སླའོ། །དེ་བས་ན་འདི་ལྟར་བསམ་པར་བྱ་སྟེ། ལྟུང་བའི་སྒོ་ཐམས་ཅད་ལ། །དེ་ཚེ་བདག་གིས་ཤིང་བཞིན་དུ ་ཟུང་ཐུབ་པར་ནི་གནས་པར་བྱ། །ཤིང་ཡང་རླུང་གིས་གཡངས་པའི་རྩེ་མོའི་ཆ་དབང་པོ་དང་བཅས་པ་བཞིན་དུ། སྒྲ་འབྱིན་པ་དེ་ལྟར་ན་ཟུངས་ཐུང?་བ་ཞེས་སྨོས་ཏེ། ཡིད་ཀྱི་དབང་པོ་མེད་པ་ན་བརྗོད་པར་འདོད་པའི་དོན་མེད་པ་ཡིན་ནོ། །དབང་པོ་མེད་པའི་རླུང་ཡང་གཡོ་བ་ཡིན ་པ་དེ་ལྟར་ན་གཡོ་བ་མེད་པའི་དོན་དུ་ཤིང་བཞིན་ཞེས་བྱ་བ་སྨོས་སོ། །དེ་ལྟར་ཡིན་ན་སློབ་པ་དང་སྤྱོད་པ་ཡང་མེད་པ་མ་ཡིན་ནམ་ཞེ་ན། སྨྲས་པ། དོན་མེད་གཡེང་བར་བལྟ་བ་ནི། །ནམ་ཡང་བདག་གིས་མི་བྱ་སྟེ། །འབྲས་བུ་དང་བཅས་པར་བྱ་བ་ཡིན་ནོ། །དེ་ལ་ཡང ་ངེས་པར་སེམས་པ་སྟེ། ཅུང་ཟད་དཔྱོད་པའི་འབད་རྩོལ་གྱིས་རྟག་ཏུ་ནི། མིག་ནི་ཕབ་སྟེ་བལྟ་བར་བྱ། །ལྟ་བ་ངལ་བསོའི་ཆེད་དུ་ནི། །རེས་འགའ་ཕྱོགས་སུ་བལྟ་བར་བྱ། །སྐྱེས་བུ་འགའ་ཞིག་མིག་ལམ་སྣང་གྱུར་ན། །ལེགས་འོངས་དོན་དུ་བལྟ་བར་བྱ། །ལེགས་པར་འོངས་སམ་ཞེས ་བརྗོད་པའི་དོན་དུ་བལྟ་བར་བྱའོ། །ལམ་ལ་སོགས་ཞེས་བྱ་བ་འདིས་འཇིགས་པ་སྟེ། རྐུན་པོ་ལ་སོགས་པའོ། །དེ་བརྟག་པ་ནི་ཡོངས་སུ་ཤེས་པའོ་དེའི་ཕྱིར་ཡང་དང་ཡང་དུ་སྟེ། སྐད་ཅིག་སྐད་ཅིག་ཕྱོགས་བཞིར་བལྟ་བར་བྱ་བ་ནི་འགྲོ་བའི་ཚེ་མ་ཡིན་གྱི། །འོན་ཀྱང་ངལ ་བསོ་བ་ན་ཕྱོགས་སུ་བལྟ་བར་བྱའོ། །ངལ་བསོ་ཁར་ནི་ཕྱིར་བལྟས་ནས། ལུས་ཐམས་ཅད་ཕྱིར་བསྒྱུར་ནས་བལྟ་བར་བྱའོ། །མདུན་དང་རྒྱབ་ཏུ་བརྟག་བྱས་ནས། །འགྲོ་བ་འམ་ཡང་ན་འོང་བྱས་ཏེ། །མདུན་དུ་བརྟགས་ནས་འགྲོ་བ་དང་རྒྱབ་ཏུ་བརྟགས་ནས་འོང་བར་བྱའོ། །ཞེས་བྱ ་བའི་དོན་ཏོ། །དེ་ལྟར་ཕྱོགས་འདིས་གནས་སྐབས་ཐམས་ཅད་དུ། སྤྱོད་ལམ་རྣམ་པ་བཞི་དག་ལ། །དགོས་པ་ཤེས་ནས་སྤྱད་པར་བྱ། །གནས་སྐབས་ཐམས་ཅད་བཤད་ན་ནི། །སྤྲོས་པ་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཕྱིའི་རྣམ་པའི་སྤྱོད་པ ་བཤད་ནས་ནང་གི་སྤྱོད་པ་ནི། ལུས་ཀྱིས་འདི་ལྟར་གནས་བྱ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་གནས་པར་བྱའོ་ཞེས་ཤེས་ཤིང། དེ་ལྟར་བྱས་ནས་མཉན་པ་ལ་སོགས་པ་བྱ་བ་བསྡོགས་པས་དེ་ནས་ནི་སྐབས་སུ་ལུས་འདི་སྟེ། བྱ་བའི་བར་དུ་ཇི་ལྟ་བུར་གནས་པ་ཡིན་ཞེས ་བལྟ་པར་བྱ། །བལྟས་ནས་བདག་གིར་བྱའོ། །བདག་གིར་བྱས་ནས་ཡང་འགའ་ཞིག་གི་ཚེ། ཡང་དག་པར་སེམས་པར་མི་འགྱུར་རོ་ཞེ་ན། ཆོས་ལ་སེམས་པའི་ཀ་ཆེན་ལ། །དགེ་བ་ལ་སེམས་པའི་ཀ་བ་ལ། །བཅིངས་པ་གྲོལ་བར་མི་འགྱུར་ལྟར། །སེམས་ཀྱི་གླང་ཆེན ་སྨྱོན་བ་དག་།འབད་པ་ཀུན་གྱི་སྤྱད་པར་བྱ། །ཇི་ལྟར་སྤྱད་པར་བྱ་ཞེ་ན། ཅི་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ནས་ཡང་དག་བླངས་པའི་གཙོ། །ཡང་དག་པར་བླངས་པའི་གཙོ་བོ་འདིའོ། །སྐད་ཅིག་གཅིག་ཀྱང་མི་འཚོར་བར། དགེ་བ་འམ་གཞན་དག་ལ་བདག ་གིས་ཡིད་འདི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག་།གལ་ཏེ་དགེ་བ་ལ་ཡིན་ན། གོང་ནས་གོང་དུ་དགེ་བ་དག་ལ་ཡང་ཡང་དག་པར་སྦྱར་བར་བྱའོ། །གལ་ཏེ་གཞན་ལ་ཡིན་ན་མི་དགེ་བ་དེ་ལས་བཟློག་ཅིང། ལུང་དུ་མ་བསྟན་པ་དང། དེ་ནས ་དགེ་བ་ལ་སྦྱར་བར་བྱ་སྟེ། གོ་རིམ་བཞིན་འདིས་ཀྱང་དགེ་བ་འདི་ལ་གཞག་པར་བྱ་ཞིང་དེ་ལྟར་སོ་སོར་བརྟག་པར་བྱའོ། །འཇིགས་དང་དགའ་སྟོན་སོགས་འབྱུང་བས། ཕྱིའི་སྤྱོད་པ་ན་ཡང་འདིས་འཇིགས་པས་ན། འཇིགས་པ་སྟེ། སྤྲུལ་ལ་སོགས་པའོ། །དགའ་སྟོན་ནི ་རིགས་ཀྱི་མི་བསྐོར་ལ་སོགས་པ་འམ། གཙུག་ལག་ཁང་དུ་ནི་སངས་རྒྱས་ཀྱི་མཆོད་པ་ལ་སོགས་པའོ། །ལ་སོགས་པའི་སྒྲས་ནི་གཉིད་ལ་སོགས་པ་བཟུང་ངོ། །དེ་དག་དང་འབྲེལ་ཅིང་ལྡན་པར་འགྱུར་བས་ན། སྙོམས་པར་འཇུག་པའི་ཚེ། གལ་ཏེ་ཅི་བདེར་མི་ནུས ་ན། འདི་ལ་འགྱོད་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་སྦྱིན་པའི་དུས་དག་ཏུ། །ཚུལ་ཁྲིམས་བཏང་སྙོམས་གཞག་པར་གསུངས་ཞེས་བྱ་བ་སྨོས་ཏེ། སྦྱིན་པ་ནི་འདིར་ནུས་པ་ཉེ་བར་མཚོན་པའོ། །ཏུའི་སྒྲས་ནི་ངེས་པར་བཟུང་བ་སྟེ། སྦྱིན་པའི་དུས་ན ་ཚུལ་ཁྲིམས་ཉོན་མོངས་པ་ཅན་ཉིད་མ་ཡིན་ལ། བདག་གིར་མ་བྱས་པ་ཉིད་ལ་སོགས་པ་ལས་ལྡོག་པ་དང། ཉོན་མོངས་པ་ཅན་བདག་གིར་མ་བྱས་པ་ལ་སོགས་པ་ཡང། རྣམ་པ་ཐམས་ཅད་དུ་རྗེས་སུ་གནང་བ་མེད་པ་ལས་སྙིང་རྗེའི་བསམ་པ་དག་པ་ཡིན་ཞིང ་མངོན་པར་ཤེས་པ་ཐོབ་པ་ཡིན་ན། འཚེ་བ་ལ་སོགས་པ་ཡང་ཉོན་མོངས་པ་མ་ཡིན་ནོ་ཞེས་རྗེས་སུ་གནང་བ་ཡིན་ནོ། །སོ་སོའི་སྐྱེ་བོ་ནི་ཉོན་མོངས་པ་ཅན་མ་ཡིན་ན་ཡང་ཉོན་མོངས་པ་བྱེད་པའི་ཕྱིར་དཀའ་བར་བྱེད་པའོ། །དེ་མི་ནུས་པ་ནི་བཏང་སྙོམས་སུ་གཞག་པ་ནི། འཕགས ་པ་བློ་གྲོས་མི་ཟད་བའི་མདོ་ལས། སྦྱིན་པའི་དུས་སུ་ཚུལ་ཁྲིམས་བསྲུང་བ་བཏང་སྙོམས་སུ་གཞག་པར་བྱའོ། །ཞེས་རྗེས་སུ་གནང་བ་ཡིན་ནོ། །གལ་ཏེ་རྣམ་པ་འགའ་ཞིག་གིས་འཇིགས་པ་དང། དགའ་སྟོན་ལ་སོགས་པ་དང་འབྲེལ་པ་ལས་ནུས་པ་མེད་པ་ལ་ཉོན་མོངས་པ་ཅན་གྱི་རྩ ་པའི་ལྟུང་བ་འབྱུང་བར་འགྱུར་ན། འཕགས་པ་ནམ་མཁའ་ཨི་སྙིང་པོའི་མདོ་ལས་གསུངས་པའི་ཆོ་ག་བཞིན་དུ་བཤགས་པ་བྱས་ནས། རྒྱལ་པོ་ལ་སོགས་པ་ཡང་སྡོམ་པས་བཟུང་བར་བྱའོ། །གལ་ཏེ་རྣམ་པ་གཞན་དུ་གཞན་འབྱུང་པ་ན་ཡང། །ཚུལ་ཁྲིམས་ཀྱི་ལེའུ་ལ་སོགས ་པའི་ཆོ་ག་བཞིན་དུ་བཤགས་པར་བྱའོ། །ཇི་ལྟར་ན་བྱ་བ་ཐམས་ཅད་ཡང་དག་པར་བྱས་པར་འགྱུར་ཞེ་ན། གང་ཞིག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་བསམས་ཏེ་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམས་ཏེ། །དེར་བསྟད་པ་ཡི་བསམས་པ་ཡིས། །སེམས ་ཀྱི། དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་བྱ། །གཞན་དུ་གཉི་གར་མི་འགྱུར་རོ། །བསམས་པ་དང་དེ་ལས་གཞན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཉིས་ཀར་མི་འགྱུར་རོ། །ཤེས་བཞིན་མ་ཡིན་ཉེ་ཉོན་མོངས། །རྨོངས་པ་དག་ཀྱང་དེ་ལྟར་ན་ནི་འཕེལ་མི་འགྱུར། འཕེལ ་བ་ཉིད་ཐོབ་པར་མི་འགྱུར་རོ་དེའི་ཕྱིར་དེ་ལས་གཞན་པ་བསམ་པར་མི་བྱའོ། །ཡང་ཅི་ཞིག་བྱ་ཞེ་ན། བྲེ་མོ་གཏམ་ཞེས་བྱ་བ་ལ་སོགས་སྨོས་ཏེ། བྲེ་མོ་གཏམ་ནི་སྣ་ཚོགས་དང། །རྒྱལ་བའི་གཏམ་ལ་སོགས་པ་དང། །ངོ་མཚར་ལྷད་མོ་སྟེ་མིག་འཕྲུལ་ལ་སོགས་པ་རྣམ་པ་མང ་པོས་ཀུན་ལ་སྟེ། དཔུང་གི་བཀོད་པ་དང། ཤི་བའི་རོ་འདེགས་པ་ལ་སོགས་པ་དང། འཇིག་རྟེན་གྱི་ཚོགས་པ་ལ་འཇུག་པར་གྱུར་པ་ནི། དེ་ལ་ཆགས་པ་སྤང་བར་བྱའོ། །དེ་བཞིན་དུ་དོན་མེད་ས་རྐོ་རྩ་གཅོད་དང། །ས་རིས་འདྲི་སོགས་བྱེད་གྱུར་ན་སྟེ། དགོས་པ་མེད་པ་བྱེད ་པ་ན། བདེ་གཤེགས་བསླབ་བ་དྲན་བྱས་ནས། །སྐྲག་པས་དེ་ཡི་མོད་ལ་གཏད་པར་བྱའོ། །གལ་ཏེ་བསྐྱོད་པར་འདོད་གྱུར་ཏམ། །སྨྲ་བར་འདོད་པར་གྱུར་ན་ཡང། །དེའི་ཚེ་རེ་ཞིག་དང་པོར་ངང་གི་སེམས་བརྟགས་ནས། །དེ་ནས་བརྟན་པས་གཡོ་བ་དང། །བསྐྱོད་པ་དང་སྨྲ་བ་རིགས ་པར་ལྡན་པར་བྱའོ། །གང་ཚེ་རང་ཡིད་ལ་སོ་སོར་རྟོག་པ་ན་ཆགས་པ་དང་ཁྲོ་བའམ་རྣམ་པར་སྡང་བ་མཐོང་བ་དེའི་ཚེ། ལས་སུ་མི་བྱ་སྟེ། སྐྱོབ་བར་མི་བྱ་ཞིང། སྨྲ་བར་མི་བྱའོ། །འོན་ཀྱང་བཏང་སྙོམས་སུ་ཤིང་བཞིན་དུ་ནི་གནས་པར་བྱ། དེ་ལྟར་ན་གང་གི་ཚེ་རྒོད་དང་ག་ཞར་བཅས ་པ་འམ། གལ་ཏེ་ང་རྒྱལ་ཏེ། ཁེངས་པ་དང། རྒྱགས་ཤིང་དྲེགས་པ་དང་ལྡན་ཞིང་འབྱོར་པ་ནི་ང་རྒྱལ་རྒྱགས་པ་དང་ལྡན་པའོ། །མཚང་འདྲུ་བའི་བསམ་པ་དང། ཞེས་བྱ་བ་ནི་གཞན་དག་གི་སྐྱོན་རྣམ་པར་བརྗོད་པའོ། །གལ་ཏེ་སྐྱོར་འབྱིན་བསླུ་སེམས་དང ་ཞེས་བྱ་བ་ནི་གཡོ་སྒྱུའོ། །གང་གི་ཚེ་བདག་ལ་བསྟོད་བ་ལྷུར་ལེན་པས་ན། བདག་སྟོད་ལྷུར་ལེན་པའོ། །གཞན་ལ་སྨོད་པ་ཉིད་དང་ནི་སྟེ། གཞན་ལ་ཚིགས་སུ་བཅད་པ་མ་ཡིན་བརྗོད་པར་བྱེད་པ་ཉིད་དོ། །གཤེ་བཅས་ནི་གཞན་དག་ལ་བརྙས་པ་དང་བཅས་པའོ། །འགྱེད་དང ་བཅས་གྱུར་པ་སྟེ། ཁྲོ་བས་འཁྲུགས་པར་འགྱུར་བ་དང་བཅས་ནའོ། །དེའི་ཕྱིར་ཤིང་བཞིན་གནས་པར་བྱའོ། །འདི་ལྟར་ཡང་བསམ་བར་བྱ་སྟེ། རྙེད་དང་བཀུར་སྟི་རགས་འདོད་པ་འམ། གཡོག་འཁོར་དུ་གཉེར་བ་འམ། བདག་སེམས་རིམ་གྲོ་འདོད་གྱུར་ན། །དེ་ཚེ ་ཤིང་བཞིན་གནས་པར་བྱ། །དེ་བཞིན་དུ་གཞན་གྱི་དོན་ཡལ་བར་འདོར་ཞིང་སྤྱོད་པ་ནི་གཞན་དོན་ཡལ་བར་འདོར་བའོ། །རང་དོན་རྙེད་པར་འདོད་པ་དག་།ཡང་ན་འཁོར་ནི་འདོད་འགྱུར་བ་འམ། སློབ་མ་ལ་སོགས་པ་དོན་དུ་གཉེར་བ་འམ། སྨྲ་བར་འདོད་པའི་སེམས་བྱུང་ན། ་དེ་ལྟར་གྱུར་པས་བདག་གི་སེམས་གཡོ་ཞིང་སྨྲ་བར་བྱེད་པར་འདོད་པ་དེས་ནི་ཤིང་བཞིན་གནས་པར་བྱ། དེ་བཞིན་དུ་བཟོད་བར་མི་ནུས་པའི་ངང་ཚུལ་ནི་མི་བཟོད་ལེ་ལོའོ། །འཇིགས་པ་ནི་དངང་བའོ། །དེ་བཞིན་སྤྱི་བརྟོལ་ནི་ཕོང་བ་ཅན་ནོ། །མུ་ཅོར་ནི་ཆིག་འཆལ་བའོ། །དེ་བཞིན ་དུ་རང་གི་ཕྱོགས་ཞེན་སེམས་བྱུང་ན། །དེས་ནི་ཤིང་བཞིན་གནས་པར་བྱ། །ཇི་ལྟར་ཆགས་པ་ནས་རང་གི་ཕྱོགས་ལ་མངོན་པར་ཞེན་པའི་བར། དེ་ལྟར་འཆབ་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་གཞན་དག་ཀྱང་བརྟགས་ནས་སམ། དོན་མེད་བརྩོན་པའི་ཡིད་བརྟགས་ནས་ཏ ་ས་བརྐོ་བ་ལ་སོགས་པའི་ཡིད་ལུང་དུ་མ་བསྟན་པ་བལྟས་ཤིང་བརྟགས་ནས་སོ། །དེ་ཚེ་དཔའ་བོ་གཉེན་པོ་ཡིས་བག་ཡོད་པར་གྱུར་པས། ཤེས་བཞིན་གྱི་ཡིད་དེ་ཤིན་ཏུ་བརྟན་པོར་བྱ་གཟུང་བར་བྱའོ། །ངེས་པར་གཟུང་བ་བསྟན་པ་རིགས་པ་དང་ལྡན་པས་ལུས་ཀྱི ་གཡོ་འགུལ་དང་སྨྲ་བ་ལ་འཇུག་པར་བྱའོ། །སྡོམ་པ་དང་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་དབང་དུ་མཛད་ནས་དེ་ལྟར་སེམས་སྦྱོང་བ་ཡིན་ནོ། །སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ལ་ཅི་འདྲ་བ་གཟུང་བར་བྱ་ཞེ་ན། ཤིན་ཏུ་ངེས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན ་ཏུ་ངེས་པར་ན་བརྟན་པོར་དམ་བཅས་པས་སོ། །རབ་ཏུ་དང་བ་ནི་ཤེས་རབ་དང་གཡོ་ཅན་དང། ཡོན་ཏན་དག་ལ་དད་པའོ། །བརྟན་པ་ནི་དཀའ་བ་ལ་སྔར་བ་མེད་པའོ། །ཟབ་ཅིང་རྒྱ་ཆེ་བ་མོས་པས་དཀོན་མཆོག་གསུམ་དང་བླ་མ་རྣམས་དང་ཆོས་འཛིན་པ་ལ་གུས་པ་སྟེ། ་བསྙེན་བཀུར་བྱེད་པ་ཞེས་ནི་གཞོན་རབས་དག་ལ་ཡང་བླ་མ་ཉིད་དུ་འདུ་ཤེས་པའོ། །དེ་དག་དང་བཅས་པར་འཇུག་པས་ན་གུས་དང་ཞེ་སར་བཅས་པའོ། །རང་རང་གཞན་ལ་བལྟོས་ནས་ཉེས་བས་ངོ་ཚ་བ་ནི་ངོ་ཚ་བ་སྟེ་དེ་དང་བཅས་པ་ནི་ངོ་ཚ་དང་བཅས་པའོ། །ཉེས་པ ་དག་ལས་འཇིགས་པས་འཇིགས་པ་སྟེ། དེ་དང་བཅས་པ་ནི་འཇིགས་པ་དང་བཅས་པའོ། །རྒོད་པའི་རྐྱེན་ཡོད་ན་ཡང་ཞི་བའོ། །སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་པོ་ངག་གིས་གཞན་དགའ་བར་བྱེད་པ་ལ་བརྩོན། །ཕན་ཆུན་མི་མཐུན་བྱིས་པ་ཡི།། ་འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང་བཟོད་པས་སོ། །བྱིས་པ་སྡུག་བསྔལ་མི་འདོད་ཅིག་།སྡུག་བསྔལ་གྱི་རྒྱུ་གཞན་ལ་འཚེ་བ་ཡང་འདོད་པར་བྱེད་དོ། །ཉོན་མོངས་སྐྱེས་པས་འདི་དག་གི། སེམས་འདི་བྱུང་སྙམ་རྩེར་ལྡན་དང། །ཁ་ན་མ་ཐོ་མེད་དངོས་ལ། །བདག་དང་སེམས་ཅན ་དབང་བྱས་ཤིང་རྟག་ཏུ་དབང་དུ་བྱའོ། །སྤྲུལ་བ་བཞིན་དུ་དེ་མེད་པར། །ཡིད་ནི་རྟག་ཏུ་བཟུང་བར་བྱ། །དེ་རིང་དི་འདྲ་བའི་སེམས་ཤིན་ཏུ་ལེགས་པར་བཟུང་བར་བྱའོ་ཞེས་བསྟན་པའི་ཕྱིར། རིང་ཞིག་ལོན་ནས་དལ་བའི་མཆོག། ཐོབ་པ་ཡང་དང་ཡང་བསམས་ནས། ་ཤིན་ཏུ་ངས་པ་ནས་ང་མེད་པའི་བར་གྱི་སེམས་དེ་ལྟ་བུར་རི་རབ་ལྟར་བདུད་ཐམས་ཅད་ཀྱིས་རབ་ཏུ་མི་གཡོ་བ་གཟུང་བར་བྱའོ། །སེམས་ང་འདྲ་བ་བཟུང་བར་བྱའི། །ལུས་ནི་མ་ཡིན་ཏེ། དེ་ནི་སེམས་མེད་པར་རང་གི་དོན་ལ་ཡང་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟ་མ ་ཡིན་ན། བྱ་རྒོད་ཤ་ལ་ཆགས་པ་ཡིས། །ཤ་ལ་བརྐམ་པས་བདག་གིས་ལུས། །ཕན་ཚུན་ཀུན་ཏུ་བཤལ་ཁྲིད་ཀྱང། །གཞན་དུ་ལུས་འདི་ཕྱིར་འཆོས་པར། །ཅིའི་ཕྱིར་ན་དེད་མི་བྱ། །བྱེད་པ་མེད་པའི་གསོན་པོའི་ལུས་ལ་ཡང། །བྱམས་པ་ལ་སོགས ་པའི་སེམས་ཉིད་འདི་ལྟར་སྲུང་བར་བྱེད་དོ། །སྲུང་བ་དེ་ཡང་བདག་གི་བྱས་པས་རིག་པ་མ་ཡིན་ཏེ། མི་རིགས་སོ་ཞེས་བསྟན་པའི་ཕྱིར། ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱཻ་ལུས་འདི་བདག་གིར་བཟུང་བྱས་ནས། །ཡིད་ཁྱོད་ཅི་ཕྱིར་སྲུང་བར་བྱེད། །བདག་ཏུ་བཟུང་བ་ཡང ་འདིར་མི་རིགས་སོ་ཞེས་བསྟན་པའི་ཕྱིར་ཁྱོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་དང་འདི་གཉིས་སོ་སོ་ན། །ལུས་འདི་མ་བསྲུངས་ན། དེས་ཁོ་ཁྱོད་ལ་ཅི་ཞིག་གནོད། །གལ་ཏེ་གཟུང་བ་ཡོད་པ་མ་ཡིན་ན། ཀྱེ་རྨོངས་པའི་ཡིད་ཁྱོད་ཅི་ཡི་ཕྱིར། །ཤིང་གཟུགས་གཙང་མ ་གཟུང་མི་བྱེད། །བྱེད་པར་ནུས་པ་མ་ཡིན་ནོ་ཞེ་ན། མི་གཙང་ཚོགས་ཀྱི་འཁྲུལ་འཁོར་འདི་ཞེས་བྱ་བ་སྨོས་སོ། །དེ་བས་ན་བཟའ་བར་བྱ་བ་ཉིད་མ་ཡིན་པའི་ཕྱིར་བསྲུང་བར་བྱ་བ་མ་ཡིན་ནོ་ཞེ་ན། ཅིའི་ཕྱིར་རུལ་པ་སྲུང་བར་བྱེད་ཅེས་བྱ་བ་སྨོས་ཏེ། ཉེ་བར་མཁོ་བ་མ་ཡིན་པར་འགྱུར་རོ། ་འདི་ལ་ནི་སྙིང་པོ་ཅུང་ཟད་ཡོད་པ་ཡིན་པ་དེ་ལྟར་ན་བསྲུང་བ་ཡིན་ནོ་ཞེ་ན། ཐོག་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པགས་པ་ཉིད་རིམ་པ་ཡིན་པས་ན། པགས་པའི་རིམ་པ་འདིའོ། །རང་གི་བློ་ཡིས་ཐ་དང་དབྱེ་བར་བྱའོ། །ཤ་ཡང་རུས་པའི་དྲ་བ་ལས། །ཤེས་རབ་མཚོན་གྱིས ་གུད་དུ་ཕྱེ། །དུས་པ་རྣམས་ཀྱང་དབྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང། །རྐང་མཐར་ཐུག་པའི་བར་དུའོ། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བརྟག་པར་གྱིས། །དེ་ལྟར་པགས་པ་ཐ་དད་པར་བྱ་བ་ལ་སོགས་པའི་རིམ་གྱིས་འབད་དེ་བཙལ་ཀྱང་དེར། ་ཁྱོད་ཀྱིས་སྙིང་པོ་མ་མཐོང་ན། །ད་དུང་ཅི་ཡི་ཕྱིར་ན་ཁྱོད། །ལུས་འདི་སྲུང་བར་བྱེད་པ་སྨོས། །དེ་བཞིན་དུ་ཁྱོད་ཀྱིས་མི་གཙང་བཟང་མི་རུང། །ཁྲག་ཀྱང་བཏུང་དུ་མ་རུང་ལ། །བཏུང་བར་བྱ་བ་མ་ཡིན་ནོ། །རྒྱུ་ལྟོ་འང་གཞིབ་ཏུ་མི་རུང་ན། །ལུས་ཀྱིས་ཁྱོད་ལ་ཅི་ཞིག་བྱ། ། ་ཉིས་ན་ཝ་དང་བྱ་རྒོད་ཀྱི། །ཟས་ཀྱི་དོན་དུ་འདི་བསྲུང་རིགས། །མིའོ་ཅོག་གི་ལུས་འདི་ནི། །གསོན་པོ་དག་གིས་ཡང། །བཀོལ་བར་བྱ་བ་ཉིད་དུ་ཟད། །དེ་ལྟར་ཡང་གལ་ཏེ་བསོད་ནམས་མི་བྱེད་དམ་ཞེ་ན། འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི། །འཆི་བདག་བརྩེ་བ་མེད་པ་ཡིས ་ལུས་ཕྲོགས་བྱ་དང་ཁྱིར་བྱིན་ན། །དེ་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད། །གལ་ཏེ་དེང་འདི་ལྟར་དགེ་བ་བྱེད་པ་མ་ཡིན་ན། འདི་ལ་ཅུང་ཟད་ཀྱང་སྦྱིན་པར་མི་བྱའོ། །ཞེས་བསྟེན་པའི་ཕྱིར། བྲན་གཡོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བྲན་གཡོག་བཀོལ་དུ་མི་བཏུབ་པ་འང་མི་འདུག ་གོ་ཞེས་ངེས་པར་བྱས་ནས། །གོས་ལ་སོགས་པ་མི་བྱིན་ལྟར། །ལུས་འདི་བསྙོད་ཀྱང་གཞན་འགྲོ་ན། །ཤི་བར་འགྱུར་ནའོ། །བསྙོད་ཀྱང་ཞེས་བྱ་བ་ནི། གོས་ལ་སོགས་པ་བསློན?་པ་ཞེས་བྱ་བ་ལ་སོགས་པ་ཉེ་བས་ཚོན་པ་ཡིན་ནོ། །སེམས་ཁྱོད་ཀོ་ཅིའི་ཕྱིར་ཤ་ཐང་གསོ་ལས་སུ ་གསོ་བས་ཅི་ཞིག་བྱ། །དེའི་ཕྱིར་འདི་ལ་གླ་རྔན་ཕྱིན་ནས་མི་ལུས་ལ་གོས་ལ་སོགས་པའི་གླ་ངན་བྱིན་ནས་ནི་ཀྱེ་ཡིད་ད་ནི་སྟེ། དེང་རང་གི་དོན་བྱེད་ཆུབ་ཅིའི་ཕྱིར་ཞེ་ན། ཕན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པ་མེད་པ་འདི་ལ་ནི། །འདི་ལྟར་བྲན་ཏེ། གླ་རྔན་གྱི ་འཚོ་བ་ལ་སོགས་པ་བཏགས་པའི་གོས་ལ་སོགས་པའོ། །ཐམས་ཅད་སྦྱིན་པར་མི་བྱའོ། །དེའི་ཕྱིར་གླ་ངན་ཙམ་བྱིན་ནས་འདི་རང་གི་དོན་བྱེད་དུ་གཞུག་པར་བྱའོ། །རང་གི་དོན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་དོན་བསྒྲུབ་པའི་བྱ་བ་ཉིད་ཡིན་ནོ་ཞེས ་བསྟན་པའི་ཕྱིར། འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་དང་འོང་བའི་བརྟན་ཡིན་ཕྱིར་རྒྱུ་ཡིན་པའི་ཕྱིར་ལུས་ལ་གྲུའི་བློ་གཞག་སྟེ། སེམས་ཅན་རྣམས་དོན་བསྒྲུབ་པའི་ཕྱིར་ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །འགྲོ་དང་འོང་བའི་རྟེན་ཙམ་དུ་ཞེས་བྱ་བའི ་གཞུང་ནི་ལུས་སོ། །འགྲོ་བ་དང་འོང་བའི་རྟེན་དུ་རག་ལུས་པ་གང་ལ་ཡོད་པ་དེ་ན། འགྲོ་བ་དང་འོང་བའི་རྟེན་ཙམ་དུ། ལུས་ལ་གྲུའི་བློར་སྒྲོ་བཏགས་ནས་ཞེས་བྱ་བའི་ཐ་ཚིག་གོ་།ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལྟར་བསླབ་པ་བསྲུང་བར་འདོད་པ་ཡིས། ཞེས་བྱ་བ་ནས་བརྩམས ་པ་འདི་ཙམ་གྱིས་སེམས་སྦྱོང་བའི་སྤྱོད་པ་བཤད་ནས་ད་ནི་སྤྱོད་པ་གཞན་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །འཛུམ་པའི་བཞིན་ཡང་འགའ་ཞིག་གི་ཚེ་ཁྲོ་གཉེར་གྱི་ངོ་འཛུམ་དུ་བྱར་མེད་དོ་ཞེས་བསྟན་པའི་ཕྱིར། ཁྲོ་གཉེར་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། ཕན་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །འགྲོ་བའི་དོན་བྱེད་པར་འདོད་པའི་འཛའ་བཤེས་ནི་འགྲོ་བའི་བཤེས་སོ། །གཞན་གྱིས་སྨྲ་བའི་སྔོན་དུ་ལེགས་པར་འོངས་པ་ལ་སོགས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྲི་ལ་སོགས ་པ་སྟེ། མལ་སྟན་ལ་སོགས་པའོ། །སྒྲ་དང་བཅས་པ་མི་དོར་རོ་ཞེས་བྱ་བ་འདིར་སྒྲ་དང་བཅས་པར་འདོར་ཞིང་གཞག་པར་མི་བྱ་སྟེ། མི་ཆག་པ་ལ་སོགས་པའི་དོན་དུའོ། །བབ་ཅོལ་ནི་སྲོག་ཆགས་ལ་གནོད་པ་ལ་སོགས་པ་ཡོངས་སུ་སྤང་བའི་དོན་ཏེ། ཡང་དག་པར ་བརྟགས་ནས་བྱའོ། །དེ་བཞིན་དུ་སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། རྟར་ཏུ་བཅོམ་བསྐྱུང་དགའ་བར་བྱ། །དེ་ལྟ་ནི་ཆུ་སྐྱར་བྱི་ལ་ཆོམ་རྐུན་དག་།སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མགོན་པར་འདོད་པའི་དོན་སྒྲུབ་ལྟར། །ཉ་དང་བྱི་བ་དང་རྐུན་མ་ལ་སོགས་པའི་བྱ་བའོ། །དེའི ་ཕྱིར་འདི་ལྟར་ཆུ་སྐྱར་ལ་སོགས་པ་བཞིན་དུ་མངོན་པར་འདོད་པའི་དགེ་བ་ཐོབ་པར་བྱ་བ་ལ། ཐུབ་པས་རྟག་ཏུ་སྟེ། ཡང་རྒྱུན་དེ་བཞིན་དུ་སྤྱད་པར་བྱའོ། །དེ་བཞིན་དུ་དགའ་བའི་སེམས་ཀྱི་ཕན་འདོགས་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་ཅིང་གཞན་གྱི་སྐྱོན་གྱི་བཞེན ་བསྐུལ་བྱེད་པའི་མཚན་ཉིད་ཅན་དག་ནི། །གཞན་བ་བཞིན་སྐུལ་འདེབས་མཁས་ཤིང། །མ་བཅོལ་ཕན་པ་བྱེད་པའི་དག་།ཉེས་པ་ཡོད་ན་དེ་ཕྱིར་འཆོས་པར་བྱེད་འདོད་ཅིང། རྣམ་པ་གཞན་དུ་བྱེད་པར་མི་འདོད་པ་ཡང། གུས་པས་སྤྱི་བོས་བླང་བྱས་ནས། །དེའི་ཕྱིར་ཀུན་གྱི ་སློབ་མར་བསྒྱུར། །དེ་བཞིན་དུ་ལགས་པར་སྨྲས་པ་ཐམས་ཅད་ལ། དགེ་བར་གསུངས་ཞེས་བརྗོད་པར་བྱའོ། །ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས་ཀྱི་དོན་དུ་བརྗོད་པར་ནི་ལེགས་པར་སྨྲས་ཏེ། དེ་ཐམས་ཅད་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར ་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །དེ་བཞིན་དུ་བསོད་ནམས་བྱེད་པ་མཐོང་གྱུར་ན། །མངོན་སུམ་དུ་བསྟོད་པ་སོགས་པར་དགའ་བ་སྐྱེད། །ལྐོག་ནས་ཡོན་ཏན་བརྗོད་བྱ་ཞིང་སྟེ། བསོད་པའི་དོན་དུའོ། །གཞན་གྱིས་བརྗོད་པར་གྱུར་པས་ན། །ཡོན་ཏན་བརྗོད་ན་རྗེས་སུ་བརྗོད ་བྱང་ཆུབ་སེམས་དཔའ་ཨི་རང་གི་ཡོན་ཏན་གཞན་གྱིས་བརྗོད་པ་ན། ཡོན་ཏན་ཤེས་པ་དེ་དག་ནི། །ཡོན་ཏན་ཤེས་པར་རིག་པར་བྱ། །བྱང་ཆུབ་སེམས་དཔའ་ཡིད་ལ་བྱའོ། །ཡང་གི་སྒྲས་ནི་གཞན་གྱིས་ན་ཏན་གྱིས་མགུ་བར་ཡང་བྱའོ། །ཇི་ལྟར་ཞེ་ན། རྩོམ་པ་ཐམས ་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྩོམ་པ་ཐམས་ཅད་སྟེ། བྱ་བ་ཐམས་ཅད་ནིའོ། །དགའ་ཕྱིར་སྟེ་དགའ་བ་དེ་ནི་རིན་གྱིས་ཉོ་ནའང་དཀོན། །དེ་ཕྱིར་གཞན་བྱས་ཡོན་ཏན་གྱིས། །གཞན་གྱི་ཉེ་བར་བསགས་པའི་ཡོན་ཏན་དག་གི་།དགའ་བའི་བདེ་བ་སྤྱད་པར་བྱ།། ་བདག་ལ་འདིར་གོང་མོད་མེད་ལ་འདིར་ནི་བསོད་ནམས་ཡིན་ཏེ། ཕ་རོལ་ལ་ཡང་བདེ་བ་ཆེ། །གཞན་གྱི་ཡོན་ཏན་དག་ལ་ཞེ་སྡང་བའི། །ཉེས་པས་མི་དགའ་སྡུག་བསྔལ་ཞིང། ཕ་རོལ་ཏུ་ཡང་སྡུག་བསྔལ་ཆེ། །ལུས་ཀྱི་ཡོད། །དེ་ལྟར་ན་དགའ་བ་བསྐྱེད་པར་བྱའོ། །ཇི་ལྟར་སྨྲ ་བར་བྱ་ཞེ་ན། སྨྲ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་བེབས་པ་སྟེ། ཡིད་ཆེས་སུ་རུང་བའི་འབྲེལ་བའི་ཚིག་གོ་།གང་ལ་དོན་གསལ་བར་བྱེད་བ་དང། དེ་བཞིན་དུ་ཡང་འཕྲོག་བར་བྱེད་པས་ཡིད་དུ་འོང་བ་སྟེ། སེམས་ཀྱིས་གཟུང་བར་བྱ་བ་རྣ་བའི་རྣམ་པར་ཤེས་པ་ལ་སྙན་པར་བྱ་བའོ།། ་གང་གི་ཕྱིར་གང་ལ་བརྩེ་བ་སྡུག་བསྔལ་དང་བྲལ་བར་འདོད་པ་ཐམས་ཅད་ལ་ཞེ་སྡང་མེད་པའི་དགེ་བའི་རྩ་བ་སྟེ། རྒྱུ་ཡོད་པའོ། །གང་ལ་འཇམ་པ་ནི་མཉེན་པ་སྟེ། རན་ཅིང་མཐོན་པོ་མ་ཡིན་པའི་སྒྲ་ཡོད་པའོ། །སྒྲ་ཡོད་པ་དེས་ནི་དེ་ལྟར་སྨྲ་བར་བྱའོ། །ཇི་ལྟར་ལྟ་བར་བྱ་ཞེ་ན། མིག་གིས ་ཞེ་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་ཏུ་མིག་གིས་སེམས་ཅན་བལྟ་ན་ཡང་ཞེས་བྱ་བ་ནི་གཙོ་བོ་ཡིན་པའི་ཕྱིར་གཞན་དག་ལ་ཡང་དེ་ལྟར་བྱའོ། །འཛུམ་པའི་གདོང་ཅན་ཁྲོ་གཉེར་གྱི་དོ་འཛུམ་སྤངས་པས་ཀྱང་འགའ་ཞིག་གི་ཚེ་འགྱུར་བར་མཐོང་བ་དེ་ལྟེ་ན། དེ་སྐད་དུ་བསྟན་ཏེ། ལེགས ་པ་ཕུལ་དུ་བྱུང་བའི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ་ཞེས་བྱ་བ་སྨོས་ཏེ། དྲང་བ་ནི་འཁྱོགས་པ་མེད་པར་བལྟ་བའོ། །ཅིའི་ཕྱིར་དེ་ལྟར་བལྟ་ཞེ་ན། འདི་ལྟར་སེམས་ཅན་འདི་དག་ཉིད་ལ་བརྟེན་ནས་བདག་།སངས་རྒྱས་ཉིད་དུ་འགྱུར ་ཕྱིར་རོ། །དེ་དག་ཉིད་ཅེས་བྱ་བ་ལ་སོགས་པའི་གཞུང་ནི་སེམས་ཅན་དེ་དག་གང་ལ་བརྟེན་ནས་བདག། སངས་རྒྱས་ཉིད་དུ་འགྱུར་བའི་ཕྱིར་ཞེས་བྱ་བའི་བློ་འདིས། དྲང་ཞིང་བྱམས་པའི་སེམས་ཀྱིས་བལྟ། །རྟག་ཏུ་སེམས་ཅན་རྣམས་ལ་དྲང་པོར་བལྟ་བར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་དག ་ལ་ཡང་རྟག་ཏུ་མངོན་པར་ཆགས་པས་གནས་པར་བྱའོ། །དེ་བས་རྟག་ཏུ་མངོན་ཆགས་ལྡང། །འདི་ལྟར་མཐོང་སོགས་དགེ་བ་ཆེ། །དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་གཉེན་པོའི་ཕྱོགས་ཀྱི་དོན་དུ་རབ་ཏུ་དང་བ་བསྐྱེད་པར་བྱའོ། །ཡོན་ཏན་ནི་ཆགས་པ་མེད་པ་ལ་སོགས་པ་ཡིན ་ལ། ཕན་འདོགས་པ་སྟེ། ཡང་དག་པར་སྐྱོང་བ་ལ་སོགས་པ་གང་ཡིན་པ་དེ་ནི་ཡོན་ཏན་ཕན་འདོགས་བྱེད་པའི་ཞིང་ཡིན་ནོ། །དེ་ལ་སྡུག་བསྔལ་བ་དང། ནད་པ་ལ་སོགས་པ་ལ་འདི་ལྟར་མཐོང་བ་ལ་སོགས་པ་གང་ཡིན་པ་དེ་ཡང་དགེ་བ་ཆེན་པོ་ཡིན་ནོ། །བྱང་ཆུབ་ཀྱི་སེམས ་ཐམས་ཅད་དུ་དགེ་བ་ཆེན་པོ་ཉིད་མ་ཡིན་ནམ་ཞེ་ན། བདེན་ཏེ་མོས་པ་བརྟན་པོ་མེད་པ་དག་ལ་དེ་སྐད་དུ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྩོན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། བརྩོན་པ་ནི་གཞན་གྱི་དོན་ལ་མེ་ལོ་མེད་པའོ། །ལྡང་དང་ལྡན་བྱས་ནས་ཞེས་བྱ་བ་ནི། རང་གི ་དོན་ལ་ཡང་རྟག་ཏུ་ལྡང་བའོ། །གཞན་གྱི་བྱ་བ་བདག་གིས་བརྗེད་པ་མེད་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི། ལས་རྣམས་བདག་གིས་རྟག་ཏུ་བྱ། །དེའི་ཡང་ལས་འགའ་ཞིག་འགའ་ཞིག་གི་ཚེ། སློབ་མ་ལ་སོགས་པ་འགའ་ཞིག་གིས་བྱས་པ་ཡིན་ནོ། །སྙམ་པ ་ལ། ལས་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པར་བྱ་བ་སྟེ། སྐབས་སྦྱིན་པར་བྱ་བའོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྟག་ཏུ་ལྡང་ནས། སྒོ་ལ་སོགས་པ་དབྱེ་བ་ལ་སོགས་པར་གྱུར་བ་དེ་ཡང་བཀག་པ་ཡིན་པ་དེ་ལྟར་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི ་དོན་དང་ལྡན་པས་མི་བྱའོ་ཞེ་ན། སྦྱིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་དོན་ལ་རྟག་ཏུ་སྡང་བ་ནི་བརྩོན་འགྲུས་ཀྱིས་རོལ་ཏུ་ཕྱིན་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་མཆོག་ཡིན་ནོ། །འོ་ན་ཇི་ལྟར་ན་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་སུ ་གཞག་ཅེ་ན། ཆུང་ངུའི་ཕྱིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱོད་པ་ནི་ཆུ་ལོན་བཞིན་དུ། སྟེང་དུ་འགྲོ་བའི་རྟེན་ཡིན་པས་ན་དེ་ལྟར་ན་གཞན་སྦྱང་བའི་ཆུ་ལོན་ཏེ་མ་གཏོགས་པ་སྟེ། དེ་ཡང་ནམ་དུ་ཡང་དོར་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།འཚེ་བ་ལ་སོགས་པ་བཀག ་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུགས་རྗེ་མངའ་བ་རིང་གཟིགས་པ་སྟེ། སྙིང་རྗེའི་བསམས་པ་དག་པ་ལུ་ཚེ་བ་ལ་སོགས་པ་ཡང་དོན་མཐོང་བ་ལ་རྗེས་སུ་གནང་བ་ཡིན་ན། གཞན་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་།དེ་ལྟར་རིག་བྱས ་གཞན་དོན་ལ། །རྟག་ཏུ་བརྩོན་པར་གནས་པར་བྱ། །དེ་ལྟར་མི་འཇིགས་པ་སྦྱིན་པའི་རྣམ་པ་སྤྱོད་པ་རྟག་ཏུ་འཛུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ནས། ཟང་ཟིང་གི་སྦྱིན་པའི་རྣམ་པ་བསྟན་པའི་ཕྱིར་ལོག་པར་ལྟུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག ་པར་ལྟུང་བ་ནི་ཡི་དགས་ལ་སོགས་བའོ། །མགོན་མེད་ནི་ཕ་ལ་སོགས་པ་དང་བྲལ་བའི་ནད་པ་ལ་སོགས་པའོ། །བརྟུལ་ཞུགས་གནས་ནི་དཀའ་ཐུབ་བ་སྟེ། དེ་དག་ལ་བོག་བཤའ་བྱས་ནས་བཟའ་བར་བྱའོ། །མང་པོ་ཡང་མ་ཡིན་ཞིང་ཉུང་ཡང་མ་ཡིན་པར་རན ་དུ་བཟའ་བྱས་ཏེའོ། །ཆོས་གོས་གསུམ་པོ་སྣམ་སྦྱར་དང་བླ་གོས་དང་མཐང?་གོས་སོ། །ཚོགས་པ་གཙོ་བོར་གྱུར་པ་ནི་ཆོས་གོས་གསུམ་དམོ། །དེའི་ཕྱིར་དེ་འབྲེ་བ་སློང་བ་གཞན་ལ་ལྷག་པར་སྦྱིན་པར་བྱ་ཞིང་གཏང་བར་བྱའོ། །གལ་ཏེ་ནོད་ན་དེ་ལས་གཞན་ལ་སྦྱིན་པར་བྱའོ། ་དེ་དེ་ལྟར་སྦྱིན་པའི་དོན་དུ་ཚུལ་ཁྲིམས་ཉིད་དབུལ་པ་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་ལས་ལྡོག་པ་ལས་ཚུལ་ཁྲིམས་གཞན་གཏད་བར་མི་བྱའོ། །ཞེས་བསྟན་བར་འགྱུར་རོ། །འོ་ན་སྡོམ་པ་གཏོང་བ་ལས་ཡང་བཅས་པའི་ཁ་ན་མ་མཐོ་བ་ཉིད ་ཡིན་པའི་ཕྱིར་བྱ་འམ་ཞེ་ན། དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། དམ་པའི་ཆོས་ནི་སྤྱོད་པའི་དགེ་སློང་གི་ལུས་བསོད་ནམས་ཐམས་ཅད་ཀྱི་འབྱུང་ཁུངས་ཉིད་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་དེ་ཅིག་ཤོས་ཆེད་དུ་སྟེ། སྦྱིན་པའི་དོན་དུ་སྤྲད་པ ་དང་མཆུ་བསྙུང་དང། བྲང་ལྟགས་ལ་སོགས་པས་གནོད་པར་མི་བྱའོ། །དེ་ལྟར་བྱས་ན་སྟེ། ལུས་ལ་གནོད་པ་མ་བྱས་ན་སེམས་ཅན་གྱི་བསམ་པ་མྱུར་དུ་རྫོགས་པར་འགྱུར་ཏེ། བདེ་བ་དང་ཏིང་ངེ་འཛིན་དང། དེ་ལས་དེ་ཁོ་ན་ཉིད་ཀྱི་བློ་དང། དེ་ལས་སྙིང་རྗེའི་བསམ་པ ་རྣམ་པར་དག་པ་ཡོད་ན། སེམས་ཅན་གྱི་དོན་ཞེས་བྱའོ། །སོ་སོའི་སྐྱེ་བོ་དག་གིས་ཆོས་གོས་གསུམ་ཡང་གཏང་བར་བྱ་བ་མ་ཡིན་ན། སྲོག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར། སྙིང་རྗེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་པའི་ཆོས་ནི་སྤྱོད་པའི ་ལུས། །ཅིག་ཤོས་ཆེད་དུ་གནོད་པར་མི་བྱ་བ་ཡིན་པ་དེའི་ཕྱིར། སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་གཏང་པར་མི་བྱ་སྟེ། མོས་པ་སྤྱོད་པའི་སའི་སོ་སོའི་སྐྱེ་བོ་འགའ་ཞིག་ཀྱང། བདག་དང་གཞན་མཉམ་པ་ཉིད་བསམ་པ་མཚུངས་པར་འགྱུར་བ་དེ་ཡོད་ན། ་དེས་ཀྱང་སྲོག་གཏང་བ་ན་རྣམ་པ་འདིས་དེས་ཁྱད་པར་རྟོགས་པའི་ཕྱིར། ཉམས་ཤིང་ཞིག་པར་མི་འབྱུང་ངོ། །ངེ་དེ་ལྟར་མི་འཇིགས་པ་དང། ཟང་ཟིང་གིས་སྦྱིན་པའི་སྤྱོད་པའི་རྣམ་པ་བཤད་ནས། ཆོས་ཀྱི་སྦྱིན་པའི་རྣམ་པ་བསྟན་པའི་ཕྱིར་མ་གུས་པ་ལ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། མ་གུས་པ་ལ་ཆོས་མི་བཤད། །གུས་པ་དང་བཅས་པ་ཡིན་ན་ཡང། མིན་བཞིན་དུ་སྟེ། རང་བཞིན་དུ་གནས་པ་ཡིན་པ་མགོ་བོ་གཡོགས་པ་ལ་སོགས་པ་ལ་བཤད་པར་མི་བྱའོ། །ནད་པ་ལ་ནི་བཤད་པར་བྱ་བ་ཡིན་ནོ། །དམན་ལ་སྟེ། ་སེམས་ཆུང་པ་དག་ལ་ཐེག་པ་ཆེན་པོ་ཟབ་བ་དང། རྒྱ་ཆེ་བའི་ཆོས་བཤད་པར་མི་བྱའོ། །རིགས་པའི་སྐྱེས་པ་མེད་པར་བུད་མེད་ལ་ཡང་ཐེག་པ་ཆེན་པོ་དང་ཆོས་གཞན་བཤད་པར་མི་བྱའོ། །དམན་པ་དང་མཆོག་གི་ཆོས་རྣམས་དང། ཐེག་པ་ཆེན་པོ་དང། གཞན་ལ ་ཡང་གུས་པ་དང་བཅས་པར་སྤྱད་པར་བྱའོ། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་བ་སྟེ། སངས་རྒྱས་ཀྱི་རིགས་ཅན་དམན་པའི་ཆོས་ལ་སྦྱར་བར་མི་བྱའོ། །སྤྱོད་པ་ཡོངས་སུ་སྤངས་ནས་ནི། །མདོ་དང་སྔགས་ཀྱིས་འདྲིད་མི་བྱ། །སྡོམ་པ་ནི་སྤྱོད་པའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གིས་སྤྱོད་བ་བརྟན་པོ ་ལ་སྦྱར་བར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།ཚུལ་ཁྲིམས་ལ་གནས་པའི་སྤྱོད་པ་བསྟན་པའི་ཕྱིར། སོ་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆིལ་མན་ནི། བ་ཆུའོ། །དོར་བ་ན་ནི་དགབ་པར་བྱ། །ལག་པ་ལ་སོགས་པས་དགབ་པར་བྱའོ། །དེ་ཡང་མི་འདོད་པ་ན་གཅིག་ལ་སོགས་པ ་འང་ལོངས་སྤྱོད་བའི། ཆུ་དང་ཐང་ལ་དོར་བ་སྨད། །ཁ་བཀང་བ་དང་སྒྲ་བཅས་དང། །ཁ་གདངས་ནས་ན་བཟའ་མི་བྱ་སྟེ། །ཁ་བཀང་བ་མེད་པ་ཡང་སྒྲ་བཅས་དང། སྒྲ་མེད་ན་ཡང་ཁ་མདངས་ནས་ནི་སྟེ། ཁ་རབ་ཏུ་ཕྱེ་ནས་བཟའ་བར་མི་བྱའོ། །རྐང་ང་བརྐྱང་སྟེ། རྐང་པ་རབ་ཏུ ་བརྐྱང་བ་ཉིད་ཀྱིས་མི་འདུག་ཅིང་གནས་པར་མི་བྱའོ། །རང་གི་ལག་བ་མཉའ་བར་མི་མཉེའོ། །བཞོན་པ་མལ་སྟན་གནས་དག་ཏུ། །བུད་མེད་གཞན་དང་གཅིག་མི་བྱ། །གཉིས་འགྲོགས་ནས་ཁྱིམ་དུ་འཇུག་པ་དང་མལ་སྟན་དང་སྟན་གཅིག་ལ་འདུག་པ་དང་གནས་དབེན ་པའི་ནང་ངམ་དཀོན་བ་དག་ཏུ་ཡང་གཉིས་འགྲོགས་བར་མི་བྱའོ། །བརྟུལ་ཞུགས་ཅན་གྱིས་ཆུང་མ་འཚེ་བར་བྱད་པ་གང་ཡིན་པ་དེ་ཡང། ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ལས་བསྲུང་བར་བྱའོ། །བུད་མེད་གཞན་ཐམས་ཅད་ནི་མདོར་བསྡུས་པ་ཡིན་པའི་ཕྱིར། འཇིག་རྟེན ་མ་དང་འགྱུར་བ་ཀུན། །མཐོང་དང་འདྲིས་པས་སྤང་བར་བྱ། །འདི་ལྟར་འགའ་ཞིག་གིས་ཀྱང། སོར་མོའི་བརྡན?