| Wylie | e-texts based on the ACIP/ALL Input |
སྨྲ། །ཧ་ཅང་ཐལ་ཕྱིར་མ་འབྲེལ་བ། །གཞན་དང་འཇམ་བྱེད་ཉིད་མ་ཡིན། །དེ་ཕྱིར་ཚད་མའི་གཞལ་བྱ་ནི། །རྫས་ཡོད་ཡིན་པར་སྨྲ་བར་བྱོས། །རྫས ་ཀྱང་སྐད་ཅིག་མ་ཉིད་ཕྱིར། །བཅད་དོན་ཐོབ་པ་ག་ལ་སྲིད། །རྒྱུན་བལྟོས་ཞེ་ན་རྒྱུན་ཅན་ལས། །གཞན་མིན་དེ་མིན་ཕྱིར་རྫས་མིན། །བཅད་ཞུགས་ཐོབ་རྒྱུན་གསུམ་ཕྱིར་ཡང། ། ་རྒྱུད་བལྟོས་བཅད་དོ་ཐོབ་པ་མེད། །ལྡོག་པ་གཅིག་བཅད་རྒྱུན་ཞེ་ན། །རྫས་ལྡོག་རྫས་ལས་གཞན་མིན་ཕྱིར། །ལྡོག་པ་གཅིག་པ་ག་ལ་ཡོད། །གལ་ཏེ་རྫས་གཞེན་ལྡོག ་གཅིག་ན། །གསལ་བ་གཞེན་ལ་སྤྱི་གཅིག་པ། །ཅི་ཡི་ཕྱིར་ན་ཁས་མི་ལེན། །གཉིས་ཀ་རྫས་ཡོད་འགལ་ཞེ་ན། །རྫས་ལྡོག་རྫས་ལས་གཞན་མི་པ། །ཅི་ཡི་ཕྱིར ་ན་རྫས་མ་ཡིན། །གལ་ཏེ་དེ་ཉིད་གཞན་ཡིན་ན། །སྨིག་རྒྱུ་ལ་ནི་ཆུ་བཞིན་དུ། །རྫས་ལྡོག་རྫས་སུ་འཐད་མ་ཡིན། །དེ་ལྟ་ཡིན་ན་ཚད་མ་ནི། །དངོས ་པོའི་ཡུལ་ཅན་མ་ཡིན་ཅིང། །མ་འདྲེ་ལ་ཕྱིར་ན་དངོས་པ། །ཚད་མས་ཇི་ལྟར་འཇལ་བར་བྱེད། །སྔོ་མདོག་ཡུལ་ཅན་སྔོ་རྫས་ལ། །ཆད་མིན་ཐལ་འགྱུར ་དེ་མི་འགྱུར། །དེ་ཕྱིར་ལྡོག་པ་གཅིག་བཅད་ཀྱི། །རྒྱུན་བལྟོས་ཚད་མ་མི་འཐད་དོ། །རྫས་རྒྱུན་ཡུན་རིང་མི་གནས་དང། །འགལ་དང་བདེན་དོན་འགོག་པ་ཡིས། །མ་རྟོགས ་དོན་གྱི་གསལ་བྱེད་ཀྱང། ཚད་མའི་མཚན་ཉིད་མི་འཐད་དོ། །བདེན་དོན་རྟོགས་པ་ཚད་མ་ཡིན། །མཚན་ཉིད་མིན་ཏེ་གང་གི་ཕྱིར། བདེན་ཉིད་གྲུབ་པ་མེད་ཕྱིར་དང། །ཚད་མིན་ཚད་མར་འགྱུར ་ཕྱིར། །འདིར་ལྟར་སྣང་ཙམ་བདེན་སྣང་དང། །བདེན་ངེས་ལྡོག་པ་གཉིས་ལྡན་པས། །ཡུལ་བདེན་ཡིན་པར་འགྱུར་ཞིང། ལོག་ཤེས་ཚད་མར་འགྱུར་པའི་ཕྱིར། །བསྟན་ལྡོག ་རྣམས་ཀྱིས་བདེན་མིའི་གྲུབ། །མ་བསྟན་ལྡོག་པ་གང་ཞིག་གིས། །བདེན་པ་འགྲུབ་པའི་ཐབས་དེ་སྨོས། །ཁ་ཅིག་དོན་དུ་སྣང་ཙམ་གྱིས། །བདེན་མི་འགྲུབ་ཀྱང་དོན་བྱེད་པར ་སྣང་བས་བདེན་པ་ཉིད་དུ་འདོད། །འདི་མི་རིགས་ཏེ་གཉིས་ཀར་ཡང། །སྣང་བར་ཁྱད་པར་མེད་ཕྱིར་རོ། །རྟོག་བྲེལ་འཇུག་ཡུལ་མི་སྟོན་ཕྱིར། །མངོན་སུམ་ཚད་མ་ཉིད ་མ་ཡིན། །ཁྱབ་དང་ཕྱོགས་ཆོས་མི་འགྲུབ་ཕྱིར། །རྗེས་སུ་དཔག་པ་ཡོད་མ་ཡིན། །རང་གི་མཚན་ཉིད་ཡུལ་ཅན་ཕྱིར། །ཁྱབ་པ་མངོན་སུམ་གྱིས་མི་འགྲུབ། །མཚན་མ ་ཡིན་ཕྱིར་རྗེས་དཔག་ནི། །ཡུལ་དུས་སྤྱི་ལ་འཇལ་མི་བྱེད། །གང་ཞིག་སྤྱི་ཡི་ཡུལ་ཅན་མིན། །དེ་ཡིས་ཁྱབ་པ་ཇི་ལྟར་འགྲུབ། །ཤུགས་རྟོགས་ཤེ ་ན་སི་འཐད་དོ། །སོ་སོར་ངེས་པའི་ཡུལ་ཅན་ཡང། །སྤྱི་ལ་དམིགས་པའི་བློ་སྐྱེ་བས། །དེ་ནི་སྤྱོད་པ་ཡིན་པར་འདོད། །ལྟོག་པ་གཅིག་དང་ཐ་དད་དང། ། ་མཚུངས་པ་གཏན་ཚིགས་ཡིན་གྱུར་གྲང། །དང་པོ་མེད་ཕྱིར་ཕྱོགས་ཆོས་མེད། །གཉིས་གསུམ་པ་ལ་ཁྱབ་པ་མེད། །ཚད་མ ་མེད་ཀྱང་ཁས་བླངས་དང། །འགལ་ཕྱིར་རང་གཞན་ལོག་རྟོགས་སེལ། །ལོག་རྟོགས་ལོག་པ་ཙམ་ཞིག་ལ། །དེ་ཉིད་ངེས་ཤེས་ཐ་སྙད་བརྟགས། ། ་རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཉི་ཤུ་པ། །ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནདས་མཛད་པ་རྫོགས་སོ།། །།ཞུས་ཆེན་གྱི་ལོ་ཙཱ་བ ་ཁུ་མདོ་སྡེ་འབར་དང། པཎྜི་ཏ་དེ་ཉིད་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། དགེའོ་སརྦ་མངྒ་ལཾ། ། ་