་ནི་མི་བྱ་སྟེ། །གུས་དང་བཅས་པའི་གཡས་པ་ནི། །ལག་བ་དག་ནི་ཀུན་གྱིས་ཀྱང། །བརྡ་བྱ་ཞིང། ལམ་ཡང་གུས་པ་དང་བཅས་པའི་ལག་པ་མ་ལུས་བས་དེ ་ལྟར་བསྟན་པར་བྱའོ། །ལག་པ་ཤས་ཆེར་བསྐྱོད་མིན་ཏེ། ལག་པ་ཀུན་ནས་བསྐྱོད་པས་ནིའོ། །ཅུང་ཟད་བསྐྱོད་ཅིང་སྒྲ་བསྒྲགས་ལ། །སེ་གོལ་ལ་སོགས་རྣམས་བྱ་སྟེ། །སོགས་པའི་སྒྲ་ནི་ལག་པ་གཡས་པའི་བརྡའི་བརྡ་ལ་སོགས་པ་བཟུང་ངོ། །གཞན་དུ་མ་བསྡམས་པར་འགྱུར་རོ ་བཅས་པའི་ཁ་ན་མ་ཐོ་བའི་ཡན་ལག་གང་དང་གང་གིས་སློབ་པར་མི་འགྱུར་བ་དེ་དང་དེ་ཚུལ་ཁྲིམས་འཆལ་བར་འགྱུར་རོ། །ཇི་ལྟར་ཉལ་བར་བྱ་ཞེ་ན། མགོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགོན་པོ་མྱ་ངན་འདས་གཟིམས་ལྟར། མགོན ་པོ་སྟེ། སྟོན་པ་མྱ་ངན་ལས་འདས་པའི་ཕྱིར། སྐུའི་གཡས་ཀྱི་ལོགས་ཕབ་ཅིང་ཞབས་མནན་པས་སེང་གེ་བཞིན་དུ་ཀུན་ནས་མཐོ་བ་སེམས་དང་ཆོས་གོས་དང་ཡན་ལག་དང་ཐུགས་རྣམ་པར་མི་གཡེངས་པ། བདག་གིར་གྱུར་བ་གཟིམས་པ་དེ་བཞིན་དུའོ། ། ་འདོད་པའི་ཕྱོགས་སུ་སྔས་བསྟན་བྱ། །ཤེས་བཞིན་ཏེ། ཇི་ལྟར་དགེ་བ་བཙལ་བར་བྱ་ཞེས་སྣང་བ་ལ་སོགས་པའི་འདུ་ཤེས་ཀྱི་མྱུར་དུ་ལྡང་བ་ནི་ཐུན་ཕྱི་མ་ལ་དགེ་བའི་དོན་དུ་མྱུར་དུ་ལྡང་བའི་འདུ་ཤེས་ཐོག་མ་ཉིད་དུ་ངེས་པར་སྦྱར། རེ་ཞིག་དང་པོ་དེ་ལྟར་གྱུར་པས ་དོན་མི་ཟ་བར་ཉལ་བར་བྱའོ། །ཕྱིས་ནུས་པ་མེད་པ་ན་ཇི་ལྟར་འདོད་པ་ཉུང་ཟད་ཀྱང། ཐོག་མར་གདོན་མི་ཟ་བར་ཞེས་བྱ་བ་དེའི་ཅིའི་ཕྱིར་ཞེ་ན། ངེས་པར་སྦྱར་ཞེས་བྱ་བ་སྨོས་ཏེ། སྟོན་པའི་བཀའ་ཡིན་ནོ། །སྟོན་པས་དགེ་བ་འཕེལ་བར་བྱ་བའི་དོན་དུ་ངེས་པར ་སྦྱར་བ་དེ་གནང་བ་ཡིན་ནོ། །བཟོད་པ་ལ་སོགས་པ་ལ་གནས་པ་ལ་སྤྱོད་པ་གཤད་བར་བྱའོ། །སྙམ་པའི་དགོངས་པ་དང་ལྡན་པས་སྦྱིན་པ་དང་ཚུལ་ཁྲིམས་ལ་གནས་པའི་སྤྱོད་པ་དཔེར་མཛད་ནས། བྱང་ཆུབ་སེམས་དཔའ་ཨི་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུས ་པའི་ན་ཏེ། སྤྱོད་པ་སྟེ་ལེགས་པར་སྤྱོད་པ་དང། ཀུན་སྤྱོད་པ་ཞེས་བྱ་བའི་བར་དུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོང་བ་སྟེ། ཚད་མེད་པར་ནི་སྟེ། བཅོམ་ལྡན་འདས་ཀྱི་རབ་ཏུ་དབྱེ་བ་གྲངས་མེད་པའི་དཔེས་གསུངས་པ་ལས། གལ་ཏེ་དེ་ཐམས་ཅད་ནན ་ཏན་དུ་བྱ་བར་མི་ནུས་ན། སེམས་སྤྱོད་པ་ཡི་སྤྱོད་པ་ནི། སྔར་བཤད་པ། ངེས་པར་དེ་སྲིད་སྤྱད་པར་བྱ། གཞན་ཡང་ཉིན་མོ་དང་མཚན་མོ་ནི་ཉིན་མོ་དང་མཚན་མོ་སྟེ། རྟག་ཏུ་མ་ཡིན་གྱི། འོན་ཀྱང་ལན་གསུམ་དུ་ཞེས་བྱ་བ་ནི་ཐུན་གསུམ་དང་དུས་གསུམ་དུའོ། ་སྟེ། ལེའུ་ལྔ་པའོ།། །།ཚུལ་ཁྲིམས་ཀྱི་དེ་མ་ཐག་ཏུ་བཟོད་པ་བསྟན་པའི་ཕྱིར་བསྐལ་པ་སྟོང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་བསྐལ་པ་སྟོང་དུ་བསགས་པའི་སྔར་བསྟན་པའི་སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །བདེ་བར་གཤེགས་པ་ནི་དཀོན་མཆོག་གསུམ ་གྱིས་ཉེ་བར་མཚོན་པའོ། མཆོད་པ་ནི་ཀུན་ཏུ་སྤྱད་པའོ། །དེ་ལ་ཡང་བསྟོད་པ་ནི་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཉེ་བར་མཚོན་པ་ཡིན་ནོ། །ལེགས་སྤྱད་ནི་ཚུལ་ཁྲིམས་ཏེ། གང་ཡིན་དེ་ཀུན་ཀྱང། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། བཅོམ་ལྡན ་འདས་ཀྱིས་ཁོང་ཁྲོ་ཞེས་བྱ་བས་ནི་བསྐལ་པ་སྟོང་དུ་བསགས་པའི་བསོད་ནམས་དག་ཀྱང་འཇོམས་པར་བྱེད་ཅིང་འབྲས་བུ་མེད་པར་བྱེད་དོ། །རྟེན་བསྲེགས་ནས་གཞན་སྲེག་པར་བྱེད་དོ། །དེ་བས་ན་ཞེ་སྡང་ལ་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །ཞེ་སྡང་ནི་ཉེ་བར་མཚོན་པ་ཡིན་ཏེ། ་དེ་དེའི་རྒྱུ་མཐུན་པ་ནི་ཁྲོ་བ་ཡིན་ལ། དེའི་གཉེན་པོའི་ཕྱོགས་ནི་བཟོད་པ་ཡིན་ཏེ། དེ་ལྟར་ན་ཀུན་རྫོབ་དང། དོན་དམ་པའི་བདེན་པ་འཆད་པར་འགྱུར་བའི་ཚུལ་དམིགས་པ་ལ་བརྟེན་པ་བསྒོམ་པ་སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཇི་ལྟར་ན་ཞེ་སྡང་ལྟ་བུའི་ཁོང་ཁྲོ ་མེད་པ་ཡིན་ཞེ་ན། འདི་ལྟར་རེ་ཞིག་སྐྱེ་བ་འདི་ལ་ཡང། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བའི་ཉམས་མི་མྱོང། །ཞི་བ་དང་བདེ་བ་མི་མྱོང་བ་དེའི་ཕྱིར། ཡིད་ལུས་དག་དགའ་བ་དང་བདེ་བའང་མི་ཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར་རོ། །དེ་ལྟར་ན་གང ་དག་ནོར་དང་བཀུར་སྟི་ཡིས། རྙེད་པ་དང་བཀུར་སྟི་དག་གིས། དྲིན་ཕྱིན་དེ་ལ་བརྟེན་གྱུར་པ། །དེ་དག་ཀྱང་ནི་སྡང་ལྡན་པའི། །ཞེ་སྡང་གདུལ་དཀའ་བ། རྗེ་དཔོན་དེ་ལ་གསོད་པར་རྒོལ་བར་འདོད་པ། དེའི་མཛའ་བཤེས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་སླའོ། །ཁྲོ་བའི་དགྲ་ཡི ་དེ་ལ་སོགས། །སྡུག་བསྔལ་དག་ནི་འདི་དང་གཞན་དུ་བྱེད་བར་འགྱུར། དེའི་ཕྱིར་དགྲ་བོའི་འདུ་ཤེས་ཀྱིས། །གང་ཞིག་བསྒྲིམས་ཏེ་ཁྲོ་བར་སྟེ། །ཞེ་སྡང་འཇོམས་པ་དེ་ནི་འདི་དང་གཞན་དུ་བདེ། །འདིའི་རྒྱུ་མ་བཅོམ་པར་འདི་གཞོམ་པར་ནུས་པ་མ་ཡིན་ལ། །འདིའི་རྒྱུ་ཡང ་དེའི་དོན་ལ་མཁས་པ་ནི་རིག་པའོ། །བྱང་ཆུབ་སེམས་དཔའ་ཨི་བརྟུལ་ཞུགས་ནི་སྤྱོད་པ་སྟེ། སེམས་སྤྱོད་པའི་སྤྱོད་པའོ། །དེ་མཉེས་པར་བྱའོ། ཞེས་བསྟན་པའི་ཕྱིར། དཔལ་འབྱུང་བ་ཡི་རྣམ་ཐར་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། ཀྱང་གི་སྒྲས་ནི ་སངས་རྒྱས་ཀྱིས་གསུངས་པ་གཞན་ལ་ཡང་བསླབ་པར་བྱའོ། །དཔལ་འབྱུང་བའི་རྣམ་པར་ཐར་པ་ཞེས་བྱ་བ་འདི་དང། སངས་རྒྱས་བཀའ་སྩལ་གཞན། མདོ་སྡེ་ཀླགས་ནས་ཤེས་པར་བྱ། །མདོ་སྡེ་རྣམས་ལ་བསླབ་པར་སྣང། །དེ་བས་མདོ་སྡེ་ཀླག་པར་བྱ། །ནམ ་མཁའ་ཨི་སྙིང་པོའི་མདོ་སྡེ་ནི། །ཐོག་མ་ཉིད་དུ་བལྟ་བྱ་སྟེ། རྩ་བའི་ལྟུང་བ་བརྟག་པར་བྱའོ། །སྡོམ་པ་འཇིག་པར་བྱེད་པའི་ལྟུང་བ་དག་ནི་ནམ་མཁའ་ཨི་སྙིང་པོའི་མདོ་ལས་ཕལ་ཆེར་གསུངས་པ་ཡིན་པ་དེ་ལྟར་བྱིན་དེ་ལྟར་ན་བལྟ་བར་བྱའོ། །གང་ཕྱིར་རྟག་ཏུ་སྤྱད་པ་ནི། །དེ ་ལས་རྒྱ་ཆེར་རབ་སྟོན་པས་།བསླབ་པ་ཀུན་ལས་བཏུས་པ་ཡང། །ངེས་པར་ཡང་དང་ཡང་དུ་བལྟ། །འཕགས་པ་ནཱ་གཱ་རྫུ་ན་དང། །ཁོ་བོའི་མདོར་སྡུས་པའི་འདུལ་བ་བསྟན་པའི་ཕྱིར། །གང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་མཆོད་རྟེན་གྱི་ལས་དང ་ཐེག་པ་ཆེན་པོ་ཀློག་པ་ལ་སོགས་པ་ཡུལ་དང་དུས་དང་གནས་སྐབས་གང་ལ་བླ་མ་དང། གཞན་དག་གིས་འདི་འདིར་མི་བྱའོ་ཞེས་བཀག་པ་འབབ་སྟེགས་ཀྱི་ཁྲུས་ལ་སོགས་པའི་རིགས་པ་དང་རིགས་པ་མ་ཡིན་པ་གང་ཡིན་པ་ལ་ངེས་པར་སྦྱར་བ་དག་འདིར ་འདི་ཡིན་ནོ་ཞེས་ཏེ། འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར་རོ། །དེ་ལ་བསླབ་པ་མཐོང་ནས་ཡང་དག་པར་སྤྱད། ཤེས་བཞིན་གྱིས་སེམས་སྦྱང་བ་བཤད་ཟིན་ཏོ། །ཤེས་བཞིན་གྱི་མདོར་བསྡུས་ནས། མཚན་ཉིད་དང་རྒྱུ་གང་ཡིན་ཞེ་ན། ལུས་དང་སེམས་ཀྱི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། འོ་ན་མདོ་ལ་སོགས་པ་བརྗོད་པར་བྱ་བ་ཉིད་ཡིན་ནམ་ཞེ་ན། ལུས་ཀྱི་འདི་དག་སྤྱད་པར་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྤྱད་བ་ལས་ཤེས་བཞིན་བསྲུང་བ་ཞེས་བྱ་བ ་སྟེ། ལེའུ་ལྔ་པའོ།། །།ཚུལ་ཁྲིམས་ཀྱི་དེ་མ་ཐག་ཏུ་བཟོད་པ་བསྟན་པའི་ཕྱིར་བསྐལ་པ་སྟོང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེས་བསྐལ་པ་སྟོང་དུ་བསགས་པའི་སྔར་བསྟན་པའི་སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །བདེ་བར་གཤེགས་པ་ནི་དཀོན་མཆོག་གསུམ ་གྱིས་ཉེ་བར་མཚོན་པའོ། མཆོད་པ་ནི་ཀུན་ཏུ་སྦྱང་པའོ། །དེ་ལ་ཡང་བསྟོད་པ་ནི་ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཉེ་བར་མཚོན་པ་ཡིན་ནོ། །ལེགས་སྤྱད་ནི་ཚུལ་ཁྲིམས་ཏེ། གང་ཡིན་དེ་ཀུན་ཀྱང། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། བཅོམ་ལྡན ་འདས་ཀྱིས་ཁོང་ཁྲོ་ཞེས་བྱ་བས་ནི་བསྐལ་བ་སྟོང་དུ་བསགས་པའི་བསོད་ནམས་དག་ཀྱང་འཇོམས་པར་བྱེད་ཅིང་འབྲས་བུ་མེད་པར་བྱེད་དོ། །རྟེན་བསྲེགས་ནས་གཞན་སྲེག་པར་བྱེད་དོ། །དེ་བས་ན་ཞེ་སྡང་འཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །ཞེ་སྡང་ནི་ཉེ་བར་མཚོན་པ་ཡིན་ཏེ། ་དེ་དེའི་རྒྱུ་བ་ཐུན་བ་ནི་ཁྲོ་བ་ཡིན་ལ། དེའི་གཉེན་པོའི་ཕྱོགས་ནི་བཟོད་པ་ཡིན་ཏེ། དེ་ལྟར་ན་ཀུན་རྫོབ་དང། དོན་དམ་པའི་བདེན་པ་འཆད་པར་འགྱུར་བའི་ཚུལ་དམིགས་པ་ལ་བརྟེན་བ་བསྒོམ་པ་སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཇི་ལྟར་ན་ཞེ་སྡང་ལྟ་བུའི་ཁོང་ཁྲོ ་མེད་པ་ཡིན་ཞེ་ན། འདི་ལྟར་རེ་ཞིག་སྐྱེ་བ་འདི་ལ་ཡང། ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བའི་ཉམས་མི་མྱོང། །ཞི་བ་དང་བདེ་བ་མི་མྱོང་བ་དེའི་ཕྱིར། ཡིད་ལུས་ངག་དགའ་བ་དང་བདེ་བའང་མི་ཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར་རོ། །དེ་ལྟར་ན་གང ་དག་ནོར་དང་བཀུར་སྟི་ཡིས། རྙེད་པ་དང་བཀུར་སྟི་དག་གིས། དྲིན་ཕྱིན་དེ་ལ་བརྟེན་གྱུར་བ། །དེ་དག་ཀྱང་ནི་སྡང་ལྡན་པའི། །ཞེ་སྡང་གདུལ་དཀའ་བ། རྗེ་དཔོན་དེ་ལ་གསོད་པར་རྒོལ་བར་འདོད་པ། དེའི་མཛའ་བཤེས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་སྨའོ། །ཁོ་བའི་དགྲ་ཡི ་དེ་ལ་སོགས། །སྡུག་བསྔལ་དག་ནི་འདི་དང་གཞན་དུ་བྱེད་པར་འགྱུར། དེའི་ཕྱིར་དགྲ་བོའི་འདུ་ཤེས་ཀྱིས། །གང་ཞིག་བསྒྲིམས་ཏེ་ཁྲོ་བར་སྟེ། །ཞེ་སྡང་འཇོམས་པ་དེ་ནི་འདི་རང་གཞན་དུ་བདེ། །འདིའི་རྒྱུ་མ་བཅོམ་པར་འདི་གཞོམ་པར་ནུས་པ་མ་ཡིན་ལ། །འདིའི་རྒྱུ་ཡང ་སྡུག་བསྔལ་ཡིན་ལ། དེ་ཡང་ཞེ་སྡང་བག་ལ་ཉལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་འདོད་བྱེད་དང་འདོད་པ་ཡི། །གེགས་བྱས་པ་ལས་བྱུང་གྱུར་བ། །ཡིད་མི་བདེ་བར་གྱུར་བའི་ཟས་ཏེ། ཡིད་མི་བདེ་བའི་ཟས་རྙེད་ནས། ཞེ་སྡང་རྟས་ཏེ ་བདག་འཇོམས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། བདག་གིས་དགྲ་བོ་དེའི་ཞེས་བྱ་བ་ལ་སོགས་པའི་ལས་སུ་བྱ་བ་དག་གོ་།ཇི་ལྟར་དེའི་ཟས་འཇོམས་བར་བྱ་བ་ཡིན་ཞེ་ན། ཅི་ལ་བབ་ཀྱང་བདག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགའ་བ་ནི་ཡིད ་བདེའོ། །དེ་འཁྲུགས་པ་ནི་ཡིད་མི་བདེ་བའོ། །དེ་ལ་ཡང་མི་དགའ་བྱས་ཀྱང་འདོད་མི་འགྲུབ། །འོན་ཀྱང་དགེ་བ་དག་ནི་ཉམས་བར་འགྱུར་རོ། །ཡིད་མི་བདེ་བར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་བཅོས་སུ་ཡོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པར ་སླའོ། །མི་འདོད་པ་ཞེས་བཤད་པ་དེ་ལ། མི་འདོད་པ་ཉིད་གང་ཞེ་ན། བདག་དང་བདག་གི་བཤེས་རྣམས་ལ། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྙས་པ་ནི་ཁྱད་བར་དུ་གསོད་པའོ། །བདག་གམ་བཤེས་ལ་སོགས་པ་ལ་སྡུག་བསྔལ་ལ་སོགས་པ་ནི ་མི་འདོད་པའོ། །དགྲ་དང་འབྲེལ་བའི་སྡུག་བསྔལ་ལ་སོགས་པ་དེ་ལས་བཟློག་པ་འབྱུང་སྟེ། བཟློག་པ་དེ་ལས་བདེ་བ་ལ་སོགས་པ་ལ་མི་འདོད་པ་འབྱུང་ངོ། །དེ་ལ་བཟོད་པ་ནི་རྣམ་པ་གསུམ་སྟེ། སྡུག་བསྔལ་མནག་པར་ནུས་པ་དང། གཞན་གྱི་དོན་ལ་བཟོད་པ ་དང། ཆོས་ལ་སྤྱོད་པའོ། །དེ་ལ་སྡུག་བསྔལ་བརྣག་པར་ནུས་པའི་དབང་དུ་བྱས་ནས། བདེ་བའི་རྒྱུ་ནི་རེས་འགའ་འབྱུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁྲིས་བ་ལ་སོགས་པའི་བར་དུའོ། །དེ་ལ་ངེས་འབྱུང་ནི་སྡུག་བསྔལ་ལས་གྲོལ་བ་སྟེ། སྡུག་བསྔལ་མེད ་པར་མ་ཡིན་ནོ། །དེ་བས་ན་ཀྱེ་སེམས་ཁྱོད་སྡུག་བསྔལ་ཐམས་ཅད་མནག་པའི་ཕྱིར་བརྟན་པར་མནོས་སོ། །དེ་ལྟར་བསམས་ནས། དཀའ་བཟློག་དང་པའི་མ་དག་ཀྱང་ཞེས་བྱ་བ་ནི་ལག་པ་ལ་སོགས་བ་ཐར་པའི་དོན་དུ་བསྲེགས་པ་དང། བཅད་པ་ལ་སོགས་སྡུག་བསྔལ། ་དོན་མེད་གཟོད། །དོན་ཆུད་བ་ཉིད་ཀྱི་ཕྱིར་དང་སྡིག་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །རང་དང་གཞན་གྲོལ་བར་བྱ་བའི་དོན་དུ། དོན་ཆེན་པོ་ལ་བརྟན་བར་བྱ་བའི་ཕྱིར། བདག་ནི་དེ་ལྟ་ཅི་ཞིག་བརྡར། །གནོད་པ་ཆེན་པོ་ཉིད་ཡོད་པའི་ཕྱིར་རོ་ཞེ་ན། གོམས་བ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། མི་བཟད་བ་ནི་ཆེས་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། སྤྲུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བཟོད་པར་བྱ་ཞེ་ནས་ཚ་གྲང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ཕྱིར་སེམས་ཉིད་བརྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ ་བསྟན་པའི་ཕྱིར། ལ་ལ་བདག་གི་ཁྲག་མཐོང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང། གཡུལ་འགྱེད་ཅིང་རྒྱལ་བ་དེ་ལྟར་ན། །དེ་བས་སྡུག་བསྔལ་ཁྱད་བསད་ཅིང། །སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱོས། །ཇི་ལྟར་བྱ་ཞེ་ན། མཁས་པས ་སྡུག་བསྔལ་བྱུང་ཡང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་རབ་དང་སྟེ་རབ་ཏུ་དང་བའོ། །བྱང་ཆུབ་སེམས་དཔའ་ཨི་ཐལ་མོ་དང་ནི་ཉོན་མོངས་དང་ཞེ་སྡང་ལ་སོགས་པ་དང། གཡུལ་འགྱེད་ཚེན་གནོད་བ་མང། །དེ་བཞིན་དུ་སྡུག་བསྔལ་ཐམས་ཅད་ཁྱད ་གསང་ནས། ཞེས་བྱ་བ་ལ་སོགས་པ་དང། ཞེ་སྡང་ལ་སོགས་པ་དགྲ་སྟེ། དགྲ་བ་དག་འཇོམས་པ་ནི་རེ་ཞིག་དེ་དག་རྒྱལ་བྱེད་དཔའ་བོ་སྟེ། ལྷག་མ་རོ་ལ་གསོད་པའོ། །སྡུག་བསྔལ་བཟོད་པའི་ཕྱིར་ཡོན་ཏན་ཏེ། ཡོན་ཏན་གཞན་དང་གཞན་དག་སྟེ། །གང་ལ་སྐྱོ ་བས་དྲེགས་པ་སེལ་བར་བྱེད་པར་འགྱུར་རོ། །དེ་ལྟར་སྡུག་བསྔལ་བརྣག་པར་ནུས་པ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་བསྒོམས་ནས། གཞན་གྱི་དོན་ལ་བཟོད་པ་བསྒོམ་པར་བྱ་བའི་ཕྱིར། མཁྲིས་པ་ཞེས་བྱ་བ་ལ་སོགས་པ་ལ། མཁྲིས་པ་དང་བད་ཀན་དང། རླུང ་ལ་སོགས་པ་དང། ཡུལ་དང་དུས་ཀྱི་ནང་ཆེན་པོ་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར། སྡུག་བསྔལ་འབྱུང་གནས་ཆེ་ལ་མི་ཁྲོ་པར། །སེམས་ཡོད་རྣམས་ལ་སྟེ། བདག་ལ་གནོད་པ་བྱེད་པ་རྣམས་ལའོ། །ཅི་སྟེ་ཁྲོ་ཞེས་བྱ་བ་ནི། རྒྱུ་ཅིའི་ཕྱིར་ཁྲོ་བའོ། །མཁྲིས ་བ་ལ་སོགས་པ་ནི་སེམས་ཡོད་པ་མ་ཡིན་ཏེ། རྐྱེན་ལས་བྱུང་བ་ཉིད་ཡིན་པའི་ཕྱིར། གནོད་པའི་བསམ་པ་མེད་པ་ཡིན་ནོ། །ཡུལ་ལ་སོགས་པ་ཡང་གནོད་པའི་བསམ་པ་མེད་པ་ཉིད་ཀྱི་ཕྱིར། སེམས་དང་ལྡན་པ་མ་ཡིན་ཏེ། རྐྱེན་ལས་བྱུང་བ ་ཡིན་པ་དེ་ལྟར་ན། དེ་དག་ལ་ཁྲོ་བར་མི་འགྱུར་གྱི། གནོད་པའི་བསམ་པ་ཡོད་པ་དག་ལ་ཇི་ལྟར་ནི་མི་འགྱུར་ཞེ་ན། དེ་དག་ཀུན་ཀྱང་རྐྱེན་གྱིས་བསྐུལ་ཞེས་བྱ་བ་སྨོས་ཏེ། བྱེད་པ་པོ་འགོག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་ཆོས་ལ་སྦྱོར་པའི་བཟོད་པ་ཡིན་ནོ། །རྐྱེན ་ལས་བྱུང་བ་ཉིད་ཀྱི་ཚུལ་ལ་བརྟེན་པ་ཇི་ལྟར་རྐྱེན་གྱིས་བསྐུལ་བ་ཡིན་ཞེ་ན། དཔེར་ན་མི་འདོད་བཞིན་དུ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་འདི་མཁྲིས་པ་ལ་སོགས་པའི་རྐྱེན་ལས་འབྱུང་བར་འགྱུར་ཞིང། ཉོན་མོངས་པ་ནི་རང་གི་ས་བོན་ལས་འབྱུང་བར ་འགྱུར་རོ། །གྲོ་བར་བྱ་ཞེས་མ་བསམས་ཏེ། མངོན་པར་མི་འདོད་ཀྱང་རང་དབང་ནི་མེད་པའོ། །རྐྱེན་རྣམས་ཏེ་ས་ལ་སོགས་པ་ཚོགས་པར་གྱུར་པ་ནི། རྐྱེན་རྣམས་ཚོགས་པའོ། །དེ་བཞིན་དུ་དམིགས་པ་ལ་སོགས་པ་དག་ཀྱང་སྟེ། རྐྱེན་རྣམས་ཀྱི་ཚོགས་པ་དེ ་དག་མྱུ་གུ་དང། རྣམ་པར་ཤེས་པ་ལ་སོགས་པ་དེ་དག་བསྐྱེད་པར་བྱ་ཞེས་པ་སེམས་པ་མེད། མྱུ་གུ་ལ་སོགས་པ་དེས་སྐྱེད་དེ་ཡང་དག་བསྐྱེད་ཅེས། སེམས་པ་ཡོད་པ་མ་ཡིན་ནོ། །གྲངས་ཅན་གྱི་གཙོ་བོར་བྱས་ཏེ། བྱེད་པ་སེམས་པ་མེད་པ་གང་ཡིན་པ ་དེ་ལ་བདག་ཅེས་བརྟགས་མོད་ཀྱིས་གཟེགས་ཟན་ལ་སོགས་པས་སོ། །རེ་ཞིག་དེ་ཉིད་བདག་ནི་འདི་འདྲའོ་ཞེས་སེམས་པ་དེ་ཉིད་མེད་པའི་ཕྱིར་ཆེད་དུ་བསམས་ཤིང་འབྱུང་བ་མེད་པ་ཡིན་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མི་འགྱུར་ཡོད་ཀྱི། སེམས ་ཡོད་པ་ཉིད་དེ་དང་ལྡན་པ་ཉིད་ཀྱི་ཕྱིར། ཆེད་དུ་བསམས་ནས་འབྱུང་བར་འགྱུར་ལ། ཡོངས་སུ་གྱུར་ཅིང་འཁོར་བར་འགྱུར་གྱི། དེ་ཁོ་ན་ཉིད་དུ་ནི་རྟག་པ་ཉིད་ཀྱི་ཕྱིར་སྐྱེ་བ་མ་ཡིན་ནོ་ཞེ་ན། མ་སྐྱེས་པར་ནི་དེ་མེད་ན། ཞེས་བྱ་བ་སྨོས་ཏེ། གང་མ་སྐྱེས་པ་དེ་ནི་ཡོད་པ ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །གཙོ་བོ་ལ་སོགས་པ་ཡང་དེ་བཞིན་ནོ། །འདི་ནི་གང་གི་ཕྱིར་ཏེ། དེའི་ཚེ་སྐྱེ་བར་འདོད་པ་གང་སྟེ། འཁོར་བ་འམ་ཡོངས་སུ་གྱུར་པའམ། དེ་སྟེ་མ་སྐྱེས་པའི་གནས་སྐབས་སུ་སྐྱེ་བ་ཡིན་པ་དེའི་ཚེ་ཡུལ་ལ་སྟེ། དགྲའི་ལུས་ལ་སོགས་པ་སྟེ། ་བྱེད་པོ་ཉིད་དུ་རྟག་ཏུ་གཡངས་གྱུར་པ་དང། དེ་ཁོ་ན་ཉིད་དུ་མེད་པ་ཉིད་ཀྱི་ཕྱིར་འགགས་པར་འགྱུར་བའང་མ་ཡིན་ནོ། །འང་གི་སྒྲས་ནི་འབྱུང་བ་ཉིད་དུ་འགྱུར་བའང་མ་ཡིན་ཞིང་བྱེད་བའང་མ་ཡིན་ནོ། །བདེན་ཏེ་རྟག་པ་ཉིད་ཀྱི་ཕྱིར་ཡིན་གྱིས། མེད་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ་ཞེ་ན། ་ཅི་སྟེ་བདག་དེ་བརྟག་ན་ཡང་ཞེས་བྱ་བ་སྨོས་ཏེ། ཡང་གི་སྒྲས་ནི་གཙོ་བོ་ཡང་ངོ། །ནམ་མཁའ་ཨི་ན་ནམ་མཁའ་ཨོ། །རྐྱེན་གཞན་དང་ལྡན་པ་ནི་དེ་བྱེད་པ་དང་བཅས་པར་འགྱུར་རོ་ཞེ་ན། རྐྱེན་གཞན་རྣམས་དང་ཕྲད་ན་ཡང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་གང་ཞིག་འགྱུར་བ་མེད་ལ ་ཅི་བྱར་ཡོད། ངོ་བོ་སྔོན་བཞིན་དུ་འཕོ་བ་མེད་པར་བྱེད་པའི་ཚེ་ཡང་སྔོན་བཞིན་ན་དེས་བྱེད་ངོ་བོ་ཅི་ཞིག་བྱས། འོན་ཀྱང་དེའི་བྱེད་པ་ནི་རྐྱེན་གཞན་གྱིས་བྱས་པ་ཡིན་ནོ་ཞེ་ན། དེའི་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བྱེད་བ་འདི་ཡིན་ཞེས་འབྲེལ་བའི་རྒྱུ་ནི ་གང་ཞིག་ཡོད། །དེའི་བདག་ཉིད་དེ་ལས་བྱུང་བ་མ་ཡིན་ཏེ། དེའི་བྱེད་པ་དེའི་བདག་ཉིད་དམ། འབྲས་བུ་མ་ཡིན་ནོ། །དངོས་པོར་གྱུར་པའི་འབྲེལ་བ་གང་ཡང་ཡོད་པ་མ་ཡིན་ཏེ། རྗེ་བོ་ངན་ལ་སོགས་པའི་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་ཙམ་ཉིད་ཡིན་པ་དེའི་ཕྱིར ་དེའི་འབྲེལ་བ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེས་ནི་དེ་དང་འདྲ་བ་ལ་སོགས་པ་ཡང་གསལ་བ་ཡིན་ནོ། །དེ་ལྟར་ཏེ་བཤད་པའི་ཚུལ་གྱིས་ཐམས་ཅད་གཞིན་གྱི་དབང་ཞེས་བྱ་བ་ནི་རྒྱུ་ལས་སྐྱེས་བའོ། །དེའི་དབང་གིས་དེ་དབང་མེད་ཅེས་བྱ་བ་སྟེ། རྒྱུ་དེ་ཡང་གཞན་གྱི་དབང ་སྐད་ཅིག་མ་ཡིན་པ་ན་ཆ་དང་བཅས་པ་བཞིན་དུ། རིམ་དང་རིམ་པ་མ་ཡིན་པ་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྐད་ཅིག་མ་ཡིན་ན་བྱ་བ་ལས་སྔར་ཅིག་ཅར་བདག་ཉིད་ཐམས་ཅད་ཞིག་པས་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྤྲུལ་པ་ལྟ་བུའི་བྱེད་པ་མེད་པའི་དངོས་པོ་ཀུན་ལ་ཁྲོ་མི ་འགྱུར། གང་གི་སྒོ་ནས་ཀྱང་ངོ། །འདི་ནི་དོན་དམ་པའི་ཚུལ་ལ་བརྟེན་པའི་ཆོས་ལ་སྤྱོད་པའི་བཟོད་པ་ཡིན་ཏེ། མོས་པ་སྤྱོད་པའི་ས་ལ་ནི་སྒྲའི་རྗེས་སུ་འགྲོ་བ་དང་ས་བདུན་པ་ལ་ནི་རྗེས་སུ་མཐུན་པ་དང། ས་བརྒྱད་པ་ལ་སོགས་པ་ལ་ནི་མི་སྐྱེད་པའི་ཆོས ་ལ་བཟོད་པའོ། །གལ་ཏེ་འོ་ན་སྤྲུལ་པ་བཞིན་དངོས་པོ་ཐམས་ཅད་བྱེད་པ་མེད་པ་ཡིན་པ་དེ་ལྟ་ན། གང་གི་ཕྱིར་གང་གིས་གང་ཞིག་བཟློག་བྱ་སྟེ། ཁྲོ་བ་ལ་བཟློག་པ་འདི་རིགས་པ་མིན་ཞེ་ན། དེ་ལ་བརྟེན་པའི་དངོས་པོ་ནི་དེ་ལ་བརྟེན་པ་ཉིད་དེ། སྒྱུ་མ་དང་འདྲ་བ་ནི ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དེ་ལ་བརྟེན་ནས། །དེ་འདི་ལྟར་སྡུག་བསྔལ་རྣམས་རྒྱུན་ཆད་དེ། ཞི་འདོད་མི་རིགས་ཏེ། དེ་ལྟ་མ་ཡིན་ན། སྡུག་བསྔལ་ཡོད་པ་གང་གིས་རྒྱུན་ཆད་པར་འགྱུར་ཏེ། ཁྲོ་བ་ལས་ཀྱང་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བས་དགྲ་འམ་ཞེས ་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ནི་རྟོགས་པར་སླའོ། །དེ་ནི་འདོད་པ་ཡིན་ཏེ། འདི་ལྟར་ཚོར་མ་ལ་སོགས་པས་བདག་ཉིད་ལ་བདག་ཉིད་ཀྱིས་གནོད་པ་བྱེད་པ་མ་ཡིན་ནམ་ཞེ་ན། བག་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཉོན་མོངས་པའི་དབང་དུ་གྱུར་པ ་ཉིད་ཀྱི་ཚུལ་ལམ། རང་བཞིན་གྱིས་ཚུལ་ཡིན་ནོ། །བག་མེད་པ་ལས་ནི་གཏི་མུག་ལ་སོགས་པ་དང། ཁྲོ་བ་ལས་ནི་ཞེ་སྡང་ལ་སོགས་པ་ཡིན་ནོ། །བུད་མེད་ལ་སོགས་ཐོབ་བྱའི་ཕྱིར། །རྔམ་ཞིང་ཟས་གཅོད་ལ་སོགས་བྱེད། །ཡུལ་ལ་ཆགས་པས་འགེག་ཅིང་གཡངས ་དག་ཏུ་མཆོད། །ཡང་གི་སྒྲས་ནི་སྔར་བསྟན་པ་དང། གཞན་དུག་ལ་སོགས་པ་དག་གིས་གནོད་པར་བྱེད་ཅིང་འཇོམས་པར་བྱེད་པ་སྡུད་པའོ། །བསོད་ནམས་མ་ཡིན་པ་སྟེ། གཞན་ལ་འཚེ་བ་བདག་ལ་སྡུག་བསྔལ་འདོད་ནས་སྤྱོད་པ་ཡིས། གང་ཚེ་དེ་ལྟར་བག་མེད་པ ་ལ་སོགས་པ་ཉོན་མོངས་དབང་གྱུར་པས་གཞན་གྱི་དབང་དུ་གྱུར་བ་ཉིད་ཀྱི་ཕྱིར། བདག་སྡུག་ཉིད་ཀྱང་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གཞན་དག་གི་གཟུགས་ཕུང་དག་ལ་གནོད་པ་བྱེད་པ། གནོད་མི་བྱེད་པར་ཇི་ལྟར་འགྱུར། འོ་ན་ནི་དེ་དག་ལ་ཁྲོ་བར ་རིགས་སོ་ཞེ་ན། ཉོན་མོངས་སྐྱེས་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་ཚུལ་བསྟན་པའི་ཕྱིར། གཞན་ལ་འཚེ་དང་བྱེད་པ་འདི་ནི་ཉེས་པ་ཡིན་ཏེ། གློ་བུར་བ་ནི་རང་གི་ཚོགས་པའི་ཚོགས་ལས་བྱུང་ནས་གཉེན་པོའི་ཚོགས་སྐྱེས་པར་གྱུར་ན་རྒྱུན་ཆད་པའི་ཕྱིར་རོ ་སེམས་ཅན་རང་བཞིན་ཏེ། ངོ་བོ་ཉིད་ཀྱིས་ངེས་པ་ནའང། འོ་ན་འང་དེ་དག་ལ་ཁྲོ་བར་མི་རིགས་ཏེ། མཁའ་ལ་དུད་འཐུལ་བཀོན་པ་བཞིན། །ནམ་མཁའ་འམ་གསལ་ལའོ། །ནམ་མཁའ་རང་བཞིན་གྱིས་དག་པ་ཡིན་ལ་དེའི་སྐྱོན་དུ་བ་ལ་སོགས་པ་བློ་བུར་བ་ཡིན་པས་ནམ ་མཁའ་ལ་ཁྲོ་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་སེམས་ཅན་ལ་ཁྲོ་བར་རིགས་པ་མ་ཡིན་གྱིས་ཉེས་པ་བྱེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དབྱུག་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕེན་པར་བྱེད་པ་ཉིད་ཀྱི་ཚུལ་ཡིན་ན་སྡུག་བསྔལ་སྐྱེ་བའི་རྒྱུའི་གཙོ་བོ་དབྱུག ་བ་ལ་སོགས་པ་བཀག་ཅིང་བོར་ནས་དེའི་གལ་ཏེ་འཕེན་པ་ལ་ཁྲོ་ན་ཞེས་བྱ་བའི་ཚུལ་གྱིས་དེའི་ཚེ། དབྱུག་པ་ལ་སོགས་པ་འཕེན་པར་བྱེད་པ་དེ་ཡང་ཞེ་སྡང་གིས་རྦད་བས་དེ་ལྟར་ན་ཉིས་ན་ཞེ་སྡང་ལ་ཁྲོ་བར་རིགས་སོ། །དེ་ལྟ་ཉོན་མོངས་པའི་དབང་དུ་གྱུར་པ་ཉིད་ཀྱི་ཚུལ ་གྱིས་དེའི་ནང་དུ་འདུས་པ་རང་བཞིན་དང་འཕེན་པར་བྱེད་པ་དག་ལ་ཁྲོ་བ་ལ་སོགས་པ་རིགས་པ་མ་ཡིན་གྱི། རང་གི་ལས་ལས་སྐྱེས་པའི་ཚུལ་གྱིས་ཀྱང་སྡུག་བསྔལ་བཟོད་པར་རིགས་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། བདག་གིས་སྔོན་ཆད་སེམས་ཅན་ལ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ཅི་སྟེ་མ་མཐོང་མི་འདོད་འོན་ཀྱང་དེ་ཞེས་བྱ་བ་ནི་རྒྱུ་ཉིད་ཀྱི་ཚུལ་ཡིན་ནོ། །མ་མཐོང་བའི་འདོད་པ་མ་ཡིན་ནམ་ཞེ་ན། དེའི་མཚོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལ་གནོད་པའི་ཚུལ་ཡིན་ནོ། །ཤུ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་ཞེས ་བྱ་བའི་སྐབས་ཀྱི་ལུས་ཡིན་ནོ། །རེག་པར་མི་བཟོད་པ་ནི་རེག་ཏུ་མི་བཟོད་པའོ། །སྐྱེ་བ་སྔ་མ་ལས་སྐྱེས་པའི་སྲེད་ལྡོངས་ཏེ། རིག་པ་དང་རིག་པ་མ་ཡིན་པ་མི་ཤེས་པ་སྟེ། ལུས་ཀྱི་རྒྱུ་དེ་ཚེ་འདི་ཉིད་ཀྱིས་མ་ཡིན་གྱིས། བརྒྱུ་དེ་འདྲ་བ་དེ་ཉིད་ནི་འགའ་ཞིག་གིས་སྐྱེ་བ ་སྔ་མའི་སྲེད་པ་ནི་འདིའི་རྒྱུ་ཡིན་ནོ། །དེའི་སྔོན་དུ་སོང་བ་ཅན་ལས་ཡིན་པ་དེ་ལྟར་ན། སྲེད་ལྡོངས་ཞེས་བསྟན་ཏོ། ཇི་ལྟར་ན་བདག་སྲེད་པའི་མུན་པ་ཡིན་ཞེ་ན། འདི་ལྟར་རྨོངས་པ། བྱིས་བ་སྡུག་བསྔལ་མི་བཟོད་ཅིང་སྡུག་བསྔལ་རྒྱུ་ལ་སྟེ། ་ཁྲོ་བ་དང་བཅས་པའི་ལུས་ལ་བསྐམས་པས་ན་དེའི་ཕྱིར་རང་གི་ཉེས་པས་གནོད་གྱུར་པ། གཞན་ལ་བཀོན་དུ་ཅི་ཞིག་ཡོད། ཅིའི་ཕྱིར་རང་ལ་ཁྲོ་བར་མི་བྱེད། དཔེར་ན་དམྱལ་བའི་སྲུང་མ་དང། ཞེས་བྱ་བ་ལ་སོགས་པ་ལ། རལ་གྲི་ལོ་མ་ཞེས་བྱ་བས་ནི་ལས་ཀྱི་འཕངས ་པའི་རླུང་གིས་བརྡས་པས་ལྟུང་བར་གྱུར་པའི་རལ་གྲིའི་ལོ་མ་རྣོན་པོ་ཅན་གྱི་ཤིང་གི་ནགས་སུ་དམྱལ་བ་རྣམས་སྐྱེ་བ་ནི་རལ་གྲིའི་ལོ་མའི་ནགས་ཚལ་ལྟར་རོ། །དེ་བཞིན་དུ་དམྱལ་བ་རྣམས་སུ་འབྱུང་བའི་བུད་མེད་ཤེལ་མ་ལིའི་ནགས་ལ་སོགས་པར་དམྱལ་བའི་བྱ་རྡོ་རྗེའི་མཆུ ་ཅན་དག་ཨེ་མའོ། །རང་གི་ལས་ཀྱིས་འདིར་བསྐྱེད་པ་རལ་གྲིའི་ལོ་མའི་ནགས་ཚལ་ལ་སོགས་པ་ནི་བདག་གི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྡུག་བསྔལ་འདི་རང་གི་ཉེས་པ་ལས་བྱུང་བ་ཡིན་ན་བདག་ལས་གཞན་པ་འགའ་ཞིག་ལ་ནི་ཁྲོ་བར་བྱེད། གལ ་ཏེ་གནོད་པར་བྱེད་པ་པོ་ལ་མ་ཡིན་ནམ་ཞེ་ན། བདག་གི་ལས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཟློག་པའི་ཚུལ་སྡིག་པ་མང་པོ་ཡིན་ནོ། །ཀྱེ་མ་རུང་སེམས་སོ། །གལ་ཏེ་ཁྱོད་ཉིད་དེ་དག་ལ་གནོད་པར་བྱེད་པ་ཡིན་ན་ཅི་དེ་དག་དམྱལ་བར་འགྲོ་ཞིང་ཁྱེད་མི་འགྲོ་འམ་ཞེ་ན། ་བདག་གི་བསམ་པའི་ཡོན་ཏན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྩེ་བའི་བསམ་པའི་ཚུལ་ཡིན་ནོ། །འོན་ཏེ་ལན་དུ་གནོད་བྱས་ན་ཞེས་བྱ་བ་ནི་ལན་དུ་གནོད་པར་བྱེད་པ་ནི་བརྩེ་བ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ་།དེས་ན་དཀའ་ཐུབ་ཅེས་བྱ་བ་ནི་རང་ཉིད་ཀྱིས་བྱ་བ་སྟོན ་པའོ། །དེ་དེ་ལྟར་རྒྱུ་ཉིད་ཅེས་བྱ་བ་ལ་སོགས་པའི་ཚུལ་ཡིན་ནོ། །ཕལ་ཆེར་ལས་ལས་སྐྱེས་པའི་ཚུལ་གྱིས་ནང་དུ་འདུས་པ་བཤད་པ་ཡིན་ནོ། །དེ་ལྟར་མི་འདོད་པ་ཉིད་ཀྱིས་ཀྱང་ཁྲོ་བར་མི་རིགས་པས་བརྙས་བ་ལ་སོགས་པས་ཀྱང་རིགས་པ་ཉིད་མ་ཡིན་ནོ་ཞེ་ན། ཡིད་ནི ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཀྱང་བེམས་པོ་ཉིད་ཡིན་པའི་ཕྱིར་གནོད་པར་བྱ་བ་མ་ཡིན་ནོ་ཞེ་ན། བདེན་ཏེ། ལུས་ལ་མངོན་པར་ཞེན་པས་ན་ཡིད་ནི་འདི་ལྟར་ལུས་ཡིན་ནོ། །ལུས་ལ་གནོད་པའི་ཕྱིར་ཡིད་ལ་གནོད་པར་འགྱུར་བ་ཡིན་གྱིས། ཡན་ག་བར་ནི་གཞོམ་པར ་མི་ནུས་སོ། །ཞེས་བསྟན་ཏོ། །སེམས་དང་བཅས་པའི་སྡུག་བསྔལ་གྱིས་གནོད་པར་འགྱུར་གྱིས། བརྙས་པ་ལ་སོགས་པའི་ཡོན་ཏན་གྱིས་ལུས་ལ་གནོད་པར་མི་འགྱུར་ན། ཡིད་ལ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ཀྱེ་མ་ཡོན་ཏན་དེས། །སེམས ་ཁྱོད་ཅིའི་ཕྱིར་རབ་ཏུ་ཁྲོ། །གལ་ཏེ་དེས་ན་ཁོ་བོ་ལ་འགའ་ཞིག་མ་དང་བའི་ཕྱིར་རོ་ཞེ་ན། གཞན་དག་བདག་ལ་མི་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྙེད་པའི་ཞེས་བྱ་བ་ལ་སོགས་པ་འཚོ་བའི་བར་གྱི་ཚུལ་ལོ། །འདོར་གྱིས་ཞེས་བྱ་བ་ནི་ལོག་པའི་འཚེ་བ་ཅན་རྙེད་པས ་འཚོ་བའི་དོན་དུ་སྔོ་བ་འཇུག་པར་འགྱུར་གྱིའོ། །འཆི་བའི་དུས་དང། ཡུན་རིངས་སུ་འཚོ་བ་དང། ཡུན་ཐུང་ངུར་འཚོ་བ་དག་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། རྨི་ལམ་ལོ་བརྒྱར་བདེ་མྱོང་ནས། །སད་པར་གྱུར་བ་གང་ཡིན་དང། །གཞན་ཞིག་ཡུད་ཙམ ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉི་ག་ལའང། །རྨི་ལམ་ཉམས་སུ་མྱོང་བ་ཡི། །བདེ་བ་དེ་ནི་ཕྱིར་འོང་མེད་ཅིང་འབྱུང་བ་མེད་དོ། །ཚེ་རིང་ཚེ་ཐུང་གཉི་ག་ཡང། །འཆི་བའི་དུས་ན་དེ་འདྲར་བྲེད། ཅེས་བྱ་བ་སྨོས་ཏེ། དཔེར་ན། རྨི་ལམ་ཉམས་སུ་མྱོང་བ ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་སྤྱོད་ཡུལ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ ་བར་འགྱུར་ཏེ། དེ་ལྟར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །གལ་ཏེ་བརྙས་པ་ལ་སོགས་པ་མེད་པའི་ཕྱིར་འཆི་བ་ན་སྡིག་པས་ངན་སོང་འགྲོ་བར་བྱེད་པས་འཚོ་བས་སྡིག་པ་དང་བསོད་ནམས་བྱ་བ་ཡིན་ནོ་ཞེ་ན། བརྙེད་པའི་དོན་དུ་ཁྲོས་གྱུར་ན། །བསོད་ནམས ་ཟད་སྡིག་མི་འགྱུར་རམ། །དེ་བས་ན་གང་གི་དོན་དུ་བདག་གསོན་པ། །བསོད་ནམས་དེ་ཉིད་གལ་ཏེ་མིད་གྱུར་ན། །སྡིག་པ་འབའ་ཞིག་བྱེད་པ་ཡིས། །གསོན་པས་དེས་ཀོ་ཅི་ཞིག་བྱའོ། །བརྙས་པ་ལ་སོགས་པ་བྱེད་ད་རྙེད་པའི་བར་ཆད ་བྱེད་པ་ཡིན་ན་ཡང་ཁྲོ་པར་རིགས་པ་མ་ཡིན་པ་དེ་ལྟར་ན་རིགས་པའི་ཚུལ་ནི། གལ་ཏེ་བསྟན་པ་ཉམས་བྱེད་པ། ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མི་སྙན་པར་ཞེས་བྱ་བ་ནི་བརྙས་པ་ལ་སོགས་པས་དངོས་པོར་སྨྲ་བ་དང་བྱེད་པའི་ཚུལ་གང་ལ་ཡོད་པ་དེ་ནི ་མི་སྙན་སྨྲ་བར་ཁྲོ་ཞེ་ན། སེམས་ཁྱོད་ཅིའི་ཕྱིར་མི་སྙན་པར་སྨྲ་བ་དེ་འཇོམས་པར་བྱེད། གལ་ཏེ་རྙེད་པ་དང་བདེ་བ་ལས་ཉམས་པ་ཡིན་ནོ་ཞེ་ན། སྔན་ཆད་གྲགས་མིན་སྨྲ་བ་ལ་ཡང་མི་སྙན་པར་སྨྲ་བ་ལ། ཡིད་ཁྱོད་ཅིའི་ཕྱིར་ཁྲོ་མི་སྐྱེ། །གང་མི་སྙན་པར་སྨྲ་བ ་ཡིན་པ་དེ་ལ་ཁྱོད་ཁྲོ་བར་བྱ་བ་ཡིན་ཏེ། དཔེར་ན་བདག་ལ་མི་སྙན་པར་སྨྲ་བ་ལྟ་བུའོ། །གཞན་གྲགས་པ་མ་ཡིན་པ་བྱེད་པ་ཡང་མི་སྙན་པར་སྨྲ་བ་ཡིན་ནོ། །འོ་ན་ཏེ་ལོག་པར་མི་སྙན་པར་སྨྲ་བ་དེ་ལྟར་ན་མ་དད་པ་གཞན་ལ་རག་ལས་པས་གཞན་གྲགས་པ་མ་ཡིན་པ ་བྱེད་པ། དད་པ་མེད་ལ་ཁྱོད་བརྩེ་དང། །གྲགས་པ་ལ་སོགས་པ་ལའོ། །གལ་ཏེ་དེ་ལྟ་ཡིན་ན། ཉོན་མོངས་སྐྱེ་ལ་རག་ལས་བའི། །མི་སྙན་སྨྲ་ལ་ཅས་མི་བརྩེ། །ཕྱོགས་འདི་ལ་ཡང་རིགས་སོ། །ཞེས་བསྟན་པར་འགྱུར་རོ། །གང་མ་དད་པ་གཞན་ལ་རག་ལས་པ ་གང་ཡིན་པ་དེ་ལ་བཟོད་པ་ནི་དཔེར་ན་དད་པ་མེད་པ་ལ་སོགས་པ་ལྟ་བུའོ། །མ་དད་པ་གཞན་ལ་རག་ལས་པ་ཡང་མི་སྙན་པར་སྨྲ་བ་ཡིན་ནོ། །དེ་ལྟར་ན་བདག་ལ་གནོད་པར་བྱེད་པ་ལ་བཟོད་པ་བསྟན་ནས། ཡིད་དུ་འོང་བ་ལ་གནོད་པ་བྱེད་པ་ལ་བཟོད་པ་བཤད ་པའི་ཕྱིར། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཉེན་ནི་ཉེ་དུའོ། །སྔན་མའི་ཚུལ་གྱིས་སྔར་བཤད་པའི་ཚུལ་གྱིས་རྐྱེན་དང་ལས་ཉོན་མོངས་པའི་ཕྱོགས་གནོད་པ་བྱེད་པ། འབྱུང་བ་མཐོང་ན་ཁྲོ་བ་བཟློག་།གནོད་པ་བྱེད་པ་དག་ལ་ཁྲོ?་? ་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་གནོད་པ་ཡང་རྐྱེན་ལས་བྱུང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལུས་ཅན་རྣམས་ལ་སེམས་ཡོད་དང། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་པར་བྱེད་པས་ན་སེམས་ཡོད་པའོ། །དེ་དང་སེམས་མེད་གཉི་ག་གནོད་བྱེད ་ན། རྟེན་ནས་འབྱུང་བ་ཡིན་ཏེ། ལུས་ཅན་རྣམས་ཀྱི་སྐྲ་དང། སེན་མོ་ལ་སོགས་པ་དང། སེམས་ཡོད་པ་དང། སེམས་མེད་པ་གཉི་གས་གནོད་པར་བྱེད་པ་ནི་འདོད་པའི་ཁམས?་ཀྱི་ལས་ལས་སྐྱེས་པ་ཉིད་ཀྱི་ཕྱིར། ངེས་པར་གདོན་མི་ཟ་བར་འབྱུང་བར ་འགྱུར་རོ། །དེ་ཡང་སེམས་ཡོད་པ་སྟེ། ལུས་དང་སེམས་ལ་ཉམས་སུ་མྱོང་བར་མཐོང་བ། དེ་བས་གནོད་པ་བཟོད་པར་གྱིས། །དེ་ལྟར་ནི་འགྱུར་མོད་ཀྱི། སེམས་མེད་པས་བྱས་པ་བཟོད་པར་བྱ་བ་ཡིན་ཏེ། དེ་དག་ལ་བློ་སྔོན་དུ་འགྲོ་བ་མེད་པ་ཉིད་ཀྱི་ཕྱིར ་གནོད་པ་ཉིད་མེད་པའི་ཕྱིར་རོ། །སེམས་ཡོད་པ་ནི་སྐྱོན་མེད་པ་ཡིན་ན་ཡང་དེ་བློ་སྔོན་དུ་བྱེད་པས་གནོད་པ་བྱེད་པས་དེ་ལྟར་ན་དེ་དག་ལ་ཁྲོ་བར་བྱ་བ་ཡིན་ནོ་ཞེ་ན། ལ་ལ་རྨོངས་པས་ཉེས་པ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གིས་གཞན་དག ་ལ་གནོད་པར་བྱས་པ་ལ་ཉོན་མོངས་པའི་སྐྱོན་གྱིས་ཁྲོ་བ་ལ་སོགས་པ་འབྱུང་བ་ཡིན་པ་དེ་ལྟར་ན་གཅིག་གཞན་པ་དེ་དག་གི་ནང་ནས། དེ་ལ་སྐྱོན་མེད་གང་ཡིན་སྨོས། །གནོད་པ་བྱེད་པ་གང་ཞིག་ཡིན་སྨྲ་བར་བྱའོ། །བདག་གིས་སྔོན་ཆད་སེམས་ཅན་ལ།། ་འདི་འདྲ་བའི་གནོད་པ་བྱས་ཞེས་བཤད་པ་གང་ཡིན་པ་ལྟ་བུའོ། །དེ་ལ་གནས་སྐབས་འགའ་ཞིག་རྙེད་པ་ནི། །གང་གིས་གཞན་དག་གནོད་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚོགས་པ་ལ་དེས་པའི ་ལས་ནི་རྣམ་པ་གཉིས་ཏེ། བྱ་བ་དང་འབྲས་བུ་ཡིན་པ་དེ་ལྟར་ན། །ཐམས་ཅད་ལས་ལ་རག་ལས་ན། །ངས་འདི་ཅི་ཞིག་གཞན་དུ་བྱེད། །ཚོགས་པ་ལ་དེས་པ་ནི་རྣམ་པ་གཞན་དུ་བྱ་བར་མི་རུང་བའི་ཕྱིར་འཇིག་རྟེན་སྣ་ཚོགས་པ་ལས་ལས་སྐྱེས་བ ་ཡིན་ནོ། །དེ་ལྟར་མཐོང་ནས་ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། ཅི་ལྟར་འབད་རྩོལ་བྱ་ཞེ་ན། དཔེར་ན་ཁྱིམ་ཚིག་གྱུར་བའི་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབད་རྩོལ་བྱེད་པའི་ཚུལ་ཡིན་ནོ། །དངོས་པོ ་གང་ལ་སེམས་ཆགས་ནས། །ཁང་པ་བཞིན་དུ་ཚིག་པ་ན། །རྩཝ་ལ་སོགས་པ་བཞིན་དུ་དེ་ནི་དེའི་མོད་ལ་དོར། །གང་གིས་ཞེ་ན། དེའི་ཡུལ་ལམ་མངོན་པར་འདོད་པ་ཡུལ་གྱིས། ཞེ་སྡང་མེ་ནི་མཆེད་གྱུར་པ། །བསོད་ནམས་ཀྱི་བདག་ཉིད་ཅན་གྱི་སེམས་ཀྱི ་ཁང་པ་ཚིག་པར་དོགས་པ་ཡིས་སོ། །དོར་བ་ན་སྡུག་བསྔལ་འབྱུང་བ་ནི་དགེ་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསད་བྱའི་མི་ཞིག་ལག་བཅད་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་བཟོད་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན། གལ་ཏེ་ད ་ལྟའི་སྡུག་བསྔལ་འདི་ཙམ་ལའང་ཞེས་བྱ་བ་ལ་སོགས་པ་ནི་ལྕི་བ་དང་ཡང་བ་ལ་མ་རྨོངས་པའི་ཚུལ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་དེ་དག་ཉེ་བར་བཀོད་པ་ཡིན་ནོ། །དམྱལ་བའི་གནོད་པ་དྲག་པོ་དེའི་རྒྱུ་ཁྲོ་བ་དང། འཁྲུགས་པ་ཡིན་ཏེ། དེའི་དོན ་འབྲས་བུ་མེད་པར་འགྱུར་རོ། །དམྱལ་བའི་སྡུག་བསྔལ་ཅི་ཙམ་པ་འདོད་པའི་དངོས་པོ་དོར་བ་ལས་སྐྱེད་པའི་སྡུག་བསྔལ་འདི་ནི་དེ་ཙམ་གནོད་མིན་ལ། འདི་ནི་བྱང་ཆུབ་ཀྱིས་བཟུང་བ་ཉིད་གང་ཡིན་པ་དེའི་ཕྱིར། དོན་ཆེན་དག་ཀྱང་བྱེད་འགྱུར་བས། །དེ་ཕྱིར་འགྲོ་བའི ་གནོད་སེལ་སྡུག་བསྔལ་ལ། །དགའ་བ་འབའ་ཞིག་འདིར་བྱ་རིགས་སོ། །དེ་ལྟར་ཡིད་དུ་འོང་བ་འམ་བདག་ལ་སྡུག་བསྔལ་དང་བརྙས་པ་ལ་སོགས་པའི་བཟོད་པ་བསྟན་ནས། འགྲོ་བའི་བདེ་བ་ལ་སོགས་པ་མཐོང་བ་དང་མ་མཐོང་བ་ལ་སོགས་པའི་བཟོད་པ་ནི། གཞན ་གྱི་ཡོན་ཏན་ལྡན་བསྟོད་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་གྱིས་བསྐྱེད་ཅིང་སྟོབས་དང་ལྡན་པར་དགྲ་བོ་བསྟོད་པ་དང། ཕྲག་དོག་གིས་ཅིའི་ཕྱིར་དེ་དག་དགའ་མི་བྱེད། ཁྱོད་ཀྱི་དགའ་བའི་བདེ་པ་འདི། །བདེ་འབྱུང་ཁ་ན་མ་ཐོ་མེད། །ཉན ་དེ་བ་ན་ཡང་རང་དང་གཞན་ལ་འདི་ལས་བདེ་བ་འབྱུང་བས་ན་བདེ་འབྱུང་ངོ། །འགྲོ་བའི་ཐར་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པའོ། །བྱང་ཆུབ་སེམས་ཀྱིས་ཡང་དག་པར་ཟིན་པ་ཉིད་ཀྱི་ཕྱིར་སངས་རྒྱས་ལ་སོགས་པ་ཡོན་ཏན་དང་ལྡན་པ་རྣམས་ཀྱི ་གནང་ངོ། །བདེ་བ་ལས་ཐར་པའི་དོན་མ་ཡིན་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱིས་མ་གནང་བ་ཡིན་ལ། འདི་ནི་མ་ཡིན་པ་དེའི་ཕྱིར། གཞན་སྡུད་པའི་མཆོག་ཀྱང་ཡིན། །དགྲ་བོ་དེ་ཉིད་ལ་བདེ་བ་དང་དགའ་བ་སྐྱེས་པ་འདི་ཡང་དེའི་ཚེ། དེའི་ཡོན་ཏན ་བསགས་པ་ཉིད་ཡིན་པའི་ཕྱིར་དེ་ལྟར་བདེར་འགྱུར་ཞེས། གལ་ཏེ་ཁྱོད་བདེ་མི་འདོད་ནའོ། །འོན་ཏེ་དེ་ལྟར་བྲན་ལ་གླ་བྱིན་པ་ལ་སོགས་པར་མི་འགྱུར་ཞིང་དེས་བསགས་པའི་ནོར་དང། ཁྲུས་དང། དྲིལ་ཕྱི་དང། ཡན་ལག་གི་སྐུ་མཉེ་ལ་སོགས་པའི་བདེ ་བ་དེ་ཉིད་ཀྱིས་ཡིན་ལ། དེའི་ཕྱིར་སྤོང་བ་དང་གླ་རྔན་ལ་སོགས་ཀྱིས་འདི་དང་གཞན་གྱི་བདེ་པ་འབྲས་བུ་མཐོང་དང་མ་མཐོང་བ་ཉམས་ཤིང་ཞིག་པར་འགྱུར་ཏེ། གླ་རྔན་མེད་པར་གླ་བ་ལས་བྱེད་པ་ལ་གླའི་དོན་དུ་དེ་མེད་པ་ཡིན་པ་ལས་སྡིག་པར་འགྱུར་བའི་ཕྱིར་རོ།། ་གཞན་ཡང་རང་གི་ཡོན་ཏན་བརྗོད་པའི་ཚེ། །བདག་གིས་ཡོན་ཏན་བརྗོད་པ་ན། །གཞན་གྱིས་བདེ་བ་ནི་གཞན་ལ་བདེ་བ་སྟེ། དེ་ཡང་འདོད་པར་བྱེད། གཞན་གྱིས་ཡོན་ཏན་བརྗོད་པའི་ཚེ། །རང་ལས་བདེ་བ་མི་འདོད་དེ། །དེ་ནི་ལེགས་པ་མ་ཡིན་ནོ་ཞེས་བསྟན ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། སེམས་ཅན་ཐམས་ཅད་བདེར་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟོད་པའི་ཡུལ་གྱིས་ཕྲག་དོག་ལ་བཟོད་པ་བཤད་ནས། རྙེད་པ་དང་བཀུར་སྟིའི་ཡུལ་གྱི་ཕྲག་དོག་བསྟན་པའི་ཕྱིར་འཇིག་རྟེན་གསུམ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། སེམས་ཅན་དག་གི་བསྙེན་བཀུར་ངན་དོན་ཙམ་སྟེ། ཉུང་ཟད་ཙམ་ཐོང་ནས། ཅིའི་ཕྱིར་དེ་ལ་གདུང་བར་བྱེད། གལ་ཏེ་འགའ་ཞིག་ཁྱོད་ལ་གནོད་པ་བྱེད་པ་དེ་ལ་ཡང་ཁྱོད་ཀྱིས་དེ་གསོ་བར་བྱ་བ་ཡིན་ཏེ། འབྲོ?་བ་ཐམས་ཅད་ནི་སྐལ་པ་ཆུང་བ ་བཞིན་དུ་སྡུག་པ་ཉིད་ཡིན་པའི་ཕྱིར་རོ། །གསོ་བྱ་གང་ཞིག་ཁྱོད་གསོ་བ། །ཁྱོད་ཉིད་ཀྱི་ནི་སྦྱིན་བྱ་སྟེ། །དེ་ཅི་གཉེན་གྱིས་འཚོ་བ་རྙེད་འགྱུར་ན། །དགར་མི་འགྱུར་བར་སླར་ཁྲོ་འམ། །དེ་དེ་ལྟར་ནི་འགྱུར་མོད་ཀྱི། ཐམས་ཅད ་བྱང་ཆུབ་ནི་འདོད་པ་ཡིན་གྱི། དགྲ་ལ་བདེ་བ་མ་ཡིན་ནོ་ཞེ་ན། དེ་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་ལ། འགྲོ་བ་ཞེས་བྱ་བ་ནི་དགྲ་བོ་དག་ལ་ཡང་ངོ། །དེས་ཞེས་བྱ་བ་ནི་དགྲ་བོས་སོ། །དེ་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་དངོས་པོའོ། །དངོས་པོ་དེ་དང ་བསོད་ནམས་ལ་སོགས་པ་དག་གིས་རྙེད་པར་འགྱུར་རོ། །དེ་དག་མི་ཁྲོ་བའི་དོན་དུ་བཟློག་པར་མི་ནུས་སོ། །ཞེས་བསྟན་པའི་ཕྱིར། བསོད་ནམས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསོད་ནམས་ནི་སྐྱེ་བ་སྔ་མ་ལ་བྱས་པའི་དགེ་བའོ། །དད་པ་ནི ་སྦྱིན་པ་ཡིན་པར་བྱེད་པའོ། །ཡོན་ཏན་ནི་ཚེ་འདིའི་བཟོ་ལ་སོགས་པ་ལུང་དུ་མ་བསྟན་པ་ལ་སོགས་པའི་རང་གི་ཡོན་ཏན་ཅི་ཕྱིར་འདོར། རྙེད་པར་འགྱུར་བ་མི་འཛིན་ལ། །གང་གི་ཁྲོ་བར་མི་བྱེད་སྨྲོས། །དའི་རྙེད་པ་ལས་ཁྲོ་བར་མི་བྱའོ། །ཞེས་བསྟན་པའི་ཕྱིར། ཁྱོད ་ནི་རང་གི་སྡིག་བྱས་ལ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསོད་ནམས་ལ་ཕྱོགས་པ་དགེ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གཞན་ཡང་བདག་ཡིད་སྨོན་པ་ཙམ་གྱིས་དགྲ་བོ་མི་དགའ་བ་སྐྱེ་བ་ན་བདག་དགའ་བར་འགྱུར་རོ་ཞེ་ན། གལ་ཏེ་དགྲ་ཞིག་མི་དགའ་ནའང་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྣམ་པ་འགའ་ཞིག་གིས་དགྲ་བོ་མི་དགའ་བར་གྱུར་བ་ན་དེ་ལ་ཁྱོད་དགར་ཏེ། ཁྱོད་དགའ་བའི་རྒྱུ་མཚན་ཁྱོད་ཀྱི་ཡིད་སྨོན་ཙམ་ཡིན་པར་འགྱུར་བ་དེ་ལྟར་ན་ཡང་དེ་ལ་ཁྱོད་དགར་ཅི་ཞིག་ཡོད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱི ་ཡིད་སྨོན་ཙམ་གྱིས་ནི། དེ་ལ་གནོད་བའི་རྒྱུར་མི་འགྱུར་རོ། །དེ་ལྟར་རྒྱུ་ལ་དགྲ་ལུས་པའི་ཚུལ་བཤད་ནས། །དོན་མེད་པ་ཉིད་ཀྱི་ཚུལ་ཁྱོད་ཀྱི་འདོད་པས་སྡུག་བསྔལ་དེ་ཞེས་བྱ་བ་ལ་སོགས་པ་གསྨོས་ཏེ། གང་གི་ཚེ་ཁྱོད་ཀྱི་འདོད་པ་ཡང་དགྲ་བོའི་སྡུག ་བསྔལ་གྱི་རྒྱུ་ཡིན་པ་དེའི་ཚེ། ཁྱོད་ཀྱིས་འདོད་པས་སྡུག་བསྔལ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེངས་པར་འགྱུར་ཞེ་ན། །དེ་ལྟར་བདེ་འམ་གཞན་ཡང་རུང། །དེ་ལས་བུད་བའང་གཞན་ཅི་ཡོད། །དེའི་སྡུག་བསྔལ་ཡོད་ན་བདེ་བའམ ་དོན་གཞན་དུ་འགྱུར་ངེས་པར་དོན་ཆེན་པོ་བྱེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གང་གི་ཕྱིར་སྡུག་བསྔལ་དེ་ཡོད་ན། །ཉོན་མོངས་ཉ་བས་བཏབ་པའི་ཞེས་བྱ་བ་ནི་མཆིལ་བ་དང་འཚེ་བས་ཉ་པ་སྟེ། ་རིགས་ངན་ལ་སོགས་པའོ། །སེམས་ཀུན་ནས་ཉོན་མོངས་པར་བྱེད་པས་ན། ཀུན་ནས་ཉོན་མོངས་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་མཆིལ་པ་བཞིན་དུ་བཏབ་པས་ན། ཉོན་མོངས་ཉ་བས་བཏབ་པའོ། །བདེ་བའི་མཆིལ་པ་སྟེ། ཉ་གདོན ་བའི་དོན་གྱི་ཟང་ཟིང་དེ་དང་འདྲ་བར་རོ། །མི་བཟད་པ་ནི་དྲག་བ་སྟེ། །འདི་ལྟར་དམྱལ་བའི་སྲུང་མས་ཁྱོད། །དམྱལ་བ་བཞིན་དུ་ཉོན་མོངས་པའི་མཆིལ་པ་དང། བདེ་འགྲོའི་ཆུ་བོ་ལས་ཕྱུང་ནས། །སྲིད་བ་བར་མ་དེའི་སྐམ་སར་ཁྲིད་དོ། །སེམས་དམྱལ་བུམ་པ་ཡང་སྟེ།། ་ཏིལ་མར་གྱིས་བཀང་པའི་ཟངས་ཆེས་ཤིན་ཏུ་ཁེལ་བ་དེ་དག་གནད་དུའོ། །དམྱལ་བའི་སྲུང་མས་བདག་འཚེད་དེས། །ངེས་པར་བསྲེག་པར་འགྱུར་རོ། །བསྟོད་པ་སོགས་པ་ཡང་འབྲས་བུ་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། བསྟོད་དང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གཞན་གྱི་དོན་ཤེས་པ་ནི་རང་གི་དོན་ཡིན་ལ། དེ་ནི་བློ་དང་ལྡན་པ་མཁས་པ་གཞན་གྱི་དོན་ཉིད་རང་གི་དོན་ཉིད་ཡིན་ནོ། །དེ་དག་གི་རང་གི་དོན་ཤེས་པ་བློ་དང་ལྡན་པ་མ་ཡིན་པའི་ཡིད་བདེ་བར་འགྱུར་རོ་ཞེ་ན། ཡིད་བདེ་འབའ་ཞིག་འདོད་ན་ནི་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། བསྟོད་པ་ལ་སོགས་པ་བདག་གིས་བྱ་བ་ཙམ་ཡང་བསྟོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་དུ་གྲགས་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཚིག་འབྲུ་ནི་གྲགས་པའི་ཐ་ཚིག་གོ་།བསྟོད་པ་ལ་སོགས་པ་བཅོམ ་པ་ན། བྱིས་པའི་སྤྱོད་པའི་ཚུལ་གྱི་མི་བཟོད་པ་ནི། དཔེར་ན་བྱེ་མའི་ཁང་བུ་སྡིབ་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རེ་ཞིག་སྒྲ་ལ་ཞེས་བྱ་བ་ལ་སོགས་པ་ལ། རེ་ཞིག་གི་སྒྲ་ནི་ལུས་དང་སེམས་ལ་བལྟོས་པ་ཡིན་ནོ། ། ་ལུས་ནི་རྡོལ་པ་ཅན་ཡིན་ན་ཡང་བེམས་པོ་ཡིན་པས་ན་བསྟོད་པ་མ་ཡིན་ནོ། །ཡིད་ནི་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་དང་བྱེད་པ་པོ་ཉིད་དུ་མི་རུང་བའི་ཕྱིར་རོ། །འོ་ན་གང་ལས་བདག་བསྟོད་དོ་ཞེས་བྱ་བའི་དགའ་བ་རང་ལ་སྐྱེ་བར་འགྱུར་ཞེ་ན། བདག ་ལ་གཞན་དགའ་ཞེས་གྲགས་པ་ཞེས་བྱ་བ་སྨོས་ཏེ། དགའ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་དེ་ནི་བཏགས་པ་ཙམ་ཡིན་ནོ། །གཞན་གྱི་དགའ་བ་མེད་པ་ཡང་དགྲ་ཡོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ནམ་ཡང་ན་བདག་ལའང་རུང་ཞེས་བྱ་བ་སྨོས ་ཏེ། ཅི་ཞིག་ཅེས་བྱ་བ་མངོན་པར་འདོད་པ་མ་ཡིན་ནོ། །བདག་ལ་གཞན་གྱི་དགའ་བ་ཡོད་ན་ཡང་དེ་བདག་ལ་ཕན་པའི་མ་ཡིན་ནོ། །གང་གི་ཕྱིར་གཞན་དེ་དགྲ་པོ་འམ། བདག་ལ་གཞན་གྱི་བསྟོད་པ་དང་འབྲེལ་པ་གཞན་གྱིས་དགའ་བས་བདག ་ལ་འབྲས་བུ་ཅི་ཞིག་ཏུ་འགྱུར་ཞེས་བསྟན་པའི་ཕྱིར། དགའ་བདེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་སྟེ་བསྟོད་པ་བྱེད་པ་ཉིད་ཀྱིའོ། །བདག་གིས་དེ་ལ་ཤས་མི་འཐོབ། །བདེ་བ་ནི་རང་གི་ཡིན་པའི་ཕྱིར་དང། གཟུགས་ཅན་མ་ཡིན་པ་ཉིད ་ཀྱི་བགོ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གཞན་བསྟོད་པ་བྱེད་པའི་དགའ་བ་དེ་ལ་བརྟེན་ནས་བདག་ཀྱང་དགའ་བར་འགྱུར་རོ་ཞེ་ན། བདག་བདེ་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ལ་འང་སྟེ་གཞན་དག་ལའང་བདེ་བ་དེ་ཡོད་པར་འགྱུར་ན། དེ ་བདེ་བ་ཡི་བདག་ལ་བདེ་བར་འགྱུར། །ཅི་ཕྱིར་གཞན་ལ་དགའ་བ་ཡིས། །ཁྲོ་བའི་དགྲ་ལ་དགའ་བ་བས། །གཞན་དག་བདེ་བར་འགྱུར་བ་ལ། །དེ་བདེ་འགྱུར་བར་བདག་མི་བདེར། །དེ་བས་བདག་ནི་བསྟོད་དོ་ཞེས་བྱ་བ་འདི་ལྟ་བུ་ནི་ལོག་པའི་རྟོག ་པ་ཙམ་ཉིད་ཡིན་པའི་ཕྱིར་ངའོ་སྙམ་པའི་ང་རྒྱལ་གྱིས་བཟུང་བའི་སེམས་ཀྱིས་རྒྱུད་སྐྱེ་བར་འགྱུར་རོ། །དེ་ཡང་དེ་ལྟར་གཞན་གྱི་དགའ་བ་དང་བདག་འབྲེལ་མེད་ཕྱིར། བྱིས་བའི་སྤྱོད་པ་ཁོ་ནར་ཟད་དོ། །ཕན་འདོགས་པར་བྱེད་པའི་ཚུལ་གྱིས་དགྲ་བོ་དག་ལ་སྡང་བར ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྟོད་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཡེངས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་གཡེངས་པར་བྱེད་པའོ། །དེས་ནི་སྐྱོ་བའང་འཇིགས་པར་བྱེད། །བདག་ཡོན་ཏན་ལྡན་ལ་ཕྲག་དོག་དང་སྟེ། སྦྱིན ་པར་མི་འདོད་པ་ཉིད་དུ་བྱེད་པའོ། །བདག་ལ་བྱིན་པ་དེ་དག་ལ་བྱིན་ཞིང་གཞན་གྱིས་ཀྱང་དེ་དག་བསྟོད་པ་སྦྱིན་པ་ལ་སོགས་པ་ནི་ཕུན་སུམ་ཚོགས་པའོ། །དེ་དག་ལ་བདག་ཁྲོ་བ་ནི་ཕུན་སུམ་ཚོགས་པ་ལ་ཡང་ཁྲོ་བ་སྟེ། བསྟོད་པ་ལ་སོགས་པའི་དེས་དེ ་ལ་ཡང་ཁྲོ་པར་བྱེད་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་བསྟོད་པ་དག་ལ་སོགས། །གཞོམ་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ནི་རྟོགས་པར་སླའོ། །སྡུག་བསྔལ་འཇུག་འདོད་ལ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ཉིད ་ཅེས་ངེས་པར་གཟུང་བར་བྱ་བའི་ཕྱིར། མནར་མེད་པར་སྐྱེ་བ་ལེན་པ་ལ་སོགས་པའི་སྒོ་ནས་ཞུགས་པར་འདོད་པ་ལ། གང་དག་སྒོ་འཕར་ཉིད་གྱུར་པ་སྟེ། བསྟོད་པ་ལ་སོགས་པ་གཞོམ་པའི་ཕྱིར་ཉེ་བར་གནས་པའོ། །བསོད་ནམས་ཀྱི་གེགས་བྱེད་ན ་ཡང་གེགས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་སྨོས་ལ། བཟོད་མཚུངས་དཀའ་ཐུབ་ཡོད་མིན་ཏེ། །བསོད་ནམས་ཡོད་པ་མ་ཡིན་ནོ། །དེ་དང་དེར་དམ་པ་རྣམས་ཀྱིས་གང་གསུངས་པ་གང་ཡིན་པ། དེ་ལ་བདག་ནི་མི ་གནས་སམ། །གལ་ཏེ་བདག་གི་ནི་ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་རྒྱུ་ནི་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་གེགས་བྱེད་པ་ཡིན་ན་ཡང་བཟོད་པའི་རྒྱུ་ཡིན་ནོ། །གཞན་ལ་ཕན་པར ་བྱེད་པའི་བཟོད་པའི་རྒྱུ་ནི་དགྲ་བོ་ཉིད་དོ། །ཞེས་བསྟན་པའི་ཕྱིར། གང་ཞིག་གང་མེད་མི་འབྱུང་ལ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་དེའི་རྒྱུ་ཡིན་པ་ཞེས་བྱ་བ་ནི་ཅི་ལྟར་མེས་བསྲེགས་པ་ཉིད་ཀྱིས་ཡིན་པ་དེ་ལྟར་བཟོད ་པའི་དགྲ་ཡིན་ན་ཇི་ལྟར་དེ་ལ་སྟེ། རྒྱུ་ལ་གེགས་ཞེས་བྱ། ཇི་ལྟར་མ་ཡིན་ཞེ་ན། དུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ཡང་འདོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཇིག་རྟེན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་དུ་ཆུད ་པར་སླའོ། །མཆོད་པར་བྱ་བ་ཉིད་ཀྱི་ཚུལ་ནི། འདི་དང་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སྤྱོད་པའི་གྲོགས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར། དགྲ་བོ་འདི་དང་བདག་གིས་བསྒྲུབས་པས་ན། དེའི་ཕྱིར་དགྲ ་བོ་དེ་ལ་བཟོད་པ་དེའི་རྒྱུའོ། །དེའི་འབྲས་བུ་ནི་དམ་པའི་ཆོས་ཀྱི་བདུད་རྩིའོ། །སྤྱོད་པའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་ལ་མོས་པ་ཙམ་དུ་བྱིན་དུ་ཟིན་ཀྱང་འབྲས་བུའི་གནས་སྐབས་སུ་ཡང་ཆེས་ཤིན་ཏུ་གསལ་བར་བྱས་ལ། དང་པོ་དེ་ཉིད་ལ ་སྦྱིན་བར་བྱའོ། །དེ་སྔོན་དུ་སོང་བ་ཅན་ནི་དགྲ་བོའི་རྒྱུ་ཅན་ཡིན་ནོ། །གྲུབ་པ་ནི་རྒྱུར་རུང་བ་དང་ཞེས་བྱ་བའི་ཚིག་གཉིས་གསུངས་པ་ནི་བཟོད་བ་འགྲུབ་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་དུ་སྨན་པ་བཞིན་དུ་ཕན་བརྩོན་ན་ཞེས་བྱ་བ་ནི་གལ་ཏེ་གནོད་པའི ་བསམ་པ་མེད་པར་འགྱུར་བ་དེའི་ཚེ་སྨན་པ་བཞིན་ཏེ། སྨན་པ་བཞིན་དུ་ཕན་པ་ལ་བརྩོན་པ་ཡིན་ན་གནོད་པ་ཕྱེད་པ་མ་ཡིན་པ་ལ་བདག་གི་བཟོད་པའང་ཅི་ལྟར་འགྲུབ། དེ་བས་ན་དགྲ་བོ་དེའི་རབ་ཏུ་སྡང་སེམས་ལ། བརྟེན་ནས་བཟོད་བ་སྐྱེ་བས ་ན། དེ་ཕྱིར་དེ་ཉིད་བཟོད་པའི་རྒྱུ་ཡིན་པས་ན་བཟོད་པ་བསྒྲུབ་པའི་བསམ་པ་མེད་ན་ཡང་བདག་གིས་དམ་པའི་ཆོས་བཞིན་མཆོད་པར་འོས་པ་དམ་པའི་ཆོས་ཞེས་བྱ་བ་ནི། འདིར་དགྲའི་བདག་ཉིད་ཅན་གྱི་ལུས་སེམས་མེད་པ་ཡིན་ན་ཡང་བརྙེས་པ ་ལ་སོགས་པ་ན་བཟོད་པའི་རྒྱུ་ཡིན་པ་དེའི་ཕྱིར། ཇི་ལྟར་བཟོད་པ་འགྲུབ་པའི་རྒྱུ་ཡིན་པས་དམ་པའི་ཆོས་ཡང་དག་པར་མཆོད་པ་བཞིན་དུ་དགྲ་པོ་ཡང་བཟོད་པ་འགྲུབ་པའི་རྒྱུ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱང་རྒྱལ་བ་བཞིན་དུ་མཆོད་བར་བྱ་བ་ཡིན་ནོ།། ་ཞེས་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ནི་རྒྱལ་བའི་ཞིང་སྟེ། སྐྱེ་བའི་གནས་ཡིན་ནོ། །སེམས་ཅན་ཞིང་ནི་དེ་སྔོན་དུ་སོང་བ་ཅན་གྱི་རྒྱལ་བ་རྣམས་ཏེ། སེམས་ཅན་རྣམས་ཀྱི་འབྲུའི་ས་གཞིར་ཐུབ་པས ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་སེམས་ཅན་རྣམས་ཏེ། སེམས་ཅན་གྱི་ཞིང་གི་དབང་དུ་བྱས་པ་དང། རྒྱལ་བ་ལས་ཏེ། རྒྱལ་བའི་དབང་དུ་བྱས་པ་ལས་སོ། །སངས་རྒྱས་ཆོས་ཏེ། སྟོབས ་དང་མི་འཇིགས་པ་ལ་སོགས་པའི་འབྲས་བུ་འགྲུབ་ཅིང་འོངས་བ། སངས་རྒྱས་ཆོས་འགྲུབ་འདྲ་བ་ལས། །རྒྱལ་ལ་གུས་བྱེད?་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཇི་ལྟར་ན་རིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི་སེམས་ཅན་བསམ་བ་ཞན ་པའི་ཕྱིར་གུས་བར་བྱ་བ་མ་ཡིན་ནོ་ཞེ་ན། བསམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐོབ་པའོ། །འབྲས་བུ་རྒྱལ་བ་དང་མཚུངས་པ་དང། སེམས་ཅན་རྣམས་ལའང་ཡོན་ཏན་ཡོད། །རྒྱུ་དེའི་ཕྱིར་སེམས ་ཅན་རྣམས་དང་མཉམ་པ་ཡིན་ནོ། །གཞན་ཡང་བྱང་སེམས་ལྡན་ལ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་དག་མེད་བར་བྱམས་པ་མེད་ཅིང། སངས་རྒྱས་མེད་པར་ཡང་བསོད་ནམས་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་སངས ་རྒྱས་ཀྱི་ཆོས་འདི་ལས་འབྱུང་ཞིང་འགྲུབ་པས་ན། སངས་རྒྱས་ཆོས་འགྲུབ་ཆ་ཡོད་པ་སྟེ། རྒྱུ་དང་རྐྱེན་གྱི་ཚོགས་དའི་ཆ་ན་སེམས་ཅན་ཡོད་བ་སངས་རྒྱས་ཀྱི་ཆོས་འགྲུབ་པའི་ཆ་དེས་ནི་དེ་དག་མཉམ་པར་འདོད་ཀྱིས། སངས་རྒྱས་རྣམས་དང་འགའ་མི་མཉམ ་ཇི་ལྟ་བུར་གྱུར་པ་དག་རང་ཞེ་ན། ཡོན་ཏན་རྒྱ་མཚོ་མཛའ་ཡས་པ་སྟེ། ཡོན་ཏན་རྒྱ་མཚོ་གང་ལ་གྲངས་དང་མཐུ་དག་གིས་ཆ་མཛའ་ཡས་པ་མངའ་བའི་ཡོན་ཏན་རྒྱ་མཚོ་སྟེ། སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཚོགས ་དག་གིས་ཉེ་བར་མཚོན་པ་རྣམས་དེ་ལྟ་བུར་གྱུར་པའི་འོ། །ཡོན་ཏན་མཆོག་ཚོགས་གཅིག་པུ་སྟེ། གང་དག་ལ་ཚོགས་གཉིས་ཚད་མེད་པ་མངའ་བ་དེ་དག་ནི། །ཡོན་ཏན་མཆོག་ཚོགས་གཅིག་པུའོ། །ཡོན་ཏན་ཤས་ཆུང་བ་དང་འདྲ་བ་ནི་ཡོན ་ཏན་ཤས་ཙམ་སྟེ། དེ་ཡང་སེམས་ཅན་འགའ་ཞིག་ལ། །སྣང་པའང་དེ་ལ་མཆོད་དོན་དུ། །ཁམས་གསུམ་ཕུལ་ཡང་ཆུངས་པར་འགྱུར། །འོ་ན་ཇི་ལྟར་ན་སེམས་ཅན་ལ་མཆོད་པ་བྱས་པ་ཡིན་ཞེ་ན། སངས་རྒྱས་ཆོས་མཆོག་སྐྱེ་བའི་གནས ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་ཞེས་བྱ་བ་ནི་ལན་དུ་ཕན་པ་བྱེད་པའི་ཚུལ་ཡིན་ནོ། །གཡོ་མེད་གཉེན་གྱུར་ཞིང། གཡོ་མེད་པའི་གཉེན་རྣམས་སེམས་ཅན་དག་ལ་ཕན་པ་དཔག་ཏུ་མེད་པ་མཛད་པ་གང་ལ་མངའ་བ་དེ་དག་ནི། ཕན་པ ་དཔག་མེད་མཛད་རྣམས་ལ་སྟེ། སངས་རྒྱས་རྣམས་ལ། སེམས་ཅན་མགུ་བྱ་མ་གཏོགས་པ། གཞན་གང་ཞིག་གིས་ལན་ལོན་འགྱུར་ཞེས་བྱ་བ་ལན་ལྡོན་པ་ནི་ལན་དུ་ཕན་འདོགས་པར་བྱེད་པ་སྟེ། སེམས་ཅན་མགུ་བར་བྱ་བ་ཉིད་ལས་གཞན ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་དག་ལ་སེམས་ཅན་ཉིད་དེ་ཤིན་ཏུ་སྡུག་པ་ཉིད་ཡིན་པའི་ཕྱིར། གང་ཕྱིར་སྐུ་གཏོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རོ། །སེམས་ཅན་འདི་དག་གནོད་ཆེན་བྱེད་པ་ན ་ཐམས་ཅད་བཟང་དགུ་ཞིག་ཏུ་སྤྱད་པ་ན། །རེ་ཞིག་བདག་གིས་རྗེར་གྱུར་ཉིད་ཀྱང་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ནི། གང་ཕྱིར་ནི་གང་དག་གི་དོན་དུའོ། །སེམས་ཅན་དེ་དག་ལ་དགྱེས་ཤིང་སྟེ། དགྱེས་པ་མཉེས་པར་གྱུར ་པའོ། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །ལས་ཀུན་ནས་ཚིག་པར་གྱུར་པ་འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བའོ། །དེ་བས་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །བྲན་དུ་སྟེ་བྲན་ཉིད་དུ་མཆི་སྟེ། དེ་དག་ནི་སེམས་ཅན་གྱི་ངོ་བོ་ཉིད ་ཡིན་པའི་ཕྱིར་དེ་ལྟར་ན་དེ་དག་གི་སེམས་ཅན་རྣམས་བདག་གིར་མཛད་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་ཅེས་བྱ་བ་ནི་དགྱེས་པར་བྱེད་པ་ཉིད་དོ། །འདི་ལ་སྟོབས་ཀྱི་ཚུལ་ནི་དཔེར་ན་རྒྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བོ་མང་ལ་གནོད་བྱེད་ཀྱང ་སྐྱེ་བོ་མིག་རྒྱང་རིང་པོ་དག་དུས་རིང་པོར་མཐོང་བ་ལ་ཞེས་བྱ་བའི་ཐ་ཚིག་གོ་།ནུས་ཀྱང་ཕྱིར་གནོད་མི་བྱེད་དེ། །རྣམ་པར་འགྱུར་བ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་རྒྱལ་པོའི་སྐྱེས་བུའོ། །ཅིའི་ཕྱིར་ཁྱད་དུ་བསད་པར ་མི་བྱ་བ་ཡིན་ཞེ་ན། འདི་ལྟར་དམྱལ་བའི་སྲུང་མ་དང། ཐུགས་རྗེ་ལྡན་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨོ། །ཁྱད་པར་དུ་བསད་པ་དེའི་དཔུང་ནི་དེའི་སྟོབས་ཡིན་ནོ། །སེམས་ཅན་ནི་རྒྱལ་པོ་གཏུམ་པོ་དག་པས་ཀྱང། ཚར་བཅོད་པ་དང ་ཕན་འདོགས་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱལ་པོ་ལྟ་ཞིག་ཁྲོས་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡིན་པ་ཞེས་བྱ་བ་ནི་སྡུག་བསྔལ་ལོ། །རྒྱལ་པོ་ལྟ་ཞིག་མགུ་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ཕན་ཡོན ་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གང་ལས་བྱུང་བ་ཡིན་པས་ན་བྱུང་སྟེ། སེམས་ཅན་མགུ་ལས་བྱུང་བ་ཡི། །རེ་ཞིག་བཟོད་པའི་འབྲས་བུ་ནི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག་།མ་འོངས་པའི་སངས ་རྒྱས་ཉིད་ཀྱི་འབྲས་བུའོ། །ཚེ་འདི་ཉིད་ལ་དཔལ་ཆེ་བ་ལ་སོགས་པའི་འབྲས་བུ་ཅིས་མ་མཐོང། །སངས་རྒྱས་ཉིད་ལས་སྔར་ཡང་མཛེས་པ་ཞེས་བྱ་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ་ལེའུ་དྲུག་པའོ།། །།དེ་ལྟར་བཟོད་པས་ཅི་ཞིག་བྱ་ཞེ་ན། དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་བཤད་པའི ་བཟོད་པའི་ཚུལ་གང་ལ་ཡོད་པ་དེ་ནི། དེ་ལྟར་བཟོད་པའི་བརྩོན་འགྲུས་བརྩམས་ཏེ། བརྩོན་འགྲུས་ནི་དགའ་བར་བྱང་ཆུབ་པའི་ཕྱིར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །དེ ་ཅིའི་ཕྱིར་ཞེ་ན། རླུང་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རླུང་མེད་གཡོ་བ་མེད་པ་བཞིན། །རླུང་ནི་བསྐྱོད་པར་བྱེད་པའི་ལས་ཅན་ཡིན་པའི་ཕྱིར་རོ། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང། །བརྩོན་འགྲུས་ནི་དགེ་བའི་ས་ཆེན ་པོ་བ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་ནི་བསོད་ནམས་ལ་རག་ལས་པ་ཡིན་པ་དེ་ལྟར་ན། འཇིག་རྟེན་ལ་རབ་ཏུ་གྲགས་པའི་བརྩོན་འགྲུས་ནི་འདིར་མི་རུང་བ་ཡིན་པའི་ཕྱིར་བརྩོན་འགྲུས་གང་ཡིན་ཞེ་ན། བརྩོན་གང་དགེ་ལ་སྤྲོ་བའོ། །དེ ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང་སྟེ། དམན་པ་ལ་དགའ་བ་ནི་ངན་པ་ལ་ཞེན་པའོ། །སྒྱིད་ལུག་པས་བདག་ཉིད་ལ་སྨོས་པ་ན་སྒྱིད་ལུག་བདག་ཉིད་བརྙས་པའོ། །ལེ་ལོའི་རྒྱུ་ནི་མི་བརྩོལ་བ་དང་བདེ་ཉམས་ལེན།། ་གཉིད་ལ་བརྟེན་པའི་སྲེད་པ་དང། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །བདག་ཉིད་ཁོ་ན་ལེ་ལོ་དང་ལྡན་པ་ཡིན་ནོ། །ཇི་ལྟར་ཡོངས་སུ་བརྗོད་པར་བྱ་ཞེ་ན། ཉོན་མོངས་གྱི་བས་བཤོར་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན ་མོངས་པ་ཉིད་རྒྱ་པ་སྟེ། རྔོན་པ་བཞིན་དུ་ངེས་བཤོར་ཞིང་ཟིན་པར་གྱུར་པ་ན། སྐྱེ་བའི་རྒྱར་ནི་ཆུང་གྱུར་ན་ནི། །སྐྱེ་བའི་རྒྱར་ཅི་སྟེ་ད་རུང་མི་ཤེས་སམ། །འདོད་པར་བྱ་བ་མ་ཡིན་པས་སྐྱེ་བ་མེད་དམ། །རང་དང་རིགས་མཐུན་བསད་པ་ན།། ་སྲོག་ཆགས་དག་བསད་པར་གྱུར་པ་ན། །རིམ་གྱིས་མཐོང་བར་མ་གྱུར་ན། །འོན་ཀྱང་གཉིད་ལ་བརྟེན་པ་གང། །རང་དང་རིགས་མཐུན་པའི་རིམ་གྱིས་བསད་པར་གྱུར་པ་ན། གདོལ་པ་དང་ནི་མ་ཧེ་བཞིན། །ལམ་ནི་ཀུན་ནས་བཀག་ནས་སུ། །འཆི ་བདག་གིས་ནི་བལྟས་བཞིན་དུ། །ཇི་ལྟར་ཁྱོད་བདེར་སྤྱོད་སྲིད་ཅི་སྟེ། ཉམས་སུ་མྱོང་བར་རོ། །དགའ་བའི་རྟེན་ནི་སྲེད་པ་ཡིན་ན། དེ་ནས་བརྩོན་འགྲུས་བརྩམ་པར་བྱའོ་ཞེ་ན། མྱུར་བ་ཉིད་དུ་འཆི་འགྱུར་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི ་མ་བྱས་བརྩམས་པ་དང། །འདི་ཕྱེད་བྱས་པར་གནས་པ་དང། །བློ་བུར་འཆི་བདག་འོངས་ནས་ནི། །ཀྱེ་ཧུད་བཅོམ་ཞེས་སེམས་པར་འགྱུར། །མྱ་ངན་ཅི་ཞིག་བྱའོ། །མྱ་ངན་ཤུགས་ཀྱིས་སྐྲངས་པ་ཡིས། །མིག་དམར་གདོད་ལ་འཆི་མ་ཟགས ་པ་གང་ཡིན་པའི་ཉེ་དུ་དེ་དག་ཁྱོད་འཚོ་བ་ལ་རེ་ཐག་ཆད་པ་མཐོང་ནས་དེ་ལྟར་བྱེད་པ་ན་ཁོ་བོས་ངན་སོང་གི་སྡིག་པ་བྱས་ནས་དེ་དང་དེ་དག་སྐྱབས་མ་ཡིན་ནོ་ཞེས་རང་གི་སྡིག་དྲན་པས་གདུང་བ་དང། ཕྱིས་གདུང་བའི་མེས་ཚིག་པར་གྱུར་པའི་སེམས་ཀྱིས ་ཅི་ཞིག་བྱའོ། །གཤིན་རྗེ་ཡིས་ནི་བཞིན་བལྟས་ནས། །སྐྲག་པས་མི་གཙང་ལུས་གོས་ཆེ། །ཅི་ཞིག་བྱའོ། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྲིད་པ་བར་དོའི་གནས་སྐབས་སུ་གདུངས་ཤིང་སྔར་འཆི་ལྟས་ཀྱིས་མྱོས་བར་གྱུར་ཚེ་ཅི་ཞིག ་བྱ། །དེའི་ཚེ་ལྷའི་བཞིན་དུ་ལས་ལས་སྐྱེས་བའི་རྣ་བས་ཐོས་པར་འགྱུར་རོ། །ཚེ་འདིར་ཏེ། དེ་ཉིད་ཁྱོད་ཀྱིས་སྡིག་བ་མ་བྱས་སུ་ཟིན་ཀྱང། འཇིགས་དང་ལྡན་འགྱུར་ན། སྡིག་བྱས་དམྱལ་བ་མི་བཟད་པའི། །སྡུག་བསྔལ་ལྡན་པ་ནི་སྨོས་ཅི ་དགོས། །ཁྱོད་བརྩོན་པ་མེད་པར་གནས་སམ། །བརྩོན་མེད་འབྲས་བུ་འདོད་པ་དང། །གཞོན་ཤ་ཅན་ལ་གནོད་མང་བ། །དེ་ཉིད་ཀྱི་ཕྱིར། འཆི་བདག་གིས་ཟིན་ལྷ་ལྟ་བུར་ནི། །འཆི་བདག་ཉེ་བར་གྱུར་པའི་ལྷ་བཞིན་དུ་ལུས་རྙིང་པར ་བྱས་པའི་སེམས་ཅན་གང་ཡིན་པ་དེ་བཞིན་དུའོ། །གཉིད་དང་བྱ་བ་མི་བྱེད་པ་ལ་སོགས་པ་ནི་སྲེད་པའི་ཉེ་བར་མཚོན་པ་ཉིད་ཡིན་ན། ལེ་ལོ་དང་ལྡན་པ་སྨད་པ་ལ་ཞེན་པའང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི ་ཕྱིར། །དགའ་བའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགའ་བའི་རྒྱུ་ནི་མཛའ་ཡས་པ་ཞེས་བྱ་བ་ནི་འདི་ལ་དགའ་བའི་རྒྱུ་ཡོད་པ་དེ་ལྟར་ན་དགའ་བའི་རྒྱུ་མཛའ་ཡས་པ་ཅན་ནོ། །དམ་ཆོས་དགའ་བའི་མཆོག་སྤངས་ནས། །སྡུག་བསྔལ་རྒྱུ་སྟེ ་སྡིག་པ་གཡེངས་པ་དང། རྒོད་ལ་སོགས་ལ་ཁྱོད་ཅིའི་ཕྱིར་དགའ་། །སྒྱིད་ལུག་པ་དང་བདག་ལ་བརྙས་པའི་གཉེན་པོའི་ཕྱོགས་ནི། སྒྱིད་ལུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྱིད་ལུག་པ་དང་སྙོམས་པའི་སྟོབས་ཀྱིས་ཚོགས་བཅོམ་པ་ནི ་སྟོབས་ཀྱི་བཀོད་པའོ། །བདག་ཉིད་དབང་དུ་གྱུར་པ་དང། བདག་དང་གཞན་དུ་མཉམ་པ་དང། །བདག་དང་གཞན་དུ་བརྗེ་བར་གྱིས། །དེ་ལ་སྒྱིད་ལུག་པ་མེད་པ་ནི། །བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་བྱང་ཆུབ་ག་ལ ་ཞེས་སྒྱིད་ལུག་པར་ནི་མི་བྱ་སྟེ། འདིར་སྒྱིད་ལུག་པས་བདག་ལ་བརྙས་པ་དེ་ལྟ་བུའི་ཚུལ་དུ་མི་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། །དེའི་ཕྱིར་ཅི་ཞིག་གསུངས་ཞེ་ན། ། ་སྦྲང་བུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱང་ཆུབ་སྤྱོད་པ་མ་གཏང་ན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །གཅེས་དང་མི་གཅེས་མ་དཔྱད་པར། །རྨོངས་པས་བདག་ནི་འཇིགས་པར་ཟད། །གཅེས་པ་དང་མི་གཅེས་པ་ལ་རྨོངས་པ་ཉིད་ནི། །གཅེས་པ ་དང་མི་གཅེས་པ་ལ་རྨོངས་པ་ཉིད་ཀྱིས་སོ། །གཅེས་པ་དང་མི་གཅེས་པ་ཡང་གང་ཞེ་ན། བསྐལ་པ་བྱེ་བ་གྲངས་མེད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཅེས་པ་ཡིན་ནོ། །བདག་གིས་བྱང་ཆུབ་བསྒྲུབ་པའི་ཞེས་བྱ་བ་ལ་སོགས་པ་ནི ་གཅེས་པ་ཡིན་ཏེ། ལག་པ་ལ་སོགས་པའི་སྦྱིན་པ་བཏང་བའི་སྡུག་བསྔལ་ཡང་དག་པའི་བྱང་ཆུབ་སྒྲུབ་པ་དེ་དག་ནི་ཚོང་ཡོད་པ་སྟེ། ཆུང་བ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ཟུག་རྔུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟུག་རྔུ་ཁོང་བརླག་གནོད ་གསལ་ཕྱིར་ནི་དེ་གསལ་བའི་རྒྱུ་མཚན་ནོ། །ཟུག་རྔུ་བརླག་པ་དེ་གདོན་པའི་སྡུག་བསྔལ་ནི་དེ་གདོན་པའི་སྡུག་བསྔལ་ལོ། །དེ་དང་འདྲ་བར་གཅེས་པ་དང་དོན་ཆེ་བ་ཡིན་ནོ། །རེ་ཞིག་གདོན་པ་ནི་གཞག་གོ་།སྨན་པ་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ་དེ་བས་སྡུག་བསྔལ་མང་པོ་དག་།རང་དང་གཞན་གྱི་རྒྱུད་ལ་སྐྱེས་པ་སྐྱེ་བ་རྒྱུད་པ་རྣམས་སུ།། གཞོམ་ཕྱིར་མི་བདེ་ཆུད་བཟོད་བྱ་སྟེ། ལག་པ་ལ་སོགས་པ་སྦྱིན་པར་བཏང་པ་ལས་སྐྱེས་པའི་སྡུག་བསྔལ་ལོ། །གསོ་དཔྱད་ཕལ་པ་འདི་འདྲ་བའང། འདི ་ལྟར་འདི་ཡང་སྨན་པའི་མཆོག་གིས་མ་མཛད་དེ། །ཐམས་ཅད་མཁྱེན་པས་སོ། །འོན་ཀྱང་ཆོ་ག་ཤིན་ཏུ་འཇམ་པོ་ཡིས། །མགུ་བར་བྱེད་པས་ནད་ཆེན་དཔག་མེད་གསོ་བར་མཛད། །ནད་བརྒྱ་རྩ་བཞིས་ཟིན་པ་ལས། ཇི་ལྟར་སྤྱོད་པ་འཇམ་པོས་གསོ ་བར་མཛད་པ་ཡིན་ནོ། །སྙམ་དུ་སེམས་པ་ལ། ཚོད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཚོད་མ་ལ་སོགས་པ་སྦྱིན་པ་ལའོ། །གང་ཞིག་རིགས་ཀྱིས་གོམས་པར་གྱུར་པ་ན་ཕྱིས་ཐུགས་རྗེའི་བསམ་པ་རྣམ་པར་གྱུར་པས། རང་གི ་ཤ་ཡང་གཏོང་བར་མཛད་པར་འགྱུར་རོ། །དེ་ནི་དཀའ་བར་མཛད་པ་ཡིན་ནོ་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ནི་སྡིག་པ་ཞེས་བྱ་བ་ལ་སོགས་པ་དང། མཁས་པའི་ཕྱིར་ན་ཞེས་བྱ་བའི་ཕྱིན་ཅི་ལོག་གི་རྟོག་པ་སྤངས་པའི ་ཕྱིར་རོ། །དེ་ལྟར་ཡང་འཁོར་བ་ན་བཞུགས་པ་ས་སྐྱོབ་འམ་ཞེ་ན། བསོད་ནམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུས་རིང་པོས་སྐྱོ་འམ་ཞེ་ན། འདི་ནི་བྱང་ཆུབ་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐར་པ་ཆ་དང་མཐུན་པའི ་དགེ་བ་བྱས་པ་ཅན་གྱིས་ཉན་ཐོས་ནི་བསྐལ་བ་བྱེ་བ་གྲངས་མེད་པར་གནས་པ་ཡིན་ཏེ། འཕགས་པ་ཤཱ་རིའི་བུས་རབ་ཏུ་བྱུང་བའི་དོན་དུ་མ་རྟོགས་པ་ལྟ་བུའོ། །མྱུར་བ་སྲིད་པ་གསུམ་གྱིས་ཐར་པར་འགྱུར་རོ། །འདི་ནི ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་ཉན་ཐོས་དག་ལས་ཀྱང་བྱང་ཆུབ་སེམས་དཔའ་ཐ་ན་བསྐལ་པ་གྲངས་མེད་པ་བཞི་བཅུར་མྱུར་བར་འགྱུར། །དེ་ལྟར་ན་ཡང་སྐྱོ་འམ་ཞེ་ན། དེ་བས་སྐྱོ་ངལ་ཀུན་སེལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། ་སྟོབས་ཀྱི་ཚོགས་ནི། སེམས་ཅན་དོན་ནི་སྒྲུབ་བྱའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུན་པ་ནི་འདིར་དགེ་བ་འདོད་པའོ། །བསྟན་པ་སྟོབས་སུ་གྱུར་པའོ། །དགའ་བ་ནི་ཆགས་པའོ། །གྲོལ་བ་ནི་སྤངས་པའོ། །འདུན་པ་ལ་སོགས་པ་ནི་དེ ་དང་དེའི་དཔུང་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ནི་སྔར་བཤད་ཟིན་ཏོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི་ལེ་ལོ་ལ་སོགས་པའོ། །ཇི་བཞིན་དུ་འདུན་པའི་སྟོབས་དང། དབང་དུ་གྱུར་པའི་སྟོབས་ཀྱིས། དེ་སྲིད་མི་མཐུན་ཕྱོགས ་སྤངས་ཏེ། །སྤངས་པའི་ཁྱད་པར་གཙོ་བོ་ཡིན་པའི་ཕྱིར་ལོག་ཤིག་ཏུ་བསྟན་ཏོ། །བརྩོན་འགྲུས་འཕེལ་ཕྱིར་འབད་པར་བྱའོ། །དེ་ལ་འདུན་པའི་དབང་དུ་མཛད་ནས། འབད་ལ་དབང་སྒྱུར་སྟོབས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཆ་ཆུང་བ་ལ་ཡང་བརྩམ་པར་བྱའོ། །གཞན་ཡང་བདག་དང་གཞན་གྱི་ཡོན་ཏན་ནི་ཞེས་བྱ་བ་ལ་སོགས་པ་ལ། མང་པོ་བདག་གིས་ནི་ཞེས་བྱ་བ་ནི་གལ་ཏེ་རང་དང་གཞན་གྱི་བདག་ཉིད་ཆུང་བས་དེ་དག་བདེ་བར་བསྒྲུབ་པར་བྱ་བ་ཡིན་ན། དེ ་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་ཅི་འདྲ་བ་ཞིག་ཅེ་ན། གང་དུ་ཡོན་ཏན་གང་དག་གི་ནང་ནས་ཡོན་ཏན་རེ་རེ་ཞིང་བསྐལ་པ་རྒྱ་མཚོས་ལོབས་ནའང་རུང། བདག་ཉིད་དུ་གྱུར་ན་རུང་ན་མི་འགྱུར་རོ། །དེ་ལྟ་ན་ཡོན་ཏན ་དང་ལྡན་པ་ཇི་ལྟར་ན་ལོག་པར་མི་འགྱུར་ཞེ་ན། ཡོན་ཏན་ཅུང་ཟད་མི་སློབ་ན་ཞེས་བྱ་བ་སྨོས་ཏེ། ལྷ་གང་བྱེད་པ་ལ་སོགས་པ་ལོག་པ་འབའ་ཞིག་ཏུ་ཟད་དོ། །ཅི་འདྲ་བ་ཞིག་ཅེ་ན། བསྟན་ལ་བྱ་བ་མ་བྱས་དང། །དབུལ་བའི་ཞེས ་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་ཞེས་བྱ་བ་ནི་འདུན་པའི་ཡང་ངོ། །རྣམ་སྨིན་འབྲས་བུ་ནི་ཉེ་བར་མཚོན་པ་ཡིན་ཏེ། རྒྱུ་མཐུན་པའི་འབྲས་བུ་རྟག་ཏུ་བསྒོམས་པས་ཀྱང་ངོ། །དེའི་དབང་དུ་མཛད་ནས་སྡུག་བསྔལ་ཡིད་མི་བདེ་བ་དང་ཞེས ་བྱ་བ་ལ་སོགས་པ་སྨོས་པ་ལ། སྡུག་བསྔལ་ནི་རྣམ་པར་སྨིན་པའོ། །ཡིད་མི་བདེ་བ་དང་དགེ་བ་དང་མི་དགེ་བ་ནི་རྒྱུ་མཐུན་པའོ། །གང་ལས་འཇིགས་པ་དེ་དག་ནི་འཇིགས་པའོ། །འདོད་པ་རྣམས་དང་བྲལ་བ་ནི་བདག་པོའི་འབྲས་བུའོ། ། ་དེ་ལྟར་ནི་ཡིད་ལ་བསམས་པ་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུའི་རིན་གྱིས་མངོན་མཆོད་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།སྡིག་པ་བྱེད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་སླའོ། །རེ་ཞིག་འདི་ནི་མཐོང་བའི་ཆོས་ལ་མི་འདོད་པ་མཐོང་བའི་ཆོས ་ཀྱི་འབྲས་བུ་ཡིན་ནོ། །མ་མཐོང་བ་ནི་རྒྱ་ཆེ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་ནི་ཆུ་སྐྱེས་སོ། །གསུང་སྙན་རྒྱལ་བའི་གདན་བྱས་འདི་ནི་ཉེར་བསགས་ཤིང། གསལ་བ་གང་ལ་མང་པ་དེ་ནི་གསུང་སྙན་རྒྱལ་བའི་གདན་བྱས་འདི་ནི་ཉེ་བར་བསགས་པ ་ཅན་གྱིའོ། །ཐུབ་པ་དེ་འཕགས་པ་སྣང་བ་མཛའ་ཡས་ཀྱི་ཕྱག་གིས་པདྨ་རྒྱས་པ་སྟེ། ཆུ་སྐྱེས་ཁ་ཕྱེ་བ་ལས་སོ། །འབྱུང་བའི་ལུས་ཀྱི་མཆོག་གང་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱའོ། །བདེ་བར་གཤེགས་པ་སྟེ། འཕགས་པ་སྣང་བ་མཛའ་ ་ཡས་ཀྱི་སྤྱན་སྔར་སྔོན་གྱི་དགེ་བས་འགྱུར་རོ། །མི་དགེ་བ་ནི་གཤིན་རྗེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་ཏེ། ལུས་པ་མེད་པར་བཤུས་ཤིན་ཏུ་ཉམ་ཐག་པ་འདི་ལ་ཡོད་བས་ཞེས་ཚིག ་རྣམ་པར་སྦྱར་རོ། །རབ་ཏུ་ཆེ་བའི་མེ་ཡིས་ཏེ། སྲེག་ཟ་དག་གིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་པར་གྱུར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འབར་བ་ཡང་དེ་ཡིན་ལ་རལ་གྲི་དང་མདུང་ཐུང་ཡང་ཡིན ་པས་ན་འབར་བའི་རལ་གྲི་མདུང་ཐུང་དག་གོ་།དེ་དག་གིས་བསྣུན་ཤའི་དུམ་བུ་བརྒྱར་ལྷགས་ཅན་ཏེ། དེས་བསྣུན་པའི་ཤའི་དུམ་བུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤིན་ཏུ་འབར་བའི་ལྕགས་ཀྱིས་གཞིར་སྟེ། ཡང་སོས ་ལ་སོགས་པའི་དམྱལ་བར་ལྟུང་བར་མི་དགེ་མང་པོས་འགྱུར་ཏེ། རྣམ་པ་དུ་མར་རོ། །དེ་བས་ན་འདི་ལྟར་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་གུས་པ་ཉིད་དུ་བསྒོམ་པར་བྱའོ། །དགེ་བ་ལ་འདུན་པ་བསྐྱེད་པར་བྱ་ཞིང། གོ་ཆའི་བརྩོན་འགྲུས ་བསྐྱེད་བར་བྱའོ། །བརྟན་པའི་དཔུང་གི་དབང་དུ་མཛད་ནས། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས་རྟག་ཏུ་བརྟན་པར་བསྒོམ་པར་བྱའོ། །བརྟན་པར་བརྩམ་ཞིང་ཞེས ་བྱ་བའི་གཞུང་ནི་བརྟན་པར་བརྩམ་པ་སྟེ། ལྷག་པར་བྱས་ནས་རྡོ་རྗེ་རྒྱལ་མཚན་གྱི་ཚོགས་བསྒོམ་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།བརྩམ་པ་འམ་ཞེས་བྱ་བ་ནི་སྦྱོར་བའི་བརྩོན་འགྲུས་སོ། །བརྩམ་ལས་ལྡོག་པར་མ་བྱའོ། །ཞེས་བྱ་བ་ནི ་མི་ལྡོག་པའི་བརྩོན་འགྲུས་སོ། །ལོག་པའི་ནི་སྐྱེ་བ་གཞན་དུ་དེ་གོམས་ནས། དེ་ལས་སྡིག་པ་དང་སྡིག་ལས་སྡུག་བསྔལ་འཕེལ་འགྱུར་ཏེ། གཞན་སྤྱོད་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་རྒྱུའི་དུས་སུ་ནི་ཞེས་བྱ་བ་ནི་རྒྱུ་སྤྱོད་པའི་དུས་སུ་ཡང ་དམན་པ་སྟེ།། དོར་བར་བྱ་བ་ནི་བསྒྲུབ་མི་བྱ། དེ་ཕྱིར་བརྩམ་པ་ལས་ལྡོག་པར་མི་བྱའོ། །བརྟན་པའི་དཔུང་གཞན་ཡང་ལས་དང་ཉོན་མོངས་ནུས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་ཡང་འདིར་ཉོན་མོངས་པ་ཡིན་ནོ། ་ཅིའི་ཕྱིར་བདག་ཉིད་ཀྱིས་ཞེ་ན། བདག་ཉིད་གཅིག་པུས་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། ནུས་པའི་ང་རྒྱལ་དག་ལས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་སྨད་པའི་ལས་སོ། །འཆི་བའི་རྔ་ནི་བརྡུང་བ་དང་ཁྭ་བཞིན་དུ་ཡིད ་ནུས་པ་མེད་པ་ནི་ཉམ་ཆུང་བ་ནའོ། །ཞུམ་བྱས་རྩོལ་བ་དོར་པ་ཡིས། །ཕོངས་ལས་བདེ་བར་འགྱུར་རམ་ཅི། ཞེས་བྱ་བ་ནི་ཡུལ་དུ་བྱེད་པར་འགྱུར་རམ། བདེ་བར་བྱེད་པ་མ་ཡིན་ནོ། །འདི་ལྟར་ཕོངས་པ་རྒྱལ་པ་ནི། བདག་འོངས་པ་ལས་རྒྱལ་བ་སྟེ། ། ་ཁམས་གསུམ་ལས་ནི་རྒྱལ་འདོད་པས། །བྱང་ཆུབ་སེམས་ལས་དགའ་བར་བྱེད་པ། །དེ་བས་སེམས་ནི་བརྟན་པ་ཡིས། །ཕོངས་པ་རྣམས་ནི་གཞོམ་བྱ་སྟེ། །རྒོད་ཅིང་ཕོངས་ལས་ཐར་བར་བྱ། །བདག་གིས་ཀུན་ལས་རྒྱལ་བྱས་ཏེ། །ཞེས་བྱ་བ་ལ ་སོགས་པ་སྟེ། རྟོགས་པར་སླའོ། །རྒྱལ་བའི་འབྲས་བུ་ནི་སངས་རྒྱས་ཉིད་དོ། །རྫོགས་པར་བྱེད་པར་ནི་མཐར་ཕྱིན་པར་བྱེད་པའོ། །ཉེ་བའི་ཉོན་མོངས་པ་དང། །ང་རྒྱལ་བ་ནི་ཉོན་མོངས་ཚོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲན་གཟུགས ་པ་ནི་དཔའ་བའ་ཨོ། །ཉོན་མོངས་པའི་ཚོགས་སྟོང་གིས་སྡུག་བསྔལ་གྱིས་གཡུལ་བཟློག་པར་མི་ནུས་པས་ན། ཉམ་ང་ཆེ་ཐང་བྱུང་གྱུར་ཀྱང། །ངོལ་མིག་ནི་མི་ལྟ་ལྟར། །ཞེས་བྱ་བ་ནི་ལྕེའི་དབང་པོས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དགའ་པའི ་དཔུང་གི་དབང་དུ་མཛད་ནས། །རྩེད་མོའི་བདེ་འབྲས་འདོད་པ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བྱིས་པ་རྩེད་མོ་ལ་ཞེན་པ་མི་ངོམས་པ་བཞིན་དུ་དེ་དག་བྱ་བ་ཡིན་ནོ། །ཞེན་པ་ནི་འདིར་ཀུན་ནས་ཆགས་པའོ། །མི་ངོམས་པ་ནི་དགའ་བ་སྟེ། ཀུན ་ནས་ཞེན་པར་གྱུར་པར་མི་ངོམས་པར་བྱ་བའོ། །བདེ་བའི་དོན་དུ་ལས་བྱས་ཀྱང། །ལས་མ་བྱས་པ་ཉིད་བདེ་བ་ཡིན་པ་དེ་ལྟར་ན་ཅི་ལྟར་ལས་དེ་ལ་ཞེན་བར་འགྱུར་ཞེ་ན། བདེ་བའི་དོན་དུ་ལས་བྱས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བདེར ་འགྱུར་མི་འགྱུར་གཏོལ་མེད་ཀྱིས་ཞེས་བྱ་བ་ནི་གདོན་མི་ཟ་བར་འབྲས་བུ་འབྱིན་པ་མ་ཡིན་ཏེ། དེ་ལས་མི་བྱེད་ནམ་ཞིག་བདེ། །དེ་ལྟར་ནི་སྤུ་གྲིའི་སོ་ལ་ཆགས་པའི་སྤྲང་རྩི་ཆུང་ངུས་ལྕེ་གཅོད་པ་ལ་སོགས་པའི་ཉེས་དམིགས ་མང་བ་དང་ཉམས་སུ་མྱོང་བ་ཆུང་བའི་དཔེ་གང་ལ་ཡོད་པ་དེ་དག་ནི། སྤུ་གྲི་སོར་ཆགས་སྤྲང་རྩི་ལྟའི། །འདོད་པ་རྣམས་ཀྱི་ས་མི་ངོམས་ནའོ། །གླང་པོ་ཆེ་མཚོ་དང་ཕྲེང་པ་ནི་གླང་ཆེན་མཚོ་ཕྲང་དེ། ཇི་ལྟར་མངོན་པར་འདོད་པ་ཕུལ་དུ་བྱུང་བས ་དང་པོར་མཚོར་འཇུག་བདེ་བཞིན་དུ། འདིར་བསོད་ནམས་ཀྱི་བདུད་རྩི་ལས་དེ་ལ་ཡང་འཇུག་པར་བྱའོ། །སྟོབས་ཀྱི་དབང་དུ་མཛད་ནས། རྗེས་སུ་མི་བདེར་གྱུར་པའི་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་མི་བདེ་བར་འགྱུར་པའི་ལས་ནི་ཡོངས་སུ ་སྐྱོ་བར་གྱུར་པ་ཡིན་ལ། ཡང་བྱ་བའི་ཕྱིར་ལས་བརྩམ་པ་ཡང། རིག་གྱུར་དེ་མ་ཐག་ཏུ་གཏང། །བསྙེམས་པའི་སྟོབས་ཀྱི་དབང་དུ་མཛད་ནས། འཐབ་སྙིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཉོན་མོངས་པ་ནི་ཉེ་བའི་ཉོན་མོངས ་པ་མཚོན་པ་ཡིན་ནོ། །དྲན་པས་བཟུང་བར་བྱ་ཞིང་ཤེས་བཞིན་གྱིས་བརྟག་པར་བྱའོ། །འཇིགས་པས་མྱུར་དུ་ལེན་པ་ལྟའོ། །དྲན་པ་དང་བཅས་པའི་ཤེས་རབ་ནི་འདིར་དྲན་པའི་མཚོན་ནོ། །ཉུངས་མར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ ་ནི་ཁོང་དུ་ཆུད་པར་སླའོ། །དགེ་བཤེས་ཕྲད་དང་ཞེས་བྱ་བ་ནི་གལ་ཏེ་ཁྱིམ་པ་དག་གམ། གལ་ཏེ་སྦྱིན་པ་ལ་སོགས་པ་ལ་ཐོབ་པར་འདོད་པའི་རྒྱུ་འདིས་སོ། །དེ་དག་གང་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབང་དུ་གྱུར་པའི་སྟོབས ་ཀྱིས་དབང་དུ་མཛད་ནས་བག་ཡོད་གཏམ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཡོད་གཏམ་ནི་བྱང་ཆུབ་སེམས་ལ་བག་ཡོད་པའི་ལེའུར་བཤད་པ་ནི། བག་ཡོད་གཏམ་ནི་དྲན་བྱས་ནས། །ཅི་ནས་ལས་བྱུང་སྔོན་རོལ་ནས་ཏེ། །ཇི ་ལྟར་ལས་ལ་སོགས་པའི་སྔོན་རོལ་ནས་ཤེས་བཞིན་ཐམས་ཅད་ལ་འཇུག་པར་བྱ་བ་དེ་བཞིན་དུ། བདག་ཉིད་ཟོ་མདོག་བདེ་བྱ་ཞིང་ལྡང་པ་ཡང་བར་བྱའོ། །གཞན་ཡང་ཇི་ལྟར་དུག་ནི་ཁྲག་གྱུར་ནས། །ལུས་ཀྱི་མཚོན་གྱིས་རྨལ་འཇུག་པ་ལྟར་ཏེ། ལུས ་ཐམས་ཅད་ལ་ཁྱབ་པར་བྱེད་དེ། དེ་བཞིན་དུ་ག་རྙེད་ནས་ནི། །སེམས་ལ་ཉོན་མོངས་འཇུག་པར་བྱེད། བུ་ག་ནི་དྲན་པ་རྨོངས་པའོ། །ཇི་ལྟར་ཤིང་བལ་འགྲོ་བ་འམ། །འོང་བ་རླུང་གི་དབང་གྱུར་ནས། །དེ་བཞིན་འབྱོར་པ་བརྩོན་པའི་དབང་དུ་གྱུར ་ནས་མྱུར་དུ་གྲུབ། བརྩོན་འགྲུས་ནི་དབང་དུ་འགྱུར་རོ། །དེ་ལྟར་ན་བློ་འམ་གཞན་གྱི་ཡོན་ཏན་གྱི་ཚོགས་འབྱོར་བར་འགྱུར་རོ། །བསམ་གཏན་དང་ཤེས་རབ་གཙོ་བོར་གྱུར་པ་བདག་དང་གཞན་མཉམ་པ་ཉིད་དང། བདག་དང་གཞན་བརྗེ་བ་ཞེས ་བྱ་བ་ནི་འདིར་མ་བཤད་དེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིར་བ་སྟེ་ལེའུ་བདུན་པའོ།། །།དེ་ལྟར་བཤད་པའི་ཚུལ་གྱིས་བརྩོན་འགྲུས་བསྐྱེད་ནས་ནི། ཅི་ཞིག ་བྱ་ཞེ་ན། ཡིད་ཏིང་ངེ་འཛིན་ལ་གཞག་།འདི་ལྟར་སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་བྲག?་ན་སྟེ། ཏིང་ངེ་འཛིན་ལ་རྣམ་པར་གཡེངས་པ་ལ་གནས་སོ། །ཏིང་ངེ་འཛིན་ནི་རྩེ་གཅིག་པ་ཡིན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། ་ནང་དུ་ཡང་དག་འཇོག་དང། ཀུན་ནས་ནང་དུ་ཡང་དག་འཇོག་གི་དང། བྱ་བ་ནན་ཏན་གྱི་ནང་དུ་ཡང་དག་འཇོག་ཅེས་བྱའོ་གསུམ་པོ་དག་ལ་ཡང་འདིར་གཡེངས་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ནང་དུ་ཡང་དག་འཇོག་གི་དབང་དུ་བྱས ་ནས། ལུས་དང་ཞེས་བྱ་བ་ལ་སོགས་སྨོས་ཏེ། ལུས་དབེན་པ་ལ་གནས་ནས་རྣམ་པར་གཡེང་བ་སྟེ། འདོད་པའི་རྣམ་པར་རྟོགས་པ་ལ་སོགས་པ་ཡོངས་སུ་སྤང་ཞིང་དོར་བར་བྱའོ། །སེམས་དབེན་པ་སྟེ། འདོད་པ་ནས་བསམ་གཏན ་བཞིའི་བར་ལ་དབེན་པར་བྱ་ཞིང་འདུ་ཤེས་མེད་འདུ་ཤེས་མེད་མིན་དང། འགོག་པའི་བར་དུ་རྫོགས་པར་བྱས་ཏེ། །གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།བསམ་གཏན་བཞི་པ་ནི་བྱང་ཆུབ་སེམས་དཔའ་སེམས ་ཅན་གྱི་དོན་སྒྲུབ་པའི་རྟེན་ཡིན་ནོ། །འདོད་པའི་ཁམས་ཀྱིས་ཡོངས་སུ་གྱུར་བ་ལས་ཐམས་ཅད་ལུས་སུ་རུང་བ་ཡིན་ནོ། །དབྱེ་བ་ཡང་མཛའ་ཡས་པའི་ཡིན་པ་དེ་ལྟར་ན་དེ་རབ་ཀྱིས་མཐར་གྱུར་པས་ས་ལྔ་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཤིན་ཏུ་ལྷག ་པར་འགྱུར་རོ། །དེ་ལྟར་ན་ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ། །ཆགས་པ་ལ་སོགས་པ་ལས་འཇིག་རྟེན་གྱི་མི་སྤོང་བ་དེའི་ཕྱིར་དེ་ཡོངས་སུ་སྤང་པ་ལ་ཆགས་པ་ལ་སོགས་སྤོང་བའི་དོན་དུ་ཇི་ལྟར་དཔྱད་པར་བྱ་ཞེ་ན། ་ཞི་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཞི་གནས་རབ་ཏུ་ལྡན་པའི་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱིས་སོ། །ཁྱད་པར་དུ་མཐོང་བ་ངེས་པའི་ཚིག་གི་རྣམ་པས་ལྷག་མཐོང་ཞེས་བྱ་སྟེ། ཤེས་རབ་ཡིན་ནོ། །དེས་ཤེས་བྱས་ནས་ཏེ་རྟོགས་པར ་བྱས་ནས་སོ། །ཞི་གནས་དེ་ཡང་ཇི་ཙམ་བཙལ་བར་བྱ་ཞེ་ན། འཇིག་རྟེན་ཆགས་པ་མེད་པ་མངོན་དགས་འགྲུབ། །འཇིག་རྟེན་ལ་བལྟོས་པ་མེད་པའི་མངོན་པར་དགའ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ཡང་རིགས་སོ་ཞེས་བསྟན་པའི་ཕྱིར། མི་རྟག་ཅེས་བྱ ་བ་ལ་སོགས་པ་སྨོས་ཏེ། །མ་མཐོང་ན་ནི་དགའ་མི་འགྱུར། །ཡིད་ཀྱང་མཉམ་འཇོག་མི་འགྱུར་ལ། །མཐོང་ཡང་ངོམས་པར་མི་འགྱུར་བས། །འོན་ཀྱང་སྔ་མ་བཞིན་ཏེ། མ་མཐོང་བའི་དུས་བཞིན་དུ། སྲེད་པས་ཞེས་བྱ་བ་དེ་རྙེད ་པ་ལ་སོགས་པ་ལ་སྲེད་པས་གདུང་བར་འགྱུར་རོ། །དེའི་ཕྱིར། སེམས་ཅན་རྣམས་ལ་ཆགས་བྱས་ནས། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ་ཏེ། དེ་ཁོ་ན་ཉིད་ལའོ། །སྐྱོ་བའི་སེམས་ཀྱང་འཇིགས་པར་བྱེད། །སྐྱོ་བ་འབྱུང་བར་མི་འགྱུར། ། ་ཡང་བྲལ་བར་གྱུར་པས་ན། མྱ་ངན་གྱིས་ནི་གདུང་བར་འགྱུར། །གང་གིས་ཤེ་ན། སྡུག་པ་དང་ཕྲད་པར་འདོད་པ་གང་ཡིན་པའི་མྱ་ངན་ངེས་སོ། །དེ་ལ་སེམས་པ་འབའ་ཞིག་གིས་ཞེས་བྱ་བ་ནི་སྡུག་བསྔལ་དང་ཡང་དང་ཡང་དུ་སེམས་པས། ཚེ ་འདི་དོན་མེད་འདའ་བར་འགྱུར། །གལ་ཏེ་འགའ་ཞིག་གང་གིས་ཚེ་རིང་པོར་འགྱུར་རམ་ཞེ་ན། །དེ་ལྟ་མ་ཡིན་ནོ་ཞེས་བྱ་པར་དགོངས་སོ། །ཇི་ལྟར་དོན་མེད་པར་འགྱུར་ཞེ་ན། རྟག་པ་མེད་པའི་མཛའ་བཤེས་ཀྱིས་ཞེས་བྱ་བ་སྨོས་ཏེ། །དུས་རྟག ་ཏུ་མེད་པས་དེ་མི་བརྟན་པ་ཉིད་ཀྱི་ཕྱིར་རྟག་པ་མེད་པའི་གདུག་པའི་མཛའ་བཤེས་ཀྱིས་རྒྱུ་དེས་སོ། །གཡུང་དྲུང་ནི་ཐར་པ་ཡིན་ལ། ཆོས་ནི་ཐར་པའི་རྒྱུ་ཡིན་ཏེ། ཐར་པ་ནི་དངོས་པོ་དང་དངོས་པོ་མེད་པ་དཔྱོད་པའི་མཚན་ཉིད་ཟད་པ་ཉིད་ཡིན་པའི་ཕྱིར་རོ ་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་ཉེ་བར་གཏགས་ནས་གཡུང་དྲུང་ཆོས་ཡིན་ཏེ། ཀུན་རྫོབ་ཉིད་ཡིན་པའི་ཕྱིར་འཇིག་ཅིང་ཉམས་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འཇིག་པར་འགྱུར་ཞེ་ན། བྱིས་དང་སྐལ་བ་མཉམ་སྤྱོད་ན་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྐལ་མཉམ་སྤྱོད་པ་ནི་ལས་འདྲ་བ་ལས་སྤྱོད་པའོ། །བྱིས་པ་ནི་བྱིས་པ་མ་ཡིན་པ་དང་སྐལ་པ་མི་མཉམ་པར་འདོད་དེ། བྱིས་པ་དེ་དང་དེ་ལ་སྡུག་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ན་བྱིས་པ་བསྟེན་པས་ཅི་ཞིག་བྱས་ཏེ ་དོན་ཅི་ཞིག་ཐོབ་བར་འགྱུར། བྱིས་པ་རྣམ་ལ་ཆགས་པ་ཅིར་ཡང་མི་རུང་སྟེ། རྣམ་པ་ཐམས་ཅད་དུ་ཡང་དོན་མེད་པའི་ཕྱིར་རོ། །དེ་ལྟར་ན་སྐད་ཅིག་གཅིག་གིས་མཛའ་འགྱུར་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ཁོང་དུ་ཆུད་པར ་སླའོ། །མཐོ་ལ་ཕྲག་དོག་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་ནི། ཁྱད་པར་གྱིས་ཡོན་ཏན་གྱིས་བྱིས་པའི་སེམས་ལ་བཟོད་པ་མེད་པའོ། །མཉམ་དང་འགྲན་པ་ནི་ཁྲོ་བ་ལས་བྱུང་བའི་རྩོད་པའོ། །མི་སྙན་པ་ནི་སྨད་པའོ། །འཁོར ་བའི་དགའ་བའི་གཏམ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སོགས་པའི་སྒྲས་ནི་བརྫུན་ལ་སོགས་པ་བཟུང་ངོ། །དེ་ལྟར་ཞེས་བྱ་བ་ནི་ཕན་ཚུན་ནོ། །འདིས་ཆེན་ཉིད་དུ་མི་འགྱུར་བ་སྟེ། འདྲིས་པ་ལས་འཇུག་པར་བྱ་བ་མ་ཡིན་ནོ། །འོན་ཀྱང ་ཐ་མལ་པ་ཙམ་ལེགས་པར་བྱ། དགའ་བར་བྱའོ། །བུད་བས་མེ་ཏོག་སྦྲང་རྩི་བཞིན། །སྦྲང་མས་མེ་ཏོག་ལ་སྦྲང་རྩི་སྔ་ན་མེད་བཞིན་དུ་འདྲིས་པ་མེད་ཅིང་ཆགས་པ་མེད་པར་ལེན་ཅིང་ཐམས་ཅད་དུ་སྦྲང་མ་སྤྱོད་པ་བཞིན་དུ། ཆོས་དང་དོན་ནི་ཆོས་ཀྱི ་དོན་ཏེ། ལུང་གི་ཆོས་ལེགས་པར་བཤད་པའི་དོན་ཙམ་བླངས་ནས་ནི་ཞེས་བྱ་བ་ལ་ཆགས་པ་ལ་སོགས་པ་མ་ཡིན་པས། བླངས་ནས། འདྲིས་པ་མེད་པར་གནས་པར་བྱའོ། །དེ་ལྟར་ཆགས་པ་སྤངས་ནས་རྙེད་པ་ལ་སོགས་པ་ལ་སྲེད་པ་སྤང་བའི་ཕྱིར། ་བདག་ནི་རྙེད་མང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཤི་བའི་འོག་ཏུ་འཇིགས་པ་སྐྱེའོ། །དེ་དེ་ལྟར་དཔྱད་ནས་དེ་ལྟར་དཔྱད་པར་མི་འགྱུར་རོ་སྙམ་ན། དེ་བས་རྣམ་པར་རྨོངས་པའི་ཡིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙེད་པ་ལ་སོགས་པ ་གང་དང་གང་ལ་ཡིད་བདེ་བ་ལ་རྨོངས་པར་གྱུར་བ་ན། ཆགས་པར་གྱུར་བའི་རྙེད་པ་ལ་སོགས་པ་དེ་དང་དེ་བསྡོངས་པ་སྟོང་འགྱུར་དུ་སྡུག་བསྔལ་གྱི་རྒྱུ་ཉིད་དུ་གྱུར་ཅིང་ལྡང་ངོ། །གང་གི་ཕྱིར་ད་ལྟ་ཡིན་ན། དེ་བས་མཁས་པས་རྙེད་པ་ལ་སོགས་པ་དེ་ལ ་ཆགས་མི་བྱ། །ཕྲེང་བའི་ཆགས་པ་གང་ཡིན་པ་ལ་འཇིགས་པ་སྐྱེའོ། །ཆགས་པ་ཡོད་ན་ཤི་བ་ལས་འཇིགས་པར་འགྱུར་གྱིས། གཞན་དུ་མི་མ་ཡིན་པ་དེའི་ཕྱིར་མཁས་པས་དེ་འདོད་པར་བྱ་བ་མ་ཡིན་ནོ། །མི་རྟག་པ་དག་ལ་མི་རྟག་པའི་འདོད་པ་རིགས ་པ་མ་ཡིན་པར་བསྟན་པའི་ཕྱིར་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙེད་པ་ལ་སོགས་པ་འདི་དག་རང་ཉིད་འདོར་འགྱུར་བར་འཇིགས་པར་འགྱུར་ཏེ་འཇིག་པའི་རྒྱུ་མེད་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་དང་འབྲེལ་པའི་འཇུག་པ་བསྟན་པར་གྱིས་ཏེ་རབ་ཏུ་རྟོགས ་པར་བྱའོ། །འདི་ལྟར་རྙེད་པ་དག་ནི་མང་བྱུང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མོས་པ་ནི་དེ་ཉིད་འདི་ཡིན་ནོ་ཞེས་ལྷག་པར་མོས་པའོ། །དེ་དག་གི་ཞེས་བྱ་བ་ནི་བྱིས་པ་དག་དང་ལྷན་ཅིག་གོ་།དེ་སྐད་དུ་བཤད་ནས་འདི་ལྟར་བྱིས་པ་དང་འདྲིས་པ་སྨད་ཅིང་དབེན ་པའི་ཕན་ཡོན་བསྟན་པའི་ཕྱིར། ནགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་རྣམས་ཞེས་བྱ་བ་ནི་དགོན་པའི་ཤིང་དག་གོ་།རྒྱུད་སྟོང་པ་ལ་སོགས་པར་བྱང་ཆུབ་སེམས་དཔའ་ཨི་དབེན་པ་ནི་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ། ཞེན་བདེན་ཏེ། འོན་ཀྱང་ལས ་དང་པོ་པ་ཆགས་པ་དང་སྲེད་པས་བཅོམ་པ་ལ་དཀོན་མཆོག་སྤྲིན་ལ་སོགས་པར་འདི་ཡང་གསུང་མོད་ཀྱི་གཞན་ནི་ཐེག་པ་དམན་པ་དབེན་པ་དེ་མི་འདོད་ཅིང་བལྟོས་པ་མ་ཡིན་ནོ། །ཕུག་གམ་ལྷ་ཁང་སྟོང་པ་འམ་ཞེས་བྱ་བ་ལ་སོགས་པ་ལ། །ཆགས་པ་མེད ་པར་འགྱུར་ཞིག་གུ་།ས་ཕྱོགས་བདག་གིར་བཟུང་མེད་པ། །བདག་གིར་བྱས་པ་མ་ཡིན་པར། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །བཅོས་མ་མ་ཡིན་བདེ་བ་དེ་དག་ཏུ། །རང་དབང་སྤྱོད་ཅིང་ཆགས་མེད་པར་ཏེ། བདག་གིར་མ་བྱ་བ་པའི་གནས་དག ་ཏུ། ནམ་ཞིག་བདག་ནི་གནས་པར་འགྱུར་རོ། །སྦ་བ་མ་བྱས་པ་ནི་བསྲུང་བ་མ་བྱས་པའོ། །དུར་ཁྲོད་ནི་རོའི་གནས་སོ། །འཇིགས་པ་ནི་རུལ་ཅིང་བརྣགས་པ་སྟེ། དེ་ཉིད་ཀྱི་ཆོས་ཅན་དག་ཏུ་སྟེ། །།རང་བཞིན་དེ་འདི་ལ་ཡོད་པས་ན་འདི་ནི། འཇིག་པའི ་ཆོས་ཅན་དག་ཏུ་ནི། བདག་གི་ལུས། ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །བདག་གི་ལུས་ནི་འདི་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞེས་བྱ་བ་ནི་ཚིག་ཕྲད་ཡིན་ཏེ། གང་གི་ཞེས་བྱ་བའི་དོན་ཏོ། །དྲུང་དུ་ཞེས་བྱ་བ་ནི ་ཐག་ཉེ་བའོ། །སྡུག་པ་དང་བྲལ་བ་མི་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡུལ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ལུས་གྱེས་པར་གྱུར་པ་ནི་དེ་གྱེས་པར་གྱུར་པའོ། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། དབེན་པའི་བདེ་བ་འཇོམས ་པར་བྱེད་པ་གཞན་ལྟ་ཞོག་གོ་།ཅི་ཞིག་ཞེས་བྱ་བ་ནི་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །སྡུག་པ་འབའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །ལམ་དག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་པའི་གནས་དེ་ལ་ཁྲི་འདེགས ་པར་བྱེད་པའོ། །ཅི་སྲིད་སྐྱེས་བུ་བཞི་ཡིས་ནི། །སྲིད་པའི་ལམ་དེ་ལས་དེ་ནི་མ་བཏག་པ། །ཀུན་ནས་འཇིག་རྟེན་མྱ་ངན་དུ་གྱུར་པས། །དེ་སྲིད་དུ་ནི་ནགས་སུ་སོང། །དེ་ལྟར་ཡང་ཤི་བར་གྱུར་པ་ལ་མྱ་ངན་བྱེད་པ་ཡིན་ནམ་ཞེ་ན། བཤེས་མེད་ཅེས་བྱ་བ་ལ ་སོགས་པ་སྨོས་ཏེ། འགའ་ཞིག་དང་འདྲིས་པ་མེད་ཅིང་འཁོན་པ་ཡང་མེད་པ་དེ་ལྟར་ན་ཤི་བ་ལས་སྔར། ལུས་འདི་གཅིག་པུ་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་བརྩིས་ན། །ཤི་ནའང་མྱ་ངན་བྱེད་པ་མེད། །དྲུང་ན་འཁོད་པ་ནི་གཉེན་ལ ་སོགས་པའོ། །འདིའི་སངས་རྒྱས་རྗེས་དྲན་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཆོས་དང་དགེ་འདུན་དང། གཏོང་བ་དང་ལྷ་རྗེས་སུ་དྲན་པ་བཟུང་ངོ། །དེ་བས་ན་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་སྟེ་རྟོགས་པར་སླའོ། །དེ་ལྟར ་ཆགས་པ་དང་རྙེད་པ་ལ་སོགས་པའི་སྲེད་པ་སྤངས་པས་འཇིག་རྟེན་ཡོངས་སུ་སྤངས་ནས་རྣམ་པར་རྟོག་པ་ཡང་དོར་བར་བྱ་བའི་ཕྱིར་བསམ་པ་གཞན་ནི་ཀུན་བཏང་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་བ་ལ། བསམ་པ་གཞན་ནི་ཕ་རོལ་ལ་སེམས ་པ་སྟེ། དཔེར་ན་གཞན་དག་ཏ་གཞན་དག་གིས་ནི་འཁྲུལ་པ་འམ། གཞན་གྱིས་བྱས་པ་འམ་མ་བྱས་པ་ལ་རྟག་པར་མི་བྱ་བདག་ཉིད་ཀྱིས། མཉམ་དང་མི་མཉམ་ཡང་དག་བརྟག་ཅེས་བཤད་པ་ལྟ་བུ། །བདག་ལ་སེམས་པ ་ནི་བྱང་ཆུབ་ཀྱི་སེམས་ལ་སེམས་པའོ། །གཅིག་བུ་དེ་ཉིད་དེ། དམིགས་པ་ལ་རྩེ་གཅིག་པ་གང་ལ་ཡོད་པ་དེ་ནི་བདག་ལ་སེམས་པ་གཅིག་པུ་ཡིས། །གང་ལ་སེམས་ནི་མཉམ་པར་བཞག་ཕྱིར་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞི ་གནས་ཀྱི་མཉམ་པར་གཞག་པའི་ཕྱིར་རོ། །ལྷག་མཐོང་གིས་དུལ་པར་བྱ་ཕྱིར་བརྩོན་དེ་བྱ། །དྲན་པ་དང་བརྩོན་འགྲུས་དང་བག་ཡོད་པ་དག་གིས་སོ། །གཞན་ལ་སེམས་པ་ཡང་བྱང་ཆུབ་སེམས་དཔའ་དག་གིས་བྱ་བ་མ་ཡིན་ནམ། །དཔེར་ན་གཞན ་དག་ཏུ། བདག་གམ་ཡང་ན་གཞན་དག་ལ། །སྡུག་བསྔལ་ཡིན་ཡང་གང་ཕན་ལ། །ཕན་དང་བདེ་བ་རྣམ་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་ཀྱི་སེམས་ནི་འདིར་ཡང་གཞན་ལ་སེམས་པ་གཙོ་པོར་གྱུར་པ ་བཤད་པ་ཡིན་ནོ་ཞེ་ན། བདེན་ཏེ། ལས་དང་པོ་པའི་གཞན་གྱི་དོན་གྱི་གོ་རིམ་འདི་ཉིད་ཡིན་ཏེ། འགའ་ཞིག་བདག་ཉིད་དུལ་བར་མ་བྱས་པར་གཞན་གདུལ་བར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སྡོམ་པའི ་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱི་ཕྱིར་བསྟན་པ་ལྟར། བྱ་བ་ནན་ཏན་གྱི་བསམ་གཏན་ཡང་ཕྱིས་འཆད་པར་འགྱུར་རོ། །འདི་ནི་ནང་དུ་ཡང་དག་འཇོག་།ཡིན་པ་དེ་ལྟར་ན་ཏིང་ངེ་འཛིན་ལ་རྩོད་པ་ཅིར་ཡང་མི་རུང་ངོ། །དེ་ ་ལ་འདོད་པའི་རྟོག་པ་སྤང་པའི་དབང་དུ་མཛད་ནས། འཇིག་རྟེན་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ལ་འདོད་པ་ཡང་སྨོད་པ་ནི་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཏེ་དགའ་བའི་དོན་དུའོ། །སྔོན་ནི་སྔར་རོ། ། ་རྫས་ནི་ནོར་ཏེ། བདག་དང་གཞན་གྱི་ཕན་ཚུན་བདག་གིར་བྱས་པའོ། །གང་ཞིག་སྟེ་འདོད་འབད་དེ་བཏེག་པ་ནི་འོ་བྱེད་པའི་དོན་དུའོ། །དྲངས་ཀྱང་ངོ་ཚས་འོག་ཏུ་བལྟ། །སྔོན་ནི་མཐོང་ངམ་མ་མཐོང་ཡང། །གོས་ཀྱི་གདོང་ཡང་གཡོགས ་པར་འགྱུར། །གཡོགས་སམ་མ་གཡོགས་པ་ཉིད་ཀྱི་ཕྱིར་ཁྱོད་ཉོན་མོངས་པའི་བུད་མེད་ཀྱི་གདོང་དེ་ནི་འདེགས་པར་བྱེད་པའི་འབད་རྩོལ་གྱིས། ད་ལྟར་མངོན་སུམ་གྱུར་བ་བཞིན། །བརྣག་པར་མི་བཟོད་པ་ནི། བྱ་རྒོད་ཀྱི་གསལ ་བྱས་མཐོང་ནས་མཐོང་ན་སྟེ། དུར་ཁྲོད་ལ་སོགས་པར་རོ། །བུད་མེད་ཀྱི་ལུས་འཇིགས་སུ་རུང་བ་འཇིགས་པ་དང། སྐྱོ་བར་བྱེད་པ་དེས་མཐོང་ནས། །ད་ལྟར་ཅིའི་ཕྱིར་འབྱོར་པར་བྱེད། གཞན་གང་གི་ཞེ་ན་གཞན་གྱི་ཟས་ལ་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། མེ་ཏོག་གི་ཕྲེང་བ་ནི་ཕྲེང་པའོ། །རྒྱན་ནི་གདུ་བུ་ལ་སོགས་པའོ། །དེ་དག་གིས་ཅེ་སྤྱད་ལ་སོགས་པའི་གང་དག་གི་ཟས་བུད་མེད་ཀྱི་ལུས་ཤའི་ཕུང་པོ་ལ་མཆོད་པར་བྱེད་དེ། དེ་དག་དང་གཞན་དག་གི་བཟའ་བ ་ཡིན་ནོ། །ཇི་སྲིད་དེ་ནི་འདི་ལྟར་ཡང་ཤའི་ཕུང་པོ་སྟེ། བུད་མེད་ཀྱི་ལུས་ཀྱི་ཤའི་ཚོགས་ཤ་མང་པོ་ཉིད་ཀྱི་ཕྱིར་དེ་ལྟ་བུར་གྱུར་པ་འདི་མཐོང་ནས། སེར་སྣ་ཅན་ཁྱོད་ཅིས་མི་སྲུང། །རུས་གོང་ཉིད་དུ་མཐོང་ནས་ནི། །བུད་མེད་ཀྱི་ལུས་བདག ་མེད་དེ?། །མི་འགུལ་ཡང་ནི་ཁྱོད་སྐྲག་ན། །རོ་ལངས་བཞིན་དུ་དགའ་ཡིས་ཀྱང། །བསྐྱོད་པར་གྱུར་ན་ཅིས་མི་འཇིགས། །བཤད་པ་དང་ནི་མི་གཙང་བའོ། །སྔས་ལའང་དགའ་བར་མི་བྱེད་པར། །དྲི་ར་འཛག་པ་མ་ཡིན་ཞེས། དེའི་ཕྱིར ་འདོད་ལྡན་མི་གཙང་བ་ལ་རྨོངས། །མི་གཙང་བ་ཉིད་ལ་རྨོངས་པ་ནི་ཆགས་པའོ། །དེ་ལྟར་ན་གང་ལ་ཞེས་བྱ་བ་ལ་སོགས་པ་ལ། མི་གཙང་བའི་ལུས་གང་ལ་གཡོགས་ནའང་སྟེ། དེའི་སྣག་གིས་སྤགས་པའི་པགས་པས ་གཡོགས་པ་ལ་ཆགས་པར་གྱུར་པ་བྱ་རྒོད་ཀྱིས་གསལ་བར་བྱ་ཞིང་དེས་བཤུས་ན་ཡང་ཅི་སྟེ། ཅིའི་ཕྱིར་མི་སྡུག་མི་གཙང་བ་ལ་ཆགས་པ་ནི་མ་ཡིན་གྱི། འོན་ཀྱང་བུད་མེད་ལ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ ་ནི་ཁྱོད་དོ། །རུས་པའི་གཟེབ་རྒྱུས་པས་འབྲེལ་པའི་འཁྲུལ་འཁོར་གང་ལ་ཡོད་པ་དེ་ནི། རུས་གཟེབ་རྒྱུས་པས་འབྲེལ་བ་ལ། གཞན་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད། །དེའི་ཕྱིར་མི་གཙང་བ་ལ་ཁྱོད་ཀྱིས་ཆགས་པ་འབྱུང་བ་ཡིན་ནོ་དེ་ལྟར་ན་ཡང ་གཞན་གྱིས་འཁྱུད་པར་བྱ་བ་མ་ཡིན་ནོ་ཞེ་ན། ཁྱོད་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཙང་བ་དུ་མ་ཡོད་ཅིང་མི་གཙང་བའི་ཕུང་པོ་ཐམས་ཅད་ཟ་བར་འདོད་པའི་ངང་ཚུལ་ཅན་ནི་མི་གཙང་བརྐམ་པས་འདོད་པར་བྱེད། འོན་ཏེ་བདག་ནི་འདི ་དང་གཞན་ལ་དགའ་བ་ཡིན་ནོ། །ཞེས་འདིའི་ཤ་ལ་རེག་ཅིང་བལྟ་བར་འདོད་པ་ཡིན་པ་དེ་ལྟ་ན་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་ནི་ཤ་འདི་ལ་དགའ་ཞེས། །རེག་དང་ལྟ་བར་འདོད་ན་གོ་།སེམས་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་འོན་ཏེ་སེམས་འདོད་པ་ཡིན་ནོ་ཞེ་ན། གང་དེའི་སེམས་ནི་འདོད་མིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེག་དང་ལྟ་བར་མི་ནུས་ཏེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རེག་པ་དང་མཐོང་པར་ནུས་པའི་ལུས་གང་ཡིན་པ་དེ་ནི་སེམས་མ ་ཡིན་ན། དོན་མེད་འཁྱུད་ཅི་ཞིག་བྱ། །གཞན་གྱི་མི་གཙང་བའི་རང་བཞིན་གྱི་ལུས་ཤེས་པ་ནི་མ་ཡིན་ནོ་ཞེ་ན། མི་གཙང་རང་བཞིན་གཞན་གྱི་ལུས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟོགས་པ་ནི་མི་ཤེས་པའོ། །རང་ཉིད་མི་གཙང་པ ་ཉིད་ཡིན་པར་ཁོང་དུ་མ་ཆུད་ཅིང་རྟོགས་པར་མི་འགྱུར་བ་ངོ་མཚར་ཆེའོ། །དེ་ལྟར་ནི་འགྱུར་མོད་ཀྱིས་ཡིད་དུ་འོང་བའི་ལུས་ཁ་དོག་དང་དབྱིབས་དང། དྲི་དང་རེག་བྱར་ལྡན་པ་ལ་ཆགས་པར་རིགས་པ་ཡིན་ནོ་ཞེ་ན། སྤྲིན་བྲལ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། སྤྲིན་དང་བྲལ་ཞིང་སྒྲིབ་པ་མེད་པའི་ཉི་ཟེར་ཏེ། ཉི་མའི་འོད་ཀྱི་ཕྱེ་བའི་པདྨ་དེ། ཆུ་སྐྱེས་གཞོན་ནུ་མངོན་པར་གསར་པའི་པདྨ་སྤངས་ནས་མི་གཙང་བ་ལ་ཞེན་ཅིང་ཆགས་པའི་སེམས་གང་ལ་ཡོད་པ་དེ་ནི་མི་གཙང་ཞེན་པའི་སེམས ་གང་ལ་ཡོད་པ་དེ་ནི་མི་གཙང་ཞེན་པའི་སེམས་ལྡན་པ་སྟེ། འདོད་ལྡན་འདིས་མི་གཙང་གཟེབ་སྟེ། ལུས་ལ་ཅིའི་ཕྱིར་དགའ་། མི་གཙང་བའི་གཟེབ་ལས་བྱུང་པའི་མི་གཙང་བ་ཡང་ཁྲུས་ལ་སོགས་པས་མངོན་པར་འདུས་བྱས་པ་ལ་ཆགས ་པ་རིགས་པ་ཡིན་ནོ་ཞེ་ན། ས་ལ་སོགས་པ་ནི་བོད་བ་ལ་སོགས་པའོ། །གལ་ཏེ་མི་གཙང་བས་གོས་པར་གྱུར་པ་དེའི་ཚེ་མི་གཙང་བ་ཉིད་ཀྱིས་གོས་པ་ཉིད་ཀྱིས་ཕྱིར་རེག་པར་མི་འདོད་ན་གལ་ཏེ་འདི་ལྟར་ལུས་གང་ལས་དེ་ནི་བྱུང ་བའི་མི་གཙང་བ་དེའི་ལུས་ལ་ཅི་སྟེ་ཁྱོད་རེག་འདོད། ཕྱི་རོལ་ལ་གཙང་པ་ནི་ཡོད་པ་མ་ཡིན་པས་དེས་ན། དེའི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་ལུས་ནི་གཙང་བ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་མི་གཙང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི ་གཙང་ཞིང་ལས་བྱུང་གྱུར་ཅིང། དེའི་ས་བོན་དེས་བསྐྱེད་པ་སྟེ། མི་གཙང་བའི་ས་བོན་གྱིས་ཏེ། ཁུ་བ་དང་ཁྲག་འདྲེས་པ་ས་བོན་ཉིད་ཡིན་པའི་ཕྱིར་རོ། །མི་གཙང་བ་དེས་བསྐྱེད་པ་ནི་མི་གཙང་བའི་ཚོགས་ཀྱིས་འཕེལ་བར་བྱས་པ་ཉིད་ཀྱི་ཕྱིར་རོ། ། ་མི་གཙང་བ་ལས་བྱུང་བ་ཡིན་ན་ཡང་མི་གཙང་བ་མང་པོ་མ་ཡིན་པ་དེ་ཡང་རེ་ཞིག་མི་འདོད་ན། ལུས་ནི་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའི་ཕྱིར་མི་གཙང་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཙང་སྲིན། ཆུང་ངུ་ཡང་མི་གཙང ་བ་ལུས་བྱུང་བ་ཡིན་ན། ཁྱོད་འདོད་མི་བྱེད་ན། མི་གཙང་མང་གིས་རང་བཞིན་ལུས། །མི་གཙང་སྐྱེས་པ་འདོད་པར་བྱེད། །ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ལ། །འདི་ལྟར་ལུས་ནི་ཤིན་ཏུ་ནི་གཙང་བ་ཡིན་ནོ། །ག་བུར་ལ་སོགས་པ་ཞེས་བྱ་བ་དང ་གལ་ཏེ་མི་གཙང་འདི་འདྲ་བ་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །དགེ་སློང་འདོད་ཆགས་ལ་སྤྱོད་པ་མི་གཙང་བ་ལ་མོས་པའི་དོན་དུ་མཁན་པོས་དུར་ཁྲོད་དུ་ཁྲིད་པ་པས་ཤི་བའི་མོ་མཚན་འབུས་གཞིག་པ་མཐོང་བ་ན་མཁན་པོ་བཟང་པོ་ལ ་གཟིགས་ཞེས་སྨྲ་ཞིང་ཆགས་པར་འགྱུར་ན། རང་བཞིན་དུ་གནས་པའི་མཚན་ཉིད་མཐོང་ན་ལུས་ལ་ཆགས་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་ཞིག་པགས་པ་ཁ་ཕྱེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་གྱི་པགས་པ་ཙམ་ནི་ལུས ་ཐམས་ཅད་ཀྱི་ཉེ་བར་མཚོན་པ་ཡིན་ནོ། །དེ་ནི་ཁ་ཕྱེ་ཞིང་གཅེར་བུར་བྱས་ནས་ལུས་གང་ལས་འཇིགས་པ་ཆེན་པོ་སྐྱེ་པར་འགྱུར་ཏེ། དེའི་གཟུགས་དང་སྒྲ་ལ་སོགས་པ་ནི་ཡི་དགས་ལ་སོགས་པ་འཁྲུལ་པ་སྐྱེད་བའི་ཕྱིར། ཤེས་ཀྱང་ཇི་ལྟར ་དེ་ཉིད་ལ། །ལུས་དེ་འདི་ཉིད་ཡིན་ནོ་ཞེས་ཤེས་སུ་ཟིན་ཀྱང་རང་བཞིན་དུ་གནས་པའི་ལུས་ལ་ཡང། ཕྱིར་ཞིང་དགའ་བ་སྐྱེ་བར་འགྱུར། ཇི་ལྟར་ན་འདི་སྲིད་པ་མ་ཡིན་ཏེ། ཤིན་ཏུ་ངོ་མཚར་ཆེའོ། །མོ་མཚན་གྱི་པགས་པ་ཁ་ཕྱེ་ཞིང་གསལ་བར ་བྱས་པ་འམ། མཚོན་གྱིས་གཏུབས་པའི་ཕྱེ་མ་དེ་ལ་དགའ་བར་འགྱུར་ཞིང། །ལུས་ཐམས་ཅད་ལ་ཡང་ཞེས་བྱ་བ་འདིར་མི་འགྱུར་རོ། །དྲི་ང་བ་ལ་སོགས་པས་འཇིགས་སུ་རུང་བ་མེ་ཏོག་གི་ཕྲེང་བ་དང་ཙན་དན་ལ་སོགས་པས་འདུས་བྱས་པ་དེ་ལ་ཡང ་དགའ་བར་རིགས་སམ་ཞེ་ན། ལུས་ལ་བསྐུས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་དང་ཙན་དན་ནི་ཁ་དོག་དང། མེ་ཏོག་གི་ཕྲེང་བ་དང། གོས་ལ་སོགས་པ་ཉེ་བར་མཚོན་པ་ཡིན་ནོ། །གཞན་མིན་ན་ཞེས་བྱ་བ་ལ་སོགས་པ་ལས ་གཞན་མ་ཡིན་ནའོ། །ཆགས་པ་དང་བྲལ་བ་ཉིད་དོན་ཡིན་ནོ་ཞེས་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ནི་ལུས་ལའོ་།ལུས་དེ་དྲི་ཞིམ་པོའི་དོན་དུ་སྐུད་པ་ཡིན་ནོ་ཞེ་ན། འཇིག་རྟེན་དོན་མེད་ཅེས་བྱ་བ་ལ་སོགས ་པ་སྨོས་སོ། །རྟོག་པ་དང་ལྡན་པ་འདི་ལ་སྐུད་པར་རིགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འོན་ཏེ་དྲི་ཞིམ་ཙནདན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པ་ནི་མངོན་པར་འཕེལ་བ་ཡིན་ནོ། །དེ་ལྟར་ནི་རུས་གོང་ཞེས་བྱ་བ་ལ་སོགས་པ་ལ།། ་གྲོང་གི་དུར་ཁྲོད་ལ་སྟེ། གཡོ་བའི་རུས་གོང་གི་ལུས་ཀྱིས་དཀྲུགས་ཤིང་ཁྱབ་པ་ནི་གཡོ་བའི་རུས་གོང་གིས་ཁྱབ་པའི་དུར་ཁྲོད་དང་འདྲ་བའི་གྲོང་དེ་ལ་དགའ་འམ། གཞན་ཡང་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡང་འདོད་ལྡན ་ངན་པ་ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་ལ། འདོད་ལྡན་ནི་བྲན་ནོ། །ཁྱུང་ཀོར་ལོས་ཀྱང་ཞེས་བྱ་བ་ནི་ལོ་མང་པོ་དག་ཀྱང་ངོ། །བུད་སྨད་འདོད་བཞིན་ཞེས་བྱ་བ་ནི་བུ་དང་བུ་མོ་ལ་སོགས་པ་དོན་དུ་གཉེར་བའོ། །གང ་དོན་ཉིད་ནི་བུ་ལ་སོགས་པ་ཉིད་དོ། །ཚོང་པ་བསྟེན་པས་རང་གི་ལུས་བཙོངས་པ་སྟེ། རང་གི་ལུས་འཚོང་བ་གང་ལ་ཡོད་པ་དེ་དག་ནི། ལ་ལ་རང་གི་ལུས་བཙོངས་ཤིང་ངོ། །གཡུལ་དུ་འཇུག་པ་ནི་རབ་ཏུ་འཇུག་པའོ། །འདོད་ལྡན་པ་ནི་འདི ་ང་རྒྱལ་ཡིན་བར་དགོངས་སོ། །ལུས་ཀྱང་བཅད་ཅེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །དོན་ཕུན་སུམ་ཚོགས་པ་ཡོད་ན་འདོད་པ་རྙེད་སླ་བ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། བྱིས་པ་ནོར་སྤེལ་མི་ནུས་བས། །དར་ལ་བབ་ནས ་འདིས་ཅི་བདེ། །བསགས་པས་གཞོན་པར་གྱུར་ན་ནི། །རྒས་ནས་འདོད་པས་ཅི་ཞིག་བྱ། །དེའི་ཕྱིར་བསག་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསག་དང་བསྲུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་དོན་འཇིག་པར་མཐོང་བ་འདི ་ནི་དོན་མེད་པར་མཐོང་བ་ཡིན་ནོ། །དོན་མེད་པར་མཐོང་བ་ནི་ནོར་ལ་ཆགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ་།འདོད་ལྡན་རྣམས་ལ་སོགས་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །ཉེས་དམིགས་ནི་སྐྱོན་ཡིན་ཏེ། གང་ཞིག་ཆེས་མང་ལ་མནོག་ཆུང ་བ་སྟེ། ཉམས་སུ་མྱོང་བ་ཆུང་བ་ཡིན་ནོ། །མནོག་ཆུང་བ་གང་ཡིན་པ་དེ་ཞེས་བྱ་བ་ནི་འདོད་པའི་བདེ་བ་མནོག་ཆུང་བ་གང་ཡིན་པ་དེའོ། །གང་ཞེ་ན། ཕྱུགས་ཀྱིས་སྒྲུབ་ན་འང་མི་དཀོན་པའི་འོ། །དེའི་དོན་དུ་དལ་འབྱོར་ཕུན་སུམ་ཚོགས་པ ་སྙེད་དཀའ་འདི་བཅོམ་པ་ཡིན་ནོ། །གང་གིས་བཅོམ་ཞེ་ན། ལས་ཀྱིས་མནར་པ་རྣམས་ཀྱིས་ཏེ། ལས་ནི་ལས་དང་ཉོན་མོངས་པའོ། །དེས་མནར་བ་ནི་འདོད་ལྡན་ཉེ་བར་བཅོམ་པ་སྟེ། བདག་ཉིད་ཀྱིས་བདག་བཅོམ་པ ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ནི་འགྱུར་མོད་ཀྱིས། །བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་སྡུག་བསྔལ་ཆེན་པོ་ཡིན་ནོ་ཞེ་ན། འདོད་པ་ངེས་པར་འཇིག་འགྱུར་ཞིང། །དམྱལ་བ་སོགས་ལ་ལྟུང་བྱེད་པ། །ཆུང་བ་ཉིད་ཀྱི་ཕྱིར། ཆེན་པོ་མིན་ཕྱིར་དུས ་ཀུན་ཏུ་ཞེས་བྱ་བ་ནི་སྐྱ་བོས་སོ་སོར་སྟེ། འདོད་པ་དང་ལྡན་པ་འཁོར་བར་རོ། །དེ་ཡང་འདོད་ལྡན་བྱང་ཆུབ་སྤྱོད་པ་བས། །སྡུག་བསྔལ་ཆེ་བ་ཡིན་ལ། བླ་ན་མེད་པའི་བྱང་ཆུབ་སྟེ། སངས་རྒྱས་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཆེན་པོ་ཡིན་ཞེ་ན། ་དམྱལ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ལྡན་རྣམས་ཀྱིས། དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །དམྱལ་ལ་སོགས་པའི་དུས་ཀྱིའོ། །འདོད་པ་རྣམས་ལ་མཚོན་ལ་སོགས་པའི་སྡུག་བསྔལ་གྱིས་ཀྱང་དཔེར ་མི་ཕོད་དོ། །འདི་སྐད་དུ། འཇིག་རྟེན་འདི་དང་ཕ་རོལ་ཏུ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་འདོད་པ་པོ་ལས་སྐྱོ་བ་སྐྱེད་ཅིང་འདོད་པའི་རྣམ་པར་རྟོག་པ་སྤངས་ནས་གནོད་སེམས་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བའི་ཆེད་དུ། དེ་ལྟར ་འདོད་ལས་སྐྱོ་བྱ་སྟེ། དབེན་བ་ལ་ནི་དགའ་བ་སྐྱེད་ཅེས་སྟོན་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་བ་ནི་འཇིགས་པ་མེད་པའོ། །ཟླ་འོད་ནི་ཟླ་བའི་ཟེར་ཉིད་དོ། །དགའ་པར་བྱེད་པ་ཉིད་ཀྱི་ཕྱིར་ཙན་དན་ཏེ། དེས་བསིལ་པའི་འོ། ། ་ཁང་བཟང་སྟེ། གཞལ་ཡས་ཁང་བཞིན་དུ་ཡངས་ཤིང་རྒྱ་ཆེ་བར། གཞན་ལ་ཕན་དོན་སེམས་ཤིང་འཆག་བར་བྱེད། །གང་ཞེ་ན། སྐལ་ལྡན་ཏེ་དམ་པའོ། །ཅི་འདྲ་བ་ཞིག་གིས་ཞེ་ན། །སྒྲ་མེད་ཞི་བའི་ནགས་རླུང་གཡག་པ་ཡིས་སོ། །ཁང ་སྟོང་ལ་སོགས་པ་གང་དུ་སྟེ། ལ་ལར་ཅི་སྲིད་འདོད་གནས་ཤིང་སྟེ། འདུག་ནས་ཡོངས་འཛིན་བསྲུབ་པའི་སྡུག་བསྔལ་སྤངས། །ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པ་ཡོངས་སུ་འཛིན་པ་བསྲུང་བའི་སྡུག་བསྔལ་དེ་དང་བྲལ་བར་བྱ་སྟེ། སའི་ལྷུང ་བཟེད་ལ་སོགས་པའི་ཡོ་བྱད་ནི་རྐུན་པོས་དབྲོག་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །སའི་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་དང། བྲང་ཁང་སྟོང་པ་དེ་ལ། བལྟོས་པ་མེད་པར་བག་ཡངས་སྤྱོད། །བལྟོས་པ་མེད་པར་སྤྱོད་པས ་གནས་པར་བྱའོ། །དེ་ལྟར་ནི་གྱ་ནོམ་པའི་ཡོ་བྱད་མེད་པའི་ཕྱིར་སྡུག་བསྔལ་གྱིས་གནོད་པར་འགྱུར་ཞིང་བདེ་བ་ལས་ཀྱང་ཏིང་ངེ་འཛིན་སྐྱེ་བ་མ་ཡིན་ནམ་ཞེ་ན། རང་དབང་སྤྱོད་ཅིང་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དང་ཡང་འབྲེལ་མེད་པ་སྟེ། ་གཞན་གྱི་རྣམ་པར་རྟོག་པ་ལ་སོགས་པ་མེད་པའི་ཕྱིར་རོ། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ་ཞེས་བྱ་བ་ནི་གཞན་གྱི་རྣམ་པར་རྟོག་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་རྟོག་པ་གཞན་སྤངས་པར་བྱས་སོ། །ཞེས་བསྟན་པའི་ཕྱིར། །དེ་ལ ་སོགས་པའི་རྣམ་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཇུག་བསྡུ་བ་ཡིན་ནོ། །དེ་ལ་སོགས་པའི་རྣམ་པ་ཡིས། །ཞེས་བྱ་བ་ནི། རྣམ་པར་རྟོག་པའི་རྒྱུན་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་ལ་སོགས་པ་དམིགས་པ་དང་འཛིན་པའི་རྣམ་པ ་ཡོངས་སུ་སྤང་པར་བྱ་བ་ཡིས་སོ། །དེ་ལ་རྣམ་པར་རྟོག་པའི་རྒྱུན་དང་མཚུངས་པར་ལྡན་པའི་རྣམ་པར་རྟོག་པ་ནི། ཇི་ལྟར་ན་གཞན་གྱི་ཡོན་ཏན་གྱི་རྣམ་པ་མེད་པར་བླ་མ་བྱེད་ཅེས་བྱ་བའོ། །དེ་ལྟར་སྤོང་བར་བྱེད་པའི་རྣམ་པ་ཇི་ལྟར་བདག་གིས་འགྲོ་བའི་བླ ་མར་བྱ་བ་ཡིན་ན་དེ་འདྲ་བའི་ཡོན་ཏན་བདག་ལ་མེད་པའི་དབེན་པའི་ཡོན་ཏན་གོམས་པར་བྱས་ན། རིམ་གྱིས་འབྱུང་བར་འགྱུར་རོ། །དབེན་པ་མེད་པར་ལས་དང་པོ་པའི་སེམས་ལས་སུ་རུང་བར་མི་འགྱུར་ཏེ། །བསླབ་པ་འདོད་པའི་དགེ་སློང་རྣམས།། ་དབེན་པ་དག་ཀྱང་ཐོབ་པར་ཤོག་།གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་བསྒོམ་གྱུར་ཅིག་ཅེས་འཆད་པ་ལྟ་བུའོ། །དེ་ལྟར་ན་དབེན་པའི་ཡོན་ཏན་བསམ་བྱས་ནས། །རྣམ་རྟོག་ཉེ་བར་ཞི་བ་དང། །བྱང་ཆུབ་སེམས་ནི་བསྒོམ ་པར་བྱའོ། །དེ་ལྟར་ནང་དུ་ཡང་དག་འཇོག་པའི་བསམ་གཏན་གྱིས་བྱང་ཆུབ་སེམས་ཀྱི་རྣམ་པ་བཅུ་བསྒོམས་ནས་ཀུན་ནས་ནང་དུ་ཡང་དག་འཇོག་གིས་བདག་དང་གཞན་མཉམ་པ་ཉིད་དང་པོར་བསྒོམ་པར་བྱ་བ་ཡིན་པ་དེ་ལྟར་ན་འཆད་པར་འགྱུར་བའི ་ཚུལ་གྱིས། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ་པར་བྱ་སྟེ། བདག་དང་གཞན་མཉམ་པ་ཉིད་ལ་སོགས་པ་ནི་ཁྱད་པར་ཅན་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། །བདེ་དང་ཞེ་བྱ་བ་ལ་སོགས ་པ་སྨོས་ཏེ། བདེ་བ་དང་བདེ་བ་མ་ཡིན་པའི་བདག་ཉིད་བདེ་བ་དང་སྡུག་བསྔལ་གང་ཡིན་པ་དེ་དག་མཚུངས་ཤིང་མཉམ་པས་ན། ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཇི་ལྟར་བདག་སྡུག་བསྔལ་ལས་བཟློག་ནས། །བདེ་བ་ལ་སྦྱོར་ཞིང ་བསྲུང་བར་བྱ་བ་ཡིན་པ་དེ་ལྟར་བསྲུང་བར་བྱའོ། །ཇི་ལྟར་ཞེ་ན། ལག་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཇི་ལྟར་ལག་པ་ལ་སོགས་དབྱེ་བ་རྣམ་མང་ཡང། དུ་མ་ཡིན་ན་ཡང་དེ་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད་ཅན་དུ ་ཐ་དད་པའི་ཕྱིར་རོ། །ཡོངས་སུ་བསྲུང་བྱའི་ལུས་སུ་གཅིག་པ་ལྟར། དུ་མའི་བདག་ཉིད་ཅན་ཡིན་པའི་ཕྱིར། །དེ་བཞིན་འགྲོ་བའི་སྡུག་བསྔལ་ཐ་དད་ཀྱང། །འགྲོ་བ་ཐམས་ཅད་བདག་བཞིན་བདེ་བ་འདོད་སྙམ་གཅིག་།ད་ལྟར་ཡོངས་སུ་བསྐྱང་བར་བྱ། ། ་གཞན་གྱི་ལུས་ལ་བདག་གི་སྡུག་བསྔལ་གནོད་པར་བྱེད་པ་མ་ཡིན་ན་དེ་ལྟར་ན་འདི་ཐམས་ཅད་སྡུག་བསྔལ་དང་བདེ་པའི་བདག་ཉིད་དུ་ཐ་དད་པ་མེད་པ་ཡིན་ཞེ་ན། བདག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ཀྱི་སྡུག་བསྔལ་ནི་བདག་ཉིད ་ཀྱི་སྡུག་བསྔལ་ལོ། །བདག་ཉིད་ལ་ཆགས་པས་མི་བཟོད་པ་སྟེ། བདེ་བ་མ་ཡིན་པ་ལ་བདག་ལ་ཆགས་པས་བརྣག་བར་དཀའ་བའོ། །དེ་བཞིན་གཞན་གྱི་སྡུག་བསྔལ་དག་།གལ་ཏེ་བདག་ལ་བབ་པར་མི་འགྱུར་ཡང། །གཞན་དེ་འདི་ལས ་ཅིར་འགྱུར་ཞེ་ན། བདག་གི་གཞན་གྱི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་པར་བྱ་བ་ནི་བདེ་པར་བྱ་བའོ། །གཞན་ལས་བཟློག་པའི་ལུས་དང་སེམས་ཀྱི་རྒྱུད་ནི་འདིར་བདག་ཡིན་ནོ། །དེ་ཡང་ཡིན་ལ ་སེམས་ཅན་ཡང་དེ་ཡིན་པས་ན་སེམས་ཅན་དེ་ཡིན་ཕྱིར་ཏེ། སེམས་ཅན་མ་ཡིན་པ་ལས་བཟློག་བ་སྟེ། སེམས་ཅན་བཞིན་ནོ། །བདག་ཉིད་ཁོ་ན་བདེ་བ་ལ་བརྩོན་པར་བྱ་བ་མ་ཡིན་ནམ། གཞན་ལ་སེམས་ཅི་ཞིག་བྱ་སྟེ། དེའི་བདེ་བ་ཁྱོད་ ་ཀྱིས་ཉམས་སུ་མྱོང་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། གང་ཚེ་བདག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བདག་ཉིད་ཁོ་ན་ལ་ཡིན་གྱི་གཞན་དག་ལ་ཡང་མ་ཡིན་ནམ་དེ་དག་གིས་བདེ་བ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།གང་ཚེ་བདག་དང་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། གཞན་ནི་གཅིག་ཤོས་སོ། །གལ་ཏེ་དེ་ལས་ཅིག་ཤོས་ཀྱིས་སྡུག་བསྔལ་ནི་དེ་ལ་སྡུག་བསྔལ་ལོ། །དེས་བདག་ལ་མི་གནོད་པ་དེའི་ཕྱིར་མི་བསྲུང་ནའོ། །འོ་ན་དེ་ལྟར་ན་ནི་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་ཡང་བདག་ལ ་གནོད་པ་མེད་པ་དེའི་ཕྱིར་མ་འོངས་པའི་ལུས་ཀྱིས་སྡུག་བསྔལ་ལས་དོན་ཅིས་བདག་བསྲུང་བར་བྱེད་པར་འགྱུར་ཞིང། གང་གིས་ན་དེའི་དོན་དུ་བསླབ་བ་བསྲུང་བར་བྱ། དེ་ལྟར་ནི་འགྱུར་མོད་ཀྱི། །མ་འོངས་པའི་ལུས་གཞན་ཡིན་གྱིས་འོན་ཀྱང་མ ་འོངས་པའི་དུས་དེའི་ཚེ། ཡང་བདག་ཉིད་ཡིན་པ་དེས་ན་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་གྱིས་ཀྱང་བདག་ལ་གནོད་པ་ཡིན་ནོ་ཞེ་ན། བདག་གིས་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཤི་བ་ཡང་གཞན་ཡིན ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་དེ་ལྟར་ན་ནི་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་ལས་ཀྱང་བསླབ་པ་བསྲུང་བ་ལ་སོགས་པས་བདག་མི་སྲུང་ངམ་ཞེ་ན། སྲུང་བ་ཡང་ཡིན་པ་དེའི་ཕྱིར་བདག་ཉིད་དེའི་ཚེ། ཡོད་པ་ཡིན་ནོ་ཞེས་བྱ་བ་ནི ་ཀུན་ཏུ་རྟོག་པ་ལོག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །དེ་ནི་དེ་ཉིད་ཀྱིས་བསྲུང་ན་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་བདག་སྡུག་བསྔལ་ཡིན་ཏེ། ཐ་དད་པ་མེད་པ་ལ་ཉེ་བར་བཏགས་ནས་དེ་སྐད་དུ་སྟོན་ཏོ། ་ལྟག་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། །མགོ་པོའི་སྡུག་བསྔལ་ཡང་ལག་པ་མ་ཡིན་ནོ། །ཅིའི་ཕྱིར་ཐ་དད་པ་མེད་པ་ལ་ཉེ་བར་བཏགས་ནས་རྐང་པའི་སྡུག་བསྔལ་ཏེ་ལག་པ་བསྲུང་བར་བྱེད་ཅེ་ན། དེ་དག་གཅིག་པ་མ་ཡིན་ཏེ། ཡན་ལག་ཅན་མེད་པའི་ཕྱིར ་དང། ལག་པ་ལ་སོགས་པ་བསྐྱོད་པ་ན་ཐམས་ཅད་བསྐྱོད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་གཞན་དུ་བཀག་ཟིན་པའི་ཕྱིར་དང། བདག་རྟག་པ་གཅིག་བུ་ནི་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་གྱིས་བསྲུངས་པ་དེ་ལྟར་མིང?་གིས? ་གྱུར་ཀྱང་ནི། བདག་གིར་འཛིན་པ་འཛིན་པ་ཞེས་བྱ་བ་ནི་ཉེ?་བར་མཚོན་པ་ཡིན་ཏེ། བདག་ཏུ་འཛིན་པ་ལ་སོགས་པ་ཕྱིན་ཅི་ལོག་ལས་འཇུག་པར་འགྱུར་རོ། །གལ་ཏེ་དེ་ལྟར་སྡུག་བསྔལ་ཡང་མི་རིགས་པ་ཡིན་པ་དེ་ལྟར་ན་བདག་གིས་འཛིན་པ ་ལས་འཇུག་པར་འགྱུར་རོ། །དེའི་ཕྱིར་དེ་དག་རང་གི་བཟློག་པར་བྱ་ཞིང་གཞན་དག་གི་སྟོབས་ཇི་ལྟ་བ་བཞིན་དུ་བདག་གིར་བྱས་ནས་བཟློག་བར་བྱའོ། །ཞེས་བཤད་པ་གང་ཡིན་པ་ལྟ་བུའི། །དེ་དེ་ལྟར་གྱུར་མོད་ཀྱི་ལུས་དང་སེམས་ཀྱི་རྒྱུན་རྟེན་ཉིད་ཡིན་པའི ་ཕྱིར་རྟེན་ཉིད་སྡུག་བསྔལ་ཡིན་པར་རིགས་པ་མ་ཡིན་ཏེ། དགྲ་བོའི་སྡུག་བསྔལ་ཉིད་འདོད་པ་ཡིན་པའི་ཕྱིར་རོ། །སྡུག་ཀྱང་དགྲ་བོ་མེད་པ་ལ་སོགས་པ་ཡང་ཡིན་ནོ། །བདག་ཉིད་ཀྱི་སྡུག་བསྔལ་དེ་བདག་གིར་འཛིན་པ་ལ་སོགས་པས་སྤང་བར་བྱ་བ་ཡིན་ནོ།། ་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་དང་སེམས་ཀྱི་རྒྱུད་ལ་བལྟོས་ནས་ཀྱང་དེ་ཁོ་ན་ཉིད་དུ་སྡུག་བསྔལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྒྱུད་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པའི་རྒྱུད་ནི་རྒྱུན་ཡིན་ཏེ། །ཚོགས་ནི ་འདུས་པ་སྟེ། ལག་པ་ལ་སོགས་པའི་ཕུང་པོ་ལྟ་བུའོ། །སོགས་པའི་སྒྲས་ནི་ཆུའི་རྒྱུན་ལ་སོགས་པ་བཞིན་དུ་བརྫུན་ཏེ་ལོག་པ་ཡིན་ནོ། །དེའི་ཕྱིར་གཞན་ཡང། གང་གིས་སྡུག་བསྔལ་མེད་པ་འདིས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། བདག་དེ་ནི་གཞན་ལ་མེད་པའི་རྒྱུ་དེའི་ཕྱིར་སྡུག་བསྔལ་གང་དང་འབྲེལ་པ་ཡིན་ནོ། །དེ་ན་སུའི་བདག་གིར་འགྱུར། །དེ་ལྟར་ན་མི་སྲིད་པ་དེའི་ཕྱིར། སྡུག་བསྔལ་བདག་པོ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །གལ་ཏེ ་སྡུག་བསྔལ་ཡིན་ན་ཡང། །དེ་ལྟར་བརྫུན་ཡིན་པ་དེ་ལྟར་ན་གང་གིས་བཟློག་པར་བྱ། །ཅིའི་ཕྱིར་ཀུན་གྱི་སྡུག་བསྔལ་ནི་རང་དང་གཞན་གྱི་སྡུག་བསྔལ་རང་གི་སྡེ་པས་ཇི་ལྟར་མཐོང་བ་བཞིན་དུ་བཟློག་པར་བྱ། །ཞེས་བརྩད་དུ་མེད་དོ། །རང་ཉིད་ཀྱང་བརྫུན ་ཡིན་པ་དེ་ལྟར་ན། བཟློག་པར་བྱ་བ་མ་ཡིན་ལ། །གལ་ཏེ་བཟློག་པར་བྱ་བ་ཡིན་ན་ཐམས་ཅད་བཟློག་པ་སྟེ། བདག་ཉིད་ཀྱིས་བཞིན་དུ་གཞན་དག་གི་ཡང་བཟློག་པར་བྱ་བ་ཡིན་ནོ། །གལ་ཏེ་མ་ཡིན་ན་ཐམས་ཅད་ཀྱང་བཟློག་པར་བྱ་བ་མ་ཡིན་ནོ། ། ་འོ་ན་དེ་ལྟར་ན་སྡུག་བསྔལ་སྣ་ཚོགས་ཀྱི་བདག་ཉིད་འདིར་ཐ་དད་པ་མེད་པ་ལ་ཉེ་བར་བཏགས་ནས་བདག་ཡིན་ལ། དེ་ཡང་ཐམས་ཅད་བཟློག་པར་བྱ་བ་ཡིན་ནོ། །སྙིང་རྗེ་དེ་གཞན་སྡུག་བསྔལ་དང་བྲལ་པར་འདོད་པས་སོ། །བདག་གི་སྡུག་བསྔལ་དང ་སེམས་ཅན་གཞན་གྱི་སྡུག་བསྔལ་དུ་མར་གྱུར་པ་བཟློག་པར་བྱ་བ་ཡིན་ན། དེ་ཅིའི་ཕྱིར་ས་འབྱུང་བ་ཡིན་ན། གལ་ཏེ་སྟོབས་ཀྱིས་ཡིན་ནོ་ཞེ་ན། འགྲོ་བའི་སྡུག་བསྔལ་བསམ་བྱས་ནས། །ཇི་ལྟར་སྙིང་རྗེའི་སྡུག་བསྔལ་མེད་པ་མ་ཡིན་ནམ། །གལ་ཏེ ་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །དེས་ན་མེ་ཏོག་ཟླ?་མཛེས་ཀྱིས་ཏེ། བྱང་ཆུབ་ལ་སེམས་ཅན་གདུལ་པའི་ཕྱིར་རྒྱལ་པོའི་གནས་སུ་ཞུགས་པ་ན། མངོན་པར་ཤེས་པ་བརྙེས་པ་ཉིད་ཀྱིས་ཤེས་ཀྱང་རྒྱལ་པོའི་གནོད་པ་ལ་སྟེ། ་རྒྱལ་པོ་དཔལ་བྱིན་དེ་ལས་བྱུང་བའི་གནོད་པ་ནི་རྒྱལ་པོའི་གནོད་པ་ལའོ། །བདག་གིས་སྡུག་བསྔལ་ཏེ། བདག་ཉིད་འཆི་བའི་སྡུག་བསྔལ་མ་གསལ་བར་ཞེས་བྱ་བ་ནི་སྤྱོད་དུ་ཟིན་ཀྱང་མ་སྤངས་པར་རོ། །གདུལ་བྱ་མང་པོའི་དོན་སྡུག་བསྔལ ་ཟད་པར་བྱས་པའི་ཕྱིར་རོ། །དེ་དག་གི་སྡུག་བསྔལ་ཟད་པ་ཞེས་བྱ་པའི་དོན་ཡིན་ཞིང་དེ་ལ་ས་བོན་བསྐྲུན་པ་དང། ཡོངས་སུ་སྨིན་པ་ལ་སོགས་པ་ཡང་ངོ། །དེ་ཡང་དེའི་ཚེ་བདག་ཉིད་སྡུག་བསྔལ་ཉིད་ཀྱིས་གཟིགས་པ་ཡིན་པ་དེ་ལྟར་ན། ་དེའི་བདག་ཉིད་ཀྱིས་སྡུག་བསྔལ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ད་ལྟར་ཡིད་ནི་བསྒོམས་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བདག་དང་གཞན་མཉམ་པ་ཉིད་དུ་བསྒོམས་པས་གོམས་པར་འགྱུར་བའི་རྒྱུད་གང་ལ་མངའ་བ་དེ ་དག་གིས་གཞན་གྱི་སྡུག་བསྔལ་ཞི་བར་དགའ་བས་སོ། །ཅིའི་ཕྱིར་བདག་ཉིད་ཀྱི་སྡུག་བསྔལ་ཞི་བ་ལ་བྱང་ཆུབ་སེམས་དཔའ་དགའ་བར་མི་འགྱུར་ཞེས་བསྟན་པའི་ཕྱིར། སེམས་ཅན་གྲོལ་བར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རོ ་ལ་སྲེད་པ་མེད་ཅིང་འདུས་མ་བྱས་པས་རྒྱུད་གོམས་པར་བྱས་པ་དེ་ཉིད་ཀྱི་ཕྱིར་གཞན་གྱི་དོན་ལ་གཅིག་ཏུ་སྲེད་པ་བདག་ཉིད་ཁྱད་པར་ཅན་གྱིས། རྣམ་སྨིན་འབྲས་བུའི་རེ་བ་མེད། །དེ་དག་ལ་ནི་གཞན་གྱི་སྡུག་བསྔལ་ཞི་བ་ལ་དགའ་བ་ཡིན་ནོ། ་གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ན་གཞན་གྱི་ལུས་ལ་ཡང་བདག་ཅེས་འཛིན་པར་བྱེད་ཅེ་ན། གོམས་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་ཞེས་བྱ་བ་ནི ་མ་དད་བའི་འབྲེལ་པ་ལས། ཁུ་བ་ཁྲག་གི་ཐིག་པ་ལ་སྟེ། །རིམ་གྱིས་ཕའི་ཁུ་བ་དང་མའི་ཁྲག་ལས་ལས་ཀྱི་དབང་གིས་འཕེལ་པ་ཕལ་ཆེར་མིའི་ལུས་དེ་ལ་བདག་གོ་ཞེས་ནི་ཤེས་པ་ལྟར་ཏེ། ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་ཏུ་གོམས ་པའི་ཕྱིར་རོ། །ཅིའི་ཕྱིར་གོམས་པ་མེད་པར་མ་ཡིན་ཞེ་ན། །དངོས་པོ་མེད་པར་གྱུར་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །འདི་ལྟར་རྒྱུ་དང་མཚུངས་པ་དང་ནི་བརྫུན་པ་ཉིད་ཀྱི་ཕྱིར་དང། བདག་རྟག་པ་གཅིག་པུ་ལ ་སོགས་པ་ནི་དག་པར་བྱ་བ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡིན་དུ་ཟིན་ཀྱང་བདག་ཅེས་བྱ་བ་ཤེས་པ་ཉིད་ནི་སྒྱུ་མ་ལྟ་བུ་འབའ་ཞིག་ཏུ་འགྱུར་རོ། །དེའི་ཕྱིར་གོམས་པ་མེད་པར་ཡང་སྒྱུ་མ་ལྟ་བུར་ཡོད་པ་མ་ཡིན་ནོ། །ཀྱང་གི་སྒྲས་ནི་དངོས་པོ་བདེན་པ ་ཉིད་ཀྱང་ཇི་ལྟར་མཐོང་བ་བཞིན་དུ་བསལ་པར་སྣང་བ་ནི་གོམས་པ་ཉིད་ཀྱི་ཕྱིར་རོ། །ཞེས་བསྟན་པར་བྱེད་དོ། །དེ་དག་ནི་གཞན་དག་གིས་ཀྱང། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཞིག་ཏུ་བསྒོམས་པ་ལས། །བསྒོམས་པའི་སྟོབས་ནི ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཞན་གྱི་ལུས་ལ་ཡང། །བདག་ཅེས་ཅིའི་ཕྱིར་མི་གཟུང་ཞེས་བྱ་བ་དེ་བཞིན་ཉིད་ནི་གོམས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བདག་དང་གཞན་མཉམ་པ་ཉིད་ཀྱི ་ཀུན་ནས་ནང་དུ་ཡང་དག་འཇོག་གི་བསམ་གཏན་བཤད་ནས་བདག་དང་གཞན་བརྗེ་བ་ལ་སོགས་པས་བྱ་བ་ནན་ཏན་གྱི་བསམ་གཏན་བསྟན་པའི་ཕྱིར། བདག་གི་ལུས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཡིད་ལས་གཞན་ཉིད་ནི་གཞན་དག་ཏུ་འང ་རང་གི་ལུས་ལ་རྨོངས་པས་ཡིད་ཀྱི་བདག་གིར་བྱས་པ་གཞག་པ་དེ་ལྟར་བཀག་པ་མེད་རྟོགས་དཀའ་བ་མ་ཡིན་ནམ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་རྟོགས་པ་དང་རྟོགས་པའི་བདག་ཉིད་མ་ཡིན་པ་དག་འགལ་བའི་ཕྱིར་ལོག་པར་གོམས་པ ་ལས་ཡིད་ཀྱིས་བདག་གིར་བྱས་པ་ཡིན་ནོ། །བདག་ཉིད་སྐྱོན་བཅས་ཤེས་ནས་ནི། །གཞན་ལ་ཡང། ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང། །གཞན་བླང་བཞི་བསྒོམ་པར་བྱ། །ཇི་ལྟར་ན་གཞན་དག་བདག ་ཉིད་དུ་བླང་བར་བྱ་བ་ཡིན་ཞེ་ན། ཇི་ལྟར་ལག་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་གསུམ་པོ་དག་གི་དོན་ཁོང་དུ་ཆུད་པར་སླའོ། །བདག་བསྲུང་བ་ནི་བདག་སྤང་པར་འདོད་པའོ། །བྱིན་གྱིས་བརླབ་པར་མཛད་པ་དེ ་བས་ཏེ། གོམས་པའི་ཕྱིར་མགོན་པོ་སྤྱན་རས་གཟིགས། །འགྲོ་ལ་ཐུགས་རྗེས་མངའ་བས་སོ། །ཅི་ཞིག་བྱིན་གྱིས་བརླབ་པར་མཛད་ཅེ་ན། སྤྱན་རས་གཟིགས་ཞེས་བྱ་བ་དེའི་རང་གི་མཚན་ཡང་སྟེ། རེ་ཞིག་སེམས་ལྟ་སྨོས་ཀྱང་ཅི་དགོས། །ཞེས ་བྱ་བ་ནི་ཡང་གི་སྒྲའི་དོན་ཡིན་ནོ། །ཅིའི་ཕྱིར་བྱིན་གྱིས་བརླབ་ཅེ་ན། འཁོར་གྱི་འཇིགས་པ་སྟེ། སྤོབས་པ་མེད་པ་དེ་ལས་འཇིགས་པ་ནི་འཁོར་གྱིས་འཇིགས་པའོ། །འང་གི་སྒྲས་ནི་སྐྱེ་བ་གཞན་གྱི་ཡང་འཇིགས་པའི་སྡུག་བསྔལ་བསྐྱབ་པའི་ཕྱིར་ཏེ། ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་དག་ལས་ཇི་སྐད་བཤད་པ་ལྟ་བུའོ། །གང་གི་ཕྱིར། དེ་བཞིན་འགྲོ་ལ་བསྲུང་སེམས་དང། །སྙིང་རྗེའི་སེམས་ནི་གོམས་པར་བྱས། །སེམས་དེ་ནི་དཀའ་བས་བྱེད་ཅིང་གྲུབ་པ་ཡིན་པ་དེ་ལྟ་ན་དཀའ་བར ་བྱེད་པ་ཡིན་ནོ། །དཀའ་ལས་ཕྱིར་ལྡོག་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མཛའ་བར་གོམས་པའི་མཐུ་ཡིས་ནི། །གང་གིས་མིང་སྟེ། སྒྲ་ཐོས་པའམ་འཇིགས་པ་ཡང། །དེ་ཉིད་མེད་ནའང་མི་དགར་འགྱུར་རོ། །དཀའ་བར་སྤྱོད་པ་འདི་མེད ་པར་ཡང་བདག་དང་གཞན་བསྐྱབ་པ་ཡོད་པ་མ་ཡིན་ནོ། །ཞེས་བསྟན་བའི་ཕྱིར། གང་ཞིག་བདག་དང་གཞན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་དམ་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གསང་བ་ནི་དམན་པ་དག་ལས་སྦ་བར་བྱ ་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་བདག་སྐྱོན་དང་བཅས་པ་ཉིད་ཡིན་པར་ཤེས་ནས་སྤང་བར་བྱ་ཞེ་ན། བདག་ལུས་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་འཇིགས་པ་དེ་ལས་འཇིགས་གནས་ཆུང་ལས་ཏེ། ཚེ་རབ་ལ་སོགས་པའི་འཇིགས ་པ་ལས་འཇིགས་སྐྱེ་བ། འཇིགས་པ་སྐྱེ་པའི་ལུས་དེ་ལ། །སུ་ཞིག་དགྲ་བཞིན་སྡད?་མི་བྱེད། །ལུས་གང་བཀྲེས་དང་སྐོམ་སོགས་ནང། །གསོ་བའི་ཆོས་བྱེད་འདོད་པས། །ཉ་ལ་སོགས་པ་གསོད་པར་བྱེད་ཅིང་ལམ་སྒུགས་བྱེད་པ་སྟེ། ་གཞན་ལ་འཚོ་བའི་དོན་དུ་ལམ་སྒུགས་བྱེད་ཅིང་གནས་སོ། །བརྐུས་ནས་ཞེས་བྱ་བ་ནི་ལེན་པར་བྱེད་པས་སོ། །ཕ་གསོད་པ་ལ་སོགས་པའི་མཚམས་མེད་པའི་ལས་དང། དཀོན་མཆོག་གསུམ་གྱི་དཀོར་ཕྲོགས་པ་མཚམས་མེད་པ་ལྔ་དང་ཉེ་བ་གང་ཡིན་པ་དེས ་ནི་མནར་མེད་སྲེག་འགྱུར་ན། མནར་མེད་པའི་བུད་ཤིང་དུ་གྱུར་ན་བདག་ཉིད་ཀྱི་མེ་ཏོག་ལ་སོགས་པས་མཆོད་པར་བྱེད་ཅིང། གཞན་དག་གིས་གུས་པར་བྱེད་པའོ། །གལ་ཏེ་བྱིན་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུ་གཉིས་ནི་ཁོང་དུ་ཆུད ་པར་སླའོ། །དེ་ལྟར་ནི་ལུས་དང་རིགས་པ་དག་གིས་བདག་དང་གཞན་བརྗེ་པར་རབ་ཏུ་བསྒྲུབས་ནས། རང་གི་ཡིད་བརྟན་པར་བྱ་བའི་ཕྱིར་རྗེས་སུ་སྟོན་པ་ནི། བདག་ཉིད་གཞན་ལ་གཏང་བྱ་དང། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་གིས་ལུས་ལ་ཅི་མཐོང་ལ ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རང་གི་དོན་གྱི་སྒྲ་ལ་སོགས་པ་བཟུང་ངོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་སེམས་ཅན་གཙོར་བྱས་ཏེ། སེམས་ཅན་ཐམས་ཅད་གཙོར་བྱས་པ་གང་ཡིན་པ་ལ། མིག་ལ་སོགས་པ་དག་གིས་མཐོང་བ་གང ་དང་གང་ཡིན་པ་དེ་དང་དེ་ནི་བདག་གི་ལུས་ལས་ཕྲོགས་ནས་ཀྱང་ཡིད་བརྟན་པས་བླངས་ནས་དེ་དང་དེས་གཞན་དག་ལ་ནི་ཕན་པར་སྤྱོད་ཅིང་བྱ་བ་ཡིན་ནོ། །གཞན་གྱི་དོན་ལ་སྤྱོད་པར་བྱེད་ཅེས་བྱ་བའི་གཞུང་ནི་རྟོགས་པར་སླའོ། །ཡང་ཅི་ལྟར་ཞེ་ན། དམན ་སོགས་ཞེས་བྱ་བ་ལ། དམན་པ་དང། པར་མ་དང། མཆོག་ལས་རྣམ་རྟོག་མེད་པ་ཞེས་བྱ་བ་ལ། རྣམ་པར་རྟོག་པ་ནི་འདིར་ཐེ་ཚོམ་ཡིན་ཏེ། ཐེ་ཚོམ་མེད་པའི་སེམས་ཀྱིས་བདག་ཉིད་ཀྱིས་སོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། ང་རྒྱལ་ཞེས་བྱ་བ་ལ་སོགས ་བ་སྨོས་ཏེ། བདག་ཉིད་དེ་དམན་བ་དག་ལ་གཞན་ཉིད་ནི་བདག་མ་ཡིན་ནོ་ཞེ་ན། དེ་བཞིན་འོག་མ་དག་ལ་ཡང་བརྗེ་བ་ལ་རྗེས་སུ་འབྲང་བར་བྱའོ། །འདི་ནི་བསྟོད་བྱས་ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །མཐོ་བ་དང་དམའ་བ་ལ་ཡང་བལྟོས་པ་ཅན་ཡིན ་ནོ། །ཞེས་བསྟན་པའི་ཕྱིར། ཚུལ་ཁྲིམས་ལྟ་བ་ཕོངས་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟ་བ་ནི་འདིར་སྦྱིན་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཡོད་པ་ནི་ཡང་དག་པའི་ལྟ་བའོ། །ལྟ་བ་དང་ཚུལ་ཁྲིམས་རྒུད་པ་ནི་ལོག་པར་ལྟུང་པ་ཉིད་དང། ཚུལ ་ཁྲིམས་འཆལ་བའི་འོ། །སོགས་པའི་སྒྲས་ནི་འཚོ་བ་རྒུད་པ་ལ་སོགས་པ་བཟུང་ངོ། །ཉོན་མོངས་པའི་ནད་ཀྱི་དབང་གྱུར་དེའི་ཕྱིར། བདག་ཉིད་གསོ་བྱ་ཡིན་པས་ན། །ཅི་ནུས་བདག་གིས་གསོ་བྱ་སྟེ། །གནོད་ཀྱང་དེ་ནི་དང་དུ་བླང། །འོན་ཏེ་བདག་འདི་བྱ་བ་ལ་སོགས་པ་ནི ་རྟོགས་པར་སླའོ། །ངན་འགྲོ་གདུག་པ་སྟེ་སྟག་ལ་སོགས་པའི་ཁར་གནས་པ་སྟེ། ངན་འགྲོའི་གདུག་པའི་ཁར་གནས་པ་ལས། རྒྱལ་ཞིང་ཟིལ་གྱིས་གནོན་པར་འདོད་དོ། །དེ་བཞིན་དུ་དམན་པ་དག་ལ་བདག་ཉིད་ཀྱིས་བདག་ཉིད་ལ་ཕྲག་དོག་དང་ང་རྒྱལ ་བསམ་པར་བྱ་བ་ཡིན་ནོ། །བདག་དང་མཉམ་པར་བལྟས་ནས་ནི། །དེ་ཡི་ལྷག་པར་བྱ་བའི་ཕྱིར། །འདི་ལྟར་ཅི་ཞིག་བལྟར་བྱས་ནས། །བདག་གི་རྙེད་དང་བཀུར་སྟི་ནི། །གཞན་དང་ལྷན་ཅིག་རྩོད་པ་ཡིས་ཀྱང་ངས་པར་སྒྲུབ། །དེ་བཞིན་ལུས་དང་ངག་གིས་བརྩོད་པ ་ཡང། །ཡིད་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་དེ་ལྟར་བསམ་པར་བྱའོ། །འོན་ཏེ་བདག་ནི་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ཀུན་ལ་ཇི་ལྟར་ཡོན་ཏན་གསལ་བར་བསྒྲགས་པས་ཏེ། འཇིག་རྟེན་ཐམས་ཅད་ལ་འདིའི་ཡོན་ཏན་དེ་དག་གསལ་བར་སུས་ཀྱང་ཐོས ་པར་མི་འགྱུར་ཞེས་བྱའོ། །འོན་ཀྱང་གསལ་བར་བྱའོ། །འཇིག་རྟེན་ཡང་ཞེས་བྱ་བའི་གཞུང་ནི་གལ་ཏེ་བདག་གི་ཡོན་ཏན་གསལ་བར་མི་འགྱུར་ན་སུས་ཀྱང་ཐོས་པར་མི་འགྱུར་ཏེ། དོན་མེད་པ་ཡིན་པས་ཡོན་ཏན་གསལ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། ་མི་འགྱུར་ཞེས་བྱ་བ་དེ་ནི་རྣམ་པར་དབྱེ་བས་བསྒྱུར་ནས་གཞན་དག་ལ་སྦྱར་བར་བྱ་སྟེ། རེ་ཞིག་མེད་པ་གསལ་པར་སུས་ཀྱང་ཐོས་པར་མི་འགྱུར་བར་བྱའོ། །བདག་གི་སྐྱོན་ཡང་སྔ?་བྱ་བཞིན། །ཇི་ལྟར་གསལ་བར་མི་འགྱུར་བ་དེ་ལྟར ་བདག་ནི་མཆོད་འགྱུར་འདི་ལ་མིན། །ཡུན་རིང་ཞེས་བྱ་བ་ནི་དུས་རིང་པོའོ། །དག་གི་རྩོད་པ་ནི་འགྲོ་བ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ངག་གི་རྩོད་པ་ཡིན་པ་དེ་ལྟར་བསྟན་ནས་དེ་བཞིན་དུ་ལུས་ཀྱི་རྩོད་པ་ནི། །འདི་ལས་བདག་གིས་ཞེས་བྱ་བ་ལ ་སོགས་པ་སྟེ། ཁོང་དུ་ཆུད་པར་སླའོ། །བརྩོད་པ་ནི་བརྫུན་པ་ཉིད་ནི། ཡིད་ཁྱོད་རང་དོན་བྱེད་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་དོན་བྱེད་འདོད་པ་ནི་ཤེས་པར་བྱེད་འདོད་པའི་སྡུག་བསྔལ་འབའ་ཞིག་ནི་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ཁོ་བོས་དེ་ལྟར་གནོད་པར་བྱས་པ་ཡིན་ནོ ་དེ་ལྟར་ངེས་པར་ཞེས་བྱ་བ་ནི་རང་གི་དོན་བཞིན་དུ་གཞན་དག་གི་དོན་ལ་སྟེ། བདག་དང་གཞན་བརྗེ་བ་ལ་ཡང་ངོ། །རྩོད་པ་ལ་སོགས་པ་སྤོང་པ་ནི་རྣམ་པས་བདག་གིས་དོན་ཉིད་མ་ཡིན་པ་ཡིན་ནམ་ཞེ་ན། དེའི་ཕྱིར་ཐུབ་པའི་བཀའ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི ་ཡོན་ཏན་ནི་གཞན་གྱི་དོན་ལ་འཇུག་པའི་ཡོན་ཏན་བདག་དང་གཞན་བརྗེ་པའི་ཡོན་ཏན་ལས་སོ། །ཕྱིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སའམ། སངས་རྒྱས་ཀྱི་ས་ལའོ། །མི་བསླུ་པའི་བདེན་པ་འདི་ཞེས་བྱ་བ་ནི་བདག་དང་གཞན་བརྗེ་བར་བྱེད་འདོད་པའོ། །གལ་ཏེ་སྔོན ་བྱས་པར་གྱུར་ན་ནི། སངས་རྒྱས་དང་འབྲེལ་པའི་ཕུན་སུམ་བདེ་མིན་པ། །འདི་འདྲ་གནས་སྐབས་སྲིད་མི་འགྱུར། །གཞན་གྱི་དོན་ལ་ཆགས་པའོ། །འོན་ཀྱང་སངས་རྒྱས་ཉིད་ཀྱི་བདེ་བ་ཕུན་སུམ་ཚོགས་པའི་བདེ་བ་དང་རང་དང་གཞན་གྱི་དོན་དུ་ཡང་དག་པར་གྱུར? ་ཀྱེ་ཡིད་ཁྱོད་ཇི་ལྟར་དེ་མི་བྱེད། །དེ་བས་འདི་ལྟར་གཞན་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་དེ་དག་ནི་རྟོགས་པར་སླའོ། །མཆོག་དང་བར་མ་ལ་བལྟོས་ནས། །གཞན་གྱི་གྲགས་པ་ལྷག་བརྗོད་པས་ཞེས་བྱ་བ་ནི་གཞན་གྱི་གྲགས་པ་ལྷག ་བར་བརྗོད་པ་ཡིས། །བདག་དྲེགས་དྲི་མ་ཅན་དུ་གྱིས། ཅིའི་ཕྱིར་ཞེ་ན། དེ་དག་ནི་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་དག་མཉམ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །འདི་ནི་སྐྱོན་ཅན་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོའི་སྐྱེ་བོའི ་ཡོན་ཏན་ནི་ཕལ་ཆེར་རྒྱུན་ཆད་པ་ཉིད་ཀྱི་ཕྱིར་བློ་བུར་བ་ཡིན་ནོ། །བློ་བུར་པའི་ཡོན་ཏན་དེ་དག་གི་ཆ་སྟེ། ཕྱོགས་གཅིག་གིས་བདག་ལ་ཁྱོད་ཀྱིས་མི་བསྟོད་དོ། །སོ་སོ་སྐྱེ་བོ་ནི་སྐྱོན་གྱིས་རང་བཞིན་ཡིན་པས་ན། །འདི་ནི་སྐྱོན་ཅན་རང་བཞིན་ནོ། །ཡོན་ཏན་གང་དག་གཞན་ལ ་ཡོད་དོ། །ཞེས་བསྟན་པའི་ཕྱིར། འདིའི་ཡོན་ཏན་ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གནོད་བྱས་ནི་སྡུག་བསྔལ་བར་བྱས་པའོ། །གནོད་དེ་སྟེ། སྡུག་བསྔལ་བདག་ཉིད་ལ་ནི་འབབ་པར་གྱིས། སེམས་ཅན་གྱི་དོན་ནི་རྒྱུ་མཚན་ནོ། །ཇི་ལྟར་གཞོལ་པར་བྱ་ཞེ་ན། བག་མེ ་སར་པའི་ཚུལ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་ཚ་ནི་འཛོམ་ཞིང་བག་འཁུམ་པའོ། །ཇི་ལྟར་ཞེ་ན། འདི་ནི་གཉའ་གྲག་འགྱུར་ཚུལ་དུ་ཤེད་བསྐྱེད་པར་ནི་མི་བྱའོ། །འདི་ལྟར་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་གཉེན་པོའི་ཕྱོགས་ཀྱིས་བདག་དབང་དུ་གྱུར་པར་གཞག ་པར་བྱའོ། །ཇི་སྐད་སྨྲས་ནས་ཞེ་ན། འོན་ཏེ་དེ་ལྟར་བརྟགས་ཀྱང་ནི་ཞེས་བྱ་བ་སྨོས་ཏེ། ཀྱ་གལ་ཏེ་སེམས་ཁྱོད་དེ་ལྟར་མི་བྱེད་ན། ཁྱོད་ལ་ཉེས་པ་ཀུན་བརྟན་པས། །ཁྱོད་ནི་ཚར་བཅད་བྱ་བར་ཟད་ཅེས་པ་ནི་རྟོགས་པར་སླའོ། །མི་ནུས་པ་ནི་བསྒྲུབ་པར་དཀའ་པའོ། །ཉོན ་མོངས་པ་ནི་དུ་བ་པའོ། །བསམ་པ་ཉམས་པ་ནི་བསམ་པ་ཆད་པའོ། །རེ་ཐག་ཆད་པ་ནི་འདོད་པ་མེད་པ་སྟེ། ནུས་པ་དང་མི་ནུས་པའི་དངོས་པོ་ཐམས་ཅད་དོ། །དེའི་ཕུན་ཚོགས་མ་སྤྱད་པ་ཞེས་བྱ་བ་ནི། ཕུན་སུམ་ཚོགས་པ་ལྷག་པར་གྱུར་པའོ། །ལུས་ཀྱིས་ཞེས་བྱ་བ ་ནི་སེམས་དང་བཅས་པའི་སྟེ། གཞན་གྱིས་འདོད་པ་འཕེལ་བར་མི་རུང་བའི་ཕྱིར་རོ། །དངོས་པོ་ནུས་པ་བཟང་པོ་ལ་ཇི་ལྟར་རེ་ཐག་ཆད་པར་འགྱུར་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་དངོས་པོ་བཟང་པོ་ཡིན། གང་གི་ཚེ་ཞེ་ན། གང་ཞིག་ཡིད་འོང ་ཞེས་བྱ་བ་ཡིད་དུ་འོང་བ་ཡུལ་དུ་བྱས་ནས་མི་འཇིགས་པའོ། །ཏིང་ངེ་འཛིན་ནི་འཛིན་པ་དོན་མེད་པར་དོན་མེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བཟང་པོ་ཉིད་ཡིན་པས་སོ། །ནུས་པའི་དངོས་པོ་བཟང་པོ་གཞན་དག་མ་འཛིན་པ་འམ་ཞེན་པར་མི་འགྱུར་ན། ་ཡང་རང་བཞིན་གྱི་ལུས་ལ་ཡང་ཅིའི་ཕྱིར་མི་འཛིན་ཞེ་ན། ཐ་མར་ཐལ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཚིག་པ་དེ་རླུང་ལ་སོགས་པས་ཐ་མར་ཐལ་པའི་མཐར་བཏུགས་ཤིང། བཅོམ་པར་གྱུར་པ་དེ་ཉིད་ཡང་སྲིད་པར་མི་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ ་གཞན་གྱིས་བྱ་བ་ནི་ཀྱིས་སོ། །འདིར་གསོན་པོ་ལ་ཀུན་ནས་འཛིན་པར་རིགས་སམ་ཞེ་ན། མི་གཡོ་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡང་འདི་ལ་བདག་ཅེས་བྱ་བ་ཞེན་པའི་ངར་འཛིན་པ་ནི་ཐམས་ཅད་དུ་དོན་མེད་པའི་རྒྱུ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ཅིའི ་ཕྱིར་ན་འཁྲུལ་འཁོར་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀྱི་ཧུད་ཞེས་བྱ་བ་ནི་སྐྱེ་བོ་སྟེ། ང་རྒྱལ་སེལ་མི་བྱེད། འོན་ཀྱང་རང་གི་ས་བོན་གྱི་རྒྱུན་ཆད་པས་གསལ་བར་བྱའོ། །འདིར་ཇི་ལྟར་ན་འཛིན་པ་དོན་མེད་པའི་རྒྱུ་ཡིན་ཞེ་ན། ལུས་ཀྱི་ཁང་བྱས་པ་ཡིས། །ཞེས་བྱ་བ ་ལ་སོགས་པ་སྨོས་སོ། །ཕྱོགས་འཛིན་པ་མེད་ན་ཡང་རླུང་ལ་སོགས་པ་འཁྲུགས་པ་ཁྲོ་བར་འགྱུར་རོ་ཞེ་ན། རྗེས་སུ་ཆགས་དང་ཁོང་ཁྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་རྫས་སུ་ཆགས་པ་དང་ཁོང་ཁྲོ་བ་དེ་དག་ཅི་ཞིག་བྱ་སྟེ། ལས་ཀྱི་རླུང་ལ་སོགས་པ་འཁྲུགས་པ་ཡིན་ནོ་ཞེས་བྱ ་བར་དགོངས་སོ། །དེ་ལྟར་བདག་གིས་ཞེས་བྱ་བ་ནི་བདག་གི་ལུས་འདིའི་དོན་དུའོ། །སྐྱེ་བོ་གང་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བྱེད་ན་ཡང་འདི་ལ་བྱས་པ་ཡིན་ནོ་ཞེ་ན། གང་ཞིག་སྨོད་བས་ཁྲོ་བ་དང་བཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་དུ་ཆུད་པ་སླའོ། །དེ་ལྟར་བདག་དང ་གཞན་བརྗེ་པ་བྱ་བ་ནན་ཏན་གྱི་རྣམ་པར་དཔེར་བྱས་པ། དེ་བས་བདག་གིས་དཔེར་བྱས་པའང་ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པར་བྱེད་དེ། །གང་ཕྱིར་དེ་ལྟར་ཡིན་པར་རྒྱུ། །དེ་པས་བྱས་པའི་སྤྱོད་པས་མཆོག་།བདག་གིས་མཁས་པར་རྗེས་བསྙེགས་ཏེ། རྗེས་སུ་འཇུག་པར ་བྱ་སྟེ། དེའི་སྤྱོད་པའི་རྗེས་སུ་འཇུག་པའི་ཕྱིར་རོ། །ཅི་ཞིག་བྱས་ནས་ཞེ་ན། སྔར་བསྟན་པའི། བག་ཡོད་གཏམ་ན་དྲན་བྱས་ནས། །གཉིད་དང་རྨུགས་པ་བཟློག་པར་བྱ། །གཉིད་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཡིན་ལ། རྨུགས་པ་ནི་སེམས་བློང་བ་ཡིན་ཏེ། དེ་དག་བཟློག ་པ་སྟེ། མཁས་པའི་རྗེས་སུ་འབྲང་བ་ཡིན་ནོ། །གདམས་ངག་མེད་ཅིང་གཉིད་དང་རྨུགས་པ་ཡོད་ན་སྒོམ་ནུས་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ནི་དགེ་བའི་གཤེས་གཉེན་ལ་རག་ལུས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་བསམ་གཏན་གྱི་སྤྱོད་པ་རྣམ་པ་གསུམ ་གྱི་རྣམ་པ་དཔེར་བྱས་པ། དེ་བས་སྒྲིབ་པ་བསལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པར་བྱེད་སྟེ། སྒྲིབ་པ་སྟེ་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་བ་བསལ་བའི་ཕྱིར། ལོག་པའི་ལམ་ལས་སེམས་བསླན་ཏེ། ཚུལ་བཞིན་ཡིད་ལ་བྱེད་པའི་ཞགས ་པས་དྲངས་ཞིང་དྲན་པའི་ཐག་པས་ཀུན་ནས་དམ་པར་བཏགས་ལ། ཡང་དག་དམིགས་ལ་རྟག་པར་ཡང། །རྒྱུན་མི་འཆད་པར་བདག་ཉིད་མཉམ་པར་གཞག་པར་བྱ། མཉམ་པར་གཞག་པ་ལ་དེ་ཁོ་ན་ཉིད་ཀྱི་བློ་འབྱུང་ཞིང་དེས་སྒྲིབ་པ་རྣམས་སྤོང་བར་འགྱུར་རོ།། ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལ་བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ་ལེའུ་བརྒྱད་པའོ།། །།མཉམ་པར་འཇོག་པ་ལས་དེ་ཁོ་ན་ཉིད་ཀྱི་བློ་སྐྱེ་བར་འགྱུར་བས་དེའི་རྗེས་ཐོགས་ལ་ཤེས་རབ་བསྟན་པར་བྱ་བའི་ཕྱིར ་བསྡོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་དང། བདེ་བར་གཤེགས་པ་ལ་སོགས་པ་མཆོད་པའི་དོན་དུ། སྦྱིན་པ་ལ་སོགས་རྒྱུར་བསྡོགས་པའི། །ཚོགས་འདི་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདིར ་བཤད་དོ། །ཅིའི་ཕྱིར་ཞེ་ན། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །ཡང་ན་ཤེས་རབ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ལ། དེའི་དོན་དུ་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །གསུངས་ཞེས་བྱ་བ་ནི་བྱང་ཆུབ་འདོད་པའི་དོན་དུ་གཉེར་བ་ལ་ནི་གོ་རིམ་འདི་ཉིད ་ཀྱིས་ཡིན་གྱིས་གཞན་མ་ཡིན་ནོ་ཞེས་དེས་པ་བསྐྱེད་པར་བྱ་བའི་ཕྱིར། ཡང་དང་ཡང་དུ་བཀའ་སྩལ་པའོ། །སུ་ཞིག་གིས་གསུངས་ཤེ་ན། ཐུབ་པས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྟོགས་ནས་དེ་དག་ཡང་དག ་པར་བླང་པ་ལ་སོགས་པའི་བསོད་ནམས་ཀྱི་སྐྱེ་བ་རྒྱུད་པ་ཐམས་ཅད་དུ་བདེ་བ་དང་ལྡན་པར་འགྱུར་ལ། བདེ་བར་འགྱུར་བའི་སེམས་ནི་མཉམ་པར་འཇོག་པར་འགྱུར་ལ་བ་མི་གཏན་ལ་མཉམ་པར་བཞག་པ་དེ་ལས་ནི་དེ་ཁོ་ན་ཉིད་ཀྱི་བློ་སྐྱེ་བར་འགྱུར་པ་དང། གཞན་ཡང ་སངས་རྒྱས་ལ་སོགས་པ་དང་ཕྲད་པར་གྱུར་པ་ལ། གདམས་ངག་ཐོབ་པར་འགྱུར་བ་ནི་ཐོས་པའི་རང་བཞིན་ཅན། དེའི་རྗེས་ལ་ནི་བསམ་པའི་རང་བཞིན་ནོ། །དེ་ནས་མོས་པ་སྤྱོད་པའི་ས་ལ་སྦྱངས་པ་ནི་བསྒོམས་པའི་རང་བཞིན་ལ། དེའི་རྗེས་ལ་ནི་ས་དང་པོ་ཐོབ ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པ་སྤོང་བར་བྱེད་མོད་ཀྱི། དེ་འབྲས་བུ་མངོན་སུམ་དུ་མི་བྱེད་དེ། འདིར་བྱས་པའི་བྱ་བ་དང། ས་དང་འདྲ་བའི་སྨོན་ལམ་ཆེན་པོ་གཉིས་ཀྱི་ཡོན་ཏན་མངོན་པར་སྒྲུབས་ཏེ ་གནས། །དེ་ཡན་ཆད་ཀྱི་ས་གཞན་གྱིས་ནི་ས་ལ་སྒྲིབ་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་མ་ལུས་པར་སྤངས་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པའི་མཚན་ཉིད་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཉོན་མོངས་པའི་ཉེས་པ་བག་ཆགས་དང་བཅས་པ་མ་ལུས་པར་ཟད་པས་མྱ་ངན་ལས་འདས་པ་ཡིན་ཡང་སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཕན་ཤུགས་ཀྱི་སེམས་ཅན་གྱི་དོན་མ་ལུས་པ་ལས ་དབང་ཐོབ་པ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། གང་གི་ཕྱིར་དེ་མེད་པ་གཞན་རྣམས་ཀྱིས་སྡུག་བསྔལ་ཟད་པའི་མྱ་ངན་ལས་འདས་པར་མི་འགྱུར་རོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་ལམ་གྱི་འདོན?་པ་དང། དེའི་རྒྱུར་གྱུར་པ་ཐོས་པ་དང། བསམ ་པ་དང། །སྒོམ་པ་རྣམ་པ་གསུམ་གྱི་ཤེས་རབ་བསྐྱེད་པར་བྱའོ། །དེ་ཡང་བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང། །མི་སྡུག་ལ་སོགས་བསྒོམ་པར་བྱ་ཞེས་བྱ་བ་འདི་ནི་ལས་དང་པོ་པ་རྣམས་ཀྱི་ཚེ? ་གཅིག་ལ་བྱ་བའི་རིམ་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །དེ་བས་ན་དེ་ཡང་ཤེས་རབ་བསྐྱེད་པས་དམ་པ་རྣམས་དང་ཕྲད་ཅིང་གདམས་ངག་ཐོས་པ་ལ་སགས་པ་ནི་དེའི་རྒྱུ་ཡིན་ནོ། །རྒྱུ་ཅིའི་ཕྱིར་བསྐྱེད་པར་བྱ་ཞེ་ན། སྡུག་བསྔལ་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔའི? ་བདག་ཉིད་ཅན་ནི་དེའི་རྒྱུ་མ་ཟད་པར་ཟད་པར་མི་འགྱུར་ལ། ཀུན་འབྱུང་འགོག་པར་འགྱུར་ན་ནི་མྱ་ངན་ལས་འདས་པ་ཡིན་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང། ལྷག་མ་མེད་པ་དང་གནས་པ་དང་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས། དེ་འདོད་པ ་རྣམས་ཀྱིས་འདི་ལྟར་བདེན་པ་བཞིར་གསུངས་པས་གཙོ་བོ་ཡང་ཤེས་རབ་ཡིན་ནོ། །ཡང་མདོར་སྡུས་ནས་ནི་ཤེས་རབ་བསྡོགས་པ་དང་བཅེས་པ་གང་ཡིན་པ་དེ་ཐམས་ཅད་ནི་ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བ་བདེན་པ་གཉིས་སུ་འདོད་པ་དེ་འདིར་དེ་རྣམས་ནི་དེའི་ཁོངས་སུ ་ཆུད་པ་ཡིན་ནོ། །ཡང་ན་ཤེས་རབ་ནི་བདེན་པ་རྣམས་རྣམ་པར་འབྱེད་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན་ཅེས་བཤད་པ་ཡིན་ནོ། །དེ་བས་ན་འདིར་བདེན་པ་གཉིས་ཀི་རང་བཞིན་བཤད་པའི་ཕྱིར། དོན་དམ་དང? ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དེ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་པའི་མིང་ཡིན་ཡང་ཤིན་ཏུ་ལྐོག་ཏུ་གྱུར་པ་དངོས་པོ་མརྣམས་དབྱེར་མི་ཕྱེད་པའི་རང་བཞིན་ལ་བྱ་བར་བཤད་ལ། དེ་ཉིད་ནི་དོན་དམ་པ་སྟེ། དེ་ཁོ་ན་ཉིད་ཡིན་གྱི་བལྟོས་པ་ཙམ་གྱི་དེ་ཁོ ་ན་ཉིད་མི་བརྟགས་བ་ཙམ་དུ་ཟད་བ་མ་ཡིན་ཏེ། རྟོགས་པའི་ཡུལ་ཡིན་པའི་ཕྱིར། །དེ་གཞན་ཡང་རྣམ་པ་དང་བཅས་པ་དང། རྣམ་པ་མེད་པའི་མངོན་སུམ་ལ་སོགས་པའི་བློ་ནི་རྐུན་རྫོབ་ཅེས་བྱ་སྟེ། འདིས་དོན་དམ་པ་འཐོབ་པ་ལ་སྒྲིབ་པའི་ཕྱིར་རོ།། ་གང་འདི་ཡོན་ཏན་དང་ཉེས་པ་འཕེལ་བ་དང་འབྲི་བར་བྱེད་པའི་མཐར་ཐུག་པར་བྱེད་པའི་རྣལ་འབྱོར་པ་རང་རིག་པའི་མངོན་སུམ་དེ་ཡང་སྐད་ཅིག་མ་རེ་རེ་ཞིང་གཞན་དང་གཞན་ཡིན་གྱིས་དེ་ཉིད་མ་ཡིན་པ་དེ་ཡང་དོན་དམ་པ་མ་ཡིན་ཏེ། ་དེ་བཞིན་ཉིད་འདི་སྐད་ཅིག་མིན་ཞེས་བྱ་བ་འོག་ནས་བཤད་པའི་ཕྱིར་རོ། །དེ་བས་དེ་ཡང་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་བླ་ན་མེད་པ་རྟོགས་པར་བྱེད་པའི་རྐུན་རྫོབ་ཡིན་ཏེ། མཐོང་བ་མེད་པ་ཉིད་དེ་ཁོ་ན་མཐོང་བའི་བླ་ན་མེད་པའི་ལམ་གྱི་བདེན་པ་ཡིན་ནོ། །བདེན ་བཞི་རྟོགས་པར་བྱད་པའི་ཀུན་རྫོབ་ཀྱང་ལམ་གྱི་བདེན་པ་ཡིན་ཏེ། འཇིག་རྟེན་པའི་ལམ་ལ་སོགས་པ་བལྟོས་པ་ཡིན་པའི་ཕྱིར་རོ། །དེ་ཡང་འཇིག་རྟེན་ལ་བལྟོས་དེ་ཉིད་མཐོང་ཞེས་འོག་ནས་ཇི་སྐད་བཤད་པ་ལྟ་བུའོ། །དེ་ཡང་འཇིག་རྟེན་པས་འཇིག་རྟེན་ནོ། །འདིར་ནི ་བློ་ཡིས་ཡུལ་གཙོ་བོར་བྱས་བར་སེམས་ཅན་ལ་བྱའོ། །རྣམ་གཉིས་མཐོང་བ་ནི་འཇིག་རྟེན་ཐ་མལ་པ་དང། རྣལ་འབྱོར་པའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་འཇུག་པ་དྲན་པའི་ཐག་པས་བཏགས་པ་དང་ལྡན་པའི་རྣལ་འབྱོར ་པ་སྟེ། ཏིང་ངེ་འཛིན་ཡིན་ཏེ། དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། །ཐ་མལ་པ་ནི་རྣལ་འབྱོར་པ་ལས་ཕྱི་རོལ་དུ་གྱུར་པའོ། །དེ་ལ་དེ་ལྟར་རྣམ་པར་གནས་པའི་འཇིག་རྟེན་ལ་རྣལ་འབྱོར་པས་ཕལ་བ་སུན་འབྱིན་པ་ནི་གང་མི་གཙང་བ་ཉིད་ཡིན་ཏེ། དཔེར་ན་བུམ་པ་མི ་གཙང་བ་བུག་རྡོལ་ཅན་དང་འདྲའོ། །མི་གཙང་བ་ནི་འདིར་བུད་མེད་དོ། །བྱ་བའི་དོན་ནི་སྒྲུབ་པར་བྱ་བའི་དོན་ཏོ། །དཔེ་ཡིས་ཞེས་བྱ་བ་ནི་ཕྱོགས་དང་བཅས་པའི་དོན་མཚོན་པའི་ཚུལ་གྱིས་ནི་དཔྱད་མི་དགོས་པ་སྟེ། གཉི་ག་འདོད་པ་ཡིན་པའི་ཕྱིར་དཔྱད་མི་དགོས་སོ། །དེ་ལ ་འཇིག་རྟེན་ཐ་མལ་པ་རྣམས་ནི་བུད་མེད་ལ་ཁྲུས་ལ་སོགས་པ་བྱས་པས་གཙང་བ་ཡིན་ནོ་ཞེས་སྨྲ་བ་ན་རྣལ་འབྱོར་པའི་འཇིག་རྟེན་མི་གཙང་བར་མོས་པའི་ཚུལ་གྱིས་སུན་འབྱིན་པར་བྱེད་དོ། །དེ་ཡང་ཕྲ་རབ་ཏུ་མཐོང་བས་སུན་འབྱིན་ཏེ། ཆ་ཤས་དང་བྲལ་བ་གང་ཡིན ་པ་དེ་ནི་མི་གཙང་བ་འཛག་པ་མ་ཡིན་ཏེ། བློ་དང་འདྲའོ། །རྡུལ་ཕྲ་རབ་ནི་ཆ་ཤས་མེད་པ་ཡིན་ལ། དེའི་ཚོགས་པ་ནི་བུད་མེད་ཡིན་པས་ཆ་ཤས་ཅན་ནི་དངོས་པོ་གཅིག་ཏུ་མི་འགྲུབ་སྟེ། ནགས་དང་འདྲའོ། །དེ་ཡང་སེམས་ཙམ་པས་སུན་འབྱིན་ཏེ། ཕྱོགས་ཀྱི་ཆ་ཡོད་པའི ་ཕྱིར་ཕྲ་རབ་ནི་ཆ་ཤས་མེད་པ་མ་ཡིན་ཏེ། བུམ་པ་ལ་སོགས་པ་དང་འདྲའོ། །དེ་ཡང་དབུ་མ་པས་སུན་འབྱིན་ཏེ་ཡོད་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་མ་ཡིན་ཏེ། སྒྱུ་མ་དང་འདྲའོ། །དབུ་མ་པ་ནི་བསྒྲུབ་པར་བྱ་བ་མེད་པ་ཙམ་ཡིན་ཏེ། གང་འདིར་ཡོད ་པར་ཁས་ལེན་པ་དེ་ཡང་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་ཐ་སྙད་ལ་བརྟེན་ནས་སྨྲ་སྟེ། བྱ་བ་བྱེད་པའི་ཕྱིར་སྒྱུ་མ་ཡང་ཡོད་པར་སྨྲ་བ་ལ། ཁྱེད་ཉིད་ཀྱི་སེམས་གཞན་སུས་ཀྱང་མ་མཐོང་ཡང་ཡོད་པར་ཁས་ལེན་པ་དང་འདྲའོ། །གཞན་ཡང་ཁྱོད་ཀྱི་སེམས ་མེད་དུ་ཟིན་ཀྱང་བཟུང་བ་དང། འཛིན་པ་པོ་དང། ཡང་དག་པར་རིག་པ་ཞེས་བྱ་བ་གཞལ་བར་བྱ་བ་དང། འཇལ་བ་པོ་དང་འབྲས་བུར་གནས་པ་མེད་དུ་ཟིན་ཀྱང་མཐོང་བ་ལྟ་བུར་བྱེད་པ་དང་འདྲའོ། །བུམ་པ་ལ་སོགས་པའི་དངོས་པོ་ཡང་རིམ་པ་འམ། ཅིག་ཅར་བྱ་བ་བྱེད ་བར་སྣང་བས་ཡང་དག་པར་ཡོད་པའི་ཕྱིར་སྒྱུ་མ་ལྟ་བུར་མི་རིགས་སོ་ཞེ་ན། དངོས་པོ་རྣམས་འབྱུང་བ་སྐད་ཅིག་གམ་སྐད་ཅིག་མ་ཡིན་པར་སྐྱེད་པར་བྱེད་ན། རིམ་མམ་རིམ་པ་མ་ཡིན་པར་བྱེད་པ་མེད་པའི་སྐད་ཅིག་མ་མ་ཡིན་པ་ནི་ནམ་མཁའ་ཨི་མེ་ཏོག་དང ་འདྲའོ། །གང་སྐད་ཅིག་མ་ཡིན་པ་དེ་ནི་སྐད་ཅིག་མ་ཉིད་ཀྱིས་ལན་ཅིག་ཀྱང་མི་སྡོད་ན། གང་ལས་ཅི་ཞིག་འབྱུང། རྒྱུ་དང་འབྲས་བུ་ལྷན་ཅིག་འབྱུང་བ་མ་ཡིན་ཏེ། བ་ལང་གི་རྭ་གཡས་གཡོན་གཅིག་གིས་རྒྱུ་གཅིག་མ་ཡིན་པ་བཞིན་ནོ། །མེད་པ་ཡང་དེ ་ཁོ་ན་ཉིད་མ་ཡིན་ཏེ། མེད་པ་ནི་དེ་ལ་བལྟོས་པ་ཡིན་ན་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་བློའི་ཁྱད་པར་ཞེས་པ་ཤེས་རབ་ཀྱི་བྱེ་བྲག་གིས་གོང་མ་གོང་མས་རྣལ་འབྱོར་པ་སུན་འབྱིན་ནོ། །དེ་ཡང་གཉི་ག་འདོད་ཅིང་ཀུན་ལ་གྲགས་པའི་དཔེ་ཡིས་བསྒྲུབ ་བར་བྱ་བ་སྒྲུབ་པའི་དོན་དུ་དཔྱད་མི་དགོས་ཤིང་རྩོད་པ་བྱ་མི་དགོས་པར་སུན་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དུ་ཟིན་ཀྱང་དབུ་མ་པ་ཡང་འཇིག་རྟེན་པ་ལྟར་སུན་འབྱིན་དུ་རུང་ངོ་ཞེ་ན། དེའི་ཕྱིར་འཇིག་རྟེན་པའི་ས་ཞེས་བྱ་བ་སྨོས ་ཏེ། གཟུགས་ལ་སོགས་པའི་དངོས་པོ་འཇིག་རྟེན་ན་མངོན་སུམ་གྱིས་མཐོང་བ་ཡིན་ལ་རྗེས་སུ་དཔག་པ་ལ་སོགས་པས་ཀྱང་དཔག་ཏུ་རུང་བ་ཡིན་ནོ། །དེ་བས་ན་ཐམས་ཅད་དུ་རྩོད་པའི་གཞིར་གྱུར་བ་སྲིད་དོ་སྙམ་ན། སྒྱུ་མ་ལ་སོགས་པའི་དཔེ་འདི་ལ་ནི་འཇིག་རྟེན ་བ་དང་རྣལ་འབྱོར་པ་དག་ཕན་ཚུན་མི་མཐུན་པའི་རྩོད་པ་ཡོད་པ་མ་ཡིན་ནོ། དེ་བས་ན་དཔེ་འདིས་ནི་གཟུགས་ལ་སོགས་པ་ཚོགས་པ་ཙམ་ལ་སྣང་བའི་རྒྱུན་སླུ་བའི་རང་བཞིན་ཡིན་པའི་ཕྱིར་སྒྱུ་མ་ཡིན་ནོ། །གཟུགས་ལ་སོགས་པ་རང་གི་མཚན་ཉིད་མངོན་སུམ་ལ ་སོགས་པའི་ཚད་མས་གྲུབ་ཏུ་ཟིན་ཇི་ལྟར་ན་ཡང་དག་པ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས ་པ་བསྡུའོ། །དེ་ལ་གཟུགས་ནི་དབང་པོ་ལྔ་པོ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཞེས་བྱ་སྟེ། དེ་དག་ནི་རང་རང་གི་རྣམ་པར་ཤེས་པའི་ཚོགས་ལས་རྗེས་སུ་དཔག་བར་བྱ་བ་ཡིན་དུ་ཟིན་ཀྱང་མངོན་སུམ་གྱི་རྒྱུ་ཡིན་པའི་ཕྱིར་ཉེ་བར་བཏགས་པས་མངོན་སུམ་ཞེས་བཤད་དོ། །དེ ་བཞིན་དུ་ཡུལ་ནི་ལྔ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། མངོན་སུམ་དུ་བཅད་པར་བྱ་བ་ཡིན་པས་ན་མངོན་སུམ་མོ། །ཚོར་བ་ལ་སོགས་པ་ནི་སེམས་དང་སེམས་ལས་བྱུང་བས་ཐམས་ཅད་བདག་ཉིད་ཀྱི་རང་རིག་པའི་མངོན་སུམ་ཡིན་པ་དེ་ཉིད་ནི་གཙོ་བོ ་ཡིན་ནོ། །ཡང་ན་གཟུགས་ལ་སོགས་པ་མེད་ན་སུམ་ཡིན་པས་སྔོན་པོ་ལ་སོགས་པའི་དམིགས་པ་ངེས་པ་བཅས་པས་སྔོན་པོ་ལ་སོགས་པའི་ཤེས་པ་དང་ཁྱད་པར་མེད་པས་མངོན་སུམ་ནི་གཙོ་བོ་ཡིན། །དེ་བས་ན་རབ་ཏུ་གྲགས་ཞེས་སྨོས་ཏེ། བློ་ཞེས་བྱ་བའི་ཐ་ཚིག་གོ་། ་དེ་ཡང་ཀུན་རྫོབ་ཏུ་བརྫུན་པའི་རྣམ་པ་ཙམ་ཡིན་ཏེ། དེའི་ཕྱིར་ཚད་མས་མིན་ཞེས་བྱ་བ་སྨོས་ཏེ། བསླུ་བ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་གཟུགས་ལ་སོགས་པ་རབ་ཏུ་གྲགས་སུ་ཟིན་ཀྱང་བརྫུན་ཡིན་ཞེ་ན། དེའི་ཕྱིར་དེ་ནི་མི་གཙང་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། མི་གཙང་ལ་སོགས་ཞེས་བྱ་བ་ནི་མི་གཙང་བ་དང་མི་རྟག་པ་དང་སྡུག་བསྔལ་བ་དང། བདག་མེད་པ་ཡིན་ལ། གཙང་སོགས་གྲགས་པ་བཞིན་ཞེས་བྱ་བ་གཙང་བ་དང། བདེ་བ་དང། བདག་ཡོད་པར་གྲགས་པ་བཞིན་དུ་གཟུགས་ལ ་སོགས་པ་མངོན་སུམ་དུ་གྲགས་པ་དེ་ནི་བརྫུན་ཡིན་ཏེ་བསླུ་བ་ཡིན་ནོ། །དེ་ལྟར་ན་གཟུགས་ལ་སོགས་པའི་དངོས་པོ་མེད་པ་རྣམས་ལ། འཇིག་རྟེན་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐད་ཅིག་མ་ལ་སོགས་པར་ཅིའི་ཕྱིར་སྟེན་པར་མཛད་ཅེ་ན། དེའི ་ཕྱིར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐར་བ་འདོད་པའི་འཇིག་རྟེན་པ་རྣམས་དེ་ཁོ་ན་ཉིད་ལ་འདིར་འཛུད་ཅིང་གཞུག་པར་བྱ་བའི་ཕྱིར་རོ། །ཡང་ཞེས་བྱ་བའི་དོན་ནི་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ཡང་དངོས་པོ་རྣམས་སྐད་ཅིག་མར་མགོན་པོས་བསྟན་པར ་མཛད་པ་ཡིན་གྱིས་ཡང་དག་པར་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་ནི་ཀུན་རྫོབ་འདིས་དོན་དམ་པ་དང། དོན་གྱི་ཤུགས་ཀྱིས་འགལ་བར་འགྱུར་རོ་ཞེ་ན། གང་དུ་ཐ་དད་པའི་བློ་གཞན་སེལ་བར་བྱེད་པའི་ཡུལ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ་དོན་དམ་པའི་བདེན་པ་དེ་ལས ་གཞན་དུ་གྱུར་པ་ཡིན་པས་སྐད་ཅིག་མ་ཡང་དེ་བཞིན་ཉིད་དམ། ཡང་དག་པ་ཉིད་དུ་རུང་སྟེ། ཆ་ཤས་མེད་པའི་ཕྱིར་བདག་མེད་པ་དང་འདྲའོ། །ཅིའི་ཕྱིར་ཀུན་རྫོབ་ཏུ་མི་འགྱུར་ཞེ་ན། རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དང་འཇིག་པ་གཉི་ཀ ་དེ་ཁོ་ན་ཉིད་ཀྱིས་བློས་བཏགས་པ་ན་རང་བཞིན་མེད་པའི་ཕྱིར་སྐད་ཅིག་མ་དང། བདག་མེད་པ་ལ་སོགས་པའི་བློ་ཡོད་པ་མ་ཡིན་ལ། གཞན་དུ་ན་སྐད་ཅིག་མ་ལ་སོགས་པ་རྣལ་འབྱོར་པའི་བློས་མཐོང་བ་ནི་མི་གཡོར་ཙམ་དུ་ཟད་དོ། །དེའི་ཕྱིར་རྣལ་འབྱོར་པའི ་ཀུན་རྫོབ་ནི་དོན་དམ་པར་ཡང་འགྱུར་བས་སྐད་ཅིག་མ་ལ་སོགས་པ་དང་འགལ་བའི་ཉེས་པ་མེད་དོ། །འོ་ན་དེ་ཉིད་མཐོང་བ་ཞེས་ཅིའི་ཕྱིར་བྱ་ཞེ་ན། དེ་ཡང་འཇིག་རྟེན་ལ་བལྟོས་ཞེས་བྱ་བ་ཐ་མལ་བའི་འཇིག་རྟེན་པ་ལ་བལྟོས་ནས ་རྣལ་འབྱོར་པ་དེ་ཁོ་ན་ཉིད་མཐོང་བ་ཞེས་བཤད་དོ། །གཞན་དུ་ན་གལ་ཏེ་ཐ་མལ་པ་ཉིད་རྣལ་འབྱོར་པའི་འཇིག་རྟེན་ལ་བལྟོས་ནས་དེ་ཁོ་ན་ཉིད་མཐོང་བར་འགྱུར་ན། དེའི་ཚེ་ཐ་མལ་པའི་འཇིག་རྟེན་ལས་འགལ་བར་བྱས་པའི་རྣལ་འབྱོར་བའི་འཇིག་རྟེན་ལས ་འགལ་བར་འགྱུར་ཏེ། མི་གཙང་བའི་བུད་མེད་རྟོགས་པས་མི་གཙང་བ་ལ་སོགས་པས་རྟོགས་པའི་ཚེ་འགལ་བར་བྱས་པར་འགྱུར་ན། དེ་ལྟ་བུར་ནི་མི་འགྱུར་རོ། །དེ་ལྟ་བས་ན་དེ་ནི་འཇིག་རྟེན་པ་ལ་དེ་ཉིད་མཐོང་བ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་བའི་འཇིག་རྟེན་གྱིས་ཐ་མལ ་པའི་འཇིག་རྟེན་སུན་འབྱིན་པར་བྱེད་དོ། དེ་ཁོ་ན་ཉིད་མཐོང་བ་ལ་བལྟོས་པ་ཡིན་པས་གོང་མ་གོང་མའི་ཁྱད་པར་གྱིས་རྣལ་འབྱོར་པ་ཡང་སུན་འབྱིན་ནོ། །ཞེས་བྱ་བར་གནས་སོ། །ཅི་སྟེ་འདིར་རྣལ་འབྱོར་བ་དང་འཇིག་རྟེན་པ་གཉིས་ཀྱིས་ཐམས་ཅད་སྒྱུ་མ་ལྟ་བུར་བརྟག་ན་དེ་ལྟ་ན་ནི ་རྒྱལ་བ་ཡང་སྒྱུ་མ་དང་མཚུངས་པས་འགྱུར་ལ། དེས་ན་སྒྱུ་མ་དང་འདྲ་ཞིང་བརྫུན་ཡིན་པའི་རྒྱལ་བ་ལ་མཆོད་པ་ལ་སོགས་པ་བྱས་པ་ལ་བསོད་ནམས་ཇི་ལྟར་སྐྱེད་པར་འགྱུར་ཞེ་ན། དབུ་མ་པས་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྒྱལ་བ་ཡོད་དུ ་ཟིན་ཀྱང་མཆོད་པ་ལ་སོགས་པ་ལས་བསོད་ནམས་ཇི་ལྟར་འབྱུང། དེ་ནི་ཇི་ལྟར་ཡོད་དུ་ཟིན་ཀྱང་འདི་ནི་རྐྱེན་ཙམ་ཡིན་པ་དེ་བཞིན་དུ། སྒྱུ་མ་ཙམ་ཡིན་ཡང་བསོད་ནམས་སྐྱེ་བར་མཚུངས་སོ། །ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི ་དྲི་བའོ། །ཅི་སྲིད་ཅེས་བྱ་བ་ལ་སོགས་པ་ནི་དབུ་མ་པའི་ལན་ཡིན་ནོ། །དེ་ལྟར་ཡིན་དུ་ཆུག་ན་ཡང་སེམས་ཅན་རྣམས་ཡུན་རིང་དུ་གནས་པ་ཡིན་པས་ཡང་དག་པར་ཡོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་རྒྱུན་རིང་བ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུན ་རིངས་ཞེས་བྱ་བ་ཐོག་མ་མེད་པའི་དུས་དང་འབྲེལ་བའི་སྐད་ཅིག་མ་གཅིག་ཏུ་རྒྱུད་པའི་རྒྱུན་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། རྒྱུན་ཙམ་ཉིད་སྨོས་པའི་ཕྱིར་རོ། །གནས་པའི་རྒྱུན་སྐད་ཅིག་མ་ནི་སྒྱུ་མ་ཡང་ཡིན་ནོ་ཞེས་བྱ་བར་ཡང་དགོངས་སོ། །དེ་བས་ན་སྒྱུ་མ་ནི་རྒྱུན ་ཡུན་རིང་དུ་གནས་སུ་ཟིན་ཀྱང་བརྫུན་པ་ཡིན་པར་འདྲའོ། །གལ་ཏེ་དེ་ལྟར་འདྲ་ན་ནི་སྒྱུ་མའི་སྐྱེས་བུ་བསད་པ་ལ་སོགས་ཞེས་སྨོས་པས་དེའི་རྫས་དཔྲོག་པ་ལ་སོགས་པ་བྱས་ན། སྡིག་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དེའི་ཕྱིར་སེམས་མེད་ཕྱིར་ན་ཞེས་བྱ་བ་སྨོས་ཏེ། སྒྱུ་མའི ་སེམས་ན་བསོད་ནམས་དང་བསོད་ནམས་མ་ཡིན་པ་གཉི་གའི་རྒྱུ་ཡིན་ན་སྒྱུ་མའི་སྐྱེས་བུ་ལ་སྒྱུ་མའི་སེམས་ཡོད་པ་མ་ཡིན་ནོ་དེས་ན་གལ་ཏེ་ཁྱོད་ཀྱི་སྒྱུ་མའི་སྐྱེས་བུ་དེ་དང་འདྲ་ན་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་འབྱུང་བ་དེ་ཉིད་སྲིད་ན་དེ་ཡིན་ནོ། །ཅིའི་ཕྱིར་སྒྱུ་མའི ་སྐྱེས་བུ་ལ་སེམས་མེད་ཅེ་ན། སྔགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་རྣལ་འབྱོར་གྱི་མཐུ་ལ་སོགས་པ་ལ་ཡང་སེམས་བསྐྱེད་པའི་མཐུ་ཡོད་པ་མ་ཡིན་ནོ། །བདེ་བར་གཤེགས་པའི་སྤྲུལ་པའི་སྒྱུ་མ་ནི་སེམས་དང་བཅས་པ་ཡིན་དུ་ཟིན ་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་ན་ནི་སེམས་ཅན་དང་སྒྱུ་མ་འདྲ་བ་མ་ཡིན་ཏེ། སེམས་དང་ལྡན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་སྣ་ཚོགས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྒྱུ་མའི་རྐྱེན་གྱིས་དངོས་པོ་གཅིག་ལས་འབྲས་བུ་དངོས་པོ་ཐམས་ཅད་སྐྱེད་པར་ནུས་པ ་ཡོད་པ་ནི་གང་ཡང་མེད་དོ། །དེ་བས་སྒྱུ་མ་ལ་དེ་དག་ཀྱང་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཕྱིར་རྣམ་པ་སྣ་ཚོགས་སུ་གནས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དོན་དམ་པར་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་ཡིན་པར་གསུངས་ལ་དེ་རྣམས་ཀུན་རྫོབ་ཏུ་ནི་འཁོར་བར ་འདོད་པས། དེ་ལྟར་ན་སངས་རྒྱས་ཀྱང་འཁོར་བར་ཐལ་བར་འགྱུར་བས། དེ་ཉིད་ཀྱི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་དེ་པས་བརྒལ་བ་ཡིན་ནོ། །འདིར་དེའི་ལན་ནི་རྐྱེན་ནམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཡིན་ཏེ། སོ་སོའི་སྐྱེ་བོའི་དོན ་དམ་པར་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ཡང་བག་ཆགས་ཀྱི་རྒྱུན་མ་ཆད་པས་ཀུན་རྫོབ་ཏུ་འཁོར་བ་ཡིན་གྱིས། བཅོམ་ལྡན་འདས་ཀྱིས་ནི་བག་ཆགས་ཞེས་བྱ་བའི་རྐྱེན་རྒྱུན་བཅད་ནས་ཀུན་རྫོབ་ཏུ་ཡང་འབྱུང་བར་མི་འགྱུར་རོ།། ་ཡང་ཞེས་བྱ་བའི་སྒྲས་ནི་དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བག་ཆགས་མ་ལུས་པ་སྤངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་དང་དེར་འབྱུང་བར་སྟོན་ཅིང། རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས ་པའི་ཁྱད་པར་དེ་དང་དེར་སྟོན་པར་མཛད་ཅིང་སེམས་ཅན་སྣ་ཚོགས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ནི་འཁོར་བ་མ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ཀྱིས་འབྱུང་བ་ཡིན་གྱིས། །རྐྱེན་མ་སྤངས་པར་འབྱུང་བ་མ་ཡིན་པས ་འགལ་བར་འགྱུར་རོ་ཞེས་སྟོན་ཏོ། །འདིར་སེམས་ཙམ་པ་ན་རེ་གང་འདི་བུམ་པ་དང་སྣམ་བུ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྒྱུ་མ་དེ་དམིགས་པ་པོ་མེད་པ་ནི་སྒྱུ་མ་ཉིད་དུ་ཤེས་པ་ཡང་མི་འཐད་ལ། འཁྲུལ་བར་བརྟགས་པའི་སེམས་ཀྱིས་དེ་རྟོགས་པ་ཡིན་ནོ་ཞེས་སྨྲར ་ནུས་པ་ཡང་མ་ཡིན་ཏེ། ཁྱེད་དབུ་མ་པའའཁྲུལ་པ་ནི་སེམས་ཉིད་མེད་པར་འགྲུབ་པའི་ཕྱིར་རོ། །དེ་བས་ན་གང་འདི་སྐད་དུ་གང་ཚེ་འཁྲུལ་པ་འང་མེད་ན་ཞེས་བྱ་བ་སྨོས་ཏེ། དེའི་ལན་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་ཁྱེད་ཀྱི་བུམ་པ་དང་སྣམ་བུ་ལ ་སོགས་པའི་མཚན་ཉིད་ཅན་དུ་བཤད་པའི་སྒྱུ་མ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་པར་ཁས་ལེན་ན་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དང་འདྲ་བར་ཐལ་བར་འགྱུར་རོ། །དེ་བས་ན་སྒྱུ་མ་དེ་ཡོད་པ་ཇི་ལྟར་དམིགས། དེའི་ཕྱིར་སེམས་ཙམ་པའི་ལྟར་སྒྱུ་མ་མེད་པ ་དག་ནི་དམིགས་པ་ཇི་ལྟར་འགྱུར། ཁོ་བོ་ཅག་དབུ་མ་པ་རྣམས་ཀྱིས་ནི་མེད་པའི་མཚན་ཉིད་ཅན་གྱི་འཁྲུལ་པ་ཡང་དམིགས་པར་བྱར་རུང་བ་ཡིན་ནོ། །གལ་ཏེ་སེམས་ཙམ་པ་དག་སེམས་ཉིད་སྒྱུ་མའི་རྣམ་པ་དེ་ཡིན་མོད་ཅེས་ཟེར་ན། དེ་ལྟ་ཡིན་དུ་ཆུག་ན་གལ་ཏེ ་སྒྱུ་མ་འམ་གཞན་པའི་དོན་ཁྱད་པར་ཅན་ཡིན་ཡང་ཡང་དག་པར་ཡོད་ན་དེ་ལྟར་རུང་ན། སྐྱེ་བ་དང་བྲལ་བའི་སེམས་ཉིད་སྒྱུ་མ་ཡིན་ན་དེའི་ཚེ་གང་གིས་གང་ལ་དམིགས་ཏེ། མཐོང་བར་འགྱུར་ཏེ། སུས་ཀྱང་ཅི་ཡང་མི་མཐོང་ངོ། །དེ་ཡང་འཇིག་རྟེན་གྱི་ནི་མགོན་པོ་ཞེས ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཅི་ཞིག་གསུངས་ཞེ་ན། སེམས་བྱེད་པ་པོས་དེ་ལས་གཞན་པའི་སེམས་གཉིས་པ་མི་མཐོང་ངོ་ཞེས་གསུངས་སོ། །དེ་ནི་འདིར་ལུང་ཡིན་ལ། རིགས་པ་ནི་རལ་གྲིའི་སོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་ཞིག ་བདག་ཉིད་གང་ཡིན་པ་དེ་ནི་ངེས་བཅོད་པར་མི་བྱེད་དོ། །དཔེར་ན་རལ་གྲིའི་སོ་རང་གིས་རང་ལ་མི་གཅོད་པ་དང་འདྲ་བར་ཡིད་ཀྱང་དེ་བཞིན་ཏེ། རང་གིས་རང་ལ་དམིགས་པར་མི་ནུས་ཏེ། རང་ལ་རང་བྱེད་པ་འགལ་བའི་ཕྱིར་རོ། །དེ་བས་ན་ཉེ་བར་མི་དམིགས་པའི་སེམས་དེ་ཇི ་ལྟར་ཡོད་པ་ཡིན། རལ་གྲི་གཞན་གྱིས་མི་ཆོད་པ་དང། འདྲ་བར་ཤེས་པ་གཞན་གྱིས་གཞན་ཤེས་པ་མེད་དོ། །རང་རིག་པ་མེད་ན་རིག་པ་གཞན་ཡོད་པར་མི་རུང་བའི་ཕྱིར་རོ། །འདིར་འཁྲུལ་པའི་དབང་གིས་དགོས་པ་གཞན་སྐྱེ་བ་བསལ་བའི་ཕྱིར། བདག་གིས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ཡང་ཡིད་ནི་རང་ཉིད་རང་ལ་རིག་པ་རུང་ངོ་ཞེས་དངོས་ཏེ། དཔེར་ན་མར་མེ་ནི་གསལ་བའི་བདག་ཉིད་ཅན་ཡིན་པས་གསལ་བའི་རྒྱུ་གཞན་ལ་མི་བལྟོས་པར་རང་ལ་རང་གསལ་བར་སྣང་བ་དང་འདྲ་བ་དེ་བཞིན་དུ། སེམས་ཀྱང་རང ་ལ་རང་སྣང་དུ་རུང་བ་ཡིན་ནོ་ཞེ་ན། འདིར་དཔེ་མ་གྲུབ་པར་བསྟན་པའི་ཕྱིར་རོ། །མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མུན་པས་བསྒྲིབས་པའི་བུམ་པ་ལ་སོགས་པ་ནི་གསལ་བར་བྱེད་དུ་རུང་གི་།མར་མེའི་ནི་བདག་ཉིད་བུམ་པ་ལྟར་མུན་པས་བསྒྲིབས་པ་མེད་པས་གསལ་བར ་བྱེད་པ་མ་ཡིན་ཏེ། གང་གི་རང་བཞིན་གང་ཡིན་པ་དེ་ནི་དེའི་རང་བཞིན་གྱི་བདག་ཉིད་རྒྱུར་འགྱུར་རོ། །ཞེས་བྱ་བའི་ཚིག་ནི་རིགས་པ་མ་ཡིན་པས་གསོག་ཡིན་ནོ། །དེ་ཡང་འདི་ལྟར་དེའི་རང་བཞིན་མ་ཡིན་པ་རང་བཞིན་གཞན་དང་ཕྲད་ནས་དེའི་རང་བཞིན་དུ་འགྱུར་བ་ནི་རིགས ་ཏེ། དཔེར་ན་ཤེལ་དེ་དང་མི་མཐུན་པའི་སས་སྔོན་པོ་དེ་དང་ཕྲད་ན་དེ་སྔོན་པོར་འགྱུར་བར་རུང་གིས། སྔོན་པོ་ཉིད་གཞན་ལ་བལྟོས་ནས་རང་ལ་སྔོན་པོར་མི་བྱེད་དོ། །དེ་ལྟར་བུམ་པ་ལ་སོགས་པ་གཞན་དག་ནི་མར་མེ་ལ་སོགས་པ ་ལ་བལྟོས་ནས་སྣང་བ་མར་མེ་ལ་སོགས་པ་གཞན་འགའ་ནི་སྣང་བ་གཞན་ལ་མི་བལྟོས་པར་སྣང་བ་བདག་ཉིད་སྣང་བྱེད་དོ་ཞེས་བྱ་བ་ནི་རིགས་སོ། །སྔོན་པོ་ཉིད་སྔོན་པོ་མ་ཡིན་ན་ནི་དེ་ཤེལ་དང་འདྲ་བར་བདག་ཉིད་སྔོན་པོར་བྱེད་ཀྱི། སྔོན་པོ་ཉིད་དུ་གནས་པ་ནི ་སྔོན་པོར་བྱེད་པར་མི་རིགས་སོ། །གལ་ཏེ་མར་མེ་རང་ཉིད་ཀྱང་གསལ་བར་མི་བྱེད་ལ། གཞན་གྱིས་ཀྱང་གསལ་བར་མི་བྱེད་ན་ནི་རྣམ་པ་ཐམས་ཅད་དུ་སྣང་བའི་རྒྱུན་ཆད་པར་འགྱུར་ན། དེ་ལྟར་མི་རུང་བས་སྣང་བ་གཞན་ལ་མི་བལྟོས་པའི་ཕྱིར་རང་ལ་རང ་གསལ་བར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་སེམས་ཀྱང་གཟུང་བ་དང་འཛིན་པ་དང་བྲལ་བ་ཡིན་པའི་ཕྱིར་རང་ཉིད་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་མར་མེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མར་མེ་ནི་གསལ་བར་བྱེད་པ་ཡིན་པར་ཤེས ་པས་དེ་ལྟར་རྟོགས་པའི་ཕྱིར་སྒྲོ་བཏགས་པའི་ཚུལ་གྱིས་ལན་འགའ་ཞིག་བརྗོད་དུ་རུང་གི་ཤེས་པ་ལ་ནི་དེ་ལས་གཞན་པའི་ཤེས་པ་པོ་མེད་པས་དེ་ལ་རང་གསལ་བར་བྱེད་དོ། །ཞེས་ཤེས་པ་རྒྱུ་གང་གིས་ཤེས་ནས་བརྗོད་པར་བྱེད། ཡང་བློ་ནི་གཞན་གྱིས་སེམས ་ཤེས་པས་ཀྱང་ཇི་ལྟ་བ་བཞིན་དུ་མི་མཐོང་བས་དེའི་ཕྱིར་སུས་ཀྱང་ཇི་ལྟ་བ་བཞིན་དུ་མི་མཐོང་བས་གསལ་བ་འམ། མི་གསལ་བ་ཞེས་བརྗོད་དུ་རུང་བ་མ་ཡིན་ནོ། །བློ་ནི་བརྗོད་དུ་མེད་པ་ཡིན་དུ་ཟིན་ཀྱང་སྒྲོ་བཏགས་པ་ཙམ་གྱིས་ཡོད་པར་བཤད་པ་དེ་བདེན་པ་མ ་ཡིན་ནོ། །དེའི་ཕྱིར་གསལ་ལམ་མི་གསལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སུས་ཀྱང་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱིས་ཀྱང་མ་གཟིགས་བ་སྟེ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི ་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །དེ་བས་ན་མོ་གཤམ་གྱི་བུའི་ཚུལ་སྤྱོད་དང་འདྲ་བར་གསལ་བ་དང་མི་གསལ་བ་ལ་སོགས་པ་ཇི་སྐད་དུ་བརྗོད་དུ་ཟིན་ཀྱང་དོན་མེད་བརྫུན་ཡིན་ནོ། །དེ་ལྟར་རང་རིག་པ་རྣམ་པར་གསལ་བ་ན་རྒོལ་བ་རྩོད ་པ་ལ་བརྩོན་པས་བརྒལ་བ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཞན་དག་གིས་རྣམ་པར་ཤེས་པས་རྗེས་སུ་མྱོང་བར་རབ་ཏུ་གསལ་བར་གྱུར་པ་ནི་དྲན་པའི་རྒྱུ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་སེམས་གཞན་གྱིས་རྗེས་སུ་མྱོང་བའི་དོན་སྐྱེས ་བུས་ཇི་ལྟར་དྲན་པར་འགྱུར་དུ་རུང་ཞེས་དྲིས་པ་དང། གཞན་དག་གིས་འབྲེལ་པ་ལས་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཅན་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་སོགས་ཞེས་བྱ་བའི་ཐ་ཚིག་གོ་།འདི་ལ་བྱི་བའི་དུག་ཇི་ལྟར་དྲན་པར ་འགྱུར་ཞེས་དྲི་པར་སྦྱར་ཏེ། དེ་ཡང་དབྱར་གྱི་ཚེ་བྱི་བ་དུག་དང་བཅས་པར་འགྱུར་ལ། དེ་དག་ཡོད་པར་རྟོགས་པ་ན་སྦྲུལ་གྱི་མཆེ་བས་ཟིན་པའི་རྗེས་ཐོགས་ལ་སྦྲུལ་ནི་མ་མཐོང་བར་གྱུར་པ་དང་ལུས་ལ་གནོད་པར་འགྱུར་བ་མཐོང་བས་བྱི་བའི་དུག་མེད ་བཞིན་དུ་དའི་དུག་གིས་ཟིན་པའི་དྲན་པ་འབྱུང་མོད་ཀྱི་སྦྲུལ་གྱི་དུག་ནི་དེ་ལས་གཞན་པ་ཉིད་ཡིན་ནོ། །དེ་བཞིན་དུ་རྨ་འམ་ལུས་ཀྱི་ནད་གཞན་ལས་བྱི་བའི་དུག་གི་ཤེས་པ་མེད་པ་བཞིན་དུ་དྲན་པ་དང་འདྲ་བར་རང་རིག་པ་མེད་པ་ཉིད་དུ་ཡང་རྣམ་པར ་ཤེས་པའི་དྲན་པ་འབྱུང་བ་ཡིན་ནོ། །དྲན་པ་ཡང་འདི་སྐད་དུ་བདག་ཉིད་ལ་བདག་ཉིད་མི་འབྱུང་མོད་ཀྱིས། འོན་ཀྱང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྱུང་བ་ན་གཟུགས་ལ་སོགས་པའི་རྐྱེན་གཞན་དང་ལྡན་པར་སྣང་བས་གསལ་བར་སྣང ་བའི་རང་བཞིན་ཅན་ཡིན་ནོ་ཞེ་ན། དེ་མི་རིགས་པར་བསྟན་པའི་ཕྱིར་རྐྱེན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་གྲུབ་པའི་མིག་སྨན་མེད་པར་ཡང་བུམ་པ་ལ་སོགས་པ་མི་མཐོང་བ་དང་འདྲ་བར་རྐྱེན་ཉིད་དང་ལྡན་པ་ཙམ་གྱིས ་ཤེས་པ་ཡིན་དུ་མི་རུང་ངོ། །དེ་ལྟར་ན་རང་རིག་པ་མེད་པར་བུམ་པ་ལ་སོགས་པ་མཐོང་བ་ཡང་མེད་པར་ཐལ་བར་འགྱུར་རེ་ཞེ་ན། དེའི་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་བ་ཞེས་བྱ་བ་ནི་འདིར་མངོན་སུམ ་གྱི་ཚང་མས་ངེས་པར་བྱས་པའོ། །ཐོས་པ་ནི་སྒྲ་ལས་བྱུང་བའོ། །ཤེས་པ་ནི་རྗེས་སུ་དཔག་པས་སོ། །ཇི་ལྟར་མཐོང་བ་ལ་སོགས་པ་གང་ཡིན་པ་དེ་ནི་འདིར་དབུ་མ་པས་ཀྱང་བཀག་པ་མེད་ཀྱང་གཞན་དུ་ཚད་མས་ཡང་དག་པ་ཉིད་ཡིན་པ་གཞན་དུ་མི་རུང་སྟེ། ་དེ་ཅིའི་ཕྱིར་ཞེ་ན། འདིར་མཐོང་བ་ལ་སོགས་པ་བདེན་པ་ཉིད་དུ་རྟོགས་པ་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་གཏི་མུག་ཡིན་པས་དེ་བཟློག་པ་ཡིན་ནོ། །གལ་ཏེ་སེམས་ལས་སྒྱུ་མ་གཞན་ཡང་མ་ཡིན། གཞན་མ་ཡིན་པ་ཡང་མ་ཡིན་ན། དཔེར་ཇི་ལྟར་རུང ་ཞེས་རྟོགས་པས་དེའི་ཕྱིར། སེམས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སེམས་ལས་གཞན་ཡིན་ནམ་གཞན་མ་ཡིན་ཞེས་བརྟགས་པ་འདིར་བརྗོད་པར་བྱ་སྟེ། གལ་ཏེ་དངོས་པོ་ཡིན་ན་དེ་བྱ་བ་དང་བཅས་པ་ཡིན་པས་ན། སེམས་ལས་སྒྱུ་མ་ཕྱི་རོལ ་སྣང་བ་བཞིན་དུ་ཡང། ཇི་ལྟར་གཞན་ཡང་གཞན་མ་ཡིན་ཞེས་དཔེར་བྱ། གལ་ཏེ་གཞན་མ་ཡིན་ཏེ། སེམས་ཉིད་སྒྱུ་མ་ལྟར་སྣང་ཞིང་སྒྱུ་མ་ལས་གཞན་མ་ཡིན་ནོ་ཞེས་སྨྲས་ན་ནི། དོན་དམ་བར་ཐམས་ཅད་དངོས་པོར་མེད་དོ། །གལ་ཏེ་སྒྱུ་མ་དངོས་པོ་ཡིན་ན་ནི ་སེམས་ལས་ཇི་ལྟར་གཞན་པ་མ་ཡིན་ཏེ། བུམ་པ་ལ་སོགས་པ་དང་འདྲ་བར་གཞན་ཡིན་ནོ། །གལ་ཏེ་གཞན་མིན་ཞེས་པ་སེམས་ལས་སྒྱུ་མ་གཞན་མ་ཡིན་ན་ནི་ཡང་དག་པར་དངོས་པོ་མ་གྲུབ་སྟེ། ཡོད་པ་མ་ཡིན་ནོ། །སེམས་མེད་དུ་ཟིན་ན་སྒྱུ་མ་ཇི་ལྟར་མཐོང་ཞེས ་རྟོག་པ་དེའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྒྱུ་མ་མི་བདེན་ཞིང་མེད་དུ་ཟིན་ཀྱང་སྣང་བ་དང་འདྲ་བར་སེམས་གཞན་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་བལྟ་བར་བྱ་བའི་ཡུལ་དང། ལྟ་བ་པོར་སྣང་བ་ལ་ཉེས་པ་ཅི་ཞིག་ཡོད། འདིར་སེམས ་ཙམ་པ་ན་རེ་གལ་ཏེ་དངོས་པོ་ལ་བརྟན་ན་ནི་དེ་ཉིད་ཀྱིས་འཁོར་བར་འགྱུར་ལ། དེ་ལ་མ་བརྟེན་ན་ནི་འཁོར་བ་ཉིད་ནམ་མཁའ་དང་འདྲ་བར་འགྱུར་རོ་ཞེས་རྟོག་པས་དེའི་ཕྱིར་དངོས་པོ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་དངོས་པོ་མེད་པའི་འཁོར ་བ་སྐྱེ་བའི་བྱ་བ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །འཁོར་བ་དངོས་པོ་མེད་ཀྱང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བའི་གཞན་དབང་ཡོད་དོ་ཞེ་ན། དེའི་ཕྱིར་གྲོགས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཁོར་བ་ཁྱེད་ཀྱིས་སེམས ་ཀྱི་རྣམ་པ་ཡིན་པར་ཀུན་ཏུ་རྟོག་ན་འདི་ནི་གྲོགས་མེད་པ་ཆ་ཤས་དང་བྲལ་བ་མ་ཡིན་ནོ། །དེ་ལྟར་ཡིན་ན་ཅི་ལྟེར?་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སེམས་གཅིག་པུ་གཟུང་བ་དང་བྲལ་བར་གནས་པ་དེའི་ཚེ་འཛིན་པ་པོ་ཡང་མང་ལ་དེ་གཉི་ག་དང ་བྲལ་ན་ནི་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ལྟར་ན་ཁྱོད་ཀྱི་སེམས་ཙམ་དུ་བསྟན་པ་དེས་ཡོན་ཏན་ཅི་ཞིག་ཐོབ་སྟེ། བཏགས་པ་ཙམ་ཉིད་ཉོན་མོངས་པ་ཡིན་པས་ཉོན་མོངས་པ་ལས་ལྡོག་པར་མི་འགྱུར་རོ། །ཞེས་དགོངས་སོ། ། ་འདི་ལྟར་གཞན་དག་གི་དབུ་མ་པ་ལ་དྲིས་པ་ནི། སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་བཤད་པའི་སྒྱུ་མ་ལྟ་བུར་ཤེས་པས་ཀྱང། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྡོག་པར་ཇི་ལྟར་འགྱུར་ཏེ། གང་གི་ཚེ་སྒྱུ་མའི་བུད་མེད་སྤྲུལ་པ ་སྒྱུ་མ་དེ་བྱད་པ་ཉིད་ཀྱང་འདོད་ཆགས་སྐྱེ་བར་འགྱུར་བས་དེ་ལྟར་ཤེས་སུ་ཟིན་ཀྱང་ཉོན་མོངས་པ་མི་ལྡོག་གོ་དེ་ལྟར་བརྒལ་བའི་ལན་གཏབ་པའི་སྒོ་ནས་ཉོན་མོངས་པ་སྤང་པའི་རིམ་པ་བསྟན་པའི་ཕྱིར་དེ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྱུ་མ ་དེའི་བྱེད་པ་པོ་ནི་དེ་བྱེད་པ་སྟེ། དེ་ཞེས་བྱ་བ་བུད་མེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་སྐྱེ་བའི་ས་བོན་མ་སྤངས་པ་ལས་སྒྱུ་མའི་བུད་མེད་དེ་མཐོང་བའི་དུས་སུ་ཉོན་མོངས་པ་སྐྱེ་བ་ནི་སྟོང་པ་ཉིད་ཀྱིས་བག་ཆགས་བསྒོམ་པ་ཉམ་ཆུང་པ་ཉིད་ཡིན་ནོ།། ་འོ་ན་ཇི་ལྟར་ཉོན་མོངས་པ་སྤོང་ཞེ་ན། དེའི་ཕྱིར་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སོས་ཏེ། འདིར་སྟོང་པ་ཉིད་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །དེའི་ས་བོན་ནི་བག་ཆགས་སོ། །དེ་བསྒོམ་པས་ནི་བསྒོམ་པ་ཤིན་ཏུ ་གོམས་པས་སྐྱེས་པ་སྟེ། དེ་ནི་དངོས་པོའི་བག་ཆགས་གཟུགས་ལ་སོགས་པའི་རྟོག་པའི་ས་བོན་སྤོང་ཞིང་སེལ་བར་བྱེད་དོ། །ཅུང་ཟད་མེད་ཅེས་བྱ་བ་ནི་དངོས་པོ་མེད་པ་དག་གོ་།མེད་དོ་ཞེས་སྟོང་པ་ཉིད་ལ་བསླབ་པའི ་བག་ཆགས་ཇི་ལྟར་སྤོང་བར་འགྱུར་ཞེ་ན། དེའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་ནི་སྟོང་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པ་ནི་དངོས་པོ་རྣམས་ལྡོག་པ་ལས་བལྟོས་པ་ཡིན་པས། དངོས ་པོ་ལ་བརྟེན་ཅེས་བྱ་བའི་དངོས་པོ་མེད་ན་ནི་རྟེན་མེད་པ་ཡིན་ན་ནི་བློ་ཞེས་བྱ་བ་ཤེས་པ་སྟེ། མདུན་ན་དམིགས་པ་མེད་བའི་དོན་གྱིས་ན་ཇི་ལྟར་གནས་པར་འགྱུར་ཏེ་མི་གནས་སོ། །དེ་ལྟར་དངོས་པོ་མེད་པར་རྟོགས་པའི་བག་ཆགས་ཀྱི་ས་བོན་ཡང ་ཚུལ་འདི་ལྟར་སྤང་བར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བཤད་ནས་ལྷག་མ་མེད་པ་བསྟན་པའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པ་མེད་པ་ནི་ཡུལ་མེད་པའམ་ཉེ་བར ་ལེན་པ་མེད་པའོ། །བློ་ནི་སེམས་སོ། །རབ་ཏུ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེ་ལྟ་ན་རྒྱལ་བའི་སྐུ་ཇི་ལྟར་སྣང་བས་བལྟ་ཞེ་ན། དེའི་ཕྱིར་ཡིད་བཞིན་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གདུལ་བྱ་ནི་འགྲོ་བ་རྣམས་ཀྱི་དོན་གྱི་རྐྱེན་དང་སྨོན་ལམ་གྱི་རྒྱུ་དེ་གཉིས་ཇི་སྲིད་ཡོད་པ ་དེ་སྲིད་དུ་སྐལ་པ་ཇི་བཞིན་དུ་འདོད་པ་ཡོངས་སུ་སྐོང་བར་མཛད་པར་སྣང་སྟེ། དེ་ཡང་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་དང་འདྲ་བར་རྟོག་པ་མི་མངའ་ཡང་རེ་བ་ཡོངས་སུ་སྐོང་བར་མཛད་དོ། །ཇི་ལྟར་ན་སེམས་མེད་དུ་ཟིན་ཀྱང་བྱ་བ་དེ་བྱེད་ཅེས་རྟོག་པ་དེའི་ཕྱིར་མཁའ་ ་ལྡིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ནམ་མཁའ་ལྡིང་གི་དུག་སྔགས་གྲུབ་པའི་སྐྱེས་བུས་མཆོད་སྡོང་གི་ཀ་བ་བསྒྲུབས་ཏེ་བཙུགས་པ་དེས་སྐྱེས་བུ་སྤྲུལ་ལ་སོགས་པའི་དུག་གི་ཟིན་པ་སེལ་བར་བྱེད་པའི་མཐུ་ཡོད་ལ། དེའི་གྲུབ་པ་པོ་དེ་མེད་ནས ་ཡུན་རིང་པོར་ལོན་ན་ཡང་མཆོད་སྡོང་དུ་བཙུགས་པའི་ཤིང་གིས་དུག་སེལ་བར་ནུས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སྤྱོད་བའི་རྗེས་སུ་མཐུན་པའི་སྤྱོད་པས་སྙིང་པོར་བྱ་བ་ཐམས་ཅད་ཚུལ་བཞིན་སྤྱོད་དེ། བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ ་དེས། རྒྱལ་བའི་མཆོད་སྡོང་ཞེས་བྱ་བ་རྒྱལ་བའི་སྐུ་སྤྲུལ་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཨི་སེམས་དང་བཅས་པ་འདས་པར་གྱུར་ནས་ཀྱང་གདུལ་བྱ་རྣམས་དང་སྨོན་ལམ་གྱི་རྣམ་པའི་ཤུགས་གཉིས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར ་འགྱུར་གྱི། ཉན་ཐོས་ལྟར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གལ་ཏེ་མྱ་ངན་ལས་འདས་སུ་ཟིན་ཀྱང་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འགྲོ་བའི་དོན་མཛད་པ་ནི་ཀྱང་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སེམས་མེད་ཅེས ་བྱ་བ་སྨོས་ཏེ། སངས་རྒྱས་ལ་མཆོད་པ་བྱས་པའི་བསོད་ནམས་ནི་འབྲས་བུ་ལས་འདྲ་བ་ཉིད་ཡིན་ཏེ། ཇི་ལྟར་འདྲ་ཞེས་རྟོག་ན་དེའི་ཕྱིར། གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་བཞུགས་པ་ན་མཆོད་པ་བྱས་པ་ཅི་ལྟ་བར་འདིར་ཡང་དེ་དང ་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ་།སྔར་ནི་སྒྱུ་མ་དང་འདྲ་བའི་སེམས་དེ་ལས་བསོད་ནམས་སྐྱེ་བར་བཤད་ལ་དེ་ལྟར་ནི་དེ་མེད་དུ་ཟིན་ཀྱང་ཞེས་བྱ་བ་ནི་འདིར་ཁྱད་པར་རོ། བསོད་ནམས་ཀྱིས་འབྲས་བུ་འདིར་མཚུངས་པ་དེ་ཡང་ལུང་གི་ཚད་མ་ལས་གྲུབ་པ་ཡིན་པས་ཀུན་རྫོབ་བ་མ ་དོན་དམ་པ་གང་ཡིན་ཡང་སངས་རྒྱས་བཞུགས་པ་ལ་མཆོད་པ་བྱས་པ་དང་འདྲ་བར་འབྲས་བུ་དང་བཅས་པ་ཡིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་རྟོགས་པ་དེའི་རིམ་པ་བཤད་པ་ན་ཐེག་པ་དམན་པ་དག་ཐེག་པ་ཆེན་པོ་མི་བཟོད་པས་ཕྱིར་རྒོལ་བར་བྱེད་པ་ནི་བདེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་མཐོང་ན་གང་ཟག ་ལ་བདག་མེད་པའི་རྟོག་པའི་ཡེ་ཤེས་ཡང་སྲིད་པར་འགྲོ་བར་བྱེད་པའི་ལས་རྣམས་མི་བྱེད་པས་མྱ་ངན་ལས་འདས་ཤིང་གྲོལ་བར་འགྱུར་གྱིས། སྟོང་པ་ཉིད་མཐོང་བས་ཡོད་པ་བཀག་ཅིང་མེད་པར་ལྟ་བར་མི་ཤེས་པ་དེས་འབྲས་བུ ་ཅི་ཞིག་འགྲུབ་པ་ཡོད་དེ། ཅི་ཡང་མེད་དོ་ཞེས་རྟོག་པ་ལ་དེའི་ཁྱད་པར་ཆེན་པོ་ཡོད་པ་ལ་ཁྱེད་ཀྱིས་མ་ཤེས་པ་ཡིན་ན་ཞེས་སྟོན་ཏེ། དེའི་ཕྱིར་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ལུང་ཡང་དག་པ་ལས་འདི་ལྟ་བུའི་སྟོང་པ་ཉིད་མ ་མཐོང་བས་བྱང་ཆུབ་ཏུ་ནི་མི་འགྱུར་བར་གསུངས་ལ། དེ་བས་ན་སྟོང་པ་ཉིད་མཐོང་བ་ནི་དོན་ཆེན་པོ་ཡིན་པར་སྨྲའོ་ཞེས་བྱ་བའི་ཐ་ཚིག་གོ་།འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་ཞི་ལ་སྨྲ་བ་སྟེ། ཐེག་ཆེན་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཡང ་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། ས་བཅུ་འབྲས་བུ་དང་བཅས་པ་དེ་ཐོབ་པར་བྱེད་པའི་ཕྱིར་ཐེག་པའོ། །འབྲས་བུ་དང་དུས་དང། དམིགས་པ་དང་བསམ་པ་དང། འབྱོར་པ་དང་བརྩོན་འགྲུས་དང། ཚོགས་ཀྱི་ཆེ་བ་ཉིད་ཡིན་པའི་ཕྱིར ་ཆེན་པོ་སྟེ། ཐོས་པ་ལ་སོགས་པའི་རང་བཞིན་གྱི་ཤེས་རབ་དང་དེ་སྟོན་པའི་བསྟན་བཅོས་ས་བཅུ་པ་ལ་སོགས་པའོ། །དེ་ནི་མི་འགྲུབ་པར་གཞན་སྨྲ་ནའོ། །ཁྱེད་ཀྱི་ལུང་ནི་ཇི་ལྟར་འགྲུབ་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་པས་དྲིས་པའོ། །གང་ཕྱིར་འདིར་ནི་གཉི་ག ་འང་འགྲུབ་ཅེས་བྱ་བ་ནི་ཉན་ཐོས་པའི་སྟེ། གཉི་ག་སངས་རྒྱས་པ་ཡིན་པའི་ཕྱིར་རོ། ཞེས་བྱ་བར་དགོངས་སོ། །དང་པོ་ཁྱོད་ཀྱི་འདི་མི་འགྲུབ་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཚིག་སྟེ། དང་པོར་ཞེས་བྱ་བ་ཐེག་པ་ཆེན་པོ་ལས་སྔར་ཏེ་དེའང་ཐེག་པ་ཆེན་པོ་མེད་པར་འཚང་རྒྱ ་བར་མི་འགྱུར་ལ། དེ་མེད་པར་ཁྱེད་ཀྱི་ལུང་གྲུབ་པ་མ་ཡིན་ནོ་ཞེས་པའོ། །འདིར་གཞན་ཡང་རྒྱུ་གང་གིས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་ཏེ། གལ་ཏེ་རྒྱུ་གང་གིས་ཁྱེད་ཀྱི་ལུང་དེར་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཡིད་ཆེས་པར་འཇོག་ན། ་ཡིད་ཆེས་པ་ཐེག་པ་ཆེན་པོ་ལ་ཡང་གྱིས་ཤིག་ཅེས་པའོ། །འོན་ཏེ་གཉི་ག་འདོད་པ་ཉིད་ཡིན་པས་ཁྱེད་ཀྱི་ལུང་ལ་ནི་ཡིད་ཆེས་ཀྱིས། སངས་རྒྱས་ཀྱི་གསུངས་པ་ལས་ནི་མ་ཡིན་ཏེ། སངས་རྒྱས་ཀྱིས་གསུངས་པ་ལས་གཞན་པ་གཉི་ག་འདོད་པ་དེ་ལ་བདེན ་པར་ཁས་ལེན་ན་རིག་བྱེད་ལ་སོགས་པ་འགའ་ཞིག་ཀྱང་གཉི་ག་འདོད་པ་ཡོད་པས་བདེན་པར་འགྱུར་རོ། །འོན་ཏེ་སངས་རྒྱས་ཀྱིས་གསུངས་པ་ཉིད་བདེན་མོད་ཀྱི་ཐེག་པ་ཆེན་པོ་རྩོད་པ་དང་བཅས་པའི་ཕྱིར་མི་འདོད་དོ་ཞེ་ན། ཁྱེད་ཀྱི་ལུང་ཡང་མུ་སྟེགས་པ་རྣམས་དང ་རྩོད་པ་དང་བཅས་པའི་ཕྱིར་དོར་དགོས་སོ། །གཞན་གྱི་ལུང་གཞན་དག་ཀྱང་དོར་དགོས་སོ། །རང་གི་སྔ?་བ་དང། གཞན་འགའ་ཞིག་དང་རྩོད་པ་དང་བཅས་པའི་ཕྱིར་རོ། །གཞན་ཡང་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ནི་དགེ་སློང་ཉིད་ཡིན་ཏེ། དགེ་སློང་གི་སྡོམ ་པའི་རྩ་བ་བཞི་གང་ལ་ཡོད་པ་དགེ་སློང་ཉིད་དོ། །དེ་ཉིད་ཀྱང་དཀའ་པས་གནས་པ་ནི་མུ་སྟེགས་པ་དང་རྩོད་པ་དང་བཅས་པའི་ཕྱིར་རོ། །རེ་ཞིག་དགེ་སློང་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཀྱིས། སེམས་དམིགས་པ་དང་བཅས་པ་སྟེ། ཉེ་བར་དམིགས་པ་ཡོད་པ་རྣམས་ཀྱིས་ཇི་སྲིད ་ཕུང་པོའི་འཛིན་པ་ཡོད་པ་དེ་སྲིད་ཀྱི་བར་དེའོ། །ཞེས་ཀྱང་ང་རྒྱལ་བྱེད་པར་འགྱུར་ཞིང། ཡང་ལས་དང་སྐྱེ་བ་ཡོད་ལ། དེ་ལྟར་ན་མྱ་ངན་ལས་འདས་པ་ཡང་དཀའ་བས་གནས་པ་ཡིན་ནོ། །བདེན་པ་མཐོང་བས་ཉོན་མོངས་པ་སྤོང་བའི་ཕྱིར་དཀའ་པས་གནས་པ་མ་ཡིན་ནོ ་ཞེས་ཟེར་བ་དེའི་ཕྱིར། ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་སྤངས་པའི་རྗེས་ཐོགས་ལ་ཡང་སྟོང་པ་ཉིད་མ་བསྒོམས་པར་དེ་མི་འབྱུང་སྟེ། དམིགས་པ་བཅས་པའི་སེམས་དང་ལྡན་པ་ལ་གནོད་པ་དང་བཅས་པར་སྣང་ངོ། །དཔེར་ན ་འཕགས་པ་མཽངྒལ་གྱི་བུ་ལུས་ཀྱི་སྡུག་བསྔལ་གྱིས་གཟིར་ཅིང་རྨོངས་པའི་ལས་ཀྱི་ནུས་པ་ཡོད་པར་སྣང་བ་ཡིན་ནོ། །དེ་ལྟར་ཡིན་ན་ཡང་རེ་ཞིག་སྲེད་པ་ནི་སྲེད?་པའི་རྩ་བར་གྱུར་པ་ཡིན་ན་དེ་དེ་རྣམས་ལ་མེད་དོ་ཞེ་ན། དེ་ངེས་པར་གཟུང་ཞིང་སྦྱང་པས ་ངོས་བར་བྱ་དགོས་ལ། ཅི་ཞིག་དེས་པར་བྱ་དགོས་ཞེ་ན། ཅི་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་གཞན་དག་ན་རེ་ཉོན་མོངས་ཅན་དང། ལུང་དུ་མ་བསྟན་པའི་སྲེད་པ་དང། འདོད་པའི་ཁམས་ཀྱི་མ་དགེ་བ་ནི་འདི་ཡང ་སྲིད་པ་འབྱུང་བའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་དགའ་བའི་འདོད་ཆགས་དང་བཅས་པ་ནི་ཉོན་མོངས་པ་ཅན་ཡིན་ན། ཉོན་མོངས་མེད་ཀྱང་ཞེས་ཅིའི་ཕྱིར་སྨྲ་ཞེས་འདི་ལྟར་དགོངས་ཏེ། གཏི་མུག་ཀྱང་ཉོན་མོངས་པ་ཆེན་པོ་ཡིན་པས་ཉོན་མོངས ་པ་ཅན་ཡིན་ལ། དེའི་བག་ཆགས་ནི་ཀུན་ཏུ་རྨོངས་པའི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའི་སེམས་དམིགས་བ་དང་བཅས་པ་འདི་ལ་ཡོད་པར་འདོད་དོ། །དེ་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པ་ལ་བག་ཆགས་ཉོན་མོངས་པ་ཅན་མ ་ཡིན་པ་ཡོད་དོ། ད་ཡང་ཚོར་བ་ཡིན་ནོ། །དེ་ཡང་སྤྱད་པར་བྱ་སྟེ། དེ་ཉོན་མོངས་པ་ཅན་མ་ཡིན་ཡང་ལྷན་ཅིག་བྱེད་པའི་རྒྱུ་དང་ཕྲད་ནས་ཉོན་མོངས་པ་ཅན་སྐྱེད་དོ་ཞེས་བྱ་བ་ནི་ཡང་ཞེས་བྱ་བའི་སྒྲས་སྟོན་ཏོ། །དེ་བས་ན་སྲེད་འདི་ཞེས་བྱ་བ་ལ་སོགས ་པ་ཡིན་ནོ། །རྒྱུ་རྣམས་ནི་འབྲས་བུ་ངེས་པར་བསྐྱེད་པ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དམིགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་རུང་བ་དེར་འཇོག་པར་འགྱུར་རོ་ཞེས་བྱ་བ་ནི། སེམས་དམིགས་པ་དང་བཅས་པ་ཡིན་ན། སྲིད་པ་འམ་ཟག་པ ་མེད་པའི་དབྱིངས་གང་ཡིན་པ་དེར་ངེས་པར་འགྱུར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་རྟོགས་པ་དང་བྲལ་བའི་སེམས་དེའི་དངོས་པོའི་བག་ཆགས་ཀྱི་བཅིངས་པ་ཡིན་པའི་ཕྱིར་གྲོལ་བར་མི་འགྱུར་ཏེ། སླར ་ཡང་སྐྱེ་བར་འགྱུར་རོ། །དེ་ཡང་ཅི་དང་འདྲ་ཞེ་ན། དེའི་ཕྱིར་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་ཤེས་ནི་སྔོན་པོ་ལ་སོགས་པ་མཚན་མར་འཛིན་པའི་སེམས་ཀྱི་འདུ་ཤེས་སོ། །དེ་གང་ལ་མེད་པ་དེ་འདུ་ཤེས་མེད་པ་སྟེ། འདུ་ཤེས་མེད་པ་དེ་ཡང ་ཡིན་ལ། ལུས་དང་སེམས་ཀྱི་རྣམ་པར་གཡེང་བ་བཀག་པ་བསྐྱེད་པས་སྙོམས་པར་འཇུག་པ་ཡང་ཡིན་པའི་ཕྱིར་འདུ་ཤེས་མེད་པར་སྙོམས་པར་འཇུག་པ་སྟེ། དེ་ཡང་བསམ་གཏན་བཞི་པའི་འབྲས་བུ་ཆེན་པོ་ནམ་ཞིག་ཐོབ་པ་ནི་སྲིད་པ་ལ་ཐར་པར་འདུ་ཤེས་བས ་འགའ་ཞིག་གིས་འདུ་ཤེས་བཀག་སྟེ་སྙོམས་པར་འཇུག་པར་བྱེད་པའོ། །དེའི་སེམས་ནི་ཕྱིན་ཅི་ལོག་གི་བག་ཆགས་ཀྱིས་བཅིངས་པའི་ཕྱིར་འདུ་ཤེས་བཀག་ཏུ་ཟིན་ཀྱང་དུས་ཇི་སྲིད་དུ་སྔ་མའི་འཕེན་ཤུགས་ཟད་པ་དང། ལུས་ཀྱི་དབང་པོ་དེ་ལས་སྐྱེ་པར ་འགྱུར་རོ། །འབྲས་བུ་ཆེ་བའི་ལྷ་འདུ་ཤེས་མེད་བའི་སེམས་ཅན་དུ་སྐྱེ་བའི་རྣམ་པར་སྨིན་པ་དེ་ནི་མི་ཁོམ་པ་ཡིན་ནོ། །དེས་ན་སྟོང་པ་ཉིད་བསྒོམ་པར་བྱའོ། །གལ་ཏེ་ཁྱོད་ཀྱི་ལུང་སངས་རྒྱས་ཀྱིས་གསུངས་པའི་མཚན་ཉིད་ཅན་མ་ཡིན་ནོ། །ཞེས་ཟེར་ན། དེའི་ཕྱིར ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཀྱི་གསུང་ཡིན་པར་ཅིའི་ཕྱིར་མི་འདོད་དེ། འདོད་པར་བྱ་བ་ཡིན་ནོ། །ཕལ་ཆེར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་མི་མཉམ་ཡང་ཞེས་བྱ་བའོ། །ཡང་སྟོང་པ་ཉིད་ལ་སོགས་པའི་ཕྱོགས་འགའ་ ་ཞིག་མི་མཐུན་པས་སངས་རྒྱས་ཀྱི་གསུངས་པ་མ་ཡིན་ནོ་ཞེས་རྟོག་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེག་པ་ཆེན་པོ་དང་ཁྱད་ཀྱི་མདོ་ཚིག་འགའ་ཞིག་མི་མཐུན་པ་མི་རུང་ངོ་སྙམ་ན། ཁྱེད་ཀྱི་མདོ་ཡང་ཡང་དག་པར་ལྡན་པའི ་ལུང་ལ་སོགས་པ་ལས་སྟོང་བ་ཉིད་ཆེན་པོ་དང་མཚུངས་པར་སྟོན་པ་དོན་ཡོད་ལ། དེ་ལྟར་མཉམ་པའི་ཚིག་གིས་ཀྱང་ཐེག་པ་ཆེན་པོ་ཐམས་ཅད་རྒྱལ་བས་གསུངས་པ་ཅི་སྟེ་མ་ཡིན་ཏེ། སངས་རྒྱས་ཀྱིས་གསུངས་པ་ཉིད་ཡིན་ནོ། །འོད་སྲུངས་ཆེན་པོ་ཞེས ་བྱ་བས་ནི་གསུང་རབ་ཟབ་མོ་མ་རྟོགས་པ་ཁྱེད་ཉིད་ཀྱི་ཉེས་པ་ཡིན་ནོ་ཞེས་སྟོན་ཏོ། །གཞན་ཡང་སྟོང་པ་ཉིད་མ་རྟོགས་སུ་ཟིན་ཀྱང་གྲོལ་བར་གདགས་སུ་རུང་པ་ནི་སྲིད་ཀྱིས། དེ་མེད་པར་འཚང་རྒྱ་བར་ནི་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཆགས་པ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། ཆགས་པ་དང་འཇིག་པ་གཉིས་དེ་དག་ལས་གྲོལ་བའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་རྨོངས་ཤིང་གཏི་མུག་གི་རྒྱུས་སྡུག་བསྔལ་བར་འགྱུར་བའི་དོན་དུ་འཁོར་བར་བཞུགས་པར་ཞལ་གྱིས་བཞེས་པར་གྲུབ་པ ་ཡིན་ཏེ་དེ་ལྟར་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་འདི་ནི་སྟོང་པ་ཉིད་དུ་རྟགས?་པའི་འབྲས་བུ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་དེ་ནི་ཉེ་བར་སྡུད་པ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པ་དང། །ཤེས་ཤིང་ཁོང་དུ ་ཆུད་བར་བྱ་བ་དེ་ཐམས་ཅད་ལ་འགེབས་ཤིང་སྒྲིབ་པའི་མི་ཤེས་པ་ཉིད་ནི་མུན་པ་དེར་འདྲ་བས་མུན་པ་སྟེ། དེ་གཉིས་སྤང་པའི་གཉེན་པོ་ནི་སྟོང་བ་ཡིན་ནོ། །དེ་ལྟར་ཡིན་ན་ཡང་བདག་མེད་དོ་ཞེས་བྱ་བའི་རྣམ་པ་འདི་ལ་འཇིགས་པས་ཁོ་བ་མི་བསྒོམ་མོ་ཞེ་ན། དེའི ་ཕྱིར་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཟེར་བ་དེ་ཅི་ལས་འཇིགས་པའི་གཞི་མང་ངོ་ཞེས་བསྟན་པའི་ཕྱིར་བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ལྟར་ན་ཅི་ཡང་མེད་ཅེས་རྟོག་ན། དེའི་ཕྱིར་སོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུ ་ཀ་དགུ་ཞེས་བྱ་བ་ནི་མིག་དང་རྣ་བ་དང། སྣ་དང་སྟེ་བདུན་དང། བཤང་བ་དང། གཅི་པའི་ལམ་སྟེ་དགུའོ། །རྣམ་ཤེས་དྲུག་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལྟར་རེ་ཞིག་བར་སའི་བུ་ལ་སོགས་པ་དག་དང་སྲོག་ལས ་གང་ཟག་ཅེས་བྱ་བ་ཡོད་པར་འདོད་པ་སུན་ཕྱུང་བ་དང། གྲངས་ཅན་དག་ཀྱང་ཤེས་པ་ལ་བར་གཅེས་འདོགས་པས་དེ་ཡང་ཤེས་པ་དང་བཅས་པའི་སྐྱེས་བུའི་རང་གི་ངོ་བོ་ཡིན་པ་ལས་དེའི་འདོད་པ་ལས། སྙིང་སྟོབས་དང་རྡུལ་དང་མུན་བ་ཆ་མཉམ་པའི ་གནས་སྐབས་སུ་རང་བཞིན་རྟག་པ་དང་འདྲེས་པར་གྱུར་པ་ལས་ཆེན་པོ་ལ་ང་རྒྱལ་དེ་ལས་སྒྲ་ལ་སོགས་པ་དེ་ཙམ་ལྔ་འབྱུང་ལ། སྒྲ་ལ་སོགས་པའི་དཔེས?་པ་དེ་ཡང་སྐྱེས་བུ་ལ་སྒྲ་ལ་སོགས་པ་གཟུགས་བརྙན་གྱི་ཚུལ་དུ་སྣང་ངོ་ཞེས་ཟེར་བས། དེའི་ཕྱིར ་གལ་ཏེ་སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་ལ་སོགས་པའི་ཤེས་པ་ནི་སེམས་དེ་ནི་སྐྱེས་བུ་བཏགས་པ་ཡིན་ལ། སྒྲ་ཡང་རྟག་པར་དུས་ཐམས་ཅད་དུ་འཛིན་ཅིང་ཐོས་པར་འགྱུར་ན། རྟག་ཏུ་མི་ཐོས་པས་ཤེས་པ་དེ་མི་རྟག་པ་ཡིན་ནོ་ཞེས་སྟོན ་ཏོ། །འདིར་གཞན་དག་ན་རེ་སྒྲ་ལ་སོགས་པ་རྟག་ཏུ་མི་གནས་པས་དུས་ཐམས་ཅད་དུ་མི་ཐོས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་ལྟ་ཡིན་ན་རྒྱུ་གང་གིས་ཤེས་པ་ཞེས་བརྗོད་ཅིང་མིང་དུ་བཏགས་པ་དེ་ཤེས་པར ་བྱ་བའི་ཡུལ་མེད་པར་ཅི་ཞིག་དེས་ཤེས་པར་མ་གྱུར་པས་ཤེས་པ་ཇི་ལྟར་ཡིན་ཏེ་མི་རུང་ངོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་གོ་སླའོ། །སྒྲའི་ཤེས་པ་དེ་ཉིད་སྒྲ་ཉེ་བ་མི་གནས་པ་ན་གཟུགས་དང་ཉེ་བས་གཟུགས་ཤེས་པ ་ཡིན་ཏེ། དེའི་ཕྱིར་ཡོད་དོ་ཞེས་ཟེར་ན། གལ་ཏེ་དེ་ལྟར་ཡིན་ན་གང་གི་ཚེ། གཟུགས་ཤེས་པ་དེའི་ཚེ་རྒྱུ་གང་གིས་ཅི་སྟེ་ཐོས་པར་ཡང་མ་གྱུར་སྒྲ་དྲུང་ན་མེད་པའི་ཕྱིར་རོ་ཞེ་ན། དེས་ན་སྒྲའི་ཤེས་པ་ཡོད་པ་ཡིན་ནོ། །མེད་པ་མ་ཡིན་ཏེ། དེའི་བདག ་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། རྒྱུ་དེས་ན་ཤེས་བྱ་དྲུང་ན་མེད་ཅིང་རྒྱང་རིང་ན་ཤེས་པ་ཡང་མེད་པ་ཁོ་ནར་ངེས་པ་ཡིན་ནོ། །གཞན་ཡང་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲའི་ཤེས་པ་དང། གཟུགས་ཀྱི་ཤེས་པ་གཉིས་སྐྱེས་བུའི་རྣམ་པས ་གཅིག་ཡིན་ལ། གང་གི་གཟུགས་ཏུ་ཤེས་པ་དེའི་ཚེ་སྒྲ་ཐོས་པར་ཡང་ཅིའི་ཕྱིར་མི་འགྱུར། འོན་ཏེ་གཟུགས་འཛིན་པའི་དུས་ན་སྒྲ་མེད་པས་མ་ཐོས་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་ཤེས་བྱ་མེད་པའི་ཤེས་པའང་མེད་པ་ཁོ་ནར་འགྱུར་བས་ཤེས་པ་རྟག་པར་མི ་འགྱུར་རོ། །གཞན་ཡང་སྒྲ་འཛིན་པར་བྱེད་པའི་རང་བཞིན་གྱི་ཤེས་པ་གང་ཡིན་པ་དེ་གཟུགས་འཛིན་པར་ནུས་པར་ཇི་ལྟར་འགྱུར། དེ་གཉིས་གཅིག་ན་ནི་དབང་པོ་ལྔར་བརྟགས་པ་ཡང་དོན་མེད་དོ། །གཞན་ཡང་རང་བཞིན་ལས་སྐྱེས་བུ་འབྱུང་བར་བརྟག ་པ་ཡང་རིགས་བ་མ་ཡིན་པའི་ཕྱིར་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་སྟོབས་དང་རྡུལ་དང་མུན་པ་ཆ་མཉལ་པའི་གནས་སྐབས་སུ་རང་བཞིན་ཞེས་བརྟགས་པ་ལ་སོགས་པ་སྐྱེ་བར་བཤད་པ་ཡང་རྟོག་པོ་ཉིད་གཅིག ་པུ་ཡིན་ན་ཡང་མི་རུང་ངོ། །དེ་བས་ན་སྒྲ་འཛིན་པའི་རང་བཞིན་ཡོད་པར་འདོད་པའི་ངོ་བོ་ཉིད་མ་མཐོང་བར་གྲུབ་པ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་སྒྲ་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་འཛིན་པའི་ཤེས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཟུགས ་འཛིན་པར་ཇི་ལྟར་འགྱུར་ཏེ། ཅི་ནས་ཀྱང་མི་འགྱུར་རོ། །དེ་ཡང་གཅིག་པ་དུ་མ་ཉིད་དུ་འགྱུར་བ་ནི་འགལ་པའི་ཕྱིར་རོ། །གཅིག་པུ་ཉིད་ཡིན་ན་ཡང་དུ་མར་གདགས་སུ་རུང་སྟེ། སྐྱེས་བུ་གཅིག་ལ་ཡང་བུ?་ལ་བལྟོས་ནས་པ་ཞེས་བྱ་བ་ལ་པ་ལ་བལྟོས ་ནས་བུ་ཞེས་བྱ་བས་དུ་མའི་བདག་ཉིད་ཅན་ཡིན་པ་དང་འདྲ་བར་ཤེས་པ་ཡང་དེ་དང་འདྲ་བར་ཡོད་མོད་ཅེ་ན། དེ་ནི་ཕ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། སྙིང་སྟོབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་སྟོབས་ནི་བདེ་བའོ། །རྡུལ་ནི ་སྡུག་བསྔལ་པའོ། །མུན་པ་ནི་གཏི་མུག་སྟེ། སྙིང་སྟོབས་ལ་སོགས་པ་དེ་དག་ཀྱང་གཅིག་པུ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་འགྱུར་བ་ཙམ་དུ་བཏགས་ཀྱི། འགྲོ་བ་ནི་དེ་ལས་སྐྱེས་པ་མ་ཡིན་པས་ཡང་དག་པར་མ་སྙིང་སྟོབས་ལ་སོགས་བ་ནི་ཕ་ཡང་མ ་ཡིན་བུ་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ཡང་དག་པ་ཉིད་དུ་མ་ཡིན་ནོ། །དེ་བཞིན་དུ་སྒྲ་ཉེ་བར་མི་གནས་པའི་ཚེ་ན་ཡང་སྒྲ་འཛིན་པའི་ཤེས་པ་གཟུགས་ཀྱི་ཤེས་པའི་རང་བཞིན་ལྡན་པར་ཡང་མ་མཐོང་ཞིང་མི་སྣང་ངོ། །དེ་བས་ན ་སྒྲའི་ཤེས་པ་དེ་ཡོད་པ་མ་ཡིན་ནོ། །འོན་ཏེ་དེ་ཉིད་ཅེས་བྱ་བའི་སྒྲའི་ཤེས་པ་དེ་ཉིད་གར་མཁན་དང་འདྲ་བར་ཚུལ་གཞན་གྱི་གཟུགས་ཀྱི་ཤེས་པར་སྣང་བ་ཡིན་ཏེ། དཔེར་ན་གར་མཁན་གཟུགས་གཞན་གྱིས་འཇིགས་སྡེར?་སྟོན་ལ། གཞན་གྱིས་ནི་སྲིད ་སྒྲུབ་ཏུ་སྟོན་ཏེ། །དེ་ཡང་དེ་དང་འདྲའོ་ཞེ་ན། དེ་ལྟར་ན་ནི་ཤེས་པ་དེ་ཡང་གར་མཁན་དང་འདྲ་བར་རྟག་ཅིང་ཐེར་ཟུག་པ་མ་ཡིན་ནོ། །གལ་ཏེ་དེ་ཉིད་རང་བཞིན་གཞན་ཡིན་ནོ། །ཞེས་རྟོག་ན། དེའི་གཅིག་པ་ཉིད་འདི་ནི་སྔོན་ཆད་མེད་པ་ཡིན་ཏེ། གཞན་པ་དང ་གཞན་གཅིག་པ་ཉིད་འདི་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟ་གཅིག་པ་བཀག་པ་ན་རང་བཞིན་གཞན་ཡིན་པ་ནི་བརྫུན་པ་ཡིན་ཏེ། དེ་ལྟར་མེད་དོ་ཞེས་ཟེར་བ་ན་དེ་ལྟར་ན་བདག་དེའི་རང་གི་རང་བཞིན་ནམ། ངོ་བོ་ཇི་ལྟ་བུ་ཡིན་པ་སྨྲོས་ཤིག་ཅེས་དྲིས ་པའོ། །གལ་ཏེ་དེའི་རང་གི་ངོ་བོ་ཤེས་པ་ཉིད་ཡིན་ནོ། །ཞེ་ན། དེ་ལྟར་ན་ནི་སྐྱེས་བུ་ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་ཏེ། གྲོལ་བ་དང་མ་གྲོལ་བའི་སྐྱེས་བུ་རྣམས་གཅིག་ཁོ་ནར་འགྱུར་བའི་སྐྱོན་ཡོད་དོ། །གཞན་ཡང་སེམས་དང་བཅས་པའི་སྐྱེས་བུ་དང། སེམས ་མེད་པའི་རང་བཞིན་དེ་གཉིས་གཅིག་པ་ཁོ་ནར་ཐལ་བར་འགྱུར་རོ། །ཡང་གྲངས་ཅན་གྱིས་གང་གིས་དེ་ཤེས་པ་དང་རང་བཞིན་ནི་ཡོད་པ་ཉིད་དུ་མཉམ་ཞིང་མཚུངས་ཏེ། དེའི་ཕྱིར་གཅིག་པ་ཉིད་དུ་འདོད་དོ་ཞེ་ན། དབུ་མ་པས་གང་ཚེ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་གི་ཚེ་སྐྱེས་བུ་དང་རང་བཞིན་གཉིས་སེམས་དང་སེམས་མེད་པའི་བྱེ་བྲག་གི་ཁྱད་པར་གང་ཡིན་པ་དེ་མེད་ཅིང་རིམ་དང་རིམ་མ་ཡིན་པར་བྱེད་པ་དང་བྲལ་བས་རི་བོང་གི་རྭ་ལྟར་མེད་པས་ཕྱིན་ཅི་ལོག་ཡིན་ན། དེའི་ཚེ་འདྲ་བའི་རྐྱེན་གང་ཞིག་ཡིན་ཏེ ་ཅི་ཡང་མེད་དོ། །དེ་བས་ན་གཅིག་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་འདི་དག་གིས་ནི་རྒྱུ་ལ་སོགས་པ་ཅི་དད་རིས་མཐུན་པ་དག་ཀྱང་གསལ་བ་ཡིན་ནོ། །དེ་ལྟར་རེ་ཞིག་བདག་སེམས་དང་ལྡན་པ་ཡིན་པར་ཚད་མས་བཀག་པ་དང། སེམས་མེད་པ་ཉིད ་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་སེམས་མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་གཞན་དག་ན་རེ་བདག་དེར་སྔར་སེམས་མེད་པ་ཡིན་ཡང་བདག་ཉིད་ཀྱི་ཡོན་ཏན་ཤེས་པ་ཞེས་བྱ་བ་ཡོད་པ་དེ་དང་ཕྲད་པ་ལས་ཀྱང་ཤེས་པ་ཅན་དུ་འགྱུར་རོ། །ཞེས་ཟེར་ན་དེ ་ལྟ་ན་ནི་སྔ་མའི་མི་ཤེས་པ་དེ་འཇིག་ཅིང་མེད་པས་མི་རྟག་པར་ཐལ་བར་འགྱུར་རོ། །འོན་ཏེ་རྟག་པ་ཡིན་པར་འགྱུར་པས་མེད་པ་ཡིན་ནོ་ཞེ་ན། དེའི་ཚེ་བདག་འདི་ལ་ཤེས་པ་ཡོད་པའི་སེམས་དང་ཕྲད་དུ་ཟིན་ཀྱང་ཅི་ཞིག་བྱ་སྟེ། ཅི ་ཡང་མ་བྱས་སོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་བྱ་བ་མེད་པ་ཞིག་ཡོད་དུ་ཡང་མི་རུང་སྟེ། ཤེས་པ་མེད་ཅིང་བྱ་བ་མེད་པ་ནི་ནམ་མཁའ་དང་འདྲ་བས་དེ་ལ་བདག་ཏུ་སྒྲོ་བཏགས་པས་བདག་ཏུ་བྱས་པ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས ་པ་ལ་གཟིགས་ཟན་པ་ཡང་འདི་སྐད་དུ་དེ་ལྟར་བདག་མེད་ན་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་འབྲེལ་བ་ཡོད་པར་མི་རིགས་ཏེ། ལས་བྱས་ནས་སེམས་ཀྱི་སྐད་ཅིག་མ་སྔ་མ་འཇིག་པའི་རྗེས་ལ་སེམས་ཀྱི་སྐད་ཅིག ་མ་གཞན་ཉིད་འབྱུང་བར་འགྱུར་ལ། ལས་དེ་ནི་གཞན་པ་དེའི་ནི་མ་ཡིན་པས་དེའི་འབྲས་བུ་མྱོང་ན་ཤིན་ཏུ་ཐལ་ཆོས་པར་འགྱུར་བའི་ཕྱིར་རོ། །ལས་དེ་གང་གི་ཡིན་པ་འཇིག་པར་འགྱུར་བས་འབྲས་བུ་གང་གི་ཡིན་ཞེས་སྨྲ་ན། དེའི་ཕྱིར་ཡུ་བུ་ཅག ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དང་ཕྱི་མའི་གཞི་ཐ་དད་པ་གང་ལ་ཡོད་པ་དེ་ནི་གཞི་ཐ་དད་པ་ཞེས་བྱ་སྟེ། ལས་འདིར་བྱས་པའི་འབྲས་བུ་ཕལ་ཆེར་ནི་ཕྱི་མར་འབྱུང་ལ། བྱ་བ་དང་འབྲས་བུ་དེ་དག་ལ་བདག་གང་ཡིན་པ་དེ་ནི་རྟག་པ་ཡིན་པའི ་ཕྱིར་བྱ་བ་མེད་ཅིང་བྱ་བ་དང་བྲལ་བ་ཡིན་ན། །དེ་བས་ན་འདིར་བདག་བྱེད་པ་པོ་དང་ཚོར་བ་པོ་ཡིན་པ་ལ་སོགས་པའི་སྨྲ་བ་ནི་ལོག་པ་ཡིན་པས་དོན་མེད་པ་ཉིད་ཡིན་ཏེ། རིགས་པ་དང་མི་ལྡན་པའི་ཕྱིར་རོ། །གཞན་དག་ན་རེ་སེམས་ཅན་གཅིག་གི་རྒྱུད་ཁོ་ན་ལ་ཁ ་ཟས་མི་མཐུན་པ་ལ་སོགས་པའི་རྒྱུད་དང་ལྡན་ན་ནད་ལ་སོགས་པའི་འབྲས་བུ་དང་ལྡན་པ་ཚེ་འདི་ཉིད་ལ་སྣང། ཚེ་ཕྱི་མ་ལ་ཡང་བདག་དེ་དང་འདྲ་མོད་ཅེ་ན། དེའི་ཕྱིར་རྒྱུ་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་སོ?་ཚེ་འདི་ཉིད་ལ་ཡང་སེམས་ཅན་རྣམས་བྱ་བ་དང་ལྡན་པའི ་སེམས་ཅན་ཡིན་པའི་ཕྱིར་སྐད་ཅིག་མ་ཡིན་གྱིས། སྐད་ཅིག་མ་ཡིན་པ་དག་ནི་རིམ་དང་རིམ་པ་མ་ཡིན་པས་མི་བྱེད་པ་ཡིན་པའི་ཕྱིར་རྒྱུ་དང་བཅས་ཤིང་ལྡན་པ་གང་ཡིན་པ་དེ་འབྲས་བུ་དང་ལྡན་པར་སྣང་ངོ། །ཞེས་བྱ་བ་འདི་ནི་མི་སྲིད་དོ། །འོ་ན་སངས་རྒྱས་བཅོམ ་ལྡན་འདས་ཀྱིས་བྱེད་པ་པོ་དང་ལོངས་སྤྱོད་པ་པོར་གསུངས་པ་ཡོད་དོ་ཞེ་ན། དེའི་ཕྱིར་རྒྱུན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་སེམས་སྐད་ཅིག་མའི་རྒྱུན་ཏུ་གནས་པ་སྔ་ཕྱིའི་འབྲེལ་པ་ལ་དགོངས་ནས་ལས་ཆུད་མི་ཟ་བར་སྟོན་པར་མཛོད་པ་ཡིན་ནོ། །དེ་ལྟར་ཡིན་ན ་ཡང་འདས་པ་ལ་སོགས་པའི་སེམས་གངས་ཡིན་པ་དེ་བདག་ཅེས་བྱ་བའི་ང་རྒྱལ་གྱི་གཞི་ཡིན་པའི་ཕྱིར་བདག་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་འདས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་འདས་པ་དང་མ་འོངས་པའི་སེམས་མེད་པ་ཡིན་པའི་ཕྱིར ་གཞིར་མི་རུང་བས་བདག་མ་ཡིན་ལ། འོན་ཏེ་ད་ལྟར་བྱུང་བའི་སེམས་བདག་ཡིན་པར་འདོད་ན། ད་ལྟར་གྱི་ཡང་བྱུང་མ་ཐག་འཇིག་པ་ཡིན་པས་གཞིར་མི་རུང་སྟེ། སེམས་དེ་མེད་ལས་དེ་མེད་པས་བདག་ཀྱང་མེད་དོ། །གལ་ཏེ་ལུས་དང་སེམས་དང་སེམས་ལས ་བྱུང་བའི་ཚོགས་བསྡུད་པ་ལ་སྤྱིར་བདག་ཅེས་བྱ་བར་འདོད་དོ་ཞེ་ན། དེའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འདི་ན་ཆུ་ཤིང་གི་ཕུང་པོ་ལ་ཚ་ཤེས་སུ་ཕྱེ་ཞིང་ཕྱོགས་ཆར་རྣམ་པར་བསལ་ན་ཆ་ཤས་ཅན་གྱི་དངོས་པོ་ཅི་ཡང་མེད་པ་དང་འདྲ་བར ་ཕུང་པོ་རྣམས་ལ་བདག་ཅེས་བྱ་པར་རྣམ་པར་དཔྱད་ཅིང་བཙལ་ན་ཡང་དག་པ་མ་ཡིན་པས་ཡོད་པ་མ་ཡིན་ནོ། །དེ་ཡང་ལ་བགོས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རིན་པོ་ཆེའི་ཕྲེང་བ་ལས་བདག་ཡོད་མ་ཡིན་ཞེས་བྱ་བ་ལ་སོགས་པས་ང་རྒྱལ་བསལ་བ་མཛད་བ ་ཡིན་ནོ། དེ་བས་ན་རྣམ་པར་དཔྱད་ཅིང་ཀུན་ཏུ་བཙལ་ན་ཡང་དག་པ་མ་ཡིན་པ་ཁོ་ནར་མཐོང་ངོ། །འོན་ཀྱང་འདོད་པའི་འགྲོ་བའི་དོན་བྱེད་པར་མི་འགྲུབ་པ་ཞེ་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པའི་དོན་དུ་སྡུག་བསྔལ་ཉེ་བར་ཞི་བར་བྱ ་བའི་དོན་དུའོ། །ཁས་བླངས་པ་ཞེས་བྱ་བ་ནི་འདོད་པས་སམ། བདག་གི་བྱས་པས་བདག་ཉིད་དུ་ནི་རབ་བཏགས་གང་ཞེས་བྱ་བ་ནི་གཏི་མུག་གིས་སེམས་ཅན་དུ་རབ་ཏུ་བརྟགས་པ་སྒྲོ་གཏགས་པ་གང་ཡིན་པ་དེ་ལ་སྙིང་རྗེ་བྱེད་དོ་ཞེས ་བྱ་བའི་ཐ་ཚིག་གོ་།གཞན་དག་ན་རེ་ཐམས་ཅད་མེད་ན་དགོས་པ་ཉིད་སུའི་དོན་དུ་བྱ་སྟེ། མི་རུང་ངོ་ཞེ་ན། དེའི་ཕྱིར་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་མེད་ན་དགོས་པ་དེ་སུའི་དགོས་པ་ཡིན་ཏེ། སུའི་ཡང་མ་ཡིན་ནོ། །བདེན་ཡང་ཞེས ་བྱ་བ་ནི་བདེན་མོད་ཀྱི་ཞེས་ཁས་བླངས་པའོ། །དོན་འདོད་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་བྱ་བའོ། །བདག་བརྟགས་ཞེས་བྱ་བ་འདི་འདོད་པའམ་འགྲོ་བའི་དོན་གྱིས་ལ་བྱ་བའོ། །བྱ་བ་དེ་ནི་སྒྲོ་འདོགས་པའི་དབང་གིས་སྡུག་བསྔལ་ཉིད་ཡིན་ན་ཡང་སྡུག ་བསྔལ་རྣམས་ཉེ་བར་ཞི་བའི་དོན་ཉིད་དུ་བྱ་བའི་རྨོངས་པ་འདི་ནི་དགག་ཅིང་བཟློག་པར་བྱ་བ་མ་ཡིན་ནོ། །དེ་ཡང་རྟག་པ་དང་བདག་ལ་སོགས་པ་རྨོངས་པ་ལས་ནི་ང་རྒྱལ་འབྱུང་ལ། དེ་ནི་སྡུག་བསྔལ་འཕེལ་བའི་རྒྱུ་ཡིན་པས་དེ་ཉིད་ནི་བཟློག་པར་བྱ་དགོས་སོ ་དེ་སྐད་དུ་སྨྲས་པ་དང། གཞན་དག་ན་རེ་སེམས་ཙམ་དུ་སྒྲོ་འདོགས་པའི་ཁྱེད་ཀྱི་རྨོངས་པ་དེས་ཀྱང་ང་རྒྱལ་བཟློག་པར་མི་འགྱུར་ཏེ། བྱ་བའི་རྨོངས་པ་ཡང་རྨོངས་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་གི་རྒྱུ་བཟློག་པར་མི་ནུས་ལ། དེ་མི་ནུས་པས་ན་ཐར ་པ་མེད་དོ་ཞེ་ན། བྱང་ཆུབ་འདོད་པ་རྣམས་ཀྱིས་ནི་སྒྱུ་མ་ལྟ་བུ་ལ་སྙིང་རྗེ་བྱ་ཞིང་བདག་མེད་པ་ཤེས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་བའི་ཕྱིར། བདག་མེད་བསྒོམ་པ་མཆོག་ཡིན་ནོ། །ཞེས་བྱ་བ་སྨོས་སོ། །ཡང་ན་སྡུག་བསྔལ་གྱི་རྒྱུའི་ང་རྒྱལ་སྔ་མའི་ཚུལ་དེ ་ལས་ཀྱང་བཟློག་པར་མི་འགྱུར་ཞེས་བྱེད་སྨྲ་ན། དེ་ལྟར་ན་དེ་དག་མེད་པ་བསྒོམས་ཏེ། སེལ་བས་དེ་མཆོག་ཡིན་མོད་ཅེས་བྱ་བར་སྦྱར་རོ། །སེམས་ཡོད་པ་དང་མེད་པ་དགག་པའི་ཚུལ་གྱི་བདག་མེད་པར་སུན་ཕྱུང་བ་ན་ཡན་ལག་ཅན་གྱི་མཚན ་ཉིད་དང་ལྡན་པའི་ལུས་ཞེས་བྱ་བ་སེམས་དང་འབྲེལ་པ་ཡོད་པས་བདག་ཡོད་དོ་ཞེ་ན། དེའི་ཕྱིར་ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ལུས་རྗེས་སུ་དྲན་པ་ཡང་སྟོན་ཏོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཡན་ལག་ལ་སོགས་པའོ། །ཆ་ནི་ལག་པ་ལ་སོགས ་པའོ། །ཆ་རེ་ནི་སོར་མ་ལ་སོགས་པའོ། །ཡན་ལག་དང་ཉིང་ལག་དེ་ལྟར་གནས་པར་གྱུར་པ་ཡིན་ནོ། །དེ་ལྟ་བུ་མ་ཡིན་པའི་ཡན་ལག་ཅན་གདགས་པའི་ལུས་དེ་ཡན་ལག་ལས་ལོགས་ཤིག་ན་བདག་ཉིད་གང་ན་གནས། །དེ་བཞིན་དུ་ལུས་ནི་གཅིག་བུ ་འམ་ཕྲ་རབ་ཙམ་གྱི་ཆ་ཤས་སུ་ཡང་བརྟག་པར་བྱ་བ་མ་ཡིན་པས། དེའི་ཕྱིར་དེ་བཞིན་ཕྱི་ནང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་དེའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱི་ཞེས་བྱ་བ་ལ་སོགས་པའི་དབྱིབས་ཀྱི་ཚོགས་པའི་ཁྱད་པར་གྱིས་སྡོད་དུམ་གྱི ་ཤིང་ལ་འབྲས་བའི་ཚུལ་གྱི་མའི?་བློ་སྐྱེ་བ་ལྟ་བུ་ཡིན་ནོ། །སྡོང་དུ་མལ་དུས་ཅུང་ཟད་ཅིག་ཐག་རིང་པོ་ནས་སྐྱེས་བུའི་བློ་འབྱུང་བ་ཡིན་ལ། ལག་པ་ལ་སོགས་པ་ལ་ནི་གང་ཉེ་བ་འམ། དུས་ཡུན་རིང་པོར་ཡང་ལུས་ཀྱི་བློ་འབྱུང་བར་འགྱུར་བས་མི་འདྲའོ་ཞེ་ན། ་དེའི་ཕྱིར་ཇི་སྲིད་རྐྱེན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡོང་དུམ་གྱི་ཤིང་རྒྱང་རིང་པོ་ལ་སོགས་པའི་རྐྱེན་གྱི་ཚོགས་པས་མི་དང་འདྲ་བར་སྣང་བ་གང་ཡིན་པ་དེ་ནི་རྐྱེན་གྱི་ཚོགས་པ་ཡིན་ལ། འདིར་ལག་པ་ལ་སོགས་པ་ལ་ཡང་དེ་དང་འདྲའོ། །གླེགས་བམ་ལ ་ལས་ཇི་སྲིད་ལུས་ལ་སོགས་ཞེས་སྨོས་ཏེ། དེ་ནི་གཞན་དུ་བཤད་བར་བྱ་སྟེ། ཅི་སྲིད་དུ་གཏི་མུག་གི་རྐྱེན་གྱི་ཚོགས་པ་ཡོད་པ་དེ་སྲིད་དུ་ལུས་ལ་སྐྱེས་བུ་མེད་དུ་ཟིན་ཀྱང་སྐྱེས་བུ་ལྟར་སྣང་ངོ། །དེ་བཞིན་དུ་ལག་པ་ལ་སོགས་པ་ལ་ཡང་རྐྱེན་གྱི་ཚོགས་པ་ཡོད ་པ་དེ་སྲིད་ཀྱི་བར་དུ་འདིར་ལག་པ་ལ་སོགས་པ་ལུས་སུ་རྨོངས་པའི་དབང་གིས་སྣང་ངོ། །ཕྱོགས་སྔ་མ་ནི་སྡོང་དུམ་དང་ལུས་དེ་གཉིས་མེད་པ་ཡིན་པར་བྱེ་བྲག་མེད་པར་སྟོན་ཏེ། །དེ་ལྟར་ལུས་མེད་པར་བཀག་ན་དེ་དང་མཚུངས་པ་ཉིད་ཀྱི་རྐང་པ་ལ་སོགས་པ་ལ ་བསྒྲེ?་བ་བསྟན་པའི་ཕྱིར་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོར་མོ་དེ་ཡང་ཚིགས་ཀྱི་ཚིགས་ཡིན་པས་དེ་མེད་པའི་སོར་མོ་གཞན་ག་ལ་ཡོད། ཚིགས་ཀྱང་ཆ་ཤས་ཀྱིས་ཕྱི་ན་དེ་ལས་གཞན་ཅི་ཞིག་ཡོད། ཆ་ཤས ་ཀྱང་དུལ་ཕྲ་རབ་དབྱེ་བས་ཕྱེ་ན། དེ་ལས་གཞན་པ་ཅི་ཞིག་ཡོད། རྡུལ་ཕྲ་རབ་དེ་ཡང་ཕྱོགས་ཀྱི་ཆ་ཤས་དྲུག་ཏུ་ཕྱེ་ན། གང་ཞིག་ཡོད། ཕྱོགས་ཀྱི་ཆ་ཤས་དེ་ཡང་ཆ་ཤེས་མེད་པ་ཡིན་པས་ནམ་མཁའ་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །རྒྱུ་གང་གིས་དེ ་ལྟར་གཟིགས་པ་དེས་ན་རྡུལ་ཕྲན་ཡང་ཡོད་པ་མ་ཡིན་ནོ། །ཚུལ་དེ་ལྟར་གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སུ་ཞིག་ཆགས་ཤིང་ཞེན་པར་བྱེད་དེ། ཆགས་པའི་གནས་མེད་དོ། །དེ་ལྟར་རེ་ཞིག་ལུས་དྲན་པ་ཉེ་བར་བཞག་པ་བཤད་ནས་ཚོར ་བ་དྲན་པ་ཉེ་བར་གཞག་པ་བཤད་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཚོར་བ་སྡུག་བསྔལ་ཡང་དག་པར་རམ། དོན་དམ་པར་དེས་པར་ཡོད་ན་ཡིད་རབ་ཏུ་དགའ་བ་ལ་སོགས་པ་དེ་དག་གི་མཐུན་པའི་ཕྱོགས་ཅིའི་ཕྱིར་འགོག་ཅིང་རེལ? ་བར་མི་བྱེད། དེ་མི་བྱེད་པ་ལས་ན་སྡུག་བསྔལ་ཡང་དག་པར་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་བདེ་བ་ཡང་དག་པར་ཡོད་ན་མྱ་ངན་ལ་སོགས་པའི་སྡུག་བསྔལ་གྱི་གདུངས་པ་ན་གོས་དང་མལ་སྟན་ལ་སོགས་པ་བདེ་བའི་རྒྱུར་འགྱུར་བ་ཡིན་ན། བདེ་བ་དེ་ཅི ་འདོད་པ་ལས་ན། བདེ་བ་ཡང་དག་པར་མེད་དོ། །གལ་ཏེ་བདེ་པའམ་སྡུག་བསྔལ་འམ། རྒ་བ་དང་མྱ་ངན་ལ་སོགས་པ་མང་བའི་སྟོབས་ཀྱིས་ཟིལ་གྱིས་མནན་བའི་ཕྱིར་དེ་མི་མྱོང་བ་ཡིན་ནོ་ཞེ་ན། བདེ་བ་འམ་སྡུག་བསྔལ་ཡང་ཡང་རུང་བ་ཞིག་ཉམས་སུ་མྱོང་བའི ་བདག་ཉིད་ཅན་མེད་ན་དེའི་ཚོར་བ་ཉིད་ཇི་ལྟ་བུ་ཡིན་ཏེ། ཚོར་བར་གཞག་ཏུ་མི་རུང་ངོ། །ཚོར་བ་ཉམས་སུ་མྱོང་བ་ནི་རྣམ་པ་གསུམ་སྟེ། བདེ་བ་དང་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །དེ་དག་ནི་ཡོད་པ་ཡིན་མོད་ཀྱིས། །འོན ་ཀྱང་སྐྱེས་བུ་དགའ་བ་དང་ལྡན་པ་རྣམས་ལ་ནི་སྡུག་བསྔལ་ཉམས་སུ་མྱོང་བ་ཕྲ་བའི་བདག་ཉིད་ཅན་དུ་ཡོད་དོ་ཞེ་ན། དེ་ལྟ་ཡིན་ན་སྡུག་བསྔལ་འདིའི་རགས?་པ་ཉིད་དུ་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་ཕྲ་བ་དེ་ཡང་དེ་ལས་གཞན་པའི་རབ་ཏུ་དགའ་བ་རྣམས་ཀྱི་བདེ་བ་ཉམས་སུ ་མྱོང་བ་ཅུང་ཟད་ཀྱང་འགེག?་པར་མི་ནུས་པས་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་གཞན་པ་ཞེས་བྱ་བ་བདེ་བའི་ཚེད་བ་ནི་དགའ་བ་ཙམ་དུ་གྱུར་པ་ཡིན་ན། དེའི་ཕྱིར་དགའ་བ་ཙམ་དེ་ལ་སྡུག་བསྔལ་གྱི་བྲ་བ་ཉིད་ཀྱིས་བདེ་བའི་ཚོར་བ་ལ་མི་གནོད་པས་སྡུག ་བསྔལ་ཡང་ཕྲ་བ་ཉིད་ཡིན་པའི་ཕྱིར་ཚོར་བ་མྱོང་བར་མི་འགྱུར་རོ། །གལ་ཏེ་སྡུག་བསྔལ་དང་མི་མཐུན་པ་དགའ་བའི་རྐྱེན་བྱུང་བ་ན་སྡུག་བསྔལ་བར་མི་འགྱུར་ཞིང་སྐྱེ་བར་མི་འགྱུར་བ་ཡིན་ལ། དེ་བཞིན་དུ་མྱ་ངན་ལ་སོགས་པའི་རྐྱེན་དང་ཕྲད་པར་གྱུར་པ་ན་བདེ་བ་ནི ་འབྱུང་སྟེ། གཉིས་པོ་འདི་དག་ཕན་ཚུན་བལྟོས་པ་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་མི་འབྱུང་བ་ཡིན་ནོ། །ཞེ་ན། དེ་ལྟར་ན་རྐྱེན་ཕན་ཚུན་འདྲེས་བས་ཚོར་བ་ཡང་མེད་བ་ཡིན་པས་བཏགས་པ་ལ་མངོན་པར་ཞེན་བ་ཙམ་ཡིན་ནོ་ཞེས་དེ་དང་དེར་བཤད་པ་དེ་ནི་རི ་ཉིད་དེ། མྱ་ངན་དང་དགའ་བ་ལ་སོགས་པ་ནི་བཏགས་པ་ཙམ་ཡིན་པའི་ཕྱིར་ཡང་དག་བར་ན་རྒྱ་དང་འབྲས་བུ་ཉིད་ཀྱང་ཕྲད་པ་མེད་པའི་ཕྱིར་རོ། །དེ་ལྟར་མ་གྲུབ་ཅིང་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ནས་ཤིན་ཏུ་མངོན་པར་ཞེན་པའི ་སྟོབས་ཀྱིས་བདེ་བ་ལ་སོགས་པ་སྒྱུ་མ་ལྟ་བུ་ཉིད་ཉམས་སུ་མྱོང་བར་སྣང་བ་ཡིན་ནོ། །དེ་བས་ན་བཏགས་པ་ལ་མངོན་པར་ཞེན་པ་འདི་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར་རྣམ་པར་དཔྱད་པ་གང་ཡིན་པ་འདི་ཉིད་འདིའི་གཉེན་པོ་ཡིན་པའི་ཕྱིར་ཚོར་བ་དྲན་པ་ཉེ་བར་གཞག་པའི ་བདག་ཉིད་ཅན་བསྒོམ་པར་བྱ་ཞིང་གོམས་པར་བྱ་སྟེ། ལོག་པར་མངོན་པར་ཞེན་པའི་ཀུན་ནས་ཉོན་མོངས་པ་འདི་གཞོམ་པར་བྱ་བའི་ཕྱིར། མངོན་པར་ཞེན་པའི་རང་བཞིན་ལ་རྣམ་པར་དཔྱད་པ་ཉིད་ཡིད་ལ་བྱ་བ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་ལྟར་ན་གཉེན་པོ་ཡིན་ཞེ་ན། དེའི་ཕྱིར ་རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣམ་པར་རྟོག་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པ་ལ་མངོན་པ་བཞིན་ཅིང་དགའ་བའི་མཚན་ཉིད་ཅན་གྱི་རྟོག་པ་སྟེ། དེ་ཁོ་ན་ཉིད་མ་ཡིན་པར་རྟོག་པ ་ལ་མངོན་པར་ཞེན་པའི་གཉེན་པོར་གྱུར་ཅིང་དེ་ལས་བྱུང་བའི་རྣམ་པར་རྟོག་པའི་བསམ་གཏན་ཏེ། དེ་ནི་ཟག་པ་མེད་པའི་ཟས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་མཚན་ཅན་དེ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པར་འགྱུར་ཏེ། ཐོས་པ་ལས་བསམ་པ། དེ་ལས་བསྒོམ ་པ། དེ་ལས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེ་བ་ཡིན་པའི་ཕྱིར་ཏེ། འདི་ལྟར་སྒྱུ་མའི་སེངྒེས་སྒྱུ་མའི་གླང་པོ་ཆེ་བསད་པ་ནི་ཡང་དག་པ་ཉིད་དུ་མ་ཡིན་ནོ། །དེ་བཞིན་དུ་དེ་ཁོ་ན་ཉིད་རྣམ་པར་དཔྱད་པས་ལོག་པ་རྣམ་པར་རྟོག་པ་ཡང་དག་བར་མེད་བཞིན་དུ་འཇོམས ་པ་ཡིན་ནོ། །དེ་ལྟ་ཡིན་དུ་ཆུག་ན། དེ་ཁོ་ན་ཉིད་ཀྱི་རྣམ་པར་རྟོག་པ་ལ་མངོན་པར་ཞེན?་པ་རེག་བའི་རྐྱེན་གྱིས་ཚོར་བ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེ་ན། དེའི་ཕྱིར་དབང་དོན་ཞེས་བྱ་བ་ལ་སོགས་པ་སྨྲ་སྟེ། དབང་པོ་མིག་ལ་སོགས་པའོ། །དེའི་དམིགས ་པར་བྱ་བའི་དོན་ཡིན་པས་ན་དོན་ཏེ། གཟུགས་ལ་སོགས་པའོ། །དེ་གཉིས་པར་མཚམས་དང་བཅས་པའི་ནི་རྡུལ་ཕྲ་རབ་མ་འདྲེས་པར་འགྱུར་ཏེ། དེ་རྟར་གྱུར་ན་ནི་དབང་པོ་དང་ཡུལ་འདི་དག་འདུས་ཕྲང?་བ་མེད་ན་རེག་བ་མེད་པའི་ཕྱིར་ཚོར་བ་ཡང་ག ་ལ་ཡོད་ཅེས་བྱ་བ་སྟེ། དེ་ལྟར་སྨྲ་བ་དེ་ཡང་ཡང་དག་པར་ན་རྡུལ་ཕྲ་རབ་ཡོད་པ་མ་ཡིན་མོད་ཀྱི། སུན་བྱུང?་བའི་ཕྱོགས་ཀྱི་དབང་དུ་བྱས་ནས་རྡུལ་ཕྲ་རབ་ཁས་བླངས་པ་ཡིན་ནོ། །གཞན་དག་ན་རེ་དེ་ནི་བར་མཚམས་མེད་པའི་ཚུལ་གྱིས་གནས་སོ་ཞེ་ན། ་མི་རུང་སྟེ། གཅིག་པུ་ཉིད་ཡིན་པ་ལ་གཞན་དང་འདུ་ཞིང་ཕྲད་པའི་ཐ་སྙད་མི་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་ནད་དུ་རྡུལ་ཕྲ་རབ་འཇུག་པ་ཡང་མེད་དེ། གལ་ཏེ་དེ་ལ་འཇུག་པའི་གོ་སྐབས་ཀྱིས་ནམ་མཁའ་ཡོད་ན་ལྟ་འཇུག་ཏུ་རུང?་?། ་དེ་མེད་པའི་ཕྱིར་འཇུག་ཏུ་མི་འགྲུབ་ལ་ངེས་ན་དེ་དག་མཉམ་ཞིང་མཚུངས་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་འདྲེ་བར་འདུ་བ་ཡང་མེད་པའི་ཕྱིར་རོ། །དེ་མེད་པས་ཆ་ཤས་མེད་པ་ལ་འདུ་བ་དང་ཕྲད་པར་ཇི་ལྟ་བུའི་ཚུལ་གྱིས་ཀྱང་རིགས་པ་དང་འཐད་པས་སྒྲུབ་ཏུ་རུང ་མ་ཡིན་ནོ། །དེའི་ཕྱིར་ཕན་ཚུན་གཉིས་འདུས་པ་དང་ཆ་ཤས་མེད་པ་གཉིས་པ་ཉིད་གཅིག་ཏུ་སྒྲུབ་པ་ནི་ཡོད་པ་མ་ཡིན་ལ། གལ་ཏེ་དེ་ལྟ་བུ་ཡོད་པ་ན། ཡོད་པའི་དཔེ?་དང་གཏན་ཚིགས་བསྟན་པར་གྱིས་ཤིག། ཅེས་སུན་དབྱུང་བ་སྟེ། བསྟན་དུ་མི་རུང ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གལ་ཏེ་ཤེས་པའི་རང་བཞིན་ན་ཡང་འདུ་བའི་ཐ་སྙད་དུ་རུང་བ་མ་ཡིན་ཏེ། གཟུགས་ཅན་གྱི་ལུས་མེད་ཅིང་རང་རིག་པར་འདོད་པ་དེ་ལ་འདུ་བར་མི་འཐད་དོ། །རྐྱེན་ཚོགས་པར་ཡང་བཏགས་པ་ཙམ་དུ་ཟད་པས་དངོས་པོ་མེད ་པའི་ཕྱིར་མི་འགྲུབ་སྟེ། སྔར་ཕྱོགས་ཆ་དྲུག་གི་དཔྱད་ནས་ནམ་མཁའ་དང་མཚུངས་པ་འདྲའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ། །རེག་པས་ན་རེག་པ་སྟེ། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འདུས་པའམ། དེ་ལས་བྱུང་བའི་སེམས་ལས་བྱུང ་བའི་ཆོས་སོ། །དེ་ཡང་འདུས་པ་མེད་པར་ཡོད་པ་ཡིན་ནོ། །དེ་ལྟར་མེད་ན་གོ་ཚོར་བ་ཞེས་བྱ་བའི་རྒྱུ་གང་ལས་ཀུན་ཏུ་འབྱུང་བ་འགྱུར་ཏེ་མི་འགྱུར་རོ། །ཉོན་མོངས་པ་ནི་བདེ་བ་དང་ཕྲད?་པ་དང་སྡུག་བསྔལ་བ་དང་བྲལ་བར་འདོད་པའི་སྲེད་པས་ནོར་གསོགས?་པ་ལ་སོགས ་པའི་ངལ?་པའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་བདེ་བ་ཡང་མེད་པའོ། །གནོད་པ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་མེད་པའོ། །དེ་ལྟར་ན་ནི་ཐར་པའི་དོན་དུ་ཡང་དཀའ་བ་བྱས་པ་ལ་དགོས་པ་མེད་པར་འགྱུར་རོ་ཞེས་དེ་ལྟར་རྟོག་པ་དེའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་བ་ཡིན་ལ། དེ་དེ་ལྟར་ཡོད་པ་མ་ཡིན་ན་དེ་ཟད་པའི་མཛའ་ནི་ཐར་པ་ཡིན་པས་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་མོད་ཀྱིས། འོན་ཀྱང་གནོད་པའི་རྒྱུ་ཡིན་པས། སྲེད་པ་ཅི་སྟེ་འཇོམས་མི་བྱེད ་ཅེས་བྱ་བ་སྨོས་ཏེ། མངོན་པར་ཞེན་པས་སྲེད་པའི་སྲེད་པ་བསལ་བ་ཉིད་ཐར་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་དག་གིས་ནི་གཟེགས་ཅན་ལ་སོགས་པ་ཡང་སུན་ཕྱུང་བ་ན་དེ་རྣམས་འདི་སྐད་དུ་སྨ་སྟེ། རྫས་ནི་རྣམ་པ་གཉིས་ཡོད་དེ ་མཐོང་བར་བྱ་བ་དང་རེག་པར་བྱའོ། །དབང་པོ་དང་དོན་ཕྲད་པ་འམ?་བྱུང་བའི་ཤེས་པ་ནི་མངོན་སུམ་ཞེས་བྱའོ་ཞེས་ཟེར་ན། རྣམ་པར་དབྱད་པའི་ཚུལ་གྱིས་རྫས་སམ། ཕྲད་པ་ཡོད་བ་མ་ཡིན་ནོ། །ཡང་གཟུགས་ལ་སོགས་པའི་རྫས་བུམ་པ་ལ་སོགས་པ་དང་འདྲ ་བར་མཐོང་བའམ། རེག་ཏུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲ་ནི་ཀུན་རྫོབ་ཏུ་ཁས་ལེན་པ་སྟེ། དོན་དམ་པར་མཐོང་བའམ་རེག་པ་གང་ཡང་མེད་བའོ། །འདི་ནི་རྨི་ལམ་དང་སྒྱུ་མ་ལ་དཔེར་བྱས་པའི་བསོད་ནམས་མ་ཡིན་པ་དང་ལྡན་པའི་སེམས ་གང་ཡིན་པ་དེ་ལྟ་བུའི་རང་བཞིན་བདག་ཉིད་གང་ལ་ཡོད་པའི་སེམས་ཏེ། རྨི་ལམ་དང་སྒྱུ་མ་དང་འདྲ་བ་དེ་ནི་རང་བཞིན་རྟག་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡང་ཚད་མས་གཞིག་ཅིང་བཅོམ་ན། མེད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་སེམས་དང་ལྷན་ཅིག་ཡོད ་པར་སྣང་ངོ། །སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་དང་ཚོར་བ་དུས་གཅིག་བྱུང་བ་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར། སེམས་དེས་ཚོར་བ་མི་མཐོང་སྟེ། ཉམས་སུ་མྱོང་བ་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།ཕྱི་ནས་སྐྱེས་པའི་སེམས་ཀྱིས ་སྔར་ཚོར་བ་འགགས་མ་ཐག་ཏུ་མྱོང་བ་ཡིན་དུ་ཟིན་ཀྱང་དེ་ནི་དྲན་བ་ཡིན་ཀྱིས་མྱོང་བ་མ་ཡིན་ནོ། །གཟུགས་ལ་སོགས་པའི་ལྷན་ཅིག་སྐྱེས་པ་ཡང་མཐོང་བའམ་རེག་བ་མེད་ཀྱི། གཟུང་བར་བྱ་བའི་རྒྱུ་ཉིད་ཙམ་དུ་གནས་ཀྱི་སྐད་ཅིག་མ་འགགས་པ་ན་བྱི་བའི་དུག ་བཞིན་དུ་དྲན་པར་བྱེད་པ་ཡིན་མོད་ཅེ་ན་དེ་ནི་བདེན་མོད་ཀྱི། འོན་ཀྱང་གཟུགས་ལ་སོགས་པ་ནི་རེ་ཞིག་སེམས་ལས་ཐ་དད་པར་སྣང་བ་ཡིན་ལ། ཚོར་བ་ལ་སོགས་པ་ནི་མ་ཡིན་པས་དེ་སྐད་དུ་སྨྲས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་གིས་བདག་ཉིད་ཅེས ་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་བདག་ཉིད་ལ་མྱོང་བ་མི་བྱེད་དེ། དེ་འགལ་བའི་ཕྱིར་རོ། གཞན་གྱིས་ཞེས་བྱ་བ་ནི་སེམས་གཞན་གྱིས་སོ། །ཚོར་བ་པོ་ནི་བདག་དང་གང་ཟག་ལ་སོགས་པའོ། །བདག་མེད་པའི་ཚོགས་འདི་ལ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི ་ཚུལ་འདིས་རང་བཞིན་མེད་པའི་ཚོགས་འདི་ལའོ། །འདི་ལ་སུ་ཡིས་གནོད་ཅེས་བྱ་བ་ནི་གནོད་པ་དང། གནོད་པ་བྱེད་པ་པོ་རང་བཞིན་མེད་པས་ཚོར་བ་འདིས་སུ་ལ་གནོད་པར་འགྱུར་ཏེ་གནོད་པར་མི་འགྱུར་རོ། །དེ་ལྟར་ཚོར་བ་དྲན་པ་ཉེ་བར་གཞག་པ་བཤད ་ནས། སེམས་དྲན་པ་ཉེ་བར་གཞག་པ་བཤད་པའི་ཕྱིར་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་བ་ལ་ལྷག་པར་དབང་བྱེད་ཅིང་རང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པས་ན་དབང་པོ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི ་དབང་པོ་སྟེ། དེ་རྣམས་ལ་ཡང་མི་གནས་སོ། །འདིར་འདི་ནི་རྟག་ཅིང་བརྟན་པ་དང། གནོད་བར་བྱར་རུང་བས་གཟུགས་ཏེ། སྔོན་པོ་ལ་སོགས་པའོ། །སོགས་པའི་སྒྲས་ནི་སྒྲ་དང་དྲི་དང་རོ་དང་རེག་བྱ་དང། ཆོས་རྣམས་བསྡུ་སྟེ། དེར་ཡང་མི་གནས་སོ། །བར་ནའང ་མིན་ཞེས་བྱ་བ་ནི་དབང་པོ་དང་དོན་གཉིས་ཀྱི་བར་ན་ཡང་མེད་པའོ། །དེ་ཡང་གང་གི་ཕྱིར་ནང་ཞེས་བྱ་བ་ལུས་ཀྱི་ནང་ན་ཡང་མེད་ལ། ལུས་ལས་ཕྱི་རོལ་ནའང་མེད་པའོ། །གཞན་ནའང་མེད་ཅེས་བྱ་བ་ནི་ལུས་ཀྱི་ནང་དང་ཕྱི་རོལ་མ་ཡིན་པ་གཞན་དག་ན་ཡང་ཡོད ་པ་མ་ཡིན་པའོ། །ཡུལ་དང་དབང་པོ་གཞན་ལ་མི་གནས་པ་བཤད་དུ་ནི་རུང་ན་ཡིད་ཀྱི་དབང་པོ་ནི་སེམས་ཉིད་ཡིན་ན་དབང་པོ་ལ་མི་གནས་ཞེས་བྱ་བ་ལ་སོགས་པར་སྨྲར་ཅི་ལྟར་རུང། ཡིད་དང་སེམས་གཉིས་སློའི་རང་བཞིན་ཅན་ཡིན་པས་ཡིད་ཀྱང་དྲན་པ་ཉེ་བར ་གཞག་པ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་དེའི་ཁྱད་པར་ཡང་ཇི་སྐད་དུ་སྨྲས་པ་ཡིན་ཏེ། དེ་ཉིད་ཀྱིས་ན་ལུས་ལ་གང་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲེས་མིན་ཞེས་བྱ་བ་ནི་ལུས་དང་ངོ། །ཐ་དད་པ་མ་ཡིན་ཞེས་བྱ་བ་ནི་ལུས་ལས ་ལོགས་ཤིག་ན་གཞི་མེད་པར་གནས་པ་ཡང་མ་ཡིན་པའོ། །སེམས་ནི་གཟུགས་མེད་པའི་ཕྱིར་ལ་ལར་སེམས་འདྲེས་ཏེ་ཡང་གནས་ལ། ལུས་ལ་མ?་ཐ་དད་པ་ཡང་ཡིན་ནོ་ཞེ་ན། དེའི་ཕྱིར་ཤེས་བྱ་ལས་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ག་ལ་ཡོད་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་ཤེས་བྱ་རྣམས་སྐད་ཅིག་མ་ཡིན་པའི་ཕྱིར་ཆ་ཤས་མེད་དེ། ཅིག་ཅར་འཇིག་ཅིང་མེད་པའི་ཕྱིར་དང། ཆ་ཤས་དང་བཅས་ན་ཡང་དངོས་པོ་མེད་པའི་ཕྱིར་སེམས་ཀྱི་སྐད་ཅིག་མ་སྔ་མ་མེད་པ་ཡིན་ནོ ་ཤེས་པ་དང་ཤེས་བྱ་ལྷན་ཅིག་སྲང་གི་མངའ་ལྟར་ཡོད་དུ་ཟིན་ཡང་གཅིག་གི་རྒྱུ་གཅིག་མ་ཡིན་པས་ཡང་དག་པར་དེ་གཉི་ག་ཡང་མེད་པ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་བྱ་བ་སྨོས་ཏེ། འདིས་ནི་ཆོས་དྲན་པ་ཉེ་བར་གཞག་པ་བཤད་པ་ཡིན་ཏེ། ་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྐྱེ་བ་ཡོད་པར་ནི་ཤེས་ཤིང་བསྒྲུབ་ཏུ་མི་རུང་ངོ། །ཡང་དེའི་ཀུན་རྫོབ་ཏུ་བློ་རང་བཞིན་ཡོད་པ་དེ་ཡང་ངེས་པར་བརྟགས་ན་རང་རིག་པ་མ་གྲུབ་པས་དེ་ཡང་ཡོད་པ་མ་ཡིན་ལ། དེའི་ཕྱིར་བདེན་པ་གཉི་ག ་ཡང་དག་པར་ཡོད་པ་མ་ཡིན་ནོ། །ཡང་ན་ཀུན་རྫོབ་རྒྱུ་གཞན་གྱིས་སམ་ཕྱི་མའི་དབང་གིས་ཀུན་རྫོབ་ཏུ་འགྱུར་ན། ལོགས་སུ་གྲུབ་པའི་ཕྱིར་སེམས་ཅན་རྣམས་མྱ་ངན་ལས་འདས་པར་མི་འགྱུར་ཏེ། ཀུན་རྫོབ་གཞན་པར་བརྟགས་པས་མྱ་ངན་ལས་ག་ལ ་འདའ་། གླེགས་བམ་ལ་ལ་ལས་ནི། དེ་བས་མྱ་ངན་འདས་པ་མེད་ཅེས་ཟེར་རོ། །དེ་ཡང་འོན་ཏེ་ཀུན་རྫོབ་གཞན་ཡིན་པར་འགྲུབ་ན། གཞན་དུ་བྱས་པ་ཡིན་པས་སེམས་ཅན་མྱ་ངན་ལས་འདས་པ་ཡིན་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ཡང་དོན་དེ ་ཉིད་ཡིན་ནོ། །དེ་ལྟར་གཞན་གྱིས་བསྐལ་བའི་ལན་བཤད་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སེམས་ཀྱི་རྣམ་རྟོག་ཅེས་བྱ་བ་ནི་གཞན་གྱི་འམ་གཞན་པ་སྟེ། གཞན་གྱི་རྒྱུད་དུ་འམ་ཕྱི་མའི་ཚུལ་དུ་སེམས་ཡོད་པར་རྟོག་པའི་ཀུན ་རྫོབ་བོ། །སེམས་སྨོས་བ་ནི་བརྡ་སྤྲོད་པ་རྣམས་རྟོག་པ་ལས་དགར་བའོ། །དེ་ཡང་ཕྱོགས་གཞན་གྱིས་སེམས་སུ་བརྟགས་པ་དེ་ནི་འདིར་གཟུང་བར་མི་བྱ་བ་སྟེ། རབ་ཏུ་བྱེད་པ་འདི་ལ་ནི་སྒྲུབ་པ་སྙིང་པོར་བྱ་བ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་སྨོས་པ་ནི་སེམས་དེ་ཡང ་བརྫུན་པ་ཙམ་དུ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་གཞན་སུ་ཞིག་ཡིན་ཞེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གར་རང་གིས་ཀུན་རྫོབ་ཏུ་མེད་པ་དེ་ནི་དེའི་འོག་ཏུ་རྣམ་པར་དཔྱོད་པ་ཉིད་ཀྱིས་མེད ་པ་ཁོ་ནར་ངེས་པ་ཡིན་ལ། སྔར་རྣམ་པར་མ་བཤིག་པའི་མ་བརྟགས་ན་ཉམས་དགའ་བའི་རྣམ་པར་ཡོད་པ་ཡིན་ནོ། །དེ་ཡང་དེ་ཉིད་ཚེལ་བ་ཐོག་མར་ནི། །ཐམས་ཅད་མོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོག་ཤིང་ཆགས་མེད་ནས། །དེའི་འོག་ཏུ་དབེན་པའོ་ཞེས་ཇི ་སྐད་བཤད་པ་ལྟ་བུའོ། །མ་བརྟགས་པའི་གོང་དུ་དེ་ཡོད་ན་ཕྱིས་བརྟགས་བས་ཀྱང་རྣམ་པར་བསལ་བར་ནུས་པ་མ་ཡིན་ཏེ། གཞན་དག་ནས་ཀྱང། འདི་ལ་གསལ་བྱ་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་ལྟ་བུའོ། །ཞེས་ཟེར་ན། དེའི་ཕྱིར་དེ་མེད་ཅེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་དང་དམ་གཞན་པའི་ཀུན་རྫོབ་མེད་པ་ཉིད་ཡིན་ནོ། །དེ་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་རྟོག་པས་རྒྱུ་དང་འབྲས་བུར་བརྟགས་པ་ཡིན་ནོ། །དེ་ལྟར་ན་རྟོག་པས་བརྟགས་པས་གཉིས་པོ་འདི་དག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་པ ་ཡིན་ཏེ། བརྟག་པར་བྱ་བ་མེད་པར་ནི་རྟོག་པ་མེད་ལ། དེ་མེད་པར་ནི་བརྟག་པར་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཅི་ལྟར་རྣམ་པར་དཔྱད་ཅེ་ན། ཇི་ལྟར་གྲགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་ཆོས་དང། ་ཆོས་ཅན་གཟུགས་ལ་སོགས་པ་ཇི་ལྟར་གྲགས་པ་གང་ཡིན་པ་དེ་ལ་བརྟན་ནས། དབུ་མ་བ་དེ་ནི་ཡོད་པའི་ཕྱིར། ཡང་དག་པ་མ་ཡིན་པས་སྒྱུ་མ་དང་འདྲའོ། །ཞེས་བྱ་བ་ལ་སོགས་པ་གྲགས་པར་རྣམ་པར་དཔྱད་པ་ཐམས་ཅད་བརྗོད་པ་ཡིན་ནོ། །དཔྱོད་པར་བྱེད ་བར་ཡང་རྣམ་པར་བྱ་བ་ཉིད་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་དཔྱོད་པ་ནི་ཁོ་བོ་ཅག་གིས་དགོས་པའི་དོན་དུ་ཁས་བླངས་པ་ཡིན་ཏེ། དཔྱད་བར་བྱ་བ་དེ་ཁོ་ན་ཉིད་ལ་སོགས་པ་ལ་རྣམ་པར ་དཔྱོད་ཅིང་བརྟག་པ་ན་བརྟག་པའི་གནས་མེད་ལ། གནས་མེད་པ་ཉིད་ཀྱིས་ན་དེ་མི་སྐྱེ་ཞིང་འབྱུང་བར་མི་འགྱུར་ཏེ། རྣམ་པར་དཔྱོད་པ་ཡང་རང་བཞིན་གྱིས་མ་སྐྱེས་པ་ཡིན་ལ། མ་སྐྱེས་པ་དེ་ནི་མྱ་ངན་ལས་འདས་པར་བཤད་དོ། །ཡང་རྟོག་པ་པོ་དང ་བརྟག་བར་བྱ་བ་གཉིས་པོ་འདི་དག་དེ་ཁོ་ན་ཉིད་དམ་བདེན་པར་ཡོད་པའམ་མེད་པར་སྨྲ་བ་དེ་ཉིད་ནི་ཤིན་ཏུ་འགལ་བ་དང་བཅས་པ་ཡིན་པས་སྡུག་བསྔལ་བ་ཡིན་ནོ། །ཅི་ལྟར་དཀའ་བས་གནས་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པར ་བྱེད་པ་ནི་ཤེས་པའོ། །བརྟག་པར་བྱ་བ་ནི་དོན་ཏོ། །དེ་ལྟར་ཤེས་པ་དང་ཤེས་བྱ་མེད་ན་ཤེས་པ་ཡོད་པར་ག་ལ་འགྱུར་ཏེ། འདིས་ནི་རྟོག་དང་བརྟག་པར་བྱ་བ་དག་།གཉིས་པོ་ཕན་ཚུན་བརྟེན་པ་ཡིན་ཞེས་གང་བཤད་པ་གསལ་བར་བྱེད་པ་ཡིན་ནོ། ། ་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་ཟིན་ཀྱང་ཤེས་པ་དང་ཡུལ་དག་ཕ་དང་བུའི་ཚུལ་དུ་ཡོད་ཅེ་ན། དེའི་ཕྱིར་ཕ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕ་དང་བུ་གཉིས་ཕན་ཚུན་བལྟོས་པ་ཡིན་པ་ཉིད་ཀྱིས་ཡང་དག་པར་ན་མེད་ཅིང་མ་གྲུབ ་པ་ཡིན་པ་དེ་བཞིན་དུ་ཤེས་པ་དང་དོན་གཉིས་ཀྱང་བསྐྱེད་པ་པོ་དང་བསྐྱེད་པར་བྱེད་པ་གཉིས་ཀྱིས་ཚུལ་དུ་ཕན་ཚུན་བལྟོས་པ་ཉིད་ཡིན་པས་དེས་ན། དེ་གཉིས་མེད་པ་ཡང་དེ་བཞིན་དུ་བལྟའོ། །མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་གི ་ཚིག་གོ་།མྱུ་གུ་ལས་གཞན་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། མྱུ་གུ་ལས་གཞན་པའི་ཤེས་པས་མྱུ་གུ་ཤེས་ནས་ས་བོན་ཡོད་དོ་ཞེས་རྟོག་པར་བྱེད་པ་ཡིན་ན་ཤེས་བྱ་ལ་ཤེས་བྱར་ཤེས་པ་ཉིད་ཀྱང་ག་ལ་ཡོད་དེ། རང་རིག་པ་མེད་པའི་ཕྱིར་ཤེས་ ་པ་དེ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཤེས་པ་ལས་ས་བོན་ཡོད་དོ་ཞེས་ཀྱང་ཇི་ལྟར་རྟོགས་ཞེ་ན། དེའི་ཕྱིར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཅེས་བྱ་བའི་སྒྲ་ནི་རྗེས་སུ་དཔག་པ་ལ་སོགས་པ་ལ་བལྟོས་པའོ། །ཐམས་ཅད་ཅེས་བྱ་བ་ནི་རྒྱུ་རྐྱེན ་གྱི་ཚོགས་པ་ཇི་ལྟར་སྣང་བའི་ནུས་པ་ལས་དགག་པ་མེད་པ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་པདྨ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་ཅེས་སྨྲས་པ་དང། རྒྱུ་མེད་པར་སྨྲ་བ་དག་ན་རེ། པདྨའི་གདོང་བུ་ལ་སོགས་པ་དེ་ནི་སུ་ཞིག་གིས་ཞེས་བྱས་པ་ཞེས ་སྨྲ་བ་ལ། དེའི་ཕྱིར་རྒྱུའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མའི་རྒྱུའི་དབྱེ་བ་ཉིད་ཀྱིས་སོ། །ཞེས་བྱ་བ་ནི་ལས་ལས་སྐྱེས་པའི་འཇིག་རྟེན་སྣ་ཚོགས་པ་ཉོན་མོངས་པའི་རབ་ཏུ་དབྱེ་བ་ལས་གྱུར་བ་ཡིན་གྱིས། རྒྱུ་མེད་པ་ཉིད་ཡུལ་དང་དུས་ལ་སོགས་པའི ་དབྱེ་བ་མེད་པའི་ཕྱིར་མི་རིགས་སོ། །རྒྱུའི་དབྱེ་བ་ལས་འབྲས་བུའི་དབྱེ་བ་འབྱུང་བ་ཡིན་དུ་ཆུག་ན། རྒྱུ་འབྲས་བུ་སྐྱེད་པར་ཇི་ལྟར་འགྱུར་ཞེས་རྟོག་ན། ཐམས་ཅད་རྒྱུའི་མ་ཅུ་ལས་འབྱུང་ཞེས་བྱ་བ་སྟེ། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འབྲས་བུ་སྐྱེ་བའི ་ནུས་པའི་མཐུ་གང་ལ་ཡོད་པ་དེ་ལས་འབྱུང་བ་ཡིན་ནོ། །འདིར་དབང་ཕྱུག་རྒྱུར་སྨྲ་བ་དག་ན་རེ། རྒྱུད་ཡོད་དུ་ཆུག་ན་དེ་ནི་དབང་ཕྱུག་གིས་བློ་སྔོན་དུ་བཏང་བ་དེ་ཉིད་ཀྱིས་ལུས་ཅན་དང་གནས་ལ་སོགས་པ་ཐམས་ཅད་བྱས་པ་ཡིན་ནོ། །ཞེས་རྟོག་པས། དེའི་ཕྱིར ་འགྲོ་བའི་རྒྱུ་ནི་ཞེས་བྱས་ལ་སོགས་པ་སྨོས་སོ། །རེ་ཞིག་དབང་ཕྱུག་གང་ཡིན་སྨྲས་ཞེས་བྱ་བ་ནི། དེ་ལྟར་དབང་ཕྱུག་འགྲོ་བའི་རྒྱུ་ཞེས་བྱ་བ་ཡིན་ན། དབང་ཕྱུག་ཉིད་གང་ཡིན་སྨྲོས་ཤིག་ཅེས་དྲི་བའོ། །གལ་ཏེ་དེ་དག་ན་རེ་འབྱུང་བ་རྣམས་ཡིན་ནོ་ཞེས་ཟེར ་ན། དེ་ལྟར་ཡིན་པར་ནི་ཟད་དེ་གང་གི་ཕྱིར་ཁོ་བོ་ཅག་ཀྱང་དེ་རྣམས་ལ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྲས་བུའི་ཚུལ་གྱིས་འགྲོ་བའི་རྒྱུ་ཉིད་དུ་འདོད་པས་དེ་ཡིན་དུ་ནི་ཆུག་ན། དེ་རྣམས་ལ་ཁྱོད་ཀྱིས་དབང་ཕྱུག་ཅེས་མིང་བཏགས་པ་ཙམ་དུ་ཟད་ན། མིང་ཅན ་ལས་མེད་དུ་ཟིན་ན་དལ་བས་ཅི་ཞིག་བྱ་སྟེ། ཅིའི་ཕྱིར་ཁྱོད་དེ་ཙམ་དུ་བ་ཅིང་ཉོན་མོངས་པར་བྱེད། །འོན་ཀྱང་ས་ལ་སོགས་པ་འདི་དག་ནི་དུ་མ་ཡིན་པ་དང། སྐྱེ་བ་དང་འཇིག་པ་དག་གིས་མི་རྟག་པ་ཡིན་པ་དང་སེམས་མེད་པ་ཡིན་པའི་ཕྱིར ་ལྷ་མ་ཡིན་ཏེ། ལིང་ག་ལ་སོགས་པ་དང་འདྲའོ། །དེ་བཞིན་དུ་འགོམ་པར་བྱ་བ་ཡིན་པ་དང། མི་གཙང་བ་ཉིད་ཀྱང་ཡིན་ཞིང། མི་གཙང་བ་དང་འདྲེས་པས་ས་ལ་སོགས་པ་དེ་དབང་ཕྱུག་མ་ཡིན་ཏེ། ཁྱོད་ནི་འདི་ལྟར་གཅིག་པ་ཉིད་དང་རྟག་པ་དང། བློ ་གྲོས་བཟང་པོ་དང་ལྡན་པ་དང། ལྷ་ཉིད་ཡིན་པ་དེས་ན། ལིང་ག་ལ་སོགས་པ་དེ་ཡང་འགོམ་པར་བྱ་བ་མ་ཡིན་པར་གཙང་མ་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་ཁྱོད་དབང་ཕྱུག་ནམ་མཁའ་ཡིན་པར་འདོད་ན། དེ་ཡང་བྱ་བ་དང་འདོད་པའི་སྤྱོད་པ་དང་བྲལ ་བས་དབང་ཕྱུག་མ་ཡིན་ནོ། །ཉི་མ་དང་ཟླ་བ་མཆོད་པ་བྱེད་པ་ལ་སོགས་པའི་བདག་ཉིད་ཅན་གྱི་བདག་ཉིད་ཀྱང་དབང་ཕྱུག་པ་མ་ཡིན་ཏེ། དེ་ནི་སྔར་སོ་དང་སྐྲ་སེན་བདག་མ་ཡིན་ཞེས་བྱ་བ་ལ་སོགས་པས་བཀག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་ཕྱུག་དེ ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་འདོད་ན། དེ་བྱེད་བ་ཉིད་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་པས་ཅི་ཞིག་བརྗོད་དུ་ཡོད་དེ། བསམ་གྱིས་མི་ཁྱབ་པ་དེ་བརྗོད་པའི་ཡུལ་ཇི་ལྟར་ཡིན། གལ་ཏེ་དེ་ལྟར་ཡིན་ན་དེས་ན་དངོས་པོ་ཅི་ཞིག་འབྱིན་ཅིང་སྐྱེད ་པར་འདོད་གལ་ཏེ་བདག་ཅེས་བྱ་བ་འབྱིན་པར་འདོད་ན། དེ་ནི་རྟག་ཅིང་བརྟན་པར་བྱེད་སྨྲ་བས་དབང་ཕྱུག་དང་འདྲ་བ་མ་ཡིན་ནོ། །ས་ལ་སོགས་པ་གང་འབྱིན་པ་མ་ཡིན་ཏེ། དབང་ཕྱུག་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཤེས་བ་ཡང་འབྱུང་བ་མ་ཡིན ་ཏེ། དེ་ནི་ཤེས་བྱ་ལས་འབྱུང་བ་མ་ཡིན་པའི་ཕྱིར་དང། ཐོག་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཤེས་བྱ་ཡང་རང་གི་རྒྱུ་ཐོག་མ་མེད་པ་ཅན་རང་བཞིན་ཡིན་པའི་ཕྱིར་དེ་ལས་འབྱུང་བར་མི་འདོད་དོ། །གལ་ཏེ་བདེ་བ་དང་སྡུག་བསྔལ་སྤྲུལ་ཏོ་ཞེ་ན། དགེ ་བ་དང་མི་དགེ་བའི་ལས་རྣམས་ལས་བདེ་བ་དང་སྡུག་བསྔལ་སྐྱེས་པ་ཡིན་པའི་ཕྱིར་དང། ལས་དེ་ཡང་ཐོག་མ་མེད་པའི་དུས་ཅན་ཡིན་པའི་ཕྱིར་མི་རུང་ངོ། །དེ་ལྟ་ཡིན་ན་དབང་ཕྱུག་དེས་དངོས་པོ་ཅི་ཞིག་སྤྲུལ་ཅིང་འབྱིན་པར་བྱེད་པ་ཡིན་པ་སྨྲོས་ཤིག་།ཡང་གཞན ་དག་ན་རེ་ཤེས་པ་ལ་སོགས་པ་ཐོག་མ་མེད་པ་ཉིད་མ་ཡིན་གྱིས། དབང་ཕྱུག་ཐོག་མ་མེད་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་རྒྱུའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་གལ་ཏེ་རྒྱུ་དབང་ཕྱུག་ཐོག་མ་ཡོད་པ་མ་ཡིན་པར་འདོད་ན། འབྲས་བུ་ཡང་ཐོག་མ་མེད་པར་ཡ་འགྱུར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་རྟག་ཏུ་མི་བྱེད་དེ། དེ་བལྟོས་ནས་ཡང་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱིན་པ་ནི་དེ་དངོས་པོ་གཞན་ལ་མི་བལྟོས་པ་ཡིན་ན་རྟག་པར་དུས་ཐམས་ཅད་དུ་ཅིའི་ཕྱིར་མི་བྱེད། དེ་མ་བྱས ་པའི་དངོས་པོ་ཞིག་ལ་བལྟོས་ནས་རྟག་ཏུ་མི་བྱེད་དོ་ཞེ་ན། དེའི་ཕྱིར་དེ་མ་བྱས་སོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མ་བྱས་པའི་དངོས་པོ་ཞིག་ཡོད་ན་ནི་དེ་ལ་བལྟོས་སུ་རུང་ན། ཐམས་ཅད་འདིས་བྱས་པར་ཁྱེད་འདོད་པ་དང། བལྟོས་པ་ཡོད་པར་འདོད་པ ་ནི་མི་རིགས་སོ། །གལ་ཏེ་འགའ་ཞིག་ལ་བལྟོས་པར་འདོད་ན་ནི་དེའི་ཚེ་ཚོགས་པ་ཉིད་རྒྱུ་ཡིན་གྱི། དབང་ཕྱུག་རྒྱུ་མ་ཡིན་ནོ། །དེ་ཡང་གལ་ཏེ་ཚོགས་པ་ཡོད་ན་ནི་དབང་ཕྱུག་དེ་མི་བྱེད་ཅིང་བྱ་བ་བཤོལ་བར་ཡང་མི་ནུས་ལ། དེ་མེད་པ་སྟེ་ཚོགས་བ་མེད་ན་ནི་དབང ་ཕྱུག་གི་བྱེད་པ་མེད་དེ། ཚོགས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་ཚོགས་པ་ཡོད་པར་གྱུར་ནས་དབང་ཕྱུག་མི་འདོད་བཞིན་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་དབང་ཕྱུག་དེ་གཞན་གྱི་དབང་དུ་ཐལ་བར་འགྱུར་བས་ཁྱེད་ཀྱི་རང་དབང་ཡོད་པར་འདོད་པ་དང་མི ་མཐུན་ནོ། །འོན་ཏེ་འདོད་པ་ལ་རག་ལས་པར་བྱེད་དོ་ཞེ་ན། དེའི་ཕྱིར་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ཡང་འདོད་པ་ཉིད་ལ་རག་ལས་པར་འགྱུར། དབང་ཕྱུག་དེ་བྱེད་པ་པོ་ཡིན་པར་རྣམ་པ་ཐམས་ཅད་དུ་ག་ལ་ཡོད་དེ་མེད་དོ། །དེས་ན་རང་དགར ་དབང་བྱེད་པ་ག་ལ་ཡིན། གང་ཡང་གཟེགས་ཟན་ལ་སོགས་པ་རྡུལ་ཕྲར་བརྟག་པར་སྨྲ་བ་དག་གི་འདུ་བ་དང་ཆ་ཤས་སུ་དབྱེ་བ་དག་གི་འབྲས་བུ་བསྐྱེད་པར་འདོད་པ་དེ་ཡང། ཕྱོགས་ཆ་རྣམས་ཀྱང་ཆ་མེད་པ་ཞེས་བྱ་བས་རྣམ་པར ་དཔྱད་དེ་བཟློག་པ་ཡིན་ནོ། །དེ་ལྟར་དབང་ཕྱུག་རྒྱུར་འདོད་པ་ལ་སོགས་པ་བཀག་ནས། འདི་མན་ཆད་གྲངས་ཅན་དག་གཙོ་བོ་ཞེས་བྱ་བ་ནི་རྒྱུ་ཡིན་པར་འདོད་པའི་ཕྱིར་གཙོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཉམ་དུ་གནས་ཞེས་བྱ་བ་ནི་ཆེན་པོ་ལ་སོགས ་པ་འགྱུར་བ་མེད་དེ་དག་ལ་ནི་གཙོ་བོ་ཞེས་བྱ་བ་ལ། འགྱུར་བ་ལས་མི་མཉམ་པར་གྱུར་བ་དེའི་ཚེ་ནི་འགྲོ་བ་ཞེས་ཟེར་རོ། །དེ་ལ་དབུ་མ་པས་གཙོ་བོ་ཞེས་བྱ་བ་གཅིག་པུ་ལ་རང་བཞིན་གསུམ་ཡོད་པ་ནི་མི་རིགས་པ་ཡིན་ལ། དེས་ན་གཙོ་བོ་ཞེས་བྱ་བ་དེ་མེད་དོ ་དེ་བཞིན་དུ་ཡོན་ཏན་ཡང་ཡོད་པ་མ་ཡིན་ཏེ། ཡོན་ཏན་གསུམ་པོ་དེ་དག་རེ་རེ་ཞིང་ཡང་སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་དང་ལྡན་པར་འགྱུར་རོ། །གསུམ་པོ་དེ་དག་ཀྱང་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཅན་ཡིན་པར་འདོད་ལ། དེ་དག ་ནི་ཕན་ཚུན་འགལ་ཏེ། བདེ་བ་མྱོང་བའི་སྐབས་སུ་ཡང་སྡུག་བསྔལ་མི་མྱོང་བའི་ཕྱིར་ཡོན་ཏན་མ་གྲུབ་ཅིང་མེད་པ་ཡིན་པས་དེ་དེ་ལས་བྱུང་བའི་སྒྲ་ལ་སོགས་པའི་གཞན་དག་ཡོད་པ་ཉིད་ནི་ཤིན་ཏུ་ཡང་ཐག་རིང་བ་ཡིན་ཏེ། ཚད་མ་གཞན་གྱིས་མི་བཟོད་པའི ་ཕྱིར་རོ། །དེ་ལྟར་ན་ཡང་གྲངས་ཅན་དག་གོས་ལ་སོགས་པ་ལས་བྱུང་བའི་བདེ་བ་ཡང་དེའི་འགྱུར་བ་ཡིན་པར་འདོད་པ་དེ་ཐམས་ཅད་འདོད་པ་ལ་ཡང་མ་ཡིན་པས་མི་རུང་ངོ། །དེའི་ཕྱིར་སེམས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་མེད་པ་དང་སེམས ་ཡོད་པ་དག་ཕན་ཚུན་འགལ་བ་ཡིན་པས་དེ་ནི་མི་སྲིད་དོ། །འོན་ཏེ་བདེ་བ་ལ་སོགས་པ་རྒྱུའི་རང་བཞིན་ནམ་ངོ་བོ་ཉིད་ཡིན་པ་གོས་ལ་སོགས་པའི་དངོས་པོ་གང་ཡིན་པ་དེ་ནི་རྒྱུའི་རང་བཞིན་དུ་གྱུར་པས་རྒྱུ་ཡིན་ལ། དེའི་འབྲས་བུ་ནི་གོས་ལ་སོགས་པ་ཡིན ་པས་དེ་ལ་བདེ་པ་ལ་སོགས་པ་ཡོད་པ་ཡིན་གྱིས་གཞན་དུ་ན་དེ་ལས་འབྱུང་བར་མི་འགྱུར་རོ་ཞེ་ན། དངོས་པོ་རྣམས་དཔྱད་མ་ཟིན་ནམ་ཞེས་བྱ་བ་སྨོས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་མ་གྲུབ་པར་དཔྱད་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །གྲངས་ཅན་ཁྱོད་ཀྱིས་དངོས་པོ་རྣམས་ཀྱི་རྒྱུ ་བདེ་བ་ལ་སོགས་པ་ཉིད་ཡིན་པར་འདོད་ན་དེ་ནི་མ་ཡིན་ཏེ། བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་དེ་ལས་ཀྱང་སྣམ་བུ་ལ་སོགས་པའི་དངོས་པོ་རྣམས་ཀྱང་སྐྱེ་བར་མ་མཐོང་ངོ། །གཞན་དུ་ན་གོས་ལ་སོགས་པ་ལས་བདེ་བ་ལ་སོགས་པ་འགྱུར་བ་ཡིན་ལ། ་ཡང་དག་པར་ན་གོས་ལ་སོགས་པ་དེ་མེད་ཅིང་མ་གྲུབ་པས་ན་བདེ་བ་ལ་སོགས་པ་ཡང་མེད་པ་ཡིན་ནོ། །བདེ་བ་ལ་སོགས་པ་ནི་རྟག་པ་ཡིན་པས་ངེས་པར་ཡོད་དོ། །བདེ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པ་རྟག་པ་ཉིད་ཡིན་ན་ནི ་དུས་ནམ་ཡང་རྙེད་ཅིང་དམིགས་པར་འགྱུར་རོ། །གལ་ཏེ་རྟག་པར་ཡོད་མོད་ཀྱི། གལ་ཏེ་བསལ་བའི་ཚེ་ན་བདེ་བར་སྣང་གིས། ནུས་བའི་ཚུལ་དུ་མི་གསལ་བའི་ཚེ་ན་ནི་མ་ཡིན་ནོ་ཞེས་ཟེར་ན། དེའི་ཕྱིར་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རང ་རིག་པའི་མངོན་སུམ་གྱིས་བདེ་བ་ལ་སོགས་པ་ཉིད་ཡོད་དོ་ཞེས་སྨྲ་ན། དེས་བདེ་བ་ལ་སོགས་པ་ཅིའི་ཕྱིར་མི་འཛིན། དེ་ནི་ཕྲ་བ་ཉིད་ཀྱི་ཕྱིར་མི་འཛིན་ནོ། །ཞེས་ཟེར་ན། གལ་ཏེ་རགས་པ་ཡིན་ན་ཕྲ་བར་ཡང་ཇི་ལྟར་འགྱུར་ཏེ། རགས་པ་དང་ཕྲ་བ་གཉིས་ནི་ཕན ་ཚུན་འགལ་བ་ཡིན་ནོ། །དེ་ལྟར་ཡིན་མོད་ཀྱི་བདེ་བ་དེས་རགས་པ་སྤངས་ནས་ཕྲ་རབ་གྱུར་བ་ཡིན་པས། དེ་ཕྲ་བ་དང་རགས་པའི་གནས་སྐབས་ཐ་དད་པ་ཡིན་གྱི། གནས་ཀྱི་གཞི་བདེ་བ་ལ་ནི་ཐ་དད་པ་མེད་དོ་ཞེ་ན། དེའི་ཕྱིར་རགས་པ་ཞེས་བྱ་བ་ལ ་སོགས་པ་སྨོས་སོ། །གལ་ཏེ་གནས་སྐབས་མི་རྟག་པ་ཡིན་གྱི་དེའི་གཞི་རྟག་པས་ཐ་དད་དོ་སྙམ་ན་དེའི་ཕྱིར་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པར་ན་བདེ་བ་དེ་ལས་རགས་པ་དེ་གཞན་མ་ཡིན་པས། བདེ་བ་དེ་མི་རྟག་པ་ཉིད་ཡིན ་པར་ཤིན་ཏུ་གསལ་པ་ཡིན་ནོ། །ཡང་གཞན་དག་ན་རེ་བདེ་བ་དེ་རགས་པའི་ཟླ་བ་མི་འཇིག་སྟེ། ཞིག་ཅིང་མི་རྟག་ན་ཅི་ཡང་མེད་པ་ཡིན་པས་མེད་པ་ལས་མི་སྐྱེའོ་ཞེ་ན། དེའི་ཕྱིར་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད ་འདོད་པ་ནི་མི་རུང་ངོ། །ཡོད་པར་ཁས་ལེན་པ་རགས་པར་ཡོད་དགོས་ལ། དེ་ནི་གསལ་བར་ཡིན་ཏེ། དེ་ལས་སྐྱེ་བར་འགྱུར་བས་མཁྱེད་རགས་པའི་ཚུལ་དུ་མེད་དོ་ཞེས་ཟེར་ཏེ། གསལ་བར་མི་འདོད་ཀྱང་མེད་ཅིང་མི་གསལ་བ་ལས་མི་སྐྱེའི། ཡོད་པ ་ལས་སྐྱེས་པ་ཉིད་ཀྱི་རགས་པར་གནས་བར་འགྱུར་རོ། །གལ་ཏེ་འབྲས་བུ་གསལ་བར་རྒྱུ་ལ་གནས་ན་ནི་རྒྱུ་ཟས་ལ་སོགས་པ་ལ་འབྲས་བུ་མི་གསལ་བར་གནས་པས་དེ་ཟབ་ན་མི་གཅད་བ་ཟ་བར་འགྱུར་རོ། །གཞན་ཡང་རྒྱུ་ལ་འབྲས་བུ་གསལ ་བར་གནས་ན་ནི་རས་ཀྱི་རིན་གང་ཡིན་པ་དེས་རས་བལ་གྱི་ས་བོན་ཉོས་ལ་གོས་སུ་བགོ་བར་གྱིས་ཤིག་པའོ། །གལ་ཏེ་རས་བལ་གྱི་ས་བོན་ལས་རས་ཡོད་མོད་ཀྱིས་འཇིག་རྟེན་པ་རྣམས་རྨོངས་པས་མ་མཐོང་བར་ཟད་དོ་ཞེས་ཟེར་ན་ནི་དེ་ཁོ་ན་ཉིད ་ཤེས་ཤིང་མ་རྨོངས་པ་ལ་ཡང་རྨོངས་པ་དེ་གནས་ཤིང་ཡོད་པ་མ་ཡིན་ཏེ། གལ་ཏེ་མེད་ན་རས་བལ་གྱི་ས་བོན་གོས་སུ་ཅིའི་ཕྱིར་མི་གྱོན། ཡང་གལ་ཏེ་དེ་ཁོ་ན་ཉིད་ཀྱི་ཤེས་པ་གང་ཡིན་པ་དེ་འཇིག་རྟེན་པ་ལ་ཡང་ཡོད་དོ། །རྒྱུ་དང་འབྲས་བུ ་ཡོད་པས་མཐོང་བ་ཉིད་ཡིན་ན་ནི་འཇིག་རྟེན་པ་ཡང་དེ་ཁོ་ན་ཉིད་མཐོང་བ་ཡིན་ན་ཅིའི་ཕྱིར་དེ་མ་མཐོང་བ་དེ་བཞིན་དུ་བདེ་བ་ལ་སོགས་པའི་རྒྱུ་དང་འབྲས་བུས་འཇིག་རྟེན་པ་ཅིའི་ཕྱིར་མ་མཐོང། འཇིག་རྟེན་པ་རྣམས་ནི་ཚད་མ་དང་ལྡན་པ ་མ་ཡིན་པས་རྒྱུ་ལ་འབྲས་བུ་མ་མཐོང་ངོ་ཞེ་ན། དེའི་ཕྱིར་འཇིག་རྟེན་གསལ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་སྒྲ་ལ་སོགས་པ་ཡོད་པར་དོན་གྱི་ཚད་མས་གསལ་བར་མཐོང་བ་དང། འང་ཞེས་བྱ་བའི་སྒྲས་རྗེས་སུ་དཔག་པ་དང། ལུང་ལ ་ཡོད་པ་ཡང་བདེན་པ་མ་ཡིན་ཞིང་མེད་པར་འགྱུར་རོ། །དེ་ཁོ་ན་ཉིད་དུ་སྒྲ་ལ་སོགས་པ་བརྟགས་པའི་དངོས་པོ་རྣམས་ལས་སྟོང་པ་ཉིད་ཡིན་ན་གསལ་བར་མཐོང་བ་གང་ཞིག་ཡོད། དེ་མེད་ན་ཚད་མ་ཡང་ཚང་མ་མ་ཡིན་པར་འགྱུར་བས་དེའི་ཕྱིར་ཚད ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་ནི་ཚད་མས་གཞལ་བ་ཡིན་གྱིས། གཞན་དུ་ན་ཇི་ལྟར་ཤེས་པར་འགྱུར། དེ་ཡང་ཚད་མ་དག་ཚད་མ་མ་ཡིན་ཞིང་བརྫུན་ན་ནི་དེས་གཞལ་བའི་སྟོང་པ་ཉིད་ལ་སོགས་པ་ཐམས་ཅད་བརྫུན་པར་འགྱུར་བ་དེ ་བསན་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་མི་འཐད་པར་འགྱུར་རོ། །གླེགས་བམ་ལ་ལ་ལས་ནི་ཁྱོད་ཀྱིས་འཐད་པ་མ་ཡིན་ན་ཞེས་ཟེར་ཏེ། གྲངས་ཅན་ཁྱོད་ཀྱི་སྟོང་པ་ཉིད་སྨྲ་བར་ཡང་དག་པར་འཐད་ཅིང་རིགས་པ་མ་ཡིན་ཏེ། སངས་རྒྱས་པ་རྣམས་ནི་ཀུན་རྫོབ་ཏུ་ཐམས་ཅད ་ཡོད་པར་འདོད་པ་རིགས་པ་ཡིན་ནོ། གང་གི་ཕྱིར་བརྟགས་པའི་དངོས་པོ་རྣམས་ཀྱིས་བཙལ་ཞིང་ཡོངས་སུ་མ་དཔྱད་པར་དེ་མེད་པ་ཉིད་ཅེས་བརྟགས་པའི་དངོས་པོ་མེད་པ་ཉིད་འཛིན་པར་མི་ནུས་ཀྱིས། དེའི་རང་བཞིན་སྟོང་པ་ཉིད་དུ་ཤེས་ཤིང་འཛིན ་པ་དེ་ལས་དངོས་པོ་རྣམས་བརྫུན་པར་ཤེས་པར་འགྱུར་རོ། །དེ་བས་ན་བརྟགས་པའི་དངོས་པོ་རྣམས་བརྫུན་པ་མིན་པས་དེའི་དངོས་པོ་མེད་པ་ཉིད་ནི་ཤིན་ཏུ་གསལ་བར་བརྫུན་པ་ཡིན་ཏེ། མེད་པ་ནི་ཡོད་པ་ལ་བལྟོས་པ་ཡིན་པས་དངོས་པོ་མ་གྲུབ ་པས་ན་དེའི་མེད་པ་ཡང་མི་འགྲུབ་པོ། །གྲངས་ཅན་ལ་དཔེ་བསྟན་པའི་སྒོ་ནས་ཉེ་བར་བསྡུ་པ་སྨྲས་པ་ནི། དེ་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་རྨི་ལམ་གྱི་ནང་ན་བུ་སྐྱེས་པ་རྨི་ལམ་ན་དེ་ཤི་བར་རྨིན་དེའི་མེད་དོ་ཞེས་བྱ་བ་དེ་ནི་རྣམ་པར ་བརྟགས་པ་ཙམ་ཡིན་པའི་རྟག་པ་དེས་བུ་ཡོད་པའི་རྟོག་པ་སྐྱེས་པ་གང་ཡིན་པ་དེ་རྗེས་སུ་བཟློག་པར་བྱེད་ཅིང་འགོག་པར་བྱེད་དོ། །དེ་བཞིན་དུ་གལ་ཏེ་དངོས་པོར་བརྟགས་པ་ཡོད་ན་དེ་མེད་དོ་ཞེས་བྱ་བ་རྣམ་པར་རྟོགས་པར་འགྱུར་ཏེ། །དེ་ཉིད་ཀྱང་བརྫུན་པ ་ཡིན་ནོ། །དེ་ལྟར་རྒྱུ་མེད་པར་སྨྲ་བ་དང་མི་མཐུན་པ་རྒྱུར་སྨྲ་བ་རྣམ་པར་གསལ་ནས། གཞུང་ཉེ་བར་བསྡུ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་རྣམས་སོ་སོའི་འདུས་པ་ཞེས་བྱ་བ་ལ། དབང་ཕྱུག་དང་གཙོ་པོ་ལ ་སོགས་པ་རྟག་པ་རྣམས་ལ་འམ། ས་བོན་ལ་སོགས་པ་རང་སྣང་བ་མི་རྟག་པ་ཉིད་དང་འདུས་བ་ཞེས་བྱ་བ་ཉེ་བར་ལེན་པའི་རྒྱུ་ལ་སོགས་པ་མི་རྟག་པ་རྣམས་དང། བདག་དང་ས་བོན་ལ་སོགས་པ་རྟག་པ་དང། མི་རྟག་པ་ལ་སོགས་པ་རྣམས་ལ ་འམ། མཐོང་བ་དང་མ་མཐོང་བའི་རྒྱུ་དང་རྐྱེན་ལ་རྣམ་པ་བཞི་པོ་དག་ལ་ཡང་གནས་པ་མ་ཡིན་ནོ། །གཞན་ནས་ཞེས་བྱ་བ་ནི་རྐྱེན་རྣམས་ལས་གཞན་པ་ལས་ཀྱང་འོང་བ་མ་ཡིན་ནོ། །དེ་ལྟར་མ་འོངས་སུ་ཟིན་ཀྱང་ཡོད་བར་གནས་པ་ཡིན་ནོ་ཞེ་ན། གནས ་པ་མེད་ཅེས་བྱ་བ་སྨོས་ཏེ། སྐད་ཅིག་ཀྱང་སྡོང་པ་མེད་དོ། །དེ་ཉིད་ཀི་ཕྱིར་འགྲོ་བ་ཡང་མེད་དོ། མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་སྒྱུ་མ་ཉིད་དང་འདི་ལ་ཁྱད་པར་དུ་བྱ་བ་ཅི་ཞིག་ཡོད་ན། རྨོངས་པ་རྣམས་ཀྱིས་བདེན་པ་ཁོ་ནར་བརྟགས་ཤིང་སྒྲོ་བཏགས ་པའི་གཟུགས་ལ་སོགས་པ་གང་ཞིག་ཡོད་དེ་མེད་དོ། །གཟུགས་ལ་སོགས་པ་ནི་རྒྱུ་ས་སྐྱེད་པ་ཡིན་ནོ། །སྒྱུ་མའི་རྒྱུ་ལས་བྱས་པ་ཁྱད་པར་ཅི་ཡོད་ཅེ་ན། དེའི་ཕྱིར་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་འགྲོ་བ་དང་འོང་བ་མེད་པས་གཉི་ག་ཡང ་ལོག་པ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་ཡིན་ན་ཡང་རྐྱེན་ལས་བྱུང་བ་ནི་བདེན་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་གཞན་གང་ཞིག་དང་ཉེ་བ་ན་ངེས་པར་མཐོང་ཞིང་སྣང་ལ་དེ་མེད་ན ་ནི་མི་མཐོང་བས་དེ་ནི་ཡོད་པ་མ་ཡིན་ཏེ། གཟུགས་བརྙན་དང་འདྲའོ། །དེ་ཡང་གཟུགས་བརྙན་ནི་མེ་ལོང་ལ་སོགས་པ་བཞིན་དང་ཉེ་བ་ན་སྣང་གིས་དེ་མེད་པར་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་རང་གི་རྒྱུ་དང་ཉེ་བ་ལས་ཡིན་གྱིས། །དེ ་མེད་པར་མ་ཡིན་པའི་ཕྱིར་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་རྒྱུ་དང་རྐྱེན་ལ་བལྟོས་ཤིང་དག་ལས་པས་བསྐྱེད་པ་ན་བཅོས་མ་དང་འདྲ་བ་ཡིན་ན། དེ་བདེན་ཞིང་ཡང་དག་པ་ཉིད་དུ་ཇི་ལྟར་ཡོད་པ་ཡིན། དེ་ལྟར་ན་རྒྱུ་ནི་ཡོད་དོ་ཞེ་ན། དེའི ་ཕྱིར་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པའི་དངོས་པོ་སྣ?་ཆ་ལ་སོགས་པ་བྱས་པར་གྱུར་པའི་རྒྱུ་ཡོད་ཞེ་ན། བྱེ་བ་བརྒྱ་ཕྲག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པའི་ཕྱིར་ཆ་ཤས་མེད་པར་འགྱུར་བ་ཡིན་ལ། དེ་ལྟར ་དངོས་པོ་མེད་ཅིང་བསྒྱུར་དུ་མེད་པའི་གནས་སྐབས་དེ་དངོས་པོ་ཅི་ཞིག་ཏུ་གྱུར་ནས་དངོས་པོ་ཞེས་སྨྲ་སྟེ། དེ་ལྟ་བུའི་གནས་སྐབས་དེ་དངོས་པོ་མེད་པ་ལས་གཞན་པའི་དངོས་པོ་ཇི་ལྟ་བུ་ཞིག་ཏུ་འགྱུར་པ་ཡིན་ཡང་དག་པར་ནི་རྒྱུ་དང་འབྲས་བུ་མེད་པའི་ཕྱིར་དེ་ལས ་འདིར་སྐད་ཅིག་མར་ཡོད་པར་སྨྲ་བ་དག་འདི་སྐད་ཅེས་དངོས་པོ་མེད་པའི་དུས་སུ་འགའ་ཡང་དངོས་པོར་མི་འགྱུར་པ་ནི་བདེན་མོད་ཀྱི། སྐད་ཅིག་མར་ཡོད་དེ་ཞེས་རྟོག་པ་དེའི་ཕྱིར། མེད་པའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པའི་ཚ་ན་ནི ་དངོས་པོ་མེད་པ་ཉིད་ཡིན་ལ། དངོས་པོ་དེ་དུས་ནམ་ཞིག་ན་འབྱུང་བར་འགྱུར་ཏེ། ནམ་ཡང་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ལ་སྐྱེ་བ་མེད་པ་ཉིད་ཀྱི་དངོས་པོ་མེད་ཅིང་མ་སྐྱེས་པ་དང་ནི ་བྲལ་ཞིང་ཐ་དད་བར་མི་འགྱུར་ཏེ། དེ་དངོས་པོ་རྣམས་མེད་པ་དང་མ་བྲལ་བ་ཉིད་ཀྱིས་དངོས་པོ་རྣམས་ཡོད་ཅིང་འབྱུང་བའི་སྐབས་ཡོད་པར་མི་འགྱུར་རོ། །དེ་ལྟར་རེ་ཤིག་འགའ་ཡང་དངོས་པོ་ཉིད་དུ་མི་འགྱུར་བ་ཡིན་མོད་ཀྱི། དེ་ལྟར་ན་ཁས་ལེན་པར་བྱེད ་པ་དག་གི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྫས་གཅིག་ལ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཉིད་ཀྱི་རྣམ་པར་འགྱུར་པ་དེར་ཐལ་བར་འགྱུར་ཏེ། ་དངོས་པོ་གཅིག་ལ་དངོས་པོ་མེད་པ་མི་མཐུན་པའི་ཆོས་གཉིས་སུ་འགྱུར་བ་ནི་འགལ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཉེ་བར་སྡུད་པ་ཡིན་ནོ། །དེ་སྐྱེད་པར་མ་གྲུབ་ན་འགག་པ་ཡང་ཡོད་པ་མ་ཡིན་ནོ།། ་དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་རྟག་པར་གྱུར་པའི་དངོས་པོ་ཡང་མི་དམིགས་ཤིང་ཡོད་པ་མ་ཡིན་ནོ། །རྒྱུ་དེ་བས་ནི་འགྲོ་བའི་སྐྱེ་བོ་དེ་དག་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པའི་རང་བཞིན་ཅན་ཡིན་ནོ། །འགྲོ་བ་རྣམས་ཞེས་བྱ ་བ་དམྱལ་བ་དང་དུད་འགྲོ་དང་ཡི་དགས་དང་མི་དང། ལྷ་སྟེ་འགྲོ་བ་ལྔ་འམ་དྲུག་གོ་།ཆུ་ཤིང་བཞིན་དུ་སྙིང་པོ་མེད་བྱ་བ་ནི་ཆུ་ཤིང་ལ་རལ་གྲི་ལ་སོགས་པས་གཤེགས་ཤིང་རྣམ་པར་ཕྱེ་ནས་ལྟས་ན་སྲ་བའི་སྙིང་པོ་ཅི་ཡང་མི་རྙེད་པ་དང་འདྲ་བར་ཆོས་ཉིད ་འདི་དག་ཀྱང་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར་མྱ་ངན་འདས་དང་ཞེས་བྱ་བ་ལ་སོགས་སྨོས་སོ། །དེ་བས་ན་རྙེད་པ་ལ་སོགས་པ་འཇིག་རྟེན་པའི་ཆོས་བརྒྱད་དང། སྲེད་པ་ལ་སོགས་པ་ཐམས་ཅད་བརྫུན་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དེ་ལྟ་བུའི་རང་བཞིན་རྙེད་པར་བྱ་བ་ཡང་ཅི་ཞིག་ཡོད། དེ་བཞིན་དུ་བལྟོད་པ་ལ་སོགས་པས་རིམ་གྲོ་བྱ་བ་འམ། སྨད་པ་ལ་སོགས་པ་བརྙད་པར་གྱུར་པ་དང་གྲགས་པ་མ་ཡིན་པ་ལ་སོགས་པས་མི་དགའ་བ་དང། གྲགས་པ་ལ་སོགས་པས ་དགའ་བ་ཡང་ཅི་ཞིག་ཡོད། འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་ནི་སྲེད་པ་ལས་བྱུང་བས་དེའི་ཕྱིར་སྲེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲེད་པ་ནི་འདོད་པའོ། །འོ་ན་མི་འཆི་བ་ལ་སོགས་པ་ལ་སྲེད་བ་དགོས་སོ་ཞེ་ན། གསོན་གྱི་ཞེས་བྱ་བ་ལ་སོགས་པ ་སྨོས་སོ། །ཡང་འདི་ན་བྱུང་བར་འགྱུར་བའི་ལུས་རྣམས་ལ་སྲེད་དོ་ཞེ་ན། དེའི་ཕྱིར་སུ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ན་ཡང་གཉེན་འདུན་དང་མཛའ་བཤེས་ལ་སོགས་པ་དང་ཕྲད་པར་མངོན་པར་འདོད་པ་ལ་སྲིད་དོ་ཞེ་ན། གཉེན་གང་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། གཉེན་ནི་ཉེ་དུ་རྣམས་སོ། །གཤེས་ནི་མཛའ་ཨོ་རྣམས་སོ། །དེ་དག་ཐམས་ཅད་ནི་ཡང་དག་པར་ན་མ་སྐྱེས་པ་ཡིན་པའི་ཕྱིར་ནམ་མཁའ་དང་འདྲ་བར་དངོས་པོ་དངོས་པོ་མེད་པ་ཡིན་པས། བདག་དང་འདྲ་པ་ཡིས་ཞེས་བྱ་བ་ནི་གཞུང་འདི ་དག་དང་སྐལ་པ་མཉམ་པའི་དོན་དུ་བྱས་པས་དེས་འདི་ལྟར་སྒྱུ་མ་ལྟ་བུར་རྟག་པས་ཡོངས་སུ་ཤེས་པར་གྱིས་ཤིག་པའོ། །དེ་ལྟར་ཡིན་ན་ཡང་བདེ་བ་དང་སྡུག་བསྔལ་གྱི་སེམས་ནི་ཡོད་དོ་ཞེ་ན། དེའི་ཕྱིར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབ་པ་དང ་རྩོད་བ་ལ་སོགས་པའི་རྒྱུ་ཡིས་སོ། །སྤྲོ་བ་ནི་དགའ་སྟོན་ལ་སོགས་པའི་རྒྱུ་ཡིས་སོ། །ཤིན་ཏུ་མི་བདེར་འཚོ་བར་བྱེད་ཅེས་བྱ་བ་ནི་མྱ་ངན་ལ་སོགས་པས་ཤིན་ཏུ་ཉམ་ཐག་པ་ཡིན་ནོ། །བརྡེག་པ་ནི་གཞན་ལ་འཁུ་ཞིང་གནོད་པ་བྱས་པ་ལ་སོགས་པའོ། ། ་ངན་འགྲོ་ནི་དམྱལ་བ་ལ་སོགས་པར་ཡང་ནས་ཡང་དུ་ལྷུང་ནས་སླར་བདེ་འགྲོར་ལྷའི་འཇིག་རྟེན་དུ་སྐྱེ་ཞིང་འབྱུང་བའི་ཚུལ་གྱི་སྲིད་པ་ན་འཁོར་བ་དང་གཡངས་མང་པོ་སྟེ། གྲང་པ་དང་ཚ་བའི་དམྱལ་བ་བཅུ་དྲུག་དང། དེའི་ཉེ་འཁོར་བ་རྣམས་དང། དུད་འགྲོ་དང ་ཡི་དགས་ཀྱང་དབྱེ་བ་ཤིན་ཏུ་མང་བར་སྐྱེ་བ་ནས། སྲིད་པ་དེར་དེ་ཁོ་ན་མ་ཡིན་པ་འདི་ནི་སྒྱུ་མ་དང་འདྲ་བ་ཉིད་ཡིན་ནོ། །དེར་ཡང་ཕན་ཚུན་འགལ་པར་འགྱུར་བ་དག་སྟེ། ཚ་བ་དང་གྲང་བ་ལ་སོགས་པ་དང་སེམས་ཅན་གཞན་དག་ཀྱང་ཕན་ཚུན་གྱི་མི་མཐུན ་པར་གྱུར་པས་གནས་པ་དང། སྲེད་མིན་ཞེས་པ་སྲེད་པ་མེད་པར་འགྱུར་བ་དེ་སྲིད་ཀྱི་པར་དུ་དེ་ཁོ་ན་ཉིད་མ་ཡིན་པ་འདི་མེད་པར་མི་འགྱུར་གྱིས། སྲེད་པ་མེད་ན་འགྱུར་རོ། །དེ་ལྟར་གཡང་ས་མང་པོ་ཡོད་པའི་སྲིད་པ་དེར་ཡང་ཉམ་ཆུང་ཞིང་སྟོགས་ཞན་པར་གྱུར ་པ་དང། དེར་ཡང་ཚེ་ཐུང་ཞིང་ནད་མང་བ་དང། ཡང་དེར་ཡང་གསོན་ཞིང་འཚོ་བ་དང། ནད་མེད་པའི་དོན་དང་བྱ་བ་རྣམས་ཀྱིས་བྱིས་པ་འདྲེས་པའི་རྒྱུ་འབྲས་བུ་མེད་པ་ཁོ་ནར་མྱུར་དུ་དུས་འདའ་བར་བྱེད་པ་ཡིན་ལ། དེ་ཡང་སྔོན་ནས་གོམས་པའི་རྣམ་པར་གཡང ་བ་བཟློག་ཅིང་དབེན་པར་བྱ་བ་དང། སེམས་མཉམ་པར་འཇོག་པའི་དུས་ག་ལ་ཡོད་དེ། ཤིན་ཏུ་རྙེད་པར་དཀའ་ཨོ་ཞེས་བྱ་བའི་ཐ་ཚིག་གོ་།དེར་ཡང་བྱ་བ་དེ་རྣམས་ལ་བརྩོན་བར་ཞུགས་པར་གྱུར་ཀྱང་འདོད་པའི་ཁམས་ཀྱི་དབང ་ཕྱུག་གི་བདུད་དམ། ཐམས་ཅད་དུ་སོང་བའི་བདུད་ཀྱི་ལམ་ལོག་པར་འཇུག་པར་བྱེད་པ་འམ། ཐེ་ཚོམ་སྐྱེད་པར་བྱེད་པས་རྣམ་པ་འདི་འདྲ་བ་ཡིས་དེ་ཁོ་ན་ཉིད་རྟོག་པར་མི་འགྱུར་ཞིང། སྡུག་བསྔལ་བས་འཚོ་བས་ཐུབ་པར་དཀའ་ཨོ་ཞེས་བྱའོ། །དེ ་ལྟར་བདུད་ཀྱིས་བྱིན་གྱིས་བརླབས་པས་སྡིག་པ་ཆེན་པོ་ལ་འཇུག་པས་ཡང་ནས་ཡང་དུ་ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར་བས་དེའི་ཕྱིར་དེས་སླར་དལ་འབྱོར་ཐོབ་པ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་འཁོར་བ་ལས་འབྱུང་བ་ཡང་རྙེད་པར་དཀའ་བ་ཡིན ་པ་དང། དེར་ཡང་སངས་རྒྱས་འབྱུང་བ་དང། དམ་པའི་ཆོས་སེམས་ཤིང་སེམས་མཉམ་པར་འཇོག་པ་ཤིན་ཏུ་ཡང་རྙེད་པར་དཀའ་བས་འདོད་ཆགས་པའི་ཆོགས་ཀྱི་ཆུ་བོ་རྣམས་ནི་སྡུལ་བས་ཀྱང་ཤིན་ཏུ་བཟློག་པར་དཀའ་པ་ཡིན་ནོ། །ེ་མའོ་ཞེས ་པ་ནི་ངོ་མཚར་དུ་གྱུར་པའོ། །སྡུག་བསྔལ་རྒྱུད་ཅེས་བྱ་བ་ནི་གང་གི་ཕྱིར་ཉོན་མོངས་པ་ལས་ལས་དེ་ལས་སྡུལ། དེ་ལས་ཀྱང་ཉོན་མོངས་པའི་ཆུ་པོ་བཟློག་དཀའ་བ་འབྱུང་བའི་ཕྱིར་རོ། །དེ་ཡང་འགྲོ་བ་ཐོག་མཛའ་དབུས་མེད་པར་འཁོར་བའི་འཁོར ་ལོས་འཁོར་གྱུར་པ། མགལ་མེ་བསྐོར་བ་ལྟ་བུར་ནི། ཕན་ཚུན་རྒྱུ་ཅན་འཁོར་བར་འགྱུར་ཞེས་བཤད་པ་ལྟ་བུའོ། །འདི་ཞེས་བྱ་བ་ལ་དེ་སུ་ཞིག་ཅེ་ན། གང་འདི་ལྟར་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་རང་སྡུག་བསྔལ་བར་གནས་པར ་མི་མཐོང་གི་།གཞན་དུ་ན་རང་ཤིན་ཏུ་བདེ་བར་གནས་པ་ཡིན་སྙམ་དུ་སེམས་སོ། །དེ་ལྟར་སྡུག་བསྔལ་བར་གནས་པ་མ་ཡིན་ནོ་ཞེ་ན། དཔེར་ན་རྔ་མོ་ཚེར་མ་ཟ་ཞིང་འཚོ་ཡང་བདེ་བར་གནས་སྙམ་དུ་སེམས་པ་དེ་བཞིན་དུ་ཐམས་ཅད་ཀྱང་བདེ ་པར་རློམ་པ་ཙམ་ཡིན་པའི་ཕྱིར་དེ་ལས་གཞན་ཅི་ཡང་མེད་དོ། །བསོད་ནམས་སྤྲིན་ནི་བསོད་ནམས་ཀྱི་ཕུང་པོའོ། །དམིགས་པ་ལ་མངོན་པར་ཞེན་པ་ལ་གནས་པས་དམིགས་པ་ལ་སྤྱོད་པའོ། །སོགས་པ་ནི་ཉེ་བར་བསྡུས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད ་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ་ལེའུ་དགུ་པའོ།། །།བསྔོ་བའི་དབང་དུ་མཛད་ནས་བདག་གིས་བྱང་ཆུབ་སྤྱོད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ལ། བྱང་ཆུབ་ནི་ཡོན་ཏན་དང་སྐྱོན་ཐམས ་ཅད་འཕེལ་བ་དང། བསྒྲིབ་པའི་མཐར་ཐུག་པ་ལ་གནས་པའི་དེ་ཁོ་ན་ཉིད་ཀྱི་བློ་སྟེ། ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་སོགས་པ་དོན་རྣམ་པ་བཅུ་པོ་གང་ཡིན་པས་ས་དང་ཕ་རོལ་ཏུ་ཕྱིན་པ་དག་ལ ་འཇུག་པ་ནི་ཇི་སྐད་དུ་བཤད་པ་དེ་བསྔོ་པ་དང་བཅས་པ། རྣམ་པར་བསམ་པའི་ཞེས་བྱ་བ་བརྩམས་ནས་ཡོངས་སུ་མ་རྫོགས་པ་དེ་ལྟར་གྱིས་ཡོངས་སུ་བསྔོ་བའི་དོན་ཡིན་ནོ། །དགའ་བ་ཞེས་བྱ་བ་ནི་ཡིད་བདེ་བའོ། །ཉམས་པ་ནི་འཇིག་པའོ། །རྒྱུན་མི་འཆད་པ་ཞེས ་བྱ་བ་ནི་རྟག་ཏུའོ། །དེ་ལྟར་སྤྱིར་འགྲོ་བའི་དོན་དུ་ཚིགས་སུ་བཅད་པ་གསུམ་གྱིས་དགེ་བ་ཡོངས་སུ་བསྔོ་བ་བསྟན་ནས་འགྲོ་བ་དབྱེ་བའི་སྒོ་ནས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ན་དམྱལ་བ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གིས་དགེ་བའི་སྟོབས་ཀྱིས ་ལྷའི་ལུས་ཐོབ་ནས། ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག་།ཅེས་བྱ་བ་དེ་ཡན་ཆད་དང་སྦྱར་བར་བྱའོ། །དམྱལ་བ་ནི་ཡང་སོས་ལ་སོགས་པ་ཚ་བ་དང། ཆུ་བུར་ཅན་ལ་སོགས་པ་གྲང་བ་དག་གོ་།འཕགས་པ་སངས་རྒྱས་བཅོམ་ལྡན་འདས ་སྣང་བ་མཛའ་ཡས་ཀྱི་སྐྱེ་བ་ལ་སོགས་པ་ཡང་དག་པ་སྟོན་པའི་ས་རྟག་ཏུ་བདེ་བ་ཉིད་དང་ལྡན་པའི་ཕྱིར་བདེ་བ་ཅན་ཞེས་བྱ་བ་ལ། བདེ་བ་ཅན་དེ་ལ་དེ་དག་དགའ་བས་དགའ་བར་ཤོག་།བྱང་ཆུབ་སེམས་དཔའ་ཨི་སྤྲིན་ཆེན་ལས་ཏེ། གང་དེ་ལས་བྱུང་བའི་ཆུ་བོ་མཚོ་ ་མཛའ་ཡས་ཀྱིས་ཆུ་བོའི་ཚོགས་ཀྱིས་སོ། །རལ་གྲི་ལོ་མའི་ནགས་ཚལ་ཡང་ཞེས་བྱ་བ་སྤུ་གྲིའི་སོ་འཕེལ་བའི་དམྱལ་བའི་ལམ་མོ། །དེ་ཉིད་ལ་ཤལ་མ་ལིའི་སྡོང་པོ་དག་ཅེས་བྱ་བ་ལས་ཀྱི་རྒྱུ་ལས་རྡོ་རྗེའི་ཚེར་མ་ཁ་དུར་དུ་བལྟས་ཤིང་རྣོ ་བ་ཅན་གྱི་རིའི་ཤིང་ནི་ཤལ་མ་ལིའི་སྡོང་བོའོ། །བརྒྱ་བྱིན་གྱི་སྐྱེས་མོས་ཚལ་དགའ་བའི་ཚལ་དེར། དཔག་བསམ་ཤིང་དུ་འཁྲུངས་བར་ཤོག་།མཐོ་རིས་ལ་སོགས་པའི་བྱ་དེ་དག་ནི་སྐད་སྙན་འབྱིན་པ་སྟེ། སྐད་སྙན་སྒྲོགས་པས་མཛེས་འགྱུར་ཤོག་།ཤིན་ཏུ་རིང ་དུ་སོང་བ་ཉིད་ཀྱི་ཕྱིར་པདྨ་སྟེ། ཆུ་སྐྱེས་དྲི་གསུང་ཆེ་ལྟན་གང་ལ་ཡོད་པའི་མཚོ་དེ་དག་གིས། དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག་།སོལ་ཕུང་ནི་མེ་མར་གྱི་དམྱལ་བའི་ལམ་མོ། །ས་བསྲེགས་ནི་ཚབ་ལ་སོགས་པའི་དམྱལ་བའི་འོ། །བསྡུས་འཇོམས་རི་བོ? ་རྣམས་ཀྱང་ནི་ཞེས་བྱ་བ་ལ་བསྡུས་འཇོམས་ཞེས་བྱ་བ་ནི་དམྱལ་བ་ཆེན་པོ་ན་ལུག་ལྟ་བུའི་རི་ཆེན་པོ་རྣམས་ཀྱང་ངོ། །མདག་མ་ལ་སོགས་པའི་ཆར་ནི་གཤིན་རྗེའི་སྐྱེས་བུ་ལ་སོགས་པས་བབ་པའོ། །བསྐལ་བ་ཟད་པའི་ད་ལྟར་ཡང་མཚན་གྱིས་འཐབ་བ ་དམྱལ་བ་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་བསྟན་ཏོ། །ཆུ་བོ་རབ་མེད་ནི་དམྱལ་བའི་ལམ་མོ། །ལྷ་མོ་རྣམས་ནི་ལྷའི་བུད་མེད་དག་གོ་།དལ་གྱིས་འབབ་བ་ནི་མཐོ་རིས་ཀྱི་ཆུ་བོ་གངྒཱ་སྟེ། དེ་ལ་གནས་པར་ཤོག་ཅེས་བྱ་བ་ལ་སོགས་པ་ནི་དམྱལ་བ་རྣམས་ལ་རྣམ་པར ་རྟོག་པའོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་མུན་པ་ནི་ཀུན་ནས་སྨག་ཏུ་གྱུར་པའོ། །དེ་ཀོ་སུའི་མཐུ་སྙམ་སྟེ། གྱེན་དུ་བལྟས་ན་ནམ་མཁའ་ཨི་དཀྱིལ་ན། ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ ་ནས་ཏེ། སྡིག་པ་སྤངས་པར་གྱུར་ནས། བདག་གི་དགེ་བའི་སྟོབས་ཀྱིས་ཕྱག་ན་རྡོ་རྗེ་དེ་དང་ལྷན་ཅིག་འགྲོ་བར་ཤོག་།ཅེས་བཤད་ཟིན་བ་དང་སྦྱར་རོ། །མེ་ཏོག་ཆར་པ་པོས་ཆུ་དང་འདྲེས་འབབ་པ་ཡིས། དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང ་གྱུར་ནས་ཞེས་རྣམ་པར་རྟོག་པར་འགྱུར་བ་ན། གློ་བུར་བདེ་བས་ཚིམས་པ་འདི་ཅི་སྙམ་པ་ན། སེམས་ཅན་དམྱལ་བ་རྣམས་ཀྱིས་ལག་ན་པདྨ་སྟེ། སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་ཤོག་།དེ་ལྟར་རྡོ་རྗེ་དང་པདྨའི་རིགས་བསྟན་ནས། དེ་བཞིན་གཤེགས ་པའི་རིགས་བསྟན་པའི་ཕྱིར། གྲོགས་པོ་དག་འཇིགས་པ་འོར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་ནི་ཕོངས་པའོ། །བརྩེ་བ་ཡང་བདག་ལ་སྐྱེས་པར་གྱུར་བའོ། །གང་ལ་དབུའི་ཟུར་ཕུད་མངའ་པ་དེ་ནི་གཞོན་ནུ་ཟུར་ཕུད་ཅན་ནོ། །ཞབས་ཀྱི་པདྨ ་ནི་ཞབས་སོ། །ཐུགས་རྗེས་བརླན་པའི་སྤྱན་གང་ལ་མངའ་བ་དེ་ནི་ཐུགས་རྗེས་བརླན་སྤྱན་ནོ། །དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱིས་ཆར་ཕབ་པ། གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་ཏེ། ་དེ་ལྟ་བུའི་རྣམ་པར་གྱུར་པའི་མཚན་ཉིད་ཅན་འཇམ་པའི་དབྱངས་དེ་འདྲ་མཐོང་ནས། གྲོགས་དག་འཇིགས་པ་འོར་ལ་ཚུར་ཤོག་ཅེས་བྱ་བ་ལ་སོགས་པ་སྨྲ་བ་ལ། ད་ནི་སེམས་དམྱལ་ཀུ་ཅོ་འདོན་པར་ཤོག་།དམྱལ་བའི་འགྲོ་བའི་མཇུག་བསྡུ་བ་ནི། དེ་ལྟར་བདག ་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུད་འགྲོའི་འགྲོ་བ་ནི་དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་མན་ཆད་བདག་གི་བསོད་ནམས་འདི་ཡིས་ནི་ཞེས་བྱ་བ་འཆད་པར་འགྱུར་བ་དང་སྦྱོར་རོ། །ཡི་དགས་ཀྱི་འགྲོ་བ་ནི་སྒྲ ་མི་སྙན་པའི་མི་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་གི་ཞེས་བྱ་བ་ནི་ཁོང་དུ་ཆུད་པར་སླའོ། །མིའི་འགྲོ་བ་ནི་ལོང་བ་རྣམས་ཀྱི་མིག་མཐོང་ཤོག་།ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་བ་དང་བཅས་བས་ཁ ་ན་མ་ཐོ་བ་མེད་པའོ། །སྐྲག་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་ནི་རྟོགས་སླའོ། །ལྷའི་འགྲོ་བ་ནི། མི་དལ་ཀུན་ལས་ཐར་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྲིད་དུ་ཐམས་ཅད་ནམ་མཁའ་ཨི་མཛོད་བཞིན་དུ་འམ། འཕགས་པ་ནོར ་བཟངས་བཞིན་དུ་ལོངས་སྤྱོད་ཆད་པ་མེད་པར་ཤོག་།ནམ་མཁའ་མ་ལུས་པའི་མཛོད་གང་ལ་མངའ་བ་དེ་ནི་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་མཛོད་དོ། །དེས་གང་དང་གང་དོན་དུ་གཉེར་བ་དེ་དང་དེ་ནམ་མཁའ་ལ་བླངས་ནས་སྦྱིན་བར ་མཛད་དོ། །རྩོད་པ་མེད་ཅིང་ཅ་ཅོ་མེད་པ་ནི་རྩོད་པ་མེད་པའོ། །རང་དབང་དུ་སྤྱོད་ཅིང་འཇུག་པ་གང་ལ་ཡོད་པ་དེ་དག་ནི་རང་དབང་དུ་སྤྱོད་པར་ཤོག་།གཟི་བརྗིད་ཆུང་བ་ནི་གཟི་མདངས་ཆུང་བའོ། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག་ཅེས་བྱ་བ་ནི་དེ་རྒྱལ་བྱེད ་པར་མ་གྱུར་ཅིག་ཅེས་པའོ། །ཇི་ལྟར་ཞེ་ན་བདག་གི་བསོད་ནམས་ཀྱི་སེམས་ཅན་རྣམས་འདི་ལྟ་བུའི་རྣམ་པར་གྱུར་ཏོ། །དེ་དག་གི་འབྲས་བུ་ཉིད་ནི་འདི་ཉིད་ཡོད་ན་ཡང་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་འབྲས་བུ་ཉིད་དུ་འགྱུར་རོ། །བདག་པོ་དང་སྐྱེས ་བུ་བྱེད་པའི་འབྲས་བུ་ནི་རྒྱུད་གཞན་ལ་ཡོད་ཅེས་བསྟན་པའི་ཕྱིར། བདག་གི་བསོད་ནམས་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་བསོད་ནམས་ཀྱིས་བདག་གི་གཙོ་བོའི་སྟོབས་ཀྱི་སྡིག་པ་ཐམས་ཅད་དེ་མ་ལུས་པར་སྤངས་ནས་ནིའོ། ། ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ནི་ཁོང་དུ་ཆུད་པར་སླའོ། །དེ་ལྟར་དམྱལ་བ་ལ་སོགས་པའི་འགྲོ་བའི་དབྱེ་བས་གཞན་དག་གི་མངོན་པར་མཐོ་བའི་དོན་དུ་ཡོངས་སུ་བསྔོས་ནས། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཡང་དག་པར་དགོངས་པའི་དོན་དང། ཆོས་ཡང་དག་པར་ལོངས་སྤྱོད་པའི་དོན་དུ། སངས་རྒྱས་ཀྱི་མཆོད་པ་དག་གི་དེ་ལྟར་བསྔོ་བར་བྱེད་དོ། །དཔག་བསམ་གྱི་ཤིང་ཇི་ལྟ་བུར་གྱུར་བ་ཞིག་ཅེ་ན། སངས་རྒྱས་དང་ནི་སངས་རྒྱས་སྲས། །ཡིད་དུ ་འོང་པའི་ཆོས་སྙན་སྒྲོགས་པས་གང་བ་ཡིས་སོ། །བསེག་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཚེར་མ་ལ་སོགས་པ་གཟུང་ངོ། །བཻཌཱུརྱའི་རང་བཞིན་ནི་རིན་པོ་ཆེ་བཻཌཱུརྱའི་ཁང་བའོ། །འཇམ་པ་ནི་གཉེན་བ་སྟེ། ཀ་ཙ་ལིནྡྲའི་གོས ་ལྟར་རག་ན་འཛོམ་པའོ། །བྱང་ཆུབ་སེམས་དཔའ་མང་བོ་ཡིས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དག། ཀུན་ནས་ལེགས་པར་ས་སྟེང་དག་།བརྒྱན་པར་མཛད་པས་བཞུགས་གྱུར་ཅིག་།ལུས་ཅན་ཀུན་གྱི་བྱ་དང་ནི། །ཞེས་བྱ་བ་ལ་སོགས་པ་ནི་ཁོང་དུ་ཆུད་པར་སླའོ། །ཡང་མི་རྣམས་ནི་གཙོ་བོར་གྱུར ་པ་ཡིན་པའི་ཕྱིར། མཐོང་བའི་ཆོས་ཀྱི་བདེ་བའི་དོན་དུ། ལྷ་ཡང་དུས་སུ་ཆར་འབེབས་ཤིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བསྔོ་བར་བྱེད་པ་ཡིན་ཏེ། ཁོང་དུ་ཆུད་པར་སླའོ། །ཀློག་པ་དང་ཁ་ཏོན་གྱིས་རྒྱས་ཤིང། དར་བ་གང ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགེ་འདུན་མཐུན་པ་དང། དགེ་འདུན་མཉམ་པ་ཉིད་དང། དགེ་འདུན་དོན་ཡང་འགྲུབ་པར་ཤོག་།བསླབ་པར་འདོད་པའི་དགེ་སློང་རྣམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་ནི་རྟོགས་སླའོ། །གང་གཙོ་བོར་གྱུར་པ ་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་མཆོད་པ་སྔོན་དུ་སོང་བའི་སངས་རྒྱས་ཉིད་འཐོབ་པར་བྱེད་པའི་ཕྱིར། སེམས་ཅན་ཀུན་གྱི་ལན་མང་དུ་ཞེས་བྱ་བའི་ཚེགས་སུ་བཅད་པས་བསྔོ་བར་བྱེད་པ་ཡིན་ཏེ་རྟོགས་སླའོ། །རང་སངས་རྒྱས་དང ་ཉན་ཐོས་གཟུང་བར་བྱ་བའི་ཕྱིར་དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་གཞན་གྱི་དོན་གྲུབ་པའི་ཕྱིར་དགེ་བ་ཡོངས་སུ་བསྔོས་ནས། ད་ནི་རང་གི་དོན་གྲུབ་པའི་ཕྱིར། བདག་ཀྱང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་གིས་ཡོངས་སུ ་བསྔོ་བར་བྱེད་བ་ཡིན་ཏེ། ཁོང་དུ་ཆུད་པར་སླའོ། །གཞན་དོན་ཕུན་སུམ་ཚོགས་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྔོན་དུ་སོང་བ་ཅན་ཡིན་པས། གཙོ་བོ་ཉིད་ཡིན་བའི་ཕྱིར་གཞན་གྱི་དོན་དུ་ཡོངས་སུ་བསྔོ་བ་སྔར་བསྟན་ནས། བསྟན་པ་གནས་པའི ་ཕྱིར། འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་བསྔོ་བར་བྱེད་པ་ཡིན་ཏེ། ཐམས་ཅད་དུ་བདག་གི་བསོད་ནམས་འདི་ཡིས་ནི་ཞེས་བྱ་བ་དང་སྦྱར་རོ། །གཞན་གྱི་དོན་དུ་ལེགས་པར་ཡོངས་སུ་བསྔོ་བ་རྫོགས་ནས། དད་པ ་མངོན་པར་འཕེལ་བ་ཅན་གྱི་དགེ་བའི་བཤེས་གཉེན་ལ། གང་གི་དྲིན་གྱི་དགེ་བློ་འབྱུང་ཞེས་བྱ་བ་ལ་སོགས་པས་ཕྱག་འཚལ་བ་ཡིན་ཏེ། དགེ་བའི་བློ་སྟེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཡོད་པར་མ་ཟད་ཀྱི། འབྱུང་ཞིང་འཕེལ ་བར་བྱེད་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་འཇུག་གི་།ལེགས་པར་སྦྱར་བའི་དགེ་བ་ཡིས། །འགྲོ་བ་འདུལ་དང་ལྡན་བཞིན་དུ། །བྱང་ཆུབ་སེམས་གྱུར་དགའ་བར་ཤོག་།དཔལ་ལྡན་བཀྲ་ཤིས་རྣ་བས་གསོལ་བཏབ་ནས། །བདག་གིས་འདི་ཡིས་ལགས ་སྦྱར་བྱས་པ་ལ། །མཁས་པ་རྣམས་ཀྱིས་དཔྱད་འཁྲུལ་ཡོད་ན་ནི། །ཡོན་ཏན་དམ་པའི་བློ་ཅན་གྱིས་བཟོད་མཛོད། །ཤུ་ལོག་སྟོང་ཕྲག་ཅིག་དང་ནི། །དགུ་བརྒྱ་བདུན་ཅུ་རྩ་ལྔ་ཞེས། །གྲངས་ཉིད་ཀྱིས་ནི་ལེགས་བགྲངས་ནས། །དགེ་བའི་ལྷ་ཡིས་བྱས་པ་ཡིན། །བྱང ་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ལས། ཡོངས་སུ་བསྔོ་བ་བསྟན་པ་སྟེ་ལེའུ་བཅུ་པའོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མཱ་ར་དང། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་བའི་བློ་གྲོས་ཀྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་པའི་གནས་གཏན་ལ་ཕབ་པ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙ་རྱཱ་བ་ཏཱ་ར་དྷ་ར་བ་བོ་དྷ་ན་ནི་ར་ནཱ་མ་གྲནྠ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག ་