| Wylie | e-texts based on the ACIP/ALL Input |
སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། བོ་དྷ་སིཏྭ་ཡོ་ག་ཙཨཱརྱ་ཙ་ཏུ་ཤ་ཏ་ཀཊཱི་ཀ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན ་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདིར་སློབ་དཔོན་འཕགས་པ་ལྷས་ཉེ་བར་སྦྱར་བ་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་རབ་ཏུ་བྱེད་པ་བཅུ་དྲུག་གི་ཚིག་ལེའུར་བྱས་པའི་དོན་འགྲེལ་གཅིག་གིས་རྣམ་པར་དབྱེ་བར་འདོད་པས ་དེའི་སྤྱི་དོན་ཉེ་བར་བསྟེན་པའི་ཕྱིར་བཤད་པ། གང་ལས་འཇིག་རྟན་པའི་དངོས་ཇི་ལྟར་གནས་པ་བཞིན། །རྣམ་པར་ཕྱེ་ནས་རིམ་གྱིས་དོན་དམ་སྟོན་གྱུར་བ། །དེ་ལ་རབ་ཏུ་བྱེད་པ་དང་པོ་བཞིས་ནི་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་ཡོངས་སུ་གསལ ་བར་བྱ་སྟེ། འདི་ལྟར་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་ནི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཡིན་ལ། དེ་དག་ཀྱང་སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་མི་རྟག་པའོ། །གང་དག་མི་རྟག་པ་དེ་དག་ནི་གདོན་མི་ཟ་བར་མི་རྟག་པ་ཉིད་ཀྱིས་གནོད་པའི་བདག་ཉིད ་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །གང་དག་སྡུག་བསྔལ་བ་དེ་དག་ནི་རྟག་ཏུ་སྐྱོ་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་མི་གཙང་བའོ། །གང་དག་མི་གཙད་བ་དེ་དག་ནི་དོར་བར་བྱ་བ་ཉིད་ཀྱིས་བདག་ཏུ་འཛིན་པ་དང་བདག་གིར་འཛིན་བས་ཡོངས་སུ་བཟུང་བར ་མི་འོས་པ་ཉིད་ཀྱིས་ང་དང་ངའི་འབྱུང་བར་མི་འོས་པ་ཉིད་ཀྱི་ཕྱིར་ན་བདག་མེད་པའོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་དེ་ལྟ་བུ་འདི་ཕྱིན་ཅི་ལོག་ལས་རྣམ་པ་གཞན་དུ་སྣང་བས་གདོན་མི་ཟ་བར་འདི་སྤང་བར་བྱ་བ་ཉིད་དུ་མངོན་པར་གསལ ་བར་བྱས་ནས་སངས་རྒྱས་ཉིད་བླང་བར་བྱ་བ་ཉིད་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡང་དག་པར་བསྟན་པས་འཐོབ་པའི་ཕྱིར་ལྔ་པས་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བསྟན་ཏོ། །ཉོན་མོངས་པས་ཟིལ་གྱིས་མནན་པ་ནི་བྱང་ཆུབ ་སེམས་དཔའ་ཨི་སྤྱོད་པའི་བར་དུ་གཅོད་པར་བྱེད་པ་ཡིན་པས་ན་དྲུག་པས་ཉོན་མོངས་པ་དཔྱད་དོ། །བདུན་པས་ནི་ཡུལ་རྣམས་ཉོན་མོངས་པ་རྣམས་སྐྱེ་བ་དང་གནས་པ་དང་འཕེལ་པའི་རྒྱུ་ཡིན་པས་ཡུལ་དཔྱད་དོ། །ཡུལ་དེ་དག་ཀྱང་སེམས་ཅན་ཆོས་ཀྱི ་རང་བཞིན་མ་རྟོགས་ཤིང་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ལ་ཉོན་མོངས་བ་སྐྱེ་བའི་རྒྱུ་ཡིན་པས་བསྟན་བཅོས་འདི་ལས་དོན་དམ་པ་བསྟན་པ་དེ་ལ་ཆོས་ཀྱི་རང་བཞིན་རྣམ་པར་བཤད་པ་ཉན་པར་འདོད་པའི་སློབ་མའི་སེམས ་ཀྱི་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར། །བརྒྱད་པ་ཡོངས་སུ་སྦྱོང་བའི་རབ་ཏུ་བྱེད་པའོ། །དེའི་འོག་ཏུ་རབ་ཏུ་བྱེད་པ་བརྒྱད་ཀྱིས་ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་བསྟན་ཏོ། །ཞེས་བྱ་བ་ནི་བསྟན་བཅོས་བཞི་བརྒྱ་བའི་བསྡུས་པའི་དོན་ཏོ། །དེ་འདི་ད་ལྟའི་སྙན་དངགས ་མཁན་གྱིས་རྣམ་གཉིས་བྱས། བསྟན་བཅོས་བཞི་བརྒྱ་བ་དེ་ནི་ད་ལྟའི་སྙན་དངགས་མཁན་བཙུན་པ་ཆོས་སྐྱོང་གིས་ཇི་ལྟར་དགོད་པ་ཕྱེ་ནས་རྣམ་པ་གཉིས་སུ་བྱས་ཏེ། གཅིག་ནི་ཆོས་བསྟན་པ་བརྒྱ་པ་ཉིད་དུའོ། །གཞན་ནི་རྩོད་པ་བརྒྱ་བ་ཉིད་དུའོ། །ད་ནི་བདག ་གིས་གཅིག་ཏུ་དེ་རྣམ་དབྱེ་བར་བྱ། ད་ནི་བསྟན་བཅོས་བཞི་བརྒྱ་བ་དེ་གཅིག་ཏུ་བྱས་ནས་བདག་གིས་རྣམ་པར་དབྱེ་བར་བྱའོ། །དེ་ལྟར་བྱས་དང་བཀོད་པ་སྔ་མ་ཡང་ཡོངས་སུ་བསྐྱངས་པར་འགྱུར་ལ། དེས་ཕན་གདགས་པར་བྱ་བ་རྣམས་ལ་ཕན་བཏགས་པར ་ཡང་འགྱུར་ཏེ། བསྟན་བཅོས་ཀྱི་དོན་བརྗོད་པར་འདོད་པ་མཛའ་དག་བླངས་བས་རང་དང་གཞན་གྱི་དོན་ཡང་དག་པར་འགྲུབ་པའི་ཕྱིར་རོ། །གང་གི་ཕྱིར་ན་སློབ་དཔོན་འཕགས་པ་ལྷ་འདི་ནི། །སློབ་དཔོན་ཀླུ་སྒྲུབ་སློབ་མར་གནང་བར་འདོད་གྱུར་པ། །དེའི ་ཕྱིར་འདིའི་དེ་ཉིད་ལུགས་ལས་ལུགས་གཞན་མིན། །འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་སྟེ་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་ཏུ་བྱུང་ཞིང། དེ་ནས་ལྷོ་ཕྱོགས་ཀྱི་བརྒྱུད་ལྟར་འོངས་ཏེ་སློབ་དཔོན ་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་གྱུར་ཅིང། དེའི་ལུགས་ཀྱི་རྗེས་སུ་འཇུག་པར་གྱུར་པ་དེ་ཉིད་ཀྱི་ཕྱིར་ན་བསྟན་བཅོས་བཞི་བརྒྱ་བ་འདིའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལས་མཚན་ཉིད་ཐ་དད་པ་ཅན་མ་ཡིན་ནོ། །གང་ཞིག ་མཚན་ཉིད་སོ་སོར་བྱས་ནས་སྨྲ་བར་བྱེད་པ་དེའི་གཞུང་ལུགས་སོ་སོར་སྨྲ་བ་ཤིན་ཏུ་བབ་ཅོལ་ཡིན་ཏེ། དེའི་ཆོས་ཉིད་ལ་ལོག་པར་རྟོག་པའི་ཕྱིར་རོ། །བསྟན་བཅོས་བཞི་བརྒྱ་བ་འདི་ནི། །བཞི་སྒྲ་མི་མངོན་བྱས་པ་དང། །རྟོག་རྣམས་སེལ་བར་བྱེད་པའི ་ཕྱིར། །བརྒྱ་བ་ཞེས་བྱར་བརྗོད་པ་སྟེ། །འཛིན་པ་འཆོས་ཕྱིར་བསྟན་བཅོས་སོ། །དང་པོའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་དང། རྟོག་པ་རྣམས་སེལ་བར་བྱེད་པའི་ཕྱིར་བརྒྱ་བ་ཡིན་ལ། འཛིན་པ་རྣམ་པ་སྣ་ཚོགས་པ་འཆོས་པའི་ཕྱིར་ན་དེ་ཉིད་བསྟན ་བཅོས་ཏེ། བཞི་ཡང་དེ་དག་ཡིན་ལ་ཚིགས་སུ་བཅད་པ་བརྒྱ་ཡང་ཡིན་ནོ། །དེ་ལ་མི་རྟག་པ་ཉིད་ནི་སྐྱོ་བ་དང། རྗེས་སུ་མཐུན་པའི་ཕྱིར་དང། དེ་རྟོག་པས་སྡུག་བསྔལ་ལ་སོགས་པ་རྣམས་ཁོང་དུ་ཆུད་བར་སླ་བ་ཉིད་ཀྱི་ཕྱིར་ན་དངོས་བོ་ཇི་ལྟར་གནས་པ་?? ་ཡོངས་སུ་གསལ་བར་བྱ་བའི་ཕྱིར་རེ་ཞིག་མི་རྟག་པ་ཉིད་བསྟན་པའི་ཕྱིར་བཤད་པ། གང་ལ་འཇིག་རྟེན་གསུམ་མངའ་བདག་།རང་ཉིད་འཆི་བདག་བྱེད་པོ་མེད། །ཡོད་དེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞེན་ཅི་ཡོད། །སངས་རྒྱས་བཅོཾ ་ལྡན་འདས་ལ་བསྟེན་ནས་བསྟན་བཅོས་བཞི་བརྒྱ་བ་འདི་ལ་གུས་པ་བསྐྱེད་བར་བྱ་བའི་ཕྱིར། གདོན་མི་ཟ་བ་ཁོ་ནར་བསྟན་བཅོས་ཀྱི་རྩོམ་བར་སྟོན་པ་ལ་མཆོད་པ་བསྒྲུབ་པར་བྱ་དགོས་སོ་ཞེ་ན། བདོན་མོད་ཀྱི་འོན་ཀྱང་སྔོན་གྱི་སློབ་དཔོན་རྣམས་ནི་སློབ་དཔོན་ཀླུ ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང། །འགག་པ་མེད་པ་སྐྱེ་མེད་པ། །ཞེས་བྱ་བ་ལ་སོགས་པས་བསྟན་བཅོས་དབུ་མའི་རྩ་བ་ལས་ཐོག་མར་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པར་མཇེད་ལ། བསྟན ་བཅོས་འདི་ཡང་བསྟན་བཅོས་དེའི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ལ་ལོགས་སུ་བསྟོད་པ་བརྗོད་པ་ཉེ་བར་མ་བཀོད་དོ། །ཞེའོ། །འདིར་རབ་ཏུ་བྱེད་པ་བརྒྱད་ཀྱི་ཚིག་ལེའུར་བྱས་པ་དག་རེ་རེ་ལ་སློབ་དཔོན་ཆོས་ཀྱི་འབངས ་ཀྱིས་སྦྱར་བའི་དཔེ་རྣམས་འདོན་པ་དེ་དག་དང་ལྷན་ཅིག་རྣམ་པར་བཤད་པར་བྱའོ། །དེ་ལ་ཕུང་པོ་ལྔ་རྒྱུར་བྱས་ནས་གདགས་པའི་གང་ཟག་ནི་སྐྱེ་བའི་གནས་དེ་དང་དེར་འཇིག་ཅིང་རབ་ཏུ་འཇིག་པས་འཇིག་རྟེན་ནོ། །འཇིག་རྟེན་གསུམ་ཉིད་འཇིག་རྟེན ་གསུམ་སྟེ། རང་གི་དོན་ལ་ཥུན་བྱས་པའི་ཕྱིར་རོ། །དེ་དག་ཀྱང་ཁམས་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་དག་གི། གང་ཀླུའི་འཇིག་རྟེན་དང། མི་དང་ལྷའི་འཇིག་རྟེན་ཞེས་བྱ་བ་དག་གོ་།དེའི་ཕྱིར་འཆི་བདག་ནི་ཇི་ལྟར་འདོད ་པ་བཞིན་བྱ་བ་ལ་མདའ་བརྩན་པའི་ཕྱིར་ན་འཇིག་རྟེན་གསུམ་པོ་འདིའི་མདའ་བདག་གོ་།དེ་ལ་སངས་རྒྱས་བཅོམ་ལྡན་འདས་འཆི་བདག་གི་བདུད་ཕམ་པར་མཛད་པ་ལ་འཆི་བདག་གི་བསྙེངས་པ་མི་མདའ་ཞིང། དེས་བསྟན་པ་ལས་སྐྱེས་པ ་འཇིག་རྟེན་ལས་འདས་པའི་ལམ་གྱི་འོད་ཀྱིས་སེམས་ཀྱི་རྒྱུད་སྣང་བར་བྱས་ཤིང། ངེས་པར་འབྱུང་བའི་རྒ་ཤི་ཡོངས་སུ་ཟད་པ་རྣམས་ལ་ཡང་འཆི་བདག་གི་འཇིགས་པ་མེད་མོད་ཀྱི། གང་ཞིག་འཕགས་པའི་ལམ་རྒྱུད་ལ་མ་སྐྱེས་ཤིང། ་དངོས་པོ་རྣམས་ལ་འདི་ཉིད་དུ་བདེན་པར་མངོན་པར་ཞེན་པས་ཁམས་གསུམ་གྱི་འཆིང་བ་ལས་ཡོངས་སུ་མ་གྲོལ་བ་དེ་འཆི་བདག་དོན་པོ་ཅན་ཡིན་པ་ཉིད་ཀྱི་ཕྱིར་གང་ལ་ཞེས་བྱ་བ་སྟེ། རྣམ་པ་དེ་ལྟ་བུའི་གང་ཟག་གང་ལ་འཇིག་རྟེན་གསུཾ ་གྱི་ཡང་བདག་པོ་རང་ཉིད་འཆི་བདག་གི་རྒྱལ་པོ་གཞན་གྱིས་རབ་ཏུ་མ་སྦྱར་བ་དང། གཞན་རབ་ཏུ་སྦྱོར་བ་པོ་མ་ཡིན་པ་ཉིད་ཀྱིས་ན་རང་ཉིད་ཀྱིས་ཆད་པ་གཅོད་པར་བྱེད་པས་སྐྱེས་བུར་བྱེད་པ་གཞན་དག་གིས་སླར་བཟློག་ཏུ་མེད་པ། རལ་གྲི་རྣོན་པོ་གདེངས ་པ་ལྟར་སྲོག་གཅོད་པར་བྱ་བའི་ཕྱིར་ཞུགས་པ་ཡོད་ཅིང། གསོན་པ་དེ་དག་ལ་རག་ལས་པ་དེས་འཆི་ལྟས་ཀྱིས་ཟིན་པ་ལྟར་རམ་སྐྲ་འམ་གོས་ལ་མེ་ཤོར་བ་ལྟར་གྱུར་པར་བྱས་ཏེ་བག་ཡོད་པར་སྤྱོད་པས་དེའི་ཕྱིར་སྤྱོད་བདག་ལ་བརྩོན་པར་བྱ་དགོས་ཏེ། བྱ ་བ་བྱས་པ་ལྟར་ཆོས་ཤིང་བརྩོན་པར་མི་བྱེད་པར་རྣལ་མ་བཞིན་གཉིད་ལོག་ན་ནི། དེ་ལས་མ་རུངས་གཞན་ཅི་ཡོད། །ཇི་སྐད་བཤད་པའི་གང་ཟག་བག་མེད་པ་དང་ལྡན་པ་འདི་ལས་ཆེས་མཆོག་ཏུ་མ་རུངས་པ་གཞན་ཡོད་པ་མ་ཡིན་ཏེ། གང་ཞིག་འཆི ་བདག་གི་ཆད་པའི་དཀྱིལ་ན་གནས་བཞིན་དུ་རྣལ་མ་བཞིན་དུ་གཉིད་ལོག་ཅིང་དེའི་ཕྱིར་སྤྱོ་བའི་ཆོ་གར་འཕགས་པའི་ལམ་བསྐྱེད་པ་ལ་གུས་པར་མི་བྱེད་པ་དེ་ཉིད་མ་རུངས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཆད་པ་དུག་པ་མེད་པ་ཅན་གྱི་འཆི་བདག་གི་སྤྱོད་ཡུལ ་གནས་པས་ནི་གོར་མ་ཆག་པར་བག་ཡོད་པ་དང་ལྡན་པར་བྱ་དགོས་ཏེ། མར་མེ་འདེགས་པས་རབ་ཏུ་སྐྱོན་པར་བྱས་པའི་རྒྱལ་པོ་དང། འཇིགས་པ་དང་བཅས་པའི་གྲོང་དུ་བསྡད་པའི་མི་བཞིན་ནོ། །རྒྱལ་པོ་རི་མོ་ཆེར་ཡོངས་སུ་བཟུང་བའི་བློན་པོ་འགའ་ ་ཞིག་གིས་མར་མེ་འཛིན་པ་རྣམས་མ་གཏོགས་པ་རྒྱལ་པོ་སླས་དང་འཁོར་དང་བཅས་པ་རང་གི་ཁྱིམ་དུ་སྤྱན་དྲངས་ནས་རི་མོ་ཆེར་རིམ་གྲོ་བྱས་པ་དང། སེམས་མགུ་བར་མ་བྱས་པ་དེ་རྣམས་ཀྱིས་ཐབས་ཀྱིས་ཅི་ནས་བློན་པོ་གསོད་པར་འགྱུར་བ་དེ་ལྟར་རྒྱལ་པོ ་ལོག་པར་འཛིན་དུ་བཅུག་ལ་ངེས་ཀྱང་རང་གི་རྒུད་པ་ཕྱིར་ལྡོག་པའི་ཕྱིར་གུས་པ་དང་ལྡན་པས་ཇི་ལྟར་དེ་ལ་གནོད་པར་མི་འགྱུར་བ་རེ་ལྟར་ནན་ཏན་དུ་བྱས་པར་གྲག་སྟེ། དེ་བཞིན་དུ་གཞན་དག་གིས་ཀྱང་བག་ཡོད་པ་ལ་གནས་ཏེ། ཇི་ལྟར་འཆི་བདག་གི་རྒྱལ ་པོ་གནོད་པར་བྱེད་པར་མི་འགྱུར་པ་དེ་ལྟར་བསྒོམ་པར་བྱའོ། །ཡང་སྐྱེས་བུ་ཞིག་ལམ་བཟང་པོ་ནོར་ནས་འབྲོག་དགོན་པ་ཞིག་ཏུ་ཕྱིན་པར་གྱུར་ཞིང། དེའི་རྗེས་ཐོགས་སུ་བག་མེད་པས་འཇིགས་པ་ཤིན་ཏུ་ཆེ་བའི་གྲོང་ཞིག་ཏུ་ཡིད་བསྟན་པར་བྱས་ཏེ ་བཅོམ་ནས་ཤི་བར་གྱུར་པ་དེ་བཞིན་དུ་ཁམས་གསུམ་གྱི་གྲོང་འཆི་བདག་གི་ཆད་པ་ཉེ་བར་བག་མེད་པ་དང་ལྡན་པ་གང་ཞིག་སྡོད་པ་དེ་ནི་ངེས་པར་འཆི་བདག་གིས་འཇོམས་པར་འགྱུར་རོ། །དེའི་ཕྱིར་བདག་ཉིད་ཤེས་པས་རྟག་ཏུ་བག་ཡོད་པ་ཁོ ་ནར་བྱ་དགོས་ཏེ། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཞེས་བཤད་དོ། །འདིར་སྨྲས་པ། གལ་ཏེ་ཡང་འཇིག་རྟེན་གསུམ་གྱི་མངའ་བདག་འཆི་བདག་ཡོད་མོད་ཀྱི། དེ་ལྟ་ན་ཡང་དེ་བས་ཆེས་སྔར་དེ་བཟློག་པར ་བྱེད་པ་པོ་བྱ་བ་གསོན་པ་ཡོད་པ་ཡིན་ཏེ། དེ་ཡོད་པ་ལས་ན་དེའི་བར་དུ་འཆི་བདག་ལ་མི་འཇིགས་ཏེ། སྐྱེས་པ་ཙམ་ལ་འཆི་བ་མི་སྲིད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། གསོན་པ་ལ་ནི་འཆི་བདག་གི་འཇིགས་པ་ཕྱིར་ལྡོག་པར་བྱེད ་པ་པོ་ཉིད་ཡོད་པ་མ་ཡིན་ཏེ། དེ་ཡང་འཆི་བའི་དོན་དུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང། །གཞན་དབང་འགྲོ་བའི་དང་ཅན་ལ། །འཆི་བ་བྱ་བ་ལྟར་སྣང་སྟེ། །གསོན་པ་བྱ་བ་མིན་ལྟར་རོ། །རྒ་ཤི་སྐྱེ་བའི ་རྐྱེན་ཅན་ཡིན་པ་ཉིད་ཀྱི་ཕྱིར་སྐྱེས་པ་ཁོ་ན་འཆིའི་མ་སྐྱེས་པ་ནི་མ་ཡིན་པས། འཆི་བའི་ཆེད་དུ་དང་པོ་སྐྱེ་བ་འབྱུང་བ་དེ་ལྟར་ན། འཆི་བར་བྱ་ཕྱིར་སྐྱེ་འགྱུར་ཞིང། །འཆི་བདག་དང་སྤྲོད་པའི་རྒྱུ་རྒ་བ་དང་ན་བ་དང་རྒུད་པ་ལ་སོགས་པའི་རྐྱེན ་ལ་རག་ལས་པ་ཉིད་ཀྱི་ཕྱིར་རང་དབང་མེད་ཅིང་འཆི་བའི་ལམ་ན་གནས་པའོ། །རྒ་བ་ལ་སོགས་པ་སྐྱེས་བུ་གཤེད་མ་དང་འདྲ་བ་རྣམས་ཀྱིས་མྱུར་དུ་འཆི་བདག་གི་ཐད་དུ་བཀྲི་བར་བྱ་བ་ཉིད་ཀྱི་ཕྱིར་ན་འགྲོ་བའི་དད་ཅན་ནོ། །དེའི་ཕྱིར་བསད་པར ་བྱ་བའི་མགོ་གཅོད་པ་ལྟར་མཛའ་ཡང་འཆི་བས་ཐོག་མ་དང་བར་དང་ཐ་མ་རྣམས་སུ་དེའི་དོན་ཁོ་ནར་ཞུགས་པ་ཉིད་ཀྱི་ཕྱིར་སྐྱེ་བོ་དེ་ལ་འཆི་བ་བྱ་བལྟར་མཐོད་གི། གསོན་པ་ནི་མ་ཡིན་ཏེ། དེའི་དོན་དུ་ཞུགས་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཐོག་མར་ཡང་གསོད ་བ་ལ་རེ་བས་བདག་ཉིད་བསླུ་བར་མི་བྱའོ། །ཞེས་བྱ་བ་ནི་ཡང་དག་པར་བསྐུལ་བའོ། །འདིར་མིའི་དཔའ་བོ་ཐོག་མའི་མཚན་མོ་ནི། །གང་ནས་འཇིག་རྟེན་མངལ་ན་གནས་འགྱུར་པ། །དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་ཞིང། །འགྲོས་པ་ཤོལ་མེད་པར་འཆི་བདག ་དྲུང་དུ་འགྲོ། ཞེས་བཤད་དེ། ཞག་གྲངས་པའི་རྒྱལ་པོའི་ཕོ་ཉ་དང། རྔ་མོ་ལ་ཞོན་པའི་ཀུན་ཏུ་རྒྱུ་མོ་དང། བཤེད་བྱེད་མོ་བསླང་བ་བཞིན་ནོ། །དཔེར་ན་རྒྱལ་པོ་ཤིན་ཏུ་གཏུམ་པོ་མ་རུང་པ་སྙིང་རྗེ་མེད་པས་ཡོངས་སུ་བགྲངས་པའི་ཞག་ལ་འོང་བར་བྱ ་པའི་ཕྱིར་མངགས་པའི་ཕོ་ཉའི་བྱ་བ་ནི་འོང་བ་ཁོ་ན་ཡིན་གྱི་འདུག་པ་མ་ཡིན་པ་དེ་བཞིན་དུ། སྐྱེས་པའི་བྱ་བ་ཡང་འཆི་པ་ཉིད་ཡིན་གྱི། གསོན་པ་ནི་མ་ཡིན་ཏེ། སྐད་ཅིག་སྐད་ཅིག་ལ་གསོན་པ་འགག་པའི་ཕྱིར་རོ། །ཡང་དཔེར་ན་ཀུན་ཏུ་རྒྱུ་མོ ་ཞིག་ཁྱིམ་དུ་འཇུག་པར་བྱའོ་སྙམ་སྟེ་ཁྱིམ་སྒོ་ན་འདུག་པའི་རྔ་མོ་ལ་བགོམ་པར་ཞུགས་པ་དང། རྔ་མོ་དེས་འདི་ནི་སྐྱེན་བུ་ཞིག་གོ་སྙམ་དུ་ཤེས་ཏེ་ལངས་ནས་ཆས་ཤིང། དེ་ཡང་དེའི་དབང་དུ་གྱུར་པ་དེ་བཞིན་དུ་སྐྱེ་བ་ཐམས་ཅད་འཆི་བ་གཞན ་གྱི་དབང་སྟེ། འཆི་བ་ལ་རག་ལས་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་གཞན་བསད་པར་བྱ་བའི་ཕྱིར་གཤེད་བྱེད་བསླང་བ་དང་གཞན་གསོད་པར་མ་ནུས་པས་སླང་བ་པོ་དེ་ཉིད་བསད་ཀྱི། གཞན་ནི་མ་ཡིན་པ་དེ་བཞིན་དུ་སྐྱེས་པ་གནས་པར་བྱ་བར ་མི་ནུས་པའི་ཕྱིར་འཆི་བ་ཉིད་བྱ་བ་ཡིན་གྱི། གསོན་པ་ནི་མ་ཡིན་ཏེ། གསོན་པ་ནི་སློང་བ་པོ་གསོད་པར་བྱེད་པ་ལྟར་བལྟ་བར་བྱའོ། །འདིར་འཆི་བ་ཕྱིར་བཟློག་པར་བྱེད་པ་གསོན་པ་ནི་ཡོད་པ་ཉིད་དེ། ལས་ཀྱི་འཕེན་པ་ཇི་ལྟ་བ་བཞིན་དེ་ཡོད་པའི་ཕྱིར་རོ། ། ་འདི་ལྟར་དེང་སང་ན་མི་རྣམས་ཚེ་ལོ་བརྒྱ་པ་ཡིན་ལ། བདག་གི་དང་པོ་ལོ་བཅུ་དྲུག་ནི་འདས་ལ། བརྒྱད་ཅུ་རྩ་བཞི་ནི་མ་འོངས་པ་ཡིན་ཏེ། དེའི་ཕྱིར་བདག་གིས་དུས་ཅུང་ཟད?་ཅིག་ཡུལ་གྱི་བདེ་བ་ཉམས་སུ་མྱོང་བར་བྱས་ཏེ ་ཕྱིས་འཆི་བདག་བཟློག་པའི་ཕྱིར་འབད་པར་བྱའོ། །དེའི་ཕྱིར་གསོན་པོའི?་དུས་རིང་པོ་ཉིད་དུ་མཐོང་བའི་ཕྱིར་གསོན་པོའི་རེ་བ་རིག་པ་ཡིན་ནོ། །ཞེས་སྨྲའོ། །འདི་ཡང་མི་རིགས་པ་སྨྲས་པ་ཉིད་དུ་བརྗོད་པའི་ཕྱིར། ་ཁྱོད་ཀྱི་འདས་དུས་ཐུང་དུ་ལྟར། །མཐོང་ཞིང་མ་འོངས་གཞན་དུ་ན། ཁྱོད་མཉམ་མི་མཉམ་ལྟར་སེམས་ཏེ། །གསལ་བར་འཇིགས་པའི་འོ་དོད་འདྲ། །ཞེས་བྱ་བ་སྨོས་སོ་།གང་ལ་ཁྱོད་ཀྱིས་ཆེས་ཉུང་པ་ཉིད་དུ་ངེས་པར་བཟུང་ནས ་ཡིད་བག་མེད་སྤྱོད་པ་ལ་ཉེ་བར་སྦྱོར་བ་འདས་པའི་དུས་གང་ཡིན་པ་དེ་ནི་མ་འོངས་པ་དང་འདྲའོ། །ཇི་ལྟར་ཚེ་ལ་ངེས་པ་མེད་པའི་ཕྱིར་མ་འོངས་བའི་དུས་ཐུང་བ་འམ་རིང་བ་ཉིད་དུ་ཡོངས་སུ་བཅད་པར་མི་ནུས་པ་དེ་བཞིན་དུ་འདས་པ་ཡང་ཐུང་བ་འམ་རིང ་པ་ཉིད་དུ་ཡོངས་སུ་བཅད་པར་མི་ནུས་ཏེ། དེ་ཐུང་བ་དང་རིང་བ་ཉིད་ནི་མ་འོངས་པའི་འཐུང་བ་དང་རིང་བ་ཉིད་ལ་བལྟོས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་ཐུང་བ་དང་རིང་བ་ཉིད་དུ་ཡོངས་སུ་བཅད་པར་མི་ནུས་པས་འདས་པ་དང་མ་འོངས་པའི་དུས ་དག་མཉམ་པར་རྣམ་པར་གནས་པ་ལ། གང་འདས་པ་ཁོ་ན་ཐུང་གི་མ་འོངས་པ་ནི་མ་ཡིན་ནོ། །ཞེས་མི་མཉམ་པར་མཐོང་བ་དང་ལྡན་པ་ཁྱོད་ཀྱི་བསམ་པ་དེ་ནི་གསལ་བར་འཆི་བའི་འཇིགས་པ་ཁོ་ན་སྟོན་པ་ཡིན་ཏེ། འཇིགས་པའི་སྒྲ ་བཞེན་ནོ། །དེའི་ཕྱིར་མ་འོངས་པ་རིང་པ་ཉིད་དུ་ཡོངས་སུ་བརྟགས་པ་ལས་ཡིད་བརྟན་པར་མི་རིགས་ཏེ། འདིས་འཆི་བདག་གི་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར་བརྩོན་པར་གྱུར་པར་ནི་རིགས་ཏེ། འཇིག་ཚོགས་པ་ལྟ་བའི་བྲ་མ་ཐེ་དང། ་འཇིགས་ནས་བསྟན་པའི་དངོ་འདོན་པ་བཞིན་ནོ། །གྲོང་གི་ཁང་དམིགས་འགའ་ཞིག་ཏུ་དོན་མཐུན་བྱེད་པ་བརྡལ་གཅིག་གིས་མཚན་མོ་བསྡང་ནས་ཕྱེགས་དང་ཕྱོགས་སུ་བཤད་པ་བཏང་ཏེ་ནང་པར་སྔ་བ་ཉིད་དུ་དོང་བར་གྱུར་ཏོ། །དེ་དག་གི་ནང་ནས ་བྲམ་ཟེ་ཁ་ཅིག་གཉིད་ཀྱིས་བོར་བ་ལ་ཁང་པ་དེ་སྐྱོང་བ་ཞིག་གིས་འོངས་ཏེ་སླང་ནས་བླུན་པོ་སྨད་བའི་གནས་དག་ཇི་སྲིད་མ་སྣན་གྱི་བར་དུ་ལ་མར་བཤད་བ་སོལ་ཅིག་ཅེས་སྨྲས་པ་དང། དེ་ནས་དེ་དག་གི་རང་རང་གིས་བཤད་བ་བཏང་བ་སེལ་གྱི། གཞན ་གྱིས་ནི་མ་ཡིན་ནོ། །ཞེས་སྨྲས་པར་གྲགས་ཏེ། བྲམ་ཟེ་དེ་དག་ནི་མི་གཙང་བ་ལ་ཡང་བདག་གིར་འཛིན་པར་ཞུགས་པས་འཇིག་ཚོགས་ལ་ལྟ་བའི་བྲམ་ཟེ་ཞེས་བྱའོ། །ཇི་ལྟར་འཇིག་ཚོགས་ལ་ལྟ་བའི་བྲམ་ཟེ་དེ་དག་བརྡེག་པར་བྱའོ། །ཞེས་ཐབས་ཀྱིས ་བཤད་བ་སེལ་དུ་བཅུག་ལ། ཇི་ལྟར་དེ་དག་བཤད་པ་མི་གཙང་བར་མཚུངས་ཀྱང་འདི་ནི་བདག་གི་ཡིན་གྱི། འདི་ནི་མ་ཡིན་ནོ། །ཞེས་མི་མཉམ་པར་ལྟ་བ་དེ་བཞིན་དུ། འདས་པ་དང་མ་འོངས་པ་དག་ཐུང་བ་དང་རིང་བ་ཉིད་དུ་ཡོངས་སུ་གཅད་དུ་མེད་པར་མཉམ ་དུ་ཟིན་ཀྱང་སེམས་ཅན་རྣམས་ཀྱི་ཐུང་བ་ཟད་ལ་རིང་བ་ལུས་སོ་སྙམ་དུ་མི་མཉམ་པར་མཐོང་ངོ། །ཡང་ན་དཔེར་ན་ལམ་འཇིགས་པ་དང་བཅས་པར་ཞུགས་བཞིན་རྐུན་པོའི་ཚོགས་ཉེ་བར་གནས་པས་འཇིགས་བཞིན་དུ་ཡང་མི་འཇིགས་པ་སྐད་དུ་སྨྲ་ཞིང། ་ངེས་འཇིགས་པ་ཡིན་ནོ། །ཞེས་བྱ་བར་ཤེས་པར་བྱེད་པ་ཁོ་ན་ཡིན་པ་དེ་བཞིན་དུ་ཚེ་ཅུང་ཟད་ཅིག་ནི་སོང་ངོ་མང་པོ་ནི་ལུས་སོ། །ཞེས་འཆི་བས་འཇིགས་པས་སྒག?་པར་སྨྲ་སྟེ། དེ་ཅེམ་གྱིས་དེ་དག་དབྱུགས་ཕྱུང་བར་ནི་མི་འགྱུར་རོ། །གང་ཞིག་མ ་འོངས་པ་ལ་རིང་པོ་ཉིད་དུ་བརྟག་པར་མི་རིགས་མོད་ཀྱི། དེ་ལྟ་ན་ཡང་འཆི་བ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་དེ་ལས་སྐྲག་པར་མི་འབྱུང་ངོ། །ཞེས་སྨྲ་པ་དེ་ལས་བརྩད་པར་བྱ་སྟེ། གཞན་དག་ལའང་སྤྱི་ཐུན་ཕྱིར། །ཁྱོད་ལ་འཆི་བའི ་འཇིཊ་མེད་ན། གཅིག་ལ་གནོད་གང་དེ་ཕྲད་དོག་།སྒོ་ནས་སྡུག་བསྔལ་བསྐྱེད་འགྱུར་རམ། །གལ་ཏེ་ཐུན་མོང་མ་ཡིན་པའི་ཕྱིར་གནོད་པས་གཞན་ལ་མི་གནོད་པ་ཉིད་ཀྱིས་ཕུན་སུམ་ཚོགས་པ་མི་བཟོད་པའི་རྟེན་པག་དོག་དེ་ལ་ལྟོས་ནས ་འཇོམས་ཤིང། རང་གི་ངོ་བོ་ཉེ་བར་ལྷགས་པ་ལས་མ་ཡིན་ན་ནི་དེའི་ཚེ་འདི་ཡིད་བརྟན་པའི་གནས་སུ་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། གནོད་པ་དེའི་རང་གི་ངོ་བོ་ཉིད་ཚ་བ་ཡིན་ནོ། །འདི་ལྟར་མེས་བསྲེགས་པའི་སྡུག་བསྔལ་ནི་གཞན ་ལ་ཕྲག་དོག་པ་ལ་བལྟོས་ཏེ་བསྲེག་བྱ་འཇོམས་པ་མ་ཡིན་གྱི། འོན་ཀྱང་གང་ཕྲག་དོག་མེད་པར་འཇོམས་པ། ཡུལ་ཡང་དག་པར་ལྷགས་པ་དེ་ཉིད་རྣམ་པ་དེ་ལྟ་བུ་ཡིན་པ་དེ་བཞིན་དུ་འཆི་བའི་སྡུག་བསྔལ་འདི་མ་ཡིན་བས་ཐུན་མོངས་པ་ཉིད་ཡིད་བརྟན་པའི ་རྒྱུ་མ་ཡིན་ནོ། །ཁ་ཅིག་ཏུ་ཕྲག་དོག་གིས་བྱས་པའི་སྡུག་བསྔལ་བླ་ལྷག་སྲིད་ཀྱི། །ཕྲག་དོག་གི་དངོས་པོ་ནི་ཡུལ་ཡང་དག་པར་ལྷགས་པས་གནོད་པའི་སྡུག་བསྔལ་གྱི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་སྐྲག་པའི་གནས་སུ་མཁས་པའི་སྐྲག་པ་ཉིད་རིགས་པའི ་ངོ་བོ་ཡིན་ཏེ། གྲོང་པའི་དཔྱའ་དབུལ་བ་དང་ཆོམ་རྐུན་གྱིས་དེད་དཔོན་བསད་བྱ་བ་བཞིན་ནོ། །ཇི་ལྟར་གྲོང་པ་རྣམས་དཔྱའའབུལ་བའི་དུས་སུ་ཐོག་མར་གང་བཟུང་བ་དེ་སྡུག་བསྔལ་བར་འགྱུར་ལ། ཐམས་ཅད་བཟུང་བའི་ཚེ་ན་ནི་མ་ཡིན་པ་དེ་བཞིན་དུ་འཆི་བ་ནི་མ་ཡིན་ཏེ། ་དེ་ནི་ཕྲག་དོག་མེད་པས་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་རྒྱལ་པོས་ཚོམ་རྐུན་གྱི་དེད་དཔོན་བསང་བར་བྱ་བ་བསད་པར་བྱ་དགོས་སོ། །ཞེས་བཀའ་ལུང་སྩལ་པ་དང། དེ་ཡང་ཕྲག་དོག་གིས་སྡུག་བསྔལ་པར་གྱུར་ལ། ཐམས་ཅད་ལ ་བཀའ་སྩལ་ན་ནི་མ་ཡིན་ཞིང། དེ་དག་བསད་པ་དེ་ལ་ཕན་པར་འགྱུར་པ་ཡང་མ་ཡིན་པ་དེ་བཞིན་དུ། ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ་སྙམ་དུ་བསམས་ནས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཆི་བ་ལ་འཇིགས་ཤིང། འགའ་ཞིག་འཆི་བས་འགའ་ཞིག་ལ ་ཕན་འདོགས་པར་ཡང་མི་འགྱུར་རོ། །གང་ཞིག་གསོ་དཔྱད་དང་བཅུད་ཀྱི་ལེན་ཉོ་བར་སྤྱད་བདག་གིས་དུས་རེ་ཞིག་རྒ་བ་དང་ན་བའི་གནོད་པ་ཉེ་བར་ལྷགས་པའི་སྡུག་བསྔལ་བཟློག་སྟེ། དེས་བྱས་པའི་སྐྱེས་བུའི་བྱེད་པས་འཆི་བ་ཡང་མི་འཇིགས་པ་དེ་སྐྱོ་བ་བསྐྱེད ་པའི་ཕྱིར་བཤད་པ། ནད་བཅོ་རྒ་བ་གསོ་བྱ་དེས། །དེ་དག་ལ་ཁྱོད་མི་འཇིགས་མོད། །ཆད་པ་ཕྱི་མ་བཅོར་མེད་པས། །ཁྱོད་ཆེས་གསལ་བར་དེ་ལ་འཇིགས། །ནད་བཅོས་སུ་ཡོད་པའི་ཕྱིར་དང། རྒ་བ་གསོར་ཡོད་པའི་ཕྱིར་དེ་གཉིས་ལ་ཁྱོད་མི་འཇིགས ་ལ་རག་མོད། འཆི་བ་ལ་ནི་དེ་ལྟར་བཟློག་པ་པོ་མི་སྲིད་པས་ཁྱོད་ལ་དེ་ལ་འཇིགས་པ་ཡོད་པར་ཆེས་གསལ་ལོ། །ཆད་པ་ཕྱི་མི་དེ་ནི་བཅོས་སུ་མེད་པ་ཞིག་སྟེ། སྲོག་མཐར་བྱེད་འཆེ་བདག་ཅེས་བྱ་བ་བཅོས་སུ་མེད་པ་དེ་ལ་གདོན་མི་ཟ་བར ་འཇིགས་པར་བྱ་དགོས་པས་རྒ་བ་དང་ན་བའི་བཅོས་ག་ཙམ་ལ་རེ་བའི་སྒོ་ནས་ཁྱོད་བདག་ཉིད་བསླུ་བར་མི་རིགས་ཏེ། བློན་པོ་རེངས་པ་བཞིན་དང། ཁྲུས་མཁན་དང་རྒྱལ་པོའི་ན་བཟའ་བཞིན་ནོ། །དཔེར་ན་རྒྱལ་པོ་འགའ་ཞིག་ལ་བློན་པོ་རེངས་ཤིང། ་དེས་དེ་བཟུང་བའི་ཕྱིར་དམག་མངགས་པ་དང་དེས་དེ་འབུལ་གྱི་བཅོས་པར་གྱུར་ལ། དེ་ནས་གཞན་བཏང་བ་དང། དེ་ཡང་ཁོ་ན་ལྟར་བཅོས་པར་གྱུར་ཏོ། །དེ་ནས་རང་ཉིད་གཤེགས་པ་དང། དེས་བཅོས་སུ་མེད་པར་གྱུར་པ་དེ་བཞིན་དུ། རྒ་བ་དང་ན ་པ་དང་འཆི་བ་དག་ཤེས་པར་བྱའོ། །ཡང་ཇི་ལྟར་ཁྲུས་མཁན་ཞིག་ཁྱིམ་ཁོལ་གྱི་བྲམ་ཟེ་རྣམས་ཀྱི་གོས་དག་ཆུད་གཟན་ནས་ཐབས་ཀྱིས་བསྟུན་པར་བྱེད་ཀྱི། གང་གི་ཚེ་རྒྱལ་པོའི་ན་བཟའ་ཆུད་གཟན་པ་དེའི་ཚེ་ནི་སླར་བསྟུན་པར་མེ་ནུས་སོ། །དེ་ལྟར་རྒྱལ ་པོའི་ན་བཟའ་བརླག་པ་དང་སློབ་དཔོན་ཁ་ཅིག་དག་རྒྱལ་པོ་མཐར་འགྲོ་ཞོན་ཆད་པར་བྱེད་ཏེ། དེའི་ན་བཟའ་ཆུད་གཟན་ནས་སླར་བསྐྱལ་བར་མི་ནུས་པས། ལགས་མཐུན་ཁྱབ་འཇུག་ལ་དགྱེས་ལྟོས་ཕྱོགས་རྒྱ་མཚོའི་བུ་མོ་གནག་ཁྲུས་འགྲམ་དཀྲིགས?་ཤིང་ན? ་གང་གའི་ངོ་ཟླ་གོ་ད་ཝ་རིའི་ཀླུང་ཞེས་རྣམ་པར་གྲགས་པར་གྱུར་པ་གང། དེ་ལ་ད་ལྟ་སྤྲིན་དུས་བྱོལ་དུ་ཟིན་ཀྱང་ཁྱོད་ཀྱི་གླང་ཆེན་དབང་མྱོས་པའི། །མཆེ་བའི་གཏུན་ཤིང་གིས་དཀྲུགས་བསླང་བའི་རྡུལ་རྣམས་ཀྱིས་ཆབ་དང་པ་ཡོངས་མ་མཆིས ་ཞེས་ཞུ་གསོལ་བྱས་པར་གྲག་གོ་།འཆི་བདག་ནི་དེ་ལྟར་ཞུ་བས་བཅོས་སུ་ཡོད་པ་མ་ཡིན་ཏེ། དེ་ནི་མ་རིག་པའི་དགྲ་བོ་ཞེ་ངན་དྲག་པོ་འབྱུང་བ་ཅན་དང་འདྲ་བར་གདོན་མི་ཟ་བར་དེ་ལ་ཡིད་དབྱུང་བར་བྱའོ། །ཅི་སྟེ་ངེས་པར་འཆི་བ་ཞེས་བྱ་བ་སོ་སོའི་སྐྱེ་བོ ་རྣམས་ཀྱིས་སྐྱེས་བུའི་མཐུ་ངེས་པར་ལྡོག་ཏུ་མེད་པ་འདི་ནི་ཡོད་མོད་ཀྱི། དེ་ནི་ད་ལྟར་ངེས་བར་མ་ཟིན་པའི་ཕྱིར་འཇིགས་པ་འདྲེན་པར་བྱེད་པ་མ་ཡིན་ནོ་སྙམ་ན། དེ་ཡང་ཡོང་པ་མ་ཡིན་ཏེ། འདི་ལྟར་བསང་པར་བྱ་བའི་ཕྱོགས་རྣམས་ལྟར། །འཆི་བ ་ཀུན་གྱི་ཐུན་མོང་ཞིང། །གཞན་ཡང་འཆི་བ་སྣང་འགྱུར་ན། །ཁྱོད་ལ་འཆི་བདག་འཇིགས་ཅེས་མེད། །གལ་ཏེ་འཆི་བ་འདི་ཐུན་མོང་མ་ཡིན་པ་དང། མི་སྣང་བར་འགྱུར་ན་ནི་དེ་དེ་སྐད་བརྗོད་པར་རིགས་པ་ཞིག་ན། གང་གི་ཕྱིར་གང་འཆི་བར་རྟོགས་པར ་མི་འགྱུར་པ་འདི་ནི་ཤིན་ཏུ་བྱིངས་ཆེ་བ་མ་ཡིན་ཏེ། དུ་མ་ཞིག་ནི་ཤི་ཟིན་ཞིང་འཆི་བ་བཞིན་པར་རྟོགས་སོ། །དེ་ནི་དེ་ཁོ་ན་ལ་ཡོད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་འཆི་བ་ཐམས་ཅད་ཀྱི་སྤྱི་ཐུན་ཡིན་པར་རྟོགས་པའི་ཕྱིར་རོ། །དཔེར་ན་བསད་པར ་བྱ་བའི་ཕྱུགས་རྣམས་ཀྱི་འཆི་བ་ནི་ཐམས་ཅད་ལ་ཐུན་མོང་བ་ཡིན་ལ། གཅིག་གིས་ཅིག་ཤོས་འཆི་བ་དམིགས་པ་ཡང་ཡིན་ནོ། །དེ་བཞིན་དུ་མི་རྣམས་ཀྱི་ཡང་ཡིན་པས་རྒྱུ་གང་གིས་ཁྱོད་ལ་འཆི་བའི་འཇིགས་པ་མེད་པར་འགྱུར། རྒྱུ་གཉིས་ཀྱིས ་འཆི་བའི་འཇིགས་པ་མི་སྲིད་དེ། དེ་མི་དམིགས་པ་དང་དེ་ལས་འདས་པ་ཡིན་པ་ཞིག་ན། གཉིས་པོ་འདི་ནི་ཁྱོད་ལ་མི་སྲིད་དེ། འཆི་བདག་གདོལ་པ་གསོན་པའི་ལམ་འགགས་ནས་མདུན་ན་གནས་པ་དེའི་ཕྱིར་བག་མེད་པས་ཅི་ཞིག་བྱ། བག་མེད་པས་ནི ་ཕྱུགས་དང་མཚུངས་པ་ཉིད་དུ་འགྱུར་ཏེ། གསོད་སའི་ཕྱུགས་བཞིན་ནོ། །ཇི་ལྟར་བཤའ་རིའི་ཕྱུགས་རྣམས་འཆི་བར་མཚུངས་བཞིན་དུ། གང་གི་ཚེ་བ་ཤན་པས་ཕྱུགས་གཅིག་བསད་པའི་ཕྱིར་ཁྲིད་པར་གྱུར་པ་དེའི་ཚེ་གཞན་དག་སོ་གསོང་པར་གནས་པར་འགྱུར་པ ་དེ་བཞིན་དུ། གསོང་སའི་ཕྱོགས་ལྟར་འཆི་བ་ཐམས་ཅད་ལ་ཐུན་མོང་དུ་ཡོད་བཞིན་དུ་གང་གི་ཚེ་གཅིག་འཆི་བ་དེའི་ཚེ་བྱིས་པ་གཞན་རྣམས་རྣལ་དུ་གནས་པར་འགྱུར་རོ། །གང་དག་གལ་འཆི་བ་མངོན་སུམ་དུ་དམིགས་མོད་ཀྱི། དེ་ལྟ་ན་ཡང་དེའི་དུས་མ་ངེས ་པས་དེ་ལ་གཅིག་ཏུ་འཇིགས་པ་མ་ཡིན་ནོ། །འདི་ལྟར་སྟོན་བརྒྱ་འམ་སྟོང་ན་འཆིའོ། །ཞེས་ངེས་པར་མི་ཟིན་ཏེ། དེའི་ཕྱིར་ཤིན་ཏུ་གུས་པས་ཅི་ཞིག་བྱ་སྙམ་དུ་སེམས་པ་དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་དུས་ལ་ངེས་པ་མེད་པའི་ཕྱིར། །བདག་རྟག ་སྙམ་དུ་སེམས་ན་ནི། །ནམ་ཞིག་དུས་ན་འཆི་བདག་གིས། །ཁྱོད་ལ་བསོད?་པར་བྱེད་པར་འགྱུར། །འདིར་དུས་འདི་ཞེས་བྱ་བ་ན་འཆི་བར་འགྱུར་རོ། །ཞེས་བྱ་བའི་དེས་པ་མེད་པས་བདག་ཐེར་ཟུག་པ་ཡིན་ནོ་སྙམ་དུ་སེམས་ན། འཆི་བའི་དུས་ལ་ངེས ་པ་མེད་པ་ཉིད་ཀྱིས་འཇིགས་པར་བྱ་དགོས་བཞིན་དུ་དེ་ཉིད་ཀྱིས་མི་འཇིགས་སོ་ཞེས་བྱ་བ་འདི་ནི་ཆེར་བླུན་པ་ཉིད་དེ། འདི་ལྟར་དེད་ངམ་སང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དུས་གང་ཡང་རུང་བཞིག་ན་གདོན་མི་ཟ་བར་འཆི་བའི་ཆོས་ཅན་ཁྱོད་ལ ་འཆི་བདག་ཉེ་བར་ལྷགས་ནས་གནོད་པ་བྱེད་པར་འགྱུར་ཏེ། དེ་ནས་རང་ཉམས་ཀྱིས་ཤེས་པ་མ་འགྱུར་རོ། །དེའི་ཕྱིར་གསོན་པའི་དུས་རིང་བར་རེ་བ་བརྒྱ་སྟོང་གི་བདག་ཉིད་ཅན་དེ་དོར་ནས། འཆི་>བའི་འདུ་ཤེས་མངོན་དུ་བྱ་བ་ལ་བག་ཡོད་པར་བྱ ་བར་རིགས་ཏེ། སྲིན་པོ་བ་གའི་ཟ་རེས་ལ་འགྲོ་བ་བཞིན་ནོ། །ཇི་ལྟར་གང་ཟག་གི་ཡུལ་ལ། སྲིན་པོ་བཀའ་ཨི་བཟའ་ཨི་ཆེད་དུ་གང་ལ་རེས་འོང་བ་དེ་ཉིད་འགྲོ་བ་དེ་བཞིན་དུ་སྐྱེ་བོ་ཐམས་ཅད་འཆི་བར་འགྱུར་རོ། །འདིར་འཆི་བ་ངེས་མོད་ཀྱི། དེ་ལྟ་ན་ཡང ་དཔའ་ཨོ་ཐོབ་པར་བྱ་བ་རྙེད་པ་དང་བཀུར་སྟི་དང་སྙན་པ་སྒྲུབ་པ་ལྷུར་ལེན་ཅིང། གཡུལ་ངོར་མཚོན་ཆ་རྣོན་པོ་བབས་པས་ཉམ་ང་བར་གྱུར་བར་ཡང་སྡུག་བསྔལ་མེད་པ་རྣམས་ནི། རང་གི་བསྟན་པའི་གདེང་གིས་གཞན་གནོན་པར་བྱད ་ཏེ། དེའི་ཕྱིར་འཆི་བའི་འཇིགས་པ་ནི་སྔར་མ་ཁོ་ན་ལ་མི་དགའ་བ་སྐྱེད་པར་བྱེད་པ་ཡིན་གྱི། དཔའ་བོ་ལ་ནི་མ་ཡིན་ནོ། །ཞེས་ཟེར་བ་བཟློག་བའི་ཕྱིར་བཤད་པ། མ་འོངས་པ་ཡི་དོན་ལྟ་ཞིང། གསོན་པ་ཟད་པ་མ་ཡིན་ནོ། །བདག་ཉིད་འཚོད ་ལ་བདག་ཉིད་ནི། །བྱམས་ཞེས་མཁས་པ་སུ་ཞིག་སྨྲ། །འདིར་ཁྱོད་སྲེད་པས་ཚེ་འདིའི་མ་འོངས་པའི་དོན་རྣམས་གཅིག་ཏུ་ཐོབ་པར་བྱ་བ་ཉིད་དུ་ལྟ་ཡི། གང་གི་ཆེད་དུ་དོན་ཐོབ་པར་བྱེད་པ་དོན་ཉེ་བར་ལོངས་སྤྱོད་པའི་རྟེན་དུ་གྱུར་པའི་གསོན་པ་དེ ་ཟད་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་རང་གི་སྲོག་འཚོང་བའི་བྱ་བས་མ་འོངས་པའི་དོན་རྣམས་དོན་དུ་གཉེར་ཞིང་བདག་འཚོང་བ་ཁྱོད་ལ་བདག་རིག་གོ་།ཞེས་མཁས་པ་སུ་ཞིག་སྨྲ་སྟེ། སུ་ཡང་མ་ཡིན་གྱི། རྨོངས་པ་ཁོ་ན་སྨྲ་བར་བྱེད་དོ། །དེའི ་ཕྱིར་རང་གི་སྲོག་དང་བྲལ་བ་ཁོ་ན་ལ་སོ་སོར་བརྟག་པར་བྱའི། རྙེད་པ་དང་བཀུར་སྟི་ལ་སོགས་པ་རྣམས་ནི་མ་ཡིན་ཏེ། ཚོང་བའི་བུ་དང། ཕས་བཙོངས་པའི་བུ་བཞིན་ནོ། །ཚོང་པའི་བུ་ཞིག་ལ་ཆགས་འབྲེལ་མང་བ་ལ། དེས་ཀྱང་ཕར་ཆགས ་པ་ཁོ་ན་བལྟས་ཀྱི་ཚུར་འབྲེལ་པ་ནི་མ་ཡིན་པས་ཆགས་པའི་རྗེས་སུ་མཐུན་པར་བགོད་རྒོ་བྱས་ནས་དེ་ཕོངས་པར་གྱུར་ཏོ། །ཡང་བྲམ་ཟེ་ཞིག་ལ་བུ་གསུམ་ཡོད་པར་གྱུར་ལ། དེས་མུ་གེའི་དུས་སུ་ཁྱིམ་ཐབ་ལ་ཡུ་བུ་བུ་གཅིག་བཙོང་ངོ་ཞེས ་སྨྲས་པ་དང། དེ་རྒྱལ་བུ་ཞིག་གིས་ཐོས་པར་གྱུར་ཞིང། དེས་འོངས་ནས་བསླངས་པར་གྱུར་ཏོ། །དེ་ནས་ཕས་ཐུའོ་བཟུང་ལ། མས་ཐ་ཆུངས་བཟུང་ངོ། །དེ་ནས་འབྲིང་པོས་རྒྱལ་བུ་ལ། ཐུ་བོ་ཕ་ཡི་བཙོང་བྱ་མིན། །ཐ་ཆུངས་མ་ཡིས ་མ་ཡིན་པས། །འབྲིང་པོ་བཙོངས་པར་གྱུར་སྙམ་གྱིས། །རྒྱལ་བུ་ཁོ་བོ་བཀྲེ་བར་མཛོད། །ཅེས་སྨྲས་སོ། །ཇི་ལྟར་དྲང་སྲོང་ཕྲུག་གུ་འབྲིང་པོ་དེས་རང་གིས་རང་བཙོངས་པ་དེ་བཞིན་དུ་གླ་བ་དེ་དག་ཀྱང་བདག་བཙོངས ་ནས་བདག་སྲོལ་བར་བྱེད་པ་དང། །འདིར་སྨྲས་པ། གལ་ཏེ་ནོར་གྱི་དོན་དུ་སྲོག་གཏོང་བ་སྨད་པ་ཡིན་ན། འོ་ན་རང་གི་སྲོག་བསྲུང་བར་བྱ་བའི་ཕྱིར་སྡིག་པ་དག་ལ་ཡང་སྤྱད་པར་འོས་སོ། །བརྗོད་པར་བྱ་སྟེ། བདག་ཉིད་གཏའ་མར་བཞག་བྱ་སྟེ། སྡིག ་ལས་ཅི་ཡི་ཕྱིར་ན་བྱེད། །ངེས་པར་ཁྱོད་ནི་མཁས་རྣམས་ལྟར། །བདག་ལ་འདོད་ཆགས་བྲལ་བར་ཟད། །འདི་ཇི་ལྟར་ཆང་ལ་དགའ་བ་ཁ་ཅིག་ཆང་ཁང་དུ་རང་ཉིད་ཀྱི་བར་ཡང་གཏར་བཅུག་ནས་མྱོས་བར་གྱུར་བའི་ཁུ་བ་ཁོ་ན་འཐུང་གི། བདག་ཉིད ་ཀྱི་མ་འོངས་པའི་སྡུག་བསྔལ་བཀྲེན་པ་ལས་གྱུར་བ་འམ། གཞན་གྱི་དབང་ལས་གྱུར་པ་ལ་མི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱང་ཅིའི་ཕྱིར་འདི་ཡུལ་སྨིག་རྒྱུ་ལྟ་བུ་ལ་ཆགས་པའི་སྒོ་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ལ་རྩིས་མེད་པར་དེར ་བདག་ཉིད་གཏར་བཞག་ནས་སྡིག་པའི་ལས་བྱེད་པར་འགྱུར། འདི་ན་ཇི་ལྟར་དགྲ་བཅོམ་པ་རྣམས་རྒྱུ་མེད་པས་བདག་ལ་ཆགས་པ་དང་བྲལ་བ་དེ་བཞིན་དུ་ཁྱོད་ཀྱང་ཡིན་ནོ་སྙམ་མོ། །དེ་ནི་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བདག་ལེགས་སུ ་འདོད་པས་སྡིག་པ་སྤྱད་པར་མི་བྱ་སྟེ། སྨད་འཚོང་མས་གཡོན་ཅན་བཅོངས་པ་དང། ཆང་གིས་མྱོས་པ་བཟུང་བ་བཞིན་ནོ། །གཡོན་ཅན་ཁ་ཅིག་གིས་སྨད་འཚོད་དང་ལྷན་ཅིག་རྩེ་འཇོ་བྱས་པར་གྱུར་ལ། དེར་སྔར་བསགས་པའི་ནོར་གྱི་ཕུང་པོ ་ཟད་པས་དེ་ལ་ཅི་ཡང་མ་བྱིན་པར་གྱུར་ཏོ། །ནམ་ཞིག་ན་དེ་ལས་དེའི་བུ་གཉིས་སྐྱེས་པར་གྱུར་ལ། དེ་དང་ཧ་ཅང་མི་རིང་བ་ཞིག་ན་ཚོང་དཔོན་འགྲོན་པོ་ཞིག་གི་ཁྱིམ་ཡོད་པར་གྱུར་ཏོ། །དེ་ནས་དེས་གཡོན་ཅན་ལ། ཡུ་བུ་གཉིས་ལ་བུ་གཞན ་དག་ཀྱང་སྐྱེ་བར་འགྱུར་གྱིས། བགོད་སྒོའི་ཕྱིར་ཚོང་བ་འདྲོན་པའི་ལག་ཏུ་བྱིས་པ་གཉིས་བཙོངས་པར་བྱའོ། །ཞེས་སྨྲས་པ་དང། དེས་དེ་ལྟར་བྱས་པར་གྱུར་ཏོ། །དེ་ནས་ཚོད་པ་རང་གི་ཡུལ་དུ་ཆས་པ་དང། སྨད་འཚོད་མས ་གཡོན་ཅན་ལ་ངས་སོང་སྟེ་ཚོང་པ་འགྲོན་པོའི་ཁྱིམ་དུ་གཏེའུ་མར་བསྡད་ཀྱིས་ཁྱོད་ཀྱིས་བྱིས་བ་གཉིས་ལོང་ལ་ཆུང་ཤོས་ལ་ཁྲུས་གྱིས་ལ་ཟར་ཆུག་ཅིག་ཅེས་སྨྲས་པ་དང། གཡོན་གཅན་གྱིས་ང་འགྲོན་པའི་ཁྱིམ་དུ་གཏེའུ་མར་བསྡད་ཀྱིས་ཁྱོད་ཀྱིས་བྱིས ་པ་གཉིས་ཁུག་ལ་ཐ་ཆུང་ཁྲུས་བྱེད་དུ་ཆུག་ཅིག་ཟར་ཆུག་ཅེས་སྨྲས་པ་དང། དེ་བཞིན་དུ་བྱའོ། །ཞེས་ཏེ། དེས་བྱིས་པ་གཉིས་ཁྲིད་ནས་ས་ཕྱོགས་ལྐུག་པ་ཞིག་ཏུ་བསྡད་པས་ཉི་མ་གཉིས་པ་ལ་ཚོང་པ་འགྲོན་པོས་གཡོན་ཅན་དེ་བཅིངས་ནས ་རང་གི་ཡུལ་དུ་སོང་བ་དེ་བཞིན་དུ་སྐྱེ་བོ་བྱིས་པ་རང་གཏར་གཞག་ནས་སྡིག་པའི་ལས་རྣམས་བྱེད་དེ། དེ་རྣམ་པར་སྨིན་པ་ནི་དེ་ཁོ་ན་ཉམས་སུ་མྱོང་པར་བྱ་བ་ཡིན་ནོ། །ཡང་མི་ནོར་མེད་པ་འགའ་ཞིག་གིས་ཆང་ཁང་དུ་ཕྱིན་ཏེ། རིན ་སྦྱིན་པར་བྱ་ཡིས་ཞེས་ཏེ་ཆང་མང་པོ་འཐུངས་ལ། དེ་ཡང་ཡོད་པར་མ་གྱུར་པ་དང། དེས་དེ་བཟུང་ནས་ཅོ་དྲིས་པར་གྱུར་ཏེ། །གང་ཞིག་རིང་དུ་གསོན་དུ་རེ་བས་མཐོང་བའི་ཆོས་ཁོ་ན་ལ་རང་གིས་རང་བཙོངས་ནས་སྡིག་པའི་ལས་བྱ་བ ་ལ་འཇུག་པས་འཇིག་རྟེན་ཕྱི་མའི་རྣམ་པར་སྨིན་པ་སྡུག་བསྔལ་པའི་ཆེད་དུ་བདག་ཉིད་གཏར་འཇོག་པ་དེ་ལ་ཡང་སླར་བརྩད་པར་བྱ་སྟེ། སུ་ལའང་གསོན་པ་ཞེས་བྱ་བ། སེམས་ཀྱི་སྐད་ཅིག་ལས་གཞན་མེད། །སྐྱེ་བོས་དེ་ངེས་མི་རིག ་པ། དེས་ན་བདག་ཉིད་ཤེས་པ་དཀོན། །དམིགས་པ་ལས་མྱུར་དུ་འཕོ་བ་ཉིད་ཀྱི་ཕྱིར་ན་སེམས་ཀྱི་སྐད་ཅིག་མར་འཇིག་པ་རྟོགས་པར་ཧ་ཅང་ཡང་མི་དཀའ་སྟེ། འདི་ལྟར་ཡི་གེ་ཨ་ལ་སོགས་པའི་ཡིག་འབྲུ་རྣམས་ཆེས་སྐྱེན་པར་བརྗོད ་པ་ན། ཡིག་འབྲུ་རེ་རེ་ཞིང་དུས་དང་རྣམ་པ་ཐ་དད་པས་དེ་ལ་དམིགས་པའི་སེམས་དུས་དང་རྣམ་པ་ཐ་དད་པ་རྟོགས་ལ། དུས་དང་རྣམ་པ་ཐ་དད་པ་ལས་ཀྱང་སེམས་སྐད་ཅིག་མ་ཉིད་དུ་གྲུབ་པོ། །སྐད་ཅིག་ཅེས་བྱ་བ་ནི་དུས་འགྲིབས་པའི་མཐར་ཐུག་པར་གྱུར་པ་ལ ་བྱ་ལ། སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱིས་སྐད་ཅིག་དྲུག་ཅུ་རྩ་ལྔ་འདའ་སྟེ། རྣམ་པ་དེ་ལྟ་བུའི་སྐད་ཅིག་གིས་རྣམ་པར་ཤེས་པས་སྐད་ཅིག་མ་ཡིན་ནོ། །ཇི་ལྟར་རྣམ་པར་ཤེས་པ་སྐད་ཅིག་མ་ཡིན་པ་དེ་བཞིན་དུ་འདུ ་བྱེད་ཐམས་ཅད་ཀྱང་སེམས་ལྟར་སྐད་ཅིག་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་ཀྱང་སྐྱེས་མ་ཐག་ཏུ་འཇིག་པ་ལ་གེགས་མེད་པའི་ཕྱིར་དང། མི་རྟག་པ་ཉིད་ཀྱང་སྐྱེས་པ་ཙམ་ལ་བལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་སེམས་ཅན་སུ་ལ་ཡང་སྐད་ཅིག་ལས ་ལྷག་པའི་གསོན་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདུས་བྱས་ཐམས་ཅད་ཀྱི་ཆོས་ཉིད་དེ་ལྟར་རྣམ་པར་གནས་པ་ན་ཁ་ཅིག་དག་ཡུན་རིང་དུ་གསོན་པ་རེ་བས་ཤིན་ཏུ་ཡུན་རིང་པོར་ཡུལ་ལོངས་སྤྱད་པར་བྱ་བའི་ཕྱིར་སྡིག་པའི་བྱ་བ་ཁས་བླངས་ནས ་ཡུལ་ཉེ་བར་སོགས་པ་གང་ཡིན་པ་དེ་ནི་མི་རིགས་སོ། །གལ་ཏེ་མི་རིགས་ན་འཇིག་རྟེན་ཅི་སྟེ་སྤྱོད་ཅེ་ན། བརྗོད་པར་བྱ་སྟེ། གང་གི་ཕྱིར་འདུ་བྱེད་ཀྱི་རྒྱུན་བྱེ་བྲག་ཆེས་མང་མོས་ཐ་དད་བར་མ་གྱུར་བ་དེ་ཉིད་འདི་འོ་དེ་ཉིད་བདག་གོ་ཞེས་འདྲ་བས་བློས་ཕྲོགས་པས་གཅིག་ཉིད་དུ་ལྷག་པར་སྒྲོ་བཏགས་ནས་སྐྱེ་བོ་སྐད་ཅིག་མར་ངེས་ཤིང་གསལ་བར་མི་རིག་པས་སྤྱོད་དོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ན་བདག་གི་རང་བཞིན་ཤེས་པ་རྙེད་པར་དཀའ་ཨོ། །གང་ཞིག་བདག་གི་རང་བཞིན་ཤེས་པ་དེ་ནི་ཕྱིན་ཅི་ལོག་གི་རྒྱུ ་མ་ཚང་བས་སྡིག་པའི་ལས་ལ་མི་འཇུག་པར་སྤྲོ་ན། འཇིག་རྟེན་འདི་ནི་ཕལ་ཆེར་སྡིག་པའི་བྱ་བ་ལ་གཞོལ་བས་འཇིག་རྟེན་ན་བདག་ཤེས་པ་དཀོན་པ་ཉིད་དོ། །དེའི་ཕྱིར་མཁས་པས་བདག་གི་རང་བཞིན་སོ་སོར་བརྟག་པ་ལ་རྟག་ཏུ་ཆེས་གུས་བས ་འབད་པར་ནུས་སོ། །ཆུ་ཀླུང་དུ་ལྷུང་བའི་གོས་ཚོལ་བ་བཞིན་དང། ལྷའི་བུ་འགྲོ་མགྱོགས་བཞིན་ཏེ། ཇི་ལྟར་མི་མཁས་པ་འགའ་ཞིག་གོས་ཆུ་ཀླུང་དུ་ལྷུང་པ་ཡུན་རིང་དུ་ལོན་བཞིན་དུ་ཡང་ས་དེ་ཉིད་དུ་ཚོལ་པ་དེ་བཞིན་དུ་བདག ་ཉིད་མི་ཤེས་པ་ཡང་ན་ཚོད་འདས་སུ་ཟིན་ཀྱང་བདག་ཉིད་བྱིས་པ་ཁོ་ནར་བལྟའོ། །ཡང་དཔེར་ན་ལྷའི་བུ་འགྲོ་མགྱོགས་དག་གི་འགྲོས་ནི་ས་བླ་བ་འམ་བར་སྣང་ལ་སྦྱོད་བའི་ལྷ་ཡང་རུང་སྟེ་བསྡུས་ཀྱང་ཐུབ་པར་མི་ནུས་ཏེ། དེ་བཞིན་དུ་སྐད་ཅིག་མར་འཇིག་པའི ་གསོན་པ་ལས་ཆེས་ཆུང་བའི་དུས་འགའ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གསོན་བ་སྐད་ཅིག་མ་ཡིན་མོད་ཀྱི་དེ་ལྟ་ན་ཡང་དེ་རྒྱུན་མི་འཆད་བས་ཚེ་རིང་པ་ཉིད་ཀྱི་ཕྱིར་ན་དེ་ལ་མངོན་བར་ཞེན་པ་རིགས་པ་ཉིད་དོ། །ཞེ་ན། བཤད་པར་བྱ་སྟེ། ཁྱོད ་རིང་གསོན་པ་ལ་དགའ་ཞིང། །རྒན་ཉིད་ལ་ཁྱོད་མི་དགའ་ན། །ེ་མཁྱོད་སྦྱོད་སྐྱེ་པོ་ནི། །འདྲ་ལ་དམ་པ་ལྟ་བུར་འགྱུར། །འདི་ན་ཇི་ལྟེར་ན་ཁྱོད་ཉམས་པ་མེད་པར་ཡུན་རིང་དུ་གསོན་པ་ལ་དགའ་བ་དེ་ལྟར་ཁྱོད་ཚེ་རིང་པོ་མེད་ན་མི་འབྱུང་བ། གཉེར་མ ་དང་མགོ་སྐྱ་བ་དང་འབྲེལ་བའི་རྒན་པོ་ཉིད་ལ་ནི་དགའ་བ་མ་ཡིན་ཏེ། དེའི་ཕྱིར་ཀྱེ་མ་ཁྱོད་ཀྱི་སྤྱོད་ལོག་འདི་ནི་དམ་པ་མ་ཡིན་ཡང་ཁྱོད་དང་འདྲ་བའི་བྱིས་པའི་སྐྱེ་བོ་ཁོ་ན་ལ་དམ་པ་ལྟར་རབ་ཏུ་འཇུག་པ་ཉིད་ཡིན་གྱི། གཞན་ལ་ནི་མ་ཡིན་ནེ། །དེའི་ཕྱིར་རྒ་བ་ལ་རྣམ ་བར་སྡང་པས་རྒྱུན་དག་ལ་མངོན་པར་ཞེན་པར་མི་བྱ་སྟེ། སྐྱེད་མོས་ཚལ་དུ་ཞུགས་པའི་རྒན་པོ་ལ་གཞོན་ནུས་བཞང་གང་བྱས་བ་བཞིན་ནོ། །མི་རྒན་པོ་འགའ་ཞིག་སྐྱེད་མོས་ཚལ་དུ་ཞུགས་པ་ལ་གཞོན་ནུ་རྣམས་ཀྱིས་རྒད་བོ་ཁྱོད་གཟུགས་ངན་ནོ་ཞེས་བཞད་གང་དུ་བྱེད་ཅིང ་དེ་རྣམས་ཀྱིས་ཡུན་རིང་དུ་གསོན་པར་འདོད་པ་ཡང་ཡིན་ཏེ། དེ་རྣམས་ཀྱི་སྤྱོད་པ་ནི་རྨོངས་པའི་སྐྱེ་བོ་འདྲ་བ་ཁོ་ན་ལ་དམ་པ་ལྟར་འགྱུར་རོ། །དེའི་ཕྱིར་དེ་ལྟ་ན་བདག་ཉིད་ཀྱི་སྡུག་བསྔལ་རིག་བས་གཞན་འཆི་བ་ན་གཞན་དག་ཀྱང་འདི་ལྟ་བུའི་ཆོས་ཅན་ནོ། །ཞེས ་སྐྱོ་པ་དང་ལྡན་པར་བྱ་དགེས་སོ། །གང་ཞིག་རྒ་ཤི་ནི་མི་འདོད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་གཉིས་ཇི་ལྟར་བུ་ལ་ཡོད་པར་མྱ་ངན་གྱི་རྒྱུར་འགྱུར་བ་ད་ལྟར་རང་ལ་ཡོད་པ་མ་ཡིན་ནོ། །སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ་སྟེ། ཁྱོད་རང་འཆི་ལ་མྱ་ངན་ནོ། ། ་བུ་སོགས་རྣམས་ཕྱིར་ཅི་སྟེ་ཡིན། །རང་ཉིད་སྤྱོ་བྱ་སྨྲ་བོ་ནི། །ཇི་ལྟ་བུར་ན་སྨད་མི་འགྱུར། །འཆི་བ་འཆི་བའི་ཆོས་ཅན་ཏེ། །བདག་ཉིད་འཆི་བའི་ཆོས་ཅན་ཉིད་དུ་གྱུར་པ་དེས་ནི་བྱ་བ་མ་བྱས་པ་ཉིད་ཀྱི་ཕྱིར་རང་ཁོ་ན་ལ་མྱ་ངན་བྱ་བར་འོས་པ་ན། བུ་ལ་སོགས་པའི ་དོན་དུ་མྱ་ངན་བྱ་བར་མི་རིགས་སོ། །རང་ཉིད་འཆི་བདག་ལས་འདས་པས་ནི་གཞན་ལ་འཆི་བདག་བབས་པ་ལ་སེམས་ནད་བྱ་བར་རིགས་ན། གང་ཞིག་སྐྱོན་མཚུངས་པ་ཉིད་ཀྱིས་སྤྱོད་པ་བྱ་བར་གྱུར་ཞིང་གཞན་དག་ལ་དེ་སྨྲ་བ་པོར་འགྱུར་བ་དེ་ནི་སྨད་བར་འོས ་པར་ཇི་ལྟར་མི་འགྱུར། །དེ་ལྟ་ཡིན་དང། ཁྱོད་བདག་ཉིད་ཀྱི་མྱ་ངན་བྱ་བར་འོས་པ་ཉིད་ལས་མི་བལྟོས་པར་བུ་ལ་སོགས་པ་དག་ཁོ་ན་ལ་དེས་མྱ་ངན་བྱ་བར་འོས་སོ། །ཞེས་སྨྲ་བ་ན་རྒྱུ་གང་གིས་དམ་པ་རྣམས་ཀྱིས་སྨད་པ་ཉིད་དུ་མི་འགྱུར། དེའི་ཕྱིར་གཞན་དག ་ལ་ཡང་འཆི་བདག་བབས་པ་ངེས་པར་ཟིན་པར་བྱས་ཏེ་ཆེས་ཤིན་ཏུ་ཡིད་དབྱུང་བར་བྱའི། མྱ་ངན་ལྷུར་ལེན་པས་རྟག་ཏུ་དགེ་བའི་ཕྱོགས་རྒྱུན་ཆད་པར་ནི་མི་བྱ་སྟེ། བྲམ་ཟེ་བྲན་རྟགས་མཚན་བཏབ་པ་བཞིན་ནོ། །ཇི་ལྟར་བྲམ་ཟེའི་འབངས་རྨ་བྱའི ་མདོངས་སྒྲོས་མགོ་ལ་མདོངས་རིས་བཏབ་བ་ཞིག་འཇིག་རྟེན་ཁོ་ན་བྲན་ཉིད་དུ་སྦྱོར་བར་བྱེད་ཀྱི། བདག་ཉིད་ལ་ནི་འབངས་ཡིན་ནོ། །ཞེས་བྱ་བར་མི་རྟོགས་པ་དེ་བཞིན་དུ་འཇིག་རྟེན་ཡང་རང་ཉིད་ཀྱི་འཆི་བའི་ཆོས་ཅན་བརྗེད་པར་བྱས་ནས་བུ་ལ་སོགས་པ་དུས་བྱས་པར་གྱུར་པ་རྣམས་ལ་མྱ་ངན་བྱེད་དོ། །ཅི་སྟེ་ཡང་བདག་ནི་འཆི་བའི་ཆོས་ཅན་ཡིན་ནོ། །ཞེས་བདག་ཉིད་ལ་མྱ་ངན་བྱ་བར་འོས་མོད་ཀྱི། དེ་ལྟ་ན་ཡང་བུ་ཉིད་དུ་ཡོངས་སུ་བཟུང་བའི་མ་དྲིས་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ནི་སྡུག ་བསྔལ་གྱི་ཕྱིར་ཡིན་ནོ་སྙམ་ན། འདི་ཡང་མི་རིགས་སོ། །ཞེས་བསྟན་པའི་ཕྱིར་བཤད་པ། གང་ཚེ་འགའ་ཞིག་མ་བཅོལ་བར། །རང་ཉིད་བུར་གྱུར་དེ་ཡི་ཚེ། །དེ་འགྲོ་དྲི་བ་མ་བྱས་པ། །རིགས་པར་མི་འགྱུར་མ་ཡིན་ནོ། ། ་ཁྱོད་ཀྱི་མྱ་ངན་འདི་ནི་གནས་མ་ཡིན་པ་ཞིག་ལ་སྟེ། གང་ཚེ་སེམས་ཅན་འགའ་ཞིག་འཇིག་རྟེན་ཕ་རོལ་ནས་འདིར་འོད་བར་གསོལ་བ་མ་བཏབ་པར་རང་ཉིད་དུ་ཉིད་དུ་གྱུར་པ་དེའི་ཚེ་དེ་ལྟར་རང་རྒྱལ་དུ་སྤྱོད་ཅིང་འཇིག་རྟེན་ཕ་རོལ་དུ་འགྲོ་འདོད་པ་དེའི་སྐལ ་པ་མ་བགོས་པ་ཉིད་དུ་འགྲོ་བ་ཡང་མི་རིགས་པ་མ་ཡིན་ནོ། །གསོལ་བ་མ་བཏབ་པར་འོངས་པའི་མ་དྲིས་པར་འགྲོ་བ་ལ་ནི་མི་རིགས་པ་འགའ་ཡང་མེད་ཏེ། རིགས་པར་སྤྱོད་པ་དེ་ལ་མྱ་ངན་བྱ་བར་མི་རིགས་ཏེ། གློ་བུར་དུ་འོངས་པའི་བུད་མེད ་བཞིན་ནོ། །བུད་མེད་ཞིག་གློ་བུར་དུ་འོངས་ནས་སྐྱེད་མོས་ཚལ་ན་གནས་པ་འགའ་ཞིག་ལ་ཆུང་མ་ཉིད་དུ་ཁས་བླངས་ལ། གང་ནས་འོངས་པ་ཡང་མི་ཤེས་སོ། །དུས་ཕྱིས་དེ་དེ་ཁོ་ན་ལྟར་སླར་ཡང་སོང་པར་གྱུར་ལ། དེ་དེའི་རྒྱུས་མྱ་ངན ་བྱེད་པར་གྱུར་ཏོ། །གཞན་གྱིས་དེ་གང་ནས་འོངས་པ་ཁྱོད་ཀྱིས་ཤེས་སམ་ཞེས་སྨྲས་པ་དང། དེས་མི་ཤེས་སོ། །ཞེས་སོ། །སྨྲས་པ། གང་ནས་འོངས་པ་ཇི་ལྟར་མི་ཤེས་པ་དེ་བཞིན་དུ་དེའི་འགྲོ་བ་ཡང་ཡིན་ཏེ་དེ་ལ་མྱ་ངན་ཅི་སྟེ་བྱེད་ཅེའོ། ། ་དེ་བཞིན་དུ་བླུན་པོ་རྣམས་གང་ཞིག་གང་ནས་འོངས་པ་འམ་གར་འགྲོ་ཏོལ་མེད་བཞིན་དུ། བུ་ཤི་བ་ལ་མྱ་ངན་བྱེད་དོ། །ཡང་ན་དེ་མ་དྲིས་པར་འགྲོ་བ་མ་ཡིན་ཏེ། གང་གི་ཕྱིར་དེས་ཡིག་འབྲུ་མེད་པར་མཛའ་ཤེས་དང་ཉེ་འབྲེལ་ལ་སྐལ་བགོས ་མོད་ཀྱི། ཁྱོད་ནི་གཏི་མུག་ཕྱིར་ན་བུ་ཡིན་ནོ། །རྣམ་པར་རྟོགས་པ་མེད་པར་ཟད། །དེའི་ཕྱིར་དེའི་རྣམ་པས་བསྟན་པའི་འགྲོ་བ་མ་རྟོགས་པས་ནི་རང་གི་མི་ཤེས་པ་ལ་མྱ་ངན་བྱའི། བུ་ལ་ནི་མ་ཡིན་ནོ། །ཡང་གང་གིས་ན་མཛའ་ཤེས་རྣམས ་ལ་སྐལ་བགོས་པ། དེའི་རྣམ་པ་གང་ཡིན་ཞེ་ན། བཤད་པ། འདི་ཡི་འགྲོ་བ་སྤྲོ་བ་ཉིད། །རྒ་བས་སྟོན་པ་བྱེད་པར་འགྱུར། །དེ་ནི་སྐད་ཅིག་གཅིག་ནས་གཅིག་ཏུ་འབྲེལ་པ་ཡོངས་སུ་འགྱུར་བས་འཁོགས་བཞིན་པ་ན་བྱེས་འགྲོན་ཡུན་རིང་པོ་འཇིག་པར ་རྟོགས་པར་བྱས་སོ། །དེའི་ཕྱིར་མྱ་ངན་ཡོངས་སུ་བཏང་སྟེ་གཏི་མུག་དང་བྲལ་བ་ཉིད་ལ་བསྒྲིམ་པར་བྱེད་པར་ནུས་ཏེ། བུ་གཅིག་པ་ཁུར་ལ་ཆས་པ་བཞིན་ནོ། །བུ་གཅིག་པ་འགའ་ཞིག་གི་བུ་ཁུར་གྱི་ཕྱིར་མངོན་པར་ཆས་ལ། དེའི་ཕ་ཉིད་ཀྱིས ་དེ་འགྲོ་བའི་རྗེས་སུ་མཐུན་པར་བྱས་ཤིང་འགྲོ་བར་ཞུགས་པ་ལ་ཆོ་ངེས་འདེབས་པར་རྩམས་ཏེ། དེ་བཞིན་དུ་འཇིག་རྟེན་ཡང་བུ་བསྐྱེད་པའི་ཕྱིར་རང་ཉིད་འབད་པ་བྱེད་ལ། བསྐྱེད་པའི་འབྲས་བུ་དང་།ཕྲད་ན་མྱ་ངན་བྱེད་དོ། །འདིར་སྨྲས་བ། གལ ་ཏེ་ཡང་རྒ་བས་འདིའི་འགྲོ་བ་ལ་སྤྲོ་བ་ཉིད་སྟོན་པར་བྱེད་མོད་ཀྱི། དེ་ལྟ་ན་ཡང་བུ་ལ་ཆེ་བ་ཆགས་པ་ཉིད་ཕའི་མྱ་ངན་གྱི་རྒྱུར་འགྱུར་རོ། །བཤད་པར་བྱ་སྟེ། ཇི་ལྟར་བ་ལ་བུ་སྡུག་པ། །དེ་ལྟར་དེ་ལ་སྐྱེ་མ་ཡིན། །བུ་ལ་ཕ་ལར་ཕ་ལ་བུ ་དགའ་པ་མ་ཡིན་ཏེ། འདི་ལྟར་བུ་ཚ་རྣམས་ནི་དཀའ་བ་བརྒྱ་ཕྲག་གིས་བསྐྱེད་བཞིན་དུ་བྱས་པ་ཤེས་པ་ཉིད་ཀྱི་དངོས་པོ་ལྷོང་བའི་ཕྱིར་དང། བདག་གི་བ་ལ་སྲེད་པ་ཤས་ཆེ་བ་ཉིད་ཀྱི་ཕྱིར་སྡར་མ་མཐོང་བ་གཞན་ལྟར་བ་གཅིག་ཆར ་ཡལ་བར་དོར་ནས་རང་དགར་སྤྱོད་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ན་ཇི་ལྟར་འཇིག་རྟེན་སྲེད་པས་བུ་ལ་སོགས་པ་འོག་མ་དག་ཏུ་ལྷུང་བ་དེ་ལྟར་སྲེད་པས་བུ་ལ་སོགས་པ་རྣམས་གོང་དུ་ཕ་ལ་འཛིག་པ་མི་སྲིད་པ་དེའི་ཕྱིར ་ན་སྲེད་པ་ཇི་ལྟ་བ་བཞིན། ལས་འཕེན་པའི་ཕྱིར་ཆགས་པས་ཁྲིད་པའི་སེམས་ཀྱིས་རྒྱུད་ཆུ་ལྟར་ཐུར་དུ་བབ་པ་ཉིད་དོ། །ཞེས་བསྟན་པའི་ཕྱིར། འཇིག་རྟེན་འདི་ནི་འོག་ཏུ་འགྲོ་།དེ་ཕྱིར་མཐོ་རིས་ཀྱང་རྙེད་དཀའ་། །སྲེད ་པའི་དབང་དུ་གྱུར་པའི་འཇིག་རྟེན་གྱིས་ནི་གྱེན་ལ་འགྲོ་བའི་རྒྱུ་ཐོབ་པར་དཀའ་བ་ཉིད་ཀྱི་ཕྱིར་ན། རེ་ཞིག་མཐེ་རིས་ཀྱང་རྙེད་པར་དཀའ་ན། ཐར་པ་ལྟ་ཅི་སྨོས། དེའི་ཕྱིར་བླ་མ་ལ་གུས་པའི་ཆགས་པ་ལྷུར ་བླང་བར་བྱའོ། །བུ་ལ་སོགས་པ་ཕ་ལ་ཉེས་པ་བྱེད་པ་རྣམས་ལ་ནི་ངན་འགྲོར་གཞོལ་བས་མྱ་ངན་བྱ་བར་རིགས་ཀྱི། དུས་བྱས་པ་རྣམས་ལ་ནི་མ་ཡིན་ནོ། །ཤིང་གུན་ཆུང་ཟོས་པ་དང། དྲིལ་བུའི་སྐད་བཞིན་ནོ། །ཚོང་པ་རྣམས་ཀྱི ་འབྱུང་ཁུང་ནས་ཤིང་གུན་ཉུང་ཟད་ཅིག་ཇི་ལྟ་ཇི་རྟར་དྲངས་པ་དེ་ལྟ་དེ་ལྟར་རླག་པ་ན་ཐམས་ཅད་རླག་པར་འགྱུར་བ་དང། དྲིལ་བུའི་སྐད་རིམ་གྱིས་གཏན་མེད་པར་འགྱུར་པ་དེ་བཞིན་དུ་བྱས་པ་ཆུང་གཟོན་པ་ཉིད་ལ་སོགས་པའི་སྤྱོད་པར་ནས ་བ་རྣམས་ཀྱིས་ཆོས་བཤིག་པས་མཐོ་རིས་ཀྱང་རྙེད་པར་དཀའ་བར་འགྱུར་ན། ཐར་བ་ལྟ་སྨོས་ཀྱང་ཅི་དགོས། གཞན་ཡང་མྱ་ངན་གྱིས་གནེད་པར་གྱུར་པ་འདི་ལ་རེ་ཞིག་འདི་ཉིད་རྒལ་ཞིང་བརྟག་པར་བྱ་སྟེ། ཅི་ཁྱོད་ཀྱི་ཆགས ་པས་རྗེས་སུ་མི་མཐུན་པའི་བུ་ལ་འམ། འོན་ཏེ་རྗེས་སུ་མཐུན་པ་ལ་ཡིན་གྲང། དེ་ལ་གང་ཚེ་རྗེས་སུ་མི་མཐུན་པ། །འགའ་ཡང་སྡུག་ཅེས་བྱ་ཡོད་མིན། །གང་གི་ཚེ་གང་ཞིག་གང་རྗེས་སུ་མཐུན་པར་མི་འགྱུར་བ་དེའི་ཚེ་དེ་ད་ལ་སྡུག ་པ་མ་ཡིན་ཏེ། དེའི་ཕྱིར་རྗེས་སུ་མི་མཐུན་པ་ལ་ཆགས་སོ། །ཞེས་བྱ་བ་མི་སྲིད་དོ། །ཅི་སྟེ་རྗེས་སུ་མཐུན་པ་ཁོ་ན་ལ་ཆགས་པར་འགྱུར་རོ་སྙམ་ན། འགྱུར་ལ་རག་མོད། །དེ་ལྟ་ན་ཡང། དེ་ཚེ་ཆགས་པ་ཆོད་དང་ནི། །འདྲ་བ་འབའ་ཞིག ་སྐྱེ་བར་འགྱུར། །འབའ་ཞིག་ནི་རྒྱུ་དང་བཅས་པ་གཅིག་པུ་ཉིད་དོ། །གལ་ཏེ་འདིའི་དེའི་དོར་འཇུག་གེ། ཞེས་བྱ་བས་ཆགས་པ་བསྐྱེད་ན་ནི། དེའི་ཕྱིར་དེའི་རྗེས་སུ་འཇུག་པ་ལ་ལན་དུ་ཕན་གདགས་པའི་ཕྱིར་ཆགས་པར་བྱེད་པ་ན་ལག་རྗེ ་ལུག་རྗེ་དག་གིས་ཚོད་རྗེས་སུ་བསྒྲུབ་པར་འགྱུར་གྱིས། ཆགས་པ་ནི་མ་ཡིན་ཏེ། དེའི་ཕྱིར་བུའི་མྱ་ངན་གྱིས་ཅི་བྱ། བུ་ཤི་བ་ལ་ལངས་པའི་རྒྱལ་པོའི་མྱ་ངན་བསལ་བ་བཞིན་ན། །རྒྱལ་པོ་འགའ་ཞིག་ལ་བུ་ཤིན་ཏུ་སྡུག་པ་ཞིག་ཡོད་ལ། དེ ་དུས་བྱས་པར་གྱུར་པ་དང། བློན་པོ་རྣམས་ཀྱིས་རེངས་སོ། །ཞེས་དུ་ཞུས་ཤིང་གསན་ནས་ཀྱང་མཆོག་ཏུ་སྐྱོན་པས་འཁྲུགས་ཏེ། དེ་བསད་པའི་ཕྱིར་ཞུགས་སོ། །དེ་ནས་ཤིའོ། །ཞེས་ཞུས་པ་དང། དེ་ལས་དགྱེས་ཤིང་ཀུན་ནས་དགའ་བའི་རྡ ་པོ་ཆེ་ཡང་བརྡུངས་སོ། །དེ་ལྟར་ན་འཇིག་རྟེན་ལ་རྗེས་སུ་མཐུན་པ་སྡུག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །འདིར་སྨྲས་པ། ཆགས་པའི་འབྲེལ་པ་ནི་བལྟོས་པ་ཡིན་ནོ། །ཞེས་བྱ་བ་དེ་ནི་མ་ཡིན་ཏེ། བུ་ལ་ཕའི་ཆགས་པ་བརྟན་པ་ཉིད་དུ ་ཡོད་པའི་ཕྱིར་རོ་བཤད་པར་བྱ་སྟེ། བྲལ་བས་བསྐྱེད་པའི་སྡུག་བསྔལ་ནི། །མི་རྣམས་སྙིང་ནས་མྱུར་ལྡོག་སྟེ། །ཆགས་པ་འང་སྡུག་བསྔལ་བྲལ་བ་ཡིས། །མཚོན་པའི་མི་བརྟན་པ་ཉིད་ལྟོས། །ཆགས་པ་ལ་བརྟན་པ་ཉིད་ཡོད་པ་མ ་ཡིན་ཏེ། ཡུན་མི་རིང་བ་ཁོ་ནར་བྲལ་བ་ལས་སྐྱེས་པའི་སྡུག་བསྔལ་ལྡོག་པར་མཐོང་བའི་ཕྱིར་རོ། །འདི་ལྟར་བུ་ཤི་བས་བསྐྱེད་པའི་མྱ་ངན་ཆེན་པོ་ཡང་བྱ་བ་དང་འཇིགས་པའི་བྱ་བའི་གཞན་གྱི་དབང་གིས་ཡུན་མི་རིང་བ་ཉིད་དུ་མི་རྣམས ་ཀྱི་སྙིང་ལས་ལྡོག་པ་ཡིན་ནོ། །གལ་ཏེ་ཆགས་པའི་འཆིང་བ་ལྟོད་པ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་དེས་བསྐྱེད་པའི་སྡུག་བསྔལ་ལྡོག་པར་མི་འགྱུར་བ་ཞིག་ན། དེ་ལྡོག་པ་ནི་མཐོང་བ་ཡང་ཡིན་ཏེ། དེའི་ཕྱིར་ཆགས་པ་ལ་ཡང་བརྟན ་པ་ཉིད་ཡོད་པ་མ་ཡིན་པས་དེས་བསྐྱེད་པའི་མྱ་ངན་གྱིས་བདག་ཉིད་གདུད་པར་མི་བྱ་སྟེ། དགའ་ཅན་ཆུར་ལྷུང་བའི་བུའི་ལས་བཞིན་ནོ། །རྒྱལ་པོ་འགའ་ཞིག་ཆུ་སྟེང་ནས་འགྲོ་བ་ན་མི་མ་ཡིན་པ་རྣམས་ཀྱིས་གྲུ་བཟུང་བ་དང། དེའི ་བློན་པོ་དགའ་ཅན་ཞེས་བྱ་བ་ཞིག་ཡོད་པ་དེས་བསྐྱད་བར་མཛད་འཚལ་ལོ། །ཞེས་བུ་རྣམས་རྒྱལ་པོ་ལ་བཅོལ་ནས་བདག་ཉིད་ཆུ་ཀླུང་དུ་མཆོངས་ལ། དེ་ཁྱེར་ལ་རྒྱལ་པོ་ཐོང་ཤིག་ཅེས་མི་མ་ཡིན་པ་རྣམས་ལ ་གསོལ་བ་ཡང་བཏབ་ཏེ། དེ་ཡང་བཏང་བར་གྱུར་ཏོ། །བུ་རྣམས་དེ་ཤི་བ་ཐོས་ནས་ཤིན་དུ་ཁོ་ན་སྡུག་བསྔལ་བར་གྱུར་ལ། གང་གི་ཚེ་རྒྱལ་པོས་ལོངས་སྤྱོད་རྣམས་ཀྱིས་ཡང་དག་པར་འགེད་པར་མཛད་པར་གྱུར་པ་དེའི་ཚེ་པ་དང་བྲལ་བའི་སྡུག ་བསྔལ་དང་བྲལ་བར་གྱུར་ཞིང་ཕ་ཤི་བ་ལ་ཡོན་ཏན་གྱི་རྒྱུར་བརྟགས་པར་གྱུར་ཏོ། །དེའི་ཕྱིར་དེ་ལྟར་མྱ་ངན་ཡང་གཏན་དུ་བ་མ་ཡིན་པ་དང། མ་ངེས་པ་ཡིན་ནོ། །འདིར་གལ་ཏེ་ཡང་ཆགས་པའི་འཚིད་པ་ལྷོད་པ་ཉིད་ཀྱི་ཕྱིར་དེ་དང་བྲལ་བས ་བསྐྱེད་པའི་མྱ་ངན་གྱིས་བདག་ཉིད་གཟིར་བར་བྱ་བ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འཇིག་རྟེན་ཤེས་པས་དེའི་འཇུག་པ་དང་བསྟུན་ཏེ། ལུས་སྒྱུར་བ་དང། རང་གི་ལུས་ལ་རྡེག་པ་དང་སྐྲ་འབལ་བ་ལ་སོགས་པས་བདག་ཉིད་གཟིར་བར་བྱ་དགོས ་སོ། །ཞེས་སྨྲའོ། །བཤད་པར་བྱ་སྟེ། གནོད་པས་གཟིར་བ་བྱས་ཟིན་ཀྱང། །ཡོན་ཏན་མེད་སྙམ་ཤེས་བཞིན་དུ། །ཁྱོད་བདག་ཉིད་ལ་ཕྱིར་འཆོས་འགྱུར། །དེ་ཡང་བདག་ལ་མི་རིགས་སོ། །འདིར་ཁྱོད་ཀྱིས་འཇིག་རྟེན་དང་མཐུན ་པར་འཇུག་པས་བྱས་པའི་གནོད་པས་གཟིར་བར་བྱས་སུ་ཟིན་ཀྱང་དེ་ལ་ཡོན་ཏན་འགའ་ཡང་ཡོད་པ་མ་ཡིན་པར་ཤེས་མོད་ཀྱི། དེ་ལྟ་ན་ཡང་བདག་གཟིར་བར་བྱེད་པ་ཉིད་དོ། །དེའི་ཕྱིར་དེ་ལྟར་ན་ཁྱོད་ཀྱིས་བདག་ཉིད་ལ་ཕྱིར་འཆོས ་འཇུག་པ་འདིས་གཟིར་བ་ཐོབ་པར་བྱེད་ན་དེ་ཡང་བདག་ཉིད་ལ་མི་རུང་ངོ། །ཕྱི་འཆོས་ནི་རང་གི་དོན་བསྒྲུབ་པར་བྱ་བའི་དོན་དུ་ཆོས་མ་ཡིན་པ་ལྟུར་བྱས་ཏེ་གཞན་ངོ་མཚར་བསྐྱེད་པར་བྱ་བའི་ཕྱིར། སྦྱར་བར་བྱ་བ་ཡིན་ན། དེ་ཉིད ་ནི་བདག་ལ་རབ་ཏུ་སྦྱར་བར་མི་རིགས་སོ། །དེའི་ཕྱིར་གཞན་གྱི་རྗེས་སུ་འཇུག་པས་བྱས་པའི་སྡུག་བསྔལ་གྱིས་བདག་ཉིད་སྐྱོ་བར་མི་བྱའོ། །བླུན་པོ་གཡོན་ཅན་རྣམས་ཀྱིས་བརྟེན་པའི་ལམ་འདི་ལ་མཁས་པ་རྣམས་ཀྱིས་དཔྱད་པར་མི ་བྱ་སྟེ། དེའི་ཕྱིར་རང་དབང་དུ་གྱུར་པ་ཉིད་དུ་བྱ་དགོས་པས་མྱ་ངན་ལ་སྐབས་སྦྱིན་པར་མི་བྱའོ། །ལྕེབ་པ་སྟོན་པ་མོ་བཞིན་ནོ། །གང་གི་ཚེ་བུད་མེད་འགའ་ཞིག་བུད་མེད་ལ་ལ་ཞིག་ལ་ལྕེབ་པ་བསླབ་པར་བྱའོ། །སྙམ་སྟེ་བདག ་ཉིད་གསོད་པར་བྱེད་ཅིང་སློབ་དཔོན་ཉིད་དུ་སྙེམས་པར་བྱེད་ལ། གང་ཞིག་དེ་ལྟར་བྱེད་པ་དེ་འཆི་བ་ཉིད་དཱུང་ཤེས་མོད་ཀྱི་དེ་ལྟ་ན་ཡང་བྱེད་པར་འགྱུར་ཏེ། དེ་བཞིན་དུ་མྱ་ངན་གྱིས་ཉེན་པ་རྣམས་ཀྱང་ད་ལ་ཡོན་ཏན་འགའ་ཡང་མེད་དོ། ། ་ཞེས་བྱ་བར་ཤེས་བཞིན་དུ་ཡང་བདག་ཉིད་ལ་རྟོག་པར་བྱེད་དེ་།འདིར་སྨྲས་པ། གལ་ཏེ་གཟིར་བ་ལ་ཡོན་ཏན་ཅི་ཡང་མེད་མོད་ཀྱི་དེ་ལྟ་ཡང་སྡུག་པ་དང་འབྲལ་བ་ཐོབ་པར་འདོད་པས་ནི་དེ་མེད་ན་མི་འབྱུང་བའི་གཟིར་བའི་ཆ་ཡང ་ཡོངས་སུ་སྤང་དུ་མེད་པ་ཉིད་དོ། །བཤད་པར་བྱ་སྟེ། སྡུག་བསྔལ་རྣམ་པར་འགེད་ལྟ་བུ། །འཇིག་རྟེན་འདི་ན་ཡོངས་སུ་འཁྱམ། །སྡུག་བསྔལ་གྱུར་པའི་སྐྱེ་བོ་ལ། །སྡུག་བསྔལ་འགོད་བས་ཅི་ཞིག་བྱ། །འཇིག་རྟེན་འདི་ཐམས་ཅད ་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་འགྲོ་བ་དེ་དང་དེ་དག་ཏུ་ཁྲིད་པ་ན། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་སྡུག་བསྔལ་ལས་མི་མདའ་ལ། དེ་ལྟར་འཁོར་བའི་སྡུག་བསྔལ ་གྱི་སྒོ་ནས་རང་ཉིད་སྡུག་བསྔལ་གྱིས་ཉེན་པའི་འཇིག་རྟེན་དེ་ལ། སྐྱེ་བོ་གཞན་སྲིད་པ་དང་མ་བྲལ་བ་འདི་འགྲོ་བ་གཞན་དེ་དང་དེར་ཡང་དང་ཡང་དུ་བུ་དང་བུ་མོ་དང། །ཉེ་དུའི་དངོས་པོར་གྱུར་ནས་སླར་འགྲོ་བ་ན་ཕ་དང་མ་དང་ཉེ་དུར ་གྱུར་པའི་སེམས་ཅན་གྱི་ཚོགས་ལ་རྨ་ལ་རྒྱ་ཚྭ་བཏབ་པ་ལྟར་བདག་ཉིད་དང་བྲལ་བས་བསྐྱེད་པའི་སྡུག་བསྔལ་འགེད་པ་ལྟར་བྱེད་ཅིང་ཡོངས་སུ་འཕྱན་པར་འགྱུར་རོ། །དེའི་ཕྱིར་རང་བཞིན་གྱིས་སྡུག ་བསྔལ་གྱུར་པའི་སྐྱེ་བོ་འདི་ལ་ཡང་བྲལ་བའི་སྡུག་བསྔལ་རྣམ་པར་བགོས་པ་ཡོངས་སུ་བཟུང་བས་དགོས་བ་ཅི་ཡོད། འདི་ལྟར་གལ་ཏེ་སྐྱེ་བོ་འདི་སྡུག་བསྔལ་མེད་པ་དང། སྡུག་བསྔལ་དོན་དུ་གཉེར་བ་ཞིག་ཡིན་ན་ནི་དེའི་ཚེ་འདི་ལ་སྡུག ་བསྔལ་གྱིས་རྣམ་པར་འགེད་བ་རིག་པ་ཞིག་ན་འདི་ནི་དེ་ལྟར་ཡང་མ་ཡིན་པས་སྡུག་བསྔལ་རྣམ་པར་འགེད་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་སེམས་དང་བཅས་བ་སུ་ཞིག་དོན་མ་ཡིན་པ་བྱེད་པའི་སྐྱེ་བོ་རྣམ་པ་དེ་ལྟ་བུ་ལ་ཕྲད ་བར་བྱས་ནས་དེ་ལོག་པས་མྱ་ངན་བྱེད་པར་འགྱུར། དེའི་ཕྱིར་དེ་ལྟར་ན་འཁོར་བ་དང་འབྲེལ་པས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གནོད་པ་རིག་པར་བྱས་ནས་གཞན་དག་སྡུག་བསྔལ་ལས་བཟློག་པར་འདོད་པའི་མཁས་པས་ནི ་བདག་དང་གཞན་གྱི་ངོན་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ་ཁོར?་བ་ཁོ་ན་དོར་བར་བྱི་ལ?་མྱ་ངན་གྱི་ཁང?་པར་ཞུགས་ནས་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་ནི་མི་བྱའོ། །སྤུན་གཉིས་ཕ་དང་མའི་འཆི་བ་གོ་བར་བྱེད་པ་བཞིན་ནོ། །སྤུན་གཉིས་ལས ་གཅིག་གི་གན་དུ་མ་དུས་བྱས་པར་གྱུར་ལ། གཞན་གྱི་གན་དུ་ཕ་དུས་བྱས་པར་གྱུར་ཏོ། །དེ་གཉིས་ཆར་ཡང་ཕན་ཚུན་གོ་པར་བྱ་བའི་ཕྱིར་ཕྲད་པར་གྱུར་ཏོ། །དེ་ལ་གཅིག་གིས་མཐོང་ནས་ཀྱི་ཧུད་ཨ་ཟ་ཞེས་དུ་ལ། གཉིས་པ ་ཤོས་ཀྱང་ཀྱི་ཧུང་ཨོ་པོ་ཞེས་དུའོ། །དེ་བཞིན་དུ་འཇིག་རྟེན་ཡང་སྡུག་བསྔལ་བར་གྱུར་པ་རྣམས་སྡུག་བསྔལ་འགེད་པར་བྱེད་དོ། །འདིར་སྨྲས་པ། སྡུག་བསྔལ་གྱི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར། བྲལ་བ་མི་དགའ་བ་ཡིན་མོད་ཀྱི། དེ ་ལྟ་ན་ཡང་བདེ་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་འདུ་བ་ལ་དགའ་བ་ཡིན་ནོ། །བརྗོད་པར་བྱ་སྟེ། གང་གི་འདུ་བ་དགའ་ཡིན་དེའི། །བྲལ་བ་ཇི་ལྟར་དགའ་མ་ཡིན། །འདུ་བ་དང་ནི་བྲལ་བདག་།ལྷན་ཅིག་རྒྱུ་བར་སྣང་མིན་ནམ། །གང་གི་སྟེ་ཁྱོད་དམ་གཞན་གྱི་ཡང ་རུང་སྟེ། ཡིད་དུ་འོང་བ་རྣམས་དང་འདུ་བ་དགའ་བ་ཡིན་པ་དེའི་དེ་རྣམས་དང་བྲལ་བ་དགའ་བ་ཇི་ལྟར་མ་ཡིན། རྒྱུད་གང་ཁོ་ན་ལ་འདུ་བ་ཡོད་པ་དེ་ཉིད་ལ་གདོན་མི་ཟ་བར་འབྱུང་བའི་བྲལ་བ་ཡང་ཡིན་པས་འདུ་བ་དང་བྲལ་བ་གཉི་ག་ཡང་ལྷན་ཅིག་སྦྱོད་པར ་སྣང་ངོ། །དེའི་ཕྱིར་འདུ་བ་འདོང་བས་བྲལ་བ་ལ་དགའ་བ་ཡང་བྱ་དགོས་སོ། །དེའི་ཕྱིར་བདེ་བའི་རྒྱུ་ཡིན་ཡང་མཛའ་ངན་པ་ཉིད་ཀྱི་ཕྱིར་དེ་གཉི་ག་དང་བྲལ་བའི་རྣམ་པར་གྲོལ་བ་མངོན་སུམ་ཉིད་དུ་བྱའོ། །བཀྲ་ཤིས་མ་དང་སྣ་ནག་མ་འཇུག་པ་དང། ཁ ་ཟས་དུག་དང་བཅས་པ་དང། མཆིལ་པའི་ཟས་བཞིན་ནོ། །ཁ་ཅིག་གིས་ང་ལ་བཀྲ་ཤིས་ཡོད་པར་གྱུར་ཅིག་ཅེས་ལྷ་མཉེས་པར་བྱས་པ་དང། དེས་དམ་བ་ཐོབ་པར་གྱུར་ཏོ། །དེ་ཁྱིམ་དུ་ཞུགས་པའི་ཁྱིམ་དུ་མཚན་མོ་བཀྲ་ཤིས་མ་དང་དེའི་ཕྱི་བཞིན་འབྲང་བའི ་སྣ་ནག་མོ་ཡང་ཞུགས་པར་གྱུར་ཏོ། །དེ་ནས་བཀྲ་ཤིས་མ་ལ་འདི་སུ་ཡིན་ཞེས་དྲིས་བ་དང། དེས་སྣ་ནག་མོའོ། ཞེས་སྨྲས་སོ། །དེས་སྨྲས་པ་བདག་གིས་འདིའི་ཕྱིར་དམ་པ་ཐོབ་པ་མ་ཡིན་ནོ། དེས་སྨྲས་པ་གང་ན་ང་ཡོང་བ་དེར་འདི་ཡང་གདོན་མི་ཟ་བར ་ཡོད་དོ། །ཞེའོ། །དེ་བཞིན་དུ་གང་ན་འདུ་བ་ཡོང་པ་དེ་ན་བྲལ་བ་ཡང་ཡིན་ནོ། །གང་དག་སྡུག་པ་རྣམས་དང་འགྲོགས་པ་ཙམ་ཞིག་ཁོ་ན་མངོན་པར་འདོད་ཀྱི་བྲལ་བ་ནི་མ་ཡིན་པ་དེ་དག་གི་དེ་ནི་ཡིད་སྨོན་ཙམ་ཞིག་ཏུ་འགྱུར་རོ། །ཁ་ཟས་དུག་དང་བཅས ་པ་ཟ་བ་ལ་མཐར་གདོན་མི་ཟ་བར་འཆི་བ་འམ་འཆི་བ་ལ་ཐུག་པའི་སྡུག་བསྔལ་དུ་འགྱུར་བ་དེ་བཞིན་དུ་།འདུ་བའི་བདེ་བ་ཐམས་ཅད་བྲལ་བའི་སྡུག་བསྔལ་དང་རྗེས་སུ་འབྲེལ་བ་ཉིད་དོ། །གང་ཞིག་མཆིལ་བའི་ཟས་བཟའ་བར་འདོད་པ་དེ་ལ?་ནི་གདོན་མི་ཟ་བར ་མཆིལ་བས་ཕུག་སྟེ། དྲངས་པ་ཡང་ཡོད་དོ། །འདིར་གལ་ཏེ་བྲལ་བ་མཐར་ངེས་མོད་ཀྱི། །དེ་ལྟ་ན་ཡང་ཐོག་མར་འགྲོགས་པ་ཡུན་རིང་བ་ཉིད་ཀྱི་ཕྱིར་ན་དེ་ལ་བརྩིས་སུ་བྱ་བ་མ་ཡིན་ནོ། ཞེས་སྨྲའོ། །འདས་ལ་ཐོག ་མ་ཡོད་མིན་ལ། །མ་འོངས་ཐ་མ་ཡོད་མིན་ན། །ཅེས་ན་ཁྱོད་ཀྱིས་འདུ་མཐོང་ཞིང། །རིང་པོར་གྱུར་ཀྱང་བྲལ་བ་མིན། །འཁོར་བ་འདི་ན་མ་རིག་པ་དང་ལྡན་པའི་གང་ཟག་གི་འདས་པའི་དུས་ལ་ཐོག་མ་མི་སྲིད་ཅིང་།དེ་ཐམས་ཅད ་ཀྱང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །མ་རིག་པ་དང་ལྡན་པ་ཉིད་ཀྱི་མ་འོངས་པ་ལ་ཡང་ཐ་མ་མེད་ལ། དེ་ཡང་མ་ཐོབ་པའི་ཕྱིར་ན་དེའི་བདག་ཉིད་ཅན་ཁོ་ནའོ། །དེའི་ཕྱིར་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་འཁོར་བའི་རྒྱ་མཚོ་ཆེན་པོའི་ཐོག ་མ་དང་ཐ་མ་མེད་པ་འདིར་ལྟུང་བའི་དོན་དང། འགྲོགས་པ་གང་ཡིན་པ་དེ་ནི་སྐད་ཅིག་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་སྐད་ཅིག་རེ་རེར་འཇིག་པའི་དང་ཅན་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་ཅིའི་ཕྱིར་ཁྱོད་ཀྱིས་འདས་པ་དང་མ་འོངས ་པས་བསྡུས་པའི་བྲལ་བ་རིང་དུ་ཟིན་ཀྱང་མ་མཐོང་ཞིང། རིང་པོ་མ་ཡིན་པ་ཡང་འདུ་བ་འབའ་ཞིག་ཁོ་ན་རིང་པོ་ཉིད་དུ་མཐོང། དེའི་ཕྱིར་འདི་མི་རིགས་སོ། །དེའི་ཕྱིར་དེ་ལྟར་སྐད་ཅིག་མར་འཇིག་པ་ཤིན་ཏུ་ཕྲ་བ་ཉིད་ཀྱི་ཕྱིར་ན་འདུ་བ་མཐོང་བ ་ཡོད་ན་བྲལ་བ་མཐོང་བས་ནི་རྟག་ཏུ་སྐྱོ་བ་དང་ལྡན་པར་བྱ་དགོས་སོ། །ཆུང་མ་གཞན་གྱིས་ཕྲོགས་པས་སྡུག་བསྔལ་བ་བཞིན་ནོ། །མི་འགའ་ཞིག་ཡུལ་གཞན་དུ་སོང་བར་གྱུར་ལ། བྱེས་ན་གནས་པ་དེའི་ཆུང་མ་གཞན་གྱིས་བདག་གིས་བྱས ་སོ། །འོངས་ཏེ་གྲོང་དེའི་འདབས་ན་གནས་པས་ཐོས་པར་གྱུར་ཞིང། ཐོས་ནས་ཀྱང་གཡོན་ཅན་གྱི་ཁྱིམ་དུ་སོང་སྟེ་དུས་དེར་སྐྱེས་པའི་བྲལ་བའི?་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་གྱི། དུས་སྔར་བྱུང་བའི་བྲལ་བས་ནི་མ་ཡིན་ནོ། །དེའི་དོན ་དུ་རྩོད་པར་ཡང་ཞུགས་སོ། །དེ་བཞིན་དུ་འཇིག་རྟེན་ཡང་འདས་པ་དང་མ་འོངས་པའི་དོན་དག་ལ་མྱ་ངན་མི་བྱེད་པར་དེའི་དུས་ཀྱི་བྲལ་བའི་སྒོ་ནས་དེ་དང་དེ་ལ་མྱ་ངན་བྱེད་དོ། །འདིར་སྨྲས་པ། གལ་ཏེ་བྲལ་བ་རིང་མོད་ཀྱི། དེ་ལྟ་ན་ཡང་དུས ་ཚིགས་ཕུན་སུམ་ཚོགས་པས་སེམས་ཁྲིད་པའི་ཕྱིར་དེ་ལ་བརྩི་བཏབ་མེད་དོ། །བརྗོད་པར་བྱ་སྟེ། སྐད་ཅིག་ལ་སོགས་དུས་དེ་རྣམས། །ངེས་པར་དགྲ་དང་འདྲ་འགྱུར་ཏེ། །དེས་ན་དགྲར་གྱུར་དེ་དག་ལ། །རྣམ་ཀུན་ཁྱོད་འདོད ་ཆགས་མི་བྱ། །གང་གི་ཕྱིར་འདི་ན་དགུན་དང་དགུན་ཆུང་དང་དཔྱིད་ལ་སོགས་པ་དུས་རྣམས་སྐད་ཅིག་དང་ཐད་ཅིག་དང་ཡུང་ཙམ་གྱི་རིམ་པ་མངོན་པར་འཕེལ་བས་དགྲ་ལྟར་ཁྱོད་ཀྱི་གསོན་པའི་སྐད་ཅིག་ཟད་པར་བྱེད་ཅེད་ངེས་པར་གནས ་པར་འགྱུར་ཏེ། དེའི་ཕྱིར་དེ་ལྟར་སྲོག་འཕྲོག་པར་བྱེད་པའི་དུས་དེ་དག་ལ་ཁྱོད་ཆགས་པར་མི་བྱ་སྟེ། མཛའ་བཤེས་ཀྱི་སྒོ་ནས་གནས་པའི་དགྲ་བོ་ཡོངས་སུ་ཤེས་པ་ལྟར་བག་ཡོད?་པར་སྤྱོད་པས་དེ་ཡོངས་སུ་ཤེས་པ་ལ་མཁས་པར་བྱ ་སྟེར་བྲན་མོ་རྒན་མོ་སྡུག་བསྔལ་དང་རྗེས་སུ་འབྲེལ་པ་བཞིན་ནོ། །ཇི་ལྟར་སྐད་ཅིག་ལ་སོགས་པའི་དུས་རྣམས་འགྲོ་བ་ན་ལས་མི་ནུས་པ་དང་རྗེ་དཔོན་དག་གིས་བརྙས་པའི་ཉེས་པ་ལས་བྲན་མོ་རྒན་མོ་ལ་སྡུག་བསྔལ་འཁོར་མོར་འབྱུང་མོད ་ཀྱི། དེ་ལྟ་ན་ཡང་འདི་དེ་དག་ལ་ཆགས་བ་ཁོ་ན་ཡིན་གྱི། དེ་དག་ལ་མྱ་ངན་མི་བྱེད་པ་དེ་བཞིན་དུ་འཇིག་རྟེན་ཡང་སྐད་ཅིག་ལ་སོགས་པའི་དུས་རྣམས་ལ་ཆགས་པ་ཡིན་ཏེ། ཚ་བའི་དུས་ན་ཚད་པས་གནོད་པ་ན་དགུན་ཆུང་མངོན་པར་འདོད་དོ། ། ་དེ་བཞིན་དུ་གཞན་གྱི་སྒོ་ནས་གཞན་ཡིན་ཏེ། དེ་ལ་གང་ནས་ཀྱང་བདེ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་འདུ་བྱེད་ཀྱི་ཆོས་ཉིད་དག་མངོན་སུམ་དུ་གནས་པ་ལྟར་རྗེས་སུ་སེམས་ཤིང་ཡིད་སྐྱོ་བར་གྱུར་པས་རྗེས་སུ་མཐུན་པར་སྤྱད་པར ་རིགས་སོ། །དེ་ཡང་ཅིང་རིགས་ཤེས་ན། འདི་དག་ཐམས་ཅད་ངེས་པར་བོར་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གནས་པར་རོ། །གལ་ཏེ་འདི་རིགས་པར་བདེན་མོད་ཀྱི། ནུས་པ་ནི་མ་ཡིན་ནོ། །གཉེན་འདུན ་གྱི་སྐྱེ་བོ?་དང་བྲལ་བ་ནི་དཀའ་སྟེ། དེ་ཇི་ལྟར་བྱེད་པར་ནུས། དེའི་ཕྱིར་དེས་བྱས་པའི་སྐྲག་པ་ལས་ན་ཁོ་བོས་ནགས་སུ་འཇུག་པར་བྱ་བའི་ཕྱིར་འགྲོ་བར་ཡང་མི་བྱའོ། །ཞེ་ན། བརྗོད་པར་བྱ་སྟེ། བློ་ངན་བྲལ་བའི་འཇིགས་པ་ཡིས། །ཁྱིམ་ནས ་ངེས་པར་མི་འབྱུང་ན། །མཁས་པ་སུ་ཞིག་ངེས་པར་ནི། །བྱ་དགོས་ཆད་པས་བྱེད་པར་འགྱུར། བློ་གྲོས་ངན་པ་ཁྱོད་གཉེན་གྱི་སྐྱེ་བོ་དང་བྲལ་བ་ནི་དཀའ་ཨོ་སྙམ་སྟེ། དེའི་འཇིགས་པས་ཁྱིམ་ནས་མི་འབྱུང་ན། དེ་ན་ནམ་དུ་ཡང་རུང་སྟེ་འཆི་བདག་གི ་དབང་གི་གདོན་མི་ཟ་སྟེ། དེའི་ཕྱིར་བྱ་དགོས་པ་ཁོ་ནའོ། །དེ་ལྟར་གདོན་མི་ཟ་བར་བྱ་དགོས་པའི་ངེས་པར་འབྱུང་བ་ནི་དཀའ་ཐུབ་བསྒྲུབ་པར་བྱ་བའི་ཕྱིར་རང་ཉིད་ཀྱིས་མ་བྱས་པར། འཆི་བདག་གི་ཆད་པ་འབའ་ཞིག་གི་སྒོ་ནས་ཤེས ་རབ་ཅན་སུ་ཞིག་བྱེད། དེའི་ཕྱིར་ཐབས་མངོན་དུ་གཏང་ཏེ་བདག་དང་བདག་གི་བ་ཡོངས་སུ་གཏོང་བའི་ངང་ཚུལ་ཅན་དུ་བྱའོ། །གཟིར་ཞིང་གྲོང་པ་དཔྱའའབུལ་བ་བཞིན་ནོ། །དཔེར་ན་གྲོང་པ་རྣམས་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ནས ་ཕྱིས་ངེས་པར་འབུལ་བར་བྱ་བའི་དཔྱའ་མཛའ་དག་འབུལ་གྱི་གཞན་དུ་ནི་མ་ཡིན་པ་དེ་བཞིན་དུ་མི་མཁས་པ་རྣམས་ངེས་པར་བཏང་བར་བྱ་དགོས་པའི་གཉེན་གྱི་སྐྱེ་བོ་འཆི་བདག་གིས་གཏོང་དུ་འཇུག་གི། བདག་ཉིད་ཀྱིས་ནི་མི་གཏོང་ངོ། ། ་འདིར་སྨྲས་པ། གལ་ཏེ་ཡང་རྩ་ལག་ནི་གདོན་མི་ཟ་བར་བཏང་བར་བྱ་བ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བུ་སྐྱེད་དེ། ལང་ཚོ་རྫོགས་པ་ན་བག་མ་བླངས་པ་དེ་ལ་ཁྱིམ་གྱི་ཁུར་བསྐུར་ནས་བགྱི་འཚལ་ཡོངས་སུ་རྫོགས་པར་བྱ་སྟེ་ངེས་པར་འགྲོ ་བར་བྱའོ། །བཤད་པར་བྱ་སྟེ། ཁྱོད་ནི་བྱས་ནས་གསལ་བར་ནི། །ནགས་སུ་བགྲོད་བྱ་སྙམས་སེམས་ན། །གང་ཞིག་བྱས་ཀྱང་གཏོང་བྱ་བ། །དེ་བྱས་ཡོན་ཏན་ཅི་ཞིག་ཡོད། །གལ་ཏེ་བདག་གིས་གདོན་མི་ཟ་བར་ནགས་སུ་འགྲོ་བར་བྱ་བ་ཡིན་མོད ་ཀྱི་འོན་ཀྱང་བྱ་བའི་འཕྲོ་ཅུང་ཟད་ཅིག་ཡོད་པས་དེ་བྱས་ལ་འགྲོ་བར་བྱའོ་སྙམ་དུ་སེམས་ན། གལ་ཏེ་དེ་འདི་གང་བྱེད་པ་དང། གང་གི་དོན་དུ་བྱེད་པ་དེ་གཉི་ག་བྱས་ནས་ཀྱང་གལ་ཏེ་སླར་ཡོངས་སུ་བཏང་བར་བྱ་བ་ཡིན་ན་འོ་ན་ནི་དེ་ལྟ་ན་བྱས་པ་ལ་ཡོན་ཏན ་ཅི་ཞིག་ཡོད་ཏེ། དེ་བས་ན་འདི་ནི་བྱ་བ་མ་ཡིན་པ་ཉིད་དོ། །དེའི་ཕྱིར་དེ་ལ་བལྟོས་ནས་དུས་འདའ་བར་མི་རིགས་པས་བྱ་བ་དང་བྱ་བ་མ་ཡིན་པར་རྣམ་པར་དཔྱོད་པ་ལ་མཁས་པར་བྱ་སྟེ། མི་གཙང་བའི་ནང་དུ་ལྷུང་བའི་ཤིང་ཏོག་ཨ་མྲ་བླངས ་ཏེ་འདོར་བ་དང། འགྲོན་པོ་རྡོ་བརྡར་བ་བཞིན་ནོ། །འགའ་ཞིག་གིས་ཤིང་ཏོག་ཨ་མྲ་མི་གཙང་བའི་ནང་དུ་ལྷུང་བ་བླངས་པས། དེ་ལ་གཞན་གྱིས་འདིས་ཅི་བྱེད་ཅེས་དྲིས་པ་དང། དེས་བཀྲུས་ལ་དོར་བར་བྱའོ། །ཞེས་སྨྲས་པ་ལྟ་བུ་སྟེ་དེ་བཞིན་དུ ་གལ་ཏེ་ཡུལ་རྣམས་བཏང་བར་བྱ་བ་ཡིན་ན་ནི་དེ་དག་ཡོངས་སུ་བཙལ་བས་ཅི་ཞིག་བྱ། ཡང་ཇི་ལྟར་འགྲོན་པོ་འགའ་ཞིག་གིས་འགྲོ་བ་བོར་ནས་རྡོ་བརྡར་བར་བརྩམས་སོ། །དེ་ལ་ཅི་བྱེད་ཅེས་དྲིས་པ་དང། དེ་ཉིད་བདར་བར་བྱེད་པར་གྱུར་ཅིང། དོན ་མཐུན་སོང་བ་ན་དེ་རྡོ?་དེ་ལྷམ་པར་མ་སྦྱངས་པར་ཚུལ་མ་ཡིན་པས་ཉོན་མོངས་པའི་བར་དུ་གྱུར་པ་དེ་བཞིན་དུ། འཁོར་བའི་འགྲོན་པོ་རྣམས་ཀྱི་ཁྱིམ་གྱི་བྱ་བ་དག་ཤེས་པར་བྱའོ། །འདིར་གལ་ཏེ་དོན་དུ་ན་ནགས་སུ་འགྲོ་བ་གཙོ་བོ་ཡིན་མོད་ཀྱི། དེ ་ལྟར་ན་ཡང་བདག་དང་བདག་གི་ལ་ཆགས་པ་དང་ལྡན་པ་ལ་དེ་ལས་འཇིགས་པ་འབྱུང་ངོ། ཞེས་སྨྲའོ། །བརྗོད་པར་བྱ་སྟེ། བདག་ནི་འཆིའོ་སྙམ་སེམས་པ། །གང་ལ་ངེས་པར་ཡོད་འགྱུར་བ། །དེ་ནི་ཆགས་པ་ཡོངས་བཏང་ཕྱིར། །འཆི་བདག ་ལ་ཡང་ག་ལ་འཇིགས། །འདིར་ཤེས་རབ་དང་ལྡན་པ་གང་ལ་ལ་ཞིག་ལ། ལུང་གི་རྗེས་སུ་འབྲངས་ཏེ་བདག་ནི་འཆི་བའི་ཆོས་ཅན་ནོ་སྙམ་དུ་སེམས་པ་དེས་པར་ཡོད་པ་དེ་ལ་ནི། འདུ་འཛི་ཡོངས་སུ་སྤངས་ནས ་བསྲུང་བར་བྱ་བ་ཉིད་དུ་ཡོངས་སུ་བཟུང་བའི་སྲོག་ལ་ཡང་སྲེད་པའི་ཆགས་པ་ཡོངས་སུ་བཏང་བའི་ཕྱིར་རེ་ཞིག་འཆི་བདག་ལ་ཡང་འཇིགས་པ་ཡོད་པ་མ་ཡིན་ནོ། ནགས་སུ་འགྲོ་བ་འམ་བུ་དང་བྲལ་བ་ལ་འཇིགས་པར་ལྟག་ལ་འགྱུར ་དེའི་ཕྱིར་འཆི་བ་རྗེས་སུ་དྲན་པ་སྒོམ་པ་ལ་བརྩོན་པར་བྱ་སྟེ། དུག་མེད་པར་བྱ་བའི་སོར་གདུབ་འཇུག་པ་དང། ཁ་ཟས་དུག་དང་བཅས་པ་ཡོངས་སུ་འདོར་བ་བཞིན་ནོ། །ཇི་ལྟར་དུག་མེད་པར་བྱ་བའི་ཕྱིར་ལག་པ་ལ་སོར་གདུབ་འཇུག་པ་ལྟར ་དེ་བཞིན་དུ་མཁས་པ་རྣམས་ཀྱི་ཉོན་མོངས་པའི་དུག་གཞོམ་པར་བྱ་བའི་ཕྱིར་མི་རྟག་པའི་འདུ་ཤེས་འཇུག་གོ་།ཡང་ཇི་ལྟར་ཁ་ཟས་དུག་དང་བཅས་པ་ཡོངས་སུ་དོར་བས་དགེ་ཤིས་སུ་འགྱུར་བ་དེ་བཞིན་དུ་ཆགས་པ་ཐམས་ཅད ་ཡོངས་སུ་བཏང་བས་ངེས་པར་ལེགས་པར་འགྱུར་རོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པའི་བཞི་བརྒྱ་བ་ལས། རྟག་པར་ཕྱིན་ཅི་ལོག་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ ་དང་པོའི་འགྲེལ་པའོ། །རེ་ཞིག་རབ་ཏུ་བྱེད་པ་དང་པོས་མི་རྟག་པ་ལ་རྟག་གོ་སྙམ་དུ་ཕྱིན་ཅི་ལོག་པ་སྤང་བའི་ཐབས་བཤད་ཟིན་ཏོ། །ད་ནི་སྡུག་བསྔལ་ལ་བདེའོ་སྙམ་དུ་ཕྱིན་ཅི་ལོག་པ་སྡང?་བའི་ཐབས་ཀྱི་དབང་དུ་བྱས་ཏེ་བཤད ་པ། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །གང་གི་ཕྱིར་ལུས་ལ་ནང་གི་བདག་ཉིད་ལས་གྱུར་པ་ཁམས་ལ་སྙོམས་པའི་རྒྱུ་ཅན་ནད ་བཞི་བརྒྱ་རྩ་བཞི་དང། ཕྱི་རོལ་ལས་གྱུར་པ་དབྱིག་པ་དང། བོང་བ་དང། མཚོན་དང། གྲང་བ་ཚ་བ་དང་ཤ་སྦྲང་དང། སྦྲང་བུ་མཆུ་རིངས་དང་།སྡིག་སྦྲུལ་ལ་སོགས་པས་རིག་པའི་རྒྱུ་ཅན་གྱི་སྡུག་བསྔལ་དག་འབྱུང་སྟེ། དེའི་ཕྱིར་སྡུག་བསྔལ ་དུ་མ་འབྱུང་བའི་ཕྱིར་དང། གླགས་སུ་སྣུན་པའི་ཕྱིར་དང། བརྟེན་པར་དཀའ་བའི་ཕྱིར་ན་འཕགས་པའི་ཇི་ལྟར་གནས་པའི་རང་གི་ངོ་བོ་སོ་སོར་བརྟག་པ་མཛད་པ་རྣམས་ཀྱིས། ལུས་ནི་དགྲ་ལྟར་མཐོང་ངོ། །གལ་ཏེ་འོ་ན་ནི་དེ་ལྟར་ན་དེ་བསྐྱང་བར་བྱ་བ ་མ་ཡིན་ཏེ། དགྲའི་ཕྱོགས་སུ་བསླན་པའི་ཕྱིར་རོ། ཞེ་ན། དེ་ལྟར་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་བསྲུང་བྱ་སྟེ། དགོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དགོས་པ་དེ་ཡང་ཅི་ཞིག་ཅེ་ན། ལུས་ལ་བརྟེན་ནས་དགེ་བའི་རྩ་བའི་ཚོགས་ཐམས ་ཅད་ཉེ་བར་སོག་པའོ། །འདི་ལྟར་ལུས་འདི་ཡོད་ན་ནི་གང་གི་ཚེ་ཡུན་རིང་དུ་འཚོ་བ་དང་ཚུལ་ཁྲིམས་དང་ལྡན་བར་འགྱུར་བ་དེའི་ཚེ་ན་བསོད་ནམས་ཆེན་པོ་བྱེད་ཀྱི། ལུས་མེད་ན་ནི་མ་ཡིན་ཏེ། དེའི་ཕྱིར་རེ་ཞིག་བསྲུང་བར་བྱ་བ་ཉིད་དུ་འགྱུར ་རོ། །རྣམ་པ་གཅིག་ཏུ་ན། ཐལ་མ་ཐག་པའི་མི་རྟག་པ་ཉིད་ཀྱི་གཏམ་གྱིས་སེམས་སྐྱོ་ཞིང། ལུས་དོན་མ་ཡིན་པ་འདྲེན་པ་འདིས་ཅི་ཞིག་བྱ་ཞེས་ཇེ་ལ་བརྙས་པ་ཐོབ་པར་གྱུར་པ་དེ་ལ་བརྙས་པ་ཡོངས་སུ་སྤངས་བའི་ཕྱིར། ལུས་ནི་དགྲ ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པ་དེ་ཉིད་སྦྱར་བར་བྱའོ། །འཆིང་བ་གཅིག་གིས་སྦྲེལ་བའི་ཚོང་དཔོན་གྱི་བུ་རྐུན་པོ་འཚོ་བ་བཞིན་ནོ། །ཇི་ལྟར་ང་ནི་འཆག་པ་ལ་སོགས་པར་འགྲོ་བ་ལ་ང་ལ་གྲོགས་མི་བྱེད་བར་འགྱུར་དུ་འོང་ངོ། ་ཞེས་ཚོང་དཔོན་གྱི་བུ་རྐུན་པོ་འཆིང་བ་གཅིག་གིས་སྦྲེལ་པ། བཙོན་དུ་གྱུར་ཀྱང་སྐྱོང་བར་བྱེད་པ་དེ་བཞིན་དུ་མཐོ་རིས་དང་ཐར་བ་ཐོབ་པའི་རྒྱུ་ལུས་ཡོངས་སུ་སྐྱོང་བ་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་བར་བྱ་བའི་ཕྱིར ་ཡིན་པར་བལྟ་བར་བྱའོ། །འདི་ཇི་ལྟར་བདག་དོན་འཆིང་བ་ནི། །གཅིག་སྦྲེལ་རྐུན་པོ་བསྲུང་བ་ལྟར། །དེ་བཞིན་མཁས་པས་ལུས་ཡིན་ཏེ། །ཚུལ་ཁྲིམས་ལ་སོཊ་སྤེལ་ཕྱིར་རོ། །ཞེས་བྱ་བར་འགྱུར་རོ། །སྨྲས་པ་གལ་ཏེ་ལུས་བསྲུང ་བར་བྱ་བ་ཡིན་ན་ནི། །དེའི་ཕྱིར་དེ་ལ་སྙིང་ཉེ་བར་བྱ་དགོས་སོ། །བརྗོད་པར་བྱ་སྟེ། མི་རྣམས་སྡུག་བསྔལ་ལུས་ཉིད་ལས། །སྐྱེ་ཞིང་བདེ་བ་གཞན་ལས་ན། །སྡུག་བསྔལ་ཀུན་གྱི་སྣོད་གྱུར་པ། །ཁོག་པ་ལ་ཁྱོད་ཅི་སྟེ་གུས། །འདི ་ལྟར་གང་གི་ལུས་ལ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་གང་ཅུང་ཟད་ཅིག་འབྱུང་བ་དེ་ནི་ལུས་ཁོ་ན་ལས་ཡིན་གྱི། གཞན་ལས་མ་ཡིན་ལ། ལུས་ལ་གང་བདེ་བ་གང་ཅུང་ཟད་ཅིག་འབྱུང་བ་དེ་ནི་གཞན་ཁོ་ན་ལས ་ཡིན་གྱི་ལུས་ལས་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་སྡུག་བསྔལ་ཐམས་ཅད་ཀྱི་སྣོད་འདི་ལ་གུས་པར་མི་བྱ་སྟེ། ཇི་ལྟར་གསོན་པ་དང། དགེ་བ་འཕེལ་བར་འགྱུར་ཞིང་ཉེས་པ་འབྱུང་བར་མི་འགྱུར་བར་དྲན་པ་ཙམ་གྱིས་དེ་བཙའ་བར་བྱའོ། ། ་དགོན་པའི་ཤ་ཟ་མོ་ལ་ཆགས་པ་བཞིན་ནོ། །མི་དགོན་པར་ཞུགས་པ་འགའ་ཞིག་གི་མདུན་ན་ཤ་ཟ་མོ་ཞིག་བུད་མེད་ཀྱི་གཟུགས་གཟུགས་བཟད་བར་སྟོན་པ་མངོན་པར་སྤྲུལ་ནས་བདག་ཉིད་ཀྱི་ཞིང་མགོན་མེད་པར་སྟོན་ཞིང་གནས་པར ་གྱུར་པ་དང་དེ་དེས་ཤིང་རྟ་ལ་བསྐྱོན་ནོ། །དེ་ནས་རིང་པོ་མ་ལོན་པར་ད་འགྲོ་བའི་མདུན་ན་ཤ་ཟ་མཆོག་ཏུ་མི་སྡུག་པ་ཞིག་གནས་པར་གྱུར་ཏོ། །དེས་དེ་རལ་གྲི་རྣོན་པོས་དཀྱིལ་དུ་བཅད་པ་དང། དེ་ནས་གཉིས་སུ་གྱུར་ཏོ། །དེས་དེ་གཉིས ་ཀྱང་བཅད་པས་བཞིར་གྱུར་ཏོ། །དེ་ལྟར་དེ་ཉིས་འགྱུར་དུ་འཕེལ་བར་གྱུར་ཏོ། །དེ་ནས་མི་དེའི་གནའ་བཤེས་ལྟ་ཞིག་གིས་ནམ་མཁའ་ལས་བུད་མེད་གང་ཤིང་རྟ་ལ་ཞོན་པ་འདི་ཉིད་བསད་པར་བྱ་སྟེ། འདི་བསད་ན་ཐམས་ཅད་བསད་པར་འགྱུར་རོ། ། ་ཞེས་ཚིག་སྨྲས་སོ། །དེས་ཀྱང་དེ་ཁོ་ན་ལྟར་བྱས་སོ། །དེ་ལྟར་སྡུག་བསྔལ་བ་དང་མི་རྟག་པར་བལྟས་པས་ལུས་ལ་ལྷག་པར་ཆགས་པ་བཏང་སྟེ། ལུས་མི་འབྱུང་བར་བྱ་བའི་ཕྱིར་ནན་ཏན་བྱ་སྟེ། དེ་མེད་པར་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར། འདིར ་སྨྲས་པ། གལ་ཏེ་ཡང་མི་རྣམས་ཀྱི་སྡུག་བསྔལ་ལུས་ཁོ་ན་ལས་བྱུང་མོད་ཀྱི། དེ་ལྟ་ན་ཡང་དེའི་ཕྱིར་བཅོར་ཡོད་ཏེ། འདི་ལྟར་བདེ་བ་རྒྱ་ཆེན་པོ་མྱོང་བར་བྱ་བཟས་དང་སྐོམ་དང། མལ་ཆ་དང་སྟན་དང་བཞོན་པ་ལ་སོགས་པའི་ཡུལ་ཡོངས་སུ་ལོངས་སྤྱོད་པ ་ཤིན་ཏུ་སྣ་ཚོགས་པ་རྣམས་ནི་ཇི་ལྟར་ཉེ་བར་ལྟགས་པའི་སྡུག་བསྔལ་འཇོམས་པའི་རྒྱུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་བདེ་བ་ཆེན་པོ་འབྱུང་བའི་རྒྱུ་ཡང་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ཆེས་ཆུང་བ་ཉིད་ཡིན་པའི་ཕྱིར་དང། བདེ་བ་ཕལ་ཆེ ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་ལ་གཅིག་ཏུ་འཇིག་པར་མི་རིགས་སོ། །ཞེའོ། །བཤད་པར་བྱ་སྟེ། སྡུག་བསྔལ་ལ་ནི་འཇིགས་པར་བྱ་དགོས་པ་ཁོ་ན་སྟེ། འདི་ལྟར། གང་ཚེ་བདེ་བ་སྡུག་བསྔལ་ལྟར། །ཤེས་ཆེར་མི་ལ་མི་འབྱུང་ན། །དེ་ལྟར་སྡུག ་བསྔལ་ཆེན་པོ་དེ། །ཆུང་དུ་སྙམས་དུ་སེམས་བྱེད་དམ། །ལུས་ལ་སྡུག་བསྔལ་འབྱུང་བ་ན་དྲག་པ་དང་ཆེར་འབྱུང་གི། བདེ་བ་ནི་དེ་ལྟ་མ་ཡིན་ནོ། །འདི་ནི་འཇིག་རྟེན་ལ་རབ་ཏུ་གྲགས་པ་ཡིན་ཏེ། འདི་ལྟ་སྟེ། ལྷས་སྦྱིན་གདིང་བ་འཇམ་པ་གཏིང ་བའི་མལ་ཆ་ལ་ལམ་འདུག་ཀྱང་རུང་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ཡིད་དུ་འོང་བ་དག་གིས་ཡོངས་སུ་བརྟེན་པ་ན་རང་གི་བདག་ཉིད་ལ་བདེ་བས་ཕན་བཏགས་སུ་ཟིན་ཀྱང་གང་གི་ཚེ། སྦྲང་བུ་མཆུ་རིངས་མཆུ་ཁབ་རྩེ་ལྟར ་རྣོ་བས་ཕུག་པར་གྱུར་བ་དེའི་ཆ། བདེ་བ་དེ་དག་ཐམས་ཅད་ལ་བརྩིས་མེད་པར་གློ་བུར་དུ་སྡང་ཞིང་སྡུག་བསྔལ་གྱིས་སྐྱོ་བར་འགྱུར་རོ། །དེ་བཞིན་དུ་གང་ཞིག་བདེ་བ་ཕུལ་དུ་འབྱུང་བར་འགྱུར་བ་བདེ་བས་ནི། གང་ལ་ཆགས་པས་རུས་པ་ཡང ་འགས་ཤིང་སྙིང་ཡང་འབྲལ་བར་འགྱུར་བ་བུ་འཕངས་པར་ཤི་བ་ལ་སོགས་པའི་གནས་སྐབས་སུ་དེ་འདྲ་བའི་སྡུག་བསྔལ་འབྱུང་བ་དེའི་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེའི་ཕྱིར་སྡུག་བསྔལ་ཆེན་པོ་ཟིལ་གྱིས ་མནན་པའི་བདེ་བ་ནི་ཡོད་དུ་ཟིན་ཀྱང་སྐྱོབ་པར་མི་བྱེད་དོ། །གལ་ཉེ་བདེ་བ་ཤིན་ཏུ་ཆེ་བ་ཞིག་ཡོད་པར་འགྱུར་ན་ནི་དེ་སྡུག་བསྔལ་གྱིས་ཟིལ་གྱིས་གནོན་པར་མི་འགྱུར་ཏེ། འདི་ལྟར་ཆུང་དུས་ནི་ཆེན་པོ་ཟིལ་གྱིས་མི་གནོན་པ་མ་ཡིན་ནོ། །དེ་ལ ་ལུས་ལ་བདེ་བ་ཆེ་ལ་སྡུག་བསྔལ་ཆུང་ངོ་ཞེས་གང་འདོད་པ་དེ་ནི་མ་ཡིན་ནོ། །འདིར་གང་ཞིག་སྟོབས་ཀྱིས་ཤིན་དུ་ཆེ་གཞན་ཡང། །ཟིལ་གྱིས་གནོན་དེ་ཆུང་དུ་མ་ཡིན་ལ། །གཞན་གྱིས་སྟོབས་ཀྱིས་ཟིལ་གྱིས་གནོན་པ་གང། །དེ་ནི་ཆེན་པོ ་ཡིན་ཞེས་བསྙད་མི་བྱ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་ཕྱི་རོལ་གྱི་རྐྱེན་ཉེ་བར་ལྷགས་པའི་སྡུག་བསྔལ་དག་གིས་ཀྱང་སྡུག་བསྔལ་བར་གྱུར་བའི་ལུས་ནི་སྡུག་བསྔལ་ཆེས་ཆུང་བ་ཉིད་ལས་བདེ་བ་ཡང་ཡིན་ནོ་ཞེས་མི་བྱ་སྟེ། སྒྲ་སྒྲོགས ་སཱི་ཏ་འཕྲོག་པ་བཞིན་ནོ། །ཇི་ལྟར་སྡུག་བསྔལ་ཆེན་པོས་སཱི་ཏ་འཕྲོག་པར་བྱས་མོད་ཀྱི། དེ་ལ་བདེ་བ་ནི་ཆུང་དུ་ཡང་ཡོད་པ་མ་ཡིན་པ་ལྟར། དེ་བཞིན་དུ་སྡུག་བསྔལ་གྱི་ཆུ་བོའི་འདམ་དུ་བྱིང་བའི་འཁོར་བ་ཡང་བདེ་བར་སེམས་སོ།། ་སྡུག་བསྔལ་གྱིས་ཟིལ་གྱིས་མནན་པ་དང། ཆུང་དུ་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར། འཇིག་རྟེན་བདེ་ལ་མངོན་ཕྱོགས་ཤིང། །བདེར་འགྱུར་དག་ཀྱང་རྙེད་དཀའ་ཀྱེ། །བདེ་བ་འདོད་ཅིང་སྡུག་བསྔལ་དང་མི་མཐུན་པའི་སྐྱེ་བོ་ནི་སྡུག་བསྔལ ་ལ་འབྲོས་མོད་ཀྱི། དེ་ལྟ་ན་ཡང་སྡུག་བསྔལ་དང་རོ་གཅིག་པའི་ལུས་ལ་བདེ་བ་སྒྲུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར། ཇི་ལྟ་ཇི་ལྟར་འཇིག་རྟེན་བདེ་བ་མངོན་པར་འདད་པ་དེ་ལྟ་དེ་ལྟར་འདི་ལ་བདེ་བ་ཐག་རིང་བར་འགྱུར་ཞིང། སྡུག་བསྔལ ་ཁོ་ན་མངོན་དུ་འགྱུར་ཏེ། བདེ་བའི་རེ་བས་སྡུག་བསྔལ་གྱི་རྒྱུ་ཉེ་བར་སོགས་པའི་ཕྱིར་རོ། །དེའི་ཕྱིར་བདེ་བ་དང་ལྡན་པ་དག་ཤིན་ཏུ་དཀོན་ནོ། །གང་གི་ཕྱིར་འདི་དེ་ལྟ་ཡིན་པ། དེས་ན་སྐྱེ་བོ་འཇིག་འདི་ལ། །སྡུག་བསྔལ་རྗེས་སུ་སྙག་པ་འདྲ། སྐྱེས་བུ་ལ ་གྲིབ་མ་རྗེས་སུ་འབྲང་བ་ལྟར་སྡུག་བསྔལ་ལ་བྲོས་སུ་ཟིན་ཀྱང་སྐྱེ་བ་ལ་སྡུག་བསྔལ་རྗེས་སུ་འབྲང་སྟེ། རང་བཞིན་ནི་སྤང་བར་མི་ནུས་སོ། །ཁྲོན་པར་ཡིན་པ་ལ་གླང་པོ་ཆེ་བཞིན་ཏེ། འགའ་ཞིག་གླང་པོ་ཆེ་མོས་ཚབས་ཆེ་བ་ལྕགས་ཀྱུ་མེད་པས་ཇི་ལྟ་ཇི་ལྟར་བངས ་པ་དང་ཁྲོན་པར་གབ་པར་བྱེད་ཅིང་ཁྲོན་པའི་ཕྱེད་དུ་ཕྱིན་ནས་བདག་ཐར་བར་སེམས་ཏེ། དེ་ནི་གླང་པོ་ཆེ་མྱོས་པས་རྗེས་སུ་བསྔམས་པ་ཁོ་ནར་འགྱུར་བ་དེ་བཞིན་དུ་རྟག་ཏུ་སྡུག་བསྔལ་དང་རྗེས་སུ་འབྲེལ་བའི་འཇིག་རྟེན་ཡང་གཏི་མུག་གིས་བདེ་བའི་འདུ་ཤེས་དང ་ལྡན་པར་འགྱུར་རོ། །འདིར། འདི་ན་འཕོངས་པར་གྱུར་པའི་སྐྱེས་བུ་ནི། །བདེ་བས་གཞན་བཞིན་སྐད་ཅིག་ལ་ཡོངས་འདོར། །འཆི་བཞིན་པར་ནི་གྱུར་པའི་སེམས་ཅན་ལའང། །སྡུག་བསྔལ་གྲིབ་མ་བཞིན་དུ་རྗེས་སུ་འབྲེང། ཞེས་འབྲང་བར་འགྱུར་རེ། །འདིའི ་ཕྱིར་ཡང་འདི་དེ་ལྟ་ཡིན་ཏེ། གང་གི་ཕྱིར། སྡུག་བསྔལ་འདོད་པས་སྙེད་འགྱུར་གྱི། །འདོད་པས་བདེ་བ་ག་ལ་ཡིན། །སྡུག་བསྔལ་ནི་རྟག་ཏུ་ཉེ་བའི་ཕྱིར་དང། མི་ཉེ་བ་ཡང་ཤིན་ཏུ་འབད་པས་སྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འདོད་བཞིན་པ་ན་དེ་སྙེད་ཀྱི། བདེ ་བ་ནི་འདོད་པས་རྙེད་པ་མ་ཡིན་ཏེ། སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་ལུས་ལ་དེ་ཤིན་ཏུ་དཀོན་པའི་ཕྱིར་ཏེ། ཉིན་མཚན་ལ་གྲང་བ་བཞིན་ནོ། །འཇིག་རྟེན་འདི་རྟག་ཏུ་ཉེ་བར་གནས་པའི་སྡུག་བསྔལ་ལ་མི་འཇིགས་ཤིང་སྡུག་བསྔལ་ཡང་མི་དགེ་བའི་ལས་ལས་ཡིན་ལ། ་བདེ་བ་ཤས་ཙམ་ལ་རེ་བའི་འཇིག་རྟེན་ཡང་སྡུག་བསྔལ་གྱི་འབྲས་བུ་ཅན་གྱི་ལས་ལ་ཤིན་ཏུ་ཆེས་འཇུག་སྟེ། དེའི་ཕྱིར་དེ་ལྡོག་པའི་ཕྱིར་བཤད་པ། ཁྱོད་ཅིས་དཀོན་པ་ལ་གུས་ཤིང། །མོད་ལ་ཅི་སྟེ་ཁྱོད་མི་འཇིགས། །འདིར་སྡུག་བསྔལ་གང་གི་ཚེ ་དང། ཅི་འདྲ་བ་དང། ཇི་ཙམ་ཞིག་རང་དབང་དུ་འདོད་པས་རྙད་པ་དེ་ལྟར་ནི་བདེ་བ་མ་ཡིན་ཏེ། དེ་ནི་གཞན་ལ་རག་ལས་པ་ཉིད་ཀྱི་ཕྱིར་འདོད་པས་མི་ཐོབ་ན། འཇིག་རྟེན་ནི་ཆགས་པས་རྙེད་པར་དཀའ་ཞིང་གཞན་ལ ་རག་ལས་པའི་བདེ་བ་ལ་གུས་ཀྱི། བུན་པས་རྙེད་པར་སླ་ཞིང་རང་དབང་དུ་གྱུར་པའི་སྡུག་བསྔལ་ལ་འཇིགས་པར་མི་འགྱུར་རོ། །ཇི་ལྟར་བདེ་བ་དཀོན་ཡང་འདོད་པར་བྱ་བ་ཡིན་པས་དོན་དུ་གཉེར་བ། དེ་ལྟར་ཡིད་དབྱུང་བར་བྱ་བའི་སྡུག ་བསྔལ་མོང་ལ་ཅི་སྟེ་ཡིད་མི་འབྱུང་སྟེ། ཐམས་ཅད་དུ་རང་བཞིན་དང་འཆམས་པའི་ནན་ཏན་རིགས་སོ། །དེའི་ཕྱིར་འདིས་མི་དགེ་བ་སྤང་པར་རིགས་སོ། །དེ་ཕྱིར་དེ་ལྟར་ན་རང་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་ཁོ་ན་འཇིག ་རྟེན་གྱི་བདག་གི་བ་ཡིན་གྱི་བདེ་བ་ནི་མ་ཡིན་ཏེ། །མཇོད་འབུགས་པ་བཞིན་ནོ། །ཇི་ལྟར་རྒྱལ་པོའི་མཛོད་བརྟོལ་བ་ལས་རང་འདོད་ཀྱིས་སྡུག་བསྔལ་འཐོབ་པ་དེ་ལྟར་བདེ་བ་ནི་མ་ཡིན་ནོ། །འདིར་འཇིག་རྟེན་འདི་ནི་མི་ཤེས ་པ། །འདྲིས་ཀྱང་སྡུག་བསྔལ་ལ་མི་འཇིགས། །འདོད་པས་བདེ་བའང་མངོན་འདོད་ཏེ། །བདེ་ཉིད་རྙེད་པར་དཀའ་ཕྱིར་རོ། །ཞེས་བྱ་བར་འགྱུར་རོ། །ཡང་ན་སྡུག་བསྔལ་གྱི་ཡན་ལག་ཉིད་ཀྱི་ཕྱིར་བདེ་བ་ཡང་སྐྱོ་པར་བྱ་བ་ཡིན ་པས་དེ་ཡང་བཏང་བར་རིགས་སོ། །ཡང་ཇི་ལྟར་དེའི་ཡན་ལག་ཉིད་ཡིན་ཞེ་ན། འདི་ལྟར། བདེ་བར་གྱུར་པའི་ལུས་པོ་ནི། །སྡུག་བསྔལ་སྣོད་དུ་འགྱུར་བ་སྟེ། །བདེ་བ་དང་ལྡན་པ་རྣམས་ཀྱི་ལུས་བདེ་བ་མྱོང་བར་བྱ་བའི་ཡུལ ་ཅན་???་རྟག་ཏུ་ཕོངས?་སྤྱོད་ཀྱིས་ཤིན་ཏུ་གཞོན་ཤ་ཅན་དུ་གྱུར་པ་དག་ནི་སྡུག་བསྔལ་ཆེས་ཆུང་ངུས་རེག་ཀྱང་འབར་བར་གྱུར་པའི་མེ་ལྕེས་ལོ་མ་སར་པ་དག་ལྟར་རོད་ཉམས་པར་འགྱུར་གྱི། གནས་སྐབས་དེར་ཐམས་ཅད་ལ ་སྲོན་པའི་ཕྲ་དང་མ་རྣམས་ནི་མི་འགྱུར་ཏེ། དེའི་ཕྱིར་བདེ་བ་བུ་ལང་བྱུང་བ་ནི། སྡུག་བསྔལ་འཕེལ་བའི་རྒྱུ་ཡིན་ནོ། །གང་གིས་འདི་དེ་ལྟ་ཡིན་པས། དེས་ནས་ལུས་ལ་གུས་དང་དགྲ་ལ་གུས། །དེ་དག་གཉིས་ནི་མཚུངས་པར་སྣང། །སྡུག་བསྔལ ་བསྒྲུབ་པ་ལ་ལུས་དང་ངག་བོ་ལ་བྱེ་བྲག་འགའ་ཡང་མེད་དོ། དེའི་ཕྱིར་དེ་གཉིས་བརྟེན་པ་ན་དེ་དག་ཀྱང་མཚུངས་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་སྡང་བར་གཉིས་ཆར་ཡང་འདྲ་བའི་ཕྱིར་ཏེ། ཤིང་རྟ་ལ་ཉལ་བ་བཞིན་ནོ། །ཇི་ལྟར་མི་འགའ་ ་ཞིག་སོ་ཀའི་དུས་ཀྱི་ཉི་མའི་གུང་ལ་ཤིང་རྟའི་རྟེང་དུ་བདེ་བར་གཉིས་ཀྱིས་ལོག་པ། རྒྱལ་པོ་འགའ་ཞིག་གིས་འདོད་རྒྱལ་དུ་མཐོང་བར་གྱུར་ཏོ། །དེས་དེ་སྙིང་རྗེས་ཕྱིས་ཇི་ལྟར་མལ་ཆ་ལ་འདུག་པ་ན་ཡུངས་ཀར་གྱི་འབྲུ་གཅིག་གིས་རེག་པས ་ཀྱང་གཉིད་མི་རྙེད་པ་དེ་ལྟར་བདེ་བའི་མཚོག་ཆས་དག་གིས་ཡོངས་སུ་བསྐྱངས་པ་དེ་བཞིན་དུ་ལུས་ཇི་ལྟ་ཇི་ལྟར་བདེ་བའི་ཡོ་བྱད་དག་གི་ཉེ་བར་བསྟེན་པ་དེ་ལྟར་སྡུག་བསྔལ་གྱི་སྣོད་དུ་འགྱུར་རོ། །གཞན་ཡང་ལུས་ནི་བདེ་བར་འགྱུར་བར་བྱ་བར ་མི་ནུས་པ་ཉིད་ཀྱི་ཕྱིར་དེ་ལས་བཟློག་པའི་རང་བཞིན་ཅན་ཉིད་དུ་རྟོགས་ཏེ། འདི་ལྟར། ལུས་ནི་ཤིན་ཏུ་འགོར་བས་ཀྱང། །བདེ་བའི་བདག་ཏུ་མི་འགྱུར་ཏེ། རང་བཞིན་གཞིན་གྱིས་ཟིལ་ནོན་ཞེས། བྱ་བ་རིག་པ་མ་ཡིན་ནོ། །ལུས་ནི་བདེ་བའི ་ལོངས་སྤྱོད་ཀྱི་རྒྱུ་ཡུལ་དེ་དང་དེ་དག་གིས་ཉེ་བར་བསྟེན་ཀྱང་རང་བའི་བདག་ཏུ་མི་འགྱུར་ཏེ། སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་ལྟར་སྲ་བའི་རང་བཞིན་ཅན་ཞ་ཉེ་དང་རོ་ཉེ་དང་གསེར་དང་དངུལ་རྣམས་མེ་དང་ཕྲད་པས་ཞུ་བ་ཉིད་དུ་འགྱུར ་མོད་ཀྱི། །དེ་ལྟ་ན་ཡང་སྲ་བའི་རང་བཞིན་ཉིད་ཀྱི་ཕྱིར་ན་ཞུ་བ་ཉིད་དེ་རྣམས་ཀྱི་བདག་གི་ཕ་མ་ཡིན་པ་དེ་བཞིན་དུ་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་བདག་གི་ཕ་མ་ཡིན་པའི་བདེ་བས་ལུས་ཀྱི་བདག་གི་ཉིད་ཡུན་རིང་པོས་ཀྱང་བྱ་བར་མི་ནུས ་ཏེ། དེའི་ཕྱིར་ལུས་ནི་སྡུག་བསྔལ་གྱི་རང་བཞིན་ཅན་ཉིད་སྟེ། ཁུ་བྱུག་གི་ཕྲུག་གུ་བཞིན་ནོ། །ཇི་ལྟར་ཁུ་བྱུག་གི་ཕྲུག་གུ་བྱ་རོག་གིས་ཆིར་བསྐྱེད་བཞིན་དུ། ཁུ་བྱུག་ཁོ་ནའི་ཡིན་པར་འགྱུར ་གྱི་བྱ་རོག་གི་མ་ཡིན་པ་དེ་བཞིན་དུ་ལུས་བདེ་བའི་མ་ཡིན་ནོ། །འདིར་འགྱུར་ཏེ། རྨོངས་མུན་སྡུག་བསྔལ་བདག་ཉིད་ལུས། །བདེ་བའི་བདག་གིར་བྱེད་དམ་ཅི། །ནམ་ཡང་ཆེར་ཡུན་རིང་བས་ཀྱང། །ལྕགས་གནག་གསེར ་དུ་འགྱུར་བ་མིན། །འདི་སྙམས་དུ་སྡུག་བསྔལ་ཡོད་དུ་ཟིན་ཀྱང་མཚོར་བ་ནི་དོན་མ་ཡིན་པའི་གནས་མ་ཡིན་ཏེ། འདི་ལྟར་ཁ་ཅིག་དག་ནི་སྐྱེས་པ་ནས་བརྩམས་ཏེ་འཆི་བ་ལ་ཐུག་པའི་བར་དུ་གཅིག་ཏུ་བདེ་བ་རང་ལྡན་པར ་སྣང་ལ་སེམས་ཅན་མཆོག་ཏུ་གྱུར་པ་གཞི་ཆེན་པོ་ལ་རེ་བ་བཞག་པ་རྣམས་ཀྱང་དེ་ལ་གཡེངས་པས་ཚོར་བར་མི་འགྱུར་ཏེ། དེའི་ཕྱིར་དེ་ལྟར་ལུས་སྡུག་བསྔལ་གྱི་བདག་ཉིད་ཅན་ཡིན་སྙམ་ན། བརྗོད་པར་བྱ་སྟེ། མཆོག ་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱི་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །སྡུག་བསྔལ་ནི་རྣམ་པ་གཉིས་ཏེ། ལུས་ཀྱི་དང་ཡིད་ཀྱིའོ། །དེ་ལ་མཆོག་ཏུ ་གྱུར་བ་གང་དག་ལོངས་སྤྱོད་ཚེ་ཞིང་རིགས་དང་ལྡན་ལ་འདོད་པ་བརླབས་ཆེ་བ་དེ་དག་ལ་ནི་མངོན་པར་འདོད་པའི་གཞི་ཆེན་པོ་ཐོབ་པར་དཀའ་བའི་ཕྱིར། ཕྲག་དོག་ཕལ་ཆེ་བས་འདོད་པ་མི་རྙེད་པ་ལས་སྐྱེད་པ་ཡིད་ཀྱི་སྡུག་བསྔལ་ལྡོག་པ ་མེད་ལ། ཡང་སེམས་ཅན་ཐ་ཤལ་རིགས་དམའ་ཞིང་བཟའ་བ་དང། མལ་ཆ་དང་གནས་དང་གོས་དམན་པ་གང་དག་ཡིན་པ་དེ་དག་ནི་ལུས་ཀྱི་སྡུག་བསྔལ་གྱིས་བཅོམ་པ་ཉིད་ཀྱིས་ན་སུ་ལ་ཡང་བདེ་བའི་གོ་སྐབས་ག་ལ་ཡོད ་དེའི་ཕྱིར་དེ་ལྟར་ན་འཇིག་རྟེན་འདི་དག་ཐམས་ཅད་སྡུག་བསྔལ་གཉིས་ཀྱིས་ཉིན་རེ་ཉིན་རེ་ཞིང་འཇོམས་པར་འགྱུར་རོ། །དེའི་ཕྱིར་རང་བཞིན་གྱིས་བདེ་བར་གྱུར་པ་ནི་འདིར་འགའ་ཡང་ཡོང་བ་མ་ཡིན་ཏེ། གླང་པོ་ཆེ་ལ་བསྐྱོན་པ་མཇལ? ་ནས་དབང་བྱེད་བརྙས་སྐྲན་ལངས་པ་དང་ཡོངས་སུ་དགའ་བ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་ཚོགས་ཤིག་ཅེས་འགའ་ཞིག་གླང་པོ་ཆེ་གདུལ་དཀའ་བ་ལ་བསྐྱོན་ལ། དེས་ཀྱང་གླང་པོ་ཆེ་ཡང་དག་པར་བསྐུལ་བར་གྱུར་ཏོ། །དེ་ནས་རྒྱལ ་པོ་མགུ་ནས་རི་མོར་བྱས་སོ། །མི་དེའི་བྱ་དགའ་མཐོང་ནས་གླང་པོ་ཆེའི་དབང་བྱེད་པའི་མི་སྡུག་བསྔལ་གྱུར་ཏོ། །དེ་ནས་འཇིགས་པས་དེ་ལ་ཡིད་མི་བདེ་བར་སྐྱེས་པར་གྱུར་ཏོ། །ཡང་མི་གཉིས་པ་དམན་པ་ཞིག་རྒྱལ་པོ་དེས་ཚོགས ་ཤིག་ཅེས་གླང་པོ་ཆེ་དེ་ལ་བསྐྱོན་པ་དང་དེས་མ་ནུས་པར་གྱུར་ཏེ། རྒྱལ་པོས་དེས་ལུས་ཀྱི་ཆད་པ་དང་སྦྱར་ལ། དབང་བྱེད་ལ་ཡང་ཡོངས་སུ་དགའ་བ་སྐྱེས་པར་གྱུར་ཏོ། །དེ་ལ་གཅིག་ལ་ཡིད་ཀྱི་སྡུག་བསྔལ་ཡོད་པར་གྱུར་ལ། གཉིས ་པ་ལ་ལུས་ཀྱིའོ། །དེ་བཞིན་དུ་ཆེན་པོ་རྣམས་ལ་ནི་ཁྱད་དུ་སད་པ་ལས་ཡིད་ཀྱི་སྡུག་བསྔལ་འབྱུང་ལ། དམན་པ་རྣམས་ལ་ནི་བརྡེགས་པ་ལས་ལུས་ཀྱིའོ། །འདིར་སྡུག་བསྔལ་གཉིས་བཅོམ་འཇིག་རྟེན་ནི། །རང་བཞིན་སྡུག་བསྔལ ་ཉེན་མཐོང་ནས། །དེ་ནི་བདེ་ཞེས་སྙིང་རྗེ་ཡི། །བདག་ཅན་སྐྱེས་བུ་སུ་ཞིག་སྨྲ། ཞེས་བྱ་བར་འགྱུར་རོ། །འདིར་སྨྲས་པ། སྡུག་བསྔལ་གཉིས་ནི་ཡོད་མོད་ཀྱི། །དེ་ལྟ་ན་ཡང་བདེ་བ་ཆེན་པོ་ཉིད་ཀྱིས་ཟིལ་གྱིས་མནན་པས་མི་ཤེས་སོ། །བཤད ་པར་བྱ་སྟེ། བདེ་བ་ལ་ནི་ཆེན་པོ་ཉིད་ག་ལ་ཡོད་དེ། སྡུག་བསྔལ་གྱི་དབང་དུ་གྱུར་པའི་ཆོས་རྟོག་པ་ཞེས་བྱ་བ་ལ་ཡང་རག་ལས་ཏེ་འཇུག་པའི་ཕྱིར་རོ། །འདི་ལྟར། བདེ་བ་རྟོག་པའི་དབང་གྱུར་ཞིང། །རྟོག་པ་སྡུག་བསྔལ་དབང་གྱུར་པ། ་དེ་ཕྱིར་ཀུན་ན་སྡུག་བསྔལ་ལས། །ཤིན་ཏུ་སྟོབས་ལྡན་ཅི་ཡང་མེད། །གང་གི་ཚེ་སྐྱེས་བུ་འདི་བདག་ནི་གཏོང་བ་པོའོ། །བདག་ནི་ཕྱུག་པོའོ། །བདག་ནི་དབང་པོའི་ཡུལ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ཉེ་བར ་ལོངས་སྤྱོད་པའི་ཞེས་དེ་ལྟར་རྟོག་པར་བྱེད་པ་དེའི་ཚེ། དེ་ལྟར་ཡོངས་སུ་རྟོག་པར་བྱེད་པ་འདི་ལ་ཡིད་ཀྱི་བདེ་བ་འབྱུང་ལ། བདེ་བ་འབྱོར་དུ་ཟིན་ཀྱང་གཞན་གྱིས་གནོད་པར་དོགས་པ་རྣམས་ལ། ལོངས་སྤྱོད་རྒྱུན་འཆད་པའི་རྟོག་པ་ཕྱིས ་ཡིད་ཀྱི་བདེ་བ་དེ་ལྡོག་པར་འགྱུར་ཏེ། དེ་ལྟར་ན་བདེ་བ་འབྱུང་བ་དང་འགག་པ་དག་ནི་རྟོག་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར་བདེ་བ་རྟོག་པའི་དབང་དུ་གྱུར་པ་ཡིན་ནོ། །སྡུག་བསྔལ་ནི་དེ་ལྟར་མ་ཡིན་ཏེ། གང་ཞིག་སྡུག་བསྔལ་གྱི་གནོད ་པའི་མཐུ་འགོག་པར་བྱེད་པའི་རྟོག་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ནི་བདེ་བ་ལྟར་རྟོག་པའི་དབང་དུ་གྱུར་པ་མ་ཡིན་ནོ། །ཡང་ཡུལ་ཡིད་དུ་འོང་བ་ལོངས་སྤྱོད་པའི་བདེ་བ་གང་ཡིན་པ་དང། བདེ་བ་འབྱུང ་བ་དང་རྗེས་སུ་མཐུན་པའི་རྟོག་པ་གང་ཡིན་པ་དེ་གཉིས་ཆར་ཡང་སྡུག་བསྔལ་ཉེ་བར་སྐྱེས་པས་འཇོམས་པར་འགྱུར་ཏེ། འདི་ལྟར་དབང་པོའི་ཡུལ་ཉེ་བར་ལོངས་སྤྱོད་ཀྱང་འདི་སྡུག་བསྔལ་གང་ཡང་རུང་བ་ཞིག་གིས་ཟིལ་གྱིས་མནན་པ་ན་ཉ ་བ་དེ་ཐམས་ཅད་རྟོག་པ་དང་ལྷན་ཅིག་བཏང་ནས་སྡུག་བསྔལ་ཁོ་ན་སོ་སོར་མྱོང་བར་འགྱུར་གྱི། བདེ་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་བདེ་བའི་རྟོག་པ་སྡུག་བསྔལ་ལ་རག་ལས་པའི་ཕྱིར། སྡུག་བསྔལ་ཁོ་ན་ཆེར་སྟོབས་དང་ལྡན་པ ་ཡིན་གྱི་བདེ་བ་ནི་མ་ཡིན་ཏེ། ཆུན་མའི་བུ་བཀུར་བས་སྡུག་བསྔལ་བར་གྱུར་པ་ཉིད་བཞིན་ནོ། །ཆེན་ཆུང་གཉིས་ལས་གཅིག་ནི་བུ་ཤི་བ་ཞིག་ཡིན་ལ། གཉིས་པ་ནི་བུ་དང་བཅས་པ་ཞིག་གོ་།དེ་ལ་གང་བུ་ཤི་བ་དེ་ཆུན་མའི་བུ་བཀུར ་ཞིང་བརྒྱན་པ་མཐོང་ནས་ཤིན་ཏུ་དུ་བར་གྱུར་རོ། །དེ་ལ་ཤི་ཟིན་པ་ལ་ཡང་ཅིའི་ཕྱིར་དུ་ཞེས་ནོས་པ་དང། དེས་སྨྲས་པ། ཁོ་མོ་དེ་ལ་མི་དུའི། འོན་ཀྱང་གང་ཆུན་མའི་བུ་གསོན་པ་འདི་ལ་ཁོ་མོ་དུའོ། །དེ་དུས་ཕྱིས་ཆུན་མའི་བུ་ན་བ་ན་གྲོང་གཞན ་ཞིག་དུ་སོང་ངོ་ཉི་མ་ཁ་ཅིག་ལོན་ནས་གྲོང་དེའི་འདབས་སུ་བསྙན་པ་དང། དེ་ནས་རོ་ཞིག་གཏོན་པར་གྱུར་ཏོ། །ངེས་འདི་ལྟར་ཆུན་མའི་བུ་དེ་ཤིའོ་སྙམ་དུ་ཡོངས་སུ་བརྟགས་སོ། །དེ་ལྟར་ཡོངས་སུ ་བརྟགས་ནས་དེ་ལ་ཤིན་ཏུ་ཡིད་བདེ་བ་སྐྱེས་ལ། སྡིག་པས་ཡན་ལག་གི་ཆལ་བརྡུངས་པ་དང། དེ་ཕྱིར་དེ་ལ་རྟོག་པའི་དབང་གིས་ཡིད་བདེ་བ་སྐྱེས་པ་དུག་གི་སྡུག་བསྔལ་ཟིལ་གྱིས་མནན་ཏེ། དེའི་ཕྱིར་གང་ན་ཡང་སྡུག་བསྔལ་ལས་ཆེས ་སྟོབས་ཆེ་བ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འདི་ལྟར་གང་ཕྱིར་ཕྱིན་ལོག་ལས་སྐྱེས་པ། །དེ་ཕྱིར་བདེ་བ་ཤིན་ཏུ་དཀོན། །སྡུག་བསྔལ་ཡང་དག་ལས་སྐྱེས་པ། །དེ་ཕྱིར་དེ་ཆེས་སྟོབས་དང་ལྡན། །ཞེས་བཤད་དེ། །འདིར ་སྨྲས་པ། གལ་ཏེ་ཡང་བདེ་བ་ཤིན་ཏུ་རྙེད་པར་དཀའ་མོད་ཀྱི། དེ་ལྟར་ཡང་གནོད་པ་མི་བྱེད་པའི་ཕྱིར་དེ་ལུས་ཀྱི་བདག་གི་བ་ཡིན་ལ། སྡུག་བསྔལ་ནི་མང་ཡང་གནོད་པ་བྱེད་པའི་ཕྱིར་གཞན་ཉིད་དུ་འགྱུར་རོ། །བཤད་པར་བྱ་སྟེ། ་ཇི་ལྟ་ཇི་ལྟར་དུས་འགྲོ་བ། །དེ་ལྟ་དེ་ལྟར་སྡུག་བསྔལ་འཕེལ། །དེ་ཕྱིར་བདེ་བ་ལུས་འདི་ཡི། །གཞན་པ་ལྟ་བུར་སྣང་བར་འགྱུར། །ལུས་གང་གི་བྱིས་པ་དང་གཞོན་ནུ་དང་དར་ལ་བབ་པ་དང། རྒན་པ་ཉིད་དག་ནི་ཇི་ལྟ་ཇི་ལྟར་དུས ་འཕེལ་བ་དེ་ལྟ་དེ་ལྟར་སྡུག་བསྔལ་མངོན་པར་འཕེལ་བར་མཐོང་གི། བདེ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་བདེ་བ་ནི་ད་ལྟར་རྣམ་པར་འཕེལ་བའི་ལུས་ཀྱི་རྒྱབ་ནས་རྒྱབ་ནས་འབྱེར་ལ། སྡུག་བསྔལ་ནི་མདུན་ནས་མདུན་ནས་ཉེ་བར་འདུ་བ་དེའི ་ཕྱིར་སྡུག་བསྔལ་ཁོ་ན་ལུས་འདིའི་བདག་གི་བ་ཡིན་པར་སྣང་ལ། བདེ་བ་ནི་གཞན་དུ་གྱུར་པ་སྟེ། ལམ་རིང་པོར་འགྲོ་བ་བཞིན་ནོ། །ཇི་ལྟར་ལམ་རིང་པོར་འགྲོ་བ་ལ་ཉིན་རེ་ཉིན་རེ་བཞིན་ངལ་བའི་སྡུག ་བསྔལ་དང་ལམ་རྒྱགས་ཟད་བའི་སྡུག་བསྔལ་ཆེས་དྲག་པོ་འབྱུང་བ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་པོ་ཐམས་ཅད་ཀྱི་ཇི་ལྟ་ཇི་ལྟར་ཡུན་རིང་པོར་འཚོ་བ་དེ་ལྟ་དེ་ལྟར་རྒ་བའི་སྡུག་བསྔལ་འཐོབ་ཅིད་འཆི་བ་ཡང་ཉེ་བར་འགྱུར ་རོ། །འདིར། གང་ཕྱིར་ཆགས་པ་ལྟར་སྡུག་བསྔལ། །འདི་ཡི་མདུན་དུ་མདུན་དུ་འགྲོ། གཞན་བཞིན་ལུས་ཀྱི་དེ་བ་ནི། །འདོར་བ་དེ་ཕྱིར་གཞན་དུ་འགྱུར། ཞེས་བཤད་དོ། །འདིར་སྨྲས་པ། གང་གི་ཕྱིར་གལ་ཏེ་ཡང ་ལུས་འདི་ལ་སྡུག་བསྔལ་རང་བཞིན་གྱིས་ཡོད་མོད་ཀྱི་དེ་ལྟ་ན་ཡང་བདེ་བའི་རྒྱུས་བཅོར་ཡོད་པ་དེའི་ཕྱིར་བདག་གི་ལུས་ལ་སྐྱོ་བར་མི་བྱའོ། །བཤད་པར་བྱ་སྟེ། སྡུག་བསྔལ་གྱི་ནི་རྒྱུ་མང་པོ། །ནད་རྣམས་དང་གཞན་སྣང། ་འགྱུར་བ། །དེ་སྙེད་དུ་ནི་མི་རྣམས་ལ། །བདེ་བའི་རྒྱུ་དག་སྣང་མ་ཡིན། །འདི་ན་ལུས་ལ་སྡུག་བསྔལ་གྱི་རྒྱུ་ནང་གི་བདག་ཉིད་ལས་གྱུར་པ་ཁམས་མ་སྙོམས་པའི་རྒྱུ་ཅན་ནད་རྣམས་དང། །གཞན་གྲང་བ་ལ་སོགས་པ ་ཕྱི་རོལ་གྱི་རྒྱུ་ལས་བྱུང་བ་རེག་པ་ཡིད་དུ་མི་འོང་བ་ཅན་རྣམས་ཇེ་སྙེད་ཡོད་པ་དེ་སྙེད་ཀྱི་བདེ་བའི་རྒྱུ་ནང་དང་ཕྱི་རོལ་གྱི་རྒྱུ་ཅན་དག་ནི་ལུས་འདི་ལ་མི་སྣང་ངོ། །གང་གི་ཕྱིར་ལུས་ལ་བདེ་བའི་རྒྱུ་དག་ཉུང་ལ། སྡུག་བསྔལ ་གྱི་རྒྱུ་དག་མད་པ་དེའི་ཕྱིར་བདེ་བའི་རྒྱུ་ཡོད་པའི་ཕྱིར་སྡུག་བསྔལ་ལ་སྐྱོ་བར་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་དེ་མ་ཡིན་ཏེ་རྒྱལ་པོའི་བུ་མོ་ལ་རང་ཉིད་ཀྱི་ཁྱིམ་ཐབ་དོན་དུ་གཉེར་བ་དང། རྣམ་ཐོས་ཀྱི་བུའི་བུ་མོས་ད་ལས་ནུ་བཞིན་ནོ། ། ་གང་དག་རང་ཉིད་ཀྱི་ཁྱིམ་ཐབ་ལས་རྒྱལ་པོའི་བུ་མོའི་དོན་དུ་གཉེར་བ་དེ་དག་ནི་སྡུག་བསྔལ་དང་འབྲེལ་བར་འགྱུར་རོ། །དེ་ནི་གཅིག་ཁོ་ན་བདེ་བའི་རྒྱུར་འགྱུར་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ལ། མང་པོ་ཞིག་ཀྱང་དོན་དུ་གཉར་བར་བྱེད་ཀྱི་འཐོབ ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ལ་སྡུག་བསྔལ་གྱི་རྒྱུ་དག་མང་ལ། །བདེ་བའི་རྒྱུ་དག་ནི་ཉུང་ངོ། །དེ་བཞིན་དུ་རྣམ་ཐོས་ཀྱི་བུའི་བུ་མོ་འཕྲོགས་པ་ས་ང་ལས་ནུ་ལ་སྡུག ་བསྔལ་གྱི་རྒྱུ་དག་དུ་མ་ཡོད་པར་འགྱུར་ལ། བདེ་བའི་རྒྱུ་དག་དེ་ལྟར་མ་ཡིན་པ་ལྟ་བུ་སྟེ། གཉིས་ཆར་སྟོབས་དང་ལྡན་པའི་ཕྱིར་རོ། །འདིར་བཤད་པ། ལུས་བད་ཆུ་ཡི་ཐིགས་འདྲ་ཞིང། །སྡུག་བསྔལ་རྒྱ་མཚོའི་ཆུ་བཞིན་དུ། ། ་ཤེས་ནས་མཁས་པ་ཇི་ལྟ་བུར། །དེ་ལ་བདེ་པ་ཡོད་པར་སེམས། །འདིར་སྨྲས་པ། གལ་ཏེ་བདེ་བ་ཞེས་བྱ་བ་ཡོད་པར་མི་འགྱུར་ན་ནི། འདི་ལ་འཕེལ་བར་མི་སྣང་བར་འགྱུར་བ་ཞིག་ན། གང་གི་ཕྱིར་བདེ་བ་ལ་འཕེལ ་པ་སྣད་བ་དེའི་ཕྱིར་ཡོད་དོ། །བཤད་པར་བྱ་སྟེ། །འཕེལ་བཞིན་པའི་བདེ་བ་ལ། །ཇི་ལྟར་ལྡོག་པ་མཐོང་འགྱུར་པ། །དེ་ལྟར་སྡུག་བསྔལ་འཕེལ་བཞིན་པ། །བཟློག་པ་ཡོད་པ་མ་ཡིན་ནོ། །བདེ་བ་ཇི་ལྟ ་ཇི་ལྟར་འཕེལ་བར་འགྱུར་བདེ་ལྟ་དེ་ལྟར་འཕེལ་བཞིན་པ་དེ་ལས་བཟློག་པར་མཐོང་ངོ། །གལ་ཏེ་རང་བཞིན་གྱིས་བདེ་བར་གྱུར་ན་ནི་དེ་ལས་བཟློག་པ་ཡོད་པར་མི་འགྱུར་བ་ཞིག་ན། བདེ་བ་འཕེལ་བཞིན་པ་ལ་ནི་དེ་ལྟར་བཟློག་པ ་ཡོད་ཀྱི། སྡུག་བསྔལ་ལ་ནི་མ་ཡིན་ཏེ། འདི་ལྟར་བདེ་བ་ནི་མངོན་པར་འཕེལ་བ་ན་ཡུན་རིང་པོས་སྨད་པ་དང་མནག་ཆུང་བར་འགྱུར་ལ། སྡུག་བསྔལ་མངོན་པར་འཕེལ་བ་ནི་ཆེས་ལྷག་པས་གདུང་བས་རྩུབ་ཅིང། ལུས་དང་སེམས་ཆེས་ཤིན ་ཏུ་ཉེ་བར་འཇོམས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་འཕེལ་བ་ལ་བཟློག་པ་མེད་པའི་ཕྱིར་ལུས་སྡུག་བསྔལ་གྱི་རང་བཞིན་ཡིན་གྱི། རང་བཞིན་གྱིས་ནི་བདེ་པ་མེད ་དོ། །ང?་ལས་ནུ་ལྷུང་བ་བཞིན་ནོ། །ཇི་ལྟར་བརྒྱ་བྱིན་གྱི་སྟན་ཕྱེད་འདོད་པས་འོག་ཏུ་ལྷུང་བའི་ཕྱིར་ད་ལས་ནུའི་བདེ་བ་གཞལ་དུ་མེད་པར་འཕེལ་བཞིན་པ་ལ་ཡང་བཟློག་པ་མཐོང་པ་དེ་ལྟར་སྡུག་བསྔལ་ལ་མ་ཡིན་ནོ། །འདིར ་བཤད་པ། གལ་ཏེ་བདེ་དེ་རང་བཞིན་གྱིས། །ཡོང་ན་བཟློག་ལས་སྡུག་མི་འགྱུར། །གང་ཕྱིར་བཟློག་འགྱུར་དེ་ཡི་ཕྱིར། །འདོ་ལས་རང་བཞིན་ཡོད་མ་ཡིན། །བདེ་བ་རང་གི་ངོ་བོས་ཉམ་ཆུང་བ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན ་ཀྱང་རྐྱེན་ཉམ་ཆུང་བ་ཉིད་ཀྱང་ཡིན་ཏེ། འདི་ལྟར། རྐྱེན་དང་ལྷན་ཅིག་བདེ་བ་ལ། །བཟློག་པ་མཐོང་གི་སྡུག་བསྔལ་ལ། །རྐྱེན་རྣམས་ཉིད་དང་ལྷན་ཅིག་ཏུ། །བཟློག་པ་ཡོད་པ་མ་ཡིན་ནོ། །བདེ་བའི་རྒྱུ་དྲོ་བ་དང་བསིལ་བའི་རེག་པ ་ལ་སོགས་པ་རྣམས་ནི་བསྟེན་པ་ན་མཐར་སྡུག་བསྔལ་གྱི་རྒྱུ་ཉིད་དུ་རྣམ་པར་འགྱུར་གྱི་སྡུག་བསྔལ་གྱི་རྒྱུ་རྣམས་ནི་ཡུན་རིང་པོས་བསྟེན་པ་ན་ཞེ་སྔང་དྲག་པོས་མིག་དམར་པོར་གྱུར་པའི་མི་སྲུན་པ་རྣམས་ལྟར་ཆེས་སྲི་བ་མེད་པར་འཇུག་པ་ལ་སྦྱོད ་དོ། །དེའི་ཕྱིར་རྒྱུ་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་སྡུག་བསྔལ་ནི་སྟོབས་དང་ལྡན་པས་ཡང་དག་པར་མནན་པའི་ཕྱིར་ལས་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་པས་བདེ་པ་མེད་དེ། རྒྱལ་པོ་མྱ་ངན་མེད་ཀྱི་བཅོན་ར་ཉམས་དགའ་བཞིན་ནོ། །རྒྱལ ་པོ་མྱ་ངན་མེད་ལ་བཙོན་ང་ཉམས་དགའ་ཞེས་བྱ་བ་ཞིག་ཡོད་པར་གྱུར་ལ། དོར་ཐོག་མར་ཞུགས་བ་གང་ཞིག་རང་འདོད་ཀྱི་སྤྱོད་ལམ་བཞི་ལས་གང་ཡང་རུང་བ་ཞིག་གིས་གནས་པ་དེ་བདེ་བར་གྱུར་བ་མ་ཡིན་ལ། དེ་བདེ་བའི་རྐྱེན་དེ་ཡོད ་ཀྱང་ཕྱིས་སྡུག་བསྔལ་བར་འགྱུར་ཏེ། དེ་བཞིན་དུ་རྐྱེན་དག་ཡོད་བཞིན་དུ་བདེ་བ་ཁོ་ན་བཟློག་པར་འགྱུར་གྱི། །སྡུག་བསྔལ་ནི་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་བདེ་བ་མེད་ན་ནི། ལྟ་སྦྱིན་བདེ་བ་དང་ལྡན་ནོ་ཞེས་བྱ་བའི་བརྗོད་པར ་མི་འགྱུར་བ་ཞིག་ན། །རྗོད་པ་འདི་ནི་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བདེ་མ་ཡོད་དོ། །བཤད་པར་བྱ་སྟེ། ཁྱོད་འཆི་བཞིན་ལ་དུས་སོང་ཞིང། །འགྲོ་བ་དང་ནི་འགྲོ་འགྱུར་ན། །འཆི་བཞིན་པ་ནི་བདེ་འགྱུར་ཞེས། ། ་རྣམ་པ་ཀུན་དུ་རིགས་མ་ཡིན། །སྐད་ཅིག་རེ་རེ་ལ་འཇིགས་པའི་དང་ཅན་ཡིན་པའི་ཕྱིར་འདུ་བྱེད་རྣམས་སྐད་ཅིག་དང་སྐད་ཅིག་ལ་འཆི་བ་ཡིན་ལ། དེ་ཡང་དུས་གསུམ་ལ་མི་འཁྲུལ་པ་ཡིན་པས་འཆི་བཞིན་པ་ལ་ཁྱོད་ཀྱི་དུས ་སོང་ཞིང་འགྲོ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་དུས་གསུམ་ལ་ཁྱབ་པའི་འཆིས་བས་འཆི་བཞིན་?་ན་བདེ་བ་དང་ལྡན་པར་འགྱུར་རོ། །ཞེས་རྣམ་པ་ཐམས་ཅད་དུ་མི་རིགས་སོ། །དེའི་ཕྱིར་བདེ་བ་དང་ལྡན་ནོ་ཞེས་བྱ་བའི་བརྗོད་པ ་ལས་བདེ་བ་ཡོད་དོ་ཞེས་བྱ་བ་མི་རུང་སྟེ། བྲན་ངན་པ་ན་ལེ་ཤེམ་ཟ་བ་དང། ཆང་འཐུང་བ་བཞིན་ནོ། །འབངས་གཞོན་དུ་ཞིག་གིས་ཁྱིམ་བདག་འགའ་ཞིག་གི་མཆིན་ལྷམ་བརླག་གོ་།དེ་ནས་ནི་ཁྲིའུའོ། །དེ་ནས་ནི་རྟའོ། །དེ་ཁམས ་ནས་དེ་ན་ལེ་ཤམ་གྱི་མཛོད་དུ་བཅུག་གོ། དེར་བཅུག་ནས་ཀྱང་ན་ལེ་ཤམ་ཟ་བ་དང། ཆང་འཐུང་བ་ལ་གོམས་པར་བྱས་སོ། །དེ་ནས་དེ་ནས་ཁྱིམ་བདག་དེ་སྟོང་ཕྲག་དང་ཕྲལ་ལོ། །དེ་ནས་སྟོང་ཕྲག་གཉིས་དང་ངོ། །དེ་ནས ་ལ་དེས་གང་ཁྱོད་བྱ་བ་མ་ཡིན་པ་བྱེད་ཀྱང་ངས་སླར་བསྐྱངས་བཞིན་དུ་ཡང་ནས་ཡང་དུ་གནོད་པ་བྱེད་པ། ཁྱོད་ནི་བྱས་པ་ཆུང་གཟོན་པ་དང་བྱས་པ་མི་ཤེས་པ་ཞིག་གོ་ཞེས་བརྗོད་པ་དང། དེས་གང་ཁྱོད་ཡང་ནས་ཡང་དུ་ཉེས ་པ་བྱས་ཀྱང་ད་ལ་ཡིད་རྟོན་པར་འགྱུར་པ་ཁྱོད་ཉིད་བྱས་པ་ཆུང་གཟོན་ཞིང་བྱས་པ་མི་ཤེས་པ་ཞིག་གོ་ཞེས་སྨྲས་ཏེ། དེ་བཞིན་དུ་བྱིས་པ་རྣམས་ཀྱང་ནུར་ནར་པོ་ལ་སོགས་པ་ནས་འཆི་བཞིན་དུ་ཁོ་བོ་ཅག་ནི ་བདེའོ་ཞེས་སྨྲའོ། །འདིར་བཤད་པ། གང་ཞིག་ཡང་དང་ཡང་དུ་འཆི་དེ་པ་དེ་མིན་ཞིང། །གང་ནས་རྟག་ཏུ་ནང་གཞི་ཡོད་དེ་རྣལ་མ་མིན། །གང་དུ་རྒུད་པ་མདུན་ན་རྟག་སྟེ་འབྱོར་མིན་ལ། །གང་ཞིག་ཚུལ་མ་ཡིན་པས་བསགས ་དེ་ནོར་མ་ཡིན། །དུས་ཐམས་ཅད་ལ་འཁྲུལ་པ་མེད་པའི་འཆི་བདག་གིས་བཟུང་བ་ལ་བདེ་བ་ཆ་ཙམ་གྱི་ཡང་གླགས་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དེ་ལས་གཞན་བ་སྡུག་བསྔལ་གྱི་རྒྱུར་བར་མེད་པར་ལྷགས་པ་ལས ་ཀྱང་ཕལ་ཆེ་བ་ཉིད་ཀྱི་ཕྱིར། ཡང་སྡུག་བསྔལ་ལ་བདེ་པའི་འདུ་ཤེས་མི་རིགས་སོ། །འདི་ལྟར། ལུས་ཅན་རྣམས་ལ་བཀྲེས་སོགས་ཀྱིས། །གནོད་བ་རྟག་ཏུ་ཡོད་འགྱུར་ན། །གནོད་བཞིན་པ་ནི་བདེའོ་ཞེས། །རྣམ་པ་ཀུན ་དཱུང་རིགས་མ་ཡིན། །སྡུག་བསྔལ་གྱི་རྒྱུ་ལུས་ལ་གནོད་པར་བྱེད་པ་བཀྲེས་བ་དང་སྐོམ་པ་དང་གྲང་པ་དང་ཆོ་བ་དང་ནང་ལ་སོགས་པ་རྟག་ཏུ་ཉེ་བ་དེ་རྣམས་ཀྱིས། པར་མཚམས་མེད་པར་འཁོར་མོར་གནོད་པ་ཇི་ལྟར་བདེ ་བར་འགྱུར་ཏེ། མནའ་མ་ཁྱིམ་གྱི་སོ་ཚིས་དོན་དུ་གཉེར་བ་བཞིན་ནོ། །མནའ་མ་ཁ་ཅིག་གིས་ཁྱིམ་གྱི་དཔང་དོན་དུ་གཉེར་བར་གྱུར་ཏོ། །དེ་སྒྱུག་མོས་དེ་དང་དེ་ལ་ངེས་པར་སྦྱར་བ་དང་དེ་ནས་གང་སྔར་ཆས་བདར་ལྷུར་བྱེད་པར་གྱུར ་པ་ཞིག་བྱ་བ་བྱས་པ་དང་མ་བྱས་པ་དག་ལ་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། དེ་བཞིན་དུ་འཇིག་རྟེན་ཡང་བཀྲེས་པ་དང། སྐོམ་པ་ལ་སོགས་པའི་སྡུག་བསྔལ་བཅོ་བའི་རྒྱུར་ཟས་དང་སྐོམ་ལ་སོགས་པ་ཚོལ་བས་རྟག ་ཏུ་སྡུག་བསྔལ་ཏེ། བདེ་བའི་བློ་ནི་ཕྱིན་ཅི་ལོག་ལས་ཡིན་ནོ། །འདིར་བཤད་པ། རྒྱལ་པོའི་སྐྱེས་བུ་རྣམས་ཀྱིས་རྐུན་པོ་ལྟར། །སྡུག་བསྔལ་རྣམས་ཀྱིས་རྟག་ཏུ་ལུས་འཇོམས་ན། །དེ་འདིར་དམ་པ་རྣམས་ཀྱིས་བདེའོ་ཞེས། །བྱ་བར ་ཇི་ལྟ་བུར་ན་རིགས་པར་འགྱུར། །འདིར་སྨྲས་པ། གལ་ཏེ་ཡང་བདེ་བ་རང་བཞིན་གྱིས་མེད་མདོ་ཀྱི། དེ་ལྟ་ན་ཡང་བདེ་པ་ནི་ཚོགས་པའི་སྒོ་ནས་ཡོད་དོ། །བཤད་པར་བྱ་སྟེ། ནུས་པ་མེད་པས་འབྱུང་ཀུན་ལ། །ཚོགས་པ ་ཞེས་བྱ་སྐྱེ་འགྱུར་ཏེ། །འགལ་བ་རྣམས་ལ་བདེའོ་ཞེས། །རྣམ་པ་ཀུན་དཱུང་མི་རིགས་སོ། །འདིར་བདེ་བ་དང་སྡུག་བསྔལ་དག་ནི་ལུས་ལ་རག་ལས་པ་ཡིན་ལ། ལུས་དེ་ཡང་ས་ལ་སོགས་པ་འབྱུང་བ་ཆེན་པོ་ཚོགས་པ་ལས ་འབྱུང་ངོ། །འབྱུང་བ་ཆེན་པོ་ཡང་རེ་རེ་ལ་ལུས་མངོན་པར་སྒྲུབ་པའི་ནུས་པ་མེད་པས་འཚོགས་པར་འགྱུར་རོ། །འདི་ལྟར་གལ་ཏེ་ནུར་ནུར་པོའི་གནས་སྐབས་ནས་མེད་པར་གྱུར་ན་ན་དིའི་ཚེ་འབྱུང་བ་གསུམ་འཛིན་པར་མི་འགྱུར ་ཏེ། དེའི་ཕྱིར་ནུར་ནུར་པོའི་འོག་ཏུ་ལྷུང་བར་འགྱུར་བ་ཞིག་ན། །སའི་ཁམས་ཀྱིས་ནི་བཟུང་བ་ཡང་ཡིན་ནོ། །གལ་ཏེ་ཆུའི་ཁམས་མེད་ན་ནི་དེའི་ཚེ་གོང་བུའི་བངོ་བོར་མི་འགྱུར་བ་ཞིག་ན། ཆུའི་ཁམས་ཀྱིས་བསྡུས་པས་ན་གོང ་པུའི་ངོ་བོར་འགྱུར་གྱི་བྱེ་མ་ལྟར་རྡུལ་ཕྲ་རབ་རེ་རེ་ནས་འཐོར་བའི་ངོ་བོར་མི་འགྱུར་རོ། །གལ་ཏེ་མེའི་ཁམས་མེད་པར་གྱུར་ན་ནི། །དེའི་ཚེ་ནུར་ནུར་པོ་འདྲུལ་བར་འབྱུང་བ་ཞིག་ན། མེའི་ཁམས་ཀྱི་སྐམ་པ་ན་དེ་འདྲུལ་བར་ཡང་མི ་འགྱུར་རོ། །གལ་ཏེ་རླུང་གི་ཁམས་མེད་པར་གྱུར་ན་ནི་ནུར་ནུར་པ་དེ་འཕེལ་བ་དང། རྒྱས་པ་དང་ཡང་བ་ཉིད་དུ་མི་འགྱུར་བ་ཞིག་ན། རླུང་གི་ཁམས་ཀྱིས་འཕེལ་བར་འགྱུར་བ་ཡང་ཡིན་ནོ། །དེ་ལྟ་ན་རེ་རེ་མེད་པར་གཞན་རྣམས ་ལ་ལུས་མངོན་པར་སྒྲུབ་པའི་ནུས་པ་མེད་པའི་ཕྱིར་འབྱུང་བ་ཐམས་ཅད་འཚོགས་པར་འགྱུར་རོ། །འབྱུང་བ་ཆེན་པོ་དེ་དག་ནི་ཕན་ཚུན་གནོད་པར་ཞུགས་པ་ཡང་ཡིན་ཏེ། འདི་ལྟར་སའི་ཁམས ་ནི་རླུང་གི་ཁམས་ཀྱི་འགྲོས་སྡུག་པར་བྱ་བའི་ཕྱིར་ཞུགས་ལ། རླུང་གི་ཁམས་ཀྱང་སའི་ཁམས་རྣམ་པར་འཐོར་བ་ལ་མངོན་པར་བརྩོན་ནོ། །ཆུའི་ཁམས་ནི་མེའི་ཁམས་ལ་གནོད་པར་བྱ་བའི་ཕྱིར་ཡིན་ལ། མེའི་ཁམས ་ཀྱང་ཆུའི་ཁམས་སྐམས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་སོ། །དེ་ལྟར་ན་འབྱུང་བ་ཆེན་པོ་འདི་རྣམས་ནི་ཕན་ཚུན་འགལ་བ་ཡིན་ལ། འགལ་བ་རྣམས་ཀྱང་ལུས་གཅིག་ལ་སྡུག་བསྔལ་འབྱུང་བའི་རྒྱུ་ཉིད་ཡིན་བྱའི་ཕྱིར། བདེ་བའི་གོ ་སྐབས་མེད་པས་ལུས་ནི་སྡུག་བསྔལ་གྱི་བདག་ཉིད་ཅན་ཁོ་ན་ཞིག་སྟེ། ཐག་པ་གཅིག་གིས་བཅིངས་པའི་སྲོག་ཆགས་དྲུག་དང། ཆུང་མ་བཞིས་སྡུག་བསྔལ་བར་གྱུར་པ་བཞིན་ནོ། །ཇི་ལྟར་ཕན་ཚུན་འགལ་ཞིང་སྦྱོད ་ཡུལ་ཐ་དད་པ་ཐག་པ་གཅིག་ལ་བཏགས་པ་རྟ་དང། ཅེ་སྤྱང་དང། སྦྲུལ་དང། འདབ་ཆགས་དང། རི་དགས་དང། ཆུ་སྲིན་བྱིས་པ་གསོད་རྣམས་ལ་ཚོགས་པ་ཡོད་ཀྱང་འགལ་བས་ཇི་ལྟར་བདེ་བ་མེད་པ་དེ་དང་འདྲའོ། །འདིར ་བཤད་པ། འགལ་བ་ཁང་པ་གཅིག་གནས་རྣམས། །བདེ་བར་མི་འགྱུར་ཇི་འདྲ་བ། །དེ་འདྲ་ཚོགས་ཀྱང་འགལ་བ་ཡི། །འབྱུང་བ་རྣམས་ལ་ཡང་བདེ་ཡད་མིན། །ཇི་ལྟར་ཆུང་མ་ཕན་ཚུན་མི་མཐུན་པ་བཞི་ལས་དེར་གཅིག་ནི་རྟག ་ཏུ་ཁངས་པ་ཞིག་གོ། གཞན་ཞིག་ནི་རྟག་ཏུ་དུ་བ་ཞིག་གོ། གཞན་ནི་རྟག་ཏུ་ཁྲོ་བ་ཞིག་གོ། བཞི་པ་ནི་རྟག་ཏུ་སྨྱོ་བ་ཞིག་སྟེ། དེ་དག་བདག་པོས་སྦྱར་བ་ལས་ལུས་ལ་རིམ་གྲོ་བྱ་བ་ལ་འཕྲོད་པར་མི་ནུས་ཤིང། ཕན་ཚུན་མི་མཐུན ་པས་རིམ་གྲོ་ཡང་དག་པར་ཡང་མི་བྱེད་པ་དེ་བཞིན་དུ་ལས་དང་ཡང་དག་པར་ཡང་མི་བྱེད་པ་དེ་བཞིན་ལྡན་པས་ཁམས་བཞི་ལ་བདེ་བ་ག་ལ་ཡོད། འདིར་སྨྲས་པ། འབྱུང་བ་ཆེན་པོ་རྣམས་ཕན་ཚུན་འགལ་མོད་ཀྱི། དེ་ལྟ་ན་ཡང་དེ་ཕྱིར ་བཅོ་བ་ཡོད་དེ་ལས་བདེ་བར་འགྱུར་རོ། །འདི་ནི་མི་རིགས་ཏེ་གང་གི་ཕྱིར། གྲང་སོགས་རྣམས་ལ་བཅོ་འཚོ་བ། །རྟག་ཏུ་ཡོད་པ་མ་ཡིན་ན། །བརླག་བཞིན་པ་ནི་བདེའོ་ཞེས། །རྣམ་པ་ཀུན་དུ་རིགས་མ་ཡིན། །འདིར་སྐྱེས་བུ ་འདི་གྲང་བའི་ཚེ་གྲང་བའི་འཇིགས་པ་ལས་འབྲོས་པ་ན་དེའི་གཉེན་པོ། །དྲོ་བའི་ནུས་པ་ཅན་བགོ་བ་དང་གདིང་བ་ལ་སོགས་པ་རྣམས་བརྟེན་ལ། ཆེ་བའི་ཚེ་ནི་གཉེན་པོ་བསིལ་བའི་ནུས་པ་ཅན་ཅེན་དན་དང་བུ་ཤེལ་ཅེ་དང། པྲི ་ཡང་ཀུ་ལ་སོགས་པ་རྣམས་ཏེ། དེ་བཞིན་དུ་རྒྱས་པར་རོ། །གང་ཞིག་གྲང་བ་ལ་སོགས་པས་ཉམས་པ་དེ་ནི་འཇིགས་པ་དེ། བཅོམ་བཞིན་པ་ན་དེའི་འཇིགས་པ་སྤང་བར་བྱ་བའི་ཕྱིར་གཉེན་པོ་ཀུན་ནས་བསྟེན་གྱི། ་བདེ་བའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དེ་རྣམས་རང་བཞིན་གྱིས་བདེ་བའི་རྒྱུར་འགྱུར་ན་ནི། ཐམས་ཅད་ཀྱི་ཚེ་ཡང་བདེ་བ་དག་བསྐྱེད་པར་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་ཁྱོད་སྡུག་བསྔལ་གྱི་གཉེན ་པོ་ལ་བདེ་བའི་བློར་འགྱུར་ཏ་རེ། ཞག་པ་དང་དབྱུག་པ་ཅན་གྱིས་བདས་པའི་རྐུན་པོའི་ཚོགས་བཞིན་ནོ། །ཇི་ལྟར་ཞགས་པ་དང་དབྱུག་པ་ཅན་སྟོབས་དང་ལྡན་པས་བདས་པའི་རྐུན་པོའི་ཚོགས་བདག་བསྲུང ་བར་བྱ་བའི་དོན་དུ་འདི་དང། དེ་རྒྱུག་པ་ན་བདེ་བར་མ་གྱུར་བ་དེ་བཞིན་དུ། འཇིག་རྟེན་སྡུག་བསྔལ་གྱིས་བཙེས་པ་ཡང་སྡུག་བསྔལ་གྱི། གཉེན་པོ་དྲོ་བ་ལ་སོགས་པ་དེ་དང་དེ་ལ། རྒྱུག་པ་དང་བདེ་བ་དང་ལྡན་པ་མ ་ཡིན་ནོ། །འདིར་བཤད་པ། རྐུན་པོ་འབྲོས་ལྟར་རྟག་འཇིགས་ཤིང། །གྲང་སོགས་སྡུག་བསྔལ་ལ་འཇིགས་པས། །དེ་དང་དེར་ནི་རྒྱུག་བ་ཡི། །འཇིག་རྟེན་འདི་ལྟག་ལ་བདེ། །འདིར ་སྨྲས་བ། གང་གི་ཕྱིར་འཇིག་རྟེན་ན་ལྷས་སྦྱིན་བདེ་བར་ཉལ་ལོ་འདུག་གོ། འཕྲོའོ་ཞེས་བྱ་བའི་ཐ་སྙད་འདིར་འགྱུར་བ་དེའི་ཕྱིར་ན་བདེ་བའི་ཐ་སྙང་ཡོད་པ་ལས་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། འབད་རྩོལ་མེད ་པར་སྤྱོད་པ་ཞེས། །འགའ་འདས་སྟེང་ཡོད་མིན་ན། །ལས་བྱེད་བདེ་བ་ཡིན་ནོ་ཞེས། །རྣམ་པ་ཀུན་ཏཱུང་མི་རིགས་སོ། །ས་སྟེང་ན་འབད་པ་མེད་པར་ཉལ་བ་ལ་སོགས་པའི་སྤྱོད་པ་ཡོད་པར་མ་མཐོང་ལ། །གང་གི་ཚེ ་འདི་ཉམ་ཆུང་བར་འགྱུར་ཞིང་འབད་རྩོལ་མེད་ལ་རང་གི་ལག་པ་ཡང་འདེགས་པར་མི་ནུས་པ་དེའི་ཚེ་གཞན་གྱི་འདེགས་ཤིང། །གང་གི་ཚེ་ན་ནུས་བ་དེའི་ཚེ་ནི་ཉལ་བ་དང། བསྐུམ་པ་ལ་སོགས་པའི་སྤྱོད་པ་དག་ལ ་སྡུག་བསྔལ་བར་མི་ཤེས་པ་དེས་ན་དེ་རྣམས་བདེ་བར་རྟོག་པར་བྱེད་དོ། །གང་གི་ཕྱིར་འདི་ཉིན་རེ་བཞིན་ལངས་ཤིང་ལངས་ཏེ་ལུས་འཚེ་བར་བྱ་བའི་དེ་ན་དུ་ལས་རྣམ་པ་དུ་མ་དག་བྱེད་ཀྱི། བདེ་བའི་ཕྱིར་མ་ཡིན་པ་དེའི ་ཕྱིར་ལས་བྱེད་པ་བདེ་བ་མ་ཡིན་ཏེ། མཁན་པོ་ལས་ཡོངས་སུ་ཉོན་མོངས་པའི་རྒྱལ་པོའི་བུ་བཞིན་ནོ། །ཇི་ལྟར་བརྡའ་སྤྲོད་པ་དང། གཏན་ཚིགས་དང། ནོར་གྱི་བསྟན་བཅོས་དང། འཕོང་དང་ས་འཛིན་བསླབ ་པའི་ཕྱིར་མཁན་པོ་ལྔ་དང་རྗེས་སུ་འབྲེལ་བའི་རྒྱལ་པོའི་སྲས་རྟག་ཏུ་སྡུག་པ་ཁོ་ན་སྟེ། གལ་ཏེ་གཅིག་གིས་བཏང་ན་ནི་གཉིས་པས་འཛིན་པ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྐུན་པོ་བཤེང་མ་ཕུང་པོ ་ལྔ་དང་རྗེས་སུ་འབྲེལ་བའི་ལས་བྱེད་པའི་ཕྱིར་རྟག་ཏུ་སྡུག་པ་ཡིན་ནོ། །འདིར་བཤད་པ། ལུས་འཆའི་དོན་དུ་བྱ་བ་ལ། །རྟག་ཏུ་འབད་པར་རབ་ཞུགས་ཤིང། །ལས་བྱེད་ལྟ་བུར་ལུས་འབངས་ལ། །བདེ་བ་དཀོ་ག་ལ་ཡོད། ་འདིར་སྨྲས་པ། གང་གི་ཕྱིར་འཇིག་རྟེན་གྱི་དབང་པོའི་དོན་གྱི་བདེ་བའི་ཕྱིར། སྡུག་བསྔལ་དེ་དང་དེ་དག་ཉམས་སུ་མྱོང་བར་འགྱུར་བ་དེའི་ཕྱིར་ཡང་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། འདི་དང་གཞན་དུ་བདག་ཉིད་ནི། །རྟག་ཏུ་སྡིག ་ལས་བསྲུང་བར་བྱ། །ངན་འགྲོ་ཡོད་ན་བདེའོ་ཞེས། །རྣམ་པ་ཀུན་དཱུང་རིགས་མ་ཡིན། །གང་གི་ཕྱིར་ཡུལ་ལ་བརྐམ་པའི་སེམས་ཅན་རྣམས་ན། །དབང་པོའི་དོན་གྱི་བདེ་བའི་ཕྱིར་སྡིག་པའི་ལས་དག་བྱེད་ཅིང། འདི་དང་འཕོས་པར་དེའི་རྒྱུ ་ཅན་གསོད་པ་དང། བཅིང་བ་དང། བསྡམ་པ་དང། བརྡེག་པ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་རོ་སྙམ་དུ་བསམས་ཏེ་མཁས་པ་བདག་བདེ་བར་འདོད་པས་འཇིག་རྟེན་འདི་དང་ཕ་རོལ་ཏུ་སྡིག་པའི་རྒྱུ་ཅན་གྱི་སྡུག་བསྔལ ་ལས་རྟག་ཏུ་བདག་བསྲུང་བར་བྱ་དགོས་པ་དེའི་ཕྱིར་བདག་ཉིད་ལ་ངན་འགྲོ་ཡོད་བཞིན་དུ་འགའ་ཡང་བདེའོ་ཞེས་བྱ་བར་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། མ་ཚོར་བར་འཇུག་པའི་དག་བཞིན་ནོ། །ཇི་ལྟར་འདི་ནི་སུ་ཞིག་གམ ་གང་ན་ཞེས་ཡོངས་སུ་མི་ཤེས་པར་འཇུག་པའི་དགྲ་ལས་རྟག་ཏུ་འཇིགས་པར་འབྱུང་བ་ལྟར། དེ་བཞིན་གང་དུ་འམ་ནམ་འགྲོ་བར་བྱ་བ་མི་ཤེས་པས་སྡིག་པ་དང་དམྱལ་བ་ལ་སོགས་པ་དག་ལས་རྟག་ཏུ་བསྲུང་བར་བྱའོ། །འདིར ་བཤད་པ། གང་ཕྱིར་འཇིག་རྟེན་འདི་འཇིགས་དང། །དེ་བཞིན་འཇིག་རྟེན་ཕ་རོལ་གྱི། །འཇིགས་ལས་བདག་རྟག་བསྲུང་བྱ་སྟེ། །དེ་ལ་བདེ་བ་ག་ལ་ཡོད། །འདིར་སྐྱེས་བུ་བདེ་བ་དོན་དུ་གཉེར་བ་རྣམས་རྐང་པ་གཉིས་ཀྱིས། ་འགྲོ་བ་ལ་སྡུག་བསྔལ་དམིགས་ནས་རྟ་དང་གླང་པོ་དང་ཤིང་རྟ་བཞོན་པ་དག་ལ་ཞོན་པར་བྱེད་དོ། །གལ་ཏེ་དེ་ན་བདེ་བ་མེད་ན་ནི་དེ་དག་ལ་མི་ཞོན་པ་ཞིག་སྟེ། དེའི་ཕྱིར་ཡང་བདེ་བ་ཡོད་དོ་ཞེས་སྨྲའོ། །བཤད་པར་བྱ་སྟེ། ་བཞོན་པ་སོགས་ལ་མི་རྣམས་ཀྱི། །བདེ་བ་རྟག་ཏུ་ཡོད་མིན་ཏེ། །དང་པོར་གང་ལ་རྩོམ་མེད་པ། །དེ་ལ་མཐར་འཕེལ་བ་ལ་ཡོད། །བཞོན་པ་ལ་སོགས་རྣམས་ལ་ནི། །བདེ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་རྣམས་ལ་བདེ་བ་ཡོད ་ན་ནི་མཐར་སྡུག་བསྔལ་བར་མི་འགྱུར་བ་ཞིག་ན། གང་ལ་མཐར་སྡུག་བསྔལ་དམིགས་པ་དེ་ལ་ཐོག་མ་ཁོ་ནར་སྡུག་བསྔལ་རྩོམ་པ་ཡོད་པར་འགྱུར་རོ། །གལ་ཏེ་དང་པོ་ཁོ་ནར་སྡུག་བསྔལ་དེ་ཕྲ་བའི་ངོ་བོས་ཡོད་པར་མ་གྱུར ་ན་ནི་ཕྱིས་དེ་འཕེལ་བར་ཡང་སྡུག་བསྔལ་བར་མི་འགྱུར་བ་ཞིག་གོ་།གང་གི་ཕྱིར་ཐོག་མ་དང་ཐ་མར་སྡུག་བསྔལ་ཁོ་ནར་འབྱུང་གི་བདེ་བ་ནི་མ་ཡིན་པ་དེའི་ཕྱིར། བཞོན་པ་ལ་སོགས་པ་རྣམས་ལ་བདེ་བ་ཡོད་པ་མ་ཡིན་ཏེ། ་བླུན་པོ་ཁུར་སྐྱ་ཕྱེད་ཀྱིས་འདྲངས་པ་བཞིན་ནོ། །ཇི་ལྟར་སྐྱེས་བུ་བླུན་པོ་ཞིག་ཕ་མའི་ཁུར་སྐྱ་ཕྱེད་འཕྲོ་བཀྲེས་པ་སེལ་བའི་རྒྱུར་སེམས་པ་བཞིན་དུ་??་མི་མཁས་པ་རྣམས་བཞོན་པ་ལ་སོགས་པ་ལ་སྟེ། བཞོན་པ་དང་བཟའ་བ ་དང་བཏུང་བ་དང། ཉལ་བ་ལ་སོགས་པའི་སྤྱོད་ལམ་དག་ལ་ཕྱིས་སྡུག་བསྔལ་བར་སེམས་སོ། །འདིར་བཤད་པ། བཞོན་པ་སོགས་ལ་རང་བཞིན་གྱིས། །གལ་ཏེ་ཅུང་ཟད་བདེ་ཡོད་ན། །མཐར་དེ་སྡུག་བསྔལ་མི་འགྱུར་ཏེ། ་རང་བཞིན་རྣམ་པར་འཇིག་མི་འགྱུར། །འདིར་སྨྲས་པ། སྡུག་བསྔལ་ཕྱིར་བཅོས་པའི་རྒྱུ་ཅན་གྱི་བདེ་བ་ནི་ཡོད་དེ། གལ་ཏེ་དེ་མེད་པར་གྱུར་ན་ནི་སྡུག་བསྔལ་ཕྱིར་འཚེ་བ་མི་བྱེད་པ་ཞིག་ན། བྱེད་པ་ཡང་ཡིན་ཏེ། དེའི་ཕྱིར ་ཡང་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། གསེར་གྱི་སྣོད་དུ་སྐྱུག་པ་ན། །ཇི་ལྟར་འགའ་ཞིག་དགར་འགྱུར་ལ། །དེ་བཞིན་སྡུག་བསྔལ་ཕྱིར་བཅོས་ཏེ། །བདེའོ་སྙམ་དུ་སེམས་པར་བྱེད། །ཇི་ལྟར་ཕྱུག་པོ་འགའ་ཞིག་ལུས་ཀྱི་ཕྱིར་འཚོ་བར ་ཁྱེད་པ་ན་གསེར་གྱི་སྣོད་དུ་སྐྱུག་ཅིང། དེར་སྐྱུག་པ་ན་བྲན་པོ་སའི་གྱོ་མོར་སྐྱུག་པར་མཐོང་ནས་བདག་ཉིད་དབང་ཐང་ཕུན་སུམ་ཚོགས་པ་ལ་དགའ་ཞིང་མངོན་པར་རློམ་པ་བསྐྱེད་ནས་བདག་ནི་ཕྱུག་པོའི་བདེ་བ་དང་ལྡན་པའོ་ཞེས་བདག་ཏུ ་འཛིན་པ་སྐྱེ་བར་བྱེད་ལ། གསེར་གྱི་སྣོད་དམ་གྱོ་མོར་སྐྱུག་པར་བྱེད་པ་དེ་གཉིས་ཀྱི་སྐྱུག་པའི་སྡུག་བསྔལ་ལ་ནི་བདེ་བ་ཡོད་པ་མ་ཡིན་པ་དེ་བཞིན་དུ། སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་ཕྱིན་ཅི་ལོག་པ་ལས་སྡུག་བསྔལ་ཕྱིར་བཅོས ་བ་དེ་དང་དེ་ལ་བདེའོ་སྙམ་དུ་སེམས་ཏེ། རྟ་སྤངས་ཀྱི་སྣུན་པ་ཟེད་པ་བཞིན་ནོ། །ཇི་ལྟར་འགའ་ཞིག་རྟ་སྤངས་སྣུན་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །སྙམ་དུ་བསམས་ནས་ཆགས་པས་སྣུན་པ་ཟེད་པ་དེ་བཞིན་དུ། མི་མཁས ་པ་རྣམས་སྡུག་བསྔལ་ཕྱིར་བཅོས་པ་ལ་བདེ་བར་འདུ་ཤེས་སོ། །འདིར་སྨྲས་པ། དཔེར་ན་ཁུ་རུ་པ་ཕྲག་པ་གཅིག་ནས་ཕྲག་པ་གཉིས་པར་ཁུར་སྤོ་ཞིང། དེས་འདི་ལ་བདེ་བའི་བློར་འགྱུར་བ་ལྟ་བུ་སྟེ། གལ་ཏེ་དེར་བདེ་བར་མ་གྱུར་ན་ནི ་དེར་མི་སྤོ་བ་ཞིག་གོ་།དེའི་ཕྱིར་ཡང་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། རྩོམ་པས་སྐྱེས་པ་ལྡོག་འགྱུར་ན། །སྡུག་བསྔལ་རྩོམ་ལའང་བདེ་ཅི་ཡོད། །དེ་ཕྱིར་ཐུབ་པས་སྐྱེ་འཇིག་དག་།སྡུག་བསྔལ་ཡིན་ཞེས་གསུངས་པ་སྙམ། ་བདེ་བ་འདོད་པ་ཡོངས་སུ་སྐྱོ་བ་བསྐྱེད་པའི་ཡུལ་ཧ་ཅང་བསྟེན་པས་སྡུག་བསྔལ་ཆེན་པོ་བྱུང་བ་ཅན་ནི། དེ་ལྡོག་པའི་སྲེད་པས་བདེ་བ་མྱོང་བར་བྱ་བའི་ཡུལ་ལོངས་སྤྱོད་པར་རྩོམ་ལ། དེར་ཡང་འདི་ལ་མཐར་སྡུག་བསྔལ་ཆེན་པོ་སྐྱེ་བས ་རྩོམ་པའི་དུས་ན་ཡང་སྡུག་བསྔལ་ཆུང་དུ་སྐྱེས་པ་རྟོགས་སོ། །སྡུག་བསྔལ་ཆུང་དུ་སྐྱེས་པ་དེ་ཡང་སྔར་གྱི་གཡེར་པོ་ལྡོག་པའི་རྒྱུ་ཡིན་པས་སྡུག་བསྔལ་ཆུང་དུ་རྩོམ་པ་ན། སྔར་གྱི་སྡུག་བསྔལ་སྐྱེས ་པ་ལྡོག་པར་འགྱུར་རོ། །སྐྱས་པའི་སྒྲ་ནི་འཕེལ་བའི་རབ་བརྗོད་པའོ། །དེའི་ཕྱིར་དག་གི་དོན་ནི་སྡུག་བསྔལ་ཆུང་དུ་སྐྱེས་པས་སྡུག་བསྔལ་ཆེན་པོ་འཇིག་པར་འགྱུར་རོ་ཞེས་བྱ་བའོ། །སྐྱེ་བ་དང་འགག་པའི་གནས་སྐབས ་གཉི་གར་ཡང་བདེ་བ་མི་སྲིད་པར་བཤད་པ་ནི། སྡུག་བསྔལ་རྩོམ་ལའང་བདེ་ཅི་ཡོད། དེས་བྱ་བ་སྟེ། སྡུག་བསྔལ་རྩོམ་ལ་ནི་བདེ་བ་ཅི་ཡང་མེད་དོ། །འང་གི་སྒྲ་ནི་སྡུག་བསྔལ་འགག་པ་ན་ཡང་བདེ་བ་ཅི་ཞིག་ཡོད་དེ་སྡུག ་བསྔལ་ཅི་ཞིག་ཁོ་ན་སྐྱེ་ཞིང་འགག་པའི་ཕྱིར་གནས་སྐབས་གཉི་གར་ཡང། རང་བཞིན་གྱིས་བདེ་བ་ཡོད་པ་མ་ཡིན་པ་ཁོ་ནའོ། །བདེ་བར་རྟོག་པ་ནི་ཕྱིན་ཅི་ལོག་ཚད་མར་བྱས་ནས་འགྱུར་རོ། །འདིས་ཁུ་རུ་པའི་དཔེ་ཡང་རྣམ་པར ་བཤད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྣམ་པར་སྤྱད་པ་ན་བདེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་རྒྱུ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀ་ཏྱའི་བུ་སྐྱེ་བ་ན་ཡང་སྡུག་བསྔལ་ཁོ་ན་སྐྱེའོ། །འགག་པ་ན་ཡང ་སྡུག་བསྔལ་ཁོ་ན་འགག་གོ་ཞེས་གསུངས་པར་སེམས་སོ། །འདིར་བཤད་པ། བྱིས་པ་སྡུག་བསྔལ་རྩོམ་དེ་ལ། །བདེའོ་སྙམ་དུ་མངོན་པར་རློམ། །གལ་ཏེ་དེ་དེ་ལྟར་བདེ་ན། །དེ་སྡུག་བསྔལ་བར་མི་འགྱུར་ཉིད། །སྦའི་ཤུན ་པའི་འཆིང་བས་བསྡམས་པ་བཞིན་ནོ། །ཇི་ལྟར་སྦའི་ཤུན་པས་བཀྱིགས་པ་ཆར་དང་ཉི་མ་དགེ་གིས་འཇོམས་པ་དེ་བཞིན་དུ། སྡུག་བསྔལ་བཅོ་བ་བསྡུས་པ་ལས་སྡུག་བསྔལ་གཞན་རྩོལ་བས་སྡུག་བསྔལ་སྔ་མ ་ལྡོག་གོ་།འདིར་སྨྲས་པ། གལ་ཏེ་ཡང་སྡུག་བསྔལ་རང་བཞིན་གྱིས་ཡོད་མོད་ཀྱི། དེ་ལྟ་ན་ཡང་བདེ་བས་བྱིས་པས་མི་མདོན་ནོ། །བཤད་པར་བྱ་སྟེ། སོ་སོའི་སྐྱེ་བོས་སྡུག་བསྔལ་ནི། །བདེ་བས་གཡོགས་ལྟར་མི་མཐོང་ན། །གང་གིས ་སྡུག་བསྔལ་སྒྲིབ་འགྱུར་བ། །བདེ་བ་ཞེས་བྱ་ཅི་ཡང་མེད། །རྒྱུ་ཅིས་བྱིས་པ་སོ་སོའི་སྐྱེ་བོ་འདི་རྣམས་ཀྱི་སྡུག་བསྔལ་དེ་མི་མཐོང། གལ་ཏེ་བདེ་བ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཅིག་ཡོད་ན་ནི། །དེའི་ཚེ་དེས་གཡོགས་པའི ་སྡུག་བསྔལ་མི་སྣང་ངོ་ཞེས་བྱ་བར་བརྗོད་པར་རིག་པར་འགྱུར་བ་ཞིག་ན། གང་གི་ཕྱིར་ཡོངས་སུ་བརྟགས་པ་ན་བདེ་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པ་མ་ཡིན་པ་དེའི་ཚེ། ཇི་ལྟར་ཡོད་པ་མ་ཡིན་པ་དེས་སྡུག་བསྔལ་སྒྲིབ་པར་འགྱུར། དེའི ་ཕྱིར་བདེ་བས་སྡུག་བསྔལ་བསྒྲིབས་སོ་ཞེས་བྱ་བར་མི་རིགས་ཏེ། ཁྲོན་པའི་ཕྱེད་དུ་ལྷུང་བ་སྦྲང་རྩི་མྱངས་པས་རྟོན་པ་དང། གླང་པོ་ཆེའི་རོར་ཞུགས་པའི་བྱ་རོག་ཆུ་ཆེན་པོས་བདས་པས་བཞིན་ནོ། །ཇི་ལྟར་འབྲོག་ཏུ་གླང་པོ་ཆེས་བདས ་པས་ཁྲོན་པ་རྙིང་པར་ལྷུང་ཞིང་ལམ་ཕྱེད་དུ་རྩཝ་དུ་རྦའི་རྩ་བ་བྱི་བས་ཟ་བཞིན་པ་ལ་འཇུས་པས་ཐོགས་པ། འོག་ནས་སྤྲུལ་ཆེན་པོས་ཨ་ཛ་ག་རས་བསྒགས་པ། ངོས་ནས་ལྟོ་འཕྱེ་ཆེན་པོས་སྙེག་པ། སྟེང་ནས་སྦྲང་རྩིའི་ཐིགས་པ་བབས ་པ་མྱངས་པས་རྟེན་པ་ཞིག་བདག་ཉིད་བདེ་བར་ཤེས་པ་དེ་བཞིན་དུ། བྱིས་པའི་སྐྱེ་བོ་འཁོར་བའི་དགོན་པར་འཆི་བའི་གླང་ཆེན་གྱིས་བདས་པས་རྒ་བའི་ཁྲོན་པར་ལྷུང་ཞིང་མིའི་ལམ་ཕྱེད་དུ། དགེ་བཅུའི་ལས་ཀྱི་ལམ་གྱི་རྩཝ ་དུ་རྦ་ལ་འཇུས་པས་ཐོགས་པས། འོག་ནས་དན་སོང་གི་སྦྲུལ་ཆེན་པོ་ཨ་ཛ་ཀ་རས་བསྒགས་པ། ངོས་ནས་མི་དགེ་བའི་རྟོག་པའི་ཉོན་མོངས་པའི་ལྟོ་འཕྱོས་མངོན་པར་བ་སྙེག་པ། ཚེའི་རྩཝ་དུ་རྦའི་རྣམ་པར་སྨིན་པའི་བྱི་བས་ཟ་བཞིན ་པ་ཡུལ་ཡིད་དུ་འོང་བ་ལ། འདུན་པའི་འདོད་ཆགས་ཀྱི་སྦྲང་རྩིའི་ཐིགས་པ་ལྷུང་བ་རོ་མྱངས་པས་སེམས་རྟོན་པ་ཡང་བདག་ཉིད་བདེ་བར་སེམས་ཀྱི། བདེ་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཡང་ཇི་ལྟར ་བྱ་རོག་ཞིག་གླང་པོ་ཆེའི་ཐེད་དུ་ཞུགས་པ་དང། ལྷས་ཆར་ཕབ་པས་ཐེད་དེ་ཆུ་བོ་ཆེན་པོས་གཡེངས་ཤིང། དེ་ཡང་དེ་ཉིད་དུ་ཤི་བར་གྱུར་ལ། མནོག་ཆུང་བ་དང་ཉེས་དམིགས་ཆེ་བ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོའི་ཡུལ་གྱི ་བདེ་བའི་རོ་མྱང་བའི་ཐེད་དུ་ཞུགས་ཤིང་།དེའི་ཉེས་དམིགས་མ་མཐོང་བ་རྣམས་ཀྱང་འཁོར་བའི་རྒྱ་མཚོ་ཆེན་པོར་འཆི་བར་འགྱུར་རོ། །འདིར་བཤད་པ། གང་ཕྱིར་རང་བཞིན་གྱིས་གང་བདེར། །འགྱུར་ན་དེ་སྡུག་བསྔལ་འགེ་བས ་ན། །དེ་རང་བཞིན་གྱིས་གང་མེད་པ། །དེ་ཡིས་སྡུག་བསྔལ་ཇི་ལྟར་སྒྲིབ། །འདིར་སྨྲས་པ། གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་གྲུབ་ན་འདིར་ཉེ་བར་བསྟན་པས་དགོས་པ་ཅི་ཞིག་ཡོད་དེ། ཉིན་ཚན་དྲོ་བོ་ཞེས་སྨྲ་པའི ་ཉེ་བར་སྟོན་པ་ནི་མཛེས་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། ཁྱོད་སྡུག་ཆགས་བྲལ་མེད་དོ་ཞེས། །སོ་སོའི་སྐྱེ་བོ་བསྟན་བྱ་དེས། །ངེས་པར་དེ་བཞིན་གཤེགས་རྣམས་ཀྱིས། །གཏི་མུག་ཀུན་གྱི་ཐ་མར་གསུངས། ། ་འདིར་བསྟན་པར་མི་བྱ་བ་ནི་མ་ཡིན་ཏེ། གང་གི་ཕྱིར་ལུས་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་གཏི་མུག་གིས་སོ་སོའི་སྐྱེ་བས་དེའི་རང་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟོགས་པ་དེའི་ཕྱིར། ཁྱོད་ལ་ལུས་སྡུག ་བསྔལ་གྱི་རང་བཞིན་ཅན་ལ་འདོད་ཆགས་དང་བྲལ་བ་ཡོད་པ་མ་ཡིན་ནོ་ཞེས་ཉེ་བར་བསྟན་པར་བྱ་དགོས་སོ། །གང་གི་ཕྱིར་འདི་དེ་ཉིད་ལ་གནས་བཞིན་དུ་ཡང་དེ་ཉིད་མི་མཐོང་བ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད ་དུ། ཆེ་ཞེས་འདི་ནི་སྒྲིབ་པ་རྣམས་ཀྱི་མཆོག་སྟེ། གང་འདི་མ་རིག་པའི་སྒྲིབ་པའོ་ཞེས་གསུངས་སོ། །བོང་མཇུག་ནས་འཛིན་པ་བཟློག་པ་བཞིན་ནོ། །གླ་བྲན་ཁ་ཅིག་གིས་གླ་བླངས་ཏེ་ལས་ཕྱེད་བྱས་ནས་བོར་བར་གྱུར་ཏོ། །དེ་ལ་མས་གང་འཛིན ་པ་དེ་ལེགས་པར་འཛིན་པར་བྱོས་ཤིག་ཅེས་སྨྲས་པ་དང། དེས་ན་མ་ཞིག་གི་ཚེ་བོང་མཇུག་ནས་གཟུང་ལ། དེས་བརྡེགས་སུ་ཟིན་ཀྱང། ཐམས་ཅད་ལ་ལེགས་པར་གཟུང་བར་བྱའོ་ཞེས་མི་གཏོང་བར་གྱུར་ཏོ། །དེ་བཞིན་དུ་བཅོམ་ལྡན ་འདས་ཀྱང་སྡུག་བསྔལ་ལས་ཡིད་བྱུང་བར་གྱིས་ཤིག་ཅེས་སྐྱེ་བོ་གཏི་མུག་གིས་བཟུང་བ་ལ་སློབ་པར་མཛད་དོ། །འདི་སྨྲས་པ། གལ་ཏེ་དེ་ལྟར་ལུས་མི་རྟག་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འདི་ལ་བདེ་བ་ཡོད་པ་ཉིད་ད། བཤད་པར་བྱ ་སྟེ། མི་རྟག་པ་ལ་ངེས་པར་གནད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་མི་རྟག་གང་ཡིན་དེ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། །གདོན་མི་ཟ་བར་མི་རྟག་པས་གནོད་པར་བྱ་བཞིན་པའི་དངོས་པོ་མི་རྟག་པ་ལ་ནི་གནོད ་པར་འགྱུར་ལ། གང་ལ་གནོད་པ་ཡོད་པ་དེ་ཡང་བདེ་བ་མ་ཡིན་ཏེ། དེའི་ཕྱིར་གང་ཅུང་ཟད་མི་རྟག་པ་དེ་ཐམས་ཅད་སྡུག་བསྔལ་བར་འགྱུར་ཏེ། སྡུག་བསྔལ་ནི་གནོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། ལན་ཚྭའི་བྱུང ་ཁུངས་སུ་ལྷུང་བ་བཞིན་ནོ། །ཇི་ལྟར་ལན་ཚྭའི་བྱུང་ཁུངས་སུ་ལྟུང་བ་དེ་ཐམས་ཅད་ལན་ཚྭ་ཅན་དུ་འགྱུར་བ་དེ་བཞིན་དུ་གང་མི་རྟག་པ་དེ་ཐམས་ཅད་སྡུག་བསྔལ་བ་ཁོ་ན་ཡིན་པས་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་བདག་ཉིད་ཅན ་ཁོ་ནའོ། །འདིར་འགྱུར་ཏེ། གང་ཕྱིར་འདུས་བྱས་གང་དེ་ཀུན། །མི་རྟག་ཉིད་ཀྱིས་འདིར་གནོད་པ། །དེ་ཕྱིར་བྱས་པ་ཐམས་ཅད་ནི། །སྡུག་བསྔལ་འབའ་ཞིག་ཁོ་ནར་འགྱུར། །སྐྱེ་བ་དང་རྒ་བ་དང་འཆི་བ་ལ་སོགས་པའི ་འཁོར་བའི་དགོན་པ་སེལ་བར་མཁས་པའི་ཐབས་འདོད་ཆགས་དང་བྲལ་བ་སྐྱེད་པར་བྱེད་པ། རབ་ཏུ་བྱེད་པ་འདིས་ནི་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་ཁམས་གསུམ་གྱི་སྲིད་པར་སྐྱེ་བ་ནམ་མཁའ་ལྟར་མཛའ་ཡས ་པ་དག་ལ་གདུལ་བའི་སྐྱེ་བོ་སྐྱོ་བར་བྱ་བའི་ཕྱིར་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་རྒྱུ་ཅན། གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱིས་སྦྱངས་པ་ལ་རབ་ཏུ་དགོད་པར་བྱ་བའི་ཕྱིར་དོན་ཇི་ལྟ་བ་བཞིན ་བཅོམ་ལྡན་འདས་ཀྱི་གསུང་ཉིད་ཉེ་བར་སྦྱར་བ་ཡིན་ཏེ། སྐྱེ་བ་སྡུག་བསྔལ་ལོ། །རྒ་བ་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་པ་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་ལོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག ་བསྔལ་ལ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བྱ་བ་དང། དེ་བཞིན་དུ། དགེ་སློང་དག་དེ་ནི་སྐད་ཅིག་མ་ཡང་ཡིན་ནོ། །ཞེས་བྱ་བ་དང། དེ་བཞིན་དུ་སྟོན་པས་ཆོས་མངོན་པའི་བསྟན་བཅོས་ལས་ཀྱང་ཉེ་བར ་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་ཏེ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང། ལྟ་ནས་སྲིད་པའང་དེ་དག་ཡིན། ཞེས་བྱ་བ་དང། སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། ། ་ཞེས་བྱ་བ་དང། ཡིད་འོང་ཡིད་དུ་མི་འོད་དང། །དེ་ལས་གཞན་ཟག་མེད་རྣམས་ཉིད། ཅེས་བྱ་བས་སོ། །དེ་ལྟར་ན་འཁོར་བའི་ཉེས་དམིགས་བཤད་པས། ཡིད་སྐྲག་ཅིང་གྲོལ་པར་འདོད་པ་རྣམས་ཐེག་པ་ཆེན་པོ་ལ་ངེས་པར་སྦྱར་བའི ་དོན་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཡུན་རིང་པོར་འཁོར་བར་འཁོར་བ་རྣམས་ལ་གང་ཕའམ། མའམ་བཱུམ་བུ་མོའམ། སྣག་གི་ཉེ་མཚམས་གང་ཡང་རུང་བའི་གནས་དང་འདྲ་བར་མི་སྨྲ་བ་ནི་སེམས་ཅན་གྱི་རིས་ན་སེམས་ཅན ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རིག་པར་བྱས་ནས་འཁོར་བའི་རྒྱ་མཚོ་སྡུག་བསྔལ་དང་རོ་གཅིག་པ། སྐྱེ་བ་དང་རྒ་བ་དང་ན་བ་དང། འཆི་བ་ལ་སོགས་པའི ་ཆུ་སྲིན་དང་ཆུ་སྲིན་ཛཧཥཱ་ཤན་དང། ཆུ་གླང་དང། ཆུ་སྲིན་ཀུམྦྷི་རའི་འབྱུང་གནས། དམྱལ་བ་དང། ཡི་དགས་དང། དུད་འགྲོ་དང། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་བློང། འཁོར་རྔ་བོ་ཚེའི་སྦུབས་འདྲ་བ་བརྒྱ་ཕྲག་གཅིག་གིས་དཀྲུགས ་པ་ལས། འཁོར་བ་བརྒྱུད་པ་ཐོག་མ་མེད་པ་ནས་ཕ་དང་མ་ལ་སོགས་པའི་རྩ་ལག་ཏུ་གྱུར་པའི་འགྲོ་བ་བྱ་ཞིང་མགོན་མེད་པ་མཛའ་དག་ཐེག་པ་ཆེན་པོའི་ཚུལ་གྱི་གཟིངས་ཀྱིས་བསྒྲལ་བར་བྱ་བའི་ཕྱིར་མཆོད་པར་བཟོད་པ་ཡིན་ཏེ། འདི ་ལྟར་ལ་ལའི་སློབ་མར་འགྱུར་བ་སྟེ། ལ་ལ་ཡི་ནི་བླ་མར་འགྱུར། །ཐབས་རིག་སྣ་ཚོགས་ཐབས་རྣམས་ཀྱིས། །མ་རྟོགས་སེམས་ཅན་རྟོགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་འདི་ཉིད་ལས་འཆད་པ་རྒྱས་པར་བརྗོད་པར་བྱའོ།། ་བྱང་ཆུབ་སེམས་དཔའ་ནི་ཁམས་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་བརྒྱ་ཕྲག་མཛའ་ཡས་པར་བདེ་བ་སྐྱེད་པར་བྱེད་པའི་ལས་བསམ་གཏན་དང་ཏིང་ངེ་འཛིན་དང་འཚམ་པ། དགེ་ལེགས་ཡང་ཤིང་དྲི་མ་མེད ་པའི་ཚོགས་ལ་མཁས་པ་དེ་དང་དེ་བྱེད་ཅིང། སེམས་ཅན་མཛའ་དག་ལ་བདེ་བ་བསྐྱེད་པའི་ཆེད་དུ་མཐོ་རིས་དང་བྱང་གྲོལ་གྱི་དཔལ་ཕུན་སུམ་ཚོགས་པའི་ཕྱིར། འགྲོ་བ་མ་ལུས་རྣམས་ལ་ཡོངས་སུ་བསྔོ་བར་བྱེད་ལ། འཁོར་བའི་ཆོག ་གི་སྡུག་བསྔལ་མ་ལུས་ང་ལ་སྐྱོ་ཞིང་གྲོལ་བར་འདོད་པས་འདི་དག་གི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར། ཉིན་མཚན་ཁྱད་པར་སྦྱོར་བར་ཡང་འགྱུར་ཏེ། ཇི་སྐད་དུ་འཕགས་པ་རིན་པོ་ཆེའི་ཕྲེང་བ་ལས།?་དེ་ལྟར་བྱང་ཆུབ ་སེམས་དབས་ཀྱང། མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་པར་དུ་སྲིད་མཚམས་སྦྱོར། ཞེས་བྱ་བ་དང། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག། །དེ་ཉིད་ཀྱིས་ནི་ཡུན་རིང་གནས། ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང། ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་པར་ཤེས། །ཤེས་ནས་ཉོ་ན ་མོངས་རྣམས་དང་?་མི་འགྲོགས། །ཐ་སྙད་ཙམ་གྱིས་རྣམ་པར་སྤྱོད་བྱེད་ཅིང། །འཇིག་རྟེན་འདི་ན་མྱ་ངན་འདས་པར་གནས། ཞེས་འབྱུང་ངོ། །དེའི་ཕྱིར་ཁམས་གསུམ་མཛའ་དག་གི་སྐྱེ་བ་དང། །འཆི་བའི་སྡུག་བསྔལ་གྱི་གཏམ་གྱིས་བདུལ ་བའི་སྐྱེ་བ་རྣམས་འཁོར་བའི་བཙོན་རའི་ཚོགས་ལ་སྐྱོ་བར་བྱ་བའི་ཕྱིར། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཅན་ལ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་གྱིས། མི་རྟག་པ་ལ་དེས་པར་གནོད། གང་ལ་གནོད་ཡོད་ད་ཡོང་དེ་བདེ་མིན། །དེ་ཕྱིར ་མི་རྟག་གང་ཡིན་དེ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། ཞེས་བྱ་བ་དང། བདེ་བརྟོག་པའི་དབང་གྱུར་ཞིང། །རྟག་པས་སྡུག་བསྔལ་དབང་གྱུར་པ། །དེ་ཕྱིར་ཀུན་ལ་སྡུག་བསྔལ་ལས། ཤིན་ཏུ་སྟོབས་ལྡན་ཅི་ཡང་མེད། ་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །དེའི་ཕྱིར་ལྷ་དང། མི་དང་ལྷ་མ་ཡིན་དང། མི་འམ་ཅི་དང། ལྟོ་འཕྱེ་དང། གྲུབ་པ་དང། རིག་པ་འཛིན་པ་ལ་སོགས་པའི་གནས་ཀྱི་འགྲོ་བ་དག་ན། དེ་དག་གི་རྟོགས་པ ་ཚོང་མ་ཉིད་ལས་ན་བྱིས་པ་སོ་སོའི་སྐྱེ་བོ་མ་རིག་པའི་མུན་པས་བློའི་མིག་ལྡོངས་པར་བྱས་པ་རྣམས་ལ་རང་བཞིན་དང་བཅས་པ་དང་བྲལ་ཞིང་བདེན་པ་མ་ཡིན་པའི་ཕྱིན་ཅི་ལོག་ཙམ་གྱིས་ཡང་པར་སྒྲུབ་པའི་བདེ་བ་དང། ཡིད ་བདེ་བ་ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ཅན་ཡོད་པ་ཉིད་དེ། རྨི་ལམ་གྱི་གནས་སྐབས་ན་མངོན་པར་འདོད་པའི་ཡུལ་ཉེ་བར་ལོངས་སྤྱད་པའི་བདེ་བ་དང་ཡིད་བདེ་བས?་བཞིན་ནོ། །དེའི་ཕྱིར་ཁམས་གསུམ་འདི་ན་བདེ་བ་ལ་སོགས་པའི་དངོས་པོ་རྫས ་སུ་ཡོང་པ་རྣམས་འབྱུང་བར་ལྔ་ག་ལ་འགྱུར་ཏེ། ཇི་སྐད་དུ། གང་གི་ལྟར་ན་རྫས་སྐྱེ་བ། །དྲེ་ལ་ཆད་ལ་སོགས་འགྱུར་ཞིང། །འཇིག་རྟེན་མཛའ་དང་ལྡན་པ་དང། །མཛའ་མི་ལྡན་པའང་དེ་ལ་འགལ། ཞེས་བཤད་དོ། །གལ་ཏེ ་རྫས་དེ་སྐྱེས་མ་ཐག་ཏུ་འཇིག་པ་ཞིག་ཡིན་ན་ནི་དེའི་ཚེ་ཆད་པར་འགྱུར་ཏེ། ས་བོན་མེས་ཚིག་པ་ལས་མྱུ་གུ་དག་འབྱུང་བ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་རྒྱུ་དང་རྐྱེན་ལས་སྐྱེས་པའི་དངོས་པོ་ནང་དང་ཕྱི་རོལ་རྒྱ?་བྱེ་བས ་ཐ་དད་ཅིང་དངོས་པོ་ཡོད་པའི་ངོ་བོས་སྟོང་པ་རྫས་སུ་ཡོད་པ་མ་ཡིན་པ། རྣམ་རྟོག་ལོག་པའི་དྲ་བའི་ཕྲེང་བའི་འཇོ་བག་གིས་དགའ་བར་བྱ་བ་རྣམས་འབྱུང་བར་ངེས་པར་བྱའོ། །འགལ་མེའི་འཁོར་ལོ་སྤྲུལ་པ་དང། རྨི་ལམ་སྒྱུ ་མ་ཆུ་ཟླ་དང། །ཁུག་རྣ་ནང་གི་བྲག་ཆ་དང། །སྨིག་རྒྱུ་སྤྲིན་དང་སྲིན་པ་མཚུངས། །ཤེས་བྱ་བའི་ལུང་ལས་ན། །གང་གིས་ན་སློབ་དཔོན་དབྱིག་གཉེན་གྱིས་འདི་སྐད་དུ་རེ་ཞིག་བདེ་བ་ལ་སྐུར་བ་འདེབས་པ་དེ་ལ་འདི་དྲི་བར་བྱས་ཏེ་ཞེས ་བྱ་བ་ལ་སོགས་པ་གསུང་བ། སློབ་དཔོན་འཕགས་པ་ལྕའི་ཞལ་སྔ་ནས་དངོས་པོ་རང་བཞིན་དུ་གསུང་བ་ཉིད་ག་ལ་ཡོད། དེའི་ཕྱིར་ཡོད་པ་དང་མེད་པའི་དངོས་པོར་འཛིན་པ་སེལ་བར་ཞུགས་པ་གཉིས་སུ་མེད་པའི་ཆོས་ལ་ལྷག་པར ་མོས་པ་དང་བྲལ་བ། རྫས་སུ་ཡོད་པའི་རང་བཞིན་སྨྲ་བ་འདེ་དག་གི་ཤིན་ཏུ་པ་བ་ཆོལ་ཡིན་ཏེ་གཉིས་སུ་མེད་པའི་བློའི་ཆོས་ཉིད་མཆོག་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་ལོག་པར་རྟོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དབང་པོ་ཡིས་ནི ་དམིགས་གྱུར་པ། །འདས་པ་ཡུལ་གྱི་རྣམ་པ་ལ་།ཡིད་ཀྱིས་དམིགས་ནས་རྟོག་པ་ན། །བདེའོ་སྙམ་དུ་རློམ་པར་བྱེད། །ཅེས་གསུངས་སོ། །རྣམ་པར་རྟོག་པ་ལོག་པ་ཙམ་ལས་འབྱུང་བའི་ཕྱིར་དང། སྐྱེས་མ་ཐག་ཏུ ་འཇིག་པའི་ཕྱིར་བདེ་བ་སྡུག་བསྔལ་ཉིད་དོ་ཞེས་བྱ་བར་རིག་ནས་གདུལ་བ་རྣམས་སྡུག་བསྔལ་མ་ལུས་པའི་འབྱུང་གནས་ཁམས་གསུམ་པོ་མཛའ་དག་ལ་ཆགས་པ་དང་བྲལ་བར་འགྱུར་རོ། །འདིར། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིལ ་ལས་ནི། །ཕྱི་རོལ་གྱུར་པ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོང་མིན། །ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ ་དང། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་བཤད་དོ། །ཅི་སྟེ་དབང་པོ་ལྔའི་དམིགས་པའི་ཡུལ་གྱི་རྗེས་སུ་བྱེད་པ་ཚོར་བ་ཡིད་དུ་མི་འོང་བ་མི་འདོད་བ་གང་ཡིན ་པ་དེ་སྡུག་བསྔལ་ཏེ། གནོད་པར་བྱེད་པ་ཡིན་ན། འོན་ནི་གང་གནོད་པར་བྱེད་པ་མ་ཡིན་པ། དབང་པོ་གཟུགས་ཅན་གྱི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པའི་བདེ་བ་རང་བཞིན་དང་བཅས་པ་དང། ཡིད་ལས་བྱུང་བ་ཡིད ་བདེ་བ་རྫས་སུ་གྲུབ་པ་སྙམས་དུ་འདོད་ན། འདི་ནི་ཁྱེད་ཅག་གི་འདོད་པ་ཙམ་ཞིག་ཏུ་འགྱུར་ཏེ། འདི་ལྟར་དངོས་པོ་གང་ཞིག་རང་གི་བདག་ཉིད་ཀྱིས་ཡོད་པ་དེ་ནི་སྐྱེ་བ་མ་ཡིན་ཏེ། ཡང་སྐྱེ་བ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ་མདུན་ན་གནས་པའི་བུམ་པ་དང་རྣམ་བུ་དང་ཟློས་གང་བཞིན་ནོ། །ཅི་སྟེ་ཡོད་པ་ཉིད་སྐྱེ་ན་ནི་།ནམ་ཡང་མི་སྐྱེ་བར་མི་འགྱུར་བས་བདེ་བ་ཁོ་ན་སྐྱེ་བར་འགྱུར་གྱི། དེའི་མཇུག་ཐོགས་སུ་གཞན་སེམས་ལས་བྱུང་བ་སྡུག་བསྔལ ་ལ་སོགས་པ་ནི་མ་ཡིན་པ་ཞིག་ན། འདི་ནི་མཐོང་བ་འམ་འདོད་པ་ཡང་མ་ཡིན་ནོ། །ཚོར་བ་སྡུག་བསྔལ་ལ་བརྟེན་ནས་ཚོར་བ་བདེ་བ་འབྱུང་བར་ཡང་མི་འགྱུར་ཏེ། དེའི་རང་གི་མཚན་ཉིད་ཁོ་ནས་ཡོད་པའི་ཕྱིར་རོ། །གལ་ཏེ་བདེ་བ ་སྡུག་བསྔལ་ལས་གཞན་དུ་འགྱུར་ན་ནི་སྡུག་བསྔལ་དེ་ལ་མ་བརྟེན་པར་འགྱུར་ཞིང། ཁྱོད་ཀྱི་ལུགས་ཀྱིས་བདེ་བར་ཡང་འགྱུར་བ་ཞིག་ན། མ་བརྟེན་པར་ནི་དངོས་པོ་འགར་ཡང་མི་འགྱུར་ཏེ། གང་ཞིག་གང་ནས་ནམ་གྱི་ཚེའང ་མ་བརྟེན་པར་ནི་ཡོད་ཉིད་མེད། །དེ་ནས་ནམ་ཡང་གང་ཞིག་ཏུ། །རྟག་པ་འགའ་ཡང་ཡོད་མ་ཡིན། ཞེས་བྱ་བའི་ལུང་ལས་དང། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་སུ་གཤེགས་པའི་མདོ་ལས ་མཁས་པས་བརྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཞིང། །མཐར་ལྟ་བ་ལ་རྟེན་པར་བྱེད་པའང་མིན། །རྒྱུ་དང་རྐྱེན་དང་བཅས་པའི་ཆོས་ཤེས་ཤིང། །རྒྱུ་རྐྱེན་མེད་པའི་ཆོས་ཉིད་ཡོད་མ་ཡིན། ཞེས་བྱ་བ་ལ་སོགས་པ་གསུངས ་པའི་ཕྱིར་རོ། །ཅི་སྟེ་མྱུ་གུ་དང་འདུ་བྱེད་ལ་སོགས་པའི་དངོས་པོ་གང་མ་རིག་པ་དང་ས་བོན་ལ་སོགས་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འགྱུར་ན། ཅི་དེ་བདེན་པར་ཡོད་པ་ཅན་ཞིག་གམ། འོན་ཏེ་དངོས་པོ་ཡོད་པ་མ་ཡིན་པར་བདེན་པ ་ཅན་ཞིག་འགྱུར་གྲང། དེ་ལ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཡོད་པ་ལས་ས་བོན་དང་མ་རིགས་པ་ལ་སོགས་པས་གོས་པ་ཅི་ཞིག་ཡོད་དེ། དེར་རང་གི་ངོ་བོས་ཡོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་ཡོད་པ་མ་ཡིན་པའི ་རང་བཞིན་ཡིན་ན་ནི་མོ་གཤམ་གྱི་བུ་ལྟར་འདི་རྟག་ཏུ་འབྱུང་བར་མི་འགྱུར་བ་ཞིག་ན། མྱུ་གུ་དང་འདུ་བྱེད་ལ་སོགས་པའི་དངོས་པོ་ནི་རྨི་ལམ་དང། སྒྱུ་མ་དང། ཆུ་ཟླ་ལ་སོགས་པ་ལྟར་ཡོད་པ་དང་མེད་པའི་རྟོག་པ་འཇོམས་ཤིང། རང་གི་རྒྱུད་དང ་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འབྱུང་བ་ཡང་ཡིན་ནོ། །ཇི་སྲིད་དུ་སེམས་ལ་ཡིད་ཀྱི་ཚོར་བ་བདེ་བ་ཡོད་པ་དེ་སྲིད་དུ་ཚོར་བ་སྡུག་བསྔལ་གྱི་སྐབས་མེད་ལ། ཡང་ན་བདེ་བའོ། །སེམས་ཀྱི་སྐད་ཅིག་གཅིག་ལ་ཚོར་བ་གཉིས ་གཅིག་ཅར་སྲིད་པ་ནི་མ་ཡིན་ཏེ། ཐེ་ཚོམ་དང་གཏན་ལ་ཕེབས་པའི་སེམས་བཞིན་དང། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་བཞིན་དང། འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་བཞིན་དང། སྣང་བ་དང་མུན་པ་བཞིན་ཕན་ཚུན་འགལ་བའི ་ཕྱིར་རོ། །ཅི་སྟེ་ཚོར་བསྡུག་བསྔལ་འགག་པ་དང་དུས་མཉམ་པ་ཁོ་ནར་ཚོར་བ་བདེ་བ་སྐྱེ་ན། དེ་དག་གི་སྐྱེ་བ་དང་འགག་པ་གཉིས་སྐད་ཅིག་གཅིག་ལ་སྲིད་པར་འགྱུར་ན། སྐྱེ་བ་དང་འགག་པ་ཕན་ཚུན་འགལ་བ་ཉིད་གཉིས་ནི ་ལྷན་ཅིག་འབྱུང་བར་རིགས་པར་ཡང་མ་ཡིན་ཏེ། བདེ་འགྲོ་དང་ངན་འགྲོའི་དོན་མཛའ་དག་འབྱུང་བའི་ཚེ་བརླག་པས་སངས་རྒྱས་པ་རྣམས་ལ། རྒྱུ་མེད་པའི་ཉེས་པའི་དུག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ས་བོན་འགགས ་དང་མ་འགགས་ལས། །མྱུ་གུ་འབྱུང་བ་མ་ཡིན་ཏེ། །ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མའི་སྐྱེ་བ་བཞིན་དུ་གསུངས། ཞེས་བྱ་བ་དང། ཀུན་ལ་མི་རྟག་སྨྲ་བ་རྣམས། །སངས་རྒྱས་ལམ་ལ་གནས་ནས་སུ། །དངོས་པོ་དཔྱད་དེ་རྩོད ་པ་ཡིས། །གནས་པ་གང་ཡིན་དེ་རྨད་དོ། །འདི་འམ་དེའོ་ཞེས་གང་དུ། །རྣམ་པར་དཔྱད་ནམ་དམིགས་ན། །རྩོད་པ་འདི་དང་དེ་བདེན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། ཞེས་བཤད་དོ། །གལ་ཏེ་ཚོར་བ་བདེ་བ་རང་གི་བདག་ཉིད་ཀྱིས ་རྫས་སུ་ཡོད་པ་ཞིག་སྡུག་བསྔལ་ལ་བརྟེན་ནས་འགྱུར་ན་ནི། དེ་ལྟ་ན་འོ་ན་དེ་ཡོང་པ་ཉིད་ཀྱི་ཕྱིར་བདེ་བར་འཛིན་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ཕྱིན་ཅི་ལོག་ཅེས་བྱ་བ་ནི་དངོས་པོ་རྣམ་པ་གཞན་དུ་གནས་བ་ལ་གཞན་དུ་འཛིན་པ་སྟེ། ་དཔེར་ན་གཏི་མུག་གི་དྲ་བས་བློ་གྲོས་ཀྱི་མིག་གཡོགས་པའི་འཇིག་རྟེན་འཁོར་བའི་བཙོན་རའི་གྲོང་ཁྱེར་གྱི་ཁང་པ་ལ་ཆགས་ཤིང། གཙང་བར་མངོན་པར་རློམ་པའི་མུན་པ་འཐུག་པོའི་དྲ་བས་བློ་གྲོས་ཀྱི་མིག་བསྒྲིབས་པས་ན་ཆུང་དར་མིའི་ལུས ་མི་གཙང་བ་རྣམ་པ་དུ་མའི་འབྱུང་གནས་རྣམ་པར་བསལ་ཏེ། འདི་ནི་མངོན་པར་དགའ་བར་བྱ་ཞིང། མིག་ཡིད་དུ་འཐད་པ་ཞིག་གོ་སྙམ་དུ་རྟོགས་ནས་རང་གི་རྣམ་པར་རྟོག་པ་བདེན་པའི་རྣམ་པས་མངོན་པར་དགའ་བར་བྱེད་པ་བཞིན་ནོ། ། ་དེའི་ཕྱིར་རྣལ་འབྱོར་པ་རྣམས་ལ་གཙང་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་བྱུང། །བུད་མེད་ལུས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །ཁ་ནི་ཁ་ཆུ ་རུལ་པ་དང། །སོ་སྐྱག་མི་གཙང་སྣོད་ཡིན་ཏེ། །སྣ་ནི་རྣག་རྣབས་སྣ་ཆུའི་སྣོད། །མིག་གཉིས་མིག་རྡུལ་མཆི་མའི་སྣོད། །ལྟོ་བའི་ཁོང་ནི་བཤད་གཅི་དང། །གློ་བ་མཆིན་པའི་སྣོད་ཡིན་པར། །རྨོངས་པས་བུད་མེད་མ་མཐོང་བས། །དེ ་ཡི་ལུས་ལ་ཆགས་པར་བྱེད། །ལུས་ཡུལ་ཤིན་ཏུ་དྲི་ང་བ། །ཆགས་བྲལ་རྒྱུ་ནི་གང་ཡིན་པ། །དེ་ལའང་འཇིག་རྟེན་ཆེས་ཆགས་ན། །གང་གིས་འདོད་ཆགས་བྲལ་བར་དཀྲི། གཟུགས་བཟང་བ་དང་གཟུགས་ངན་ནམ། །རྒན་ནམ་ཡང ་ན་གཞོན་ཡང་རུང་།བུད་མེད་གཟུགས་ཀུན་མི་གཙང་ན། །ཁྱོད་ཆགས་ཁྱད་པར་ག་ལ་སྐྱེ། །གལ་ཏེ་མི་གཙང་ཁ་དོག་བཟང། །ཤིན་ཏུ་གསར་ལ་དབྱིབས་ལེགས་ཀྱང། །དེ་ལ་ཆགས་པར་མི་འོས་ལྟ། །བུད་མེད་གཟུགས་ལའང་ཡོད་དེ་བཞིན། ་ཞེས་བཤད་དོ། །དེ་ལྟ་བུ་ལ་སོགས་པ་འབྱུང་བ་ལས་ན་བུད་མེད་ཀྱི་ལུས་མི་གཙང་བའི་རང་བཞིན་ཡིན་ལ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་བློའི་མིག་ཡང་དག་པ་མ་ཡིན་པར་ཕྱིན་ཅི་ལོག་ཏུ་གྱུར་བས། གཙང་བ་ཉིད་དུ་ལྷག་པར་སྒྲོ་བཏགས་ནས་ཡུལ ་གྱི་བདེ་བ་ཉམས་སུ་མྱོང་སྟེ། དེ་ལས་གཙང་བར་ཕྱིན་ཅི་ལོག་ཏུ་འགྱུར་རོ། །རྒྱུ་གཙང་བ་མེད་པ་དེ་ཉིད་ཀྱི་ཕྱིར་ན། རྒྱུ་མེད་པ་ལས་འཇུག་རྣམས་ཀྱི། །ལྡོག་པ་རྒྱུ་ལས་ག་ལ་ཞིག་།ཅེས་བྱ་བ་སློབ་དཔོན ་འཕགས་པ་ལྷའི་གསུང་བདེན་པ་མ་ཡིན་པར་ཕྱིན་ཅི་ལོག་པ་ཉིད་བསལ་བར་སྣང་སྟེ། ཉི་མ་སྤྲིན་དང་བྲལ་ཞིང་ནུབ་པར་མ་གྱུར་པ་བཞིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་རྟག་པར་ལྟ་བ་ཕྱིན་ཅི་ལོག་བསལ་ནས་མི་རྟག་པ་ཉིད ་སྒོམ་པའི་བག་ཆགས་གོམས་པར་བྱེད་དོ། །ཇི་ལྟར་གནོད་པར་བྱེད་པ་ཡིད་དུ་མི་འོང་བ་སྡུག་བསྔལ་ཡིན་ན། འོ་ན་ནི་གང་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པར་བྱེད་པ་རང་བཞིན་གྱིས་བདེ་བར་གྲུབ་པོ། །ཞེས་བྱ་བར་འདོད་པ་དེ ་བཞིན་དུ་རྟག་པར་ལྟ་བ་དོན་མེད་པ་ཅན་མཐོང་བ་དང། མ་མཐོང་བའི་འབྲས་བུ་ཡིད་དུ་མི་འོད་བ་ལ་སྨྱོན་པ་རྟག་ཏུ་དོན་མ་ཡིན་པ་བརྒྱ་ཕྲག་གི་འབྱུང་གནས་སུ་གྱུར་པའི་ཕྱིན་ཅི་ལོག་ཡིན་ནོ། །སྙམ་དུ་རིག་པར་བྱས་ནས་མི་རྟག ་པར་ལྟ་བ་རྟག་པར་ལྟ་བ་ལྟར་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དེའི་གཉེན་པོར་གྱུར་པ་ཉིད་ཀྱི་ཕྱིར་གཙང་བར་ལྟ་བ་བཞིན་ནོ། །མ་རིག་ལྡོངས་པའི་གློ་ཅན་རྣམས། །ནང་གི་བདག་ཏུ་གང་འདོད་པ། །རྣམ་ཤེས་དོར་བ་མུ་སྟེགས་ཀྱི། ། ་རྨོངས་བྱེད་དེ་ནི་གང་དུ་སོང། །གང་ཚེ་ནང?་བདག་བུད་མེད་མིན། །སྐྱེས་མིན་མ་ནིང་མ་ཡིན་པ། །དེ་ཚེ་མི་ཤེས་འབའ་ཞིག་ལས། །ཁྱོད་བདག་ཕོའོ་སྙམ་དུ་སེམས། །རེག་དང་མི་ལྡན་དངོས་པོ་ལས། །བསྐུལ་བ་ཞེས་བྱ་མི་སྐྱེ ་སྟེ། །དེ་ཕྱིར་ལུས་ཀྱི་གཡོ་བ་ལ། སྲོག་ནི་བྱེས་པ་པོར་མི་འགྱུར། ཞེས་བྱ་བ་ལ་སོགས་པས་མུ་སྟེགས་བྱེད་ཀྱིས་བརྟགས་པའི་བདག་ཡོད་པ་མ་ཡིན་པ་ཉིད་དེ་རྒྱུ་མེད་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན་དང་བྱ་རོག་དང་ཆུ་སྐྱད་དང། ་ནེ་ཙོ་དང། །སྤྱང་ཀིའི་མགོའི་ནོར་བུ་བཞིན་ནོ། །དེ་ལྟར་ནང་གི་བདག་བདེན་པར་ཡོད་པ་མ་ཡིན་པ་ལ་ཡོད་པ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི། ཡོད་པ་མ་ཡིན་པའི་དངོས་པོ་ལ་ཡོད་ཅིང་རྟག་པ་ཉིད་དུ་སྒྲེ་བཏགས་པས་ཕྱིན་ཅི་ལོག་སྟེ། ་དེ་ནི་འཁོར་བའི་བཙོན་རའི་འཆིང་བ་ཡིན་ནོ། །དེའི་གཉེན་པོར་རྟག་པར་ལྟ་བ་ཕྱིན་ཅི་ལོག་ནི་གཉེན་པོར་གྱུར་པ་བདག་མེད་པ་ལྟ་བ་སྒོམ་པ་ཡིན་ལ། །གང་སྡུག་བསྔལ་གྱི་འགལ་ཟླར་གྲུབ་པ་བདེ་བའི་དངོས་པོ་རང་བཞིན་ཕྱིན་ཅི་ལོག ་ཏུ་མི་འགྱུར་བ་བདག་མེད་པར་ལྟ་བ་ཡོད་པ་མ་ཡིན་པའི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་གི་གཉེན་པོར་གྲུབ་པོ། །དེའི་ཕྱིར་ཕྱིན་ཅི་ལོག་བཞིའི་ཚོགས་བསལ་བ་གྲུབ་པའི་ཕྱིར། དངོས་བོའི་ངོ་བོ་བདེན་པར་སྨྲ་བ་རྣམས་ལ་བདག་ལ་སོགས ་པར་ལྟ་བ་ཕྱིན་ཅི་ལོག་བཞི་ལྟར་ཕྱིན་ཅི་ལོག་ཁོ་ནར་འགྱུར་ན། འདི་ནི་ཁྱེད་ཅག་གིས་འདོད་པ་འམ་མཐོང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསུང་རབ་མཛའ་དག་ལ་མཁས ་བའི་གློ་གྲོས་མངའ་བ་སློབ་དཔོན་འཕཊ་པའི་ལྷའི་ཞལ་སྔན?་སལ?་འགར་ཡང་བདེ་བ་ལ་སྐུར་བ་འདེབས་པ་ཉིད་ཅུང་ཟད་ཀྱང་མ་རྟོགས་ཀྱི། ཁྱེད་ཅག་དངོས་པོ་རང་བཞིན་དུ་སྨྲ་བ་རྣམས་ཁོ་ན་བདེ་བ་ལ་སྐུར་པ་འདེབས་པ་ཉིད་དུ་ཆེས ་གསལ་བར་རྟོགས་ཏེ། གསུང་རབ་ཇི་ལྟ་བ་བཞིན་ངེས་པར་མ་ཟིན་པའི་ཕྱིར་ལ། །དྲང་པ་དང་ངེས་པའི་དོན་གྱི་མདོ་སྡེ་རྣམས་ཀྱི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་ངས་པའི་ཕྱིར་རོ། །ཡང་དགེ་སློང་དག་འདས་པའི་གཟུགས་ཡོད ་བར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དང་འདས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར། འཕགས་པ་ཉན་ཐོས ་འདས་པའི་གཟུགས་ལ་མངོན་པར་མི་དགའ་ཨོ། །དགེ་སློང་དག་མ་འོངས་པའི་གཟུགས་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི ་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་མ་འོངས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་ཨོ། །དགེ་སློང་དག་འདས་པའི་ཚོར་བ་ཡོང་པར་མ་གྱུར་ན་ནི་འཕགས ་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་ཚོར་བ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་ཚོར་བ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་འདས་པའི་ཚོར་བ་ལ་མངོན་པར་མི་དགའ་ཨོ། །དགེ་སློང ་དག་མ་འོངས་པའི་ཚོར་བ་ཡོད་པར་མ་གྱུར་ན་ནི། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་ཚོར་བ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་མ་འོངས་པའི་ཚོར་བ་ཡོད་པ་དེའི་ཕྱིར ་འཕགས་པ་ཉན་ཐོས་མ་འོངས་པའི་ཚོར་བ་ལ་མངོན་པར་མི་དགའ་ཨོ། །དེ་བཞིན་དུ་ཇི་ལྟར་དུ་དགེ་སློང་དག་འདས་པའི་རྣམ་པར་ཤེས་པ་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་འདས་པའི་རྣམ་པར་ཤེས ་པ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་རྣམ་པར་ཤེས་པ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་འདས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའ་ཨོ། །དགེ་སློང་དག ་མ་འོངས་པའི་རྣམ་པར་ཤེས་པ་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ། མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་མ་འོངས་པའི ་རྣམ་པར་ཤེས་པ་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའ་ཨོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་འདས་པ་དང། མ་འོངས་པ ་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པ་ནི་བྱིས་པའི་འཇིག་རྟེན་གྱི་རྟོགས་པའི་དོར་རབ་ཏུ་འཇུག་པ་ཁོ་ན་སྟེ། གདུལ་བྱའི་སྐྱེ་བོ་ལ་སྨན་འདོགས་པར་མཛད་པ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ ་རྫས་དང་ལྡན་པ་ཁོ་ན་ལུང་དང་མདོ་གཞན་དག་ལས་ཉེ་བར་བསྟན་ཏོ། །གལ་ཏེ་འདས་པ་དང་མ་འོངས་པའི་དངོས་པོ་རང་བཞིན་གྱིས་ཡོད་ན་ནི་དེ་ད་ལྟར་བ་ཉིད་དུ་འགྱུར་ཏེ། །ཡོད་པའི་ཕྱིར་མདུན་ན་གནས་པའི་བུམ་པ་དང་སྣམ་བུ་དང་རེ ་ལྡེ་དང་ཅོད་པན་ལ་སོགས་པ་བཞིན་ནོ། །ཅི་སྟ་དེ་འདས་པའི་དོར་ཡོད་ན་ནི། དེ་ནི་རྟག་པ་འམ་འོན་ཏེ་མི་རྟག་པ་ཞིག་ཡིན། རེ་ཞིག་རྟག་པ་ནི་མི་འདོད་ཏེ། མུ་སྟེགས་བྱེད་ཀྱི་ལྟ་བར་ཐལ་བར་འགྱུར ་བའི་ཕྱིར་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པ་ཉིད་ཀྱིས་བོང་བུའི་རྭ་ལ་སོགས་པ་བཞིན་ཡོད་པ་མ་ཡིན་པའི་ཕྱིར་རོ། །མངོན་པར་གསལ་བར་སྨྲ་བ་རྣམས་ལ་ཡང་སྐྱོན་རྣམ་པ་གཉིས་ཐོག་ཏུ་འབབ་པའི་ཕྱིར་རོ། །ཅི་སྟེ་དེ་མི ་རྟག་པ་ཉིད་དུ་ཡོད་ན་ནི་དེ་མི་རིགས་སོ། །གང་ལས་ཤེ་ན་འགག་པ་དང་ཡོད་པ་དག་འདས་པ་དང་མ་འོངས་པའི་དུས་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདས་པ་དང་ད་ལྟར་བ་འདི་གཉིས་ནི་དུས་གཅིག་ཏུ་དངོས་པོ་གཅིག ་ལ་སྲིད་པ་ཡང་མ་ཡིན་ཏེ། །འཇིག་པ་དང་སྐྱེ་བ་འདི་དག་ཕན་ཚུན་འགལ་བའི་ཕྱིར་རོ། །ཡིད་གཅིག་ལ་ཐེ་ཚོམ་དང་གཏན་ལ་ཕེབས་པ་དག་གམ་འཆི་བའི་སྲིད་པ་དང། སྐྱེ་བའི་སྲིད་པ་དག་ཅིག་ཅར་འབྱུང་བར་ནི་ཁྱེད་ཅག་གིས ་མི་འདོད་དོ། །སྐད་ཅིག་གཅིག་ལས་ས་བོན་དང་མྱུ་གུ་གཉིས་སྲིད་པ་ནི་མེད་དེ། རྒྱུ་མེད་པ་ཅན་གྱི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ས་ལུ་དང་ཏིལ་དང་ནས་དང་གྲོ་ལ་སོགས་པའི་ས་བོན་ལ ་སོགས་པ་རྣམས་སྡུད་པར་ཡང་མི་འགྱུར་རོ། །ཇི་སྐད་དུ། འབྲས་འབྱུང་ཆེན་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། ཞེས་བཤད་དོ། །རྒྱུ་མེད་པར་སྨྲ་བ་ཤིན་ཏུ་ཐ་ཆད་རྒྱད་བསྲིངས་ཏེ་ཡོངས་སུ་སྤང་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་དགེ་སློང་དག་ལྔ་པོ་འདི་དག་ནི་མིང་ཅིམ་ཁས་འཆེས་བ་ཙམ། ཐ་སྙད་ཙམ་སྟེ། འདི་ལྟ་སྟེ། འདས་པའི་དུས་དང་མ་འོངས་པའི ་དུས་དང། ནམ་མཁའ་དང་མྱ་ངན་ལས་འདས་པ་དང། གང་ཟག་གོ་ཞེས་འདས་པ་དང་མ་འོངས་པ་ལ་སོགས་པའི་དངོས་པོ་ནང་དང་ཕྱི་རོལ་དུ་གྱུར་པ་ཐམས་ཅད་འཇིག་རྟེན་གྱི་ཐ་སྙད་ཙམ་ཉིད་དུ་གསུངས་སོ། །དེ་བཞིན་དུ་བཅོམ་ལྡན་འདས ་ཀྱིས་མདོ་གཞན་ལས་གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །དེ ་ལྟར་ཆོས་རྣམས་རྟོག་པ་ཡི། །དགེ་སློང་བརྩོན་འགྲུས་བརྩམས་ལྡན་ཞིང། །ཉིན་ནམ་གལ་ཏེ་མཚན་མོའང་རུང། །ཤེས་བཞིན་སོ་སོར་དྲན་ལྡན་པ། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །གོ་འཕངས་ཞི་བ་རྟོགས་པར་འགྱུར། ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། །ཇི་ལྟར་དབུ་བ་མང་པོ་རྡོས་པ་དག་།ཆུ་བོས་ཁྱེར་བ་སྐྱེས་དུ་དེས་མཐོང་སྟེ། །དེ་ལ་བརྟགས་ན་སྙིང་པོ་ཡོད་མི་སྣང། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས ་པར་གྱིས། །ཇི་ལྟར་ཆར་པ་ཐིགས་ཆེན་བབ་པ་ན། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོ་གའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྒོམ་པས་གདུངས ་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མིག་རྒྱུ་ལ་ཡང་ཆུ་ནི་ཡོད་མེད་ན། །སེམས་ཅན་རྨོངས་པ་དེ་ལ་མཐོང་འདོད་དེ། །མི་བདེན་ཆུ་ནི་བཏུང་བར་ཡོད་མི་ནུས། །ཆོས་རྣམས ་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ཆུ་ཤིང་རློན་པའ་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུ་དེ་གཤེགས་ཀྱང། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་བདག་གིས་གཟུཊ ་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཤེས་འབྱུང་ངོ། །དེའི་ཕྱིར་དངོས་པོ་བདེན་པའི་ངོ་བོར་སྨྲ་བ་ལ། རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་ལྟ ་བའི་ཕྱིན་ཅི་ལོག་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དང་མི་གཙང་བ་བདག་མེད་པར་ལྟ་བ་ལ་ཕྱིན་ཅི་ལོག་ཏུ་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཡོད་པར་སྨྲ་བ་ཁས་བླངས་ན། རེ་ཞིག་བདེ་བ་ལ་སྐུར་བ་འདེབས་པར ་བྱེད་པ་འདི་ལ་འདྲི་བར་བྱ་སྟེ། སྡུག་བསྔལ་དེ་ཅི་ཞིག་།གང་གནོད་པར་བྱེད་པའོ་ཞེ་ན། གནོད་པར་བྱེད་པ་མ་ཡིན་པ་བདེ་བ་ཞེས་བྱ་བར་འགྲུབ་བོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་མི་རིགས་ཏེ། རང་གིས་ཁས་བླངས་པ་དང་འགལ ་བའི་ཕྱིར་རོ། །ཅི་སྟེ་བྱིས་པའི་འཇིག་རྟེན་གྱི་རྟོགས་པ་དང་བསྟུན་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཁོ་ན་དལྟར་སློབ་དཔོན་འདིས་ཀྱང་གསུངས་པ་ཡིན་ནོ་ཞེ་ན། འོ་ན་ནི་དེ་ལྟ་ན་ཡང། གང་གིས་ན་འདི་སློབ་དཔོན་འཕགས ་པ་ལྷ་ལམ་རངས་པའི་ཚིག་འདི་སྨྲ་བ། སློབ་དཔོན་ལ་དྲང་བ་དང་ངེས་པའི་དོན་གྱི་དོན་གྱི་མདོ་སྡེ་རྣམས་ཇི་ལྟ་བ་བཞིན་མ་རྟོགས་པ་ཡོངས་སུ་གསལ་བར་བྱས་པར་མི་འགྱུར་རོ། །དེའི་ཕྱིར་བྱིས་པའི་སྐྱེ་བོ་མ ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མི་གཉམས་པར་བྱས་པ་རྣམས་ཀྱིས་རྟོགས་པའི་དབང་གིས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཚུལ་ལ་མཁས་པ་རྣམས་ཀྱིས་ཕྱིན་ཅི་ལོག་བཞི་པོ་རྟག་པ་དང་བདེ ་བ་དང་གཙང་བ་དང། བདག་ཏུ་ལྟ་བ་རྣམས་ཀྱི་གཉེན་པོར་མི་རྟག་པ་དང་མི་བདེ་བ་དང། མི་གཙང་བ་དང། བདག་མེད་པར་ལྟ་བ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་སུ་གྱུར་པ་གསུངས་པ་ཡིན་ནོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས ་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདེ་བར་ཕྱིན་ཅི་ལོག་སྤང་བའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་གཉིས་པའི་འགྲེལ་པའོ།། །།ད་ནི་གཙང་བར་ཕྱིན་ཅི་ལོག་སྤང་བའི་ཐབས་ཀྱི་དབང་དུ་བྱས་ནས་བརྗོད ་པར་བྱ་སྟེ། འདིར་སྨྲས་པ། གལ་ཏེ་ཡང་དེ་འདུ་བྱེད་རྣམས་སྡུག་བསྔལ་གྱི་བདག་ཉིད་ཅན་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཡུལ་ཡིད་དུ་འོང་བ་ལ་ལོངས་སྤྱོད་པ་རོས་ཚིམས་པས་བདེ་བར་གྱུར་པ་དེའི་ཕྱིར་ཡུལ་རྣམས་ཉེ་བར་བརྟེན་པར་བྱའོ། །བཤད་པར་བྱ་སྟེ། ་ཡུན་ནི་ཤིན་ཏུ་རིང་བོས་ཀྱང། །ཡུལ་ལ་མུ་ཐུག་ཡོད་མིན་ཏེ། །སྨན་པ་ངན་ལྟར་ཁྱོད་ལུས་ལ། །ངལ་བ་འབྲས་བུ་མེད་པ་འབྱུང། །ཡུལ་གྱི་བདེ་བའི་ལོངས་སྤྱོད་ལ་བསམ?་པའི་ཡིད་ཅན་གང་ཞིག་།ན་ཚོད་དང་པོ་ལ་ཡུལ་ཉེ་བར་ལོངས་སྤྱོད་པར ་བྱ་ལ། བར་དུ་ནོར་བསག་ཅིང་ཐ་མར་ཆོས་བརྟེན་ནོ་ཞེས་འདི་སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ་སྟེ། གལ་ཏེ་ཡུལ་རྣམས་ཚད་ཉུང་ཟད་གཅིག་ཏུ་འགྱུར་ན་ནི་ན་ཚོད་དང་པོར་འདི་རྣམས་ཟད་པར་ཐོབ་བར་བྱས་ནས་བདེ་བ་སྲིད་པ་ཞིག་ན། དུས་ཡུན་རིང་པོར ་ཉེ་བར་བསྟེན་པས་ཀྱང་འདི་རྣམས་ཡོངས་སུ་ཆད་པར་སྒྲུབ་པར་མི་བྱེད་དོ། །ཡོངས་སུ་ཆད་པ་མེད་ན་ནི་གང་ཞིག་འདི་རྣམས་ཉེ་བར་ལོངས་སྤྱད་པ་ཉིད་ཀྱིས་མཐར་བྱེད་པ་འདོད་པས། དེའི་ངལ་བ་ནི་སྨན་པ་ངན་པ་ནང་གྱིས་མཚན་ཉིད་མངོན་པར་མི་ཤེས་པའི ་ཕྱིར། ནད་བཅོ་བ་དག་ལ་ནུས་པ་མེད་པའི་ལུས་ཀྱི་གསོ་དཔྱད་ཀྱི། འབད་པ་མཐར་མ་ཕྱིན་པས་ཆོགས་ཙམ་གྱི་འབྲས་བུ་ཅན་དུ་འགྱུར་བ་ཇི་ལྟ་བདེ་བཞིན་དུ་འབྲས་བུ་མེད་པར་འགྱུར། །གཟིག་ལྤགས་བསྐོན་པའི་སྤྲེའུ་བཞིན་ནོ། །ཇི་ལྟར་གཟིག་ལྤཊ ་གཡོགས་པའི་སྤྲེའུ་རྟག་ཏུ་སྤྲེའུ་རྣམས་ཀྱི་སྐྱོ་བའི་རྒྱུར་གྱུར་ཅིང་སྐྱོ་བར་བྱ་བ་དེ་ལ་དུས་ངེས་པ་ཡོད་པ་མ་ཡིན་ཞིང་རྣམ་པར་བཞག་པ་མེད་པ་དེ་བཞིན་དུ། ཡུལ་ཉེ་བར་ལོངས་སྤྱད་པ་དག་ལ་ཡང་འདི་ཙམ་གྱིས་ཚིམ་པར་འགྱུར་རོ་སྙེམ་དུ་མུ་ཐུག ་པ་ཡོད་པ་མ་ཡིན་ནོ། །འདིར་བཤད་པ། གཤེར་བ་གཤེར་བས་མི་སྐེམས་ཤིང། །ཚ་བ་ཆེ་བས་ཉམས་མིན་ལྟར། །དེ་བཞིན་འདོད་པ་ཉེར་དཔྱད་པས། །འདོད་པའི་རེ་བ་སྤོང་མི་བྱེད། །འདིར་སྨྲས་པ། ཇི་ལྟར་ཆུ་དག་གིས་དོམས་པ་ལ ་སྐོམ་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ། འདོད་པ་དག་གིས་ཚིམ་པ་འདོད་པ་དག་ལ་སྲེད་པར་མི་འགྱུར་རོ། །བཤད་པར་བྱ་སྟེ། སྟེན་པར་བྱེད་པ་འགའ་ཞིག་ལ། །ས་སྲེད་ལྡོག་པ་མེད་ཇི་བཞིན། །བསྟེན་བཞིན་པ་ཡི་མི་རྣམས་ལ། །འདོད་རེ ་འཕེལ་བའང་དེ་བཞིན་ནོ། །ཇི་ལྟར་ས་ཟ་བ་བསྟེན་པ་ལ་སའི་སྲེད་པ་འཕེལ་བ་ཁོ་ནར་འགྱུར་བ་དེ་བཞིན་དུ། འདོད་པ་ཉེ་བར་ལོངས་སྤྱོད་ཅིང་འདོད་པ་གང་བསྟེན་པ་རྣམས་ལ་ཡང་འདོད་པའི་རེ་བ་འཕེལ་བ་ཉིད་དུ་འགྱུར་བས ་འདོད་པའི་སྲེད་པ་མཐར་དབྱུང་བར་བྱ་བར་མི་ནུས་སོ། །འདི་ལྟར་འདོད་པ་དག་ཉེ་བར་བསྟེན་པས་ནི་ཇི་ལྟར་གོང་དུ་མངོན་པར་བརྩོན་པ་ལས་ཆ་རྐྱེན་སྦྱོར་བ་དང། ཉེ་བར་ལོངས་སྤྱོད་པ་ལ་མཁས་པ་འཐོབ་ཅིང། རིགས་མཚུངས་པའི ་རྐྱེན་གྱིས་གསོས་བཏབ་པའི་འདོད་ཆགས་སྟོབས་དང་ལྡན་པ་སྐྱེད་པར་ཡང་བྱེད་དོ། །དེའི་ཕྱིར་དེ་ལྟར་སྐད་ཅིག་རེ་རེ་ཞིང་ཉེ་བར་འཕེལ་བའི་ཤུགས་ཅན་འདོད་པའི་སྲེད་པའི་ཆུ་ཀླུང་གི་གཡེང་བའི་མི་ལ་ཚིམ་པ་ལྟག་ལ་ཡོད། གཉིད ་ལ་སོགས་པའི་འཕེལ་བ་བཞིན་དང། སྐོམ་པས་ཉེན་པའི་རི་དགས་བཞིན་ནོ། །ཇི་ལྟར་གཉིད་དང་ལེ་ལོ་དང་འཁྲིག་པ་རྣམས་ཇི་ལྟ་ཇི་ལྟར་བསྟེན་པ་དེ་ལྟ་དེ་ལྟར་འཕེལ་བ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་ཡིན་ནོ། །ཡང་ཇི་ལྟར་རི་དགས ་སྐོམ་པར་གྱུར་པ་རྣམས་ས་སྐམ་པོ་ཆེས་རྩུབ་པ་སྤྲིན་དང་བྲལ་བའི་ཉེ་མའི་གུང་གི་ཉི་མའི་འོད་ཀྱི་ཡོངས་སུ་གདུངས་ཤིང། ཆུ་ལྟར་གྱུར་པ་སྨིག?་རྒྱུའི་ཀླུང་ལྟ་བུ་ཅན་མཐོང་ནས་ཆུར་འདུ་ཤེས་ཤིང་རབ་ཏུ་རྒྱུག་ལ། སྐོམ་པ་སེལ་བ་ཡང་མི་ཐོབ་པ་དེ་བཞིན ་དུ། འདོད་པ་སྨིག་རྒྱུ་དང་འདྲ་བ་དག་མ་ཤེས་ཏེ། དེའི་རང་བཞིན་ལ་མངོན་པར་ཞེན་པ་གང་དག་ཡུལ་རྣམས་དོན་དུ་གཉེར་བར་བྱེད་པ་དེ་དག་ལ་ཉོན་མོངས་པ་ལྡོག་པ་ལྟ་ཡོད་པར་ག་ལ་འགྱུར་ཏེ། ཡུལ་ཉེ་བར་ལོངས་སྤྱོད་པས་ཚིམ་པ་ཡོད་པ་ལས ་ཉོན་མོངས་པའི་གདུང་བ་ལྡོག་པའི་ཕྱིར་རོ། །འདིར་བཤད་པ། བུད་ཤིང་དག་གིས་མེ་ལྕེ་དང། །ཆུང་འབོགས་པ་ཡིས་ཀླུང་ཇི་བཞིན། །དེ་བཞིན་འདོད་པ་ཉེ་སྤྱད་པས། །མི་རྣམས་འདོད་པའི་རེ་བ་འཕེལ། །འདིར་སྨྲས་པ། རེ་ཞིག་ཉེ་བར་བསྟན ་པ་འདི་སྐྱེ་བོ་བུད་མེད་ཐུན་མོང་པ་ལས་བཟློག་པར་ནུས་ཀྱི། གང་དག་གཟུགས་བཟང་ཞིང། རེག་པ་དང་ལྡན་པ། ཡན་ལག་ཐམས་ཅད་དགའ་བར་བྱ་བ། སྙིང་དང་མིག་ཏུ་སྡུག་པ། སྙིང་ནས་ཆགས་པའི་མིག་རས་ཀྱིས་བལྟས་པ་དག་གིས་མེ་དང ་ཕྲད་པས་མར་སར་ལྟར་ཆགས་པ་ཅན་རྣམས་ཀྱི་སྙིང་དག་འཇུག་པར་བྱེད་པ་ཡོངས་སུ་ལོངས་སྤྱོད་པ་ཐུན་མོང་མ་ཡིན་པ་ཅན་དེ་དག་ལས་བདག་གིས་ཡིད་བཟློག་པར་ཇི་ལྟར་ནུས། དེ་ལ་ཡང་ཆགས་པ་བཟློག་པའི་ཕྱིར་བཤད་པ། བྲུད?་མེད ་ཀུན་ལ་འཁྲིགས་པ་ལ། །ཐ་དད་ཅུང་ཟད་ཡོད་མིན་ཞིང། །གཟུགས་གཞན་གྱིས་ཀྱང་ལོངས་སྤྱད་ན། །ཁྱོད་ལ་མོ་མཆོག་གིས་ཅི་བྱེད། །བརྟབས་པ་འདི་བདེན་པ་མ་ཡིན་པའི་དོན་གྱི་རྟོག་པ་ཁོ་ནས་ཡུལ་མཆོག་ཏུ་བྱུང་བ་ཉིད་དུ་སྒྲོ་བཏགས་ཤིང། བདག་ཉིད ་དམའ་བར་བྱས་ནས་ཡོངས་སུ་སྐྱོ་བར་བྱེད་པ་འབའ་ཞིག་ཏུ་ཟད་དེ། འདིས་ནི་འཐད་པ་འདིས་ཡུལ་དམའ་བར་བྱས་ཏེ་དེ་ལ་ཆགས་པ་དང་བྲལ་བ་ཉིད་ཀྱིས་བདག་ཁོ་ན་བསྟོད་པར་རིགས་སོ། །རི་ཞིག་བུད་མེད་ཐམས་ཅད་ཀྱི་མི་གཙང་བའི་ཕྱོགས་དབང་པོའི ་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན། རང་གི་ངང་གིས་དྲི་ང་ཞིང། རྟག་ཏུ་འཛག་པ། ལུས་ཀྱི་གྲོང་ཁྱེར་གྱི?་མི་གཙང་བའི་སྟོར་ཁུང་དུ་གྱུར་པ། བཤད་ཁང་ལྟར་སྐྱེ་བོ་མང་པོས་བླུགས་པའི་མི་གཙང་བ་ནོད་པར་ལྷུར་བྱེད་པ་བཤད་དོད་ལྟར་མུན ་ནག་གི་མི་གཙང་བ་དྲི་ཚབས་ཆེར་ང་བའི་སྲིན་བུའི་ཚོགས་འཁྲིག་ཆགས་པ། བཤད་བུ་ཅུང་ཟད་རང་ཅིང་རས་པ་ལྟར་ནང་མྱགས་ཤིང། མྱགས་པ་དེས་བངས་པའི་པགས་པ་ཙམ་གྱིས་ཕྱི་བཏུམས་པ། སྔོན་གྱི་ལས་ཀྱིས་ཐོབ་ཅིང་བཅོར་མེད་པ། ་ལུས་ཀྱི་སྦུབས་ཀྱི་རྨ་ཐ་ཆད་ཤིན་ཏུ་ཆེན་པོ། དེའི་རང་བཞིན་ཡོངས་སུ་རྟོགས་པ་རྣམས་ངས་དང་ལྡན་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བའི་ཚོགས་ཆེན་པོ་གཉིས་མེད་པ་དེ་ལ་རང་གི་སེམས་ཕྱིན་ཅི་ལོག་ལས་མ་གཏོགས་པར་འཁྲིག་པཱི ་རིག?་པ་ཐ་དད་པ་ཉིད་མི་སྲིད་ལ། དེ་དག་གི་གཟུགས་གང་ཡིན་པ་དེ་ཡང་ལྟ་བའི་དབང་པོའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར། མིག་དང་ལྡན་པ་གཟུགས་དེ་སྤྱོད་ཡུལ་དུ་གྱུར་པར་གནས་པ་ཐམས་ཅད་ཀྱི་ལོངས་སྤྱོད་ཐུན་མོང་བ་ཉིད་ཡིན་པའི་ཕྱིར ་ལ། ཐ་ན་ཁྱི་དང་བྱ་རོག་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེ་བར་ལོངས་སྤྱད་པར་བྱ་བ་ཡིན་པ་ཉིད་ཀྱིས?་ན། དངོས་པོ་ཐུན་མོང་པ་ལ་མངོན་པར་ཞེན་པ་བསྐྱེད་པར་མི་རིགས་ཏེ། བུད་མེད་ཀྱི་ཁོག་པ་ལ་བརྐམ་པ་ཁྱོད་ལ་ད་ལྟ་བུད་མེད་མཆོག ་གིས་ཡོན་ཏན་ལྷག་པ་ཅི་ཞིག་བསྐྱེད་པ་ཅི་ཞིག་སྨྲོས་ཤིག་།དེའི་ཕྱིར་བུད་མེད་མཆོག་དག་ལ་མངོན་པར་ཞེན་པ་དོར་བར་བྱ་སྟེ། བུད་མེད་གཟུགས་ངན་པ་དང། གཞན་གྱི་བུད་མེད་ཀྱི་བློས་མུན་ཁུང་དུ་རང་གི་ཆུང་མ་དང་དུས་བཏབ ་སྟེ་ཕྲད་པར་གྱུར་པ་བཞིན་ནོ། །བུད་མེད་གཟུགས་ངན་པ་འགལ་ཞིག་ལ་ཁྱིམ་ཐབ་ཀྱིས་ཁྱོད་གཟུགས་ངན་ནོ་ཞེས་སྤྱོད་ལ། དེས་ཀྱང་རྗེ་བོ་ལ་གཟུགས་ངན་ནམ། གཟུགས་བཟང་ཡང་རུང་སྟེ་འཁྲིག་པ་བསྟེན་པ་ལ་འདིར་ཁྱད་པར་འགའ་ཡང་མེད་དོ ་ཞེས་ཞུས་ཀྱང་དེས་རྟོགས་པར་མ་གྱུར་ཏོ། །དེ་ནས་དེས་སྣོད་སྣ་ཚོགས་དག་ཏུ་སྲན་ཚོད་བཞག་ནས་ཟས་ཀྱི་དུས་སུ་སྐྱེས་བུ་དེ་ལ་དྲངས་བ་དང། དེས་འདི་ཅི་ཞིག་ཅེས་སྨྲས་སོ། །དེས་སྨྲས་པ་འདི་སྲན་ཚོད་དེ། །འོན་ཀྱང་སྣོད་ལྟ་བར་འོས་པ་དག་ཏུ་བཞག་པ་ཡིན ་ནོ། །དེས་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་སྨྲས་པ་དང། དེས་འཁྲིག་པ་ལ་ཡང་ངེས་པར་འདི་ཉིད་ཡིན་ནོ་ཞེས་སྨྲས་སོ། །ཡང་སྐྱེ་བུ་འགའ་ཞིག་གཞན་གྱི་བུད་མེད་མཐོང་ནས་ནམ་ཞིག་ན་འདི་དང་ཕྲད་པར་འགྱུར་ཞེས་བརྐམ་པར་གྱུར་ལ། དེར་གྲོགས་པ་ཤེས ་ཞིག་གིས་གང་ཞིག་དོན་དུ་གཉེར་བ་དེ་ནི་འདི་ཡིན་གྱིས། འོན་ཀྱང་ཁྱོད་ཀྱིས་དེ་ལ་ཅི་ཡང་སྨྲ་བར་མི་བྱ་སྟེ། དེ་ནི་ངོ་ཚ་དང་ལྡན་པས་རིགས་ཀྱི་མནའ་མ་ཞིག་གོ་ཞེས་དེ་ལ་མུན་ཁུང་དུ་རང་གི་ཆུང་མ་དང་སྤྲད་པ་དང། དེ་ཡང་ཤིན་ཏུ་དགའ་ཞིང ་རྣམ་པ་འདི་ལྟ་བུའི་བུད་མེད་ནི་མེད་དོ་ཞེས་སྨྲའོ། །ེ་མ་གང་གིས་འགྲོ་འདི་སྣ་ཚོགས་ཆེར། །བསྒྲིབས་ཤིང་རྨི་འདྲའི་རེག་དེས་རྣམ་ལྟས་ལ། །ཆགས་རྨོངས་འདི་དག་གཞན་དུ་རྒྱུག་གྱུར་པ། །འདི་ནི་མུན་པའི་རང་བཞིན་དྲ་བ་ཆེ། །བུད་མེད ་མཆོག་ནི་བླུན་པོའི་འདོད་ཆགས་ཀྱི་རྒྱུ་ཡང་མ་ཡིན་པ་ཉིད་དེ། །འདི་ལྟར་གང་ལ་གང་ཡིད་འོང་འགྱུར་བ། །དེ་ནི་དེ་ཡིས་འཚེངས་པར་བརློམ། །ཁྱི་སོགས་རྣམས་ལའང་ཐུན་མོང་པས། །བློ་གྲོས་ངན་པ་ཁྱོད་ཅིས་ཆགས། །གང་ཞིག་གཟུཊ ་ངན་ཡང་གང་ལ་ཡིད་དུ་འོང་བར་འགྱུར་བ་དེས་དེ་བདག་ཉིད་འཚེངས་པར་སེམས་སོ། །གལ་ཏེ་འདོད་པར་འོས་པ་ཉིད་འདོད་ཆགས་ཀྱི་རྒྱུ་ཡིན་ན་ནི། དེ་དང་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཆེད་ལ་ཆགས་པར་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན ་ནོ། །དེའི་ཕྱིར་ཡང་འདོད་ཆགས་ཀྱི་རྒྱུ་ནི་འདོད་པར་བྱ་བར་འོས་པ་ཉིད་མ་ཡིན་གྱི། ཆགས་པ་ཁོ་ན་རྒྱུ་ཡིན་ནོ། །ཆགས་པ་ཡང་རྒྱུ་མེད་པར་ཁྱི་དང་བོང་བུ་དང་རྔ་མོ་དང་ཕག་པ་ལ་སོགས་པ་རྣམས་ལ་ཡང་རང་རང་གི་མོ་དག་ལ་ཡོད་པ་ཉིད་དེ། དེའི ་ཕྱིར་ཆགས་པ་ཐུན་མོང་པ་ཁོ་ནའོ། །དེའི་ཕྱིར་མཁས་པས་རྒྱུ་གང་གིས་ཀྱང་དེར་འདོད་ཆགས་པར་མི་བྱ་སྟེ། གནོད་སྦྱིན་རང་གི་ཆུང་མ་ལ་སྡུག་པ་ཕྱོགས་སུ་ལྷུང་བ་བཞིན་ནོ། །གནོད་སྦྱིན་གཉིས་རང་གི་ཆུང་མ་དག་ལ་སྡུག་པ་ཕྱོགས་སུ་ལྷུང་བར་གྱུར ་ལ། དེ་གཉིས་ཀྱང་རྩོད་པ་ན་གང་གི་ཆུང་མ་ལྟ་ན་སྡུག་ཅེས་དགེ་སློང་གི་གན་དུ་སོན་པ་དང། དེས་གང་ཞིག་གང་ལ་སྡུག་པར་གྱུར་པ་དེའི་དེའི་ལྟ་ན་སྡུག་པ་ཡིན་ནོ་ཞེས་སྨྲས་སོ། །འདིར་གལ་ཏེ། གཏི་མུག་འདོད་ཆགས་རྒྱུ་ཡིན་ཏེ། གཟུགས་ནི་འདོད ་ཆགས་རྒྱུ་མ་ཡིན། །ཀུན་ཀྱང་དེ་ལ་ཆགས་འགྱུར་བ། །དེ་ཕྱིར་འདོད་ཆགས་ཀྱི་རྒྱུ་མིན། ཞེས་བཤད་དོ། །འདིར་སྨྲས་པ། བུ་མོ་ཡན་ལག་ཐམས་ཅད་ཡིད་འཕྲོག་པ་ནི་རྙེད་པར་དཀའ་སྟེ། སུ་ཞིག་དེ་རྙེད་པ་ངོ་མཚར་བ་ལྟར་རྩིབ་ན་དེ་ལ་ཀུན་དུ་ཆགས་པར་མི ་བྱེད་ཅེའོ། །བཤད་པར་བྱ་སྟེ། ཁྱོད་ལ་ཡན་ལག་ཀུན་མཛེས་མོ། །གལ་ཏེ་སྔར་ཀུན་ཐུན་མོང་ན། །དེ་རྙེད་ཁྱོད་ལ་ངོ་མཚར་ལྟར། །ཇི་ལྟར་ཡང་ནི་འགྱུར་བ་མིན། །བུ་མོ་རྣམས་ནི་ཁྱོའི་དོན་དུ་ཡིན་ལ། ཁྱོད་ལ་ཡང་ངེས་པ་མེད་པས་ཐམས་ཅད་ལ་སྲིད་པར ་བྱ་དགོས་སོ། །དེའི་ཕྱིར་གང་འདི་འདི་ལས་ཆགས་པར་འགྱུར་བ་དངོས་པོ་ཐུན་མོང་རྙད་པ་ལ་ངོ་མཚར་ཅི་ཡོད། དེའི་ཕྱིར་ལམ་པོ་ཆེན་ཡོད་པའི་ཟོང་དང་འདྲ་བ་རྙེད་པས་ཡ་མཚན་པར་མི་རིགས་ཏེ། བད་ས་ལའི་རྒྱལ་པོས་དབང་པོས་བྱིན་རྙེད་པ ་བཞིན་ནོ། །བད་ས་ལའི་རྒྱལ་པོ་འཆར་བྱེད་ཅེས་བྱ་བས་བུད་མེད་ཐུན་མོང་བ་དབང་པོས་བྱིན་རྙེད་ནས་ངོ་མཚར་ཐོབ་པར་གྱུར་ལ། དེ་ཡང་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་བ་ཞིག་ཡིན་པ་དེ་བཞིན་དུ། བུད་མེད་གཞོན་དུ་མར་གནས ་པ་ནི་ཐམས་ཅད་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་རིལ་གྱིས་ཐུན་མོང་བར་འགྱུར་ལ། ཕྱིས་གཅིག་ཁོ་ནའི་ཡིན་པར་འགྱུར་རོ། །འདིར་བཤད་པ། ལམ་ཆེན་ཟོང་ལྟའི་བུད་མེད་ནི། །རི་བའི་རིན་གྱིས་འདིར་རྙེད་ནས། །དེ་རྙེད་པ་ལ་མཁས་པས་འདིས ་ངོ་མཚར་སྙམ་དུ་མི་བྱའོ། །འདིར་སྨྲས་པ། གང་གི་ཕྱིར་ཆགས་པ་སྐྱེ་བ་ནི་ཡོན་ཏན་སྔོན་དུ་འགྲོ་བ་ཅན་ཡིན་པར་འཇིག་རྟེན་ན་མཐོང་སྟེ། དེའི་ཕྱིར་བུད་མེད་ཡོན་ཏན་དང་ལྡན་པ་ལ་ཆགས་པར་རིགས་སོ། །བཤད་པར་བྱ་སྟེ། ཡོན་ཏན་ལྡན་པ་སྡུག་པ་དང། ་བཟློག་པ་ལ་ནི་བཟློག་མཐོང་ན། །རྣམ་པར་གནས་མེད་སྔ་མ་འམ། །ཅིག་ཤོས་ལ་ནི་གང་ཞིག་བདེན། །གལ་ཏེ་ཡོན་ཏན་དང་ལྡན་པ་ལ་འདོད་ཆགས་ཤིང། བཟློག་པ་ལ་ཞེ་སྡང་ན། འོ་ན་དེའི་སྐྱོན་དང་ཡོན་ཏན་འཚོལ་བའི་ཕྱིར། བུད་མེད་མཆོག་འདོད་ཆཊ ་ཀྱི་རྒྱུ་མ་ཡིན་ལ། ཡོན་ཏན་དང་སྐྱོན་དག་ཀྱང་ངེས་པ་མེད་པས་ཡུལ་གཅིག་ལ་ཡང་རིམ་གྱིས་གཉིས་ཆར་ཡང་ཡང་དག་པར་འབྱུང་ངོ། །དེའི་ཕྱིར་དེ་ལྟར་ཡོན་ཏན་དང་སྐྱོན་གཉིས་ངེས་པར་མི་གནས་བས་དེ་དག་ལ་རག་ལས་པ་ཉིད་ཀྱིས། རྣམ་པར ་གནས་པ་མེད་པ་ཀོ། སྔ་མ་ཡོན་ཏན་དང་ལྡན་པ་ཉིད་དང། དུས་ཕྱིས་འབྱུང་བའི་སྐྱོན་དང་ལྡན་པ་ལྟ་གང་ཞིག་བདེན་པར་འགྱུར། གལ་ཏེ་ཡོན་ཏན་དང་ལྡན་པ་ཉིད་བདེན་ན་ནི། དེ་ཉིད་ལ་སྐྱོན་མཐོང་བས་དེ་མི་བདེན་པ་ཡིན་ནམ། ཆི་སྟེ་སྐྱོན ་དང་ལྡན་པ་ཉིད་བདེན་ན། དེ་ལྟ་ན་ཡང་དེ་ཉིད་ལ་ཡོན་ཏན་མཐོང་བས་དེ་བདེན་པ་མ་ཡིན་ནོ། །དེའི་ཕྱིར་གང་རུང་ཞིག་ལ་ཡང་བདེན་པའི་དོན་ཉིད་མེད་པའི་ཕྱིར་འདོད་ཆགས་དང་ཞེ་སྡང་ཉི་ག་ཡང་མི་འཇུག་པར་རིགས་སོ། །དེའི་ཕྱིར་ཡོན་ཏན ་དང་ལྡན་པ་ལ་འདིའི་འདོད་ཆགས་མི་རིགས་ཏེ། འཆག་དུ་འགྲོ་བ་དང། བཤད་ཁང་མཐོང་བ་བཞིན་ནོ། །ཇི་ལྟར་ཁམ་ཟས་ལེགས་པར་འདུས་བྱས་པ་ནི་ཡོངས་སུ་ལོངས་སྤྱོད་པན་དགའ་བར་འགྱུར་ལ། གང་གི་ཚེ་དྲེའི?་སྐྱོན་གྱིས་འཆག་ཏུ་འགྲོ་བ་སྟེ། འཆག་ཁང་དུ་འཇུག་པ་དེའི ་ཚེ་མི་དགའ་བ་དང། ཡང་ཇི་ལྟར་བཟློག་ཏུ་ཟིན་ཀྱང་གྲོགས་བཤེས་ཀྱི་ཁྱིམ་གྱི་བཤད་ཁང་བལྟ་བར་འདོད་ཅིང། གང་གི་ཚེ་མཐོང་བ་དེའི་ཚེ་དེ་ཉིད་ལ་ཡོན་ཏན་མཐོང་བའི་ཕྱིར་དང། ཡོན་ཏན་མ་ཡིན་པ་མཐོང་བའི་ཕྱིར་ཤིན་ཏུ་ཆགས་པ་དང་བྲལ་བར་འགྱུར་བ་དེ ་བཞིན་དུ། བུད་མེད་ཀྱི་རང་བཞིན་མཐོང་བས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདིར་འགྱུར་ཏེ། གལ་ཏེ་ཡོན་ཏན་ལྡན་ཉིད་ཕྱིར། །དངོས་པོ་ལ་ལར་ཆགས་འགྱུར་ན། །བླུན་པོ་ཡོན་ཏན་འབྱོར་པ་དེ། །སྤངས་ནས་གཞན་ལ་ཆགས་མི་འགྱུར། །འདིར ་སྨྲས་པ། ཡོན་ཏན་མེད་པ་རྣམས་ལ་ནི་རྗེས་སུ་མི་མཐུན་བས་འདོད་ཆགས་པར་མི་འགྱུར་གྱི། རྗེས་སུ་མཐུན་པའི་ཕྱིར་ཡོན་ཏན་དང་ལྡན་པ་རྣམས་ལ་ནི་འདོད་ཆགས་སོ། །བཤད་པར་བྱ་སྟེ། བླུན་པོའི་འདོད་ཆགས་ཡོན་ཏན་དང། །ལྡན་པ་འབའ་ཞིག ་ལ་མི་སྐྱེ། །རྒྱུ་མེད་པ་ལས་འཇུག་རྣམས་ཀྱི། །ལྡོག་པ་རྒྱུ་ལས་ག་ལ་ཞིག་།འདིར་སེམས་ཅན་གང་དག་འདོད་ཆགས་ཀྱིས་ཀུན་ཏུ་རྨོངས་ཤིང་འདོད་པས་ཟིལ་གྱིས་མནན་པ་ངོ་ཚ་དང། ཁྲེལ་དང་བྲལ་བ་དེ་དག་གི་འདོད་ཆགས་ནི་ཡོན་ཏན་དང་ལྡན་པ་རྣམས ་ཁོ་ན་ལ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་དག་གི་འདོད་ཆགས་ནི་ཐམས་ཅད་ལ་ཡང་སྟེ། ཡོན་ཏན་མེད་པ་དང་ཡོན་ཏན་དང་ལྡན་པ་རྣམས་ལ་མེ་ལྟར་ཁྱད་པར་མེད་པ་མངོན་པར་འབྱུང་སྟེ། གཏི་མུག་ཕལ་ཆེ་བས་རྒྱུ་ཡོངས་སུ་འཛིན་པ་དང་བྲལ་བའི་ཕྱིར ་རོ། །རྒྱུ་དང་བཅས་པར་འབྱུང་ན་ནི་རྒྱུ་རྒྱུ་གཞན་གྱིས་བཟློག་པའི་ཕྱིར་བཟློག་པ་ཡོད་པར་བྱ་བར་ནུས་ཀྱི། བླུན་པོ་རྒྱུ་མེད་པ་ལས་འཇུག་པ་རྣམས་ཀྱི་ལྡོག་པ་ནི་རྒྱུ་སྔོན་དུ་འགྲོ་པར་ཅན་དུ་ཡོད་པར་བྱ་བར་མི་ནུས་སོ། །རྒྱུ་སྔོན་དུ་འགྲོ་བ་ཅན་མ་ཡིན་པར ་འཇུག་ན་ནི་གཟུགས་མི་གཙང་བ་ལ་ཡོན་ཏན་དང་ལྡན་པ་ག་ལ་ཡོད་དེ། དེའི་ཕྱིར་བུད་མེད་དག་ལ་འདོད་ཆགས་པ་ཡོན་ཏན་དང་ལྡན་པའི་རྒྱུ་ཅན་དུ་མི་རིགས་སོ། །བྲམ་ཟེ་མ་ནིང་དུ་བ་བཞིན་ནོ། །བྲམ་ཟེའི་མ་ནིང་འགའ་ཞིག་དེ་ལྟར་མ ་བྱེད་པར་དཀའ་ཐུག་ཀྱི་ནགས་ཚལ་དུ་དེངས་ཤིག་ཅེས་བུ་རྣམས་ཀྱིས་བཟློག་པར་གྱུར་པ་དང། དེ་དུ་བར་ཞུགས་སོ། །དེ་རྣམས་ཀྱིས་དྲིས་པ། ཅི་བྲལ་བའི་སྡུག་བསྔལ་གྱིས་དུ་འམ། དེས་སྨྲས་པ། ཁོ་བོ་ནི་འབྲལ་བའི་སྡུག་བསྔལ་གྱིས་མི་དུའི། འོན་ཀྱང ་གང་ཁྱེད་ཅག་གིས་བདེ་བ་འདི་མཚོར་བ་དེ་ལྟར་ཁོ་བོ་དུའོ། །དེ་རྣམས་ཀྱིས་དྲིས་པ། ལས་འདི་ལ་ཡོན་ཏན་ཅི་ཡོད། དེས་དུ་བར་ཁོ་ནར་འགྱུར་གྱི། སྨྲ་བར་ནི་མི་འགྱུར་ཏེ། དེ་བཞིན་དུ་བླུན་པས་གང་དག་གི་འདོད་ཆགས་ཡོན་ཏན་གྱིས་མ་བྱས ་པ་དེ་དག་ནི་གསོ་དཀའ་ཨོ། །འདིར་འགྱུར་ཏེ། སྐྱོན་དང་ཡོན་ཏན་མ་དཔྱད་པར། །མི་གང་བུད་མེད་ལ་རྨོངས་པ། །དེ་དག་བརྒྱ་ཕྲག་རྒྱུ་ཡིས་ཀྱང། །བུད་མེད་རྣམས་ལས་བཟློག་མི་ནུས། །འདིར་སྨྲས་པ། བུད་མེད་ཀྱི་སྐྱེས་པ་ཡང་ཕྱི་བཞིན་ལྕེབ་ཀྱི། སྐྱེས་པ ་ནི་བུད་མེད་ལ་དེ་ལྟར་མ་ཡིན་ནོ། །དེ་ལྟར་ཆགས་པ་དང་རྗེས་སུ་འབྲེལ་བའི་བུད་མེད་དག་ཇི་ལྟར་མི་བརྟེན། བཤད་པར་བྱ་སྟེ། ཇི་སྲིད་གཞན་ཤེས་མ་གྱུར་པ། །དེ་སྲིད་དེ་ནི་ཁྱོད་ལ་འདུག་།ནང་ངན་དང་མཚུངས་བུད་མེད་ནི། །རྟག་ཏུ་རྐྱེན ་ལས་བསྲུངས་བར་བྱ། །བུད་མེད་ནི་ཇི་སྲིད་དུ་རྐྱེན་འགའ་ཞིག་དང་བྲལ་བ་ལས་སྐྱེས་པ་གཞན་གྱི་རོ་མ་མྱངས་པ་དེ་སྲིད་དུ་ཁྱོད་ལ་སྙིང་ཉེ་ཞིང་ཁྱོ་དང་མཐུན་གྱི། གང་གི་ཚེ་སྐྱེས་བུ་གཞན་གྱི་རོ་མྱངས་པར་གྱུར་པ་དེའི་ཚེ་ན་ནི་འདི་གཅིག་ལ ་མངོན་པར་མི་དགའ་སྟེ། དེའི་ཕྱིར་ནད་ངན་པ་ལྟར་གདོན་མི་ཟ་བར་བསྲུང་བར་བྱ་དགོས་པའི་བུད་མེད་རྣམས་ལ་ཡིད་བརྟན་པར་མི་བྱ་སྟེ། འཁྲུག་པའི་རྐྱེན་ཉེ་བར་གྱུར་ན་རྣམ་པར་འགྱུར་བ་ལ་བརྟེན་པའི་ཕྱིར་རོ། །འདི་ལྟར་ཟབ་ཅིང་དེབ་བར ་དཀའ་བའི་བྱུང་ཚུལ་ཟོལ་དུ་མ་དང་ལྡན་པ་ཅན་གྱི་བུད་མེད་རྣམས་ནི་རྟག་ཏུ་སྐྱེས་པ་མཐོང་བར་འདོད་དོ། །དེའི་ཕྱིར་ངེས་པར་དགའ་ཡང་གང་ལ་ཡང་མི་ཆགས་པས་མཁས་པས་བུད་མེད་རྣམས་ལ་ཡིད་བརྟན་པར་མི་བྱ་སྟེ། སྔར་མི་འདོད་བའི་བྲམ་ཟེ་མོ་ལོག་པར ་སྒྲུབ་པ་བཞིན་ནོ། །སྐྱེས་བུ་ཞིག་གིས་བྲམ་ཟེ་མོ་འགའ་ཞིག་དོན་དུ་གཉེར་བ་དང། དེས་བདག་པོ་ལ་སྐྱེས་བུ་ཞིག་བདག་གི་གན་དུ་འོང་གིས། བདག་ནི་དེ་ལ་འཇིགས་པ་དང་བཅས་ཏེ། གང་གི་ཚེ་འཇུག་པར་འགྱུར་བ་དེའི་ཚེ་ཁྱོད་ལ་བརྡའ་སྤྲད་ཀྱིས་ཞེས་སྨྲས་སོ། ། ་དེ་སྐད་སྨྲས་ནས་གནས་པ་ལ་གང་གི་ཚེ་དེ་ཞུགས་ཤིང་ལོག་པར་གྱུར་པ་དེའི་ཚེ་དེ་དེ་ལ་ཆགས་ཤིང། རྗེ་བོ་དེ་ལ་སྐྱེས་བུ་དེ་འོངས་སོ་ཞེས་ཀྱང་མི་སྨྲ་བ་དེ་བཞིན། བུད་མེད་རྣམས་ནི་རྟག་ཏུ་བསྲུང་བར་བྱ་བ་ཞིག་སྟེ། དེ་དག་ལ་སུ་ཞིག་ཡིད་རྟོན་པར་འགྱུར། ་འདིར་བཤད་པ། གང་ཕྱིར་བུད་མེད་བསྲུང་བྱས་ཀྱང། །རང་གི་འདོད་པས་འགྲོ་འགྱུར་བ། །དེ་ཕྱིར་ཡོན་ཤེས་རྗེའོ་ལ། །གཤིན་པའི་བུད་མེད་ཤིན་ཏུ་དཀོན། །འདིར་སྨྲས་པ། ལང་ཚལ་བབ་པས་ན་ཚད་དང་པོ་ལ་འདོད་པ་ཉེ་བར་བསྟེན་པར་བསྟན ་ལ། ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་གནས་པ་རྣམས་ནི་བྱ་བ་མ་ཡིན་པ་བྱེད་པར་ཡང་མི་འགྱུར་རོ། །བཤད་པར་བྱ་སྟེ། སེམས་ཅན་བཅས་པ་སུ་དག་ཁྱི་ལྟར་བུད་མེད་ཀྱི་ལུས་མི་གཙང་བ་ལ་མངོན་པར་ཞེན་ལ་གཞན་ཡང་དེར་འཛུད་ཅིང། འཇིག་རྟེན ་ལ་དོན་མ་ཡིན་པ་བྱེད་པ་རྣམས་ཀྱི་ཚིག་ལ་ཚད་མར་བྱེད་པར་འགྱུར། འདི་ལྟར་འདོད་ཆགས་ཀྱི་ཆང་འཐུངས་པས་སྨྱོས་པ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་བྲལ་བ་བག་མེད་པ་སྤྱོད་ཅིང་དགེ་བའི་ཕྱོགས་མཛའ་དག་བཅོམ་པ། བུད་མེད ་ཀྱི་སྐྱེ་བོའི་བསྒོ་བ་བཞིན་བྱེད་པ་འདིས་དར་མའི་གནས་སྐབས་སུ་སྤྱོད་པ་རྗེས་སུ་གདུང་བར་བྱེད་པ་གང་སྦྱད་ཅིང། དར་མ་རང་ཏགིས་བྱས་པ་དང། །དེ་ནི་རྒན་པོ་མི་འདོད་ན། །གང་གི་ཚེ་འདི་དབང་པོ་ཡོངས་སུ་སྨིན་ཅིང་ཁམས་ཡོངས་སུ་ཉམས ་པ་ན་འདོད་ཆགས་དང་བྲལ་པ་མ་ཡིན་ཡང་ཤེས་རབ་ཀྱིས་རང་གི་འདས་པའི་སྤྱད་པ་རྣམ་པར་འབྱེད་པ་དེའི་ཚེ་རང་གིས་སྤྱད་པའི་སྡུག་བསྔལ་དེ་ངེས་པར་བསམས་ནས་རྗེས་སུ་གདུང་བར་འགྱུར་རོ། །དེ་ལྟ་ཡིན་དང། ཇི་ལྟ་བུར ་ན་གྲོལ་བ་རྣམས། །དེ་ལ་ཤིན་ཏུ་གདུང་མི་འགྱུར། །གང་དུ་དེ་ཁོ་ན་ཉིད་མ་མཐོང་ཞིང་སྐད་ཅིག་ལ་ཉོན་མོངས་པའི་སྡུག་བསྔལ་ལོག་པའི་སྤྱོད་པ་ཡང། ཡོངས་སུ་དགའ་བའི་རྒྱུར་མི་འགྱུར་བ་དེར་ཉོན་མོངས་པའི་འཆིང་བ་མཛའ་དག་གྲོལ ་ཞིང། རབ་ཏུ་དང་ལ་རིང་པོ་གཟིགས་པ་རྣམས་ཀྱི་མ་ལ་དང་སྨད་པ་དང་རྐ་བ་རྣམས་བརྒྱ་ཕྲག་སྟོང་ངམ་རྒྱུན་མི་འཆད་པར་ཇི་ལྟར་མི་འགྱུར། དྲི་མ་རྣམས་ཀྱིས་བརྙོགས་པའི་སྤྱོད་པ་དེ་ནི་དེ་ལྟར་འདྲེས་པ་ཞིག་གོ་།མནའ་མ་རྟབས་ཏེ་གྱོས་པོའི ་སྐེ་ལ་བེའུ་བརྟོང་པ་བཞིན་ནོ། །རིགས་ཀྱི་མནའ་མ་འགའ་ཞིག་དུས་སྟོན་ལ་བབ་པ་ན་དགའ་སྟོན་ཉམས་སུ་མྱོང་བར་བྱའོ། སྙམ་སྟེ་རིངས་པར་ཁྱིམ་ནས་འབྱུང་བར་གྱུར་བས་བེའུ་ཡང་ཕྱིར་བྱུང་བར་གྱུར་པ་དང། དེས་དགྱོས་པོའི་སྐེ་ལ ་བཏགས་སོ། །དེ་ལ་འདི་ཅི་བྱེད་ཅེས་དྲིས་པས། མཐོང་སྟེ་དེ་ཏེ་བོར་ངོ་ཚ་བར་གྱུར་པ་དེ་བཞིན་དུ་རེ་ཞིག་འདོད་པ་རྣམས་མི་བཟད་པ་ཉིད་དུ་མ་ཤེས་ནས་ལང་ཚོའི་ཚེ་གང་བྱས་པ་དེ་ལ་རྒན་པོ་མི་དགའ་ན། གང་དག་གིས་དངོས་པོའི་དེ་ཉིད ་ཡོངས་སུ་ཤེས་པར་བྱས་པ་དེ་དག་གི་།དེ་ལ་སྤྱོད་པ་ཆེས་གདུང་བར་ཇི་ལྟར་མི་འགྱུར་ཏེ། སྨོས་ཅི་དགོས། འདི་ནི་ཆེས་སྨད་པར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདིར་བཤད་པ། རྨོངས་ལས་འབྱུང་པོས་བརླབས་གྱུར་པས། །འདོད་པའི ་དབང་གིས་གང་བྱས་པ། །དེ་ནི་ན་ཚོད་ཡོངས་གྱུར་ལས། །ཡིད་གདུང་དཀའ་བ་སྐྱེད་པར་བྱེད། །འདིར་སྨྲས་པ། བདེ་བ་འདི་ནི་འདོད་པའི་ཁམས་ན་མཆོག་ཡིན་ཏེ། གང་བུད་མེད་ཀྱི་བདེ་བའོ། །དེའི་རྒྱུ་ནི་བུད་མེད་ཡིན་ཏེ། དེའི་ཕྱིར་དེའི ་དོན་དུ་གདོན་མི་ཟ་བར་བུད་མེད་ཡོངས་སུ་བཟུང་བར་བྱའོ། །བཤད་པར་བྱ་སྟེ། མ་ཆགས་པ་ལ་བདེ་མེད་ཅིང། །དེ་ཡང་བླུན་མིན་ལ་མེད་ན། །གང་ཡིད་རྟག་ཏུ་ཕྱིར་ཕྱོགས་པ། །དེ་ཡི་བདེ་བ་ཅི་འདྲ་ཞིག། འདིར་འདོད་པའི་ཁམས་ཀྱི་བུད་མོད་ཀྱི་བདེ་བ་གང་ཡིན ་པ་དེ་ནི་མ་ཆགས་པ་ལ་མེད་ལ། གང་གི་ཚེ་ཆགས་པར་གྱུར་པ་དེའི་ཚེ་ནི་ཆགས་པས་ཆགས་པར་བྱ་བའི་དངོས་པོ་ལ་དེའི་རང་བཞིན་དུ་འགྱུར་ཞིང། འདོད་ཆགས་ཀྱང་དངོས་པོ་མ་ཡིན་པ་དངོས་པོས་བྱས་ནས་འཇུག་པས་གཏི་མུག་མེད་པར་མི ་འབྱུང་ངོ། །གང་གཏི་མུག་གིས་ཡུལ་གྱི་རང་གི་ངོ་བོ་མི་རིག་ཅིང། རང་གི་རྣམ་པར་རྟོག་པས་བློ་ཕྲོགས་པ། འཁྲུལ་འཁོར་གྱི་མི་ལྟར་ཀུན་དུ་རྨོངས་པར་བྱས་པའི་ཡུལ་གྱི་རང་གི་ངོ་བོ་ལ་སེམས་གཏད་དེ། དེ་ལས་གཞན་དུ་སེམས་གཡེངས ་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་འགའ་ཡང་མི་ཤེས་ཏེ། མི་ཤེས་པ་དེས་ནི་བདེ་བ་སོ་སོ་ཡང་དག་པར་རིག་པར་མི་འགྱུར་རོ། །བདེ་བ་སོ་སོ་ཡང་དག་པ་རིག་པ་མེད་ན་ཡང་ཕྱིན་ཅི་ལོག་གི་རྟོག་པ་ཙམ་ཉིད་ལས་མ་གཏོགས་པ་འདི་ལ ་བདེ་པ་བཅུང་ཟད་ཀྱང་མི་འབྱུང་ངོ། །དེ་ལ་བུད་མེད་ཀྱི་བདེ་བ་བསྐྱེད་པའི་ཕྱིར་གདོན་མི་ཟ་བར་བུད་མེད་ཡོངས་སུ་བཟུང་པར་བྱའོ། །ཞེས་གང་སྨྲས་པ་དེ་ནི་མ་ཡིན་ཏེ། བྱིས་པ་རྒྱལ་པོའི་བཙུན་མོ་འདོད་པ་དང། ཐག་པ་བཞིན་ནོ། །བྱིས་པ་ལ ་འགའ་ཞིག་གིས་རྒྱལ་པོའི་བཙུན་མོ་ཐོང་ལ། དེ་མཐོང་ནས་དེ་ལ་འདོད་ཆགས་ཀྱི་སེམས་ཆེར་སྐྱེས་ཏེ། དེའི་བྲན་མོ་ཞིག་བྱ་དགས་ཡང་དག་པར་བསྐོངས་ནས་བདག་དང་ལྷ་ལྷན་ཅིག་སྤྲོད་པར་ནུས་སམ་ཞེས་སྨྲས་སོ། །དེས་སྨྲས་པ་ནུས་སོ།། ་དེ་ནས་དེས་དོན་དེ་རྒྱལ་པོའི་བཙུན་མོ་དེ་ལ་ཞུས་པ་དང། དེས་རྒྱལ་པོའི་ཕོ་བྲང་འཁོར་ནི་ཤིན་ཏུ་བསྲུངས་པས་ཏེ། འོན་ཀྱང་གང་གི་ཚེ་ཡང་བཙུན་མོའི་རྒྱུ་བར་འགྱུར་བ་དེའི་ཚེ་དོན་འདི་ནུས་པར་འགྱུར་གྱིས་ཤེས་སྨྲས་སོ། །དེ་ནས་བྲན་མོ་དེས་དོན ་དེ་བྱིས་པ་དེ་ལ་གླེངས་པས་དེས་བུད་མེད་ཀྱི་ཆེད་དུ་ལོ་ཁྱུད་ཀོར་གྱི་མཐར་ཐུག་པར་དྲི་དང་བདུག་སྤོས་དང། མེ་ཏོག་དང་མེ་ཏོག་ཕྲེང་དང། ཏམ་པོ་ལ་དང། ཕྱེ་མ་ལ་སོགས་པ་བཙལ་བར་གྱུར་ལ། བཙུན་མོ་རྒྱུ་བ་ཉེ་བར་གནས་པ ་ན་བྱིས་པ་སད་རྒྱལ་པོའི་བཙུན་མོ་དང་བདག་ལྷན་ཅིག་འཕྲད་པར་འགྱུར་རོ་ཞེས་རང་གི་པར་ཁང་ལེགས་པར་འདུ་བྱས་སོ། །དེའི་ཉིན་མོ་བྱིས་པ་དེའི་མཁན་པོ་ཞིག་གི་བ་ལང་བརླག་པར་དེ་དེའི་དོན་དུ་མདགས་སོ། །དེ་སོང་བ་དང་རྒྱལ་པོའི་བཙུན ་མོ་བྱིས་པ་དེའི་ཁང་པར་ཕྱིན་ཏེ། སླར་ལོག་སྟེ་སོང་ངོ། །ཇི་ལྟར་བྱིས་པ་ལོ་ཁྱུད་ཀོར་དུ་ཡིད་ཕྱིར་གྱུར་པ་དེ་ལ་སྡུག་བསྔལ་མཆོག་མངོན་པར་འབྱུང་བ་དེ་བཞིན་དུ། འདོད་ཆགས་ཀྱིས་ཡིད་ཕྱི་རོལ་དུ་གྱུར་པའི་མི་རྣམས་བདེ་བ་འཐོབ་པ་ག་ལ་ཡོད། ཡང ་ཐ་ག་པ་ཞིག་རྒྱལ་པོའི་བཙུན་མོ་དང་འཛོལ་ཏེ། འདོད་ཆགས་ཀྱིས་སྨྱོས་པར་གྱུར་ནས། ཀྭའི་ཁྱོད་ཀྱིས་ལྷ་མཐོང་ངམ། ཀྭའི་འོངས་སམ། ཀྭའི་ད་འདྲི་འམ་ཞེས་རེ་རེ་ལ་འདྲི་བར་གྱུར་ཏོ། །འདིར་བཤད་པ། ཆགས་རྨོངས་གང་ཞིག་བུད་མེད་ཀྱི། །བདེ་བར་མུན ་པས་མིག་ཕྲོགས་པས། །དེ་ན་གནས་པ་མི་མཐོང་སྟེ། །འཁྲུག་པོའི་ཆུ་ལ་གཟུགས་བརྙན་འདྲ། །གཞན་ཡང། གལ་ཏེ་བུད་མེད་ཀྱི་བདེ་བ་ལ་བུད་མེད་དང་ཕྲད་པས་འབྱུང་ལ། བུད་མེད་མེད་པར་མི་འབྱུང་བས་དེའི་དོན་དུ་ཁྱོད་བུད་མེད་ཡོངས་སུ་འཛིན་པར་བྱེད ་ན། ཅིའི་ཕྱིར། ཁྱོད་ལ་གུས་བཞིན་རྟག་པར་ནི། །མོ་དང་ལྷན་ཅིག་ཕྲད་པ་མེད། །ཇི་ལྟར་ཁྱོད་ཀྱི་བུད་མེད་ལོངས་སྤྱོད་པའི་གུས་པ་ཆུང་དུ་དང་འབྲིང་དང་ཆེན་པོའི་རིམ་པར་འཕེལ་བས་ཉིན་མཚན་དུ་རྒྱུན་མི་འཆད་པར་འཕེལ་བ་དེ་ལྟར་ལོངས་སྤྱོད་ཀྱང་ཅི ་སྟེ་མི་འཕེལ། དེའི་ཕྱིར་ཅིའི་དོན་དུ་ཡུད་ཙམ་ལོངས་སྤྱོད་པས་ཡོངས་སུ་དུབ་པའི་ཆགས་པ་ཅན་རྣམས་ཆགས་བྲལ་ལྟར་བུད་མེད་དག་ཡོངས་སུ་གཏོང་བར་བྱེད། དེའི་ཕྱིར་གུས་པ་ལྟར་བུད་མེད་ལོངས་སྤྱོད་པར་མི་ནུས་པ་འདི་དག་གི་།འདི་ངའི་གཞན་གྱི་མ ་ཡིན་ཞེས། །ཡོངས་འཛིན་འདི་ཀོ་ཅི་ཞིག་ཡིན། །ལོངས་སྤྱོད་ཀྱི་ཕྱིར་ན་ཆུང་མ་ཡོངས་སུ་སྡུང་པ་གང་ཡིན་པ་དེ་ནི་མི་རིགས་ཏེ། དེ་ལོངས་སྤྱོད་པ་ལ་ནུས་པ་མེད་པའི་ཕྱིར་རོ། །འདི་བྱེད་ན་ཡང་སེར་སྣ་མེད་པའི་སྒོ་ནས་བྱ་བར་རིགས་ཀྱི། ཡོངས་སུ་འཛིན་པ་འདི་ནི་བདག་གི་ཡིན ་གྱི་གཞན་གྱི་མ་ཡིན་ནོ་ཞེས་དེ་ལྟར་རང་ལས་གཞན་པའི་སྐྱེས་བུས་ལོངས་སྤྱོད་པ་བཀག་པ་ནི་མི་རིགས་པ་ཉིད་དོ། །བདག་ལ་ཕན་འདོགས་པའི་ཆེད་དུ་ཡོངས་སུ་འཛིན་པའི་གཡེང་བ་ལ་སྐྱོ་བ་འཐད་ཀྱི། གང་ཞིག་བདག་ལ་ཕན་འདོགས་པའི་ཆེད་དུ་མ་ཡིན་པ་དེ་གཞན ་དག་ལ་མ་གྱུར་ཅིག་ཅེས་བྱ་བ་འདི་ནི་ཡོངས་སུ་འཛིན་པ་མ་ཡིན་གྱི། གཏི་མུག་གི་རྣམ་པར་འགྱུར་བ་ཞིག་སྟེ། བྲམ་ཟེ་མོ་བྲོད་ཉམས་པས་ཟན་ཡོངས་སུ་འཛིན་པ་དང། རྒྱལ་པོ་བུད་མེད་མང་པོ་ཅན་ལ་གཏམ་བྱ་བ་དང། ལོང་བས་མི་མཐོང་བ་བཞིན་ནོ། །བྲམ་ཟེ་འགའ་ ་ཞིག་མེ་དྲོད་ཞན་པས་ཟ་བར་མི་ནུས་པར་གྱུར་ཅིང། དེ་ལ་ཁ་ཟས་མང་ཞིང་གྱ་ནོམ་པ་གྲུབ་པར་གྱུར་ལ། ཅུང་ཟད་ཀྱང་གང་ལ་ཡང་སྦྱིན་པར་མི་འདོད་ཅིང། ཆེར་ལེན་པར་ཡང་འགྱུར་བ་དང། ཡང་ཇི་ལྟར་རྒྱལ་པོ་འགའ་ཞིག་ལ་ཕོ་བྲང་འཁོར་གྱི་ནང་ན་བུད་མེད་བརྒྱ ་ཕྲག་དུ་མ་ཡོད་ལ། རྒྱལ་པོ་དེ་དེ་དག་དང་བྱ་བ་ཡང་མི་བྱེད་ཅིང། གཞན་ལ་ཡང་མི་སྟེར་བར་གྱུར་ཏོ། །ནམ་ཞིག་ན་རྒྱལ་པོ་དེ་ལ་དགེ་སློང་ཞིག་གིས་ཅི་བུད་མེད་ཐམས་ཅད་ཀྱིས་བྱ་བ་བྱེད་དམ་ཞེས་དྲིས་པ་དང། དེས་སྨྲས་པ། མ་ཡིན་ནོ། །དེ་ནས་དགེ་སློང་ངེས ་དེ་དག་བཏང་བར་བྱ་བའི་ཕྱིར་རྒྱལ་པོ་དེ་ལ་ཆོས་དང་ལྡན་པའི་གཏམ་བྱས་པ་ལ་བཏང་བར་ཡང་གྱུར་ཏོ། །སྐྱེས་བུ་ཡར་བ་ཞིག་མིག་མེད་པའི་ཕྱིར་གཟུགས་ཀྱི་ཆེད་དུ་བུད་མེད་དག་ལ་གུས་པ་དང་ལྡན་པར་ཡ་མི་འགྱུར་ལ། དེ་ལྟར་ཡང་བུད་མེད་འདི་དག་ནི ་བདག་ཁོ་ནའི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་ཡོངས་སུ་འཛིན་པར་བྱེད་དོ། །འདིར་བཤད་པ། སྐྱེ་བོས་གང་ལ་བྱ་ཡོད་པ། །དེ་དེ་གལ་ཏེ་མི་བྱེད་ན། །དེ་ཡོངས་འཛིན་པས་ཅི་དགོས་ཏེ། ཡོངས་འཛིན་རྨོངས་པ་མ་ཡིན་ནམ། །འདིར་སྨྲས་པ། འཇིག་རྟེན་ན་ནི ་འདོད་ཆགས་ལ་བདེ་བ་ཞེས་བརྗོད་ལ། དེ་ནི་བུད་མེད་དང་སྦྱོར་བ་མེད་པར་མི་འགྱུར་བ་དེའི་ཕྱིར་དགོས་པའི་དོན་དུ་གདོན་མི་ཟ་བར་བུད་མེད་དག་འདོད་པར་བྱའོ། །བཤད་པར་བྱ་སྟེ། གལ་ཏེ་འདོད་ཆགས་བདེ་ཡིན་ན། །བུད ་མེད་དག་གིས་དགོས་མེད་འགྱུར། །བདེ་བ་དོར་བྱ་ཞེས་བྱ་བ། །ཇི་ལྟར་ཡང་ནི་མ་མཐོང་ངོ། །གལ་ཏེ་འདོད་ཆགས་བདེ་བ་ཡིན་ན་ནི། འདིར་བུད་མེད་དག་གིས་དགོས་པ་མེད་པར་འགྱུར་ཏེ། བདེ་བ་ཞེས་བྱ་བ་ནི་སྐྱོན་མེད་པའི་ཕྱིར་ནམ ་ཡང་དོར་བར་བྱ་བར་མི་འདོད་དོ། །གང་གི་ཕྱིར་འདོད་ཆགས་ནི་དུག་ལྟར་འགལ་ཟླའི་དུག་བུད་མེད་ཀྱི་སླར་འཇོམས་པར་བྱེད་པ་དེའི་ཕྱིར། འདོད་ཆགས་བདེ་བ་ཡིན་ནོ་ཞེས་བྱ་བར་མི་རིགས་ཏེ། བྲུ་བ་ཚ་བས་ཟས་ཡོངས་སུ་དོར་བ་བཞིན་ནོ། ། ་རིགས་ཀྱི་བུ་མཆོག་བཀྲེན་པ་འགའ་ཞིག་བྲུ་བ་ཚ་བས་གནོད་པར་གྱུར་ཏེ། མཚན་མོ་ཁྱིམ་འགའ་ཞིག་ཏུ་ཞུགས་ལ། ངེས་དེར་སྣོད་འགའ་ཞིག་ཏུ་ཐལ་བ་མཐོང་ཞིང། གཞན་དུ་ཆུ་མཐོང་ངོ། །ངེས་ཆེར་འདུ་ཤེས་ནས་ཐལ་བ་དེ་སྦྲུས་ཏེ་ཟོས་ཤིང། བྲུ་བ་ཚ ་བ་དང་བྲལ་བ་དང་ཐལ་བའོ་སྙམ་དུ་ཤེས་པར་གྱུར་ཏོ། །དེ་དེ་ཉིད་ཀྱིས་སྐྱོ་བར་གྱུར་ནས་ཟས་ཡོད་ཀྱང་བོར་ནས་ཕྱིར་བྱུང་ངོ། །ཁྱིམ་བདག་གིས་འདི་ཅི་ཡིན་ཞེས་ཀྱང་དྲིས་ལ། དེས་ཀྱང་སྨྲས་སོ། །དེ་ནས་དེས་རྫས་མང་པོ་ལ་བཀོད་ལ། རྨག་པ་ཉིད་དུ ་ཡང་ངོ། །དེ་བཞིན་དུ་གལ་ཏེ་འདོད་ཆགས་བདེ་བ་ཡིན་ན་འདི་དོར་བར་མི་འགྱུར་བ་ཞིག་གོ་།འདིར་བཤད་པ། གང་ཕྱིར་དུག་ལྔའི་འདོད་ཆགས་ཀྱི། ཟླ་རལ་དུག་མཚུངས་བུད་མེད་རྣམས། །དེ་ལྟར་ཕོས་བསྟེན་བྱ་དེའི་ཕྱིར། །དེ་ལ་བདེ་བ ་ག་ལ་ཡོད། །འདིར་སྨྲས་པ། སྦྱོར་བས་བདེ་བ་འབྱུང་ལ། དེའི་རྒྱུ་ནི་བུད་མེད་ཡིན་པ་དེའི་ཕྱིར་ཡང་བདེ་བ་བུད་མེད་ལས་སྐྱེས་པ་ཡིན་ནོ། །བཤད་པར་བྱ་སྟེ། བུད་མེད་ལྷན་ཅིག་སྦྱོར་ནའང། །བདེ་བ་གཞན་ལས་སྐྱེ་འགྱུར་ན། །དེ་རྒྱུ་མཛའ་མོ་ཉིད་ཡིན་ཞེས ་བླུན་པོ་མུན་པ་སུ་ཞིག་འཛིན། །འདིར་སྐྱེས་བུ་རྣམས་བུད་མེད་དང་ལྷན་ཅིག་ཕྲད་པར་འགྱུར་མོད་ཀྱི། དེ་ལྟ་ན་ཡང་བུད་མེད་དང་སྦྱོར་བ་ཙམ་དེར་བདེ་བའི་རྒྱུ་མ་ཡིན་ནོ། །འདི་ལྟར་འདོད་ཆགས་དང་བྲལ་པ་མ་ཡིན་ཡང་བསླབས་པ་ལ་གུས་པར་བྱེད་པ ་ཁ་ཅིག་དག་འདོད་པ་པོ་མ་ཡིན་བཞིན་དུ་བུད་མེད་དག་གིས་བཅན་ཐབས་ཀྱིས་ཡོངས་སུ་སྤྱོད་ལ། དེ་དག་ལ་མཛའ་མོ་བདེའི་རྒྱུར་ཡང་མི་འགྱུར་རོ། །གལ་ཏེ་བུད་མེད་དང་སྦྱོར་བ་བདེ་བའི་རྒྱུར་ན་དེའི་ཚེ་འདོད་པ་དང་བཅས་པ་དང་འདོད་མ ་མེད་པ་ཐམས་ཅད་ལ་མེས་ཚིག་པའི་སྡུག་བསྔལ་སྟར་ཁྱད་པར་མེད་པར་འགྱུར་བ་ཞིག་ན། དེ་ལྟར་ནི་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སྐྱེས་བུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱད་པ་དང་ལྡན་པ། མི་བཅད་པ་ལ་གཙང་བར་འདུ་ཤེས་ཤིང་སྡུག་བསྔལ ་པ་ལ་བདེ་བར་འདུ་ཤེས་པ་རྣམས་ཁོ་ན་ལ་ཕྱིན་ཅི་ལོག་དང་དབང་པོ་གཉིས་སྦྱོར་བ་ལ་བརྟེན་ནས་བདེ་བ་འབྱུང་བ་ན། རྐྱེན་དུ་མ་ཉེ་བ་ལས་འབྱུང་སྟེ། སྦྱོར་བའི་བདེ་བ་ཀུན་དུ་རྟོག་པ་ལོག་པས་བསྐྱེད་པ་དེའི་རྒྱུ་བུད་མེད་ཁོ་ན་ཡིན་གྱི་གཞན་མ་ཡིན ་ཞེས་བླུན་པོ་མ་ཡིན་པ་སུ་ཞིག་སྟེ་མཁས་པ་སུ་ཞིག་འཛིན་པར་འགྱུར། བླུན་པོ་ཁོ་ན་འཛིན་པར་འགྱུར། །བྱིས་པ་རང་གི་ཁྱིམ་ཐབ་ཀྱི་ལས་བྱེད་དུ་བཅུག་པས་མགུ་བ་བཞིན་ནོ། །བྱིས་པ་འགའ་ཞིག་ལ་རང་གི་ཁྱིམ་ཐབ་ཀྱིས་ཁྲུས་བྱ ་ཡིས་ཆུ་འོན་ཅིག་ཅེས་སྨྲས་ལ། དེས་ཀྱང་བླངས་པར་གྱུར་ཏོ། །དེ་བཞིན་དུ་ཤིང་ལེན་པ་དང། ཆུ་སྲོ་བ་དང། མཉེ་བ་དང། སྣུམ་གྱི་དྲིལ་ཕྱིས་རིམ་གྲོ་དག་བྱེད་དུ་བཅུག་ཅིང། དེས་ནི་ཕྱོགས་མ་ཡིན་པ་མཉེ་བ་ཙམ་ཞིག་བྱས་ལ། དེ་ཡང་དེ་ཙམ ་གྱིས་ཡོངས་སུ་མགུ་སྟེ། དེ་བཞིན་དུ་འདོད་པའི་བདག་ཉིད་ཅན་རྣམས་བདག་ཉིད་ཀྱིས་དལ་བ་ལ་བརྩིས་མེད་པ་བྱས་ནས་བདེ་བ་བུད་མེད་ལ་ཡོད་པ་ཁོ་ནར་རློམ་མོ། །འདིར་བཤད་པ། གང་ཕྱིར་རྒྱུ་རྐྱེན་ཚོགས་པ་ལས། །བདེ་བ་འབྱུང་བ་དེ་ཡི་ཕྱིར། ་དེ་ཡི་རྒྱུ་ནི་གཅིག་མིན་པར། །དེ་ཉིད་རིག་རྣམས་ཀྱིས་ཤེས་བྱ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་རྒྱུ་དུ་མས་འདོད་པ་སྨད་ན། ཅིའི་ཕྱིར་ཆགས་པ་ཅན་ཡང་དང་ཡང་དུ་འདོད་པ་དག་བསྟེན། གང་གི་ཕྱིར་འདོད་པ་དག་བསྟེན་པའི་ཕྱིར ་ན་འདི་དེས་པར་འདོད་པ་ལས་སྐྱེས་པའི་བདེ་བས་བདེ་བ་དང་ལྡན་པར་འགྱུར་རོ། །བཤད་པར་བྱ་སྟེ། ངེས་པར། མཛེ་པོ་འཇུག་བཞིན་འདོད་ཆགས་ཀྱིས། །ལྡོངས་པས་འདོད་པའི་སྐྱོན་མི་མཐོང། །ཇི་ལྟར་གཡན་པ་ཚབས་ཆེན་པོས་ཐེབས ་པའི་མཛེ་བོ་འཕྲུག་པ་ན། དེ་དང་ཉེ་བའི་སྡུག་བསྔལ་གྱིས་ནད་པར་གྱུར་པ་ཉིད་ཀྱིས་གཡན་པའི་སྐྱོན་ཏེ། མེ་དཔལ་གྱི་ཉེས་པ་དང་ལྤགས་པ་བཤུས་པ་དང། ཁྲག་དང་ཆུ་སེར་འཛག་པའི་ཉེས་པ་མི་མཐོང་བར་ཡང་དང་ཡང་དུ་འཕྲུག་པར་བྱེད་ཀྱི ་དེ་ལས་མི་ལྡོག་ལ་དེ་ལ་སྐྱོན་དུ་བལྟ་བར་ཡང་མི་འགྱུར་བ་དེ་བཞིན་དུ། འདོད་ཆགས་ཅན་ཡང་འདོད་པའི་གཡན་པས་ཟིལ་གྱིས་མནན་པས་འདོད་པ་དག་ལ་སྐྱོན་དུ་མི་མཐོང་ཞིང། ཡང་དང་ཡང་དུ་འདོད་པའི་བདེ་བ་ཉེ་བར་ལོངས་སྤྱོད ་ཀྱི། དེ་ལས་ལྡོག་པ་ཡང་མ་ཡིན་ལ། འདོད་པ་དག་ལ་མི་གཙང་བའི་སྐྱོན་དུ་ལྟ་བར་ཡང་མི་འགྱུར་རོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། ཆགས་བྲལ་རྣམས་ལ་མཛེ་པོ་ལྟར། །ཆགས་ཅན་སྡུག་བསྔལ་ལྡན་པར་སྣང། །གང ་གི་ཕྱིར་འདོད་ཆགས་ཀྱི་གཡན་པའི་སྐྱོན་ལས་གྲོལ་བའི་འཕགས་པ་འདོད་ཆགས་དང་བྲལ་ཞིང། འདོད་པ་དག་ལ་ཆགས་པ་དང་བྲལ་བ་གང་དག་ཡིན་པ་དེ་དག་ལ་འདོད་ཆགས་ཅན་རྣམས་མཛེ་ཅན་ལྟར་སྡུག་བསྔལ་བར་གྱུར་པར་སྣང ་བ་དེའི་ཕྱིར་ནམ་ཡང་ཆགས་པ་ཅན་བདེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བར་མི་རུང་སྟེ། བརྒྱན་པོ་ལ་སོགས་པ་བརྟེན་པ་བཞིན་ནོ། །ཇི་ལྟར་རྒྱན་པོ་དང་ཆང་དང་འཕྱུག་པ་རྣམས་རྫས་དང་ལུས་ཟད་པའི་རྒྱུར་ཡང་དག་པར་གནས་པ་དེ་བཞིན ་དུ། བུད་མེད་དང་གཉིས་སྤྲོད་པའི་འདོད་པ་བསྟེན་པ་ཡང་ཡིན་ནོ། །འདིར་བཤད་པ། སྐྱག་ཕག་མི་གཙང་ལ་ཇི་བཞིན། །དེ་བཞིན་འདོད་བདེ་མི་གཙང་དུ། །ཆགས་ཅན་བྱིང་བར་མཐོང་འགྱུར་ནས། །དེ་ལ་གཙང་སྤྲ་ཅན་སུ་དགའ་། །འདི་སྨྲས་པ། འདོད་པ་ལ ་མི་གཙང་བ་ཉིད་ཡོད་མོད་ཀྱི། དེ་ལྟ་ན་ཡང་གང་དེར་འདོད་ཆགས་ལས་སྤྱོད་པ་རྣམ་པ་དུ་མར་འགྱུར་བ་དེ་ནི་བདེ་བ་ཡིན་ནོ། །བཤད་པར་བྱ་སྟེ། མགོན་མེད་བཀྲེས་པས་ཉེན་རྣམས་ལ། མུ་གེར་བྱ་བ་གང་འབྱུང་བ། །དེ་ནི་བུད་མེད་ཕྲད་པའི་ཚེ། །ཆགས ་ཅན་ཀུན་གྱིས་གཡོ་བ་ཡིན། །ཇི་ལྟར་མུ་གེ་ཆེ་བའི་དུས་ན་བཀྲེས་པ་དང་སྒོམ་པའི་སྡུག་བསྔལ་གྱིས་མངོན་པར་བཅོམ་ཞིང་དབུལ་བ། གཉེན་གྱི་སྐྱེ་བོ་ཡོངས་སུ་ཟད་ཅིང་མགོན་མེད་པ་ལ་ཟས་རྙེད་པར་དཀའ་བ། ནོར་ཅན་དག་ལ་ཆེར་འཕོངས་པའི་ལུས ་ཀྱི་བྱ་བ་དང། དག་ཏུ་སྨྲ་བ་དང། ཕྱུག་པོ་ཤིན་ཏུ་བརྩེ་བ་མེད་པ་དག་གིས་ལན་བརྒྱར་བརྙེས་སུ་ཟིན་ཀྱང་དེ་ལྟར་བརྙས་ཀྱང་འདི་དག་བདག་ཅག་ལ་ཕྱིས་ཅུང་ཟད་སྟེར་བར་འགྱུར་རོ། །སྙམ་དུ་སླར་རེ་བ་རྣམས་ལ་བརྙས་པའི་གནས་དེ་མི་གཏོང་བ་ན ་ཉོན་མོངས་པའི་གཡོ་བ་ཅི་འདྲ་བ་མཐོང་བ་དེ་འདྲ་བའི་གཡོ་བ་ནི་ཆགས་པ་ཅན་བུད་མེད་དང་སྦྱོར་བ་མངོན་པར་འདོད་པ། སྐྱེ་མན་ཆུང་དང་བ་ལྷུང་བྱེད་པ། །དེའི་རྐྱེན་ཅན་མགོར་རྟིང་པས་བརྡེག་པ་དང། མཆིལ་ཐོར་དང། ཐལ་ཆག་བཏབ་པའི་བརྙས་ཆོས ་རྣམ་པ་དུ་མ་སྲོན་ཞིང། ང་རྒྱལ་དང་བྲལ་བ་འདོད་པ་ཉེ་བར་ལོངས་སྤྱོད་པའི་རེ་བས་ལྡོངས་པ་རྣམས་ལ་ཡང་མཐོང་ངོ། །གང་གི་ཕྱིར་འདི་དེ་ལྟ་ཡིན་པ་དེའི་ཕྱིར་བུད་མེད་དང་ཕྲད་ན་ཆགས་པ་ལ་སྤྱོད་པ་གང་དུ་འགྱུར་བ་དེ་ནི་བདེ་བ་ཡིན་ནོ་ཞེས་བྱ་བ་མི ་འཐད་དེ། བཅན་རང་ཆུད་པ་བ་ལང་གི་ལྕི་བའི་ཁུ་བ་དོན་དུ་གཉེར་པ་བཞིན་ནོ། །དཔར་ན་བཙོན་རར་ཆུད་པ་འགའ་ཞིག་ལྕི་བའི་ཆུ་མངོན་པར་འདོད་པ་དེ་བཞིན་དུ། འདོད་ཆགས་ཅན་ཐམས་ཅད་སྟོང་རའི་ཚིག་དག་གིས་བུད་མེད་རྣམས་ལ་འདོད་པའི ་ལོངས་སྤྱོད་དོན་དུ་གཉེར་བར་བྱེད་དོ། །འདིར་བཤད་པ། བུད་མེད་ཕྲད་ཚེ་ཚུལ་གང་དང། །ཆགས་ཅན་རྣམས་ཀྱི་སྤྱོད་དེ་དག་།ཐོས་པར་གྱུར་ནས་ཆགས་བྲལ་རྣམས། །འདི་ན་མཛེམ་པ་བྱེད་པར་འགྱུར། །འདིར་སྨྲས་པ། གང་གི་ཕྱིར་འདི་ན ་བདེ་བ་ལ་ཀུན་ཏུ་ཆགས་པས་བུད་མེད་ག་ལ་འབྱུང་ལ། དེའི་ཆེད་དུ་གཞན་དག་ལ་ཕྲག་དོག་པ་དེའི་ཕྱིར་བུད་མེད་ཀྱི་བདེ་བ་ཡོད་དོ། །བཤད་པར་བྱ་སྟེ། དྲེགས་པ་ཡིས་ནི་ཁ་ཅིག་ལ། །བཤད་ཁང་ལའང་ཆགས་བསྐྱེད་ཅིང། །བུད་མེད་ལ་ལ་ལ་ཆགས་པ། །འགལ ་ཞིག་འགའ་ལ་ཕྲག་དོག་བྱེད། །ཕྱུག་པོ་དབང་འབྱོར་པ་འགའ་ཞིག་དྲེགས་པས་བཤད་ཁང་སྟུག་པའི་སྣོད་ལ་ཡང་ཆགས་པར་འགྱུར་ལ། དེའི་ཆེད་དུ་གཞན་དག་ལ་ཕྲག་ཀྱང་དོག་གོ་གང་གི་ཕྱིར་བུད་མེད་དག་ལ་ཀུན་ཏུ་ཆགས་པར་འགྱུར་བ་ཁོ་ན?་དང། ཕྲག་དོག ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་བཤད་ཁང་ལ་ཡང་ཡིན་པ་དེའི་ཕྱིར་ཡང་བུད་མེད་དག་ལ་འདོད་ཆགས་པའི་ཕྱིར་དང་ཕྲག་དོག་ཡོད་པའི་ཕྱིར་བདེ་བ་ཡོད་དོ་ཞེས་བྱ་བ་དེ་ཡང་མ་ཡིན་ཏེ། སྐམ་པ་རྩེ་མོའི་བྲན་མོ་ལ་ཆུ་གང་གི་ཕྲག་དོག་བཞིན་ནོ། །རྒྱལ་པོ ་སྐམ་པོ་རྩེ་མོ་དབང་ཕྱུག་གི་དྲེགས་པས་དྲེགས་པ་འགའ་ཞིག་ཁྱོད་དང་དེའི་ཁྱད་པར་གང་ཡིན་པར་འགྱུར་ཞེས་ཕྲག་དོག་གི་སེར་སྣས་བྲན་མོ་ལ་བྱུང་བའི་དོན་དུ་ཆུད་ཡང་མ་གནང་ངོ། །དེའི་ཕྱིར་དེ་ལྟར་འདོད་ཆགས་ན་ཡོན་ཏན་དང་ལྡན་པ་དག་ཁོ་ན་ལ་ཡིན་པར ་མ་ཟད་ཀྱི། དྲེགས་པས་ཡོན་ཏན་མེད་པ་རྣམས་ལ་ཡང་འགྱུར། །འདིར་བཤད་པ། གང་གི་ཕྱིར་ན་བུད་མེད་དང། །བཤང་ཁང་མི་གཙང་སྣོད་ཉིད་དེ། །དེ་ཕྱིར་དེ་ཉིད་ཤེས་པ་ཡིས། །དེ་ལ་འཁྲེན་པར་མི་བྱའོ། །འདིར་སྨྲས་པ། རྩོག་པར་རྟོགས་པ་ན་གང ་ལ་བདེ་བ་ཡོད་པ་དེ་དེ་ལ་ཆགས་པར་རིགས་པ་ཉིད་དོ། །བཤད་པར་བྱ་སྨེ། མི་གཙང་བ་ལ་གཏི་མུག་ནི། །འབྱུང་བ་ཁོ་བ་འབྱུང་རིགས་ཀྱི། །རྣམ་པ་ཀུན་ཏུ་འདོད་ཆགས་ནི། །འབྱུང་བར་རིག་པ་མ་ཡིན་ནོ། །འགའ་ཞིག་ལ་མི་གཙང་བ་རྫིས་པས་གཏི་མུག ་དང་ཁྲོ་བ་དག་འབྱུང་བར་རིགས་ཏེ། དེ་མུན་པས་བསྒྲིབས་པས་བལྟ་བ་དང་བྲལ་བའི་ཕྱིར་མ་མཐོང་བ་ལ་གཏི་མུག་འབྱུང་བ་སྲིད་ཅིང། དྲི་ང་བ་ཉིད་ཀྱིས་ན་གནོད་པ་ཉེ་བའི་ཕྱིར་ཁྲོ་བ་འབྱུང་བ་ཡང་སྲིད་ཀྱི། རྗེས་སུ་མི་མཐུན་པའི་ཕྱིར་འདོད་ཆགས་འབྱུང་བ་ནི་མི་རིགས ་བ་དེ་ལྟར་བུད་མེད་ཀྱི་ལུས་མི་གཙང་བ་ལ་ཡང་ཕྱིར་བཅོ་བས་བཀག་བའི་ཕྱིར་གཏི་མུག་དང་དྲི་ང་བ་ཉིད་ཀྱིས་ཁྲོ་བ་ཡང་འབྱུང་བར་རིགས་ཀྱི། འདོད་ཆགས་འབྱུང་བར་ནི་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། མི་གཙང་བའི་རང་བཞིན་བའི་ཕྱིར་རོ། །དེ་ལ་གང་བདེ་བ ་ཡོད་པས་དེ་ལ་ཆགས་པར་རིགས་སོ་ཞེས་འདོད་པ་དེ་མ་ཡིན་ཏེ། མཚན་མོར་མི་གཙང་བ་མནན་པ་བཞིན་ནོ། །འགའ་ཞིག་གིས་མཚན་མོར་རྐད་པ་གཉིས་ཀྱིས་ནི་གཙང་པ་གནས་པར་གྱུར་ལ། དེས་དེ་མཐོང་ནས་དེ་འཁྲུགས་པར་གྱུར་ཅིང། ཕྱིས་ཆགས ་པར་གྱུར་ཏོ། །དེ་ལ་གཞན་གྱིས་ཁྱོད་ཀྱིས་ཅི་ཕྱིར་མི་གཙང་བ་མནན་ཞེས་དྲིས་པ་དང། དེས་མུན་པས་བསྒྲིབས་པའི་ཕྱིར་རོ་ཞེས་སྨྲས་སོ། །དེ་ནས་ཁྱོད་ཅི་སྟེ་འཁྲུགས་།གནས་པ་རྗེས་སུ་མི་མཐུན་པའི་ཕྱིར་རོ། །དེ་ནས་གང་དུ་རྒྱུ་མེད་པ་ཁོ་ཅིའི་ཕྱིར་ཆགས ་པར་གྱུར་ཞེས་བྱ་བ་འདིར་ཅི་ཞིག་སྨྲ་བར་བྱེད། དེ་ལྟར་ན་ལུས་མི་གཙང་བ་ལ་ཁྲོ་བ་དང་གཏི་མུག་གཉིས་འབྱུང་བར་རིགས་ཀྱི་ཌ་འདོད་ཆགས་ནི་རྣམ་དག་པ་ཐམས་ཅད་མ་ཡིན་ནོ། །འདིར་བཤད་པ། དེ་ནི་ལྟ་བར་ཅི་ནས་ཀྱང། །རིགས་མིན་རྣམ་པར་ག་ལ ་ཞིག། དེ་ལ་ཆགས་པར་འགྱུར་ཞེས་པ། །ེ་མ་འཇིག་རྟེན་མུན་ཆེན་ཡིན། འདིར་སྨྲས་པ། ལུས་ནི་མི་གཙང་བ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འཇིག་རྟེན་ནི་སྐྱོན་ཅན་མ་ཡིན་པའི་ཕྱིར་སྨད་པར་བྱ་བ་མ་ཡིན་པ་ཉིད་དོ། །དེ་སྐད་དུ་ཡང། བཞིན་ལས ་བྲམ་ཟེ་རྣམས་གཙང་ཞེས། བུད་མེད་རྣམས་ནི་ཀུན་ལས་གཙང། ཞེས་སྨྲའོ། །མི་རྣམས་མ་རྟེགས་མི་གཙང་བའི། །སྣོད་ནི་སྨད་པར་འབྱུང་འགྱུར་ན། གང་ལས་མི་གཙང་འབྱུང་འགྱུར་བ། །དེ་ནི་སྨད་པར་ཅིས་མི་སེམས། ལུས་མི་གཙང ་བ་ལས་འབྱུང་བས་སུན་བྱུང་བའི་སྣོད་རྣམས་ཀྱང་མཆོག་ཏུ་སྐྱོན་དུ་བརྩི་བར་བྱ་བར་འགྱུར་ན། གང་ལས་པར་མེད་པར་མི་གཙང་བའི་ཕུང་པོ་འཐོན་པ་དེ་གཙང་དོ་སྙམ་དུ་སེམས་རྣལ་དུ་གནས་པ་རྣམས་ཀྱིས་ཇི་ལྟར་རྟོགས། དེའི ་ཕྱིར་བུད་མེད་ཀྱི་ལུས་སྨད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ། །བུད་མེད་ཆོལ་ཟངས་ཐོགས་པ་མཐོང་བ་བཞིན་ནོ། །ཕྱུག་པོ་འགའ་ཞིག་ལ་ཆོལ་ཟངས་འཇིན་པའི་བུད་མེད་མཆོག་ཏུ་མཛེས་པ་ཞིག་ཡོད་ལ། དེ་སྐྱེས་བུ་འདོད་པ་དང་ལྡན་པ་རྣམས ་ཀྱིས་ངོན་དུ་གཉེར་ཞིང་བསྟེན་པར་གྱུར་ཏོ། །དེ་ནས་ནམ་ཞིག་དེ་ཆོལ་ཟངས་ཀྱིས་སྐྱུགས་པ་བླངས་ནས་ཕྱིར་བྱུང་བ་དང། དེ་རྣམས་ཀྱིས་ཀྱང་མཐོང་བར་གྱུར་ལ། དེ་རྣམས་སྐྱོན་དུ་འགྲང་ཞིང་སྣ་བུག་བཀག་ནས་དོང་བར་གྱུར་ཏེ། མི་གཙང་བ་དེ་ནི་ལུས་ལས་བྱུང་བ ་ཁོ་ན་ཡིན་ནོ། །དེ་བཞིན་དུ་བྱིས་པ་རྣམས་རང་གི་ལུས་ལ་གནས་པའི་མི་གཙང་བ་སྐྱོན་དུ་མི་ལྟ་ཞིང། ལུས་ལས་ལྷུང་བ་མི་གཙང་བར་རློམ་མོ། །འདིར་བཤད་པ། ཆགས་རྨོངས་དེའི་རང་བཞིན་ཡིན་བྱིར་དང། །ཚངས་པར་སྤྱོད་པའི ་སྟོབས་ཕྱིར་ཡང། །དེ་སུན་དབྱུང་མིན་ཞེས་བླུན་པོ། །མཁས་པའི་ང་རྒྱལ་ཅན་རྣམས་སྨྲས། །འདིར་སྨྲས་པ། གང་ལས་དེར་སྐྱེས་བུ་གཙང་བ་ཆགས་པར་འགྱུར་བ། བུད་མེད་ཀྱི་ལུས་ལ་གཙང་བ་ཉིད་ཡོད་དོ། །དེའི་ཕྱིར་ཡང་བུད་མེད་འགོད་བར་བྱ ་བ་ཡིན་ནོ། །བཤད་པར་བྱ་སྟེ། དངོས་པོ་གཙང་བ་ཐམས་ཅད་ཀྱི། །ཐ་མ་གང་དུ་དམིགས་འགྱུར་བ། །དེ་ལ་གཙང་བ་ཡོད་དོ་ཞེས། །བློ་ལྡན་མི་ནི་གང་ཞིག་སྨྲ། །མེ་ཏོག་དང་དྲི་དང། གོས་དང་རྒྱན་ལ་སོགས་པ་དངོས་པོ་གཙང་བ་ཐམས་ཅད་ལུས་དང ་ཕྲད་པ་ཉིད་ཀྱིས་མི་གཙང་བ་ཉིད་དུ་འགྱུར་ལ། གང་ལ་རེག་པས་ཨ་ཀ་རུ་དང། གླ་རྩི་དང། གུར་གུམ་དང། ཙན་དན་དང། གོས་ལ་སོགས་པའི་དངོས་པོ་གཙང་རྣམས་ལ་དེ་ལྟར་ཐ་མ་དམིགས་པ་གཙང་བ་ཉིད་ཡོད་དོ་ཞེས་བྱ་བར་མི་འཐད་དོ། །གང་གི ་ཕྱིར་བློ་དང་ལྡན་པ་དག་དེ་ལ་སྨོད་པར་བྱེད་པ་དེའི་ཕྱིར། བུད་མེད་ལུས་དེ་གཙང་བ་ཉིད་ཡོད་དོ་ཞེས་བྱ་བ་ཡིན་ཏེ། དེ་བཞིན་དུ་སྐྱེས་པའི་ལུས་ལ་ཡང་མི་གཙང་བ་ཉིད་མཚུངས་པར་བསམ་པར་བྱའོ། །གངྒཱའི་ཆུ་རྒྱ་མཚོར་འབབ་པ་བཞིན་ནོ། །དཔེར་ན་གངྒའི་ཆུ་མཚོར་ཕྱིན་པ་ནི་རྒྱ ་མཚོའི་ཆུ་བཞིན་ལན་ཚྭ་ཅན་དུ་གྱུར་བ་ལྟར། དེ་བཞིན་དུ་བཟའ་བ་དང་བསྒོ་བ་ལ་སོགས་པ་རྫས་གཙང་བ་ཐམས་ཅད་ཀྱང་ལུས་དང་ཕྲད་པ་ལས་ལུས་ལྟར་མི་གཙང་བར་འགྱུར་རོ། །འདིར་བཤད་པ། པདྨ་ཁ་དོག་བཟང་ཞིང་དྲི་བསུང་ལྡན། །གཙང་བར་གྱུར་ཀྱང་གཞན ་གྱིས་བསྣམས་པ་ཡིས། །སྐྱེ་བོ་ལ་དེ་མི་གཙང་བར་འགྱུར་བ། །དེ་ཡི་ཕྱིར་ན་ལུས་ནི་མི་གཙང་འགྱུར། །འདིར་སྨྲས་པ། འདི་ན་གང་ཞིག་གཙང་བ་ཉིད་དུ་དྲེགས་པར་འགྱུར་རོ། །གལ་ཏེ་ལུས་གཙང་བ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་དྲགས་པར་མི་འགྱུར་བ་ཞིག ་ན?་འགྱུར་བ་ཡང་ཡིན་ཏེ། དེའི་ཕྱིར་ཡང་ལུས་གཙང་བ་ཉིད་ཡོད་དོ། །བཤད་པར་བྱ་སྟེ། གང་ཞིག་བཤང་ཁང་འདུག་ཅིང། །དེ་མེད་པར་ནི་མི་གནས་པ། །མི་གཙང་བ་ཡི་སྲིན་དེ་ལ། །རྨོངས་བས་དྲེགས་པ་སྐྱེ་བར་ཟད། །སྐྱེ་བཞིན་བ་གང ་ཞིག་དང་པོ་མའི་མངལ་དུ་ཕོ་བ་དང་ལོང་ཀ་གཉིས་ཀྱི་བར་འཆག་ཁང་དང་འདྲ་བར་བསྡད་ཅིང། བཤད་བའི་ཉིང་ཁུས་གནས་པར་བྱས་པ་མི་གཙང་བའི་སྲིན་བུ་དང་འདྲ་བ་དེ་ནི་འདིར་གཏི་མུག་ཁོ་ན་ལས་བདག་གཙད་ངོ་སྙམ་དུ་དྲེགས་པར་འགྱུར་བ་འབའ་ ་ཞིག་ཏུ་ཟད་དེ། བྱི་བོ་སྐྱག་འཁྲོན་དུ་བཅུག་པ་བཞིན་ནོ། །ཕྱུག་ཕྲུག་གཞན་གྱི་ཆུང་མ་ལ་འཕྱན་པ་འགའ་ཞིག་གིས་གཞན་གྱི་ཁྱིམ་དུ་ཕྱིན་པ་དང། དེ་བཟུང་ནས་བཤད་པའི་ཁྲོན་པར་བསྐྱུར་རོ། །དེ་དར་བཤད་པ་དེས་སྲོས་བཙས་ཏེ་ནམ་ཞིག་ན ་ཆར་ཆེན་པོ་བབས་པས་བཤད་པའི་ཁྲོན་པའི་ངོས་ཞིག་བར་གྱུར་ཅིང། དེ་ནས་དེ་བྱུང་བར་གྱུར་ལ། གཉེན་གྱི་སྐྱེ་པོས་ཀྱང་ཁྲིད་ནས་ཁྱིམ་དུ་བཅུག་སྟེ། སྨན་པ་མཁས་པ་བཀུག་ནས་ཉི་མ་ཁ་ཅིག་གིས་སྔ་མཁོའི་སྟོབས་དང་ཁ་དོག་གི་ཚོགས ་ལ་བཀོད་དོ། །དེ་དུས་གཞན་ཞིག་ན་ལུས་བཀྲུས་ཤིང་ཉེ་བར་བྱུགས་ཏེ། ལམ་པོ་ཆེའི་དཀྱིལ་དུ་སོན་པ་ལ་མི་དབུལ་པོ་ཞིག་གིས་འདོད་རྒྱལ་དུ་གོས་ཡུགས་ཀྱིས་རེག་པ་དང། དེས་དྲེགས་པས་སྤོས་ཏེ་སྨད་པའི་གནས་སོ། །ཁྱོད་ཀྱིས ་གོས་ཐ་མལ་པ་འདིས་བདག་མི་གཙང་པར་བྱས་སོ་ཞེས་འདི་ལ་སྤྱོས་པར་གྱུར་ཏོ། །དེ་བཞིན་དུ་བྱིས་པའི་སྐྱེ་པོ་མི་གཙང་བས་ལྟོ་བ་བཀང་བ་ཡང་ཟླ་བ་དགུ་འམ་ཟླ་བ་བཅུར་མཱི་མངལ་དུ་མི་གཙང་བས་གནས་པར་བྱས་ནས་མི་གཙང་བའི་སྒོ་ནས་བྱུང་སྟེ་མི ་གཙང་བའི་སྲིན་བུར་གྱུར་ནས་རྨོངས་པས་སླར་ཡང་ལོངས་སྤྱོད་དང་གཙང་སྦྲ་དང། གཟུགས་དང་སྟོབས་ལ་སོགས་པ་རྣམས་ཀྱི་སྒོ་ནས་དྲེགས་པ་བསྐྱེད་དོ། །འདིར་བཤད་པ། སུན་དབྱུང་མིན་ཞེས་སྨྲས་ན་ཡང། །ལུས་འདིར་གཙང་བ་ཡོད་མིན་ཏེ། །དེ་ལྟའི ་ས་བོན་གནས་ཟས་དང། །དྲི་ང་བ་དག་ཟག་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་ལུས་ལ་གཙང་བ་ཉིད་ཡོད་པར་མ་གྱུར་ན་ནི། །མི་གཙང་བ་སྤོང་བར་བྱེད་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མི་གཙང་པ་ཡོངས་སུ་སྤོང་བར་ཡང་བྱེད་དོ། །བཤད་པར་བྱ་སྟེ། ་ཐབས་གང་གིས་ཀྱང་ལུས་ཀྱི་ནི། །ནང་ཕུགས་གཙང་བར་མི་འགྱུར་ན། །ཁྱོད་ནི་ནང་ལ་འབད་བྱེད་པ། །དེ་ལྟར་ཕྱི་རོལ་ལ་མ་ཡིན། །ཆུའི་བསང་གཏོར་དང། ཁྲུས་དང། བྱུག་པ་དང། གསང་སྔགས་ཀྱིས་གསང་བ་ལ་སོགས་པ་རྣམས་དུས་ཤིན་ཏུ་རིང་མོར་བསྟེན་ཀྱང། ་ལུས་ཀྱི་ནང་བཀྲུ་བར་མི་ནུས་སོ། །དེའི་ཕྱིར་ནང་ནས་འཛག་པའི་མི་གཙང་བས་སུན་དབྱུང་བའི་ལུས་ལ་གཙང་བ་ལྟ་ག་ལ་ཡོད། གཞན་ཡང་གནས་གང་དག་གི་ནང་ནས་མི་གཙང་བ་འབྱིན་པར་བྱེད་པ་དེ་དག་ཉིད་ལ་འདི་ཉེ་བར་ལོངས་སྤྱོད་པའི་རེ་བ་འཆའ་སྟེ། དེ་ལ་ནི་ཁྲུས་ལ ་སོགས་པ་རྣམས་ཀྱིས་མེད་དོ། །དེའི་ཕྱིར་དེ་ལྟར་ན་མི་གཙང་བའི་རང་བཞིན་གྱི་ལུས་ལ་གཙང་བ་ཉིད་ག་ལ་ཡོད་དེ། གྲོང་བའི་མཛའ་བཤེས་འཆག་ཁང་གི་བླར་བཀོས་པ་མཐོང་བ་དང། ཅེ་སྦྱང་གི་པ་ལ་ཤའི་མེ་ཏོག་བཞིན་ནོ། །གྲོང་པ་འགའ་ཞིག་གི་མཛའ་ཤེས་ཞིག ་རྒྱལ་པོས་འཆག་ཁང་གི་བླར་བྱས་ལ། མཛའ་བཤེས་དེས་དེ་ནམ་ཞིག་ན་བསྐྱང་ནུལ་དང་བདུག་སྤོས་ལ་སོགས་པ་དག་གིས་འཆག་ཁང་ལ་གཙང་སྦྲ་བྱེད་པ་མཐོང་བས། དེ་ལ་དེས་བརྒད་ནས་འདི་ནམ་གཙང་བར་འགྱུར་ཞེས་སྨྲས་པ། དེ་བཞིན་དུ། མི་མཁས་པ ་རྣམས་བཟའ་བ་དང་བཏུང་བ་དྲི་ཞིམ་པོ་དག་གིས་ཁོང་ནས་ལུས་ལ་གཙང་སྦྲ་བྱེད་པར་འདོད་པ་ཡང་མཁས་པ་རྣམས་ཀྱི་བཞང་གང་དུ་བྱེད་དོ། །ཡང་ཅེས་སྦྱང་གཉིས་ཤིང་པ་ལ་ཤའི་འོག་ན་གནས་པར་གྱུར་པ་དང། དེ་ལ་གཅིག་མེ་ཏོག་ལྷུང་བར་གྱུར་པ་ལ་གནས ་ནས་འདི་དག་ཐམས་ཅད་ཀྱང་གོར་མ་ཆགས་པར་རྣམ་པ་དེ་ལྟ་བུ་ཡིན་ནོ་སྙམ་སྟེ་ཇི་ལྟར་འདོད་པ་བཞིན་དུ་སོན་པར་གྱུར་ཏོ། །གཉིས་པ་ནི་པ་ལ་ཤའི་མེ་ཏོག་ལྷུང་པ་གང་ཡིན་པ་དེ་ནི་ཤ་མ་ཡིན་གྱི། གང་པ་ལ་ཤ་ལ་གནས་པ་དེ་ནི་ཤ་ཡིན་ནོ། །ཞེས་དེ་སྙམ ་དུ་འགྱུར་རོ། །དེ་བཞིན་དུ་མི་མཁས་པ་རྣམས་ཀྱང་གང་ལུས་ལ་འབྱུང་བ་དེ་ནི་མི་གཙང་གི་གནས་པ་དེ་ནི་གཙང་ངོ་སྙམ་དུ་རློམ་མོ། །འདིར་བཤད་པ། གང་ཕྱིར་ལུས་འདི་མངལ་ནས་ནི། །བཟུང་སྟེ་མི་གཙང་རང་བཞིན་ཉིད། །དེ་ཕྱིར་གཙང་བར་བྱ་བར་ནི། །མི ་ནུས་མི་གཙང་ཇི་བཞིན་ནོ། །འདིར་སྨྲས་པ། གང་གི་ཕྱིར་བུད་མེད་ཀྱི་ལུས་གཅི་བ་ཅན་ཡིན་ཡང་དྲང་སྲོང་བུད་མེད་ཀྱི་བདེ་བའི་ལོངས་སྤྱོད་འདོད་པ་དཀའ་ཐུབ་ཆེན་པོ་ཅན་རྣམས་ཀྱིས་ཀྱང་ཡོངས་སུ་མི་སྤོང་སྟེ། དེའི་ཕྱིར་བུད་མེད་དག་སྤར་བར་བྱ་བ་མ ་ཡིན་ནོ། །བཤད་པར་བྱ་སྟེ། གལ་ཏེ་མཛོན་ཅན་བཞིན་དེ་ལྟར། །གཅིན་ཅན་ཀུན་ལ་མཚུངས་མིན་ན། །མཛེན་ཅན་ཇི་བཞིན་གཅིན་ཅན་ཏེ། །དེ་ལྟར་མི་ཀུན་གྱིས་སྤོང་འགྱུར། །གལ་ཏེ་ཆུ་དྲི་ང་བ་འཛག་པ་འདི་ཐུན་མོད་མ་ཡིན་པ་ཉིད་དུ་འགྱུར་ན་ནི། ་ཇི་ལྟར་ཆུ་སེར་ཟགས་པ་མྱགས་པས་ལུས་རྣམ་པར་མྱགས་ཤིང། རྙོགས་ལ་རུལ་པ་ཉིད་ཀྱི་ཕྱིར་ན་མཛེ་ཅན་དག་གཙང་སྦྲ་འདོད་པ་རྣམས་ཀྱིས་སྤོང་བ་དེ་བཞིན་དུ་མི་གཙང་བ་ཟག་པའི་ལུས་ཀྱང་ཡོངས་སུ་སྤོང་བར་འགྱུར་བ་ཞིག་ན། ཐུན་མོང ་ཉིད་ཡིན་ན་ནི་གང་གིས་གང་སྤོང་བར་བྱེད། འདི་ལྟར་སྡུག་བསྔལ་ཐུན་མོང་པ་ནི་དེའི་རྒྱུས་སྨོད་པ་ན་མཛེས་པར་མི་འགྱུར་རོ། །གལ་ཏེ་དེ་ལྟར་གཅིག་ཐུན་མོང་ཉིད་ཡིན་པ་དེ་བཞིན་དུ་མཛེས་ཡང་ཡིན་པར་འགྱུར་ན་ནི་དེའི་ཚེ། ཇི་ལྟར ་གཅིག་ཅན་མི་སྤོད་པ་དེ་བཞིན་དུ་མཛེ་ཅན་ཡང་མི་སྤོང་བར་འགྱུར་བ་ཞིག་ན། ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར། །མཛེ་ཅན་ནི་སྤོང་གི་།གཅིན་ཅན་ནི་མ་ཡིན་ཏེ། ཐུན་མོང་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་གཅིན་ཅན་ཡང་སྐྱོན་མེད་པར་འགྱུར་ན་ནི། ཅིའི་ཕྱིར ་མི་ཐམས་ཅད་དེ་ལ་དེ་ལྟར་མཚུངས་པར་འགྱུར་ཏེ། གང་གི་ཕྱིར་འབྲུ་མར་གྱི་སྣོད་དུ་སྲང་མ་ལྟར་ལ་ལ་དག་དེར་བྱིང་གི། ལ་ལ་དག་ནི་ལྕགས་ཀྱི་ཐུ་ལྡུམ་འབར་བ་ལ་སྦྲང་བུ་དག་བཞིན་དེ་དེའི་སྐྱོན་མཐོང་བའི་ཕྱིར། དེ་ལ་ཡིད་འབྱུང་བར་འགྱུར་ཏེ། དེའི་ཕྱིར ་དེ་ལ་མཐོང་བ་མི་མཐུན་པས་དྲང་སྲོང་རྣམས་ཀྱིས་ཡོངས་སུ་མི་སྤོང་ངོ། །དེའི་ཕྱིར་བུད་མེད་ཀྱི་ལུས་སྤང་པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་དེ་མ་ཡིན་ཏེ། སྨྱོ་རྒྱུའི་ཆུ་ཡོངས་སུ་སྤོང་བ་དང་རྐེ་ལྤ་ཅན་གྱི་ཡུལ་དུ་ཕྱིན་པའི་མི་བཞིན་ནོ། །རྒྱལ་པོ་འགའ་ཞིག ་ལ་བལྟས་མཁན་རྣམས་ཀྱིས་ཆར་འབབ་བར་འགྱུར་ལ། གང་ཞིག་ཆུ་དེས་བྱ་བ་བྱེད་པར་འགྱུར་བ་དེ་ནི་སྨྱོན་པར་འགྲོ་བར་འགྱུར་རོ་ཞེས་ཞུས་པ་དང། དེ་ནས་རྒྱལ་པོ་དེས་རང་གི་དོན་དུ་ཁྲོན་པ་གཡོགས་ལ། ཆར་དེ་ཡང་འབབ་པར་གྱུར་ཏོ། །དེ་ནས ་ཡུལ་མི་དེ་ཆུ་དེས་བྱ་བ་བྱས་ནས་སྨྱོས་པར་གྱུར་ཀྱང་རང་བཞིན་གཅིག་ཉིད་ཀྱི་ཕྱིར་ན་བདག་ཉིད་ཁོ་ན་རྣལ་མར་གནས་ལ། རྒྱལ་པོ་སྨྱོ་བར་སེམས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་དོན་དེ་མཁྱེན་ནས་ང་ལ་སྨྱོན་པའོ་ཞེས་བརྟགས་ཏེ་བཞང་གང་དུ་བྱེད་པའི ་བརླག་པར་བྱེད་པར་གྱུར་དུ་འོང་གིས་སྙམ་དུ་ཆུ་དེ་ཉིད་སྤྱད་པར་གྱུར་ཏོ། །དེ་བཞིན་དུ་གལ་ཏེ་གཅིག་ཁོ་ན་གཅིན་ཅན་ཡིན་ན་ནི་དེ་མཛེ་ཅན་བཞིན་ཡོངས་སུ་སྤང་བར་འགྱུར་བ་ཞིག་ན། གང་གི་ཚེ་ཐམས་ཅད་ཁོ་ན་གཅིན་ཅན་ཡིན་པ་དེའི་ཚེ་དེ་རྣམས ་ལས་ཀུན་ཏུ་གཙང་བར་འདུ་ཤེས་པར་འགྱུར་ལ། ཡང་ཡུལ་ལ་སྐྱེ་བོ་ཐམས་ཅད་རྐེ་སྤམས་བཅགས་ཤིང་མཆོག་ཏུ་གཟུགས་ངན་པར་གྱུར་ལ། དེར་གཞན་མཛེས་པ་ཞིག་སོན་པ་དང། འདི་ནི་མཆོག་ཏུ་གཟུགས་ངན་ཞིང། །ཡན་ལག་མཚང་བ་ཞིག་གོ་ཞེས་དེ ་དག་གིས་དེ་སྤངས་སོ། །འདིར་བཤད་པ། གལ་ཏེ་སྐྱོན་མེད་པ་ཡིན་ན། །འཇིག་རྟེན་ཀུན་ཀྱང་དེར་ཆགས་ན། །གང་ཕྱིར་སྐྱོན་ནི་ཡོད་པའི་ཕྱིར། །དམ་པ་རྣམས་ཀྱིས་དེ་སྤོང་འགྱུར། །འདིར་སྨྲས་པ། གང་ཞིག་ལང་ཚོ་ལ་བབ་པར་གྱུར་ཏེ། །བུད་མེད་ན་ཆུད ་མཆོག་ཆས་ཐམས་ཅད་དང་ལྡན་པ་དགའ་བས་ཉེ་བར་ལོངས་མི་སྤྱོད་བ་དེ་གསོན་པའི་འཇིག་རྟེན་ན་མཆོག་ཏུ་བསླུས་པར་འགྱུར་ཏེ། འདི་ལྟར་དྲི་ཞིམ་པོའི་དད་ཀྱིས་བསྒོས་པ་དེའི་མི་གཙང་པ་དེ་སེལ་བར་འགྱུར་ཏེ། དེའི་ཕྱིར་གཙང་བ་བརྟེན་པ་རྣམས ་ལ་ཉེས་པ་མེད་དོ། །བཤད་པར་བྱ་སྟེ། ཡན་ལག་ཉམས་པ་འགའ་ཞིག་ནི། །སྣ་ཡི་ཚབ་མས་དགའ་འགྱུར་ལྟར། །མི་གཙང་ཕྱིར་འཕྱོ་མེ་ཏོག་ལས། །སོགས་ལ་འདོད་ཆགས་དེ་བཞིན་འདོད། །ཇི་ལྟར་སྣ་སྡུམ་འགའ་ཞིག་བཅོས་པའི་སྣ་སེལ་བ་ན་བདག ་ཉིད་ཡན་ལག་ཚང་བར་རློམ་ཞིང་མགུ་བར་ཡང་འགྱུར་ཏེ། དེ་ནི་བྱིས་པའི་རང་བཞིན་ཅན་ཉིད་ཀྱིས་ན་ལུས་ཀྱི་སྣ་བརྙན་གང་གིས་ངོ་ཚ་བར་བྱ་དགོས་པ་དེ་ཉིད་ཀྱིས་དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བྱིས་པའི་སྐྱེ་བོ་འདོད་པ་དག་ལ་རང་བཞིན་གྱིས་བརྐམ ་བའི་རང་བཞིན་ཅན་ཡང་རྨོངས་པས་ལུས་ཀྱི་རང་བཞིན་མ་མཐོང་བ་ན་མི་གཙང་བའི་ཕྱིར་འཕྱོ་བ་མེ་ཏོག་དྲི་ཞིམ་པོ་དང། དྲི་དང་བརྒྱན་ལ་སོགས་བདག་ལ་ཀུན་ཏུ་འདོད་ཆགས་པར་འགྱུར་ཞིང། ཕྱིར་བཟློག་པ་དེས་བདག་དང་གཞན་གཙང་བར་སེམས་སོ། །མེ ་ཏོག་ལ་སོགས་པ་དག་སྲེལ་ཡང་སྒོག་པ་ལ་བྱ་བ་ལྟར་འདི་ལ་དྲི་ཕུལ་དུ་བྱུང་བ་གཏིང་ཚུགས་སུ་བསྒོ་བར་ནི་མི་ནུས་ཏེ། བྱི་ལའི་སྣ་མར་གྱིས་བྱུགས་པས་རོ་མྱངས་པ་དང། གསེར་སྣ་མཐོང་བས་དགའ་བ་བཞིན་ནོ། །ཇི་ལྟར་བྱི་ལ་སྣ་མར་གྱིས་བསྐུས ་ནས་ཁ་ཟས་སྐྱ་བོའི་ཆང་བུ་བྱིན་པས་དེ་དེ་སྣུམ་དང་ལྡན་པར་སེམས་པ་དང། ཡང་ཇི་ལྟར་སྣ་དང་བྲལ་བ་ཞིག་གསེར་གྱིས་སྣ་བརྙན་བྱས་ནས་དེ་མཐོང་སྟེ་དགའ་བ་སྐྱེད་པར་བྱེད་པ་དེ་བཞིན་དུ། བྱིས་པ་རྣམས་གྱང་མེ་ཏོག་དང་དྲི་ལ་སོཊ ་པ་དག་གིས་བཅོ་བ་བྱས་ནས་འདོད་ཆགས་སྐྱེད་པར་བྱེད་དོ། །འདིར་བཤད་པ། རྨ་དང་འདྲ་བའི་ལུས་པོ་ཡི། །རྨ་སྐུད་གྱུར་པ་དྲི་དང་ནི། །མེ་ཏོག་ཕྲེང་དང་གོས་སོགས་ལ། །རྨོངས་པས་སྐྱེ་བ་ཀུན་ཏུ་ཆགས། །འདིར་སྨྲས་པ། འདོད་ཆགས་ཀྱི་རྒྱུ་མེ་ཏོག་དང་དྲི ་དང་སོགས་པ་དག་ཡོད་དེ། །གལ་ཏེ་ཡོད་པར་མ་གྱུར་ན་ནི་དེ་དགིས་སྐྱེ་བོ་འདོད་པ་དག་ལ་ཆགས་པར་མི་འགྱུར་རོ། །བཤད་པར་བྱ་སྟེ། གང་དུ་འདོད་ཆགས་བྲལ་སྐྱེ་བ། །དེ་གཙང་ཞེས་བྱར་མི་རིགས་ལ། །ངེས་པར་འདོད་ཆགས་རྒྱུར་གྱུར་པའི། །དངོས ་དེའང་གང་ནའང་ཡོད་མ་ཡིན། །དངོས་པོ་རང་བཞིན་གྱིས་གཙང་བ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མེད་དོ། །དེ་ལ་རེ་ཞིག་མཐོང་པ་མ་ཉམས་པ་རྣམས་ནི་མི་གཙང་བ་ཟག་པས་མི་སྡུག་པར་མཐོང་བའི་ལུས་ལ་ལྟ་བ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། ། ་དེའི་ཕྱིར་དེ་ལ་འདོད་ཆགས་དང་བྲལ་བའི་རྒྱུ་ཡིན་པའི་ཕྱིར་ན་བཤད་པའི་ཚོགས་ལྟར་ལུས་གཙང་བ་ཉིད་དུ་མི་མཐད་དོ། །མེ་ཏོག་དང་དྲི་ལ་སོགས་པ་དག་ཀྱང་ངེས་པར་འདོད་ཆགས་ཀྱི་རྒྱུ་ཉིད་དུ་མི་འཐད་དེ། དེ་ལ་ཡང་འདོད་ཆགས་དང་བྲལ་བ་སྲིད་པཱི ་ཕྱིར་རོ། །འདི་ལྟར་འདོད་པ་ལ་འདོད་ཆགས་བྲལ་བ་ཐོབ་པ་རྣམས་དེ་དག་ལ་ཡང་འདོད་ཆགས་དང་བྲལ་བར་འགྱུར་རོ། །གཞན་ཡང་གང་ཞིག་ངེས་པར་འདོད་ཆགས་ཀྱི་རྒྱུར་འགྱུར་བ། གཙང་བ་ཞེས་བྱ་བ་ཅུང་ཟད་ཅིག་རང་བཞིན་གྱིས་ཡོད་པ ་ནི་མ་ཡིན་ཏེ། འདི་ལྟར་མེ་ཏོག་དང་དྲི་ལ་སོགས་པ་གཙང་བ་ཉིད་བསྙད་པར་ཡོངས་སུ་སྤྱད་པ་རྣམས་ལ་ཡང་གཞན་དུ་འགྱུར་བ་ལས་རྗེས་སུ་མི་མཐུན་པ་ཉིད་འབྱུང་ངོ། །གལ་ཏེ་དེ་རྣམས་རང་བཞིན་གྱིས་གཙང་བ་ཉིད་དུ་འགྱུར་ན་ནི་དེའི་ཚེ་རྣམ ་པ་གཞན་དུ་འགྱུར་བར་མི་འགྱུར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་ལ་རང་བཞིན་གྱིས་གཙང་པ་ཉིད་མེད་དོ། །གལ་ཏེ་མེ་ཏོག་དང་དྲི་ལ་སོགས་པའི་དངོས་པོ་རྣམས་ངེས་པར་འདོད་ཆགས་ཀྱི་རྒྱུར་འགྱུར་ན་ནི། ཐམས་ཅད་ཀྱང་ཐམས ་ཅད་ཀྱི་ཚེ་དེ་ལ་འདོད་ཆགས་བསྐྱེད་པར་འགྱུར་པ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་མེ་ཏོག་ལ་སོགས་པ་རྣམས་འདོད་ཆགས་ཀྱི་རྒྱུར་མི་རུང་སྟེ། གཅིག་གིས་འདོད་པ་དང་མི་འདོད་པ་དང་བར་མར་མཐོང་བ་བཞིན་ནོ། །ཚོང་པ་འགའ་ཞིག་བུ་མོ་སྐྱེས ་པའི་ཚེ་འགྲོན་ལ་སོན་ལ། དེ་ཡང་དུས་གཞན་ཞིག་ན་འོངས་པར་གྱུར་ཅིང་དེའི་བུ་མོ་དེ་ཡང་ལང་ཚོ་ལ་བབ་པ་ན་གྲོང་ཁྱེར་དེའི་ཕྱི་རོལ་དུ་སྐྱེད་མོས་ཚལ་དུ་བུ་མོ་རྣམས་དང་ལྷན་ཅིག་བརྩེ་བར་གྱུར་ཏོ། །དེ་མཐོང་ནས་དེ་ལ་འདོད་ཆགས་དྲག་པོ་སྐྱེས་ལ། གང་གི་ཚོ ་གཞན་ལས་འདི་ནི་ཁྱོད་ཀྱི་བུ་མོའི་ཞེས་ཐོས་པ་དེའི་ཚེ་འདོད་ཆགས་དང་བྲལ་བ་དེ་བཞིན་དུ། གང་ངེས་པར་འདོད་ཆགས་ཀྱི་རྒྱུར་འགྱུར་བའི་དངོས་པོ་ནི་འགའ་ཡང་མེད་ལ། གང་དུ་འདོད་ཆགས་དང་བྲལ་བ་སྐྱེ་བ་དེ་ནི་མི་གཙད་བའོ་ཞེས་བྱ་བར་ཁོང་དུ ་ཆུད་པར་བྱའོ། །འདིར་བཤད་པ། གང་ཕྱིར་དེ་ཉིད་ལ་ཆགས་ཤིང། །དེ་ཉིད་ལ་ནི་ཆགས་བྲལ་པ། །དེ་ཡི་ཕྱིར་ན་འདོད་ཆགས་རྒྱུ། །ངེས་པར་གྲུབ་པ་ཡོད་མ་ཡིན། །དེའི་ཕྱིར་དེ་ལྟར་ན་ལུས་མི་གཙང་བ་ཡིན་ལ། ཇི་ལྟར་སྡུག་བསྔལ་ཕ་དང་མི་རྟག་པ་ཡིན་པ་དེ་ནི ་གོང་དུ་བཤད་ཟིན་ཞིང་བདག་མེད་པ་ཉིད་ནི་སྟོན་པར་འགྱུར་ཏེ། འདི་དག་ནི་ཕྱིན་ཅི་མ་ལོག་པ་བཞི་ཡིན་ནོ། །འདི་བསམས་པར་བྱ་སྟེ། ཕྱིན་ཅི་མ་ལོག་པ་བཞི་པོ་འདི་དག་དངོས་པོ་གཅིག་ལ་སྲིང་དམ། འོན་ཏེ་མ་ཡིན། བཤད་པར་བྱ་སྟེ། མདོར་ན་མི་རྟག་མི་རྟག་མི་གཙང ་དང། །སྡུག་བསྔལ་པ་དང་བདག་མེད་ཅེས། །བྱ་བ་བཞི་པོ་ཐམས་ཅད་ནི། །གཅིག་ཉིད་ལ་ནི་སྲིད་པར་འགྱུར། །གང་དུ་འདུས་བྱས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་མི་རྟག་སྟེ། སྐད་ཅིག་མ་ཉིད་ཀྱི་ཕྱིར་རོ། །གང་མི་རྟག་པ་དེ་ནི་མི་གཙང་བ་སྟེ་སྐྱོ་བ་བསྐྱེད་པ་ཉིད་ཀྱི ་ཕྱིར་རོ། །གང་མི་གཙང་བ་དེ་ནི་སྡུག་བསྔལ་ཏེ་གནོད་པ་བྱེད་པའི་ཕྱིར་རོ། །གང་སྡུག་བསྔལ་པ་དེ་ཡང་བདག་མེད་པ་སྟེ། རང་དབང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་མདོར་བསྡུ་ན་དངོས་པོ་གཅིག་ཁོ་ན་ལ་ཕྱིན་ཅི་མ་ལོག་པ་བཞི་ཆར་ཡང ་སྲིད་པར་འགྱུར་རོ། །འདི་དག་ནི་ཡོད་དུ་ཟིན་ཀྱང་བྱིས་པ་ཕྱིན་ཅི་ལོག་པར་གྱུར་པ་རྣམས་ཀྱིས་ཡོངས་སུ་མི་གཅོད་ལ། དངོས་པོ་རྣམས་ལ་དེ་དག་ལས་བཟློག་པ་ཉིད་དུ་ཡོངས་སུ་རྟོག་གོ་།དེའི་ཕྱིར་ཤེས་རབ་ཅན་གྱིས་དངོས་པོ་རྣམས་ལ་མི་རྟག་པ་ཉིད་ལ་སོགས་པ་ཇི་ལྟར ་གནས་པ་བཞིན་རྟོགས་པར་བྱས་ནས། རང་བཞིན་མེད་པ་རྟོགས་པ་ལ་སེམས་ཡང་དག་པར་སྤྲོ་བར་འོས་ཏེ། ཤ་ཟ་མོའི་རང་བཞིན་མཐོང་བས་འཇིགས་པ་བཞིན་ནོ། །སྐྱེས་བུ་འགའ་ཞིང་ཤ་ཟ་མོ་ཞིག་ཆུང་མའི་གཟུགས་ཀྱི་རྣམ་པར་གནས་ལ། ད་ལ་ཆུང་མ ་ལྟར་ཉེ་བར་སྤྱོད་དོ། །གང་གི་ཚེ་ན་དེས་དེའི་རང་བཞིན་སྡུག་བསྔལ་བསྐྱེད་པ་དང། མི་སྡུག་པ་ཉིད་དང། བསྒོ་བ་བཞིན་མི་བྱེད་པ་ཉིད་དང། གཏན་དུ་མ་ཡིན་པ་ཉིད་དུ་མཐོང་བ་དེའི་ཚེ་ན་འདི་ནི་བདག་གི་ཆུང་མ་མ་ཡིན་གྱི། འདི་ནི་ཤ་ཟ་མོའོ་སྙམ་དུ་འཇིགས་པར ་འགྱུར་ཞིང། དེའི་ཚེ་འདོད་ཆགས་དང་བྲལ་བར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཅན་རྣམས་འདུས་བྱས་ཀྱི་རང་བཞིན་མཐོང་བ་ཉིད་ཀྱི་ཕྱིར་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདིར་འདུས་བྱས་གང་དེ་རྟག་མིན་ལ། །མི་རྟག་གང་དེ་གཙང་མིན་ཞིང། །མི་གཙང་གང ་དེ་སྡུག་བསྔལ་ཏེ། སྡུག་བསྔལ་གང་དེ་བདག་མེད་དོ། །ཞེས་བཤད་དོ། །གང་ཕྱིར་ཕྱིན་ཅི་ལོག་བཞི་ཡང། །འདུས་བྱས་གཅིག་ལའང་སྲིད་འགྱུར་བ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །དངོས་པོ་མེད་པ་པར་འགྱུར་རོ། །ཞེས་བྱ་བའོ། །སློབ་དཔོན་འཕགས་པ་ལྷའི ་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་མི་གཙང་བ་བསམ་པ་ཞེས་བྱ་བ་གཙང་བར་ཕྱིན་ཅི་ལོག་པ་སྤང་པའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་གསུམ་པའི་འབྲལ་པའོ།། །།འདིར་སྨྲས་པ། ཕྱིན་ཅི་ལོག ་གསུམ་གྱི་སྤོང་བའི་ཐབས་བཤད་ཟིན་གྱིས། ད་ནི་བཞི་པ་སྤོང་པའི་ཐབས་བརྗོད་པར་བྱའོ། །བཤད་པར་བྱ་སྟེ། བདག་གམ་བདག་གི་སྙམ་དྲེགས་པ། །སྲིད་པར་དམ་པ་སུ་ལ་འགྱུར། །གང་ཕྱིར་ལུས་ཅན་ཐམས་ཅད་ལ། །ཡུལ་རྣམས་ཐམས་ཅད་མཚུངས་ཕྱིར ་རོ། །དར་འཛིན་པ་དང་ཡའི་འཛིན་པ་དག་ནི་རྒྱལ་པོ་ལ་བཀླགས་ཏེ། གནས་པས་དེ་གཉིས་བཀག་བའི་སྒོ་ནས་ཕལ་ཆེར་རྒྱལ་པོ་ཁོ་ན་ལ་རྗེས་སུ་སྟོན་ཏོ། །དེ་ལ་བདག་ཏུ་འཛིན་པ་ནི་ང་ནི་མངའ་བདག་གོ་ཞེས་བདག་ཉིད་ལ་བསྟོད་པའི་ཁྱད་པར་ཡོངས་སུ་རྟོག ་པ་ལས་སྐྱེ་ལ། བདག་གི་འཛིན་པ་ནི་ཡུལ་འདི་དག་ནི་བདག་གིའོ་ཞེས་བདག་གིར་བྱས་པའི་དོན་དབང་དུ་གྱུར་པ་ཉིད་དུ་བརྟགས་པ་ལས་སྐྱེའོ། །དྲེགས་པ་ནི་དྲེགས་ཆོས་ཉིད་དེ་རྒྱགས་པ་ཞེས་བྱ་བའི་དོན་ཏོ། །སྲིད་པ་ནི་ལས་དང་ཉོན་མོངས་པ་ལ་རག ་ལས་བ། སྐྱེ་བ་དང་འཆི་བ་བརྒྱུད་པས་འགྲོ་བ་ལྔར་ཡོངས་སུ་འཕྱིན་པའི་འཁོར་བ་སྟེ། དེ་ན་གནས་པའི་མཁས་པ་སུལ་ངར་འཛིན་པ་དང་ང་ཡིར་འཛིན་པ་དག་གིས་དྲེགས་པ་འབྱུང་བར་འགྱུར། གལ་ཏེ་འགའ་ཞིག། ལ་འགའ་ཞིག་ཏུ་ཐུན་མོང་མ་ཡིན་པའི ་དབང་པོ་ཉིད་ཡོད་ན་ནི། དེའི་ཚེ་བདག་ནི་ཡུལ་ཐམས་ཅད་ཀྱི་བདག་པོ་ཡིན་ལ་ཡུལ་དེ་དག་ཐམས་ཅད་ཀྱང་བདག་གིའོ་སྙམ་དུ་མཐོང་བའི་ཕྱིར། འདིའི་དེ་ལ་དམིགས་པའི་དྲེགས་པ་རིགས་པར་འགྱུར་པ་ཞིག་ན། འདི་ནི་བྱིས་པ་འཁོར་བར་ཡོངས་སུ་གཏོགས ་ལ་སྲིད་པ་ཡང་མ་ཡིན་ནོ། །འདི་ལྟར་གཟུགས་ལ་སོགས་པ་ཡུལ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པ་ཞིག་གོ་།དེའི་ཕྱིར་ནགས་ཚལ་དང་ཁང་ཁྱིམ་ལ་སོགས་པ་ཐུན་མོང་པ་རྣམས་ལྟར་སེམས་ཅན་ཐམས་ཅད་ཀྱི་སྦྱི ་ཐུན་གྱི་ལོངས་སྤྱོད་དག་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཡོངས་སུ་བཟུང་ནས་དྲེགས་པར་མི་རིགས་ཏེ། རྒྱལ་པོའི་ཟློས་གར་མཁན་བཞིན་ནོ། །ཇི་ལྟར་རྒྱལ་པོའི་ཟློས་གར་མཁན་ཡུད་ཙམ་གྱིས་རྒྱལ་པོར་འགྱུར་ཞིང། ཡུད་ཙམ་གྱིས་བློན་པོ་དང ་བྲམ་ཟེ་དང། །ཁྱིམ་བདག་དང་དྲེན་དུ་འགྱུར་བ་དེ་བཞིན་དུ་རྒྱལ་པོ་ཡང་མི་བརྟན་པ་ཡིན་ཏེ། འགྲོ་བ་ལྔའི་ལྟད་སར་ཟློས་གར་བྱེད་པའི་ཕྱིར་རོ། །འདིར་འགྱུར་ཏེ། དབང་ངམ་ལོངས་སྤྱོད་ཕུན་ཚོགས་པ། གང་ཕྱིར་བསོད་ནམས་ཀྱིས་ཐོབ ་པ། །དེ་ཕྱིར་འཇིག་རྟེན་ལས་བདག་པས། །དམ་པས་དྲེགས་པར་མི་རིགས་སོ། །འདིར་སྨྲས་པ། གང་གི་ཕྱིར་རྩོམ་པ་ཐམས་ཅད་ནི་རྒྱལ་པོ་ལ་དབང་དུ་བྱས་པ་ཡིན་ཏེ། དེའི་ཕྱིར་དེ་ལ་དབང་དུ་བྱས་པའི་རྒྱུ་ཅན་གྱི་དྲེགས་པ་རིགས་སོ། །བཤད་པར ་བྱ་སྟེ། ཚོགས་བྲན་དྲུག་ཆས་བསྟབས་གྱུར་བ། །ཁྱོད་ཀྱི་དྲེགས་པ་ཅི་ཞིག་ཡིན། །གང་ངམ་དེ་རུ་བྱ་བ་ནི། །དབང་དུ་བྱས་ལ་རག་ལས་འགྱུར། །བསྐལ་པ་དང་པོ་འཇིག་རྟེན་མ་བྱིན་པར་ལེན་པར་གྱུར་པ་ན། འདི་བདག་ཅག་བསྲུང་བའི་ཕྱིར་ཡོངས ་སུ་སྤྱོད་ན་ཅི་མ་རུང་སྙམ་སྟེ། ཞིང་བསྲུང་བའི་དོན་དུ་སྐྱེ་བོ་མང་པོས་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་འབྲུའི་དྲུག་ཆའི་གླས་གླས་པར་གྱུར་ཏེ། ད་ལྟ་དེ་ལ་ཡང་དག་པར་བསྲུང་བའི་ལས་ཀྱིས་སྐྱེ་དགུ་དགའ་བར་བྱེད་པའི་ཕྱིར་རྒྱལ་པོ་ཞེས་བསྙད་དོ། ། ་དེ་ནས་བཟུང་ནས་རྒྱལ་པོ་ཐམས་ཅད་དྲུག་ཆའི་གླས་སྐྱེ་དགུ་སྐྱོང་བར་བྱེད་དེ། དེའི་ཕྱིར་ཡང་དྲུག་ཆས་བསྟབས་པའི་རྒྱལ་པོས་འཇིག་རྟེན་གྱི་བྱ་བ་ནི་ང་ལ་རག་ལས་སོ་ཞེས་བྱས་ཏེ་དྲེགས་པར་བྱ་བར་མི་རིགས་སོ། །རྗེ་དཔོན་གྱིས་བྲན་ལས་འགའ་ཞིག ་ལ་དབང་དུ་བྱས་ནས་ཡང་རྗེ་དཔོན་གྱི་ལས་ཅུང་ཟད་ཅིག་དེ་ལ་རག་ལས་པར་འགྱུར་མོད་ཀྱི། འབངས་དེས་བདག་ལ་རག་ལས་སོ་ཞེས་རྗེ་དཔོན་ལ་དྲེགས་པར་བྱ་བར་ནི་མི་རིགས་སོ། །དེའི་ཕྱིར་གལ་ཏེ་གཅིག་ལ་རག་ལས་སུ་ཟིན་ཀྱང་འདིས་རང་དབང ་སྒྲུབ་པར་མི་འོས་ན། ཀྱེ་ས་བདག་སྐྱེ་བོ་ཕལ་པོ་ཆེ་ལ་རག་ལས་པ་ཅི་སྨོས། །དེའི་ཕྱིར་འདིའི་དྲེགས་པ་རྣམ་པ་ཐམས་ཅད་མི་རིགས་ཏེ། དགོན་པའི་ས་མཁན་བཞིན་ནོ། །དཔེར་ན་རྒྱལ་པོ་འགའ་ཞིག་ཕྱོགས་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་ཆས་པ ་དང། རང་གིས་བསྐོས་པའི་ས་མཁན་གདོལ་བ་ཞིག་གིས་འབྲོག་དགོན་པ་ཆེན་པོ་ཞིག་འདས་པར་བྱས་པར་གྱུར་ལ། རྒྱལ་པོ་དེ་ཡང་དབུང་གི་ཚོགས་དང་བཅས་པར་དེ་ལ་རག་ལས་པར་གྱུར་མོད་ཀྱི། །དེས་དེའི་རྒྱུས་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་བདག་ལ ་རག་ལས་སོ། །ཞེས་རྒྱགས་པར་བྱ་བར་མི་བཟོད་པ་དེ་བཞིན་ནོ། །རྒྱལ་པོས་ཀྱང་སྐྱེ་དགུ་ང་ལ་རག་ལས་སོ་ཞེས་རྒྱགས་པར་མི་བྱའོ། །འདིར་བཤད་པ། བྱ་བ་ཀུན་ལ་དབང་བ་ཡིས། །གལ་ཏེ་མི་བདག་དྲེགས་འོས་ན། །དྲུག་ཆས་གླས་པ་ཉིད་ཀྱི་ཕྱིར། ། ་དྲེགས་པ་མི་རིགས་མ་ཡིན་ནམ། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་རྗེ་བོ་གཏོང་བ་པོ་ཡིན་པ་དེའི་ཕྱིར་ཡང་རྒྱལ་པོ་ལ་དྲེག་པ་ཉིད་དེ། ནོར་དང་ཆ་རྐྱེན་རྣམས་གཏོང་བ་དང་སྡུད་པ་དག་ལ་དབང་འབྱོར་པའི་ཕྱིར་རོ། །བཤད་པར་བྱ་སྟེ། ཇི་ལྟར ་གསོ་བྱ་འཐོབ་ཐོབ་ནས། །རྗེའོ་གཏོང་པོར་སེམས་དེ་བཞིན། །རྗེའོ་སྤྱིན་བྱ་བྱིན་བྱས་ནས། །བདག་ནི་གཏོང་བ་པོ་སྙམ་རློམ། །ཇི་ལྟར་རྒྱལ་པོ་གསོ་བྱའི་ཚོགས་རང་གི་ཞ་འབྲིང་ལས་འབྱུང་བ་གདོན་མི་ཟ་བར་འཐོབ་པར་བྱ་བ་སྦྱིན་བྱ་ལོ་ཕོཊ་སཾ་ཟླ་ཕོཊ་ཐོབ ་ནས། བདག་ཉིད་ལ་དམའ་པའི་སེམས་དང། རྒྱལ་པོ་ལ་མཐོ་བའི་སེམས་བསྐྱེད་དེ་རྗེའོ་ནི་གཏོང་བ་པོ་ཞིག་གོ་སྙམ་དུ་སེམས་པ་དེ་བཞིན་དུ། རྒྱལ་པོ་ཡང་གསོ་བྱའི་ཚོགས་ལ་གདོན་མི་ཟ་པར་སྦྱིན་པར་བྱ་བའི་གླ་རྔན་བྱིན་ནས་བདག་ནི་གཏོང་པ་པོ་སྙམ་དུ ་རློམ་མོ། །དེ་ལ་ཇི་ལྟར་གསོ་བྱའི་ཚོགས་རྒྱལ་པོ་ལ་བརྟེན་པའི་སྐྱེས་བུའི་བྱེད་པ་ལས་སྐྱེས་པའི་ནོར་འཐོབ་བྱ་ཐོབ་ནས་ཀྱང་སེམས་འཕངས་དམའ་བ་ཉིད་དུ་འགྱུར་གྱི། རྒྱལ་པོ་ལ་དྲེགས་པ་མི་བྱེད་པ་དེ་བཞིན་དུ་རྒྱལ་པོས་ཀྱང་གདོན་མི་ཟ་བར་སྦྱིན་པར་བྱ་བའི ་དོན་བྱིན་ཏེ་དྲེགས་པ་བྱ་བར་མི་འོས་ཏེ། ཁོལ་པོ་གླ་འཐོབ་པར་བྱ་བ་བཞིན་ནོ། །ཇི་ལྟར་ཁོལ་པོ་གླ་གདོན་མི་ཟ་བར་སྦྱིན་པར་བྱ་དགོས་ལ་འདིར་གཏོང་བ་པོ་དྲེགས་པར་བྱ་བར་མི་འོས་ཤིང། ཁོལ་པོས་ཀྱང་མ་ཡིན་པ་དེ་བཞིན་དུ། རྒྱལ་པོས་ནོར་སྡུད་པ ་འམ་གཏོང་ན་དྲེགས་པ་བྱ་བར་མི་འོས་སོ། །འདིར་འགྱུར་ཏེ། གལ་ཏེ་གཡོག་ལ་གླ་བྱིན་ཏེ། རྒྱལ་པོས་དྲེགས་པ་རིགས་ན་ནི། །ནོར་འདོད་ཚོང་པ་རྣམས་ལ་ཡང། །དེ་ལྟར་རིགས་པ་མ་ཡིན་ནམ། །དེར་སྨྲས་པ། འདོད་དགུར་ཡུལ ་གྱི་བདེ་བ་ཉེ་བར་ལོངས་སྤྱོད་པ་རྟག་ཏུ་ཉེ་བའི་ཕྱིར་རྒྱལ་པོ་ངར་འཛིན་པར་འགྱུར་ལ། དེའི་རྒྱུ་ཅན་གྱི་དྲེགས་པར་ཡང་གདོན་མི་ཟ་བར་འགྱུར་རོ། །བཤད་པར་བྱ་སྟེ། གཞན་རྣམས་ཀྱི་ནི་སྡུག་བསྔལ་གནས། ཁྱོད་ལ་ཕྱིན་ཅི་ལོག་ཏུ་དྲན། །གཞན ་གྱི་ལས་ཀྱིས་འཚོ་ཁྱོད་ཀྱི། །དགའ་བ་གང་གིས་བསྐྱེད་པར་འགྱུར། །བུད་མེད་ཆང་དང་རྒྱན་པོ་ལ་སོགས་པ་ལ་བྱ་བ་ལྟར་ཡུལ་དག་ལ་ཤིན་ཏུ་ཆགས་པ་ནི་དབང་པོ་ཐུལ་བ་རྣམས་ཀྱིས་སྡུག་བསྔལ་གྱི་གནས་སུ་བཤད་དེ། དབང་པོ་ཐུལ་བའི ་ཕྱིར་རོ། །དེའི་ཕྱིར་དབང་ཕྱུག་འདི་རྒུད་པ་དུ་མའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་གྱི་གནས་ཡིན་བཞིན་དུ། གལ་ཏེ་ཁྱོད་ལ་མངོན་པར་མཐོ་བའི་གནས་སུ་འགྱུར་ན་ནི་མ་རིག་པས་འབྲས་བུ་སྒྲུབ་པར་གྱུར་ཏོ། །གཞན་ཡང་ཡུལ་ལ་ཆཊ ་པ་རྣམས་དགའ་བར་བྱ་བའི་ཕྱིར་ཡུལ་ཉེ་བར་བསྟེན་པར་སྨྲ་ན། སྐྱེ་བོ་ཕལ་པོ་ཆེ་བསྲུང་བའི་དབང་དུ་བྱས་པའི་སྡུག་བསྔལ་བར་མཚམས་མེད་པར་གཞན་གྱི་ལས་བྱེད་ཅིང། དེའི་འབྲས་བུ་ཉེ་བར་འཚོ་བ་ཉིད་ཀྱིས་ཉོན་མོངས་པའི ་དགའ་བ་གོ་གང་ཞིག་ཡིན་ཏེ། རྐུན་པོ་ཆད་པས་གཅོད་པར་བྱེད་པ་བཞིན་ནོ། །དཔེར་ན་རྐུན་བོ་ལ་ཆད་པ་གཅོད་པར་བྱེད་པ་ལས་དམན་པ་དེས་དགའ་བར་མི་འོས་པ་དེ་བཞིན་དུ་དེ་རྒྱལ་པོ་ཡིན་ནོ། །བཤད་པར་བྱ་སྟེ། ཞེན་པས་གང་གིས ་འཇིག་རྟེན་མ་རིགས་དང་ལྡན་ལ་འཛམ་འབྱུང་པ། དེ་ཡིས་གང་ལ་དྲེགས་ཡིན་ན། །དེ་འཛེམ་གཞན་ལས་འགྱུར་བ་མིན། །འདིར་སྨྲས་པ། རྒྱལ་པོ་ནི་འཇིག་རྟེན་གྱི་བསྲུང་བ་པོ་ཡིན་ཏེ། དེས་ན་བསྲུང་བ་པོ་ཉིད་ཀྱིས་འདི་གདོན་མི་ཟ་བར་རྒྱཊ ་པར་འགྱུར་རོ། །དེ་མེད་ན་ནི་ཚུལ་ལུགས་ཀྱིས་རྗེས་སུ་མི་འཇུག་པ་ན་སྐྱེ་དགུ་རྣམས་བརླག་པར་འགྱུར་རོ། །བརྗོད་པར་བྱ་སྟེ། འཇིག་རྟེན་གྱི་ནི་སྲུང་བ་དང། །བསྲུང་བྱར་ས་བདག་སྣང་འགྱུར་ན། །ཅི་སྟེ་གཅིག་གིས་དྲེགས་ཡོད་ཅིང། །ཅི་སྟེ་གཞན་གྱིས་དྲེགས་བྲལ་མི། ་གལ་ཏེ་འཇིག་རྟེན་གྱི་བསྲུང་བ་བདག་ལ་རག་ལས་སོ་སྙམ་དུ་སེམས་ཏེ་རྒྱལ་པོ་རྒྱགས་པར་འགྱུར་ན། བདག་བསྲུང་བ་འཇིག་རྟེན་ལ་རག་ལས་པ་ཉིད་ཀྱི་ཕྱིར་བདག་ཉིད་བསྲུང་བྱར་རྟོགས་ཏེ་རྒྱགས་པ་དང་བྲལ་བར་ཡང་ཅི་སྟེ་མི་འགྱུར། །འཇིག ་རྟེན་གྱིས་མ་བསྲུངས་པའི་རྒྱལ་པོས་ནི་འཇིག་རྟེན་བསྐྱང་བར་མི་ནུས་ཏེ། །ཁྱོད་ཤུག་དང་ནགས་དང་སེང་གེ་བཞིན་ནོ། །སྐྱེས་བུས་འགའ་ཞིག་གིས་ཆུང་མ་ལ་བདག་གིས་ནི་སྡུག་བསྔལ་ནི་བརྒྱ་ཕྲག་ཉམས་སུ་མྱོང་ལ། ཁྱོད་ནི་ཚོགས ་མེད་པར་ཁྱིམ་ནས་བདེ་བར་འདུག་གོ་ཞེས་སྨྲས་པར་གྱུར་ལ། དེས་ཀྱང་རེ་ཞིག་ཉིན་ཞག་གཅིག་ཁྱིམ་གྱི་ཞལ་ཏ་གྱིས་དང་དེ་ནས་ཤེས་པར་འགྱུར་གྱིས་ཞེས་སྨྲས་པ་དང། དེས་དེ་བཞིན་དུ་བྱས་པར་གྱུར་ཞིང། དེ་སྐྱོ་བར་ཡང་གྱུར ་ཏོ། །ཇི་ལྟར་ཁྱོ་ཤུག་གཅིག་གིས་གཅིག་ལ་བསྲུང་བ་དེ་བཞིན་དུ་རྒྱལ་པོས་སྐྱེ་དགུ་རྣམས་བསྲུང་ལ། སྐྱེ་དགུ་རྣམས་ཀྱིས་ཀྱང་རྒྱལ་པོ་ཡིན་ནོ། །དེ་བཞིན་དུ་སེང་གེས་ནགས་ཡིན་ལ། ནགས་ཚལ་གྱིས་སེང་གེ་ཡིན་ནོ། །འདིར ་བཤད་པ། མི་ཤེས་གང་གིས་ང་རྒྱལ་གྱིས། །གཉེན་པོ་སྤངས་ནས་ང་རྒྱལ་ཉིད། །འཛིན་པ་དེ་ཡི་ང་རྒྱལ་ནི། །ཐབས་འགའ་ཡིད་ཀྱང་གཞོམ་མི་ནུས། །འདིར་སྨྲས་པ། གང་གི་ཚེ་སྐྱེ་དགུ་རྣམས་བུ་ལྟར་སོ་སོར་སྐྱོང་བར་བྱེད་པ་དེའི་ཚེ ་དེ་རྣམ་པར་རྒྱལ་བ་ཡིན་དང། རིགས་ལ་བསྟེན་པ་བསོད་ནམས་ཀྱི་ལས་ཅན་གང་དག་ཡིན་པ་དེ་དག་གི་བསོད་ནམས་ཀྱི་དྲུག་ཆའི་འཕྲོག་པ་པོར་འགྱུར་ཏེ། དེའི་ཕྱིར་རང་དང་གཞན་ལ་སོགས་པའི་དགེ་བའི་ཕུན་སུམ་ཚོགས་པ་འབྱོར་པ ་ཅན་འདིའི་རྒྱགས་པ་ནི་རིགས་སོ། །བཤད་པར་བྱ་སྟེ། རིགས་ཀུན་ནང་ནས་རང་ལས་ལ། །དགའ་བའི་འཚོ་རྣམས་རྙེད་པར་དཀའ་། །གལ་ཏེ་ཁྱོད་ལ་མི་དགར་འགྱུར། །དེས་ན་ཁྱོད་ལ་འགྲོ་བཟང་དཀོན། །དེང་སྔ་ན་རྙིངས་མ་ལྔ་པོ་དག་འཇུག ་པ་ཤས་ཆེ་བར་གྱུར་པས་རིགས་ལ་བརྟེན་པ་ཐམས་ཅད་རང་རང་གི་ལས་དག་ལ་དགའ་བ་རྙེད་པར་དཀའ་ཞིང། ཕལ་ཆེར་མི་བརྟན་པར་སྣང་ངོ། །གལ་ཏེ་ཁྱོད་དེ་དག་གི་བསོད་ནམས་ཀྱི་དྲུག་ཆའི་འཕྲོག་པ་པོ་ཡིན་ན་དེ་བཞིན་དུ་སྡིག་པའི་ཡང་ཡིན་པར་འགྱུར་རོ། ། ་དེ་ལྟ་ཡིན་དང་རིགས་ལ་བརྟེན་པ་ཉོན་མོངས་པས་ཟིལ་གྱིས་མནན་པས། ལྟོད་པར་གྱུར་ཅིང་སྡིག་པའི་གྲོགས་པོ་དང་རྗེས་སུ་མཐུན་པ་རྣམས་ལ་བསོད་ནམས་མ་ཡིན་པ་ཕལ་ཆེ་བས་ཁྱོད་ལ་འགྲོ་བ་བཟང་པོ་དཀོན་པར་འགྱུར་རོ། །འདི་ལྟར་རེ ་ཞིག་རང་གི་སྡིག་པ་རྣམས་ཁོ་ནས་ཀྱང་རྒྱལ་པོ་རྣམས་ལ་བདེ་འགྲོ་མི་སྲིད་ན། ཀྱེ་སྐྱེ་འགྲོ་མཛའ་དག་གིས་སྡིག་པས་སྨོས་ཀྱང་ཅི་དགོས། དེའི་ཕྱིར་བློ་འཆལ་པ་རྣམས་འཕུང་བར་འགྱུར་ཏེ། མཛེ་ཅན་འོ་མ་དང་ཉ་ཟ་བར་མངོན་པར་འདོད ་པ་བཞིན་ནོ། །ཇི་ལྟར་མཛེ་ཅན་ཕྱིན་ཅི་ལོག་ལ་གནས་པའི་ཕྱིར་རང་གི་ནད་ཕྱིར་བཅོ་བའི་རྒྱུ་སྨན་དག་མི་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་འོ་མ་དང་ཉ་ཟ་བར་བྱེད་པ་དེ་བཞིན་དུ། རྒྱལ་པོ་ཡང་རང་ཉིད་ཀྱིས་མི་དགེ་བ་མང་པོ་སོག་པ ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་རིགས་ལ་བརྟེན་པ་རྣམས་ཀྱིས་ཉེ་བར་སྦྱང་བ་དང་ཡང་བདག་ཉིད་སྦྱོར་བར་བྱེད་དེ། བག་མེད་པའི་གནས་ལ་གནས་པའི་ཕྱིར་རོ། །འདིར་འགྱུར་ཏེ། གལ་ཏེ་རྒྱལ་པོས་ལས་རྣམས་ཀྱི། །དྲུག་ཆ་དེས་པའི ་འདིར་འཛིན་ན། །འཇིག་རྟེན་བསོད་ནམས་མིན་མང་བས། །དེ་ཡི་བདེ་འགྲོ་རྙེད་པར་དཀའ་། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་འཇིག་རྟེན་གྱི་མགོན་དང་རང་དབང་ཡིན་པ་དེའི་ཕྱིར། འདིའི་ང་རྒྱལ་རིགས་པའི་ངོ་བོ་ཡིན་ནོ། །བཤད་པར་བྱ་སྟེ། ་གཞན་གྱིས་བསྐུལ་ཏེ་བྱེད་པ་གང། དེ་ནི་ས་སྟེང་བླུན་ཞེས་བྱ། །ཁྱོད་དང་མཚུངས་པའི་གཞན་དབང་གཞན། །འགའ་ཡང་ཡོད་པ་མ་ཡིན་ནོ། །གང་ཞིག་ཕ་རོལ་པོས་བསྐུལ་བ་བྱས་ཏེ། ཅུང་ཟད་ཅིག་བྱེད་པ་འམ་རྟོག་པར་བྱེད་པར་འགྱུར་གྱི། རང་དབང་གིས་མ ་ཡིན་པ་དེ་ལ་ནི་འཇིག་རྟེན་ན་བླུན་པོ་ཞེས་བྱའོ། །འདི་ན་རྒྱལ་པོ་ཇི་ལྟ་བ་དེ་ལྟར་གཞན་གྱི་དབང་དུ་གཞན་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། དེ་ནི་གྲོགས་དུ་མས་བསྐུལ་བ་ན་མི་བརྟན་པའི་ངོ་བོར་གྱུར་ཅིང། ཕལ་ཆེར་གཞན་ལ་རག་ལས་པའི ་ངོ་བོ་ཉིད་དུ་གནས་པ་ལ་བརྟེན་ཏོ། །འདི་ནི་བྱ་བ་འམ་བྱ་བ་མ་ཡིན་པ་གང་ཅི་བྱེད་པ་དེ་གཞན་གྱིས་བསྐུལ་པ་ཉིད་ན་བྱེད་དོ། །གང་གི་ཕྱིར་གཞན་ལ་རག་ལས་པར་གནས་པའི་ཕྱིར་འཇིག་རྟེན་ན་རྒྱལ་པོ་ཁོ་ན་མཆོག་ཏུ་བླུན་ཞིང་གཞན་གྱི་དབང་དུ་གྱུར་པ་དེའི ་ཕྱིར། དེའི་ང་རྒྱལ་མི་རིགས་པའི་ངོ་བོ་ཡིན་ཏེ། ཁྱི་དང་སྤྲེའུ་སྦང་པ་བཞིན་ནོ། །ཇི་ལྟར་ཁྱི་དང་སྤྲེའུ་བཟུང་བ་དང་བཏང་བ་ལ་གཞན་གྱི་བསྒོ་པ་ཉན་པ་དེ་བཞིན་དུ་རྒྱལ་པོ་ཡང་གཞན་ལ་རག་ལས་པ་ཡིན་ཏེ། བྱ་མ་རྟའི་མིག་ཅན་ཉིད་ཀྱི་ཕྱིར་རོ། ། ་འདིར་བཤད་པ། །གང་ཕྱིར་རྒྱལ་པོ་འགྲོག་བསྐུལ་ཏེ། །བྱ་དང་བྱ་མིན་བྱེད་འགྱུར་བ། །དེ་ཕྱིར་འདི་ནི་རྒྱལ་པོ་ཉིད། །གཞན་དབང་བླུན་དང་གཏི་མུག་པའོ། །འདིར་སྨྲས་པ། གང་གི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི་བསྲུང་བ་རྒྱལ་པོ་ལ་རག་ལས་བ་དེའི་ཕྱིར ་ཡང་ང་རྒྱལ་རིགས་སོ། །བཤད་པར་བྱ་སྟེ། བསྲུང་བ་ང་ལ་རག་ལས་ཤེས། །འཇིག་རྟེན་ལས་ནི་གླ་ལེན་ཞིང། །རང་ཉིད་ཀྱིས་ཀྱང་སྡིག་བྱེད་ན། །དེ་མཚུངས་བརྩེ་མེད་སུ་ཞིག་ཡིན། །གལ་ཏེ་སྲུང་བ་ང་ལ་རག་ལས་སོ་སྙམ་དུ་བྱས་ནས་རྒྱལ་པོ་འཇིག ་རྟེན་ལས་གླ་ལེན་ན་ནི། །དེས་དམ་པའི་ཚུལ་ལུགས་ཀྱི་རྗེས་སུ་ཞུགས་ཤིང་སྐྱེ་པོ་ཕོངས་པ་སོ་སོར་རྐྱང་བ་ལྟུར་བླང་བར་བྱ་དགོས་ཏེ། དེ་ལྟ་ན་ནི་དེས་ཁས་བླངས་པ་རྗེས་སུ་བསྒྲུབས་པར་འགྱུར་རོ། །འདི་ནི་དེ་ལྟར་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། འདི ་ལྟར་འདི་ནི་གླ་རྔན་སྟེར་བར་མི་ནུས་པ་དག་དང། སྡིག་ཏོ་ཅན་དག་ལ་བསད་པ་དང་བཅིང་བ་དང་བརྡེག་པ་དང། བསྡིགས་པ་དང་བསྐྲད་པ་ལ་སོགས་པའི་བྱ་བ་དང། སྲོག་དང་བདོག་པ་ཐམས་ཅད་འདྲོག་པའི་སྒོ་ནས་བསྲི་བ་མེད ་པར་རབ་ཏུ་འཇུག་པར་འགྱུར་རོ། །དེའི་ཕྱིར་ཁྲེལ་མེད་པ་འདེས་བསྲུང་བའི་འབྲས་བུ་འཇིག་རྟེན་ལས་གླ་ལེན་ཞིང། བསྲུང་བའི་འབྲས་བུའི་ཆེད་དུ་རང་ཉིད་སྡིག་ཏོའི་ལས་བྱེད་པས་བརྩེ་བ་མེད་པ་འཇིག་རྟེན་ན་དེ་ལས་གཞན་སུ་ཞིག་ཡོད། སྡིག་པའི་ལས ་ལ་འཇུག་པ་ལ་མཁས་པའི་ཕྱིར། དེ་ཉིད་ཁོ་ན་བརྩེ་བ་མེད་པ་ཡིན་ནོ། ཞེས་བྱ་བར་དགོངས་པ་སྟེ། ཤེན་པའི་སྨན་པ་བཞིན་ནོ། །ཤེན་པ་འགག་ཞིག་རུས་པ་བརྡུང་པ་ན་མིག་གི་ནང་དུ་རུས་པའི་འཛེལ་མ་ཞིག་ཞུགས་ཏེ། དེ་སྨན་པའི ་གན་དུ་སང་བར་གྱུར་ལ། སྨན་པ་དེས་སྐུ་བྱུག་གིས་ནད་ཞི་བར་བྱས་ཀྱི་ཟུག་རྡུ་ནིམ་ཕྱུང་ངོ། །དེ་ནས་དེ་ཡང་ནས་ཡང་དུ་རབ་ཏུ་འཁྲུག་པ་དང། སྨན་པ་དེ་ཡང་མིག་འཁྲུག་པ་ཞི་བར་བྱེད་ཀྱི་ཟུག་རྔུ་མི་འབྱིན་ལ། ནད་པ་དེ་ལ་ནོར་མང་པོ་ཡོད ་གཅོད་དོ། །སྣན་པ་དེ་གྲོང་གཞན་ཞིག་ཏུ་སོན་པ་དང། སྨན་པ་དེའི་བུས་མིག་གི་ཟུག་རྡུ་འབྱིན་པར་བྱས་པར་གྱུར་ཏོ། །སྨན་པ་ཇི་ལྟ་བ་དེ་བཞིན་དུ་རྒྱལ་པོ་ཡང་ཡིན་ཏེ། འཇིག་རྟེན་ལས་ནོར་མང་པོ་ཡང་གཅོད་ལ། ཐམས་ཅད་ཀྱི་ཐམས ་ཅད་དུ་འཇིག་རྟེན་གྱི་བྱ་བ་ཡང་མི་བྱེད་དོ། །འདིར་བཤད་པ། གླ་ལ་བརྐམ་པས་དུ་བ་དང། ཤིན་ཏུ་གདུག་གཞན་འཚོགས་བྱེད་གང། །དེ་ལས་གཞན་པ་འཇིག་རྟེན་ན། །ཤིན་ཏུ་བརྩེ་མེད་མི་སུ་ཡོད། །འདིར་སྨྲས་པ། རྒྱལ་པོས་སྡིག་པའི་བདག་ཉིད ་ཙན?་དག་ལ་བརྩོ་བ་མི་བྱ་སྟེ། གལ་ཏེ་སྡིག་པའི་བདག་ཉིད་ཅན་དག་ལ་ཆད་པ་གཅོད་པར་མི་བྱེད་ན། དེའི་ཆེ་འཇིག་རྟེན་འདི་ཐམས་ཅད་ཉམས་པར་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་བསྲུང་བའི་ཕྱིར་སྡིག་ཏོའི་བདག་ཅན་ཉིད་དག་གདོན་མི་ཟ་བར ་ཆར་བཅད་བླུར?་བྱ་དགོས་སོ། །བ་ཤད་པར་བྱ་སྟེ། སྐྱེ་བོ་སྡིག་ཏོ་བྱེད་རྣམས་ལ། །གལ་ཏེ་བརྩེ་བ་བྱ་མིན་ན། །བྱིས་པ་སོ་སོའི་སྐྱེ་བོ་ནི། །ཐམས་ཅད་བསྲུང་བྱར་མི་འགྱུར་རོ། །གལ་ཏེ་འདི་མི་དགེ་བ་བྱེད་པ་ཡིན་པས་བརྩེ་བའི་སྣོད་མ་ཡིན་ན། ད་ནི་གང་ཞིག ་བརྩེ་བའི་སྣོད་དུ་འགྱུར། དེའི་ཕྱིར་བརྩེ་བའི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིན་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་འདིས་བསྲུང་བར་བྱ་བ་མི་འགྱུར་རོ། །དེ་ལ་བྱིས་པ་ཞེས་བྱ་བ་ནི་གང་བྱིས་པའི་མཚན་ཉིད་དང་ལྡན་པ་ཡིན་ལ། སོ་སོའི་སྐྱེ་བོ་ནི་འཕགས ་པའི་ལམ་མ་སྐྱེས་པ་སྟེ། མི་དགེ་བའི་ལས་བྱེད་པ་ཉིད་ཀྱིས་ན་གཉིས་ཀྱིས་ཁྱད་པར་དུ་འཕགས་པ་རྣམས་ལ་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱའོ། །བརྩེ་བ་ཅན་དག་ནི་གང་ལས་དེ་དག་གིས་དེ་རྣམས་ཡོངས་སུ་སྐྱོང་བར་འགྱུར་བ་གང་དག་ལ་བརྩེ་པ ་ཡོད་པས་ཏེ། འདི་ལྟར་དེའི་བརྩེ་བ་ནི་གཞན་དག་གི་དོན་མ་ཡིན་པ་འགོག་པའི་བསམ་པ་ཡིན་ལ། །དེའི་ཡོངས་སུ་སྐྱོང་བ་ནི་བརྩེ་བས་དེ་སྒྲུབ་པའོ། །དེའི་ཕྱིར་ཇི་ལྟར་འདི་བརྩེ་བ་མེད་པར་དེའི་འབྲས་བུ་བསྲུང་བར་བྱེད་པར་འགྱུར། མི་སྲུང་བར་གླ་ལེན་ན ་ཡང་གསལ་བར་ཚོམ་རྐུན་དུ་མ་གྲགས་པའི་ཆོམ་རྐུན་གྲོང་དང་གྲོང་ཁྱེར་ན་གནས་པར་འགྱུར་རོ། །ལུས་དང་ནོར་བསྲུང་བ་བཞིན་ནོ། །གལ་ཏེ་རྒྱལ་པོས་སྡིག་པའི་ལས་ཅན་དག་ལ་བརྩེ་བར་བྱ་བ་མ་ཡིན་ན། ཐམས་ཅད་དོན་མ་ཡིན་པར་འགྱུར ་བའི་ཕྱིར་རང་གི་ལུས་དང་ནོར་ཡང་བསྲུང་བར་བྱ་བར་མི་འགྱུར་བ་ཞིག་ན། འོན་ཀྱང་བསྲུང་བ་ཡང་ཡིན་ཏེ། དེ་བཞིན་དུ། སྡིག་པ་བྱེད་པ་ཐམས་ཅད་ཀྱང་རྗེས་སུ་བརྩེ་བར་ཕྱ་བར་འགྱུར་རོ། །འདིར་བཤད་པ། གང་དང་རང་ཆོས་ཀྱིས་བསྲུང་པ། ། ་དེ་དག་རྒྱལ་པེས་བསྲུང་བྱ་མིན། །གལ་ཏེ་ཚུལ་འཆལ་བསྲུང་བྱས་ན། །དེ་ཕྱིར་དེ་བསྲུང་བསྲུང་བར་འགྱུར། །འདིར་སྨྲས་པ། སྐྱེ་དགུ་བསྐྱད་པར་བྱ་བའི་ཕྱིར་གདུག་བ་ཅན་རྣམས་ལ་ཆད་པས་གཅོད་པ་ན་རྒྱལ་པོ་ལ་སྡིག་པར་མི་འགྱུར་ཏེ། དམ་པ ་དམ་པ་དག་ལ་ཕན་འདོགས་པར་ཞུགས་པའི་ཕྱིར་རོ། །བཤད་པར་བྱ་སྟེ། བདག་ཉིད་དགའ་བ་བསྐྱེད་པ་ཡིན། །རྒྱུ་ནི་གང་དུ་ཡོད་མིན་འགྱུར། །ལུང་ལ་སོགས་པའི་རྒྱུ་རྣམས་ཀྱིས། །བསོད་ནམས་མིན་ལའང་འཇིག ་ཡོད་མིན། །བདག་དགའ་བ་བསྐྱེད་པའི་རྒྱུ་ཞེས་བྱ་བ་ནི་གང་ན་ཡང་མེད་པ་མ་ཡིན་ཏེ་ཉ་པ་དང་ཕག་གསོད་པ་ལ་སོགས་པ་སྡིག་པའི་ལས་ལ་དགའ་བའི་བདག་ཉིད་ཅན་རྣམས་ཀྱང། སྲོག་ཆགས་གསོད་པ་འདི་ནི་ཁོ་བོ་ཅག་གི་རིགས་བརྒྱུད ་ལས་འོངས་པ་ཞིག་སྟེ། འདི་ནི་སྐྱེ་དགུའི་བདག་པོས་འཚོ་བ་ཡོངས་སུ་བརྟགས་པ་ཡིན་ལ། འདི་ལ་ཆོས་མ་ཡིན་པ་འགའ་ཡང་མེད་དོ་ཞེས་འདི་སྙམ་དུ་འགྱུར་རོ། །དེ་ལྟར་བདག་ཅག་ཡོངས་སུ་མགུ་བའི་རྒྱུ་དག་ཏུ་འགྱུར་ལ། དེ་དག་གི་བསོད་ནམས ་མ་ཡིན་པ་ལ་ནི་འཇིག་པ་ཡོད་པ་མ་ཡིན་ཏེ་དེ་བཞིན་དུ་རྒྱལ་པོའི་ཡང་ཡིན་ནོ། །འདི་ལྟར་བདག་ཉིད་ལ་སྡིག་པ་ཕལ་ཆེ་བར་བལྟ་ཞིང་ངན་འགྲོ་དག་ཏུ་དེའི་རྣམ་པར་སྨན་པ་མཐོང་པ་ན། དེའི་སྙིང་མྱ་ངན་གྱི་མེས་བཅོམ་ཞིང་རྣམ་པ་བརྒྱར་ཆེས་འགས་པར ་འགྱུར་མ། དེ་ཡོངས་སུ་སྤང་བའི་ཕྱིར་འདི་དམ་པ་མ་ཡིན་པའི་ལྟ་བའི་དཔྱད་པ་དྲི་མ་ཅན་དག་གིས་བདག་ཉིད་དབུགས་འབྱིན་པར་བྱེད་མོད་ཀྱི། དེ་ལ་བསོད་ནམས་མ་ཡིན་པ་འཇིག་པ་ནི་མ་ཡིན་ནོ། །འདི་ལྟར་ཇི་ལྟར་ཁྱད་པར་དུ་འཕགས་པ་རྣམས་ལ་དག ་ལེགས་སུ་བྱ་བའི་ཕྱིར། ཕན་པའི་བསམ་པ་ཡིན་པ་དེ་བཞིན་དུ་ཚར་བཅད་པར་བྱ་བའི་ཕྱིར་གདུག་པ་ཅན་རྣམས་ལ་མི་ཕན་པའི་བསམ་པ་ཡང་ཡིན་པས་ས་ལ་སྤྱོད་པ་བརྩེ་བ་དང་བྲལ་བ་མ་རུངས་པའི་སེམས་དང་ལྡན་ཞིང་གཞན་དག་ལ་སྲིན་པོ་དག་དང་ཁྱད་པར ་མེད་རྣམས་ལ་དེར་མངོན་པར་མཐོང་བའི་གོ་སྐབས་ག་ལ་ཡོད། ཆད་པས་ལུགས་བྱེད་པ་ལོ་རྒྱལ་པོ་རྣམས་དང། ཆོས་མ་ཡིན་པ་འདོད་པ་ལ་སོགས་པ་རྣམས་ནི་སྡོམ་པ་མ་ཡིན་པ་ཅན་ནོ། །ཞེས་ལུང་གིས་ཀྱང་དེ་རྣམས་གནོད་པ་དང་བཅས་པ་ཉིད་དུ་སྟོན ་མར་བྱེད་ལ། རྒྱལ་པོ་རྣམས་ནི་སྡོམ་པ་མ་ཡིན་པ་དང་ལྡན་པ་སྟེ། གཞན་ལ་གནོད་པར་ཞུགས་པ་ཉིད་ཀྱི་ཕྱིར་ཏེ། གཤེད་མ་བཞིན་ནོ་ཞེས་རྗེས་སུ་དཔག་པ་ཡང་ཡོད་དོ། །དེ་ནི་རྣལ་འབྱོར་པ་ལས་ཀྱི་རྣམ་པར་སྨིན་པ་ལ་མངོན་སུམ་གྱི་སྤྱན་དང་ལྡན་པ་རྣམས་ཀྱི ་མངོན་སུམ་ཡང་ཡིན་ཏེ། དེའི་ཕྱིར་ལུང་དང་རྗེས་སུ་དཔག་པ་དང་ཉེ་བར་མཇལ་བ་དང། མངོན་སུམ་དག་གིས་བསོང་ནམས་མ་ཡིན་པ་དེ་ཡོད་པས་རྒྱལ་པོ་རྣམས་ལ་སྡིག་པའི་ལས་དག་ཡོད་པ་ཉིད་དོ། །མ་ཞུ་བར་ཞུ་བར་བྱས་ཏེ་བྲ་བ་པོ་བཞིན་ནོ། །སྐྱེས་བུ་འགའ་ ་ཞིག་མ་ཞུ་བར་ངས་བཞུའོ་སྙམ་དུ་བདག་ཉིད་དགའ་བས་བདག་བཟའ་འཾ་ཞེས་བྲམ་ཟེ་དག་ལ་དྲིས་པ་དང། དེ་དག་གིས་ཟོ་ཤིག་ཅེས་སྨྲས་ཤིང་དེ་བཞིན་དུ་ཆུ་འཐུང་ཞིང་གཉིད་ལོག་གམ་ཞེས་བྱ་བ་ཐམས་ཅད་དྲིས་པ་དེ་དག་གིས་གནད་ལ། ་ངེས་ཀྱང་ཐམས་ཅད་བྱས་དེ་སྡུག་སྔལ་ཕྲད་པར་གྱུར་ཏོ། །སྨྲས་པས་སྨྲས་པ། ཁྱོད་ཀྱིས་དེ་ལྟར་ཅིའི་ཕྱིར་བྱས་པར་གྱུར། ངེས་སྨྲས་པ། བདག་གིས་མ་དྲིས་པར་ནི་ཅི་ཡང་མ་བྱས་ཤེའོ། །ཇི་ལྟར་སྐྱས་བུ་འདི་གཞན་དག་ལ་དྲིས་ན་དགའ་བར་བྱ་བའི ་ཕྱིར་མི་འཕྲོད་པ་ན་ནད་སྐྱེལ་ཆེན་པོས་ཟིན་པ་དེ་བཞིན་དུ་རྒྱལ་པོ་རྣམས་ཀྱང། བདག་ཉིད་དགའ་བ་བསྐྱེད་པའི་རྒྱུ་དག་གིས་བདག་ཉིད་དགའ་བར་བྱས་ནས་སྡིག་པའི་ལས་དག་བྱེད་ལ། དེའི་ཕྱིར་སེམས་ཅན་དམྱལ་བ་དག་ཏུ་དེའི་རྒྱུ་ཅན ་གྱི་སྡུག་བསྔལ་ཆེན་པོ་སྒྲུབ་པར་བྱེད་དོ། །བསྟན་ཆོས་ཚད་མར་བྱས་ནས་ཀྱང། སྡིག་པ་བྱེད་པ་འདི་རྣམས་ཀྱི་འབྲས་བུ་ཡིད་དུ་མ་འོང་བི་ན་ཆོས་མ་ཡིན་པ་ལས་འགྱུར་རོ་ཞེའོ། །འདིར་བཤད་པ། ལུས་གི་དབང་གིས་འཚེ་བྱེད་པའི། །རྒྱལ་ལ་སྡིག་པ་མེད་ན་ནི། ། ་འཁོར་བ་སྒྲོལ་བར་བྱེད་རྣམས་ལ། །ཅི་ཕྱིར་དེ་ལྟར་ཆོས་ཡོང་མིན། །འདིར་སྨྲས་པ། འཇིག་རྟེན་ཡང་དག་པར་ཡོངས་སུ་སྐྱོང་བ་གང་ཡིན་པ་དེ་ཉིད་མཐོ་རིས་ཀྱི་དོན་དུ་ས་བདག་རྣམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་ཆོས་གཞན་གྱིས་དགོས་བ་མེད་དོ། །བཤད་པར ་བྱ་སྟེ། ཡང་དག་སྲུང་བྱེད་ཅེས་བྱ་བ། །གལ་ཏེ་ས་བདག་ཆོས་ཡིན་ན། །ཉོན་མོངས་བཟོ་མཁན་རྣམས་ལ་ཡང། །ཅི་སྟེ་ཆོས་སུ་འགྱུར་མ་ཡིན། །ཇི་ལྟར་གླ་པ་ཇི་ལྟ་བ་བཞིན་ཕན་འདོགས་ཀྱང་ཤིང་མཁན་དང་ལྕགས་མགར་ལ་སོགས་པ་རྣམས ་ལ་ཕན་བརྟགས་པ་དེའི་རྒྱུ་ཅན་གྱི་ཆོས་སུ་མི་འགྱུར་བ་དེ་བཞིན་དུ་ཡང་དག་པར་བསྲུང་བར་བྱེད་ཀྱང་དྲུག་ཆས་གླས་པའི་རྒྱལ་པོ་རྣམས་ལ་ཡང་ཆོས་སུ་མི་འགྱུར་ཏེ། ཁྲུ་ཆེ་བའི་ས་རྐོ་བར་བྱེད་པ་དང། གོ་མཚོན་བསྡུང་བར་བྱེད་པ་བཞིན་ནོ། །ཇི་ལྟར་ཁ ་ཆེ་བ་རྣམས་གྲོང་ཁྱེར་སྲུང་བར་བྱེད་པའི་ལས་འོབས་ལ་སོགས་པ་དག་བྱེད་ཅིང། དེ་དག་གིས་ཡུལ་མི་བསྲུང་བར་ཡང་འགྱུར་མོད་ཀྱི། དེ་རྣམས་ལ་རྒྱུ་དེས་བསོད་ནམས་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒྱལ་པོ་རྣམས་ལ་ཡང་ཡིན་ནོ། །ཡང་དཔེར་ན་གོ་མཚོན ་བརྡུང་བ་རྣམས་མི་བསྲུང་བར་བྱ་བའི་གོ་མཚོན་དག་བརྡུང་བར་བྱེད་མོད་ཀྱི། དེ་རྣམས་ལ་དེའི་རྒྱུ་ཅན་གྱི་བསོད་ནམས་ནི་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒྱལ་པོ་རྣམས་ལ་ཡང་ཡིན་ནོ། །འདིར་བཤད་པ། གལ་ཏེ་སྐྱོད་བས་རྒྱལ་པོ་ལ། །ཆོས་འགྱུར ་གཞན་གྱིས་མ་ཡིན་ན། །ཡང་དག་ལས་བྱེད་འགྱུར་བ་ཡི། །བཟོ་བོ་རྣམས་ལའང་ཆོས་སུ་འགྱུར། །འདིར་སྨྲས་པ། གང་གི་ཕྱིར་འདི་ན་འཇིག་རྟེན་ཐམས་ཅད་ཀྱང་རྒྱལ་པོ་ལ་རག་ལས་ཏེ། དེའི་ཕྱིར་ཐམས་ཅད་ཀྱིས་རྒྱལ་པོ་སྨད་པར་བྱ་བ་མ་ཡིན་ནོ། ། ་བཤད་པར་བྱ་སྟེ། འཇིག་རྟེན་ས་བདག་དག་ལས་ཀྱི། །ས་བདག་དེ་ནི་སྨད་དེ་དཔེར། དམ་པས་འཇིག་རྟེན་ཀུན་གྱི་མ། །སྲིད་པ་ཡི་ནི་སྲེད་པ་བཞིན། །གལ་ཏེ་ཡང་ཁྱིམ་ན་གནས་པ་དང། རབ་ཏུ་བྱུང་བ་དང་བཅས་པ་འཇིག་རྟེན་ཐམས་ཅད་བྱ་བའོ་ཆོག་བྱ་བ་ལ་རྒྱལ ་བོ་ལ་རག་ལས་མོད་ཀྱི། དེ་ལྟ་ན་ཡང་དེ་ནི་ངན་པར་བརྩིབ་ཞིག་ཁོ་ནའོ། །དཔེར་ན་སྲེད་པ་དང་བཅས་པ་རྣམས་ལ་སྐྱེ་བ་མཐོང་བའི་ཕྱིར་ལ། སྲེད་པ་དང་བྲལ་བ་རྣམས་ལ་མ་མཐོང་བའི་ཕྱིར་སྲིད་པའི་སྲེད་པ་འཁོར་བར་འགྲོ་བ་སྐྱེད་པར་བྱེད་པ་ན་མ་ཡིན་མོད་ཀྱི། ་དེ་ལྟ་ན་ཡང་འཁོར་བའི་བཙོན་རར་འགྲོ་བ་མཛའ་དག་སྡོམས་པར་བྱེད་པ་འཁོར་བའི་རྒྱུ་ཡིན་པའི་ཕྱིར། དམ་པ་གཟིགས་པ་ཕྱིན་ཅི་མ་ལོག་པ་རྣམས་ཀྱིས་སྨད་པ་ཉིད་དུ་འགྱུར་བ་དེ་བཞིན་དུ་རྒྱལ་པོ་ཡང་སྟེ། གལ་ཏེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་ཕར་གྱུར་པ་ཡིན་མོད ་ཀྱི། དེ་ལྟ་ན་ཡོད་དེ་ནི་ལས་ཤིན་ཏུ་དྲག་པོ་དང་ངན་འགྲོའི་འབྲས་བུ་མང་པོ་ཅན་ལ་དེས་པར་སྦྱར་པའི་ཕྱིར་སྨད་པ་ཁོ་ན་སྟེ། དགོན་པའི་ཚོང་པ་བཞིན་ནོ། །ཇི་ལྟར་འབྲོག་དགོན་པར་དོན་མཐུན་གྱི་ཚོགས་བསྲུང་བ་ལ་སོགས་པ་ཆ་རྐྱེན་སྒྲུབ་པར་བྱེད་པའི་ཕྱི་ཚོའི? ་པ་ལ་རག་ལས་བར་འགྱུར་ལ། དེ་ནི་རིན་ཐང་ཆེས་ཆེ་བས་སྟེར་བའི་ཕྱིར་སྨད་པ་ཡིན་གྱི། དོན་མཐུན་པ་རྣམས་ནི་སྨད་པ་མ་ཡིན་པ་དེ་བཞིན་དུ། འཇིག་རྟེན་ཡང་བསྲུང་བ་ལ་སོགས་པ་བར་འདོགས་པའི་ཕྱིར་ས་བདག་ལ་རག་ལས་མོད་ཀྱི། དེ་ལྟ་ན་ཡངས་པ་དག་ནི ་སྨད་པ་ཡིན་ཏེ། རང་གི་དོན་སྒྲུབ་པ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་བཤད་པ། ཡོན་ཏན་ལ་གནས་རྒྱལ་པོ་ནི། གལ་ཏེ་འཇིག་རྟེན་པར་གྱུར་མོད། །དེ་ལྟ་འང་གནས་ཀྱི་ཉེས་པ་ཡིས། །དམ་པས་སྨད་འགྱུར་རླུང་ཇི་བཞིན། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པོ་བློ། ་ཕུན་སུམ་ཚོགས་ཤིང་བརྩེ་བ་དང་ལྡན་པ་ནི་འཇིག་རྟེན་ཡང་དག་པར་ཡོངས་སུ་སྐྱོད་པར་བྱེད་པ་སྟེ། །དེའི་ཕྱིར་འདི་ལ་ཆོས་སུ་འགྱུར་རོ། །བཤད་པར་བྱ་སྟེ། བླུན་མིན་རྒྱལ་སྲིད་མི་འཐོབ་པ། །བླུན་ལ་བརྩེ་བ་ཡོད་མིན་ན། །བསྲུང་བ་ཡིན་ཡང་མི་ཡི་བདག་།བརྩེ་པ ་མེད་ལ་ཆོས་མི་གནས། རྒྱལ་ཐབས་ཤེས་བྱ་བ་ནི་རྒྱགས་པ་དང་བག་མེད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ། འདིས་དབང་ཕྱུག་ཉིད་ཙམ་ལ་ཆགས་པས་རང་དང་གཞན་གྱི་སྐྱེ་བོ་ལ་ཕན་འདོགས་པར་བྱེད་པའི་ལམ་བོར་ནས་ཐོབ་པ་ན། བླུན་པོ་མིན་ཞེས་བྱ་བར ་སྲིད་པར་ཇི་ལྟར་ནུས། འདི་ལྟར་འཇིག་རྟེན་གྱི་བྱ་བ་ལ་གཡེངས་པ་ལ་ཡིད་གཏད་པ་གསལ་བ་འདིས་ལོང་བ་ལྟར་བདག་དང་ལོངས་སྤྱོད་དག་གི་མི་རྟག་པ་ཡེ་རྗེས་སུ་འབྲེལ་བ་བཞིན་དུ་མི་མཐོང་ཞིང། ཡིད་གཏད་པ་མེད་པར་ས་ཚུལ་ཁྲིམས་ལ་འགྲོ་བས ་དགའ་བར་བྱ་བ་ཉིད་ཀྱང་ཐམས་ཅད་དུ་མཐོང་བ་དང་མ་མཐོང་བའི་འབྲས་བུ་ཡིད་དུ་འོང་པ་ཕུན་སུམ་ཚོགས་བ་ཉེ་བར་མ་བཅོམ་པར་བྱས་ཏེ་མ་མཐོང་ལ། དེ་ལས་བཟློག་པའི་སྐྱོན་གྱི་ཚོགས་ཡོན་ཏན་དུ་ཡང་རྟོགས་པ་ན་འདི་ཆོས ་བླུན་པ་ཁོ་ན་ཡིན་པས་བླུན་པོ་ཁོ་ནས་རྒྱལ་སྲིད་འཐོབ་བོ། །བླུན་པོར་གྱུར་པའི་རྒྱལ་པོ་ལ་ནི་བརྩེ་བ་ནི་མི་གནས་ཏེ། ང་རྒྱལ་གླགས་པའི་ཕྱིར་རོ། །མི་ཡི་བདག་པོ་བརྩེ་བ་མེད་པ་ལ་ནི་ཆོས་ཡོད་པ་ཡང་མ་ཡིན་ཏེ། འཚེ་བ་ཕལ་ཆེ་བའི་ཕྱིར་རོ། །དེ་ལ ་རྒྱལ་པོ་བློ་དང་ལྡན་ཅིང། བརྩེ་བ་དང་ལྡན་པ་ལ་ཆོས་ཡོད་དོ་ཞེས་བྱ་བ་འདོད་པ་གང་ཡིན་པ་དེ་ནི་མ་ཡིན་ནོ། །གང་ཞིག་གླ་བླངས་བཞིན་དུ་ཡང་འགྲོ་བ་སྐྱོད་པར་མི་བྱེད་པ་དེ་ནི་ཞག་རེ་ཞིང་རྐུན་པོ་ཉིད་ཡིན་གྱི་རྒྱལ་པོ་མ་ཡིན་ཏེ། རྒྱལ་པོ་བརྩེ་བ་མེད་པ་དྲག་པོས ་བྱིན་གྱི་བློན་པོ་བཞིན་ནོ། །རྒྱལ་པོ་གྲག་པོས་བྱིན་གྱི་བློན་པོ་ཞིག་གིས་ཆད་པས་ཕོག་པའི་མི་གསེར་འཇལ་པར་བྱེད་དུ་གཞུག་པར་མ་ནུས་པར་གྱུར་པས། ཁྱོད་ཇི་ལྟར་མི་ནུས་ཞེས་དེ་ལ་རྒྱལ་པོ་དེ་ཁྲོས་པར་གྱུར་པ་དང། དེ་ལ་གྲོགས་བཤེས་མཚན་ཏེ་ཞིག ་ཡོད་པར་གྱུར་པས་དེ་ལ་ངེས་བཟླས་སོ། །ངེས་སྨྲས་པ། འཇལ་དུ་གཞུག་གིས་ཞེས་སྨྲས་སོ། །དེ་ནས་དེས་ཇི་ལྟར་འཇེལ་བར་བྱེད་པར་འགྱུར་བར་གཟིར་བ་དྲག་པོ་བརྩམས་ལ་རྒྱལ་པོ་དེས་ཀྱང་མཚན་དེ་ཉིད་བློན་པོར་བཞག་གོ་།དེས་ཀྱང་རྒྱལ་པོ་གཉེས་པར་བྱ་བར ་འདད་པས་སྡིག་པའི་ལས་ཆེན་པོ་བྱས་ཏེ། མཐར་གང་གིས་མཚོན་ཆགས་གསོད་མ་ནུས་པ་དེའི་ཚེ་ཐམས་ཅད་མེས་བསྲེགས་ཤིང་དེང་སྲོག་ཆགས་འབུམ་ཕྲག་མང་པོ་བསང་བར་གྱུར་ལ། རྒྱལ་བོ་དེར་ཀྱང་དེ་ལ་རྗེ་སུ་ཡི་རང་བར་བྱས་སོ། །དེའི་ཕྱིར་དེ་ལྟར་ན་གང ་ན་བླུན་པ་ཉིད་ཡོད་པ་དེ་ན་བརྩེར་ཡོད་པ་མ་ཡིན་ལ། གང་ན་བརྩེ་བ་མེད་པ་དེར་ཡང་བསོད་ནམས་དང་ཕྲད་པ་ལྟ་ག་ལ་ཡོད། །རྒྱལ་པོ་རྣམས་ལ་ཡང་འདི་དག་ཐམས་ཅད་ཡོད་དེ་དེའི་ཕྱིར་བསྲུང་བར་བྱེད་པ་པོ་ཡིན་ཡང་འདི་དག་ལ་ཆོས་ཡོད་པ་མ་ཡིན་ནོ། ། ་འདིར་བཤད་པ། གང་ཕྱིར་བརྩེ་བའི་བདག་ཅན་རྣམས། །ཆོས་བརྩེ་འཆེ་མེད་ཡིན་སྨྲ་བ། །དེ་ཡི་ཕྱིར་ན་མི་བདག་ནི། །བརྩ་བ་མེད་ལ་ཆོས་ཡོད་མིན། །འདིར་སྨྲས་པ། དྲང་སྲོང་གིས་བྱས་པའི་རྒྱལ་རིགས་ཀྱི་ཆོས་ཀྱི་འཚེ་བ་བྱས་ཀྱང་རྒྱལ་པོ་ལ་ཆོས་མ་ཡིན་པ་མེར ་དོ། །བཤད་པར་བྱ་སྟེ། དྲང་སྲོང་རྣམས་ཀྱི་སྤྱོད་པ་ཀུན། །མཁས་པས་བྱེད་པ་མ་ཡིན་ཏེ། །གང་གི་ཕྱིར་ན་དེ་དག་ལའང། །སྨན་འབྲིང་ཁྱད་འཕགས་ཡོད་ཕྱིར་རོ། །མཁས་པ་ནི་དྲང་སྲོང་རྣམས་ཀྱིས་སྤྱོད་པ་ཐམས་ཅད་བྱེད་བྱ་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ལ་ཡང་དམན་པ ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་ཡོད་པའི་ཕྱིར་རོ། །འདིར་མཁས་པས་ནི་དྲང་སྲོང་རྣམས་ཀྱི་ལུས་དང་ངག་དང་ཡིད་དག་གི་གཡོ་བ་ཐམས་ཅད་ཁོ་ན་བྱ་བ་མ་ཡིན་ཏེ། འདི་ལྟར་དྲང་སྲོང་དེ་དག་ལ་ཡང་དམན་པ་དང་འབྲིང་དང་ཁྱད་པར་འཕགས་པ་ཉིད་ཡོད་པའི ་ཕྱིར་རོ། །དེ་ལ་གང་གི་བསྟན་བཅོས་ལས་འཚེ་བ་བྱེད་པའི་དབང་གིས་ཆོས་སུ་བཤད་པ་དེ་ནི་དམན་པའོ། །གང་ཞིག་འགྱུར་རམ་མི་འགྱུར་སྙམ་དུ་ཐེ་ཚོམ་ཟ་བ་དེ་ནི་འབྲིང་དེ། །གང་ཞིག་འཚེ་བ་ནི་ཆོས་མ་ཡིན་པ་ཁོ་ནའོ། །ཞེས་བྱ་བར་འདོད་པ་དེ་ནི་ཁྱད་པར་དུ ་འཕགས་པའོ། །དེའི་ཕྱིར་དྲང་སྲོང་ཕྱི་རོལ་པ་ཐམས་ཅད་ཀྱི་བསྟན་བཅོས་ནི་ཚད་མ་མ་ཡིན་ནོ། །དེ་ལ་གང་དྲང་སྲོང་གིས་བྱས་པའི་རྒྱལ་རིགས་ཀྱི་ཆོས་ཀྱི་འཚེ་བ་བྱས་ཀྱང། རྒྱལ་པོ་ལ་ཆོས་མ་ཡིན་པ་མེད་དོ་ཞེས་འདོད་པ་དེ་ནི་མ་ཡིན་ནོ། །སྣ་ཚོགས་སྒྲ་དང་གནས ་འཇོག་དང། །ཛ་མང་དག་ནི་བུ་བཞིན་ཏེ། །སྣ་ཚོགས་སྒྲ་དང་གནས་འཇོག་དང། །ཇེ་མང་དག་ནི་བུ་རྣམས་ལ་རྐུ་བ་དང་བཟའ་བར་བྱ་བ་མ་ཡིན་པ་ཟ་བ་དང། བགྲོང་པར་བྱ་བམ་ཡིན་པ་བགྲོད་པ་དང། སྲོག་གཅོད་པ་ལ་སོགས་པ་གྲགས་པའི་ཕྱིར་རོ། །དེ་ལ་སྣ ་ཚོགས་སྒྲས་ཛ་བུ་དང་བཟའ་བར་བྱ་བ་མ་ཡིན་པ་ཟ་བར་གྲགས་ཏེ། ཁྱི་ཚེད་དག་ལས་ཁྱི་ཤ་འཕྲོག་པར་འདོད་ནས་དེས། གསོན་པས་སྡིག་པའི་ལས་ནི་རྒལ་ནུས་ཏེ། །བདག་ཅག་ཁྱད་པར་ལས་འདི་ཆད་པ་ཞིག་ཁོ་ན་ཤི་ནས་སྡིག་པ་འདི་རྒལ་བར། མི ་ནུས་དེ་ཕྱིར་ཁྱི་ཤ་འདི་བཟའ་ཨོ། །ཞེས་སྨྲས་སོ། །གནས་འཇོག་གདོལ་པ་མོ་དབང་མོ་ཕྲེང་ཅན་ལ་ལོག་པར་ཞུགས་ཤིང། དེ་ནས་བུ་དག་སྐྱེས་སོ་ཞེས་བྱ་བར་ཡང་ཐོས་ཤིང་གྲག་གོ་།ཛ་མང་དག་ནའི་བུས་ཀྱང་བེའུ་ཕྲོགས་པས་ཁོས ་ནས་སྲི་ཏ་བི་དྱའི་བུ་སྲིད་སྒྲུབ་ཀྱི་ལག་པ་སྟོང་ལྷུང་བར་བྱས་ཏེ། དུལ་ཞིང་བཟོད་དང་ལྡན་པར་གྱུར་ཀྱང་བཤིས་ངན་སྐྱེ་བོ་རྣམས་ཀྱིས་དེ་དང་དེའི། ཉེས་རྨ་དག་གིས་ནན་གྱིས་དྲང་སྲོང་གི་ཡིད་བསྟན་བྲལ་ཁོན་བཅས་བྱེད་འགྱུར་ཏེ། པ་བེའུ་ཁྱེར་བས ་འཇོ་བའི་དུས་ཀྱི་འབུ་སྒྲ་དག་གིས་ཤིན་ཏུ་ཉེས་བྲལ་བའི། །རཱ་མའི་དགྲ་སྟའི་སོ་ལ་མི་ཡི་བདག་པོ་རྣམས་ཞུགས་གང་ཡིན་དེ་བྱས་སོ། །ཞེས་དེ་སྐད་དུ་ཡང་སྨྲས་སོ། །དེ་བཞིན་དུ་མས་སྦད་ནས་དེ་ཉིད་ཀྱིས་ལན་ཉི་ཤུ་རྩ་གཅིག་ཏུ་ས་སྟེངས་རྒྱལ ་རིགས་མེད་པར་བྱས་སོ། །དེ་ལ་མས་འདི་སྐད་དུ་སྨྲས་པར་གྲག་སྟེ། རྣམ་བརྒྱར་དཀའ་ཐུབ་ཅན་དྲང་འཇམ་པ་འམ། །གང་ཡང་བླ་སྟེ་ཕ་རོལ་པོ་རྣམས་ཀྱིས། །གཡུལ་དོར་ཁྱོད་ཀྱིས་འགྲོས་འཚེམས་མེད་པའི་རྒྱུ། །གཅིག་ལའང་བལྟོས་པ ་བྱས་པར་མ་གྱུར་ན། གནོད་པར་འགྱུར་དང་མཉམ་པའི་ལས་ཀྱིས་སུ། །ནུས་ལྡན་མི་ནི་ཚིམ་པར་མི་འགྱུར་གྱི། །དཔའ་བོ་གླགས་ཏེ་གནོད་བྱོས་དགྲ་བོ་ནི། །སྡང་རྣམས་རྩ་བ་མ་ལུས་འདོན་པར་གྱིས། ཞེས་བྱའོ། །དེ་ནས་དེ་གཡུལ་སྤྲད་པར ་འདོད་པས་འོངས་པ་གཞུ་ཀློང་པའི་སྒྲ་ཐོས་བར་གྱུར་ཏེ། ཛ་མཱ་དཱགནཱིའི་བུའི་གཞུའི་སྒྲ་རྒྱལ་པོ་རྣམས་ཀྱི་ཕོ་བྲང་འཇོམས་འཇོམས་ལྟར། ར་བའི་རྩེ་ལས་འདས་པར་གྱུར་པ་ཡིས། །བཙོན་བྱས་བུ་ནི་སྐྲ་ནས་བཟུང་ལྟར་གྱུར། ཞེས་བྱ་བའོ། །འདིར ་བཤད་པ། སྐྱེས་བུ་གང་གིས་དེན་བྱས་ནས། །ངེས་པར་ངན་འགྲོར་འགྲོ་འགྱུར་བའི། །བསྟན་བཅོས་དེ་ནི་བདག་དོན་ལ། །མཁས་བས་ཚད་མར་བྱ་བ་མིན། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་པ་གནའ་རབས་རྣམས་ཀྱིས་བསྟན་བཅོས་ཀྱི ་དོན་ཚད་མར་བྱས་ནས། འབྱོར་པར་འགྱུར་པའི་ས་ཡང་དག་པར་བསྐྱངས་པ་དེའི་ཕྱིར་ཡང་བསྟན་བཅོས་ཚད་མ་ཡིན་ནོ། །བཤད་པར་པ་སྟེ། སྔར་གྱི་ས་བདག་དགེ་རྣམས་ཀྱིས། །འཇིག་རྟེན་བུ་ལྟར་སྐྱངས་པ་དེ། རྩོད་དུས་ཆོས་ལ་བསྟེན་རྣམས་ཀྱིས ་དེང་སང་རི་དགས་དགོན་པར་བྱས། །རྩོད་པའི་དུས་ཀྱི་སྔ་རོལ་དུ་འཁྲུངས་པའི་ས་བདག་འཁོར་ལོ་སྒྱུར་བ་ལ་སོགས་པ་དགེ་བ་སྟ་རིགས་པ་དང་མི་རིགས་པ་ཡོངས་སུ་དཔྱོད་པ། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་ཤིང། བུ་གཅིག་པ་སྡུག་པ་ལྟར ་འགྲོ་བ་ལ་དགའ་བ་དང། རྗེས་སུ་འབྲེལ་པ་རྣམས་ཀྱིས་ནི་ཆོས་དང་མཐུན་པའི་བསྟན་ཆོས་ཚད་མར་བྱས་ཤིང། ཆོས་མ་ཡིན་པ་དང་མཐུན་པ་ཡོངས་སུ་སྤངས་ཏེ། འཇིག་རྟེན་ཡོངས་སུ་བསྐྱངས་ན། ད་ལྟར་ནི་རྩོད་པའི་དུས་སུ་སྐྱེས་པའི་རྒྱལ་པོ་རང་གི་སེམས ་ཀྱི་བདག་ཉིད་ངན་པའི་གཞན་གྱི་དབང་དུ་གྱུར་པ་ནོར་ཙམ་གཙོ་བོར་གྱུར་པ་སྙིང་རྗེ་མེད་པ་རྣམས་ཀྱིས་ཆོས་མ་ཡིན་པ་དང་རྗེས་སུ་མཐུན་པའི་བསྟན་བཅོས་ཚད་མར་བྱས་ཤིང། ཆོས་དང་མཐུན་པོ་བཅས?་ཇི་ལྟར་རི་དགས་ཀྱི་དགོན་པར་གྱུར་པ་དེ་ལྟར་འཇིག་རྟེན་པ ་སྟོང་པར་བྱས་ཏེ། དེའི་ཕྱིར་ཡང་ཆོས་མ་ཡིན་པ་དང་ལྡན་པའི་བསྟན་བཅོས་ཚད་མ་མ་ཡིན་ནོ། །ཀླ་ཀློ་བུ་རམ་གྱི་ཤིང་ཡོངས་སུ་རྫོགས་པར་མ་སྐྱེས་པ་འཆིར་བ་བཞིན་ནོ། །ཀླ་ཀློའི་རྐུན་པ་གང་ཞིག་གཏི་མུག་པས་བུར་ཤིང་ཡོངས་སུ་རྫོགས་པར་མ་སྐྱེས་པ ་འཚིར་བར་བྱེད་པ་དེ་ནི་དོན་མ་ཡིན་པ་ཁོ་ན་བྱེད་ཀྱི་དོན་ནི་མ་ཡིན་པ་དེ་བཞིན་དུ། གལ་ཏེ་རྒྱ་ལ་པོ་ཡང་བསྐྱང་བར་བྱ་བ་མི་སྐྱོང་ན་དེ་ལ་འདིའི་དོན་མེད་ཅིང་ཕ་རོལ་གྱི་དོན་མེད་དེ། བསོད་ནམས་མ་ཡིན་པ་མང་པོ་བྱེད་པའི་ཕྱིར་རོ། །འདིར་བཤད་པ། གང ་ལས་རང་གཞན་ཡུལ་འཁོར་ལ། །རྣམ་པར་དབྱེ་བ་མ་བྱས་པའི། །སྐྱེ་དགུ་བདེར་འགྱུར་བསྟན་བཅོས་དེ། །མཁས་པ་རྣམས་ཀྱིས་བསྟི་སྟང་བྱས། །འདིར་སྨྲས་པ། འདིར་རྒྱལ་པོ་བླགས་དག་ལ་བབ་ན་དགྲ་ལ་སྣུན་པ་ལ་ཆོས་མ་ཡིན་པ་མེད་དེ། བསྟན ་བཅོས་ལས་མཐོང་བའི་ཕྱིར་རོ། །བཤད་པར་བྱ་སྟེ། གླགས་སུ་སྣུན་པར་རྒྱལ་པོ་ལ། །གལ་ཏེ་སྡིག་པ་ཡོད་མིན་ན། །རྐུན་པོ་གཞན་རྣམས་ལ་ཡང་དེ། །དང་པོ་ཉིད་དུ་ཡོད་མ་ཡིན། །གལ་ཏེ་དགྲ་བོ་དག་གམ ་གཞན་མ་དག་ལའང་རུང་སྟེ། །དེ་གླགས་དག་ལ་བབ་པ་ན་སྣུན་པའི་རྒྱལ་པོ་ལ་སྡིག་པ་ཡོད་པ་མ་ཡིན་ན། རྐུན་པོ་རྒྱལ་པོ་ལས་གཞན་པའི་རྐུན་པོ་ནོར་བསྲུང་པ་རྣམས་ལ་གླགས་ཅུང་ཟད་ཅིག་སྙེད་ནས། གཞན་གྱི་ནོར་འཕྲོགས ་པ་རྣམས་ལ་ཡང་གླགས་སུ་སྣུན་པ་ཉིད་ཀྱིས་ཐོག་མར་སྡིག་པར་མི་འགྱུར་བ་བྱ་དགོས་ཏེ། དེ་རྣམས་གླགས་སུ་སྣུན་པ་ཉིད་དུ་ཐུ་པོར་གྱུར་པའི་ཕྱིར་རོ། །རྒྱལ་པོ་ལ་ནི་ཕྱིས་ཏེ། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རྒྱལ་པོ་གླགས ་ངག་ཏུ་སྣུན་པ་ལ་སྡིག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གང་འདོད་པ་དེ་ནི་མ་ཡིན་ནོ། །རྒྱལ་བུ་མ་ཕམ་སྡེ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་བློན་པོ་ཞིག་ལ་གང་གི་ཚེ་ང་འཆི་བར་གྱུར་པ་དེའི་ཚེ་ངའི་སྤུན་ཟླ་རྒྱལ་བུ་བཞོན་ནུ་མ་ཕམ་སྡེ་རྒྱལ ་སྲིད་ལ་དབང་བསྐུར་ཅིག་ཅེས་སྨྲས་པར་གྱུར་ལ། དེ་ནས་བློན་པོ་ངེས་རྒྱལ་པོ་དེ་ཤེ་བ་དང་གླགས་སུ་སྣུན་ཏེ་རྒྱལ་བུ་གཞོན་ནུ་དེ་བསད་ཅིང་བདག་ཉིད་ཀྱིས་རྒྱལ་སྲིད་དེ་བཟུང་ངོ། །སྡིག་པ་སྤྱོད་པའོ་ཞེས་དེ་ལ་འཇིག་རྟེན་དུ་གྲགས་པ་མ་ཡིན་པ་རབ་ཏུ་གནས་ཤིང། ་ཕ་རོལ་ཏུ་ཡང་བསོད་ནམས་མ་ཡིན་པ་ངན་འགྲོར་ལྷུང་བར་འགྱུར་རོ། །དེ་བཞིན་དུ་གླགས་སུ་སྣུན་པའི་རྒྱལ་པོ་རྣམས་ལ་ཡང་ཇི་ལྟར་གྲགས་པ་མ་ཡིན་པ་དང་སྡིག་པར་མི་འགྱུར། འདིར་བཤད་པ། ནག་པོའི་ལས་གང་དེས་བྱས་པ། དེ་ལས་འབྲས་དཀར་མི ་འབྱུང་སྟེ། །རུལ་པ་ཤིང་གི་ས་བོན་ལས། །ཙམ་པའི་ཤིང་གི་མྱུག་མི་འབྱུང། །འདིར་སྨྲས་པ། གཡུལ་དེར་དགྲ་པོ་དག་ཕམ་པར་བྱས་ཏེ། རང་གི་དཔའ་བའ་ཨི་རྣམ་པར་གནོན་པས་བསགས་པའི་ནོར་ཕུན་སུམ་ཚོགས་པ་མཐོང་བ་ན་རྒྱལ་པོ་ཡོངས་སུ་དགའ་བར་འགྱུར ་ལ། ཅི་སྟེ་འདི་གཡུལ་ངོར་ཤི་བར་གྱུར་ན་ནི་དེའི་ཚེ་འདིས་གཡུལ་དུ་བདག་ནི་ཡོངས་སུ་དོར་བས་གཏོན་མི་ཟ་བར་མཐོ་རིས་སུ་འགྲོ་སྟེ། བསད་ན་མཐོ་རིས་ཐོབ་པ་འམ། །ཕབ་སྟེ་ས་དག་སྤྱོད་འགྱུར་གྱིས། །དེ་ཡི་ཕྱིར་ན་ཀོནྟིའི་བུ། འགྱེང་ལ་ངེས་བྱས་ལངས་པར་བྱོས། །ཞེས ་ཀྱང་སྨྲའོ། །བཤད་པར་བྱ་སྟེ། ཆད་སོགས་དག་ལ་བདོག་པ་ཀུན། །ཡོངས་གཏོང་མཆོད་པ་མ་ཡིན་ན། །གཡུལ་དོར་བདག་ཀྱང་ཡོངས་གཏོང་པ། །མཆོད་པ་སྙམ་དུ་སེམས་སམ་ཅི། །ཆང་དང་རྒྱན་པོ་དང་བུད་མེད་སྨད་འཚོང་རྣམས་ལ་བདོག་པ་ཀུན་གསལ་བར ་གཏོང་བ་རྣམས་ནི་བསོད་ནམས་ལ་བརྟེན་པ་མ་ཡིན་ཞིང། སྐྱེ་པོ་དམ་པའི་ཐུགས་མཉེས་པར་བྱེད་པ་ཡང་མ་ཡིན་ཏེ། གཏོང་བ་དེ་ཆགས་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །དེ་བཞིན་དུ་གཡུལ་དོར་བདག་གི་དངོས་པོ་ཡོངས་སུ་གཏོང་བ་ཡང་མཆོད་པར་བྱ་བ་མ་ཡིན ་པ་ཉིད་དེ། དེ་ནི་བསོད་ནམས་མ་ཡིན་པའི་གནས་ཡིན་པའི་ཕྱིར་རོ། །འདི་ལྟར་གཡུལ་འགྱེད་པ་ན་རྔཾ་པ་དང་བཅས་པར་རྒྱུར་ཅིང། བརྩེ་བ་དང་བྲལ་བས་མི་གཞན་ལ་བརྩམ་པ་མེད་པའི་བསམ་པ་ཅན། བསད་པའི་ཕྱིར་གཞན་གྱི་མགོ་ལ་མིག་གཏད་པ ་མཚོན་འཕྱར་བཞིན་པ་ཞིག་དགྲ་ཕྲ་རོ་པོས་བསང་བ་ལ་མཐོ་རིས་སུ་འགྲོ་བ་སྲིད་པར་ཇི་ལྟར་རིགས། དེ་ལ་གཡུལ་དོར་ཤིབ་གདོན་མི་ཟ་བར་མཐོ་རིས་སུ་འགྲོའོ་ཞེས་ཁྱོད་འདོད་པ་གང་ཡིན་པ་དེ་ནི་མ་ཡིན་ནོ། །གནག་རྫི་མོ་གྱོས་པོ་ལ་ལུས ་སྟོབས་པ་བཞིན་ནོ། །གནག་རྫི་མོ་འགའ་ཞིག་གིས་ཁྱོ་འགྲོན་ལ་སོན་པ་དང། གྱོས་པོ་ལ་ཆེས་ཁྱད་དུ་བསད་པར་གྱུར་ཏོ། །དེ་ནས་གནག་རྫི་རྒན་པོ་དེས་དེ་འོངས་པ་ན་དོན་དེ་གོ་བར་བྱས་ཤིང། གལ་ཏེ་ཁྱོད་ཀྱི་ཆུང་མ་ཕྱིས་ཡང་བདག་ཅག་ལ་ཁྱད་སོད་བྱེད ་ན་ནི་ཁྱོད་ཀྱི་ཁྱིམ་དུ་མི་འདུག་གོ་།ཞེས་ཀྱང་སྨྲས་སོ། །དེ་ནི་བུད་མེད་བླ་མར་མི་བྱེད་ཅིང་ཕ་ལ་སྙིང་ཉེ་བ་ཞིག་སྟེ། དེས་བ་ལ་སྤྱོས་ནས་ཡང་ངའི་ཕ་ལ་ཡང་ཁྱད་སོད་བྱེད་ན་ནི། ཁྱོད་བདག་གི་ཁྱིམ་དུ་བསྡད་དུ་མེད་ཀྱིས། འདིའི་བྱ་བར་བཀའ་བ་ཡང་གྱིས་ལ ་སྦྱིན་པར་དཀའ་བ་ཡང་འདི་ལ་བྱིན་ཅིག་ཅེས་སྨྲས་ལ། དེས་ཀྱང་དེ་ཁོ་ན་ལྟར་ཁས་འཆེས་སོ། །དེ་ནས་ཁྱོད་མགྲོན་ལ་སོན་པ་དང། དེས་ལྡོག་ཅིང་ལྡོག་ཅིང་གྱོས་པ་ལ་གུས་པ་དམ་པ་སྲིད་ཞུ་བྱས་པར་གྱུར་ལ། ཁྲུས?་དང་སྐུ ་བྱུག་དང་ཕྲེང་བ་དང་སྦྱིན་པ་དང། ཟས་དང་སྐོམ་དང། བཟའ་བ་གྱ་ནོམ་པས་ཉིན་པར་རིམ་གྲོ་བྱས་ཤིང་མཚན་མོ་ཆུ་དྲེན་མོས་དེའི་རྐང་པ་བཀྲུས་ཤིང། ཏིལ་མར་བསྐུལ་ནས་རང་གི་གོས་ཕུང་དེ་སྒྲེན་མོར་སྦྱེར་བ་ངན་པ་བྱེད་པའི་ཚུལ་གྱིས་དེའི ་མལ་དུ་ཉལ་བར་བརྩམས་སོ། །གནག་རྫི་རྒད་པོས་སྨྲས་པ། སྤཱའི་སྡིག་ཅན་མ་འདི་ཅི་མིག་བརྩམས། གནག་རྫི་མོས་སྨྲས་པ། བདག་ལ་ཁྱོས་ཁྱོད་ཀྱིས་འདི་ལ་བྱ་དཀབ་ཨ་ཡང་གྱིས་ལ་སྦྱིན་པར་དཀའ་པ་ཡང་བྱིན་ཅིག་ཅེས་སྨྲས་ཀྱིས། ་འདི་ལས་ཆེས་བྱ་དཀའ་བ་དང། སྦྱིན་དཀའ་བ་ལས་སྦྱིན་དཀའ་བ་ཡང་མེད་དོ། །གནག་རྫི་རྒང་པོས་སྨྲས་པ། བདག་དབྱུང་བའི་ཕྱིར་ཐབས་བཤམས་ཀྱིས་དགའ་བར་སྡོད་ཅིང་ཕྱིན་ཆད་ཁྱིམ་འདིར་མི་འདུག་གོ་ཞེས་སྨྲས་ཏེ་ཕྱིར་བྱུང་བར་གྱུར་ཏོ། ་དེའི་བུ་དེ་འོངས་པ་དང་ཕ་མ་མཐོང་སྟེ་ཆུང་མ་ལ་དེ་གར་སོང་ཞེས་དྲིས་པས། དེས་རྗེའོ་བདག་ལ་མཚང་བ་ཅི་ཡང་མེད་ཀྱིས། བདག་གིས་མཆོག་ཏུ་གུས་པས་དེ་ལ་སྙིང་ཉེ་བ་དང། ནམ་ཟླ་ལ་གསོང་བའི་ཁྲུས་དང་བྱུག་པ་དང་བཟའ་བ་ལ་སོགས་པས ་ཞབས་འབྲིང་བྱས་ལ། ཇོ་བོས་ཇི་སྐད་བཀའ་སྩལ་པ་ལྟར་བྱ་དཀའ་བ་ཡང་བྱས་ལ། སྦྱིན་པར་དཀའ་བ་ཡང་བྱིན་མོད་ཀྱི། དེ་ལྟར་བྱས་ཀྱང་བདག་ནན་གྱིས་བོར་ནས་སོང་ངོ་ཞེས་སྨྲས་སོ། །ཁྱོད་ཀྱིས་ཇི་སྐད་བྱས་ཞེས་དྲིས་པས་ཡང་བྱུང་ཚུལ ་སྔ་མ་བཤད་དོ། །དེ་ནས་ཐལ་གུས་པས་དེས་དེ་བསྐྲད་དེ་ཁྱིམ་ནས་ཕྱུང་ལ། ཕ་ལ་སྤྲོ་བསྲིང་བྱས་ནས་རང་གི་ཁྱིམ་དུ་བཅུག་གོ་།ཇི་ལྟར་ཆུང་མ་ངན་མ་གནག་རྫི་མོ་འདིའི་ལུས་གྱོས་པོ་ལ་བྱིན་པ་མཆོད་པ་མ་ཡིན་པ་དེ་བཞིན་དུ། རྒྱལ་པོ ་ངན་པ་སེམས་ཅན་རྣམས་ཀྱི་གཡུལ་ངོར་སྲོག་གཏོང་པ་ཡང་མཆོད་པ་མ་ཡིན་ནོ། །འཇིག་རྟེན་དུ་ཡང་སྐྱོན་ཅན་ཡིན་པའི་ཕྱིར་ཆང་ལ་སོགས་པ་དག་ལ་བདོག་པ་ཐམས་ཅད་གཏོང་པ་མཆོད་པ་མ་ཡིན་ནོ། །འདིར་བཤད་པ། གལ་ཏེ་གཡུལ་ངོར་ཤི་བ་ནི། ལྷུན་པོའི ་རྩེ་མོར་ངས་འགྲོ་ན། །སྐུ་ཚེ་ཤི་བ་རྣམས་ཀྱང་ནི། །དེ་ལྟར་འགྲོ་བར་ཅིས་མི་འགྱུར། །འདིར་སྨྲས་པ། འདི་ན་རྒྱལ་པོ་འཇིག་རྟེན་ཐམས་ཅད་ཀྱི་མགོན་ཉིད་བྱེད་པ་གང་ཡིན་བདེ་ཉིད་དེའི་དགའ་བི་རྒྱུ་ཚར་ཕྱིན་པ་ཡིན་ནོ། །བཤད་པར་བྱ་སྟེ། རྒྱལ་པོ་འཇིག་རྟེན ་མགོན་ཁྱོད་ལ། །མགོན་འགའ་ཡོད་པ་མ་ཡིན་ན། །མགོན་མེད་དེ་ཡིས་བདག་ཉིད་ནི། །མ་བཏང་སུ་ཞིག་དགའ་བ་འགྱུར། །འདིར་རྒྱལ་པོ་ནི་འཇིག་རྟེན་ཐམས་ཅད་ཀྱི་མགོན་ཡིན་ཏེ་འདི་ལྟར་འཇིག་རྟེན་ནི་དེའི་རྗེས་སུ་བསྟན་པས་རང་གི་སྲོག་དང། ནོར་བསྲུང ་བའི་དོན་དུ་མི་རིགས་པ་སྤངས་ནས་རིགས་པའི་ལས་ལ་འཇུག་གོ་།རྒྱལ་པོ་ལན་རིང་དགར་སྤྱོད་པ་ཉིད་ཀྱི་ཕྱིར་ན་རྗེས་སུ་སྟོན་པ་པོ་མགོན་འགའ་ཡང་ཡོད་པ་མ་ཡིན་ལ། མགོན་མེད་པ་ཞེས་བྱ་བ་ཡང་མཆོག་ཏུ་རྒུད་པ་རྣམས་ཀྱི་གཞི་ཡིན་ཏེ། རང་ཡམ་དུ ་གྱུར་ཞིང་རྗེས་སུ་འཆོས་པ་པོ་དང་བྲལ་བ་ལ་རིགས་པར་རོ་གཅིག་པའི་འཇུག་པ་ག་ལ་ཡོད། དེའི་ཕྱིར་འདི་གྱ་རྒུད་ཀྱི་སྤང་ན་གནས་པ་མ་གལ་ཏེ་བདག་ཉིད་ཡོངས་སུ་བཏང་པར་གྱུར་པ་མ་ཡིན་ན་ནི་དེའི་ཚེ་མགོན་ཉིད་དེས་དགའ་བར་མི་འགྱུར་རོ། །དེའི་ཕྱིར ་འཇིག་རྟེན་གྱི་མགོན་ཉིད་ནི་འདིའི་དགའ་པའི་རྒྱུར་མི་རུང་ངོ། །དེའི་ཕྱིར་བག་མེད་པའི་གནས་ན་གནས་པ་ཉིད་ཀྱི་ཕྱིར་སྐྱོ་པ་ཉིད་མཆོག་ཏུ་བཅུས་པར་འགྱུར་གྱི། ཡོངས་སུ་མགུ་པ་ནི་མ་ཡིན་ནོ། །དགེ་འདུན་གྱི་གནས་བརྟན་སོ་སོའི་སྐྱེ་བོ་ལ་ཕྱག ་འཚལ་བ་བཞིན་ནོ། །ཇི་ལྟར་དགེ་འདུན་གྱི་གནས་བརྟན་སོ་སོའི་སྐྱེ་བོ་མགོན་མེད་པ་ཞིག་ཕྱག་ལ་སོགས་པས་དགའ་བར་འགྱུར་པ་དེ་བཞིན་དུ། རྒྱལ་པོ་མགོན་མེད་པ་ཡང་རབ་ཏུ་འདུད་པ་དང་བཀུར་སྟི་ལ་སོགས་པས་དགའ་བར་འགྱུར་རོ། །འདིར་བཤད་པ། ་མཁས་གང་གསོན་པའི་འཇིག་རྟེན་ན། །དངོས་པོ་འདི་ལས་སླར་ཡང་ནི། །འབྱུང་བས་གཞན་ལ་ཚོལ་བ་ཡི། །མགོན་མེད་དངོས་པོས་དགའ་བར་འགྱུར། །འདིར་སྨྲས་པ། གང་གི་ཕྱིར་ཆད་པ་གཞན་པའི་རྒྱལ་པོ་ལ་གྲཊ ་པར་མི་འགྱུར་ལ། རྒྱལ་པོ་ཆད་པ་དྲང་པོ་ཅན་ལ་ནི་ཤིང་ཡང་གྲགས་པ་རྗེས་སུ་འཇུག་པ་ཡིན་ཏེ། དེའི་ཕྱིར་རྒྱལ་པོས་ཆད་པ་དྲག་པོ་ཅན་དུ་བྱ་དགོས་སོ། །བཤད་པར་བྱ་སྟེ། རྒྱལ་པོ་ཤི་བར་གྱུར་བ་ལའང། །གྲགས་པས་ཡོན་ཏན་འགའ་མི་འབྱུང། །ཁྱོད་ཡོན ་མེད་དང་ཁྱི་འཆེད་ལ། །གྲགས་པ་ཆེན་པོ་ཅི་སྟེ་མེད། །གལ་ཏེ་ཤི་བར་གྱུར་ཀྱང་རྒྱལ་པོ་ལ་གྲགས་པའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་འབྱུང་བར་འགྱུར་ན་ནི། རྒྱལ་པོས་ཆད་པ་དྲག་པོ་ཅན་དུ་བྱ་བར་རིག་པ་ཞིག་ན། གྲགས་པའི་སྒོ་ནས་དེ་ལ ་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ་འབྱུང་བར་འགྱུར་ན་ནི། གྲགས་པས་ན་དེའི་སྡིག་པ་དེ་རྣམ་པར་སེལ་བ་མ་ཡིན་ནོ། །ཅི་སྟེ་བདག་གི་གྲགས་པ་འཇིག་རྟེན་ན་ཇི་སྲིད་གནས་པ་དེ་སྲིད་དུ་བདག་རྣམ་པར་ལྟུང་བ་མེད་པའི་ཆོས་ཅན་དུ ་འགྱུར་བས་གྲགས་པས་ཡོན་ཏན་དུ་འགྱུར་རོ་སྙམ་ན། བཤད་པར་བྱ་སྟེ། བརྟེན་བ་མེད་པ་དང། རྐུ་བ་ལ་སོགས་པ་ཡོན་ཏན་མེད་པའི་ཚོགས་རྣམ་པ་སྣ་ཚོགས་ཡང་ཁྱོད་ལ་ཅི་སྟེ་མེད། གང་གི་ཕྱིར་ཁྱོད་ལ་ཡོན་ཏན་མེད་པ་ཆེར་ཡོད་པ་དེའི་ཕྱིར ་དེའི་རྒྱུ་ཅན་གྱི་གྲགས་པ་ཆེན་པོས་ངེས་པར་སྡིག་པ་བསགས་པ་ལས། ཁྱོད་ངན་འགྲོར་ལྟུང་བའི་མཐར་ཕྱིན་པ་གཅིག་བུར་བྱེད་པར་འགྱུར་རོ། །གལ་ཏེ་གྲགས་པས་ཁ་ན་མ་ཐོ་བའི་དྲི་མ་འཁྲུ་བར་བྱེད་ན་ནི་དེའི་ཚེ་ཁྱི་འཚོད་དག་ལ་ཡང་ཁྱི་རྣམས ་ལ་བརྗིད་དང་ལྡན་པ་ཉིད་ཀྱིས་གྲགས་པ་ཆེན་པོ་ཡོད་པས་ཁྱི་འཚེད་དག་ལ་ཡང་འཁྲུ་པར་བྱེད་པར་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་གྲགས་པས་དགོས་པ་ཅི་ཡང་མེད་དེ། དེའི་ཕྱིར་བདག་ལགས་སུ་འདོད་པའི་རྒྱལ་པོས་ཆད ་བདག་པོ་ཅན་མ་ཡིན་པར་བྱ་དགོས་སོ། །བུ་མོ་ལྕེབ་པ་བཞིན་ནོ། །ཕྱུག་པོའི་བུ་མོ་འགའ་ཞིག་ཤི་སྟེ། འབྱོར་བ་ཆེན་པོས་ཕྱིར་འབྱིན་པར་གྱུར་ཏོ། །བུ་མོ་གཞན་ཞིག་གིས་མཐོང་ལ་མཐོང་ནས་ཀྱང་བདག་ལ་ཡང་འདི་ལྟ་བུའི་འབྱོར་བར་འགྱུར་རོ་སྙམ་སྟེ། བདག་ཉིད ་འགག་ཐག་ལ་དབྱངས་ཏེ་སྲོག་དང་བྲལ་བ་ཉིད་དུ་གྱུར་པ་དེ་བཞིན་དུ། རྒྱལ་པོ་ཡང་རྒྱལ་དེ་ཤི་བར་གྱུར་ཀྱང་དེ་ལྟར་རྗེས་སུ་བསྟན་པ་འབར་བར་གྱུར་ཏོ། །ཞེས་གྲགས་པའི་ཆེད་དུ་སྡིག་པ་བྱེད་དོ། །འདིར་བཤད་པ། གལ་ཏེ་མ་རུངས་རྒྱལ་ཤི་ལ། །གྲགས ་པས་ཡོན་ཏན་འགྱུར་ན་ནི། །རྐུན་པོ་མ་རུངས་པ་ལ་ཡང། །ཅི་ཕྱིར་དེ་ལྟར་འགྱུར་མ་ཡིན། །འདིར་སྨྲས་པ། རིགས་དང་ལྡན་པའི་རྒྱལ་བུ་གང་ཡིན་པ་དེ་ཉིད་རྒྱལ་ཐབས་ལ་འོས་ཀྱི་གཞན་ནི་མ་ཡིན་ཏེ། དེའི་ཕྱིར་འདིའི་རྒྱགས་པ་རིགས་སོ། །བཤད་པར ་བྱ་སྟེ། གང་ཚེ་ཀུན་གྱི་དབང་ཕྱུག་ཉིད། །བསོད་ནམས་ཀྱིས་སྐྱེད་དེ་ཡི་ཚེ། འདི་ནི་དབང་ཕྱུག་བརྟེན་མིན་ཞེས། །བརྗོད་པར་རྙེད་པ་མ་ཡིན་ནོ། །གང་དང་གང་ལ་ལོངས་སྤྱོད་ཡང་དག་པར་འགྲུབ་པར་འགྱུར་བའི་ལས་བསོད་ནམས་ཞེས་བྱ་བ་ཡོད་པ། དེ ་དང་དེ་ལ་དབང་ཕྱུག་ཉིད་ཕུན་སུམ་ཚོགས་པར་འགྱུར་ལ། ལས་དེ་ཡང་གཅིག་ལ་ངེས་པ་མ་ཡིན་ནོ། །གང་གི་ཚེ་སེམས་ཅན་འདི་ནི་དབང་ཕྱུག་ཉིད་ལ་བརྟེན་པ་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ན་དེའི་ཚེ། འདི་ལ་འདིས་རྒྱགས་པར་བསྐྱེད་པར་མི་རིཊ ་ཏེ། བཟོ་སློབ་པ་བཞིན་ནོ། །ཇི་ལྟར་བཟོ་སློབ་པ་འཇིག་རྟེན་ན་ཐམས་ཅད་ཀྱི་ཐུན་མོང་སྟེ། གང་འགའ་ཞིག་འདོད་པ་དེ་ཐམས་ཅད་སློབ་པ་དེ་བཞིན་དུ། བསོད་ནམས་དག་བྱས་ན་རྒྱལ་སྲིད་ཐོབ་པོ། །འདིར་བཤད་པ། གང་ཚེ་ལས་བདག་འཇིག་རྟེན་ན། ་རང་བྱས་འབྲས་བུལ་སྤྱོད་པ། །དེ་ཚེ་མི་དབང་བདེ་ཐོབ་པས། །དེ་ལ་ཕྲག་དོག་མི་བྱའོ། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་སྲིད་ཡོངས་སུ་སྐྱོང་བའི་ཆོས་ནི་རྒྱལ་རིགས་ཁོ་ན་ལ་བཤད་ཀྱི། གཞན་རིགས་གསུམ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རིགས་དང་ལྡན ་པའི་རྒྱལ་རིགས་ཁོ་ནས་རྒྱལ་སྲིད་བྱ་དགོས་ཏེ། གཞན་དག་གིས་ནི་མ་ཡིན་ནོ། །དེའི་ཕྱིར་འདིའི་རྒྱགས་པ་རིགས་པ་ཉིད་དོ། །བཤད་པར་བྱ་སྟེ། འཚོ་བའི་ཐབས་སོ་ཅོག་ལའང། །འཇིག་རྟེན་ན་ནི་རིགས་ཤེས་བརྙད། །དེས་ན ་སེམས་ཅན་ཐམས་ཅད་ལ། །རིགས་ལས་དབྱེ་བ་ཡོད་མ་ཡིན། །འདི་དག་ནི་འཚོ་བའི་ཐབས་ཤིག་སྟེ། འདི་ལྟ་སྟེ་རྒྱལ་རིགས་ལ་སོགས་པའི་རིགས་དག་གོ། འདི་ལྟར་བསྐལ་པ་དང་བོར་ནི་སེམས་ཅན་ཐམས་ཅད་ཕྱི་རོལ་གྱི་རྐྱེན་ས་བོན་ལ་མི་བལྟོས་པར་སྐྱེ ་བ་ཉིད་ཀྱི་ཕྱིར་བརྫུས་དེ་སྐྱེ་ཞིང། ཡིད་ཙམ་ལས་སྐྱེས་པའི་ཕྱིར་ཡིད་ལས་བྱུང་བ་རང་གི་འོད་ཅན། རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ་དགའ་བ་ཟ་ཞིང་དགའ་བའི་ཟས་ཅན་ཕོ་དང་མོའི་དབང་པོ་དང་བྲལ་བ་སྟེ། དེའི་ཕྱིར་འདི་དག་ཐམས་ཅད་བརྫུས་ཏེ ་སྐྱེ་བའི་སྐྱེ་གནས་ལས་བྱུང་བ་ཉིད་ཀྱི་ཕྱིར་རིགས་ལས་ཐ་དད་པ་ཉིད་མི་སྲིད་དོ། །དེའི་དུས་ཕྱིས་ནི་ཁཾ་གྱི་ཟས་ལ་ཞུགས་ཤིང་ཇས་ཆེས་རགས་པ་ལ་གོམས་པར་བྱེད་པ་ན། དེའི་རྒྱུ་མཐུན་དབྱུང་བར་བྱ་བའི་གཅིན་དང་ཕྱི་སའི་ལམ་བྱུང་བ། ཕན་ཚུན་ཕོ་དང་མོའི ་དབང་པོས་བྱས་པའི་དབྱིབས་ཐ་དད་པ་ལྟ་བ་ན། ཚེ་སྔ་མར་གོམས་པའི་དབང་གིས་འདོད་པའི་འདོད་ཆགས་སྐྱེ་བ་རྣམས་ལ་ཕན་ཚུན་ལོག་པར་ཞུགས་པས་མངལ་ནས་སྐྱེ་བའི་སྐྱེ་གནས་བྱུང་བར་གྱུར་ཏོ། །དེ་ནས་འཇིག་རྟེན་དུ་སོག་འཇོག་གི་སྐྱོན་གྱིས ་མ་བྱིན་པར་ལེན་པ་ལ་སོགས་པ་ལ་ཞུགས་པས་རང་གི་འཚེ་བའི་བྱ་བའི་ཁྱད་པར་ཁས་བླངས་པ་ལས་རིགས་ཐ་དད་པར་གྱུར་ཏོ། །འདི་ལྟར། སྐྱེ་བོའི་ཚོགས་ཕལ་བོ་ཆེས་ཞིང་བསྲུང་བའི་ཕྱིར་མི་སྤུས་ལ་བབ་པ་ཞིག་བསྐོས་པ་དང། ལས་དེ་ཁས་བླངས ་པས་དེ་ལ་རྒྱལ་རིགས་ཞེས་བྱ་བར་གྲགས་སོ། །ཐུལ་བར་འདོད་པ་གང་དག་དཀའ་ཐུབ་བསྒྲུབ་པར་བྱ་བའི་ཕྱིར། གྲོང་ལས་ཡིད་ཕྱིར་ཕྱོགས་པར་གྱུར་པ་དེ་དག་ལ་ནི་བྲམ་ཟེ་ཞེས་བྱ་བར་གྲགས་སོ། །རྒྱལ་པོ་བཀའ་བཞིན་བྱེད་པ་རྣམས་ནི་རྗེའུ་རིགས་སོ། ། ་རྨོ་བ་ལ་སོགས་པ་ལས་ངན་པ་ལ་སྦྱར་བ་རྣམས་ནི་དམངས་རིགས་ཏེ། དེ་དག་ལ་ཡང་ལས་ཀྱི་ཁྱད་པར་གྱི་ནང་ཚན་ཐ་དད་པ་ལས་ལས་བྱེད་པ་ལ་སོགས་པའི་རིགས་ཐ་དད་པར་གྱུར་ཏོ། །དེ་ལྟ་ན་འཚོ་བའི་ཐབས་སོ་ཅོག་ལ་ཡང། གང་གི་ཕྱིར་འདི་དེ་ལྟ་ཡིན་པ་དེའི་ཕྱིར་སེམས ་ཅན་རྣམས་ལ་རིགས་ཀྱིས་བྱེས་པའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་མེད་པས་རིགས་རྒྱགས་བའི་རྒྱུར་མི་རིགས་ཏེ། བུམ་པ་སར་བའི་རྣམ་གྲངས་བཞིན་ནོ། །ཇི་ལྟར་བུམ་པ་གསར་པ་རྣམ་གྲངས་ཀྱིས་ཇི་ལྟར་འདོད་པ་བཞིན་བྱེད་དེ། འདོད་པའི་སྒོ་ནས་འབྲུ ་མར་གྱི་བུམ་པ་དང་མར་གྱི་བུམ་པའི་བར་དུ་འགྱུར་རོ། །བུམ་པ་ཇི་ལྟ་བ་དེ་བཞིན་དུ་བསྐལ་པ་དང་པོར་ལས་གང་བྱེད་པ་དེ་ལ་རིགས་ཞེས་བརྗོད་དོ། །འདིར་བཤད་པ། རིགས་ངན་ནམ་རིགས་ལྡན་ཡང་སླ། །ལས་གང་གིས་ནི་འཚོ་འགྱུར་བ། །དེ་ནས་བཟུང་སྟེ་དེ ་དེ་ཡི། རིགས་སུ་དུས་ཀྱིས་འགྱུར་བའོ། །འདིར་སྨྲས་པ། གང་གི་ཕྱིར་རུས་བཞི་པོ་བྲམ་ཟེའི་རིགས་དང། རྒྱལ་རིགས་དང། རྗེའུ་རིགས་དང། དམངས་རིགས་དག་རྣམ་པར་གནས་ཏེ། རུས་རྣམ་པར་གནས་པ་དེའི་ཕྱིར་སེམས་ཅན་རྣམས་ལ་རིགས་ཐ་དད་པ་ཞེས་བྱ་བ་ཡོད ་དོ། །བཤད་པར་བྱ་སྟེ། འདས་དུས་ཤིན་ཏུ་རིང་བ་དང། །མི་མོ་རྣམས་ཡིད་གཡོ་བ་སྟེ། །དེ་ཕྱིར་རྒྱལ་རིགས་ཤེས་བྱ་བ། །རིགས་ལས་འགའ་ཡང་ཡོད་མ་ཡིན། །འདི་ན་ཕ་དང་མ་དག་ཅིང་སྐྱེས་ཤིང་སྐྱེས་པ་ལ་རིགས་བརྒྱུད་ཅེས་བྱ་བར་བསྙད་ན་དེ་ནི་རྙེད་པར་དཀའ་ ་སྟེ། བུད་མེད་རྣམས་ལ་འཁྲུལ་པ་མཐོང་བའི་ཕྱིར་རོ། །དེ་ལ་འདས་པའི་དུས་རིང་བ་ཉིད་ཀྱི་ཕྱིར་ལ། བུད་མེད་རྣམས་ཀྱི་ཡིད་ཀྱང་གཡོ་བག་ཅན་ཡིན་བའི་ཕྱིར་དེ་རྣམས་ལ་རུས་གཞན་དང་ཕྲད་པ་ལ་བུ་ཚ་དག་སྐྱེ་སྟེ། དེའི་ཕྱིར་རིགས་ཡང་དག་པར་སུན་ཕྱུང ་དང་འགྱུར་རོ། །དེའི་ཕྱིར་གཡེམ་མ་རྣམས་ཀྱིས་རིགས་སུན་ཕྱུང་བ་རྣམས་ཀྱིས་རིཊ་ཀྱིས་བྱས་ངའི?་རིགས་བརྒྱུད་ཀྱི་ང་རྒྱལ་མི་རིགས་སོ། །དེའི་ཕྱིར་དེ་ལྟར་ན་རྒྱལ་རིགས་ཞེས་བྱ་བ་རིགས་ལས་ཡོང་བ་མ་ཡིན་ནོ། །དེང་སང་གི་རྒྱལ་པོ་དག་ནི་ཕལ་ཆེར་དམངས ་རིགས་ཀྱི་སྐྱེ་གནས་ཅན་ཏེ། དེ་དག་གི་རྒྱགས་པ་ཡང་མི་རིགས་སོ། །མར་ཀནདའི་བུས་རིལ་བ་སྤྱི་བླུགས་བཅོལ་བ་དང་རྒྱས་པ་བཞིན་ནོ། །ཇི་སྐད་དུ་འཇིག་རྟེན་འཇིག་བཞིན་པ་ན་མར་ཀན་དའི་བུ་ཡོངས་སུ་འཁྱམ་པ་ན། ཁྱིམ་རྗེ་བ ་དང་སྤྱི་བླུགས་རྗེ་བར་གྲགས་ཏེ། དེས་བྲམ་ཟེ་ཞིག་གི་ཁྱིམ་དུ་གསེར་གྱི་སྤྱི་བླུགས་ཞིག་གཏམས་ལ། དེ་དུས་རིག་མོ་ཞིག་ན་ཁྱིམ་དང་འོངས་ཏེ། བྲམ་ཟེའི་ཁྱིམ་འདི་ན་སུ་ཡོད་ཅེས་དྲིས་སོ། །དེ་དག་གིས་སྨྲས་པ། འདི་ནི་བྲམ་ཟེའི་ཁྱིམ་མ་ཡིན་གྱི། འདི་ནི་རྒྱལ་རིགས ་ཀྱི་ཁྱིམ་ཞིག་གོ། མར་ཀནདའི་བུས་སྨྲས་པ། གཏམས་པ་ཞིག་ཡོད་དེ། བྲམ་ཟེ་འགའ་ཞིག་གི་གསེར་གྱི་སྤྱི་བླགས་བཞག་གོ། དེ་དག་གིས་གསེར་གྱི་ནི་མེད་ཀྱི། འོན་ཀྱང་དངུལ་གྱི་རང་བཞིན་ཅན་ཞིག་ཡོད་དོ་ཞེས་སྨྲས་སོ། །དེ་དེ་དག་གི་ལག་ཏུ་དེ་གཏམས་ཏེ ་སླར་ཡང་དུས་རིང་པོ་ཞིག་ན་འོངས་ལ། རྗེའུ་རིགས་ཀྱི་ཁྱིམ་དུ་གྱུར་ལ། སྤྱི་བླུགས་ཟངས་ཀྱི་རང་བཞིན་ཅན་དུའོ། །སླར་ཡང་དེ་དག་གི་ལག་ཏུ་བཅོལ་ནས་དུས་གཞན་ཞིག་ན་འོངས་པ་དེ་དམངས་རིགས་ཀྱི་ཁྱིམ་དུ་གྱུར་ལ། སྤྱི་བླུགས་ཀྱང་ལྕགས་ཀྱི་རང ་བཞིན་ཅན་གྱི་བར་དུ་གྱུར་པར་གྲག་གོ། ཇི་ལྟར་གསེར་གྱི་སྤྱི་བླུགས་འདི་དུས་གཞན་དུ་གནས་སྐབས་དེ་དང་དེར་གྱུར་ལ། ཁྱིམ་དེ་ཡང་གནས་སྐབས་ཐ་དད་པས་ཐ་དད་པར་གྱུར་པ་དེ་བཞིན་དུ་འཇིག་རྟེན་གྱི་རིགས་རྗེ་བ་ཡང་ཡིན་ནོ། །དེའི་ཕྱིར་རྒྱལ་རིགས ་ཞེས་བྱ་བའི་རིགས་ལས་འགའ་ཡང་ཡོད་པ་མ་ཡིན་ནོ། །རྒྱས་པ་ཡང་སྤོས་ལྡན་དུ་རྩིབས་ལོགས་སྐྱེས་ཀྱི་སྔ་དྲོ་ཁུ་རྣ་དཀྲིགས་ནས་ཉ་བའི་བུ་མོ་ལས་བསྐྱེད་པར་གྲགས་ཏེ། དེ་ན་གླིང་དུ་སྐྱེས་པས་གླིང་སྐྱེས་ཞེས་ཀྱང་བྱ་ལ། རིག་བྱེད་ལ་ཆགས ་པས་རྒྱས་པ་ཞེས་བྱའོ། །འདིར་བཤད་པ། དུས་ལ་མཛའ་མེད་ཉིད་ཕྱིར་དང། །བུད་མེད་ཚོགས་ནི་གཡོ་ཕྱིར་ཏེ། །དེ་ཡི་ཕྱིར་ན་མཁས་པས་འདིར། །རིགས་ཀྱིས་ང་རྒྱལ་བྱ་མིན་ཉིད། །འདིར་སྨྲས་པ། གལ་ཏེ་རིགས་ཀྱིས་རྒྱལ་རིགས་སུ་མི་འགྱུར་ན། དེའི ་ཚེ་སྐྱེ་དགུ་སྐྱོང་བའི་ལས་ཀྱིས་རྒྱལ་རིགས་སུ་འགྱུར་རོ། །བཤད་པར་བྱ་སྟེ། གལ་ཏེ་ལས་ཀྱིས་དམངས་རིགས་ཀྱང། །རྒྱལ་རིགས་ཞེས་བྱར་འགྱུར་ན་ནི། །ལས་ཀྱིས་དམངས་ཀྱང་བྲམ་ཟེར་ནི། །གང་གིས་འགྱུར་བ་མིན་པར་སེམས། །གལ་ཏེ་ད་ལྟ་རྒྱལ་རིགས་མ ་ཡིན་པ་ཡང་རྒྱལ་རིགས་ཀྱིས་ལས་བྱེད་པ་ན་རྒྱལ་རིགས་སུ་འགྱུར་ན། དམངས་རིགས་ཀྱང་བྲམ་ཟེའི་ལས་བྱེད་ཅིང་ལེན་པ་དང་འདོན་པ་ན་བྲམ་ཟེར་འགྱུར་རོ། །དེ་ལྟ་ཡིན་ན་ཡང་གཞན་ཡང་གཞན་ཡང་གཞན་གྱི་ལས་ལ་སྤྱོད་པ་ན་དེ་ཉི་དུ་འགྱུར་རོ། །དེ་ལ་ལས་ཀྱིས་རྒྱལ་རིགས་སུ ་འགྱུར་རོ་ཞེས་བྱ་བར་གང་འདོད་པ་དེ་མ་ཡིན་ཏེ། གྲུ་ཕ་རོལ་ཏུ་འགྲོ་བ་བཞིན་ནོ། །ཇི་ལྟར་གྲུ་ཕ་རོལ་ཏུ་འགྲོ་བ་དང་འོང་བར་འགྱུར་ལ། དེར་ཀླུང་གི་འགྲམ་གཉིས་ན་འདུག་པ་དག་གྲུ་ཕ་རོལ་ཏུ་སོང་གྲུ་ཕ་རོལ་ཏུ་སོང་ཞེས་སྲ་མོད་ཀྱི། རང་ལས་གྲུབ་པའི་ཕ་རོལ ་ནི་ཅི་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྲམ་ཟེ་འམ་རྒྱལ་རིགས་ཀྱང་མ་གྲུབ་པོ། །གལ་ཏེ་དམངས་རིགས་ལས་ཀྱི་རྒྱལ་རིགས་སུ་འགྱུར་ན་ནི། དེ་བཞིན་དུ་བྲམ་ཟེ་ཡང་ལས་ཀྱིས་དམངས་རིགས་སུ་འགྱུར་ཏེ། རྒྱ་སྐྱེགས་དང་ནི་ལན་ཚྭ་དང། །ཤ ་ཡིས་འཕྲལ་དུ་ཉམས་པར་བྱེད། །འོ་མ་འཚོང་བའི་བྲམ་ཟེ་གང། །ཉི་མ་གསུམ་གྱི་དམངས་རིགས་འགྱུར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡང་ཡིན་ནོ། །འདིར་བཤད་པ། གལ་ཏེ་ལས་ཀྱིས་རུས་འགྱུར་ན། །དེ་ལ་རིགས་ནི་རྒྱུ་མ་ཡིན། །དེ་དག་གཉིས ་ལས་ཀྱང་མིན་ཏེ། །གང་ཕྱིར་རིགས་སྔར་སུན་ཕྱུང་ཟིན། །འདིར་སྨྲས་པ། གང་གི་ཕྱིར་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོས་སྐྱེ་བོ་ཕལ་པོ་ཆེ་ལ་དུས་ལ་བབ་པར་དབང་ཕྱུག་བགེད་པར་བྱ་བར་ནུས་པ་དེའི་ཕྱིར། རྒྱལ་པོས་ཆེས་ཕྱུག་པར་འདོད་པར་བྱ་དགོས་སོ། ། ་བཤད་པར་བྱ་སྟེ། རྒྱལ་པོ་སྡིག་ལ་དབང་ཕྱུག་ལྟར། །བགེད་པ་ཡོད་པ་མ་ཡིན་ན། །གཞན་གྱི་དོན་དུ་མཁས་པ་ནི། །སུ་ཞིག་ཕྱི་མར་འཇོམས་པར་བྱེད། །རྒྱལ་པོས་དུས་རིང་བོར་བསགས་པའི་དབང་ཕྱུག་ཆེན་པོ་སྐྱེ་བོ་ཕལ་པོ་ཆེ་ལ་བགེད་པར་ནུས་པ ་བདེན་མོད་ཀྱི། དེ་ནི་སྐྱེ་བོ་ཕལ་བོ་ཆེ་གཟིར་བ་མེད་བར་སྒྲུབ་པར་མནུས?་ཤིང། སྐྱེ་བོ་ཕལ་པོ་ཆེ་གཟིར་བས་ཀྱང་ངེས་པར་སྡིག་པ་ཆེན་པོར་འགྱུར་ལ། སྡིག་པ་ཆེན་པོ་ལས་ཀྱང་ཕྱི་མར་བདག་ཉིད་ལ་སྡུག་བསྔལ་ཆེན་པོར་འགྱུར་དགོས ་སོ། །ཇི་ལྟར་དབང་ཕྱུག་བགེད་བ་དེ་ལྟར་དེའི་ཆེད་དུ། །ཁ་ན་མ་ཐོབ་བསགས་བ་བགེད་བར་བྱ་བར་མི་ནུས་ཏེ། འོན་ཀྱང་གཅིག་བུ་ཁོ་ནས་སྡུག་བསྔལ་དེ་ཉམས་སུ་མྱོང་བར་བྱ་དགོས་སོ། །དེའི་ཕྱིར་མཁས་པ་སུ་ཞིག་གཞན་ལ་ཕན་གདགས་པར ་ཆུང་དུའི་དོན་དུ་ནོར་བགེད་པར་བྱའོ་ཞེས་དོན་མ་ཡིན་པ་མི་ཆུང་བ་སྟོབ་པ་ལ་མཁས་པའི་ཁ་ན་མ་ཐོབ་ཐུན་མོང་མ་ཡིན་པ་ཉེ་བར་སོག་ཅིང་ཕྱི་མར་བདག་ཉིད་འཇོམས་པར་བྱེད་པར་འགྱུར། །དེའི་ཕྱིར་འདི་ནི་ངོ་ཚ་བའི་གནས་ཡིན་གྱི་དྲེགས་པའི་ནི ་མ་ཡིན་ནོ། །མ་ཧེའི་མཆོད་སྦྱིན་ལྟ་བུ་དང། ཤེན་པའི་བུ་བཞིན་ནོ། །ཇི་ལྟར་མ་ཧེ་མཆོད་སྦྱིན་བྱ་བའི་ཕྱིར་གཅིག་གིས་གསོད་ཅིང་མང་པོ་རྣམས་ཀྱིས་ཟ་བར་འགྱུར་ལ། སྡིག་པ་དེ་ཡང་གསོད་པ་པོ་དེ་ཁོ་ན་ལ་འགྱུར་བ་དེ་བཞིན་དུ། རྒྱལ་པོ་རྒྱལ་སྲིད ་ཀྱི་ཕྱིར་སྡིག་པའི་ལས་བྱེད་ཅིང། ལོངས་སྤྱོད་ནི་མང་པོ་ཞིག་གིས་ལོངས་སྤྱོད་ལ། དེས་བྱས་པའི་སྡིག་པ་ངན་འགྲོར་འབྲས་བུ་ཤིན་ཏུ་མི་བཟད་པ་ཅན་ནི་རྒྱལ་པོ་དེ་ཉིད་ལ་འགྱུར་རོ། །ཡང་ཇི་ལྟར་ཤེན་པའི་བུ་ཞིག་སྡིག་པ་ལ་འཇིགས་པས ་རི་དགས་ལ་སོགས་པ་རྣམས་གསོད་བར་མི་བྱེད་པ་དང། དེ་ལ་གཉེན་འགབ་ཀྱིས་ཁྱོད་སོང་ཅིག། དེང་གང་ཆོས་མ་ཡིན་པར་འགྱུར་བ་དེ་ནི་འོ་སྐོལ་ཐམས་ཅད་ལ་ཐུན་མོང་ཉིད་དུ་འགྱུར་རོ་ཞེས་སྨྲས་པ་དང། དེས་ཐབས་ཀྱིས་བདག་གི་མགོ ་ལ་ཚོར་བའི་སྡུག་བསྔལ་ཆེན་པོ་ཞིག་ཡོད་ཀྱིས་དེ་བགོས་ཤིག་ཅེས་སྨྲས་སོ། །དེ་དག་གིས་སྨྲས་བ་མི་ནུས་སོ་དེས་སྨྲས་པ། དེའི་ཕྱིར་ཇི་ལྟར་ངན་འགྲོའི་ཚོར་བ་སྡུག་བསྔལ་ཐུན་མོང་ཉིད་དུ་འགྱུར། འདིར་བཤད་པ། གཞན་དུ་བདེ་བ་འདོད་བའི་མིས། ་འཇིག་རྟེན་འདི་རུ་སྨད་ཅིང། །ཕ་རོལ་ཏཱུང་བདེ་བ་ནི། །འདྲེན་པ་གང་ཡིན་དེ་བྱའོ། །འདིར་སྨྲས་པ། འདིར་དབང་ཕྱུག་ཆེན་པོ་ལ་གནས་པའི་རྒྱལ་པོས་གདོན་མི་ཟ་བར་རློམ་པ་ཆེན་པོ་ཉིད་དུ་འགྱུར་བར་བྱ་དགོས་སོ། །བཤད་པར་བྱ་སྟེ། དབང་ཕྱུག་གིས་བསྐྱེད་ང ་རྒྱལ་ན། །མཉམ་དར་ཁྱད་པར་འཕགས་པ་ཡི། །ཕ་རོལ་ནུས་ལྡན་བལྟ་བྱ་སྟེ། །དམ་པའི་སྙིང་ལ་མི་གནས་སོ། །བདག་ཉིད་ལ་གཞན་པས་མཆོག་ཏུ་བྱུང་བ་མཐོང་བ་ནང་རྒྱལ་དུ་འགྱུར་ན། དེ་ནི་གཞན་ལ་བལྟོས་པས་མི་གནས་པའི་ཕྱིར་མཁས་པ ་རྣམས་རློམ་པར་མི་འགྱུར་རོ། །དེའི་ཕྱིར་འགྲོ་བ་ལ་ཕན་པ་བསྐྱེད་པར་འདོད་པས་ང་རྒྱལ་སྤངས་ཏེ། བླ་མ་དག་ལྟ་བུ་འམ། རྗེའོ་བཞིན་དུ་གཞན་ལ་ཁྱད་དུ་བསད་པར་མི་བྱའོ། །དེའི་ཕྱིར་དེ་ལྟར་བྱེད་པན་དེ་དག་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྣོད་དུ ་འགྱུར་ཏེ། འགྲོ་བ་རངས་པ་མགུ་བར་བྱེད་པར་ཞུགས་པ་ཉིད་ཀྱི་ཕྱིར་རོ། །ནོར་འཛིན་གྱི་ཆུང་མ་བཞིན་ནོ། །བྲམ་ཟེ་ནོར་འཛིན་ཞེས་བྱ་བལ་ཆུང་མས་བདག་དང་གཟུགས་མཉམ་པའི་བད་མེད་ནི་ས་སྟེང་ན་འགའ་ཡང་མེད་མོད་ཀྱི། ཁྱོད་ནི་ང་ལ་འཚམ་པའི་གོས ་དང་རྒྱན་གྱིས་བརྗེད་པར་མི་བྱེད་དོ་ཞེས་སྨྲས་སོ། །དེས་དེ་ཐབས་ཀྱིས་རྒྱལ་པོ་དྲག་པོ་ཞེས་བྱ་བའི་བཙུན་མའི་འཁེར་དུ་བཅུག་གོ། དེར་མི་གྲོ་མ་མཐོང་ནས་དེའི་གཟུགས་ཀྱི་དྲེགས་པ་དེ་ཉམས་པར་གྱུར་ཏེ། རྒྱལ་པོའི་བཙུན་མོ་ལྟ་ཅི་སྨོས། །དེ་བཞིན་དུ་རྒྱལ་པོས ་ཀྱང་བདག་དང་མཉམ་པ་དང། ཁྱད་པར་དུ་འཕགས་པ་མཐོང་ནས་རྒྱགས་པ་དང། བདག་ཏུ་འཛིན་པ་ཡོངས་སུ་དོར་བར་རིགས་སོ། །འདིར་བཤད་པ། རེ་ཞིག་རྒྱལ་པོས་རྒྱལ་དམན་ལ། །ང་རྒྱལ་བྱ་བར་མི་རིགས་ན། །མཉམ་དང་ཕུལ་ཕྱུང་མི་བདག་ལ། །ང་རྒྱལ ་གོ་སྐབས་ག་ལ་ཡོད། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བ་ཞིབ་རྒྱ་བ་ལས། བདག་ཏུ་འཛིན་པ་སྤང་བའི་ཐབས་སྒོམ་པ་བསྟན་བཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།། །། ་འདིར་སྨྲས་པ། ཡང་ལེགས་བར་བཤད་པའི་རིན་པོ་ཆེའི་ཁྱད་པར་འཇིག་རྟེན་པའི་དོན་གྱི་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་སྟོན་པར་བྱེད་པ་འདོད་ཆགས་དང་བྲལ་བའི་རྒྱུ་འདི་དག་གང་ལས་རྙེད། བཤད་བར་བྱ་སྟེ། སངས་རྒྱས་བཅོམ་ལྡན ་འདས་རྣམས་ལས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱང་ཅི་འདྲ་བ་ཞིག་ཅེ་ན། ཐུགས་རྗེ་ཆེན་པོས་ནོང་པས་འགྲོ་བ་མ་ལུས་པའི་དོན་སྒྲུབ་པའི་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་ལྷུར་མཛད་པ་རྣམས་སོ། །འདི་ལྟར། སངས ་རྒྱས་རྣམས་ཀྱི་གཡོ་བ་ནི། །རྒྱུ་མེད་འགའ་ཡང་ཡོད་མིན་ཏེ། །དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འགྲོ་བ་ཐམས་ཅད་རྗེས་སུ་བཟུང་བའི་དགོངས་པས ་འཕངས་བའི་ཕྲིན་ལས་ཀྱིས་སྤྲུལ་པ་ཉིད་ཀྱི་ཕྱིར་རྐྱེན་ཇི་ལྟ་བ་བཞིན་འབྲས་བུ་འབྱིན་ཞིང་འགྲོ་བ་ལ་དམན་པ་སྒྲུབ་པ་འབྱུང་བ་ལ་མཁས་པའི་གཡོ་བདག་གིས་འགྲོ་བ་ཁམས་གསུམ་པོ་ནམ་མཁའ་ཨི་མཐར་ཐུག་པ་ན་གནས་པ་མཛའ་དག་ལ་སྨན ་འདོགས་པར་མཛད་དོ། །སྐུ་ཡོངས་སུ་བསྐྱོད་པའི་མཚན་ཉིད་ཅན་གྱི་གཡོ་བ་གང་ཞིག་སེམས་ཅན་མ་ལུས་པ་སྨན་མི་འདོགས་པ་དེ་ནི་འགའ་ཡང་མངའ་བ་མ་ཡིན་ཏེ། ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། འོད་ཟེར་བརྒྱ ་སྟོང་དཔག་ཏུ་མེད་པ་དག། ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་མཐིལ་ནས་བྱུང། །སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་གྱུར། །སྡུག་བསྔལ་མེད་པར་བྱས་ནས་བདེ་བ་མྱོད། །དེར་ནི་སྟོབས་བཅུ་ལྡན་བས་ཆོས་བཤད་པས། །ལྷ་དང་མི ་ཡི་མིག་ཀྱང་རྣམ་པར་དག་སྲོག་ཆགས་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས། ཐམས་ཅད་སངས་རྒྱས་ཡེ་ཤེས་ངེས་པར་གྱུར། ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ། རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་སྟེ། དམུས་ལོང་གྱུར་པའི ་མི་གང་ཅི་ཡོད་དང། །རྣ་བས་མི་ཐོས་མགོན་མེད་བསོད་ནམས་ཆུང། །དེ་དག་ཐམས་ཅད་མིག་དང་རྣ་བ་ཐོབ། རྒྱལ་བས་སྒོ་ཡི་ཐེམས་སྟེང་ཞབས་བཞག་ཆེ། །གཤིན་རྗེའི་ཡུལ་གྱི་ཡི་དགས་གང་ཡོད་པ། །ཤིན་ཏུ་སྡུག་བསྔལ་དར་སྣབས་མཆིལ་མ་ཟ ་ཐམས་ཅད་འོད་ཀྱིས་རེག་པས་བདེ་བར་འགྱུར། ཞེས་རྒྱས་པར་གསུངས་བ་ལྟ་བུའོ། །རེ་ཞིག་གཡོ་བལྟ་ཞོག་ཅིག། སྐུལ་བར་བྱེད་པའི་སེམས་དཔའ་ཨི་ཁྱད་པར་གྱི་འཕེན་པ་ལ་མི་བལྟོས་པར་རང་གི་ངང་གིས་འབྱུང་ཞིང། བལྟམ་པ་ནས་བཟུང ་སྟེ་མྱ་ངན་ལས་འདས་པའི་བར་དུ་ཉིན་མཚན་དུ་རྗེས་སུ་འཇུག་པའི་དབུགས་གང་ཡིན་པ་དེ་ཡང་སྐྱེ་བ་དང་ལྡན་པ་འདི་དག་ལ་སྨན་པའི་སླད་དུ་རབ་ཏུ་འཇུག་པ་ཁོ་ནའོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དབུགས་ངག་ནི་བྱུང་ནས ་སེམས་ཅན་དམྱལ་བའི་སྣོད་རྣམས་ཀྱི་སྟེང་དུ་སྤྲེན་ནག་པོ་ཆེན་པོའི་དུད་པའི་མིག་སྨན་གྱི་ཕུང་པོ་ཆེན་པོ་དང་འདྲ་ཞིང། སེམས་ཅན་དམྱལ་བའི་སྐྱེ་བོའི་ཡིད་འཕྲོག་པ། དམྱལ་བའི་སྣོད་ཀྱི་དཀྱིལ་འཁོར་མ་ལུས་པ་ཁེབས་པ། འབྲུག་སྒྲ་ཆེས་སྙན ་ཞིང་གསལ་ལ་བར་མཚམས་མེད་པ་ངག་གིས། སེམས་ཅན་དམྱལ་བའི་མེ་ལྕེ་ཕྲད་པས་ཀུན་ནས་བསྐོར་བའི་སེམས་ཅན་དམྱལ་བ་རྣམས་ཚིམ་པར་བྱེད་པ། ཆར་གྱི་ཚོགས་ཤིན་དུ་རོ་ཞིམ་ཞིང་བསིལ་བ་དག་གིས་སེམས་ཅན་དམྱལ་བའི་མེའི ་ཕུང་པོ་འཇིལ་བར་བྱེད་པ་དག་ཏུ་ཡོངས་སུ་འགྱུར་བ་ཡིན་ལ། །དེའི་རྐྱེན་གྱིས་དེས་སྡུག་བསྔལ་བའི་སེམས་ཅན་དམྱལ་བ་ཁོ་བོ་ཅག་ལ་གང་གི་མཐུས་འདི་ཉེ་བར་ལྷགས་སྙམས་དུ་སྙིང་ལ་སྤྱོད་པར་གྱུར་ཅིང། །མདུན་དུ་དེ་བཞིན་གཤེགས་པའི ་གཟུགས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་མཐོང་བས་སེམས་ཅན་གྱི་རྒྱུད་རངས་པ། སངས་རྒྱས་བཅོམ་ལྡན་འདས་ལ་མངོན་པར་དད་པའི་རྒྱུས་མི་དགེ་བའི་ལས་ཀྱི་ཕུང་པོ་མ་ལུས་པ་བསྲབས་ཤིང། དེའི་རྒྱུ་ཉིད་ཀྱི་ཐར་པའི་ཆ་དང་མཐུན་པའི་དགེ་བ ་ཡང་དག་པར་འཕངས་པ་རྣམས་ལ་གཏན་དུ་ཕན་འདོགས་པའི་ཕྱིར་ན། དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་ཡང་དག་འབྱུང། །དེ་བཞིན་དུ་གཞན་འཆག་པ་དང་བཞེངས་པ་དང། བཞུགས་པ་དང་གཟིམས་པའི ་སྤྱོད་ལམ་དག་ལ་ཡང་ལུང་ཇི་ལྟ་བ་བཞིན་སྦྱར་བར་བྱའོ། །དེའི་ཕྱིར་དེ་ལྟར་ན་བློ་གྲོས་དང་ལྡན་པ་འཁོར་བའི་སྐྱོན་དེས་ཤིང་དེ་ཟད་པར་བྱ་བའི་ཕྱིར་བརྩོན་པས་རྣམ་པ་ཐམས་ཅད་དུ་ཇི་སྐད་བསྙད་པའི་ལེགས་པར་བཤད་པའི་རིན་པོ་ཆེའི་བརྟེན་ས་གསུམ་གྱི ་བློ་མ། སངས་རྒྱས་བཅོམ་ལྡན་འདས་སྲིད་པ་གསུམ་གྱིས་སྐྱེ་བོ་ཡོངས་ལ་བུ་གཅིག་པ་སྡུག་པ་ལྟར་རོ། །བྱམས་པར་ལྷག་པར་ཉེ་བར་བསྣམས་པ་ལ་དད་པ་སྔོན་དུ་བཏང་སྟེ་ཡིད་བཏད་པར་འོས་སོ། །རྩིབ་ལོགས་སྐྱེས་ཀྱི་དགེ་སློང་བཞིན་ན། །རྩིབ་ལོགས ་སྐྱེས་ཀྱི་རིགས་སུ་གཏོགས་པའི་དགེ་སློང་འགའ་ཞིག་ཡོད་ལ་འཁྲུལ་འཁོར་གྱི་སློབ་དཔོན་ཞིག་གིས་བདག་གིས་ཁྱོད་ལ་བསོད་སྙོམས་སྦྱིན་གྱིས། ཁྱོད་ཀྱིས་བདག་གི་ཁྱིམ་དུ་དབྱར་བྱེ་དགོས་སོ་ཞེས་འགྲོན་དུ་གཉེར་བར་གྱུར་ཞིང། དེའི་ཁང་བཟངས་ཀྱི་འོག ་ནས་འཁྲུལ་འཁོར་གྱི་བྱ་བ་བྱ་བའི་ཕྱིར་འཁྲུལ་འཁོར་དག་མང་དུ་ཡོད་པར་ཡང་གྱུར་ཏོ། །དེ་ནས་དེས་དགེ་སློང་དེ་འདི་ཇི་ལྟར་འདོད་པ་དེ་ལྟར་སྡོད་ཅིག་ཅེས་ཁང་བཟངས་ཁོ་ནར་བཞག་གོ། དབྱར་གྱི་དུས་སོད་བ་དང་རྫད་བའི་ཕྱིར་དེ་ལ་ཆོས་གོས ་ཀྱི་རིན་བྱིན་ཏེ་ལས་ཀྱི་གླ་བྱིན་པར་གྱུར་ཏོ། །དགེ་སློང་གིས་བདག་གིས་ཁྱོད་ཀྱི་ལས་རྩི་ཡང་མ་བྱས་བར་ཉིའི?་གླ་བླད་བར་བྱ་ཞེས་སྨྲས་པ་དང། དེ་ཁྱོད་ཀྱིས་ཡུད་ཙམ་ཡང་ཁྱིམ་འདིར་ལས་མེད་པར་སྤྱོད་ལམ་གང་གིས་ཀྱང་མ་བསྡད་དོ་ཞེས་སྨྲ་ཞིང། དེ ་ལ་འཁྲུལ་འཁོར་དང་དེ་སྒྲུབ་པའི་ཁེ་ཡང་སྟོན་པར་བྱེད་པར་གྱུར་ཏོ། །ཇི་ལྟར་དགེ་སློང་དེ་ལ་དེའི་འཁྲུལ་འཁོར་བསྐོར་བས་གང་ཞིག་དེ་ལ་འཁོར་བའི་ཕྱིར་བྱུང་བ་མ་ཡིན་པའི་སྤྱོད་ལམ་འགའ་ཡང་མེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན ་འདས་ལ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་གང་ཞིག་འགྲོ་བ་ཐམས་ཅད་ལ་དོན་ཆུང་དུ་མ་ཡིན་པ་འམ། །དོན་མ་ཡིན་པ་སེལ་བར་མི་འགྱུར་བ་འགའ་ཡང་མི་མངའ་ཨོ། །བཤད་པ། ཐུགས་རྗེ་ཆེས་དྲངས་རྣམ་དག་མཁྱེན་མངའ་བའི། །ཐུབ་ལ་རང་དོན་སྐུ་གསུང ་ཐུགས་འཇུག་པ། །མི་མངའ་དོན་མེད་པ་ཡང་མ་ཡིན་ཏེ། གཞན་དགེ་ཉིད་ཀྱི་ཕྱིར་ནི་འཇུག་པར་འགྱུར། །དེ་ལ་ཉེ་བར་བསྙེན་པ་རྣམས་ནི་འཆི་བའི་འཇིགས་པ་ལ་ཐུག་པ་སྡུག་བསྔལ་ཐམས་ཅད་ལས་འདའ་བར་འགྱུར་རོ། །འདི་ལྟར། འཇིག་རྟེན་ཀུན་ལ་འཆི ་བདག་སྒྲ། །ཇི་ལྟར་འཇིགས་པ་བསྐྱེད་འགྱུར་བ། །དེ་བཞིན་ཀུན་མཁྱེན་སྒྲ་འདི་ནི། །འཆི་བདག་ལ་ཡང་འཇིག་པ་བསྐྱེད། །གང་གི་ཕྱིར་དེ་བཞིན་གཤེགས་པའི་ལམ་ལ་ཡང་དག་པར་རྗེས་སུ་སྒྲུབ་པ་པོར་གྱུར་པ་རྣམས་དེའི་ཡུལ་གྱི་མཚམས་ལས་འདས་ཤིང། ་དེ་བཞིན་གཤེགས་པའི་མཚན་ཐོས་པ་ལས་དེ་ལྟར་རྗེས་སུ་སྒྲུབ་པའི་ས་བོན་དགེ་བའི་རྩ་བ་རྣམས་ཀྱང་སྐྲུན་པར་བྱེད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་གང་དག་དེའི་མཚན་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བ ་ཞིག་གིས། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །བཙོན་བཏང་བས་དབང་དུ་བྱས་པ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་བུ་སྐྱེས་པ་དང་བཙོན་རིལ་གྱིས་དོད་སྤྲུག་པར་དྲིལ་བསྒྲགས་པར་གྱུར་ལ། སྒྲ་དེས་ཀྱང་འཇིག་རྟེན ་ཐམས་ཅད་དགའ་བར་འགྱུར་རོ། །དེར་བཙོན་ལ་དབང་དུ་བྱས་པ་ནི་བཙོན་གཏོང་བའི་སྒྲ་ཐོས་ནས་འཇིགས་ཤིང་རིམས་ནད་ཀྱིས་ཐེབས་པ་བཞིན་དུ། དེ་བཞིན་གཤེགས་པ་བྱུང་ན་བདུད་མ་གཏོགས་པའི་སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། སངས ་རྒྱས་ཞེས་བྱའི་སྒྲ་འདི་ཉིད། གང་དག་རྣ་བར་གྲག་འགྱུར་བ། །ཐམས་ཅད་རྣམ་པར་ཐར་བྱའི་ཕྱིར། །དེ་ཉིད་རྒྱུ་རུ་འགྱུར་བའོ། །དེ་ནས་སངས་རྒྱས་ཞེས་བྱ་བ་འདི་ཅི་ཞིག་།གང་དག་གིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུང་པའོ། །ཆོས་ཐམས ་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པས་ཤེས་བྱ་ཐམས་ཅད་ལ་བློ་ཁ་བྱེ་བས་རྣམ་པར་རྒྱས་པ་ལ་སངས་རྒྱས་ཞེས་བྱ་སྟེ། དཔེར་ན་པདྨ་རྒྱས་པ་བཞིན་ནོ། །ཡང་ན་ཉིད་ཀྱིས་ཐུགས་སུ་ཆུད་ཅིང་ལྷ་དང་མིས་མ་རྫོགས་པ ་རྣམས་རྟོགས་པར་མཛད་པས་ན་སངས་རྒྱས་ཡིན་པའམ། མ་རིག་པའི་གཉིད་མ་ལུས་པ་དང་བྲལ་བས་རྣམ་པར་སད་པ་ན་སངས་རྒྱས་ཏེ། སྐྱེས་བུ་གཉིད་སད་པ་བཞིན་ནོ། །ཡང་ན་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སངས་རྒྱས་སོ། །དེ་ཉིད་ནི ་བཅོམ་ལྡན་འདས་ཏེ། བདུད་བཞི་བཅོམ་པའི་ཕྱིར་རམ། ཆེན་པོ་རྣམ་པ་དྲུག་ཉིད་ལ་མངའ་བས་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རམ། སྐལ་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ཐུགས་ཐམས་ཅད་ལ་ཐོགས་པ ་མི་མངའ་བ་ཉིད་ཀྱི་ཕྱིར་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །གལ་ཏེ་ལུང་དུ་མ་བསྟན་པའི་དངོས་པོ་བརྔ་མི་སྤྲོད་པའི་ཕྱིར་འདི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་འགྱུར་བ་མ་ཡིན་ནམ། འདི་ལྟར་འཇིག་རྟེན་རྟག་ཅེས་བྱ་བ་ལ་སོགས་པཱི ་དྲི་བ་བཅུ་བཞི་དེ་བཞིན་གཤེགས་པ་ལ་དྲིས་པ་ན་ཡང་མི་གསུང་བར་གྱུར་ཏོ་ཞེ་ན། བཤད་པར་བྱ་སྟེ། དེ་ལྟར་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་མི་འགྲུབ་སྟེ། གང་གི་ཕྱིར། ཐུབ་ལ་མཛད་དང་མཇད་མིན་དང། །གསུང་བྱ་གསུང་བྱ་མིན ་མདའ་བ། །དེས་ན་ཀུན་མཁྱེན་ཀུན་མཁྱེན་ནི། །མིན་ཞེས་བྱ་ལ་རྒྱུ་ཅི་ཡོད། །དེ་ལ་མཛད་པ་ནི་མཛད་པར་འོས་པ་ཡིན་ཏེ། མཛད་མིན་ནི་མཛད་པར་མི་འོས་པ་སྟེ། འདི་གཉི་ག་ཡང་ཐུབ་པ་ལ་མངའ་ཨོ། །དེ་ལ་མཛད་པ་ནི་སེམས་ཅན་རྣམས ་བདེ་འགྲོ་དང་ཐར་པའི་རྒྱུ་ལ་ངེས་པར་སྦྱར་བ་ཡིན་ལ། མཛད་མིན་ནི་གཞན་དག་ལ་གནོད་པའོ། །གསུང་བར་བྱ་བ་དང་གསུང་བར་བྱ་བ་མ་ཡིན་པ་ཡང་མངའ་སྟེ། གསུང་བྱ་ནི་གཞན་ལ་ཕན་པར་སྒྲུབ་པར་བྱེད་པའི་བཀའ་ཨོ། །གསུང་བྱ ་མ་ཡིན་པ་ནི་།གནོད་པ་སྒྲུབ་པར་བྱེད་པའོ། །འདི་ཡང་ཐུབ་པ་ལ་མངའ་ཨོ། །མཛད་བྱ་དང་མཛད་བྱ་མ་ཡིན་པ་དང། གསུང་བར་བྱ་བ་དང་གསུང་བར་བྱ་བ་མ་ཡིན་པ་འདི་སུས་ཡོངས་སུ་གཅོད་པར་ནུས་ཤེ་ན། གང་གི་ཡེ་ཤེས་སྤྱོད་པ་མཛའ་ཡས་བའི་དབྱེ་བས་ཕྱེ་བའི་སེམས ་ཅན་གྱི་ཕུང་པོ་ལ་ཐོག་པ་མི་མདའ་བར་ཇི་ལྟ་བ་བཞིན་འཇུག་པས་སོ། །དེ་ནི་རྣམ་པ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས་མཛད་པ་མཛད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ལ། མཛད་པ་མ་ཡིན་པ་ནི་མཛད་པ་མ་ཡིན་པར་རོ། །གསུང་པར་བྱ་བ་ཡང ་གསུང་བར་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ལ། གསུང་བར་བྱ་བ་མ་ཡིན་པ་ཡང་གསུང་བར་བྱ་བར་མ་ཡིན་པར་རོ། །དེའི་ཕྱིར་དེ་ལྟར་ཡང་དག་བར་ཇི་ལྟ་བ་བཞིན་གཟིགས་པ་དེའི་སེམས་ཅན་རྣམས་ཇི་ལྟར་འདོད་པ་བཞིན་བདེ་འགྲོ་དང་ཐར་པའི ་རྒྱུ་ལ་འགོད་པ་དོན་ཡོད་པར་འགྱུར་རོ། །དེ་མངོན་པར་མི་ཤེས་པ་ནི་མ་ཤེས་པ་དང་ཕྱིན་ཅི་ལོག་ཏུ་ཤེས་པ་དང། ཐེ་ཚོམ་གྱི་ཤེས་པ་དག་གིས་འདོད་པའི་དོན་སྒྲུབ་པར་མི་བྱེད་དོ། །དེའི་ཕྱིར་གསུང་བར་བྱ་བ་མ་ཡིན་པའི་དོན་བཀའ་མ་སྩལ་བ་ཉིད་ལས་འདི ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་ངེས་པར་མི་ནུས་སོ། །དོན་ཟབ་མོར་གྱུར་བ་དྲི་བ་ནི་ཇི་ལྟ་འམ་དེ་ལྟ་ཡང་རུང་སྟེ། དྲི་བར་བྱ་བ་ལ་འདྲི་ན། དྲི་བར་བྱ་བར་གྱུར་བས་དྲི་བ་པོའི་ཉམས་དང་ཉམས་མེད་པ་ཤེས་པར་བྱ་སྟེ་དྲི་བའི་ལན་གདབ་པར་བྱའོ། ། ་བཅོམ་ལྡན་འདས་ཀྱིས་ནི་འདྲི་བ་པོའི་དོན་ཟབ་མོ་ཁོང་དུ་ཆུད་བའི་མཐུ་མེད་པ་ལས་དྲི་བའི་དོན་རྟོགས་པར་མི་ནུས་པ་ཉིད་གཟིགས་པ་ཡང་ཡིན་ཏེ། དེ་ལ་ནི་ལུང་དུ་མ་བསྟན་པ་ཁོ་ན་མཛེས་སོ། །ཟབ་མོའི་ཆོས་ལ་ལྟག་པར་མོས་པ་ལ་ནི་ལུང་སྟོན་པ་ཡང ་ཡིན་ཏེ། དེ་ལ་ངེས་ཕན་འདོགས་པ་ཉིད་ཀྱི་ཕྱིར་རོ། །གང་སྐྱེ་བོ་སྣོད་དུ་མ་གྱུར་པ་ལ་ཟབ་མོའི་ཆོས་མི་གསུང་བ་འདི་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ཁ་ཅིག་གིས། །དུས་དང་བསམ་པ་མཁྱེན་ཁྱོད་ཀྱིས། །ལ་ལར་དྲིས་ཀྱང་མི ་གསུང་ལ། །ཉེར་བྱོན་ནས་ཀྱང་གསུང་མཛད་ཅིང། །གཞན་དུ་བཀུག་ནས་གསུང་བར་མཛད། ཅེས་བཤད་དོ། །ཐམས་ཅད་མཁྱེན་པ་ཉིད་ལ་རྒྱུར་གྱུར་པ་གང་ཡིན་པ་དེ་ཉིད་བློ་བླུན་པ་ལ་དེའི་ཐམས་ཅད་མཁྱེན་པ་མ་ཡིན་པའི་རྒྱུར་འགྱུར་བས། ་རྨོངས་བས་མ་བྱས་པ་ཅི་ཞིག་ཡོད། རྒྱལ་བུ་བསྙིངས་བྲལ་དང་འགྲོན་པ་འགུགས་པ་བཞིན་ནོ། །ཇི་ལྟར་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་རྒྱལ་བུ་གཞོན་ནུ་བསྙེངས་བྲལ་གྱིས་གཅེར་བུ་པས་སྤང་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་གང་གིས ་གཞན་དག་ཁྲོ་བར་འགྱུར་སྡང་བར་འགྱུར་འཁྲུག་པར་འགྱུར་ཞིང། ཁྲོ་བ་འམ་ཞེ་སྡང་དམ་ང་རྒྱལ་ལམ་གཏི་མུག་གིས་ཡིད་མི་ཆེས་པར་འགྱུར་བ། གཞན་ལ་མི་སྙན་པ་དང། མི་འདོད་པ་དང་མི་མཛེས་པ་དང་ཡིད་དུ་མི་འོང་བར་འགྱུར་བའི་ཚིག ་གང་ཡིན་པ་དེ་གསུང་དམ་ཞེས་ཞུས་པ་དང། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་ལ་ནི་མགོ་གཅིག་ཏུ་མ་ཡིན་ཏེ། གང་ཕན་པ་བྱེད་པ་དེ་ནི་རེས་འགའ་གསུང་ངོ་ཞེས་རྒྱ་ཆེར་གསུངས་སོ། །གལ་ཏེ་ཐམས་ཅད་མཁྱེན་པ་གསུང་བར་བྱ་བ་མ་ཡིན་པ་མི་གསུང་ན། ་ཇི་ལྟར་ལྷས་སྦྱིན་ལ་བརྩམས་ཏེ། དེའི་ཚེ་གོས་དུམ་ཅན་གྱི་བུ་མཆིལ་ཟན་ལ་ཅི་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པར་འགྱུར་ཞེ་ན། བཤད་པར་བྱ་སྟེ། འདི་དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་དགོངས་པ་བཙལ་བར་བྱ་དགོས་སོ། །འདི་ནི་གཞན་ལ་དོན་མ་ཡིན་པ་སྒྲུབ་པར་བྱེད་པའི་གསུང ་མ་ཡིན་ཏེ། དེ་ལྟར་མ་དགོངས་པའི་ཕྱིར་རོ། །གལ་ཏེ་མི་སྙན་པ་ཐོས་པས་སྡུག་བསྔལ་ཉེ་བར་སྒྲུབ་པ་ཙམ་གྱི་དགོངས་པ་ཁོ་ནས་དེ་སྐད་གསུངས་པར་གྱུར་ན་ནི་དེ་ལྟ་ཡིན་པ་ཞིག་ན། འདི་ནི་དགོངས་པ་དེས་གསུངས་པ་མ་ཡིན་གྱི། འོན་ཀྱང་སྡིག་པ་ལ ་འཇུག་པ་བསྐྱུང་བའི་ཕྱིར་གསུངས་སོ། །འདི་ལྟར་གལ་ཏེ་མཐོང་བའི་དུག་དྲག་པོ་སྤྲོ་བའི་སྦྲུལ་དག་ལྟར་འགྲོ་བའི་དགེ་བའི་ཕྱོགས་ཟད་པ་ལ་མཁས་ཤིང། མངོན་པར་རློམ་པས་འགྱིད་ཚུལ་དྲག་པོ་བསྟན་པ་འགྲོ་བ་ཡང་དག་པའི་ལམ་ལས་སྐྲག? ་པར་བྱེད་པ་འཁོར་བའི་འབྲོག་དགོན་པ་ཆེན་པོ་མུ་མཛའ་མེད་པ་སྟོན་པར་བྱེད་པ་དག་ལ་དེ་སྐད་མ་གསུངས་ན་ནི་དེའི་ཚེ། དེ་དག་གི་ཁ་ན་ལས་པའི་འཇིག་རྟེན་ཕུང་བར་འགྱུར་ལ། གང་གི་ཚེ་གཞན་ལ་སྨན་པའི་མཛད་པ་ལ་འབབ་པ་ཐུགས་རྗེ་མངའ་བ་རྣམས་ཀྱིས་ཆོས་དང་མཐུན་པས་རྒོལ་བས་ཞུཾ? ་པར་མཛད་པ་དེའི་ཚེ་ནི་ཤིན་ཏུ་སྨན་བཏགས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་སྨན་གདགས་པའི་དགོངས་པས་ཀུན་ནས་བླང་བ་ཉིད་ཀྱི་ཕྱིར་དེ་དོན་མ་ཡིན་པ་འདྲེན་པའི་གསུང་མ་ཡིན་ནོ། །རྒྱལ་པོ་འགའ་ཞིག་བྲཾ་ཟེ་ནོར་འབྱོར་པ་ཞིག་ཆད་པས་བཅད་བར་འདོད་པས། ཁྱོད་ཀྱི་ཁྱིམ་ན་ཁྲོན་པ་ལགས ་མོ་ཞིག་འདུག་པས་དེ་ངེད་ཅག་ལ་དགོས་ཀྱིས། དེ་མྱུར་དུ་ཐོང་ཞིག་།དེ་ལྟ་མ་ཡིན་ན་ཁྱོད་ལ་ཆད་པར་འགྱུར་རོ་ཞེས་སྨྲས་པ་དང། དེ་ནས་བྲམ་ཟེ་དེའི་བུ་མོ་ཞིག་གིས། ནོར་གྱིས་ནོར་རྣམས་འགུགས་བྱེད་ཅིང། གླང་པོ་ཆེས་ཀྱང་གླང་ཆེན་ཏེ། །རྒྱལ་བ་ཁྲོན་པ་མངག་འཚལ་ལོ། །དེ་ནས་ཁྲོན་པ་འོད་བར་འགྱུར། ཞེས ་གསོལ་ཏོ། །ཇི་ལྟར་ཐབས་འདིས་ཁྲོན་པ་བཏང་བར་མི་ནུས་པས་བྱས་པས་ཆད་པ་བྲལ་བར་བྱས་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཐབས་མཁས་པས་འགྲོ་བའི་དོན་མ་ཡིན་པ་བསལ་འཁའི་ཕྱིར་རེ་འགའ་མི་སྙན་བའི་གསུང་ཡང་བཀའ་?་སྩོལ་བར་མཛད་ལ། དེར་ཁ་ན་མ་ཐོབ་ཡང་མི ་མངའ་སྟེ། འགྲོ་བ་ལ་དམན་པའི་དགོངས་པ་ཉིད་ཀྱི་ཕྱིར་རོ། །འདིའི་ཕྱིར་ཡང་འདི་ནི་དེ་ལྟར་ཡིན་ཏེ། སེམས་མ་རྟོགས་པར་འགྲོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་དེ་ཕྱིར་ལས་ཀུན་ལ། །ཡིད་ནི་དོན་པོར་བསྒྲུབ་པར་བྱ། །སེམས་ཅི་ལྟ་བ་མ་རྟོགས་པར་འགྲོ ་བ་དང་འོང་བ་དང་ལངས་པ་དང་འཆག་པ་དང། སྨྲ་བ་དང་སྦྱིན་བསྲེག་ལ་སོགས་པའི་བྱ་བ་དག་ལ་རང་གི་བསོད་ནམས་སམ། བསོད་ནམས་མ་ཡིན་པ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། གལ་ཏེ་འགྲོ་བ་ལ་སོགས་པ་དེ་སྲོག་གཅོད་པ་རྫོགས་པར་བྱ་བའི་ཕྱིར་བརྩམས ་ན་ནི། དེའི་ཚེ་འགྲོ་བ་ལ་སོགས་པ་དེ་བསོད་ནམས་མ་ཡིན་པར་འགྱུར་ལ། འོན་ཏེ་དེ་སྤང་བའི་དོན་དུ་རྩོམ་ན་ནི། དེའི་ཚེ་དེ་ལས་བསོད་ནམས་སུ་འགྱུར་རོ། །གང་གི་ཚེ་དེ་ཙམ་གྱི་སེམས་པས་རྩོམ་ན་ནི་དེའི་ཚེ་ལུང་དུ་མ་བརྟན་པར་འགྱུར་རོ། །གང་གི་ཕྱིར་འདི་དེ་ལྟ་ཡིན་པ་དེའི་ཕྱིར། ་ལས་གཞན་དག་ལ་ཡང་ཡིད་གཙོ་བར་རྣམ་པར་བཞག་སྟེ། སེམས་ཇི་ལྟ་བ་བཞིན་དུ་དེས་འཕངས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱི་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར་རོ། །གང་གི་ཚེ་འདི་དེ་ལྟ་ཡིན་པ་དེའི་ཚེ་དེ་བཞིན ་གཤེགས་པ་ཐུགས་ཀྱི་རྒྱུད་ཐུགས་རྗེ་ཆེན་པོའི་ཐབས་དང། གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་མེད་པ་དང་རྗེས་སུ་འབྲེལ་པ། དོན་མ་ཡིན་པའི་རྒྱུ་མ་ལུས་པ་གཅོད་ཅིང་ཀུན་ནས་མཛེས་པ་རྣམས་ལ་འགྲོ་བའི་དོན་མ་ཡིན་པ་ལ་འཇུག་པ་དོགས་པར་མི་བྱའོ། ། ་གཅེར་བུ་པ་སྐུ་གཟུགས་ལ་ཕྱག་འཚལ་བ་བཞིན་ནོ། །གཅེར་བུ་པ་འགའ་ཞིག་ལྷ་ཁང་དུ་ཞུགས་ཏེ་སྐུ་གཟུགས་ལ་ཕྱག་འཚལ་བར་གྱུར་ལ། དེ་ན་སྐུ་གཟུགས་དག་ཀྱང་ཀུན་ནས་རྣམ་པར་གནས་པས་གང་གི་ཚེ་སྐུ་གཟུགས་གཅིག་ལ་ཕྱག་བྱེད་པ་དེའི་ཚེ ་གཞན་རྣམས་ལ་མཇུག་མས་རེག་པར་བྱེད་པ་དང། དེ་ལ་འགའ་ཞིག་གིས་གང་ཁྱོད་སྐུ་གཟུགས་གཅིག་ལ་ཕྱག་བྱེད་ཅིང་གཞན་ལ་རྐུབ་ཀྱིས་རེག་པར་བྱེད་པ་ནི་མི་ལེགས་པ་བྱེད་པ་ཞིག་གོ་།ཞེས་སྨྲས་སོ། །དེ་བཞིན་དུ་གང་དག་གི་ལྟར་ན་སེམས་མ་རྟོགས ་ཤིང་སེམས་མེད་པར་བསོད་ནམས་འཐོབ་པ་དེ་དག་ལ་རྣམ་པ་དེ་ལྟ་བུའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་སེམས་མ་རྟོགས་པར་བསོད་ནམས་ལ་སོགས་པའི་ལས་རྣམས་རྣམ་པར་བཞག་པར་མི་འགྱུར་རོ། །འདིར་བཤད་པ། གལ་ཏེ་སེམས་རབ་དང ་འགྱུར་ན། །ལས་རྣམས་ཤིན་ཏུ་དང་འགྱུར་བ། །དེ་ཡི་ཕྱིར་ན་མཁས་པ་ཡིས། །སེམས་དག་པ་ཡིས་ལས་རྣམས་བྱ། །དེ་ཉིད་ཀྱི་ཕྱིར། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་འམ་གལ་ཏེ་མི་དགེའང་རུང། །ཐམས་ཅད་དགེ་ལེགས་ཉིད་འགྱུར ་ཏེ། །གང་ཕྱིར་ཡིད་བདེའི་དབང་འགྱུར་ཕྱིར། །མི་དགེ་བ་ནི་སྡུག་བསྔལ་དང་ངན་སོང་གི་རྣམ་པར་སྨིན་པ་ཅན་ཡིན་པ་ཉིད་ཀྱི་ཕྱིར་མི་དགེ་བའོ། །དགེ་བ་ཡང་བདེ་བ་དང་བདེ་འགྲོའི་རྣམ་པར་སྨིན་པའི་འབྲས་བུ་ཅན་ཡིན་དུ་ཟིན་ཀྱང་སྐྱེ་བ་དང། རྒ་བ་དང། ་འཆི་བ་ལ་སོགས་པའི་སྡུག་བསྔལ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་ན་དགེ་ལེགས་མ་ཡིན་ནོ། །དགེ་ལེགས་མ་ཡིན་པའི་ལས་གཉིས་པོ་འདི་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་ལ་དབང་ཐོབ་རྣམས་ལ་དགེ་ལེགས་ཉིད་དུ་འགྱུར་ཏེ། སྐྱེ་བ་ཅན་རྣམས ་ཀྱི་འཁོར་བ་ལྡོག་པའི་རྒྱུར་གནས་སོ། །ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ནི་སེམས་དུལ་བ་ཉིད་ཀྱི་ཕྱིར་སེམས་ལ་རག་ལས་པ་ན། སེམས་ཇི་ལྟ་བ་བཞིན་དུ་འཇུག་གི། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་དབང་དུ་གྱུར་བས། དེ་དག་གི་ལུས་དང་ངག་དང ་ཡིད་ཀྱི་གཡོ་བ་ཐམས་ཅད་དགེ་ལེགས་སུ་རོ་གཅིག་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ན་གང་སེང་གེས་དོན་མཐུན་བཏང་བ་ལ་སོགས་པ་དག་ལས་བྱང་ཆུབ་སེམས་དཔའ་རྣམས་སྲོག་ཆགས་གསོད་པར་འདོད་དེ་ཡང་ཇི་སྐད་བཤད་པའི་ཚུལ་གྱིས་དེ་བཞིན་གཤེཊ ་པའི་སྙན་པའི་གསུང་ལ་སོགས་པ་ལྟར་བསོད་ནམས་མ་ཡིན་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོད་ཀྱང་སེམས་ཅན་ཕན་འདོགས་པར་ཞུགས་པ་ཉིད་ཀྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཉིད་ལ་བརྟེན་ཏོ། །སྤྲུལ་གྱིས་བཟུང ་བའི་སོར་མོ་གཅོད་པ་སྡུག་བསྔལ་ཆོས་རྒྱ་ཆེ་བ་རྒྱུན་གཅོད་པའི་རྒྱུ་ཡིན་ཞིང། སྡུག་བསྔལ་དེ་ཙམ་ཞིག་འབྱུང་བའི་རྒྱུར་གྱུར་པ་ནི་སྨན་པ་རྣམས་ལ་བསོད་ནམས་མ་ཡིན་པའམ། དགེ་ལེགས་མ་ཡིན་པར་མི་འགྱུར་བ་ལྟར། བྱང་ཆུབ་སེམས་དཔའ་རྣམས ་ཀྱི་སྦྱོད་པ་འདི་ཡང་དེ་དང་འདྲའོ། །གཞན་དག་ལ་ཡང་དེ་ལྟར་ཅིའི་ཕྱིར་མི་འགྱུར་ཞེ་ན། སེམས་ལ་དབང་ཐོབ་པ་མེད་པའི་ཕྱིར་དང། སེམས་ཀྱི་རྒྱུད་ཉོན་མོངས་པ་ཕྲ་ཞིང་ཉེ་བ་སད་པས་བཟུང་བ་ཉིད་ཀྱི་ཕྱིར་རོ། །རྔོན་པས་བུ་བསད་པ་དང། བྱེས་སུ ་ཡུན་རིང་མོར་གནས་པའི་བུ་གཅིག་པ་ལ་ཡོངས་སུ་འཁྱུད་པ་དང། སེང་གེས་དོན་མཐུན་བཏང་བ་དང། རྐུན་པོ་ལ་མདུད་ཐུང་གིས་སྣུན་པ་དང། །དེ་བཞིན་གཤེགས་པ་ལ་མི་སྙན་པའི་ཚིག་བཞིན་ནོ། །སྔོན་པ་ལ་ལ་ཞིག་གི་བུ་གཉིས་རིའི་གཡང་ས ་ལ་ཉེ་བ་ཞིག་ཏུ་འཐོབ་པར་གྱུར་ལ། དེར་གཅིག་གིས་སྤུན་ཟླ་བཟུང་ནས་གཡང་དེ་ལ་མཆོད་བར་བརྩམས་པ་དང། རྔོན་པ་དེས་བཤུག་པར་མ་ནུས་ནས་གཉིས་ཆར་འཆི་བར་འགྱུར་དུ་འོང་ངོ་སྙམ་སྟེ་བུ་དེ་མདས་བསད་པར་གྱུར་ཏོ། ། ་ཡང་ཉམ་ཤེད་དང་ལྡན་པ་འགའ་ཞིག་གིས་བུ་སྡུག་པ་ཡུན་རིང་པོར་འགྲོན་ལ་བསྡད་པ་ཉམས་ཆུང་བ་ཆེས་ཡོངས་སུ་འཁྱུད་བས་དེ་དུས་བྱས་པར་འགྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་སེང་གེ་དག་གི་ནང་དུ་སྐྱེས་པ་ཞིག་གི་སྦྲུལ་ཆེན་པོས་ཡོངས་སུ ་བསྐོར་བའི་སྐྱེ་བོའི་ཚོགས་ཆེན་པོ་ཐར་བར་བྱ་བའི་ཕྱིར་གླང་པོ་ཆེའི་སྤྱི་བོར་བསྡད་ནས་སེང་གེའི་ང་རོ་ཆེན་པོས་བསྒྲགས་པས་སྒྲ་དེ་ཐོས་ནས་སྦྲུལ་ཆེན་པོ་འཇིགས་པས་ལུས་བསྐྱིལ་བ་བཤིག་སྟེ་སྐྱེ་བོའི་ཚོགས་ཕལ་པོ་ཆེ་བཏང་བར་གྱུར་ཏོ། །ཡང ་བྱང་ཆུབ་སེམས་དཔའ་གཞན་ཞིག་གིས་སེང་གེས་བསྒགས་པའི་དོན་མཐུན་གྱི་དབུང་ཡོངས་སུ་ཐར་བར་བྱ་བའི་ཕྱིར། སེངྒེ་དང་དོན་མཐུན་གཉི་ག་ལ་སྙིང་རྗེ་བསྐྱེད་ནས་སེང་གེའི་མགོ་ལ་མདས་བསྣུན་ལ། དོན་མཐུན་ཐར་ཏེ་དོང་བར་གྱུར་ཏོ། །དེ་བཞིན་དུ ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་དེད་དཔོན་དུ་གྱུར་བ་ཞིག་གིས་འདི་ནི་བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཚོང་བར་གྱུར་ཅིང་བཞོན་པ་ལ་ཞོན་པ་རྣམས་བསད་པར་བྱས་ཏེ་རྫས་ཁྱེར་བར་འདོད་པ་ཞིག་གོ་སྙམ་དུ། གཞོན་པ་ལ་ཞོན ་པ་འཐོབ་མོ་པ་སྟོང་ཕྲག་དང་ལྡན་པ་བསེལ་གྱི་ཕྱིར་གླས་པའི་བསམ་པ་ཤེས་པར་བྱས་ཏེ། དེ་ནས་བདག་ངན་འགྲོར་འགྲོ་བ་ནི་བླའི། འདི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་བསད་ནས་བསྐལ་པ་བརྒྱར་མནར་མེད་པར་གནས་པར་འགྱུར་དུ་འོང་ངོ་སྙམ་དུ་སྙིང ་རྗེ་ཆེན་པོ་བསྐྱེད་ནས། དེ་དག་ལ་བདེ་བ་བསྐྱེད་ཏེ། དེད་དཔོན་རྐུན་པོ་དེ་གཅིག་པུ་མདུང་གིས་བསད་པར་གྱུར་ལ། དགེ་བའི་རྩབ?་དེས་ཀྱང་བསྐལ་པ་སྟོང་ཕྲག་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་བར་བྱས་སོ། །དེ་ཉིད་ཀྱིས་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱིས ་བྱང་ཆུབ་ཀྱི་ཚོགས་ལས། སྡུག་བསྔལ་གཞན་ལྟ་ཡར་འདུག་ཅིག་།གང་ཞིག་སེམས་ཅན་ཕན་བདེའི་ཕྱིར། །དམྱལ་བའི་སྡུག་བསྔལ་ཆེ་བཟོད་པ། །དེའི་ལག་གཡས་ན་བྱང་ཆུབ་བོ། །ཞེས་གསུངས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་འོད་སྲུངས་ལ་རྫ་མཁན་བུམ་བྱ་ཅིས་བྱ་བས ་བསྔགས་པ་བརྗོད་པ་ན་བྱང་ཆུབ་སེམས་དཔའ་སྣང་སྐྱོང་བྲམ་ཟེར་གྱུར་པས། མུ་སྟེགས་ཅན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་རངས་པ་ལྔ་པོ་རྗེས་སུ་བསྲུང་བའི་ཕྱིད་བྱང་ཆུབ་ཆེན་པོ་ཐོབ་པར་དཀའ་ཞིང། བཅོམ་ལྡན་འདས་ལ་བསམ་གྱིས་མི་ཁྱབ་པ ་ཉིད་ལ་བསམས་ནས། དགེ་སྦྱོང་མགོ་རག་དེ་ལ་བྱང་ཆུབ་ག་ལ་ཡོད་ཏེ། བྱང་ཆུབ་ནི་མཆོག་ཏུ་དཀོན་ནོ། །ཞེས་སྨྲས་སོ། །དེའི་ཕྱིར་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཉམས་ང་བ་འགའ་ཞིག་ཏུ་ཆུད་པ་རྣམས་སེམས་ཅན་ལ་བལྟོས་ནས་ནི་དགེ་བ་ཡང་བྱེད་ལ། མི ་དགེ་བ་དེ་ཡང་སེམས་ཀྱི་དབང་གིས་དགེ་ལེགས་ཉིད་དུ་འགྱུར་རོ། །འདིར་བཤད་པ། གདུག་ལ་སྙིང་རྗེ་ཆེན་པོ་དང། །གདུག་མིན་བྱམས་པ་ཆེ་སྐྱེ་བ། །དེ་ཕྱིར་སྐྱེ་བུ་མཆོག་རྣམས་ལ། །སྡིག་ཏོའི་སྒོ་མོ་ཡོད་མ་ཡིན། །བྱང་ཆུབ་སེམས་དཔའ་འདི་རྣམས ་ལ་གང་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བ་སེམས་བསྐྱེད་པ་དང་པོ་ནས་བཟུང་ནས་སོ། །འདིར་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། གཅིག་ནི་མངོན་པར་འདོད་པའོ། །གཉིས་པ་ནི་དོན་དམ་པའོ། །དེ་ལ་མངོན ་པར་འདོད་པ་བི་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ནས་བཟུང་སྟེ། སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་ཡོད་དོ། །དོན་དམ་པ་ནི་རྣམ་པ་བཅུར་འགྱུར་ཏེ། ས་རབ་ཏུ་དགའ་བ་སེམས་བསྐྱེད ་པ་དང་པོ་ནས་ཆོས་ཀྱི་སྤྲིན་སེམས་བསྐྱེད་པ་བཅུ་པའི་བར་རོ། །དེ་ལ་རེ་ཞིག་གང་བྱང་ཆུབ་སེམས་དཔའ་ནམས་ཀྱི་སེམས་བསྐྱེད་པ་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བ་དེ་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པར་བསྟན་པའི་ཕྱིར་བཤད་པ། བྱང་ཆུབ་སེམས་དཔའ་སེམས་དང་པོ ་ས་སྟེངས་སྐྱེ་བོ་ཐམས་ཅད་ནི། །འཁོར་ལོ་སྒྱུར་བ་ཉིད་འགྱུར་བ། །དེ་དག་བསོད་ནམས་ལས་ཁྱད་འཕགས། །བསོད་ནམས་གང་ཞིག་ཉེ་བར་བསགས་པས་གླིང་བཞི་པའི་བདག་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དེ་ཉིད་རེ ་ཞིག་ཆེས་མང་ན། གང་ས་སྟེངས་ཀྱི་སེམས་ཅན་རྣམ། འཁོར་ལོ་སྒྱུར་བར་འགྱུར་བའི་ལས་ལ་ལྟ་སྨོས་ཀྱང་ཅི་དགོས། །སེམས་ཅན་ཐམས་ཅད་གླིང་བཞི་པའི་དབང་ཕྱུག་འཁོར་ལོས་སྒྱུར་བར་འགྱུར་བའི་ལས་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་སེམས་བསྐྱེད་པ་དང་པོའི་བསོད་ནམས་ཀྱི་ཆ་འམ་ཟླ་ཡང་ཉེ་བར་མི་འགྲོའོ། །འདི་ལྟར་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བའི་ཚོགས་ཐམས་ཅད་འབྱུང་བའི་ས་བོན་གྱི་ངོ་བོར་གནས་བས་འཁོར་བ་ཇི་སྲིད་པའི་མཐས ་གཏུགས་པའི་འགྲོ་བ་རྗེས་སུ་བཟུང་བའི་ཕྱིར་གནས་ལ། འཁོར་ལོས་སྒྱུར་བའི་བསོད་ནམས་ནི་དུས་ཉུང་ཟད་ཅིག་ཁ་ཅིག་དག་གི་མངོན་པར་མཐོ་བའི་བདེ་བ་ཙམ་གྱི་རྒྱུ་ཡིན་པས་ཤིན་ཏུ་ཁྱད་པར་ཆེ་སྟེ། བསད་བྱའི་ཐར་པ་དང། ལྟད་མོ་བ་ཕཾ ་བར་བྱས་པ་དང། ཁྱེའུས་ཕམ་པར་བྱས་པ་དང། རྒྱལ་པོའི་དྲིལ་འདུ་བའི་སྒོ་ཡིན་པ་བཞིན་ནོ། །ཇི་ལྟར་བསད་པར་བྱ་བ་ལ་ཐར་པ་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱ་བ་དང། དགའ་བར་བྱ་བའི་ཆོས་རྣམ་པ་དེ་ལྟ་བུ་གཞན་འགའ་ཡང ་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་ཡང་སེམས་བསྐྱེད་པ་དང་པོ་ཉེ་བར་བཟུང་སྟེ། སེམས་ཅན་ཐམས་ཅད་འཁོར་བར་བཅིངས་པ་ཐར་བར་བྱེད་བ་ཇི་ལྟ་བ་དེ་ལྟར་ཆོས་གཞན་མངོན་པར་འདོད་པར་བྱ་བ་མེད་དེ། དེའི་ཕྱིར ་འཁོར་ལོ་སྒྱུར་བའི་བསོད་ནམས་དང་མཉམ་པར་ག་ལ་འགྱུར། ཡང་ཇི་ལྟར་གྱད་རྦན?་རབས་ལྟད་ས་པ་ཐམས་ཅད་ཕམ་པར་བྱས་ཏེ་དོན་པོའི་བ་དན་བཟུང་ནས་ཁྱེའུས་བམ་པར་བྱེད་པ་དེ་བཞིན་དུ། འཁོར་ལོས་སྒྱུར་བ་དག་ཀྱང་གླིང་བཞིའི་གནས་ཐམས ་ཕེབས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་བས་ཟིལ་གྱིས་གནོན་ཏོ། །ཡང་ཇི་ལྟར་རྒྱལ་པོའི་དྲིལ་ནི་དེའི་སྒོ་ནས་བདེ་བླག་ཏུ་རིགས་པ་དང། མི་རིགས་པ་རྣམ་པར་སྤྱོད་པའི་ཕྱིར་རྒྱལ་པོ་ལ་ནོར་མང་པོ་འདུ་བ་དང་འགྲོ་བ་ཡོངས་སུ ་བསྲུང་བའི་རྒྱུར་གྱུར་བདེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་པོ་ཡང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཉིད་ཐོབ་པའི་བར་གྱི་རྒྱུ་ཡིན་པའི་ཕྱིར་འགྲོ་བའི་དོན་ཆེན་པོ་འབྱུང་བའི་སྒོར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་འཁོར་ལོ་སྒྱུར་པའི ་གསད་ནམས་འབྱུང་བའི་སྒོར་ཡང་འགྱུར་ཏེ། དེས་མཆོད་པས་འཁོར་ལོ་སྒྱུར་བ་ཉིད་འཐོབ་པའི་ཕྱིར་རོ། །འདིར་བཤད་པ། ར?་ཞིག་བྱང་ཆུབ་སེམས་དཔའ་ནི། །གཅིག་གི་བསོད་ནམས་གང་ཡིན་པ། །དེ་འདིར་གལ་ཏེ་གཟུགས་ཅན་ན། །འགྲོ་ཡོངས་ཁྱབ་ནས ་གནས་གྱུར་ཏེ། །སེམས་ཅན་རྣམས་མཛའ་ཡས་ཕྱིར་དང། །སངས་རྒྱས་མཁྱེན་བ་ཚད་མེད་དང། དེར་ནི་ཡོངས་སུ་བསྔོས་པའི་ཕྱིར། །བསོད་ནམས་དེ་ནི་མཛའ་ཡས་འགྱུར། །འདིར་སྨྲས་པ། སེམས་བསྐྱེད་པ་དང་པོའི་བསོད་ནམས་ནི་བཤད་ན། གང་གཞན ་དག་ལ་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པ་དེའི་བསོད་ནམས་ཅི་ཙམ་ཞིག་ཏུ་འགྱུར། བཤད་པར་བྱ་སྟེ། རིན་ཆེན་རང་བཞིན་མཆོད་རྟེན་ནི། །འཇིག་རྟེན་རྙེད་མཐོ་འགས་བྱས་པ། །དེ་བས་སེམས་ཅན་གཅིག་འདུལ་བོ། །མཆོག་ཏུ་བཀྲབས་བར་བརྗོད་པ་ཡིན། །འཇིག ་རྟེན་གསུམ་གྱི་སྟོན་པ་གཅིག་པུ་།བསོད་ནམས་ཀྱི་གཞི་དམ་པ། དམ་པའི་ཆོས་ཀྱི་འཁོར་ལོ་སྒྱུ་བ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སླད་དུ་དེའི་རོང་བསྲེལ་གྱི་སྙིང་པོ་ཅན་གསེར་དང་བཻ་ཌཱུརྱ་ལ་སོགས་པ་རིན་པོ་ཆེའི་རང་བཞིན་གྱི་མཆོད་རྟེན་ཆེན་པོ་འཕང་དུ་འོག ་མིན་གྱི་གནས་ཀྱི་མཐས་གཏུགས་བ། རྒྱར་སྟོང་གསུམ་གྱི་སྟོང་ཆེན་བོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་ལྡན་པ་ཞིག་བྱས་ཏེ། དེ་ལ་རྗེས་སུ་མཐུན་པའི་གདུགས་ཟླུམ་བརྩག་མ་དང། རིན་པོ་ཆེ་ཐམས་ཅད་ཀྱི་ཐེམ་སྒས?་བྲེས་ཤིང་བསྐལ?་པ་རྫོགས ་པར་དེ་ལ་མེ་ཏོག་དང་བདུག་པ་དང་མར་མེ་དང། ཞལ་ཟས་དང། རོལ་མོའི་སྒྲ་དང། གདུགས་དང། རྒྱལ་མཚན་དང། བདན་ལ་སོགས་པ་མཆོད་པའི་བྱེ་བྲག་ཐམས་ཅད་དང། གར་དང་གླུ་དབྱངས་དང། རོལ་ཆ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས ་མཆོད་བ་བྱེད་ལ། ཡང་གང་ཞིག་སེམས་ཅན་གཅིག་པ་ཞིག་བྱང་ཆུབ་ཀྱི་ཕྱིར་འདུལ་བར་བྱེད་ཅིང། ཡང་དག་པར་འཛུད་པར་བྱེད་ན། མཆོད་རྟེན་བཞེངས་ཤིང་མཆོད་པ་བྱེད་པའི་མི་དེ་བས་ཡང་དག་པར་འཛུད་པར་བྱེད་པ་འདི་ཆེས་མཆོག་ཏུ་འགྱུར་ཏེ། །བསོད་ནམས་ཆེས་མང་པོ་འབྱུང་པའི་ཕྱིར་རོ། །ཤི་བ་སྦྱོང་བ་དང། བུ་སྨད་གསོ་བ་བཞིན་ནོ། །སྐྱེས་བུ་འགའ་ཞིག་དུས་བྱས་བ་དང། དེ་ལ་མཛའ་བཤེས་གཉིས་ཡོད་པར་གྱུར་ལ། དེ་གཉིས་ལས་གཅིག་གིས་ནི་ཤི་བའི་རོ་འབྱིན་ཅིང་སྦྱོང་བ་ཙམ་ཞིག་བྱས་ལ། ་གཞན་གྱིས་བུ་སྨད་ལ་སོགས་པ་གསོ་བ་དང་སྐྱོང་བ་བྱས་ན། དེའི་རོ་སྦྱང་པ་ཙམ་གྱིས་ནི་ཅི་ཞིག་བྱ་སྟེ། རིགས་བརྒྱུད་སྲོལ་བ་བྱས་བ་མཆོག་ཡིན་ནོ། །དེ་བཞིན་དུ་འགའ་ཞིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་སྦུར ་ཡོངས་སུ་སྦྱང་པ་ལ་འཇུག་ལ། དེ་བཞིན་དུ་ཁ་ཅིག་ནི་དམ་བའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གདུང་བརྒྱུད་རྒྱུན་མི་འཆད་པར་བྱ་བའི་དོན་དུ། སྲོག་ཆགས་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལའོ། དེ་བཞིན་གཤེགས་པའི་??? ་སྦྱོད་བ་པོས་ནི། སངས་རྒྱས་ཀྱི་རྒྱུད་རྗེས་སུ་འཇུག་པར་བྱེད་པ་ཇི་ལྟ་བ་བཞིན་དུ། བསོད་ནམས་ཀྱི་ཕུང་པོ་རྣམས་དེ་ལྟ་བུ་བསྐྲུན་པ་མ་ཡིན་ནོ། །འདེ་བཤད་པ། གང་ཕྱིར་འཇིག་རྟེན་མཐར་ཐུག་བར། དཀོན་མཆོག་གསུམ་རྒྱུན་མི་བཅད་ཕྱིར། །རྒྱུད་ཀྱིས་བོ་ན ་བཏབ་གྱུར་བ། །དེ་ཕྱིར་དེ་ཡི་བསོད་ནམས་ཆེ། །བྱང་ཆུབ་སེམས་དཔའ་འདིས་ཇི་ལྟར་སེམས་ཅན་རྣམས་ཀྱི་དོན་བྱ་ཞེས་ན། དེ་དག་གི་བསམ་པ་རྗེས་སུ་མཐུན་པར་ཐ་སྙད་བྱེད་པས་སོ། །དེའི་ཕྱིར་དེས་ཆེས་ཐོག་མར། དེ་ལ་ཕན་འདོད་བླ་མ་ཡིས། ། ་སློབ་མ་ལ་ནི་སྲིད་ཞུ་བྱ། །གང་ཕྱིར་ངེས་ཕན་མི་ཤེས་པ། དེ་ཕྱིར་སློབ་མ་ཞེས་བྱའོ། །དོས་བློ་འཚལ་བའི་ཕྱིར་བླ་མ་དག་ལ་བསྙེན་བཀུར་བྱའོ་སྙམ་དུ་མི་ཤེས་སོ། །དེ་ནི་དུལ་བ་ཞེས་བྱ་བའི་འཛོལ་དུ་བཞུག་པར་འདོད་པའི་ཧྭགས་ཀྱི་ལ་དུ་དང་ཤིང་དུ་མ་བུ་ལ ་སོགས་པ་དག་གིས་གླང་པོ་ཆེ་སྨྱོན་པ་ལྟར་རིམ་གྲོས་གཞུག་པར་བྱ་ཞིང། དེ་ནས་དེ་ལ་ཉེ་བར་དཀྲི་བའི་ཞགས་པས་བཏབ་ནས་བསྡམས་བའི་སྐམ་ཁས་ཡོངས་སུ་སྦྱོད་བར་བྱེད་པས་དུལ་བའི་ལྕགས་ཀྱུས་བསྡམ་པར་བྱ་སྟེ་དེ་ལྟར་བྱེད་པ་ན་ཕན་པར ་འདོད་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདི་བདག་ལ་ཕན་པ་མི་ཤེས་པའི་ཕྱིར་རྗེས་སུ་བསྟན་བར་བྱ་བ་ཡིན་ཏེ་དེའི་ཕྱིར་སློབ་མ་ཞེས་བརྗོད་དོ། །ལྟེང་རྒྱས་འོད་སྲུངས་བཞིན་ཏེ། ཆོ་འཕྲུལ་དག་རྒྱས་པར་ལྟེང་རྒྱས་འོད་སྲུངས་ཀྱི་མདོ་ལས་བརྗོད ་པར་བྱའོ། །འདིར་བཤད་པ། ཚིག་བསྙན་དག་གིས་སྲི་ཞུར་ཡང། །བྱས་ཏེ་ཡིད་རྗེས་བཟུང་ནས་ནི། །དེ་འོག་བླ་མས་སློབ་མ་ལ། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །བྱང་ཆུབ་སེམས་ནི་བསྐྱེད་ནས་དེ། །ཁད་ཀྱིས་ཁད་ཀྱིས་རྒྱ་ཆེ་ཡི། །ཆོས་རྣམས་དང་ནི ་ཟབ་མོ་ཡིས། །ཆོས་ཀྱི་ཚུལ་ལ་ཡང་དག་དགོད། །ཅི་སྟེ་སློབ་མ་གནོང་མི་བཀུར་བར་འགྱུར་ན། །དེ་ལྟར་ན་ཡང་དེས་དེ་ལ་སྐྱོ་བར་མི་བྱའི། །དེའི་བཤིས་ངན་གང་དག་གིས་བྱས་པའི་ཉོན་མོངས་པ་དེ་དག་གཞོམ་པར་བྱ་སྟེ། དཔེར་ན། ཁྲོ་ཡང་འབྱུང་བོས ་བཟུང་བ་ལ། །སྨན་པ་འཁྲུག་པ་མིན་དེ་ལྟར། །ཐུབ་པ་ཉོན་མོངས་དག་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །འདི་ལྟར་གང་ཞིག་གང་ལ་འཁྲུགས་པ་ངེས་ནི་དེ་ལ་ཕན་པ་སྒྲུབ་པར་མི་ནུས་སོ། །དེའི་ཕྱིར་རྗེ་དཔོན་མཁྲོས་པར་གྱུར་པ་ལྟར་དེ་ལ ་རིམ་འགྲོ་བྱས་ནས་མགུ་བར་བྱེད་ལ། དེ་ནས་ཉམས་ཇི་ལྟ་བ་དང། ཇི་ལྟར་བསྟེན་པ་ལྟར་ཕན་པ་བྱེད་ཏེ། དཔེར་ན་སྨན་པ་སྐྱེ་བོ་གདོན་གྱི་བརླམས་པས་བཤེས་ཀྱད་དེ་ལ་སྐྱོན་དུ་མི་ལྟ་བ་ནི་དེ་ལ་མི་ཁྲོ་བར། ཤིན་ཏུ་ཆེས་འབྱུང་པོ་བཅོས་པ་ལ་རབ་ཏུ ་སྦྱོར་ཞིང་འབྱུང་པོས་ཟིན་པ་ལ་ཕན་པའི་བསམ་པ་སྐྱེད་པར་བྱེད་པ་དེ་བཞིན་དུ། ཉོན་མོངས་པ་དག་ཁོ་ན་གནོད་པ་དྲག་ཅིང་རྩུབ་པ་ཅན་དུ་རིག་ནས་དེ་དག་ཁོ་ནའི་རྩ་བ་གཅད་པར་བྱ་བའི་ཕྱིར་ཆེས་ཚབས་ཆེར་གོ་གྱོན་ཏོ། །གང ་དུ་བདག་ཉིད་ཁྲོས་པ་དག་ཀྱང་མགུ་པར་བྱ་དགོས་པ་དེར་དེས་གཞན་ཁྲོ་པར་བྱེད་པ་ཞེས་བྱ་བ་འདེ་ལ་སྐབས་མེད་པ་ཉིད་དོ། །སེང་གེ་མཚོན་འཕེན་པ་པོ་ལ་བསྦུན?་པ་བཞིན་ནོ། །ཇི་ལྟར་རི་དགས་ཀྱི་རྒྱལ་བོ་སེང་གེ་འཕེན་པ་པོ་ལ་བསྡུན་གྱི་འཕངས་པ ་ལ་མ་ཡིན་པ་དེ་བཞིན་དུ་དངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉོན་མོངས་པ་དག་ལ་བསྣུན་གྱི། ཉོན་མོངས་པ་དང་འབྲེལ་པ་དག་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གཞན་དག་གིས་ཀྱང་དེ་ཁོ་ན་ལྟར་རྗེས་སུ་བརླབ ་པར་བྱའོ། །འདིར་བཤད་བ། འདི་འདིར་སེམས་ཅན་སྐྱོན་མི་ན་གྱི། །འདི་ནི་ཉོན་མོངས་རྣམས་སྐྱོན་ཞེས། །རྣམ་པར་དཔྱད་ནས་མཁས་བ་རྣམས། །སེམས་ཅན་དག་ལ་འཁྲུག་མི་བྱེད། །དེའི་ཕྱིར་དེ་ལྟར་ན་སློབ་མ་ལ་རྗེས་སུ་སྟོན་བའི་སློབ ་དཔོན་གྱིས། །གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་ལྡར་སྤྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཕན་བར་ཉེ་བར་འདོམས་ཤིང་གཞན་གྱི་བསམ་པ་ཡང་དག་པར་སུན་འབྱིན་པར་མི་བྱེད་པ། དང་པོ ་ཆེས་འཕེལ་བར་བྱེད་པ། གཞན་གྱི་བསམ་པ་དང་མཐུན་པར་བསྒྲུབས་པས་ནི་དེ་ཉེ་བར་ལུང་དཔོག་པར་བྱའོ། །འདི་ལྟར་སེར་སྣ་ཅན་ནི་སྦྱིན་པའི་གཏམ་གྱིས་མི་དགའ་ལ། ཚུལ་ཁྲིམས་འཆལ་བ། ཚུལ་ཁྲིམས་ཀྱི་གཏམ་གྱིས་སོ། །ཁྲོ་བ ་ཅན་བཟོད་པའི་གཏམ་གྱིས་སོ། །ལོངས་སྤྱོད་བ་འདོད་པ་སྦྱིན་པའི་གཏམ་གྱིས་དགའ་ལ། མཐོ་རིས་འདོད་པ་ཚུལ་ཁྲིམས་ཀྱི་གཏམ་དང། གཟུགས་བཟང་བར་འདོད་པ་བཟོད་པའི་གཏམ་གྱིས་སོ། །དེའི་ཕྱིར་དེ་ལྟ་བུ་ལ་སོགས་བའི་གཏཾ ་དག་སྔར་ཉེ་བར་བསྟན་ནས་ཕྱིས་སྣོད་དུ་གྱུར་པར་ཤེས་པར་བྱས་ནས། ཟབ་མོ་རི་གཏམ་དག་གླེད་བར་བྱ་སྟེ། དང་པོ་ཁོ་ནར་རྗེས་སུ་མི་མཐུན་པའི་གཏམ་གྱིས་མི་དགའ་བར་གྱུར་བ་ནི་དེ་ལས་འབྱོལ་བན་པན་པ་ཉེ་བར་སྟོན་པའི་སྣོད་ཉིད་དུ་མི་འགྱུར་རོ། །སྐྲ་མཛེས་ཀྱི་སྐྱེས ་རབས་དང། མཁན་པོ་སློབ་མའི་རྗེས་སུ་འཇུག་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སྐྲ་མཛེས་ཞེས་བྱ་བ་སྨན་པར་གྱུར་པས་ཚོང་པའི་བུད་མེད་འདོད་ཆགས་ཀྱི་སྨྱོས་ཤིང་ཁོ་ཤི་བའི་རོ་ཕྲག་པས་ཁུར་བ་དབུགས་དབྱུང་བའི་ཕྱིར་བུད་མེད་ཤི་བའི་ཟླ་བ་དྲུག་ཏུ་ཕྲག ་བས་ཁུར་བ་ཇི་ལྟ་བ་དང། དགྲ་བཅོམ་པས་ཟས་ལ་ཞེན་པས་བདག་ཉིད་ལ་སེམས་སྣད་པའི་ཉེས་པ་ལས་སློབ་མས་བདེན་པ་དག་མི་མཐོང་བར་ཤེས་ནས་དེ་དང་བསྟུན་པའི་ཕྱིར་ཟས་བསྲེས་ཏེ་སྣོད་གཅིག་གིས་བླངས་པ་གང་ཡིན་པ་དེ་ཉིད་ཕྱིས་སོ་སོར་སྣོད་མང་པོས ་ཁྱེར་དུ་བཅུག་པར་གྱུར་ལ། དེ་ནས་དེས་རབ་ཏུ་དང་བར་གྱུར་ནས་མཁན་པོའི་ཐད་དུ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པ་ཇི་ལྟ་བ་བཞིན་ནོ། །འདིར་བཤད་བ། རེ་ཞིག་ཐོག་མར་?ན་པ་པོ། །སྦྱིན་གཏམ་སོགས་ལ་ཡང་དག་སྦྱར། སྣོད་དུ་ཤེས་ནས་ཕིས་བ་ལ། ་ཟབ་མོའི་གཏམ་ནི་བསྙད་པར་བྱ། །ཡང་གང་དག་ལན་བརྒྱར་བཟློག་ཏུ་ཟིན་ཀྱང་ཡང་དང་ཡང་དུ་མི་རིགས་པའི་ལམ་དེ་ཉིད་བསྟེན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོན་ཏན་དང་ལྡན་པ་རྣམ་པས་ཆེས་ཤིན་ཏུ་སྙིང་བ་རྩེ་བར་བྱ་བ་ཡིན་ཏེ། དེའི་ཕྱིར། ་ཇི་ལྟར་མ་ནི་ཁྱད་པར་དུ། །ནད་ཐེབས་བུ་ལ་གང་དུ་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའ་ཨི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །སྙིང་རྗེ་ནི་གཞན་དག་གི་སྡུག་བསྔལ་སེལ་པའི་རྣམ་པ་ཅན་ནོ། །དེ་ནི་དེ་ལ་དམིགས་པའི་ཁྱད་པར་གྱིས་ཕུལ་དུ་བྱུང་བ་དང ་ལྡན་པར་སྐྱེ་སྟེ། ཇི་སྐད་བཤད་པའི་རང་བཞིན་ཅན་གྱི་སེམས་ཅན་མཛའ་ཡས་པ་རྣམས་ད་ལྟར་བྱུང་བའི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་དང། འབྱུང་བར་འགྱུར་བའི་དན་འགྲོ་ལ་སོགས་བ་མྱོང་བར་འགྱུར་བའི་སྡུག་བསྔལ་གྱིས་ཤིན་ཏུ་སྡུག་བསྔལ ་བ་དེའི་ཕྱིར་དེ་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཁྱད་པར་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་སྦྲོ་བར་གྱུར་ཅིང་གཞན་ལ་ཕན་པའི་བྱ་བ་ལྷུར་བྱེད་པ་རྣམས་ཇི་ལྟར་དེ་དག ་ལ་བཏད་སྙོམས་སུ་འགྱུར་ཏེ། སྤོང་པ་ལྟ་སྨོས་ཀྱང་ཅི་དགོས། འདི་ནི་བུ་ལ་བྱམས་པའི་མ་བུ་ནད་ཀྱིས་ཐེབས་པ་ལ་ཆེས་ཤིན་ཏུ་གུས་བར་བྱས་ཏེ་རིམ་གྲོ་བྱེད་པ་ཇི་ལྟ་བ་དེ་ལྟར་སྣལ་མར་གནས་པའི་ངོ་བོ་ལ་མ་ཡིན་པ་དེ་དང་འདྲའོ། །གདོལ་པ་མོས་བུ ་དྲུག་པ་སོ་སོའི་སྐྱེ་བོ་ལ་བྱ་བ་མ་ཡིན་པ་དོགས་པ་བཞིན་ནོ། །ཇི་ལྟར་གདོལ་པ་མོ་དེ་དག་ལ་བྱ་བ་མ་ཡིན་པ་མི་དོགས་པས་བུ་འཕགས་བའི་གང་ཟག་ལྔ་པོ་བྱ་བ་མ་ཡིན་པ་བྱེད་པ་བསད་པར་བྱའོ་ཞེས་རྒྱལ་པོས་བཀས་སྦྲན་པ་ན་ཉེན་པར་མ་གྱུར་ལ། ་དེ་ལ་བྱ་བ་མ་ཡིན་པ་དོགས་པས་དྲུག་བ་སྦྲན་པ་ན་ཤིན་དུ་ཉེན་པར་གྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་དམ་བ་མ་ཡིན་ངང?་རྒལ་ལྷག་བར་སྙིང་བརྩེ་འོ། །འདིར་བཤད་པ། བརྩི་བའི་བདག་ཉིད་ཅན་འདི་རྣམས། །སེམས་ཅན་ཀུན་ལ་སེམས ་སྙོམས་མོད། །དེ་ལྟའང་དེ་རྣམས་སྙིང་རྗེ་ནི། །སྡིག་བདག་ཅན་ལ་ཁྱད་པར་དུའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དམ་པ་མ་ཡིན་པ་དག་ལ་ཀླགས་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར་སེམས་ཅན་གྱི་ཕུང་པོ་ཤིན་དུ་སྣ་ཚོགས ་པ། བསམ་པ་དང་མོས་པ་དང་དབང་པོ་ཐ་དད་བའི་ཕྱིར། ལ་ལའི་སློབ་མར་འགྱུར་པ་སྟེ། །གང་ཞིག་ང་རྒྱལ་གྱིས་ཁེངས་པ་དེ་ནི་ཡོན་ཏན་ལྷག་པ་དེ་ལ་བསྙེན་བཀུར་མི་བྱེད་དེ། དེ་ལ་ནི་གདུལ་བར་བྱ་བའི་ཕྱིར་སློབ་མ་ཉིད་དུ་རྗེས་སུ་འདུག་གོ། ལ་ལའི་བླ་མར་གྱུར་ཏེ། །གང་ཞིག་བདག་ཉིད་སྨད་བཅད་དུ་རིག་པ་དེ་ལ་ནི་བླ་མ་ཉིད་དུ་བསྒྲུབས་པ་ན་ཁྱད་བར་བསྟན་པའི་སྒོ་ནས་རྗེས་སུ་སྟོན་ཏོ། །དེའི་ཕྱིར་དེ་ལྟར་ན། ཐབས་རིག་སྣ་ཚོགས་ཐབས་རྣམས་ཀྱིས། །མ་རྟོགས་སེམས་ཅན་རྟོགས ་པར་བྱེད། །ཐབས་སྣ་ཚོགས་ལ་མཁས་པས་བསམ་པའི་དབྱེ་དཔག་ཏུ་མེད་པས་བྱེ་བའི་སེམས་ཅན་གྱི་ཁམས་ཇི་ལྟར་འཚམས་པ་འདུལ་བར་བྱེད་པ་སྟེ། སྨན་བ་ཆེན་པོ་སྣུམ་ཆོས་དང་སྐྱ་ཆོས་བྱེད་པ་བཞིན་ནོ། །ཇི་ལྟར་སྨན་པ་ཆེན་པོ་ནི་ནད་པ་ཐམས ་ཅད་ལ་གདོན་མི་ཟ་བར་སྣུམ་ཆོས་མི་བྱེད་ཀྱི། ཁ་ཅིག་ལ་སྐྱ་ཆོས་ཀྱང་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཁ་ཅིག་ལ་སློབ་མ་ཉིད་དུ་ཁས་ལེན་ལ། ཁ་ཅིག་ལ་བླ་མ་ཉིད་དུའོ། །འདིར་བཤད་པ། སེམས་དཔའ་ཆེ་རྣམས་སློབ་མའམ། ་སྨན་བ་འམ་ཚངས་དབང་དུ་གྱུར་ནས། ངོ་བོ་དེ་དག་གིས་སེམས་ཅན་ཚོགས་རྣམས་འདུལ་བར་བྱེད། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། གྲོང་པའི་དཔོན་དང་ཁ་ལོ་བསྒྱུར་གྱུར་ཞིང། འགྲོན་དཔོན་ཁྱིམ་བདག་དང་ནི་རྒྱལ་པོ་དང། །བློན་པོ་འདུན་ན་འདོན་དང་ཕོ་ཉ་དང། ་བསྟན་བཅོས་ཚུལ་ཤེས་སྨད་པ་མཁས་གྱུར་ནས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པ་འཕེལ་བ་ལས་མཐུའི་ཁྱད་པར་འཕེལ་བ་ཡིན་པ་དང། ཇི་ལྟར་སྨན་པ་མཁས་གྱུར་བས ་ནད་པ་སྒྲུབ་མེད་ཀོན་དེ་བཞིན། །བྱང་ཆུབ་སེམས་དཔའ་སྟོབས་རྙེད་ནས། །གདུལ་བྱ་མ་ཡིན་ཤིན་ཏུ་དཀོན། །སྨན་པ་མཁས་བ་ཟུག་རྡུ་འབྱིན་པ་ནི་གསོར་མ་རུང་བར་སེམས་ཤིང་ནད་པ་འགའ་ཡང་འདོར་བར་བྱེད་པ་མ་ཡིན་པ་དེ་བཞིན་དུ། ཐབས་ལ་མཁས ་པའི་སྟོབས་ཉེ་བར་འཕེལ་བ། སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་ཤིང། བསྡུ་བའི་དངོས་པོ་ལ་མཁས་པ་ཡང་གདུལ་བའི་སེམས་ཅན་ཐམས་ཅད་ལ་ལྟ་བ་ན་འགའ་ཡང་འདོར་བར་མི་བྱེད་ཀྱི། ཉམས་ཇི་ལྟ་བ་དང་བརྟེན་པ ་ཇི་ལྟ་བ་བཞིན་རྣམ་པར་སྦྱོང་པའི་ཕྱིར་དགེ་བའི་ས་བོན་སྐྲུན་པར་བྱེད་ཅིང། དེ་སྨིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་དུས་ཕྱིས་དེ་དག་འདུལ་བར་བྱེད་པར་འགྱུར་ཏེ་སེང་ལྡེད་གི་ཆུ་ཉེ་བར་སྤྱོད་པ་དང། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསོ་དཔྱད་མཛད་པའི་རྒྱལ ་བུ་བཞིན་ནོ། །ཇི་ལྟར་སྨན་པ་མཁས་པ་གཅིག་གིས་སེང་ལྡེང་གི་ཆུའི་སྦྱོར་བས་ཕྱུག་པོ་ཞིག་གིས་ནད་གསོར་མི་རུང་བ་ཞིག་ཉེ་བར་ཞི་བར་བྱས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཐོབ་པ་རྣམས་ལ་ཡང ་གདུལ་བར་བྱ་བ་མ་ཡིན་ཞིང་གསོ་བར་བྱ་བ་མ་ཡིན་པ་ཤིན་ཏུ་དཀོན། །ཡང་ཇི་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་བོའི་བུའི་སེམས་ཀྱི་ནད་བུད་མེད་འདོད་བས་བསླང་པ་ཐམས་ཅད་ཀྱིས་མ་ཤེས་བ་ཞིག་མཁྱེན་ནས་ཏེ་བར་ཞི་བར་མཛད་པ་དེ་བཞིན་དུ། ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཡོངས་སུ་ཤེས་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་རིལ་ཉེ་བར་ཞི་བར་བྱེད་དོ། །འདིར་བཤད་པ། སེམས་ཅན་དབང་པོ་ལ་མཁས་ཤིང། །ཐབས་མཁས་ཡོངས ་སུ་ཤེས་ཕྱིར་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་ལ། གདུལ་མིན་སེམས་ཅན་ཤིན་ཏུ་དཀོན། །དེ་ལྟར་མཐུའི་ཁྱད་བར་ཉེ་བར་གྱུར་པའི། བྱང་ཆུབ་སེམས་དཔའ་ཡུལ་དུ་ནི། །གལ་ཏེ་འགའ་ཞིག་མ་བསྐུལ་བར། །ངན་སོང་འགྲོ་བར་འགྱུར་ན་དེ། །བློ ་ལྡན་གཞན་གྱི་སྨད་བྱར་འགྱུར། །གལ་ཏེ་གང་ཞིག་བསྐུལ་ཞིང་བརྗེད་བསྐུལ་ན་ངན་འགྲོར་མི་འཕྲོ་བ་དེ་ལ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་དམ་བཅས་པ་ལ། ཞོན་པའི་བྱང་ཆུབ་སེམས་དཔའ་འདི་མི་བསྐུལ་ཞིང་དྲན་བར་མི་བྱེད་ན་ནི་དམ ་བཅའ་ཉམས་བ་འདི་ལ་བྱང་ཆུབ་སེམས་དཔའ་གཞན་རྣམས་སྨོད་པར་བྱེད་དོ། །དེའི་ཕྱིར་བདག་ཅག་སྨད་བར་འགྱུར་དུ་འོང་ངོ་ཞེས་ཇི་ལྟར་འཚམས་པའི་ཆོས་བསྟན་པས་རང་གི་ཡུལ་ན་གནས་པའི་སེམས་ཅན་རྣམས་བསྐུལ་བར་བྱའོ། །དོན ་མཐུན་པ་གྲུབ་པ་དང་བདེ་བས་དེད་དཔོན་ཆེན་པོ་བཞིན་ནོ། །ཇི་ལྟར་གལ་ཏེ་དོན་མཐུན་པ་འགའ་ཞིག་མགོན་མེད་པ་ཉིད་ཀྱིས་སྡུག་བསྔལ་དང་ཕྲད་པར་བྱེད་བ་དེད་དཔོན་ཆེན་པོ་དམ་པ་རྣམས་ཀྱིས་དགོངས་པ་ཡིན་པ་དེ་བཞིན་དུ། འདི་ཡང་ཡིན་ནོ། །འདིར་བཞད་པ། ་བརྩེ་ཅན་རྫུ་འཕྲུལ་ལྡན་ཡུལ་དུ། །ཆོས་དང་ལྷན་ཅིག་མ་སྦྱར་བར། །འགའ་ཞིག་ངན་འགྲོར་འགྲོ་འགྱུར་ན། །དེ་ནི་མཁས་པས་སྨད་པར་འགྱུར། གཞན་དུ་ན་ནི་གང་ཞིག་ཉེན་པ་གཞན་དག་ལ། །སྙིང་བརྩེ་ལེགས་ཤེས་མི་འདོད་བ། །དེ་རྗེས་བརྩེ་བས་མགོན་མེད་པ། ག་ལ ་ཇི་ལྟར་སྦྱིན་པ་གཏོང། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བྱང་ཆུབ་འདྲེན་པར་བྱེད་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཕྱིར་སྙིང་རྗེ་འདོད་བ་ཡིན་ནོ། །ལས་དང་བོའི་བྱང་ཆུབ་སེམས་དཔའ་གང་ཞིག་སྡུག་བསྔལ་ལ་ཞེན་པས་ཉེན་པའི་སེམས་ཅན་གཞན་དག ་ལ་སྙིང་བརྩེ་བ་ལེགས་སོ་ཞེས་བྱ་བ་མི་འདོད་བ་དེ། ཇི་ལྟར་བྲུ་བ་ཚ་ཞིང་རིད་བ་མཆུ་དང་ལྕེ་དང་རྐན་དང་ཁུར་ཚོས་བསྐམས་བ། ཉོན་མོངས་པ་ཉམས་ཐ་གཅིང་སློང་བ་མགོན་མེད་ལ་ཉམ་ཆུང་བ་ཟུག་གཟེར་དང་ལྡན་བ་དག་ལ་རྗེས་སུ་བརྩེ་བས་སྦྱིན་པ་གཏོང་བར་འགྱུར ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདོན་མི་ཟ་བར་ཐོག་མ་ཁོ་ནར་སེམས་ཅན་དག་ལ་སྙིང་བརྩེ་བ་འདོད་བར་བྱའོ། །ལོང་བ་ལས་རྫས་འཕྲོག་པ་དང་ལྷམ་གྱི་དོན་དུ་གསོད་པ་བཞིན་ནོ། །གང་ཞིག་ལོང་བ་ཉོན་མོངས་ཀྱི་གམ་ནས་ནོར་འཕྲོག་བ་བརྩེ་བ་མེད་པ ་དེ་ལ་བྱ་བ་མ་ཡིན་པ་གཞན་ཅི་ཞིག་ཡོད་པར་འགྱུར་དེ་བཞིན་དུ་གང་ཞིག་ཉེན་པར་གྱུར་བ་གཞན་དག་ལ་སྙིང་བརྩེ་བ་ཙམ་ཡང་ཡོད་བ་མ་ཡིན་བ་དེ་ཇི་ལྟར་སྡུག་བསྔལ་མང་པོས་བསགས་པའི་ནོར་མགོན་མེད་པ་དག་ལ་རྗེས་སུ་བརྩེ་བས་གཏོང་བར་འགྱུར། དེ་བཞིན ་དུ་གང་ཞིག་ལྷམ་ཧྲུལ་པོའི་ཕྱིར་གསོད་བར་བྱེད་བ་དེས་ཇི་ལྟར་དེ་ལས་གཞན་གྱིས་རྫས་ཀྱི་ཆེད་དུ་གསོད་བར་མི་བྱེད་པ་འམ་འགའ་ཞིག་ལ་ཅུང་ཟད་གཅིག་སྟེར་བར་འགྱུར། འདིར་བཤད་པ། གང་ལ་བུ་ལྟར་སེམས་ཅན་ནི། །ཀུན་ལ་སྙིང་རྗེ་དྲག་ཡོད་བ། ། ་དེ་ཡི་རྫོགས་པའི་བྱང་ཆུབ་ཕྱིར། །མགོན་མེད་དག་ལ་སྦྱིན་གཏོང་ནུས། །གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོའི་དབང་དུ་གྱུར་བ་ཉིད་ཀྱིས་འཁོར་བའི་བར་དུ་འགྲོ་བའི་དོན་སྒྲུབ་པ་ལྷུར་ལེན་པ་རྣམ་པར་གནས་ན། རིས་སུ་ལྟ་བའི་སྡུག ་བསྔལ་གྱིས་ནད་པར་གྱུར་པ་གང་དག་དེ་རྣམས་ལ་མང་དུ་སྡང་བ་དེ་དག་གི་གཏམ་ཚུལ་ཅི་ཞིག་ཅེ་ན། བཤད་པར་བྱ་སྟེ། འགྲོ་ལ་ཕན་ཕྱིར་གང་ཞིག་ལ། །འཇིག་རྟེན་སྲིད་དུ་གནས་ཡོད་པ། །དེ་ལ་འང་སོར་གནས་དག་ཕྱུར་ན། །སྡང་ལ ་བསམ་ཐག་ཅི་ཞིག་ཡོད། །གང་ཞིག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཐར་ཐུག་པར་སེམས་ཅན་གྱི་ཁམས་མ་ལུས་པའི་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་ཕུན་སུམ་ཚོགས་པ་ཕུལ་དུ་དབྱུང་དུ་མེད་པའི་གཏེར་དུ་གྱུར་པ་བསོད་ནམས ་ཀྱི་ཞིང་བྱང་ཆུབ་སེམས་དཔའ་དེ་ལ་རྗེ་བར་མར་གནས་པ་གང་དག་ཡིན་པ་དེ་དག་ཀྱང། དེ་ལ་སྦྱིན་པ་དང་རི་མོ་དང་རིམ་གྲོ་ལ་སོགས་པ་དག་གིས་བསོད་ནམས་ཀྱི་ཁྱད་པར་ཉེ་བར་མ་བསགས་པས་རེ་ཞིག་བརླགས་ན། གང་དག་ཡིད་ཀྱི་སྐྱོན་ལ་སོགས་པ་རྣམས ་ཀྱི་སྔང་བར་གྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་ངན་འགྲོ་དག་ཏུ་སྡུག་བསྔལ་བརྒྱ་ཕྲག་ལྷགས་པས་ངེས་པར་འཕུང་ཞིང་རབ་ཏུ་འཕུང་བར་འགྱུར་རོ། །དེའི་ཕྱིར་དེ་ལ་གུས་པ་དང་ལྡན་པས་བར་མར་གནས་པ་དོར་ཏེ། བྱང་ཆུབ་སེམས་དཔའ་རྣམས ་ལ་བསྙེན་བཀུར་བྱའོ། །སྨད་འཚོང་མས་རྐང་པ་གཡས་པ་མ་སྨས་སམ་དྲིས་པ་བཞིན་དང། དེར་བ་ལང་དང། ལུག་གཡེངས་པ་དང། མཁར་བས་རྒྱལ་བ་རྣམ་པར་བཤད་པ་དང། རྒན་པོ་ཨརྐའི་མེ་ཏོག་ཟ་བ་མཐོང་བས་ཁུར་སྐྱ་དང་ལ་དུ་བཞིན་ནོ། །ཤིང ་མཁན་འགའ་ཞིག་གི་བུ་མོ་གྲོང་གཞན་ཞིག་ཏུ་ཕྱིན་ལ་དེའི་ཕའི་དྲུང་ནས་མི་ཞིག་འོངས་ཏེ། དེས་དེ་ལ་ཀྲའི་བདག་གི་ཨོ་བོའི་རྐང་པ་གཡས་པ་མ་སྨས་སམ་ཞེས་དྲིས་པས། ངེས་དེ་ལ་གཡོན་པ་ཅིའི་ཕྱིར་མི་འདྲི་ཞེས་སྨྲས་པ་དང། དེས་དེའི་རྐང་པ ་གཡོན་པ་སྨས་པ་ལ་བདག་རྣམ་པར་མི་དཔྱོད་ཀྱི། གཡས་པ་ནི་བདག་ཐེ་ཚོམ་ཟའོ་ཞེས་སྨྲས་སོ། །དེ་བཞིན་དུ་གང་དག་བྱང་ཆུབ་སེམས་དཔའ་ལ་གཏང་སྙོམས་སུ་གནས་པ་དེ་དག་ཀྱང་རེ་ཞིག་བྱུང?་ན། སྔར་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཡང་མི་འགའ་ ་ཞིག་གིས་གླང་པོ་ཆེ་ལ་དབང་དུ་བྱས་པ་དག་ལ་གནག་ལུག་གཏམས་པར་གྱུར་ལ། དེས་དུས་གཞན་གྱི་ཚེ་འོངས་ཏེ་བའི?་ཁྱེད་ཅག་བདེ་འམ་ཞེས་དྲིས་པ་དང། དེ་དག་གིས་ཁོ་བོ་ཅག་ལ་བདེ་བའི་གོ་སྐབས་ག་ལ་ཡོད། གང་གི་བ་གླང་ཐམས་ཅད་གཡེངས ་པར་གྱུར་བའི་ཆར་རླུང་འདི་འདྲ་བ་བྱུང་ངོ་ཞེས་སྨྲས་སོ། །དེའི་བློ་ལ་གང་དུ་གླང་པོ་ཆེ་དག་ལ་བཀའ་མཆིད་འདི་རུ་གྱུར་པ་དེར་ནི་གནག་ལུག་གཡེངས་པ་ཞིག་གོ་སྙམ་དུ་གྱུར་ཏེ། གནག་ལུག་གི་གཏམ་མ་དྲིས་པ་ཁོ་ནར་དོད་ལ། །གང་དུ་ལ་ནི་དྲུག་ཅུ་ཡི། ། ་གླང་ཆེན་རྒན་རྣམས་གཡེངས་གྱུར་པ། །དེར་ནི་གནག་དང་ལུག་གཡེངས་པར། །ཐེ་ཚོམ་མེད་པར་ཤེས་པར་བྱ། །ཞེས་བྱ་བ་འདི་སྐད་དུ་ཡང་སྨྲས་སོ། །དེ་བཞིན་དུ་གཞན་ཞིག་གིས་འཁར་བ་རྒྱལ་བས་བཀྲིས་ཏེ་མཛའ་པོ་ཞིག་གི་ཁྱིམ་དུ་བཅོལ ་ལ་དེས་དུས་གཞན་ཞིག་ན་འོངས་ཏེ། སྙན་གསོལ་གྱི་གཏམ་དྲིས་པ་དང། དེས་བདེ་བ་ག་ལ་མཆིས་བྱི་བདག་གིས་ཆེར་རྩེས་ནས་གནས་ཏེ། གང་ཁྱོད་ཀྱིས་འཁར་བ་བཏམས་པས་དེ་ཡང་ཟོས་སོ་ཞེས་སྨྲས་སོ། །མི་དེ་རྐྱལ་པའི་གཏམ་མ་དྲིས ་པ་ཁོ་ནར་སོང་ལ། འདི་སྐད་དུ་བྱི་བ་མཆེ་རྣོན་རྣམས་ཀྱིས་ནི། །གང་དུ་དབྱུག་པའང་ཟ་འགྱུར་བ། །དེར་ནི་རྒྱལ་བ་དབྱུག་པ་དང། །ལྷན་ཅིག་ཟོས་པ་ཤེས་པར་བྱ། །ཞེས་ཀྱང་སྨྲའོ། །དེ་བཞིན་དུ་རྒན་པོ་རྣམས་ཨརྐའི་མེ་ཏོག་ཟ་བར་མཐོང་ནས། ཁ་ཅིག ་གིས་ཤིན་ཏུ་ཟ་ཕོད་རྒན་པོ་རྣམས། །རྐའི་མེ་ཏོག་རྣམས་གང་དུ། ཟ་དེར་ལ་དུ་དག་དང་ནི། །ལྷན་ཅིག་ཁུར་སྐྱ་ཟར་ཤེས་བྱ། །ཞེས་སྨྲས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་བཏང་སྙོམས་སུ་གནས་པ་དེ་དག་ཀྱང་རེ་ཞིག་འཕུད་ན། སྡང་བ ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། འདིར་བཤད་པ། འདི་ན་མི་གང་ལྟ་ཞིག་སེམས་ཅན་ཐམས་ཅད་ལ་ནི་སྙིང་རབ་སྡང་འགྱུར་ན། རབ་ཏུ་སྡང་བའི་ཡིད་ཅན་དེ་ཡི་སྡིག་པ་གང་ཞིག་དེ་རུ་བསྡོམས་བྱས་པ། །དེ་སྙེད་སྡིག་པ་འདི་ན་རྒྱལ་བའི་སྲས་ལ་ཁྲོ་བ ་བསྐྱེད་པས་འཐོབ་འགྱུར་ཏེ། །དེ་ཕྱིར་རྒྱལ་སྲས་ཁྱུ་མཆོག་མེ་དང་འདྲ་བར་བལྟས་ཏེ་ཡང་དག་སྤང་བར་བྱ། །འདིར་སྨྲས་པ། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་བྱ ་དཀའ་བ་ཅི་ཞིག་ཡིན། །བཤད་པར་བྱ་སྟེ། གང་ལ་སྐྱེ་བ་ཐམས་ཅད་དུ་།མངོན་ཤེས་ལྔ་ཆར་ཡང་ཡོད་པ། །དེ་ཡི་དམན་པར་དམན་ལྟའི་དངོས། །འདི་ནི་ཤིན་ཏུ་བྱ་དཀའ་བའོ། །གང་དེ་བཞིན་གཤེགས་པའི་ཆོས་ཀྱི་ལོངས་སྤྱོད་ཀྱི་རོ་ཞིམ ་པོ་བསམ་གྱིས་མི་ཁྱབ་པ་ཆོག་མི་ཤེས་པ་དང། སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་བསམ་གྱིས་མི་ཁྱབ་པ་དང། སེམས་ཅན་ཐམས་ཅད་ཀྱི་མཆོག་སྤངས་ནས་སྙིང་རྗེ་ཆེན་པོས་གཞན ་གྱི་རྗེས་སུ་འཇུག་པ་ཉིད་ཀྱིས། སེམས་ཅན་ལ་ཕན་པའི་དོན་དུ་སྲིན་བུ་དང་ཕྱེ་མ་ལེ་བ་དང། སྡིག་སྤྲུལ་དང། མ་ཧེ་དང། རི་བོང་དང། སྤྲེའུ་དང། རི་དགས་རུ་རུ་ལ་སོགས་པའི་སྐྱེ་བ་དག་ཡོངས་སུ་འཛིན་པ་ན། གཟུགས་དེ་དང་སྐད་ཅིག་དེ་དང ་དེས་སེམས་ཅན་གྱི་རིས་དེ་དང་དེ་དག་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་བཟོད་པ་ཐོབ་ཅིང། མངོན་པར་ཤེས་པ་མ་ཉམས་པ་དེ་དག་གི་མཆོག་ཏུ་བྱ་དཀའ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་བྱང་ཆུབ་སེམས ་དཔའ་མཆོག་ཏུ་བྱ་དཀའ་བ་བྱེད་པ་རྣམས་ཀྱི་མཆོག་ཏུ་བྱ་དཀའ་བ་ཉིད་འདི་བལྟས་ནས། བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དང་བ་མཆོག་བསྐྱེད་པར་བྱ་སྟེ། སེམས་ཅན་ལ་བྱམས་པ་ཕུལ་དུ་བྱུང་བ་མཐོང་བའི་ཕྱིར་རོ། །རྒྱལ་བུ་དང་ཁྱིའི ་སྐྱེ་བ་དང། གོང་མ་སྲེག་གི་སྐྱེས་རབས་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས། བྱེས་ན་འདུག་ཅིང་བྲན་མོ་དང་ལྷན་ཅིག་གནས་པར་གྱུར་ལ། དེ་ལས་ཁྱེའུ་ཞིག་སྐྱེས་པར་གྱུར་ཏོ། །དེ་ལ་ཁྱེའུ་གཞན་དག་གིས་བྲན་མོའི་བུ་ཕར་སོང། གང་ཁྱོད ་སུའི་བུ་ཡིན་པ་མི་ཤེས་སོ་ཞེས་སྨྲས་པས། དེས་སོང་ནས་མལ་བར་གསུས་བསྐྱེད་ཅེས་དྲིས་སོ། །དེས་སྨྲས་པ་རྒྱལ་པོས་སོ། །དེས་སྨྲས་པ། ཉིད་ཀྱི་སྲས་སྣོམས་ཤིག་ཅེས་རྒྱལ་པོ་ལ་བདག་ཕུལ་ཅིག་ཅེའོ། །དེས་ཁྱོད་ཀྱང་རྒྱལ་པོས་སྣོམས་པར་མི ་འགྱུར་ལ། དེར་བདག་ལ་ཡང་བརྡུང་ཐག་བྱེད་པར་འགྱུར་རོ་ཞེས་སྨྲས་པ་དང། དེ་དུ་བར་ཞུགས་སོ། །དེ་ནས་བུའི་སྲེད་པས་བརྡུང་ཐག་སྙིང་ལ་བཞག་སྟེ། རྒྱལ་པོ་འཁོར་གྱི་དཀྱིལ་འཁོར་ན་བཞུགས་པ་ལ་བུ་དེ་ལག་བརྔས་སྟོན་ཞིང་གནས་ལ་རྒྱལ་པོ་ནི ་དོ་གཞན་དུ་ཅུས་ནས་གནས་སོ། །དེ་བྱིས་པ་དེས་བསྐུལ་ཞིང་ཡང་དེ་ཕྱོགས་སུ་སོང་ནས་བུ་དེ་སྟོན་པར་གྱུར་ལ། རྒྱལ་པོ་ནི་སླར་ཡང་དེ་ཁོ་ནར་ལྟར་གནས་སོ། །བྱིས་པས་མ་ལ་སྨྲས་པ། ཚིག་གིས་སྨྲོས་ཤིག་ལག་བརྔས་ཅི་ཞིག་བྱ། དེ་ནས་རྒྱལ་པོ ་དེ་ལ་བུའི་གདུང་བས་བྲན་མོས་ཉིད་ཀྱི་སྲས་ལག་པར་མཁྱེན་པར་མཛོད་ཅིག་།ཁོ་མོས་ཡུན་ཇི་ཙམ་པར་དུ་གསོས་པར་བགྱི་ཞེས་ཁྱབ་པར་སྐད་ཀྱིས་ཞུས་སོ། །རྒྱལ་པོ་དེས་ཀྱང་ངོ་ཚ་ནས་བྲན་མོ་མི་བདེན་པར་སྨྲ་བ་འདི་གཞུས་ཤིག་ཅེས་སྐྱེས་བུ ་དག་ལ་ལུང་བསྒོ་ལ། དེ་དག་ཀྱང་ལག་ན་ལྕག་ཐོགས་ཏེ་མངོན་པར་ལྷགས་པ་དང། བྱང་ཆུབ་སེམས་དཔའ་དེས་དང་པའི་རྒྱལ་པོ་འདབ་གཤོག་རྒྱས་པ་ལྟར་མའི་ཕར་ནས་འཕར་ཏེ་ནམ་མཁའ་ལ་བརྟེན་ནས་རྒྱལ་པོ་ལ་བདག་རྒྱལ་པོའི་བུ་ཡིན ་པར་མི་དགྱེས་སམ་ཞེས་སྨོས་སོ། །དེ་ལ་རྒྱལ་པོ་དེས་བ་སྤུ་ལངས་མཆི་མ་ཅུང་ཟད་ཕྱུང། གསེར་གྱི་གདན་ཁྲི་ལས་ལངས་ཤིང་ལག་པ་གཉིས་བརྐྱང་ནས་ཚིག་སུབ་སུབ་པོས་སྐྱེས་བུ་དམ་པ་གཤེགས་ཤིག་།རེ་ཞིག་ལྷའི་རྒྱལ་པོ་བརྒྱ་ཕྱིན་ཡང་སྲས ་ཁྱོད་ཀྱིས་རྗེས་སུ་འཛིན་ན་བདག་ཅག་ལྟ་བུ་ལྟ་སྨོས་ཀྱང་ཅི་འཚལ་ཞེས་སྨས་སོ། །སྨས་ནས་ཀྱང་འདི་མ་དང་བཅས་པ་ཚུལ་བཞིན་དུ་མཆོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འགའ་ཞིག་ཏུ་ཁྱི་རྣམས་ལ་མ་འོངས་པའི་གནོད་པ་དག་རིག་པར་བྱས ་ནས་ཁྱིའི་སྐྱེ་གནས་སུ་ཞུགས་སོ། །དེ་ནས་དེ་སྐྱེས་པ་ཙམ་ཉིད་དེ་ནས་དགོན་པ་ན་གནས་པར་མངོན་པར་བརྩོན་ཞིང་རྟག་ཏུ་ཁྱི་དག་དང་ལྷན་ཅིག་ཏུ་དགོན་པའི་མཛའ་གཅིག་ན་གནས་སོ། །ནམ་ཞིག་ན་རྒྱལ་པོ་རྟའི ་ཤིང་རྟ་ལ་དགའ་བ་ཞིག་གི་རྟའི་ཤིང་རྟའི་ཀོ་ལྤགས་ཁྱི་དག་གིས་ཟོས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་བཀྱོན་པར་གྱུར་པས་ཁྱི་ཐམས་ཅད་ཡུལ་ཡུལ་ནས་ཁུག་ལ། དུས་གཅིག་ཏུ་སོད་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ ་སུས་ཀྱང་མ་མཐོང་བར་རྒྱལ་པོའི་འཁོར་གྱི་དཀྱིལ་ན་བཞུགས་པའི་སེང་གེའི་ཁྲིའི་འོག་ཏུ་ཞུགས་ལ། རྒྱལ་པོ་དེས་ཀྱང་གཟིགས་པར་གྱུར་ཏོ། །རྒྱལ་པོ་རྟའི་ཤིང་རྟའི་ཀོ་ལྤགས་ཟ་བ་འདིར་འོངས་ཀྱིས། འོངས་སུ་ཟིན་ཀྱང་ཁྱོད་མི་བཏང་ངོ ་ཞེས་ཀྱང་ལུང་སྩལ་ལོ། །དེས་སྨྲས་པ། གལ་ཏེ་བདག་ཕཾ་ན་ཆད་པ་གསལ་བར་ཐོབ་ཅིག་།རྒྱལ་པོས་སྨྲས་པ། ཁྱོད་ཀོ་ལྤགས་ཟོས་པའི་ཕྱིར་ཕམ་པ་ཁོ་ན་མ་ཡིན་ནམ། དེས་སྨྲས་པ། ཁྱེད་ཅག་ཕོ་བྲང་འཁོར་བ་ནམས་ཉོན་ཅིག། དུད ་འགྲོ་དག་ཏུ་སྐྱེས་པས་ནི་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་མི་ཤེས་སོ། །གལ་ཏེ་རེ་ཞིག་བདག་ཁོ་ནས་ཟོས་པ་དེ་ལྟ་ན་ཡང་འདི་ནི་དེའི་བསྲུང་བ་པོ་རྣམས་ཀྱི་ཚུལ་མ་ཡིན་པ་ཡིན་གྱི་བདག་ནི་མ་ཡིན་ན། ཡུལ་དང་གྲོང་ཁྱེར་དང་གྲོང ་ན་གནས་པ་རྣམས་ལ་ཉེས་པ་ཅི་ཡོད། །དེ་ནི་གཅིག་གིས་ཟོས་ཀྱིས་ཐམས་ཅད་ཀྱིས་ནི་མ་ཡིན་ལ། རྒྱལ་པོས་ཀྱང་ཐམས་ཅད་ལ་ཆད་པས་ཆོད་ཅིག་ཅེས་ཆད་མར་མ་བྱས་པར་བཀའ་སྩལ་ཏོ། །དེའི་ཕྱིར་ཅི་མི་རྣམས་ལ་ཡང་ཆོས་འདི ་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་དེ་རྣམས་ལ་མ་ཡིན་ན་ནི་མི་སྙོམས་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ནས་རྒྱལ་པོ་དེ་དེ་ལྟ་བུ་ལ་སོགས་པའི་སྙིང་འཛིན་པར་བྱེད་པ་མིའི་ཚིག་རྨད་དུ་བྱུང་བ་དག་གིས་མཉེས་པར་གྱུར་ཏེ། ཁྱིའི་གནོད་པ་དེ་ཡང ་བཟློག་པར་མཛད་ལ། ཚོགས?་གཞོལ་བར་ཡང་གྱུར་ཏོ། །དེ་ལྟར་ན་དམན་པ་དག་ཏུ་དམན་པ་ལྟ་བུའི་དངོས་པོ་ནི་བྱང་ཆུབ་སེམས་དཔའ་རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པའི་རང་བཞིན་ཅན་རྣམས་ཀྱི་ཤིན་དུ་བྱ་དཀའ་བ་ཡིན་ནོ། །ཡང་གི་སྒྲས་ནི ་མངོན་པར་ཤེས་པ་མཛའ་དག་སྨོས་སོ། །དེའི་ཕྱིར་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པ་ལྔ་ཆར་ཡང་དག་པར་ལྡན་པར་གྱུར་ནས་སེམས་ཅན་ལ་ཕན་པའི་ཕྱིར། དུད་འགྲོའི་སྐྱེས་གནས་ཀྱི་གནས་གང་དག་ཏུ་སྐྱེས་པ་ཀ་བ་ནི་ཛ་ལ་དང་ནེ ་ཙོ་དང་ཕུག་རོན་ལ་སོགས་པའི་སྐྱེས་རབས་དེ་དག་དཀའ་བ་བྱེད་པ་ཤེས་པར་བྱ་བའི་ཕྱིར་བརྗེད་པར་བྱའོ། །འདིར་བཤད་པ། གང་ལས་སེམས་ཅན་ཡོངས་སྨིན་ཕྱིར། །བསོད་ནམས་ཕུང་པོ་བཏང་བྱ་སྟེ། །བརྩེ་བས་ངན་སོང་དུ་སྐྱེ་བ། །ལས་འདི་དམ་པའི ་དཀའ་སྤྱོད་དོ། །ཡོན་ཏན་གཞལ་དུ་མེད་པ་ཉིད་མཐོང་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ལ་དད་པ་བསྐྱེད་པར་བྱ་སྟེ། འདི་ལྟར། ཐབས་ཀྱིས་ཀུན་ཚེ་བསོད་ནམས་གང། །ཤིན་ཏུ་ཡུན་རིང་བསགས་པ་དེ། །ཐམས་ཅད་མཁྱེན་པའི་གཞལ་བྱ་ཡང། ་མིན་ཞེས་དེ་བཞིན་གཤེགས་པས་གསུངས། །བསྐལ་པ་གྲངས་མེད་པ་མང་པོར་བསགས་པས་ཆེན་པོ་ཉིད་དུ་བསྟན་པའི་ཕྱིར། ཤིན་ཏུ་ཡུན་རིང་ཞེས་བྱ་བ་སྨོས་སོ། །གང་ཅུང་ཟད་བསོད་ནམས་འབྱུང་བའི་རྒྱུར་གྱུར་པ་དེ་མཛའ་དག་ལུས་དང་ངག ་དང་ཡིད་རྣམས་ཀྱིས་བསྟེན་པའི་ཕྱིར་ཀུན་ཚེ་ཞེས་བྱ་བ་སྨོས་སོ། །ཐབས་ནི་མངོན་པར་འདོད་པའི་དོན་ཤིན་ཏུ་བྱ་དཀའ་བ་ཡང་འབད་པ་མེད་པར་སྒྲུབ་པར་ནུས་པའི་རྒྱུ་ཉེ་བར་རྟོགས་པའོ། །དེ་ལ་ཐབས་ལ་མཁས་པའི་སྟབས་དཔག་ཏུ་མེད་པས་པར་མཚམས ་མེད་པར་བསྐལ་པ་གྲངས་མེད་པ་སྟོང་ཕྲག་བརྒྱར་ཉེ་བར་བསགས་པའི་བསོད་ནམས་ནི་ནམ་མཁའ་ལྟར་མཛའ་ཡས་པའི་ཕྱིར་ཐམས་ཅད་མཁྱེན་པས་ཀྱང་གཞལ་བར་མི་སྦྱོང་ན། གཞན་དག་གིས་ལྟ་ཅི་སྨོས་ཏེ། བྱིས་པའི་སྐྱེ་བོའི་འཁོར་བའི་ལྷག་མ ་བཞིན་ནོ། །ཇི་ལྟར་བྱིས་པའི་སྐྱེ་བོའི་འཁོར་བའི་མཛའ་ཡས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་དགེ་བའི་རྩ་བ་ཡང་མཛའ་ཡས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་དང་དུས་མཛའ་ཡས་པའི་ཕྱིར་དང། ཐབས་མཛའ་ཡས་??་ཕྱིར་དང། ་སེམས་ཅན་མཛའ་ཡིས་བའི་ཕྱིར་རོ། །འདིར་བཤད་པ་གང་ཞིག་རྒྱ་མཚོ་ཆུ་ཐིགས་དང། ལྷུན་པོ་ཡུངས་ཀར་ས་གཞི་ནི། །བག་ཙམ་དག་གིས་འཇལ་ནུས་ཏེ། །བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་འཇལ?། །འདིར་སྨྲས་པ་ཡང་ཅིའི་ཕྱིར་སྐྱོས་པའི་རབས་ལ་སོགས་པ་དག་ལས་བྱང་ཆུབ་སེམས ་དཔའ་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་དུ་གྱུར་པ་རྣམས་ལ་ཡང་སྦྱིན་པའི་སྒྲ་ཇི་སྐད་དུ་སྙན་པར་འདོན་པ་དེ་སྐད་དུ་གཞན་མ་ཡིན། བཤད་པར་བྱ་སྟེ། འཆི་དང་ཆོས་དང་སྲིད་པ་གཞན། །སྦྱིན་པའི་སྒྲ་ཡིས་གསལ་བྱེད་པ། །དེ་ཕྱིར་བྱང་ཆུབ་སེམས ་དཔའ་ལ། །སྦྱིན་པའི་སྒྲ་ནི་རྟག་ཏུ་སྙན། །དེ་ལ་དོ་ནི་གཏུབ་པ་ལའོ། །འདབ་ནི་རྔ་བ་ལའོ། །ཞེས་སྐད་ཀྱི་དབྱིངས་གཉིས་པོ་དེར་སྦྱིན་པའི་སྒྲ་བྱེ་བྲག་ཏུ་འཆད་པ་ནི་དེའི་ཚེ་འཆི་བ་གསལ་བར་བྱེད་པ་སྟེ། དེའི་ཕྱིར་སྐྱོབ་དང་རྗེས་སུ་མཐུན་པའི་ཕྱིར་བྱང་ཆུབ་སེམས ་དཔའ་རྣམས་ལ་སྦྱིན་པའི་སྒྲ་སྙན་ནོ། །གང་གི་ཚེ་དཎ་ནི་སྦྱིན་པ་ལའོ། །ཌུད་ཉ་ནི་སྦྱིན་པའི་ལའོ་ཞེས་བྱ་བ་དེ་ལྟར་ཡིན་པ་དེའི་ཚེ་ནི་གཏོང་བའི་བརྗོད་པར་བྱེད་པ་ཡིན་པ་དེའི་ཕྱིར་ཆོས་བསྙད་དོ། །གཏོང་བ་ཡང་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིགས ་པ་དང་ཆོས་ཀྱི་སྦྱིན་པའི་དབྱེ་བས་སོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་འཇིགས་པའི་སྦྱིན་པ་ནི། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་སྦྱིན་པ་ནི་བསམས་གཏན་དང་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དག་གོ་།བརྩོན་འགྲུས་ནི་ཐམས་ཅད་དུ་ཉེ་བར་མཁོ་བའི་ཕྱིར་གསུམ་ཀར་ཡང་འགྱུར་རོ། །དེ་ལྟར་ཆོས་བརྗོད་པར་བྱེད་པ་ཡིན་པའི་ཕྱིར་སྦྱིན་པའི་སྒྲ་ནི་སྙན་ནོ། །གང་གི་ཚེ་དེ་དང་བསྲུང་བ་ལའོ། །དེ་བ་ནི་སྦྱོང་བ་ལའོ། །ཞེས་སྐད ་ཀྱི་དབྱིངས་གཉིས་པོ་དེར་སྦྱིན་པའི་སྒྲ་བྱེ་བྲག་ཏུ་འཆད་པ་དེའི་ཚེ་ནི། ཆེ་འདི་ཉིད་དུ་ཡུལ་དག་ལ་ལུས་དང་ངག་དང་ཡིད་བསྲུང་བའི་ཕྱིར་དང། དེ་ཡོངས་སུ་དག་པས་ཇི་ལྟར་འདོད་པ་བཞིན་སྲིད་པ་གཞན་མངོན་པར་བསྒྲུབ་པའི་ཕྱིར་ན། །སྲིད་པ་གཞན་གསལ་བར་བྱེད་པའི ་ཕྱིར་སྦྱིན་པའི་སྒྲ་བྱང་ཆུབ་སེམས་དཔའ་རྣམས་ལ་སྙན་ནོ། །བསད་པར་བྱ་བས་གཏོང་བ་ཐོས་པ་བཞིན་ནོ། །བསད་པར་བྱ་བ་ལ་ཐར་པའི་སྒྲ་ལས་སྒྲ་གཞན་ཆེས་སྙན་པ་འགའ་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྦྱིན་པའི་སྒྲ ་སྙན་པ་ལས་ཆེས་སྙན་པའི་སྒྲ་གཞན་མེད་དེ། དེ་ནི་བསོད་ནམས་དང་མི་རྟག་པ་ཉིད་དང། སྲིད་པ་གཞན་གསལ་བར་བྱེད་པའི་ཕྱིར་རོ། །འདིར་བཤད་པ། གང་ཕྱིར་སྦྱིན་པས་གཏོང་པོ་དང། །ལེན་པ་པོ་ལ་བདེ་འདྲེན་པ། །དེ་ཕྱིར་སྦྱིན་སྒྲ་རྫོགས་པ་ཡི། །བྱང ་ཆུབ་སེམས་དཔའ་ལ་རྟག་སྙན། །འདིར་སྨྲས་པ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཁོ་ན་མཛའ་ཡས་ཀྱི། གཞན་དག་གི་ནི་མ་ཡིན་ནོ་ཞེས་བྱ་བ་ཁྱད་པར་ཅི་ཡང་འབྲས་བུ་ལ་མི་བལྟོས་པའི་ཕྱིར་རོ། །གང་ཞིག་འདིར་བྱིན་པ་ཡི་སྦྱིན་པ་ལ། །འབྲས ་བུ་ཆེན་པོ་འབྱུང་འགྱུར་ཞེས། །ལེན་དང་ཡོངས་སུ་གཏོང་བ་ནི། །ཚོང་སྤོགས་བཞིན་དུ་སྨད་པར་འགྱུར། གཞན་དག་འབྲས་བུ་བསྔགས་པར་བྱེད་ཅིང་གཏོང་བ་དང་ལེན་པ་སྒྲུབ་པར་བྱེད་པ་དེ་ནི་ཇི་ལྟར་ཚོང་པ་དག་ཁེའི་ཕྱིར་རྫས་གཏོང་བ་དེ་དང་འདྲ་ལ། བྱང ་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པས་གཞན་མངོན་པར་མཐོ་བར་བྱ་བའི་ཆེད་ཁོ་ནར་ཡོངས་སུ་གཏོང་སྟེ། དེའི་ཕྱིར་དེ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ལ་ཟད་པ་མེད་དོ། །ཡོ་བྱད་ཐམས་ཅད་བཙོངས ་བའི་ཁེ་བཞིན་ནོ། །ཇི་ལྟར་ཡོ་བྱད་ཐམས་ཅད་བཙོངས་པར་གྱུར་པ་དང། རྫས་དང་བཅས་པའི་ཆོད་པ་འཁེ་ཙམ་ཁོ་ནར་འགྱུར་གྱི་བསོད་ནམས་མ་ཡིན་པ་དེ་བཞིན་དུ། འབྲས་བུ་འདོད་པའི་སྦྱིན་པ་པོ་ལ་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་གྱི་ཐར་པ་ནི ་མ་ཡིན་ཏེ། འཁོར་བའི་བཙོན་རའི་ཁང་པར་བསྡམས་པའི་ཕྱིར་རོ། །འདིར་བཤད་པ། སྦྱིན་གང་སེར་སྣ་དང་བྲལ་བ། །སྣོད་དམ་སྣོད་མིན་དེ་དག་ལ། །མཉམ་པར་སེམས་སྙོམས་པས་གཏོང་བའི། །སྦྱིན་དེ་སྦྱིན་པ་པོ་ལས་དག། ་བརྩེ་བས་སྦྱིན་དང་སྦྱིན་པའི་འབྲས། །གཉི་གའང་ཅིག་ཅར་དོན་གཉེར་ལ། །གཏོང་བའི་སྦྱིན་གང་སེར་སྣ་མེད། །དེ་ནི་དམ་པ་རྣམས་ཀྱིས་བསྔགས། །དེའི་ཕྱིར་དེ་ལྟར་ན། རྒྱུད་དགེ་བ་ལ་གཅིག་ཏུ་གཏད་ཅིང་གཞན་ལ་ཕན་གདགས་པའི་ཕྱིར་འཁོར་བའི་བར ་དུ་གནས་པ། སེམས་ཅན་གྱི་ཕུང་པོ་མཛའ་ལས་པ་ལྟར་རྒྱ་ཆེ་བའི་བསོད་ནམས་གཞལ་དུ་མེད་པ་ཉེ་བར་བསགས་པ། གང་ལ་ཕྱོགས་ཙམ་གྱིས་དོན་མ་ཡིན་པ་བྱས་པ་ལས་མི་དགེ་བ་གང་འཕངས་པའམ་ཉེ་བར་བསགས་པར་གྱུར་པ། སྔར་བྱས་སྡིག་པ་དེ ་ཡང་ནི། །ཡོད་ཉིད་ཡོད་པ་མ་ཡིན་པ། །དགེ་བའི་ལས་ཅན་དེ་ལ་ནི། །སྒྲུབ་མིན་ཞེས་བྱ་ཡོད་མ་ཡིན། །བསོད་ནམས་མ་ཡིན་པ་ཆུང་ངུ་ཡང་མེད་པའི་ཕྱིར་དང། དགེ་བའི་རྩ་བ་ཉེ་བར་བསགས་པའི་ཁྱད་པར་གྱི་ཕྱིར་ན། ཕོད་པར་གྱུར་པའི་སེམས་ཅན ་གྱི་དོན་མཛའ་དག་འགྲུབ་པར་འགྱུར་རོ། །ལན་ཚྭའི་སྲང་ལྟ་བུ་བཞིན་ཏེ། །ལན་ཚྭའི་སྲང་ལྟ་བུའི་མདོའི་དོན་རྒྱས་པར་བརྗོད་པར་བྱའོ། །དེའི་དོན་མདོར་བསྡུས་པ་ནི། །ལན་ཚྭ་སྲང་འགའ་ཆུ་ནི་ཉུང་དུ་ཞིག། རོ་བསྒྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ ་བཞིན་སྡིག་པའི་ལས་ཀྱང་དགེ་བ་ཡི། །རྩ་བ་ཆུང་དང་ཆེ་ཡངས་ལ་མཁྱེན་བགྱི། །ཞེས་བྱ་བའོ། །འདིར་བཤད་པ། གང་གི་ཆོས་ཀྱི་སྒྲིབ་པ་རྣམས། །རྣམ་པ་ཀུན་དུ་སྤངས་གྱུར་པ། །མྱ་ངན་འདས་པ་དེ་དག་ལ། །བསྒྲུབ་པར་བྱ་མིན་ཅི་ཡང་མེད། ། ་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་གཅིག་ཏུ་དགེ་བའི་ཕྱིར་མི་ལྡོག་པ་ཡིན་ན། །ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་ཞེ་ན། བཤད་པར་བྱ་སྟེ། རླབས་ཆེན་ཡིད་ཅན་དེ་ལ་ནི། །འདི་ནའང་གནོད་པ་ཡོད་མིན་ཏེ། དེས་ན་དེ་ལ་སྲིད་པ་དང། མྱ ་ངན་འདས་ལ་ཁྱད་པར་མེད། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པའི་ཡིད་རྒྱ་ཆེ་ཞིང་ཉེ་བར་མི་དམིགས་པ་ཡིན་ལ། འཁོར་བ་ན་འཁོར་བ་ན་དེའི་ཡིད་ཉོན་མ་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་ཤིང། ཆུས་པདྨ་ལྟར་འཁོར་བའི ་མཚོར་ཡིད་ཉི་བར་ཉོན་མོངས་པའི་དྲི་མ་དག་གིས་མི་གོས་པ་དེའི་ཕྱིར་དེ་ལ་འདི་ན་ཡང་གནོད་པ་མེད་དོ། །དེ་ལ་ནི་སྐྱེ་བ་དན་རྒ་བ་དང། ན་བ་དང། །ཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་མེད་པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་ལ་ཁྱད ་པར་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོའོ། །བུ་གཅིག་པན་བའི་རིམ་གྲོ་མ་བཞིན་ནོ། །ཇི་ལྟར་བུ་གཅིག་པ་ན་བའི་རིམ་གྲོ་བྱེད་པ་ན་མ་ཡིད་མི་འབྱུང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉོན་མོངས་པའི་ནད་ཐམས ་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་རིམ་གྲོ་དེ་དང་དེ་བྱེད་པ་ན། སྐྱོ་བར་ཡང་མི་འགྱུར་རོ། །འདིར་བཤད་པ། དབང་བཅུ་རྣམ་དག་དབང་གྱུར་པ། །ཀུན་ཀྱང་གང་དག་ལ་ཡོད་པ། །དེ་དག་ལ་དེར་སྲིད་པའམ། །མྱ་ངན་འདས་ཁྱད་ཅི་ཞིག་ཡོད། །ཇི་སྐད་དུ་འཕགས་པ ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། །ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་པར་ཤེས། །ཤེས་ནས་ཉོན་མོངས་རྣམས་དང་དམི་འགྲོགས། །ཐ་སྙད་ཙམ་གྱིས་རྣམ་པར་སྤྱོད་བྱེད་ཅིང། །འཇིག་རྟེན་འདི་ན་མྱ་ངན་འདས་པར་གནས། ཞེས་གསུངས་སོ། །འདིར་སྨྲས་པ ་སེམས་བསྐྱོད་པ་དང་པོ་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕལ་ཆེར་དབང་འབྱོར་བར་འགྱུར་རོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། བཤད་པར་བྱ་སྟེ། གང་ལ་ཀུན་ཚེ་སེམས་དབང་ནི། །ཉིད་ལས་སྐྱེ་བ་ཡོང་གྱུར་པ། །དེ་ཀོ་རྒྱུ་ཅིས་འཇིག་རྟེན ་ནི། །ཀུན་གྱི་མངའ་བདག་འགྱུར་མ་ཡིན། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་བསམས་བཞིན་དུ་སྲིད་པ་ཡོངས་སུ་ལེན་པར་བྱེད་པ་དས་རྒྱུ་ཅེས་ཐམས་ཅད་ཀྱི་ཚེ་འཇིག་རྟེན་ཐམས་ཅད་ཀྱིས་མངལ ་བདག་ཏུ་མི་འགྱུར། ཡིད་བཞིན་གྱི་ནོར་བུ་བཞིན་དང། དཔག་བསམ་གྱི་ཤིང་ཆེན་པོ་དང། བུམ་པ་བཟང་པོ་བཞིན་ནོ། །ཇི་ལྟར་ཡིན་བཞིན་གྱི་ནོར་བུ་འདོད་པའི་དོན་སྟེར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སེམས ་ཀྱང་ཡིན་ལ། ཡང་ཇི་ལྟར་དཔག་བསམ་གྱི་ཤིང་འཇིག་རྟེན་ཡོངས་ཀྱི་ཡིད་ལ་མངོན་པར་འདོད་པའི་གནས་སྐབས་ཀྱི་འབྲས་བུ་སྟེར་བར་བྱེད་པ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡིན་ཏེ། དེའི་ཕྱིར་དགེ་བའི་རྩོ་མ་ཕ་ཐམས་ཅད་འདི་ལ་རག ་ལས་པ་ཡིན་ནོ། །འདིར་བཤད་པ། གང་དག་ལ་ནི་ཡིད་དག་དང། བསོད་ནམས་སྟོབས་ཡངས་ཡོད་གྱུར་བ། །དེ་དག་བསམ་བཞིན་འགྲོ་བར་ནི། །མི་འགྱུར་ཞེས་འདི་རྒྱུ་ཅ་ཡོད། །བྱང་ཆུབ་སེམས་དཔའ་ཨི་མཐུ་ལས་ཀྱང་དེའི་སྤྱོད་པའི་འབྲས་བུའི་དོ ་བོ་སངས་རྒྱས་བཅོམ་ལྡན་འདས་དཔེ་མི་མངའ་བ་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་གང་དག་གཅིག་ནི་རང་གི་ལྷག་པར་མོས་པས་དབུལ་བ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་དེ་ལྟར་མི་རྟོགས་པ་འབའ་ཞིག ་ཏུ་མ་ཟད་ཀྱི། འོན་ཀྱང་བསྐུར་བ་འདེབས་པར་ཡང་བྱེད་དེ། དེ་སྐད་དུ་ཡང། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། སྐྱེས་བུ་ཉིད་ཡིན་པའི་ཕྱིར་མི་གཞན་བཞིན་ནོ། །ཞེས་སྨྲའོ། །དེའི་ཕྱིར་འདིར་དེ་བཞིན་གཤེགས་པ་ནི་ཐམས ་ཅད་མཁྱེན་པ་མ་ཡིན་ཏེ། ཞེས་སྨྲ་བ་འདི་ལ་འདི་སྐད་དྲི་བར་བྱ་སྟེ། གང་དམ་བཅའ་བའི་ཚིག་གཉིས་ཉེས་པར་བཀོད་པ་དེ་ཅི་དོན་གཅིག་པ་ཞིག་གམ། འོན་ཏེ་དོན་ཐ་དང་བ་ཞིག་ཡིན་གྲངས། །དོན་གཅིག་གོ་ཞེ་ན་ནི། ཟློས་པའི་ཉེས་པར ་འགྱུར་རོ། །དོན་ཐ་དད་དོ་ཞེ་ན། བརྗོད་པར་འདོད་པའི་དོན་གོ་བར་བྱེད་པ་མ་ཡིན་ནོ། །བརྗོད་དུ་མེད་པ་ཡིན་ནོ་ཞེ་ན། བརྗོད་དུ་མེད་པ་ཉིད་འདི་ཅི་ཞིག། གལ་ཏེ་བརྗོད་པ་ཉིད་མེད་པ་ཉིད་ཡིན་ན་ནི། དེའི་ཕྱིར་ཚིག་འདི་གཉིས་མ་སྨྲས་པ་ཉིད་ཀྱི་ཕྱིར ་དོན་ཅི་ཡང་གོ་བར་མི་བྱེད་དོ། །ཅི་སྟེ་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ། །ཞེན་འོན་ནི་ཇི་སྐད་དུ་བརྗོད་པར་བྱ་བ་དེ་སྐད་དུ་བརྗོད་པར་གྱིས་ཤིག། གང་ཅིག་མ་ཡིན་ཞིང་གཅིག་པ་ཡིན་པ་ཡང་མ་ཡིན་བའི་??་དེ་ལྟ་བུ་ནི་?? ་བྱ་བ་ཡང་མི་ནུས་སོ། །དེའི་ཕྱིར་དེ་ལྟར་རང་གི་དམ་བཅའ་བའི་དག་གི་དོན་ཁོང་དུ་ཆུད་པར་མི་ནུས་པས་ཀོ་རྩོད་པ་ག་ལ་རྙེད། གཏན་ཚིགས་འདི་ཡང་དམ་བཅའ་བ་ལས་ཐ་དད་པ་ཞིག་བསྒྲུབ་བྱའི་དོན་གོ་བར་བྱེད་དམ། ཐ་མི་དད་པ་ཞིག་ཡིན་??། གལ་ཏེ་ཐ་དད་ན ་ནི་དེ་ཐ་དད་པ་ཉིད་ཀྱི་ཕྱིར་གོ་བར་མི་བྱེད་དེ། ཐ་དད་པ་གཞན་བཞིན་ནོ། །ཅི་སྟེ་ཐ་མི་དང་ན། དེ་ལྟ་ན་ཡང་དམ་བཅའ་བའི་རང་གི་བདག་ཉིད་ལྟར་གོ་བར་མི་བྱེད་དོ། །གལ་ཏེ་འདི་ནི་ལྟག་ཆོད་ཞིག་གོ་ཞེ་ན། ལན་ཡོད་ན་ནི་ལྟག་ཆོད་དུ་འགྱུར་བ་ཞག་ན་དེ་ཡང ་ང་ལ་གདབ་པར་མི་ནུས་ཏེ། གང་དག་གང་སྨྲས་པ་དེ་དང་དེ་གཉི་ག་ལ་གྲུབ་པ་མེད་པའི་ཕྱིར་རོ། །གང་ཞིག་བཉི་ག་ལ་འགྲུབ་པར་འགྱུར་བ་བདག་གིས་ནི་ཅི་ཡང་ཁས་མི་བླངས་སོ། །ཅི་ཁྱོད་ལ་ཐམས་ཅད་མེད་དམ་ཞེ་ན། རེ་ཞིག་ཐམས་ཅད་ཉིད་བརྗོད་པར་བྱ ་དགོས་ཏེ། དེ་ནས་དེ་ཡོད་པ་འམ་མེད་པ་ཞེས་བྱ་བ་དེར་འགྱུར་བ་ཐམས་ཅད་ཅེས་བྱ་བ་དངོས་པོ་འདི་ཅི་ཞིག། ཅི་སྟེ་ཁྱོད་ཀྱང་མེད་དམ། ཅི་ཁྱོད་ཡོད་པ་ཞིག་གམ། ཡོད་ན་ནི?་རེ་ཞིག་བདག་སྒྲུབས་ཤིག། བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་རྣམ ་པར་དཔྱད་པ་ན་ཁྱོད་ལ་ཡོང་བ་ཉིད་མེད་ལ། དེ་བཞིན་དུ་རྒྱུ་ལ་ཡང་ཡོད་པ་དང། །མེད་པ་དང་དུས་གསུམ་དུ་ཡང་མི་སྲིད་བས་ཇི་ལྟར་ཁྱོད་ཀྱི་ཡོད་པ་ཉིད་དུ་འགྱུར། ཁྱོད་ལ་འཇིག་རྟེན་པ་དང་འགལ་བར་འགྱུར་རོ་ཞེ་ན། བདག་དང་འཇིག་རྟེན་མི་འགལ་ཏེ། ་འདི་ལྟར་བདག་ནི་ཁྱོད་ལ་ཡང་རྣམ་པ་གཞན་དུ་ཞུགས་ལ། འཇིག་རྟེན་ལ་ཡང་རྣམ་པ་གཞན་དུ་ཡིན་ནོ། །ཁྱོད་ནི་མཁས་པར་རློམ་པ་ཞིག་སྟེ། བདག་གིས་ཚིག་འདི་ལྟ་བུས་དེའི་མཁས་པར་རློམ་པ་ཉིད་དེ་སེལ་བར་བྱེད་དོ། །ཁྱོད་ནི་དེས་འཇིག་རྟེན ་བསླུ་བར་བྱེད་དེ། དེ་བསལ་བས་འཇིག་རྟེན་ཡོངས་སུ་བསྐྱངས་པར་འགྱུར་རོ། །གང་གི་ཚེ་འཇིག་རྟེན་དང་ལྷན་ཅིག་སྨྲ་བ་དེའི་ཚེ་ན་ནི་འཇིག་རྟེན་གྱི་རྟོགས་པ་མ་བསལ་བར་འཇིག་རྟེན་བའི་དངོས་པོ་ལ་ཐ་སྙད་དུ་བྱེད་དེ། བདག་དང་འཇིག་རྟེན་ལ་ནི ་འཇིག་རྟེན་པའི་དོན་ལ་ཚིག་ཐ་དད་བ་འམ་བློ་ཐ་དད་པ་འམ་བློ་ཐ་དད་པ་མེད་ལ། ཁྱོད་ནི་རང་གི་བློས་ཕྱིན་ཅི་ལོག་ཏུ་རྟོགས་བས་བསླུས་ལ། རྗེས་སུ་དཔག་པ་གཙོར་བྱེད་ཅིང་བདག་ཉིད་མཁས་པར་ཁས་མཆེས་ནས་འཇུག་པས་ཁོ་བོས་དེ་མི་བཟོད་དོ། །ཁྱོད་ཇི་ལྟ་བ་དེ ་བཞིན་དུ་གྲུབ་པའི་མཛའ་གཞན་གྱིས་བསླུས་ཤིང་མཁས་པར་རློམ་པ་གཞན་རྣམས་ཀྱང་ཡིན་པས་ཐམས་ཅད་ཀྱང་བདག་གིས་དགག་པར་བྱའོ། །རྗེས་སུ་དཔག་པས་གཙོ་བོར་གྱུར་པ་འདི་ལ་ནི་མི་འདོད་པ་མང་པོར་འགྱུར་ཏེ། མ་ལ་སོགས་དག་ཀྱང ་འདིའི་དགྲོང་བྱར་འགྱུར་ཏེ། བུད་མེད་ཉིད་ཀྱི་ཕྱིར་རང་གི་ཆུང་མ་བཞིན་ནོ། །དེ་བཞིན་དུ་འདིའི་ལྟར་ན་རིག་བྱེད་ཀྱི་སྒྲ་ཡང་རྟག་པ་དང་མ་བྱས་པ་དང་རང་འབྱུང་དང་ཚང་མར་མི་འགྱུར་ཏེ། སྒྲ་ཉིད་ཡིན་པའི་ཕྱིར་སྨྱོན་པའི་སྒྲ་བཞིན་ནོ། །འདི་ནི་བུམ་ཟེར་ཡང་མི་འགྱུར་ཏེ། ་ལག་པ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཉ་བ་ལ་སོགས་པ་བཞིན་ནོ། །ཞེས་འདིའི་མངོན་པར་འདོད་པ་ཐམས་ཅད་ཉམས་པར་འགྱུར་རོ། །འདིས་འཇིག་རྟེན་གྱི་གནོད་པ་གཞུག་པར་ཡང་མི་ནུས་ཏེ། འཇིག་རྟེན་གྱི་མཐོང་བ་ཚད་མ་ཉིད་དུ་ཐལ་བའི་ཕྱིར་ལ། ་འཇིག་རྟེན་དང་འགལ་བའི་དོན་སྨྲ་བ་ཚད་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ནས་དང་ཏིལ་དང་ས་ལུ་ལ་སོགས་པ་དག་ལྟར་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ཁས་ལེན་པས་འགྲོ་བའི་བླ་མ་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ ་པ་ཉིད་ཁས་བླང་བར་ནུས་བ་ཉིད་དེ། འདི་ལྟར། ཕུལ་འགྲོ་ལས་ཆེས་ཕུལ་འགྲོ་བ། །འགའ་ཞིག་འཇིག་རྟེན་འདིར་ཡང་སྣང། །དེས་ན་བསམ་མི་ཁྱབ་མཐུ་ཡང། །ངེས་པར་ཡོད་ཅེས་རྟོགས་པར་གྱིས། །རིགས་ཀྱི་ཕུལ་དུ་བྱུང་བ་བྲམ་ཟེ་ལ་ཐུག་པ་དང། སྐྱེ་བའི ་གནས་ཀྱི་ཕུལ་དུ་བྱུང་བ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་ཐུག་པ་དང། རི་བོ་ཕུལ་དུ་བྱུང་བ་ལྷུན་པོ་ལ་ཐུག་པ་དང། རྒྱལ་པོའི་ཕུལ་དུ་བྱུང་བ་འཁོར་ལོས་སྒྱུར་བ་ལ་ཐུག་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་པའི་ཕུལ་དུ་བྱུང་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི ་མཐར་ཐུག་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཕུན་སུམ་ཚོགས་པ་དག་གི་ཁྱད་པར་གྱི་གནས་སྐབས་མཐོང་བའི་ཕྱིར་འདི་ཡང་ཕུལ་དུ་བྱུང་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བར་སྲིད་དེ། རྒྱུ་ཡང་དག་པར་སྦྱར་བ་དག་གིས་རང་དང་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ ་ཉེ་བར་སྐྱེད་པར་བྱེད་དོ་ཞེས་བྱ་བ་འདི་ནི་བྱིས་བའི་བར་ལ་རབ་ཏུ་གྲགས་སོ། །རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱོར་བ་ཤིན་ཏུ་རྒྱུ་ཆེ་ཞིང་ཉམས་པར་རྟོགས་པ་མེད་པ་ཡིན་ལ། འབྲས་བུ་ཡང་དེ་དང་རྗེས་སུ་མཐུན་པ་དེ་བཞིན་གཤེགས་པ་ཡིན་པས་འགྲོ་བའི་བླ་མ་རྣམས ་ཀྱི་ཡོན་ཏན་བསཾ་གྱིས་མི་ཁྱབ་པའི་འབྱོར་པ་རྒྱ་ཆེན་པོ་སྲིད་དོ། །འབྲུ་མེར་གྱི་བུམ་པ་བརྒྱ་ཉེ་བར་སྦྱོར་བ་ལ་དགེ་སྦྱོང་གི་རྐྱེན་བཞིན་ནོ། །དགེ་སློང་མཁས་པ་འགའ་ཞིག་གནས་ཀྱི་ཆེད་དུ་དབུལ་པོ་ཞིག་གི་ཁྱིམ་དུ་ཞུགས་ལ། དབུལ་པོ་དེས་ཀྱང་དེ་ལ་རྐྱང་པོ་བསྐུ་བའི ་འབྲུ་མར་དང་མལ་ཆ་བསྟབས་པར་གྱུར་ཏོ། །དེ་ནས་གང་ཞིག་ཡུལ་དེར་ཡུལ་དཔོན་དུ་གྱུར་པ་དེས་དགེ་སློང་དེ་འོངས་སོ་ཞེས་ཐོས་པར་གྱུར་པ་དང། དེས་དགེ་སློང་དེའི་གན་དུ་འོངས་ནས་ཅི་བགྱི་བཀའ་སྩོལ་ཞིག་ཅེས་དགེ་སློང་དེ་ལ་གུས་པས་གསོལ་པ་བཏབ ་པོ། །དགེ་སློང་དེས་གང་གི་ཁྱིམ་དུ་ཁོ་བོས་མཚན་མོ་གནས་བཅས་བའི་སྐྱེས་བུ་འདི་ལ་འབྲུ་མར་བུམ་པ་བརྒྱ་བྱིན་ཅིག་ཅེས་སྨྲས་ལ། དེས་ཀྱང་དེ་བཞིན་དུ། བྱས་ཏེ་དེ་ལྟར་ན་འཇིག་རྟེན་ཕུལ་དུ་འགྲོ་བ་པས་ཆེས་ཕུལ་དུ་འགྲོ་བ་མཐོང་ངོ། །རྗེས་སུ་དཔག་པ ་འདིས་ནི་གང་ཞིག་བསམ་གྱིས་མི་ཁྱབ་པ་མཐུའི་སྟོབས་ཁྱད་པར་དུ་གྱུར་པ་དེ་འགའ་ཞིག་ཡོད་དོ་ཞེས་བྱ་བར་རྟོགས་པར་བྱའོ། །འདིར་བཤད་པ། མངོན་སུམ་མིན་དོན་གང་དེ་དག། མངོན་སུམ་དོན་གྱིས་རྟོགས་བྱ་དེ། །མེད་ཅེས་བྱ་བར་བརྗོད་མིན་ཏེ། །ཚེ་ཀུན ་ཆེ་རྣམས་ལ་འགྱུར་རོ། །འདིར་སྨྲས་པ། ཡང་ཅིའི་ཕྱིར་སེམས་ཅན་འདི་དག་ཕལ་ཆེར་ཐེག་པ་ཆེན་པོ་ལ་སྐྲག་ཅིང། ཇི་སྐད་བཤད་པའི་མཐུའི་ཁྱད་པར་ལ་ཡང་མི་གུས་པར་འགྱུར། སྐྲག་པའི་ཕྱིར་རོ། །འདི་ལྟར། བླུན་ལ་ཤིན་ཏུ ་ཟབ་ཆོས་ལ། །སྐྲག་པ་སྐྱེ་བ་ཇི་ལྟ་བ། །དེ་བཞིན་གཞན་ལ་ཤིན་དུ་ནི། །རྨད་འབྱུང་ཆོས་ལ་སྐྲག་པ་སྐྱེ། །ཇི་ལྟར་བློ་ཞེན་པ་རྣམས་བླུན་པའི་རང་བཞིན་ཅན་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པར་མི་ནུས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་རང་བཞིན་གྱིས ་མ་སྐྱེས་པའི་མཚན་ཉིད་ཅན་བདག་དང་བདག་གི་བ་དང་བྲལ་བ་ལ་སྐྲག་པ་དེ་བཞིན་དུ། ཕྲ་མོ་ལྟ་བུ་རྣམས་ཀྱང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཆོས་ལ་ཡིན་ཏེ། །དེའི་ཕྱིར་བྱིས་པ་རྣམས་ནི་མོས་པ་དམན་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཕུལ་དུ་བྱུང་བ ་གཅིག་གིས་གཅིག་ཏུ་བརྒྱུད་པའི་མཐར་ཐུག་པ་དེ་ལ་མི་དད་དོ། །དེ་ལས་དེ་མེད་པ་ཡང་མ་ཡིན་ཏེ། དེ་མངོན་པར་འདོད་ཅིང་འགྲོ་བ་མཛའ་དག་རྗེས་སུ་འཛིན་པར་འདོད་བས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་གསལ་བར་བྱེད་པའི་ཐེག་པ་ཆེན་པོ་ལ་རབ ་ཏུ་དད་པ་བསྐྱེད་དེ། དེ་ལ་ལྷག་པར་མོས་པ་ལ་བདག་ཉིད་ངེས་པར་སྦྱར་བར་བྱའོ། །འཕགས་པ་ལུས་བཟད་བཞིན་ནོ། །ཇི་ལྟར་ས་བདག་འཕགས་པ་ལུས་བཟད་ཁྱིམ་པར་གྱུར་པ། རི་དགས་ཀྱི་བརྟུལ་ཞུགས་ཅན་རི་དགས་མོ་ལ་ལོག་པར་ཞུགས་པར་མཐོང་ནས ་དགེ་སློང་རྣམས་ལ་ཡིད་མི་ཆེས་པར་གྱུར་ཞིང། ངའི་གནས་སྐབས་ཅི་ཞིག་ཏུ་འགྱུར་ཞིག་གུ། གང་དུ་རི་དགས་ཀྱི་བརྟུ་ཞུགས་ཅན་རྣམས་ལ། ཇི་ལྟ་བུ་སྡུག་བསྔལ་བར་གྱུར་བ་དག་ལ་འཁྲིག་པའི་གོམས་པ་མི་ལྡོག་ན། ཡང་འདི་ལྟར་མཆོག་ཏུ་བདེ་བར ་གྱུར་པའི་ཤཱཀྱ་རྣམས་ལ་ལྡོག་པ་ལྟ་ཅི་སྨོས་ཞེས་ཀླས་ཀྱི་ནང་དུ་དགེ་སློང་འཇུག་པ་རྣམས་ལ་འཇིག་པར་ཡང་གྱུར་ཏོ། །གནའ་ཚེ་སྣ་ཚོགས་བཤེས་གཉེན་གནས་འཇོག་ཀན་ནཱ་སེར་ཀྱ་ཆུ་ཀླུང་ཟ་བ་རྣམས། །ན་ཆུང་རྣམས་ཀྱིས་མིག་དཀྱུས་རིང་པོས ་བལྟས་བ་དག་གིས་ཆུ་སོའི་དབང་བྱས་ན། །མར་དང་བཅས་ཤིང་སྲན་ཚོད་ཤར་བཅས་ཞོ་མཆོག་གིས་བརྒྱན་ཁ་ཟས་ཟོས་གྱུར་ནས། །གལ་ཏེ་ཤཱཀྱ་རྣམས་ཀྱི་དབང་ཐུལ་གྱུར་ན་འབིགས་བྱེད་རྒྱ་མཚོར་འབྱོ་བར་འགྱུར། ཞེས་ཀྱང་སྨྲའོ། །དེས་བཙུན་མོའི་འཁོར ་ནས་དགེ་སློང་བཟློག་ལ། དེ་སྤུན་ཟླ་ཐུ་བོ་མཁས་པ་རྒྱལ་པོ་མྱ་ངན་མེད་ཀྱིས་བསང་བར་བཀའ་ལུང་སྩལ་བའི་ཐབས་ཀྱིས་བཏུལ་བར་ཡང་གྱུར་ཏོ། །དེ་བཞིན་དུ་བླུན་པོ་ཡང་ཟབ་ཅིད་ཤིན་དུ་རྒྱ་ཆེ་བའི་ཆོས་འདི་ལ་མོས་པར་ཇི་ལྟར་འགྱུར་ཏེ། ལྷག ་བར་ཞེན་པ་འཐོབ་པ་སྨོས་ཀྱང་ཅི་དགོས། འདིར་བཤད་པ། ཟབ་པ་དང་ནི་རྒྱ་ཆེའི་གཏམ། །ཕལ་ཆེར་ཐེག་པ་ཆེ་ལས་བསྟན། །དེས་ན་ཡིད་ཆུང་དམན་པ་རྣམས། །འདི་ལས་སྐྲག་པ་ཡང་དག་སྐྱེ། །ཆོས་འདི་བློ་ཆུང་རྣམས་དང་ནི། །དམན་པ་རྣམས་ཀྱི་འང ་སྦྱོད་ཡུལ་མིན། །ཆོས་འདི་སངས་རྒྱས་སྲས་རྣམས་ཀྱི། །ཡུལ་དུ་རྒྱལ་པ་རྣམས་ཀྱིས་གསུངས། །ལྷ་ཡི་ཐེག་དང་ཚངས་པའི་ཐེག། ཉི་ཚེ་བ་ཡི་ཐེག་པ་གང། །ཐམས་ཅད་ཐེག་པ་ཆེན་པོ་ཡི། །གནས་ཆེན་འདིར་ནི་འདུ་བར ་འགྱུར། །དེ་ཕྱིར་འདི་ནི་ཐེག་ཆེན་ནམ། །གང་ཕྱིར་ཆེ་རྣམས་ཀྱིས་བསྟེན་པ་འམ། །ཡོན་ཏན་ཆེན་པོ་ཉིད་ཀྱི་ཕྱིར། །ཆེ་རྣམས་ཀྱིས་འདི་བཟུང་བ་འམ། །ཡོན་ཏན་ཕུང་པོ་ཆེན་པོར་ནི། །མྱ་ངན་འདས་རྣམས་ཕན་འདོགས་པ ་འ་མ། །དམ་པ་རྣམས་ཀྱིས་མཆོད་པའི་ཕྱིར། །འདི་ནི་ཐེག་པ་ཆེན་པོར་འདོད། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བ་ལས། བྱང་ཆུབ་སེམས་དཔའ་ཨི་སྦྱོད ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་ལྔ་པའི་འགྲེལ་པའོ།། །།ཡང་དེ་ལྟར་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་ཚོགས་ཕུལ་དུ་བྱུང་བ་ཁོང་དུ་ཆུད་པ། འགྲོ་བའི་གཉེན་གཅིག་བུ། །དེས་ནི་རྒུད་པ་ཐམས ་ཅད་འབྱུང་བའི་གནས་ནི་འཁོར་བ་ཡིན་ནོ། །ཞེས་རིག་པར་བྱ་སྟེ། འགྲོ་བ་རྣམས་ལ་བཅད་པར་བྱ་བའི་ཕྱིར་སྒྲིམ་པ་དང་ལྡན་པར་བྱ་དགོས་སོ། །དེ་ནི་ཅི་ནས་སླར་མི་འབྱུང་བའི་ཆོས་ཅན་དུ་འགྱུར་བར་རྒྱུ ་བསགས་པ་ལས་དགག་པར་བྱ་ལ། །དེའི་རྒྱུ་ཡང་ཉོན་མོངས་པ་རྣམས་དང་ལས་རྣམས་ཡིན་ནོ། །དེའི་ཕྱིར་འདུལ་བའི་སྐྱེ་བོ་རྣམས་ཉོན་མོངས་པ་དང་ལས་འདི་དག་ཚར་བཅད་པ་ལ་སྦྱར་བར་བྱའོ། །གལ་ཏེ་དེ་ལྟར་ན་རབ་ཏུ་བྱུང་བ་རྣམས ་ལ་ཅིའི་ཕྱིར་བཙུག་ལག་ཁད་དང་ཁ་ཟས་དང་ཆོས་གོས་གྱ་ནོམ་པ་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པར་གནང། འདི་ལྟར། གཙུག་ལག་ཁང་ཆེས་ཡིད་དུ་འོང་བས་གཞི་བལྟར་བ་སྣ་ཚོགས་པས་བརྒྱན་པ། རྩིག་པ་མཚོན ་མདོག་ཡིད་དུ་འོང་པས་བསྐུས་པ་སྐར་ཁུང་ཡངས་པ། སྦྲད་བུ་མཆུ་རིངས་དང་ཤ་སྦྲད་དང་སྡིག་སྤྲུལ་དང་བྲལ་བ་དང། རས་འཇམ་པོས་གཏུམ་པའི་སྟན་དང་རྡས་ནད་ཚངས་ཅན་གྱིས་མཇེས་པར་བྱས་པའི་ཁྲི་འདེགས་དང་བཅས་པ་ཅན་དང། ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་གནད་ལ། དེ་བཞིན་དུ་བཟའ་བ་དང་བཏུང་བ་དྲི་ཞིམ་ཞིང་ཤིན་ཏུ་འཇམ་པའི་ཚོད་མ་རོ་བརྒྱ་བ་དང། ཤ་དང་ཞོ་དང་འོ་མ་དང་མར་དང་རྒྱལ་མོ་ཀ་རས་རྒྱན་པ་ཡོངས་སུ་ལོངས་སྤྱོད་པ་དག་དང། ཆོས ་གོས་རིན་འབུམ་ཕྲག་རི་བ་དག་ཡོངས་སུ་ལོངས་སྤྱོད་བའི་ཕྱིར་གནང་བ་ཡིན་ནོ། །གང་གི་ཕྱིར་འདི་དག་ཐམས་ཅད་ནི་བདེ་བ་དང་རྗེས་སུ་མཐུན་པ་ཡིན་ཞིང། བདེ་བ་སྒྲུབ་པར་བྱེད་པ་དག་ཀྱང་འདོད་ཆགས་ཀྱི་གཞི་ཡིན་ལ། ཐོག་མར་གཞི ་ཡོངས་སུ་སྤངས་པའི་སྒོ་ནས་ཀྱང་ནད་དག་ཕྱིར་བཅོ་བར་བྱའོ། །དེའི་ཕྱིར་སྡུག་བསྔལ་ཕལ་ཆེ་བའི་ལམ་བསྒྲུབ་པར་བྱ་སྟེ། དཔེར་ན་གཅེར་བུ་བདག་བཞིན་ནོ། །ཇི་སྐད་ཉེ་པར་བསྟན་པ་བཞིན་གནས་ཤིང་རླུང་དང་ཉི་མ་གྲང་ཞིང་ཚ་བ ་དག་གིས་མངོན་པར་བཅོམ་པ་དྲི་མའི་འདམ་གྱིས་ལུས་སྤགས་པ་དེ་དག་ནི་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་སྲོན་པ་ཉིད་ཀྱི་ཕྱིར་དཀའ་ཐུབ་ཅན་ཞེས་བྱའོ་ཞེན་བཤད་པར་བྱ་སྟེ། བདེ་བས་འདོད་ཆགས་འཕེལ་འགྱུར་ཞིང། །སྡུག་པས་ཁྲོ་བ་འཕེལ་འགྱུར ་ན། །ཅི་སྟེ་དཀའ་ཐུབ་ཅན་མིན་ཞིང། །སྡུག་པ་དཀའ་ཐུབ་ཅན་ཅིས་ཡིན། །གལ་ཏེ་བདེ་བས་འདོད་ཆགས་འཕལ་བའི་ཕྱིར། བདེ་བ་མྱོད་པར་འགྱུར་བའི་ཡུལ་ཡོངས་སུ་སྤངས་པ་མཆོག་ཏུ་འགྱུར་རོ། །སྙམ་ན་ནི་སྡུག་བསྔལ་གྱིས་ཀྱང་ཁྲོ་བ ་འཕེལ་བའི་ཕྱིར་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ཡོངས་སུ་སྤངས་པ་ཡང་མཆོག་ཏུ་བཏུས་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཁྱོད་ལ་རྒྱུ་གང་གིས་བདེ་བར་འགྱུར་བ་དཀའ་ཐུབ་ཅན་མ་ཡིན་པ་དང། སྡུག་བསྔལ་ཅན་དཀའ་ཐུབ་ཅན་དུ་འགྱུར། གང ་གི་ཕྱིར་ཉོན་མོངས་པ་གདུང་བར་བྱེད་པ་ལས་དཀའ་ཐུབ་ཅན་ཡིན་ན། འདི་དག་ནི་གཉིས་ཆར་ཡང་འདོད་ཆགས་དང་ཞེ་སྡང་གི་མ་དག་གིས་གདུང་བའི་ཕྱིར། ཇི་ལྟར་གཅིག་དཀའ་ཐུབ་ཅན་ལ་ཅིག་ཤེས་མ་ཡིན། གཞན་ཡང་འདོད་ཆགས་དང་ཞེ ་སྡང་དང་སྡུག་པ་དང་མི་སྡུག་པའི་མཚན་མ་ལྟག་པར་སྒྲོ་བཏགས་པས་བསྐྱེད་པ་དག་ནི་བདེ་བར་བསྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ཙམ་ཉེ་བར་ལོངས་སྤྱོད་པ་ཡོད་ཀྱང་སྐྱེ་བར་མི་རིགས་ཏེ། འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་དེ་སྐྱེད་པར་ཐལ ་བའི་ཕྱིར་རོ། །སྦྱངས་བའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་སྟོན་པ་ལས་བདེ་བ་མྱོང་བར་འགྱུར་བའི་ལོངས་སྤྱོད་པ་བཀག་བ་ཤཱཀྱ་འདོད་ཆགས་ཅན་རྣམས་ལ་ཡང་འདོད་ཆགས་སྐྱེ་བར་ལྟ་ག་ལ་འགྱུར་ལ། གཅུག་ལག་ཁང་དང་ཟས་དང་ཆོས ་གོས་གྱ་ནོམ་ལ་སོགས་པ་ལོངས་སྤྱོད་པའི་ཕྱིར་ཞེ་སྡང་ཅན་རྣམས་ལ་ཡང་ཞེ་སྡང་འབྱུང་བར་ལྟག་ལ་འགྱུར་རོ། དེའི་ཕྱིར་རྣམས་པ་ཐམས་ཅད་དུ་ཤཱཀྱ་རྣམས་ཁོན་དཀའ་ཐུབ་ཅན་ཡིན་ཏེ། འདོད་ཆགས་དང་བྲལ་བ་ལྟར་ཀུན་ཏུ་འདོད་ཆགས་ཅན་ཡང ་ཐབས་ཀྱིས་ཉོན་མོངས་པ་འདུལ་བ་ལ་ཞུགས་པའི་ཕྱིར་རོ། །ཕྱི་རོལ་པ་དག་ནི་སྐྱེ་བོ་རྣམ་པར་རྨོངས་པས་ཉེ་བར་བསྟན་པའི་ལམ་གྱི་རྗེས་སུ་འགྲོ་བས་རྟག་ཏུ་ཉོན་མོངས་པའི་གདུང་བས་གདུངས་བ་ཉིད་ཀྱི་ཕྱིར་དཀའ་ཐུབ་ཅན་མ་ཡིན་པར ་འགྱུར་རོ། །བུ་རམ་ཤིང་ཚིར་བ་བཞིན་ནོ། །ཇི་ལྟར་བུ་རམ་ཤིང་བཙིར་བར་གྱུར་དང་བུ་རམ་གྱི་ཁུ་བ་དང། ཚིགས་མ་དང། བུ་དམ་གྱི་དབུ་བ་དང་ཧྭགས་དང་རྒྱལ་མོ་ཀར་ལ་སོགས་པ་རྣམས་འཐོབ་པར་འགྱུར་བ་དེ་བཞིན་དུ། ཤཱཀྱ་རྣམས་ཀྱིས་ཀྱང་སྡུག ་པ་དང་མི་སྡུག་པའི་མཚན་མའི་སྒྲོ་མི་འདོགས་པའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཟིར་བ་ཡིན་དང། མཐོང་བའི་ཆོས་དང་ཕྱི་མར་བདེ་བའི་ཁྱད་པར་སྣ་ཚོགས་འཐོབ་པར་འགྱུར་གྱི། སྡུག་བསྔལ་གཙོ་བོར་གྱུར་པ་རྣམས་ཀྱིས་དེ་ལྟར་མ ་ཡིན་ནོ། །འདིར་བཤད་པ། །མི་གང་མཁས་བདེ་འདོད་ཆགས་ཀྱི། །མི་ཡི་གདུང་བ་བཟོད་བ་དེ། དོན་དམ་པར་ན་དཀའ་ཐུབ་ཅན། །སྡུག་ལ་འདོད་ཆགས་མེ་ཡོད་མིན། །གལ་ཏེ་ཕྱིར་གདུང་ནད་རྨོངས་ཕྱིར། །དཀའ་ཐུབ་ཅན་དེ་ཉིད་དུ་མིན། རི་དགས ་འདབས་ཆགས་ཐམས་ཅད་ཀྱང། །ཅི་ཕྱིར་དཀའ་ཐུབ་ཅན་མི་འགྱུར། །ཆོས་མི་མཐུན་ཕྱིར་རིགས་པ་ཡིས། །གཉིས་ཀྱིས་དཀའ་ཐུབ་ཅན་མི་འགྱུར། །འདི་ན་ཚ་གྲང་དག་ཅིག་ཆར། །གནས་ཡོད་མ་ཡིན་ཇི་བཞིན་ནོ། །གལ་ཏེ་འདོད་པ་ཚད་མན། ་ཆོས་དང་ཆོས་ནི་མ་ཡིན་པའི། །གདུང་ལ་འདོད་པ་མཚུངས་པར་འགྱུར། །གལ་ཏེ་དམ་པའི་བློ་ཆོས་ན། །དམ་མིན་བློ་ཡིས་ཆོས་མི་འགྱུར། །འདོད་ཆགས་ལ་སོགས་པ་དེ་དག་སྤོང་བར་འདོད་པས་དེ་དག་གི་ལས་ཤེས་བར་བྱས་ནས། དེ་དག་གི ་གཉེན་པོ་བསྟེན་པར་བྱ་སྟེ། དེ་ལ། འདོད་ཆགས་ལས་ནི་སྡུད་པ་སྟེ། །ཁྲོ་བའི་ལས་ནི་རྩོད་པའོ། །འབྱུང་བ་ཀུན་ལ་རླུང་བཞིན་དུ། །གཏི་མུག་ལས་ནི་གསོས་འདེབས་པའོ། །འདོད་ཆགས་ནི་དེ་ལ་མངོན་པར་ཆགས་པས ་སེམས་ཅན་དང་སེམས་ཅན་མ་ཡིན་པར་བགྲངས་པའི་དངོས་པོ་ཡང་དག་པར་འཛིན་པར་བྱེད་དེ། དེའི་སྨན་ནི་འཁོར་འདབ་སྲོད་བའོ། །ཁྲོ་བ་ནི་ཀུན་ནས་རྒྱབ་ཀྱིས་ཕྱོགས་བའི་ཕྱིར་ན་འཐབ་པ་དང་རྩོད་པའི་ལས་ཅན་ཏེ། དེའི་སླན་ནི་ཚོགས་སྡུད་པ་གཏོང་བ་དང་བྱམས་པའི་རྗེས ་སུ་འཇུག་པ་དང། ཡིད་དང་མཐུན་པའི་གཙུག་ལག་ཁང་དང་ནས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པའོ། །གཏི་མུག་ནི་མཆོག་དང་མཆོག་མ་ཡིན་པ་མི་ཤེས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཚོགས་ཐམས་ཅད་ཡོངས་སུ་གསལ་བར་བྱེད་དོ། །ཇི་ལྟར་རླུང་ནི ་མེ་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་ལྷག་པར་འཇུག་བའི་སྒོ་ནས། མེའི་འབར་བ་དང་ཆུའི་གྲད་བ་ཉིད་དང། སའི་སྲ་བ་ཉིད་གསལ་བར་བྱེད་པ་དེ་བཞིན་དུ། གཏི་མུག་ཀྱང་འདོད་ཆགས་དང་ཞེ་སྡང་གཉིས་ཤིན་ཏུ་ཆེན་པོ་ཉིད་སྐྱེད་པར་བྱེད་དོ། །རང ་གི་དམིགས་པ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་རོ། །དེའི་སྨན་ནི་དངོས་པོའི་བདག་ཉིད་ཇི་ལྟ་བ་བཞིན་རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པའོ། །ཆུའི་སྲིན་བུ་མེས་སྐྲོག་པར་བྱེད་པ་བཞིན་ནོ། །དཔེར་ན་ཆུའི་སྲིན་པོ་ནི་བསྙམས་པ་དང། འབྱེད་པ་དང་རབ་ཏུ་སྦྱིན ་པ་ལ་སོགས་པ་དག་གིས་སྐྲག་བར་བྱ་བར་མི་ནུས་ཀྱི་ཆད་པ་ཁོ་ནས་ནུས་ལ། དེ་ལ་ཡང་ཤིན་ཏུ་གཞོན་ཤ་ཆགས་པའི་ཕྱིར་ན་མེ་ཁོ་ནས་ཡིན་གྱི་གཞན་གྱིས་མ་ཡིན་པ་དེ་བཞིན་དུ་འདོད་ཆཊ་དང་ཞེ་སྡང་དང་གཏི་མུག་རྣམས་ཀྱང་སྡུད་པ་དང་རྩོད་པ་དང་བཏང ་སྙོམས་དག་གིས་བཟློག་པར་མི་ནུས་ཀྱི། ཡེ་ཤེས་ཀྱི་མེ་ཁོ་ནས་བཟློག་པར་སྒྲུབ་པར་ནུས་སོ། །རབ་ཏུ་ཞི་ཕྱིར་མཉམ་ཕྱོགས་རུང་མིན་ཞིང། །ནོར་སོགས་དག་ལས་སྦྱིན་པ་བསྡགས་མེན་ལ། །དཔུང་སྙེམས་སྐྱེ་བོ་དབྱེ་བས་སྒྲུབ་མིན་ཏེ། །དེ་ལ ་བདག་འདིར་ཕ་རོལ་གནོན་པར་འདོད། ཅེས་སྨྲའོ། །དེ་བཞིན་དུ། ཐུབ་ཆེན་ཁྱོད་ཀྱིས་གང་གསུངས་པ། །དེ་ཉིད་ལེགས་པར་ཚར་ཕྱིན་ཏེ། །ཉོན་མོངས་ཡེ་ཤེས་ཁོ་ན་ཡིས། །རྟོགས་ཀྱི་ལས་གཞན་གྱིས་མ་ལགས། ཤེའོ། རྣམ ་པར་རྟོག་པ་གཞན་ཡང་སྟེ། ཆུའི་སྲིན་པོ་ལ་ལ་ཞིག་ཆུ་ལ་རྒྱུ་པ་དག་གིས་འཚོ་བ་རྟོག་པར་བྱེད་ལ། དེ་ནས་ཕྱོགས་དེར་ཉ་བ་གཉིས་ཤིག་མངོན་པར་འོངས་སོ། །དེ་ནས་ཆུའི་སྲིན་པོས་མིའི་གཟུགས་སུ ་སྦྲུལ་ནས་དེ་གཉིས་ལ་དྲིས་པ། །བྱེད་ཅག་སུ་ཡིན། ཅི་བྱེད་པར་འདོང། དེ་གཉིས་ཀྱིས་སྨྲས་པ། ངེད་ཅག་ནི་ཉ་བར་ཤེས་པར་བྱོས་ཤིག་།ཉ་བཤོར་བའི་ཕྱིར་འོངས་སོ། །སྨྲས་པ། དེ་ལྟར་ན་ཁྱེད་གཉིས་ལས་གཅིག་གིས་མེ་སྤོར་བའི་ལས་གྱིས ་ལ། གཉིས་པས་འཚད་བའི་ལས་བྱོས་ཤིག་།བདག་གིས་ཉ་སྦྱིན་པར་བྱའོ། །དེ་ལྟར་ནའོ་སྐོལ་ཅག་གི་ཟས་ཀྱི་ཚུལ་གེགས་མེད་པར་ལེགས་པར་འགྲུབ་པར་འགྱུར་རོ། །དེ་གཉིས་ཀྱིས་ཀྱང་དེ་བཞིན་ནོ་ཞེས་ཁས་མཆེས་ནས། རང་རང་གི ་ལས་ནན་ཏན་དུ་བྱས་སོ། །ཇི་ལྟར་ཆུའི་སྲིན་པོའི་ལས་ཉ་སྡུད་པ་ཡིན་པ་དེ་བཞིན་དུ་འདོད་ཆགས་ཀྱི་ལས་ཀྱང་ཐམས་ཅད་སྡུད་པའོ། །ཇི་ལྟར་མི་གཉིས་པའི་ལས་འཚེད་པ་ཡིན་པས་བཞིན་དུ། ཁྲོ་བའི་ལས་ནི་རྩོད་པ་ཡིན་ཏེ། དེ་ནི་རྩོད་པར་བྱེད་པ་ན ་མི་སྙན་ཞིང་ཞེ་གཅོད་པ་ལ་སོགས་པ་དག་གིས་གཞན་འཚེད་བར་བྱེད་དོ། །ཇི་ལྟར་གསུམ་པའི་ལས་མེ་སྤོར་བ་ཡིན་པ་དེ་བཞིན་དུ་གཏི་མུག་གི་ལས་ཀྱང་སྟེ། དེ་ནི་འབྱུང་བ་ཐམས་ཅད་ལ་རླུང་བཞིན་དུ། འདོད་ཆགས་དང་ཞེ་སྡང་གཉིས་གསོས་འདེབ ་པར་བྱེད་དོ། །ཇི་ལྟར་རླུང་ནི་མཚན་ཉིད་མི་མཐུན་པས་འགལ་བར་གྱུར་བའི་མེ་དང་ཆུ་དག་ལ་ཆེས་གྲང་པ་ཉིད་དང་གྲོ་བ་ཉིད་སྐྱེད་པར་བྱེད་པ་དེ་བཞིན་དུ། གཏི་མུག་ཀྱང་འདོད་ཆགས་དང་ཞེ་སྡང་མཚན་ཉིད་མི་མཐུན་པ་དག་ཤིན་ཏུ་ཆགས་པ་དང་སྡང་བ ་སྐྱེད་པར་བྱེད་དོ། །འདི་བཤད་པ། ཆགས་པས་བུད་མེད་དག་ལ་སྤྲེལ། །ཞེ་སྡང་གིས་ནི་བྱམས་པ་འཇོམས། །དེ་ལ་རྨོངས་ཕྱིར་བླུན་པ་ཡིས། །ཡང་དག་ཉེས་པ་མི་མཐོང་ངོ། །དེ་ལ་འདི་སྙམ་དུ་འདོད་ཆགས་ལ་སོགས་པ་རྣམས་ཟིལ་གྱི ་མནན་པ་ལ། ཐབས་འདི་ཡོད་མོད། །དེ་དག་ནི་སྤང་བར་བྱ་བའོ་ཞེས་བྱ་བ་འདི་ག་ལས་སྙམ་ན། སྡུག་བསྔལ་གྱི་གཞི་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་།མ་ཕྲད་པ་ལས་འདོད་ཆགས་ནི། །སྡུག་བསྔལ་སྤུངས་མེད་ལས་ཁྲོ་སྡུག་།ཡོངས་མི་ཤེས་ལས ་གཏི་མུག་སྟེ། །དེ་དག་གིས་དེ་དག་མི་རྟོགས། །འདིར་འདོད་ཆགས་ནི་འདོད་ཆགས་ཀྱི་གཞི་མངོན་པར་འདོད་པའི་ཡུལ་མ་ཐོབ་པ་ལས་སྡུག་བསྔལ་ཡིན་ལ། །པྲོ་བ་ནི་སྟོབས་དང་ལྡན་པ་གཞོམ་པར་མི་ནུས་པ་ལས་སྡུག་བསྔལ་ཡིན་ཞིང། གཏི་མུག ་ནི་དོན་ཞིབ་མོ་ཡོངས་སུ་མི་ཤེས་པ་ལས་སྡུག་བསྔལ་ཡིན་ནོ། །དེའི་ཕྱིར་འདི་དག་ནི་རྒྱུ་འདི་དག་གི་སྒོ་ནས་སྡུག་བསྔལ་དུ་གྱུར་ལ། དེ་དག་ཉིས་ཀྱིས་ཟིལ་གྱིས་གནོན་པའི། །དེ་དག་ཉིད་ཡོངས་སུ་མི་ཤེས་པ་གང་ཡིན་པ་འདེ་ནི། འདིའི་ཚེར་སྡུག ་བསྔལ་པའོ། །དེའི་ཕྱིར་དེ་ལྟར་ན་སྡུག་བསྔལ་གཏོད་བས་རྩུབ་པ་ཉིད་ཀྱི་ཕྱིར་དགྲ་པོ་ལག་པ་མཚོན་ཆ་རལ་གྲི་རྣོན་པོ་ཐོགས་པ་གདེངས་པ་རྣམས་བཞིན་དུ་ཡོངས་སུ་སྤང་པར་བྱའོ། །དབང་ཕྱུག་གི་བཙུན་མོ་འདོད་པ་བཞིན་ནོ། །སྐྱེས་བུ་དབུལ་པོ ་འགའ་ཞིག་དབང་ཕྱུག་གི་བཙུན་མོ་དོན་དུ་གཉེར་བར་གྱུར་ལ། དབང་ཕྱུག་རྣམས་ཀྱི་བཙུན་མོའི་འཁོར་ནི་ཤིན་དུ་བསྲུངས་པ་ཞིག་སྟེ། དེ་དེ་མ་ཐོབ་པས་འདོད་ཆགས་ཀྱི་ཀུན་ནས་བསླང་པའི་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས ་དེ་ལ་ཇི་ལྟར་འདིའི་བཙུན་མོ་རྣམས་ཤིན་ཏུ་ཡང་དག་པར་བསྲུངས་པར་གྱུར་ཞེས་དབང་ཕྱུག་དེ་ལ་ཁྲོ་བ་སྐྱེས་པར་གྱུར་ལ། །དེ་ལ་གནོད་བཟུང་བཟད་ཀྱང་བྱ་བར་མི་ནུས་ཏེ། དེ་ནས་ཁྲོ་བ་ལས་བྱུང་བའི་སྡུག་བསྔལ་ཤིན་ཏུ་ཉམས་སུ་མྱོང་ངོ། ། ་འདོད་ཆགས་དང་ཞེ་སྡང་གིས་མདོངས་པ་ལ་ཡང་གཏི་མུག་ཤས་ཆེ་བར་འཕེལ་བར་འགྱུར་ལ། དེ་ཡང་ཡོངས་སུ་མི་ཤེས་ཤིང། དེ་ལས་བྱུང་བའི་སྡུག་བསྔལ་གྱིས་ཀྱང་གཟིར་བར་གྱུར་ཏོ། །དེ་ནི་དེ་དག་ཉིད་ཀྱིས་ལྡོངས་བར་བྱས་པས་དེ་དག་ཉིད་མི་རྫོཊ ་ཏེ། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་འདི་དག་ལས་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་རོ། །འདིར་བཤད་པ། རང་ཉིད་བསྐལ་པ་བྲལ་ཕྱིར་འདིར། །སྐྱེ་གང་འདོད་དོན་མི་འཐོབ་པ། དེ་ལ་དེ་ལས་གཞན་པ་ཡི། །སྡུག་བསྔལ་ཆེས་དཀའ་ ་ཅི་ཞིག་འགྲུབ། འདིར་སྨྲས་པ། ཅི་ཇི་ལྟར་གཏི་མུག་ལ་འདོད་ཆགས་དང་ཞེ་སྡང་དང་ལྷན་ཅིག་ཕྲད་པ་ཡོད་པ་དེ་ལྟར་འདོད་ཆགས་དང་ཞེ་སྡང་གཉིས་ལ་ཕན་ཚུན་ཕྲད་དམ་ཡོད་པ་མེད། བཤད་པར་བྱ་སྟེ། ཇི་ལྟར་བད་ཀན་ལ་མཁྲིས་དང། །ལྷན་ཅིག་ཕྲད་པ ་མེད་མཐོང་བ། དེ་བཞིན་ཁྲོ་ལ་འདོད་ཆགས་དང། །ལྷན་ཅིག་ཕྲད་པ་མེད་པར་མཐོང། །དཔེར་ན་ཆུ་ལས་གྱུར་པ་དང་མེ་ལས་གྱུར་པ་ཉིད་ཀྱི་ཕྱིར་ཕན་ཚུན་འགལ་བས་བད་ཀན་ལ་མཁྲིས་པ་དང་ལྷན་ཅིག་ཕྲད་པ་མེད་ཅིང། མཁྲིས་པ་ལ་ཡང་བད་ཀན་དང ་མེད་པ་དེ་བཞིན་དུ་ཁྲོ་བ་ལ་ཡང་འདོད་ཆགས་དང་ལྷན་ཅིག་ཕྲད་པ་མེད་ལ་འདོད་ཆགས་པ་ཡང་ཁྲོ་བ་མེད་ཏེ། ཆགས་པ་དང་རྒྱབ་ཀྱིས་ཕྱོགས་པ་དག་གི་ཕན་ཚུན་འགལ་བའི་ཕྱིར་རོ། །གཏི་མུག་ལ་ནི་དེ་གཉིས་དང་ལྷན་ཅིག་ཕྲད་པ་ཡོད་དེ། རྗེས་སུ་མཐུན་པའི ་ཕྱིར་བད་ཀན་དང་མཁྲིས་པ་གཉིས་དང་རླུང་བཞིན་ནོ། །ཆུའི་བུམ་པར་མེ་ལྡུགས་པ་བཞིན་ནོ། །བླུན་པོ་འགའ་ཞིག་བདག་འདིར་མེ་དང་ཆུ་བསྲེལ་བར་བྱའོ་ཞེས་ཆུའི་བུམ་པར་མེ་འཛུད་ལ། འགལ་བའི་ཕྱིར་ན་དེ་གཉིས་ཕྲད་པ་ཡང་མི་འགྱུར་རོ། ། ་འགལ་ཕྱིར་མེ་གྱུར་མཁྲིས་པ་དང། །ཆུ་ལས་གྱུར་པའི་བད་ཀན་དང། །ཇི་ལྟར་ལྷན་ཅིག་ཕྲན་མེད་ལྟར། འདོད་ཆགས་ཞེ་སྡང་དག་དེ་བཞིན། །དེའི་ཕྱིར་དེ་ལྟར་འདོད་ཆགས་དང་ཞེ་སྡང་གཉིས་ཕན་ཚུན་འགལ་བར་ཤེས་ནས། སློབ་མ་འཆོས ་པའི་སློབ་དཔོན་གྱིས། །འདོད་ཆགས་བྲན་བཞིན་བཀོལ་བྱ་སྟེ། །གང་ཕྱིར་མི་ཕངས་དེ་སྨན་ཕྱིར། །ཁྲོལ་རྗེ་བོ་བཞིན་ལྟ་སྟེ། །དེའི་སྨན་ཕངས་པ་ཡིན་ཕྱིར་རོ། །འདོད་ཆགས་ནི་རྗེས་སུ་མི་མཐུན་པའི་དངོས་པོ་བསྟེན་པས་སྤང་བར་བྱ་སྟེ། དངོས་པོ་གྱ ་ནོམ་པ་ནི་འདོད་ཆགས་ཀྱི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སྡིག་མཛུབ་ལ་སོགས་པ་དག་གིས་པན་ཤེད་བཅད་ནས་སྲེལ་བ་དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པ་ཡང་བཏུད་ཅིང་གཟིར་ཏེ་བཀོལ་བར་བྱ་སྟེ། གང་གི་ཕྱིར་ལས་ལ་བསྐོས་པ་ལ་ནི་འདོད་ཆགས ་ཀྱིས་སྐྱེ་བའི་གླགས་མི་རྙེད་དེ། དེའི་ཕྱིར་དེའི་སྨན་ནི་མི་ཕངས་པ་ཡིན་ནོ། །ཞེ་སྡང་ལ་སྤྱོད་པ་ནི་རྗེ་བོའི་རིམ་གྲོས་རིམ་གྲོར་བྱ་སྟེ། གང་གི་ཕྱིར་ཕངས་པར་རིམ་གྲོར་བྱས་པ་ལ་ཞེ་སྡང་མི་འཁྲུག་སྟེ། དེའི་ཕྱིར་དེའི་སྨན་ནི་ཕངས་པའོ། །གཏི་མུག་ལ་སྤྱོད་པ་ནི་གང ་གིས་དེའི་གཏི་མུག་བསྲབས་པ་ཉིད་དུ་འགྱུར་བ་འདས?་པ་དང་མི་ཕངས་པས་བསྟེན་པར་བྱ་སྟེ། དེའི་སྨན་ནི་དེ་ཡིན་ནོ། །དེ་ལྟར་བླ་མས་འདུལ་བའི་སེམས་ཅན་གྱིས་སྤྱོད་པ་ལ་མཁས་པར་བྱས་ཏེ། ཅི་ནས་ཉོན་མོངས་པ་སྐྱེ་བར་མི་འགྱུར་བར་སློབ་མ་བཟློག་པར་བྱ་སྟེ། ཁྲུས ་མཁན་གྱི་པོར་བུ་བཞིན་ནོ། །ཇི་ལྟར་ཁྲུས་མཁན་བོང་བུ་ཏེ་པོར་ཤེད་བཅད་ནས་འཁོར་བར་བྱེད་ཅིང། །གང་དང་གང་དུ་མི་གཙིགས་པ་བྱེད་པ་དེ་དང་དེར་སྐྱོན་བྱེད་ན་མི་རུང་ངོ་ཞེས་དེ་ལ་ཤིན་དུ་རྡེག་པར་བྱེད་པ་དེ་བཞིན་དུ། དམ་པ་དག་ནི་འདོད་ཆགས་ལ ་སྤྱོད་པ་མནན་ནས་འཁོར་བར་བྱེད་ཅིང། ཉེས་པ་བྱེད་པར་འགྱུར་དུ་འོང་ངོ་ཞེས་ལས་འཛིན་པར་བྱེད་དོ། །དེ་ལྟར་ཁྲུས་མཁན་དེ་ཉིད་བོང་བུ་ཁྱིམ་དུ་ཆུད་པ་ལ་ཆག་སྟོབ་བ་ལ་སོགས་པའི་རིམ་པས་རྗེ་དཔོན་ལྟར་བསྟེན་པ་དེ་བཞིན་དུ། དམ་པ་དག་ནི་འདོད་ཆགས་ལ ་སྤྱོད་པ་མནན་ནས་འཁོར་བར་བྱེད་ཅིང། ཉེས་པ་བྱེད་པར་འགྱུར་དུ་འོང་ངོ་ཞེས་ལས་འཛིན་པར་བྱེད་དོ། །དེ་ལྟར་ཁྲུས་མཁན་དེ་ཉིད་བོང་བུ་ཁྱིམ་དུ་ཆུད་པ་ལ་ཆག་སྟོབས་པ་ལ་སོགས་པའི་རིམ་པས་རྗེ་དཔོན་ལྟར་བསྟེན་པ་དེ་བཞིན་དུ། བླ་མ་དག་ཞེ་སྡང་ལ ་སྤྱོད་པ་རྗ་བོ་ལྟར་བསྟེན་ཏོ། །འདིར་བཤད་པ། བླ་མ་གང་ཞིག་བསམ་ཤེས་ནས། །སློབ་མ་རྗེས་སུ་འཆོས་ནུས་བ། །དེ་ཡིས་སློབ་མ་བཟུང་བྱ་སྟེ། །བླུན་པོས་བཅོ་བར་འོས་མ་ཡིན། །འདི་དག་གི་སྐྱེ་བའི་དུས་ཀྱང་ཉེ་བར་ཟིན་པར་བྱས་ཏེ། དུས་དང་རྗེས་སུ ་འཚམ་པར་གཉེན་པོ་བསྟེན་པར་བྱའོ། །དེ་ལ། དང་པོར་གཏི་མུག་ཡང་དག་འབྱུང། །བར་དུ་ཁྲོ་བ་འབྱུང་འགྱུར་ཞིང། །ཕྱིས་ནི་འདོད་ཆགས་འབྱུང་བ་སྟེ། ཉིན་ལ་རིམ་པ་གསུམ་དུའོ། །ནང་བར་འཕྲོ་དང་བཅས་པ་ཡི། །གཉིད་ཀྱིས་མིག་བརྙའ་ལ། ཕྱིར ་ཟིན་ཀྱང་ཟུམ་ཟུམ་པོར་བལྟ་ཞིང་ལུས་ཀྱི་བྱ་བ་ལ་གཡེང་པས་གཏི་མུག་ཕལ་ཆེ་བར་གནས་པ་རྗེས་སུ་འཇུག་གོ་།ཕྱིས་ནི་ཚོལ་ཁྲོའི་སྡུག་བསྔལ་གྱི་འཁོར་ལོ་ལ་ཞུགས་ཏེ། བཀྲེས་པ་དང། སྐོམ་པས་དུབ་གར་གྱུར་ཞིང། མིག ་གཡོ་ལ་ཡངས་པ་འབྱེད་ཅིང། འབྱེད་པའི་བུ་ལ་ཡང་ཕ་རོལ་པོ་ལྟར་མངོན་པར་མི་དགའ་བ་ན་ཁྲོ་བ་འབའ་ཞིག་དང་ལྡན་པའི་གནས་སྐབས་ཉམས་སུ་མྱོང་བར་འགྱུར་རོ། །ཕྱི་དྲོ་ནི་དུབ་པའི་ཚེགས་དང་བྲལ་ཞིང་དབང་པོ་ཡོངས་སུ་ཚིམ་པ་ན། འདོད་ཆཊ ་ཀྱི་ཆོམ་རྐུན་བདེ་འཆམས་ལེགས་པར་རྙེད་པས་དགེ་བའི་ནོར་བཅོམ་པས་ནོར་མེད་པར་བྱེད་དོ། །དེའི་ཕྱིར་དེ་ལྟར་རིག་པར་བྱས་ནས་བག་ཡོད་པས་དུས་ཇི་ལྟ་བ་བཞིན་ཕྱིར་བཟློག་པར་བྱའོ། །རྒྱལ་པོ་འཛེན་ཏ་ཀས་བྲམ་ཟེ་ལ་ཅོ་དྲིས་པ་བཞིན་ནོ། ། ་ཇི་ལྟར་རྒྱལ་པོ་འཛེན་ཏ་ཀས་བྲམ་ཟེ་འགའ་ཞིག་ལ། བཞུ་བ་བརྒྱ་ནོས་ཤིག་།འབྲུ་མར་བུམ་པ་བརྒྱ་སྦྱིན་གྱིས་ཞེས་ཞལ་གྱིས་འཆེས་ལ། དེ་ཡང་སྤྲོ་བར་གྱུར་ཞིང་དེ་ལ་གཏི་མུག་འདི་སྐྱེས་སོ། །རྨོངས་པ་ནི་ཚོར་བ་བདེ་བ་ཡང་མ་ཡིན། སྡུག ་བསྔལ་བ་ཡང་མ་ཡིན་པའི། །དེ་ནས་བཞུས་པ་བརྒྱུ་ཉམས་སུ་མྱོང་བ་ལ་ཚོར་བ་སྡུག་བསྔལ་འབྱུང་ཞིང་རྒྱལ་པོ་ལ་ཞེ་སྡང་སྐྱེས་སོ། །ཕྱིས་འབྲུ་མར་གྱི་བུམ་པ་བརྒྱ་ཁུགས་པས་དེ་ལ་འདོད་ཆགས་སྐྱེས་ཏེ། དེ་བཞིན་དུ་ལས་བྱས་ནས ་མཚན་པོ་གཉིད་དང་རྨུགས་པ་ཕལ་ཆེ་བའི་ཕྱིར་དང། བད་ཀན་ཤས་ཆེ་བ་ཉིད་ཀྱི་ཕྱིར། །སེམས་ཅན་རྣམས་ལ་སྔ་དྲོ་པ། ཏི་མུག་འབྱུང་ངོ། །དེ་ནས་ལས་དུ་མ་བྱེད་པའི་ཕྱིར་དང། ཉི་མས་གདུངས་བའི་ཕྱིར་དང། བད་ཀན་ཡོངས་སུ ་བྱར་བའི་ཕྱིར་དང། མཁྲིས་པ་ཤས་ཆེ་བ་ཉིད་ཀྱི་ཉི་མ་གུང་ལ་ཁྲོ་བ་འབྱུང་ངོ། །ཕྱི་ནས་ལུས་བཀྲུས་ཤིང་བྱུགས་ལ་ཟས་ཟོས་པར་གྱུར་ཅིང། དབང་པོ་ཡོངས་སུ་རྒྱས་པ་ཐ་སྙད་ཀྱི་བགྱི་འཚལ་ཡོངས་སུ་རྫོགས་པ་རྣམས་ལ་འདོད ་ཆགས་འབྱུང་ངོ། །དེ་ལྟར་ན་ལུས་ཀྱི་སྐྱོན་གྱི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་ཉོན་མོངས་པ་རྣམས་འབྱུང་བར་བྱ་བ་ཉིན་མོ་ལ་རིམ་གསུམ་དུ་འབྱུང་ངོ། །འདིར་བཤད་པ། གང་ཞིག་ཉོན་མོངས་རིམ་ཤེས་ནས། །དེ་གཞོམ་ལ་ཚུལ་སྒོམ་བྱེད་པ། །དེ་ཡིས་དེ་དག ་སེལ་བྱེད་དེ། །སྨན་པའི་རྒྱལ་པོས་ནད་རྣམས་བཞིན། །འདོད་ཆགས་ལ་ནི་མཛའ་བཤེས་ཀྱི་གསོབ་སུ་ཞུགས་ནས་འཇིག་རྟེན་སླུ་བར་བྱེད་ལ། དེ་མ་འཕྲིགས་པས་དེས་སྡུག་བསྔལ་བ་ཡང་མི་འགྱུར་རོ། །དེའི་ཕྱིར་དེ་ལ་གུས་པར་བྱ་བའི་ཕྱིར ་བཤད་པ། གང་འདོད་ཆགས་མཛའ་མིན་མཛའ་འདྲ་བ་དེས་དེ་ལ་ཁྱོད་མི་འཇིགས་ཏེ། མི་ཕན་མཛའ་བོ་ཁྱད་པར་དུ། །སྐྱེས་བུས་སྤང་བར་བྱ་མིན་ནམ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་འཛའ་པོ་དང་མི་མཛའ་བ་དང། བར་མའི ་སྒོ་ནས་སྐྱེས་བུ་ལ་ཉེ་བར་ལྷགས་པ་ཞིག་གོ། དེ་ལ་རེ་ཞིག་ཞེ་སྡང་གང་ཡིན་པ་འདི་ནི་དགྲའི་ཚུལ་གྱིས་སྐྱེས་བུ་ལ་འོད་སྟེ། དེའི་གནོད་པ་སྣད་རུང་ཡིན་པ་ཉིད་ཀྱི་ཕྱིར་དེ་ལ་བདག་ཉིད་ཡང་དག་པར་བསྲུང་བར་སླའོ། །གཏི་མུག་ནི་བར་མའི་ཚུལ ་གྱིས་སྐྱེས་བུ་ལ་ཉེ་བར་འོང་སྟེ། དེ་ལ་ཡིད་མི་རྟོན་པའི་ཕྱིར་དེ་ལས་ཀྱང་བདག་ཉིད་བསྲུང་བ་སླའོ། །གང་འདི་འདོད་ཆགས་བྱི་བོས་ཏེ་མཛའ་བོ་མ་ཡིན་མཛའ་པོའི་ཚུལ་གྱིས་སྐྱེས་བུ་ལ་ཉེ་བར་འོད་ཞིང་མཛའ་བ་ཤེས་ཀྱི་བཞིན་ཅན་ཉིད་ཀྱི་ཕྱིར་མཛའ་ ་བོ་ཡང་ཡིན་ལ། དགེ་བའི་ཕྱོགས་ཀྱི་སྲོག་གི་དབང་པོ་ལ་གནོད་པ་བྱེད་པ་འདི་ཉིད་ཀྱི་ཕྱིར་མི་ཕན་པ་ཡང་ཡིན་པ་དེ་ལས་ནི་བདག་ཁྱད་པར་དུ་བསྲུང་བར་བྱའོ། །ཇི་ལྟར་བསྲུང་བར་བྱ་ཞེ་ན། རྟག་ཏུ་ཡིད་གཏད་པས་བརྩོན་པས་ཕུལ་དུ་བྱུང་བ་དང ་བཅས་པས་དེའི་གཉེན་པོ་བསྟེན་པའི་སྒོ་ནས་རྒྱུད་ལ་དེ་སྐྱེ་བའི་གོ་སྐབས་མི་སྟེར་བ་ལས་སོ། །རྒྱལ་པོ་སྐྱ་སེང་བཞིན་ནོ། །ཇི་ལྟར་རྒྱལ་པོ་སྐྱ་སེང་ལིངས་ལ་སོང་བས་དང་སྲོང་རི་དགས་མོ་ལ་ལོག་པར་ཞུགས་པ་ཞིག་སྒྲ་ཐོས་ཏེ། སྒྲ་གྲགས་པར ་ཕོག་པ་ཉིད་ཀྱི་ཕྱིར་དྲང་སྲོང་ལ་མདས་བསྣུན་པ་དང་དེས་དེ་ལ་གང་གི་ཚེ་འཁྲིག་པ་བསྟེན་པར་གྱུར་བ་དེའི་ཚེ་ཁྱོད་འཆི་བར་འགྱུར་རོ། །ཞེས་དམོད་པ་དོར་བས་སོ། །དེ་ཚངས་པར་སྤྱོད་པ་དོན་དུ་གཉེར་སྦས་རྒྱལ་སྲིད་བཏང་ནུས ་ནགས་སུ་དོད་དོ། །དེ་ནས་ནམ་ཞིག་ན་ཉི་མ་ནུབ་ཀའི་ཚེ་ཉི་མ་ནུབ་ལ་ཁང་པར་གྱུར་ཞིང། དེས་རང་གི་བཙུན་མོ་རྒྱལ་པོ་མ་དྲིའི་བུ་མོ་གོས་སྒྲོན་དུ་གྱུར་པ་ལ་ཉི་མ་མངོན་དུ་ཕྱོགས་པ་མཐོང་བས་དེ་འདི་སྙམ་དུ་གང་ལྟ་རྣམས་ཀྱང་འགུགས་པར ་བྱེད་པའི་ངའི་བཙུན་མོ་ནི་འདི་ལྟར་ལྟ་ན་སྡུག་པ་ཞིག་གོ་སྙམ་དུ་སེམས་ཏེ། དེ་ནས་འདོད་ཆགས་ཀྱི་དབང་གིས་དེ་དང་ལྷན་ཅིག་སྦྱར་བར་གྱུར་ཞིང་ཤི་བར་ཡང་གྱུར་ཏོ། །འདིར་བཤད་པ། ཇི་ལྟར་མིང་ན་བཞིན་ཞིམ་ཟས། །གང་དེ་ལས་བདག ་སྒྲིམ་བསྲུངས་བ། །དེ་བཞིན་མཛའ་གདོང་འདོད་ཆགས་ལ། །འབད་པས་བདག་ཉིད་བསྲུང་བར་བྱ། །འདོད་ཆགས་དེ་ལ་རྣམ་པ་གཉིས་སོ། །ཇི་ལྟར་ཞེ་ན། འདི་ལྟར། འདོད་ཆགས་རྒྱུ་ལས་སྐྱེ་འགྱུར་ཞིང། །རྐྱེན་ལས་ཀྱང་ནི་སྐྱེ་བ་སྟེ། ་འདོད་ཆགས་རྐྱེན་ལས་སྐྱེ་བ་གང། །དེ་ནི་སྒྲུབ་སླ་ཅིག་ཤོས་མིན། །ཉོན་མོངས་པ་རྣམས་ནི་བྱེད་རྒྱུ་གཉིས་ལས་སྐྱེ་སྟེ། རྒྱུ་དང་རྐྱེན་ལས་སོ། །དེ་ལ་རྒྱུ་ནི་སྐྱེ་བ་སྔ་མའི་སྐལ་པ་མཉམ་པ་ཉིད་སྐྱེད་པར་བྱེད་པ་སྟེ། དེ་ཡང་འདོད་ཆགས་ལ ་གོམས་པའི་བག་ཆགས་ཡོངས་སུ་རྒྱས་པའི་ངོ་བོའོ། །རྐྱེན་འདི་འཇིག་རྟེན་འདིའི་སྐལ་པ་མི་མཉམ་ཞིང་འགྱུར་བའོ། །དེ་ལ་ཕུག་རོན་ལ་སོགས་འདོད་ཆགས་ཀྱི་བདག་ཉིད་ཅན་གྱི་སེམས་ཅན་གྱི་རིས་དག་ལས་ཤི་འཕོས་ཏེ་འཇིག ་རྟེན་འདིར་སྐྱེས་པ་དེ་ནི་ཚེ་རབས་སྔ་མར་བྱས་པའི་རྒྱུས་འདིར་ཡང་འདོད་ཆགས་ལ་སྤྱོད་པ་ཉིད་དུ་འགྱུར་བས་འདོད་ཆགས་འདི་ནི་རྒྱུ་ལས་སྐྱེས་བཞེས་བྱའོ། །འདིས་ནི་ཞེ་སྡང་ལ་སྤྱོད་པ་ཡང་བཤད་དོ། །ཡང་གང་ཞིག་སྡིག་པའི་གྲོགས ་པོ་དང་ཕྲད་པ་ལས་འདོད་ཆགས་ལ་སྤྱོད་པར་འགྱུར་དེའི་འདོད་ཆགས་འདི་ནི་རྐྱེན་ལས་སྐྱེས་པ་ཞེས་བྱའོ། །དེ་ལ་གང་ཞིག་རྒྱུ་ལས་འདོད་ཆགས་ལ་སྤྱོད་པ་དེ་ནི་ཚོགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །གང་ཞིག་རྐྱེན་ལས་ཡིན་པ་དེ་ནི་སྒྲུབ་པར་སླ་སྟེ། ་རྐྱེན་སྤངས་པ་ཉིད་ལས་མི་སྐྱེ་བའི་ཕྱིར། །ཅིག་ཤོས་ནི་མ་ཡིན་ནོ། །དེ་ནི་རྩ་བ་གཏིང་དུ་ཟུག་པ་ཉིད་ཀྱི་ཕྱིར་དཔུང་སྟོབས་ཕམ་པར་དཀའ་སྟེ། དེ་ཕམ་པར་བྱ་བ་ལ་འབད་པ་ཚོར་གྱིའོ??། །ཕན་ཚུན་ལས་སྐྱེས་པ་གང་ཡང་རུང་བ་ཞིག་པ་བཞིན་ནོ། །ཇི ་ལྟར་མདུང་ཁྱིམ་བཞིན་ཕན་ཚུན་བརྟེན་པའི་ཕྱིར་ཕན་ཚུན་ལ་སྐྱེས་པའི་ཆོས་རྣམས་ནི་གང་དུ་གཅིག་ཞིག་པས་འཇིག་པར་འགྱུར་བ་དེ་བཞིན་དུ་རྐྱེན་གྱིས་བསྐྱེད་པ་ཡང་རྐྱེན་ཞིག་པས་འཇིག་པར་འགྱུར་ཏེ་རྒྱུས་བསྐྱེད་པ་ནི་མ་ཡིན་ནོ། །རྟོག་པ་གཞན་ནི་ཆོས ་གང་དག་གཉིས་གང་དག་གཉིས་སྦྱར་བ་ལས་སྐྱེས་པ་དེ་དག་ནི་གང་རུང་གཅིག་མ་ཚང་བས་འབྱུང་བར་མི་འགྱུར་རོ། །དཔེར་ན་འདབ་ཆགས་ལ་གཤོག་པ་གཉིས་ཡོད་པས་འཕུར་བ་འབྱུང་ལ། གཤོག་པ་གང་ཡང་རུང་བ་གཅིག་མ་ཚང་བས་མི་འབྱུང་བ་དེ ་བཞིན་དུ་རྐྱེན་ལས་སྐྱེས་པའི་འདོད་ཆགས་བལྟ་བར་བྱའོ། །འདི་ལྟར་འདི་ནི་ཕྱི་དང་ནང་གི་རྐྱེན་ཡོད་པ་ལས་འབྱུང་ལ། གང་རུང་གཅིག་མ་ཚང་བས་མི་འབྱུང་བའི་ཕྱིར་སྒྲུབ་སླའོ། །ཡང་མིག་གིས་གཟུགས་འཛིན་པ་ལྟར་ཆས་གང་དག་གཉིས་སྦྱོར ་པ་དང་གཉིས་མི་སྦྱོར་བ་ལས་ཀྱང་འབྱུང་བ་དེ་ལྟར་ནི་འདོད་ཆགས་རྒྱུ་ལས་སྐྱེས་པ་བལྟ་བར་བྱའོ། །དེ་ནི་ཕྱི་རོལ་གྱི་རྐྱེན་མེད་པར་ཡང་འབྱུང་བ་ཉིད་ཀྱིས་སྒྲུབ་པར་དཀའ་ཨོ། །འདིར་བཤད་པ། ཉན་མོངས་ཅན་གང་ཕྲད་པ་ལས། །ཡིན་ཏེ་འབར་པས་རྣམ་པར ་འབྱེད། །རང་བཞིན་ཉིད་ཀྱི་ཉོན་མོངས་ཅན། །གང་དེ་ཚེགས་ཀྱི་འབྱད་པར་འགྱུར། །དེ་བཞིན་དུ་ཁྲོ་བའི་ཐམས་ཅད་བཏང་བ་ལ་ཡང་འཇུག་པར་བྱ་སྟེ། འདི་ལྟར་ཁྲོ་བ་བརྟན་ཞིང་ངེས་པར་ནི། །མི་དགེ་ཉེས་ཆེན་བྱེད་པ་སྟེ། དེ་ལྟར་རྣམ་ཀུན ་དབྱེ་ཤེས་པས། །ཉོན་མོངས་རྣམས་མཐར་བྱེད་པར་འགྱུར། །གང་གི་ཕྱིར་ཞེ་སྡང་ནི་དམ་པར་འཛིན་པ་དང་ཤ་ཁོན་མང་བ་དང་མི་དགེ་ཞིང་རང་བཞིན་གྱི་རྒྱུད་བསྲེག་ལ། གཞན་ལ་གནོད་པ་གསལ་བར་བྱེད་པ་དང་མདོག་ངན་པར ་བྱེད་བཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དོན་མ་ཡིན་པ་རྣམས་ཀྱི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་དང། ངན་འགྲོའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་དང། མཚམས་མེད་པ་ལ་སོགས་པ་ཁ་ན་མ་ཐོ་བ་ཆེན་པོ་ཉིད་ཀྱི་ཕྱིར་ན་འདོད་ཆགས་པས་ཉེས་པ་ཆེ་བ་དང་ཆེས ་ལྕི་བ་ཞིག་གོ་།འདོད་ཆགས་ནི་དར་ཅིག་གིས་འདོད་ཆགས་དང་བྲལ་བ་ཅན་ཉིད་དུ་འགྱུར་བའི་ཕྱིར་དང། ཉེས་པ་ཆུད་པ་ཉིད་ཀྱི་ཕྱིར་ཞེ་སྡང་བས་ཆེས་ཡང་སྟེ། མཚན་ཉིད་ནི་འདིར་ཕྱི་ནས་རྒྱས་པར་འཆད་དོ། །གང་ཞིག་དེ་ལྟར་རྣམ་པ་ཐམས་ཅད་དུ་འདོད་ཆགས ་ལ་སོགས་པ་རྣམས་ཀྱི་སྐྱོན་རྣམ་པར་དབྱེ་བ་དང་ཉེས་དམིགས་དང་གཞི་དང་སྤོང་བའི་ཐབས་ཤེས་པར་བྱས་ནས་དེའི་གཉེན་པོ་བསྟེན་པ་དེ་ནི་གདོན་མི་ཟ་བར་ཉོན་མོངས་པ་རྣམས་རྩ་བ་ནས་བཅད་པའི་སྒོ་ནས་སེལ་བར་བྱེད་པར་འགྱུར་ཏེ། ཆོས་སེང་བཞིན་ནོ།། ་ཇི་ལྟར་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོའི་ལུང་བསྟན་པའི་དུས་སུ་བཅོམ་ལྡན་འདས་མར་མེ་མཛད་ཀྱི་ཞབས་ཀྱིས་རལ་པ་མནན་པ་མཐོང་སྟེ། ཆོས་སྲེད་པ་འཁྲུགས་པས་དུད་འགྲོ་རྣམས་ཇི་ལྟ་བ་བཞིན་དུ་རྐང་པ་གཉིས་ཀྱིས་རལ་པ་གནོན་ནོ། །ཞེས་ངག་གིས་ཉེས ་པར་སྤྱོད་པ་སྨྲས་པ་དང། ལས་དེས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་དུད་འགྲོ་དག་ཏུ་སྐྱེས་སོ། །དེ་ཉར་གྱུར་པས་གཟིངས་རྡུགས་པ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཐོས་ཏེ་ད་དུང་དུ་ཡང་བདག་བདེ་བ་རྒྱས་ཤིང་དུད་འགྲོའི་སྐྱེས་གནས་སུ་སྡོད་དམ་ཞེས ་རང་གི་ལུས་ཆུད་གསན་ཞིང་ཤི་འཕོས་ནས་མི་རྣམས་ཀྱི་ནད་དུ་སྐྱེས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་རང་གི་སྒོ་དྲུད་ན་འཆགས་པས་སྐྱོ་བ་ལས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང ་གཟིགས་ནས་ཆོས་སྲེད་ཤིན་ཏུ་ཡུན་རིང་མོ་ཞིག་ནས་མཐོང་ངོ། །ཞེས་གསུངས་པ་ལྟ་བུའོ། །འདིར་བཤད་པ། ཉོན་མོངས་རྣམས་དབྱེ་ཤེས་བྱས་ནས། གང་ཞིག་མི་མཐུན་ཕྱོགས་བསྟེན་དེས། །མྱུར་དུ་ཞི་པ་ཐོབ་སྟེ་དཔེར། །སྨན་འཕྲོད་བསྟེན་པའི་ནད་པ་བཞིན། །འདོད ་ཆགས་དང་ཞེ་སྡང་ཀི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་སྨྲས་ཀྱིས། ང་ནི་གཏི་མུག་གི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་བརྗོད་པར་བྱའོ་ཞེ་ན་བཤད་པར་བྱ་སྟེ། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་?? ་གཏི་མུག་བཅོམ་པས་བཅོམ་པར་འགྱུར། །འདིར་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ནི་རང་བཞིན་གྱིས་རྣམ་པར་དཔེན་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ལ་གཏི་མུག་ནི་དེ་རྣམས་ལ་ཇི་ལྟར་བདེན་པར་རྟོགས་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར་དངོས་པོ་བདེན་པའི་རང་གི ་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ་།འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བརྟགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར་གཏི་མུག་ལས་ཐ་མི ་དང་པར་འགྱུར་ཞིང། གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ། གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་མིག་ལ་སོགས་པའི་དབང་པོ་ལུས་ཀྱི་དབང་པོ་ལས་ཐ་མི་དད་པར་འཇུག་པ་རྣམས་ལུས་ཀྱི་དབང་པོ་ཁོ་ན་ལ་བརྟེན་ནས་འབྱུང་བ་དེ་བཞིན་དུ་ཉོན ་མོངས་པ་ཐམས་ཅད་ཀྱང་གཏི་མུག་ལ་བརྟེན་ནས་འབྱུང་ངོ། །ཡང་ཇི་ལྟར་ལུས་ཀྱི་དབང་པོ་ཉམས་ན་ལུས་ཀྱི་དབང་པོ་ལ་བརྟེན་པའི་དབང་པོ་ཐམས་ཅད་ཉམས་པར་གྱུར་བ་དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམས་པས་ཉོན་མོངས་པ་བཅོམ་ན ་བརྟེན་མེད་པས་ཉོན་མོངས་པ་ཐམས་ཅད་བཅོམ་པར་འགྱུར་ཏེ། དུག་གི་ཤིང་ལྗོན་པ་བཞིན་ནོ། །ཇི་ལྟར་དུག་གི་ཤིང་ལ་དོན་མ་ཡིན་པ་ཐམས་ཅད་ཡོད་ལ། དེ་ཞིག་བས་དོན་མ་ཡིན་པ་ཐམས་ཅད་འཇིག་པར་འགྱུར་ལ། མ་ཞིག་ན་མི་འཇིག་པ་དེ ་བཞིན་དུ་གཏི་མུག་རབ་ཏུ་ཞི་བར་འགྱུར་རོ། །འདིར་བཤད་པ། ཇི་ལྟར་མགོ་པོ་བཅད་པ་ན། །སྲོག་ནི་རབ་ཏུ་མི་འཇུག་པ། །དེ་བཞིན་གཏི་མུག་བཅད་པ་ཡིས། །ཉོན་མོངས་འཁོར་ལོ་འཇུག་མི་འགྱུར། །ཡང་ཇི་ལྟར་དོན་མ་ཡིན ་པའི་རྩ་བ་གཏི་མུག་འདི་སྤང་བར་རིག་པར་བྱ་ཞེ་ན། བཤད་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །གལ་ཏེ་མྱུ་གུ་དང་འདུ་བྱེད ་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཅན་རྣམས་ལ་རང་བཞིན་ཡོད་པར་འགྱུར་ན་ནི། དེའི་ཚེ་དེ་རྣམས་རང་གི་ངོ་བོས་ཡོད་པ་ཉིད་ཀྱི་ཕྱིར་མ་རིག་པ་དང་ས་བོན་ལ་སོགས་པ་ལ་བལྟོས་པར་མི་འགྱུར་ཏེ། གྲུབ་པར་གྱུར་པ་ནི་ཡང་སྒྲུབ་པ་མ་ཡིན ་ནོ། །མྱུ་གུ་དང་འདུ་བྱེད་ལ་སོགས་པ་འདི་རྣམས་ནི་མ་རིག་པ་དང་ས་བོན་ལ་སོགས་པའི་ཚོགས་པ་ལས་བརྟེན་ནས་འབྱུང་བ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་གཟུགས་བརྙན་དང་སྤྲུལ་པ་བཞིན་དུ་རང་བཞིན་མེད་པ་ཡིན་ལ་རང ་བཞིན་དང་བྲལ་བ་ཉིད་ཀྱིས་ཀྱང་སྟོང་པའོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པར་མཐོང་ན་གཏི་མུག་སྤོང་བར་འགྱུར་ལ། དེ་སྤངས་པ་ལས་ཀྱང་དེ་ལ་བརྟེན་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱང་སྤོང་བར་འགྱུར་རོ། །གང་གི ་ཕྱིར་དེ་ལྟར་མ་རིག་པ་སྤོང་བའི་ཐབས་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཉེ་བར་སྟོན་པ་དོན་ཆེན་པོ་ཡིན་པ་ཉིད་ཀྱི་ཕྱིར་བདག་ཉིད་ཐམས་ཅད་ཀྱི་བསྟན་བཅོས་བཞི་བརྒྱ་བ་འདིར་འཆད་པར་འགྱུར་བའི་གཞུང་གིས་རྟེན་ཅིང་འབྲལ ་པར་འབྱུང་བའི་གཏམ་དེ་ཉིད་བྱེད་དོ། །ཟླ་བ་ཉ་བ་བཞིན་ནོ། །ཇི་ལྟར་ཟླ་བ་ཉ་བ་གྱུར་བ་དང་མུན་པ་འཇིག་པ་དེ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོད་བས་ཡེ་ཤེས་ཀྱི་ཟླ་བ་ཤར་བར་གྱུར་པས་གཏི་མུག་འཇིག་པར་འགྱུར་རོ། །འདིར ་བཤད་པ། གཏི་མུག་རྐྱེན་ཉིད་འདི་པ་ཡི། །ཉི་མའི་འོད་ཟེར་འབར་རྣམས་དང། །ལྷན་ཅིག་གནས་པ་མ་ཡིན་ཏེ། །ཉི་མའི་ཟེར་དང་མུན་པ་བཞིན། །འདོད་ཆགས་ལ་སོགས་པ་རྣམས་ཀྱི་སྤོང་བའི་ཐབས་ནི་སྨྲས་ན། ཡང་དེ་རྣམས་ལ་སྤྱོད་པའི་སེམས་ཅན ་དག་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་དག་གི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བཤད་པ། རྟག་ཏུ་ས་འཛིན་སོགས་དགའ་བའི། །གཏོང་པོ་ཟ་པོ་གཙང་ཞིང་འགྱུར། །དེ་འདྲ་ལ་སོགས་མཚན་ཉིད་རྣམས། །འདོད་ཆགས་ཅན་གྱི་མི་ལ་སྣང། །ས་འཛིན་པའི ་གར་དང། བཞད་གད་དང། འཇོ་སྒེག་དང། མེ་ཏོག་དང་དྲི་དང། ཕྲེང་བ་དང་བྱུག་པ་དང་རྒྱན་དང་ཁ་དོག་ལ་སོགས་པ་ལ་དགའ་བ་དང། འཇམ་པ་དང། བདེ་བའི་ངང་ཚུལ་ཅན་དང། གཅང་བ་དང། མཁས་བག་དང། སྙན་པར་སྨྲ་བ་དང། གསོང་པོར ་སྨྲ་བ་དང། གཏོང་བ་པོ་དང། ཟ་བ་པོ་དང་འགྱུར་བ་སྟེ། །དེ་ལྟ་བུ་ལ་སོགས་པ་དག་ནི་འདོད་ཆགས་ལ་སྤྱོད་པའི་མཚན་ཉིད་དོ། །དེ་ལས་བཟློག་པ་དག་ནི་ཞེ་སྡང་ལ་སྤྱོད་པ་ཡིའོ། །འདྲེན་མ་དག་ནི་གཏི་མུག་ལ་སྤྱོད་པ་དག་སྟེ། དེ་ལྟར་ན་ཇི་སྐད ་བཤད་པའི་རྟགས་དག་གིས་བསམ་པ་རྗེས་སུ་རྟོགས་པར་བྱའོ། །ནོར་བསྒྱུར་གྱི་ཤ་ཟ་བཞིན་ནོ། །ཇི་ལྟར་ནོར་བསྒྱུར་གྱི་ཤ་ཟ་ནི་ནོར་བསྒྱུར་མཁན་ཡོད་ན་འཚོགས་ཆས་རྣམ་པ་སྣ་ཚོགས་སྡུད་པར་བྱེད་ལ་དེ་དོར་ན་ཐམས་ཅད་འདོར་བ་དེ་བཞིན་དུ ་འདོད་ཆགས་ཡོད་ན་འཚོགས་ཆས་རྣཾ་པ་སྣ་ཚོགས་སྡུད་པར་བྱེད་ལ། འདོད་ཆགས་དོར་ན་ཐམས་ཅད་འདོར་རོ། །འདིར་བཤད་པ། འདོད་ཆགས་ཀྱིས་གཞན་ཆགས་བྱེད་ཅིང། །རང་ཆགས་བྱ་ལ་ཆེར་དགེར?་འགྱུར། །སྡང་བས་འདི་དག་ལས་བཟློག ་ཅིང། གཏི་མུག་གིས་དེ་རྨོངས་པར་བྱེད། །འདིར་སྨྲས་པ། འདོད་ཆགས་དང་ཞེ་སྡང་ལ་སྤྱོད་པ་ལ་སོགས་པ་དག་གི་མཚན་ཉིད་དག་ནི་སྨྲས་ན། ཡང་དེ་དག་འདུལ་བའི་ཐབས་ནི་གང་ཞིག་ཡིན་བཤད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཆགས་ཅན ་ལ། །ཟས་དང་ཆོས་གོས་གཙུག་ལག་ཁང། །དགེ་ལེགས་སྤང་པ་ཐམས་ཅད་དང། རྟག་ཏུ་བླ་མའི་ཐང་གནས་གསུངས། །འདོད་ཆགས་ལ་སྤྱོད་པས་ནི་གནས་དང་ཟས་དང་ཆོས་གོས་འདོད་ཆགས་དང་བྲལ་བ་བསྐྱེད ་ཅིང་སེར་བ་ཡིད་དང་མི་མཐུན་པ་དགེ་ལེགས་སྤངས་པ་དག་འདོད་པར་བྱའོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །དེ་ལ་འདོད་ཆགས་ཅན་རྣམས་ཀྱི་གཙུག་ལག་ཁང་ལ་ཞེན་པའི་གཉེན་པོར་ནིས་སངས་རྒྱས་བཅོམ་ལྡན་འདས ་ཀྱིས་དགོན་པ་པ་ཉིད་དང། ཤིང་དྲུང་པ་ཉིད་དང། དུར་ཁྲོད་པ་ཉིད་དང། བླ་གབ་མེད་པ་ཉིད་གསུངས་སོ། །མལ་སྟན་ལ་ཞེན་པའི་གཉེན་པོར་ནི་ཅོག་བུ་ཉིད་དང། གཞི་ཇི་བཞིན་པ་ཉིད་དོ། །ཐས་ལ་ཞེན་པའི་གཉེན་པོར་ནི་བསོད་སྙོམས་པ ་ཉིད་དང། སྟན་གཅིག་པ་ཉིད་དང། ཟས་ཕྱིས་མི་ལེན་པ་ཉིད་དོ། །ཆོས་གོས་ལ་ཞེན་པའི་གཉེན་པོར་ནི། །ཆོས་གོས་གསུམ་པ་པ་ཉིད་དང་ཕྱག་དར་བྲོང?་པ་ཉིད་དང། ཕྱིད་པ་པ་ཉིད་དེ། དེ་ལྟར་ན་གཙུག་ལག་ཁང་དང། མལ་སྟན་དང། ཁ་ཟས་དང་ཆོས་རོ། ས ་ལ་ཞེན་པའི་གཉེན་པོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་བཅུ་གཉིས་རྣམ་པར་བཞག་གོ་།ཡང་གང་འདོད་ཆགས་དང་བྲལ་བ་དག་ཀྱང་འདི་རྣམས་བསྟེན་པ་དེ་ནི་བསོད་ནམས་ཀྱི་ཞིང་བདག་ཉིད་ལ་དན་པ་ལ་མོས་པའི་སྐྱེ་བོ ་རབ་ཏུ་དང་བར་བྱ་བའི་ཕྱིར་ཏེ། དེའི་སྒོ་ནས་དེ་ལ་དང་བ་རྣམས་དེའི་ཉེ་བར་བསྟན་བས་ངེས་པར་མྱ་ངན་ལས་འདས་པར་གཞོལ་བར་འགྱུར་རོ། །ཡང་འདོད་ཆགས་ལ་སྤྱོད་པ་དེ་ནི་རྟག་ཏུ་བླ་མའི་དྲུང་དུ་བཞག་པར་བྱ་སྟེ། དེ་ལྟར་རྟག་ཏུ་བླ་མས ་བཞེན་བསྐུལ་ཞིང་འཕགས་པའི་རིགས་ལ་རབ་ཏུ་གནས་པ་འདིའི་འདོད་ཆགས་ཐུལ་བར་འགྱུར་ལ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་བས་རྦད་བས་སྲབ་སྐྱོགས་དང་བཅས་པ་ཉིད་ཀྱི་ཕྱིར་མཚམས་ལས་འདའ་བར་མི་ནུས་སོ། །ཞེ་སྡང་ལ་སྤྱོད ་པ་ནི་དེ་ལས་བཟློག་པའི་གཙུག་ལག་ཁང་ལ་སོགས་པ་དག་དང་གནས་རྣམ་པར་དབེན་པའོ། །གཏི་མུག་ལ་སྤྱོད་པ་ལ་ནི་འདྲེན་མ་དག་གོ། བྲམ་ཟེ་སྲིན་པོས་བཟུང་བ་ལ་མི་གཙང་བསྟེད་བ་བཞིན་ནོ། །ཇི་ལྟར་སྐྱེས་བུ་གང་ཞིག་བྲམ་ཟེའི་སྲིན་པོས་བཟུང་བར་གྱུར་པ་དེ་ལ་འབྲུ? ་ཆང་ལ་སོགས་པ་མི་གཙང་བའི་རྫས་རྣམས་སྟེང་ཞིང་ངེས་དེ་གྲོ་བར་འགྱུར་པ་དེ་བཞིན་དུ་འདོད་ཆགས་ཅན་རྣམས་ལ་མི་སྡུག་པའོ། །གང་གིས་བསྟེན་པར་བྱེད་པའི་མི། །ཅོན་མོངས་ཞི་བར་འགྱུར་བ་དེ། །དེ་ཡིས་བསྟོན་བྱ་གང་གི་ཕྱིར། །འདི་ལ་ཉོན་མོངས་?? ་འཕེལ་ཕྱིར། །ཡང་ཁྲོ་བ་སྤངས་པར་འདོད་པས་ནི་འདི་ལྟར་ཁྲོ་བའི་ཉེས་དམིགས་དག་རྟོགས་པར་བྱ་སྟེ། ནུས་མེད་ལ་ཁྲོ་བདག་ཉིད་ལ། །མདོག་མི་སྡུག་པ་འབའ་ཞིག་བྱེད། །ནུས་པ་གང་ལ་འང་བརྩེ་མེད་པ། །དེ་ནི་ཐ་ཆད་ཅེས་བྱར་བརྗོད། །གཞན་ལ ་གནོད་པར་མི་ནུས་པ་ལ་ནི་ཁྲོ་བ་སྐྱེས་བ་ཙམ་གྱིས་བདག་ཉིད་ལ་མདོག་སྡུག་པ་འབའ་ཞིག་བྱེད་ཀྱི་ནུས་པ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་གཞན་དག་ལ་གནོད་པར་ནི་མི་བྱེད་དོ། །གཞན་ལ་གནོད་ཕོད་ཅིང་ནུས་པ་ལ་ཡང་གལ་ཏེ་ནུས་པ་མེད་པ་ལ་གནོད་པ་བརྩེ་བ ་མེད་ན་ནི་དེ་གནོད་པ་ཐམས་ཅད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཐ་ཆད་དུ་འགྱུར་ཏེ། སྲོག་འཇོམས་པ་ནི་གནོད་པ་ཐ་ཆད་ཡིན་པ་དེ་ཉིད་ཀྱི་ཕྱིར་གང་ཟག་འདི་ལ་ཡང་ཐ་ཆད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ན་གང་ཞིག་བརྩེ་པ་མེད་པར་གྱུར་ནས་ཉམས་ཆུང་བ་དག ་ལ་བསྣུན་པ་དེ་ལས་མ་གཏོགས་པ་བརྩེ་བ་མེད་པ་གཞན་མེད་པའི་ཕྱིར་ཐ་ཆད་དུ་འགྱུར་རོ། །རིགས་ལ་གནོད་པ་བཞིན་ནོ། །ཇི་ལྟར་རིགས་ཀྱི་ནང་ནས་གཅིག་གིས་ཉེས་པར་འགྱུར་བ་བཞིན་དུ་ཐམས་ཅད་ཆད་པ་དང་སྦྱོར་བ་འམ། བརླག་པར་འགྱུར་བ་དེ་བཞིན ་དུ་གནོད་སེམས་ཀྱང་རྣམ་པ་ཐམས་ཅད་དུ་འཕུང་བར་བྱེད་པར་འགྱུར་རོ། །འདིར་བཤད་པ། མེ་དང་ཁྲོ་བ་བྱུང་བས་ནི། །དང་པོར་ཅི་ནས་དེ་གཉིས་སྲེག་།ཕྱི་ནས་མཆེད་པར་གྱུར་པ་ན། །མི་གཞན་དུ་ནི་སྲེག་པར་འགྱུར། །ཡང་ཁྲོ་བ་དང་ལྡན་པ་རྣམས་ལ་ནི། ། ་ཁྲོ་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་ཚུལ་འདི་བསྟན་པར་བྱ་སྟེ། ཡིད་དུ་མི་འོང་བའི་སྒྲས། །སྔར་བྱས་སྡིག་མཐར་བྱེད་བར་བརྗོད། །ཁྱོད་ཚིག་རྩུབ་མོ་ཐོས་པས་འཁྲུག་བ་གསད་བར་གྱུར་ཞིང་གཞན་དག་ལ་སྡང་བ་གང་ཡིན་པ་??་ནི? ་ཤིན་ཏུ་ཁྱོད་ཀྱིས་ཚུལ་ངན་པ་ཆེན་པོ་ཞིག་སྟེ། གང་གི་ཕྱིར་ཁྱོད་ཀྱིས་སྔར་ཚིག་ཡིད་དུ་མི་འོང་བ་ཐོས་པ་ཡང་དག་པར་འགྲུབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་འདིར་གཤེ་བ་ཐོས་པ་ལས་འབྲས་བུ་ཕྱུང་སྟེ་ཟད་པ་འགྱུར་ན། ་རྨོངས་ཤིང་དམ་པ་མ་ཡིན་པ། །བདག་ཉིད་རྣམ་པར་དག་མི་འདོད། །ཡིད་དུ་མ།ི་འོད་བའི་ཚིག་ཐོས་པ་ལས་འབྲས་དུ་ཕྱུང་སྟེ། ལས་ཟད་པར་འགྱུར་ལ། །ལས་ཟད་བས་ཀྱང་འདི་རྣམ་བར་དག་པར་འགྱུར་རོ། །དེ་དེ་ལྟར་བདག་ཉིད་རྣམ་པར་དག་བཞིན་དུག་འཏེ? ་བཤེ་བ་པོ་ལ་ཁྲོ་བ་སྐྱེད་པར་བྱེད་པ་ནི་དེ་སླར་ཡང་དྲི་མ་ངེས་བདག་ཉིད་ཁྱད་པར་དང་བཅས་པར་དཔོག་བར་བྱེད་ཅིང་བླུན་པ་བས་ཀྱང་ཆེས་བླུན་པར་འགྱུར་རོ། །གླང་རྒན་ལ་སྨན་གཏོང་བ་བཞིན་ནོ། །ཇི་ལྟར་གླང་རྒན་སྐྱོན་ཅན་འགའ་ཞིག་དེའི་ནད་ཉེ་བར ་ཞི་བར་བྱ་བའི་ཕྱིར་སྨན་སྟེར་བའི་རྫི་བོ་ཉིད་གསོད་པ་བཞིན་དུ་ཡིང་དུ་མི་འོང་བ་ཐོས་པ་མྱོང་བར་འགྱུར་བའི་ལས་སྔར་བྱས་བའི་སྦྱོར་བ་པོར་ཡང་འགྱུར་ཏེ། གང་ཡིད་དུ་མི་འོང་བ་ཐོས་པར་བྱེད་པའོ། །དེ་ནི་རྨོངས་པས་སྦྱོར་བར་བྱེད་པ་པོ་དེ་ཉིད ་ལ་བཀུར་སྟེ་མ་ཡིན་པ་བྱེད་དོ། །འདིར་བཤད་པ། གལ་ཏེ་རང་སྡིག་ཕ་རོལ་པོས། །གཤེ་བའི་སྙད་ཀྱིས་སྦྱོང་བྱེད་ན། །དེ་དེས་དེ་ལ་ཕན་བཏགས་བས། །དེའི་དེར་མཁས་པ་ཁྲོ་མི་འབྱུང། །འདི་ལས་ཀྱང་གཞན་གྱི་ངན་སྨྲས་ཀྱི་ཚིག་དག་ལ་ཁྲོ་བ་མི་རིགས ་ཏེ། འདི་ལྟར། མཉན་པ་ཡིད་དུ་མི་འོང་བ་འང། །ངོ་བོ་ཉིད་ཀྱིས་གནོད་མི་བྱེད། །དེ་ཕྱིར་རྣམ་རྟོག་ལས་བྱུང་བ། །གཞན་ལས་ཡིན་ནོ་སྙམ་དུ་རློམ། །གཤེ་བ་ལ་སོགས་པའི་སྒྲ་རྣམས་ནི་རང་བཞིན་གྱིས་གནོད་པ་སྐྱེད་པར་བྱེད་པའི་རྒྱུར་མི་འགྱུར་རོ། ། ་གལ་ཏེ་འགྱུར་ན་ནི་སྨྲ་བ་པོ་ལ་ཡང་གནོད་པར་འགྱུར་བ་ཞིག་ན། བདག་ཉིད་འདིས་བདག་ལ་དེ་ལྟར་སྨད་དོ་སྙམ་དུ་རྣམ་པར་རྟོག་པ་ན་གནོད་པར་འབྱུང་བ་ཡང་ཡིན་ཏེ། དེའི་ཕྱིར་རང་གི་རྣམ་པར་རྟོག་པ་ལས་གནོད་བར་གྱུར་པ་ན་ཅིའི་ཕྱིར་གཞན་ལ་ཁྲོ་བར་འགྱུར་བ། ཕྱུགས? ་རྫི་མོའི་བུ་མོ་བཞིན་དང། དགེ་ཚུལ་བཞིན་ནོ། །ཇི་ལྟར་ཕྱུགས་རྫི་མོ་ཞིག་མུན་ཁུར་ན་རང་གི་བུ་མོ་ཁྲུ་སྐ་དག་ཟ་བའི་སྒྲ་ཐོས་ཏེ། ཆུན་མའི་བུ་མོར་ཡོངས་སུ་བརྟགས་ནས་ཁྲོས་པས་བན་གླང་མོ་འདི་ཅི་ཟ་ཞེས་སྨྲས་ལ། གང་གི་ཆེ་དེའི་བུ་མོས་ད་ཉིད་ཡིན་ནོ ་ཞེས་སྨྲས་པ་དེའི་ཚེ་དགའ་སྟེ་ཨེ་མ་བྱི་བ་མོ་ཞིག་ཟའོ་ཞེས་སྨྲས་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་མ་གཏོགས་པར་སྒྲ་འགའ་ཡང་ཡིད་དུ་འོད་བ་འམ་ཡིད་དུ་མི་འོང་བ་མི་སྲིད་དོ། །ཡང་སངས་རྒྱས་འབངས་ཞེས་བྱ་བའི་དགེ་ཚུལ་འགའ་ཞིག་དགེ་ཚུལ་རྣམས་ཀྱིས ་མིང་སངས་རྒྱས་སྐྱོང་ཞེས་སྨོས་པས་ཁྲོས་པར་གྱུར་ཏེ། དེས་དུ་ཞིང་མཁན་པོ་ལ་ཞུས་པ་དང། དེས་ཀྱང་སོང་ཞིང་ཁྱོད་ཀྱི་མིང་ནི་ཆོས་ཀྱི་འབངས་ཡིན་གྱིས་ཞེས་སྨྲས་ལ། དེ་དེ་རྣམས་ཀྱིས་སངས་རྒྱས་འབངས་ཀྱང་ཞེས་བྱ་བས་མི་སྙན་པ་སྨྲས་ཀྱང་འདི་ནི་བདག ་གི་མིང་མ་ཡིན་ནོ་སྙམ་སྟེ་ཐོས་བཞིན་དུ་ཡང་མི་དུ་ཞིང་འདི་ནི་གང་གི་སངས་རྒྱས་འབངས་ཡིན་པ་དེ་མི་སྙན་གྱི་བདག་གི་མིང་གཞན་ཡིན་ནོ་ཞེའོ། །འདིར་བཤད་པ། རྣམ་པར་རྟོག་མེད་ཚིག་ཐོས་ནས། །རྨོང་བས་བྱིས་པ་རབ་འཁྲུག་གི། བརྟན་ཞིང་དེ་ཤེས་དེས ་ཐོས་ནས། འཁྲུག་པར་མི་འགྱུར་དགར་མི་འགྱུར། །འདིར་སྨྲས་པ། གཤེ་བ་ལ་ནི་རང་བཞིན་གྱིས་སྐྱོམ་ཡོད་དེ། གང་གི་ཕྱིར་ལུགས་ཀྱི་བསྟན་བཅོས་འདི་ལས་བཤེ་བ་པོ་ལ་ཆད་བ་བཤད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། འདི་ལྟར་གཤེ་བ་པོ་ལ་ནི། ་ཆད་པར་བྱ་བར་མངོན་བརྗོད་པ། དེ་བཞིན་སྟན་པར་སྨྲ་བོ་ལ། །མཆོད་པར་བྱ་བར་ཅིས་མ་འགྱུར། །གལ་ཏེ་སྡང་བའི་གཤེ་བས་གཞན་གྱི་སྙིང་ལ་གནོད་པས་གཤེ་བ་པོ་ཆད་པས་གཅད་བར་བྱ་བ་ཡིན་ནོ་ཞེས་བསྟན་བཅོས་ལས་མཐོང་བའི་ཕྱིར་བཤད་ན་ནི ་ཚིག་སྙན་པ་བརྗོད་པ་ལས་ཀྱང་གཞན་གྱི་སེམས་འཛིན་པའི་ཕྱིར་དེ་བཞིན་དུ་སྟོང་པ་པོ་མཆོད་པར་བྱ་བ་ཡང་དེ་ལས་ཅིའི་ཕྱིར་མ་བཤད། རྒྱུ་མཚུངས་བཞིན་དུ་ཅིའི་ཕྱིར་གཅིག་ཆད་བས་བཅད་པར་བཤད་ལ་གཅིག་མཆོད་བྱར་མ་ཡིན ་ཏེ། དེའི་ཕྱིར་མི་སྙོམས་པ་ཉིད་ཀྱི་ཕྱིར་ལུགས་ཀྱི་བསྟན་བཅོས་ཚད་མ་མ་ཡིན་ནོ། །འགྲོ་ལྡིང་བ་འཐབ་པ་ཡང་འགྲོ་ལྡིང་བའི་གླང་པོ་ཆེ་བཞིན་ནོ། །ཇི་ལྟར་འགྲོ་ལྡིང་བ་རྣམས་ལ་འཐབ་པ་ཙམ་གྱིས་བསད་པའི་སེམས་སྐྱེ་ཞིང་གསོད་པར་ཡང ་བྱེད་ཀྱི་དེ་ལྟར་ཚིག་སྙན་པས་མཆོད་བར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་ཞིག་སྟོབས་ཆུང་བ་དེ་ནི་གླང་པོ་ཆེ་ཁོ་ནས་གསོད་ལ། གང་ཞིག་སྟོབས་དང་ལྡན་པར་གྱུར་ནས་བདག་ཉིད་གླང་པོ་ཆེ་ལས་སྲུང་བར་བྱེད་པ་ཡང་ཁྱོད་ཅིའི་ཕྱིར་གླང ་པོ་ཆེ་ལ་སྨ་བབ་བྱེད་ཅེས་རྒྱལ་པོའི་ཕོ་བྲང་དུ་གསོད་དོ། །འདིར་བཤད་པ། གལ་ཏེ་དེར་ནི་མཉམ་མཐོང་ན། །བསྟོད་པོ་གཤེ་པོ་ཡང་རུང་སྟེ། །དེ་གཉིས་ལ་ཅིས་བྱས་མ་བྱས། །དེའི་ཕྱིར་དེ་ནི་ཚད་མ་མིན། །འདིར་སྨྲས་བ། གང་ཞིག་གཤེ ་བས་གཞན་གྱི་སྨད་ར་གཞན་དག་ལ་གསལ་བར་བྱེད་པ་དེ་ལ་ཇི་ལྟར་ཅིག་ཤོས་འཁྲུག་པར་མི་འགྱུར། བཤད་པར་བྱ་སྟེ། ཁྱོད་ཀྱིས་སྨད་བྱ་མ་སྨྲས་ཀྱང། །གལ་ཏེ་གཞན་གྱིས་ཤེས་ན་ནི། །སྨྲ་བོ་བ་ཁྲོ་མི་རིགས་ན། །ཡང ་དག་མིན་སྨྲ་ལ་ཅི་སྨོས། །གལ་ཏེ་དེའི་ཡན་ལག་སྨད་པར་བྱ་བ་ཞར་བ་ཞེས་བྱ་བ་འམ་ལག་རྡུམ་བྱ་བ་གང་ཡིན་པ་དེ་མ་སྨྲས་ཀྱང་གཞན་དག་གིས་ཤེས་པར་འགྱུར་ནི་ན་བདེན་པའི་སྐྱོན་དེས་གཤེ་མོད་ཀྱིས་བདེན་བར་གྱུར་པ་ཉིད་ཀྱི་ཕྱིར་གཤེ་བ ་བོ་ཡང་དག་པར་སྨྲ་བ་ལ་དེ་ལས་དེས་ཁྲོ་བར་བྱ་བར་མི་རིགས་ན་ཡང་དག་མིན་སྨྲ་ལ་ཅི་སྨོས་ཏེ། མི་བདེན་པར་སྨྲས་པའི་སྐྱོན་གྱིས་གནོད་པའི་ཕྱིར་རོ། །དེ་ནི་གཏན་ཉམས་པས་ཇི་ལྟར་ན་དེ་ལ་དམ་པས་བསྲི་བ་མེད་པར་གནས་པར་འགྱུར། ཞར ་བ་དང་ཞར་བ་མ་ཡིན་པ་ལ་སྨྲས་པ་བཞིན་ནོ། །འགའ་ཞིག་གིས་ཞར་བ་ལ་ཞར་བ་ཞེས་སྨྲས་པས་དེ་ལ་རྒྱལ་པོས་ཆད་བས་བཅད་དོ། །གཞན་གྱིས་མ་ཞར་བ་ལ་ཞར་བ་ཞེས་པ་སྨྲས་བས་དེ་ལ་ཡང་ཆད་པས་བཅད་དོ། །དེ་བཞིན་དུ་མཁས་པས་བདེན་པ་ལ?་མང?་བཟོད ་པ་བྱས་ལ། མི་བདེན་པ་ལ་ཡང་བྱའོ། །འདིར་བཤད་པ། དམ་པ་དེ་ཉིད་གཟིགས་རྣམས་ལ། །ཡང་དག་མིན་ཕྱིར་མི་བདེན་པའི། །བདེན་ཕྱིར་བདེན་པར་གྱུར་ལའང་རུང། །ཁྲོ་བའི་གོ་སྐབས་ཡོད་མ་ཡིན། འདིར་སྨྲས་པ། དེ་ལྟར་ཡིན་མོད་ཀྱང་དམན་པ་དག་ལས། མི་སྙན་པ་ཐོས་པ་ལས་མི ་ལ་ཁོང་ཁྲོ་བར་ཇི་ལྟར་མི་འགྱུར་བཤད་པར་བྱ་སྟེ། དམན་ལས་མི་སྙན་ཞེས་བྱ་བ། །ངེས་པར་འབྱུང་བ་མ་ཡིན་ཏེ། །དེ་ཕྱིར་དམན་བྱུང་མི་སྙན་པ། །ཡན་གར་ཉུང་ཟད་ལྟ་བུར་སྣང། །གང་གི་ཕྱིར་སྐྱེས་བུ་དམན་པ་ཆོས་མ་ཡིན་པ་འདོད་ཅིང་སྡིག་པ་ཀུན་ཏུ ་སྤྱོད་ལ། ཕ་རོལ་སྡུག་བསྔལ་བ་ལ་མངོན་པར་དགའ་བ་དག་ལས་ནི་མི་སྙན་པ་ཐོས་པ་ཁོ་ན་ངེས་པར་འབྱུང་བ་མ་ཡིན་ཏེ། ངོན་མ་ཡིན་ནོ་ཅོག་བྱེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ཚིག་མི་སྙན་པ་ཙམ་ཞིག་བྱིན་པས་ཡོངས་སུ་ཚིམ་ན་ནི་གང་གསོད་པ་དང་ཆི་དེ་བ་ལ ་སོཊ་པ་མངོན་པར་མི་འདོད་བ་ལྟ་ཆེས་མཆོག་གཅིག་རྙེད་བ་མ་ཡིན་ནམ། དེའི་ཕྱིར་ཡོངས་སུ་དགའ་བའི་གནས་ལ་ཅི་སྟེ་ཁྲོ་བ་བསྟེན་པར་འགྱུར། འཕགས་པ་གང་པོ་དང། དུག་བེའུ་ལྟེ་བ་ལྟ་བུ་བཞིན་ནོ། །ཇི་ལྟར་འཕགས་པ་གང་བོ་ཀླུང་ཤོ་ནའི་ཕ་མཛའ་ཨི་ཡུལ་གྱི་མི་རྣམས ་གདུལ་བར་འདོད་པ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་མི་དེ་དག་ནི་མ་རུངས་ཤིང། རབ་ཏུ་གཏུམ་པ་སྟེ། དེར་སྡུག་བསྔལ་བར་གནས་པར་གྱུར་ཏ་རེ་ཞེས་བཀའ་སྩལ་པས། དེས་བཅོམ་ལྡན་འདས་གལ་ཏེ་བདག་ལ་གཤེ་བར་གྱུར་ན་ནི། །ེ ་མ་མ་ལ་གང་དག་བདག་ལ་རྡེག་པར་མི་བྱེད་པ་འདི་དག་ནི་ངེས་པ་ཞིག་གོ་སྙམ་དུ་ཁོ་བོ་སེམས་པར་བགྱིད་ལ་གལ་ཏེ་སྲོག་དང་བྲལ་བའི་བར་དུ་བགྱིད་ན་ཡང། ཨེ་མ་མ་ལ་གང་དག་བདག་གི་ལུས་རུལ་པ་འདི་ལ་ཐར་བར་བྱེད་པ་འདི་དག་ནི་བདག ་ལ་ཕན་འདོགས་པ་ཞིག་གོ་སྙམ་དུ་དེ་ལྟར་སེམས་བར་བགྱིད་དོ། །ཞེས་གསོལ་པ་དང། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནང་ངོ། །ཡང་ཇི་ལྟར་དུག་བེའུ་ལྟེ་བ་ལྟ་བུའི་རྩ་བའི་འོག་ཏུ་འགའ་ཞིག་ལ་ཉོན་མེངས་བདག ་ཐོག་ཏུ་བབ་པར་འགྱུར་བ་དང་དེ་དེའི་རྒྱུས་མྱ་ངན་བྱེད་པ་ན་གཞན་གྱིས་གང་དུག་མི་བཟད་པ་དང་འབྲེལ་པ་ལས་སྲོག་དག་དང་ཕྲལ་བར་མ་གྱུར་ན་ཁྱོད་མྱ་ངན་མ་བྱེད་ཅིག་།གང་འདིར་བསྡད་པ་ནི་མ་ཤི་བ་འགའ་ཡང་མེད་ཀྱིས་ཁྱོད་ནི་བསོད་ནམས་དང་ལྡན ་པ་ཞིག་སྟེ། དགའ་བ་ཉིད་བྱ་བར་འོས་པ་མ་ཡིན་ནམ་ཞེས་སྨྲས་ཏེ། དེ་བཞིན་དུ་གང་ཞིག་སྐྱེ་པོ་དམན་པ་ལས་བརླང་བ་ཙམ་ཞིག་ཐོས་པ་དེས་ནི་དགའ་བ་ཁོ་ནར་བྱའི་མྱ་ངན་མ་ཡིན་ཏེ། ཉུང་ཟད་ཙམ་གྱིས་ཐར་པའི་ཕྱིར་རོ། །འདིར་བཤད་པ ་དམན་པ་བྱ་མིན་མེད་དམན་ལ། །བརྗོད་བྱ་བརྗོད་བྱ་མིན་པ་འང་མེད། །དེ་ཕྱིར་འདི་ནི་དམན་དེ་ལས། །མི་སྙན་འབའ་ཞིག་ཉུང་དུ་འདྲ། །འདིར་སྨྲས་པ། གང་ཞིག་སྐྱོན་མེད་པ་ལ་གཤེ་བ་དེ་ཚར་བཅས་པ་ལ་ཉེས་པ་ཅི་ཡང་མེད་དོ། །བཤད་བར་བྱ ་སྟེ། གཞན་ལ་གནོད་བྱས་བདག་ལ་ནི། །ཡོན་ཏན་ཉུང་ཟད་ཀྱང་མེད་ན། །ཁྱོད་ཁྲོ་ཡོན་ཏན་མེད་པ་ལ། །གུས་པ་ཞེན་པ་རྐྱང་པར་ཟད། །གལ་ཏེ་གཞན་ཁྲོས་པར་གྱུར་པ་དེ་ལ་ཁྲོ་བའི་དབང་གིས་གནོད་པར་བྱེད་པ་གང་ཡིན་པ་དེས་འདི ་ལ་ཡོན་ཏན་འགའ་ཞིག་སྐྱེད་པར་བྱེད་ན་ནི་གཞན་ལ་གནོད་པར་བྱ་བར་རིགས་ན། གང་གི་ཕྱིར་གཞན་ལ་གནོད་པར་བྱེད་ཀྱང་དེ་བདག་ཉིད་ལ་ཡོན་ཏན་འགའ་ཡང་སྐྱེད་པར་མི་བྱེད་དེ། དེའི་ཕྱིར་དེ་ལྟར་ཡོན་ཏན་མེད་པའི་ཁྲོ་བ་ལ ་གང་ཞིག་གུས་པར་བྱེད་པ་དེ་ནི་དེའི་ཞེན་པ་འབའ་ཞིག་ཁོ་ནར་ཟད་དོ། །མཚོན་ཆ་ཡོངས་སུ་རྟོགས་བཞིན་ནོ། །དཔེར་ན་འགའ་ཞིག་མཚོན་ཆ་རྣོན་པོ་ཞིག་ཡིན་ནམ་ཡང་ན་མ་ཡིན་ཞེས་གང་ཁོ་ནས་མཚོན་དེ་བྱས་པ་དེ་ཁོ་ནའི་ལུས་ལ ་ཉམས་སོད་པར་བྱེད་ན། དེ་ལྟར་མཚོན་བརྟགས་ནས་སྐྱེས་བུ་དེ་ལ་བྱས་པ་ཆུད་གསོན་པ་ཉིད་དང། སྡིག་པ་སོགས་པ་ལས་མ་གཏོགས་པ་ཡོན་ཏན་འགའ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་བདག་ལ་འདིས་ཚིག་རྩུབ་མོ་དང། རྡེག་པ་ལ་སོགས་པ་མི་འདོད་ཕ ་དག་གིས་གནོད་པར་བྱས་སོ་ཞེས་དེ་ལ་གནོད་པར་བྱེད་པ་དང་བྱེད་དུ་འཇུག་པ་ལ་ཡང་སྡིག་པ་སོགས་ལས་མ་གཏོགས་པ་བདག་ལ་ཡོན་ཏན་འགའ་ཡང་མེད་དོ། །གང་ཞིག་དེར་གུས་པ་ནི་དེའི་ཞེན་པ་འབའ་ཞིག་ཏུ་འགྱུར་རོ། །འདིར་བཤད་པ། གཞན་ལ ་གནོད་པ་བདག་ཉིད་ལ། །ཡོན་ཏན་རྣམ་པ་ཆེ་བྱེད་མོད། །དེ་ལྟ་འང་རིགས་སུ་སྐྱེས་པ་ཡིས། །གཞན་ལ་གནོད་པ་བྱེད་མི་ནུས། །འདིར་སྨྲས་པ། སྐྱེས་བུ་མཁས་པ་སུ་ཞིག་གཞན་གྱི་གཤེ་པ་ཡོན་ཏན་མེད་པ་ལ་བཟོད་པར་འགྱུར། བཤད་པར་བྱ་སྟེ། གལ་ཏེ ་བཟོད་པས་འབད་མེད་བར། །བསོད་ནམས་ཆེན་པོ་ཐོབ་འགྱུར་ན། །གང་ཞིག་དེ་ལ་གེགས་བྱེད་པ། །དེ་མཚུངས་བླུན་པོ་སུ་ཞིག་ཡོད། །བཟོད་པ་ནི་ཆོས་སུ་བཤད་དོ། །གལ་ཏེ་བཟོད་པ་དང་ལྡན་པས་ནི་སྦྱིན་པས་བྱ་བའི་དངོས?་པོ་ཡོངས་སུ་ཆོལ་བ་ལ་སོཊ ་པའི་འབད་པ་མེད་པར་ཕ་རོལ་པོའི་ངན་སྨྲས་ཀྱི་ཚིག་བཟོ?་དང?་ཉིད་ཀྱིས་ཁྲོ་བ་ལ་སོཊ་བའི་གོ་སྐབས་མ་ཡིན་པར་གཞན་ལ་གནོད་པ་མ་བྱས་པའི་སྒོ་ནས་བསོད་ནམས་ཆེན་པོ་འཐོབ་པར་འགྱུར་ན། ཡང་གང་ཞིག་ཆོས་ཀྱི་རྒྱུ་གཤེ་བ་པོ་དེ་ལ་གེགས་བྱེད་པ་དེ་དང་མཚུངས་པའི ་བྱིས་པ་གཞན་སུ་ཞིག་ཡོད། །དེའི་ཕྱིར་གང་ཞིག་གཞན་གྱིས་གཤེ་བ་བཟོད་པ་དེ་ཁོ་ན་མཁས་པར་འགྱུར་ཞིང། །ཆོས་ཆེན་པོ་ཡང་དེ་ལ་འགྱུར་རོ། །རང་གི་ཁྱིམ་ཐབས་གསོད་པ་བཞིན་ནོ། །རིགས་ཀྱི་བུད་མེད་འགའ་ཞིག་དང་གི་ཁྱོ་ཤི་འདོད་ཅིང ་སྲོག་འཕྲོ་ཅུང་ཟད་ལུས་པར་གྱུར་ཏེ། དེས་ཅི་འདི་སྡུག་བསྔལ་བས་མནར་ཞིང་འཆིའོ། །གང་འདི་ནི་བདག་གིས་བཤད་པར་བྱའོ། །སྙམ་དུ་བསམས་ཤིང་དེས་ཇི་ལྟར་སྡིག་པ་བསགས་པའི་དོན་དུ་འབད་བར་གྱུར་དེ་ལྟར་ཡང་བྱས་སོ། །དེ་བཞིན་དུ་ལ་ལ་དག ་བླུན་པས་བཟོད་པའི་སྒོ་ནས་འབད་པ་མེད་པར་བསོད་ནམས་ཆེན་པོ་མི་འདོད་ཅིང། བསྒྲིམས་ཏེ་དོན་མ་ཡིན་པ་ཆེན་པོའི་རྒྱུ་མི་བཟོད་པ་ལ་བརྟེན་ཏོ། །འདིར་བཤད་པ། གང་གི་ཕྱིར་ན་བཟོད་སྟོབས་ཀྱིས། །བཟོད་པ་ཆོས ་ཀྱི་དམ་པར་གསུངས། །དེ་ཕྱིར་ཆོས་ལ་གཞོལ་བ་ནི། །ཆོས་ལ་གེགས་བྱེད་མ་ཡིན་ནོ། །འདི་ལས་ཀྱང་ཁྲོ་བ་ནི། སྤང་བར་བྱ་བ་ཡིན་ཏེ། རྗེ?་པོ་ཞན་པ་ལ་གནོད་པར་བྱེད་པའི་ཕྱིར་རོ། །འདི་ལྟར། ཁྲོ་བ་ཞེས་བྱ་ཁྱད་པར་དུ། །སྟོབས་ལྡན་དག་ལ་སྐྱེ་མི ་འགྱུར། །དེས་ན་ཞན་འཇོམས་ཁྲོ་བ་ལ། །ཅི་ནས་ཁྱོད་གུས་གྱུར་ཏ་རེ། །གལ་ཏེ་ཡང་ཁྲོ་བ་ནི་ཕྱིར་རྗེས་སུ་མི་མཐུན་པའི་དངོས་པོའི་ཡུལ་ཅན་ཡིན་མོད་ཀྱི། །དེ་ལྟར་ན་ཡང་སྟོབས་དང་ལྡན་པ་ལ་གནོད་པར་མི་ནུས་པའི་ཕྱིར་གང་དུ་ཁ་དྲག་པ་དེ་ཁོ ་ནར་ཁྱད་པར་དུ་འགྱུར་ཏེ། དེའི་ཕྱིར་སྔ་མ་ལ་གནོད་པར་བྱེད་པའི་ཕྱིར་ན་སྐྱེས་བུ་གཟི་ཅན་གྱིས་འདི་དམ་པ་མ་ཡིན་པ་ལྟར་སྤང་བར་བྱའོ། །དེའི་ཕྱིར་དེ་ལྟར་རིག་ནས་ཁྲོ་བ་ཞན་པ་འཇོམས་པ་ལ་ཅི་ནས་ཀྱང་གུས་པར་མི་བྱ་སྟེ། བུད་མེད་རྣམས་ལ ་དཔའ་བ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གཞན་གྱི་ཡུལ་འཁོར་མངོན་པར་དབབ་པར་འདོད་པས་རང་གི་དམག་མིའི་ཚོགས་བོས་ནས་གཞན་གྱི་ཡུལ་འཁོར་དབབ་པའི་ཕྱིར་འགྲོ་ཡིས། །དེར་ཁྱེད་ཅག་གང་གིས་ཅི་ཞིག་བྱེད་ཅེས་སྨྲས་པ་དང། དེར་ཁ་ཅིག ་ནི་འདི་སྐད་དུ་རྗེ་བོ་ཇི་ལྟར་གྲོང་ཁྱེར་དེ་ནས་སུ་ཡང་འབྱུང་བར་མི་འགྱུར་ཞིང་འཇུག་པར་མི་འགྱུར་བ་དེ་ལྟར་བགྱིད་ད?་ཞེས་སྨྲའོ། །གཞན་ངག་ནི་ཁོ་བོ་ཅག་ནི་འོབས་ཀྱི་བར་དུ་མཆིའོ་ཞེས་སྨྲའོ། །ཡང་གཞན་དག་ནི་ཁོ་བོ་ཅག་ནི་རབ་ལ་འཛེག་པར་བགྱིད་དོ། །ཞེས་སྨྲའོ། ། ་དེ་ལ་གཅིག་ནི་གང་རྗེ་བོ་ཆེར་དགྱེས་པ་དང་བདག་ཉིད་ཀྱང་བསྲུང་བར་བགྱིད་དོ་ཞེས་སྨྲའོ། །རྒྱལ་པོས་ཀྱང་གུས་པ་དམ་པས་སྨྲས་པ་དང་བདག་ནི་གང་གི་ཚེ་འདི་རྣམས་ཀྱིས་རྒྱལ་པོ་དེ་ཀུན་ནས་གནེད་པར་འགྱུར་བ་དེའི་ཚེ་རྒྱལ་པོ་དེ་ལྟ་བཞིན་དུ ་བཙུན་མོའི་འཁོར་གྱི་བུད་མེད་ཀྱི་སྐྱེ་བོ་ལ་ལྕག་རྩུབ་མོ་དག་གིས་ཤིན་ཏུ་ཁྲིམ་པར་བགྱིད་དོ་ཞེས་སྨྲའོ། །དེ་སྐད་ཐོས་ནས་རྒྱལ་པོས་སྐྱེས་བུ་ཉོན་མོངས་འདི་ནི་ཞེན་པ་འཇོམས་པ་ཞིག་གོ་སྙམ་སྟེ། དམག་མི་དེ་ལ་ཐུགས་ཉེ་བར་ལོག་ཅིང་ཁྱད་དུ་བསད་པར ་ཡང་འགྱུར་རོ། །དེ་བཞིན་དུ་ཁྲོ་བ་ཡང་ཉམས་ཆུང་བ་དག་ལ་ཁྱད་པར་དུ་སྐྱེའི་སྟོབས་དང་ལྡན་པ་དག་ལ་ནི་མ་ཡིན་ཏེ། དེའི་ཕྱིར་ཞེན་པ་འཇོམས་པའི་ཁྲོ་བ་ལ་གུས་པར་མི་བྱའོ། །འདིར་བཤད་པ། བརྗིད་ཅན་སྟོབས་དང་ལྡན་པ་རྣམས། །གང་དུ་དཔའ་བ ་ཤེས་པ་ན། །མཁས་པ་ཡོན་ཏན་སྦྱོར་བའི་མིས། ཞེན་པ་འཇོམས་ལ་གུས་མི་བྱ། །འདིར་སྨྲས་པ། གང་ཞིག་བཟོད་པ་དེ་ནི་བྱ་བ་ལ་ལན་དུ་གནོད་པ་བྱེད་པར་མི་ནུས་སོ་སྙམ་པས་འཇིག་རྟེན་གྱིས་ཟིལ་གྱིས་གནོན་ཏེ་དེའི་ཕྱིར་བརྙས་པར་འགྱུར་བས་ཁྲོ་བའི ་གནས་ལ་ཁྲོ་བ་ཉིད་མཛེས་སོ་བཤད་པར་བྱ་སྟེ། གང་ཞིག་ཁྲོ་གནས་ལ་བཟོད་པ། །དེ་ལ་སྒོམ་པ་སྐྱེ་བར་འགྱུར། །ཡོན་ཏན་གནས་ལ་འཇིགས་ཤེས་པ། ཁྱོད་ཀྱི་བླུན་པ་འབའ་ཞིག་ཉིད། །བཟོད་པ་ནི་ཕྲ་རྒྱས་ཁྲོ་བའི་གཉེན་པོ་སྟེ། དེ་ཁྲོ་བའི་གནས ་ལ་བསྒོམས་པ་ན་བྱམས་པའི་ཏིང་ངེ་འཛིན་སྒོམ་པ་འདྲེན་པར་འགྱུར་རོ། །དེ་ལ་གལ་ཏེ་བ་འཇོས་ཙམ་གྱི་དུས་སུ་བསྒོམས་པས་གོམས་པར་བྱེད་ན་དེའི་ཚེ་སྒོམ་པ་པོ་ལ་ཡོན་ཏན་བརྒྱད་འདྲེན་པར་འགྱུར་རོ། །འདི་ལྟ་སྟེ། ལྷ་དང་མི་རྣམས་ལ་སྡུག་པར ་འགྱུར་རོ། །དེ་རྣམས་ཀྱིས་བསྲུང་བར་ཡང་འགྱུར་རོ། །བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །མཚོན་གྱིས་མི་ཚུགས་སོ། །དེའི་ནོར་རྣམས་འབད་པ་མེད་པར་རྒྱས་པར་འགྱུར་རོ། །ལུས་ཞིག་ནས་ཤི ་བའི་འོག་ཏུ་བདེ་འགྲོ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་ཡང་འགྱུར་རོ། །དེ་ལྟར་བྱམས་བའི་ཡོན་ཏན་བརྒྱད་ཐོབ་པར་འགྱུར་རོ། །ཕྲ་རྒྱས་ཁྲོ་བ་སྤངས་པས་རྙེད་པར་བྱ་བ་བསམ་གཏན་དང་ཚད་མེད་པ་དང། གཟུགས་མེད་པ་དག་ཀྱང་འཐོབ་པར་འགྱུར་རོ། ་དེ་ལྟར་ན་གང་ལ་ཁྲོ་བའི་གནས་ལ་བཟོད་པ་ཡོད་པ་དེ་ལ་སྒོམ་པ་འབྱུང་ངོ། །གང་ཞིག་ཇི་སྐད་བཤད་པའི་ཡོན་ཏན་གྱི་བཟོད་པ་སྤངས་ནས་བྱས་པ་ལ་ལན་དུ་གནོད་པ་བྱེད་པ་ཙམ་མི་ནུས་བསམ་པས་འཇིགས་པ་བསྐྱེད ་དེ་ཡོན་ཏན་གྱིས་གནས་བཟོད་བ་མི་བསྟེན་པ་དེ་ནི་དེའི་བླུན་པ་ཉིད་ཁོ་ན་འབའ་ཞིག་གོ་སྙམ་སྟེ། ཁྲོ་བོའི་སྒོ་ནས་དོན་མ་ཡིན་པ་མང་པོ་འབྱུང་བའི་ཕྱིར་དང། ཇི་སྐད་བཤད་པའི་ཡོན་ཏན་མཆོག་ཏུ་འབྱུང་བ་འཇོམས་པའི་ཕྱིར་རོ། །ཉེས་པར་སྦྱོད་པ ་ལས་ལོག་པ་དོ་ཚ་བ་བཞིན་ནོ། །སྐྱེས་བུ་འགའ་ཞིག་ཉེས་པར་སྤྱོད་པ་ལས་ལོག་པར་བྱས་ནས་དོ་མཚར་བྱེད་དེ། ཇི་ལྟར་འགའ་ཞིག་ཡོན་ཏན་གྱི་ཁྱིམ་དུ་སྐྱེ་སྟེ་སྐྱེ་བོ་དམ་པ་ཕྲད་བས་སྲོག་གཅོད་པ་ལ་སོགས་པ་དག་ལས་ལོག་པར་གྱུར ་དང། གཞན་མཛའ་བོ་བླུན་པོ་རྣམས་ཀྱིས་རི་དགས་མི་ཤོར་ཞིད་སྐྱེས་བུ་ལག་ན་མཚོན་ཆ་ཐོགས་པ་རྣམས་འཐབ་པའི་ཕྱིར་མངོན་པར་འོངས་པ་ལ་འབྲོས་པ་ཁྱོད་ནི་བུད་མེད་དུ་གྱུར་ཅིང་ཁྱོ་གའི་རྟགས་བསྲེལ་བར་འགྱུར་བ་ཞིག་གོ་ཞེས ་བཞད་གད་དུ་བྱས་པས་དེ་བླུན་པའི་ཕྱིར་ངོ་ཚ་བྱེད་པར་འགྱུར་བ་དེ་དང་འདྲ་བར་གང་ཞིག་ཁྲོ་བའི་གནས་སུ་བཟོད་པར་བྱེད་པ་དེ་སྒོམ་པ་འཐོབ་ན་བླུན་པས་འཇིགས་པ་སྐྱེ་བར་བྱེད་དེ། འདིར་བཤད་པ། བཟོད་བྲལ་མི་རྣམས་ཁྲོ་བ་ནི། །ཉེས་ཆེན ་བྱེད་པ་ཡིན་མོང་ཀྱི། །འོན་ཀྱང་མཁས་པའི་ཡོན་ཏན་ནི། །བྱེད་དེ་བཟོད་པའི་རྒྱུ་ཡིན་ཕྱིར། འདིར་སྨྲས་པ། གཟི་ཅན་གྱིས་དམན་པ་དག་གིས་ཁྱད་བསང་དུ་པ་སྲན་པར་དཀའ་སྟེ། དེའི་ཕྱིར་འདི་དག་ཚར་བཅད་པར་རིགས་སོ། །བཤད་པར་བྱ་སྟེ ་སུ་ཞིག་ཁྱད་བསད་ཐར་བྱས་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡོད། །དེའི་ཕྱིར་བདག་ནི་སྡིག་པ་བས། །བརྙས་པ་ལེགས་སོ་སྙམ་དུ་སེམས། །སེམས་པ་དང་ལྡན་པ་རྣམས་ལ་ཁྱད་བསད་གཅིག་ནས་གཅིག་ཏུ་གྱུར་པ་མཐར་ཐུག་པ་མེད་པ་ཉིད ་ཀྱི་ཕྱིར་སུས་དེ་མཐར་བཀྲི་བར་ནུས། །ཇི་ལྟར་གང་དག་གནའ་རབས་ཀྱི་རྒྱལ་པོ་ན་ཏུ་ཤ་དང། ཨཾ་པ་ར་ཤིརཥ་དང། དེ་ལི་པི་ལ་སོགས་པ་མངོན་པར་རློམ་ཞིང་གཡུལ་སྤྲོད་པར་ནུས་པ་དེ་དག་ལས་འདིར་གང་དུ་ཁྱད་དུ་བསད་པ་འདི་བསལ་བར་བྱས་ནས་འཇིག་རྟེན་ཕ ་རོལ་ཏུ་སོང་བའི་རྒྱལ་པོ་སུ་ཞིག་ཡོད། དེ་དག་ཀྱང་བརྙས་སྐྲན་གྱི་དབང་གིས་སྡིག་པ་བྱས་ནས་ཤི་བར་གྱུར་པ་མ་ཡིན་ནམ། དེའི་ཕྱིར་འདིར་བདག་ལ་ནི་སྡིག་པ་བས་བརྙས་པ་མཆོག་བཀྲབས་སོ་སྙམ་དུ་སྣང་སྟེ། གང་གི་ཕྱིར་ཁྱད་དུ་གསང་བས་བརྙས་པ་ལ ་དམྱལ་བར་མི་འགྲོ་ལ། སྡིག་པ་ལས་ནི་འགྲོ་བའི་ཕྱིར་རོ། །ཟོ་ཆུན་གྱི་འཁྲུལ་འཁོར་དང། ཛ་མད་གྷ་ནའི་བུ་བཞིན་ནོ། །ཇི་ལྟར་ཟོ་ཆུན་གྱི་འཁྲུལ་འཁོར་ལ་མཛའ་ཡོད་པ་མ་ཡིན་པ་དེ་བཞིན་དུ། །ཁྱད་བསད་ལ་སོགས་པ་ཡང་ངོ། །དེ་བཞིན་དུ་ཛ་མད ་གྷ་ནའི་བུས་ལན་བདུན་གསུམ་དུ་ས་སྟེངས་ན་རྒྱལ་རིགས་མེད་པར་བྱས་ནས་སྨ་བབ་ཀྱི་འཇིགས་པ་ལས་མ་གྲོལ་ཞིང། དོན་མ་བྱས་པར་ཤི་བར་གྱུར་ཏོ། །རྒྱལ་རིགས་དེ་དག་ཀྱང་གཏན་ཁོ་ནར་འཕུང?་བ་མ་ཡིན་ནོ། །དེ་བཞིན་དུ་འཇིགས་པས་བུ་མོ་གཞོན་ནུ ་མའི་ཆེད་དུ་དེ་གཡུལ་དུ་སྨ་ཕབ་པ་ལ། རཱ་མས་ཀྱང་གཞུའི་རྒྱུ་མཚན་གྱིས་ཆེད་དུ་སྨ་ཕབ་པོ། །འདིར་བཤེད་པ། ཁྱད་དུ་བསད་པ་འམ་སྡིག་པ་སྟེ། །སྡིག་པ་བས་ནི་ཁྱད་བསད་སླ། །གང་ཕྱིར་སྡིག་ལས་སྐྱེས་བུ་ནི། །དམྱལ་འགྲོ་ཁྱད་བསད་ལས་མ ་ཡིན། །གང་ཞིག་དེ་དེ་ལྟར་སོ་སོར་རྟོག་པར་མི་ནུས་པ་དེས་ནི་རྣམ་པར་ཤེས་པའི་སྐྱེ་བ་དང་འགག་པ་ལ་སོགས་པ་ཕྱིར་བཟློག?་པར་བྱ་སྟེ། འདི་ལྟར། གང་གིས་རྣམ་ཤེས་གནས་ལ་སོགས། །ཡང་དག་ཏུ་ནི་རྣམ་ཤེས་པ། །དེ་ཡོད་ན་ནི་ཉོན ་མོངས་རྣམས། །ནམ་ཡང་བློ་གྲོས་ལ་མི་གནས། །རྣམ་པར་ཤེས་པ་ནི་རྐྱེན་དུ་མ་ལ་རག་ལས་ཏེ་སྐྱེ་བ་ཉིད་ཀྱི་ཕྱིར་འདུས་བྱས་ཡིན་ལ་འདུས་བྱས་ཉིད་ཀྱི་ཕྱིར་གནས་པ་དང་སྐྱེ་བ་དང་འཇིག་པ་དང་ལྡན་པ་ཞིག་ན། འདི་ནི་སྐད་ཅིག་རེ་རེ་ལ་དམིཊ ་པའི་ཁྱད་པར་འཛིན་པ་ལ་མཁས་པའི་ཕྱིར་དང་མི་གནས་པ་ཉིད་ཀྱི་ཕྱིར་འདི་ལ་གནས་པ་མེད་དོ། །གནས་པ་མེད་པ་ན་ཡང་གནས་པའི་རྒྱུ་སྐྱེ་བ་མི་རིགས་ཏེ་འདུས་མ་བྱས་ལྟར་གནས་བ་དང་སྐྱེ་བ་དང་བྲལ་བ་འདི་ལ་ནི་མི་རྟག ་པ་ཉིད་ཀྱང་ག་ལ་ཡོད་དེ། དེའི་ཕྱིར་རང་བཞིན་གྱིས་གསུམ་ཆར་ཡང་མེད་དོ། །གསུམ་པོ་མི་སྲིད་ན་ཡང་རྣམ་པར་ཤེས་པ་ལ་རང་བཞིན་མེད་དེ། རྣམ་ཤེས་སྒྱུ་མ་ལྟ་བུར་ནི། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་ཚིགས་སུ་བཅད་པ་འབྱུང་བའི ་ཕྱིར་རོ། །གང་ལ་རང་བཞིན་ཡོད་པ་མ་ཡིན་པ་དེ་ནི་རང་བཞིན་དང་བྲལ་བ་ཉིད་ཀྱི་ཕྱིར་སྒྱུ་མའི་སྐྱེས་བུ་ལྟར་སྟོང་པ་ཉིད་ཡིན་ཞིང་དེས་ཀུན་བརྟགས་པའི་ཁམས་གསུམ་པོ་གང་ཡིན་པ་དེ་ཡང་སྟོང་ངོ། །དེའི་ཕྱིར་དེ་ལྟར་རྣམ་པར་ཤེས་པའི་ཆོས་གནས ་པ་ལ་སོགས་པའི་རང་གི་ངོ་བོ་སོ་སོར་རྟོག་པར་བྱེད་ཅིང་སྒྱུ་མ་དང་གཟུགས་བརྙན་གྱི་ཆོས་ཉིད་ལ་ཞུགས་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ལྡན་པ་ལ་ཕྱིན་ཅི་ལོག་ཏུ་མཐོང་བས་ཀུན་ནས་བསླང་པའི་ཉོན་མོངས་པའི་འདོད་ཆགས་ལ ་སོགས་པ་རྣམས་ངེས་པར་ལྡོག་པར་འགྱུར་ཏེ། དེ་ལྟར་ན་སྒོམ་པ་འདི་ཉིད་ལེགས་སོ། །དེ་ལྟར་དགེ་སློང་རྣལ་འབྱོར་སྤྱོད་པ་སྒོམ་པ་ལ་མངོན་པར་བརྩོན་པ་ལ་ནམ་ཡང་ཉོན་མོངས་པ་ཐམས་ཅད་མི་གནས་སོ། །དེའི་ཕྱིར་དེ་ལྟར་ཉོན་མོངས་པའི ་མེ་ཉེ་བར་ཞི་སྟེ། སེམས་རྣམ་པར་བྱང་བས་འགྲོ་བ་ལ་ཕན་པར་བསྒྲུབ་པར་བྱ་ཞིང། གཞན་དག་ཀྱང་ལམ་དེ་ལ་གཟུད་བར་བྱའོ། །བྱི་བའི་དུག་དང་དུག་གི་ཤིང་གི་རྩ་བ་བཞིན་ནོ། །གང་ཞིག་བྱི་བའི་དུག་གི་རིམ་གྲོ་ཤེས་པ་དེས་ནི་གཞོམ་པ ་འམ་བཟློག་པར་ནུས་པ་དེ་བཞིན་དུ་སྐྱོན་རྣམས་ཀྱི་སྐྱེ་བ་དང་འགག་པ་དང་གནས་པའི་རྐྱེན་ཤེས་པ་དེས་ཉོན་མོངས་པ་རྣམས་འཇོམས་པར་ནུས་སོ། །ཡང་ཇི་ལྟར་དུག་གི་ཤིང་རྩ་བ་དྲུངས་ཕྱུང་ན་སླར་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་འཁོར ་བའི་འཇུག་པའི་དུག་གི་ཤིང་གི་སྐྱེ་བ་ལ་སོགས་པའི་རྩ་བ་ཕྱུང་བ་སླར་འཇུག་པར་མི་འགྱུར་རོ། །འདིར་བཤད་པ། སེམས་ལ་བརྟེན་པའི་སྐྱེ་དང་གནས། །རྒྱུ་མཚན་མཉམ་པར་གྱུར་བ་དང། །ཤེས་བྱའང་གྲུབ་པའི་ཡུལ་གྱུར་ན། །དེ་ཡིས་གཏི་མུག་མུན་པ་འཇོམས། ། ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྦྱོད་པ་བཞི་བརྒྱ་པ་ལས་ཉོན་མོངས་པ་སྤོང་བའི་ཐབས་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་བའི་འགྲེལ་པའོ།། །།ཉོན་མོངས་པ་རྣམས་སྤང་བའི་ཐབས ་བཤད་ཟིན་ཏོ། །ད་ནི་འཁོར་བའི་ཉེས་དམིགས་བསྟན་པས་དེ་ལ་སྐྱོ་བ་བསྐྱེད་པར་བྱ་བའི་དོན་དུ་ལས་དག་སྤང་བའི་ཐབས་བརྗོད་པར་འདོད་བས་བཤད་པ། སྡུག་བསྔལ་རྒྱ་མཚོ་འདི་ལ་མཛའ་། །རྣམ་པ་ཀུན་ཏུ་འང་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིག? ་པ་ཅིས་ན་སྐྱེ་མི་འགྱུར། །ཕྱོགས་བཅུ་ཐམས་ཅད་དུ་སོན་པའི་ཕྱིར་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཐོག་མ་མེད་པའི་དུས་ནས་སྲིད་པ་མ་རིག་པ་དང་བདག་ཏུ་བརྒྱལ་བ་དང་སྲེད་པ་ལས་བྱུང་བ་སྲེད་པའི་ཀུན་ཏུ་སྦྱོད་པ་སུམ་ཅུ་རྩ་དྲུག་གི་སྦྲུལ་གྱིས་གང་བར་གྱུར་པ། ལྟ་བར ་འཛིན་པ་དྲུག་ཅུ་རྩ་གཉིས་ཀྱི་ཆུའི་སྲིན་པོ་དཀྲུགས་པ་སྐྱེ་བ་དང་འཆི་བའི་ཀློང་འཁོར་མང་བ། །ཁྲག་དང་མཆི་མ་དང་འོ་མའི་ཆུ་ཕོན་རྒྱས་པ། རྒ་བ་དང་ན་བ་དང་འཆི་བའི་ཆུ་རླབས་ཆིལ་ཆིལ་གཡོ་བ། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་པ་དང། ་ཡིད་མི་བདེ་བ་དང། འཁྲུག་པའི་ཉ་དང། རུལ་སྦལ་དང། ཉ་ཏི་མི་དང། ཉ་ཏི་མི་དང། ཉ་ཏི་མི་གི་ལ་དང། ཆུ་སྲིན་ལང་ལོང་དུ་གྱུར་པ་དུམས་དཀྲིགས་པ། འདོད་པ་ལ་གནོད་པའི་ཆུ་འཁྲུག་པ་འདི་ལ་མཛའ་ཡོད་པ་མ་ཡིན་ན་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་གཏིང ་མེད་པ་འདིར་བྱིང་བ་ཁྱོད་ལ་རྒྱུ་ཅིས་འཇིག་པ་འབྱུང་བར་མི་འགྱུར་ཕ་རོལ་མངོན་ཞིང་གདོན་མི་ཟ་བར་གཏིང་རྙེད་པའི་མཚོར་བྱིང་བ་མངོན་པར་གདོང་བའི་སྲོག་འབྲལ་བ་སྡུག་བསྔལ་དོགས་པ་ལ་ཡང་འཇིགས་པ་མཚུངས་པ་མེད་པ་སྐྱེན། སྲིད་པའི ་མཚོ་ཕ་རོལ་དང་གཏིང་ཀུན་ནས་ཡོད་པ་མ་ཡིན་པ་ཉེ་བར་འཚེ་བ་མེད་པ་སོ་སོའི་སྐྱེ་བོ་ལ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་འདི་མི་སྐྲག་ཅིང་གནོད་པར་མ་གྱུར་པ་གང་ཡིན་པ་དེ་ནི་འདིའི་སྤྱོད་པ་སྤྱོ་བར་བྱ་བ་ཞིག་སྟེ་བྱིས་པ་ཉིད ་དོ། །རོ་ཧི་ཏའི་རྟ་བཞིན་ནོ། །ཇི་ལྟར་རོ་ཧི་ཏའི་རྟ་ཞེས་བྱ་བའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་བྱུང་བར་གྱུར་ལ། དེ་འདི་སྙམ་དུ་གང་དག་འཇིག་རྟེན་གྱི་ཁམས་ཀྱི་མཐར་འགྲོ་བོ་སྙམ་དུ་སེམས་ཏེ། རྐང་འགྲོས་ཀྱི་རྫུ་འཕྲུལ་གྱིས་ལྷུན་པོའི ་ཟོམ་དུ་རྐང་པ་འཇོག་པན་འཇིག་རྟེན་གྱི་མཐར་མ་ཕྱིན་པར་དུ་ཤི་ནས་ལྷ་དག་གི་ནང་དུ་སྐྱེས་ཤིང་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པར་གྱུར་ཏོ། །དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་རོ་ཧི་ཏའི་རྟ་ངན་ཁྱོད་ཀྱི་ལུས་འདོམ་གང་རྩམ་པོ་འདི་ཉིད་ལ་འཇིག་རྟེན་དང ་འཇིག་རྟེན་ཀུན་འབྱུང་བ་དང། འཇིག་རྟེན་འགོག་པ་དང་འཇིག་རྟེན་འགོག་པར་འགྲོ་བའི་ལམ་བསྟན་པར་བྱ་ཡིས་ཞེས་བཀའ་སྩལ་པ་ལྟ་བུའོ། །དེ་ལྟར་འཕགས་པའི་བདེན་པ་བཞི་བསྟན་པས་འཕགས་པའི་བདེན་པ་བཞི་མཐོང་བར་བྱས་བར་གྱུར་ཏོ། །འདིར ་བཤད་པ། ཁྲག་དང་མཆི་མའི་ཆུ་ཡངས་ཤིང། །རྒ་ཤིའི་ཀློང་དཀྲུགས་དབའ་རླབས་ཅན། །སྡུག་བསྔལ་རྒྱ་མཚོ་གཏིང་མེད་དུ། །བྱིང་ལ་ཇི་ལྟར་འཇིགས་མི་འབྱུང། །འདིར་སྨྲས་པ། ལང་མཚོ་ལ་སོགས་པའི་རྒྱགས་པ་དག་གིས་ཀུན་ཏུ་རྨོངས་པ་ལ ་འཁོར་བས་འཇིགས་པ་མི་འབྱུང་ངོ། །བཤད་པར་བྱ་སྟེ། ལང་ཚོ་རྒྱབ་ཏུ་བྱུང་གྱུར་ནས། །སླར་ཡང་མདུན་དུ་བྱུང་བར་འགྱུར། །གནས་ཀྱང་འཇིག་རྟེན་འདི་ལ་ནི། །འགྲོས་ཀྱི་འགྲན་པ་ལྟ་བུར་མངོན། །འདིར་ལྔ་ཚོ་ནི་འཇིག་རྟེན་ལ་དགའ་བའི་རྒྱབ་ཏུ ་བྱུང་ནས། །ཡང་དེ་ལ་དུས་ཕྱིས་མདུན་དུ་འབྱུང་ཞིང་མདུན་དུ་བྱུང་ནས་ཀྱང་སླར་རྒྱབ་ཏུ་བྱུང་ལ་ཤི་བས་ཆོས་དེ་སླར་ཡང་མདུན་དུ་བྱུང་ངོ། །དེའི་ཕྱིར་འཇིག་རྟེན་འདིས་འཇིག་རྟེན་གྱི་བདག་གིས་བདག་ཉིད་གནས་པར་རློམ་མོད་ཀྱི། དེ་ལྟར་ན་འདིའི་ལང ་ཚོ་ལ་སོགས་པའི་གནས་སྐབས་རྣམས་མི་གནས་པར་མཐོང་བའི་ཕྱིར་ལང་ཚོ་དང་རྒས་པ་དང། འཆི་བ་རྣམས་འགྲོས་ཀྱིས་འགྲན་པ་ལྟར་མངོན་ནོ། །འགྲོས་ཀྱིས་འགྲན་པ་ནི་འགྲོས་འགྲན་བ་སྟེ། སྐྱེན་ཞིང་མགྱོགས་པའི་བདག་ནི་སྔོན་དུའོ་བདག་ནི་སྔོན་དུའོ ་སྙམ་དུ་ཕན་ཚུན་འགྲོས་ལ་སྔོ་ཞིང་ལམ་དུ་འགྲོ་བ་རྣམས་བཞིན་ནོ། །དེ་ལྟར་ལང་ཚོ་ལ་སོགས་པ་རྣམས་མི་གནས་པར་ཡོངས་སུ་དབྱད་དེ། དེའི་ལང་ཚོའི་རྒྱགས་པ་མི་རིགས་སོ། །སྐྱེ་བ་དང་འཆི་བ་བཞིན་དང། །འཁོར་ལོས་འཆིར་བར་བྱེད་པའི་གྲིལ ་མ་བཞིན་ནོ། །ཇི་ལྟར་སྲོག་ཆགས་རྣམས་ཀྱི་སྐྱེ་པ་དང་འཆི་བ་ཡོངས་སུ་འགྱུར་ཞིང་མདུན་དུ་བྱུང་ནས་རྒྱབ་ཏུ་འབྱུང་བ་དང། ཡང་ཇི་ལྟར་ཁ་མཁན་གྱི་འཁོར་ལོས་ཏིལ་འཆིར་བ་རྣམས་ཀྱི་གྲིབ་མ་མདུན་དུ་བྱུང་ནས་རྒྱབ་ཏུ་བྱུང་བ་དེ་བཞིན་དུ་ལང་ཚོ ་ཡང་ཡིན་ནོ། །འདིར་བཤད་པ། སྐྱེ་དང་འཆི་ཕྱིར་སྐྱེ་འགྲོ་འདི། །འགྲོ་བ་སྣ་ཚོགས་རྣམས་སུ་ནི། །རང་ལས་དག་གིས་འགྲོ་བ་ན། །རྟག་ཏུ་སྐྱེན་ཞིང་མགྱོགས་པ་ཡིས། །དེ་དང་དེར་ནི་ཡང་དག་རྒྱུག་།འདིར་སྨྲས་པ། འགྲོ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་འཇིག་རྟེན ་ལ་གདོན་མི་ཟ་བར་འགྲོ་བ་ཡོད་མོད་ཀྱི། དེ་ལྟ་ན་ཡང་དེའི་བདག་ཉིད་ཡིན་པས་དེ་ལ་མི་འཇིགས་སོ། །བཤད་པར་བྱ་སྟེ། སྲིད་པར་ཁྱོད་ལ་རང་འདོད་ཀྱིས། །འགྲོ་བ་གཞར་ཡང་ཡོད་མིན་ན། །གཞན་གྱི་དབང་དང་འཇིགས་མེད་པར། །བློ་དང་ལྡན་པ་སུ ་ཞིག་འགྱུར། །འཁོར་བ་ན་རྟག་ཏུ་དེ་དང་དེར་འཁྱམ་པ་ལ་རང་གི་འདོད་པས་ལྷ་དང་མི་ལ་སོགས་པའི་འགྲོ་བར་འགྲོ་བ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཡང་གང་ལ་རང་གི་འདོད་པས་དོང་ཞིང་འགྲོ་བ་ཡོད་པ་མ་ཡིན་པ་དེ་རང་དབང་མ་ཡིན་པར་གྱུར་ནས ་གལ་ཏེ་རང་དབང་ཅན་ལྟར་མི་འཇིགས་པར་འགྱུར་བ་ན་ནི་དེ་ལས་ཆེས་རྨོངས་པ་གཞན་སུ་ཞིག་ཡོད་དེ། བློ་དང་ལྡན་པ་ནི་གཞན་དབང་དུ་གྱུར་བ་དང་འཇིགས་པ་མེད་པར་མི་འགྱུར་རོ། །ལས་དང་ཉོན་མོངས་པ་ལ་རག་ལས་ཏེ་འགྲོ་ཞིང་གཤེད་དུ ་འགྲོའོ་སྙམ་སྟེ་འགྲོ་བའི་ཁྱད་པར་ངེས་པར་མ་ཟིན་པ་འདིས་ནི་ཉིན་མཚན་ཁྱད་པར་སྐྱོ་བར་བྱ་བར་རིགས་སོ། །ཀླུང་འབོགས་པའི་ཤིང་དང་མནའ་མ་གསར་བ་བཞིན་ནོ། །ཇི་ལྟར་ཀླུང་བྲུག་པའི་ཤིང་ལ་རང་འདོད་ཀྱིས་འགྲོ་བ ་མེད་པ་དང། །ཡང་ཇི་ལྟར་གྱོས་པོ་ལ་སོགས་བ་རྣམས་ཀྱི་དབང་དུ་གྱུར་པ་ཉིད་ཕྱིར་མནའ་མ་སར་པ་རྟག་ཏུ་རང་དབང་མ་ཡིན་པར་གྱུར་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྟག་ཏུ་རང་དབང་མེད་པ་ཡིན་ཏེ། རང་གི་ལས་ལ་རག་ལས ་ཏེ་འགྲོ་བའི་ཕྱིར་རོ། །འདིར་བཤད་པ། འཁོར་བར་འཁོར་བའི་སྐྱེ་བོ་ལ། །འགྲོ་གང་ལས་དབང་གིས་འགྱུར་བ། །དེའི་ཕྱིར་ཅི་ནས་འགྲོ་བར་ནི། །འགྱུར་བ་མིན་པར་ལས་བཅད་བྱ། །འདིར་སྨྲས་པ། འདིའི་བདེ་བས་ཕྲོགས་པའི་ཕྱིར་འགྲོ ་པ་གཅོད་པར་མི་ནུས་ཀྱི་མ་འོངས་པའི་སྐྱེ་བ་ལ་ནི་སྦྱར་བར་བྱའོ། །བཤད་པར་བྱ་སྟེ། མ་འོངས་ཐམས་ཅད་ཡོད་མིན་ཞིང། །ཀུན་ཚེ་འང་སོ་སོ་སྐྱེ་བོ་སྟེ། །ཁྱོད་འདས་ཇི་ལྟར་དེ་བཞིན་དུ། །དེ་ཡང་མི་འགྱུར་དེ་ལྟར་བྱོས། །མ་འོངས་བའི་དུས ་ལ་མཛའ་མེད་ལས་འདས་པ་ཡང་དེ་བཞིན་དུ་ཡིན་ཞིང་ཁྱོད་ཀྱང་འདས་བའི་དུས་ཐམས་ཅད་དུ་སོ་སོའི་སྐྱེ་བོ་ཞིག་སྟེ། ཁྱོད་ཀྱིས་འདས་པའི་དུས་ཇི་ལྟར་དོན་མེད་པར་གྱུར་བ་དེ་བཞིན་དུ་མ་འོངས་པ་ཡང་མི་འགྱུར་བ་དེ་ལྟར་གྱིས་ཤིག་།ཉོན་མོངས ་པ་ཉེ་བར་ཞི་བ་མ་མྱོང་བཞིན་དུ་ཁྱོད་ཀྱིས་འདས་པའི་དུས་སོང་སྟེ། དེའི་ཕྱིར་ད་ལྟར་ཡང་ཇི་ལྟར་ཡང་སྲིད་པ་འདི་མཐར་གྱུར་པ་དེ་ལྟར་འབད་བར་བྱའོ། །ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། ཁྱོད་ཀྱི་འདོད་རྒྱུས་དོན་མེད་ཆུད ་གསན་པའི། །ལུས་ཀྱི་སྔོན་གྱི་མཛའ་གང་དྲན་བྱ་སྟེ། །དེ་རིང་བྱང་ཆུབ་ཡོངས་ཚོལ་བརྟུལ་ཞུགས་དང། །བཅས་འདིར་བརྟུལ་ཞུགས་ཀྱིས་ནི་འདོད་བ་ཆོམ། །ཁྱོད་ཀྱི་འདོད་རྒྱུས་དོན་མེད་ཆུད་གསན་པའི། །ལུས་ཀྱིས་སྔོན་གྱི་མཛའ་ ་གང་དྲན་བྱས་ཏེ། །གངྒཱའི་བྱེ་སྙེད་དྲན་པར་མ་བྱས་ཤིང། །འདི་འདྲའི་གསུང་གང་སངས་རྒྱས་ལས་མ་ཐོས། །ཞེས་གསུངས་པ་ལྟ་བུའོ། །གཞན་གྱི་ཁྱིམ་ཐབ་ལ་འཕྱན་པ་བཞན་ནོ། །གཞན་གྱི་བུད་མེད་ལ་འཕྱན་པ་འགའ་ཞིག་ལ་མཛའ་བོ་དེ་ལྟར་མ་བྱེད་ཅིག་ཅེས ་རྗེས་སུ་བསྟན་པ་དང་ཕྱིན་ཆད་དེ་ལྟར་བྱེད་དོ་ཞེས་སྨྲས་ལ། དེས་ཀྱང་སྔོན་ཇི་ལྟ་བ་དེ་བཞིན་ཕྱིན་ཆད་མི་བྱ་སྟེ། སྔོན་ཡང་ཁྱོད་ཀྱི་ཕྱིན་ཆད་མི་བྱེད་དོ་ཞེས་སྨྲས་མོད་ཀྱི་བྱས་པ་ཡང་ཡིན་པས་མ་འོངས་པའི་དུས་སུ་དེ་ལྟར་མི་བྱའོ་ཞེས་སྨྲས་སོ། །དེ་བཞིན་དུ་བྱིས་བ་བླུན ་ཞིང་འཁོར་བའི་འཇིགས་པ་དང་བྲལ་བ་གཏི་མུག་གིས་དཀྲུགས་པ་ཁ་ཅིག་ལ་དགེ་པའི་བཤེས་གཉེན་གྱི་འཁོར་བ་ནི་འཇིགས་པ་ཆེན་པོ་སྟེ། མྱ་ངན་ལས་འདས་པ་ལ་འབད་བར་བྱའོ། །ཞེས་སྨྲས་པས། དེ་མ་བྱོན་པའི་ཐུབ་པ་གང་གླའི་ཀླུང་གི་བྱེ་མ་སྙེད ་དག་འབྱུང་བར་འགྱུར་གྱིས། དེ་དག་ལ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་ཞེས་སྨྲས་པ་དང་དེ་སྙེད་དག་ནི་འདས་པར་ཡང་གྱུར་ལ། །དེ་དག་ཁྱོད་ཀྱིས་མཉེས་པར་མ་བྱས་ཏེ། །ཇི་ལྟར་འདས་པའི་དུས་དོན་མེད་པར་སྡུག་བསྔལ་བས་འདས་པ ་དེ་བཞིན་དུ་མ་འོངས་པ་ཡང་དེ་ལྟར་མི་འགྱུར་བ་དེ་ལྟར་བྱོས་ཤིག་ཅེས་སྨྲས་སོ། །འདིར་བཤད་པ། རྣམ་པར་གྲོལ་ལ་སྦྱར་བའི་ཕྱིར། །ཚེ་འདི་ཉིད་ལ་འབད་པར་བྱ། །འཇིག་རྟེན་གཞན་དུ་དམ་ཆོས་ལ། །དད་སྐྱེའི་ངེས་བ་ཅི་ཞིག་ཡོད། །མདོ་ལས ་ཀྱང། སངས་རྒྱས་འབྱུང་བ་བརྒྱ་ལ་རྙེད་འགྱུར་གྱི། །མི་ནི་ཐོབ་པ་ཚོགས་ཀྱིས་རྙེད་པར་འགྱུར། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲའི་བསྐལ་པ་བརྒྱར་ཡང་ཆེས་རྙེད་དཀའ་། །ཞེས་Æགསུངས་སོ། །འདིར་སྨྲས་པ། ཡང་ཅི་འཁོར་བ་འདི་ལ་?? ་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་ན་ནི་དེའི་ཚེ་བསྒྲིམས་པ་མེད་པར་མཛའ་ཡོད་པའི་ཕྱིར་འབད་པ་འབྲས་བུ་མེད་པ་ཉིད་དོ། །ཅི་སྟེ་མེད་ན་ནི་དེའི་ཚེ་བསྒྲིམ་པ་ཡོད་ཀྱང་མཛའ་མེད་པའི་ཕྱིར་འབད་པ་འབྲས་བུ་མེད་པ་ཉིད་དོ། །བཤད་པར་བྱ་སྟེ། འདི་ནི ་གཅིག་ཏུ་ངེས་པར་བཟུང་བར་མི་ནུས་སོ། །གང་ལ་ཞེ་ན། རང་བཞིན་མེད་པའི་ཕྱིར་དང། རང་བཞིན་མེད་པའི་མཛའ་དང་ལྡན་པ་དང། མཛའ་དང་མི་ལྡན་པ་ཉིད་ཀྱང་རིག་པ་དང་མ་རིག་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་དང་དེ་གཉིས་ཀྱང་རྐྱེན ་གཞན་དུ་མ་ལ་རག་ལས་པའི་ཕྱིར་དང། རྐྱེན་རྣམས་ཀྱང་ཤིན་ཏུ་དཀོན་པའི་ཕྱིར་ཏེ། འདི་གཉིས་ཆར་ངེས་པར་རྣམ་པར་བཞག་པ་མི་ནུས་སོ། །ངེས་པ་མེད་པ་དེ་ཉེ་བར་བསྟན་པའི་ཕྱིར་བཤད་པ། ཉན་པོ་མཉན་བྱ་འཆད་པོ་རྣམས། །འབྱུང་བ ་ཤིན་ཏུ་རྙེད་དཀའ་སྟེ། །དེ་ནས་མདོར་ན་འཁོར་བ་ནི། །མཛའ་མེད་མ་ཡིན་མཛའ་བཅས་མིན། །དེ་ལ་དལ་འབྱོར་ལ་གནས་པའི་གང་ཟག་ནི་ཉན་པ་པོར་འགྱུར་རོ། །དེས་ནི་ད་ལྟ་དགེ་བའི་བཤེས་གཉེན་གྱིས་ལུང་འབོགས་པ་ཐོས་ནས་དེའི་གསུང་གི ་དོན་ལ་སྤྱོད་པར་ནུས་ན་དལ་འབྱོར་དེ་ཡང་རྙེད་པར་ཤིན་ཏུ་དཀའ་ཨོ། །མཉན་པར་བྱ་བ་ནི་བདེན་པ་མཐོང་བ་དང་རྗེས་སུ་མཐུན་པའི་གསུང་ཡིན་ན། དེ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། འཆད་པ་པོ་དང་ཉན་པ་པོ་ཤིན་ཏུ་དཀོན་པའི་ཕྱིར་རོ། འཆད་པ ་པོ་ནི་དེ་བཞིན་གཤེགས་པ་ཡིན་ན་དེ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་བཞིན་གཤེགས་པ་འབྱུང་བ་ནི་ཨུ་དུམྦ་རའི་མེ་ཏོག་དང་འདྲ་བར་ཤིན་ཏུ་དཀོན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཉན་པ་པོ་དང་མཉན་པར་བྱ་བ་དང་འཆད་པ་པོ་རྣམ་པ་གསུམ་ཆར་ཡང ་འབྱུང་བ་རྙེད་པ་ཤིན་ཏུ་དཀའ་ཨོ། །ངེས་པར་འབྱུང་བ་དང་ངེས་པར་མི་འབྱུང་བ་མ་གཟིགས་པས་ཤིན་ཏུ་རྙེད་དཀའ་སྟེ། ཞེས་བཤད་དོ། །དཀོན་མཆོག་གསུམ་པོ་འདི་ཚོགས་པ་ཡོད་ན། འཁོར་བ་ལ་མཛའ་མཐོང་བའི་ཕྱིར་མཛའ་མེད་དོ་ཞེས་བརྗོད ་པར་མི་ནུས་ལ། མ་ཚོགས་ན་མཛའ་མ་མཐོང་བའི་ཕྱིར་མཛའ་དང་བཅས་པའོ་ཞེས་ཀྱང་བརྗོད་པར་མི་ནུས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ལུང་མ་བསྟན་པའི་དངོས་པོ་བཅུ་བཞི་ལས་གང་འཁོར་བ་ལ་མཛའ་དང་ལྡན་པ་ཉིད་དང། མཛའ་དང ་མི་ལྡན་པ་ཉིད་ཞལ་གྱིས་མ་བཞེས་པ་དེ་ནི་མདོར་བསྡུ་ན་རྒྱུ་འདི་ཉིད་ཀྱིས་ཡིན་ལ། ཞལ་གྱིས་མི་བཞེས་པ་ལ་རྒྱུ་གཞན་སྟོང་པ་ཉིད་དུ་སྨྲ་བ་དང་ལྡན་པ་དག་རྒྱས་པར་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྐྱེན་ལ་རག་ལས་པ་ཉིད་ཀྱི་ཕྱིར་ཇི་སྲིད་དུ་མཛའ་དང ་མཛའ་མེད་པ་དག་གི་རྐྱེན་ཚོགས་པ་འདི་ལ་མཚང་བ་མེད་པ་དེ་སྲིད་དུ་མཁས་པས་སྲིད་པ་ཡོངས་སུ་ཟད་པ་ལ་མངོན་པར་བརྩོན་པར་རིགས་སོ། །ུ་དུམྦ་རའི་མེ་ཏོག་བཞིན་ནོ། ཇི་ལྟར་ཨུམྦ་རའི་མེ་ཏོག་ཤིན་ཏུ་དཀོན་པ་དེ་བཞིན་དུ་ཉན་པ་པོ་དང་མཉན ་པར་བྱ་བ་དང་འཆད་པ་པོ་དག་ཀྱང་ཤིན་ཏུ་དཀོན་སྟེ། ངེས་ན་འཁོར་བ་ལ་མཛའ་དང་བཅས་པར་ཡང་མ་ཡིན་ནོ། །འདིར་བཤད་པ། གང་ཕྱིར་རྒྱུ་རྐྱེན་ཚོགས་པ་ལས། །ཤེས་པར་བསྐྱད་པ་དེ་ཡི་ཕྱིར། །གསུམ་པོ་རྙེད་པར་དཀའ་བས་ན། །མཛའ་ལ་ངེས་པ་མ ་བསྟན་ཏོ། །ཅི་སྟེ་ཇི་སྲིད་གསུང་རབ་གནས་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་དག་དང། དེའི་ལུང་དཔོགས་པ་མངོན་པ་ཡིན་ཏེ། དེའི་ཕྱིར་གཞན་གྱི་ཚེ་བདག་འཁོར་བ་ཡོངས་སུ་ཟད་པར་བྱེད་དོ་སྙམ་ན། འདི་ནི་མི་རིགས་ཏེ། གལ་ཏེ་གསུང་རབ་གནས་པས ་གཉིས་ཡོད་མོད་ཀྱི། དེ་ལྟར་ན་ཡང་ཉན་པ་པོ་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། ཕལ་མོ་ཆེར་ནི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །གང་གི་ཕྱིར་སེམས་ཅན ་རྣམས་ཕལ་ཆེར་མ་རིག་པས་ལྡོངས་ཤིང་གཞན་སྡུག་བསྔལ་བ་ལ་དགའ་ལ། སྐྱེས་བུ་དམ་པ་མ་ཡིན་པ་དང་ཕྲད་པས་སྲོག་ཆགས་གསོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་བར་མཚམས་མེད་པའི་ཕྱིར་མི་འདི་དག་ནི་ཕལ་ཆེར་ངན ་སོང་དུ་འགྲོ་བར་འགྱུར་ཏེ། གང་མི་དགེ་བའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པ་དེ་བདེ་འགྲོར་འགྱུར་བ་འདི་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཤེས་བྱ་སྟེ། འགྲོ་བ་དག་སོ་སོར་བསྐྱེད་པའི ་ཕྱིར་རོ། །དེའི་ཕྱིར་འདི་གལ་ཏེ་བདག་ཉིད་མ་འོངས་པར་ངན་སོང་སྡུག་བསྔལ་གྱི་མེ་འབར་བས་ཡོངས་སུ་བསྐོར་བར་ཡང་དག་པར་བལྟས་ནས་གལ་ཏེ། ཐོད་པ་ལ་མེ་འབར་བ་ལྟར་ཆེས་མྱུར་དུ་ཕྱིར་འཚོ་བར་མི་བྱེད་པ་ནི་རྒྱལ་པོ་བློན ་པོའི་སྤྱི་བོ་ནས་དབང་བསྐུར་བ་བཞིན་ནོ། །ཤ་ནའི་ཤིང་ཁུར་བ་བཞིན་ནོ། །ཇི་ལྟར་སྐྱེས་བུ་གཉིས་ཤ་ནའི་ཤིང་གི་ཕྱིར་སོན་པར་གྱུར་ལ། དེ་གཉིས་སླར་ལོག་པས་རལ་བལ་གྱི་ཁུར་གཉིས་མཐོང་ངོ། །དེ་ནས་གཅིག་གིས་ཤ་ནའི་ཁུར་བོར ་ནས་རལ་བལ་གྱི་ཁུར་བཟུང་བ་ན། དེ་བཞིན་དུ་ཇི་སྲིད་གཅིག་གསེར་ཁུར་ཁུར་ནས་འོངས་ཤིང་གཉིས་པ་ནི་ཁོ་བོས་འདི་ཡུན་རིང་མོ་ཞིག་ཏུ་ཁུར་ཁུར་ནས་ཇི་ལྟར་བསྐྱུར་བར་བྱ་སྙམ་སྟེ། ཤ་ནའི་ཁུར་ཁོ་ན་ཁུར་བ་དེ་བཞིན་དུ་དབང་ཕྱུག་ཆེན་པོ་ལ ་སོགས་པ་རྣམས་ཀྱང་རང་གི་ཕྱོགས་ལ་ཆགས་པས་བློ་མཉམ་པ་ཉིད་ཀྱི་གཏན་ཚིགས་ཀྱི་དོན་དང་ལྡན་དུ་ཟིན་ཀྱང་སངས་རྒྱས་ཀྱིས་གསུངས་པ་ལ་གུས་པ་མི་བྱེད་ཅིང་ཇི་ལྟར་ཁོ་བོ་ཅག་ཡུན་རིང་པོར་རྗེས་སུ་འབྲེལ་པའི་གྲུབ་པའི་མཛའ་ ་འདི་ཡོངས་སུ་སྤོང་བར་བྱེད་ཅེས་ཀྱང་སྨྲའོ། །འདིར་བཤད་པ། འགྲོ་བ་ཡངས་པར་འགྲོ་ཕྱིར་རམ། །གང་ཕྱིར་སོ་སོར་འགྲོ་བ་འམ། །འགྲོ་བ་ཡངས་པ་སྐྱེད་བྱེད་པ། །དེས་འདིར་སོ་སོའི་སྐྱེ་བོར་བཤད། །འདིར་སྨྲས་པ། ངན་སོང་ནི་མི་ཁོམ་པ ་ཉིད་ཀྱི་ཕྱིར་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ཡོད་པའི་ཕྱིར་མངོན་པར་དགའ་བའི་གནས་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བསོད་ནམས་དག་གི་སྒོ་ནས་བདེ་འགྲོའི་འགྲོ་བ་མངོན་པར་དགའ་བའི་གནས་ཡོད་དེ། །དེའི་ཉེ་བར་འཚེ་བ་དང་བྲལ ་པའི་ཕྱིར་རོ། །དེའི་ཕྱིར་དེ་ལས་སྐྱོ་བར་མི་བྱའོ། །བཤད་པར་བྱ་སྟེ། ངན་སོང་ལྟར་བདེ་འགྲོ་ལ་ཡང་སྐྱོ་བར་རིགས་ཏེ། འདི་ལྟར། ས་སྟེང་སྡིག་པའི་རྣམ་སྨིན་ནི། །ཅོ་འདི་ཁོ་ན་ཡིན་པར་མཐོང། །དེས་ན་སྲིད་པ་གསོད་གནས་དང། །མཚུངས ་པར་དམ་པ་རྣམས་ལ་སྣང། །བདེ་འགྲོར་སྐྱེས་པ་རྣམས་ཀྱིས་ཀྱང། །ཡིད་དུ་མི་འོང་བའི་ལས་དེའི་རྣམ་པར་སྨིན་པ་ལུས་པ་ལས་ཡན་ལག་དང་ཉིད་ལག་ཉམས་པ་དང། དབང་པོ་མ་ཚང་བ་ཉིད་དང། དབུལ་བ་ཉིད་དང། མཐུ་ཆུང་པ་ཉིད་དང། ཤེས་རབ་བུལ་བ་ཉིད་དང་དཾ ་པས་ཁ་ན་མ་ཐོ་བ་སྤྱོད་པ་ཉིད་དུ་དོགས་པ་ཞེས་བྱ་བའི་ཅོ་འདྲི་བ་རྒུད་པ་ཆེས་མི་དགའ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་ཀུན་ནས་ཆེས་རབ་ཏུ་འབར་བར་སྣང་བའི་རྒུད་པ་འདི་ལ་གནས་བཞིན་དུ་དེ་གཞོམ་པའི་ཕྱིར་མི་རྩོམ་པ་ནི་གཏི་མུག་སྨད་པའི་གནས ་སུ་ཟད་དོ། །རྒྱལ་པོས་བློན་པོ་བཅད་པ་བཞིན་ནོ། །ཇི་ལྟར་རྒྱལ་པོ་འགའ་ཞིག་གིས་བློན་པོ་ཞིག་རི་མོར་བྱ་བ་དམ་པས་རི་མོར་བྱས་ལ། ཕྱིས་དེ་ལ་མི་འཇིགས་པས་དེས་དེ་ལ་ལག་པ་དང་རྐང་པ་དང་རྣ་བ་དང་སྣ་བཅད་པར་སྦྱར་ཏེ། དེ་བཞིན་དུ་ཕྱུག་པོར་གྱུར ་ཞིང་འཇིག་རྟེན་ཕ་རོལ་ལ་བལྟོས་པ་མེད་པ་དག་སྡིག་པའི་ལས་རྣམས་བྱེད་ལ་དེ་དག་དུས་བྱས་པར་གྱུར་པ་དང། སེམས་ཅན་དམྱལ་བ་ལ་སོགས་པ་རྣམས་སུ་རྣམ་པར་སྨིན་པ་ཉམས་སུ་མྱོང་ནས་གང་གི་ཚེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་བསོད ་ནམས་ཀྱིས་མིར་སྐྱེ་བ་ཐོབ་པ་དེའི་ཚེ་དེ་དག་སྡིག་པའི་ལས་ཀྱི་ལྷག་མ་དེ་གཟུགས་མི་སྡུག་པ་ཉིད་ལ་སོགས་པ་རྣམས་ཀྱི་ཅོ་འདྲི་བ་རྗེས་སུ་བསྟེན་པར་འགྱུར་རོ། །འདིར་བཤད་པ། གསོན་པའི་འཇིག་རྟེན་འདི་ན་ནི། །སྔོན་བྱས་པ་ཡི་ལས་དེ་རྣམས། །རྣམ ་སྨིན་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་འདི་ལ་ཅོ་འདྲི་བྱེད། །འདིར་སྨྲས་པ། གལ་ཏེ་དམ་པ་རྣམས་ལ་སྲིད་པ་བསྲོག་པའི་གནས་དང་མཚུངས་ན་དེ་ལ་འཇིག་རྟེན་ཅི་སྟེ་མི་སྐྱོ་ཞེ་ན། གླང་པོ་ཆེ་སྨྱོན་པ་ཆང་གིས་མྱོས་པ་ལྟར་སྨྱོན་པའི་རང་བཞིན་ཅན་ཉིད ་ཡིན་པའི་ཕྱིར་རོ། །ཅི་འཇིག་རྟེན་འདི་ཐམས་ཅད་སྨྱོ་འམ་ཞེ་ན། དེ་བཞིན་ནོ་ཞེས་སྨྲས་ཏེ། སྨྱོན་པའི་མཚན་ཉིད་ཀྱི་ཕྱིར་རོ། །འདི་ན་ཁམས་མ་སྙམས་པ་ལས་སེམས་ཀྱི་འཇུག་པ་གནས་པ་མེད་པའི་གང་ཟག་ལ་ནི་འཇིག་རྟེན་གྱིས་སྨྱོན་པ་ཞེས ་བརྗོད་ན་རང་བཞིན་གྱིས་གཡོ་བའི་སེམས་ལ་ཡང་འཇུག་པ་གནས་པ་མེད་པ་ཉིད་དོ། །དེ་ལྟར་ན། རྣམ་ཤེས་གནས་པ་མེད་པ་ལས། །གལ་ཏེ་སྨྱོན་པར་གྱུར་ན་ནི། །སྲིད་གནས་སྨྱོན་པ་མ་ཡིན་ཞེས། །མཁས་པ་སུ་ཞིག་སྨྲ་བར ་འགྱུར། །མཁས་པ་རྣམས་ནི་རྣམ་པར་ཤེས་པ་གནས་པ་མེད་པ་ཉིད་ལ་སྨྱོན་པར་སྨྲ་ལ། དེ་ལས་ཀྱང་འདི་མི་རིགས་པའི་ཚུལ་མང་པོ་འདོད་ཅིང་བརྡོལ་ཐབས་ཀྱང་སྨྲའོ། །གང་སྲིད་པར་གཏོགས་ཤིང་འཕགས་པས་སྨྱོན་པ་མ་ཡིན་ནོ་ཞེས་གསུངས་པར ་གྱུར་པ། གང་ལ་དམིགས་པ་གཅིག་ལ་རྣམ་པར་ཤེས་པ་རྟག་ཏུ་གནས་པ་ཡོད་པའི་སོ་སོའི་སྐྱེ་བོ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྨྱོ་བའི་རྒྱུ་ཡིན་པའི་ཕྱིར་མྱོས་པར་འགྱུར་བ་འཐུང་བ་ལྟར་བདག་ལེགས་སུ་འདོད་པས་འདི་ཡོངས་སུ ་སྤང་པར་རིགས་པར་འགྱུར་རོ། །ཆགས་པ་ལོག་པ་བཞིན་ནོ། །ཇི་ལྟར་རྒྱལ་པོ་འགའ་ཞིག་ལ་བུ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡབ་ལ་གཅིག་ཏུ་སྙིང་ཉེ་བ་གཅིག་ཡོད་ལ། རྒྱལ་པོ་དེ་གང་གི་ཚེ་དེ་མ་མཐོང་བ་དེའི་ཚེ་བུའི་སྲེད་པས་ཤིན་ཏུ་གཟིར ་བར་འགྱུར་ཞིང། མཐོང་ནས་ཀྱང་དེ་ལ་ཚས་དམ་དུ་འཁྱུད་ནས་པང་དུ་འཇོག་པར་བྱེད་དོ། །དེ་ནམ་ཞིག་ན་གློ་བུར་ཁོ་ནང་བུ་དེ་མཐོང་ནས་ཤིན་ཏུ་འཁྲུགས་པར་གྱུར་ཅིང་བུ་ངན་ཕར་སོང་དའི་མདུན་དུ་མ་སྡོད་ཅིག་ཁྱོད་མཐོང་ནས་མེས་ཚིག་པ་རྩུག ་བྱེད་དོ་ཞེས་སྨྲའོ། །དེས་པུས་མོ་གཉིས་ཀ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་ངུ་ཞིང་འདར་བཞིན་དུ་རྒྱལ་པོ་ལ་དངོས་ཀྱི་ཅི་ནོངས་ཞེས་སྐད་ལྡིབ་ལྡིབ་པོ་དང་བཅས་པར་ཞུས་པ་དང། རྒྱལ་པོ་དེས་ཁྱོད་ཀྱིས་ཅི་ཡང་མ་ཉེས་མོད་ཀྱི། ཁྱོད་མཐོང ་བས་མི་འདོད་ཅེས་སྨྲས་སོ། །རྣམ་པར་འགྱུར་བ་དེ་རྟོགས་ནས་སྨན་པ་མཁས་པ་ཞིག་གིས་གསངས་སྟེ་བློན་པོ་ལ་ཇི་ལྟར་རྒྱལ་པོ་འདི་འདི་ལ་གློ་བུར་དུ་མཚན་མ་ངན་པ་ཆགས་པ་ལོག་པར་མངོན་པ་ལྟར་ན། འདི་ལ་སྨྱོ་བའི་རྒྱུ་རྣམ་པར་ཤེས་པ ་གནས་པ་མེད་པར་གོར་མ་ཆག་སྟེ། ཇི་སྲིད་བསྙུན་འདི་དཀྱེལ་ཆེན་པོར་མ་གྱུར་པ་དེ་སྲིད་དུ་གསོ་དཔྱད་ལ་འབད་པར་བགྱིས་ཤིག་དེ་ལྟར་མ་ཡིན་ན་བསྙུན་ཡལ་བར་དོར་ན་ཚེགས་ཀྱིས་སྒྲུབ་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་བློན་པོ་དེ་ལེགས་པར་ཡོངས་སུ་བརྟགས ་ཏེ་བྱེད་པ་ཞིག་ཡིན་དུ་ཟིན་ཀྱང་རྒྱལ་པོའི་ལས་ལ་གཡེངས་པས་སྨན་པ་དེ་ལ་དངོས་སུ་སྨད་པ་མཆོག་ཏུ་ཐ་ཤལ་དུ་གྱུར་པས་ཀྱང་ཐ་ཤལ་དུ་གྱུར་པ་སྨད་པའི་གནས་ཞིག་སྟེ་བདག་ཉིད་ཆེན་པོ་འདིའི་དགྲ་རྣམས་ཀྱང་སྨྱོ་བར་མ་གྱུར་ཅིག་།འདི་ལ་ཚིག་དེ ་ལྟ་བུ་སུའི་མདུན་དུ་འང་མ་གླེང་ཞིག། ཡུལ་འདི་ནས་དོང་བའི་ཆའོ་ཞེའོ། །དེ་ནས་རྒྱལ་པོའི་ནད་དེ་བཏང་སྙོམས་སུ་བོར་བ་དང་ཉི་མ་ཁ་ཅིག་ན་རྒྱལ་པོ་དེ་དེས་ཟིལ་གྱིས་མནན་ཅིང་གནས་མ་ཡིན་པར་རྒོད་པ་དང་དུ་བ་དང་གར་དང་གླུ་དག་བྱེད་དོ། །ཇི་ལྟར་རྒྱལ་པོ ་འདི་སེམས་གནས་པ་མེད་པ་ལས་ཆགས་པ་ལོག་པས་སྨྱོ་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་ཀྱང་སེམས་གནས་པ་མེད་པ་ལས་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་སྨྱོ་བ་ཞིག་གོ་།འདི་ལྟར་འདི་དག་ན་ཡུལ་གང་ལ་མངོན་པར་ཞེན་པ་དེ་ཉིད་ལ་འཇུག་པ་ཡོངས་སུ་གཏོང་བར་སྣང་ངོ།། ་དེའི་ཕྱིར་སྲིད་པར་གནས་པ་སྨྱོན་པ་མ་ཡིན་ནོ། །ཞེས་བློ་གྲོས་དང་ལྡན་པ་སུ་ཞིག་སྨྲ་བར་འགྱུར། འདིར་བཤད་པ། མི་ལ་སྨྱོ་བའི་དྲུང་ན་ལས། །དོན་མིན་བྱེད་དེ་སྨྱོ་བ་མིན། །ལས་ཀྱི་སྐྱེས་བུ་སྣ་ཚོགས་སུ། །བྱེད་ལྟ་སྨྱོ་བས་མིན་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་བསྲོག་པའི ་གནས་ཉིད་ཀྱི་ཕྱིར་དང། སྨྱོ་བའི་གནས་ཉིད་ཡིན་པའི་ཕྱིར་མཁས་པ་དག་གིས་སྲིད་པ་ཡོངས་སུ་སྤང་བར་བྱས་ལ། དེ་ཡང་ལས་ཀྱིས་འཇུག་པ་ཐམས་ཅད་བཀག་པའི་སྒོ་ནས་སྤང་བར་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན་དེའི་ཐབས་བསྟན་པའི་ཕྱིར་བཤད་པ། ་འགྲོ་ལ་སོགས་པའི་སྡུག་བསྔལ་དག་།བཟློག་ལ་ཉམས་པར་མཐོང་གྱུར་ཏེ། །དེས་ན་ལས་ཀུན་ཟད་པ་ལ། བློ་གྲོས་ལྡན་པའི་བློ་བསྐྱེད་དོ། །ཇི་ལྟར་སྡོད་པ་དང་འཆགས་པ་ལ་སོགས་པས་བསྐྱེད་པའི་སྡུག་བསྔལ་དག་ནི་ཡོངས་སུ་སྤང་བ་ན་སྔར ་གྱི་འཕེན་ཤུགས་ནད་པ་ལས་མཐར་གྱིས་ཟད་པར་འགྱུར་བ་དེ་བཞིན་དུ་ལས་ཐམས་ཅད་རྒྱུན་ཆད་པར་གྱུར་པ་དང་སྡུག་བསྔལ་དག་ཐམས་ཅད་ཀྱི་ཐམས་ཅད་དུའོ། །དེའི་ཕྱིར་སྐྱེས་བུ་མཁས་པ་ལས་ཐམས་ཅད་རྒྱུན་ཆད་པ་དོན་དུ་གཉེར ་པ་ལས་ཐམས་ཅད་ཟད་པ་ལ་འབད་པ་དེ་བཞིན་དུ་གཞན་ཡང་འབད་པ་ན་རྣམ་པ་དེ་རྙེད་པར་འགྱུར་བས་བློ་གྲོས་དང་ལྡན་པས་ལས་ཐམས་ཅད་ཟད་པ་འཐོབ་པར་བྱ་བ་ཚོར་བར་བྱེད་པ་འགགས་པའི་རང་བཞིན་ཅན་མྱ་ངན་ལས་འདས་པ་ལ་འབད་པར ་བྱའོ། །ལམ་རིངས་སུ་འགྲོ་བ་བཞིན་ནོ། །དཔེར་ན་ལམ་རིངས་སུ་འགྲོ་བ་ཇི་ལྟ་ཇི་ལྟར་འགྲོ་བ་དེ་ལྟ་དེ་ལྟར་ངལ་བའི་སྡུག་བསྔལ་དང། ལམ་རྒྱགས་ཟད་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་བ་དེ་བཞིན་དུ་བྱིས་པ་འཁོར་བའི་ལམ་ན་གནས ་པ་རྣམས་ཀྱང་ངལ་བའི་སྡུག་བསྔལ་དང་དགེ་བའི་ལས་ཡོངས་སུ་ཟད་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དུ་འགྱུར་རོ། །རྣམ་པ་གཅིག་ཏུ་ན་ཇི་ལྟར་ལམ་རིངས་སུ་འགྲོ་བའི་སྡུག་བསྔལ་གྱིས་གཟིར་བ་འགྲེང་བརྩོམ་ཞིང། དེས་དེའི་འགྲོ་བའི ་སྡུག་བསྔལ་ལྡོག་གོ་འགྲེང་བའི་སྡུག་བསྔལ་ཡང་འདུག་པས་ཡིན་ལ། འདུག་པའི་སྡུག་བསྔལ་ཡང་འགྲེང་བས་སོ། །གལ་ཏེ་ཡང་འདུག་པའི་སྡུག་བསྔལ་གྱིས་ཡོངས་སུ་དུ་བ་སྟེ་དེ་བཏང་ནས་སྤྱོད་ལམ་གཞན་མི་རྩོམ་ན་ནི་དེའི་ཚེ་འདི་ལ་སྤྱོད་ལམ ་ལས་བྱུང་བའི་སྡུག་བསྔལ་གཏན་ལྡོག་པ་སྲིད་བ་ཞིག་གོ་།དེ་བཞིན་དུ་ལས་ཐམས་ཅད་ཟད་པ་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར་ན་སྡུག་བསྔལ་ཐམས་ཅད་ལྡོག་པའི་རྒྱུ་ནི་ལས་ཐམས་ཅད་ཟད་པ་ཡིན་པས་བློ་གྲོས་དང་ལྡན་པས་ལས་ཐམས་ཅད ་ཟད་པ་ལ་བློ་གྲོས་བསྐྱེད་པར་བྱའོ། །འདིར་བཤད་པ། ལུས་ཀྱི་བདེ་ལས་སེམས་ཀྱི་བདེ། །ཕུལ་དུ་གྱུར་པ་ཇི་བཞིན་དུ། །ཉོན་མོངས་ཟད་པའི་བདེ་ལུས་ཀྱང། །ལས་ཟད་བདེ་བདེ་བཞིན་ནོ། །འདི་ལས་ཀྱང་བློ་གྲོས་དང་ལྡན་པ་རྣམས་ཀྱིས ་འཁོར་བ་བཏང་བར་རིགས་ཏེ། འཇིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར། གང་ཚེ་འབྲས་བུ་གཅིག་གི་ཡང། །ཐོག་མའི་རྒྱུ་ནི་སྣང་མིན་པ། །དེ་ཚེ་གཅིག་ལ་ཡང་རྒྱས་པར། །མཐོང་ནས་གང་ལ་འཇིགས་མི་འབྱུང། །འདེན་རེ་ཞིག་གང་གི་ཚེ་སྐྱེ་བ་གཅིག་ནས ་གཅིག་ལ་བརྒྱུད་པ་ཐོག་མ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་ན་འབྱུང་བ་ལས་གྱུར་པ་འམ། སེམས་ལས་གྱུར་པ་ཡང་རུང་སྟེ་གཅིག་ནས་གཅིག་ཏུ་བརྒྱུད་པས་དང་པོ་ཡོངས་སུ་བརྟགས་བཞིན་པའི་འབྲས་བུ་གཅིག་གི་ཡང་དང་པོའི་རྒྱུ་མི་སྣང་བ་དེའི་ཚེ་དེ་ལྟར་འབྲས་བུ་གཅིག ་ལ་ཡང་མཛའ་ཡས་པ་ཉིད་ཤིན་ཏུ་རྒྱས་པར་མཐོང་ནས་འཇིགས་པ་དང་བྲལ་བ་མ་ཡིན་པ་གང་ཞིག་ལ་འདིར་འགྲོ་བའི་འཇུག་པ་མཐོང་བས་འཇིགས་པ་མི་འབྱུང་སྟེ། འདིས་ནི་རྒྱུན་དཔག་གིས་མི་ལང་བའི་འཚང་ཚིང་གིས་ཆེས་རྒྱུ་བར་དཀའ་བའི་འཁོར ་བའི་འབྲོག་ཆེན་པོ་ལ་རྟག་ཏུ་སྐྱོ་བ་དང། དེ་དང་རྗེས་སུ་འཚམ་པའི་ཚུལ་བཞིན་གྱི་རྣམ་པ་བསྒོམ་པ་རིགས་སོ། །བུམ་པ་བཞིན་ནོ། །དཔེར་ན་བུམ་པ་ལ་རྐྱེན་དག་ཏུ་མ་ལྟ་བུ་སྟེ་རེ་ཞིག་བུམ་པ་ལ་འཇིམ་པའི་གོང་བུ་དང་དབྱུག་གུ་དང་འཁོར་ལོ་དང་སྲེད་དང ་ཆུས་དང་སྐྱེས་བུའི་རྩོལ་བ་ལ་སོགས་པ་དག་སྣང་ན། གཞན་ཆེས་བརླིང་བ་རྣམས་སྒྲུབ་པ་ལ་ལྟ་ཅི་སྨོས། འདིར་བཤད་པ། འདི་ལྟར་དུས་མཛའ་ཡས་པའི་ཕྱིར། །འགྲོ་ལ་ཐོག་མ་ཡོད་མིན་པ། །དེ་ཕྱིར་སྐྱེ་བོ་སྔོན་གྱི་མཛའ་། །ཡང་དག་ཀུན་ནས་ཤེས ་པར་དཀའ་། །གཞན་ཡང་འདིར་གང་ཞིག་མངོན་པར་འདོད་ཅིང་སྲེད་པས་ཡོངས་སུ་གཡོ་བ་དེ་གལ་ཏེ་དེས་པར་འགྲུབ་པར་འགྱུར་ན་ནི་དེའི་ཚེ་གཡོ་བར་རིགས་པ་ཞིག་ན། འབྲས་བུ་ཐམས་ཅད་ངེས་པར་ནི། །འགྲུབ་པར་འགྱུར་བ་མ་ཡིན་ཞིང། །གྲུབ་པ་ངེས ་པར་མཐར་འགྱུར་ན། །དེ་ཡི་དོན་དུ་ཅི་སྟེ་འཇོམས། །འདི་ན་བརྩམས་པའི་འབྲས་བུ་ཐམས་ཅད་ནི་ངེས་པར་འགྲུབ་པའམ། མ་ཡིན་པ་ཞིག་ཏུ་འགྱུར་ལ། འབྲས་བུ་གྲུབ་པའོ་ཅེག་ཀྱང་ངེས་པར་གདོན་མི་ཟ་བར་འཇོག་པ་ཞིག་གོ་།དེ་ལ་གང་འགྲུབ་པ ་ནི་ངེས་པར་གདོན་མི་ཟ་བར་ཡུན་མི་རིང་བར་འཇིག་སྟེ། དེའི་དོན་དུ་འཇིག་རྟེན་འདི་ཀོ་ཅི་སྟེ་རྣམ་པར་འཇོམས། །དེའི་ཕྱིར་དྲ་བ་ཅན་སྤངས་ཏེ་དེ་བཅད་པ་ལ་བསྒྲིམ་པར་བྱའོ། །རྫ་མཁན་སོ་གཏོང་བ་བཞིན་ནོ། །འདི་ལྟར་རྫ་མཁན ་སོ་གཏོང་བ་ལ་གྲུབ་པ་མ་ངེས་ཤིང་གྲུབ་པ་རྣམས་ཀྱང་ངེས་པར་འཇིག་པ་དེ་བཞིན་དུ་འཇིག་རྟེན་པའི་དངོས་པོ་ཐམས་ཅད་ལ་ཡང་ངོ། །འདིར་བཤད་པ། བྱས་ཤིང་དངོས་པོ་ཐམས་ཅད་ལ། །ངེས་པར་གྲུབ་པ་ཡོད་མ་ཡིན། །དེ་ཡི་ཕྱིར་ན་དེ་དག་ནི། །ངེས ་པར་གོར་མ་ཆགས་པར་འཇིག། ཇི་ལྟར་འབྲས་བུ་ལ་ངེས་པར་འཇིག་པ་དེ་བཞིན་དུ་ལས་ཀྱང་ཡིན་ནོ། །ཞེས་བསྟན་པའི་ཕྱིར་བཤད་པ། ལས་ནི་འབད་པས་བྱེད་འགྱུར་ཞིང། །བྱས་ཟིན་འབད་པ་མེད་པར་འཇིག། དེ་ལྟར་གྱུར་ཀྱང་ཁྱོད་ལ་ཀོ། ལས ་ལ་ཆགས་བྲལ་འགའ་ཡོད་མིན། །འདི་ན་འབད་པ་ཆེན་པོས་སྒྲུབ་པའི་ཐབས་མང་པོ་དག་གིས་ལས་བྱེད་ལ། དེ་ཡང་འབད་པ་ཆེན་པོ་དང་སྒྲུབ་པར་བྱེད་པ་མང་པོ་དག་གིས་བྱས་བཞིན་དུ་འབྲས་བུ་ལྟར་འབད་པ་མེད་པ་ཁོ་ནར་འཇིག་དེའི་ཕྱིར་དེ་ལྟར་ན་མཁས་པ་སྐྱེས་བུའི་བྱེད་པ་སྒྲུབ་བྱེད་ཆེན་པོ་དོན་མེད་པར་བྱེད་པའི་ལས་ལ ་འདོད་ཆགས་དང་བྲལ་བར་ཇི་ལྟར་མི་འགྱུར། ཁྱོད་ནི་སླར་ཡང་ལས་དེ་དག་བྱེད་པའི་ཕྱིར་ན་འདོད་ཆགས་དང་བྲལ་བ་མེད་པས་བླུན་པ་ཉིད་དུ་སྟོན་པར་བྱེད་དོ། །དེའི་ཕྱིར་འདོད་ཆགས་བྲལ་བ་ལ་སྐབས་དབྱེ་བར་བྱ་སྟེ། ཕན་འདོགས་པ་བསྲི་བ ་མེད་པའི་འཇུག་པ་ནི་མཛེས་པ་མ་ཡིན་ནོ། །རི་ལ་རྡོ་འཛུགས་པ་བཞིན་ནོ། །ཇི་ལྟར་རི་རྩེར་རྡོ་འབད་པས་འཛུགས་ཤིང། དེ་འབད་པ་མེད་པར་ཁོ་ནར་འགྱེལ་བ་དེ་བཞིན་དུ་འཇིག་རྟེན་པའི་འཇུག་པ་ཐམས་ཅད་ཀྱང་ཡིན་ནོ། །འདིར་བཤད་པ། ་གང་གི་ཕྱིར་ན་རྒྱུ་དང་རྐྱེན། ཚོགས་པ་ཡིས་ནི་ལས་བྱེད་པ། །དེའི་ཕྱིར་འབད་པས་དེ་བྱེད་ཅིང། །དེ་མ་ཚང་བས་འཇིག་པར་འགྱུར། །འདིར་སྨྲས་པ། གལ་ཏེ་ཡང་འབད་པ་མེད་པར་ལས་འཇིག་མོད་ཀྱི། དེ་ལྟར་ན་ཡང་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར ་དེ་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །བཤད་པར་བྱ་སྟེ། འདས་ལ་བདེ་བ་ཡོད་མིན་ཞིང། །མ་འོངས་པ་ལ་འང་ཡོད་མིན་ལ། །ད་ལྟར་བྱུང་བའང་འགྲོ་ཉིད་དེ། །ཁྱོད་ཀྱི་ངལ་འདི་གང་ཕྱིར་ཡིན། །རེ་ཞིག་རྣམ་པར་ཤེས་པ་འདས་པ་ལ་ནི་བདེ་བ ་ཡོད་པ་ནི་མ་ཡིན་ཏེ། འགགས་ཟིན་པའི་ཕྱིར་རོ། །མ་འོངས་པ་ལ་ཡང་བདེ་བ་ཡོད་པ་མ་ཡིན་ཏེ། མ་ཕྲད་པའི་ཕྱིར་རོ། །ད་ལྟར་བ་ལ་ཡང་བདེ་བ་ཡོད་པ་མ་ཡིན་ཏེ། གནས་མེད་པའི་ཕྱིར་རོ། །དེ་ལྟར་བདེ་བ་མེད་པར་གྱུར་པ་དང། དེས་ཕན ་འདོགས་པ་མེད་པའི་ཕྱིར། བདེ་བ་ལོངས་སྤྱོད་པ་ལ་བརྐམ་པ་ཁྱོད་ཀྱི་བདེ་བའི་རྒྱུ་སོགས་པའི་དུབ་པ་གང་ཡིན་པ་དེ་གང་གི་ཆེད་དུ་ཡིན་པ་ཞིག་སྟེ། རྣམ་པ་ཐམས་ཅད་དུ་བདེ་བའི་རྒྱུ་སོགས་པའི་དལ་བའི་ཚེགས་འབྲས་བུ་མེད་པ་ཁོ་ནའོ་སྙམ་དུ་དགོངས ་སོ། ཀླུང་གི་དོགས་སུ་ཁང་པ་རྩིག་པ་བཞིན་ནོ། །འགའ་ཞིག་གི་ཆུ་ཀླུང་གིས་འགྲམ་དུ་ཁང་པ་བརྩིགས་པ་དང། ས་ཕྱོགས་དེ་རྡིབ་པར་གྱུར་ཏོ། །དེ་ནས་དེ་ལས་གཞན་ཞིག་དེ་དང་མཐུན་པའི་འགྲམ་ཉིད་དུ་བརྩིགས་པ་དང། དེ་ཡང་རྡིབ་པ་སྟེ་རྡིབ ་པ་ཁོ་ན་ཐུག་པ་མེད་པར་འགྱུར། །ཇི་ལྟར་ཁྱིམ་རྩིག་པ་འདི་ལ་ངལ་དུབ་འབའ་ཞིག་ཏུ་འགྱུར་ཞིང། མངོན་པར་འདོད་པའི་འབྲས་བུ་ཐོབ་པ་མེད་པ་དེ་བཞིན་དུ་འཇིག་རྟེན་པའི་འཇུག་པ་ཐམས་ཅད་ཀྱང་ཡིན་ནོ། །འདིར་བཤད་པ། སྐད་ཅིག་ལ་གཡོའི་འགྲོས ་ཅན་སེམས། །གང་གི་ཕྱིར་ན་དུས་གསུམ་དུ་འང། །ཡོངས་སུ་བརྟགས་ན་བདེ་མེད་ན། །ལས་རྣམས་གང་གི་དོན་དུ་སོག། འདིར་སྨྲས་པ། དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་མཐོ་རིས་ཀྱི་བདེ་བའི་དོན་དུ་གདོན་མི་ཟ་བར་དགེ་བའི་ལས་བྱའོ། །བཤད་པར ་བྱ་སྟེ། མཁས་པ་རྣམས་ལ་མཐོ་རིས་ཀྱང། །དམྱལ་བ་དང་མཚུངས་འཇིགས་བསྐྱེད་འགྱུར། །རྣམ་པ་ཀུན་ཏུ་དེ་རྣམས་ལ། །སྲིང་གང་འཇིགས་པ་མི་བསྐྱེད་དཀོན། །དེ་ལ་ཕུན??་ནས་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྐྱེ་བའི་སྒོར་གྱུར་པ་ཉིད ་ཀྱི་ཕྱིར་དང། ཡུལ་ལས་ཡང་དག་པར་འབྱུང་བའི་ཉོན་མོངས་པ་དྲག་པོའི་མེ་འབར་བ་ཉིད་ཀྱི་ཕྱིར་དང། གཏི་མུག་ཤས་ཆེ་བ་ཉིད་ཀྱི་ཕྱིར་མཐོ་རིས་ཀྱང་དམྱལ་བ་ལྟར་འཇིགས་པ་བསྐྱེད་པ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས་སྤོང ་བར་བྱེད་དོ། །གང་དག་ལ་མཐོ་རིག་ཕུན་སུམ་ཚོགས་པ་སྨད་དུ་མེད་པའི་བདེ་བ་ལ་ལོངས་སྤྱོད་པས་དགའ་བར་འོས་པ་རྣམས་ཀྱིས་རེ་འཇོག་སྐྱེད་པར་མི་བྱེད་པ་དེ་དག་དེ་ལས་གཞན་པའི་སྲིད་པ་དུར་ཁྲོངས་གཞི་ལྟ་བུ་ལ་དགའ་བར་ག་ལ་འགྱུར། ་ཀྱང་གི་སྒྲ་ནི་འདིར་རིམ་པ་གཞན་དུ་སྦྱར་ཏེ། མཐོ་རིས་ཀྱི་སྒྲའི་འཇུག་ཐོགས་སུ་བལྟ་བར་བྱ་ཞིང། རེ་ཞིག་སྲིད་པ་གཞན་ལྟ་ཞོག་ཤིག་མཐོ་རིས་ཀྱང་མཁས་པ་རྣམས་ལ་དམྱལ་བ་དང་མཚུངས་སོ། །ཞེས་རྣམ་པར་བཤད་པར་བྱའོ། །བྱིས ་པའི་འཆིང་བ་གྲོལ་བ་བཞིན་དང། །འབའ་ལིའི་འཆིང་བ་གྲོལ་བ་བཞིན་ནོ། །དཔེར་ན་རྒྱལ་པོ་བྱིས་པ་ཞེས་པ་རང་བཞིན་གྱིས་མ་རུང་བའི་ཆོས་ལུགས་ལྕགས་ལྟར་རྣོ་བ་ཞིག་བྱུང་བར་གྱུར་ལ་དེའི་བཙོན་ཁང་དུ་གང་འཇུག་བ་དེ་ལག་པ་དང ་རྐང་པ་དང་སྐྱེ་དག་ལ་འཆིང་བ་ལྔས་དམ་དུ་འཆིང་ངོ། །དེ་གང་གི་ཚེ་འགའ་ཞིག་འགྲོལ་བར་བྱེད་པ་དེའི་ཚེ་སྐྱེས་བུ་བསྲུངས་མ་རྣམས་ལ། འདི་འཆིང་བ་ཐམས་ཅད་ལས་གྲོལ་བར་བྱ་མོད་ཀྱི། འོན་ཀྱང་སྤྱོད་ལམ་གཅིག་པོ་གང་ཞིག ་གིས་ཚེའི་མཐར་གནས་པར་འདོད་པ་དེ་ལེགས་བར་བསྲུངས་པར་བཞག་པར་བྱའོ་ཞེས་ལུང་བསྒོ་བར་བྱེད་ལ། ལྟ་དེ་བཞིན་ནོ་ཞེས་དེ་རྣམས་ཀྱིས་ཇི་སྐད་དུ་སྨྲས་པ་དེ་བཞིན་བྱས་པ་ལྟ་བུ་སྟེ། དེ་ལ་གང་ཞིག་རྒྱལ་བོ་བྱིས་པའི་འཆིང ་པ་ལས་གྲོལ་བར་གྱུར་བ་དེ་ལ་ནི་གྲོལ་བ་ཡང་བཅིངས་པ་དང་མཚུངས་པར་འཇིགས་པ་བསྐྱེད་པ་ཉིད་དོ། །སྡུག་བསྔལ་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་གཞན་བདག་ཉིད་ཆེན་པོ་རྣམས་ལ་ཡང་མཐོ་རིས་ཀྱང་དམྱལ་བའི་གནས ་དང་འདྲ་བར་འཇིགས་པ་བསྐྱེད་པར་འགྱུར་རོ། །ཡང་ཇི་ལྟར་འབའ་ལི་འཇིག་རྟེན་ཐམས་ཅད་ཀྱི་དབོན་བྱིན་ནས་བརྡམས་པར་གྱུར་པ་ནི་འདི་གཞན་བྱིན་ཏེ་འགྲོ་བར་སྣང་དམ། །དེ་བཞིན་དུ་གང་དག་ལ་མཐོ་རིས་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་དམྱལ་བ་དང ་མཚུངས་པ་དེ་དག་ལ་གང་ཞིག་འཇིགས་པ་མི་སྐྱེད་པའི་སྲིད་པ་གཞན་གང་ཞིག་ཡོད། གཞན་ཡང་ཇི་ལྟར་མཁས་པ་འཁོར་བའི་སྐྱོན་སོ་སོར་རྟོག་པ་ལ་འཛངས་པ་རྣམས་འཁོར་བ་གཅིག་ཏུ་སྡུ་བསྔལ་ཞིང་སྡུག་བསྔལ་གྱི་མེ་འབར་བས་ཡོངས་སུ་བསྐོང་བ ་ཇི་ལྟ་བ་བཞིན་ལྟ་བ་དེ་ལྟར། གལ་ཏེ་བྱིས་པ་འདི་རྣམ་ཀུན་དུ། །འཁོར་བའི་སྡུག་བསྔལ་ཤེས་གྱུར་ན། །སྐད་ཅིག་དེ་ལ་སེམས་དང་ནི། །ལྷན་ཅིག་གཏན་ཏུ་འཇིག་པར་འགྱུར། །སྡུག་བསྔལ་གང་ཞིག་བསམས་པ་ན་འཕགས་པ་རྣམས ་འཁོར་བ་ལས་སྐྱོ་བར་འགྱུར་བ་དེ་གལ་ཏེ་སོ་སོའི་སྐྱེ་བོས་མངོན་སུམ་དུ་བྱང་བར་ནུས་ན་ནི་དེའི་ཚེ་སྐད་ཅིག་དེ་ཉིད་ལ་འདིའི་སྙིང་ལུས་དང་ལྷན་ཅིག་ཏུ་རྣམ་པར་འཇིག་པར་འགྱུར་བ་ཞིག་ན་མ་རྟོགས་པའི་ཕྱིར་ན་འདི་གྲོགས་པོའི་གསོབ་ཀྱིས ་གཡོགས་པའི་དགྲ་ལ་བྱ་བ་ལྟར་འཁོར་བ་ལ་མངོན་པར་དགའ་ཨོ། །འཕགས་པ་རྣམས་ཀྱིས་འཁོར་བའི་སྡུག?་བསྔལ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་བསམ་པ་བརྟན་པོས་བཟུང་བ་ནི་བྱས་པ་ཤེས་པ་ཉིད་དང་སྙིང་རྗེ་ཆེན ་པོའི་ཐབས་དང་སྟོབས་ངག་གིས་དེ་ལྟར་སྐྱོ་བའི་རྒྱུ་མ་ཡིན་པས་གཞན་ལ་ཕན་པའི་བྱ་བ་ལ་གཞོལ་བ་དེ་རྣམས་ལ་གཏན་ནས་འཇིགས་པ་དོགས་པར་བྱ་བར་མི་ནུས་ལ། སོ་སོའི་སྐྱེ་བོ་འཇིགས་ཆོགས་ལ་ལྟ་བ་དང་རྗེས་སུ་འབྲེལ ་པའི་ཕྱིར་དང་གཉེན་པོ་སྒོམ་པ་དང་བྲལ་བའི་ཕྱིར་ན། གལ་ཏེ་འཁོར་བའི་སྡུག་བསྔལ་རྣམ་པ་ཐམས་ཅད་དུ་ཤེས་ན་དེས་པར་རྡུལ་ཕྲ་རབ་ཏུ་འཇིག་པར་འགྱུར་རོ། །གནོད་སྦྱིན་གྱིས་བརླམས་པ་དང། །དབང་པོས་བྱིས་པ་བཞིན་ནོ། ། ་འགའ་ཞིག་ནི་གནོད་སྦྱིན་གྱིས་མངོན་པར་བརླམས་ཤིང་གནོད་སྦྱིན་དེ་ཡང་དེས་མ་མཐོང་བར་གྱུར་པ་དང། དེ་འདི་སྙམ་དུ་རེ་ཞིག་གནོད་སྦྱིན་དེ་མ་མཐོང་བར་སྡུག་བསྔལ་འདི་འདྲ་བ་འབྱུང་ན་གལ་ཏེ་མཐོང་ན་ནི་བདག་གི ་ལུས་ཕྱག་ངར་སྤར་གང་ལྟར་རྣམ་པར་འཇིག་པར་འགྱུར་རོ་སྙམ་དུ་སེམས་སོ། །ཡང་ཇི་ལྟར་སྡེ་སྣ་གཞོན་ནུ་དཔོན་ཐབས་ལ་ཆགས་པས་སྲོག་ཡོངས་སུ་བཏང་ནས་སྡེ་སྣ་ཉིད་སླར་འཛིན་པ་དེ་བཞིན་དུ་བྱིས་པའི་སྐྱེ་པོ་ཡང་གལ་ཏེ་འཁོར་བའི ་སྡུག་བསྔལ་ཁོང་དུ་ཆུང་ན་དེའི་འཇིགས་པས་སྲིད་པ་ཐམས་ཅད་ཡོངས་སུ་བཏང་བ་ལས་གཏན་དུ་འཇིགས་པར་འགྱུར་ཏེ་ཐར་པར་རོ། །ཞེས་བྱ་བའི་དོན་ཏོ། །འདིར་བཤད་པ། སངས་རྒྱས་རྣམས་ཀྱི་སྡིག་པ་ཡི། །འབྲས་བུ་ཅི་འདྲ་མཁྱེན་ཇི ་ལྟར། །ཇི་ལྟར་བྱིས་པས་ཤེས་ན་དེ། །སྐད་ཅིག་དེ་ལ་བརྒྱལ་བར་འགྱུར། །གཞན་ཡང་འཁོར་བ་འདི་ནི་བྱ་བ་དག་ལ་ནུས་པ་དང་ལྡན་ཞིང་གཡོ་བར་གྱུར་བ་བདེ་བར་འགྱུར་ན། དེ་ཡང་ངེས་པར་དཔྱད་པ་ན། སེམས་ཅན་རློམ་པ་ཅན་མིན་དཀོན། །རློམ་ཅན ་སྙིང་རྗེ་ལྡན་པ་མེད། །དེས་ན་སྣང་བ་ནས་སྣང་བར། །འགྲོ་བ་ཤིན་ཏུ་རྙེད་དཀར་གསུངས། །བདེ་བ་མྱོང་བར་བྱ་བའི་ཡུལ་མ་ཐོབ་བར་ཉེ་བར་ཉེ་བར་སོགས་པའི་ཕྱིར་དང། ཐོབ་པ་ཡོངས་སུ་བསྲུང་བའི་ཕྱིར་དང། སྐྱེས་བུ་ནུས་ཤིང་ཞོ་ཤ་དང་ལྡན་པ་ཁོ་ན ་རློམ་པ་ཉེ་བར་སྐྱེ་ལ། རློམ་པའི་དབང་གིས་ཀྱང་བདག་ཉིད་ཁྱད་པར་དུ་གྱུར་པ་ཡོངས་སུ་རྟོག་ཅིང་ལྷག་པར་མི་བཟོད་པ་ན་དེ་གཞོམ་པར་འདོད་པས་བརྩེ་བ་མེད་པར་འགྱུར་རོ། །གང་ལས་བདེ་བ་ཉམས་སུ་མྱོང་བར་འབྱུང་བ་འགྱུར་བ་བརྩེ་བ་མེད་པ ་ལ་ནི་ངན་འགྲོའི་མཐར་ཐུག་པ་ཉིད་ཀྱིས་འབྱོར་པ་དག་ག་ལ་ཡོད། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྣང་བ་ནས་སྣང་བར་གཞོལ་བའི་གང་ཟག་ནི་དཀོན་ནོ་ཞེས་གསུངས་ཏེ། རིགས་དང་ལོངས་སྤྱོད་དང། ཕྱུག་པ་ལས་སྐྱེས་པའི་ང་རྒྱལ ་གྱིས་ངེས་པར་ཐུར་དུ་ལྷུང་བའི་ཕྱིར་རོ། །ཛ་མཱདཱ་གནིའི་བུ་བཞིན་ནོ། །ཇི་ལྟར་ཛ་མཱདཱ་གནིའི་བུ་ནུས་ཤིང་རློམ་པས་ལན་ཉི་ཤུ་རྩ་གཅིག་ཏུ་ས་སྟེང་རྒྱལ་རིགས་མེད་པར་བྱས་ཏེ། སྙིང་བརྩེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་སྦུངས་ཡོད་ཅིང་ང་རྒྱལ་ཅན ་མ་ཡིན་པར་འགྱུར་བ་དང། ང་རྒྱལ་ཅན་སྙིང་རྗེ་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་རྙེད་པར་དཀའ་ཨོ། །གལ་ཏེ་དེ་ལྟར་རློམ་པ་ཅན་སྡིག་པའི་ལས་ལ་སྤྱོད་བའི་ཕྱིར་ངན་འགྲོའི་མཐར་ཐུག་པས་སྨད་པ་ཡིན་ན་འོ་ན་བཟློག་སྟེ་རློམ་པ་ཅན་མ་ཡིན་པ་དག་ཆོས་མཐོ་རིས ་ཀྱི་བདེ་བ་སྒྲུབ་པར་བྱེད་པ་ལ་སྦྱོད་པའི་ཕྱིར་སྔགས་བར་འོས་པར་འགྱུར་ཏེ། དེའི་ཕྱིར་འཁོར་བ་ནི་གཅིག་ཏུ་དགོངས་པ་ཡིན་ནོ་ཞེ་ན། །བཤད་པར་བྱ་སྟེ། ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་ཆོས་ལ་ཡང་ཆགས་པར་མི་རིགས་སོ། །འདི་ལྟར། འདི་ནས་ཡུལ་ལོག་གྱུར་པ་ལ། ། ་ཡུལ་ནི་དམིགས་པར་གྲགས་གྱུར་ཏེ། །ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས། །རྒྱུ་ཅི་ཞིག་གིས་ཡང་དག་འདོད། །གང་ཡུལ་དག་ལ་རེ་བ་མེད་པ་ནི་ཚངས་པར་སྤྱོད་པ་ཁས་བླངས་པ་ལས་དེ་དག་ཡོངས་སུ་འདོར་ལ་དེ་ནས་ཤི་འཕོས་ཤིང། ཕྱུག་པོའི་རིགས་སམ ་མཐོ་རིས་སུ་སྐྱེས་པ་ལ་ཡུལ་ཡིད་དུ་འོང་བདག་དམིགས་སོ། །གང་གི་ཕྱིར་འདི་འདོར་བའི་རང་བཞིན་ཡིན་བཞིན་དུ་རང་གིས་ཐོབ་པའི་ངོ་བོ་ཅན་གྱི་འབྲས་བུ་མངོན་པར་སྒྲུབ་པར་བྱེད་པ་དེའི་ཕྱིར་ན་ཆོས་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་དེ་ལྟར་ཕྱིན་ཅི་ལོག ་ཡིན་ཡང་ཕྱིན་ཅི་ལོག་ཏུ་གྱུར་པའི་འཇིག་རྟེན་གྱི་རྒྱུ་ཅི་ཞིག་སྟེ། དམ་པ་རྣམས་མི་བཞེད་པ་གང་ཞིག་གིས་ཁས་བླངས་པ་སྟེ། དེའི་ཕྱིར་དེ་ལ་མངོན་པར་ཞེན་བ་མཆོག་ཏུ་བཀྲབས་པར་མི་འགྱུར་རོ། །ལུག་བརྡུང་བར་འདོད་པ་བཞིན་ནོ། །ཇི་ལྟར་ལུག ་ནི་བརྡུང་བར་འདོད་པ་ན་རིང་པོར་སོང་བ་ཡང་ལོག་པ་ཡིན་པ་དེ་བཞིན་དུ་ཡུལ་ལོག་ཅིང་ཡུལ་དོན་དུ་གཉེར་བ་ཡང་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཆོས་ཀྱང་ཕྱིན་ཅི་ལོག་ཉིད་ཡིན་པའི་ཕྱིར་སྤང་བར་བྱ་བ་ཡིན་ནོ། །ལས་དེའི་འབྲས་བུ་ཕྱུག་པ་གང་ཡིན་པ ་དེ་ཡང་རང་དབང་དུ་གྱུར་པ་ཉིད་མད་པའི་ཕྱིར་དང། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གནས་ཡིན་པ་ཉིད་ཀྱི་ཕྱིར་ན་མཁས་པས་རེ་བ་བཞག་པར་མི་བྱ་སྟེ། འདི་ལྟར། བསོད་ནམས་འབྲས་བུ་ཕྱུག་པ་སྟེ། །དེ་གཞན་ལས་ཡོང་བསྲུང་བྱ་ན། ་རྟག་ཏུ་གཞན་ལས་བསྲུང་བྱ་གང། དེ་ནི་ཇི་ལྟར་བདག་གིར་འགྱུར། །སྔར་བྱས་པའི་བསོད་ནམས་ཀྱི་ལས་ཀྱི་འབྲས་བུ་ནི་ཕྱུག་པ་ཉིད་ཡིན་ནོ། །དེ་ཡང་བདག་གི་བར་འདུ་ཤེས་བྱས་པ་ཞིག་ཡིན་ལ། དེ་ནི་རྟག་ཏུ་དགྲ་ཟླ་དག་ལས་བསྲུང་བར་བྱ་བ ་ཡིན་ནོ། །གལ་ཏེ་དེ་བདག་གི་བ་ཡིན་ན་ནི་མི་བདག་བརྒྱས་ཅན་དང། རྐུན་པོ་དང་ཆུ་དང་མེ་རླུང་ལ་སོགས་པ་དགྲ་ཟླ་དག་ལས་བསྲུང་བར་བྱ་བར་མི་འགྱུར་པ་ཞིག་ན། གང་ཞིག་གཞན་དག་གིས་གཅད་པར་བྱ་བའི་ཕྱིར་རྟག་པར་བསྲུང་བའི་ཚུལ་བྱ་དགོས ་པ་དེ་ཅི་ལྟར་བདག་གི་བ་ཡིན་བས་བརྗོད་པར་ནུས། དེའི་ཕྱིར་འདི་ནམ་ཞིག་བསྲུང་བའི་སྒྲུབ་པས་བར་མེད་པར་མཚག་ཏུ་འཆམས་ཤིང་ཡུལ?་གྱི་རོ་མྱང་བར་བྱེད། དེའི་ཕྱིར་འདིའི་འབྲས་བུས་ཀྱང་ཕན་འདོགས་པར་མི་ནུས་སོ། །བླ་མ་བཞིན་ནོ། །ཇི ་ལྟར་རྟག་ཏུ་བླ་མའི་རྗེས་སུ་འཇུག་པར་བྱ་བ་དང་བླ་མ་ལ་འབད་པར་བྱ་བ་དེ་བཞིན་དུ་ཕྱུག་བ་བསོད་ནམས་ཀྱི་སྟོབས་ལས་སྐྱེས་པ་ཡིན་ལ། དེ་ཡང་རྒྱལ་པོ་དང་ཆོམ་རྐུན་དང། ཆུ་དང་མེ་དང་འབྲས་ལ་སོགས་པ་དག་ལས་བསྲུང་བར་བྱ་བ་ཡིན་ནོ། ། ་གང་ཞིག་རྟག་ཏུ་བསྲུང་བར་བྱ་བ་ཡིན་པ་དེ་ནི་བདག་གི་མ་ཡིན་ནོ། །འཇིག་རྟེན་པའི་ཆོས་ནི་གནས་པ་མེད་པའི་ཕྱིར་དེ་ལ་རེ་བ་མི་ལེགས་ཏེ། འདི་ལྟར་འཇིག་རྟེན་ཚུལ་ལུགས་གང་དང་གང། །དེ་དང་དེ་ལ་ཆོས་རྗེས་འཇུག། དེ་ཡི་ཕྱིར་ན་ཆོས་པས ་ཀྱང། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང། །ཆོས་ནི་འཇིག་རྟེན་གྱི་ཡུལ་དང་རིགས་དང་རུས་དང་སྤྱོད་ཚུལ་གྱིས་རྣམ་བར་བཞག་པས་བུ་མོ་རྫེད་བ་དང་སྲོལ་བ་ལ་སོགས་པའི་ཚུལ་ལུགས་གང་དང་གང་རྣམ་པར་འཇོག་བར་བྱེད་པ་དེ་དང ་དེ་ཡང་དག་པར་རྗེས་སུ་འཇུག་སྟེ། ཚུལ་ལུགས་དེ་དང་དེ་ལ་ཆོས་ཤེས་གྲགས་པར་འགྱུར་བའི་ཕྱིར་རོ། །གང་ཞིག་ཡུལ་དང་དུས་ཀྱི་ཁྱད་པར་དག་རྣམ་པ་གཞན་དུ་འགྱུར་བ་འདི་ནི་རང་བཞིན་གྱི་རྣམ་པར་གནས་པའི་ཆོས་ཀྱི་ལུགས་སཱུང་མི ་རིགས་ཏེ། དེའི་ཕྱིར་འདི་ལ་ཤིན་ཏུ་གུས་པར་མི་རིགས་སོ། །བུ་མོ་བག་མར་ལེན་པ་བཞིན་ནོ། །སྐྱེས་བུ་ཡུལ་ཡ་བ་ནང་བྱིན་པ་འགའ་ཞིག་གིས་ཡུལ་ཡབ?་ན་བ་འགའ་ཞིག་མེ་སྤར་ནས་རིག་སྔགས་ཀྱིས་མེ་དེ་ལ་ཁྱོད་ལ་བུ་མོ་ཆུང་མང་རུང་ངོ ་ཞེས་བྱ་བའི་སྒྲ་འབྱིན་པར་བྱེད་བ་མཐོང་ངོ། །སྐྱེས་བུ་དེ་ཡང་ཤིན་ཏུ་འདོད་ཆགས་ལ་སྦྱོང་བ་ཞིག་ཡིན་ཞིང། དེའི་བུ་མོ་གཟུགས་དང་ལང་ཚོ་དང་ལྡན་པ་ཞིག་ཀྱང་རང་གི་ཡུལ་ན་གནས་སོ། །དེ་ནས་མི་དེ་ཡང་ན་བ་དེའི་ཐད་ནས་རིག་སྔགས་དེ ་ནོར་མང་པོ་བྱིན་ནས་དོན་དུ་གཉེ་བར་བྱས་ཤིང། རང་གི་ཡུལ་དུ་འོངས་ཏེ་རང་གི་བུ་མོ་ཆུང་མར་བྱ་བར་འདོད་ནས་དོན་ཏེ་སྨྲ་བར་བྱ་བའི་ཕྱིར་མེ་ལ་དྲིས་པ་དང་མེ་དེས་ཚུལ་ལུགས་རྣམ་པ་གཞན་དུ་ཡིན་ནོ་སྨྲས་ཏེ། དེ་ལྟར་ན། ཆོས་པས་ཀྱང་འཇིག ་རྟེན་སྟོབས་བས་དང་ལྡན་ནོ། །འདིར་སྨྲས་པ། འདི་ན་མངོན་པར་འདོད་པའི་ཡུལ་ཡང་དག་པར་འབྱུང་བ་མེད་པར་བདེ་བ་མྱོང་བར་འགྱུར་བའི་ཉམས་སུ་མྱོང་བ་ཡོད་པ་མ་ཡིན། ཡུལ་འབྱུང་བ་དེ་ཡང་གང་གི་ཕྱིར་བསོད་ནམས་ཁོ་ན་ལ་སྲིད་པ ་དེའི་ཕྱིར་ཡུལ་འདོད་པས་ཆོས་བྱ་བ་ཁོ་ནའོ། །བཤད་པར་བྱ་སྟེ། ཡུལ་ནི་དགེ་བས་ཡིད་འདོ་ན། །ཡུལ་དེའང་དན་པར་བརྩི་བ་ཡིན། །གང་ཞིག་བཏང་བ་ཤིས་འགྱུར་བ། །དེ་གྲུབ་པ་ཡིས་ཅི་ཞིག་དགོས། །ཡུལ་ཡིད་དུ་འོད་བ། །གཟུཊ ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་དགེ་བའི་ལས་ཀྱིས་འཐོབ་ན། དེ་ཉིད་ཐར་པ་འདོད་པའི་སེམས་ཅན་རྣམས་ཀྱིས་མི་གཙང་བ་བསྐུས་པའི་ཁྱིམ་ལྟར་སྨད་པར་འགྱུར་རོ། །གང་ཞིག་དོན ་མ་ཡིན་པའི་རྩ་བ་ཡིན་པའི་ཕྱིར་དང། མི་རྟག་པ་ཉིད་དང། སྡུག་བསྔལ་བ་དང། མི་གཙང་བ་དང། བདག་མེད་པ་ཉིད་ཀྱིས་རྟག་ཏུ་སོ་མི་གསོར་བའི་ཕྱིར་དང། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱེད་པར་བྱེད་པ་ཉིད་ཀྱིས ་བག་མེད་པའི་གནས་ཉིད་ཀྱི་ཕྱིར་ཡོངས་སུ་བཏང་བ་མཆོག་ཏུ་བཀྲབས་པར་འགྱུར་བ་དེ་ནི་གྲུབ་པ་ཡིས་ཀྱང་དགོས་པ་ཅི་ཞིག་ཡོད། དེའི་ཕྱིར་འབྲས་བུའི་ཡུལ་གྱི་རྒྱུ་ཆོས་ཉེ་བར་སོག་པའི་ཚོགས་དོན་མེད་པ་ཁོ་ན་ཡིན་པས། ཆོས་མ་ཡིན་པ་ལྟར ་ཆོས་ལ་ཡང་ཆགས་པ་དོར་བར་གྱིས་ཤིག་།ཀམ་པོ་ཅེར་སློང་རྒྱུ་བ་བཞིན་ནོ། །དགེ་སློང་འགའ་ཞིག་ཀམ་པོ་ཙེའི་ཡུལ་མི་དག་ལ་སློང་དུ་སོང་བ་དང། དེ་ལ་གཡོ་རྒྱུ་ཅན་འགའ་ཞིག་གིས་རང་གི་དོན་དུ་འདི་ནི་ཡུལ་འདིའི་ཁྲིམས་ཡིན་གྱི་བསོད ་སྙོམས་ལ་རྒྱུ་བ་ན་རེ་ཞིག་འདིར་ཅི་ཡང་མ་སྨྲ་ཞིག། བཞད་གང་དུ་འགྱུར་དུ་འོང་ངོ་ཞེས་སྨྲས་སོ། །དེ་དྲང་བས་དང་པེར་བྱས་པ་ཉིད་ཀྱིས་དེ་ལྟར་བྱས་སོ། །དེ་ནས་སྐྱེ་བོའི་ཚོགས་དེས་བདག་ཅག་ལ་རྡོ་བས་སྐྱེས་བུ་དེས་འཁྲུལ་འཁོར་འདི་བྱས་ནས ་བདག་ཅག་ལ་མངགས་སོ་སྙམ་དུ་ཤེས་ཤིང། ཨེ་མ་འདིའི་མིག་འབྱེད་པ་དང་འཛུམས་པ་ནི་མི་ལྟར་སྤྱར་བར་གྱུར་ཏོ་ཞེའོ། །དེ་བཞིན་དུ་ཉིད་ལག་ཐམས་ཅད་ལ་སྨྲ་བར་གྱུར་ཏོ། །དེ་ནས་དེ་དག་གིས་ཀྱང་དེ་དང་འདྲ་བའི་འཁྲུལ་འཁོར ་དག་བྱས་ནས་སྐྱེས་བུ་དེ་ལ་མངགས་སོ། །དེ་ནས་དེས་དགེ་སློང་དེ་ལ་ད་ནི་སྐྱེས་བུ་དེ་དག་གི་དོན་དུ་ཚིག་སྨྲོས་ཤིག་ཅེས་པ་དང། དེས་ཀྱང་དེ་ལྟར་བྱས་ཏེ་ཨ་རོཀྵ་ལ་སོགས་པའི་ཚིག་ཕྱུང་དོ། །དེ་ནས་དེ་དག་ཡ་མཚན་དུ་གྱུར་ཏེ་འདི་ནི ་བདག་གིས་མི་ནུས་ཀྱིས་གསལ་བར་བདག་ཅག་དེས་ཕམ་པར་བྱས་སོ་ཞེས་སྨྲའོ། །གཡོ་རྒྱུ་ཅན་དེ་ཡང་རང་གི་ངོ་བོ་ཡོངས་སུ་ཤེས་པ་ལས་དན་པར་བརྩི་བར་འགྱུར་ཏེ། འདི་ཡང་དེ་དང་འདྲའོ། །འདིར་སྨྲས་པ། གལ་ཏེ་ཡུལ་སྨད ་པ་ཡིན་པའི་ཕྱིར་ཡུལ་སྒྲུབ་པའི་དོན་དུ་ཆོས་དགོས་པ་མེད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྒྱལ་སྲིད་དག་ནི་བཀའ་ཨི་རོ་མྱང་བས་བརླིང་པ་ཡིན་པས་དེའི་དོན་དུ་རྒྱལ་སྲིད་ལ་དབང་བའི་བསོད་ནམས་བདག་ལ་འབད་པར་བྱའོ། །བཤད་པར་བྱ ་སྟེ། །ཐམས་ཅད་ལ་བཀས་དགོས་པ་མོད་པ་མ་ཡིན་ནོ། །དེའི་ཕྱིར། གང་ལ་བཀའ་ལུང་དགོས་མེད་པ། དེ་ལ་ཆོས་དོན་མེད་པར་འགྱུར། གང་ཞིག་གིས་འདོད་པའི་དོན་རྣམ་པ་གཞན་དུ་གྲུབ་པ་མི་སྲིད་པ་དེས་ནི་གཞན་གྱིས་དེ་སྒྲུབ་ཏུ་གཞུག་པའི་ཕྱིར ་བཀའ་ལུང་སྩོལ་བའི་ངལ་པ་ཐོབ་པར་འགྱུར་གྱི། །གང་ཞིག་བཀའ་ལུང་མེད་པར་དོན་གྲུབ་པར་འབད་པ་མེད་པར་འཐོབ་པ་དེ་ལ་ནི་བཀའ་ལུང་དགོས་པ་ཅི་ཡང་མེད་ལ། གང་ལ་བཀའ་དགོས་པ་ཡོད་པ་མ་ཡིན་པ་དེ་ལ་ནི་དེའི་རྒྱུ་ཆོས་ཀྱང་དོན་མེད་དེ། །དེ ་ལྟར་ན་རེ་ཞིག་བཀའ་དོན་དུ་མི་གཉེར་བ་དེ་ཆོས་མེད་དོ། །འོན་ནི་བཀའ་ལུང་དགོས་པ་ཡོད་པ་དེ་ལ་ཆོས་འབྲས་བུ་དང་བཅས་པར་འགྱུར་བས་དེའི་དོན་དུ་རིགས་སོ་ཞེ་ན། བཤད་པར་བྱ་སྟེ། གང་ཡང་ཆོས་དོན་གཉེར་བ་ཉིད། །དེ་ནི་སྐྱེ་ནད་བླུན ་ཞེས་བྱ། །བླུན་པོའི་རིགས་དང་མི་རིགས་པར་སྤྱོད་པར་མི་ནུས་པ་ཁོ་ན་བཀའ་དོན་དུ་གཉེར་བར་འགྱུར་གྱི། མཁས་པ་ནི་ཕྱི་རོལ་ཏུ་གཡེངས་པའི་ཚོགས་ཀྱི་ངལ་བ་བདེ་བར་མི་སེམས་སོ། །གཞན་ཡང་འདི་བཀའ་ལུང་ལ་གནོད་པས་བྲོད་པ་དང ་ཕྲལ་བ་ལས་དེ་དང་རྗེས་སུ་མི་མཐུན་པ་དག་ལ་འཇུག་པས་གནས་པ་ན་འདོད་བཞིན་དུ་བྱ་བ་མ་ཡིན་པ་བྱེད་དེ། དེའི་ཕྱིར་ཆེས་སྡིག་པའི་གནས་སྐབས་སུ་འགྱུར་བས་དོན་དུ་གཉེར་བར་མི་རིགས་སོ། །གལ་ཏེ་འདི་དགེ་བའི་ལས་ཀྱིས་བཀའ་ ་ཙམ་དོན་དུ་གཉེར་བར་གྱུར་ཞིང་མི་བདེ་བའི་ཕུང་པོ་རྒྱལ་སྲིད་དོན་དུ་གཉེར་བར་བྱེད་ན་ནི། དེ་ལས་ཆེས་བླུན་པ་གཞན་སུ་ཞིག་ཡོད་པར་འགྱུར། ལོ་ཚིགས་ཞེས་པ་བཞིན་ནོ། །རྩིས་མཁན་འགའ་ཞིག་ལ་བུ་གཅིག་ལ་གཟུགས་ལ་སོགས་པ ་ཡོན་ཏན་དང་ལྡན་པ་ཞིག་ཡོད་ལ། དེ་ཡང་བུ་དེ་དང་ལྷན་ཅིག་ཡུལ་གཞན་དུ་སོང་བར་གྱུར་ཞིང་དེ་གཞན་དག་གི་གམ་དུ་བདག་ཉིད་དོར་བར་བྱའོ། །ཞེས་དུ་བར་བརྩམས་སོ། །གཞན་དག་གིས་དེ་ལ་ཅིའི ་ཕྱིར་དུ་ཞེས་དྲིས་པ་དང། དེས་ཉི་མ་དྲུག་ན་བདག་གི་བུ་འདི་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་སྨྲ་སྟེ། ཉི་མ་དེ་དག་ཙམ་ཁོ་ནར་དེས་བུ་དེ་བསད་པར་གྱུར་ཏོ། །འདིར་སྨྲས་པ། མཐོ་རིས་ཀྱི་གནས་ན་མི་རྣམ་ལ་འཆོས་ཀྱི་འབྲས་བུ ་ཕྱུག་པའི་ཁྱད་པར་དམིགས་ནས་མ་འོངས་པའི་འབྲས་བུའི་ཁྱད་པར་འདོད་པ་ནམ་མཁས་པ་སུ་ཞིག་གུས་པ་དང་བཅས་པས་བསོད་ནམས་དག་མི་བྱེད། བཤད་པར་བྱ་སྟེ། མ་འོངས་པ་ཡི་འབྲས་མཐོང་ནས། །ཆོས་འདོད་ཆགས་པས་ཁྱོད ་ཆགས་ན། མ་འོངས་མཛའ་ནི་མཐོང་གྱུར་ནས། །འཇིགས་པ་མེད་དཾ་ཅི་ཞིག་བྱེད། མངོན་པར་འདོད་པའི་འབྲས་བུ་མ་འོངས་པ་ལ་འདོད་པ་ན་འདི་འདུ་བྱེད་དགེ་པ་དག་ལ་འདོད་ཆགས་བསྲེལ་ན། དེའི་འབྲས་བུ་དེ་མ་ཐག་ཏུ་འབྱུང་བའི་ངན་འགྲོ་ནི་མཆོག་ཏུ་ཡིད་དུ་མི་འོང ་བ་ཞིག་སྟེ། དེ་ཡོངས་སུ་སྤང་བར་བྱེད་པས་འབྲས་བུ་ལྟར་ཆོས་ལ་ཡང་རེ་བ་སྤང་བར་བྱའོ། །འབྲས་བུ་དང་ཆོས་ལ་ཆགས་པ་མེད་པ་ནི་ངེས་པར་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་དུ་འགྱུར་རོ། །གལ་བའི་གནས་ཉོ་བ་བཞིན་ནོ།། ་ཇི་ལྟར་མི་མི་མཁས་པ་འགའ་ཞིག་ཡོན་ཏན་དང་ལྡན་ནོ་སྙམ་དུ་བསམས་ནས་གལ་བའི་གནས་ཉོ་ལ། དེ་ཡང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་འཇུག་པའི་རྒྱུ་ཉིད་ཀྱི་ཕྱིར་ཉེས་པ་དུ་མས་སྐྱོན་ཆགས་པར་གྱུར་པ་ལྟ་བུའོ། །གཞན ་ཡང་འབྲས་བུའི་རྒྱུ་མཚན་དུ་དགེ་བར་འདོད་པ། གླ་པ་ལྟ་བུའི་བསོད་ནམས་ནི། །རྣམ་ཀུན་རྡན་པ་དང་མཚུངས་འགྱུར། །ཇི་ལྟར་གླ་པ་འབྲས་བུ་འདོད་ན་གླའི་དོན་དུ་ལས་བྱེད་པ་དེ་བཞིན་དུ་སྐྱེ་བོ་འདི་ཡང་འབྲས་བུའི་ཆེད་དུ་སྦྱིན་པ་སོགས?? ་འཇུག་གི། དེའི་ཕྱིར་གླ་བ་དང་འདྲ་བར་འགྱུར་དུ་འོང་པས་འབྲས་བུ་ཡིད་དུ་འོང་བའི་ཆེད་དུ་སྦྱིན་པ་ལ་སོགས་པའི་ལས་ལ་འབད་པར་མི་བྱའོ། །དེ་ལ་མཁས་པ་རྣམས་ལ་དེ་ལས་བཟློག་པར་འགྱུར་བར་དོགས་པར་མི་བྱ་སྟེ། འདི་ལྟར། གང་དག་དགེ་བ་འང ་མི་འདོད་ལ། །དེ་དག་མི་དགེ་ཇི་ལྟར་བྱེད། །བྱ་བ་མངོན་པར་འདོད་པ་ལ་ནི་རང་དང་གཞན་གྱི་བདེ་བ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་བསོད་ནམས་ཀྱི་བྱ་བ་མཆོག་ཡིན་ན་གང་དག་དེ་ཡང་འཁོར་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་མི་འདོད་པ་དེ་དག་ད་ལྟར་རང ་དང་གཞན་ལ་གཏན་དེན་མ་ཡིན་པར་གྱུར་པའི་མི་དགེ་བ་ཇི་ལྟར་བྱེད་དེ་དག་ལ་ནི་འདི་དོགས་པར་བྱ་བར་མི་ནུས་ཀྱང་འཁོར་བ་ལས་ལྡོག་པ་ནི་སྲིད་དོ། དེའི་རྒྱུ་ལས་མི་བྱེད་པའི་ཕྱིར་རོ། །རང་ཀ་ཊས་རྒྱལ་བུ་ལ་གླང་བསྐལ་བ་བཞིན་ནོ། །རང་ཀ་ཊ ་ཞེས་བྱ་བ་མཆོག་ཏུ་དབུལ་ཞིང་ཕོངས་པ་སྤྲང་བ་འགའ་ཞིག་གིས་འགའ་ཞིག་དག་ལ་ཁ་འཕོ་ལེགས་པར་མ་སྦྱར་བ་ཞིག་རྙེད་དོ། །དེ་ཡང་རང་གི་གོས་ཧྲུལ་དྲི་མ་དང་ཆུ་སེར་ལ་སོགས་པ་དྲི་མའི་སྐྱོན་དུ་མས་བརླག་པ་ཞིག་ཏུ་བཏུམས་པར་གྱུར་པ་དང ་བག་མེད་པ་དེའི་དེ་ཁྱིས་ཕྲོགས་པར་གྱུར་ལ། དེ་དང་ཤིན་ཏུ་མི་རིང་བ་ཞིག་ན་རྒྱལ་བུ་ཞིག་ལྷ་མཉེས་པར་བྱ་བར་འདོད་པས་སྨྱུང་བར་རྣམ་པར་གནས་པ་དེ་ལ་དེས་རྒྱལ་བུ་འདིས་བདག་གི་སློངས་མོ་ཕྲོགས་ཏེ་ཟོས་སོ་ཞེས་སྐུར་བ་བཏབ་ཏེ་རྒྱལ་བུ་དེ་ནི་སྨྱུང ་བར་གནས་པ་ཉམས་པར་འགྱུར་དུ་འོང་ཞེས་ཏེ། རང་གི་ཁ་ཟས་ཤིན་ཏུ་ལེགས་པར་སྦྱར་བ་ཡང་མི་ཟ་ན་དེ་ལྟ་ཟ་བར་ག་ལ་འགྱུར། དེ་བཞིན་དུ་གང་དག་སྲིད་པའི་རྒྱུ་ཡིན་པས་བསོད་ནམས་དག་ཇཀྱང་བྱེད་པར་མི་ཕོད་པ་དེ་དག་ཇི་ལྟར་ན་ངན ་འགྲོའི་རྩ་བས་བསོད་ནམས་མ་ཡིན་པ་དག་བྱེད་པར་འགྱུར། གཞན་ཡང་མ་རིག་པ་དང་རྗེས་སུ་འབྲེལ་པའི་བྱིས་པ་རྣམས་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་དག་བྱེད་ཅིང་བདེ་བ་དང་ཡིད་བདེ་བ་དང་རྣམ་པར་ཤེས་པ་ལ་སོགས་པའི་རྣཾ ་པར་སྨིན་པའི་ཕྱིར་སོག་པར་ཡང་བྱེད་ཀྱི། །མ་རིག་པར་ཕྱིན་ཅི་ལོག་འཕེལ་བ་དྲུངས་ཕྱུང་བ། རང་བཞིན་མེད་པའི་མཐོང་བ་སྐྱེ་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དམ་པ་ཁོང་དུ་ཆུད་པ། གང་གིས་འགྲོ་བ་འཁྲུལ་འཁོར་གྱི། ། ་ཚོགས་འདྲ་སྒྱུ་མའི་སྐྱེས་བུ་ལྟར། །མཐོང་བར་གྱུར་བ་དེ་དག་ཆེས། །གསལ་བར་གོ་འཕང་དམ་པ་འགྲོ། འཁྲུལ་འཁོར་ནི་སྲད་བུ་དང་ཤིང་དུམ་སོགས་པ་ལས་གྲུབ་པ་ཡིན་ལ། སྒྱུ་མ་ནི་གསངས་སྔགས་དང་སྨན་ཆེན་པོའི་སྟོབས་ཀྱི་རྐྱེན་ལས་བྱུང་བའི ་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཆ་བྱད་དག་གོ། ཇི་ལྟར་གང་དག་ཕྱིན་ཅི་ལོག་ལས་མི་མཁས་པ་རྣམས་ལ་ཀུན་ནས་ཉོན་མོངས་པའི་རྒྱུར་འགྱུར་བ་དེ་དག་ཁོ་ན་དེའི་རང་བཞིན་ལ་མཁས་པའི་འཁྲུལ་འཁོར་དང་སྒྱུ་མ་མཁན་སྐྱེས་པ་དང་བུད་མེད་ཀྱི་རང་བཞིན ་གྱི་སྟོང་པ་ཉིད་མཐོང་བ་རྣམས་ལ་ཇི་ལྟར་ཀུན་ཉོན་མོངས་པའི་རྒྱུར་མི་འགྱུར་བ་དེ་བཞིན་དུ་གང་དག་གིས་འགྲོ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་འཁྲུལ་འཁོར་དང་སྒྱུ་མ་ལ་སོགས་པ་ལྟར་རང་བཞིན་དང་བྲལ་ཞིང་ཡོད་པ་མ་ཡིན་པའི་རང་གི་ངོ་བོར་མཐོང ་བ་དེ་དག་ནི་ཕྱིན་ཅི་ལོག་གིས་ཀུན་ནས་བསྐྱེད་པའི་འཁོར་བ་ལས་བརྒལ་ནས་བསོད་ནམས་དང་སྡིག་པའི་བྱ་བ་ལས་འདས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གཅིག་བུའི་མཐར་ཐུག་པར་འགྱུར་རོ། །འཁྲུག་འཁོར་གྱི་བུ་མོ་བཞིན་ནོ། །རི་མོ་མཁན ་འགའ་ཞིག་གིས་འཁྲུལ་འཁོར་གྱི་སློབ་དཔོན་ཞིག་གིས་ཁྱིམ་དུ་གནས་བཅས་པར་འགྱུར་ལ། དེས་དེར་བཞད་གར་ཀྱི་བསམ་པས་འཁྲུལ་འཁོར་གྱི་བུ་མོ་ཞིག་བསྔགས་སོ། །དེས་བྲན་མོ་འདི་ནི་བདག་ཇི་ལྟར་འདོད་པ་བཞིན་དུ་ཡོངས་སུ་ལོངས་སྤྱོད ་པའི་ཕྱིར་བཏང་བ་ཞིག་གོ་སྙམ་དུ་བརྟགས་ལག་པ་ནས་བཟུང་ནས་དྲངས་པས་ཤིང་ཐང་པོ་ཞིག་ཏུ་གྱུར་ཏེ། དེ་དེ་མཐོང་ནས་ཤིན་ཏུ་ངོ་ཚ་བར་གྱུར་ཏོ། །དེས་ཀྱང་ལན་ཀླན་པའི་ཕྱིར་རྩིག་ངོས་ལ་བདག་ཉིད་ལྕེབས་པ་དེ་ལྟར་བྲིས་པ་དང། དེ ་མཐོད་ནས་འཁྲུལ་འཁོར་གྱི་སློབ་དཔོན་ཨེ་མ་ཀྱི་ཧུང་བརྟུན་དེས་པ་ལས་འཁྲུལ་འཁོར་ལ་རེག་པའི་རི་མོ་མཁན་གྱིས་ངོ་ཚ་བདག་ཉིད། འགེགས་ཏེ་བསོད་ངོ་སྙམ་དུ་སེམས་པར་གྱུར་ཏོ། །དེའི་ཕྱིར་དེ་ལྟར་ན་སྒྱུ་མའི་རང་བཞིན་དང?་ཐ?་མི་དང་པའི་ཆོས་ཀྱི ་རང་བཞིན་ལ་མཁས་པ། གང་དག་ལ་ནི་འཁོར་བ་ན། །ཡུལ་རྣམས་ཀྱིས་ཀྱང་དགའ་མེད་པ། །དེ་དག་ལ་འདིར་རྣམ་ཀུན་དུ། །དགའ་བ་འཐད་པ་མ་ཡིན་ཉིད། །ཡུལ་ལ་ཆགས་པ་ནི་བྱིས་པ་རྣམས་ཀྱི་འཁོར་བར་གནས་པའི་རྒྱུ་ཡིན་གྱི་གང ་དག་ལ་ཆོས་ཀྱི་རང་བཞིན་ལེགས་པར་སོ་སོར་བརྟགས་པའི་ཕྱིར་འཁོར་བར་མངོན་པར་དགའ་བ་དང། ལྷ་དང་མིའི་ཡུལ་རྗེས་སུ་མཐུན་པ་རྣམས་ཀྱིས་ཀྱང་མངོན་པར་དགའ་བར་ཡོད་པ་མ་ཡིན་པ་དེ་དག་ལ་གཞན་སྐྱོ་བ་དང་རྗེས་སུ་མཐུན་པ་སྐྱེ་བ་དང་རྒ་བ་དང ་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པས་འཁྲུག་པའི་རྣམ་པ་ཅན་ལ་མངོན་པར་དགའ་བ་ཡོད་པར་འགྱུར་རམ་ཞེས་མི་སྲིད་པར་སེམས་ཤིང། དེ་དག་ལ་འདིར་རྣམ་ཀུན་དུ། །དགའ་བ་འཐད་པ་མ་ཡིན་ཉིད་ཅེས་བཤད་དེ། མཁས་པ ་རྣམས་ནི་དགའ་བའི་རྒྱུ་ཕྱིན་ཅི་ལོག་སྤངས་པའི་ཕྱིར་འཁོར་བར་དགའ་བ་མ་ཡིན་ཏེ། ལེགས་མཐོང་ཆེན་པོ་བཞིན་ནོ། །ཀུ་ཤའི་གྲོང་ཁྱེར་དུ་བྱང་ཆུབ་སམས་དཔའ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་རྣམ་པར ་གནས་ཤིང་ཁྱིམ་ན་གནས་པ་ཞིག་གིས་ཡུལ་གྱི་ཉེས་པ་མཐོང་བའི་ཕྱིར་བཙུན་མོ་བརྒྱད་ཁྲི་བཞི་སྟོང་སྤངས་ནས་བསམ་གཏན་བཞི་བསྐྱེད་དོ། །འདིར་ལེགས་མཐོང་ཆེན་པོ་སྨོས་པ་ནི་དཔེ་ཙམ་ཞིག་ཏུ་ཟད་དོ། །དེ་ལས་གཞན་པ་བྱང་ཆུབ་སེམས།། ་དཔའ་ས་ཐོབ་པ་དག་ཀྱང་འགྲོ་བ་རང་བཞིན་མེད་པར་མཐོང་བའི་ཕྱིར་ལྷའི་ཡུལ་དག་གིས་ཀྱང་འཁོར་བར་དགའ་བ་མ་ཡིན་མོད་ཀྱི་འོན་ཀྱང་འགྲོ་བ་རྣམས་ཀྱིས་དེའི་རང་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་འཁོར ་བའི་མཚོར་འཁོར་ཞིང་འཁོར་བའི་ཉེས་པའི་དྲི་མ་དག་གིས་མ་གོས་པ་ཡིན་ནོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་མི་ཉིད་ཀྱིས་མདོན་པར ་འདོད་པའི་ཡུལ་གྱི་ལོངས་སྤྱོད་ལ་མངོན་པར་ཞེན་པ་སྤང་བའི་ཐབས་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའི་འགྲེལ་པའོ།། །།གང་ཞིག་འདོད་ཆགས་ཀྱི་འཆིད་བ་ཚ་བས་ཆེར་གཏད་པ་ཉིད་ཀྱི་ཕྱིར་བདག ་དང་གཞན་ལ་འདོད་ཆགས་སྤོངས་པར་མི་སྲིད་པར་དོགས་པ་དེ་ལ་བཤད་པ། ཇི་ལྟ་མི་མཐུན་མི་རྣམས་ལ། །མཛའ་བ་ཡུན་རིང་མི་གནས་པ། །དེ་བཞིན་ཀུན་ལ་སྐྱོན་ཤེས་ལ། །འདོད་ཆགས་ཡུན་རིང་མི་གནས་སོ། །སྐྱེ་བོ་རྗེས་སུ ་མཐུན་པར་འཇུག་པ་རྣམས་ཁོ་ན་ལ་དེས་ཕན་བཏགས་པའི་སྟོབས་ཀྱི་སེམས་ཀྱིས་འཇུག་པ་དྲངས་པའི་མི་རྣམས་ཀྱི་མཛའ་བོ་དེའི་ཡོན་ཏན་ལྷག་པར་སྒྲོ་བཏགས་པ་སྔོན་དུ་འགྲོ་བ་ཅན་སྐྱེ་བ་དང་གནས་པར་དམིགས་ཀྱི་རྗེས་སུ་མི ་མཐུན་པ་དག་ལ་ནི་མ་ཡིན་ནོ། །དེའི་སྐྱོན་ཉེ་བར་རྟོག་པ་ལ་ཞུགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་ཇི་ལྟར་འགལ་བའི་མི་རྣམས་ལ་མཛའ་བ་ཡུན་རིང་པོར་གནས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་པ་ལ་ཡང་ཕྱི་དང་ནང ་གི་དངོས་པོ་རྣམས་ལ་སྐྱོན་དུ་མཐོང་བ་ཉིད་ཀྱི་ཕྱིར་ཇི་ལྟར་ཐམས་ཅད་དུ་འདོད་ཆགས་དང་བྲལ་བ་མི་སྲིད། བྲམ་ཟེའི་ཁྱེའུ་རྒྱུ་དང། །འཕགས་པ་དགྲ་བོ་ཕམ་དང། རྒྱལ་པོའི་བུ་གཡུལ་དོར་ཕམ་པ་བཞིན་ནོ། །ཇི་ལྟར་བྲམ་ཟེའི་ཁྱེའུ ་རྒྱུ་ཞེས་བྱ་བ་བག་མ་ལེན་པའི་དུས་སུ་ལན་ཀནན་རྣམ་པར་གནས་ཤིང་གཞོན་ནུ་མའི་ལག་པ་ནས་འཛིན་པར་འདོད་པ་ལ་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་འབྲེལ་ན་འཆིང་ཞིང། བྲལ་ན་རྣམ་པར་གྲོལ་ལོ་ཞེས་གསུངས་པ་དང། དེས ་གསུང་དེ་ཐོས་ཏེ། དེ་ན་གནས་པ་ཉིད་ཀྱིས་འཕགས་པའི་བདེན་པ་བཞི་མཐོང་བ་སོ་སོར་རྟོགས་པར་བྱས་པ་ལྟ་བུ་སྟེ། དེ་ལ་འབྲེལ་ན་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པའོ། །འཆིང་ཞིང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའོ། །བྲལ་ན་ཞེས་བྱ་བ་ནི ་ལམ་གྱི་བདེན་པའོ། །རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་འགོག་པའི་བདེན་པའོ། །རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་བཞིན་དུ་འཕགས་པ་དགྲ་བོ་ཕམ་སྔོན་ཕྱུགས་རྫིར་གྱུར་པ་ཡང་སྟེ། དེའི་ཕ་ཤི་ཞིང་ཁོ ་པོ་རབ་ཏུ་བྱུང་ལ། དེ་ལ་ཡང་བག་མ་ལེན་པའི་ཆོས་ཉེ་བར་གནས་པ་དང། དེ་བྱུང་ཚུལ་དེ་ཁོ་བོ་དེ་ལ་གོ་བར་བྱས་པས་དེས་ཁྱོད་ཀྱི་དོན་དུ་གཉེར་བས་མང་དུ་བཏང་ན། ཅི་བུ་མོ་འདིའི་རིན་ཆ་རྗེས་སུ་འཚམ་མམ་རེ་ཞིག་དེའི་བཤད་པའི ་རིང་ཐང་ཅི་ཡིན་པ་ཆོད་དང། དེ་བཞིན་དུ་གཅི་བ་དང་ཁྲག་དང་སྣབས་དང། ཞག་དང་ཆུ་སེར་དང་སུངས་པ་དང། སྦུབས་ཀྱི་ཞེས་རྒྱས་པར་སྨྲས་སོ། །དེ་ཡུལ་གྱི་སྐྱོན་ཤེས་པའི་ཕྱིར་ཚིག་དེ་དག་ཐོས་ནས་ཚོགས་ལས་བྱུང་སྟེ། རབ་ཏུ་བྱུང ་ཞིང་དགྲ་བཅོམ་པ་ཉིད་དུ་ཡང་གྱུར་ཏོ། །དེ་བཞིན་དུ་རྒྱལ་པོ་འགའ་ཞིག་ལ་བུ་ཤིན་ཏུ་ཕངས་པ་ཞིག་ཡོད་ལ། དེ་ནས་རེ་ཞིག་ན་རེངས་པ་དང། བརྒྱལ་བ་དེས་དེ་གཡུལ་གྱིས་ཕམ་པར་བྱས་ནས་བཟུང་ལ། དེའི་ཉེས་པ་མཐོང་བའི་ཕྱིར ་དེ་ལས་རྒྱལ་པོའི་དེའི་ཆགས་པ་ལོག་པར་གྱུར་ཏོ། །དེ་བཞིན་དུ་སྐྱོན་ཤེས་པ་ལ་ཐམས་ཅད་དུ་འདོད་ཆགས་མི་གནས་སོ། །ཐམས་ཅད་དུ་སྐྱོན་དུ་མཐོང་བའི་ཕྱིར་འདོད་ཆགས་མི་གནས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལས་ཀྱང་སྤོངས ་བ་སྲིད་དོ། །འདོད་ཆགས་ཀྱི་གཞི་མེད་པའི་ཕྱིར་རོ། །དེའི་གཞི་ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། ལ་ལ་དེ་ཉིད་ལ་ཆགས་ཏེ། །ལ་ལ་དེ་ཉིད་ལ་སྔར་ཞིང། །ལ་ལ་དེ་ཉིད་ལ་རྨོངས་ལ། །དེའི་ཕྱིར་འདོད་པ་དོན་མེད་པའོ། ། ་འདོད་ཆགས་ནི་ཆགས་པར་འགྱུར་བའི་དངོས་པོ་ལ་རག་ལས་པ་ཡིན་ནོ། །ཆགས་པར་འགྱུར་བའི་དངོས་པོ་དེ་ཡང་རང་གི་ངོ་བོས་མ་གྲུབ་སྟེ། དེ་ལྟར་གཅིག་གི་ཆགས་པར་བྱ་བ་གང་ཡིན་པ་ཉིད་གཞན་གྱིས་སྡད ་བར་བྱ་བ་དང་རྨོངས་པ་དང་བར་མ་བྱས་པར་དམིགས་སོ། །གལ་ཏེ་རང་གི་ངོ་བོས་ཆགས་པར་བྱ་བའི་དངོས་པོར་གྱུར་ན་ནི། དེ་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་དེ་ལྟར་འགྱུར་བ་ཞིག་ན། ངེས་པ་འདི་ནི་མཐོང་བ་མ་ཡིན་ནོ། །འདི་ལྟར་གང ་ལ་གཅིག་ཆགས་པ་དེ་ཉིད་ལ་གཞན་སྡང་ཞིང་དེ་ཉིད་ལ་གཞན་རྨོངས་ཏེ། དེའི་ཕྱིར་ན། འདོད་པ་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་སྟོང་པ་ཡིན་ཞིང། དེ་ལྟར་ཆགས་པར་འགྱུར་བའི་དངོས་པོ་སྟོང་པ་ཉིད་དུ་བསྒོམ་པ་ལྷུར་བྱེད་པའི་རྣལ ་འབྱོར་པ་ལ་འདོད་ཆགས་སྤོང་བ་ཡོད་པ་ཉིད་དོ། །མ་དང་ཆུན་མ་དང་བྲན་མོ་བཞིན་ནོ། །སྐྱེས་བུ་འགའ་ཞིག་ལ་ཆུང་མ་གཉིས་ཡོད་ཅིང་དེ་ལས་གཅིག་ནི་བུ་དང་ལྷན་ཅིག་འདུག་ལ། གཉིས་བ་ནི་བུ་མེད་པར་རོ། །དེ་ལ་མ་དེ་ནི་གང ་གི་ཚེ་རང་གི་བུ་མཐོང་བ་དེའི་ཚེ་དགའ་བར་འགྱུར་ཞིང་ཆུན་མ་དེ་ནི་དེ་མཐོང་ནས་སྡུག་བསྔལ་པ་ཉིད་དུ་འགྱུར་ལ། བྲན་མོ་ནི་མཐོང་ནས་བར་མར་གནས་པར་འགྱུར་ཏེ། དེ་ལྟར་ན་འདོད་ཆགས་ལ་སོགས་པ་རྣམས་ཀྱི་དམིགས་པ་ལ་རང ་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་དམིགས་པ་མ་གྲུབ་པས་འདོད་ཆགས་ལ་སོགས་པ་མ་གྲུབ་པར་བསྟན་ནས་རྒྱུ་མ་གྲུབ་པས་ཀྱང་འདོད་ཆགས་ལ་སོགས་པ་མ་གྲུབ་པར་བསྟན་པའི་ཕྱིར། རྟོག་པ་མེད་པར་འདོད ་ཆགས་ལ། །སོགས་པ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དེ་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་བྱ་བ་སྨོས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཀུན་ཏུ་རྟོག་ལས་འབྱུང་བར་བཤད། ཅེས་འབྱུང་བའི་ཕྱིར་རོ། ། ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྒྱུ་ནི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་རྟོག་པ་སྟེ། དེའི་ཕྱིར་གང་དག་རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས ་པ་ལ་བརྟགས་པའི་སྤྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །གང་ཞིག་འདོད་ཆགས་ལ་སོགས་པ་རྣམས་ལ་རང་གི་ངོ་བོས་གྲུབ་པར་ཁས་ལེན་པ་དེ་ནི་ངེས་པར་རང་གི་ངོ་བོས་གྲུབ་པ་དང་འགལ་བ་རྟོག་པ་ལ་བལྟོས་ཏེ། སྐྱེ་བ་ཉེད་ཁས ་བླང་བར་མི་བྱའོ། །གལ་ཏེ་འདི་ཡང་དག་པའི་དོན་ཡིན་ན་ནི་ཅིའི་ཕྱིར་དེ་ཡོད་པ་ཉིད་དུ་བྱ་བ་ལ་རྟོག་པ་ལ་བལྟོས། འོན་ཏེ་བལྟོས་ན་ནི་འདི་ཇི་ལྟར་ཡང་དག་པའི་དོན་ཡིན། དེ་ལྟར་ན་འཐད་པ་དང་བཅས་པའི་ལུང་གི་སྣང་བས་སེམས་ཀྱི་རྒྱུད ་གསལ་བར་བྱས་པའི་ཕྱིར་མཁས་པ་རྣམས་རང་གི་ངོ་བོས་གྲུབ་པ་ལ་རྟོག་པས་བསྐྱེད་པ་ཉིད་ཁས་ལེན་པར་མི་བྱེད་ཀྱི། བླུན་པ་རྣམས་ནི་ཇི་ཞིག་ལྟར་ཕྱིན་ཅི་ལོག་བས་རབ་ཏུ་འཇུག་པར་འགྱུར་རོ། །བསམ་གཏན་པའི་མགོའི་ཐད་པ་བཞིན་ནོ། ། ་བསམ་གཏན་ལ་འགའ་ཞིག་བདག་གི་མགོ་ལ་ཐོད་པ་ཞིག་འཇར་རོ་སྙམ་དུ་སེམས་རྣམ་པར་འཁྲུལ་པར་གྱུར་བ་དང། དེ་ལ་འགའ་ཞིག་གིས་འདི་ཁྱོད་ཀྱི་མགོ་ལས་ལྷུང་ངོ་ཞེས་ཐོད་པ་གཞན་ཞིག་བསྐྱུར་བས་དེ་དེ་ལྟར་རོ་སྙམ་དུ་རྟོགས་ནས ་རྣལ་མར་གྱུར་ཏེ། རྟོག་པ་ལོག་པའི་ཕྱིར་རོ། །འདིར་སྨྲས་པ། འདོད་ཆགས་ལ་སོགས་པ་རྣམས་ལ་རང་བཞིན་ཡོད་པ་ཁོ་ན་སྟེ། འཆིང་བ་ཡིན་པའི་ཕྱིར་རོ། །འདི་ལྟར་བུད་མེད་ནི་སྐྱེས་པའི་ཡུལ་ཅན་གྱི་འདོད་ཆགས་ཀྱི་སྐྱེ་པ་དང་ལྷན་ཅིག ་བཅིངས་པས་སྐྱེས་པ་ལས་མི་མདའ་ལ། སྐྱེས་པ་ཡང་བུད་མེད་ཀྱི་ཡུལ་ཅན་གྱི་འདོད་ཆགས་ཀྱི་བུད་མེད་དང་ལྷན་ཅིག་བཅིངས་པས་བུད་མེད་མི་གཏོང་བ་ཡིན་ནོ། །བཤད་པར་བྱ་སྟེ། འགའ་ལའང་གང་དང་ལྷན་ཅིག་ཏུ། །བཅིངས་པ་ཞེས་བྱ་ཡོད ་མིན་ཏེ། །དེ་ལྟར་འདོད་ཆགས་རྟོག་པ་ལ་བལྟོས་ཏེ་སྐྱེ་བ་ཉིད་ཀྱི་ཕྱིར་རང་བཞི་གྱིས་མ་གྲུབ་པ་དེ་བཞིན་སྐྱེས་པ་དང་བུད་མེད་དག་ཀྱང་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་ན་དོན་འགའ་ཞིག་ཡང་དོན་འགའ་ཞིག་དང་བཅིངས་པར?་རང ་བཞིན་གྱིས་ཡོད་པ་མ་ཡིན་པས་བཅིངས་པའི་རྒྱུ་ཅན་ཡིན་པའི་ཕྱིར་འདོད་ཆགས་རང་གི་ངོ་བོས་གྲུབ་པ་མ་ཡིན་ནོ། །ཅི་སྟེ་ཡང་དེ་ལྟར་རྣམ་པར་དཔྱོད་པ་དོར་ནས་གཞན་དང་གཞན་ལྷན་ཅིག་བཅིངས་པར་རྟོག་ན། དེ་ལྟར་ན་ཡང། གཞན ་དང་ལྷན་ཅིག་བཅིངས་པ་ལ། །བྲལ་བ་རིགས་པ་མ་ཡིན་ནོ། །བྲལ་བ་དང་རྣམ་པར་ཐར་པ་དང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །གལ་ཏེ་རང་བཞིན་གྱི་གཞན་གྱིས་འཆིང་བའི་རྒྱུ་ཉིད་དུ་འགྱུར་ན་ནི་དེའི་ཚེ་རང་གི་ངོ་བོ་ལ་གཞན་དུ ་འགྱུར་བ་མེད་པའི་ཕྱིར་གྲོལ་བ་མེད་པའི་ཕྱིར་གྲོལ་བ་མེད་པ་ཁོ་ནར་འགྱུར་བ་ཞིག་ན་རྣམ་པར་གྲོལ་བ་ཡོད་པས་འདོད་ཆགས་ལ་རང་གི་ངོ་བོས་འཆིང་བའི་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །འཆིང་བའི་རྒྱུ་ཉིད་མེད་ན་ཡང་བཅིངས་པ ་ག་ལ་ཡོད་།དེའི་ཕྱིར་འདོད་ཆགས་ལ་སོགས་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་པ་ཁོ་ན་ཡིན་ཞིང། རང་བཞིན་གྱིས་སྟོང་པ་ཉིད་དུ་མཐོང་བ་ལས་སྤོང་བར་འགྱུར་རོ་ཞེས་བྱ་བ་གཞག་པར་ནུས་སོ། །གླང་ནག་པོ་དང་དཀར ་པོའི་སྦྱོར་བ་བཞིན་ནོ། །ཇི་ལྟར་གླང་ནག་པོ་གླང་དཀར་པོ་ལ་སྦྱོར་བ་མ་ཡིན་ལ། དཀར་པོ་ཡང་ནག་པོ་ལ་མ་ཡིན་གྱི་འོན་ཀྱང་གཉའ་ཤིང་དང་ཆུ་ཐག་ལ་སོགས་པ་ཡིན་ཏེ། དེ་བཞིན་དུ་དབང་པོ་རྣམས་ཡུལ་རྣམས ་ལ་མ་ཡིན་ལ། ཡུལ་རྣམས་ཀྱང་??་དབང་པོ་རྣམས་ལ་མ་ཡིན་གྱི་འོན་ཀྱང་འདིར་འདུན་པའི་འདོད་ཆགས་གང་ཡིན་པ་དེ་འཆིང་བ་ཡིན་ནོ། །གལ་ཏེ་དེ་ལྟར་རྣམ་པར་དཔྱད་པས་ཉོན་མོངས་པ་རྣམས་ལྡོག་ན་ནི་ཅིའི་ཕྱིར་ཕལ་ཚཆེར?་ཉོན ་མོངས་པ་ཕམ་པར་མ་བྱས་པ་དག་ལྟར་སྣང་ཞེ་ན། ཟབ་མོའི་ཆོས་ལ་ལྷག་པར་མོས་པ་དང་བྲལ་བའི་ཕྱིར་རོ། །འདི་ལྟར། བསོད་ནམས་ཆུང་དུས་ཆོས་འདི་ལ། ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གི། སྲིད་པ་ཧྲུལ་པོར་བྱས་པར ་འགྱུར། །མི་མཁས་པ་འཁོར་བ་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་ཏུ་ལྟ་བ་གོམས་པར་བྱས་ཤིང་དངོས་པོ་གཟུགས་བརྙན་ལྟ་བུ་རྣམས་ལ་འདིའི་བདེན་པར་མངོན་པར་ཞེན་པ་ནི་སྟོང་པ་ཉིད་ཉེ་བར་སྟོན་པ་གཡང་ས་ལྟར་སེམས་ཏེ། སེམས་ཀྱི་རྒྱུ་བ ་སྟོང་པ་ཉིད་ཀྱི་ལྟག་པར་མོས་པའི་རྒྱུད་དགེ་བའི་རྩ་བ་དང་བྲལ་བའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་སེམས་ཅན་ལ་ནི་ཕྱིན་ཅི་ལོག་ཏུ་ངེས་པ་ལས་མ་གཏོགས་པ་སྟོང་པ་ཉིད་ཀྱི་ཆོས་འདི་ལ་ཇི་ལྟར་ཡིན་ནམ་འདི་ལྟར་མ་ཡིན་སྙམ་དུ་ཐེ་ཚོམ་ཡང་མི་སྐྱེའོ། ། ་དེའི་ཕྱིར་གྲོལ་བའི་རྒྱུ་ལ་ཕྱིན་ཅི་ལོག་པའི་ཕྱིར་དེ་ལ་ཐར་པ་ལྟ་ག་ལ་ཡོད། གལ་ཏེ་སྟོང་པ་ཉིད་ཀྱི་ཆོས་ཡང་དག་པར་ཉེ་བར་བསྟན་ན་རྒྱུ་ཅི་ཞིག་གཅིག་གིས་ཆོས་འདི་ལྟར་མ་ཡིན་ཞིང་འདི་ཐེ་ཚོམ་བསྐྱེང་ན་ནི་ཐེ་ཚོམ་ཟ་བ་འདི་ཙམ་གྱིས་ཁྱད?་ངེས་པར་འདིའི་སྲིད ་པ་དེངས་པ་ཉིད་དུ་འགྱུར་ཏེ། དེ་ནི་གལ་ཏེ་འདི་ལྟར་ཡིན་སྙམ་དུ་དམིགས་པ་ན་དེའི་ཚེ་དེ་རིམ་གྱིས་ཉོན་མོངས་པའི་རྐུན་པོ་གཅོད་པའི་རྒྱུར་འགྱུར་རོ། །ཡང་ཐེ་ཚོམ་ཟ་བ་པོ་ངེས་པར་དོན་དུ་གཉེར་ཞིང་འཐད་པ་དང་བཅས་པའི་ལུང་གི་སྟོབས་ལས་ཡང་དག ་པའི་ལྟ་བ་ལ་ངེས་པར་གྱུར་པ་ནི་ཉོན་མོངས་ཟད་པ་ལས་འཁོར་བ་རྒྱུན་ཆད་པར་བྱེད་པས་ཐེ་ཚོམ་ཟ་བའི་དུས་ན་ཡང་འདིའི་སྲིད་པ་ཧྲུལ་པོ་ཁོ་ནར་འགྱུར་པ་མངོན་ཏེ། དེ་འཇོམས་པ་དང་མཐུན་པའི་གནས་སྐབས་ལ་གནས་པའི་ཕྱིར་རོ། །སྲིན་མོས་བཟུང ་བའི་རྟའི་རྒྱལ་པོ་བ་ལ་ཧ་ཀས་ཐར་པར་བྱས་པ་བཞིན་ནོ། །དཔེར་ན་བཞོན་པ་ཆད་པའི་དེད་དཔོན་སྲིན་མོས་བཟུང་སྟེ་ཁྱིམ་ཐབ་ཉིད་དུ་བསྟོན་ཞིང?་དེས་ཁྱོད་ཀྱིས་ནམ་ཡང་ལྷོ་ཕྱོགས་སུ་འགྲོ་བར་མི་བྱའོ་ཞེས་ལྷོ་ཕྱོགས་ནས་བཟློག་པ་དང། དེ་ཅིའི་ཕྱིར་འདི་དག ་བཟློག་པར་བྱེད་སྙམ་དུ་ཐེ་ཚོམ་ཟ་བ་ཙམ་གྱིས་ཕྱིན་ལ། དེ་ཡང་རྟའི་རྒྱལ་པོ་བེ་ལ་ཧ་ཀ་དང་ཕྲད་ནས་དེ་ནས་སྲིན་མོ་དེ་ལས་ཐར་ཞིང་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ནོ། །གལ་ཏེ་དེ་ལ་ཐེ་ཚོམ་འབྱུང་བར་མི་འགྱུར་ན་ནི་སྲིན་མོ་དེ་ལས་ཐར ་བར་མི་འགྱུར་ན། རྒྱ་མཚོའི་ཕར་འགྲམ་དུ་ཡང་ཕྱིན་པར་མི་འགྱུར་པ་ལྟ་བུའོ། །ཡང་གང་ལ་ཐེ་ཚོམ་ཟ་བ་སྲིད་པ་ཧྲུལ་པོ་ཉིད་ཀྱི་རྒྱུར་འགྱུར་བ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཆོས་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བཟོད་པའི ་སྐད་ཅིག་དང་པོ་ནས་ཉེ་བར་བཟུང་ནས་ཇི་སྲིད་ཐར་པར་འགྱུར་བ་དེའི་བར་དུ་ཡོངས་སུ་མི་ཉམས་པ་དང་འཕེལ་བར་གསུངས་ཀྱི་འཇིག་རྟེན་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་རྣམས་ནི་རྣམ་པར་སྨིན་པ་ཟད་པ་ལས་ཀྱང་ཟད་པར་འགྱུར་ལ། རྐྱེན་མ ་ཚང་པ་ལས་ཀྱང་མི་འབྱུང་ངོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་མ་བརླབས་པའི་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ནི་དམུས་ལོང་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་བྱིན་པར་བྱེད་མི་ནུས་སོ། །ཞེས་སྟོན ་པས་གསུངས་སོ། །དེའི་ཕྱིར་དེ་ལྟར་ན། ཆོས་གང་ཞིག་ལ་ཐུབ་པ་ཡིས། །ཐར་པའི་བར་དུ་འཕེལ་བ་ཉིད། །གསུངས་དེར་གང་ལ་གུས་མེད་པ། །དེ་ནི་གསལ་བར་བློ་ལྡན་མིན། །གང་ཞིག་གཏན་དུ་ཕན་འདོགས་ཤིང་འཕེལ་བ་རབ ་ཏུ་འགྱུར་བ་དང་ལྡན་པའི་ཆོས་ལ་གུས་པ་སྐྱེད་བར་མི་བྱེད་པའི་རྨོངས་པ་དེ་ནི་དོར་བའི་གནས་ལ་འཇིགས་པར་ལྟ་བ་དེའི་ཕྱིར་བདག་ཉིད་བླུན་པོ་ཉིད་དུ་མངོན་པར་བྱེད་པ་ཞིག་སྟེ། དེའི་ཕྱིར་དེ་ལྟར་བླུན་པོར་འགྱུར་དུ་འོང་བས་མཁས་པ ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་ལ་གུས་པ་བཞག་པར་བྱའོ། །ལི་ཁ་རའི་ལ་དུ་བཞིན་དུ། ཐར་མ་དང་ཕྱག་རྒྱ་བཞིན་ནོ། །དཔེར་ན་ལི་ཁ་རའི་ལ་དུ་ཀུན་ནས་མྱང་བར་བྱ་བ་ཡིན་པ་དེ་དང་འདྲའོ། །ཡང་ཇི་ལྟར་སྐྱེས་བུ་འགའ་ ་ཞིག་གིས་རིགས་སྔགས་གཉིས་གྲུབ་པོ། །དེ་ལ་གཅིག་གས་ནི་ཐུར་མ་ལ་ཡོངས་སུ་བཟླས་ནས་སྐྱེ་བོ་རྣམས་ཀྱི་ནང་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །གཉིས་པས་ནི་ཕྱག་རྒྱ་བཅས་ནས་སོ། །དེ་ནས་དེས་འཛའ་པོ་འགའ་ཞིག་ལ་ཁྱོད་རིག་སྔགས་གཉིས ་པོ་འདི་ནོས་དང། ཁྱོད་ལ་ཕན་པར་འགྱུར་གྱི་ཞེས་སྨྲས་པ་ལས་དེས་མ་མནོས་སོ། །དེ་ནས་གྲོགས་པོ་མཛའ་བ་དེ་ཤི་བ་དང། དེ་ལ་ནད་ཆེན་པོ་བྱུང་བ་དེ་ཡང་གསོར་མི་རུང་བ་ཞིག་སྟེ། དེ་ཉིད་ཤི་བར་ཡང་འགྱུར་བ་བཞིན་ནོ། །ཡང་ཅི་དངོས་པོ ་འདི་རྣམས་མི་སྟོང་བཞིན་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ལྟར་མཐོང་ངམ། འོན་ཏེ་རང་བཞིན་གྱིས་སྟོང་པ་ཁོ་ན་ཡིན་དང་སྟོང་པའོ་ཞེས་བསྙད་ཅེ་ན། བཤད་པར་བྱ་སྟེ། བདག་ནི་མྱ་ངན་འདས་འགྱུར་ཞེས། །སྟོང་མིན་སྟོང་ལྟར ་མཐོང་མིན་ཏེ། །ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་གསུང་ངོ། །དངོས་པོ་རྣམས་གཞན་དུ་གནས་པ་ལས་རྣམ་པ་གཞན་དུ་ཡོངས་སུ་ཤེས་པ་དེ་ནི་ལོག་པར་ལྟ་བའོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས ་མི་སྟོང་བཞིན་དུ་རང་བཞིན་དུ་སྟོང་ཞེས་མཐོང་ན་ནི་དེ་ཚི་ལོག་པར་ལྟ་བ་ཁོ་ན་ལས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བཞིག་མ་ལོག་པར་ལྟ་པའི་གང་ཟག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པར་རྣམ་པར་འཇོག་པར་མི་མཛད་དེ། ཡང ་དག་པའི་ལྟ་བ་སྔོན་དུ་བཏང་བ་ཁོ་ནས་མྱ་ངན་ལས་འདས་པ་ཇི་ལྟར་འཐོབ་པར་རྣམ་པར་འཇོག་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་མ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཁོ་ནར་གྱུར་པ་ན་དངོས་པོ་དེ་ཁོ་ན་ཉིད་ཇི་ལྟར ་གནས་པ་བཞིན་དུ་མཐོང་བས་རྒྱུད་སྤྱངས་ཤིང་སྒྲོ་བཏགས་པ་དང་སྐུར་བ་འདེབས་པའི་མཐར་རྟོག་པའི་དྲི་མས་དྲི་མ་ཅན་དུ་མ་གྱུར་པའི་འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་སྙམ་དུ་རྟོགས་ཏེ། བཅོམ་ལྡན་འདས་ཀྱིས ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ་རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་གསུངས་པའི་ཕྱིར་རོ། །མཚན་མོ་དགེ་ཚུལ་བཏུང་བྱ་མ་ཡིན་པ་ལ་བསྔགས་པ་བཞིན་ནོ། །དགེ་ཚུལ་འགའ་ཞིག་བླ་མས་བཏུང་བར་བྱ་བ་མ ་ཡིན་པའི་དོན་དུ་མཚན་མོ་མནན་ཞིང་བསྡགས་པ་དང། དེ་ནས་དེ་ལ་དེས་འདི་ནི་དགེ་སློང་རྣམས་ལ་རུང་བ་མ་ཡིན་ན་ཁྱོད་ཇི་ལྟར་འཐུང་ཞེས་བརྗོད་དོ། །དེས་སྨྲས་པ་ཆུ་བོ་སྙམ་དུ་བྱས་ནས་འཐུང་ངོ་ཞེའོ། །དེས་ཀྱང་ཉི་མ་གཞན་ཞིག་ལ་ཆུ ་ཉིད་འོན་པ་དང། དེས་ཅིའི་ཕྱིར་གཞན་ཉིད་བླངས་ཞེས་སྨྲས་ལ། དགེ་ཚུལ་གྱིས་ཀྱང་གང་གི་ཚེ་ཁྱེད་ཆུ་ཉིད་དོ་སྙམ་དུ་བྱས་ནས་འཐུད་ན་དེའི་ཕྱིར་འདི་ལ་ཁྱད་པར་ཅི་ཞིག་ཅེས་སྨྲས་སོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཁོ་ན་ཡིན་ན ་ཅིའི་ཕྱིར་མ་རིག་པ་ལ་སོགས་པའི་རིམ་པས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་འཇུག་པ་བསྟན་ཏེ། དོན་དམ་པ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་བ་ཉིད་ཁོ་ན་ཅིག་རྐྱང་ཉེ་བར་བསྟན་པར་བྱ་བར་འགྱུར་བ་མ་ཡིན་ནམ་ཞིན་འདི་ནི་དེ་ལྟར་མ ་ཡིན་ཏེ། དང་པོ་འཇིག་རྟེན་པའི་དོན་དམ་པས་འཇུག་པའི་བདག་ཉིད་ཅན་ཉེ་བར་མ་བསྟན་པར་ནི་དེ་ཁོ་ན་ཉིད་རང་བཞིན་གྱིས་སྟོང་བ་ཉིད་ཀྱི་མཚན་ཉིད་ཅན་ཀུན་ནས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་སྐངས ་སུ་གྱུར་པ་ཉིད་ཀྱི་ཕྱིར་ན་འཇུག་བ་ཉེ་བར་བསྟན་པ་ཡང་བྱ་དགོས་ལ། ཆགས་པ་ཐམས་ཅད་ཡོངས་སུ་བཏང་བས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པའི་རྒྱུ་རང་བཞིན་ཕྱིས་སྟོང་པ་ཉིད་ཉེ་བར་སྟོན་པར་ཡང་བྱ་དགོས་པར་བྱ་དགོས་སོ། །དེའི་ཕྱིར ་འདིར་དེ་བཞིན་གཤེགས་པའི་གསུང་རབ། གང་ལས་འཇིག་རྟེན་བསྟན་འབྱིང་བ། དེ་ལས་འཇུག་པ་གསུངས་པ་སྟེ། གང་ལས་དོན་དམ་བསྙན་བྱུང་བ། །དེ་ལ་ལྡོག་པ་གསུངས་པ་ལོ། །མཁས་བ་ནི་གང་ལ་དང་སྤྲིའི་མཚན་ཉིད་བདེན་པའི་དངོས ་པོར་རྟོག་པའི་སྒོ་ནས་རྒྱུ་མེད་བ་ཉིད་དང། རྒྱ་གཅིག་པ་དང་མི་མཐུན་པའི་རྒྱུ་དགག་པར་བྱ་བའི་དོན་དུ་མ་རིག་པ་རང་འདུ་བྱེད་ལ་སོགས་པའི་རིམ་པས་འཁོར་བའི་འཇུག་པའི་ཚུལ་སྟོན་པ་འཇུག་པ་གསུངས་སོ་ཞེས་བྱ་བར་ཤེས་པར་བྱའོ། །གང་ལ་རྟེན་ཅིང ་འབྲེལ་པར་འབྱུང་བ་རང་བཞིན་མ་སྐྱེས་པས་རང་བཞིན་གྱིས་སྟོང་པ་ཉིད་དུ་སྟོན་པ་དེ་ལས་ནི་འཁོར་བ་འཇུག་པའི་ལྡོག་པ་གསུངས་ཏེ། དོན་དམ་པར་རང་བཞིན་སྟོང་པ་ཉིད་ཁོང་དུ་ཆུང་བས་ཐམས་ཅད་དུ་མ་ཆགས་པ་དང་ལྡན་ཞིང་ཚོར་བ་དག་ལ ་སྲེང་བ་མེད་བ་ལ་སྲེད་པའི་རྐྱེན་ཅན་ལེན་པ་ལ་སོགས་བརྒྱུ་འགག་པ་དང། རྣམ་པ་ཐམས་ཅད་དུ་སྐྱེ་བ་དང་རྒ་བདན་བ་དང་འཆི་པ་ལ་སོགས་པ་འགག་པའི་ཕྱིར་རོ། །གཏིང་ཁུང་དུ་འཇུག་པ་བཞིན་ནོ། །ཇི་ལྟར་གཏིད་ཞུང་འཇུག་ན་ཆ་རྐྱེན་གྱི་འཇུག་པ་གང་ཆུང་ཟད ་ཡོད་པ་དེ་ཐམས་ཅད་དོར་པ་བྱ་བ་ཡིན་ལ། དེ་དག་གིས་དགོས་པ་ཅི་ཡང་མེད་པ་དེ་བཞིན་དུ་འཇིག་རྟེན་པའི་འཇུག་པའི་སྙིང་པོ་མེད་པ་དེ་དག་ཐམས་ཅད་ཀྱང་མཁས་པས་ཡོངས་སུ་བཏང་བར་བྱ་བ་ཞིག་སྟེ། གང་ལས་འཇུག་པའི་ཆོས་ཡིན ་པ་དེ་ཉིད་ལས་ལྡོག་པའི་ཆོས་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར་དོན་དམ་པའི་བསྙང་པ་ལ་ཅི་ཡང་ཡོད་པ་མ་ཡིན་ན་ནི་དེའི་ཚེ་ཐམས་ཅད་དངོས་པོ་མེད་པར་ཐལ་བར་འགྱུར་རོ། ཐམས་ཅད་དངོས་པོ་མེད ་པ་ལས་ཀྱང་བྱ་བ་ཅུང་ཟད་ཀྱང་མེད་པར་འགྱུར་དེ་རྣམ་པ་ཐམས་ཅད་དུ་ཡང་ལས་དང་ཕྱེད་པ་པོ་དང་བྱང་བ་དང་བྱ་བ་ལ་སོགས་པ་རྣམས་མེད་པའི་ཕྱིར་རོ། །བྱ་བ་ལ་སོགས་པ་རྣམས་དངོས་པོ་མེད་བ་ལས་ཀྱང་བར་པ་མེད་པར་འགྱུར་བས་ཁྱོབ་ཀྱིས ་ཐམས་ཅད་མི་རིགས་པ་ཉིད་དོ་ཞེ་ན། བཤད་པར་བྱ་སྟེ། ཀུན་ཡོང་མ་ཡིན་ཅི་བྱ་ཞེས། །ཁྱོད་ལ་འཇིག་པ་སྐྱེ་འགྱུར་གང། །གལ་ཏེ་བྱ་བ་ཡོད་ན་ནི། །ཆོས་འདི་ཟློག་བྱེད་མི་འགྱུར་རོ། །གང་གི་གྱིར་ཐམས་ཅད་ཡོད་པས་ཡིན་པ་དེ་ཉིད་ཀྱི་ཕྱིར་དོན་དམ་མཆོས ་འདི་འཇུག་པ་ཟློག་བྱེད་དུ་རིགས་ཏེ། དེའི་ཕྱིར་ཟློག་པ་དོན་དུ་གཉེར་བས་བྱ་བ་ལ་སོགས་པའི་རྟེན་ཡོད་པ་ཐམས་ཅད་མེད་པ་ཅི་སྟེ་མི་འདོད། ཅི་སྟེ་འཇུག་པ་ལྟར་དེ་ལ་ཡང་བྱ་བ་ཡང་ཡོད་ན་ནི་དེའི་ཚེ་བྱ་བའི་འབྲས་བུའི་དངོས་པོ ་ཡང་འཇུག་པའི་ཕྱིར་འཇུག་པ་དེ་ཉིད་ཡིན་པས་ཇི་ལྟར་ཆོས་འདི་མྱ་ངན་ལས་འདས་པ་འདྲེན་པར་བྱེད་པར་འགྱུར། སྨིག་རྒྱུ་བཞིན་ནོ། །འཇི་ལྟར་སྨིག་རྒྱུའི་ཆུའི་འདུ་ཤེས་བསྐྱེད་ཅིང་དེ་ཆུར་ཡང་མི་འགྱུར་ལ། དེར་གང་ཞིག་ལ་སྐོམ་པ་སྐྱེ་བ ་དེ་ཉིད་ནི་ཚོགས་སུ་འགྱུར་པ་དེ་བཞིན་དུ་ཕུང་པོ་དག་ལ་བདག་ཏུ་འདུ་ཤེས་པ་ཡང་ཡིན་ནོ། །གང་ཞིག་ལྡོག་པར་བྱེད་པའི་ཆོས་ལ་ཅི་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་སྟོང་པ་ཉིད་ཀྱི་ཕྱོགས་མཆོག་ཏུ་བཀྲབས་པར་འགྱུད་རོ་ཞེས་སྟོང་པ་ཉིད ་ཀྱི་ཕྱོགས་ལ་ཆགས་ཤིང་བཟློག་པ་རང་བཞིན་དང་བཅས་པའི་ཕྱོགས་ལ་སྡད་བ་དེ་ལ་ཟླན་ཀར་འགྱུར་ཏེ། ཁྱོད་ལ་རང་ཕྱོགས་ཆགས་ཡོད་ཅིང། །གཞན་གྱི་ཕྱོགས་ལ་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་སྤོང ་མི་འགྱུར། །ཕྱོགས་ནི་འདིར་མདོར་བསྡུན་རྣམ་པ་གཉིས་ཏེ། རང་གི་ཕྱོགས་དང་གཞན་གྱི་ཕྱོགས་སོ། །དེ་ལ་གལ་ཏེ་རང་བཞིན་སྟོང་པ་ཉིད་ཀྱི་ཕྱོགས་ནི་མཆོག་གོ་སྙམ་དུ་ཁྱོད་ལ་རང་གི་ཕྱོགས་ལ་འདོད་ཆགས་ཤིང་མངོན་པར་ཞེན་པ་ཡོད ་ཅིང། གཞན་ཡང་དག་པ་མ་ཡིན་ནོ་སྙམ་དུ་རིག་ནས་གཞན་གྱི་ཕྱོགས་ལ་ཁྱོད་མི་དགའ་ཞེ་ནི་དེའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་སྟེ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བས་བཅོམ་ཞིང་གཉིས་ལ་སྤྱོད་པ་ལས་ནི་མྱ་ངན་ལས་འདས་པ་ཡོད་པ་མ་ཡིན་ནོ། ། ་དམ་པ་རྣམས་ཀྱིས་ནི་ཐམས་ཅད་ལ་བར་མ་གནས་པར་འགྱུར་བ་ན་ཆགས་པ་བཅད་པར་ཞི་བ་དེ་རོ་གཅིག་པ་ལྡོག་པ་མེད་པར་འཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གང་ཞིག་ཆོས་ཐོས་རྗེས་སུ་ཆགས་འགྱུར་བ། །དེ ་ནི་ཆོས་མིན་ཐོས་ནས་ཉམས་འགྱུར་ཏེ། །དེ་ནི་ང་རྒྱལ་དྲེགས་བཅོམ་ཕྱིར་ལོག་ཅིང། །ང་རྒྱལ་དབང་གིས་དེ་ཡི་སྡུག་བསྔལ་མྱོང། །གང་དག་བདག་གི་ཉིད་གནས་མི་འགྱུར་ཞིང། རྟག་ཏུ་ཁེངས་མིན་དམའ་པ་མ་ཡིན་ལ། །གང་དག་དགའ་དང་མི་དགའ་ལས་གྲོལ་བ། །དེ་དག་ཡུན་དུ་ཡིད་གྲོལ་གྱུར་ཞིང ་གནས་ཞེས་གསུངས་སོ། །འཕགས་པ་དགེ་འདུན་སྡེའི་སྡོམ་པ་རྩོན་བཞིན་ནོ། །སྡོམ་བརྩོན་འགའ་ཞིག་དགེ་སློང་འཕགས་པ་དགེ་འདུན་སྡིའི་གན་དུ་བསྟན་བཅོས་ཉན་པར་འདོད་པར་འགྱུར་ལ། ནམ་ཞིག་ན་དེས་དེ་ལ་དགེ་བསྙེན་གྱིས་ཤིག་ཅེས་སྨྲས ་པ་དང། དེས་ཀྱང་ཉི་མ་གཞན་ཞིག་གི་ཚེ་སློབ་དཔོན་ལ་ཕྱག་འོས་ཁོ་བོ་ནི་དགེ་བསྙེན་དུ་གྱུར་ཏེ་གང་གི་ཕྱིར་བྲམ་ཟེ་མཐོང་ནས་བསད་པར་འདོད་པའི་ཕྱིར་རོ་ཞེས་སྨྲས་སོ། །འདིར་སྨྲས་པ། ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས ་པ་བདེ་བ་དམ་པ་ཡིན་མོད་ཀྱི། དེ་ལྟར་ཡང་དེ་འཐོབ་པའི་ཐབས་ལ་སྤྱོད་པ་ཤིན་ཏུ་དཀའ་བའི་ཕྱིར་དེ་འཐོབ་པར་མི་ནུས་ལ། སྲིད་པ་ནི་འབད་པ་མེད་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་སྒྲུབ་པར་སླ་སྟེ། དེའི་ཕྱིར་བདག་ཅག་དེ་ལ་འཇུག་པར་འགྱུར་རོ། ། ་བཤད་པར་བྱ་སྟེ། ཕྱིན་ཅི་ལོག་ཏུ་ངེས་པར་བཟུང་བ་ཞིག་གོ། །འདི་ལྟར། བྱེད་མེད་མྱ་ངན་འདའ་འགྱུར་ཞིང། །བྱེད་ལས་ཡང་སྲིད་འགྱུར་ཏེ་དེས་བསམ་ཁྲལ་མེད་པས་མྱ་ངན་ལས། །འདས་པ་ཐོབ་སླ་གཅིག་ཤོས་མིན། །གང་གི་ཕྱིར་བྱ་བ་ཐམས ་ཅད་ལ་བྱེད་པ་ལོག་ཅིང་བསམ་ཁྲལ་མེད་པས་མྱ་ངན་ལས་འདས་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པ་སླའི། །དགེ་བ་དང་མི་དགེ་བ་ལ་འཇུག་པས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ན་མྱ་ངན་ལས་འདས་པ་ལས་ཅིག་ཤོས་ཡང་སྲིད་པ་ནི་བདེ་བླག་ཏུ་མི་འཐོབ་ལ ་མཁས་པས་ནི་སྒྲིམ་པ་མེད་པར་འཐོབ་པའི་མྱ་ངན་ལས་འདས་པ་སྤངས་ནས་བྱ་བ་རྣམ་པ་སྣ་ཚོགས་པའི་དུབ་པས་འཐོབ་པར་བྱ་བའི་ཡང་སྲིད་པ་དོན་དུ་གཉེར་བར་ཡང་མི་རིགས་སོ། །ནད་མེད་པའི་སྟོབས་སྒྲུབ་པ་བཞིན་ནོ། །ནད་མེད་པའི་སྟོབས ་སྒྲུབ་པ་ལ་རྐྱེན་མང་པོ་མཐོང་མོད་ཀྱི། གང་གི་ཚེ་ཁྱད་པར་ཅུང་ཟད་ཀྱང་མི་འདོད་པ་དེའི་ཚེ་རྐྱེན་ཐམས་ཅད་དོན་དུ་གཉེར་བར་འགྱུར་རོ། །གལ་ཏེ་མི་བྱེད་ན་མྱ་ངན་ལས་འདའ་བར་བྱུང་ན་ཅིའི་ཕྱིར་ཁྱོད་ཀྱིས་བསྟན་བཅོས་འདི ་ལས་མི་རྟག་པ་ཉིད་ལ་སོགས་པའི་དོན་སྟོན་པར་བྱེད་ཅེ་ན། བཤད་པར་བྱ་སྟེ། འཁོར་བ་ལ་ཆགས་པའི་འགྲོ་བ་འཁོར་བ་ལ་སྐྱོ་བར་བྱ་བའི་ཕྱིར་རོ། །འདི་ལྟར། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །རང་ཁྱིམ་ལ་བཞིན ་སྲིད་པ་ནི། །འདི་ནས་འབྱུང་བའང་བྱ་བ་དཀའ་། །འཁོར་བ་ལས་སེམས་སྐྱོ་བ་རྣམས་ནི་དེ་ལས་དེས་པར་འབྱུང་བར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་བསྟེན་གྱི་གང་ལ་སྐྱོ་བ་ཡོད་པ་མ་ཡིན་པ་དེ་ཅིའི་ཕྱིར་དེ་དོན་དུ་གཉེར་བར་བྱ། སྐྱོ་བ་མེད་པ་ཉིད ་ཀྱིས་བློ་ཆུང་བ་རྣམས་འཁོར་བ་ལས་དེས་པར་འབྱུང་བ་ཡང་མི་བཟོད་དེ། འདི་ནི་དཔེར་ན་རང་གི་ཁྱིམ་སྙིང་པོ་ཆུང་ཡང་ཆགས་པ་ཡོངས་སུ་གཅད་པར་བྱ་དཀའ་བ་ཉིད་ཀྱི་ཕྱིར་བློ་ཆུང་བ་རྣམས་ཀྱིས་བཏོང་བར་མི་ནུས་པ་དང་དེ་འདྲའ། །གསང ་བྱ་བཏུང་བ་དོན་དུ་གཉེར་བ་བཞིན་ནོ། །གསང་བྱ་འགའ་ཞིག་འཕྲལ་བསང་པར་བྱའོ་ཞེས་བསད་པར་བྱ་བའི་ཕྱིར་བཏང་བ་ཡང་བཏུང་བ་དོན་དུ་གཉེར་བར་འགྱུར་ཏེ། དེ་བཞིན་དུ་རྗེས་སུ་འབྲེལ་པ་རྣམས་ལ་ཡང་འདོད་པ་མི་ལྡོག་གོ། །གཞན ་ཡང་ཕྱུག་པོ་རྣམས་ཀྱིས་ནི་ཡུལ་བྱི་བདེ་བའི་ལོངས་སྦྱོད་མེད་པའི་ཁྱིམ་དག་སྤོད་པ་དང། དགོན་པར་མྱ་ངན་ལས་འདའ་བ་ཐོབ་པར་བྱ་བར་བཏང་བ་ནུས་པར་མ་གྱུར་མོད། །གང་དག་ལན་དང་དབུལ་བ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་རྣམས ་སྤྱིར་བཙ་བ་མི་སྲིད་པ་དེ་དག་གིས་ནི་འཁོར་བ་ལ་དགའ་བ་ཡོངས་སུ་དར་བར་རིག་པ་ཉིད་དོ། །འདི་ལྟར། ལ་ལ་སྡུག་བསྔལ་ཟིན་མནན་ཞིང། །ཆི་པར་འདོད་པ་དག་སྣང་སྟེ། །དེ་ཚེ་དེ་དག་གི་ཏ་མུག་ཕྱིར། །གོ་འཕངས་དམ་པ་རིམ་འགྲོ་? ་ལ་ལ་དག་ནི་ནད་དང་དབུལ་བ་དང་སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་ཏེ། བདག་ལ་ཆགས་པ་དོར་ནས་བདག་ཉིད་ངོས་ནས་སྐུར་ཞིང་མེ་དང་ཆུར་འཇུགས་པ་ལ་སོགས་པ་དག་ཀྱང་བྱེད་དེ། གལ་ཏེ་ངེ་ཁོ་ན་ལྟར་འཁོར་བ་སྡུག་བསྔལ ་དུ་ངེས་པར་བྱས་ནས་བདག་ལ་ཆགས་པ་གཏན་དུ་ཕྱུང་བར་གྱུར་ན་ནི་མྱ་ངན་ལས་འདས་པའི་བདེ་བ་ལ་མི་རིང་བར་གནས་པ་ཞིག་ན། ཡོད་པ་མ་ཡིན་ཕྱིན་ཅི་ལོག་གིས་མཐང་བར་ཕྱིན་ཅི་ལོག་རྣམས་ནི་གཏི་མུག་ཆེ་བའི་ཕྱིར་གང་གིས་ན་མྱ་ངན ་ལས་འདས་པ་སྒྲུབ་པར་འགྱུར་བ་དེ་ལྟར་མི་འཇུག་གོ། ཐུག་པ་ཀུན་ནས་འཐུངས་ཏེ་ཉལ་བ་དང། བཏུང་བའི་སྨན་པ་ཐེ་ཆོམ་ཟ་བ་བཞིན་ནོ། །འགའ་ཞིག་ཐུག་པ་འཐུངས་ནས་ཉལ་བ་དང། ཁྱད་པར་མང་པོས་སྡུག་བསྔལ་བར་གྱུར་ཏོ། །དེ་བཞིན ་བྱིས་པ་རྣམས་ཀྱང་ཇི་ལྟ་ཇི་ལྟར་བདེ་བ་འདོད་པ་དེ་ལྟ་དེ་ལྟར་སྡུག་བསྔལ་བར་འགྱུར་རོ། །ཡང་ཇི་ལྟར་འགའ་ཞིག་སྡུན་བཏུང་དོ་སྙམ་སྟེ་ཉེ་བར་བསྣུམས་པར་གྱུར་ཏེ། །དེ་ཡང་ཉེ་བར་བསྣུམས་པར་གྱུར་ནས་ཅི་བཏུང་ཕར་བྱ་བའི་སྨན་ཞག་བ ་བཏུང་བྱ་མ་ཡིན་པ་ཞིག་སྙམ་དུ་ཐེ་ཚོམ་ཟ་བར་གྱུར་ལ། དེ་ན་དེ་ལས་མཐར་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་སྡུག་བསྔལ་དང་ཉེ་བར་འཆོ་བའི་སྣུམ་ཆོས་ཀྱི་ཉོན་མོངས་པ་དག་ཞུ་བར་བྱས་པ་ཡིན་དུ་ཟིན་ཀྱང། མ་རིག ་པས་གཏུགས་ཤིང་ཐིབས་པོའི་རྣམ་པ་ཅན་མི་ཤེས་པའི་ནད་སེལ་བའི་རྒྱུ་འདོད་ཆགས་དང་བྲལ་བའི་སྨན་ལ་ཐེ་ཚོམ་ཟ་བ་ནི་ཉོན་མོངས་ཐམས་ཅད་ཉེ་བར་འཇམས་པའི་སྨན་མ་འཐུངས་པར་ཀུན་ནས་ཉོན་མོངས་པའི་ནང་ཆེན་པོ་ཐམས ་ཅད་གྲོལ་བ་ལས་གཉིས་སུ་མེད་པའི་གོ་འཕངས་དམ་པ་སྐྱོན་མེད་པ་མི་འཐོབ་པོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་སྲིད་པ་ཐམས་ཅད་ཡོངས་སུ་བཏང་བས་རྒ་ཤི་མེད་པའི་ག་འཕངས་མྱ་ངན་ལས་འདས་པ་གཅིག་བུ་ཁོ་ན་དོན་དུ་གཉེར ་བར་བྱ་བ་ཡིན་ན་དེ་ཐོབ་པར་བྱ་བའི་ཕྱིར་སྒོམ་པའི་གཏམ་ཁོ་ན་ཡིན་ལ་རག་མོད། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་གཏམ་དག་ཀྱང་མཛད། བཤད་པར་བྱ་སྟེ་དམན་པ་དང་འབྲིང་དང་རབ་ཀྱི་དབྱེ ་བས་སེམས་ཅན་གྱི་ཁམས་ནི་རྣམ་པ་སྣ་ཚོགས་ལ་དེའི་དབྱེ་བ་ལས་ཀྱང་བཅོམ་ལྡན་འདས་ཐབས་ཆེན་པོ་ཅན་གྱི་ཐུགས་རྗེ་ཆེན་པོའི་རང་བཞིན་མངའ་བ་གང་གི་འབྲས་བུ་ལྟུན་གྱིས་གྲུབ་པ་འཇུག་པའོ་འགྲོ་བ་མཛའ་དག་གི་བསམ་པ་དང་བག་ཉལ ་མཁྱེན་པའི་ཆོས་བསྟན་པ་རྣམ་པ་སྣ་ཚོགས་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་དེས། སྦྱིན་པ་དམན་པ་ལ་གསུངས་ཤིང། འབྲིང་ལ་ཚུལ་ཁྲིམས་གསུངས་པ་སྟེ། མཆོག་ལ་ཞི་བ་གསུངས་གྱུར་པ། །དེས་ན་རྟག་ཏུ་མཆོག་ཏུ་བྱོས། ། ་དམན་པའི་གང་ཟག་ལ་ནི་སྦྱིན་པ་ཁོ་ན་དང་ཚུལ་ཁྲིམས་ལ་སྒོམ་པ་ནི་མ་ཡིན་ཏེ། དེ་གཉིས་ཀྱི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འབྲིང་པོ་ལ་ནི་ཚུལ་ཁྲིམས་ཁོ་ན་གསུངས་ཀྱི་སྦྱིན་པ་མ་ཡིན་ཞིང་སྒོམ་པ་མ་ཡིན་ཏེ། སྦྱིན་པ་ལ་གནས་ཟིན་པའི ་ཕྱིར་དང་སྒོམ་པར་ནུས་པ་མེད་པའི་ཕྱིར་རོ། །མཆོག་ལ་ནི་སྒོམ་པ་ཁོ་ན་གསུངས་ཀྱི་སྦྱིན་པ་ཚུལ་ཁྲིམས་དག་ནི་མ་ཡིན་ཏེ། དེ་གཉིས་ལ་གནས་པར་གྱུར་ཟིན་པའི་ཕྱིར་རོ། །དེ་ལ་སྦྱིན་པས་ནི་ལོངས་སྦྱོད་ཆེ་བར་འགྱུར་རོ། །ཚུལ་ཁྲིམས ་ཀྱིས་ནི་ལྷ་དང་མིའི་སྐྱེ་བའོ། །སྒོམ་པས་ནི་ཉོན་མོངས་པ་བསྲབས་པ་ཉིད་དུ་འགྱུར་ལ་བསྲབས་པ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པའི་ཕྱིར་ཐམས་ཅད་ལ་མྱ་ངན་ལས་འདས་པ་མི་གསུང་ངོ། །དེའི་ཕྱིར་བདག་མཆོག་ཏུ་གྱུར་ཅིག་ཅེས ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་བྱོས་ཤིག་།རྒྱལ་བུ་གསུམ་ལ་ཉེ་བར་འདོམས་པ་བཞིན་ནོ། །ཇི་ལྟར་འདི་ལ་རྒྱལ་བུ་གསུམ་ཡོད་པ་ལ་དེར་ན་ཚོད་ལ་བལྟོས་ཏེ་གཅིག་ནི་ཡི་གེ་དག་ཉེ་བར་སྟོན་ཏེ། གཉིས་པ་ལ་ནི ་བསྟན་བཅོས་འདོན་པའོ། །གསུམ་པ་ལ་ནི་མཚོན་ཆའི་ཐབས་འདོན་པ་སྟོན་ཏོ། །དེ་བཞིན་དུ་དམན་པ་ལ་སོགས་པ་རྣམས་ལ་སྦྱིན་པ་ལ་སོགས་པའོ། །མཆོག་ཏུ་བྱུང་བའི་ཕྱིར་ཆེས་ཐོག་མ་ཁོ་ནར་མྱ་ངན་ལས་འདས་བའི་གཏམ་བྱ་བ་ཡང་མ ་ཡིན་གྱི། །བསོད་ནམས་མིན་ལས་དང་པོར་བཟློག། བར་དུ་བདག་ནི་བཟློག་པ་དང། །ཕྱི་ནས་ལྟ་ཞིག་ཀུན་བཟློག་པ། །ནི་བྱ་སྟེ་གང་གི་ཤེས་དེ་མཁས་པ་ཡིན། །བསྟན་པ་འདིར་རིམ་གྱིས་འདུས་བྱས་ཐམས་ཅད་བཟློག་པར་བྱའོ། །དེ་ལ ་འདིར་རེ་ཞིག་བསོད་ནམས་མ་ཡིན་པའི་ཕྱོགས་ཐམས་ཅད་བཟློག་ཡ་ནི་དང་པོར་བྱ་སྟེ། མཐོང་བ་དང་མ་མཐོང་བའི་ཉེས་པ་བརྒྱ་ཕྲག་དུ་མའི་རྒྱུ་ཡིན་ཏེ། སྤང་བར་སླབ་དང་པོར་བཟློག་པར་བྱའོ། །སྡིག་པ་བཟློག་པས་ནི་ཕུང་པོ་དང་ཁམས ་དང་སྐྱེ་མཆེད་རྣམས་ལ་བདག་རྣམ་པ་ལྔར་ཡང་མི་སྲིད་བའི་ཕྱིར་བདག་ཏུ་ལྟང་བཆ་ཉི་ཤུ་དོར་བར་བྱའོ། །ཕྱི་ནས་བདག་ལ་ཆགས་པ་ཡང་དག་པར་སྟོན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་ཆགས་པ་ཡང་ཡོངས་སུ་བཏང་བར་བྱ ་བའི་ཕྱིར་དངོས་པོ་ཐམས་ཅད་བཟློག་པར་བྱའོ། །དེའི་ཕྱིར་དེ་ལྟར་ན་བློ་དང་ལྡན་པ་འདི་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ལྟར་ན་རིམ་པའི་སྒོ་ནས་གང་ཞིག་གིས་ཐམས་ཅད་བཟློག་པའི་ཐབས་ཤེས་པ། དེ་ལ་ནི་སངས་རྒྱས་ཀྱི ་བསྟན་པར་མཁས་པ་ཞེས་བརྗོད་དོ། །ནད་ཕྱིར་བཅོ་བའི་བྱ་བ་བཞིན་ནོ། །ཇི་ལྟར་ནད་ཕྱིར་བཅོ་བ་དག་སྣུམ་ཆོས་དག་ལ་སོགས་བདག་བྱས་དང་བྱ་བ་དང་འགལ་བར་སྤྱོད་པའི་སྐྱོན་དུ་མི་འགྱུར་པ་དེ་བཞིན་དུ་ཐར་བའི་ཚུལ་ལ་ཡང་ངོ། །ཡང་ཇི་ལྟར་ལེན་པ ་མེད་པ་ཉིད་འཐོབ་ཅེན་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མཐོང་བ་ལས་སོ། །གལ་ཏེ་དངོས་པོ་རྣམས་མཛའ་ཡས་དེའི་ཡུལ་ཅན་དེ་ཇི་ལྟར་བལྟ་བར་ནུས། ཆོས་གཅིག་ཀྱང་ཡོངས་སུ་མ་ཤེས་ཤིང། མ་སྤངས་པར་སྡུག་བསྔལ་གྱིས ་མཐར་བྱེད་པ་ཡང་མི་སྲིད་ལ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་གང་ཅུང་ཟད་ཤེས་པར་བྱ་བ་དང་བལྟ་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དེ་ཐམས་ཅད་མངོན་སུམ་དུ་མཛད ་དོ་ཞེས་འདོན་པ་ཡང་ཡིན་ཏེ། དེའི་ཕྱིར་འདི་ལྟར་བལྟ་བར་བྱ་ཞེ་ན། བཤད་པར་བྱ་སྟེ། དངོས་པོ་གཅིག་གིས་ལྟ་པོ་གང། །ད་ནི་ཀུན་གྱི་ལྟ་བོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱི་སྟོད་ཉིད་དོ། །གཟུགས་ཀྱི་རང་བཞིན ་སྟོང་བ་ཉིད་གང་ཡིན་པ་དེ་ཉིད་ཚོར་བ་ལ་སོགས་པ་ཕུང་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དོ། །དེ་བཞིན་དུ་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་ཉིད་སྐྱ་མཆེད་བཅུ་གཉིས་ཀྱི་ཆར་ཡང་ཡིན་ནོ། །དེ་བཞིན་དུ་མིག་གི་ཁམས་ཀྱི ་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ཁམས་བཅོ་བརྒྱད་ཅར་གྱི་ཡང་དོ། །དེ་བཞིན་དུ་དངོས་པོ་དང་ཡུལ་དང་དུས་དང་རྟེན་གྱི་དབྱེ་བ་ཐ་དད་ཅིད་རབ་ཏུ་དབྱེ་བ་མཛའ་ཡས་པ་རྣམས་ལས་དང་པོ་གཅིག་གིས་རང་བཞིན་སྟོང་པ་ཉིད་བར་ཡིན་ཏེ་ཉིད་དངོས ་པོ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དེ། བུམ་པ་དང་མཁར་གཞོང་ལ་སོགས་པ་ཐ་དད་ཀྱང་ནམ་མཁའ་ཐ་དད་མེད་པ་བཞིན་ནོ། །གཟུགས་ལ་སོགས་པའི་དངོས་པོ་ཐ་དད་ཀྱང་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་གྱིས་མ་སྐྱེས་བ ་ལས་ཐ་དད་པ་མེད་བའི་ཕྱིར་ཆོས་གཅིག་ཁོ་ནའི་རང་བཞིན་གྱིས་མ་སྐྱེས་པ་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་མ་སྐྱེས་པ་ཡང་ཡོངས་སུ་ཤེས་བར་འགྱུར་ཏེ། དེ་བཞིན་གྱིས་མ་སྐྱེས་པ་ཡང་ཡོངས་སུ་ཤེས་པར་འགྱུར་ཏེ། །དེ ་བཞིན་དུ་སྦད་བ་ལ་སོགས་པ་དག་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས། གང་གིས་ཆོས་གཅིག་བསྒོམས་ནས་ཆོས་རྣམས་ཀུན། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་གཟུང་མེད་ལ། གསོབ་བརྫུན་ཐེར ་ཐུག་མིན་པར་ཤེས་པ་དེ། རིང་བོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ་ཞེས་གསུངས་སོ། །དེ་བཞིན་དུ་འཕགས་བ་ཏིང་དྲེ་འཇིན་གྱི་རྒྱལ་པོ་ལས་ཀྱང། གཅིག་གི་ཐམས་ཅད་ཤེས་འགྱུར་ཞིང། །གཅིག་གི་ཐམས་ཅད་མཐོང་བར་འགྱུར། །ཇི་སྙེད་མད ་པོ་བརྗོད་བྱས་ཀྱང། །དེ་ལ་དྲེག་བ་སྐྱེ་མི་འགྱུར། །བདག་གི་འདུ་ཤེས་ཤེས་བ་ལྟར། །དེ་བཞིན་ཀུན་ལ་བློ་སྦྱར་བྱ། །ཆོས་ཀུན་དེ་ཡི་རང་བཞིན་ཏེ། །རྣམ་པར་དག་པ་ནམ་མཁའ་འདྲ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །རྒྱ་མཚོའི་ཆུ་ཐིགས་པ ་འཐུངས་པ་བཞིན་ནོ། །ཇི་ལྟར་རོ་མཚུངས་པའི་ཕྱིར་གཅིག་ཏུ་རྒྱ་མཚོ་ར་མྱངས་ན་ཐམས་ཅད་དུ་རོ་མྱངས་བར་འགྱུར་བ་དེ་བཞིན་དུ་དངོས་པོ་རྣམས་ཀྱི་འདུས་བྱས་སྟོད་པ་ཉིད་ཀྱང་ཡིན་ཏེ། མཚན་ཉིད་མཚུངས་པའི་ཕྱིར་རོ། །འདིར་སྨྲས་བ། གལ ་ཏེ་ཆོས་ཐམས་ཅད་སྟོད་པའི་ཕྱིར་སྤད་བར་བྱ་བ་ཡིན་ན། དགེ་སློང་དག་དེ་ལྟ་བས་ན་གུས་པར་བྱས་ཏེ། གུས་བར་བྱས་ནས་བྱས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་བར་འདོང་བས་སྡུག་པ་དང་ཕང་བ་དང་ཡིད་དུ་འོང་བ་སོ་སོར་མྱོད་པར་འགྱུར་རོ། །ཞེས ་བྱ་བ་འདི་ཅིའི་ཕྱིར་གསུངས། འདི་ནི་མི་འགལ་ཏེ་གད་གི་ཕྱིར། །ཆོས་ཆགས་དེ་བཞིན་གཤེགས་རྣམས་ཀྱིས། །མཐོ་རིས་འདོད་པ་རྣམས་ལ་གསུངས། །ཐར་པ་འདོད་རྣམས་ལ་དེ་ཉིད། །སྨད་འགྱུར་གཞན་དུ་སྨོས་ཅི་དགོས། །ཆོས་ལ་ཆགས་བ ་ནི་དེའི་ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་གདོན་མི་ཟ་བར་བྱ་བ་ཉིད་དུ། བསོད་ནམས་དག་ནི་བྱར་འོས་ཏེ། །བསོད་ནམས་མ་བྱས་ཉིད་སྡུག་བསྔལ་བསོད་ནམས་བྱས་པའི་འཇིག་རྟེན་ནི། །འདི་དང་གཞན་དུ་དགའ་འགྱུར་རོ། །ཞེས་སངས་རྒྱས་བཅོཾ ་ལྡན་འདས་ཀྱིས་འདོད་ཅིང་ངན་འགྲོར་འགྲོ་བས་འཇིགས་བ་སྐྱེ་བ་དང། །འཇིགས་བ་བསྒོམ་པར་མི་ནུས་བ་རྣམས་ལ་གསུངས་ཀྱི། །ཐར་བ་འདོད་པ་རྣམས་ལ་ནི་མ་ཡིན་ནོ། །དེ་རྣམས་ལ་ནི་ཆོས་ལ་ཆགས་པ་འཁོར་པའི་བརྩོན་རའི་ཁད་བར ་འཆིང་བ་ཉིད་ཡིན་ཏེ། གང་གི་ཕྱིར་ཆོས་ཀྱི་རྣམ་གྲངས་གཟིངས་དང་འདྲ་བར་ཀུན་ནས་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་སྤང་བར་བྱ་བ་ཡིན་ན་ཆོས་མ་ཡིན་པ་དག་ལྟ་ཅི་སྨོས་ཞེས་གསུངས་བའི་ཕྱིར་རོ། །རྣམ་པར ་གྲོལ་བའི་བདེ་བ་འདོད་པ་ལ་ནི་འགར་ཡང་ཆགས་པ་ཤིས་པར་མི་འགྱུར་ཏེ། དེ་ནི་ཆགས་པ་མ་ལུས་པ་བཅད་པས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །མི་ཕམ་པའི་མདོ་བཞིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བ་ར་ཎཱ་སིར ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བར་འགྱུར་ལ། ཡང་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་ཞིང། དེར་གྲོང ་ཁྱེར་འདི་ཉིད་དུ་ཁྱོད་བཞུགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པ་ཆེན་པོ་བྱས་ཏེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ཀྱིས་ཡོངས་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་མི་ཕམ་པ་ཞེས་བྱ་བ་ལུང་བསྟན ་པར་མཛད་པ་དང། དེ་ནས་འཁོར་དེའི་ནང་ནས་དགེ་སློང་མི་ཕམ་པ་ཞེས་བྱ་བ་ཞིག་ཡོད་བར་འགྱུར་ལ། ངེས་ཨེ་མ་མ་ལ་བདག་གླིང་བཞའི་དབང་ཕྱུག་འཁོར་ལོས་སྒྱུར་བ་དུད་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེ་ནི་བཅོམ ་ལྡན་འདས་ཀྱིས་འདི་ལྟར་སྡུག་བསྔལ་བཟློག་པར་བྱ་བའི་ཕྱིར། །རབ་ཏུ་བྱུང་ནས་སྡུག་བསྔལ་དེ་ཉིད་འདོད་པ་ཁྱོད་ནི་སྐྱེས་བུ་བླུན་པོ་ཞིག་གོ་ཞེས་སྨད་པ་མཛད་དོ། །དེ་བསྟན་ནས་བཅོམ་ལྡན་འདས་ཀྱིས་ད་ནི་དེའི་སྐད་ཅིག་ཙམ་གྱི་སྲིད་པ ་མངོན་པར་འགྲུབ་པ་ཡང་བསྔགས་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་གྲུབ་པ་ནི་སྡུག་བསྔལ་བ་སྟེ། དཔེར་ན་ཕྱིས་ནི་ཆུང་དུ་ཡིན་དུ་ཟིན་ཀྱང་དྲི་ད་ན། མང་པོ་ལྟ་ཅི་སྨོས་ཞེས་གསུངས་ཏེ། དེ་བཞིན ་དུ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ནི་དེ་ལྟར་སྨད་ལ། གཞན་དག་ནི་སྲིད་པའི་རྒྱུ་བསོད་ནམས་དགུ་ལ་སྦྱར་རོ། །འདིར་སྨྲས་པ། གལ་ཏེ་སྟོང་པ་ཉིད་ཀྱིས་ཆགས་པ་ལོག་པས་སྡུག་བསྔལ་རངས་པ་ལྡོག་ན་དེ་ལྟ་ན་ནི། འོན་སྡུག?་བསྔལ་མཛའ་དག་ཉེ་བར ་གཅོད་པའི་རྒྱུ་ཉིད་གྱི་ཕྱིར་དེ་ཁོ་ན་ཉིད་གཅིག་བུ་ཉེ་བར་བསྟན་བར་བྱའོ། །དེ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་སྩོད་ཀྱི་ཁྱད་པར་ལ་བལྟོས་པའི་ཕྱིར་རོ། །འདི་ལྟར་སྣོད་མ་ཡིན་པ་ལ་བསྟན་པའི་ཕྱིར་སྟོང་པ་ཉིད་ནི་བཟའ་ཉེས་པའི་ཟས་དང་སྐོམ་ལ ་སོགས་པ་ལྟར་ཕུང་བའི་རྒྱུར་འགྱུར་རོ། །དེ་ནི་ལྷག་པར་མ་མོས་པས་བཅོམ་ལྡན་འདས་ཀྱི་སྟོང་པ་ཉིད་སྤོང་བར་འགྱུར་རོ། །ཡང་ན་སྟོང་པ་ཉིད་ཀྱི་དོན་ནི་ཐམས་ཅད་མེད་པའི་དོན་དུ་ལོག་པར་ཡོངས་སུ་བརྟགས་ནས་ལོག་པར་ལྟ་བས་ངན་སོང ་དུ་འགྲོ་པར་འགྱུར་རོ། །དེའི་ཕྱིར། བསོད་ནམས་འདོད་པས་སྟོད་པ་ཉིད། །ཀུན་ཆེ་བརྗོད་པར་བྱ་མིན་ཏེ། །གནས་མ་ཡིན་པར་སྦྱར་བའི་སྨན། །དུག་དུ་འགྱུར་བ་མ་ཡིན་ནམ། །འདིར་སྙིང་རྗེ་ཅན་བསོད་ནམས་འདོད་ཅིང་སེམས་ཅན ་རྣམས་རྗེས་སུ་བཟུང་བར་འདོད་བས་ནི་ཐོག་མར་སེམས་ཅན་ཡོངས་སུ་མ་སྨིན་ཞིང། དགེ་བའི་རྩ་བ་མ་སྨིན་པ་རྣམས་ལ་སྟོང་པ་ཉིད་བརྗོད་པར་མི་བྱ་སྟེ། དོན་མེད་པའི་ཕྱིར་རོ། །དཔེར་ན་སྨན་ཆེན་པོ་ལེགས་ཤིང་རོ་ནིམ་པ་གནས་མ་ཡིན་པར ་བཏང་བ་ནི་ནད་པའི་དོན་མ་ཡིན་པ་འམ་རྣམ་པར་འཇིག་པའི་རྒྱུར་གྱུར་བ་ལྟར། འདིར་གནས་མ་ཡིན་པ་དག་ལ་སྟོང་པ་ཉིད་སྦྱར་བ་དེ་དག་གི་དོན་མ་ཡིན་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་འོད་སྲུངས་འདི་ལྟ་སྟེ་རྫ་མཁན་གྱི་སྣོད་སོ་མ ་བཏང་བ་རྣམས་ལ་མེ་རགས་པ་གཏོང་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་མེ་གཏོང་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། ་བླུན་ལ་ཉེ་བར་བསྟན་པ་ནི། །འཁྲུག་པའི་རྒྱུ་ཡིན་ཞི་ཕྱིར་མིན། །ལག་འགྲོ་འོ་མ་འཐུངས་པ་ནི། །དུག་འཕེལ་འགྱུར་བ་འབའ་ཞིག་གོ་།ཞེས་བཤད་དོ། །རྩཝ་འཕུར་མ་དང་ཟ་མ་ཏོག་ལྟ་བུ་དང་ཟིན་པ་དང་མ་ཟིན་པ་ལ་རྩི་ནད་མེད ་གཏོང་བ་བཞིན་ནོ། །ཇི་ལྟར་ཚོང་པའི་རྩཝ་ཕུར་མ་ནི་རྫས་གཞན་དང་གཞན་ལ་གནོད་པ་གཞན་དང་གཞན་དུ་འགྱུར་བ་དེ་བཞིན་དུ་ཆོས་སྟོན་པ་ལ་སེམས་ཅན་རྣམས་ཀྱང་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཟམ་ཏོག་ལྟ་བུའི་མདོ་ལས ་ཚོན་གྱི་སྦྲུལ་གདུག་པ་བཞི་ལ་རྩི་སྨན་གཞན་དང་གཞན་གསུངས་པ་དེ་བཞིན་དུ་ཉོན་མོངས་པའི་སྒྲུལ་གདུག་པ་རྣམས་ལ་ཡང་ཡིན་ནོ། །ཡང་ཇི་ལྟར་འགའ་ཞིག་གིས་དུག་གི་སྨན་པ་མཛའ་པོ་ཞིག་ལས་དུག་ཐམས་ཅད་སེལ་བའི་རྩི་ནད་མེད ་ཐོབ་པར་འགྱུར་ལ། དེ་ནས་དེས་དེ་དུག་གིས་རྣམ་པར་འགྱུར་བ་ཞིག་ལ་བཏང་བ་དང་དེ་ཡང་ཞི་བར་གྱུར་ཏོ། །དེ་ནས་དུག་མེད་པ་ཞིག་ལ་བཏང་བ་དང། དེས་དེ་བསད་པ་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་པ་ཡང་དེ་བཞིན་དུ་ཤེས་པར ་བྱའོ། །དེའི་ཕྱིར་སེམས་ཅན་གྱི་སེམས་ཀྱི་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར་ཆེས་ཐོག་མ་ཁོ་ནར་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་བཤད་པར་བྱ་སྟེ། དེ་ལ་དེ་མཁས་པ་རྣམས་སྟོང་པ་ཉིད་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་རོ། ་དེ་ཉིད་ཀྱི་ཕྱིར། དྲི་བྲལ་གོས་ལ་ཚོན་བཞིན་དུ། །དང་པོར་སྦྱིན་སོགས་གཏམ་རྣམས་ཀྱིས། །སེམས་ལ་ལེགས་པ་ཉིད་བསྐྱེད་དེ། །དེ་ནས་ཆོས་ནི་བསྒོམ་པར་མཛད་ཅེས་གསུངས་སོ། །དོན་འདི་བསྟན་པའི་ཕྱིར་དཔེ་བཤད་པ། ཇི ་ལྟར་ཀླ་ཀློ་སྐད་གཞན་གྱིས། །བཟུང་བར་མི་ནུས་དེ་བཞིན་དུ། འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །དཔེར་ན་ཀླ་ཀློ་སྐད་གཞན་མི་ཤེས་པ་ཉིད་ཀྱི་ཕྱིར་རང་གི་སྐད་ཁོ་ནས་བསྟན་པར་བྱ་བ་ཡིན་པ ་བཞིན་དུ་འཇིག་རྟེན་ཡང་འཇིག་རྟེན་པའི་དངོས་པོ་རྣམ་པར་བཞག་པའི་སྒོ་ནས་དེ་ཁོ་ཉིད་ལ་གཞུག་པར་ནུས་སོ། །འཇིག་རྟེན་པའི་ཀུན་རྫོབ་ལ་མ་ཞུགས་པར་ནི་མཁས་པ་སུས་ཀྱང་བདག་དང་ཆོས་གཉིས་སྒྱུ་མ་ལྟ་བུ་ཉིད་དམ་དེན་དམ ་པའི་ངོ་བོ་བརྗོད་དུ་མེད་པ་ཉིད་དུ་བཟུང་བར་མི་ནུས་ཀྱི། འཇིག་རྟེན་གྱི་ཀུན་རྫོབ་ལ་ཇི་ལྟ་བ་བཞིན་དུ་ཞུགས་པས་ནི་སྒྱུ?་མ་ལྟ་བུ་ཉིད་དུ་བཟུང་བར་ནུས་ཤིང། །སྒྱུ་མ་ལྟ་བུ་ལ་ཞུགས་པས་ཀྱང་ཤིན་ཏུ་དོན་དམ་པའི་ཆོས་ཀྱི་རང་བཞིན་བརྗོད་དུ་མེད ་པར་བཟུང་བར་ནུས་སོ། །དེའི་ཕྱིར་འཇུག་པའི་རིམ་པ་ཇི་སྐད་བཤད་པ་གདོན་མི་ཟ་བར་བྱ་དགོས་སོ། །ཁྱེའུ་གཞོན་ནུ་བཞིན་ནོ། །དཔེར་ན་ཁྱེའུ་གཞོན་ནུ་སྐད་གཞན་གྱིས་ཁོང་དུ་ཆུད་པར་བྱ་བར་མི་ནུས་པ་དེ་བཞིན་དུ་སོ་སོའི་སྐྱེ་བོའི་འཇིག ་རྟེན་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པ་བརྟན་པ་འཇིག་རྟེན་གཟུད་པའི་ཐབས་ཡིན་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཡོད་དང་མེད་དང་ཡོད་མེད་དང། །གཉི་ག་མིན་ཞེས་ཀྱང་བསྟན་ཏེ། །ཐམས་ཅད་མེད་པར་ལྟ་བའི ་དྲི་མ་བཀྲུ་བའི་ཕྱིར་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་ཡོད་དོ་ཞེས་བསྟན་པ། དངོས་པོར་མངོན་པར་ཞེན་པ་ཐམས་ཅད་སྤང་བའི་ཕྱིར་འགའ་ཞིག་ཏུ་མེད་དོ་ཞེས་གསུངས་སོ། །ཡང་རྣམ་པ་གཉིས་ཀར་ལྟ་བ་སྤང་བའི་ཕྱིར་ནི་ཡོད་པ་དང་མེད་པ་ཞེས་བྱ ་བ་གསུངས་ལ། སྤྲོས་པ་རྣམ་པ་ཐམས་ཅད་དུ་བཅད་པའི་ཕྱིར་ནི་གཉིས་ཀ་མ་ཡིན་པ་ཞེས་བྱ་བར་ཡང་རབ་ཏུ་བསྟན་ཏོ། །གཞན་ཡང་རེ་ཞིག་ཁྱོད་ཉིད་ཀྱིས་རྣམ་པར་སྦྱོད་པ་དང། ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ནད་དག་ནི་ཕྱིར་བཅོ ་བར་བྱ་དགོས་ལ། །དེ་དག་ལ་ཡང་གཞིའི་བྱེ་བྲག་གིས་དུ་མ་ཞིག་སྨན་དུ་འགྱུར་གྱི། གཅིག་ཉིད་ཐམས་ཅད་དུ་ནི་ཉེ་བར་མཁོ་བ་ནི་མ་ཡིན་ཏེ། འདི་ཡང་དེ་དང་འདྲའོ། །རབ་ཏུ་བྱུང་བས་གནོད་སྦྱིན་དང་ཡི་དགས་ལ་ཆོས་ཀྱི་བཏུང་བ་སྦྱིན་པ་ལྟ་བུ་དང། ་གནོད་སྦྱིན་གྱིས་ཕྱིར་འཇིལ་བར་མཐོང་བ་བཞིན་ནོ། །དཔེར་ན་སྤུན་གསུམ་ཞིག་ཡོད་པ་ལ་དེ་ལས་གཅིག་ནི་རབ་ཏུ་བྱུང་ངོ། །གཉིས་པ་ནི་གནོད་སྦྱིན་རྫུ་འཕྲུལ་ཆེ་བ་ཞིག་ཏུ་གྱུར་ཞིང། གསུམ་པ་ནི་ཡི་དགས་སྐར་མངའ་ ་གདོང་དུ་གྱུར་ཏེ། །དེ་གཉིས་ཅར་ཡང་དགེ་སློང་དེའི་གན་དུ་སོང་བར་འགྱུར་ཏོ། །དེ་ནས་དགེ་སློང་དེས་གནོད་སྦྱིན་དེ་ལ་ལོངས་སྤྱོད་ཆེན་པོའི་རྒྱུ་ཤེས་པར་བྱ་བའི་ཕྱིར་སྦྱིན་པའི་ཡོན་ཏན་བཤད་ཅིང། རྣམ་པར་སྨིན་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར ་ཚུལ་ཁྲིམས་འཆལ་པའི་སྐྱོན་བསྟན་ཏོ། །ཡི་དགས་ལན?་སྡུག་བསྔལ་ཤེས་པར་བྱ་བའི་ཕྱིར་བཏུད་བ་བྱིན་པས་མེའི་གདུང་བས་སྡུག་བསྔལ་ཉེ་བར་ཞི་བར་བྱས་ན་སེར་སྣའི་སྐྱོན་བརྗོད་པ་ལྟ་བུ་ཏེ། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བསམ ་པ་སྣ་ཚོགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འགྲོ་བ་མཛའ་དག་རྗེས་སུ་འཛིན་པ་ལ་གཞོལ་བ་རྣམས་ཀྱི་ཆོས་སྟོན་པ་ཡང་སྣ་ཚོགས་པར་འགྱུར་རོ། །ཡང་ན་དཔེར་ན་འགའ་ཞིག་གིས་ཕས་ཡུལ་གཞན་ནས་བུ་མོ་ཞིག་བླངས་ལ། ་དེའི་ཕ་དེ་ཡང་དུས་བྱས་པར་གྱུར་ཏོ། །དེ་ལ་མས་ཁྱོད་ཀྱི་ཕའི་གྲོགས་པོ་གནོད་སྦྱིན་འདི་ཞེས་བྱ་བ་དེ་དོན་གཉེར་བར་གྱིས་ལ་བུ་མོ་དེ་བལྟ་བར་བྱ་བའི་ཕྱིར་སོང་ཞིག་ཅེས་སྨྲས་པ་དང། དེས་དེ་ལྟར་བྱས་སོ། །དེ་ནས་གནོད་སྦྱིན་དེས་དེ་གཞལ ་མེད་ཁང་ནི་ནམ་མཁའ་ལ་ཁྱེར་ནས་འོངས་པ་དང། མི་ཞིག་ཀྱང་གན་དུ་འོངས་པར་གྱུར་ཏོ། །དེ་ལ་གནོད་སྦྱིན་དེས་བུ་སོང་ལ་འདི་བསྔོགས་ཤིག་ཅེས་སྨྲས་ལ། དེས་ཀྱང་དེ་ལྟར་བྱས་ཏེ་འོངས་ནས་དེ་ལ་ཅིའི་ཕྱིར་མི་འདིས་སྡངས་སུ་བཅུག་ཅེས ་དྲིས་པ་དང། དེས་འདི་ནི་རབ་ཏུ་བྱུང་བ་ཞིག་སྟེ། བདག་གིས་འདིའི་གཟི་བྱིན་མེ་བཟང་ངོ་ཞེས་སྨྲས་སོ། །དེ་ནས་དེས་གྲོང་ཁྱེར་དེར་ཁྲིད་ནས་ཁྱེའུ་དེ་འདབས་གཅིག་ཏུ་གཞག་སྟེ་བུ་མོ་དེ་བཙལ་བའི་ཕྱིར་རང་ཉིད་གྲོང་ཁྱེར་དེར་ཞུགས་པ་དང། བུ་མོ་དེ ་མཐོང་ནས་གནོད་སྦྱིན་དེ་ལ་འདོད་པའི་འདོད་ཆགས་སྐྱེས་ཏེ་དེས་དེ་བཟུང་ངོ། །ཁྱེའུ་དེ་ཡང་འདི་ཡུན་རིང་པོར་ཐོགས་པར་བྱེད་དོ། །སྙམ་སྟེ་རང་ཉིད་སོང་བ་དང། དེ་ཉིད་ཀྱིས་བཟུང་བའི་བར་དུ་མཐོང་ནས་དེས་དེ་ལ་འདི་ཐོང་ཞིག་ཅེས་འདི་ནི་ཁྱོད་ཀྱི་མནའ་མ་ཡིན ་ནོ་ཞེས་ཞུས་པས་དེས་མ་བཏང་བར་གྱུར་ཏོ། །དེ་ནས་ཕྱིར་ཟློག་པར་བྱེད་པ་ཞིག་བཀུག་སྟེ་དེ་སྒོར་གནས་པས་གནོད་སྦྱིན་ཡང་དུ་བར་རྩོམ་ཞིང་ཕྱོགས་གཅིག་སྩོལ་ཅིག་མཆིའོ། །ཞེས་སྨྲ་བ་བཞིན་ནོ། །དེ་ལྟར་ན་འགའ་ཞིག་འགའ་ ་ཞིག་གཉེན་པོར་འགྱུར་ཏེ། ཆོས་སྟན་པ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ཡོད་པ་དང་མེད་པ་ལ་སོགས་པའི་བསྟན་པ་འདི་རྣམས་ལས་ཀྱང་ནང་གི་བདག་ཉིད་དུ་སེམས་པ་ལ་ཞུགས་པའི་ཕྱིར་ན་གཉི་ག་མ་ཡིན་པར་བསྟན་པ་གང་ཡིན་པ་དེ ་དོན་དམ་པའི་བསྟན་པ་ཡིན་ལ། དོན་དམ་པའི་བསྟན་པ་དེ་ཡང། ཡང་དག་མཐོང་ན་གནས་མཆོག་ལ། །ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། །དེའི་ཕྱིར་ནང་བདག་བསམ་པ་ལ། །མཁས་པས་རྟག་ཏུ་བློ་གྲོས་བསྐྱེད། །དོན་དམ་པའི་ཤེས་པས་དེ་ཉིད ་ཡང་དག་པར་མཐོང་བ་ཡོད་ན་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་ཐོབ་ལ། །ཅུང་ཟད་ཆུང་དུ་ཞིག་མཐོང་ན་ལྷ་དང་མིའི་འགྲོ་བ་བཟང་པོའོ། །གང་གི་ཕྱིར་ཡེ་ཤེས་མཐོང་བ་རྫོགས་པ་ཡོང་ན་མྱ་ངན་ལས་འདས་པ་འཐོབ་ལ། མ་རྫོགས་ན་བཟང ་འགྲོ་ཡིན་པའི་ཕྱིར་མཁས་པས་རྟག་ཏུ་ནང་གི་བདག་ཉིད་བསམ་པ་ལ་བློ་བྱ་དགོས་སོ། །རྒྱལ་པོའི་ཕོ་བྲང་དུ་རྐུན་པོ་ཆོས་མ་ཡིན་པས་མགྲོན་དུ་བོས་པ་བཞིན་ནོ། །རྐུན་པོ་འགའ་ཞིག་ཡང་ཡང་གཙུག་ལག་ཁང་དུ་འགྲོ་བར་འགྱུར་ལ། དེ་ལ་དགེ ་སློང་འགའ་ཞིག་གིས་དེད་ཅག་ལ་སྐྱེས་རེངས་ཤིག་ལེང་ཞིག་ཅེས་སྨྲས་པས། དེས་སྐྱེས་ཅི་འདྲ་བ་ཞིག་ཅེས་སྨྲས་པ་དང། དགེ་སློང་གིས་ཆོས་ཀྱི་སྐྱེས་བསླབ་པའི་གཞི་ལོང་ཞིག་ཅེས་སྨྲས་ལ། དེས་ཀྱང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ ་པ་དང། བརྫུན་དུ་སྨྲ་བ་དང། འབྲུའི་ཆད་དག་སྦྱོང་བར་མི་ནུས་ཀྱིས། འོན་ཀྱང་འདོད་པ་ལ་འོག་པར་གཡེམ་པ་སྤོང་ངོ་ཞེས་སྨྲས་སོ། །དེས་དེ་སྤངས་ཏེ་བསླབ་པའི་གཞི་ཅིག་བླངས་ནས་སོད་སྟེ་མཚན་མོ་རྒྱལ་པོའི་གྲ་སའི ་ཁབ་ཏུ་རྐུ་བའི་ཕྱིར་ཞུགས་པ་དང། དེར་བུ་མོ་ཆོས་མ་ཡིན་པས་མགྲོན་དུ་གཉེར་ནས་དེས་ཀྱང་འདོད་པར་མ་གྱུར་ཏོ། །དོན་དེ་ཡང་རྒྱལ་པོས་མཁྱེན་ལ། དེས་ཀྱང་དེ་ལ་བཙུན་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་པ་བཙལ་ཞིང་རི་མོར་བྱས་པ་ལྟ་བུ་སྟེ། དེ་བཞིན ་དུ་ནང་གི་བདག་ཉིད་འདི་བསམས་ན་མྱ་ངན་ལས་འདས་པའི་འབྲས་བུ་ངེས་པར་ཐོབ་བོ། །ཅི་སྟེ་རྐྱེན་འགའ་ཞིག་མ་ཚང་པ་ལས། །དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར ་ལས་བཞིན་ནོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་བལྟ་བར་བྱ་བའི་ཕྱིར་མངོན་པར་བརྩོན་པས་སྐྱེ་བ་འདིར་འདོད་ཆགས་དང་བྲལ་བའི་མཛའ་མི་འཐོབ་མོད་ཀྱི་དོན་དམ་བའི་ཡེ་ཤེས་གྲུབ་པ་ལས་སྐྱེ་པ་ཕྱི་མར་འབད་པ་མེད་པར་མྱ་ངན་ལས་འདས་པ ་ངེས་པར་འཐོབ་སྟེ། ལས་བཞིན་ནོ། །དཔེར་ན་གཏི་མུག་གིས་བྱས་པའི་ལས་དེས་པར་ལས་སྐྱེ་བ་འདིར་འབྲས་བུ་འབྱུང་བ་མེད་མོད་ཀྱི། ས་བོན་འགགས་མ་ཐག་ཏུ་མྱུ་གུ་དད་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་ལྟར་དེ་ལ་སྐྱེ་བ་གཞན ་དུ?་གདོན་མི་ཟ་བ་ཁོ་ནར་འབྲས་བུར་འགྱུར་པ་བཞིན་ཏེ། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པ་ལས་རབ་ཏུ་འབྱུང་ཞེས་གསུངས་བའི་ཕྱིར་རོ། ། མྲ ་ཟས་ཏེ་འཛུགས་པ་བཞིན་ནོ། །གང་ཞིག་ཨ་མྲའི་འབྲས་བུ་སྨིན་པ་ཟོས་ཟིན་པར་བྱས་ནས་ས་བོན་མ་བརླག་པར་འཛུགས་པ་དེས་འཕྲལ་དུ་ས་བོན་མྱད་བའི་འབྲས་བུ་མི་འཐོབ་ཀྱི། དེ་ལྟ་ན་ཡང་དུས་གཞན་དུ་དོན་ཆེན་པོ་འཐོ་སྟེ། ཇི་ལྟར ་འདོད་པ་ལ?་ཤིང་ཏོག་འཐོབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་དེ་ཁོ་ན་ཉིད་ཤེས་པ་ཡོད་ན་ཅིའི་ཕྱིར་གོལ་བ་དག་མི་སྣང་ཞེ་ན། ལ་ལར་སྣང་མོད་ཀྱི། འོན་ཀྱང། བསམ་བཞིན་པ་ན་བྱ་བ་ནི། །ཀུན་ལོ་གྲུབ་པ་ཤིན་ཏུ་དཀོན། །འདི་ནའང་མྱང་འདས་མེད་མིན་གྱི། །སྦྱོར ་དང?་གྲོལ་རྣམས་རྙེད་པར་དགའ་། །མྱ་ངན་ལས་འདས་པ་ཁོ་ན་དཀོན་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་རྩོམ་པ་ཐམས་ཅད་འབྲས་བུ་འབྱུང་བར་ངེས་པར་དཀའ་བ་ཞིག་གོ་།བསམ་པ་ཁོ་ན་འབྲས་བུའི་སྒྲུབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྒྱུད་ད ་རྐྱེན་གྱི་ཚོགས་པ་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ལ། །དེ་ཡང་ཤིན་ཏུ་རྙེད་པར་དཀའ་ཨོ། །དེའི་ཕྱིར་འདིར་བྱ་བ་ཐམས་ཅད་བསམ་པ་ན་འགྲུབ་པ་ཤིན་ཏུ་དཀོན་ཏེ། དེ་བཞིན་དུ་བདེ་བར་གཤེགས་པའི་བསྟན་པ་འདི་ན་ཡང་མྱ་ངན་ལས ་འདས་པ་འདོད་པ་ཡོད་མོད་ཀྱི། དེ་ལྟར་ན་ཡང་རྒྱུ་གང་གི་ཕྱིར་དགེ་བའི་བ་ཤེས་གཉེན་དང་བྲལ་བ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་མེད་པ་ལས་སྦྱོར་བ་དག་རྙེད་པར་དཀའ་བ་དེའི་ཕྱིར་གྲོལ་བ་རྣམས་ཀྱང་རྙེད་པར་དཀའ་། དེའི་ཕྱིར་གྲོལ་རྣམས ་མ་མཐོད་བས་དེ་ཁོ་ན་ཉིད་མཐོང་བ་མེད་པར་རྟོགས་པར་མི་ནུས་སོ། །གཏུམ་མོ་ལྕགས་ལྡག་པ་བཞིན་ནོ། །ཇི་ལྟར་གདོལ་བ་མོ་སྐུད་བཙུགས་པ་ཞིག་ཉེས་པ་དེ་དང་བྲལ་བ་ཡིན་དུ་ཟིན་ཀྱང། ཁོ་མོ་ནི་གཏུམ་མོ་ཉིད་ཀྱིས་སྨེ་བའི་རང་བཞིན ་ཅན་ཞིག་སྟེ། ཇི་ལྟར་ལྷ་ཁང་དང་ཉེ་བར་ལྕགས་ལྔག་པར་བྱེད་ཅེས་ལྕགས་ལྡག་པར་བྱེད་མི་ཕོད་དེ། གལ་ཏེ་བྱེད་ན་ནི་ལོག་པར་གླང་བསྐལ་པ་དེ་ལས་གྲོལ་བར་འགྱུར་བ་ལྟ་བུ་སྟེ། དེ་བཞིན་དུ་བྱིས་པ་ལ་ལ་དག་ཀྱང་བདག་ཉིད་དམན་པར ་སེམས་ཤིང་སངས་རྒྱས་ཉིད་ལ་སྦྱོར་བར་མི་ཟད་དོ། །གལ་ཏེ་རིགས་པས་སྦྱོར་ན་ནི་གདོན་མི་ཟ་བར་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ། །གང་དེ་ལྟར་དུས་ཡུན་རིང་པོར་ཞུགས་པའི་ཉོན་མོངས་པའི་ཚོགས་འདི་ལ་ཟད་པ་ཡོད་དོ། །ཞེས་བྱ་བྲ? ་འདི་ཇི་ལྟར་ངེས་པར་ནུས་ཤེ་ན། བཤད་པར་བྱ་སྟེ། ལུས་ལ་ཡོན་ཏན་མེད་ཐོས་ནས། །འདོད་ཆགས་ཡུན་རིངས་མི་གནས་ཏེ། །ལམ་དེ་ཉིད་ཀྱིས་ཐམས་ཅད་ཀྱང། །ཟད་པར་འགྱུར་བ་མ་ཡིན་ནམ། །ཇི་ལྟར་འདི་ན་དུས་ཡུན་རིང ་པོས་ཀྱང་བདག་གི་བ་ཉིད་ཀྱིས་མངོན་པར་བཅས་པའི་ལུས་ལོངས་སྤྱོད་སྣ་ཚོགས་པ་དག་གིས་ཉེ་བར་གསོས་ཀྱང་འཇིག་པའི་ཆོས་ཅན་དུ་གྱུར་ཅིང་བྱས་པ་མི་ཤེས་པ་ལ་ཡོན་ཏན་མེད་པར་ཐོས་ནས་མཁས་པ་ལ་སྐད་ཅིག་དེར་འདོད་ཆགས་མི་སྐྱེ ་བར་དེ་ལྟར་ལེགས་པར་བསྒོམས་པའི་ལམ་འདོད་ཆགས་དང་བྲལ་བ་སྐྱེད་པར་བྱེད་པ་དེ་ཉིད་ཀྱི་དུས་ཡུན་རིང་པོར་ཞུགས་པའི་འདོད་ཆགས་ཐམས་ཅད་ཀྱང་གཏན་ནས་ཟད་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི ་དངོས་པོ་ཐམས་ཅད་ལ་རང་བཞིན་སྟོང་པ་ཉིད་ཀྱིས་སྙིང་པོ་མེད་པ་ཉིད་དུ་མཐོང་བའི་ཕྱིར་འདོད་ཆཊ་ལ་སོཊ་པའི་ཉོན་མོངས་པའི་འཆིང་བ་མ་ལུས་པ་བཅད་པ་ལས་གྲོལ་བ་སྲིད་པར་བྱའོ། །ཅེ་ན་ཀས་གསེར་ཡོངས་སུ་དོར་བ་བཞིན་ནོ། །ཇི་ལྟར་ཙན་ཀས ་ཅི་སྨན་དག་གིས་གསེར་མ་ཤ་གཅིག་བྱེད་པ་ན་གང་གི་ཚེ་གསེར་ཀ་ཀ་ནི་ཙམ་ཞིག་བསྒྲུབས་པ་དེའི་ཚེ་བདག་གི་ཐ་བས་འདིས་གསེར་ཆེས་ཤིན་ཏུ་མང་པོ་སྒྲུབ་པར་ནུས་སོ་སྙམ་སྟེ། དེས་དེ་ཡོངས་སུ་དོར་བ་བཞིན་དུ་རྣལ་འབྱོར་པ་ཡང་ལུས་ཡོན ་ཏན་དང་བྲལ་བ་ཐོས་པ་ཙམ་གྱིས་འདོད་ཆགས་སྐད་ཅིག་ཙམ་མི་གནས་པར་མཐོང་ནས། བདག་གིས་ལམ་འདིའི་སྒོ་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཏན་བཟློག་པར་བྱ་བར་ནུས་སོ། །ཞེས་ལམ་དེ་ཉིད་གོམས་པར་བྱེད་དོ། ། ་འདིར་སྨྲས་པ། ཐོག་མ་མེད་པའི་དུས་ནས་ཞུགས་པའི་སྐྱེ་བོའི་རྒྱུན་ལ་ཇི་ལྟར་མཛའ་ཡོད་པར་འགྱུར། བཤད་པར་བྱ་སྟེ། ཇི་ལྟར་ས་བོན་མཛའ་མཐོང་ཞིང། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུན་མི་ཚད་ཕྱིར། །སྐྱེ་བའང་འབྱུང ་པར་མི་འགྱུར་རོ། །ཇི་ལྟར་དུས་ཡུན་རིང་པོ་ནས་ཞུགས་ཤིང་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པས་འཇུག་པའི་ས་བོན་གྱི་རྒྱུན་ཐོབ་མར?་མི་ལྡན་པ་ལ་མེས་ཚིག་པ་ལ་མཛའ་མཐོང་བ་བཞིན་དུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུ་ཅན་ཐོག་མ ་མེད་པའི་དུས་ནས་འཇུག་ཅིང་ཐོག་མ་དང་མི་ལྡན་པའི་རྣམ་པར་ཤེས་པའི་ས་བོན་གྱི་སྐྱེ་བ་ལ་ཡང་རྒྱུ་མཚད་བ་ལས་ཡང་འབྱུང་བ་ཡོད་པ་མ་ཡིན་ནོ། །ཉོན་མོངས་པ་ལ་བལྟོས་པའི་ལས་ཀྱི་ནི་སྐྱེ་པ་ཚར་ཕྱིན་པས་འཕེན་པར་ནུས་ལ། ཉོན་མོངས་པ? ་དག་ཀྱང་ཡེ་ཤེས་ཀྱི་མེས་བསྲེག་པ་ལ་དངོས་པོ་མེད་པར་ཉེ་བར་འགྲོ་སྟེ། དེའི་ཕྱིར་གྲོགས་མེད་པ་ལས་ཀྱིས་སྐྱེ་བ་འཕེན་པར་མི་ནུས་སོ། །དེ་ལྟར་ན་སྐྱེ་བ་མུར་ཐུགས་པ་འདི་བསིལ་བར་འགྱུར་རོ། །མར་མེ་དང་ཏིལ་བཇོས?་པ་དང། ཀུན་ཏུ་རྒྱུན་མཁའ་དང། ་ཤིང་ལྗོན་པ་བཞིན་ནོ། །ཇི་ལྟར་མར་མེའི་རྐྱེན་དག་ཡོད་ན་གནས་པར་འགྱུར་བ་དང། ཇི་ལྟར་ཏིལ་བརྔོས་པའི་ས་བོན་རྣམས་ཀྱིས་མྱུ་གུ་རྒྱས་པར་མི་འགྱུར་བ་དང། ཀུན་ཏུ་རྒྱུན་མཁའ་ལྡོང་པོས་བསྒྲུབས་ཏེ། དེའི་རྒྱུས་ནམ་མཁར་འགྲོ་བར་གྱུར་ཅིང་གང་གི་ཚ་དེ ་གཞན་གྱིས་དྲོགས་པ་དེའི་ཚེ་རྒྱུ་མེད་པས་ས་ལ་ལྷུང་པ་དང། ཇི་ལྟར་ཤིང་ལྗོན་པའི་རྩ་བ་བཏོན་པས་རྒྱུ་མེད་པའི་ཕྱིར་སླར་??་བར་མི་འགྱུར་བདེ་བཞིན་དུ་རྒྱུ་དངོས་པོར་ཞེན་པ་མེད་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་མི་འབྱུང་ངོ། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་ཉོན་མོངས་པའི་དབང་གིས་ཀྱང་མ་ཡིན་ཏེ། འོན་ཀྱང་སྨོན་ལམ་གྱི་དབང་གྲིས?་སོ། །དོའི་ཕྱིར་སྲིད་པའི་འགྲོ་བ་དངོས་པོའི་རང་བཞིན་མེད་པ་མཐོང་བ་ཉིད་ཀྱིས་གང་སེམས་ཅན་གྱི་དོན་ལ་སྦྱོར་ཞིང་འགའ་ཡོང ་སེམས་ཅན་དུ་མངོན་པར་ཞེན་པ། བྱང་ཆུབ་སེམས་དཔའ་ཨི་མཆོག་ཏུ་དཀའ་བར་སྤྱད་པ་ནི་ཤིན་ཏུ་རྨད་དུ་བྱུང་བ་ཞིག་སྟེ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། འགྲོ་བ་སྟོད་པར་གཟིགས་མོད་ཀྱང། །འགྲོ་བའི་སྡུག་བསྔལ་བསལ་བཞེད་པས། ཡུན ་རིངས་ཁྱེད་ཉོན་མོངས་པ་གང། །དེ་ནི་མཆོག་ཏུ་རྨད་འབྱུང་བའོ། །ཞེས་གསུངས་སོ། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང། འདི་ནི་སེམས་ཅན་སྲོག་འགའ་ཡོད་མིན་ལ། །རྒྱལ་བའི་དབང་པོ་སེམས ་ཅན་སྨིན་པའང་མཛད། །སེམས་ཅན་ཡོད་པ་མིན་ཡང་དོན་མཛད་པ། །འདི་ནི་ཁྱོད་ཀྱི་དཀའ་སྤྱོད་ཆེན་པོའོ། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས། སེམས་ཅན ་ཇི་སྙེད་སེམས་ཅན་དུ་བསྡུ་བས་བསྡུས་པ་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ་འདུ་ཤེས་ཅན་མ་ཡིན་པ་འམ་འདུ་ཤེས་མེད ་འདུ་ཤེས་མེད་པ་མ་ཡིན་པ་དག་ཀྱང་རུང་སྟེ། ཇི་སྙེད་སེམས་ཅན་གྱི་ཁམས་སུ་གདགས་པས་བཏགས་པ་ཐམས་ཅད་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་ལྟར་སེམས་ཅན ་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་རོ། །ཞེས་འདོད་པའི་ཕྱིར་རོ། །འཕགས་པ་རིན་པོ་ཆེའི་ཕྲེང་བ་ལས་ཀྱང། ཇི་ལྟར་ཆུ་ཤིང་ཡན ་ལག་དག་།མ་ལུས་བཅས་ཏེ་བཤིག་བྱས་ན། །ཅི་ཡང་མེད་ལྟར་སྐྱེས་བུ་ཡང། །ཁམས་བཅས་བཤིག་ན་དེ་དང་འདྲ། །དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག་།དེ་ཕྱིར་ཐུབ་པ་ཆེན ་པོས་བཟློག་།ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འགྲོ་བ་ཐམས་ཅད་རང་བཞིན་མེད་པར་མཐོང་བ་འདིར་ཇི་ལྟར་འགྱུར་བ་དེ་ལྟར་ནི་འོག་ནས་རབ་ཏུ་བྱེད་པ་བརྒྱད་ཀྱིས་སྟོན་པར་འགྱུར་རོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང ་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་སློབ་མ་ཡོངས་སུ་སྤྱོད་བཞེས་བྱ་བ་སྟེ། རབ་ཏུ་འབྱེད་པ་བརྒྱད་པའི་འགྲེལ་པའོ།། །།འདི་མན་ཆད་སློབ་དཔོན་རབ་ཏུ་བྱེད་པ་ལྷག་མ་རྣམས་ཀྱིས་སློབ་མ་རབ ་ཏུ་བྱེད་པ་ཐལ་མ་ཐག་པའི་རྒྱ་མཚོའི་ཆུའི་གཡོ་བས་སེམས་ཀྱི་རྒྱུད་བཤལ་ཅིང་དེ་ཁོ་ན་ཉིད་ཀྱི་བདུད་རྩི་བསྟན་པའི་སྣོད་དུ་འགྱུར་བས་དངོས་པོ་མཛའ་དག་གི་དེ་ཉིད་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་ཆེད་དུ་དེ་ཁོ་ན་ཉིད་རྣམ་པར་གཏན་ལ་ཕབ་པས་བརྩམ ་པར་བཞེང་པས་འདུས་བྱས་སྐྱེ་བ་དང་འཇིག་པ་དང་ལྡན་པ་ཉིད་ཀྱིས་སྙིང་པོ་མེད་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། ཐམས་ཅད་འབྲས་བུའི་དོན་སྐྱེ་བ། །དེས་ན་རྟག་ཡོད་མིན་དེའི་ཕྱིར། འབྲས་བུའི་དོན་དུ་འཇུག་པ་ནི་འཇིག་རྟེན་ན་རང་བཞིན་པ་མ་ཡིན་ཏེ། ་འཇིག་རྟེན་ན་འདིའི་ཚོགས་པ་འདི་ནི་འབྲས་བུའི་ཆེད་དུ་ཡིན་གྱི་དངོས་པོ་པ་ནི་མ་ཡིན་ནོ། །ཞེས་ཐ་སྙད་འདོགས་པའི་ཕྱིར་རོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང། སེམས་དང་སེམས་ལས་བྱུང་བ་དང། མཚན་གཞི་མཚན་ཉིད་ལ་སོགས་པ ་འདུས་བྱས་ལ་ཡང་ཆིག་རྐྱང་སྐྱེ་པ་མེད་པས་ཅི་རིགས་པ་ཚོགས་པ་ཁོ་ན་སྐྱེ་བ་ཡིན་ནོ། །ཚོགས་པ་དེ་ཡང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་གནས་པའི་ཕྱིར་གང་ཞིག་ཡོད་ན་གང་འབྱུང་ཞིང་གང་མེད་ན་གང་མི་འབྱུང་བ་དེ་དེའི་རྒྱུ་ཡིན་ཞིང་ཅིག་ཤོས་འབྲས་བུ ་ཡིན་ལས་མེད་པར་འབྱུང་བ་གསུམ་པོ་དེ་མེད་པའི་ཕྱིར་དང་ཡོད་ན་ཡོད་པའི་ཕྱིར་ས་སྐྱེ་བ་འབྲས་བུ་ལ་དགོས་པ་ཡིན་ནོ། །དེ་ལྟར་ན་འདུས་བྱས་ཐམས་ཅད་དག་ཉིད་ཇི་ལྟ་བ་བཞིན་དུ་འབྲས་བུའི་དོན་དུ་སྐྱེ་བ་དེའི་ཕྱིར་དེ་རྟག་པ་མ་ཡིན་ནོ། །དེ་ལྟར ་ན་འདུས་བྱས་ཐམས་ཅད་དག་ཉིད་ཇི་ལྟ་བ་བཞིན་དུ་འབྲས་བུའི་དོན་དུ་སྐྱེ་བ་དེའི་ཕྱིར་དེ་རྟག་པ་མ་ཡིན་ནོ། །རྟག་པའི་སྒྲ་ནི་རང་བཞིན་དང་།བདེན་པ་དང། སྙིང་པོ་དང། དངོས་པོ་དང། རྫས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་ལ། དེ་མེད་པའི་ཕྱིར་འདུས་བྱས ་རང་བཞིན་མེད་པ་དང། མི་བདེན་པ་དང། སྙིང་པོ་མེད་པ་དང། དངོས་པོ་མ་ཡིན་པ་དང། རྫས་མ་ཡིན་པ་དང། སླུ་བའི་བདག་ཉིད་ཅན་དང། བྱིས་པའི་འཇིག་རྟེན་འདྲིད་པ་ཡིན་ནོ། །ཞེས་བྱ་བ་རྟོགས་སོ། །འདི་སྐད་དུ་བཅོམ་ལྡན་འདས་ཀྱིས ་རབ་འབྱོར་མིག་ནི་བདག་དང་བདག་གི་བ་དང། རྟག་པ་དང། བསྟན་པ་དང། ཐེར་ཟུག་པ་དང། རྣམ་པར་འགྱུར་པའི་ཆོས་ཅན་མ་ཡིན་པས་སྟོང་པ་སྟེ་ཞེས་བྱ་བ་དང། དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང། འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར་མིག་ནི་མིག་གིས་སྟོང ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྟོན་པས་གང་འདུས་བྱས་ཡིན་པ་དེ་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ་ཞེས་གསུངས་སོ། །འདི་ཡང་འཆད་པར་འགྱུར་བའི་རིག་པ་དང་ལྡན་པར་ངེས་པར་མཛད་ནས་བཤད་པ་དེའི་ཕྱིར། ཐུབ་པ་མ་གཏོགས ་ཇི་ལྟར་དངོས། །དེ་བཞིན་གཤེགས་པ་ཡོང་མ་ཡིན། །མི་སློབ་པའི་སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པས་ན་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ཉིད་མི་རྟག་པ་དང་སྟོང་པ་ཉིད་ཉེ་བར་སྟོན་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་དེ་བཞིན ་དུ་གཤེགས་ཤིང་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པ་ཞེས་བྱའི་གཞན་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟར་གནས་པ་བཞིན་མ་རྟོགས་པའི་ཕྱིར་རོ། །ཇི་སྐད་དུ། འདས་དང་མ་འོངས་ད་ལྟར་བྱུང ་ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད། །ཇི་ལྟར་དེ་བཞིན་གཟིགས་དེས་ན། །དེ་ལ་དེ་བཞིན་གཤེགས་པར་བསྙད། ཅེས་བྱ་བ་དང། རབ་འབྱོར་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གང་དུ་ཡང་མི་གཤེགས་ལ་གང་ནས་ཀྱང་མ་བྱོན་པ་སྟེ། ངེས ་ན་དེ་བཞིན་གཤེཊ་པ་ཞེས་བྱའོ། །ཞེས་བྱ་བ་དང། དེ་བཞིན་དུ་དེ་བཞིན་ཉིད་ཇི་ལྟ་བར་ཐུགས་སུ་ཆུད་པ་དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་སོ། །ཡང་ན་བཅོམ་ལྡན་འདས་ཀྱིས་གང་ཀུན་འབྱུང་བའི་ཆོས་ཅན་དེ་ནི་གདོན་མི་ཟ་བར་འགོག་པའི་ཆོས་ཅན་ཏེ། སྐྱེ ་བའི་རྐྱེན་གྱིས་རྒ་ཤི་ཞེས་བསྟན་པའི་ཕྱིར་སྐྱེས་པ་གང་ཡིན་པ་དེའི་འབྲས་བུ་འཇིག་པ་ཁོ་ན་ཞིག་སྟེ་སྐྱེས་པ་ནི་དེའི་དོན་དུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བ་དེས་ན་རྟག་པ་ཡོད་པ་མ་ཡིན་ཏེ། རང་བཞིན་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ ་གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་ཡོང་མ་ཡིན་ཏེ། །འདིའི་དོན་ནི་དེ་གོང་མ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཚོར་བ་གསུམ་མྱོང་བར་འགྱུར་བའི་ལས་ཡུལ་དང་དུས་དང་ལུས་ཀྱི་གནས་སྐབས ་ཀྱི་ཁྱད་པར་གྱི་མྱོང་བར་བྱ་བ་རྣམས་ལ་དེ་དག་མེད་པར་ལས་ཀྱི་འབྲས་བུ་ཡང་དག་པར་མྱོང་བར་མེད་བས་དེའི་དོན་དུ་ཕྱི་དང་ནང་གི་དངོས་པོ་དག་སྐྱེ་བའི་ཕྱིར་དངོས་པོ་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བའི་རང་གི་ངོ་བོ་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཏེ། ངེས་ན ་རྟག་པ་ཡོད་པ་མ་ཡིན་ནོ། །རྣམ་པ་གཞན་དུ་ན་ནི་རང་བཞིན་ལྡོག་པ་མེད་པའི་ཕྱིར་རྟག་པ་ཉིད་དུ་འགྱུར་ན་དེ་ལྟར་ན་ཡང་མ་ཡིན་ནོ། །དེས་ན་རྟག་ཡོད་མིན་ཏེ། ཐམས་ཅད་རང་བཞིན་སྟོང་ངོ། །ཞེས་བྱ་བའི་དོན་ཏོ། །དངོས་པ་ཐམས་ཅད་སྟོང་པ་ཉིད་འདི་ཡང ་སྟོན་པ་གཞན་གྱི་ཚིག་གིས་མ་བསྟན་ཏོ། །ཞེས་བཤད་པ་ནི་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཞེས་བྱ་བའོ། །རྟོག་གེ་བ་དག་ནི་གང་ཞིག་ཕ་རོལ་པོས་འབྲས་བུའི་དོན་དུ་མ་སྐྱེས་པ་ཉིད་དུ་ཁས་བླངས ་པ་དེ་ནི་སྐྱེས་པ་ཡིན་ཏེ། འབྲས་བུའི་དོན་ཡིན་པའི་ཕྱིར་འབྲས་བུའི་དོན་དུ་སྐྱེས་པ་གཞན་བཞིན་ནོ། ཞེས་སྨྲས་ཏེ། འདིར་རེ་ཞིག་ཕ་རོལ་པོས་ཀུན་བརྟགས་པ་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་སྐྱེ་བ་དང་འཇིག་པ་དང་མ་ལྡན་པ་རྣམས་ལ་ནམ་མཁའ་ཨི ་མེ་ཏོག་ལྟར་རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཉིད་ཡོད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་པ་འདི་རྣམས་རྒྱུ་ཉིད་དུ་སྐྱོ་བཏགས་ཐ་སྐྱོ་བ་སྒྲུབ་པས་མི་རྟག་པ་ཉིད་དུ་སྒྲུབ་པར་རིགས་པ་ཡང་མ་ཡིན་ཏེ། རང་ཉིད་ལ་འབྲས་བུའི་དོན་མ་གྲུབ་པའི་ཕྱིར་ལ་གཞན་ལ ་གྲུབ་པ་གཏན་ཚིགས་སུ་ཁས་ལེན་ན་ཧ་ཅང་ཐལ་བར་གྱུར་པའི་ཕྱིར་རོ། །དངོས་པོ་མི་རིག་པ་ཁས་བླངས་པས་ཕ་རོལ་པོ་བཟློག་པར་བྱ་བ་ཡིན་པའི་ཕྱིར་ན་རྟག་པ་འབྲས་བུའི་དོན་ཉིད་དུ་ཁས་བླངས་པར་རིག་པ་ཡང་མ་ཡིན་ནོ། །འདི ་གཞན་གྱི་དམ་བཅའ་ལ་རྗེས་སུ་དཔག་པ་དང་འགལ་བ་བརྗོད་པར་རིག་པ་ཡང་མ་ཡིན་ཏེ། དེ་ནི་གཉི་ག་ལ་གྲུབ་པ་ཁོ་ནས་བརྗོད་པའི་ཕྱིར་རོ། །གང་གི་ལྟར་ན་གཉི་ག་ལ་གྲུབ་པའི་སྒོ་ནས་རྗེས་སུ་དཔག་ཟླ་གནོད་མི་སྲིད་པའི་ཕྱིར་རང་ལ་གྲུབ་པས་ཀྱང་རྗེས ་སུ་དཔག་བས་གནོད་པ་ཡོད་དོ། །ཞེས་འདོད་པ་དེ་ལྟར་ན་ཡང་དོན་སྟོན་པ་ལ་མི་མཁས་པ་ཉིད་དུ་འགྱུར་ཏེ། མཁས་པ་ནི་སླབས་བསྟན་པར་བྱ་བའི་དོན་དཀའ་བས་སྔོན་པར་མི་ཕྱེད་དོ། །གཞན་ཡང་ནམ་མཁའ་ཡང་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་བསྐྱེད་པ ་ལ་རྒྱུ་ཉིད་དུ་བརྗོད་པའི་ཕྱིར་དང། ཁམས་དྲུག་འདོན་པས་གང་ཟག་ཏུ་བཏགས་པའི་རྒྱུ་ཉིད་ཀྱི་ཕྱིར་འབྲས་བུའི་དོན་དེ་ཉིད་ནི་མ་ངས་མ་ཉིད་ཁོ་ནར་འགྱུར་རོ། །གལ་ཏེ་རྒྱུ་ནི་རྒྱུ་རུ་འགྱུར་བ་ན་གཞན་གྱི་རྒྱུ་རུ་འགྱུར་བ་སྟེ་ཞེས་བྱ་བའི་ཚུལ་ལས་ནི་ནམ ་མཁའ་ལ་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །ཞེས་དེ་ནི་དེ་ལྟར་མ་ཡིན་ཏེ། དེར་ནི་ས་བོན་མྱུ་གུའི་རྒྱུ་འདི་དུ་ཡིན་པ་ལྟར་གང་གིས་བྱེད་པ་དེ་རྒྱུ་ཡིན་ནོ། །ཞེས་སྐྱེད་པར་བྱེད་པ་ཁོ་ན་རྒྱུར་མངོན་པར་འདོད་ལ། རྒྱུ་མཚན་གྱི་དངོས་པོ་ཙམ་གྱིས་ནམ་མཁའ་ ་ཡང་རྒྱུ་ཉིད་དུ་འདོད་པ་ཁོ་ན་སྟེ། དེ་ལྟར་མི་འདོད་ན་མདོ་དང་བསྟན་བཅོས་གཉིས་མི་འགལ་བར་བརྗོད་པར་མི་འགྱུར་རོ། །སློབ་དཔོན་རྣམ་པ་ཐམས་ཅད་དུ་དངོས་པོ་རང་བཞིན་མེད་པར་གསུང་བ་ཡིན་པའི་ཕྱིར་གྲུབ་པའི་སྒོ་ནས་མི་རྟག་པ་ཉིད ་སྒྲུབ་པར་མཛད་པ་ཡང་མ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་དང། རྟག་པ་ཉིད་དེ་ཡང་ཕྱི་ནས་འགོག་པར་འགྱུར་བའི་ཕྱིར་ཏེ། སྐྱེ་དང་གནས་དང་འཇིག་རྣམས་ལ། །ཅིག་ཅར་འབྱུང་བ་ཡོད་མིན་ཞིང། །རིམ་གྱིས་འབྱུང་བ ་ཡོང་མིན་ན། །ནམ་ཞིག་འབྱུང་བ་ཡོད་པར་འགྱུར་རོ། །ཞེས་འཆད་པར་འགྱུར་རོ། །བསྟན་བཅོས་ལས་ཀྱང་གལ་ཏེ་མི་རྟག་རྟག་ཀོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། ཞེས ་གསུངས་སོ། །གཞན་ཡང་དངོས་པོ་ནི་འཇིག་རྟེན་ལ་རབ་ཏུ་གྲུབ་པ་ཡིན་པའི་ཕྱིར་དེ་སྒྲུབ་པ་ལ་རྗེས་སུ་ངང?་བ་ཁ?་ཡོངས་སུ་འཛིན་པ་དགོས་པ་མེད་པ་ཉིད་དོ། །གང་ཞིག་བླུན་པ་ཉིད་ཀྱི་དངོས་པོ་མ་ཡིན་པ་རི་རོང་གི་རྭ་ལྟར་ཡོད་པ་མ་ཡིན་པར་མི་རྟོགས་པ་དེ་ཡང་སྐྱེ་བ་སྐྱིལ ་གྲགས་པས་བརྗོད་པར་འདོད་པའི་དོན་འཛིན་པར་བྱེད་དུ་གཞུག་པར་ནུས་པ་ཁོ་ནའོ། །དངོས་པོ་ཡོད་པ་ཉིད་སྒྲུབ་པ་ནི་ཡན་ལག་གསུམ་ཡང་བསྒྲུབ་པར་བྱ་བ་ལྟར་མ་གྲུབ་པའི་ཕྱིར་དོན་སྒྲུབ་པར་བྱེད་པ་མི་སྲིད་པ་ཉིད་དོ། །དེའི་ཕྱིར་རྟོག་གེ་པ་རྣམས ་གྱིས་རྟོག་གེ་བྱེད་པའི་དལ་བ་དོན་མེད་པ་ཉིད་དུ་རྟོགས་སོ། །དེ་ལྟར་ཡིན་དང་དེའི་ཕྱིར་རྟོག་གེའི་མཚན་ཉིད་མ་རྟོགས་པར་གྱུར་དུ་ཟིན་ཀྱང་འཇིག་རྟེན་པའི་དོན་རྣམ་པར་གཏན་ལ་འཕེབས?་པ་ལ་མཁས་པ་རྣམས་ཀྱིས་དངོས་པོ་གང་ཞིག་ཇི་ལྟར་གནས ་པ་དེ་དེ་ཁོ་ན་ལྟར་རྟོགས་ལ་གཞན་དག་ལ་སྟོན་པར་ཡང་བྱེད་དོ། །གཞན་ཡང་མི་རྟག་པ་ཉིད་འཇིག་རྟེན་ལ་གྲགས་པའི་ཕྱིར་གང་དུ་འཇིག་རྟེན་གྱིས་ཀྱང་དེ་ངེས་པ་དེར་དེ་བཞིན་གཤེགས་པ་ཁོ་ན་དོན་ཕྱིན་ཅི་མ་ལོག་པ་གསུངས་པའོ།། ་ཞེས་བྱ་བ་དེ་བརྗོད་པར་མི་ནུས་པ་ཉིད་དོ། །འཇིག་རྟེན་པ་གང་ཞིག་རང་གི་མཚན་ཉིད་དུ་སྒྲོ་བཏགས་ནས་མི་རྟག་པ་ཉིད་དུ་རྟོགས་པ་དེས་ནི་དངོས་པོ་བརྫུན་པ་དང། སླུ་བའི་ཆོས་ཅན་ཉིད་དུ་མ་རྟོགས་པའི་ཕྱིར་ཐམས་ཅད་དུ་དེ་བཞིན་གཤེགས ་པ་ཁོ་ན་ཕྱིན་ཅི་མ་ལོག་པར་གཟིགས་པ་ཡིན་ནོ། །ཞེས་བྱ་བར་རིགས་སོ། །འདིར་ཁ་ཅིག་དག་ན་རེ་གང་ཞིག་འབྲས་བུའི་དོན་དུ་སྐྱེས་པ་དེ་ནི་རྟག་པ་མ་ཡིན་པ་ནི་བདེན་མོད་ཀྱི། དངོས་པོ་གང་དག་ཡན་ལག་གཉི་ག་མ་ཚང་བ་འདི་ལྟ་སྟེ ་ནམ་མཁའ་ལ་སོགས་པ་ཡིད་ཀྱི་མུར་ཐུག་པ་དག་དང། གང་དག་ཡན་ལག་གཅིག་མ་ཚང་བ་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་རྟག་པར་འགྱུར་ལ། དེ་དག་གི་ཡོད་པ་ཉིད་དང་རྟག་པ་ཉིད་ཐུགས་སུ་མཆུད་པས་དེ་བཞིན ་གཤེགས་པ་ཕྱིན་ཅི་མ་ལོག་པ་གཟིགས་པ་ཡང་མ་ཡིན་ནོ། ཞེས་འཛེར་ཏོ། །དེ་དག་གི་ལུགས་ཀྱང་མ་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་སློབ་དཔོན་གྱིས། མ་བརྟེན་པར་ནི་ཡོད་ཉིད་མེད། ཅེས་བྱ་བ་སྨོས་སོ། །འདིས་བདེ་བ་ལ་སོགས་པ ་བདག་ཉིད་ཀྱི་རྒྱུ་དང་རྐྱེན་ཇི་ལྟ་བུ་ལ་རག་ལས་པ་རྣམས་ཡོད་པ་ཉིད་དུ་དམིགས་ནས་དོན་གྱིས་གོ་བར་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པ་དག་ཡོད་པ་མ་ཡིན་པ་ཉིད་དུ་ཇི་ལྟར་མི་རྟོགས་ཏེ་འདི་ནི་ཆོས་གསལ་བར་འདི་དག་ནམ་མཁའ་ཨི་ཨུཏཔལ་ལ་སོགས་པ་རྣམས་སྟོང?་ཡོད་པ ་མ་ཡིན་པ་ཉིད་དུ་རྟོགས་པར་འོས་པ་ཉིད་དོ། །གལ་ཏེ་མ་རྟོགས་ན་ནི་རབ་རིབ་ཅན་ལྟར་ངེས་པར་འདི་ལ་སྒྲོ་བཏགས་པས་བྱས་པའི་ལྟ་བའི་རྣམ་པར་འགྱུར་བ་མངོན་པར་འགྱུར་རོ། །དེའི་ཕྱིར་མ་བརྟེན་པར་ནི་ཡོད་ཉིད་མེད་དོ། །ཚུལ་འདི ་ཡང་ཡུལ་དང་དུས་དང་དངོས་པོ་ཐ་དད་པས་ཐ་དད་པའི་དངོས་པོ་ཐད་ལ་མི་འཁྲུལ་ལོ་ཞེས་བཤད་པ་ནི། གང་ཞིག་གང་ན་ནམ་གྱི་ཚེའང་ཞེས་བྱ་བའོ། །གང་གི་ཕྱིར་འདི་ལྟར་ཡིན་པ། དེས་ན་ནམ་ཡང་གང་ཞིག་ཏཱུང། །རྟག་པ་འགའ་ཡང ་ཡོད་མ་ཡིན། །ཕྱེད་གོང་མས་གྲུབ་པ་ཉིད་ཕྱེད་ཕྱི་མས་མཇུག་བསྡུད་པའོ། །གང་གི་ཚེ་དེ་ལྟར་གཞན་གྱིས་ཀུན་བརྟགས་པའི་དངོས་པོ་རྟེན་ཅིང་འབྲེལ་བར་མ་བྱུང་བ་དག་ལ་ཡོད་པ་ཉིད་དང་རྟག་པ་ཉིད་དག་ཡོད་པ་མ་ཡིན་པ་དེའི་ཚེ་དེ་བཞིན ་གཤེགས་པ་ཕྱིན་ཅི་མ་ལོག་པ་གཟིགས་པ་ཉིད་དུ་གྲུབ་བོ། །འདི་ལྟར་དེས་ནི་ཡོད་པ་ཡོད་པར་མཁྱེན་ཏེ་གང་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཡོད་པ་མ་ཡིན་པ་ཡང་ཡོད་པ་མ་ཡིན་པར་ཏེ་གཞན་གྱིས་ཀུན་བརྟགས་པ་རྟེན་ཅིང་འབྲེལ་པར ་བྱུང་བ་མ་ཡིན་ནོ། །གང་དག་འབྱུང་བ་དང་འཇིག་པ་གཉིས་མངོན་པར་འབྱུང་བ་དང། མི་མངོན་པར་གྱུར་པ་ཙམ་ཡིན་པས་ཆེན་པོ་ལ་སོགས་པ་ལ་མ་བྱུང་བ་ལས་བྱུང་བ་བསལ་ནས་མངོན་པར་གསལ་བ་ཙམ་ཞེ་ལ་གཞག་སྟེ། རྟག་པ་ཉིད་དུ་རྟོགས་ཤིང་འགའ་ཡང ་རྟེན་ཅིང་འབྲེལ་པར་འབྱུང་བ་མི་འདོད་པ་དེ་དག་ཀྱང་བཤད་ཟིན་པའི་སུན་འབྱིན་པ་ལས་མི་འདའ་ཨོ། །ཅི་སྟེ་རེ་ཞིག་བདེ་བ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་པ་རྣམས་ནི་ཡོད་ལ། བདག་ནི་དེ་རྣམས་ཀྱི་འདུ་བ་ཅན་གྱི་རྒྱུ་ཡིན་ནོ། །མེད་པ་འདུ་བ ་ཅན་གྱི་རྒྱུ་ཉིད་དུ་རིག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེའི་འབྲས་བུ་དམིགས་པའི་ཕྱིར་རེ་ཞིག་བདག་ཡོད་དོ། །དེ་ཡང་རྟག་པ་ཞིག་སྟེ། ཡོད་ལ་རྒྱུ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་ཏེ། གང་ཞིག་ཡོད་ཅིང་དེའི་རྒྱུ་མ་དམིགས་པ་དེ་ནི་རྟག་པའོ། །བདག་ཡོད་མ ་ནི་དེའི་རིགས་ཅན་གྱི་དངོས་པོ་རྣམས་ཀྱང་ཡོད་པར་འགྱུར་རོ་སྙམ་ན་འདི་ལ་བཤད་པར་བྱ་སྟེ། གལ་ཏེ་བདག་ཉིད་ཡོད་པར་འགྱུར་ན་ནི་དེ་ལྟར་འགྱུར་བ་ཞིག་གོ་།ཇི་ལྟར་ཞེ་ན། འདི་ལྟར། རྒྱུ་མེད་པར་ནི་དངོས་པོ་མེད། དངོས་པོ་དང་རང་བཞིན་དང ་བདག་དང་རྟག་པ་དང་བརྟན་པ་ཞེས་བྱ་བ་རྣམ་གྲངས་དག་གོ། དེ་ནི་རྒྱུ་མེད་པ་སྲིད་པ་མ་ཡིན་ཏེ། འདི་ལྟར་ཕ་རོལ་ཉིད་ཀྱིས་འདི་རྒྱུ་དང་མི་ལྡན་པ་ཉིད་དུ་ཁས་ལེན་པར་བྱེད་ན་རྒྱུ་མེད་པ་ཅན་ཉིད་དུ་ཁས་བླངས་ལ། གང་ཞིག་རྒྱུ་མེད་པ་དེ་ནི་བོང་བུའི་རྭ་ལ ་སོགས་པ་ལྟར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་གྲུབ་བོ། །ནམ་མཁའ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་ཉིད་དུ་ཞེ་ན། མ་ཡིན་ཏེ། དེ་རྣམས་ཀྱི་ཡོད་པ་ཉིད་ཀྱང་དེ་ཁོ་ན་ལྟར་འགོག་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཉེས་པ་འདི་སྤང་བར་འདོད ་ནས་ཁས་བླངས་པ་དང་འགལ་བར་རྒྱུ་དང་ལྡན་པ་ཉིད་ཁས་ལེན་པར་བྱེད་ན་དེ་ལྟར་ཡང་འདིའི་རྟག་པ་ཉིད་ཉམས་པར་འགྱུར་ཏེ། གང་གི་ཕྱིར་རྒྱུ་ལྡན་རྟག་པ་ཡོད་མ་ཡིན། རྒྱུ་དང་ལྡན་པ་ཉིད་ཀྱི་ཕྱིར་བདེ་བ་ལ་སོགས་པ་བཞིན་དུ་མི་རྟག་པ་ཡིན ་ནོ་སྙམ་དུ་དགོངས་པའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། །དེས་ན་རྒྱུ་མེད་ལས་གྲུབ་ནི། །དེ་ཉིད་མཁྱེན་པས་གྲུབ་མིན་གསུངས། །བཅོམ་ལྡན་འདས་ཀྱིས་མཁས་པ་བརྟེན་འབྱུང་ཆོས་ལ་ལྷག་མོས་ཤིང། །མཛའ་ལྟ ་བ་ལ་བརྟེན་པར་བྱེད་པ་མིན། །རྒྱུ་བཅས་རྐྱེན་བཅས་ཆོས་ནི་ཤེས་འགྱུར་ཏེ། །རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན་ཞེས་པ་གསུངས་སོ། །བསྟན་པ་འདི་ལ་ཇི་སྐད་བཤད་པའི་འཐད་པ་དང་རྗེས་སུ་འབྲེལ་པས་དེ་བཞིན་གཤེགས་པ་ཁོ་ན་དོན ་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། །ཞེས་བྱ་བར་གྲུབ་པོ། ཅི་སྟེ་བུམ་པ་དང་བདེ་བ་ལ་སོགས་པ་བྱས་པའི་དོན་ལ་མི་རྟག་པ་ཉིད་དམིགས་ནས། དོན་གྱིས་གོ་བས་བདག་ལ་སོགས་པ་མ་བྱས་པ་རྟག་པ་ཉིད་དུ་འགྱུར་རོ་སྙམ་ན། འདི་ཡང་མི ་རིགས་ཏེ། གང་གི་ཕྱིར་བུམ་པ་དང་བདེ་བ་ལ་སོགས་པ་བྱས་པ་ལ་ཡོད་པ་ཉིད་དམིགས་ཏེ། བཟློག་པའི་སྒོ་ནས་དོན་གྱིས་གོ་བས་བདག་ལ་སོགས་པ་མ་བྱས་པ་ཡང་ཡོད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། མི ་རྟག་བྱས་པར་མཐོང་གྱུར་ནས། །མ་བྱས་གལ་ཏེ་རྟག་ན་ནི། །བྱས་ལ་ཡོད་པ་ཉིད་མཐོང་ནས། །རྟག་པ་ཡོད་ཉིད་མིན་པར་འགྱུར། །ཡོད་པ་མ་ཡིན་པ་ནི་རྟག་པ་ཉིད་དུ་རིག་པ་མ་ཡིན་པས་དངོས་པོ་རྟག་པ་ཡོད་པ་ཉིད་མ་ཡིན་པ་ཉིད་ཏེ། ནམ་མཁའ་ཨི ་མེ་ཏོག་བཞིན་ནོ། །ཅི་སྟེ་ཆོས་མངོན་པའི་བསྟན་བཅོས་ལས་འདོན་པ་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བྱས་པར་མ་གྱུར་པ་རྣམས་རྟག་པ་ཉིད་དང་ཡོད་པ་ཉིད་དུ་ཁས་བླངས་པའི ་ཕྱིར་མ་བྱས་པ་ཡོད་པ་མ་ཡིན་པ་ཉིད་དུ་སྟོན་པ་ལས་ཁས་བླངས་པས་གནོད་པར་འགྱུར་རོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ནམ་མཁའ་ལ་སོགས་རྟག་གོ་ཞེས། སོ་སོའི་སྐྱེ་བོ་དག་གིས་རྟོག། མཁས་པ་རྣམས་ཀྱིས་དེ་དག ་ལ། །འཇིག་རྟེན་པས་ཀྱང་དོན་མ་མཐོང། །གཟུགས་མེད་པ་ཙམ་ཉིད་ལ་ནམ་མཁའ་ཐ་སྙད་བཏགས་ཀྱི་ནམ་མཁའ་ཞེས་བྱ་བ་དངོས་པོའི་ངོ་བོ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཟུགས་གཞན་མེད་པས་གཟུགས་ཅན་རྣམ་པ་འབྱུང་བ་ལ་གེགས ་མེད་པའི་ཕྱིར་གཟུགས་གཞན་མེད་པ་ཉིད་དེ་ལ། དངོས་པོ་རྣམས་ལ་འདིའི་ནང་དུ་ཆེས་སྣང་བས་ནམ་མཁའ་ཨོ། ཞེས་བྱ་བར་བརྗོད་དོ། །དེའི་ཕྱིར་དངོས་པོར་མ་གྱུར་ཞིང་ཅི་ཡང་མ་ཡིན་པ་དེ་ལ་མིང་ཙམ་ཉེ་བར་བསྟན་པས་རྣམ་པར་རྨོངས་པ ་རྣམས་ཀྱིས་དངོས་པོ་ཡོད་པ་ཉིད་དུ་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན་ནོ། །འདི་ལྟར་དངོས་པོའི་རང་བཞིན་ལ་མཁས་པ་རྣམས་ཀྱིས་ནི་ནམ་མཁའ་ཨི་མིང་སྦྱོར་བ་ན་ཇི་ལྟར་ས་ལ་སོགས་པའི་བརྗོད་པ་དག་ལ་སྭ་བ་ལ་སོགས་པ་ལྟར ་འཇིག་རྟེན་པའི་ཤེས་པས་ཀྱང་རང་གི་ངོ་བོས་བརྗོད་པར་བྱ་བ་ཅུང་ཟད་ཀྱང་མི་དམིགས་ན། དངོས་པོའི་རང་བཞིན་མཁྱེན་པ་ལ་གནས་ཤིང་ཕྱི་ནང་གི་བདག་ཉིད་ཅན་གྱི་དངོས་པོ་དམིགས་པ་མི་མངའ་བ་རྣམས་ཀྱིས་དེའི་རང་གི་ངོ་བོ་དམིགས ་པར་འགྱུར་བ་ལྟ་ཅི་སྨོས། དེ་བཞིན་དུ་འགོག་པ་གཞན་གཉིས་ལ་ཡང་བརྗོད་པར་བྱའོ། །རྟག་པ་ཉིད་ནི་དེ་རྣམས་ཅི་ཡང་མ་ཡིན་པ་ཉིད་ཀྱིས་གཞན་དུ་འགྱུར་བ་མེད་པ་ཙམ་གསལ་བར་བྱེད་པ་ཡིན་གྱི། སྒྲུབ་པ་གཙོ་བོར་གྱུར་པ་ནི་མ་ཡིན་ནོ།། ་དེའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ལ་རྟག་པ་ཉིད་མེད་དོ། །འདིར་སྨྲས་པ། ནམ་མཁའ་ནི་རྟག་པ་ཁོ་ན་སྟེ། ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །གང་མི་རྟག་པ་དེ་ནི་ཁྱབ་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །འདི་ལ་བཤད་པར་བྱ་སྟེ། མ ་སྐྱེས་པ་འདི་ཡོད་པ་མ་ཡིན་པ་ཉིད་དུ་བསྟན་པས་དོན་གྱིས་དེའི་རྟེན་ཅན་བརྟེན་པ་ཐམས་ཅད་མི་སྲིད་པ་དེ་ཡང་བསྟན་པ་ཡིན་མོད་ཀྱི། དེ་ལྟར་ཡང་ཕ་རོལ་པོའི་ལུགས་ལ་གྲགས་པའི་དངོས་པོ་རང་གི་ངོ་བོ་ཁྱད་པར་བསལ་བའི་སྒོ་ནས་དེའི་ལུགས་མི་རིགས ་པ་ཉིད་དུ་བརྗོད་པར་འདོད་པས་ནམ་མཁའ་ཨི་ཁྱབ་པ་ཉིད་བཀག་པས་རྟག་པ་ཉེད་བསལ་བར་འདོད་ནས་བཤད་པ། ཕྱོགས་ཤེས་བྱ་བ་ཕྱོགས་ཅན་ནི། །ཀུན་ལ་གནས་པ་མ་ཡིན་ཏེ། །དེ་ཕྱིར་ཕྱོགས་ཅན་ལ་ཕྱོགས་ནི། །གཞན་ལ་ཤིན ་ཏུ་གསལ་བར་ཡོད། །ནམ་མཁའ་ནི་ནམ་མཁའ་ཨི་ཆ་ཤས་གང་དག་ཡིན་པ་དེ་དག་གིས་ཆ་ཤས་ཅན་དུ་འགྱུར་ལ། དེར་བུམ་པ་ལ་སྦྱོར་བའི་ཕྱོགས་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་དངོས་པོ་ལ་སྦྱོར་བའི་ཕྱོགས་ལ་ནི་གནས་སོ། །གལ་ཏེ་གནས་ན་ནི་དེའི་ཚད ་དད་ཡུལ་ཐ་མི་དད་པའི་ཕྱིར་བུམ་པ་ཡང་ཐམས་ཅད་ན་ཡོད་པ་ཉིད་དུ་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་པས་འདི་ནི་མི་རིགས་སོ། །གཞན་ཡང་གལ་ཏེ་ཕྱོགས་ཐམས་ཅད་ཀྱང་ཐམས་ཅད་དུ་གནས་ན་ནི། དེ་ཡང་ཁྱབ་པ་ཡིན་བའི་ཕྱོགས་ཅན་བཞིན ་དུ་ཕྱོགས་ཀྱི་མིང་ལ་བརྟེན་པར་མི་འགྱུར་ལ་ཕྱོགས་མེད་པའི་ཕྱིར་ཕྱོགས་ཅན་ཡང་མེད་པར་འགྱུར་རོ། །ཅི་སྟེ་ཉེས་པ་འདི་སྤང་བར་འདོད་ནས་ཕྱོགས་ཤེས་བྱ་བ་ཕྱོགས་ཅན་ཐམས་ཅད་ལ་གནས་པ་མ་ཡིན་ནོ། །ཞེས་བྱ་བ་འདོད་ན་ནི་དེའི་ཚེ ་གདོན་མི་ཟ་བར་ཕྱོགས་ཅན་ལ་ཕྱོགས་གཞན་ཡང་ཤིན་ཏུ་གསལ་བར་ཡོད་ཅེས་བྱ་བར་ཁས་བླང་བར་བྱའོ། །དེའི་ཕྱིར་ཐམས་ཅད་ན་ཡོད་པ་མ་ཡིན་པའི་ཕྱོགས་དང་ལྡན་པའི་ཕྱོགས་ཅན་ནམ་མཁའ་ལ་ནི་བུམ་པ་ལྟར་ཁྱབ་བ་ཉིད་ཉམས་བར ་འགྱུར་རོ། །ཕན་ཚུན་ཐ་དད་པའི་ཕྱོགས་ཙམ་ལས་ཐ་དད་པར་ཕྱོགས་ཅན་ཞེས་བྱ་བ་འགའ་ཞིག་དམིགས་པ་ཡང་མ་ཡིན་པས་ཡོད་པ་མ་གྲུབ་པ་ཅན་འདི་རྟག་པ་ཉིད་དུ་གེ་ལ་འགྱུར་ཏེ་དེའི་ཕྱིར་ནམ་མཁའ་རྟག་པ་མ་ཡིན་ནོ། །ཅི་སྟེ་ཡང་ཆ་ཤས་མེད ་པའི་ཕྱིར་འདི་ཕྱོགས་ཅན་ཉིད་དུ་ཁས་མི་ལེན་ན་ནི་དེ་ལྟ་ཡིན་མིན་དེས་བུམ་པ་ལ་སོགས་པ་རྣམས་ལ་སྦྱར་རིམ་འགྱུར་བ་ཡིན་ནམ། །དེ་རྣམས་ཉེ་བར་སྦྱར་བ་དེ་ནི་བདག་ཉིད་ཐམས་ཅད་ཀྱིས་འགྱུར་རམ་ཕྱོགས་གཅིག་གིས་ཡིན་གྲང་ན། དེ་ལ་རེའི ་ཞིག་བདག་ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱང་རེ་རེ་ཞིང་ཐམས་ཅད་ན་ཡོད་པ་ཉིད་དུ་ཐལ་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་ཕྱོགས་དང་སྦྱོར་བར་གདོན་མི་ཟ་ཕར་ཁས་བླང་བར་བྱ་དེ་ལྟར་ལང ་ལེན་པ། ཡང་གདོན་མི་ཟ་བར་ཇི་སྐད་བཤད་པའི་ཉེས་པར་འགྱུར་རེ། །དེའི་ཕྱིར་ནམ་མཁའ་རྟག་པ་མ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཛའ་གཅིག་གོ། མི་རྟག་ཅེས་བྱ་བ་འདི་ནི་མཛའ་གཉིས་བའོ། ། ་གང་མཛའ་འདི་གཉིས་ཀྱི་བར་དེ་ནི་གཟུགས་མེད་པ་བསྡན་དུ་མེད་པ། མི་གནས་པ། སྣང་བ་མེད་པ། རྣམ་པར་རིག་པ་མ་ཡིན་པ་གནས་མེད་པ་སྟེ། འོད་སྲུང་འདི་ནི་དཔུ་མའི་ལམ་ཆོས་རྣམས་ཀྱི་ཞེས་བྱ་བ་དང། དེ་བཞིན་དུ་འཕགས་པ་གསང ་པ་བསམ་གྱིས་མི་ཁྱབ་པ་བསྟན་བའི་མདོ་ལས་ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་སུས་ཀྱང་རྟག་པའམ་མི་རྟག་པར་བརྗོད་པར་བྱ་བ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ཡང་སུས་ཀྱང་རྟག་པ་དད་མི ་རྟག་པར་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །དུས་སྨྲ་བ་ནི་འགྲོ་བ་འཇུག་པ་དང་བསྡུད་པ་དུས་ཀྱིས་བྱས་པ་ཉིད་དམིགས་ནས་དུས་སྲིད་པར་རྗེས་སུ་དཔག་སྟེ། འདི་ལྟར་ས་བོན་ལ་སོགས་རྐྱེན་རྣམས་ཡོད་ཀྱང་ཐམས་ཅད་ཀྱི་ཚེ ་མྱུ་གུ་ལ་སོགས་སྐྱེ་བ་མ་དམིགས་ལ་ཅི་སྟེ་འགའ་ཞིག་གི་ཚེ་དམིགས་ཤིད་དེ་གནས་པ་དང་འགལ་པའི་དུས་ཉེ་ན་ཡང་ལྡོག་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར། གང་ཞིག་ཡོད་ན་དངོས་པོ་ལ། །འཇུག་དང་ལྡོག་པའང་དམིགས་པར་འགྱུར། །དུས ་ཤེས་བྱ་བ་དེ་ལྟར་རྗེས་སུ་དཔག་པ་དེ་རི་ཡོད་ལ། དེ་ནི་ཡོད་ཀྱང་རྒྱུ་མ་དཔེ་གསལ་པའི་ཕྱིར་རྟག་པ་ཉིད་དེ་སུམ་དུ་སེམས་སོ། །དེ་ལྟ་ཡིན་ན་ནི་མྱུ་གུ་ལ་སོགས་པ་སྐྱེ་བ་དེ་ལ་རག་ལས་པ་རྣམས་རྟག་ཏུ་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ཡོད་ཀྱང ་རེས་འགའ་བྱ་བ་བྱེད་པ་དག་ལ་བྱ་བ་ལོག་པ་ཉིད་དུ་རྟོག་ན། དེ་ལྟ་ན་ཡང་དེ་ཉིད་ཀྱིས་དེ་མེད་པ་ཉིད་དུ་དབོག་པར་བྱེད་པར་འགྱུར་རོ། །ཅི་སྟེ་ཡོད་ཀྱང་ས་བོན་ལ་སོགས་པ་བཞིན་དུ་འབྲས་བུ་འཇུག་པ་ལ་རུང་བའི་བདག་ཉིད་ཀྱི་ཁྱད་པར་ལ་མངོན ་དུ་མ་ཕྱོགས་པའི་ངོ་བོ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཚེ་འབྲས་བུ་ཡོད་པ་མ་ཡིན་ནོ། །ཞེ་ན། དེ་ལྟར་ན་ཡང་ས་བོན་ལ་སོགས་པ་རྣམས་ལྟར་དེའི་རུང་བའི་བདག་ཉིད་ཀྱི་ཁྱད་པར་དེ་རེ་འགའ་བ་ཉིད་ཡིན་པའི་ཕྱིར་མི་རྟག་པར་འགྱུར་ལ། དེ་ཡང་ཅིའི་ཕྱིར་ཐམས ་ཅད་ཀྱི་ཚེ་མི་འདོད། ཅི་སྟེ་རྐྱེན་གཞན་ལ་རག་ལས་པ་དེ་ནི་མི་ཉེན་ཐམས་ཅད་ཀྱི་ཚེ་ཡོད་པ་མ་ཡིན་ནོ། །སྙམ་དུ་སེམས་ན། དེ་ལྟ་ན་ཡང་རྐྱེན་ཡོད་ན་ཡོད་པའི་ཕྱིར་དང། མེད་ན་མེད་པའི་ཕྱིར་དང། བྱུང་ནས་ཀྱང་སླར་མེད་པའི་ཕྱིར་དེས་པར། དེ་ནི་གཞན་གྱི ་དབང་འགྱུར་ཏེ། དེའི་འཇུག་པ་དང་ལྡོག་པ་གང་ལ་རག་ལས་པ་དེ་ལ་རག་ལས་པའི་ཕྱིར་དེ་གཞན་ལ་རག་ལས་པར་འགྱུར་རོ། །དེའི་ཕྱིར་མྱུ་གུ་ལ་སོགས་པ་ལྟར་འབྲས་བུ་ཉིད་ལས་མི་འདའ་ཨོ་ཞེས་བསྟན་པའི་ཕྱིར། དེས་ན་འབྲས་བུར་ཡང་འགྱུར་རོ། ཞེས་བྱ་བར ་སྨོས་ཏེ། འབྲས་བུར་གྱུར་པ་ནི་མྱུ་གུ་ལ་སོགས་པ་བཞིན་དུ་མི་རྟག་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དུས་དེ་ལ་རྟག་པ་ཉིད་བསལ་བའི་སྒོ་ནས་དངོས་པོར་ཡོད་པ་སེལ་བ་ཡིན་གྱི། རྣམ་པ་ཐམས་ཅད་དུ་དུས་མེད་པར་སྟོན་པ་མ་ཡིན་ཏེ། དེ་ལྷན་ཅིག ་བྱེད་པའི་རྒྱུ་ཉིད་དུ་འདོད་པའི་ཕྱིར་ཏེ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུང་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ཚིགས་སུ་བཅད་དེ་འབྱུང་བའི་ཕྱིར། །དུས་ལ་བརྟེན ་ནས་བརྟག་པའི་དོན་མངོན་པར་མ་ཤེས་པ་ཉིད་ཀྱིས་མིང་ཙམ་ལ་རྣམ་པར་མོངས་ཤིང། དུས་ཀྱིས་འབྱང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པད་བྱེད། དུས་ལ་འདའ་བར་ཤིན་ཏུ་དཀའ་། །ཞེས ་སྨྲ་བ་ཁ་ཅིག་དག་གིས་དུས་རྟག་བར་རྟོཌ་བདེ་དག་འདིར་འགོག་པར་བྱེད་དོ། །དངོས་པོ་རྣམས་ལ་བརྟེན་ནས་དུས་སུ་བརྟགས་ན་ཁྱིམ་ལྟར་བརྟགས་པར་ཡོད་པ་ལས་མི་འདའ་ཨོ་གཞན་ཡང་དུས་རྒྱུར་སྨྲ་བས་འགྲོ་བ་འཇུག་པ་ལ་དུས་རྒྱའི་དངོས་པོར་རྟོག་པ་མངོན་གྱིས ་འབྲས་བུ་ཉིད་དུ་ཁས་བླངས་པར་འགྱུར་རོ། །ཇི་ལྟར་བྱས་ནས་ཤེས་ན། གང་གི་ཕྱིར། འབྲས་བུ་མེད་པར་རྒྱུ་ལ་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་ཏེ། །དེ་ཡི་ཕྱིར་ན་རྒྱུའོ་ཅོག། འབྲས་བུ་ཉིད་དུ་ཐལ་བར་འགྱུར། །ཅི་ཡང་མི་པྱོད?ན་པ་རྒྱུ་ཉིན་མི་སྲིད་པའི ་ཕྱིར་འདིར་རྒྱུ་ཞེས་བྱ་བའི་དངོས་པོ་རང་བཞིན་གྱིས་ཅི་ཡང་ཡོད་པ་མ་ཡིན་པས་དོན་འབྲས་བུ་འབྱུང་བའི་རྒྱུ་ཅན་གྱི་རྒྱུ་ཉིད་དུ་འགྱུར་བ་ན་ཇི་ལྟར་རང་གི་འབྲས་བུ་འབྲས་བུའི་ཉིད་དུ་མི་འགྱུར། འབྲས་བུ་ཉིད་ཡིན་ན་ཡང་མྱུ་གུ་ལ་སོགས་པ་ལྟར་འདི ་རྟག་པ་ཉིད་དུ་ལྟ་ག་ལ་འགྱུར། དེའི་ཕྱིར་དེ་ལྟར་ན་རྒྱུ་དང་འབྲས་བུ་དངོས་པོ་རྣམས་པར་གནས་པ་མེད་པའི་ཕྱིར་གཉི་ག་ཡང་རང་གི་ངོ་བོས་གྲུབ་པས་ཡོད་པ་མ་ཡིན་ནོ། །ཅི་སྟེ་འབྲས་བུ་ཞེས་བྱ་བ་ནི་རྒྱུ་བྱུང་ནས་འབྱུང་བ་ཡིན་ཏེ། འདི་ལྟར་ས་བོན་ཡོད་ན ་མྱུ་གྱུ་འབྱུང་གི། མྱུ་གུ་ཡང་ན་ས་བོན་ནི་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ལ་འབྲས་བུ་ཉིད་ཡོད་པ་མ་ཡིན་ནམ་སྙམ་ན་འདི་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ས་བོན་གྱི་མིང་ཅན་གྱི་དངོས་པོ་གང་ཡིན་པ་དེ་མྱུ་གུ་སྐྱེ་བའི་སྔ་རོལ་ཏུ་ཡོངས་སུ ་རྟོག་པ་ན་རྣམ་པར་རྟོག་པ་གཞན་གསུམ་པ་མེད་པའི་ཕྱིར་རྒྱར་གྱུར་པ་འམ་རྒྱུ་མ་ཡིན་པར་གྱུར་པ་ཞིག་རྟོག་གྲང། དེ་ལ་རེ་ཞིག་མེ་ལ་སོགས་པ་ལྟར་རྒྱུ་མ་ཡིན་པར་འགྱུར་བ་ལས་ནི་འདི་སྐྱ་བར་མ་རིགས་སོ། །རྒྱུ་ཉིད་ཀྱང་འབྲས་བུ་སྐྱེས ་པས་མཚོན་པ་ཞིག་སྟེ། དེས་ན་འབྲས་བུ་སྐྱེ་བའི་སྔ་རོལ་ཏུ་མི་སྲིད་དོ། །ཅི་སྟེ་འབྲས་བུ་སྐྱེ་བའི་བྱ་བའི་རྗེས་སུ་འགྲོ་བ་མེད་པར་ཡང་ཅུང་ཞིག་འབྲས་བུ་ཉིད་དུ་རྟོགས་ན་ནི་དེའི་ཚེ་ཐམས་ཅད་ཐམས་ཅད་ཀྱི་འབྲས་བུ་ཉིད་དུ་གྱུར་ན་འདི་ནི་དེ ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་རྒྱུ་མེད་པ་ཅན་ཉིད་དུ་ཐལ་པའི་ཕྱིར་རྒྱུ་ནི་འབྲས་བུ་སྐྱེ་བ་ལ་མ་བལྟོས་བར་རང་ལས་གྲུབ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་རྒྱུའོ་ཅོག། འབྲས་བུ་ཉིད་དུ་ཐལ་བར་འགྱུར་ཞེས་བྱ་བ་ཁ་ན་མ་ཐོ་བ་མེད་དོ ་གལ་ཏེ་དུས་སྨྲ་བ་རྣམས་ཀྱི་ལྟར་ན་དུས་འདི་འགྲོ་བ་སྣ་ཚོགས་ཀྱི་རྒྱུར་འགྱུར་ན་ནི་དེའི་ཆོ་དས་ངེས་པར་སྔར་གྱི་གནས་སྐབས་ལས་ཐ་དད་པའི་ངོ་བོ་ཅན་གྱི་རྣམ་པར་འགྱུར་བ་འབྲས་བུ་སྐྱེ་བ་ལ་ཕན་འདོགས་པ་ཉིད་དུ་འགྱུར་བར་བྱ་དགོས་ཏེ། འདི ་ལྟར་འཇིག་རྟོན་ན། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་སྟེ། །གང་གི་བྱེད་པ་དེ་ནི་རྒྱུའོ། །ཞེས་བྱ་བས་མཐར་དོན་གང་གིས་རྗེས་སུ་བྱེད་པའི་འབྲས་བུ་བྱུང་བར་འགྱུར་བ་ས་བོན་གྱི་བོ་བོར་གྱུར་བའི་སྐྱེད་པར་བྱེད་པ་ཁོ་ན་འདིར ་རྒྱུར་བརྗོད་པར་འདོད་ལ། ས་ལ་སོགས་པ་རྣམས་ཀྱི་རྒྱ་ཉིད་གང་ཡིན་པ་དེ་ནི་རྩ་བའི་རྒྱུའི་རང་གི་འབྲས་བུ་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་སྐབས་སྒྲུབ་པ་ལ་ཡན་ལག་གི་ངོ་བོར་ཉེ་བར་འགྲོ་བ་ལས་ཡིན་ནོ། །ས་བོན་ཞེས་བྱ་བ་རྩ་བའི་རྒྱུ ་གང་ཡིན་པ་དེ་ནི་རང་ཉིད་རྣམ་པར་འགྱུར་བར་གྱུར་པ་ན་མྱུ་གུའི་རྒྱུ་ཉིད་དུ་འགྱུར་ཏེ། སྔར་གྱི་གནས་སྐབས་མ་བཏང་བར་ནི་མ་ཡིན་ནོ། །དེ་ལྟར་གལ་ཏེ་འགྲོ་བ་སྣ་ཚོགས་དུས་ཀྱིས་བྱས་པར་འགྱུར་ན་ནི་དེའི་ཚེ་དུས་ཀྱང་དེས་པར་འབྲ་ས་བུ་བསྐྱེད ་པ་ལ་ཐག་རིང་བར་གནས་པའི་གནས་སྐབས་སྔ་མ་སྤང་ཞིང་རྣམ་པར་འགྱུར་བའི་གནས་སྐབས་འབྲས་བུ་འབྱུང་བ་དང་མཐུན་པར་འགྱུར་བར་བྱ་དགོས་པ་དེའི་ཕྱིར་ས་བོན་ལྟར་མི་རྟག་པ་ཉིད་དོ། །ཞེས་བཤད་པ་ནི་གང་ལ་རྣམ་པར་འགྱུར ་ཡོད་པ། དེ་ནི་རྟག་ཅེས་བྱར་ཡོད་མིན་ཞེས་བྱ་བའོ། །ཅི་སྟེ་མི་འགྱུར་ན་ནི་དེའི་ཚེ་འདིའི་རྒྱུའི་དངོས་པོར་ཡོངས་སུ་རྟོག་པ་དོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེའི་རྒྱུ་ཅན་དུ་འདོད་པའི་འབྲས་བུ་ཡང་རྒྱུ་མེད་པ་ཅན་སྐྱེ་བར་འགྱུར་རོ། །ཞེས ་བཤད་པ། རྟག་པ་གང་གི་རྒྱུ་ཡིན་པའི། །དངོས་དེ་མ་བྱུང་བ་ལས་སྐྱེ། ས་བོན་རྣམ་པར་འགྱུར་བ་ལས་སྐྱེས་པའི་མྱུ་གུ་ནི་ས་བོན་ལས་གཞན་ཉིད་དུ་མི་སྲིད་བའི་ཕྱིར་དང། ས་བོན་གྱི་རྗེས་སུ་བྱེད་པའི་ཕྱིར་དང། ལྷན་ཅིག་མི་གནས་པའི་ཕྱིར་གཞན་ཉིད་སྐྱེས་སོ་སྙམ་དུ་བསམ་བར ་མི་བྱ་སྟེ། མི་འདྲ་བ་ལྷན་ཅིག་གནས་པ་རྣམས་ལ་རྒྱུ་ཉིད་མི་སྲིད་པའི་ཕྱིར་དང། དུས་རྟག་པའི་ཕྱིར་རྒྱུ་ལ་འབྲས་བུ་ལས་གཞན་ཉིད་ཡོད་དོ། །དེ་ཉིད་ཀྱི་ཕྱིར་མི་འདྲ་བ་དང་ལྷན་ཅིག་གནས་པ་ཡང་ཡོད་དེ། འབྲས་བུ་སྐྱེས་ཀྱང་དུས་རྣམ་པར་མི་འགྱུར་བའི་ཕྱིར་རོ ་དེའི་ཕྱིར་འབྲས་བུ་གང་ཞིག་དུས་ལས་སྐྱེས་པ་དེ་ནི་མ་བྱུང་བ་ལས་བྱུང་བ་ཞིག་སྟེ། རྒྱུ་དང་རྐྱེན་ལ་བལྟོས་བ་མེད་པར་འགྱུར་ཞིང་རང་ཉིད་འབྱུང་ངོ། །ཞེས་བྱ་བའི་དོན་ཏོ། །རྒྱུ་དང་རྐྱེན་ལ་རག་ལས་ཏེ་འབྱུང་བ་འམ་འབྲས་བུ་ནི་མ་བྱུང་བ་ལས་འབྱུང་ངོ། །ཞེས་བྱ ་བར་མི་རིགས་ཏེ། དེ་ལ་བདག་ཉིད་ཐམས་ཅད་ཀྱི་མ་བྱུང་བ་ལས་བྱུང་བ་མེད་པའི་ཕྱིར་རོ། །གང་ལ་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་མི་སྲིད་པ་དེ་ནི་བོང་བུའི་རྭ་ལ་སོགས་པ་བཞིན་དུ་རྒྱུ་དང་རྐྱེན་དག་གིས་བསྐྱེད་པར་མི་ནུས་སོ། །དེའི་ཕྱིར་རྒྱུའི་ཆོས་ལས་འདས ་བའི་རྟག་པ་དངོས་པོ་གང་གི་རྒྱུར་འདོད་པའི་དངོས་པོ་དེ་མ་བྱུང་བ་ལས་སྐྱེས་པ་འདི་ནི་རྒྱུ་མེད་པ་ཅན་ཁོ་ནང་སྐྱེ་སྟེ་རང་ཉིད་ཁོ་ན་འབྱུང་ངོ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིན་དང། ཡང་འདི་ལ་རྒྱུ་ཡོངས་སུ་རྟོག་པ་དོན་མེད་པས་ཅི་ཞིག་བྱ་ཞེས་བཤད་པ། རང་ཉིད ་བྱུང་པར་གྱུར་དེ་ལ། །རྒྱུ་ནི་ལོག་པར་འགྱུར་བ་སྟེ། །རང་ཉིད་གྲུབ་པའི་ཕྱིར་འགྲོ་བ་འདི་ལ་རྒྱུ་དུས་ཤེས་བྱ་བ་དགོས་པ་མེད་པར་འགྱུར་ཏེ། དེའི་ཕྱིར་རྒྱུའི་རྒྱུ་ཉིད་མི་རུང་ངོ། །འདི་ལས་ཀྱང་མི་རུང་སྟེ། འདི་ལྟར་དངོས་པོ་རྟག་པ་ལས་སྐྱེས་པ། །ཇི་ལྟ་བུར ་ན་མི་རྟག་འགྱུར། །འཇིག་རྟེན་ན་ནི་ས་བོན་མི་རྟག་པ་ཁོ་ནལ་འབྲས་བུ་མྱུ་གུ་ཞེས་བྱ་བ་མི་རྟག་པ་འབྱུང་བར་གྲགས་ཀྱི། རྟག་པ་འགའ་ཞིག་ལས་མི་རྟག་པ་ཅུང་ཟད་ཅིག་འབྱུང་ངོ། ཞེས་བྱ་བར་ཅི་མ་ཡིན་ན། དུས་ནི་རྟག་ལ་དེའི་འབྲས་བུ་ནི་མི་རྟག་པས ་ཇི་ལྟར་དེ་གྲུབ་པར་འགྱུར། ཇི་ལྟར་འཇིག་རྟེན་དུ་ནམ་ཡང་རྒྱུ་དང་འབྲས་བུ་གཉིས། མཚན་ཉིད་མི་མཐུན་མཐོང་མ་ཡིན། །རྒྱུ་ནི་རྟག་ལ་འབྲས་བུ་ནི་མི་རྟག་གོ། ཞེས་དེ་ལྟར་མཚན་ཉིད་མི་འདྲ་བ་ན་འཇིག་རྟེན་ན་ནམ་ཡང་མ་མཐོང་བས ་དུས་ལ་རྒྱུ་ཉིད་མེད་དོ། །གལ་ཏེ་ཡང་བ་ལང་གི་སྦུ་དང་ལུག་གི་བལ་གཉིས་ལས་རྩཝ་དུ་རྦ་དང་རྭ་ལས་འདམ་བུ་དང་འདམ་ལས་པདྨ་ལ་སོགས་པ་མཐོང་བ་མ་ཡིན་ནམ་ཞེ་ན། དེ་ཡང་མི་རྟག་པ་རྣམས་ཁོ་ནར་རང་ཉིད་རྣམ་པར་འགྱུར་བར་ཉེ་བར་འགྲོ ་བས་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་མཚན་ཉིད་མི་འཐུན་པ་མེད་དེ། དེ་རྒྱུ་དང་འབྲས་བུ་དག་གཉི་གར་ཡང་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །གདོན་མི་ཟ་བར་ཐམས་ཅད་ལ་མཛའ་དེ་དང་འདྲ་བའི་འབྲས་བུ་མངོན་པར་གྲུབ་པ་སྲིད་པ་ཡང་མ་ཡིན་ཏེ། འབྲས་བུ ་ཡང་ལས་སྣ་ཚོགས་ཀྱི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །ནོར་བུ་ཆུ་ཤེལ་དང་མེ་ཤེལ་དག་ལས་ཀྱང་སྔར་གྱི་གནས་སྐབས་ལས་ཁྱད་པར་དུ་འཕགས་པའི་བདག་ཉིད་ཀྱི་ཁྱད་པར་སྐྱེས་པར་གྱུར་ན་རྣམ་པ་དེ་ལྟ་བུའི་རྣམ་པར་འགྱུར་བ་སྲིད་པའི་ཕྱིར ་ཆུ་དང་མེ་འབྱུང་བ་ལས་འགལ་བ་མེད་དོ། །དེའི་ཕྱིར་དེ་ལྟར་དུས་སྨྲ་བ་བཀག་པ་ཡིན་དང། རྡུལ་ཕྲ་རབ་སྨྲ་བ་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་རྟག་ཅིང་མ་མཐོང་བས་བསྐུལ་བ་ཡོན་ཏན་དང་ལྡན་པའི་གྲོགས་ཅན་རྡུལ་ཕྲ་རབ་གཉིས་པ་ལ ་སོགས་པའི་རིམ་གྱིས་ཡན་ལག་ཅན་བྱིས་རྫས་རྩོམ་པར་བྱེད་པ་རྣམས་ཀྱིས་འགྲོ་བ་སྣ་ཚོགས་སྐྱེད་པར་བྱེད་དོ་སྙམ་དུ་སེམས་སོ། །དེའི་ལུགས་ཀྱང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གང་གི་ཕྱོགས་འགའ་རྒྱུ་ཡིན་ཞིང། །ཕྱོགས ་འགའ་རྒྱུ་མ་ཡིན་པ་དེས་ན། །དེས་ན་སྣ་ཚོགས་འགྱུར་ན་གོ། སྣ་ཚོགས་རྟག་པར་མི་རིགས་སོ། །ཡན་ལག་ཅན་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་ཐལ་བ་སྤང་པར་འདོད་པས་རྒྱུ་ལ་ཡོད་པའི་ཟླུམ་པ་ཉིད་གང་ཡིན་པ་དེ་འབྲས་བུ་ལ ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེས་ན་རྡུལ་ཕྲ་རབ་རྣམས་ལ་བདག་ཉིད་ཐམས་ཅད་ཀྱི་སྦྱོར་བར་མི་འཐད་དོ། །གང་གི་ཚེ་རྡུལ་ཕྲ་རབ་རྣམས་ལ་བདག་ཉིད་ཀྱི་ཐམས་ཅད་ཀྱི་སྤྱོར?་བ་།ཡོད ་པ་མ་ཡིན་པ་དེའི་ཚེ་དེའི་ཆ་གང་གིས་རྡུལ་ཕྲ་རབ་རྡུལ་ཕྲ་རབ་གཞན་དང་སྦྱོར་བའི་ཆ་དེ་རྒྱུ་ཡིན་ཞིང། གང་གིས་མི་སྦྱོར་བ་དེ་རྒྱུ་མ་ཡིན་ནོ། །དེ་ལྟར་ན་ནི་གང་གིས་ཕྱོགས་འགའ་རྒྱུ་ཡིན་ཞིང། ཕྱོགས་འགའ་རྒྱུ་མ་ཡིན་པ་དེ་ནི་དུ་མའི་ངོ་བོ་ཡིན་པའི ་ཕྱིར་སྣ་ཚོགས་པ་ཞིག་གོ། དེའི་ཕྱིར་རི་མོ་བཞིན་རྟག་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་བཤད་པ་ནི་སྣ་ཚོགས་རྟག་པར་མི་རིགས་སོ། །ཞེས་བྱའོ། །ཅི་སྟེ་རྡུལ་ཕྲ་རབ་རྣམས་ལ་ཆ་ཤས་མེད་པའི་ཕྱིར་ཕྱོགས་ཕྱོགས་དང་མི་སྦྱོར་བ་ཁོ་ན་ཡིན་གྱི་ཐམས ་ཅད་བདག་ཉིད་ཐམས་ཅད་ཀྱི་སྦྱོར་བར་ནི་འགྱུར་ཏེ། དེའི་ཕྱིར་ཕྲད་པའི་མཚན་ཉིད་ཅན་ལྡན་པ་ཡོད་ལ། ཕྱོགས་དང་ལྡན་པ་ཉིད་ཀྱང་མ་ཡིན་ནོ་སྙམ་ན། འདི་ལ་བཤད་པར་བྱ་སྟེ། རྒྱུ་ཡི་ཟླུམ་བུ་གང་ཡིན་པ། །དེ་ནི་འབྲས་བུ་ལ་ཡོད་མིན།ཀ་།དེས་ན་བདག་ཉིད ་ཀུན་སྦྱེར་བ། །རྡུལ་ཕྲན་རྣམས་ལ་མི་འཐད་དོ། །རྒྱུ་དང་ཟླུམ་པོ་ཉིད་དང་ཕྱགས་མེད་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྫས་ཀྱི་མཚིན་ཉིད་དོ། །གལ་ཏེ་རྡུལ་ཕྲ་རབ་བདག་ཉིད་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་གཞན་དང་སྦྱོར་ཞིང་ཕྱོགས་ཀྱིས་མ་ཡིན་ན་ནི་དེའི་ཚེ་རྒྱུ ་སྟེ་རྡུལ་ཕྲ་རབ་ལ་ཡོད་པའི་ཟླུམ་པོ་གང་ཡིན་པ་དེ་འབྲས་བུ་རྡུལ་ཕྲན་གཉིས་པ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་ཏེ། དེའི་ཕྱིར་ཡན་ལག་ཅན་ཐམས་ཅད་རྡུལ་ཕྲ་རབ་ཙམ་ཉིད་ཡིན་པའི་ཕྱིར་དབང་པོ་ལས་འདས་པ་ཉིད་དུ་འགྱུར་ན། དེ་དག་ནི་རྡུལ་ཕྲ་རབ་ཙམ་ཉིད་མ ་ཡིན་ནོ། །དེས་ན་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བར་མི་འཐད་དོ། །ཡང་གང་གི་ཚེ་རྡུལ་ཕྲ་རབ་རྡུལ་ཕྲ་རབ་གཞན་དང་བདག་ཉིད་ཐམས་ཅད་ཀྱིས་མི་སྦྱོར་བ་དེའི་ཚེ། རྡུལ་ཕྲན་གཅིག་གིས་གནས་གང་ཡིན། །དེ་ནི་གཞན་གྱི་འང་མི་འདོད། །དེ ་ཕྱིར་རྒྱུ་དང་འབྲས་བུ་གཉིས། བོད་ཆོད་མཉམ་པར་འདོད་མ་ཡིན། །དེའི་ཕྱིར་དེ་ལྟར་རྡུལ་ཕྲ་རབ་རྡུལ་ཕྲ་རབ་གཞན་དང་བདག་ཉིད་ཐམས་ཅད་ཀྱི་སྦྱར་བ་མེད་པའི་ཡན་ལག་ཨེམས་ཤིང། རབ་རིབ་ཅན་གྱིས་མཐོང་བ་ཡན་ད་དུ་མ་གྱུར་མོད། ། ་རྡུལ་ཕྲ་རབ་ཕྱོགས་དང་ལྡན་པ་ཉིད་ནི་གཡོ་བ་མེད་ལ། ཕྱོགས་དང་ལྡན་པ་ཉིད་ཀྱི་ཕྱིར་ཡང་འདི་སྣ་ཚོགས་པ་ཉིད་ཡིན་ཏེ། དེའི་ཕྱིར་རྟག་པ་ཉིད་མ་ཡིན་ནོ། ཞེས་བྱ་བར་གནས་སོ། །དཱིར་འབྲས་བུའི་རྫས་རྩམ་པ་འདུས་ན་ཉེས་པ་འདིར་འགྱུར་གྱི། འརྦས ་བུ་རྩམ་པའི་སྔ་རོལ་གྱི་གནས་སྐབས་སུ་རྡུལ་ཕྲ་རབ་རྣམས་ལ་ཆ་ཤས་མེད་པའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་དུ་ཐལ་བ་མེད་དོ། །ཞེས་སྨྲའོ། །གནས་སྐབས་དེར་ཡང་ཤར་ལ་སོགས་པའི་ཕྱོགས་ཆའི་དབྱེ་བ་ཡོད་དེ། དེའི་ཚེ་ངེས་པར་གང་ལ་ཤར་གྱི ་ཕྱོགས་ཡོད་པ། དེ་ལ་ཤར་ཀྱི་ཆ་ཡང་ཡོད། །དེའི་ཕྱིར་འདི་ཕྱོགས་དང་ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་རྡུལ་ཕྲ་རབ་ཉིད་དུ་མི་འགྱུར་རོ། །ཞེས་བཤད་པ། གང་གི་རྡུལ་ལ་ཕྱོགས་ཡོད་པ། །དེས་རྡུལ་རྡུལ་ཕྲན་མིན་པར་བརྙད། །གལ་ཏེ ་རྡུལ་ཕྲ་རབ་ཆ་ཤས་མེད་པར་གྱུར་ན་ནི་དེ་ལ་འགྲོ་བ་མེད་པས་རྡུལ་ཕྲ་རབ་གཞན་དང་སྦྱོར་བ་མེད་པ་ཡིན་དང། ཡན་ལག་ཅན་གྱི་རྫས་རྩོམ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །འདི་ལྟར་འགྲོ་བའི་དུས་ན་ལུས་དང་ལྡན་པའི་དོན་གྱིས། མདུན་གྱིས་ལེན ་ཅིང་རྒྱབ་ཀྱིས་ནི། །གཏོང་བར་འགྱུར་ན་དེ་དག་གཉིས། །གང་ལ་ཡོད་པ་མ་ཡིན་ལ། །དེ་ལ་འགྲོ་བོར་འང་མི་འགྱུར། །ལུས་དང་ལྡན་ཞིང་འགྲོ་བ་མངོན་དུ་ཕྱོགས་པའི་དོན་གྱིས་ཕྱོགས་ཀྱི་སྔོན་ཕྱོགས་གནོན་ཞིང། རྒྱབ་ཀྱི་ཕྱོགས་ཀྱི་རྒྱབ ་ཕྱོགས་གཏོང་བ་ལས་འགྲོ་བ་པོའི་འགྲོ་བ་པོ་ཉིད་ཉེ་བར་རྟོག་པ་ཞིག་ན་ཆ་མེད་པའི་ཕྱིར་རྡུལ་ཕྲ་རབ་གང་ལ་མདུན་དང་རྒྱབ་ཀྱི་ཡན་ལག་གིས་ལེན་པ་དང་གཏོང་བ་ཉིད་མེད་པ་དེ་ནི་འགྲོ་བ་པོར་མི་འགྱུར་ལ། དེ་མེད་པས་འབྲས་བུ་རྩོམ་པར་བྱེད་པྲ ་ཉིད་མེད་པའི་ཕྱིར་རྡུལ་ཕྲ་རབ་དངོས་པོ་ཡོད་པར་སྨྲ་བར་མི་རིགས་སོ། །འདིར་སྨྲས་པ། གལ་ཏེ་རྡུལ་ཕྲ་རབ་མེད་ན་ནི་འདི་རྣལ་འབྱོར་པ་རྣམས་ཀྱིས་དམིགས་པར་མི་འགྱུར་བཞིག་ན། འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་ལྷའི་མཐོང་བས་དམིགས་པ་ཡང ་ཡིན་ནོ། །དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་ཡོད་དོ། །བཤད་པར་བྱ་སྟེ། གང་ལ་དང་པོ་ཡོད་མིན་ཞིང། །གང་ཞིག་ལ་དཀྱིལ་ཡོད་མིན་ན། །གང་ལ་ཐ་མ་ཡོད་མ་ཡིན། །མངོན་མེད་དེ་ནི་གང་གིས་མཐོང། །ཆ་ཤས་མེད་པའི་རྡུལ་ཕྲ་རབ་ལ་མདུན་དང ་བར་དང་རྒྱབ་ཀྱི་ཆ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མངོན་པར་མེད་དེ། །མངོན་པ་ནི་གསལ་བ་དང་བཟུང་བར་བྱ་བ་ཉིད་དང། བལྟ་བར་བྱ་བ་ཉིད་ཅེས་བའི་དོན་ཏེ་དེ་མེད་པའི་ཕྱིར་མངོན་པ་མེད་དོ། །བལྟ་བར་བྱ་བ་མ་ཡིན་པ་ནི་སུས་ཀྱང་བལྟ་བར་བྱ་བར ་ནུས་པ་ཡང་མ་ཡིན་པ་འདི་རྣལ་འབྱོར་བ་རྣམས་ཀྱིས་དམིགས་པར་འོས་པ་མ་ཡིན་ནོ། །དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་མེད་དོ། །གང་དག་དེ་ལྟར་འཐད་པས་མཐོང་བར་མི་འཐད་བཞིན་དུ་མཐོང་ངོ་སྙམ་དུ་སེམས་ཤིང། རབ་རིབ་ཅན་གྱིས་མཐོང་བ་ཡང ་དག་པ་མ་ཡིན་པ་ལས་མཐོང་བ་ཁྱད་པར་དུ་མ་གྱུར་པ་དེ་དག་ནི་དེས་པར་ལོག་པར་ཉེ་བར་བསྟན་པས་འཇིག་རྟེན་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་དག་གི་ལུང་ཚད་མ་ཉིད་དུ་བྱེད་པ་ལས་རྡུལ་ཕྲ་རབ་ཡོད་པ་ཉིད་དུ་མི་རིགས་སོ། །འདིར་སྨྲས་པ། །རྡུལ་བྲ་རབ ་རྣམས་ནི་རྟག་པ་ཁོ་ན་སྟེ། རགས་པ་བྱུང་བ་ལས་ས་བོན་གྱི་ངོ་།བོར་ཉེ་བར་འགྲོ་བའི་ཕྱིར་རོ། །གལ་ཏེ་དེ་རྣམས་མེད་ན་ནི་རགས་པ་རྣམས་ས་བོན་མེད་པར་འབྱུང་བར་འགྱུར་རོ། །འདི་ལྟར་གང་ལས་བསྐལ་བ་དང་པོར་རགས་པ་རྣམས་འབྱུང་བར་འགྱུར་བ་འཇིག ་པའི་དུས་ན་ཡན་ལག་ཅན་གྱི་རྫས་ཐམས་ཅད་འཐོར་ཞིང་རྡུལ་ཕྲ་རབ་ཙམ་ཞིག་ལུས་ལ་ན་རགས་པ་རྣམས་སྲིད་པ་ཡོད་པ་མ་ཡིན་ནོ། །ཡང་གང་དག་གལ་ཏེ་གནས་སྐབས་དེར་རགས?་རྣམས་བཞིན་དུ་Œརྡུལ་ཕྲ་རབ་རྣམས་ཀྱང་མེད་པར་འགྱུར་ན་ནི་དེའི་ཚེ་རགས་པ ་རྣམས་རྒྱུ་མེད་པར་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཡན་ལག་ཅན་གྱི་རྫས་ཀྱི་རྒྱུ་རྡུལ་ཕྲ་རབ་རྣམས་ཡོད་པ་ཁོ་ན་ཡིན་ལ། དེ་རྣམས་ཀྱང་རྟག་པ་ཞིག་སྟེ། ཡོད་ལ་རྒྱུ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་རིགས་ཏེ། གང་གི་ཕྱིར། ་འབྲས་བུ་ཡིས་ནི་རྒྱུ་པ་ཤིག་པ། །དེས་ན་རྒྱུ་ནི་རྟག་མ་ཡིན། །གལ་ཏེ་རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་དུ་གྱུར་ན་ནི་ས་བོན་གྱིས་མྱུ་གུ་བཞིན་དུ་དེ་རྣམས་རྡུལ་ཕྲ་རབ་གཉིས་ལ་སོགས་པ་ཡན་ལག་ཅན་གྱི་རྫས་ཀྱིས་འཇིག་པར་འགྱུར་རོ། །དེའི་ཕྱིར་འབྲས་བུ་དང ་ལྷན་ཅིག་མི་གནས་པའི་ཕྱིར་ན་རྡུལ་ཕྲ་རབ་རྣམས་ས་བོན་ལྟར་མི་རྟག་པར་འགྱུར་རོ། །ཅི་སྟེ་གང་ལ་འདི་མི་རྟག་པ་ཉིད་དུ་འགྱུར་བ་འབྲས་བུས་རྒྱུ་འཇིག་པ་ནི་མ་ཡིན་གྱི། འོན་ཀྱང་རྒྱུའི་རང་བཞིན་མི་གཏོང་ཞིང་འབྲས་བུ་དོན་གཞན་དུ་གྱུར་པ་སྐྱེད་པར ་བྱེད་དོ་སྙམ་དུ་སེམས་ན་དེ་ལྟར་ཡིན་ན་ནི་འབྲས་བུ་རྒྱུའི་ཡུལ་ལས་ཐ་དད་པའི་ཕྱིར་རིགས?་མི་མཐུན་པ་དག་བཞིན་དུ་ཡུལ་བྱེ་བའི་རྡུལ་ཕྲ་རབ་རྣམས་རྒྱུའི་དངོས་པོར་མི་འགྱུར་རོ། །དེ་ཉིད་ཁོ་ན་ཟོལ་ཐབས་གཞན་གྱི་སྒོ་ནས་བསྟན་པའི་ཕྱིར་རོ། །ཡང་ན་གང་ན་རྒྱུ་ཡོད་པ། །དེ་ན་འབྲས་བུ་ཡོད་མ་ཡི། །ཞེས་བྱ་བ་སྨོས་སོ། ། ་གང་གི་ཚེ་དེ་ལྟར་རྒྱུ་ཉིད་མི་སྲིད་པ་དེའི་ཚེ། རྡུལ་ཕྲ་རབ་རྟག་པར་བརྟགས་པ་དོན་མེད་པས་ཅི་ཞིག་དགོས་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་རྣམས་མེད་དོ། །འདི་ལས་གྱིད་རྡུལ་ཕྲ་རབ་རྣམས་རྟག་པ་མ་ཡིན་ཏེ། གང་གི་ཕྱིར། ཐོགས་ན?་ལྡན་དངོས་པོ་རྟག ་པ་ནི། གང་དུ་སྣང་པ་མོ་ཡིན་ཏེ། །འདི་ན་རྡུལ་ཕྲ་རབ་ལ་རྡུལ་ཕྲ་རབ་གཞན་གྱིས་བདག་ཉིད་ཐམས་ཅད་ཀྱིས་འཇུག་པ་མེད་པའི་ཕྱིར་རྡུལ་ཕྲ་རབ་ཐོགས་པ་དང་བཅས་པ་ཉིད་ཡིན་ལ་ཐོགས་པའི་བུམ་པ་ཉིད་ལ་སོགས་པ་ལྟར་རྟག་པ་ཉིད་དུ་ཡང་མི་རིཊ ་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་ཉིད་མེད་དོ། །གང་གི་ཕྱིར་རྟག་པ་ཉིད་ཡོད་པ་མ་ཡིན་པ། །དེས་ན་ནམ་ཡང་སངས་རྒྱས་རྣམས། །རྡུལ་ཕྲན་རྟག་པ་ཉིད་མི་གསུང། །གང་ཞིག་ཕྱིན་ཅི་མ་ལོག་པར་གཟིགས་པ་དེས་ནི་དོན་གང་ཞིག་ཇི་ལྟར ་གནས་པ་བདེ་ཁོ་ན་ལྟར་ངེས་པར་བྱ་བ་ཞིག་གོ་།རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་མི་རྟག་པ་ཡོད་པའི་ཕྱིར། དེ་ཡོད་པ་ཉིད་ཡོད་ལ། དེ་ཡང་བརྟགས་པར་ཡོད་པ་ཞིག་སྟེ། རྫས་བརྒྱད་ལ་བརྟེན་ནས་བུམ་པ་ལྟར་བརྟགས་པའི་ཕྱིར་རོ། །དེ་ལ་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་གང་དག་ཡིན་པ་དེ་དག ་ནི་རང་ཞིང་རྡུལ་ཕྲ་རབ་ཀྱི་སྒྲས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་དག་ལ་སོད?་སོར?་རྡུལ་ཕྲ་རབ་ཉིད་མད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་བྱེ་བྲག་པ་རྣམས་ཀྱི་ལྟར་བདེ་བར་གཤེགས་པ་རྣམས་ལ་རྫས་ཀྱི་རྡུལ་ཕྲ་རབ་ཅེས་བྱ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན ་གཤེགས་པ་རྣམས་ནས་ཡང་རྡུལ་ཕྲ་རབ་རྟག་པ་ཉིད་སྟོན་པར་མི་མཛད་དོ། རང་ཉིད་ཀྱིས་དེ་ལྟར་མ་གཟིགས་པའི་ཕྱིར་རོ། །གང་དག་རིགས་པ་བཅུག་ནས་རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་ཡོད་པ་ཉིད་སལ་ཞིང་རྣམ་པར་ཤེས་པ་ཙམ་ཉིད་དུ་རྟོགས་བདེ་དང་ནི་རེ་ཞིག ་འཇིག་རྟེན་པའི་དངོས་པོ་འཇིག་རྟེན་པའི་དོན་ལ་མཁས་པས་ཉེ་བར་བསྟན་པ་སེལ་བ་འཇིག་རྟེན་དང་ལུང་གི་གནོད་པ་གཉིས་ཀྱི་སེལ་བར་བྱེད་པ་དེ་དག་གིས་རྡུལ་ཕྲ་རབ་ཡོད་པ་ཉིད་བསལ་བར་མི་ནུས་ཤིང་རྡུལ་ཕྲ་རབ་ལྟར་རྣམ་པར་ཤེས་པའི་ཡོད་པ་ཉིད་འཐད་པ་དང ་འགལ་བ་ཡང་བཞག་པར་མི་ནུས་སོ། །འདི་ལྟར་དེའི་སྐྱེ་བ་དང་གནས་པ་དང་འགག་པ་རྣམས་རིམ་གྱིས་དང་ཅིག་ཅར་མེད་པའི་ཕྱིར་མི་འཇུག་ལ། སྐྱེ་བ་ལ་སོགས་པ་དང་བྲལ་བ་ལ་ནི་ཡོད་པ་ཉིད་རིགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་རྣམས་ནི་འཇིག ་རྟེན་ལས་འདས་པ་ལ་ཡོངས་སུ་མཐོང་བའི་རྣམ་པར་དཔྱད་པ་མ་བཅུག་པར་འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་ལྟར་ཁས་བླངས་པར་བྱ་ཞིང། ཇི་ལྟར་རྣམ་པར་ཤེས་པ་འཇིག་རྟེན་པ་ཡིན་པ་དེ་ལྟར་རྡུལ་ཕྲ་རབ་ཀྱང་ཡིན་པས་འདིས་རིགས་པ་བཅུག་ནས ་རྡུལ་ཕྲ་རབ་བསལ་བར་མི་ནུས་ཏེ། དེའི་རིག་པ་ལ་འཇིག་རྟེན་དང་ལུང་གི་གནོད་པས་གནོད་པའི་ཕྱིར་རོ། །དེ་ལྟར་རྡུལ་ཕྲ་རབ་ཏུ་སྨྲ་བ་བཀག་པ་དང། ཡང་རང་གི་སྡེ་བ་འདུས་མ་བྱས་མིང་ཙམ་ཉིད་དུ་མི་རྟོགས་ཤིང་མྱ་ངན་ལས་འདས་པ་རྗེས་སུ་ཡོད་པ་རྟག་པ་ཉིད ་དུ་རྟོག་པར་འགྱུར་བ་ཁ་ཅིག་དག་སངས་རྒྱས་རྣམས་རྡུལ་ཕྲ་རབ་དག་རྟག་པ་ཉིད་དུ་མི་གསུང་བ་འདི་ནི་བདེན་མོད་ཀྱི། གང་ཞིག་རྟག་པ་ཉིད་དུ་གསུངས་པ་དེ་ནི་རྟག་པར་གྱུར་ཅིང་ཡོད་པ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མ་སྐྱེས ་པ་དང་མ་བྱུང་བ་དང། འདུས་མ་བྱས་པ་དེ་ནི་ཡོད་དོ། །ཞེས་གསུངས་ལ། ཆོས་འདུས་མ་བྱས་པ་རྣམས་ནི་རྟག་གོ་།ཞེས་ཀྱང་གསུངས་སོ། །དེའི་ཕྱིར་མྱ་ངན་ལས་འདས་པ་རྟག་ཅིང་ལམ་གྱི་བདེན་པས་འཐོབ་པར་བྱ་བ་རྟག་ཅིང་འབྱུང་བར་འགྱུར་བའི ་ཉོན་མོངས་པ་དང་སྐྱེ་པ་གཉིས་སྐྱེ་བ་ལ་ཆུ་འགོག་པའི་ཆུ་ལེན་ལྟར་གཏན་དུ་གེགས་སུ་གྱུར་པ་ཞིག་ཡོད་དོ། །གལ་ཏེ་དེ་རྟག་པར་མ་གྱུར་ན་ནི་དེའི་ཚེ་ཉོན་མོངས་པ་དང་སྐྱེ་བ་དག་སྐྱེ་བ་ལ་གེགས་བྱེད་བའི་དོན་མེད་བའི་ཕྱིར་དེ་དག་སྐྱེ་བར་འགྱུར་བ་ཞིག་ན། དེ་ལྟར ་ཡང་མ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་རྟག་པ་དེ་ཡོད་དོ། །གལ་ཏེ་དེ་ཡོད་པར་མ་གྱུར་ན་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པའི་མཇུག་ཐོགས་སུ་འཕགས་པའི་བདེན་པ་གསུམ་པ་ཞེས་བྱ་བར་སྟོན་པར་ཡང་མི་འགྱུར་བ་ཞིག་ན། ་ཉེ་བར་བསྟན་པ་ཡང་ཡིན་ཏེ། དེའི་ཕྱིར་དེ་ཡོད་དོ། །འདི་ལ་བཤད་པར་བྱ་སྟེ། འཆིང་དང་བཅིང་དད་ཐབས་ལས་གཞན། །ཐར་པ་གལ་ཏེ་ཡོད་ན་ནི། །དེ་ལས་ཅི་ཡང་མི་སྐྱེ་སྟེ། །དེས་ན་དེ་ཐར་ཞེས་མི་བརྗོད། །དེ་ལ་འཆིང་བ་ནི་ཀུན་འབྱུང་གི་བདེན་པའོ། །འཆིང་བར་བྱ་བ་ལ་རང ་དབང་མེད་པར་བྱེད་པས་འཆིང་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །བཅིང་བ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། ཉོན་མོངས་པའི་གཞན་གྱི་དབང་ཡིན་པའི་ཕྱིར་རོ། །དེ་ལྡོག་པའི་ཐབས་ནི་ལམ་གྱི་བདེན་པ་སྟེ། དེས་ཉོན་མོངས་པ་ལྡོག་པར་བྱེད་པའི་ཕྱིར་རོ། །འཆིང་བ ་དང་བཅིང་བར་བྱ་བ་མེད་པར་ནི་འཆིང་བའི་བྱ་བ་མི་སྲིད་པས་འཆིང་བ་དང་བཅིང་བར་བྱ་བདག་གི་ཡོད་པ་ཧིད་ནི་དེ་ཡོད་པའི་རྒྱུ་ཅན་ཡིན་ནོ། །དེ་བཞིན་དུ་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་མེད་པར་ནི་ཟློག་པ་ཡོད་པར་མི་འགྱུར་ཞིང་དེ་ཡོད་པ་ལས ་བཟློག་པར་བྱ་བ་དང། རློག་པར་བྱེད་པ་གཉིས་ཡོད་པ་ཏིད་དོ། །དེ་ལ་བཟློག་པར་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། ཟློག་པར་བྱེད་པ་ནི་ལམ་སྟེ། མུན་པ་ལ་སྒྲོན་མེ་བཞིན་ནོ། །ཇི་ལྟར་བདེན་པ་གསུམ་པོ་འདི་ཀུན་ནས་ཉོན་མོངས་བ་དང་དེ་ལས་ལོག་པ་ལས་དཔགས་བའི་ཡོད་པ ་ཉིད་ཡིན་པ་དེ་ལྟར་ཉོན་མོངས་པ་ཟད་པའི་མཚན་ཉིད་ཅན་གྱི་ཐར་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ལས་ཅུང་ཟད་ཀྱང་འབྱུང་བ་མེད་དོ། །འཆིང་བ་དང་ཐར་པ་གཉིས་ཆར་ལ་ཡང་ཡན་ལག་གི་ངོ་བོར་ཉེ་བར་མ་སོན་པའི་ཕྱིར་རོ། །གལ་ཏེ་འདི་འགའ་ཞིས་ཏུ་ཉེ་བར་སྦྱོར་བ ་ཉིད་དུ་འགྱུར་ན་ནི་དེའི་ཚེ་འདི་འབྲས་བུ་དེས་དཔགས་པའི་ཡོད་པ་ཉིད་དུ་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ལ་ཡོད་པ་ཉིད་མེད་དོ། །ཅི་སྟེ་ཐར་པ་ནི་གྲོལ་བའོ་སྙམ་ན། དེ་ལྟར་ན་ཡང་འདི་གྲོལ་བར་གྱུར་པ་ལས་དོན་གཞན་མ་ཡིན་ཏེ། དེ་ལྟར ་མ་ཡིན་ན་དེ་དེ་དང་འབྲེལ་བ་མེད་པ་ཉིད་དང། ཅི་ཡང་མི་བྱེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འདི་ཐར་པར་བརྗོད་པར་མི་རིགས་ཏེ། དེས་ན་དེ་ཐར་པ་ཞེས་མི་བརྗོད། གྲོལ་བའི་བྱ་བ་ནི་གང་ཞིག་འཆིང་བ་བཅད་པས་བཅིང་བར་བྱ་བ་ལས་གྲོལ་བ་ཉིད་འདྲེན་པ་དངོས་པོ ་གྲོལ་བཞིན་པ་བྱ་བ་དང་ལྡན་པ་ཉིད་ཡིན་ལ། དེ་ཡང་དེ་ཉིད་དང་གཞན་ཉིད་དུ་བརྟག་པ་དང་བྲལ་བན་དོན་གཞན་དུ་མ་གྱུར་པ་ཡིན་ན། ཐར་པ་ནི་དོན་གཞན་དུ་གྱུར་བ་ཞིག་ཡིན་པ་འདི་ཡོད་པ་ཉིད་དུ་མི་རིགས་སོ། །དེའི་ཕྱིར་ཉོན་མོངས་པ་དང་སྐྱེ་བ་མི་འབྱུང་བ་དེ་བྱས་སོ། ། ་ཞེས་བྱ་བར་བརྟག་པར་མི་རིགས་སོ། །དངོས་པོ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་འབྱུང་བ་རྣམས་ནི་དེ་མེད་པའི་ཕྱིར་ས་བོན་ཚིག་པ་ལས་མྱུ་གུ་ལ་སོགས་པ་ལྟར་ནམ་ཡང་སྐྱེ་བར་མི་འགྱུར་ཏེ། དེའི་ཕྱིར་དེའི་དོན་དུ་དོན་གཞན་བརྟག་པ་ཆེས་མི་ལེགས་སོ། ། ་བདེན་པ་གསུམ་པའི་སྒྲ་བརྗོད་པར་བྱ་བ་ཉིད་ཀྱང་མི་འགལ་ཏེ། ཉོན་མོངས་པ་དང་སྐྱེ་པ་གཉིས་སླར་མི་འབྱུང་བ་ཙམ་ཞིག་བདེན་པ་གསུམ་པའི་སྒྲ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པར་གྱུར་པ་ལ་གྲངས་ཀྱིས་ཡོངས་སུ་བགྲང་བ་ཡོད་པ་མ ་ཡིན་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དགེ་ལྔ་པོ་འདི་དག་ནི་མིང་ཙམ་སྟེ། ཁས་འཆེས་པ་ཙམ་ཐ་སྙད་ཙམ་ཀུན་རྫོབ་ཙམ་སྟེ། འདི་ལྟ་སྟེ། འདས་པའི་དུས་དང། མ་འོངས་བའི་དུས་དང། ནམ་མཁའ་དང་མྱ་ངན་ལས ་འདས་པ་དང། གང་ཟག་གོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གཞན་དག་ནི་འཆིང་དང་བཅིང་དང་ཐབས་ལས་གཞན། །ཐར་པ་གལ་ཏེ་ཡོད་ན་ནི། །དེ་ལས་ཅི་ཡང་མི་སྐྱེ་སྟེ། །དེས་ན་དེ་ཐང་མི་བརྗོད། ཞེས་བྱ་བ་ལ་གཏན་ཚིགས་དེ་ལས ་ཐར་པ་ཞེས་བྱ་བ་ཅུང་ཟད་ཀྱང་མི་སྐྱེ་སྟེ་འཆིང་བ་ལ་སོགས་པ་གསུམ་ལས་རྣམ་པར་གྲོལ་བའི་ཕྱིར་བརྗོད་དུ་མེད་པ་བཞིན་ནོ། །དེས་ན་རང་བཞིན་ལོག་པས་དེ་ལ་འགའ་ཞིག་གི་ཡང་ཐར་པ་ཞེས་མི་བརྗོད་དེ། དམ་མི་འཆའོ། །ཞེས་བྱ་བའི་དོན་ཏོ། །ཞེས ་འཆད་དོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གང་སྡུག་བསྔལ་འདི་མ་ལུས་པར་རབ་ཏུ་སྤངས་ཤིང། སྤངས་པ་བསལ་བ། ཟད་པ་འདོད་ཆགས་དང་བྲལ་བ་འགག་པ་ཉེ་བར་ཞི་བ། ནུབ་པ་སྡུག་བསྔལ་གཞན་ཡང་ཉིད་མཚམས་མི་སྦྱོར་བ་དང། ་ཉེ་བར་མི་ལེན་པ་འདི་ནི་ཞི་བ། གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ། སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ། འགག་པ་མྱ་ངན་ལས་འདས་པའོ། །ཞེས་གསུངས་ཏེ། ལུང་འདི་ལས་ན་རྣམ་པ་ཐམས་ཅད་དུ། མྱ་ངན་འདས་ལ་ཕུང་པོ་རྣམས། ། ་ཡོང་མིན་གང་ཟག་སྲིད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་ལ་ཕུང་པོ་རྣམས་ཡོང་ཅིང་གང་ཟག་ཀྱང་ཡོད་ན་ནི་དེའི་ཚེ་དེ་དག་ཡོད་པའི་ཕྱིར?་མྱ་ངན་ལས་འདས་པར་གྱུར་པར་མིཊ་པ་དང་མདོ་དང་འགལ་བ་དང་མྱ་ངན་ལས་འདས་པ་འཁོར་བ་ལས་མི་འདའ་པར་འགྱུར་རོ། ། ་དེའི་ཕྱིར་མྱ་ངན་ལས་འདས་པ་དེ་ལ་མྱ་ངན་ལས་འདས་པར་གྱུར་པ་འགའ་ཡང་མ་དམིགས་སོ། །དེའི་ཕྱིར། གང་དུ་མྱ་ངན་འདས་གྱུར་པ། །མ་མཐོང་དེར་མྱང་འདས་གང་ཞིག་།མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པ་སྟེ་དེ་ཡང་དངོས་པོའི་ངོ་བོ་ཡིན་པའི ་ཕྱིར་རྟེན་ལ་རག་ལས་སོ། །འདིའི་རྟེན་ཡང་མྱ་ངན་ལས་འདས་པར་གྱུར་བ་ཡིན་ལ། དེ་ཡང་ཕུང་པོ་རྣམས་སམ། གང་ཟག་ཡིན་ན། དེ་མེད་པས་རྟེན་མེད་པར་འགྱུར་ཏེ། ཕྱོགས་དེ་ལས་མྱ་ངན་ལས་འདས་པ་གང་ཞིག་ཡིན་པར་འགྱུར། རྣམ་པ་གཅིག་ཏུན ་མྱ་ངན་ལས་འདས་པ་དངོས་པོ་བདེན་པར་སྨྲ་བའི་མྱ་ངན་ལས་འདས་པ་རྟོག་པ་ན་རྟེན་དུ་གྱུར་པ་ཞིག་གམ། བརྟེན་པར་གྱུར་པ་ཞིག་རྟོག་གྲང། དེ་ལ་རེ་ཞིག་རྟེན་དུ་གྱུར་བ་ནི་མི་རུང་སྟེ། འདི་ལྟར། མྱ་ངན་འདས་ལ་ཕུང་པོ་རྣམས། །ཡོད་མིན་གང་ཟག་སྲིད ་མ་ཡིན། །དེ་དག་མེད་པས་གང་དུ་མྱ་ངན་ལས་འདས་པར་འགྱུར་བ་འགའ་ཞིག་ཀྱང་མ་དམིགས་པ་དེར་མྱ་ངན་ལས་འདས་པ་གང་ཞིག་ཏུ་འགྱུར། དེ་ལྟར་ན་རེ་ཞིག་མྱ་ངན་ལས་འདས་པ་རྟེན་དུ་གྱུར་པ་མི་སྲིད་དོ། །ཡང་གང་དུ་མ་རྟེན་པར་གྱུར་པ་ཡིན་པ ་དེར་ཡང་ཉེས་པ་དེ་ཉིད་ཡིན་ཏེ། གང་གི་ཕྱིར་མྱ་ངན་འདས་ལ་ཕུང་པོ་རྣམས། །ཡོད་མིན་གང་ཟག་སྲིད་མ་ཡིན། །གང་དུ་མྱ་ངན་འདས་གྱུར་པ། །མ་མཐོང་དེར་མྱང་འདས་གང་ཞིག་།རྟེན་མེད་པའི་བརྟེན་པ་མི་སྲིད་པའི་མྱ་ངན་ལས་འདས་པ་གང་ཞིག་འགྱུར། ཡོད་པ ་མ་ཡིན་པ་ལ་ནི་རྟག་པ་ཉིད་རིག་པ་མ་ཡིན་པས་དངོས་པོ་རྟག་པ་རྣམས་ཡོད་པ་མ་ཡིན་ནོ། །གྲངས་ཅན་པ་རྣམས་ནི་ཡོན་ཏན་དང་སྐྱེས་བུ་ཐ་དད་པར་ཤེས་པ་ལས་ཆེན་པོ་ལ་སོགས་པའི་འཇུག་པའི་རིམ་པ་ལོག་པས་རྣམ་པར་འགྱུར་བའི་ཚོགས་རྣམ་པ ་ཐམས་ཅད་དུ་ཞི་བས་ཐར་པའི་གནས་སྐབས་ན་སྐྱེས་བུ་ཤེས་པ་ཡོད་པ་ཉིད་གནས་པའི་ཕྱིར་བདག་གྲོལ་བ་ཡོད་པ་ཡིན་དང།?་ཇི་སྐད་བརྗོད་པའི་ཉེས་པ་སྤངས་པས་ཐར་པར་རྟོག་བར་བྱེད་དོ། །དེ་དག་གི་དེ་ཡང། སྲེད་དང་བྲལ་ལ་ཐར་བའི་ཚེ། །ཤེས་ཡོད ་ཡོན་ཏན་ཅི་ཞིག་ཡོད། །གྲོལ་བར་གྱུར་པའི་སྐྱེས་བུ་ལ་ནི་ཐར་བའི་གནས་སྐབས་ན་ཤེས་པ་ཡོད་པ་ཉིད་ཡོད་པར་བརྟག་པར་མི་རིགས་སོ། །དེ་དག་གི་ལྟ་ན་བློས་ལྷག་པར་ཞེན་བའི་དོན་ལ་སྐྱེས་བུས་ཤེས་པར་བྱེད་ཅིང། ཤེས་པ་ཡོད་པ་ཉིད་ཀྱང་མའི ་ཚ་བ་ཉིད་ཇི་ལྟ་བ་བཞིན་དུ་དེའི་རང་གི་ངོ་བོ་ཞེས་བྱ་བར་མངོན་པར་འདོད་ལ། དེ་ཡང་ཡུལ་ཇི་ལྟར་བསྟན་པ་ཡོངས་སུ་གཅོད་པའི་བདག་ཉིད་ཅན་ཡིན་ནོ། །རང་བཞིན་ཡུལ་ཉེ་བར་ལོངས་སྤྱོད་པའི་འདོད་པ་རིག་ཅིང་སྐྱེས་བུ་དང ་ཐ་མི་དད་པར་རྟོགས་ནས་རིམ་གྱིས་དབང་པོའི་ཚོགས་འབྱུང་བ་ན་སྐྱེས་བུའི་ཡུལ་ཉེ་བར་ལོངས་སྤྱོད་པའི་རྒྱུ་ཡིན་ནོ། །གང་གི?་ཚེ་ཡུལ་ཉེ་བར་ལོངས་སྤྱོད་པའི་སྐྱེས་བུ་འདོད་པ་ལོག་པ་དེའི་ཚེ་དེ་ལ་སྲེད་པ་ལྡོག་གོ། སྲེད་པ་ནི་འདོད་པ་ཡིན་ལ། སྲིད? ་པ་དང་བྲལ་བ་དེ་ལ་ནི་ཤེས་པ་ཡོད་པ་ཉིད་ཀྱིས་ཡོན་ཏན་འགའ་ཞིག་ཡོད་པ་ཡང་མ་ཡིན་ནོ། །དེས་ནི་དེའི་ཚེ་དོན་འགའ་ཡང་དག་པར་མི་མྱོང་སྟེ། རྣམ་པར་འགྱུར་བའི་ཚོགས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་མཛའ་དག་རབ་ཏུ་ཞི་བར་འགྱུར ་བའི་ཕྱིར་རོ། །དེའི་ཕྱིར་གྲོལ་བའི་བདག་ལ་ཐར་པ་ཤེས་པ་ཡོད་པ་ཉིད་མི་རིགས་སོ། །འོ་ན་ནི་དེའི་ཚེ་སྐྱེས་བུ་ཤེས་པ་ཡོད་པ་མ་ཡིན་པར་འགྱུར་ལ་རག་གོ་ཞེ་ན། དེ་ལྟར་ན་ཡང། ཤེས་མེད་པ་ཡི་ཡོད་པ་ཡང། །གསལ་བར་ཡོད་པ ་མིན?་དང་མཚུངས་།པ་མ་ཡིན་ནམ། ཤེས་པ་ཡོད་པ་ལས་ཐ་དང་མེད་པའི་རང་གི་ངོ་བོ་ཅན་གྱི་སྐྱེས་བུ་ལ་ཤེས་པ་ཡོད་པ་ཉིད་མེད་ན་ཤེས་པ་མེད་པ་ལ་གང་ཞིག་བདེན་པ་ཡོད་པར་བརྟགས་པ་དེ་ནི་ཆེས་གསལ་བར་ཡོད་པ་མ་ཡིན་པ་མོ ་གཤམ་གྱི་བུ་ལ་སོགས་པ་དང་འདྲ་བ་ཞིག་གོ་།ཅི་སྟེ་གྲོལ་བའི་གནས་སྐབས་ཅན་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཡོད་པའི་ཕྱིར་བདག་ཡོད་དོ་སྙམ་དུ་སེམས་ན་འདི་ཡང་སྙིང་པོ་མེད་པ་ཞིག་སྟེ། གང་གི་ཕྱིར། ཐར་པ་བདག་གཅིག་ཡོད་ན ་ནེ། །ཤེས་ཡོད་ས་བོན་སྲིད་པ་ཡོད། །གལ་ཏེ་གྲོལ་བའི་གནས་སྐབས་སུ་བདག་བརྟག་པར་ནུས་ན་ནི་དེའི་ཚེ་བདག་ཡོད་དང་དེའི་རྟེན་ཅན་ཤེས་པ་ཡོད་པ་ཉིད་ཀྱིས་ནུས་པ་ཡོད་པར་འགྱུར་བ་ཞིག་ན། དེ་ནི་ཤེས་པ་ཡོད་པ་ཉིད་ཀྱི་རང ་གི་ངོ་བོ་ཅན་ཡིན་པ་ཉིད་ཀྱི་ཕྱིར་དེ་མེད་པར་ཡོད་པ་མ་ཡིན་པས་རྟེན་མེད་པའི་ནུས་པ་ཡང་མི་སྲིད་དོ། །གཞན་ཡང་འབྱུང་བར་འགྱུར་བའི་དོན་དེ་ལྟ་མི་ཉེ་པའི་ཕྱིར་འགར་ཡང་ནུས་པའི་ཁྱད་པར་ཡོད་པ་ཉིད་བརྟག་པ་མཛེས་པར་མི་འགྱུར་ལ་གྲོལ་བའི་བདག་ལ་གང ་ཤེས་པ་ཡོད་པ་ཉིད་ཀྱི་འཇུག་པའང་འབྱུང་པར་འགྱུར་བ་ནི་སྲིད་པ་ཡང་མ་ཡིན་ནོ། །འདིའི་ཕྱིར་ཡང་སེམས་པ་ཅན་ཉིད་ཀྱི་ས་བོན་ཡོད་པ་མ་ཡིན་པས་བདག་མེད་དོ། །གལ་ཏེ་ཐར་པར་གྲོལ་བར་གྱུར་པ་འགའ་ཡང་མེད་པས་ཐར་པ་མེད་པ་ཉིད་དུ་འགྱུར་རོ། ། ་དེའི་ཕྱིར་སྲིད་པ་འདི་མི་འཇིག་བར་འགྱུར་རོ། །ཞེས་མི་འདོད་པ་མང་པོ་ཞིག་ཏུ་འགྱུར་པ་མ་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཤེས་པ་ཡོད་པའི་འཇུག་པ་དང། དེའི་ནུས་པ་གཉིས་པོ་བདེན་པར་ཡོད་ན་ནི་ཇི་སྲིད་འཇུག་པ་ཡོད་པ་ཞིག་གམ་འོན་ཏེ་མེད ་པ་ཞིག་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་བ་ཞིག་ན། གང་གི་ཚེ་རྟེན་མེད་པས་དེ་དག་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་དེའི་ཚེ། དེ་མེད་ན་ནི་སྲིད་པ་ལ། །བསམ་པའང་ཡོད་པ་མ་ཡིན་ནོ། །མྱུ་གུ་ལ་སོགས་པའི་ནུས་པའི་རྟེན་ས་བོན་ཚིག་བར་གྱུར་ན་མྱུ ་གུ་ལ་སོགས་པའི་རྒྱུན་མི་འཇུག་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་བདག་གི་རྒྱུན་ཙམ་ཞིག་ཀྱང་མི་འཇུག་པས་ཐར་བར་རིགས་སོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། སྡུག་བསྔལ་ལས་ཐར་མི་རྣམས་ལ། །གཞན་ལས་ཡོད་པ་མིན་པར་ངེས། ། ་དེ་ཕྱིར་རྣམ་པ་ཀུན་ཏཱུང་བདག། ཟད་པ་ལེགས་ཤེས་བྱ་བར་བརྗོད། །སྡུག་བསྔལ་ལས་གྲེལ་བ་ནི་སྡུག་བསྔལ་ཡང་མི་འབྱུང་བ་ཡིན་ནོ། །སྡུག་བསྔལ་ཡང་སྐྱེ་བ་དང་འགག་པའི་ཆོས་ཅན་གྱི་འདུ་བྱེད་ལས་དང་ཉོན་མོངས་པས་བསྐྱེད་པ་རྣམས་ཡིན་ལ། ་དེ་རྣམས་ལ་བརྟེན་ནས་ཀྱང་གང་ཟག་ཏུ་འདོགས་ཏེ། དེ་ནི་བདག་ཡིན་ནོ། །སྡུག་བསྔལ་འགགས་ན་ནི་དེ་དང་གྲུབ་པ་དང་བདེ་བ་གཅིག་པའི་ཉ་བར་ལེན་པ་པེ་བདག་རྣམ་པ་ཐམས་ཅད་ཕྱིས་མི་འབྱུང་བའི་བདག་ཉིད་ཀྱིས་ཟད་པ་གང་ཡིན་པ་དེ་ཉིད་ལེགས ་པའོ། ཞེས་བྱའི་གྲོལ་བའི་བདག་ཡོད་པ་ནི་མ་ཡིན་ནོ། །དེ་ནི་རེ་ཞིག་རྒྱུ་མེད་པ་ཅན་ཉིད་ཀྱི་ཕྱིར་རང་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེའི་རང་གི་ངོ་བོ་ཡོད་ན་ཡང་དེ་རྟག་པ་ཉིད་ཀྱིས་རྣམ་པར་མི ་འགྱུར་བའི་ཕྱིར་བཅིངས་པ་དང། ཐར་པ་གཉིས་ལ་ཁྱད་པར་མེད་པས་སྔ་མ་བཞིན་དུ་འཁོར་བ་ལྡོག་པར་མི་འགྱུར་རོ། །ཁྱད་པར་ཁས་ལེན་ན་ཡང་རྣམ་པར་འགྱུར་བ་ཡོད་པའི་ཕྱིར་མེ་རྟོག་པར་འགྱུར་ལ། །དེའི་ཕྱིར་རྒྱུ་དང་ལྡན་པ་ཉིད་དུ་འགྱུར་རོ། །དེའི ་ཕྱིར་སྡུག་བསྔལ་གྱི་རྒྱུན་དང་འདྲ་བ་ཉིད་དང་རང་གི་རྩོད་པ་བཏང་བར་འགྱུར་རོ། །དེའི་ཕྱིར་འདིས་བདག་ཁས་བླངས་པར་མི་རིགས་སོ། །གང་ཞིག་གཞན་ལ་བསྟན་པར་མི་ནུས་བ་དང། །བཤད་ཟིན་པའི་སྐྱོན་གྱིས་ཁས་བླངས་ནས་ཀྱང་ཡོངས་སུ་དོར་བར་བྱ ་བ་ཡིན་པ་དེ་ནི་ཁས་བླངས་པ་ཅི་ཞིག་དགོན་དེའི་ཕྱིར་བདག་ཏུ་སྨྲ་བ་དོར་བར་བྱའོ། །གལ་ཏེ་དེ་ལྟར་གྲོལ་བའི་གནས་སྐབས་ན་གྲོལ་བའི་བདག་ཀྱང་ཡོད་པ་མ་ཡིན་ལ། །དོན་དམ་པའི་མེད་ཅན་མྱ་ངན་ལས་འདས་པན་ཡོད་འདུ་བྱེད་རྣམས་མི་འབྱུང་བས་གཏན་ཡོངས་སུ ་ཆད་པའི་ངོ་བོར་སྨྲན་ནི་དེའི་ཕྱིར་དེ་དང་འདྲ་བའི་དམ་པཱི་དོན་འདི་དོན་དུ་གཉེར་བ་ཅི་ཞིག་བྱ། དེའི་ཕྱིར་བདག་ལེགས་སོ་འདོད་པ་ལ། འཇིག་རྟེན་པ་འདི་ཉིད་བླ་ཡི། །དོན་དམ་རྣམས་ཀུན་མ་ཡིན་ཏེ། །འཇིག་རྟེན་པ་ལ་ཅུང་ཟད་ཡོད། །དམ་པའི་དོན་ལ་ཡོད ་མ་ཡིན། །བདག་ལེགས་སུ་འདོད་པ་ནི་མིག་ནད་བྱུང་དུ་དོགས་པས་མིག་འབྱིན་པ་རྗེས་སུ་མི་སྒྲུབ་ཀྱི། །ནད་སེལ་བ་ཁོ་ན་བྱེད་བ་དེ་བཞིན་དུ་འཁོར་བའི་སྡུག་བསྔལ་ལ་ཡིད་བྱུང་བས་ཀྱང་སྡུག་བསྔལ་བ་ཙམ་བཏང་བ་ཁོ་ན་མཆོག་གི་ཐམས་ཅད་མེད་པ་མ ་ཡིན་ནོ། །ཐམས་ཅད་མེད་པར་གྱུར་ན་ནི་བདེ་བ་ཡང་རྣམ་པ་ཐམས་ཅད་དུ་བཅད་པས་འདིས་བདག་ལ་ཕན་ཅུང་ཟད་ཀྱང་བཏགས་པར་མི་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་པ་འདི་ཉིད་བླའི། འཇིག་རྟེན་པ་དེར་ནི་ཁྱོད་ཀྱིས་ཅུང་ཟད་ཅིག་ཁས་ལེན་ཏེ ་གང་མིགས་སོགས་པ་དང། མྱུ་གུ་ལ་སོགས་པའམ་བརྟེན་ནས་བཏགས་པ་བུམ་པ་དང། སྣམ་བུ་དང། རེ་ལྡེ་དང། ཁྱིམ་དང། ནགས་དང། དམག་དང། ཀུན་དགའ་ར་བ་དང། བཞོན་ཡ་དང། གྲུ་ལ་སོགས་པ་རྣམས་སོ། །ཅུང་ཟད་ཅིག་ནི་ཁས་མི ་ལེན་ཏེ། ??་གང་མྲུ?་སྟེགས་ཅན་རྣམས་ཀྱིས་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པ་དང། །དངོས་པོ་རྣམས་རང་བཞིན་དང་བཅས་པའོ། །ཡང་ན་གང་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་འདས་པ་འབྲས་བུ་མ་ཕྱུང་བ་དང། །བདེ་བའི་འབྲས་བུ་མ ་ཡོངས?་པ་འམ། །འདུ་བྱེད་ད་ལྟར་བྱུང་བ་རྣམས་ཏེ། དེ་ལྟ་བུ་འདི་ཁྱོད་འཇིག་རྟེན་པ་ལ་ཡོད་ལ། །དེ་ལས་ལྷག་མར་གྱུར་པ་ནི་ཡོད་པ་མ་ཡིན་པས་གང་དུ་ཐམས་ཅད་མེད་པ་མ་ཡིན་པ་འཇིག་རྟེན་པ་འདི་བླའོ། །དོན་དམ་པ་ནི་མཆོག་མ་ཡིན་ཏེ། གཏན ་དུ་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །སློབ་དཔོན་འཕགས་པ་ལྟའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྦྱོད་བ་བཞི་བརྒྱ་བ་ལས་དངོས་པོ་རྟག་པ་དགག་པ་བསྒོམ་པའི་ཏིང་ངེ་འཛིན་བསྟན་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ ་དགུ་བའི་འགྲེལ་པའོ།། །།བཤད་པར་བྱ་སྟེ། གལ་ཏེ་བདག་ཅེས་བྱ་བ་འགའ་ཞིག་རང་གི་ངོ་བོས་ཡོད་ན་ནི་དེ་མྱ་ངན་ལས་འདས་པར་ཐམས་ཅད་དུ་ཆད་པ་མཐོང་བའི་ཕྱིར་བདག་མེད་དོ། །འབྱུང་བར་ཡང་མི་འགྱུར་རོ ་བདག་གི་བ་མེད་དོ། །འབྱུང་བར་མི་འགྱུར་རོ་སྙམ་དུ་དོགས་པ་ལ་འཇིག་རྟེན་བྱ?་ཉིད་འདི་བླའི་ཞེས་བྱ་བ་ལ་སོགས་པ་འདི་དེ་ལྟར་འགྱུར་བ་ཞིག་ན། བདག་ནི་རང་གི་ངོ་བོས་སྲིད་པ་ཡང་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་དེ་ངེས་བར་བུད་མེད་ཉིད་དམ། སྐྱེས་བ ་ཉིད་དམ། མ་ནིང་ཞིག་ཏུ་འགྱུར་ཏེ། དེ་ལས་གཞན་པའི་རྟོག་པ་མེད་པའི་ཕྱིར་རོ། །མུ་སྟེགས་ཅན་རྣམས་ནི་བདག་རྣམ་པ་གཉིས་སྨྲ་བར་བྱེད་དེ། འདི་ལྟར་སྟེ། ནད་གི་བདག་དང། ཕྱིའི་བདག་གོ། དེ་ལ་ནང་གི་བདག་ཅེས་བྱ་བ་ནི་གང་ཞིག་ལུས ་ཀྱི་ཁོང་ན་རྣམ་པར་གནས་ཤིང། དེའི་དབང་པོའི་ཚོགས་དེ་དང་དེར་རབ་ཏུ་འཇུག་པར་བྱེད་པའོ། །ནང་གི་བྱེད་པའི་སྐྱེས་བུ་འགྲོ་བའི་དར་འཛིན་པའི་རྒྱུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་ཀྱི་འབྲས་བུའི་ཟ་བ་པོ་རྒྱུད ་རེ་རེ་ཞིང་རྣམ་པར་རྟོག་པ་དུ་མའི་དབྱེ་བས་ཕྱེ་བའོ། །ཕྱིའི་བདག་ནི་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་གྱི་བདག་ལ་ཕན་འདོགས་པའོ། །དེ་ལ་རེ་ཞིག་ནང་གི་བདག་གང་ཡིན་པ་དེ། གལ་ཏེ་བུད་མེད་ཉིད་དུ་རྟོག་ན་ནི་དེའི་ཚེ་རང་གི་ངོ་བོ་མི་འདོར་བའི་ངོ་བོ ་ཅན་ཡིན་པའི་ཕྱིར་ཚེ་གཞན་དུ་རྗེས་ཀྱང་རྟགས་གཞན་ལ་མི་བརྟེན་པས་རྟག་ཏུ་བུད་མེད་ཉིད་དུ་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། འཆོལ་བ་དམིགས་པའི་ཕྱིར་དང། བུད་མེད་ཉིད་ལ་སོགས་པ་རྣམས་བདག་གི་ཡོན་ཏན་ཉིད་དུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི ་ཕྱིར། འདོད་ཆགས་ཤིན་ཏུ་འབར་བའི་སེམས་དང་ནི། །ལུས་དག་དབང་པོའི་བློ་དང་ལས་རྣམས་ཀྱིས། །བུད་མེད་བཞིན་དུ་འཁྲིག་པའི་ནང་འཇུག་པ། །མི་མཁས་དེ་ནི་གཞན་དུ་བུད་མེད་འགྱུར། །དེ་ནི་སྐྱེས་དངོས་ཕུན་ཚོགས་ཕན་བསམས་པས། །དེ ་བཞིན་གཤེགས་པའི་སྐུ་དང་རྣམ་པ་བརྒྱར། །བུད་མེད་ཉིད་ལ་ཡང་དག་སྨད་བྱས་ནས། །ཕ་རོལ་ཏུ་ནི་མི་ཉིད་མཆོག་ཏུ་འགྱུར་ཞེས་བཤད་དོ། །དེ་བཞིན་དུ། སྐྱེས་པ་ཉིད་དང་མ་ནིང་ཉིད་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར། གང་ཚེ་ནང་བདག ་བུད་མེད་མིན། །སྐྱེས་མིན་མ་ནིང་མ་ཡིན་པ། །དེ་ཚེ་མི་ཤེས་འབའ་ཞིག་ལས། །ཁྱོད་བདག་ཕོ་བོ་སྙམ་དུ་སེམས། །ཕོ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་བདག་ནི་བུད་མེད་དོ་བདག་ནི་མ་ནིང་དོ་སྙམ་པ་འདི་ཐམས་ཅད་ནི་མི་ཤེས་པ་ལས་འགྱུར་རོ། ། ་རྣམ་པར་དཔྱད་པ་ན་དངོས་པོ་ཡོད་པ་དེ་ལྟར་གྲུབ་པ་མེད་པའི་ཕྱིར་དེ་ལྟར་ཡོངས་སུ་བཏགས་པ་ལས་མི་ཤེས་པ་ལས་མ་རྟོགས་པའི་རྒྱུ་གཞན་མི་རིགས་ཏེ། ཐག་པའི་རང་གི་ངོ་བོ་ཡོངས་སུ་མི་ཤེས་ན་སྤྲུལ་དུ་ལྷག་པར་སྒྲོ་འདོགས་པ་བཞིན་ནོ་སྙམ་དུ་དགོངས ་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཆི་ཞེས ་གསུངས་སོ། །ཅི་སྟེ་སྐྱེས་པ་དང་བུད་མེད་དང་མ་ནིང་ཉིད་འདི་དག་ནི་ཕྱིའི་བདག་གི་བརྟགས་ཏེ། དེ་དང་འབྲལ་བ་ལས་ནང་གི་བདག་ཀྱང་རྟག་གོ་སྙམ་དུ་སེམས་ན། འདི་ནི་དེ་ལྟར་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདིར་ནམ་མཁའ་ལ་འབྱུང་བ་ཆེན་པོ་ཉིད་མི་རིགས ་པའི་ཕྱིར་འབྱུང་བ་ཆེན་པོ་དག་ནི་བཞི་ཁོ་ནའོ། །ཡང་གང་གི་ལྟར་ན་འབྱུང་བ་ཆེན་པོ་ལྔ་ཡིན་པ་དེ་ཡང་དེའི་ནམ་མཁའ་ལས་རྩོམ་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་འབྱུང་བ་ཆེན་པོ་བཞི་ཁོ་ན་རྒྱུའི་དངོས་པོར་འགྱུར་ན། །དེ་དག་ལ་ནི་སྐྱེས་པ་དང ་བུད་མེད་དང་མ་ནིང་རྣམས་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་དེའི་ཚེ་དེ་དག་གི་རང་བཞིན་གྱིས་རྗེས་སུ་བྱེད་པའི་ཕྱིར་ལུས་ཐམས་ཅད་རྟགས་ངེས་པ་ཉིད་དུ་འགྱུར་ལ། ནུར་ནུར་པོ་ལ་སོགས་པར་ཡང་རྟགས་དམིགས་པར་འགྱུར ་ན། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་གང་ཚེ་འབྱུང་བ་ཐམས་ཅད་ལ། །ཕོ་མོ་མ་ནིང་ཡོད་མིན་པ། །དེ་ཚེ་ཅི་སྟེ་དེ་དག་ཉིད། །བརྟེན་ནས་ཕོ་མོ་མ་ནིང་ཡིན། །གང་རང་གི་ངོ་བོས་རྟགས་དང་བྲལ་བའི་འབྱུང་བ་ཆེན་པོ་དག་ལ་བརྟེན་ནས་ལུས ་རྣམས་ལ་བུད་མེད་ཉིད་ལ་སོགས་པ་འབྱུང་བར་འགྱུར་བ་འདི་ལ་རྒྱུ་ཅི་ཞིག་ཡོད། དེའི་ཕྱིར་དེ་ལྟར་ཕྱིའི་བདག་ལ་ཡང་བུད་མེད་དང་སྐྱེས་པ་དང་མ་ནིང་ཉིད་རྣམས་མི་རིགས་པའི་ཕྱིར་ཁྱོད་ཀྱི་བདག་ནི་སྐྱེས་པའོ། །བདག་ནི་བུད་མེད་དོ། །བདག ་ནི་མ་ནིང་ངོ་སྙམ་པའི་བསམ་པ་འདི་ནི་མི་ཤེས་པ་ལས་ཡིན་པ་འབའ་ཞིག་ཏུ་ཟད་དོ། །གང་དག་ཁྲི་དང་ལྗོན་ཤིང་དག་ལ་ནུ་མ་ལ་སོགས་པ་དང་སྦུ་མང་བ་ཉིད་ལ་སོགས་པ་རྒྱུ་མཚན་མེད་པས་རྣམ་པ་གཞན་དུ་བུད་མེད་ཉིད་ལ་སོགས་པ་རྣམས་སུ་རྟོགས ་པར་བྱེད་པ་དེ་དག་གི་ཡང་རྟོགས་པ་ཙམ་བཟློག་པར་བྱ་བ་ཡིན་ནོ། །ཁྱོད་ལ་ཡང་ཐལ་བར་འགྱུར་བ་མཚུངས་སོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། ཁོ་བོ་ལྟར་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དངོས་པོ་རྣམས་རང་བཞིན ་མེད་པ་ཡིན་ལ། རབ་བཞིན་མེད་པ་ལ་ནི་རི་མོ་དང་ལྡེར་སོ་དང། འཁྲུལ་འཁོར་དང། སྒྱུ་མའི་བུད་མེད་ལ་སོགས་པའི་གཟུགས་ལྟར་རྐྱེན་ཇི་ལྟ་བ་བཞིན་རྣམ་པ་གཞན་དུ་འགྱུར་བར་མི་རིགས་པ་ཡང་མ་ཡིན་པས་ཉེས་པ་མེད་དོ། །བཅོམ ་ལྡན་འདས་ཀྱིས། བརྟན་པ་མོ་ཞེས་མི་སྤྱོད་ཅིང། །པོར་ཡང་རྟོག་པ་མི་བྱེད་དེ། །ཆོས་ཀུན་སྐྱེ་བ་མེད་པའི་ཕྱིར། །བཙལ་ན་མཐོང་བར་མི་འགྱུར་རོ། །ཞེས་གསུངས་སོ། །རང་བཞིན་དང་བཅས་པར་སྨྲ་བའི་ལྟར་ན་ནི་རང་བཞིན་ལ་གཞན་དུ་འགྱུར ་བ་ཉིད་མི་སྲིད་པའི་ཕྱིར་རང་བཞིན་ཇི་ལྟ་བ་བཞིན་དུ་རྟག་པར་ངེས་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་བདག་ནི་སྐྱེས་པའོ་སྙམ་པ་དེ་ལྟ་བུ་ལ་སོགས་པའི་རྟོག་པ་རྣམས་གཏི་མུག་ཙམ་ལས་བྱུང་བའི་ཕྱིར་རྟགས་དང་ལྡན་པའི་བདག་རང་བཞིན་ཡོད་པ་ཉིད ་མི་རིགས་སོ། །འདི་ལས་ཀྱང་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་བདག་རང་གི་ངོ་བོས་ཡོད་ན་ནི་དེ་ཇི་ལྟར་གཅིག་གི་ངར་འཛིན་པའི་རྒྱུར་དམིགས་པ་ཡིན་པ་དེ་བཞིན་དུ་ཐམས་ཅད་ཀྱི་ཡང་ངར་འཛིན་རྒྱུ་དམིགས་པར་འགྱུར་ཏེ། འཇིག ་རྟེན་ན་ནི་མེའི་རང་བཞིན་ཚ་བ་འགའ་ཞིག་ལ་མི་ཚ་བར་མི་འགྱུར་རོ། །དེ་བཞིན་དུ་བདག་གལ་ཏེ་རང་གི་ངོ་བོས་ཡོད་པར་འགྱུར་ན་ནི་དེ་ཐམས་ཅད་ཀྱི་བདག་དང་དར་འཛིན་པའི་ཡུལ་དུ་འགྱུར་ན་འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །འདི་འདི་ལྟར། ཁྱོད་ཀྱི ་བདག་གང་བདག་མིན། །དེས་དེ་བདག་མིན་མ་ངེས་ཕྱིར། །ཁྱོད་ཀྱི་བདག་དང་ཁྱོད་ཀྱི་ངར་འཛིན་པའི་ཡུལ་དང་བདག་དུ་ཆགས་པའི་ཡུལ་གང་ཡིན་པ་དེ་ཉིད་མི་ནི་ཁོ་བོའི་བདག་ཏུ་མི་འགྱུར་ཏེ། ཁོ་བོ་ཅག་གི་ངར་འཛིན་པའི་ཡུལ་མ་ཡིན་པའི་ཕྱིར་དང། ་བདག་ཏུ་ཆགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་དེ་བདག་མིན་མ་ངེས་ཕྱིར། །གང་ཞིག་ངེས་པར་བདག་གི་བདག་ཏུ་མི་འགྱུར་བ་དེ་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པས་ཡོད་པ་མ་ཡིན་པའི་དོན་ཅན་བདག་ཏུ་ལྷག་པར་སྒོ ་བཏགས་པ་འདི་དར་བར་བྱའོ། །གལ་ཏེ་བདག་མེད་ན་ནི་འོ་ན་དར་འཛིན་པ་དང་བདག་ལ་ཆགས་པ་འདི་གཉིས་གང་ཞིག་ལ་འགྱུར་ཞེ་ན། བཤད་པའི་དངོས་པོ་མི་རྟག་པ་རྣམས་ལ། །རྟག་པ་སྐྱེས་པར་འགྱུར་མིན་ནམ། །ཇི་སྐད་བཤད་པའི་ཚུལ ་གྱིས་ཕུང་པོ་ལས་ཐ་དད་པའི་བདག་རང་གི་ངོ་བོས་གྲུབ་པ་རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་དངོས་པོ་མི་རྟག་པ་གཟུགས་ལ་སོགས་པའི་མིང་ཅན་རང་བཞིན་མེད་པ་རྣམས་ལ་བདག་དང། སེམས་ཅན་དང། སྲོག་དང། སྐྱེ་བ་པོ་དང། ཤད་ལས ་སྐྱེས་དང། བྱད་པ་པོ་དང། ཚོར་བ་པོ་ཞེས་བྱ་བ་ལ་སོགས་པ་བདག་གོ་སྙམ་དུ་ལོག་པར་རྟོག་པར་བྱེད་དོ། །ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་ཡིན་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་བརྟེན་ནས་བདག་ཏུ་འདོགས་ལ། དེ་ཡང་ཕུང་པོ་རྣམས་ལས་དེ ་ཉིད་དང། གཞན་ཉིད་དུ་རྣམ་པ་ལྔར་ངེས་པར་དཔྱད་པ་ན་རང་གི་ངོ་བོས་ཡོད་པ་མ་ཡིན་པས་བརྟེན་ནས་ཡོངས་སུ་བརྟགས་པ་ཞིག་སྟེ། དེ་ལྟར་ན་འདུ་བྱེད་མི་རྟག་པ་རྣམས་ལ་བདག་ཏུ་རྟོག་པར་འགྱུར་རོ། །ཞེས་བྱ་བར་གནས་སོ། །འདིར་བདག་ནི་རང ་བཞིན་གྱི་ཡོད་པ་ཁོ་ན་སྟེ་འཇུག་པ་དང་ལྡོག་པའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་མེད་ན་ནི་སུ་ཞིག་དགེ་བའམ་མི་དགེ་བའམ་མི་གཡོ་བའི་ལས་བྱས་ནས་དེའི་འབྲས་བུ་མྱོང་བར་བྱེད། དེས་ནི་དགེ་བའམ་མི་དགེ་བའམ་མི་གཡོ་བའི་ལས་བྱས ་ནས་རིགས་རང་འགྲོ་བ་དང་སྐྱེ་གནས་ལ་སོགས་པའི་དབྱེ་བས་ཕྱི་བའི་ཁམས་གསུམ་དུ་ལས་དང་རྗེས་སུ་མཐུན་པའི་སྐྱེ་བའི་རྒྱུན་རབ་ཏུ་མཛའ་ཡས་ཤིང་བདེ་བ་དང་སྡུག་བསྔལ་བའི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་རྒྱུད་གྱུར་པ་འཐོབ་ལ། དེ་ནི་མངོན་པར ་འདུ་བྱེད་པ་པོ་དང། སོ་སོར་མྱོང་བར་བྱེད་པ་པོ་ཡང་ཡིན་ཞིང། དེ་ནི་གསོད་པ་དང་གནོད་པ་དང། རེག་པ་དང་བཅིང་བ་དང་གྲོལ་བར་ཡང་འགྱུར་རོ། །དེའི་ཕྱིར་བདག་རང་གི་ངོ་བོས་ཡོད་དོ་ཞེས་འཛིན?་ཏོ། །ཡང་ཅི་བདུག་འདི་ཚེ ་རབས་གཞན་དུ་ལུས་ཀྱི་ཁྱད་པར་གྱི་རྣམ་པར་འགྱུར་བའི་རྗེས་སུ་བྱེད་དམ། །འོན་ཏེ་མ་ཡིན། གལ་ཏེ་རྗེས་སུ་མི་བྱེད་ན་ནི་དེའི་ཚེ་ཅུང་ཟད་ཀྱང་མི་བྱེད་པའི་བདག་ཏུ་བཏགས་པ་འདིས་ཅི་དགོས་ཅི་སྟེ་རྗེས་སུ་བྱེད་ན་ནི་དེའི་ཚེ་ངེས་པར་ཁྱོད་ལ། སྐྱེས་དང་སྐྱེ ་བར་སྐྱེས་བུ་ནི། །ལུས་བཞིན་རྣམ་པར་འགྱུར་པར་འགྱུར། །དེའི་ཕྱིར། ཁྱོད་ཀྱི་དེ་ལ་ལུས་ལས་གཞན། །ཉིད་དང་རྟག་ཉིད་མི་རིགས་སོ། །འདི་ནི་ལུས་ལས་གཞན་མ་ཡིན་ཏེ། །ལུས་ཀྱི་རྣམ་པར་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་ཏེ། ལུས ་ཀྱི་ཕྱོགས་ཅིག་བཞིན་ནོ། །རྟག་པ་ཡང་མ་ཡིན་ཏེ། ལུས་ལས་གཞན་མ་ཡིན་པའི་ཕྱིར་ལུས་ཀྱི་རང་གང་གི་བདག་ཉིད་བཞིན་ནོ། །དེའི་ཕྱིར་བདག་ཏུ་སྒོ་འདོགས་པར་མི་རིགས་ཏེ། དེས་ནི་འདུ་བྱེད་སྐད་ཅིག་རེ་རེར་འཇིག་པའི་ངང་ཅན་རྣམས་ལ་གནས་པ་མེད ་པས། ལས་ཀྱི་འབྲས་བུ་མྱོང་བར་བྱ་བའི་ཕྱིར་བདག་རྟག་པར་རྟོགས་སོ། །གང་གི་ཚེ་བདག་རྟག་པ་དེ་མི་རིགས་པ་དེའི་ཚེ་དེས་པ་འདིས་འདུ་བྱེད་ཀྱི་རྒྱུན་སྐད་ཅིག་རེ་རེར་འཇིག་པ་ཁོ་ན་ལ་ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཁས་བླང་བར ་བྱའོ། །འདིར་སྨྲས་པ། གལ་ཏེ་བདག་རང་གི་ངོ་བོས་གྲུབ་པར་མི་འགྱུར་ན་ནི་དེའི་ཚེ་ལུས་ཀྱི་གཡོ་བ་བསྐུམ་པ་དང་རྐྱོང་བ་ལ་སོགས་པ་རྣམས་ཀྱི་འཇུག་པ་པོར་གང་ཞིག་འགྱུར། སྐུལ་བ་པོ་མེད་པའི་ཤིང་རྟ་ནི་རྒྱབ་ཡང་མ་ཡིན་ཏེ། དེའི ་ཕྱིར་གདོན་མི་ཟ་བར་ཤིང་རྟའི་སྐུལ་བ་པོ་ལྷ་སྦྱིན་ལྟར་ལུས་ཀྱི་གཡོ་བའི་རྒྱུ་ནང་གི་བྱེད་པའི་སྐྱེས་བུ་འགའ་ཞིག་ཁས་བླངས་པར་བྱའོ། །འདི་ཡང་མི་རིགས་སོ། །ཞེས་བསྟན་པོའི་ཕྱིར་བཤད་པ། རེག་དང་མི་ལྡན་དངོས་པོ་ལས?། ། ་བསྐུལ་བ་ཞེས་བྱ་མི་སྐྱེ་སྟེ། དེ་ཕྱིར་ལུས་ཀྱི་དབྱེ་བ་ལ། །སྲོག་ནི་བྱེད་པ་པོར་མི་འགྱུར། །ཤིང་རྟ་ནི་རེག་པ་དང་མི་ལྡན་པའི་དོན་འགས་ཀྱང་བསྐུལ་བར་མི་ནུས་ཏེ། རེག་པ་དང་ལྡན་པ་ཁོ་ནས་དེ་བསྐུལ་བའི་ཕྱིར། ཁྱེད་ཅག་གིས་ཡོངས་སུ་བརྟགས་པའི་བདག་ཀྱང ་རེག་པ་དང་མི་ལྡན་པ་ཞིག་སྟེ། དུས་ལྟར་ལུས་མེད་པའི་ཕྱིར་ཅི་ལ་ཡང་མི་རེག་ཅིང་དོན་འགའ་ཞིག་གིས་རེག་པ་ཡང་མ་ཡིན་ནོ། །གང་གི་ཚེ་འདི་དེ་ལྟར་ཡིན་པ་དེའི་ཚེ། གང་ལས་ལུས་ཀྱི་གཡོ་བའི་རྒྱུ་ཉིད་ཀྱིས་འདི་ཡོད་པ་ཉིད་དུ་རྗེས་སུ་དཔོག་པར ་འགྱུར་བ་རེག་པ་དང་མི་ལྡན་པའི་དངོས་པོ་འདི་ལས་བསྐུལ་བ་སྟེ། སྦོད་པ་འབྱུང་བར་ཇི་ལྟར་འགྱུར། །གཞན་ཡང་བདག་འདི་ནི་ཕྱོགས་མེད་པའི་ཕྱིར་རེག་པ་དང་མི་ལྡན་ནོ། །གང་ཞིག་ཕྱོགས་མི་ལྡན་པ་དེ་ལ་ནི་སྦྱོར་བ་ཡོད་པ་མ་ཡིན་ནོ། །སྦྱོར་བ ་དང་བྲལ་བ་ལ་ནི་བསྐུལ་བ་ཡོད་པ་མ་ཡིན་པས་བྱ་བ་དེ་དང་ལྡན་པ་ཉིད་ཀྱིས་དེ་ཡོད་པ་ཉིད་དུ་ཁས་བླང་བར་མི་རིགས་སོ། །གལ་ཏེ་དེ་ཁོ་ན་ལྟར་སེམས་ལ་ཡང་ལུས་ཀྱི་གཡོ་བའི་རྒྱུ་ཉིད་མི་རིགས་པའི་ཕྱིར་ཁྱོད་ལ་ཡང་ཉེས་པ་འདིར་འགྱུར་བ་མ་ཡིན་ནི། ་སེམས་མ་གཏོགས་པར་འགོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་དེ་ཕྱིར་ལས་ཀུན་ལ། །ཡིད་ནི་ངོན་པོར་བརྗོད་པར་བྱ། །ཞེས་གོང་དུ་སྨྲས་པ་ཡང་ཡིན་ནོ། །དེའི་ཕྱིར་སྐྱོན་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་སུན་འབྱིན ་པ་འདི་ནི་མི་རིགས་སོ། །ཞེ་ན་བཤད་པར་བྱ་སྟེ། ཁོ་བོས་ནི་སེམས་རེག་པ་དང་མི་ལྡན་པ་ཉིད་དུ་ཁས་མ་བླངས་སོ། །འདི་ལྟར། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་རེག་པའི་མཚན་ཉིད་ཅན་སེམས་ལས་བྱུང་བའི་ཆོས་རེག་པ་ཡོད ་པའི་ཕྱིར་རྣམ་པར་ཤེས་པ་ལུས་དང་ལྡན་པ་ཁོ་ན་ཡིན་ཞིང་ལུས་ཀྱི་གཡོ་བའི་རྒྱུ་ཡིན་ནོ། །ཁྱོད་ཀྱིས་ནི་དེ་ལྟར་བདག་རེག་པ་དང་ལྡན་པར་ཁས་བླངས་པས་མི་མཚུངས་སོ། །ཡང་ན་ཁོ་བོས་སེམས་དངོས་པོ་མཛའ་དག་སྐྱེ་བའི་རྒྱུ་ཉིད་དུ་ཁས་བླངས ་པའི་ཕྱིར་ངེས་ཀུན་ནས་བསད་པའི་རླུང་གི་ཁམས་རེག་པ་དང་ལྡན་པ་ཡིན་ལ། དེས་བསྐུལ་བ་ན་ལུས་དེ་ལྟ་དེ་ལྟར་སྐྱེས་པས་གཡོ་བ་ཡིན་ནོ། ཞེས་བྱ་བར་རིགས་སོ། །འདིར། འདུན་པའི་རྩོལ་བའི་འདུ་བྱེད་ལས། སྐྱེས་པའི་རླུང་ཅན ་ཡུལ་གཞན་དུ། །རྣམ་ཆད་མེད་པར་སྐྱེ་བ་ནི། །འགྲོ་བ་པོ་ཡི་མར་མེ་བཞིན། །ཞེས་ཀྱང་བཤད་དོ། །ཅིས་ཏེ་ཁྱད་པར་འདི་བདག་ལ་ཡང་རྟོག་ན་ནི་དེའི་ཚེ་འདི་སྐད་ཅིག་མ་ཉིད་དུ་ཁས་བླང་བར་བྱ་སྟེ། རྟག་པ་ལ་རྣམ་པར་འགྱུར་བ་མེད་པ་ཉིད་ཀྱིས་ཁྱད ་པར་རྣམ་པ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཁོ་ན་བདག་ཅེས་བྱ་བར་འགྱུར་བས་བདག་རྟག་པ་མ་ཡིན་ནོ། །ཡང་གལ་ཏེ་བདག་འདི་རྟག་པར་འགྱུར་ན་ནི། དེ་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་མི་འཚེ་བའི་བདག་ཉིད་ཅན་གྱི་ཆོས་ཉེ་བར་སྟན་པར ་མི་འགྱུར་ཏེ་ནམ་མཁའ་བཞིན་ནོ། །མཚོན་རྣོན་པོ་དང་མེ་དང་དུག་དང། ཐོག་བབས་པ་རྣམས་ཀྱིས་ནི་དེའི་སྤུ་ཡང་འགུལ་པར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་བཤད་པ། མི་འཚེ་བ་དང་བདག་རྟག་པ། །འདི་ལ་རྒྱུ་ནི་ཅི་འོད་སྙམ། །རྣམ་པ་ཀུན་དཱུང་ཤིང་སྲིན? ་ལས་སོ། །རྡོ་རྗེ་བསྲུང་བྱར་མི་འགྱུར་རོ། །གནོད་པར་དོགས་པ་མེད་པའི་རྡོ་རྗེ་ནི་ཤིང་གི་སྲིན་བུ་ལས་ཡོངས་སུ་བསྲུང་པར་མི་རྩོམ་མོ། །དེ་བཞིན་དུ་བདག་རྟག་པར་ཡོད་ན་ནི་མི་འཚེ་བའི་བདག་ཉིད་ཅན་གྱི་ཆོས་མི་རིགས་ན་མི་འཚོ་བའི་བདག་ཉིད ་ཅན་གྱི་ཆོས་འདི་ནི་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་རྟག་པའི་བདག་ཁས་མི་བླང་བ་འམ། ཡང་ན་རྒྱུ་གཞན་ཞིག་བརྗོད་པར་བྱ་དགོས་ན། དེ་ཡང་མ་བརྗོད་པས་འདི་ནི་མི་རིགས་སོ། །འདིར་སྨྲས་པ། བདག་ནི་རྟག་པ་ཁོ་ན་སྟེ། སྐྱེ་བ་དྲན་པ་ཡོད་པའི ་ཕྱིར་རོ། །འདུ་བྱེད་སྐྱེས་མ་ཐག་ཏུ་འཇིག་པའི་དང་ཅན་རྣམས་ལ་ནི་ཚེ་རབས་གཞན་དྲན་པར་མི་རིགས་སོ། །སྐྱོ་བ་གཞན་གྱི་འདུ་བྱེད་རྣམས་ནི་གང་དུ་སྐྱེས་པ་ཉིད་དུ་འཇིག་ལ། འདིར་ནི་གཞན་དག་ཅིག་ཁོ་ན་སྐྱེ་བ་ཡིན་ནོ། །དེའི་ཕྱིར། ་བདག་འདས་པའི་དུས་ན་སྐྱེ་བ་འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་སྙམ་དུ་སྐྱེ་བ་དྲན་པར་མི་རིགས་སོ། །བདག་རྟག་པ་ཡོད་ན་ནི་དེ་ཉིད་ཆེ་རབས་གཞན་དུ་རྒྱུ་བའི་ཕྱིར་རྗེས་སུ་དྲན་པར་རིགས་སོ། །འདི་ཡང་མ་ངེས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། ་སྐྱེ་པ་དྲན་པ་ཡོད་པའི་ཕྱིར། །གལ་ཏེ་ཁྱོད་ཀྱི་བདག་རྟག་ན། །སྔོན་བྱས་པ་ཡི་རྨ་མཐོང་ནས། །ཁྱོད་ཀྱི་ལུས་ཀོ་ཅིས་མི་རྟག། འདི་ན་ཚེ་རབས་གཞན་དག་ཏུ་མཚོན་ཆ་ལ་སོགས་པས་བསྣུན་པ་ལས་བྱུང་བའི་རྨའི་སྲོལ་རྣམས་དེ་ལྟ་བུས་ཉེ་བར ་མཚན་པའི་ལུས་ཅན་ལ་ལ་དག་རྣམ་པར་འཇིག་ཅིང། དེ་ལྟར་མངོན་པར་མཚོན་པའི་ལུས་དང་ལྡན་པ་ཁོ་ནར་འགྱུར་ཏེ་སྐྱེ་བ་དང་རྗེས་སུ་དྲན་པ་ན་ཇི་ལྟར་ཉམས་སུ་མྱོང་བ་ལྟར་ཚེ་རབས་གཞན་གྱིས་བྱུང་མཛའ་སྟོན་པར་ལྷུང་བྱེད་པ་དམིགས་སོ ་དེའི་ཕྱིར་སྐྱེ་བ་དྲན་པ་ཡོད་པས་བྱས་པའི་བདག་རྟག་པ་ཉིད་དུ་ཡོངས་སུ་རྟག་པ་ལྟར་དེ་དག་གི་ལུས་རྟག་པ་ཉིད་དུ་བརྟག་པར་བྱ་དགོས་ན་འདི་ནི་དེ་ལྟར་ཡང་མ་ཡིན་པས་དེ་ཡོད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་དག་དེ་ཉིད་དང... ་གཞན་ཉིད་དུ་རྟོག་པ་སྤངས་ཤིང། རྒྱུའི་ཁྱད་པར་གྱིས་གསལ་བར་གྱུར་པ་འདུ་བྱེད་ཀྱི་རྒྱུན་ནི་མི་རྟག་པ་ཁོ་ནར་ཡོད་ན་ནི་དེའི་ཉེ་བར་ལེན་པ་ཅན་བཏགས་པར་ཡོད་པའི་བདག་གིས་སྐྱེ་བ་རྗེས་སུ་དྲན་ནོ། ཞེས་བྱ་བར་རིགས་སོ། །དངོས་པོ་རྣམས ་ན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་སྟེ་དེ་རྣམས་ལ་རྣམ་པ་དེ་ལྟ་བུའི་རྐྱེན་ཉེ་བར་ལྷགས་པ་ཡོད་དང་གཞན་དུ་འགྱུར་བ་ཉིད་མི་རིགས་པ་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་རྒྱུ་ཅན་བྱ་བའི་ཁྱད་པར་བསམ་གྱིས་མི ་བྱ་པ་བ་ཡོངས་སུ་བརྟག་པར་བྱའོ། །འདི་ལྟར་འདམ་བཞིན་དུ་ཞོའི་སྣོད་ཁང་པའི་ནང་ན་གནས་པ་དག་ལ་རྩ་ཐོག་ཆེ་མང་པོས་གཡོགས་པའི་སྟེང་ནས་གནས་པའི་ཕུག་རོན་སྐྱ་པོའི་རྐང་རྗེས་དམིགས་མོད་ཀྱི། དེའི་རྐང་པ་ཞུགས་པ་ནི་ཅི་ནས་ཀྱང ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་བཤད་པ་དང་འཆད་པར་འགྱུར་པའི་རིགས་པས་མི་འཐད་པའི་འདུས་བྱས་རང་བཞིན་མེད་ཅིང་མིག་འཕྲུལ་དང་འདྲ་བ་འདིའི་སྙིང་པོ་དང་མི་ལྡན་པ་ཉིད་ཀྱིས་ཆོག་གོ་།འདི་ལ་སྙིང་པོ་དང ་མི་ལྡན་པ་ཉིད་ཁས་བླངས་པ་ལྟར་དངོས་པོ་ཡོད་པ་ཉིད་དུ་ཁས་བླང་བར་བྱ་བར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་གདོན་མི་ཟ་བར་འཐད་པ་ལ་བལྟོས་པའི་ཕྱིར་རོ། །དེ་ནི་ཇི་ལྟའམ་དེ་ལྟའང་རུང་སྟེ་ཁས་བླང་བར་བྱ་བར་ནུས་པ་མ་ཡིན ་ཏེ། གཞན་དག་གིས་དེ་མི་བསླུ་བ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་དྲན་པ་ལྟར་རྨ་དང་བཅས་པའི་ལུས་གཞན་གྱི་རྒྱུ་ཅན་གྱི་ལུས་སྔོན་བྱས་པའི་རྨས་ཉེ་བར་མཚོན་པ་རྣམ་པ་དེ་ལྟ་བུའི་ལས་ཀྱི་བྱེ་བྲག་གི་རྐྱེན་ཅན་ཉེ་བར ་སྐྱེའོ། །ཞེས་བྱ་བ་མི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་དྲན་པ་ཡོད་པ་འདི་ལས་བདག་རྟག་པ་ཉིད་དུ་མི་རིགས་ཏེ། ལུས་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཇི་ལྟར་བདག་འདིས་སྐྱེ་བ་དྲན་ནོ། ཞེས་བྱ་བར་རྟོག ་གལ་ཏེ་རང་གི་ངོ་བོ་ཁོ་ནས་ཡིན་ན་ནི་དེ་མི་རིགས་ཏེ། དེ་ནི་མི་རྟོག་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །ཅི་སྟེ་སེམས་པ་ཅན་དང་ལྡན་པ་ལས་ཡིན་ནོ་སྙམ་དུ་རྟོག་པ་ན་དེ་ཡང་མི་རིགས་ཏེ། རང་གི་ངོ་བོ་བཏང་བར་ཐལ་བར་འགྱུར་བའི ་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། །སེམས་པ་ཅན་དང་ལྡན་བདག་ཀྱང། །གལ་ཏེ་ཤེས་པ་ཉིད་ཡིན་ནོ། །དེ་ཡིས་སེམས་པ་ཅན་སེམས་པ། །མིན་ཞིང་སྐྱེས་བུ་རྟག་མི་འགྱུར། །གལ་ཏེ་བློ་ལ་སོགས་པ་རྣམས་ནི་བདག ་གི་ཡོན་ཏན་ཡིན་ཞིང་དེ་རྣམས་དང་ལྡན་པས་བདག་ཡོན་ཏན་གྱི་རྗེས་སུ་མཐུན་པར་འཇུག་ཅིང། དངོས་པོ་རྣམས་ཀྱང་རང་བཞིན་མི་འདོར་བ་ཡིན་ལ། དེ་རྣམས་དོན་གཞན་དང་འབྲེལ་པ་ལས་བྱ་བའི་ཁྱད་པར་དང་ལྡན་པར་གྱུར་ན་ནི་འོ་ན ་དེ་རྣམས་ལ་ཁྱད་པར་སྔར་ཡོད་པ་མ་ཡིན་པར་རྣམ་པར་འགྱུར་རོ། །རྣམ་པར་འགྱུར་པ་དང་ལྡན་པ་རྣམས་ལ་ནི་རང་གི་ངོ་བོ་ཡོད་པ་ཡང་མ་ཡིན་པས་ཁྱོད་ཀྱི་བདག་རང་བཞིན་མེད་དེ། རི་མོ་ལ་སོགས་པ་བཞིན་དུ་རྣམ་ཡང་འགྱུར་བ་དང་ལྡན་པའི་ཕྱིར་རོ།། ་གཞན་ཡང་ཇི་ལྟར་སེམས་པ་ཅན་ཉིད་དང་ལྡན་པས་བདག་སེམས་པ་ཅན་དུ་འགྱུར་བ་དེ་བཞིན་དུ་སེམས་པ་ཅན་མ་ཡིན་པའི་བདག་དང་ལྡན་པ་སེམས་པ་ཅན་ཡང་སེམས་པ་ཅན་མ་ཡིན་པར་ཅིའི་ཕྱིར་མི་འགྱུར། དེའི་ཕྱིར་འདི་ལ་སྐྱེ་བ་དྲན་པ་ཉིད ་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སེམས་པ་ཅན་ཉིད་ཀྱང་མི་རིགས་པའི་ཕྱིར་རྟག་པའམ་མ་ཡིན་པས་བདག་ལ་རྟག་པ་ཉིད་ཡོད་པ་མ་ཡིན་ནོ། །གཞན་ཡང་བདག་འདི་ཇི་ལྟར་སེམས་དཔའ་ཅན་ཉིད་དང་ལྡན་པས་སེམས་པ་དེ་བཞིན་དུ་བདེ ་བ་དང་སྡུག་བསྔལ་ལ་སོགས་པ་དང་ལྡན་པས་སྔར་གྱི་རང་གི་ངོ་བོ་ཉམས་པའི་ཕྱིར་ཁྱད་པར་དེ་དང་དེ་འཐོབ་པར་འགྱུར་ཏེ། དེའི་ཕྱིར་འདི་མི་རྟག་པ་ཉིད་དུ་འགྱུར་ཞེས་བསྟན་པའི་ཕྱིར་ཨབཤད་པ། བདེ་བ་ལ་སོགས་དང་ལྡན་སྲོག། བདེ ་སོགས་བཞིན་དུ་སྣ་ཚོགས་མཐོང། །དེ་ཕྱིར་བདེ་ལ་སོགས་བཞིན་ཏེ། །རྟག་པ་ཉིད་དཱུང་མི་རུང་ངོ། །གལ་ཏེ་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་དག་ཏུ་འདི་ལ་ཁྱད་པར་འགའ་ཡང་མེད་ན་ནི་དེ་དག་ཕན་ཚུན་ཐ་དད་པར་མི་འགྱུར་ཏེ། དེའི ་ཕྱིར་བདག་གི་ཡོན་ཏན་འདི་རྣམས་ཐ་དད་པར་མི་འགྱུར་རོ། དེའི་ཕྱིར་གདོན་མི་ཟ་བར་བདག་འདིས་བདེ་བ་ལ་སོགས་པ་སྣ་ཚོགས་པའི་ཨརྗེས་སུ་བྱེད་པར་བྱ་དགོས་ལ། དེའི་རྗེས་སུ་བྱེད་པ་ཉིད་ཀྱང་བདེ་བ་ལ་སོགས་པ་ཁོ་ན་ལྟར་འདི་རྟག་པ་ཉིད་དུ་ཡང ་མི་རིགས་སོ། །འང་གི་སྒྲས་ནི་བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་དང་གཅིག་པུ་ཉིད་ལ་སོགས་པ་ཐམས་ཅད་སེལ་བར་བྱེད་དོ། །ཡང་གཞན་དག་ནི་གང་གི་ལྟར་ན་སྐྱེས་བུ་སེམས་པ་ཅན་མ་ཡིན་པ་དེ་ལ་ཉེས་པ་འདིར་འགྱུར་གྱི་ཁོ་བོ་ཅག་གི་ལྟར་ན་ནི་སྐྱེས་བུ་ཤེས ་པ་ཡོད་པའི་རང་བཞིན་ཡིན་པའི་ཕྱིར་མི་འདོད་པ་ཅི་ཡང་མེད་དོ། །ཞེས་སྨྲའོ། །དེའི་ལུག་ཀྱང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གལ་ཏེ་ཤེས་པ་མོད་རྟག་ན། །བྱེད་པ་ལོག་པར་འགྱུར་བ་སྟེ། །གལ་ཏེ་མེན ་རྟག་འགྱུར་ན། །བུད་ཤིང་གིས་དོན་ཡོད་མི་འགྱུར། །འདི་གང་གི་ཚེ་མིག་ལ་སོགས་པ་བྱེད་པར་གྱུར་པ་རྣམས་ཀྱི་འཇུག་པ་དག་གཟུགས་ལ་སོགས་པའི་དོན་རྣམས་ལ་འབབ་པ་དེའི་ཚེ་གཟུགས་ལ་སོགས་པའི་བློ་གཟུགས་ལ་སོགས་པའི ་རྣམ་པས་རྗེས་སུ་བསྒྱུར་བ་རྣམས་ཉེ་བར་སྐྱེ་ཞིང་བློས་ཞེན་པར་བྱས་པའི་དོན་དེ་ཡང་སྐྱེས་བུས་སེམས་པར་བྱེད་དོ། །ཤེས་པ་ཡོད་པ་ཉིད་ཀྱང་ཡུལ་རྟོག་པའི་རང་གིང་བོ་ཡིན་ལ་སྐྱེས་བུ་དེ་ཡང་དེ་ལས་ཐ་མི་དད་པའི་རང་གི་ངོ་བོ་དང། རྟག་པ་ཡིན ་ཡིན་ཏེ། རྟག་ཏུ་ཉེ་བའི་ཕྱིར་རོ། །སྐྱེས་བུའི་རང་གི་ངོ་བོ་ལས་ཐ་མི་དད་པར་གནས་པའི་ཕྱིར་ཤེས་པ་ཡོད་པ་ཉིད་ཀྱང་རྟག་ཏུ་ཉེ་བ་ཡིན་ནོ། །དའི་ཕྱིར་འདི་ལ་མིག་ལ་སོགས་པའི་བྱེད་པ་དགོས་པ་མེད་པའི་ཕྱིར་དོན་མེད་པར་འགྱུར་རོ། །གལ་ཏེ ་མིག་ལ་སོགས་པ་རྣམས་མེད་ན་དེ་རྣམས་ཀྱི་འཇུག་པ་དག་མེད་པར་འགྱུར་ལ་དེ་མེད་པས་ཀྱང་བློ་མེད་ཅིང་བློ་མེད་པས་ཀྱང་ཤེས་པ་ཉིད་མེད་པར་འགྱུར་ན་ནི་དེའི་ཚེ་དགོས་པ་དང་བཅས་པའི་ཕྱིར་དེ་ལས་བཟློག་པའི་སྒོ་ནས་མིག་ལ་སོགས་པ་བྱེད་པར ་རིགས་པར་འགྱུར་ན། གང་གི་ཚེ་ཇི་སྐད་སྨྲས་པའི་ཚུལ་ལ་བལྟོས་པ་མེད་པ་ཁོ་ནས་ཤེས་པ་ཡོད་པ་ཉིད་རྟག་པ་ཡོད་པ་དེའི་ཆེ་ནི་བྱེད་པ་ལ་སོགས་པར་འགྱུར་བ་སྟེ། གང་གི་ལྟར་ན་བུད་ཤིང་མེད་པར་མེ་མི་འབྱུང་ཞིང་ཡོད་ན་ནི་འབྱུང་བ་དེའི་ལྟར་ན་ནི་བུང?་ཤིང ་ཚོལ་བར་རིགས་ན་གང་གི་ལྟར་ན་མེ་རྟག་པ་ཡོད་དོ། །ཞེས་བྱ་བ་ཁས་ལེན་པ་དེ་ལྟ་ན་བུད་ཤིང་ཉེ་བར་སོགས་དགོས་པ་མེད་པ་ཁོ་ན་སྟེ་འདི་ནི་དེ་དང་འདྲའོ། །དེའི་ཕྱིར་འདིའི་ཆེན་པོ་ལ་སོགས་པ་རྣམ་པར་འགྱུར་བའི་ཚོགས་ཀྱིས་འཇུག་པའི་འབྲས་བུ ་མེད་པ་ཉིད་ཀྱིས་འདིའི་བསྟན་བཅོས་སུ་ལོ་རྒྱུས་བྱེད་པའི་ངལ་བདོན་མེད་པ་ཁོ་ནར་རྟོགས་སོ། །ཅི་སྟེ་སྐྱེས་བུ་ནི་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པའི་ངོ་བོ་ཡིན་ལ། དེ་མིག་ལ་སོགས་པ་བྱེད་པའི་བྱ་བའི་རྒྱུ་ཅན་བློ་མངོན་པར་གསལ་བ་ལས་ཤེས་པ ་ཡོད་པ་ཉིད་འཇུག་པས་མངོན་པར་གསལ་པར་འགྱུར་རོ། །སྐྱེས་བུ་ནི་ཉེ་བར་ལོངས་སྤྱོད་པ་པོ་ཡིན་ལ། དེ་ཡུལ་ཉེ་བར་ལོངས་སྤྱོད་པའི་བྱ་བ་མངོན་པར་གྲུབ་པས་ཡུལ་ལ་སེམས་པར་བྱེད་དོ། །དེའི་ཡུལ་ཉེ་བར་ལོངས་སྤྱོད་པའི་བྱ་བ་དེ་ནི་ཤེས་ཡོད? ་ཉིད་འཇུག་པའི་བདག་ཉིད་ཅན་གྱི་བྱ་བ་ཡིན་ལ་དེ་ཡང་མིག་ལ་སོགས་པ་བྱེད་པའི་ཚོགས་མེད་པར་མི་འབྱུང་བའི་ཕྱིར་རྣམ་པར་འགྱུར་བའི་ཚོགས་འདི་དོན་མེད་པ་ཉིད་དུ་ག་ལ་འགྱུར་སྙམ་ན་བཤད་པར་བྱ་སྟེ། གལ་ཏེ་ཤེས་པ་ཡོད་པ་ཤེས་པ ་ཡོད་པ་ཉིད་ཀྱི་འཇུག་པའི་རང་གི་ངོ་བོ་ཡིན་ལ་དེ་ཡང་བྱ་བའི་རང་བཞིན་ཅན་ཡིན་ན་ནི་དེའི་ཚེ་འདིའི་བྱ་བའི་ཆོས་ལས་མི་འདའ་བར་འགྱུར་དགོས་སོ། །བྱ་བ་རྣམས་ཀྱི་ཆོས་ཀྱང་གང་ཞིག་ཅེ་ན། རྫས་ལ་བརྟེན་པ་ཉིད་དང་གཡོ་བ་ཉིད་དོ། །འདི་ལྟར ་རྫས་ནི་བྱ་བ་ཇི་བཞིན་དུ། །འཇིག་པའི་བར་དུ་གཡོ་བ་མེད། །བྱ་བ་ནི་རྫས་ཀྱི་བྱེད་པའི་རང་བཞིན་ཡིན་ཏེ། དེ་ནི་སྐྱེས་པ་ནས་བཟུང་སྟེ་འཇིག་པའི་བར་དུ་གཡོ་བ་ཡིན་ནོ། །འདི་ལྟར་ཤིད་ལ་སོགས་པ་རླུང་ལ་སོགས་པ་ཉེ་བར་ལྷགས་པ་མེད ་པར་བྱ་བ་མི་རྩོམ་པ་རྣམས་སྐྱེས་ནས་འཇིག་པའི་བར་ནི་རྣམ་པར་མི་གཡོ་བར་སྡོང་ལ། འདི་རྣམས་ཀྱི་འགུལ་བའི་བྱ་བ་རླུང་ལ་སོགས་པའི་རྐྱེན་ལས་བྱུང་བ་ནི་མ་ཞིག་བར་དུ་གཡོ་བ་ཉིད་ལས་མི་འདའ་ཨོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་ན་སྐྱེས ་བུ་ཡོད་ཅེས་པ། །ཡོད་པ་མེད་ཅེས་བྱ་བར་མི་རིགས་སོ། །ཇི་ལྟར་ཤིང་ལ་སོགས་པ་རྣམས་གཡོ་བའི་བྱ་བ་རྩོམ་པའི་སྔ་རོལ་གྱི་གནས་སྐབས་ན་རྫས་ཀྱི་རང་བཞིན་ཤིང་ལ་སོགས་པའི། །བདག་ཉིད་དུ་དམིགས་པ་དེ་བཞིན་དུ་སྐྱེས་བུ་ནི་མ ་ཡིན་ནོ། །དེ་ནི་ཤེས་པ་ཡོད་པ་ཉིད་ཀྱང་རང་བཞིན་ཡིན་པའི་ཕྱིར་དང། དེ་ལས་ཐ་དད་པའི་རྫས་ཀྱི་རང་བཞིན་མེད་པའི་ཕྱིར་ཤེས་པ་ཡོད་པ་དང་བྲལ་བའི་བདག་ཉིད་དུ་ཡང་ཡོད་པ་ཡིན་ནོ། ཞེས་བྱ་བར་རྟག་པར་མི་ནུས་སོ། །དེའི ་ཕྱིར་སྐྱེས་བུ་ཡོད་ཀྱི་ཤེས་པ་ཡོད་པ་ཉིད་ནི་མ་ཡིན་ནོ། །ཞེས་བྱ་བ་མི་རིགས་སོ། །གང་ཡང་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཡོད་པའི་ཕྱིར་དེའི་ཚེ་སྐྱེས་བུ་ཡོད་པ་ཉིད་དུ་རྟོག་པ་དེ་ཡང་མི་རིགས་ཏེ། རྟེན་མེད་པའི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། ། ་ཇི་ལྟར་ཤེས་པ་ཡོད་པ་ཉིད་འཇུག་པའི་གནས་སྐབས་ན་ཤེས་པ་ཡོད་པ་ཉིད་ལས་ཐ་དད་པའི་སྐྱེས་བུ་ནི་མི་སྲིད་པ་དེ་བཞིན་དུ་ནུས་པའི་གནས་སྐབས་ན་ཡང་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཙམ་ལས་ཐ་དང་པའི་སྐྱེས་བུ་ཡོད་པ་མ་ཡིན་ནོ། ། ་དེའི་ཕྱིར་རྟེན་མེད་པའི་ནུས་པ་མེད་ལ། ནུས་པ་མེད་པ་ལས་ཀྱང་ནུས་པ་གསལ་བའི་རང་བཞིན་གྱི་དངོས་པོར་འགྱུར་བ་ལ་ཉེ་བར་མཁོ་བ་ཉིད་ཀྱིས་དམིགས་ལ་སོགས་པ་རྣམས་ཉེ་བར་མཁོ་བ་དང་བཅས་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་མི ་རིགས་པ་ཁོ་ན་སྟེ། དེའི་ཕྱིར་གལ་ཏེ་ཤེས་པ་ཡོད་རྟག་ན། བྱེད་པ་ལོག་པར་འགྱུར་བ་སྟེ། ཞེས་བྱ་བ་འདི་མི་འཆུག་གོ་།གཞན་ཡང་གལ་ཏེ་སྐྱེས་བུ་འདི་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་གསལ་བ་ལས་སྔར་ཤེས་པ་འདིའི་སྔ་རོལ་ན་ཤེས ་པ་ཡོད་པའི་ནུས་པ་ངོ་བོར་འགྱུར་ན་ནི་དེའི་ཚེ། གཞན་དུ་ཤེས་པ་ཡོད་པའི་ཁམས། །མཐོང་ཞིང་གཞན་དུ་ཤེས་ཡོད་དེ། །ཤེས་པ་ཡོད་པ་ལ་ཚུལ་གཉིས་རྟོག་ན་ཁྱོད་ཀྱིས་ཤེས་པ་ཡོད་པ་ལས་གཞན་དུ་སྟེ་ཐ་དད་པ་ཉིད་དུ་ཤེས་པ ་ཡོད་པའི་ཁམས་ཏེ། ཤེས་པ་ཡོད་པའི་ས་བོན་ཤེས་པ་ཡོད་པའི་ནུས་པ་དང་ཤེས་པ་ཡོད་པའི་ནུས་པ་ལས་ཀྱང་གཞན་དུ་སྟེ་ཐ་དད་པར་ཤེས་པ་ཡོད་པ་མཐོང་སྟེ་དེའི་ཕྱིར་ཤེས་པ་ཡོད་པའི་ཁམས་ལས་ཤེས་པ་ཡོད་པ་འབྱུང་བ་ན་ཁམས ་དང་ཡུལ་མཚུངས་པར་འགྱུར་བ་ཞིག་གོ་།དཔེ་བཤད་པ། ལྕགས་ཀྱི་ཞུ་ཉིད་བཞིན། ཞེས་བྱ་བའོ། །འདིར་དཔེར་ན་ལྕགས་ཞུ་བ་ཉིད་དུ་འགྱུར་བ་ན་ལྕགས་ཀྱི་ཡུལ་ལས་ཐ་མི་དད་པའི་ཡུལ་ཅན་དུ་འགྱུར་བ་དེ་དང་འདྲའོ། །ས་བོན་དང་མྱུ་གུ་འགན་མངོན་པར ་འབྱུང་བ་དང་མངོན་པར་མི་འབྱུང་བ་མཐོང་བའི་ཕྱིར་ཡུལ་མཚུངས་པ་ཉིད་མ་ཡིན་ཏེ། སྐྱེས་བུ་ལས་ནི་མངོན་པར་འབྱུང་བ་དང་མི་མངོན་པར་གྱུར་པ་གཉིས་མེད་པས་ཡུལ་མཚུངས་པ་ཉིད་ཡོད་དོ། །དེ་ཉིད་ཀྱི་ཕྱིར་ལྕགས་ཀྱི་ཞུ་ཉིད?་བཞིན་ཞེས་ལྕགས ་ཀྱི་ཞུ་བ་ཉིད་དགེ་གཞན་སྨོས་སོ། །ཤེས་པ་ཡོད་པའི་ནུས་པའི་ངོ་བོ་ལས་ཐ་དད་པར་སྐྱེས་བུའི་ནུས་པ་གསལ་བར་ཡོད་པ་ཡང་མ་ཡིན་ཏེ། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ནུས་པའི་ངོ་བོར་གྱུར་པ་འདི་གསལ་བའི་ངོ་བོར་གྱུར་པ་ན་ལྕགས་ཀྱི ་ཞུ་ཉིད་བཞིན་ན། དེའི་ཕྱིར། སྐྱེས་བུ་རྣམ་པར་འགྱུར་བར་འགྱུར། །རྣམ་པར་འགྱུར་བ་ཉིད་ལས་ཀྱང་ལྕགས་ཁོ་ན་བཞིན་དུ་བདག་ལ་རྟག་པ་ཉིད་མེད་དོ། ཞེས་བྱ་བར་གྲུབ་བོ། །ཡང་གཞན་དག་ནི་ཁོ་བོ་ཅག་ནི་སྐྱེས་བུ་ཤེས་པ་ཡོད་པའི་ངོ་བོར་མ ་ཡིན་ཏེ། འོ་ན་ཅི་ཞེ་ན། ཤེད་ཡོད་ཡིད་ཙམ་ཞིག་ལ་སྟེ། །སྐྱེས་བུ་ནམ་མཁའ་བཞིན་དུ་ཆེ། །སྲོག་ཆགས་ཐམས་ཅད་ལ་ལུས་རེ་རེ་ཞིང་ཡོད་པའི་བདག་ཉིད་ནམ་མཁའ་ལྟར་ཁྱབ་པ་ཡིན་ལ། དེའི་ཡིད་ཙམ་དང་ལྡན་པ་ཤེས་པ་ཡོད་པ་ནི་ཐམས་ཅད ་ལ་ཁྱབ་པ་མ་ཡིན་ནོ། ཡོད་ཀྱང་བདག་གི་ཕྱོགས་རྡུལ་ཕྲ་རབ་ཙམ་ཉིད་ལ་ལྡན་པ་ཞིག་སྟེ། དེས་ན་ཡིད་དང་སྦྱར་ནས་སྐྱེས་བུས་དེ་དང་ཡུལ་ཐ་མི་དད་པའི་ཅན་གྱི་ཤེས་པ་ཡོད་པ་སྐྱེད་པར་བྱེད་དེ་དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་སྨྲས ་པའི་སྐྱོན་གྱི་སྐབས་མེད་དོ། །ཞེས་སྨྲའོ། །བཤད་པར་བྱ་སྟེ། ཡང?་གང་གི་ཕྱིར་ཁྱོད་ཀྱི་སྐྱེས་བུ་ནམ་མཁའ་ལྟར་ཤིན་ཏུ་ཆེ་བ་འདིའི་ཤེས་པ་ཡོད་པ་ཡིད་ཙམ་ལ་ཁས་ལེན་པ། དེའི་ཕྱིར་དེའི་ངོ་བོ་ནི། །ཤེས་པ་ཡོད་པ་ཉིད་མིན་ལྟར་མཐོང། ་དེ་ལྟར་ཡིན་དང་སྐྱེས་བུ་ཤེས་པ་ཡོད་པ་མ་ཡིན་པ་ཁོ་ནར་འགྱུར་ཏེ། རྡུལ་ཕྲ་རབ་ཙམ་གྱི་ཕྱོགས་དང་ཤེས་པ་ཡོད་པ་དང་འབྲེལ་བས་སྐྱེས་བུ་ཤེས་པ་ཡོད་པ་དང་བཅས་པ་ཡིན་ནོ། །ཞེས་བརྗོད་པར་མི་ནུས་སོ། །རྡུལ ་ཕྲ་རབ་ཙམ་དང་ལན་ཚྭ་དང་འབྲེལ་པས་གངྒཱའི་ཀླུང་གི་ཆུ་ལན་ཚྭ་དང་བཅས་སོ་སྙམ་དུ་བསམ་པར་ནུས་པ་ནི་མ་ཡིན་ཏེ། འདི་ནི་དེ་དང་འདྲའོ། །བདག་ནི་རྫས་ཡིན་ཞིང་ཤེས་པ་ཡོད་པ་ནི་ཡོན་ཏན་གྱི་ངོ་བོ་ཡིན་ཏེ། དེ་གཉིས་ཕན་ཚུན་ཐ ་དོད་པས་སྐྱེས་བུ་ནི་ཤེས་པ་ཡོད་པ་མ་ཡིན་པའི་ངོ་བོ་ཁོ་ན་ཞིག་གོ་།ཤེས་པ་ཡོད་པ་མ་ཡིན་པ་དེ་ལ་ནི་བུམ་པ་ལྟར་བདག་ཉིད་དུ་རྟག་པར་རིགས་པ་ཡང་མ་ཡིན་པས་བདག་མི་འཐད་དོ། །ཡང་གལ་ཏེ་བདག་འདི་སེམས་ཅན་རེ་རེ་ཞིང་ཐམས ་ཅད་དུ་ཡོད་པར་འགྱུར་ན་ནི་དེའི་ཚེ། གལ་ཏེ་བདག་ཀུན་ལ་ཡོད་ན། །གཞན་གྱིས་དེར་རང་ཅིས་མི་རྟོགས། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་ན་བདག་ནམ་མཁའ་ལྟར་ཐམས་ཅད་དུ་འགྲོ་ཞིང་ཐམས་ཅད་དུ་ཁྱབ་པར་འགྱུར་ན་ནི་དེའི་ཚེ་སེམས་ཅན ་གཞན་ལ་ཡོད་བདག་གི་བདག་ཡོད་པས་བདག་ཉིད་ཀྱི་བཞིན་དུ་དེར་དེ་ལ་ངར་འཛིན་པ་ཅི་སྟེ་མི་འབྱུང། གལ་ཏེ་བདག་ལྟར་གཞན་ཡང་བདག་གི་བདག་ལ་དར་འཛིན་པར་འགྱུར་ན་ནི། དེ་ལྟར་ན་དེ་ཐམས་ཅད་ཡོད་པ་ཉིད་དུ་རིགས་པ ་ཞིག་གོ་།གཞན་གྱི་ལུས་དེ?་གཞན་གྱི་བདག་གིས་ཐ་དད་གི་བདག་བསྒྲིབས་པར་རིག་པ་ཡང་མ་ཡིན་ནོ། །གཞན་གྱི་བདག་གི་ཡུལ་ན་བདག་གི་བདག་མེད་པ་ནི་མ་ཡིན་ཏེ། བདག་ཉིད་ཐམས་ཅད་ཀྱི་ཁྱབ་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། ། ་གང་གི་ཚེ་ཡུལ་མཚུངས་པ་ཉིད་ཡིན་པ་དེའི་ཚེ་ངེས་དེ་ལ་སྒྲིབ་པར་བརྗོད་པར་མི་ནུས་སོ། །ཞེས་བསྟན་པའི་ཕྱིར་བཤད་པ་དེ་ཉིད་ཀྱིས་ནི་དེ་ཉིད་ལ། །སྒྲིབ་ཅེས་བྱ་བར་མི་འཐད་དོ། །ཡུལ་མཚུངས་པའི་ཕྱིར་རང་གི་བདག་གི་ངོ་བོ་ལྟར་བའི? ་གི་བདག་གིས་གཞན་གྱི་བདག་ལ་སྒྲིབ་པ་ཡོད་པ་མ་ཡིན་པས་གཞན་གྱི་བདག་ཀྱང་ངར་འཛིན་པའི་ཡུལ་ཉིད་དུ་ཐལ་བར་འགྱུར་ན། དེ་ལྟར་ཡང་མ་ཡིན་པས་བདག་ཐམས་ཅད་ན་ཡོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ལུགས་གཉི་ག་ལྟར་ཡང་བདག་ཡོད ་པ་ཉིད་དུ་མི་རིགས་སོ། །ཞེས་བསྟན་ནས་ཡོན་ཏན་རྣམས་ཀྱང་འགྲོ་བ་མཛའ་དག་གི་བྱེད་པ་པོ་ཉིད་དུ་མི་སྲིད་པས་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གང་གི་ཡོན་ཏན་བྱེད་པ་དང། །རྣམ་ཀུན་ཤེས་ཡོད་མ་ཡིན་པ། །དེ་དག་དང་ནི་སྨྱོན ་པ་ལ། །ཁྱད་པར་ཅི་ཡང་ཡོད་མ་ཡིན། །རྡུལ་དང་མུན་པ་དང་སྙིང་སྟོབས་རྣམས་ནི་ཡོན་ཏན་གསུམ་མོ། །དེ་དག་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་ཡིན་ལ་སྐྱེ་བའི་གནས་སྐབས་ནི་རང་བཞིན་ནོ། །ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི ་རང་བཞིན་སྐྱེས་བུ་ཡུལ་ཅེ་བར་ལོངས་སྤྱོད་པར་འདོད་པར་རིག་པ་དེ་ནི་དེའི་ཚེ་སེམས་བཅན་མ་ཡིན་པར་གྱུར་ཀྱང་སྐྱེས་བུ་དང་ཐ་མི་དད་པར་རྟོགས་པར་བྱས་ནས་རྣམ་པར་འགྱུར་བའི་ཚོགས་མཛའ་དག་སྐྱེད་པར་བྱེད་དོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རང ་བཞིན་ལས་ནི་ཆེན་པོའོ། །ཆེན་པོ་ཞེས་བྱ་བ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་གསུམ་སྟེ། སྙིང་སྟོབས་ཅན་དང། རྡུལ་ཅན་དང། མུན་པ་ཅན་ཞེས་བྱའོ། །དེ་ལ་སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི་མིག་དང། རྣ་པ་དང། སྣ ་དང། ལྕེ་དང། པགས་པ་ཞེས་བྱ་བའི་བློའི་དབང་པོ་ལྔ་དང། ངག་དང། ལག་པ་དང། རྐང་པ་དང། རྐུབ་དང། འདོམས་ཞེས་བྱ་བ་ལས་ཀྱི་དབང་པོ་ལྔ་དང། གཉི་གའི་བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་ན་བཅུ་གཅིག་འབྱུང་ངོ། །རྡུལ་ཅན་གྱི་ང་རྒྱལ་ལས་ནི ་དེ་ཙམ་ལྔ་སྟེ། གཟུགས་དང། སྒྲ་དང། དི་དང། རོ་དང། རེག་པ་དག་གོ་།དེ་ཙམ་ལྔ་དག་ལས་ནི་འབྱུང་བ་རྣམས་ཏེ། ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་ཞེས་བྱ་བའོ། །མུན་པ་ཅན་གྱི་ང་རྒྱལ་ནི། །གཉི་གའི་འཇུག་པར་བྱེད་པའོ། །དེ ་ལྟར་ན་རང་བཞིན་གྱི་རྣམ་པར་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་འགྱུར་བ་མཛའ་དག་གི་འཇུག་པར་བྱེད་པ་ནི་ཡོན་ཏན་གསུམ་ཡིན་ནོ། །དེ་ལྟར་ཡོན་ཏན་རྣམས་བྱེད་པ་པོ་ཉིད་དང། ཤེས་པ་ཡོད་པ་མ་ཡིན་པ་ཉིད་དོ། ། ་ཞེས་བྱ་བ་རྒོལ་བ་གང་གི་བསམ་པ་ཡིན་པ་དེ་དག་དང་སྨྱོན་པ་རྣམས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། ཞེས་དངོས་པོའི་དེ་ཉིད་ལས་མཁས་པ་རྣམས་ཀྱིས་མཐོང་ངོ། །སྨྱོན་པ་ནི་རྒྱུད་ལས་ཤས་པ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །དེ་ནི་ཕྱིན་ཅི་ལོག་གི ་རྣམ་པར་ཤེས་པ་དེ་དོན་ཇི་ལྟ་བ་བཞིན་མི་རྟོགས་ཤིང་ཕྱིན་ཅི་ལོག་ཏཱུང་ངེས་པར་འཛིན་པར་བྱེད་ལ། ཡོད་པ་མ་ཡིན་པའི་དོན་ཡང་རྡོལ་བར་བྱེད་དེ་གྲངས་ཅན་འདི་ཡང་དེ་བཞིན་དུ་ཡོན་ཏན་ཤེས་པ་ཡོད་པ་མ་ཡིན་པ་རྣམས་བསྟན་བཅོས་གྱི་སྒོ་ནས ་བྱེད་པ་པོ་ཉིད་དུ་སྟོན་པ་ན་དོན་ཇི་ལྟར་རྣམ་པར་གནས་པ་དེ་ལྟར་རྣམ་པར་གནས་པ་དེ་ལྟར་མི་རྟོགས་ཤིང་ཕྱིན་ཅི་ལོག་ཏཱུང་ངེས་པར་འཛིན་པར་བྱེད་ལ། ཡོད་པ་མ་ཡིན་པའི་དོན་གཏམ་པར་ཡང་བྱེད་པས་སྨྱོན་པ་རྣམས་དང་མཚུངས་པ་ཁོ་ན་ཞིག ་གོ་སྙམ་མོ། །གཞན་ཡང་འདིའི་སྐྱེས་བུ་འདི་ནི་རྣམ་པར་འགྱུར་བའི་ཚོགས་ཀྱི་བྱེད་པ་པོ་མ་ཡིན་ཞིང་ཟ་བ་པོ་ཡིན་ལ་ཡོན་ཏན་རྣམས་ནི་བྱེད་པ་པོ་ཡིན་གྱི་ཟ་བ་པོ་མ་ཡིན་ཏེ། དེའི་ཕྱིར་འདིའི་ཡོན་ཏན་རྣམས་རིགས་པ་མེད་པའི་བྱེད་པ་པོ་ཉིད་དང་ཟ་བ ་པོ་མ་ཡིན་པ་ཉིད་དུ་སྟོན་པ་ན་བདག་ཉིད་ཤིན་ཏུ་མི་རིགས་པ་སྨྲ་བ་ཉིད་གསལ་བར་བྱེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་བཤད་པ། ཡོན་ཏན་རྣམས་ཀྱིས་རྣམ་ཀུན་དུ། །ཁྱིམ་ལ་སོགས་དག་བྱེད་ཤེས་ཀྱི། །ཟ་བ་རྣམ་པར་མི་ཤེས་པ། །འདི་ལས ་མི་རིགས་གཞན་ཅི་ཡོད། །སྨྲ་བ་འདི་ནི་རིགས་པ་དང་འགལ་བའི་ཕྱིར་དང། འཇིག་རྟེན་གྱིས་མི་འདོད་པའི་ཕྱིར་འདི་ལས་མི་རིགས་པ་གཞན་ཡོད་པ་ཡང་མ་ཡིན་ནོ། ཞེས་དགོངས་པའོ། །དེ་ལྟར་ན་རེ་ཞིག་ཡོན་ཏན་རྣམས་བྱེད་པ་པོ་ཉིད་དུ་མི ་རིགས་སོ། །གང་གི་ལྟར་ན་བདག་ཁོ་ན་ཆོས་དང་ཆོས་མ་ཡིན་པ་གཉིས་ཀྱི་བྱེད་པ་པོ་དང། དེ་དག་གི་འབྲས་བུའི་ཟ་བ་པོ་ཡིན་ནོ། །ཞེས་བྱ་བར་འདོད་པ་དེའི་བདག་ཀྱང་རྟག་པ་ཉིད་དུ་མི་རིགས་ཏེ། འདི་ལྟར། བྱ་བ་དང་ལྡན་རྟགས་པ་མེད། །འདི་ན་བྱེད་པས་ན་བྱེད་པ་པོ་སྣི? ་ལ་དེའི་བྱེད་པ་པོ་ཉིད་ནི་བྱ་བའི་རྒྱུ་ཅན་ཡིན་ནོ། །ཅུང་ཟད་ཀྱང་མི་བྱེད་ཅིང་རྒྱུ་མེད་པ་ན་འགའ་ཡང་བྱེད་པ་པོ་ཡིན་ནོ། །ཞེས་བྱ་བར་མི་རིགས་སོ། །བྱ་བ་དང་ལྡན་པ་ཉིད་དུ་ཡོད་ན་ཡང་ངས་པར་བྱ་བ་རྩོམ་པའི་དུས་ན་འདི་ལ་བྱ་བ་དེའི་སྔར་གྱི་གནས་སྐབས་ལས་ཁྱད་པར་ཁས ་བླང་བར་བྱའོ། །སྔ་ཕྱིའི་གནས་སྐབས་དག་ཏུ་ཁྱད་པར་མེད་པའི་བདག་ནི་སྔར་གྱི་གནས་སྐབས་བཞིན་དུ་བྱ་བ་དང་ལྡན་པ་ཉིད་དུ་མི་འགྱུར་རོ། །རག་པ་མེ་དང་རླུང་ལ་སོགས་པ་བྱ་བ་དང་ལྡན་པ་རྣམས་ལ་ནི་རྟག་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་འདི ་ལ་ཡང་ཡོད་པར་མི་འགྱུར་རོ། །གཞན་ཡང་བདག་འདིའི་བྱ་བ་དང་ལྡན་པ་ཉིད་མི་རིགས་ཏེ། ཐམས་ཅད་ན་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བྱ་བ་ཞེས་བྱ་བ་ནི་བྱེད་པ་པོ་བརྟེན་པའམ་ལཾ་ལས་ལ་བརྟེན་པར་འགྱུར་བ་ཞིག་གོ་།དེ་ཡང་རྣམ་པ ་གཉིས་ཏེ། བྱེད་པའི་ངོ་བོ་དང། དངོས་པོའི་ངོ་བོའོ། །དེ་ལ་བྱེད་པ་པོ་ལ་བརྟེན་པ་བྱེད་པའི་ངོ་བོ་ནི་འདི་ལྟ་སྟེ་འགྲོ་བའི་བྱ་བའོ། །དེ་ནི་འགྲོ་བ་པོ་ལྷས་སྦྱིན་ལ་གནས་ཏེ། དེ་དང་འབྲེལ་པ་ལས་ལྷས་སྦྱིན་འགྲོ་ཞེས་བྱ་བར་བརྗོད་དོ། །དེ་ནི་ཐམས ་ཅད་དུ་སོང་བ་མ་ཡིན་པའི་ཕྱིར་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཅན་གྱི་བྱ་བས་ཡུལ་སྔ་ཕྱི་གཉིས་གཏོང་བ་དང་ལེན་པའི་ཕྱིར་བྱ་བ་དང་བཅས་པ་རིགས་སོ། །གལ་ཏེ་འདི་ཐམས་ཅད་དུ་སོང་བ་ཉིད་དུ་རྟོག་ན་དེའི་ཚེ་གང་དུ་འགྲོ་བར་གྱུར ་པ་འདི་ཉེ་བར་མི་གནས་པ་གང་ཞིག་ན་ཡོད། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། ཀུན་དུ་སོང་ལ་བྱ་བ་མེད་དེ། ལྷས་སྦྱིན་འདུགས་སོ། ཞེས་བྱ་བ་ལ་སོགས་པ་བྱེད་པ་པོ་ལ་གནས་པ་མི་འགུལ་བའི་མཚན་ཉིད་ཅན་གྱི་བྱ་བ་དངོས་པོའི་བདག་ཉིད ་ཅན་གང་ཡིན་པ་དེ་ཡང་སྔར་གྱི་བྱ་བ་བཅོམ་ནས་རྩོམ་པ་ན་སྔ་བདག་ཉིད་དེས་ལུས་བཀོད་པ་མི་སྲིད་པའི་ཕྱིར་ས་ཕྱོགས་དང་ལྡན་པའི་ལྷས་སྦྱིན་ལ་ཁྱབ་བདག་མ་ཡིན་པ་ཉིད་ཡོད་དང་རིགས་པར་འགྱུར་གྱི་ཐམས་ཅད་དུ་སོང ་བ་ལ་ནི་མ་མནན་ཕའི་ཕྱོགས་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་པས་བྱ་བ་དང་ལྡན་པ་ཉིད་མི་རིགས་སོ། །དེ་བཞིན་དུ་ལས་ལ་གནས་ཕའི་བྱ་བ་འགུལ་བའི་བདག་ཉིད་ཅན་སྦྱང་ལ་སོགས་པ་ནས་ཕྱེ་བའི་ངོ་བོ་གང་ཡིན་པ་དང་འཚེད་པ་ལ་སོགས ་པའི་མི་འགུལ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ཡང་བྱེད་པ་པོ་ལ་གནས་པའི་བྱེད་པ་དང་དངོས་པོ་གཉིས་དང་མཚུངས་པར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་ན་བྱ་བ་དང་ལྡན་བརྟག་པ་མེད། ཀུན་དུ་སོང་ལ་བྱ་བ་མེད། །ཅེས་བྱ་བ་གནས་པ ་ཡིན་ནོ། །འོ་ན་ནི་བདག་བྱ་བ་དང་བྲལ་བར་འགྱུར་རོ་ཞེ་ན། དེ་ལྟར་ན་ཡང། བྱ་བ་མེད་པ་མེད་དང་མཚུངས། །མ་ཡིན་ནམ་དངོས་པོ་བྱ་བ་མེད་པ་ནི་ཡོད་པ་མ་ཡིན་པ་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་དང་མཚུངས་པར་འགྱུར་རོ། །བདག ་ཉིད་ཀྱི་རྒྱུ་དང་རྐྱེན་ཇི་ལྟ་བ་ལ་རག་ལས་ཏེ་འབྱུང་བའི་སྐྱེ་བའི་བྱ་བ་བསྐྱེད་པའི་དངོས་པོ་རྣམས་ནི་རེ་ཞིག་ཆེས་ཐོག་མར་བདག་ཉིད་ཡོད་པར་སྒྲུབ་པར་བྱེད་ལ་དེ་ནས་བདག་གི་དངོས་པོ་ཐོབ་པར་འགྱུར་ཞིང་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ ་རྒྱུད་པ་རྒྱུན་རྣམ་པར་མ་ཆད་པར་འབྱུང་བ་ན་བྱ་བའི་ཁྱད་པར་དེ་དང་དེའི་སྐྱེ་བའི་རྒྱུར་འགྱུར་བར་བྱ་བ་དང་བཅས་པའི་དོན་ཁོ་ན་ཡོད་པ་ཉིད་དུ་བཞག་པར་ནུས་སོ། །རང་གི་སྡེ་པ་གང་དག་བྱ་བ་མེད་པའི་ཆོས་ཙམ་ཞིག་རྟོག་པ་དེ་དག་གི་ལྟ་ན་དེ་ལྟ་ཡིན ་དང་ཆོས་ཙམ་གྱིས་ཡང་ཉམས་པར་འགྱུར་ཏེ། བོང་བུའི་རྭ་བཞིན་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ཆོས་བྱ་བ་མེད་པ་ཙམ་ཞིག་ཡོད་པ་ཉིད་དུ་འདོན་པ་ལས་ན་འདི་ཉེས་པ་མེད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། གསུངས་རབ་ཀྱི་དོན་རྣམ་པ་གཞན ་དུ་ངེས་པའི་ཕྱིར་རོ། །དེ་ལས་ནི་བྱེད་པ་པོ་རང་དབང་བ་རྣམ་པ་ཐམས་ཅད་དུ་མེད་པས་དེའི་བྱེད་པ་པོའི་ངོ་བོའི་བྱ་བ་བཀག་པས་ཆོས་རྣམས་བྱ་བ་མེད་པ་ཉིད་དུ་སྟོན་གྱི། དངོས་པོ་བྱས་པའི་རྒྱུ་ཅན་གྱི་བྱ་བ་བཀག་པས་ཀྱང་མ་ཡིན་ནོ། །དེ་མེད་ན་ནི་རྟེན་ཅིང་འབྲེལ ་པར་འབྱུང་བ་འགལ་བ་ཉིད་དུ་འགྱུར་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་འགལ་བ་ལས་ཀྱང་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བརྟེན་པར་བྱེད་པ་པོ་དང་ལས་བྱེད་པ་དང་ཡང་དག་པར་སྦྱིན་པ་ལ་སོགས་པ་བྱེད་པའི་ཚོགས་དེ་མེད་པའི་ཕྱིར་ཆོས་དང་ཆོས ་མ་ཡིན་པ་ལ་སོགས་པ་དང། དེ་དག་གི་འབྲས་བུ་མེད་པ་ཡིན་དང། འགྲོ་བ་ཐམས་ཅད་བོང་བུའི་རྭ་དང་འདྲ་བར་འགྱུར་བས་དེ་སངས་རྒྱས་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དེ་ལྟར་བྱ་བ་དང་ལྡན་པ་ལ་ཡོད་པ་ཉིད་མཐོང་བའི་ཕྱིར་ན་དེ་ཟློག ་པའི་སྒོ་ནས་བྱ་བ་མེད་པ་མེད་དང་མཚུངས་ཤིང། བདག་ཀྱང་བྱ་བ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པས། བདག་མེད་ལ་ཁྱོད་ཅིས་མི་དགའ་། །གལ་ཏེ་བདག་རྟག་པ་ཡོད་པ་མ་ཡིན་ན་རྒྱུ་གང་གིས་ཁྱོད་བདག་མེད་པ་ལ་མི ་དགའ་སྟེ། དམ་པ་མ་ཡིན་པའི་ལྟ་བ་མཛའ་དག་ལྡོག་པའི་རྒྱུ་ཡིན་པའི་ཕྱིར་དགའ་བ་ཁོ་ནར་འགྱུར་དགོས་སོ། །ཡང་གལ་ཏེ་བདག་ཅེས་བྱ་བ་འདི་འགའ་ཞིག་མེའི་ཚ་བ་ཉིད་ལྟར་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་དེ་རང་གི་ངོ་བོ་དེས་ཡོད ་པའི་ཕྱིར་ངེས་པར་དམིགས་པ་ཞིག་ན་དེ་ལྟར་ཡང་མ་ཡིན་ནོ། །འདི་ལྟར་དེ་ནི་རྒོལ་བ་དག་གིས། །ལ་ལར་ཀུན་ཏུ་སོང་བར་མཐོང། །ལ་ལར་སྐྱེས་བུ་ལུས་ཙམ་ཞིག། ལ་ལར་རྡུལ་ཙམ་ཞིག་མཐོང་སྟེ། །ཤེས་རབ་ཅན་གྱི་མེད་ཅེས ་མཐོང། །དེ་ལ་ཁ་ཅིག་དག་གིས་ནི་ལུས་རེ་རེ་ཞིང་ཐ་མི་དད་པའི་བདག་ཐམས་ཅད་དུ་སོང་བར་རྟོགས་སོ། །གཞན་དག་གིས་ནི་འགྲོ་བ་མཛའ་དག་གི་བདག་ཟླ་བ་ལྟར་གཅིག་ཁོ་ནར་རྟོགས་སོ། །དེའི་ཐ་དད་པ་ནི་ལུས་ཐ་དད་པ་ལས ་བཏགས་པ་པ་སྟེ། འབྲུ་མར་དང་ཆུ་ལ་སོགས་པའི་སྣོད་ཐ་དད་པས་ཟླ་བའི་གཟུགས་བརྙན་ཐ་དད་པ་བཞིན་ནོ། །དེ་ཡང་ཐམས་ཅད་དུ་སོང་བ་ཞིག་སྟེ་དེ་ལྟར་ན་ལ་ལར་ཀུན་ཏུ་སོང་བར་མཐོང་ངོ། །ལ་ལས ་སྐྱེས་བུ་ལུས་ཙམ་ཞིག་སྟེ། འདི་ལྟར་ལ་ལ་དག་གིས་ནི་སྒྲང་བུ་མཆུ་རིངས་དང་གྲོག་མ་དང་གླང་པོ་ཆེ་ལ་སོགས་པ་རྣམས་ལ་བདག་ལུས་ཙམ་ཞིག་ཡིན་པའི་ཕྱིར་ཞུམ་པ་དང་རྒྱས་པ་ཉིད་དུ་རྟོགས་སོ། །གཞན་དག་གིས་ནི་འདི་ཞུས ་པ་དང་རྒྱས་པའི་ཆོས་ཉིད་དུ་མི་བཟོད་པ་ན་བདག་རྡུལ་ཕྲ་རབ་ཙམ་ཞིག་ཏུ་རྟོགས་སོ། །དེ་བཞིན་གཤེགས་པའི་གསུང་ལ་བརྟེན་ཏེ་ཡང་དག་པའི་ཤེས་པ་སྐྱེ་ཞིང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་མངོན་པར་ཤེས་པ ་ཤེས་རབ་ཅན་དག་གིས་ནི་ཡོད་པ་མ་ཡིན་པ་ཁོ་ནར་དམིགས་སོ། །གལ་ཏེ་དེ་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་ངེས་པར་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་སངས་རྒྱས་བདག་གིས་བདག་ཉིད་ངེས་དམིགས་པར་འགྱུར་ཞིང། ་མུ་སྟེགས་ཅན་རྣམས་ལ་ཡང་དེ་ལྟར་ལྟ་བ་ཐ་དད་པར་མི་འགྱུར་བ་ཞིག་ན་འདི་ཐམས་ཅད་ཡོད་པ་ཡང་ཡིན་པས་བདག་རང་གི་དངོས་པོ་ངོ་བོས་ཡོད་པ་མ་ཡིན་ནོ། །ཡང་གལ་ཏེ་བདག་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་དེ་རྣམ་པར་མི་འགྱུར ་བ་ཉིད་ཀྱི་ཕྱིར་གྲོལ་བར་མི་འགྱུར་རོ། །ཉེ་བར་འཚེ་བ་དང་བཅས་ཤིང་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་སྐྱེས་བུལ་ནི་དེ་ལྡོག་པ་བདེ་བར་འགྱུར་སྲིད་ཀྱི། བདག་རྟག་པའི་ཉེ་བར་འཚེ་བ་མེད་པ་ལ་ནི་མ་ཡིན་ནོ། །རྟག་ལ་གནོད་པ་ག་ལ་ཞིག། ་གནོང?་མེད་ཐར་པ་ག་ལ་ཡོད། །ངེས་ན་གང་གི་བདག་རྟག་པ། །དེ་ལ་ཐར་པ་མི་རིགས་སོ། །ཕན་པ་དང་གནོད་པ་དག་ལས་ཁྱད་པར་མེད་པའི་ཕྱིར་ན་གང་ཞིག་ཐར་པའི་གནས་སྐབས་སུ་ཡོད་པར་འགྱུར་བ། འདི་ལ་ད་ལྟར ་མེད་པ་ནི་ཅི་ཞིག་ཡོད། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་བདག་རྟག་པར་སྨྲ་བ་ལ་ཐར་པ་མི་རིགས་སོ། །ཐར་པར་འདོད་པས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ན་ཁས་བླང་བར་བྱ་བའི་བདག་རྟག་པ་ནི་མ་ཡིན་ནོ། །དངོས་པོ་རྟེན་ཅིང་འབྲེལ་བར ་འབྱུང་བ་རྣམས་ནི་སྐད་ཅིག་མ་ཡིན་ལ། དེ་རྣམས་ནི་རྒྱུ་དང་རྐྱེན་དག་རྣམ་པར་ཆད་པ་མེད་པས་རྒྱུན་ཆགས་སུ་འབྱུང་བ་ན་རྒྱུ་དང་རྐྱེན་མཚང་བ་ལས་མི་འབྱུང་བས་ཐར་བར་རིགས་སོ། །གཞན་ཡང་ཡ་མཚན་ཅན་ཐམས་ཅད་ཀྱིས་བདག་ཏུ་འཛིན་པ་དང། བདག་གིར ་འཛིན་པ་རྣམ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་གྲོལ་བ་ཁས་བླངས་ཏེ། དེའི་ཕྱིར་དེ་དག་ལ་གྲོལ་བའི་གནས་སྐབས་ན། གལ་ཏེ་བདག་ཅེས་བྱ་ཡོད་ན། །བདག་མེད་སྙམ་སྟེ་མི་རིགས་ཤིང། །དེ་ཉིད་རིག་པ་ངེས་པ་ལས། །མྱ་ངན་འདས་འགྱུར་ཞེས་བྱའང ་བརྫུན། །གལ་ཏེ་བདག་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་རང་གི་ངོ་བོ་ལ་ལྡོག་པ་མེད་པའི་ཕྱིར་ཐར་པའི་གནས་སྐབས་ན་ཡང་ཡོད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཐར་པའི་གནས་སྐབས་ན་ཡང་དག་ཏུ་འཛིན་པའི་རྒྱུ་བོགས?་དབྱུང་དུ་མེད་པའི་བདག་ཡོད་པའི ་ཕྱིར་བདག་མེད་དོ། །ཞེས་དེ་ལྟར་བདག་ཏུ་འཛིན་པ་སྤངས་བ་མི་རིགས་སོ། །དེའི་ཕྱིར་བདག་གི་དེ་ཁོ་ན་ཉིད་རིག་པ་ངེས་པས་བདག་ཏུ་འཛིན་པ་སྤངས་པ་ལས་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་བྱ་བ་ཡང་བརྫུན་ཏེ་ངར་ཡང་ངར་འཇིན་པ་ཡོད ་པའི་ཕྱིར་རོ། །ཡང་ན་གྲོལ་བར་འདོད་བས་བདག་མེད་པ་ཁོ་ན་ཁས་བླང་བར་བྱ་སྟེ། བདག་མེད་པ་ཡོད་དང་བདག་ཏུ་འཛིན་པ་སྤོང་ལ་བདག་ཏུ་འཛིན་པ་སྤངས་པ་ལས་ཐར་པ་གྲུབ་པར་འགྱུར་རོ། །ཅི་སྟེ་བདག་ཡོད་ན་ཐར་པའི་གནས་སྐབས་ན་བདག་ཏུ ་འཛིན་པ་འཇུག་པར་ཐལ་བས་འཇིགས་ནས་གྲོལ་བའི་གནས་སྐབས་ན་བདག་ཡོད་པ་ཉིད་དུ་ཁས་མི་ལེན་ན། དེ་ལྟར་ཡིན་དང། གལ་ཏེ་གྲོལ་བ་ཡོད་ཉིད་ན། །དེ་ནི་སྔར་ཡང་མེད་པ་མེད། །མི་ལྡན་པ་ལ་གང་མཐོང་བ། །དེ་ནི་རང་བཞིན་ཞེས་བྱར་བཤད། ་མ་ཡིན་ནམ། འབྲེལ་པ་ཅན་གྱི་ཆོས་དང་མི་ལྡན་ཞིང་རྐྱང་བར་རང་གི་ངོ་བོ་ཙམ་ལ་གནས་པའི་དངོས་པོ་ཙམ་ལ་ཆ་ཇི་ཙམ་ཞིག་དམིགས་པ་དེ་ནི་དེའི་རང་བཞིན་ནོ། །ཞེས་བྱ་བར་རྣམ་པར་བཞག་སྟེ། དེ་ལས་གཞན་པའི་ཆོས ་དང་མ་འདྲེས་པའི་ཕྱིར་རོ། །དཔེར་ན་ཟད་མི་ཤེས་པའི་གསེར་གྱི་དེ་ལས་གཞན་པའི་འབྲེལ་བ་ཅན་ལྕགས་ཡོངས་སུ་ཟད་པ་ལས་རྣམ་པར་བྱང་བའི་གནས་སྐབས་གང་ཡིན་པ་དེ་དེའི་རང་བཞིན་དུ་རྣམ་པར་བཞག་པ་དེ་བཞིན་དུ་གྲོལ་བའི་བདག་གི་ཤེས་པ ་རྣམ་པར་བྱང་བའི་གནས་སྐབས་སུ་ཤེས་བའི་ཁྱད་པར་གྱི་ངོ་བོ་ཅི་འདྲ་བ་ཞིག་སྣང་བ་དེ་ཡང་དེའི་རང་བཞིན་ཡིན་ནོ། །ཞེས་བྱ་བར་རིགས་ན་ཅུང་ཟད་ཅིག་སྣང་བ་ཡང་མ་ཡིན་ཏེ། བདག་ཏུ་འཛིན་པ་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐར ་བའི་སྔ་རོལ་གྱི་གནས་སྐབས་ན་ཡང་དེའི་རང་བཞིན་དེ་ཁོ་ན་ཡིན་པར་རིགས་སོ། །སྔར་གྱི་གནས་སྐབས་སུ་ཕྱིན་ཅི་ལོག་གི་དྲི་མ་ཅན་དུ་གྱུར་ཅིང་དོན་ཇི་ལྟ་བ་བཞིན་དངོས་པོའི་རང་གི་ངོ་བོ་མ་རྟོགས་པའི་བློ་ཚད་མ་ཉིད་དུ་ཁས་བླང་བར་ནུས་པ་ནི་མ་ཡིན་ནོ། ། ་དེའི་ཕྱིར་དོན་འདི་མཐོང་བ་ཕྱིན་ཅི་ལོག་གི་དམིགས་སུ་ཟིན་ཀྱང་དེ་ལྟར་ཁས་བླང་བར་མི་ནུས་ཏེ། རབ་རིབ་ཅན་གྱི་མཐོང་བ་ཡོད་པ་མ་ཡིན་པའི་སྐྲ་ཤད་དང་སྤང་བུ་ལ་སོགས་པའི་དོན་སྒྲོ་འདོགས་པ་ཡང་དེ་ལྟར་ཁས་བླངས་པར་ཐལ་པར་འགྱུར་བའི་ཕྱིར ་རོ། །དེའི་ཕྱིར་བདག་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་གནས་སོ། །འདིར་སྨྲས་པ། །གལ་ཏེ་བདག་མེད་ན་དེའི་ཚེ་སྐད་ཅིག་རེ་རེ་ལ་འཇིག་པའི་དང་ཅན་གྱི་འདུ་བྱེད་རྣམས་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་ཆད་པར་ལྟ་བར ་འགྱུར་ལ། དངོས་པོ་སྐད་ཅིག་མའི་རྟེན་བདག་སྐད་ཅིག་མ་མ་ཡིན་པ་ཡོད་པས་རྣམ་པ་ཐམས་ཅད་དུ་མེད་པར་ཁས་མ་བླངས་པ་ལས་ཆད་པར་ལྟ་བ་ཡོད་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། གལ་ཏེ་མི་རྟག་ཆད་ཡིན་ན། །ད་དུང་རྩ་སོགས ་རྣམས་ཅིས་ཡོད། །འདི་ནི་གལ་ཏེ་བདེན་གྱུར་ན། །སུ་ལའང་གཏི་མུག་ཀྱང་མི་འབྱུང། །འཇིག་རྟེན་ན་ནི་མི་རྟག་པའི་དོན་ཆད་པས་རྟོག་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་བསྐལ་པ་དང་པོ་ནས་ཞུགས་པ་རྩ་དང་ལྕུགས་མ་དང། ལྗོན་ཤིང་ལ་སོགས་པ་རྣམས་རྒྱ ་དང་འབྲས་བུའི་འབྲེལ་པ་འཇུག་པའི་རིམ་པ་རྣམ་པར་ཆད་པ་མེད་པར་ད་དུང་དུ་ཡང་འབྱུང་བར་དམིགས་སོ། །ཡང་གལ་ཏེ་མི་རྟག་པ་ཆད་པར་འགྱུར་ན་ནི་དེའི་རྒྱུན་མི་འཇུག་པའི་མཚན་ཉིད་ཅན་གྱི་འཇིག་པར་འགྱུར་ཏེ། དེའི་ཕྱིར་ཇི་ལྟར་རྩ་ལ་སོགས ་པ་འདི་རྣམས་ད་དུང་དཱུང་དམིགས་པར་འགྱུར། དམིགས་པ་ལས་ནི་མི་རྟག་པ་ལ་ཆད་པ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་རྟོགས་སོ། །འདི་ནི་གདོན་མི་ཟ་བར་དེ་ལྟར་ཁས་བླང་བར་བྱའོ། །དེ་ལྟ་མ་ཡིན་ཏེ། མི་རྟག་པ་ཆད་དོ། ཞེས་བྱ་བའི་ལྟ་བ་འདིགས? ་ཏེ་ཇི་ལྟ་བའི་དོན་ཅན་དུ་འགྱུར་ན་ནི་དེའི་ཚེ་དེས་པར་སེམས་ཅན་གང་ལ་ཡང་གཏི་མུག་ཀྱང་མི་འབྱུང་ངོ། །ཀྱང་གིས་སྒྲས་ནི་བདེ་བ་ལ་སོགས་པ་དང་འདོད་ཆགས་ལ་སོགས་པ་རྣམས་ཀྱང་མི་འགྱུར་བཞིག་གོ་།འདིའི་གཏི་མུག་ཀྱང་མི་རྟག་པ་ཡིན་ལ། ་མི་རྟག་པ་ཡང་ཆད་པ་ཡིན་པས་ངེས་པར་ཆད་པ་ཉིད་ཀྱི་ཕྱིར་མ་རིག་པས་འཇུག་པར་མི་བྱ་བ་ཞིག་གོ་།དེའི་ཕྱིར་འཁོར་བ་ལྡོག་པའི་སྒྲིབ་པ་མེད་པར་བསྒྲུབ་པར་བྱ་བར་འགྱུར་ལ། འཇིག་རྟེན་ཐམས་ཅད་ཀྱི་མ་རིག་པ་སྤངས་པས་འགར་ཡང་དེ ་ཁོ་ན་ཉིད་མ་མཐོང་བ་ཉིད་དུ་མི་འགྱུར་བ་ཞིག་ན། འདི་ནི་དེ་ལྟར་ཡང་མ་ཡིན་པས་མི་རྟག་པ་ལ་ཆད་པ་མེད་དོ། །ཅི་སྟེ་དངོས་པོ་མཛའ་དག་འབྱུང་བའི་རྒྱུ་བདག་རྟག་པ་ཉིད་ཡོད་པས་རྒྱུ་ངེས་འཇུག་པ་རྩ་ལ་སོགས་པ་རྣམས་ལ་ཆད་པར་ལྟ ་བ་ཡོད་པ་མ་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་རྟག་པ་རྒྱུ་དང་རྐྱེན་ལ་རག་མ་ལས་པར་འབྱུང་བ་འགའ་ལ་ཡང་ཡོད་པ་ཉིད་མེད་དོ། །ཞེས་སྔར་བསྟན་ཏེ། །ཡོད་པ་མ་ཡིན་པའི་བོང་བུའི་རྭ་ལྟར་འགྲོ་བ་འཇུག་པའི་རྒྱུ་ཉིད ་དུ་མི་རིགས་པས་དེ་ཡོད་པའི་རྒྱུ་ཅན་འགྲོ་བའི་འཇུག་པ་ཡོད་པ་མ་ཡིན་ནོ། །ཡང་ན་བདག་ཡོད་དུ་ཆུག་མོད་འདིའི་འགྲོ་བ་འཇུག་པའི་རྒྱུ་ཉིད་ནི་མི་རིགས་སོ། །འདི་ལྟར། བདག་ནི་ཡོད་པར་འགྱུར་ནའང་གཟུགས། ། ་གཞན་ལས་འབྱུང་བར་སྣང་འགྱུར་ལ། །གཞན་ལས་གནས་པར་སྣང་འགྱུར་ཞིང། །གཞན་ལས་རྣམ་པར་འཇིག་པར་སྣང། །གལ་ཏེ་དངོས་པོ་རྣམས་བདག་གི་རྒྱུ་ཅན་དུ་འགྱུར་ན་ནི་དེ་རྣམས་བདག་ལས་གཞན་དུ་གྱུར་པའི་དངོས་པོ ་གཞན་ལས་འབྱུང་བར་མི་འགྱུར་བ་ཞིག་ན། ནོར་བུ་དང་བུད་ཤིང་དང་ཉི་མ་ཕྲད་པ་ལས་མེ་འབྱུང་པ་དང། ཟླ་བ་དང་ཕྲད་ན་ནོར་བུ་ཆུ་ཤེལ་ལས་ཆུ་འཇིག་པ་དང། ས་བོན་ལ་སོགས་པ་དག་ལས་མྱུ་གུ་ལ་སོགས་པ་རྣམས ་འཛུག་པ་དང་ནུར་ནུར་པོ་ལ་སོགས་པའི་འབྱུང་བ་ཆེན་པོ་དག་ལས་ཇི་ལྟར་གོང་དུ་མེར་མེར་པོ་དང། གོར་གོར་པོ་དང། མཁྲང?་གྱུར་དང། རྐང་ལག་འགྱུས་པ་དང། ཉིང་ལག་འགྱུས་པ་རྣམས་དང། དེ་ལས་མིག་ལ་སོགས་པ་རྣམས་དམིགས ་པ་ཡང་ཡིན་ནོ། །དེ་ལྟར་ན་གཟུགས་ནི་གཞན་ལས་འབྱུང་བར་དམིགས་སོ། །ཡང་གལ་ཏེ་འདི་དག་ཐམས་ཅད་བདག་གི་བྱེད་པ་པོ་ཅན་ཉིད་ཡིན་ན་ནི། གཟུགས་འདི་འཇུག་པ་དེ་ཁོ་ན་ལས་ཡིན་པར་རག་མོད། རྒྱུ་བཞན་བརྟགས་པས ་ཅི་ཞིག་བྱ། ཅི་སྟེ་རྒྱུ་གཞན་པོ་དེ་ཡང་བདག་ཁོ་ན་ལས་འབྱུང་ངོ་སྙམ་དུ་སེམས་ན། ཅི་སྟེ་དེ་ལྟར་མ་མཐོང། གལ་ཏེ་ཉེ་བར་བསྟན་པ་མེད་པའི་ཕྱིར་རོ་ཞེ་ན། ཅི་མིག་ལ་སོགས་པ་རྣམས་རང་གི་ཡུལ་ལ་འཇུག་པ་ལ་ཉེ་བར་བསྟན་པ་ལ ་བལྟོས་པ་ཞིག་གམ?་དེ་མ་ཡིན་ནོ། །འོ་ན་ནི་དོན་དེ་དམིགས་པ་ལ་ཉེ་བར་བསྟན་པ་དགོས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དང་པོ་འཇུག་པ་བདག་ལས་ཡིན་ནོ་ཞེ་ན། ཅི་བདག་དེ་ལ་དང་པོ་ཡོད་དམ་མེད་དེ། གལ་ཏེ་དེ་ལྟར་ན་དེའི་འབྲས་བུ ་ཡང་ཐོག་མ་མེད་པར་འགྱུར་དགོས་སོ། །ཅི་སྟེ་ཡོད་ཀྱང་ད་སྔར་རྒྱུ་ཉིད་དུ་མ་ཡིན་ན་ཕྱི་དེའི་རྒྱུ་ཉིད་དུས་བྱ། གལ་ཏེ་དོན་གཞན་ལ་བལྟོས་སོ་ཞེས་ན། འོ་ན་ནི་དོན་དེ་དེའི་རྒྱུ་ཉིད་ལ་རྒྱུ་ཡིན་པས་དེ་ཉིད་རྒྱུ་བརྒྱུད་པར་འགྱུར་ཏེ། རྒྱུ་དེའི་རྒྱུ་ཉིད་ལ་གཞན་རྒྱུ་ཡིན་ལ་དེའི་ཡང ་གཞན་ཡིན་པས་རྒྱུ་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་རྒྱུ་ཁོ་ན་ལས་འགྲོ་བ་འཇུག་པར་འགྱུར་བས་བདག་རྒྱུ་ཉིད་དུ་བརྟག་པ་དོན་མེད་པ་འདིས་ཅི་བྱ། ཅི་སྟེ་རྒྱུ་དེ་ཡང་བདག་ལ་རག་ལས་ཏེ་འབྱུང་བ་ཡོངས་སུ་རྟོག་ན། དེ་ལྟར་ཡིན་དང་བདག་དང ་དུས་མཉམ་པའི་རྒྱུ་འཇུག་ལ་རག་མོད། དེའི་ཕྱིར་བདག་བཞིན་དུ་དེའི་འབྲས་བུ་ཡང་ཐོག་མ་མེད་པ་ཉིད་དུ་འགྱུར་རོ། །དུས་མཉམ་པ་ཉིད་ཡིན་མིན་བདག་དང་དེའི་འབྲས་བུ་ལ་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་དོ། །ཡོད་པ་ནི་མི་སྐྱེ་སྟེ། ་གཉི་ག་ཡང་དེའི་ཚེ་ཡོད་པའི་ཕྱིར་གང་ཞིག་གང་གིས་སྐྱེད་པར་བྱེད། དེའི་ཕྱིར་གཟུགས་འཇུག་པ་བདག་གི་རྒྱུ་ཅན་དུ་མི་རིགས་སོ། །དེའི་ཕྱིར་དེ་ལྟར་གཟུགས་གཞན་ལས་འབྱུང་བ་མཐོང་ནས་ཕྱིན་ཅི་མ་ལོགས་སུ་ཞིག་དེ་བསྐྱེད་པར་བྱ་བའི ་དོན་དུ་བདག་ཡོངས་སུ་རྟོག་པར་བྱེད། ཡང་ན་མོ་གཤམ་གྱི་བུ་ལ་སོགས་པ་རྣམས་ཀྱང་འགྲོ་བ་འཇུག་པ་ལ་བྱེད་པ་པོ་ཉིད་དུ་བརྟག་པར་བྱའོ། །ཇི་ལྟར་གཟུགས་གཞན་ལས་འབྱུང་བ་མཐོང་ན་དེ་བཞིན་དུ་གནས་པ་ཡང་གཞན་ལས་ཡིན་པར་སྣང ་སྟེ། རྒྱུ་བུད་ཤིང་དང་སྦོར་པ་ལ་སོགས་པ་ལས་མེ་ལ་སོགས་པའི་དོན་གནས་པར་མཐོང་བའི་ཕྱིར་རོ། །གཞན་ལས་རྣམ་པར་འཇིག་པར་སྣང་སྟེ། བུད་ཤིང་མ་ཚང་བ་ལ་སོགས་པའི་རྒྱུ་ལས་སོ། །མཐོང་བ་བོར་ནས་མ་མཐོང་བའི་བདག་འཐད་པས་ཡོད་པར་འགལ ་ཞིང་རྒྱུའི་ཆོས་དང་མ་འབྲེལ་པ་བལྟག་པར་རིག་པ་ཡང་མ་ཡིན་ཏེ། དེའི་ཕྱིར་བདག་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །གང་གི་ཚེ་རྟག་པ་ལས་སྐྱེ་བ་མེད་པ་དེའི་ཚེ་འཇིག་རྟེན་ན། ཇི་ལྟར་ས་བོན་བྱས་པ་ལས། །མྱུ་གུ་བྱས་པ་སྐྱེ་འགྱུར་བ། །དེ་བཞིན་མི ་རྟག་ཐམས་ཅད་ནི། །མི་རྟག་དག་ལས་འབྱུང་བར་འགྱུར། །ཇི་ལྟར་རྒྱུ་དང་རྐྱེན་གཞན་ལ་རག་ལས་ཏེ་འབྱུང་བའི་ས་བོན་བྱས་པ་རང་བཞིན་གྱིས་མ་གྲུབ་ཅིང་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་མྱུ་གུ་བྱས་པ་སྟེ། རང་ཉིད་ཀྱིས ་རྣམ་པར་གནས་པ་མ་ཡིན་པ་རང་བཞིན་མེད་ཅིང་རང་བཞིན་གྱིས་སྟོང་པ་སྟེ་དེ་བཞིན་དུ་མཁས་པས་དཔེ་འདི་དངོས་པོ་གཞན་རྒྱུ་དང་འབྲས་བུའི་གནས་སྐབས་མི་སྣང་བ་ཆོད་པ་དང་ཕྲ་བ་རྣམས་དང། ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམས ་དང། རྒྱུ་ལས་དང་ཉོན་མོངས་པ་ལས་འདས་པ་འདུ་བྱེད་ཟག་པ་མེད་པ་རྣམས་ཀྱང་རང་བཞིན་མེད་པའི་རྒྱུ་ལས་རང་བཞིན་མེད་པ་འབྱུང་བ་ཡིན་ནོ། །ཞེས་བྱ་བར་ངེས་པར་བྱའོ། །དེ་ལྟར་ཡིན་དང་གང་དུ་འདུ་བྱེད་རྣམས་ལ་རྟག་པ་དང་ཚད་པའི ་རྡོ་རྗེའི་ཐོག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྒྱུ་དང་འབྲས་བུའི་འབྲེལ་པ་རབ་ཏུ་འཇོམས་པ་འབབ་པ་དེ་ཡང་མཁས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་རིག་སྔགས་ཀྱིས་ཆེས་རྒྱད་རིང་པོར་བཟློག་པ་ཡིན་ནོ། །ཞེས་བསྟན་པའི ་ཕྱིར་བཤད་པ། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེ་ནས་ཆད་པར་མི་འགྱུར་ཞིང། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །དངོས་པོ་ནི་འབྱུང་བའི་ཆོས་ཅན་ཏེ་འབྲས་བུ་མྱུ་གུ་ལ་སོགས་པའོ། །གང་གི ་ཕྱིར་རྒྱུ་ས་བོན་ཞེས་བྱ་བ་ལས་འབྲས་བུ་མྱུ་གུ་འབྱུང་བ་དེའི་ཕྱིར་ས་བོན་ཞེས་བྱ་བ་ཆད་པར་མི་འགྱུར་རོ། །གལ་ཏེ་མྱུ་གུ་ལ་སོགས་པའི་རྒྱུན་མ་སྐྱེད་པར་མེ་དང་ཕྲད་པ་ལས་ཡིན་བལྟར་ས་བོན་འགག་པར་འགྱུར་ན་ནི་དེའི་ཚེ་ཆད་པ་ལྟ་བར ་འགྱུར་ན་མྱུ་གུ་ལ་སོགས་པ་འཇུག་པ་ཡོད་པར་མཐོང་བ་ལས་ནི་ས་བོན་ཆད་པར་ལྟ་མི་བྲིང?་ངོ། །ཚིག་ལེའུར་བྱས་པའི་དངོས་པོའི་སྒྲ་གཉིས་པ་ནི་རྒྱུ་རྗོད་པར་བྱེད་པ་སྟེ། འདི་ལས་འབྲས་བུ་འབྱུང་བ་ཞེས་བྱས་ནས་སོ། །ཡང་གལ་ཏེ ་མྱུ་གུ་ཞེས་བྱ་བའི་འབྲས་བུ་ཞུགས་ཀྱང་རང་གི་ངོ་བོས་གནས་པས་ས་བོན་མི་ལྡོག་ན་དེའི་ཚེ་ས་བོན་རྣམ་པར་མི་འབྱུང་བ་མཐོང་བའི་ཕྱིར་རྟག་པར་ལྟ་བར་འགྱུར་ན། འདི་ནི་ད་ལྟར་ཡང་ཡང་མ་ཡིན་ཏེ། ས་བོན་ལོག་པར་མཐོང་བའི་ཕྱིར་རོ། །གལ?་ཏེ་ལྟོག ་པར་མི་འགྱུར་ན་ནི། དེའི་ཚེ་ལས་མྱུ་གུ་གཞན་ཡང་འབྱུང་བར་འགྱུར་བ་ཞིག་ན་འདི་ནི་དེ་ཡང་མ་ཡིན་པས། གང་ཕྱིར་དངོས་པོ་ལྡོག་འགྱུར་པ། །དེས་ན་རྟག་པར་མི་འགྱུར་རོ། །དེ་ཡང་རང་གི་ངོ་བོས་མ་གྲུབ་པས་ས་བོན་དང་མྱུ་གུ་གཉིས་དེ་ཉིད་རང ་གཞན་ཉིད་དུ་རྟོག་པ་དག་མི་སྲིད་པ་ལས་འགྲུབ་པས་དངོས་པོ་རྣམས་རང་བཞིན་མེད་བར་ཆེས་གསལ་བར་གྲུབ་བོ།། །།སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་གཡས?་བདག ་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་སྟེ་རབ་ཏུ་བྱེད་པ་བཅུ་བའི་འགྲེལ་པའོ།། །།འདིར་དུས་སྨྲ་བ་ནི་གཟུགས་ལ་སོགས་པ་རྣམས་གཞན་ལས་འབྱུང་བ་མཐོང་བའི་ཕྱིར་དང། འཇིག་རྟེན་གྱི་མངོན་སུམ་མ་ཡིན་པའི་ཕྱིར་དང། ་འབྲས་བུ་འབའ་ཡང་མ་མཐོང་བ་རྗེས་སུ་དཔག་པས་གོ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ན་བདག་ཡོད་པ་མ་ཡིན་ནོ། ཞེས་གང་སྨྲས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་དངོས་པོ་རྟག་པ་རྣམས་མེད་པ་ནི་མ་ཡིན་ཏེ། དུས་ཡོད་པའི་ཕྱིར་རོ། །འདི་ནས་དང་ཆུ་དང་མེ་དང ་རླུང་དང་ནམ་མཁའ་དང་ས་བོན་ལ་སོགས་པ་རྣམས་ཡོད་ཀྱང་རེས་འགའ་མྱུ་གུ་དང་མེ་ཏོག་ལ་སོགས་པ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་དག་མེད་པའི་ཕྱིར་ལ། ཅི་སྟེ་རེས་འགའ་ཡོད་པའི་ཕྱིར་དུས་ཞེས་བྱ་བ་འབྲས་བུ་དེ་མཐོང་བ་ལས་དཔག་པ་ཡོད་དོ། །དེ་ནི་སྐད ་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་སོགས་པ་གསལ་བར་བྱ་ཞིང། །འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བ་སྟེ་དུས་གསུམ་ན་རྣམ་པར་གནས་པའི་དངོས་པོ་ལས་ཐ་དད་པ་རྟག་པ་ཞིག་གོ་།ཞེས་སྨྲའོ། །འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་དུས་ཤེས ་བྱ་བ་དངོས་པོ་ལས་ཐ་དད་ཅིང་བདག་གིས་གྲུབ་པ་ཡོད་པར་འགྱུར་ན་ནི་དེ་སྐྱེ་བ་དང་འཇིག་པའི་རྒྱུ་ཉིན་དུ་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། དངོས་པོ་ལས་ཐ་དད་པར་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་ཡོད་ན ་དངོས་པོ་ལ། །འཇུག་དང་ལྡོག་པའང་དམིགས་འགྱུར་བ། །དེ་ནི་གཞན་གྱི་དབང་འགྱུར་ཏེ། །དེས་ནི་འབྲས་བུར་ཡང་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་བཀག་ཟིན་པའི་ཕྱིར་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དུས་ལ་འཇུག་པ་དང་ལྡོག་པའི་རྒྱུ ་ཉིད་ཡོད་པ་མ་ཡིན་ནོ། །གཞན་ཡང་དུས་གསུམ་པ་གང་དག་དུས་ཀྱི་ཁྱད་པར་གྱི་ངོ་བོར་རྣམ་པར་བཞག་པ་དེ་དག་ཀྱང་ལུས་ཅན་མ་ཡིན་པ་ཉིད་ཀྱིས་རང་བཞིན་ལས་ངེས་པར་མི་ནུས་པའི་ཕྱིར་རང་གི་ངོ་བོས་རྣམ་པར་བཞག་པར་མི་ནུས་ཀྱི་དེ་དག་གི་བསྙད་པར ་བྱ་བའི་དངོས་པོའི་ཁྱད་པར་བུམ་པ་ལ་སོགས་པའི་སྒོ་ནས་ནི་རྣམ་པར་བཞག་པར་ནུས་སོ། །དེ་དག་ནི་དངོས་པོ་ལས་ཐ་དད་པའི་རང་བཞིན་ཡིན་ཞིང་ཚོར་བ་ལ་སོགས་པ་ལྟར་ཉམས་སུ་མྱོང་བའི་རྣམ་པ་མ་ཡིན་ལ། གཟུགས་དང་སྒྲ་ལ་སོགས་པ ་བཞིན་དབང་པོའི་སྒྲོ་ནས་ཡོངས་སུ་གཅད་པར་བྱ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་བུམ་པ་ལ་སོགས་པའི་སྒོ་ཁོ་ན་ནས་དེ་དག་གི་ཁྱད་པར་ཡོངས་སུ་གཅོད་པའི་ཕྱིར་དེའི་སྒོ་ནས་དུས་གསུམ་བཀག་པས་དུས་དགག་པར་མཛད་པར་བཞེད་པས ་བཤད་པ། མ་འོངས་བུམ་པ་ད་ལྟར་བའི། །བུམ་པ་ཡོད་མ་ཡིན་འདས་པ་མེད། །གང་ཕྱིར་དེ་གཉིས་མ་འོངས་པས། །དེ་ཕྱིར་མ་འོངས་ཡོད་མ་ཡིན། །མ་འོངས་པའི་དུས་ཉེ་བར་མཚོན་པར་བྱ་བའི་དོན་དུ་མ་འོངས་པའི་བུམ ་པ་ཉེ་བར་བཀོད་ལ། དེ་བཞིན་དུ་འདས་པ་དང་ད་ལྟར་བྱུང་བའི་དུས་ཉེ་བར་མཚོན་པའི་དོན་དུ་འདས་པ་དང་ད་ལྟར་བྱུང་བའི་བུམ་པ་ཉེ་བར་བཀོད་དོ། །དེ་ལ་མ་འོངས་པ་ནི་ད་ལྟར་བྱུང་བའི་དུས་སུ་མ་ཕྱིན་པའོ། །འདས་པ་ནི་དེ་ཉིད་ལས ་བདག?་པའོ། །ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགགས་པའོ། །ད་ལྟར་བ་ནི་ད་ལྟར་དམིགས་པའི་ཕྱིར་གཙོ་བོ་ཡིན་གྱི། དེར་མ་འོངས་པ་དང་བརྒལ་བ་དག་གིས་མ་འོངས་པ་དང་འདས་པའི་དུས་གཉིས་རྣམ་པར་འཇོག་པ་ནི་གཙོ་བོ་མ་ཡིན་ནོ། །དུས་གསུམ་པོ་དེ་དག ་ཀྱང་ཕན་ཚུན་བལྟོས་པ་ཉིད་དུ་གནས་ཏེ། གཉིས་གཉིས་ལ་མ་བལྟོས་པར་རེ་རེ་མེད་པའི་ཕྱིར་རོ། །འདས་པ་དང་ད་ལྟར་གཉིས་ལ་མ་བལྟོས་པར་ནི་མ་འོངས་པའི་དུས་རྣམ་པར་གཞག་པར་མི་ནུས་ཏེ། མ་འོངས་པ་ནི་མ་འོངས་པ་ལས་ཡིན་ལ་མ་འོངས་པའི་དང ་གི་ངོ་བོས་དེ་གང་དུ་མ་འོངས་པ་འདས་པ་དང་ད་ལྟར་གྱི་དུས་གཉིས་པོ་དེར་གདོན་མི་ཟ་བར་འགྱུར་དགོས་སོ། །དེ་མེད་ན་ནི་གང་དུ་མ་འོངས་པ་ལས་འདི་མ་འོངས་པ་ཉིད་དུ་འགྱུར། དུས་གཞན་གཉིས་ཀྱི་རྣམ་པར་བཞག་པ་ཡང་དེ་དང་འདྲ་བར་སྦྱར་བར་བྱའོ། །དེ་ན ་འོངས་པའི་བུམ་པ་གང་ཡིན་པ་དེ་ལ་ད་ལྟར་པའི་བུམ་པ་ཡོད་པ་མ་ཡིན་ལ་འདས་པ་ཡང་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་དང། གཅིག་ལ་གཅིག་མི་སྲིད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་མ་འོངས་པའི་བུམ་པ་ལ་ད་ལྟར་བ་དང་འདས་པ་གཉིས ་ཡོད་པ་མ་ཡིན་པ་དེའི་ཚེ་ད་ལྟར་བ་དང་འདས་པ་གཉིས་ཀྱང་མ་འོངས་པར་མ་འོངས་པས་དེ་གཉིས་ཀྱང་མ་འོངས་པར་འགྱུར་རོ། །ཇི་ལྟར་མ་འོངས་པ་ད་ལྟར་དུ་མ་འོངས་པ་ལ་མ་འོངས་པ་ཡིན་པ་དེ་བཞིན་དུ་ད་ལྟར་དང་འདས་པ་གཉིས་ཀྱང་མ་འོངས་པར་མ་འོངས ་མ་འོངས་པར་འགྱུར་རོ། །གལ་ཏེ་ད་ལྟར་དུ་མ་འོངས་པ་ལས་མ་འོངས་པ་ཡིན་གྱི། མ་འོངས་པར་མ་འོངས་པ་ལས་ནི་མ་ཡིན་ནོ། །ཞེ་ན། འདི་ནི་དེ་ལྟར་མ་ཡིན་ཏེ། མ་འོངས་པ་གྲུབ་པ་ཡོད་ན་ནི་ད་ལྟར་དང་འདས་པ་གཉིས་འགྲུབ་ན་གང་གྱི་ཚེ་མ་འོངས ་པ་ཉིད་མེད་པ་དེའི་ཚེ་ཇི་ལྟར་འདས་པ་འམ་ད་ལྟར་བྱུང་བར་འགྱུར། འདི་ལ་དགོངས་ནས་སློབ་དཔོན་མ་འོངས་པ་མེད་པར་བསྟན་པ་བཞིད་དེ། དེ་ཉིད་ཀྱི་ཕྱིར། གང་ཕྱིར་དེ་གཉིས་མ་འོངས་པ། །དེ་ཕྱིར་མ་འོངས་ཡོད་མ་ཡིན། ཞེས་བཤད་དོ། །གང ་གི་ཕྱིར་གཉི་ག་ཡང་མ་འིངས་པ་ཡིན་པ་དེའི་ཚེ་གསུམ་ཅར་ཡང་མ་འོངས་པ་ཉིད་དུ་འགྱུར་ལ། གསུམ་ཆར་མ་འོངས་པ་ཉིད་ཡིན་ན་ཡང་ད་ལྟར་བྱུང་པ་དང་འདས་བ་གཉིས་མི་སྲིད་པའི་ཕྱིར་ཕང?་དུ་མ་འོངས་པ་ལས་མ ་འོངས་པར་རྣམ་པར་བཞག་།དེའི་ཕྱིར་མ་འོངས་པའི་དུས་ཡོད་པ་མ་ཡིན་ནོ། །ཅི་སྟེ་མ་འོངས་པའི་བུམ་པ་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་མ་ཡིན་གྱི་མ་འོངས་པའི་ངོ་བོར་མ་འོངས་པའི་བུམ་པ་ལ་ཡོད་པ་ཡིན་ཏེ། དེའི་ཕྱིར་མ་འོངས ་པ་ལ་ཡོང་པས་འདས་པ་ཐ་དད་པར་གྲུབ་པ་ཡོང་ན་ཡང་མ་འོངས་པ་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ལྟ་ན་ཡང། གལ་ཏེ་ཞིག་བ་མ་འོངས་པའི་ངོ་བོ་མ་འོངས་ལ་ཡོད་ན། །མ་འོངས་བདག་ཉིད་དུ་ཡོད་གང། །དེ་ནི་ཇི་ལྟར་འདས ་པར་འགྱུར། གཉི་གལ་ཏེ་འདས་པ་མ་འོངས་པ་ཉིད་དུ་མ་འོངས་པའི་བུམ་པ་ལ་ཡོད་དོ་སྙམ་དུ་སེམས་ན་ནི་དེའི་ཚེ་འདས་པ་ཉིད་དུ་མི་རིགས་ཏེ། ཁྱོད་ཀྱི་ལུགས་ཀྱིས་མ་འོངས་པ་ལ་ཡོད་པའི་ཕྱིར་ཏེ། མ་འོངས་པ་རང་གི་བདག་ཉིད་བཞིན ་ནོ། །དེའི་ཕྱིར་ཉེས་པ་དེ་ཉིད་དུ་འགྱུར་རོ། །ཡང་མ་འོངས་པའི་དངོས་པོ་གང་ཡིན་པ་དེ་ཅི་ཁྱོད་ལ་ཡོད་དམ་འོན་ཏེ་མེད། སྨྲས་པ་མ་འོངས་པའི་ངོ་བོར་ཡོད་པས་མ་འོངས་པ་ཡོད་ཅེས་བྱ་བར་རྣམ་པར་འཇོག་གོ་།དེ་ལྟར་ཡིན་ན ་ནི་འདི་མ་འོངས་པ་ཉིད་དུ་མི་འགྱུར་རོ། །གང་ལས་ཤེས་ན། གང་གི་ཕྱིར་ན་མ་འོངས་དངོས། །མ་འོངས་བདག་ཏུ་གནས་འགྱུར་པ། །དེ་ཡི་ཕྱིར་ན་ད་ལྟར་པར། །འགྱུར་ཏེ་མ་འོངས་ཉིད་མི་སྲིད། །གང་ཞིག་ལ་ད་ལྟར་ཡོད་པ་ཉིད་ཡོང ་པ་དེ་ནི་ད་ལྟར་པ་ཉིད་དུ་འགྱུར་ཏེ། ད་ལྟར་ཡོད་པའི་ཕྱིར་ད་ལྟར་པའི་རང་གི་བདག་ཉིད་བཞིན་ནོ། །ཅི་སྟེ་དེ་ནི་ད་ལྟར་བའི་བདག་ཉིད་དུ་ཡོད་པ་མ་ཡིན་གྱི། འོན་ཀྱང་མ་འོངས་པའི་བདག་ཉིད་དུ་སྟེ། དེའི་ཕྱིར་དེ་ལྟར་བར་ཡོད་པ ་མེད་པའི་ཕྱིར་འདི་ལ་མ་འོངས་པ་ཉིད་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན་བརྗོད་པར་བྱ་སྟེ། གང་ཞིག་གི་རང་བཞིན་གང་ཡིན་པ་དེ་ནི་བདག་ཉིད་དེར་ཡོད་པར་གྱུར་དང་ད་ལྟར་བར་འགྱུར་རོ། །འདི་ལྟར་སྔོན་པོ་སྔོན་པོའི་བདག་ཉིད་ཀྱི་ཡོང་པ་ད་ལྟར་བར ་འགྱུར་ཀྱི་དེ་སེར་པོའི་བདག་ཉིད་ཀྱིས་མ་ཡིན་པ་དེ་བཞིན་དུ་མ་འོངས་པ་ཡང་མ་འོངས་པའི་བདག་ཉིད་དུ་ཡོད་པ་ན་ད་ལྟར་བ་ཉིད་དུ་འགྱུར་པས་འདི་ལ་མ་འོངས་པ་ཉིད་སྲིད་པར་བྱ་བར་མི་ནུས་སོ། །གྲང་གི་ཚེ་དེ་ལྟར་མ་འོངས་པ་མི་སྲིད་པ་དེའི ་ཚེ་གང་ཞིག་འངས་པ་འམ་ད་ལྟར་པར་འགྱུར་བར་བསཾ་པར་བྱའོ། །དེའི་ཕྱིར་དུས་གསུམ་ཡོང་པ་མ་ཡིན་ནོ། །རང་གི་སྡེ་པ་གང་དག་དངོས་པོ་རྣམས་ལ་རང་གི་མཚན་ཉིད་ཁས་བླངས་ནས་དེ་དུས་གསུམ་ཀར་ཡོད་པའི་ཕྱིར་རང་བཞིན་མི་འདོར ་བའི་དངོས་པོ་ཁོ་ན་རྒྱུ་དང་རྐྱེན་གྱི་ཚོགས་པས་གནས་སྐབས་དེ་དང་དེར་འགྱུར་རོ། །ཞེས་སྨྲ་བ་དེ་དག་ལ་བརྗོད་པར་བྱ་སྟེ། མ་འོངས་པ་ཡོང་འདས་པ་ཡོད། །ད་ལྟར་བ་ཡོད་ཅི་ཞིག་མེད། །གང་གི་དུས་ཀུན་ཡོང་པ་ཉིད། །དེ་ཡི་མི་རྟག་ཉིད ་ག་ལས། །གང་གིས་དངོས་པོ་ད་ལྟར་བར་འགྱུར་བ་འདིའི་རང་གི་ངོ་བོ་གང་ཞིག་བློ་ལ་སྣང་བའི་རང་གི་ངོ་བོ་དེ་ཉིད་མ་འོངས་པའི་གནས་སྐབས་དང་འདས་པའི་གནས་སྐབས་སུ་ཡང་བས་བླངས་པའི་རྒོལ་པ་དེ་ལ་མི་རྟག་པ་ལྟ་ག་ལ་ཡོད། དེའི ་ཕྱིར་ན་དངོས་པོ་རྣམས་རང་བཞིན་གྱིས་རྟག་པ་ཉིད་ཀྱིས་རྟག་པ་ཁོ་ནར་འགྱུར་རོ། །དེ་ལྟར་ཡིན་དང་དེ་ལ་ལུང་དང་འགལ་བར་ཡང་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱེ་མ་འདུ་བྱེད་རྣམས་མི་རྟག་།སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན ་སྐྱེས་ནས་འཇིག་པར་འགྱུར་བ་སྟེ། དེ་དག་ཉི་བར་ཞི་བ་བདེ། །ཞེས་གསུངས་སོ། །ཇི་ལྟར་མ་འོངས་པ་ལ་མ་འོངས་པ་ཉིད་མི་སྲིང་པས་མ་འོངས་པ་ཉིད་མེད་པ་དེ་བཞིན་དུ་འདས་པ་ལ་ཡང་འདས་པ་ཉིད་མི་སྲིད་པ་ཉིད་མེད་པར་བསྟན་པའི ་ཕྱིར་བཤད་པ། འདས་པ་ལ་ནི་འདས་གྱུར་པ། །ཅིའི་ཕྱིར་ན་འདས་པར་གྱུར། །འདས་པ་ལས་ནི་མ་འདས་པ། །ཅི་ཡི་ཕྱིར་ན་འདས་པར་འགྱུར། །འདས་པའི་དུས་གང་ཡིན་པ་དེ་ཅི་འདས་པའི་རང་གི་ངོ་བོ་ལས ་འདས་སམ། འོན་ཏེ་མ་འདས། རེ་ཞིག་གལ་ཏེ་འདས་པ་ལས་འདས་ན་ནི་དེ་འདས་པ་ཞེས་བྱ་བར་མི་རིགས་སོ། །འདས་པ་ཞེས་བྱ་བ་ནི་ཐལ་ཟིན་པ་ལ་བྱ་སྟེ། གང་ཞིག་དེ་ལྟ་དེ་ལས་འདས་ཤིང་བརྒལ་པ་དེ་ཇི་ལྟར་འདས་པར་འགྱུར། འོ་མའི ་དངོས་པོ་ལས་འདས་པའི་ཞོ་ལ་འོ་མ་ཞེས་བྱ་བ་དང་བྱིས་པའི་དངོས་པོ་ལས་འདས་པའི་ལང་ཚོ་ལ་བབ་པ་ལ་བྱིས་པ་ཞེས་བྱ་བར་བརྗོད་པ་མ་ཡིན་ནོ། །དེ་ལྟར་ན་འདས་པ་ལས་འདས་པ་ནི་འདས་པའོ། །ཞེས ་བྱ་བར་མི་རུང་ངོ། །ཅི་སྟེ་འདས་པ་ནི་འདས་པ་ལས་མ་འདས་པ་ཁོ་ནའོ་སྙམ་དུ་སེམས་ན་དེ་ལྟར་ན་ཡང་འདས་པ་ལས་ནི་མ་འདས་པ་སྟེ་འདས་པ་ལས་མི་འདའ་བ་འདས་པའི་བྱ་བས་མི་སྟོང་པ་ཅིའི་ཕྱིར་ན་འདས་པར་འགྱུར་ཏེ། དེ་ལས ་འདས་པ་ཉིད་མི་སྲིད་པ་ཁོ་ནའོ་སྙམ་དུ་དགོངས་སོ། །དེའི་ཕྱིར་དེ་ལྟར་ན་འདས་པ་ལས་མ་འདས་པར་ཡང་འདས་པར་མི་རིགས་སོ། །ཅི་སྟེ་འདས་པ་ནི་འདས་པའི་རང་གི་ངོ་བོ་ལ་རྣམ་པར་གནས་པའི་ཕྱིར་འདས་པ་ལས་མ་འདས་པའང ་ཡིན་ཏེ། དེའི་ཕྱིར་འདས་པ་ལས་མ་འདས་པ་ཁོ་ན་འདས་པར་འགྱུར་རོ་སྙམ་དུ་སེམས་ན། བཤད་པར་བྱ་སྟེ། འདས་པ་གྲུབ་པ་ཡོད་དང་འདི་དེ་ལྟར་འགྱུར་ན། འདས་པ་གྲུབ་པ་དེ་ཉིད་ནི་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་ནོ། །དེ་ནི་རྟོག ་བན་འདས་པ་ལས་འདས་པར་རམ། མ་འདས་པར་རྟོག་གྲང་ན། གཉི་ག་ལྟར་ན་ཡང་དེའི་གྲུབ་པ་མི་སྲིད་པས་འདས་པ་རང་གི་ངོ་བོ་ཉིད་རྗེ་མ་གྲུབ་པར་ཇི་ལྟར་དེའི་བདག་ཉིད་དུ་རྣམ་པར་གནས་ཤིང། འདས་པ་ལས་མ་འདས་པའི་འདས ་པའོ། །ཞེས་བྱ་བར་བརྟག་པར་ནུས། དེའི་ཕྱིར་འདས་པའི་དུས་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །འདས་པ་མེད་ན་ཡང་དེ་ལ་མི་བལྟོས་པའི་འདས་པ་མ་ཡིན་པ་ཡང་མི་སྲིད་པས་དུས་གསུམ་ཆར་ཡང་ངོ་བོ་ཉིད་ཀྱིས་ཡོང་པ་མ་ཡིན་ནོ། །བྱ་བྲག་ཏུ་སྨྲ་བ ་གང་ཞིག་དུས་ཐམས་ཅད་ཡོད་པ་ཉིད་དུ་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བ་ཉིད་བསྔགས་པར་བྱེད་པ་དེ་ལ་སླར་ཡང་བརྒལ་ཞིང་བརྟག་པར་བྱ་སྟེ། གང་མ་འོངས་པར་དོན་ཡོད་པ་ཉིད་དུ་རྟོག་པ་དེ་སྐྱེས་པ་འམ་མ་སྐྱེས་པ་ཞིག་ལ་རྟོག་གྲང། དེ་ལ་རེ ་ཞིག་།གལ་ཏེ་མ་འོངས་སྐྱེས་ཡོང། །ཅི་ལྟར་ད་ལྟ་པར་མི་འགྱུར། །གལ་ཏེ་མ་འོངས་པའི་དངོས་པོ་སྐྱེས་པར་གྱུར་ཏེ་ཡོད་དོ། །ཞེས་བྱ་བ་ཡོངས་སུ་རྟོག་ན་ནི་དེ་སྐྱེས་པ་ཉིད་དུ་གྱུར་པས་ཡོད་པ་ཉིད་ཀྱི་ཕྱིར་ད་ལྟར་བར་འགྱུར་གྱི་མ་འོངས་པར ་མི་འགྱུར་རོ། །ཅི་སྟེ་མ་སྐྱེས་པར་གྱུར་པ་དེ་ལ་ཡོད་པ་ཉིད་དུ་རྟོག་ན། དེ་ལྟར་ན་ཡང། ཅི་སྟེ་དེ་ལ་སྐྱེས་མེད་ན། །མོ་འདས་རྟག་བར་འགྱུར་རམ་ཅི། །གང་ཞིག་མ་སྐྱེས་པར་གྱུར་དང་ཡོད་པ་དེ་ནི་མྱ་ངན་ལས་འདས་པ་བཞིན་དུ་རྟག་པ་ཁོ་ནར་འགྱུར་ཏེ། ་དེའི་ཕྱིར་མྱ་ངན་ལས་འདས་པ་ཁོ་ན་ལར་དེའི་མ་འོངས་པ་ཉིད་ཉམས་པར་འགྱུར་རོ། །ཅི་སྟེ་མ་འོངས་པ་མ་སྐྱེས་པ་ཡིན་མོ་ཀྱི། དེ་ལྟར་ན་ཡང་དེ་ནི་འདུས་མ་བྱས་ལྟར་མི་འཇིག་པ་མ་ཡིན་ནོ། །འདི་ལྟར་རྒྱུ་དང་རྐྱེ་རྣམས་ཀྱིས་དེའི་མ་འོངས་པའི ་དངོས་པོ་ཉམས་པས་ད་ལྟར་བ་ཉིད་དུ་འགྱུར་གྱི། འདུས་མ་བྱས་ནི་དེ་ལྟར་རང་གི་ངོ་པོ་ལས་ཉམས་པ་ཡང་མ་ཡིན་པས་འདི་འདས་མ་བྱས་བཞིན་དུ་རྟག་པ་ཉིད་དུ་མི་འགྱུར་རོ། །དེ་ལྟར་བརྟགས་ན་ཡང། སྐྱེ་པ་མེད་ཀྱང་འཇིགས་ལས། །གལ་ཏེ ་མ་འོངས་མི་རྟག་ན། །དེ་ལྟར་ན་ནི་འོ་ན། འདས་ལ་འཇིག་པ་ཡོད་མི་ཏེ། དེ་ནི་རྟག་པར་ཅིས་མི་རྟོགས། །གལ་ཏེ་རང་གི་ངོ་བོ་ཉམས་པ་ཡོད་པའི་ཕྱིར་མ་འོངས་པ་རྟག་པ་ཉིད་དུ་མི་འདོད་ན་ནི་འོ་ན་དངོས་པོ་འདས་པ་ལ་རང་གི་ངོ་བོ ་ཉམས་པ་ཡོད་པ་མ་ཡིན་པས་ངེ་ཡང་རྟག་གོ་ཞས་བྱ་བར་བརྟག་པར་གྱིས་ཤིག་།ཡང་ན་དངོས་པོ་གང་ཞིག་མི་རྟག་པར་རྟག་ནུས་པར་འགྱུར། གང་གི་ཚེ་ནི?་ནུས་པ་དེའི་ཚེ་དངོས་པོ་ཐམས་ཅད་ལ་མི་རྟག་པ་ཉིད་མི་སྲིང ་པས་རྟག་པ་ཉིད་ཁོ་ནར་འགྱུར་རོ། །དེ་ལ་རེ་ཞིག་།འདས་པ་དང་ནི་ད་ལྟར་བ། །འདི་ནི་མི་རྟག་འགྱུར་མིན་ལ། །རེ་ཞིག་དངོས་པོ་ད་ལྟར་པ་གང་ཡིན་པ་དེ་ལ་ནི་ཇེ་མི་རྟག་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ནི་ད་ལྟར་ཡིན་པ་ཉིད་ཀྱི་ཕྱིར ་ཡོང་པས་རང་བཞིན་ལས་མི་ཉམས་པའི་ཕྱིར་ད་ལྟར་བ་ཞེས་བྱ་བར་བརྗོད་ན། གང་ཞིག་མི་རྟག་པ་ཉིད་ཡིན་པ་དེ་ནི་ད་ལྟར་བ་ཉིད་དུ་མི་འགྱུར་ཏེ། དངོས་པོ་མེད་པ་དང་མངོན་པར་འབྲེལ་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་དག་ཅིག་ཅར ་མི་སྲིང་པའི་ཕྱིར་ཡང་ད་ལྟར་བ་ལ་མི་རྟག་པ་ཉིད་མི་སྲིད་དོ། །དེ་བཞིན་དུ་འདས་པ་ལ་ཡང་མི་རྟག་པ་ཉིད་མི་སྲིད་དེ། འདས་པ་ནི་ཞིག་པ་ལ་བྱ་ན། ཞིག་ཟིན་པ་ནི་སྨར་ཡང་འཇིག་པར་མི་རིགས་ཏེ་དགོས་པ་མེད་པའི་ཕྱིར་དང། རྟེན་མེད་པའི་ཕྱིར ་དང་ཐུག་པ་མེད་པར་ཐལ་བར་འགྱུར་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་།འདས་པ་དང་ནི་ད་ལྟར་བ། །འདི་ནི་མི་རྟག་འགྱུར་མིན་ལ། །མི་རྟག་པ་ཉིད་དེ་ལས་འདས་པ་དང་ད་ལྟར་བ་གཉིས་ལས་མ་གཏོགས་པའི་གོ་སྐབས་གསུམ་པ་ཞིག་རིགས་པ་ཡང་མ ་ཡིན་ནོ། །ཞེས་བཤད་པ། །དེ་དག་ལས་གཞན་རྣམ་པ་ནི། །གསུམ་པ་འང་དེ་ལ་ཡོད་མ་ཡིན། །གང་གི་ཚེ་སྐྱེས་པ་མི་རྟག་པའི་རྟེན་ལ་མི་རྟག་པ་ཉིད་མི་སྲིད་པ་དེའི་ཚེ་ནམ་མཁའ་ལ་སོགས་པ་བཞིན་དུ་དེ་སྐྱེ་བས་སྟོང་པའི་མ་འོངས་པ་ལ་དེ་ཡོད་པར ་འགྱུར་རོ། །ཞེས་བྱ་བ་ནི་གཏན་མ་འབྲེལ་བ་ཞིག་གོ་།མི་རྟག་པ་ཉིད་དང་བྲལ་བ་ནམ་མཁའ་ལ་སོགས་པ་ལ་དུས་གསུམ་རྟོག་པ་རིག་པ་དང་ལྡན་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་དུས་གསུམ་མི་རིགས་སོ། །འདིར ་སྨྲས་པ། མ་འོངས་པའི་དངོས་པོ་ནི་ཡོད་པ་ཉིད་དེ། རྐྱེན་རྣམས་ཡོང་ན་དེ་སྐྱེ་བར་མཐོང་བའི་ཕྱིར་རོ། །སྔར་མེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་ལྟར་ཕྱིས་སྐྱེ་བ་མི་རིགས་ཏེ། དེའི་ཕྱིར་སྐྱེ་བ་མཐོང་བ་ལས་ནི་མ་འོངས་པའི་དངོས་པོ་ཡོང་ངོ། །དེ་ལྟར་རྟགས་ན་ཡང་དངོས ་པ་གང་ཞིག་ཕྱིས་སྐྱེ་བ། དེ་ནི་གལ་ཏེ་སྔར་ཡོང་ན། དེ་ཡི་ཕྱིར་ན་ཕྱུག་སྨྲ་བ། །རྣམས་ཀྱི་ཕྱོགས་ནི་ལོག་མི་འགྱུར། །གལ་ཏེ་གང་ཞིག་སྐྱེ་བའི་སྔ་རོལ་ན་དངོས་པོ་མེད་ཅིང་ངོ་བོ་མེད་པའི་ཕྱིར་རྒྱུ་དང་རྐྱེན་རྣམས་ཀྱིས་བསྐྱང་པ་དེ་བསྐྱེད་པའི་སྔ་རོལ་ན་རང་གི་ངོ ་བོས་ཡོད་དོ། ཞེས་བྱ་བར་རྟོག་ན་དེ་ལྟ་ཡིན་དང། ཕྱུག་སྨྲ་བ་སྟེ། རང་བཞིན་སོ་སོར་ངེས་པའི་འགྲོ་བ་རྒྱུ་མེད་པ་སྐྱེས་བུའི་བྱེད་པས་སྟོང་ཞིང་འཐང་བ་དང་འགལ་བ་སྨྲ་བ་རྣམས་ཀྱི་པས་བླངས་པ་ལོག་པར་མི་འགྱུར་བ་ཞིག་ན་དེ་དག་གི་སྨྲ་བ་ནི་ལོག ་པ་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱོགས་མཐོང་བ་དང་མ་མཐོང་བ་དང་འགལ་པའི་ཕྱིར་རོ། །དེ་རྣམས་ཀྱི་ལྟར་ན་འགྲོ་བ་སྐྱེས་བུའི་བྱེད་པ་ལ་མི་བལྟོས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པར་འགྱུར་ལ། དེ་མེད་པའི་ཕྱིར་འགྲོ་བ་ཐམས ་ཅང་བོང་བུའི་རྭ་ལྔར་བཟུང་དུ་མེད་པར་འགྱུར་བས་གནམ་གྱིས་བསྐོས་པར་སྨྲ་བར་མི་རིགས་སོ། །གལ་ཏེ་དངོས་པོ་མ་འོངས་པ་ཡོང་པར་སྨྲ་བ་འདི་རིགས་པར་འགྱུར་ན་ནི་དེའི་ཚེ་ཕྱུག་སྨྲ་བ་རྣམས་ཀྱི་སྨྲ་བ་ཡང་རིགས་པར་འགྱུར་བས་མ་འོངས ་པའི་དོན་ཡོད་པར་སྨྲ་བ་མི་རིགས་སོ། འདི་ལས་ཀྱང་མི་རིགས་ཏེ། གང་གི་ཕྱིར། གང་ཞིག་འབྱུང་པར་བྱེད་པ་ནི། །སྔར་ཡོད་ཅེས་བྱར་མི་རིགས་ཏེ། གལ་ཏེ་ཡོང་པ་སྐྱེ་འགྱུར་ན། སྐྱེས་ཟིན་པ་ཡང་འབྱུང་བར་འགྱུར། །དོན་གང་ཞིག་རྒྱུ ་དང་རྐྱེན་རྣམས་ཀྱིས་འབྱུང་བ་སྟེ་སྐྱེད་པར་བྱེད་པ་དེ་ནི་སྐྱེས་པའི་སྔ་རོལ་དུ་ཡོང་དོ། ཞེས་བྱ་བར་མི་རིགས་སོ། །གལ་ཏེ་ཡོང་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་ཡོང་ཅིང་བདོག་པ་ཡང་སྐྱེ་བར་འགྱུར་ན་ཡང་པ་ནི་ཡང་སྐྱེ་བར་རིགས་པ་ཡང་མ་ཡིན་ཏེ། ་དགོས་པ་མེད་པའི་ཕྱིར་རོ། །འཁོར་པའི་བར་དུ་ཡང་དང་ཡང་དུ་སྐྱེ་བར་སྐྱེ་བ་ཡོངས་སུ་མ་རྫོགས་པར་གྱུར་པའི་དོན་གཅིག་ཁོ་ན་ཐུག་པ་མེད་པར་ཐལ་པའི་ཕྱིར་དེ་ལ་དངོས་པོ་གཞན་མི་འཇུག་པར་རྒྱུ་དང་འབྲས་བུའི ་དངོས་པོ་འགལ་བར་གྱུར་ན་དངོས་པོ་རྒྱུ་དང་འབྲས་བུར་གྱུར་པ་རྣམས་ལ་རྒྱུན་རྗེས་སུ་འཇུག་པའི་དེ་ཡོད་པ་ཡང་མ་ཡིན་པས་དངོས་པོ་མ་འོངས་པ་ཡོད་པར་སྨྲ་བར་མི་རིགས་སོ། །འདིར་སྨྲས་པ། མ་འོངས་པ་ནི་ཡོད་པ་ཉིད་དེ། དེ་ལ་དམིགས་པ་རྣལ ་འབྱོར་པའི་སྨོན་ནས་ཤེས་པ་ཡོད་པའི་ཕྱིར་དང། དོན་ཇི་ལྟ་བ་བཞིན་དུ་མ་འོངས་པ་ལུང་བསྟན་པའི་ཕྱིར་དང། དེ་ཡང་དེ་ཁོ་ན་ལྟར་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་ལ་ནི་འདི་སྲིད་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། ཁྱོད་ཀྱི་རྟོག ་བས། །མ་འོངས་པ་ཡི་དངོས་མཐོང་ན། །དངོས་པོ་མེད་པ་ཆིས་མི་མཐོང། །སྐྱེ་བའི་སྔ་རོལ་གྱི་གནས་སྐབས་ན་མ་འོངས་པའི་དངོས་པོ་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །ཞེས་བསྟན་ཟིན་ཏོ། །གལ་ཏེ་ཡོད་པ་མ་ཡིན་པའི་དངོས་པོ་རྣལ ་འབྱོར་པ་རྣམས་ཀྱིས་མཐོང་ན་ནི་མོ་གཤམ་གྱི་བུ་ལ་སོགས་པ་དག་ཀྱང་མཐོང་པར་འགྱུར་རོ། །གཉིས་ཀ་ཡང་རང་བཞིན་མེད་པ་ཉིད་དུ་མཚུངས་བཞིན་དུ་དེས་གཅིག་མཐོང་ལ་ཅིག་ཤོས་མ་ཡིན་ནོ། ཞེས་བྱ་བར་མི་རིགས་སོ། །ཡང་ཅི ་རྣལ་འབྱོར་པ་རྣམས་ཀྱིས་མ་འོངས་པ་མི་མཐོང་དམ་ཞེ་ན། ཇི་ལྟར་ཁྱེད་ཅག་ཡོངས་སུ་རྟོག་པར་བྱེད་པ་དེ་ལྟར་མི་མཐོང་ངོ། །ཇི་ལྟར་མ་འོངས་པའི་དོན་དེ་ད་ལྟར་བའི་གནས་སྐབས་སུ་འགྱུར་བར་བྱ་དགོས་པ་དེ་ལྟར། དེ་རྣམས་ལ་སྨོན་ནས ་ཤེས་པའི་སྟོབས་ཀྱིས་དྲངས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ཤེས་པ་དེ་སྐྱེ་བ་ན་དེ་ལྟར་དོན་གྱི་རྣམ་པར་ཡོངས་སུ་རྟོག་ཅིང་སྐྱེའི། ཤེས་པ་དེ་ད་ལྟར་བའི་སྔོན་པོ་ལ་དམིགས་པའི་ཤེས་པ་ལྟར་ཉེ་བར་གྱུར་པའི་རྣམ་པའི་རྗེས་སུ་བྱེད་པར ་ནི་མི་སྐྱེ་སྡེ། ཤེས་པའི་དོན་དེ་ད་ལྟར་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་དངོས་པོ་ཡོད་པར་སྨྲ་བའི་ལྟར་ན་ནི་ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་དེ་སྲིད་དུ་དེ་ལྟར་རང་གི་ངོ་བོ་ཡང་ཡིན་པ་ཉིད་ལ། གང་གི་ཚེ་རང་གི་ངོ་བོ་དང་བྲལ ་བ་དེའི་ཚེ་དི་ལ་དངོས་པོ་དེ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་བོང་བུའི་རྭ་དང་འདྲ་པས་གཉིས་སུ་སྨྲ་པ་ལས་མ་འདས་པའི་ཕྱིར་འདིའི་མངོན་པར་འདོད་པ་ཐམས་ཅད་འགྲིགས་དཀའ་པར་འགྱུར་རོ། །དངོས་པོ་རང་བཞིན་མེད་པ་སྨྲ་བའི་ལྟར་ན་ནི ་དངོས་པོའི་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་མི་སྲིད་པ་ལས་དངོས་པོའི་རྟོག་པ་ཐག་རིང་པོར་སྤངས་པ་ཡིན་ནོ། །གང་གིས་སྐྱེ་བར་འགྱུར་བར་བྱ་དགོས་པ་དེ་ནི་མེད་པ་ཉིད་མ་ཡིན་ནོ། །གལ་ཏེ་དེ་མེད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་བོང་བུའི་རྭ་ལ། ་སོགས་པ་ལྟར་སྐྱེ་བར་མི་འགྱུར་རོ། །ཅི་སྟེ་ཡོད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་ད་ལྟ་བ་ཉིད་བཞིན་དུ་སྐྱེ་བར་མི་འགྱུར་བ་ཞིག་ན། དེ་ལ་སྐྱེ་བའང་ཡོད་དེ། དེའི་ཕྱིར་གཉིས་མེད་པར་སྨྲ་བ་འདི་གྲུབ་བོ། །གང་གི་ཕྱིར་དེ་ལ་མེད་པ་ཉིད་མེད་པ་དེ ་ཉིད་ཀྱི་ཕྱིར་མ་འོངས་པ་མཐོང་བ་མི་འགལ་ལ། གང་གི་ཕྱིར་ཡོད་པ་ཉིད་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་མ་འོངས་པའི་བསྙད་པ་ཡང་གྲུབ་པོ། །འདི་ཡང་འཇིག་རྟེན་པའི་ཐ་སྙད་ཡིན་གྱི་དོན་དཾ་པ་ནི་མ་ཡིན་པས་འདི་ལ་གཅིག་ཏུ་ངེས་པར་འཐང་བ་ ་མི་འཇུག་གོ་།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མ་འོངས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱིས་བརླབས་ཀྱིས་འཕངས་པའི་སྒྲ་དོན་ཇི་ལྟ་བ་བཞིན་སྟོན་པར་བྱེད་པའི་སྟོབས་བསྐྱེད་པ་ལས་དེ་རྣམ་པ་དེ་ལྟ་བུའི་ཆོས ་ཉན་པར་འགྱུར་བའི་ལས་ཀྱི་མཐུས་ཤེས་བའི་རྒྱུད་ཡོངས་སུ་འགྱུར་ཞིང་དེ་ལྟ་བུའི་རྣམ་པ་དང་རྗེས་སུ་འབྲེལ་པའི་ཤེས་པ་སྐྱེས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་དོན་དེ་རྟོགས་པ་ན་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར ་འགྱུར་ཞིང་དུས་གཞན་དཱུང་དོན་ང་ལྟ་བར་འགྱུར་བ་དེ་དེ་ལོན་ལྟར་ཁོང་དུ་ཆུང་པར་འགྱུར་རོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མ་འོངས་པའི་ཡེ་ཤེས་རྣམ་པར་བཞག་གི། ཆོས་ཀྱི་རང་བཞིན་ལ་བཞུགས་པ་དེ་རྣམས ་ཀྱིས་ཅུང་ཟད་ཅིག་གཟིགས་པ་འམ་གསུང་པ་ནི་མ་ཡིན་ཏེ། སྤོས་པས་ཆོག་གོ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། འཁྲུལ་འཁོར་ལས་བྱས་སིལ་སྙན་ན། །རླུང་གི་བསྐུལ་བས་སྒ་འབྱིན་ཞིན། །དེ་ལ་རྡུང་པ་འགའ་མང་མོད། །དེ་ལྟ་ན་པར? ་སྒྲ་འབྱིན་ལྟར། །དེ་བཞིན་སྔོན་ལེགས་སྦྱངས་པའི་ཕྱིར། །སེམས་ཅན་ཀུན་གྱི་བསམ་པ་ཡིས། །བསྐུལ་པའི་སངས་རྒྱས་གསུང་འབྱུང་མོད། །དེ་ལ་འདིར་རྟོག་ཡང་མི་མདའ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ན་རེ་ཞིག་མ་འོངས་པའི ་དངོས་པོ་ཡོང་པར་སྨྲ་པ་ལ་མ་འོངས་པ་མཐོང་བ་མི་སྲིད་ངོ། །གཞན་ཡང་གང་གི་ལྟར་ན་མ་འོངས་པའི་དོན་རང་གི་ངོ་བོས་ཡོད་པ་དེའི་ལྟར་ན་དེ་རིང་བར་མི་འགྱུར་བ་ཞིག་ན། འདི་ལ་རིང་བ་ཉིད་ཡོད་པ་ཡང་ཡིན་ནོ། །ཆོས་རིང་བ་རྣམས་གང་དག ་ཅིག་ཅན། འདས་པ་དང་མ་འོངས་པའོ། །ཆོས་ཉེ་བ་རྣམས་ཀྱང་གང་ངག་ཅིག་ཅེ་ན། ད་ལྟར་བྱུང་བའོ། ཞེས་ཁས་བླངས་པའི་ཕྱིར་དེའི་ལྟར་ན་མ་འོངས་པ་རིང་པ་ཡིན་ནོ། །འདིའི་རིང་བ་ཉིད་དེ་ཡང་མི་རིགས་སོ། །ཞེས་བསྟན་པའི་ཕྱིར་བཤད་པ། ་གང་ལ་མ་འོངས་ཡོད་འགྱུར་བ། །དེ་ལ་རིང་པ་ཡོད་མ་ཡིན། །ད་ལྟར་བ་བཞིན་ཡོད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདིས་དགེ་བའི་བཤེས་གཉེན་དང་ཕྲང་པས་ཆོས་མཉན་པའི་སྒོ་ནས་དབང་པོ་ཡོངས་སུ་སྨིན་པ་ལས་བྱུང་བའི་རྐྱེན་གྱིས ་སྤྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བདག་ཉིད་ཅན་གྱི་ཆོས་བྱ་དགོས་པ་གང་ཡིན་པ་ང་ཡང་མ་འོངས་པའི་དོན་ཡོང་པར་སྨྲ་བའི་ཕྱིར་དེ་ལ་ཡོད་པ་ཉིད་དོ། །དེའི་ཚོ། གལ་ཏེ་བྱས་པ་མེད་ཀྱང་ཆོས། །ཡོད་ན་ངེས་སྡོམ་དོན་མེད་འགྱུར ་གང་གི་དོན་དུ་འདི་ལུས་དང་ངག་དང་ཡིད་རྣམས་ཡང་དག་པར་སྡོམ་པའི་ཆོས་དེ་འདི་ལ་མ་བྱས་པ་ཁོ་ནར་ཡོད་པས་དེ་ཉེ་བར་བསགས་པར་བྱ་བའི་ཕྱིར་ངེས་པར་སྡོམ་པའི་ངལ་བ་དོན་མེད་པར་འགྱུར་ཏེ་མེད་ཀྱང་དེ་ཡོད་པའི་ཕྱིར་རོ། །ཅི་སྡེ་འདིའི་ངེས་པར་སྡོམ་པ་དེས ་ཆོས་དེ་ལ་ཁྱད་པར་འགའ་ཞིག་སྒྲུབ་ན་ནི། བྱང་པར་དེ་ཉིད་སྔར་མེད་བཞིན་དུ་ཕྱིས་བྱེད་པས་འདིའི་མ་འོངས་པའི་དོན་ཡོད་པར་སྨྲ་བ་ཉིད་ཉམས་པར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་བཤད་པ་ནི། ཅི་སྟེ་ཅུང་ཟད་བྱེད་ན་ཡང། །འབྲས་བུ་ཡོད་པ་མི ་སྲིད་ངོ། །ཞེས་བྱ་བའོ། །གཞན་ཡང་གང་གི་འདུ་བྱེད་རྣམས་མི་རྟག་གོ་།ཞེས་ཁས་བླངས་པ་དེའི་ལྟར་ན་མི་རྟག་པ་ཉིད་དུས་གསུམ་ཆར་ལ་ཡང་མི་འཁྲུལ་པའི་ཕྱིར་གང་མི་རྟག་པ་དེ་སྔ་ཕྱིའི་ཆ་གཉིས་ངེས་པར་ཡོད་པ་མ་ཡིན་པར་འགྱུར་པར་བྱ ་དགོས་ཏེ། དེ་ལྟ་ཡིན་ནི་འདིའི་མི་རྟག་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ཅི་སྟེ་སྐྱེ་བའི་སྔོན་དང་ཕྱིས་ཀྱི་གནས་སྐབས་གཉིས་ན་དེ་ཡོད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་དེ་རྟག་པ་ཉིད་དུ་འགྱུར་རོ། །ཅི་སྟེ་འདིས་མི་རྟག་པ་ཉིད་ཁས་ལེན་ན་ནི། དེའི་ཚེ་དེའི། མི ་རྟག་ཡིན་ན་ཇི་ལྟ་བུར། འབྲས་བུ་ཡོད་ཅེས་བྱ་བར་འགྱུར། །འདི་གཉིས་ནི་པན་ཚུན་འགལ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་ལས་གང་ལ་ཐོག་མ་མཛའ་ཡོད་པ། །དེ་ལ་འཇིག་རྟེན་མི་རྟག་བཤད། །གང་གི་སྔ་རོལ་དུ་དངོས་པོ་གཞན ་མེད་བ་དེ་ནི་འཇིག་རྟེན་ན་ཐོག་མ་ཞེས་བྱ་ལ། གང་གི་འོག་རོལ་དུ་དངོས་པོ་གཞན་མེད་པ་དེ་ནི་མཛའ་ཞེས་བརྗོད་ལ། དོན་གང་ལ་ཐོག་མ་དང་ཐ་མ་ཡོད་པ་དེ་ནི་མི་རྟག་པའོ། ཞེས་འཇིག་རྟེན་མངོན་པར་འདོད་དོ། །དངོས་པོ་ཡིན་གང་ཞིག་སྐྱེ་བས ་བྱེད་པ་དང་པོ་ཡོད་ཅིང། གང་ཞིག་མི་རྟག་པ་ཉིད་ཀྱིས་བྱེད་པ་ཐ་མ་ཡང་ཡིན་ཏེ། དེའི་ཕྱིར་ཐོག་མ་དང་ཐ་མ་ཡང་ཡོད་པས་རྟག་པར་སྨྲ་བ་མེད་དང། དེའི་འབྲས་བུ་ཡོད་པར་སྨྲ་བ་མི་རིགས་སོ། །གང་ཞིག་འབྲས་བུ་ཡོད་པར་སྨྲ་བ་ལ་སྐྱོན་མཐོང་པས ་མ་འོངས་པ་མེད་དོ། །ཞེས་བྱ་བར་རྟོགས་པ་དེའི་ལྟར་ན་ཡང། སྒྲིམ་པ་མེད་པར་ཐར་འགྱུར་ཏེ། །གྲོལ་ལ་མ་འོངས་ཡོད་མ་ཡིན། །མ་འོངས་པའི་ཉོན་མོངས་པ་དང་སྐྱེ་བ་དག་མེད་པས་སྒྲིམ་པ་མེད་པར་ཏེ་འཕགས ་པའི་ལམ་བསྐྱེད་བ་མེད་པར་ཡང་འདི་གྲོལ་བར་འགྱུར་རོ། །གྲོལ་བ་རྣམས་ལ་ནི་འཕགས་པའི་ལམ་གྱི་སྟོབས་ཀྱིས་མ་འོངས་པའི་ཉོན་མོངས་པ་དང་སྐྱེ་བ་གཉིས་མི་སྐྱེ་བའི་ཕྱིར་མ་འོངས་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་གྲོལ་བ་རྣམས་ལ་མ ་འོངས་བ་མེད་པར་སྒྲ་མེད་པར་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་རྣམས་བཞིན་དུ་འབྲས་བུ་མ་འོངས་པ་མེད་པར་སྨྲ་བ་འདི་ཡང་སྒྲིམ་པ་མེད་པར་ཐར་པར་འགྱུར་ན། །འདི་ནི་དེ་ལྟར་ཡང་མ་ཡིན་པས་འབྲས་བུ་མེད་པར་སྨྲ་བར་མི་རིགས་སོ། །ཐར་པར་ཐལ ་བར་འགྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདིའི་ཕྱིར་ན་རྒྱུ་མེད་པ་ཅན་དུ་སྨྲ་བར་ཡང་འགྱུར་རོ། ཞེས་བསྟན་པའི་ཕྱིར་བཤད་པ། ཆགས་མེད་པར་ཡང་འདོད་ཆགས་ནི། །ད་ལྟ་ཡིན་ན་འབྱུང་བར་འགྱུར། །མ་འོངས་པ་མེད་ན་རྣམ་པར ་ཤེས་པ་སྐྱེའོ། །ཞེས་བྱ་བར་མི་འགྱུར་ཏེ། རྣམ་པར་ཤེས་པ་ནི་མ་འོངས་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡིན་དང་རྟེན་མེད་པའི་སྐྱེ་པའི་བྱ་བ་མི་འབྱུང་ངོ། །དེ་བཞིན་དུ་ཆགས་པའི་རྟེན་ཅན་འདོད་ཆགས་ཀྱང་སྐྱེ་བའི་བྱ་བ་བཞིན་རྟེན ་གྱི་གཞན་གྱི་དབང་ཡིན་ཏེ། དེ་ཆགས་པ་མེད་པར་འདོད་ན་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་ན། རྒྱུ་མེད་པ་ཅན་ནི་སྲིད་པ་ཡང་མ་ཡིན་ཏེ། དགྲ་བཅོམ་པ་ལ་ཡང་འདོད་ཆགས་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་མེད་པ ་ཅན་གྱི་སྐྱེ་བ་མེད་དོ། །གང་གི་ཚེ་སྐྱེ་བ་རྒྱུ་མེད་པ་ཅན་མི་སྲིད་པ་དེའི་ཚེ་མ་འོངས་པ་མེད་པ་ཉིད་དུ་མི་རིགས་སོ། །ཡང་གི་སྒྲས་ནི་ཆགས་པ་མེད་པར་ཡང་འདོད་ཆགས་སུ་འགྱུར་བའམ། ཡང་ན་མ་འོངས་པ་མེད་པ་མ་ཡིན་ཞེས་བྱ་བ ་རྣམ་པར་རྟོག་པའི་དོན་ཏོ། །ད་ནི་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་གཉི་གའི་ལྟར་ན་ཡང་རྒྱུས་འབྲས་བུ་སྒྲུབ་པར་མི་ནུས་པ་མངོན་པར་གསལ་པར་བྱ་བའི་ཕྱིར་བཤད་པ། འབྲས་བུ་ཡོད་ཉིད་གང་འདོད་དང། འབྲས་བུ་མེད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ ་ཀ་བ་ལས། །སོགས་པའི་རྒྱུན་ནི་དོན་མེད་འགྱུར། །གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་དག་ནི་འབྲས་བུ་ཡོད་པར་སྨྲ་བ་ཉིད་དོ། །གྲངས་ཅན་པའི་ལྟར་ན་ནི་གང་ཞིག་ཡོད་པ་དེ་ཁོ་ན་ཡིན་ལ། གང་ཞིག་ཡོད་པ་མ་ཡིན་པ་དེ་མེད་པ་ཁོ་ན་སྟེ། མེད་པ་ལ་སྐྱེ ་བ་མེད་ཅིང་ཡོད་པ་ལ་འཇིག་པ་མེད་དོ། །ཞེས་ཁས་ལེན་ཏེ། ད་ནི་མེད་པ་མི་བྱེད་པའི་ཕྱིར་དང་ཉེ་བར་ལེན་པ་འཛིན་པའི་ཕྱིར་དང། ནུས་པས་ནུས་པ་བྱེད་པའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པས་འབྲས་བུ་ཡོད་པ་ཉིད་སྐྱེ་སྟེ། འབྲས་བུ་མེད་པར་སྨྲ་བ་ཡིན ་ན་ནི་ཐམས་ཅད་ལས་འབྱུང་བར་འགྱུར་ན། འདི་ནི་དེ་ལྟ་ཡང་མ་ཡིན་ནོ། །དེའི་ཕྱིར་ཡོད་པ་ཁོ་ན་འབྲས་བུར་འགྱུར་རོ་སྙམ་དུ་སེམས་སོ། །བྱེ་བྲག་ཏུ་སྨྲ་བ་པ་ཡང་རང་བཞིན་མ་བྱུང་བ་ལས་འབྱུང་བར་ཐལ་བས་འཇིགས་པས་དུས་གསུམ་ཆར་དུ་ཡང ་ཡོད་པ་ཉིད་དུ་རྟོག་ཅིང་ཚོགས་པ་ཡང་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་མ་ཡིན་པས་དུས་གསུམ་གར། རྣམ་པར་གནས་པའི་རང་གི་མཚན་ཉིད་ཀྱི་རྫས་ནི་རྒྱུ་དང་རྐྱེན་གྱི་ཚོགས་པས་ད་ལྟར་བའི་གནས་སྐབས ་ཙམ་ཞིག་འདུ་བྱེད་ཀྱི། སྔན་མེད་པའི་རྫས་བསྐྱེད་པ་མ་ཡིན་ནོ་སྙམ་དུ་སེམས་སོ། །བྱེ་བྲག་པ་དང་མདོ་སྡེ་པ་དང་རྣམ་པར་ཤེས་པར་སྨྲ་བ་དག་ནི་འབྲས་བུ་མེད་པར་སྨྲ་བ་སྟེ། དེ་དག་གིས་ནི་འབྲས་བུ་ཡོད་པ་སྐྱེ་བ་དོན་མེད་པར་སེམས་ཤིང་འབྲས ་བུ་མེད་པ་ཁོ་ན་སྐྱེའོ། །ཞེས་བྱ་བར་རྟོགས་སོ། །དེ་ལ་བྱེ་བྲག་པ་རྣམས་ཀྱི་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལས་དོན་གཞན་རྡུལ་གཉིས་འདུས་པ་ལ་སོགས་པ་ཡན་ལག་ཅན་གྱི་རྫས་སྐྱེ་པར་རྟོགས་ཤིང་འབྲས་བུ་མེད་པ་ཁོ་ན་སྐྱེའོ། །ཞེས་བྱ་བར ་རྟོགས་སོ། །དེ་བཞིན་དུ་མདོ་སྡེ་པ་རྣམས་ཀྱང་དགེ་སློང་དག་དེ་ལྟར་ན་མིག་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་ཀྱང་རྣམ་པར་འཇིག་པར་འགྱུར་རོ། །ཞེས་བྱ་བའི་ལུང་ལས་ནི་གཏན་ཚིགས་སྔ་མ་འབྲས་བུ་མེད་པ་སྐྱེའོ ་སྙམ་དུ་སེམས་སོ། །རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱང་དངོས་པོའི་རྣམ་པ་མཛའ་དག་སྐྱེ་བའི་རྒྱུ་བག་ཆགས་ཀྱི་ཁྱད་པར་གཞག་པས་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་ཡོངས་སུ་སྨིན་པའི་རྐྱེན་ཉེ་བ་ལས་འཇུག་པའི་རྣམ་པར་ཤེས ་པ་ལ་སོགས་པ་གང་དང་གང་སྐྱེ་བ་དེ་དང་དེ་ནི་མེད་པ་ཁོ་ན་སྐྱེའོ་ཞེའོ། །དེ་ལྟར་ན་རྒོལ་བ་དེ་དག་ནི་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་ཉིད་ལས་མི་འདའ་སྟེ། བདག་ཉིད་ཇི་ལྟ་བ་བཞིན་དུ་དངོས་པོའི་རང་གི་མཚན་ཉིད་ཁས་བླངས་པའི་ཕྱིར་ལ། དེ་ཡང ་ཡོད་པ་དང་མེད་པར་རྟོག་པ་གཉིས་ལས་ཐ་དད་པར་རྣམ་པ་གཞན་དུ་བརྟག་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་རྒོལ་པ་གཉིས་པོ་འདི་དག་ལས་རེ་ཞིག་འབྲས་བུ་ཡོད་པར་སྨྲ་བ་ལ་ཁྱིམ་གྱི་དོན་དུ་ཀ་བ་དང་སྒོ་སྐྱེས་ལ་སོགས་པ་རྣམས ་ཀྱི་རྒྱན་པ་ཏྲ་དང་བྱ་ལ་སོགས་པ་བཀོད་པའི་ཁྱད་པར་སྤྲས་པའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་མ་རུང་སྟེ། དེའི་འབྲས་བུ་ཁྱིམ་ཡོད་པའི་ཕྱིར་དང། རྣམ་པ་གཞན་དུ་བསྒྲུབ་པར་བྱ་བ་ཉིད་དུ་ཁས་ལེན་ན་ཡང་འབྲས་བུ་མེད་པར་སྨྲ་བར་ཐལ ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་འབྲས་བུ་མེད་པར་སྨྲ་བདེའི་ལྟར་ན་ཡང་ཀ་བ་ལ་སོགས་པའི་རྒྱན་ཇི་སྐད་བཤད་པར་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། དེའི་འབྲས་བུ་མེད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་སུས་ཀྱང ་སྒྲུབ་པར་ནུས་པ་མ་ཡིན་ཏེ། དེ་བཞིན་དུ་འབྲས་བུ་མེད་པ་སྨྲ་བ་ལ་ཡང་འབྲས་བུ་ཁྱིམ་འགྲུབ་པར་མི་འགྱུར་རོ། །ཅི་སྟེ་སྐྱོན་འདི་སྤང་བར་འདོད་པས་འབྲས་བུ་རྣམ་པ་ཐམས་ཅད་དུ་མེད་པར་ཁས་མི་ལེན་ན་ནི་འོ་ན་དེའི་འབྲས་བུ་མེད་པར་སྨྲ་བ ་ཉམས་པར་འགྱུར་རོ། །ཇི་ལྟར་ཡོད་པ་དང་མེད་པའི་ཁྱིམ་བསྒྲུབ་པར་བྱ་བའི་ཕྱིར་ཀ་པ་ལ་སོགས་པའི་རྒྱན་མི་རིག་པ་དེ་བཞིན་དུ་ཡོད་པ་དང་མེད་པ་བརྟགས་ནས་ཕྱི་དང་ནང་གི་དངོས་པོ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཐམས་ཅད་ལ་ཡང་རྒྱ་ས ་བོན་དང་མ་རིག་པ་ལ་སོགས་པ་དོན་མེད་པར་སྦྱར་བར་བྱའོ། །གང་གི་ལྟར་ན་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་པ་དེའི་ལྟར་ན་ནི་རྣམ་པ་ཐམས་ཅད་དུ་དངོས་པོ་ཡོད་པ་ཉིད་མེད་པའི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པའི་རྟོག་པ་དང་དངོས་པོའི་ཆོས ་ཀྱི་རྟེན་ཅན་རྣམས་མི་སྲིད་པས་བཤད་ཟིན་པའི་ཉེས་པའི་གོ་སྐབས་མེད་པ་ཡིན་དང། ཐམས་ཅད་འགྲུབ་པོ། གང་སྐྱེ་བ་དེ་ནི་སྐྱེ་པའི་སྔ་རོལ་ན་ཡོད་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཕྱིར་དང་སྐྱེ་པ་དོན་མེད་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། རང་བཞིན ་མེད་པའི་ཕྱིར་དང། སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་མཁས་པས་མཛའ་གཉིས་སྤངས་ནས་རྟེན་ཅིང་འགྲེལ་པར་འབྱུང་བ་ཁས་བླང་པར་བྱའོ། །དེའི་ཕྱིར་དངོས་པོ་རྣམས་རང་བཞིན་མེད་པར་འགྲུབ་པོ། །དེ་ལྟར་ན་རེ་ཞིག་འདས ་པ་དང་མ་འོངས་པ་གཉིས་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ་ཁྱོད་ཀྱིས་འདས་པ་དང་མ་འོངས་པའི་དུས་དག་བཀག་མོད་ཀྱི། དེ་ལྟར་ན་ཡང་རེ་ཞིག་ད་ལྟ་བ་ནི་ཡོད་པ་ཡིན་ཏེ། དེ་ཡོད་པས་མ་འོངས་པ་ཡང་ཡོད་པར ་འགྱུར་རོ། །མ་འོངས་པའི་གནས་སྐབས་ཀྱི་དངོས་པོ་ནི་ཡོངས་སུ་འགྱུར་བས་ད་ལྟར་བ་ཉིད་དུ་འགྱུར་རོ། །གལ་ཏེ་མི་འགྱུར་ན་ནི་གང་ཞིག་ཡོངས་སུ་འགྱུར་བས་ད་ལྟར་བར་འགྱུར། དེའི་ཕྱིར་ད་ལྟར་ཡོད་པས་མ་འོངས་པ་ཡོད་དོ། ། ་བཤད་པར་བྱ་སྟེ། གལ་ཏེ་ཡོངས་སུ་འགྱུར་བ་ཉིད་ཡོད་ན་ནི་དེ་ལྟར་འགྱུར་བ་ཞིག་ན། དེ་ནི་སྲིད་པ་མ་ཡིན་ཏེ། ཅི་སྟེ་ཞེ་ན། འདི་ན་ཡོངས་སུ་འགྱུར་བ་འདི་མ་འོངས་པའི་དོན་ལ་རྟོག་པ་ན་རང་གི་ངོ་བོ་ཉམས་པས་རྟག་གམ་གནས ་པས་རྟོག་གྲང་ན། གལ་ཏེ་རེ་ཞིག་རང་གི་ངོ་བོ་ཉམས་པས་ཡིན་ན་ནི་དེའི་ཚེ་གཅིག་འཇིག་ཅིང་གཞན་སྐྱེ་བ་ཡོངས་སུ་འགྱུར་བ་ཡིན་པས་སྐྱེ་བ་དང་འཇིག་པ་དག་ཁོ་ན་ལ་ཡོངས་སུ་འགྱུར་བ་ཞེས་བྱ་བར་འགྱུར ་གྱི། གནས་པའི་རྫས་ཀྱི་ཆོས་གཞན་ལོག་ནས་ཆོས་གཞན་འབྱུང་བ་ནི་ཡོངས་སུ་འགྱུར་བ་མ་ཡིན་ནོ། །ཅི་སྟེ་ཁོ་བོ་ཅག་གི་ཡོངས་སུ་འགྱུར་བ་ནི་འདི་འདྲ་བ་ཁོ་ན་ཡིན་ཏེ། འདི་ལྟར་དཔེར་ན་བ་ལང་གི་ཁུ་བཅུད་ཀྱི་རྫས་གནས་པའི་ཆོས ་གཞན་འོ་མའི་དངོས་པོ་ལོག་དང་ཆོས་གཞན་ཞོའི་དངོས་པོ་འབྱུང་བ་ཡོངས་སུ་འགྱུར་བ་ཡིན་པ་དེ་བཞིན་དུ་ཡོན་ཏན་གསུམ་པོ། རྡུལ་དང་མུན་པ་དང་སྙིང་སྟོབས་རྣམས་ཀྱིས་མ་འོངས་པའི་གནས་སྐབས་ལོག་དང་ད་ལྟར་བའི་གནས ་སྐབས་འབྱུང་བ་ཡོངས་སུ་འགྱུར་བའོ་སྙམ་དུ་སེམས་ན། ཡོངས་སུ་འགྱུར་བ་འདི་ཡོད་པ་ཉིད་དུ་བཞག་པར་མི་ནུས་ཏེ། འཇིག་རྟེན་གྱིས་ནི་མ་འོངས་པའི་ཡོན་ཏན་གསུམ་པོ་འདི་དག་ཡོད་པ་ཉིད་དུ་དམིགས་ནས་དེ་དག་གི་ཡོངས་སུ་འགྱུར ་བར་དམིགས་པ་མེད་པ་ཉིད་དོ། །ཞོ་འོ་མའི་རྣམ་པར་འགྱུར་བ་ཡིན་པར་རྣམ་པར་བཞག་པར་ནུས་པ་ཡང་མ་ཡིན་ཏེ་འོ་མའི་གནས་སྐབས་ཉིད་དུ་ནི་འོ་མ་ལ་འོ་མ་ཞེས་བྱ་ལ། འོ་མའི་གནས་སྐབས་ཁོ་ནར་གནས་པའི་འོ་མ་ལ ་ཞོའི་དངོས་པོ་ཡོད་པར་ཡང་མ་ཡིན་ནོ། །གལ་ཏེ་ཡོད་པར་འགྱུར་ན་ནི་འོ་མ་ཁོ་ན་ལ་ཞོ་ཞེས་བྱ་བར་འགྱུར་ན་འདི་ནི་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འོ་མ་ལ་ནི་ཞོའི་དངོས་པོ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་འོ་མ་ལ་ཞོའི་དངོས་པོ ་ཡོད་པ་དེའི་ཚེ་གཞན་གང་ཞིག་ལ་སྲིད་པར་འགྱུར། དེའི་ཕྱིར་ཡོངས་སུ་འགྱུར་བ་མེད་དོ། འོ་མ་དང་ཞོའི་གནས་སྐབས་ལས་ཐ་དད་པར་བ་ལང་གི་ཁུ་བའི་རྫས་ཞེས་བ་ཅུང་ཟད་ཅིག་དམིགས་པ་ཡང་མ་ཡིན་ནོ། །དེ་ལྟར་ན། དངོས ་རྣམས་ཡོངས་སུ་འགྱུར་བ་ཡང། །ཡིད་ཀྱིས་ཀྱང་ནི་འདོན་མི་འགྱུར། །དངོས་པོ་རྣམས་ཀྱི་ཡོངས་སུ་འགྱུར་བ་ནི་མིག་ལ་སོགས་པའི་དབང་པོ་རགས་པ་མཐོང་བ་ལྔས་མི་འཛིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཆོད་པ་དང་ཕྲ་བ་དང་གཟུགས་ཅན ་མ་ཡིན་པའི་དོན་ཡོངས་སུ་གཅོད་པར་ནུས་པའི་ཡིད་ཀྱིས་ཀྱང་མི་འཛིན་ནོ། །དེ་ལྟར་ན་ཡང་ད་ལྟར་བ། །ཡོད་པར་མི་མཁས་རྣམས་ཀྱིས་རྟོགས། །ཇི་ལྟར་བཤད་པའི་ཚུལ་གྱིས་ད་ལྟར་བ་ཉིད་ཀྱི་རྒྱུ་ཡོངས་སུ་གྱུར་པ་མ་དམིགས་མེད་ཀྱི ་དེ་ལྟར་ན་ཡང་མི་མཁས་ཤིང་བླུན་པ་རང་ཉིད་ཀྱི་རང་གི་ངོ་བོ་དེས་པར་མི་ཟིན་པ་རྣམས་ཀྱི་ད་ལྟར་བ་དེ་ཡོད་པར་རྟོག་གོ། དེ་ལྟར་སྐྱེ་བོ་བླུན་པོ་ལ་བལྟོས་ནས་ད་ལྟར་བ་ཞེས་བྱ་བར་རང་གི་ངོ་བོས་ཡོངས་སུ་བརྟག་པར་ནུས་པ་ཡང་མ ་ཡིན་པས་དུས་གསུམ་མེད་དོ། །འདིར་སྨྲས་པ། དུས་རྣམས་ནི་ཡོད་པ་ཁོ་ན་སྟེ། དེའི་རྒྱུ་དངོས་པོ་ཡོད་པའི་ཕྱིར་རོ། །དུས་དེ་ནི་རང་ཉིད་ཀྱིས་ལུས་ཅན་མ་ཡིན་པའི་ཕྱིར་དངོས་པོ་ཁོ་ན་ཉེ་བར་བཟུང་ནས་ཡོངས་སུ་གཅད་པར་ནུས་ཀྱི། རང ་ཉིད་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་དུས་མངོན་པར་གསལ་བའི་རྒྱུ་མཚན་ཡོད་པས་དུས་ཡོད་དོ། །བཤད་པར་བྱ་སྟེ། གལ་ཏེ་དེའི་རྒྱུ་དངོས་པོ་ཉིད་ཡོད་ན་ནི་དུས་འདི་ཡོད་པར་འགྱུར་བ་ཞིག་ན་སྲིད་པ་ཡང་མ་ཡིན་ནོ། །ཇི་ལྟར་མི་སྲིད་པ་དེ་ལྟར ་བསྟན་པའི་ཕྱིར་བཤད་པ། གནས་མེད་དངོས་པོ་ག་ལ་ཡོད། འདི་ན་དངོས་པོ་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འཇིག་པ་དང་ལྡན་པ་རྣམས་ལ་གནས་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ལ། གནས་པ་མེད་པས་དུས་ཀྱི་རྒྱུ་དངོས་པོ་ཡོད་པ་མ་ཡིན་ན། ་གནས་མེད་པ་ཉིད་བསྟན་པའི་ཕྱིར་བཤད་པ། མི་རྟག་པས་གནས་ག་ལ་ཡོད། མི་རྟག་པ་ཉིད་ཀྱིས་ཟོས་པའི་དངོས་པོ་ལ་གནས་པ་མི་སྲིད་དོ། །གལ་ཏེ་གནས་པ་ཡོད་ན་ནི་གནས་པ་དང་ལྡན་པའི་དངོས་པོ་སླར་རྒ་བ་དང་འབྲལ་པར་མི་འགྱུར་ཏེ། ་རྒ་བ་ནི་གནས་པ་དང་འགལ་བའི་ཕྱིར་རོ། །གཞན་ཡང། གལ་ཏེ་དང་པོར་གནས་འགྱུར་ན། །ཐ་མར་སྙིངས་པར་མི་འགྱུར་རོ། །ཕྱིས་རྙིངས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་སྔར་ཉིད་ནས་པ་མེད་པར་རྟོགས ་པར་གྱིས་ཤིག། འདི་ལས་ཀྱང་གནས་པ་མེད་དོ། །འདི་ལྟར། རྣམ་ཤེས་གཅིག་གིས་ཇི་ལྟ་བུར། །དོན་གཉིས་རྣམ་པར་མི་ཤེས་པ། །དེ་བཞིན་རྣམ་པར་ཤེས་གཉིས་ཀྱིས། །དོན་གཅིག་རྣམ་པར་མི་ཤེས་སོ། །གལ་ཏེ་དངོས་པོ་ལ་གནས ་པ་ཞེས་བྱ་བ་ཞིག་ཡོད་ན་ནི་དེའི་ཚེ་རིམ་གྱིས་རྣམ་པར་ཤེས་པ་དུ་མའི་ཤེས་བྱར་འགྱུར་རོ། །དོན་གང་ཞིག་རྣམ་པར་ཤེས་པ་གཅིག་གིས་དམིགས་པ་དེ་གལ་ཏེ་རྣམ་པར་ཤེས་པ་གཞན་ཕྱིས་འབྱུང་བ་ཞིག་གིས་དམིགས་ན་ནི་དེའི་ཚེ་སྔར་མཐོང ་བའི་དོན་ལ་རྣམ་པར་ཤེས་པ་གཞན་ཕྱི་མས་གཅོད་པའི་བར་དུ་གནས་པས་གནས་པ་ཡོད་པར་རྟོགས་པར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉི་ག་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །གང་གཅིག་གིས ་བཟུང་བ་དེ་གཞན་གྱིས་བཟུང་བར་ནུས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གནས་པ་མེད་དོ། །འདི་ན་མིག་ལ་སོགས་པ་རྣམས་ནི་བདག་ཉིད་ཇི་ལྟ་བ་བཞིན་དེ་རྣམས་ཀྱང་ཡུལ་དྲུག་ཡིན་ཞིང། དབང་པོ་དང་དོན་གྱི་དབང་གིས་ཀྱང་རྣམ་པར་ཤེས ་པའི་ཚོགས་དྲུག་ཏུ་འགྱུར་རོ། །དེའི་ཕྱིར་འདིར་རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་སྐད་ཅིག་མར་འཇིག་གོ་།ཞེས་བྱ་བ་རང་གི་སྡེ་པ་རྣམས་ལ་གྲགས་པ་ཡིན་ནོ། །དེའི་ཕྱིར་རང་གི་སྡེ ་པ་རྣམས་ཀྱིས་སྐད་ཅིག་གཉིས་པར་འབྱུང་བའི་ཡུལ་འཛིན་པའི་དུས་ཀྱི་བར་དུ་གནས་པ་མེད་པར་ཤེས་པ་གཅིག་གིས་དོན་གཉིས་ཡོངས་སུ་གཅོད་པར་མི་ནུས་ཏེ། མིག་གི་རྣམ་པར་ཤེས་པ་ནི་ཡུལ་ལྷན་ཅིག་སྐྱེས་པ་ཡོངས་སུ་བཅད་ནས་འགག ་པར་འགྱུར་ལ། འགགས་པས་ན་ཡུལ་གཞན་དམིགས་པར་མི་ནུས་སོ། །ཞེས་བྱ་བ་འདི་ཁས་བླངས་པ་ཡིན་ནོ། །ཇི་ལྟར་མིག་གི་རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཞིང་དེ་མ་ཐག་ཏུ་འཇིག་པའི་ཕྱིར་སྐད་ཅིག་མ་ཡིན་པ་དེ་བཞིན་དུ་དེའི་ཡུལ ་ཡང་དེའི་ཤེས་པ་དོན་གཉིས་པ་ཡོངས་སུ་གཅོད་པའི་དུས་ན་ནི་མི་གནས་པ་ལྟར་སྐད་ཅིག་མ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་གཞན་གཉིས་ཀྱིས་བཟུང་བར་བྱང་མི་འགྱུར་རོ། །དེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་འགགས་ཀྱང་རྒྱན་འདྲ་བ་རྗེས་སུ ་འཇུག་པས་ན་གང་དངོས་པོའི་རང་བཞིན་ལ་མི་མཁས་པ་རྣམས་ཀྱི་ཤེས་པ་གཞན་ལ་དེ་ཉིད་དོ་སྙམ་དུ་སྣང་བ་ཡིན་ནོ། །དེའི་ཕྱིར་གནས་པ་མེད་དོ། །ཚུལ་འདི་ནི་གཞན་དང་ལྡན་པའི་དོན་ཅན་གྱི་རྣམ་པར་ཤེས་པ་རྣམས་ཀྱི་དོན་དག་ལ་ཡང ་འདུ་བྱེད་འདྲ་བ་རྒྱུ་རྣམས་ལ་འདུ་བྱེད་ཀྱི་སྐད་ཅིག་སྔ་ཕྱིར་བྱུང་བ་རྣམས་གཅིག་ཉིད་དུ་རྟོག་པའི་གནོད་པ་བྱེད་པར་སྦྱར་བར་བྱའོ། །གལ་ཏེ་ཆོས་མངོན་པ་ལས་གཟུགས་ལ་སོགས་པའི་དོན་ལྔ་པོ་རྣམས་ནི་རེ་རེ་ཞིང་རྣམ་པར་ཤེས་པ་གཉིས ་ཀྱིས་ཤེས་པར་བྱ་བ་འདོན་པ་མ་ཡིན་ནམ། དེ་ཇི་ལྟར་མི་འགལ་ཞེ་ན། ཅི་ཆོས་མངོན་པ་བསྐད་ཅིག་མར་འཇིག་པར་ཁས་མི་ལེན་ནམ། གལ་ཏེ་ཁས་མི་ལེན་ན་ནི་དེའི་ཚེ་བདེ་བར་གཤེགས་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཁས་ལེན་ན་ནི ་དེའི་ཚེ་གཟུགས་དེ་མིག་གི་རྣམ་པར་ཤེས་པ་ལྟར་ཞིག་པའི་ཕྱིར་ཇི་ལྟར་རྣམ་པར་ཤེས་པ་གཞན་གྱིས་ཤེས་པར་འགྱུར། འོ་ན་ཆོས་མངོན་པ་ལས་འདོན་པ་འདི་ཇི་ལྟར་དྲང་ཞེ་ན། བཤད་པར་བྱ་སྟེ། གང་དབང་པོ་གཟུགས་ཅན་ལས་སྐྱེས ་པའི་རྣམ་པར་ཤེས་པ་དེ་ནི་ཡུལ་ད་ལྟར་བའི་རྣམ་པ་ཡོངས་སུ་གཅོད་པར་བྱེད་པ་སྐྱེ་ལ་ཡུལ་དང་རྣམ་པར་ཤེས་པ་དེ་གཉིས་སྐད་ཅིག་མར་འཇིག་པས་འགགས་པ་ཡིན་དང། ཕྱི་ནས་གང་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་སྟེ། ཇི་ལྟར ་འབྱུང་བ་བཞིན་མིག་གེ་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུའི་སྟོབས་ཀྱིས་སྐྱེ་བ་དེ་ནི་དབང་པོ་ལས་སྐྱེས་པའི་རྣམ་པར་ཤེས་པའི་རྣམ་པར་རྟོག་ཅིང་འབྱུང་བ་ན་དེའི་རྣམ་པ་ཅན་ཉིད་དུ་སྐྱེ་སྟེ་རྒྱུ་དང་འབྲས་བུ ་དག་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་དང་བྲལ་བའི་ཕྱིར་དང། འབྲས་བུ་ཕལ་ཆེར་རྒྱུའི་ཁྱད་པར་གྱི་རྣམ་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །ཞེས་དེ་ལྟར་ཡོངས་སུ་བརྟགས་ནས་འཇིག་རྟེན་པའི་ཐ་སྙད་དུ་རྣམ་པར་ཤེས་པར ་བྱ་བར་བཤད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་གཉིས་ཀྱིས་དོན་གཅིག་རྣམ་པར་ཤེས་པ་མ་ཡིན་ཏེ། གཅིག་ནི་ཡུལ་གྱི་རྣམ་པ་དངོས་སུ་གཅོད་པར་བྱེད་པ་སྟེ། གང་དང་པོར་སྐྱེས་པའོ། །གཉིས་པ་ས་ནི་དངོས་སུ་བྱེད་པ ་ཉིད་དུ་རྣམ་པར་ཤེས་པ་མ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པའི་སྟོབས་ཀྱིས་དེ་ལྟར་རྟོག་ཅིང་སྐྱེ་བ་ན་དེས་ཀྱང་དོན་དེ་རྣམ་པར་ཤེས་སོ། ཞེས་ཉེ་བར་འདོགས་སོ། །ཚུལ་འདི་གནས་པ་ལ་ཡང་བརྟག་པར་ནུས་པ་ནི་མ ་ཡིན་ཏེ། གནས་པ་ནི་དངོས་པོའི་རང་གི་མཚན་ཉིད་ཀྱིས་གནས་པ་ཡིན་ཏེ། རང་གི་མཚན་ཉིད་དེ་ནི་དངོས་སུ་འཛིན་པ་མ་ཡིན་པའི་རྣམ་པར་ཤེས་པ་ཡོངས་སུ་གཅད་པར་མི་ནུས་སོ། །དེའི་ཕྱིར་ཡོངས་སུ་གཅད་པར་བྱ་བ་མ་ཡིན་པས ་གནས་པ་མེད་པ། གནས་པ་མེད་པ་ལས་ཀྱང་དངོས་པོ་མེད་པ་ཡིན་དང་དུས་ཀྱང་མེད་དོ། །ཞེས་བྱ་བར་གྲུབ་བོ། འདིར་སྨྲས་པ། གནས་པ་ནི་ཡོད་པ་ཉིད་དེ་ད་ལྟར་བའི་དུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་པས ་ནི་ད་ལྟར་བའི་དུས་མཚོན་པར་བྱེད་ད་གནས་པ་དང་བྲལ་བའི་ད་ལྟར་བ་ཉིད་མི་སྲིད་པའི་ཕྱིར་རོ། །འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་དུས་ལ་གནས་ཡོད་ན། །གནས་པ་དུས་སུ་མི་འགྱུར་རོ། །ཅི་སྟེ་གནས་མེད་ན་གནས་པ། མེད ་པར་མཛའ་ཡང་ཡོད་མ་ཡིན། །དེ་ལ་གལ་ཏེ་དུས་ལ་གནས་པ་ཡོད་དོ་སྙམ་དུ་སེམས་ན་ནི་འོ་ན་ནི་གནས་པ་དུས་སུ་མི་འགྱུར་རོ། །དཔེར་ན་རྟེན་དང་རྟེན་པ་དག་ཐ་དད་པའི་ཕྱིར་ཁྱིམ་ན་ཡོད་པའི་ལྷ་སྦྱིན་ཁྱིམ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་གནས་པ་དུས ་སུ་མི་འགྱུར་ཏེ། དུས་ལ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དུས་ཀྱི་རང་བཞིན་མ་ཡིན་པས་དེ་དུས་ཀྱི་མཚན་ཉིད་མ་ཡིན་ནོ། །ཅི་སྟེ་གནས་པ་མེད་ན་ནི་གནས་པ་དང་བྲལ་བའི་དུས་ལ་མཛའ་ཡང་སྟེ་འཇིག་པ་ཡང་ཡོད་པར་མི་འགྱུར་རོ། །དེའི་ཕྱིར་ད་ལྟར ་བྱུང་བའི་དུས་ཡུན་དུ་གནས་པར་འགྱུར་ལ། དུས་ཏེ་རྟག་པའི་ཕྱིར་ད་ལྟར་བྱུང་བའི་དངོས་པོ་ཡང་རྟག་པར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ཏེ་དེའི་ཕྱིར་གནས་པ་མེད་དོ། །འདིར་སྨྲས་པ། གནས་པ་དེ་ནི་ཡོད་པ་ཉིད་དེ། །དེ་དང་ལྡན་པའི་དངོས ་པོ་ལ་མི་རྟག་པ་ཉིད་ཡོད་པའི་ཕྱིར་རོ། །གནས་པ་དང་བྲལ་བའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རྟེན་མེད་པའི་མི་རྟག་པ་ཉིད་མི་སྲིད་པ་ཞིག་ན། དངོས་པོ་ལ་མི་རྟག་པ་ཉིད་ཡོད་པ་ལ་ཡིན་ཏེ་དེའི་ཕྱིར་དེ་ཡོད་པས་གནས་པ་ཡང་ཡོད་པར་འགྱུར་རོ། ། ་འདི་ལ་བཤད་པར་བྱ་སྟེ། གལ་ཏེ་མི་རྟག་པ་ཉིད་ཅེས་བྱ་བ་འགའ་ཞིག་ཡོད་པར་འགྱུར་ན་ནི་དེ་དངོས་པོ་ལས་གཞན་ཉིད་དམ་གཅིག་ཉིད་དུ་འགྱུར་གང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་མི་རྟག ་དངོས་གཞན་ན། །དངོས་པོ་མི་རྟག་པར་མི་འགྱུར། །གཅིག་ན་མི་རྟག་ཉིད་ག་ཡིན། །དེ་ཉིད་དངོས་དེ་ག་ལ་གནས། །གལ་ཏེ་མི་རྟག་པ་ཉིད་དངོས་པོ་ལས་གཞན་ཉིད་དུ་འགྱུར་ན་ནི་དེའི་ཚེ་མི་རྟག་པ་ཉིད་མཚན་ཉིད་ཐ་དང་བའི་ཕྱིར་དངོས་པོ་རྟག ་བར་འགྱུར་ན་དངོས་པོ་ནི་རྟག་པ་ཡང་མ་ཡིན་པས་མི་རྟག་པ་ཉིད་ལ་གཞན་ཉིད་ཡོད་པ་མ་ཡིན་ནོ། །ཅི་སྟེ་གཅིག་ཉིད་འདོད་ན་དེ་ལྟ་ན་ཡང་དེ་ལས་ཐ་དད་པའི་དངོས་པོ་མི་སྲིད་པའི་ཕྱིར་མི་རྟག་པ་ཉིད་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་པས་དངོས་པོ་མི་རྟག་པ་ཉིད ་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་གནས་པ་གཏན་མི་སྲིད་པ་ཁོ་ན་སྟེ་དེའི་ཕྱིར་གནས་པ་མེད་དོ། །གནས་པ་མེད་པས་ནི་མི་རྟག་པ་ཉིད་ཀྱང་ཡོད་པ་མི་ཡིན་ཞིང་གནས་པ་དང་མི་རྟག་པ་གཉིས་མེད་པས་ཀྱང་དངོས་པོ་མེད་ལ། ་དེ་མེད་པའི་ཕྱིར་ན་དུས་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་གྲུབ་པོ། གང་སྔར་གནས་མེད་དངོས་པོ་ག་ལ་ཞིག། མི་རྟག་པས་གནས་ག་ལ་ཡོད་ཅེས་བརྗོད་པ་དེ་ལ་སྨྲས་པ། མི་རྟག་པ་ཉིད་ཡོད་ཀྱང་གནས་པ་ཡོད་པ་ཁོ་ནའོ། །ཇི་ལྟར་བྱས་ནས ་ཤེ་ན། གནས་པའི་དུས་ན་ནི་གནས་པ་ཆེས་སྟོབས་དང་ལྡན་གྱི་མི་རྟག་བ་ཉིད་ནི་མ་ཡིན་ལ། སྟོབས་ཆུང་བས་སྟོབས་དང་ལྡན་པ་འཇོམས་པར་ནུས་པ་ཡང་མ་ཡིན་ནོ། འདི་ཡང་མི་རིགས་སོ། །ཞེས་བསྟན་བའི་ཕྱིར་བཤད་པ། མི་རྟག་གཉི་གར་སྟོབས་ཆུང་དེར ་གནས་པ་སྟོབས་ཆུང་མ་ཡིན་ན། །ཕྱི་ནས་དེ་དག་ངེས་པར་གོ། བཟློག་པར་ཅི་ཡིས་མཐོང་བར་འགྱུར། །གལ་ཏེ་གནས་པའི་དུས་ན་མི་རྟག་པ་ཉིད་སྟོབས་ཆུང་ན་གང་གིས་ན་ཕྱིས་ཆོས་མཐུན་པར་གནས་པ་དེ་འཇོམས་པར ་འགྱུར་བ་ཕྱི་ནས་དེ་སྟོབས་དང་ལྡན་པ་ཉིད་ཅིས་ཡིན། དེའི་ཕྱིར་སྔ་རོལ་ཉིད་དུ་དེ་ཆེས་སྟོབས་དང་ལྡན་པ་མ་ཡིན་པ་ཉིད་ཡིན་པ་འམ། ཡང་ན་ཡེ་ནས་ཆོས་སྟོབས་དང་ལྡན་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དངོས་པོ ་རྟག་པ་འམ་གནས་པ་མེད་པར་འགྱུར་ན་འདི་ནི་རིགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ཡོད་པ་མ་ཡིན་ནོ། །གཞན་ཡང། གལ་ཏེ་མི་རྟག་སྟོབས་ཆུང་མིན། །དངོས་པོ་ཀུན་ལ་ཡོད་ན་ནི། །གལ་ཏེ་མི་རྟག་པ་ཉིད་སྟོབས་ཆུང ་བ་མ་ཡིན་བས་སྟོབས་དང་ལྡན་པར་འགྱུར་ཏེ། དངོས་པོ་ཀུན་ལ་གནས་ཤིང་གལ་ཏེ་དངོས་པོ་མཛའ་དག་ལ་ཁྱབ་པས་གནས་ན་ནི་དེའི་ཚེ་ཐམས་ཅད་ལ་ཡང་གནས་པ་མེད་དོ། །ཅི་སྟེ་ཀུན་ལ་མི་གནས་ན་ནི་དེའི་ཚེ་ཆོས ་ཐམས་ཅད་མི་རྟག་པ་མ་ཡིན་གྱི། དེའི་ཆ་འགའ་ཞིག་ནི་རྟག་པར་འགྱུར་ཏེ་གང་ན་གནས་པ་ཆེས་སྟོབས་དང་ལྡན་པའོ། །ཆ་འགའ་ཞིག་ནི་མི་རྟག་པར་འགྱུར་ཏེ་གང་ན་མི་རྟག་པ་ཉིད་ཆེས་སྟོབས་དང་ལྡན་པའོ། །དེ་ལྟར་ཐམས་ཅད་མི་རྟག ་པ་མ་ཡིན་པ་འམ། ཡང་ན་གནས་པ་མེད་པར་འགྱུར་རོ། །གཞན་ཡང་མི་རྟག་པ་ཉིད་འདི་མཚན་གཞི་དང་ལྷན་ཅིག་འབྱུང་བ་འམ་དུས་ཕྱིས་འབྱུང་བ་ཞིག་ཏུ་འགྱུར་གྲང་ན། དེ་ལ། གལ་ཏེ་རྟག་ཏུ་མི་རྟག་ཉིད། །ཡོད་ན་རྟག་ཏུ་གནས ་ཡོད་མིན། །མཚན་ཉིད་མཚན་གཞི་ལ་མི་འཁྲུལ་བའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཉིད་རྟག་ཏུ་རྗེས་སུ་འབྲེལ་ན་ནི། །དེའི་ཚེ་གནས་པ་རྟག་ཏུ་ཡོད་པ་མ་ཡིན་ཏེ། མི་རྟག་པ་དང་རྗེས་སུ་འབྲལ་བའི་ཕྱིར་རོ། །ཡང་ན་རྟག་པར་འགྱུར ་ཟིན་ནས། །ཕྱི་ནས་མི་རྟག་པར་འགྱུར་རོ། །གལ་ཏེ་ཇི་སྐད་དུ་བཤད་པའི་སྐྱོན་སྤང་བར་འདོད་ནས་ཕྱི་ནས་དངོས་པོ་མི་རྟག་པར་འདོད་ན་ནི་དེའི་ཚེ་དངོས་པོ་དེ་སྔར་གནས་པ་དང་ལྡན་པས་ལྷག་པར་འགྱུར་ནས་ཕྱིས་མི་རྟག་པ་ཉིད་དང ་ལྡན་པས་མི་རྟག་པར་འགྱུར་རོ། ཞེས་བྱ་བར་འགྱུར་ན། གང་དངོས་པོ་གཅིག་རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་ནོ། །ཞེས་བྱ་བ་དེ་ཡང་རིགས་པ་ཡང་མ་ཡིན་ནོ། །ཡང་འདུས་བྱས་ཀྱི་མཚན་ཉིད་རྣམས་ཕན་ཚུན་མི་འཁྲུལ་པའི ་ཕྱིར། གལ་ཏེ་གནས་པ་མི་རྟག་དང། །ལྷན་ཅིག་དངོས་པོ་ལ་ཡོད་ན། །དེ་ལྟར་ན་ཡང། མི་རྟག་ལོག་པར་འགྱུར་བ་འམ། ཡང་ན་གནས་པ་བརྫུན་པར་འགྱུར། །གལ་ཏེ་དངོས་པོ་དེ་གནས་བ་དེའི་ཚེ་དེའི་མི་རྟག་པ་ཉིད་ལོག་པར་འགྱུར་རོ། ། ་ཅི་སྟེ་འཇིག་ན་ནི་དེའི་ཚེ་གནས་པ་བརྫུན་པར་འགྱུར་པས་གནས་པ་མི་རིགས་སོ། །གནས་པ་དེ་མེད་པས་ཀྱང་དངོས་པོ་མེད་པ་ལ་དངོས་པོ་ཡོད་པ་མ་ཡིན་ན་ཡང་དེའི་རྟེན་ཅན་གྱི་དུས་མེད་པས་དུས་རང་བཞིན་མེད་པར་གྲུབ་པོ། འདིར་སྨྲས་པ། ་དངོས་པོའི་རྒྱུ་ཅན་གྱི་དུས་ནི་ཡོད་པ་ཉིད་དོ། །འདི་ལྟར་འདུ་བྱེད་འདས་པའི་རྟེན་ཅན་འདས་པའི་དུས་ནི་ཡོད་དོ། །གལ་ཏེ་དངོས་པོ་འདས་པ་མེད་ན་ནི་བདག་འདས་པའི་དུས་ན་འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་སྙམ་དུ་འདས་པ་ལ་དམིགས ་པ་དྲན་པ་ཅིའི་ཡུལ་ཅན་ཞིག་ཏུ་འགྱུར། དེའི་ཕྱིར་དེའི་ཡུལ་ཅན་གྱི་དྲན་པ་ཡོད་པས་དངོས་པོའི་རྒྱུ་ཅན་གྱི་དུས་ཡོད་པ་ཉིད་དོ། ཞེས་བརྗོད་དོ། །འདིར་དྲན་པ་འདི་ཉམས་སུ་མྱོང་བར་གྱུར་པའི་ཡུལ་ཁོ་ན་ལ་འཇུག་སྟེ། དེ་ལྟ་བའི་ཡུལ་རྣམ་པར་ཤེས་པས་དངོས་སུ ་དམིགས་བཞིན་པ་ལ་ནི་དྲན་པས་དགོས་པ་ཅི་ཡང་མེད་དོ། །ཅི་སྟེ་ལྷན་ཅིག་འབྱུང་བར་ངེས་པར་ད་ལྟར་བའི་ཡུལ་ཅན་ཡང་ཡོད་མོད་ཀྱི་དེ་ལྟར་ན་ཡང་དེ་གནས་སྐབས་དེར་གཙོ་བོ་ལ་བརྟེན་པར་མི་བྱེད་དེ་དེ་འཇུག་པ་ཤས་ཆེ་བའི་གནས་སྐབས་ལ་བལྟོས་ནས་དངོས་པོ ་གང་ཡང་རུང་བ་འགའ་ཞིག་གིས་མཚན་ཉིད་བྱེད་པས་དངོས་པོ་འདས་པ་ལ་དམིགས་པའི་རྣམ་པར་ཤེས་པ་ཁོ་ན་ལ་དྲན་པའི་མཚན་ཉིད་ཆེས་གསལ་གྱི་གཞན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ལ་དམིགས་པའི་དྲན་པ་དམིགས་པའི་དངོས་པོ་དེ་ཡོད་པ་ཡིན་ནོ། ། ་དེ་ཡང་སྙིང་པོ་མེད་དོ། །ཞེས་བསྟན་པའི་ཕྱིར་བཤད་པ། མཐོང་ཟིན་དངོས་པོ་མི་སྣང་ཞིང། །སླར་ཡང་སེམས་སྐྱེ་མིན་དེས་ན། །དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང། །ད་ལྟར་བའི་གནས་སྐབས་ཀྱི་དངོས་པོ་དེའི་རང་གི་ངོ་བོ་དངོས་སུ ་བྱེད་པའི་ཤེས་པ་ད་ལྟར་བས་མཐོང་བས་གང་ཡིན་པ་དེ་ནི་སླར་མི་སྣང་ངོ། །དོན་གཅིག་རྣམ་པར་ཤེས་པ་གཉིས་ཀྱིས་ཡོངས་སུ་བཅད་པར་བྱ་བ་ཉིད་ཡིན་པ་ནི་གོང་དུ་བཀག་ཟིན་ཏེ། ཚུལ་དེ་ཉིད་ཀྱིས་ན་མཐོད་ཟིན་པའི་དངོས་པོ་མི་སྣང་ངོ། །གང་གི་ཚེ་མི་སྣང ་བ་དེའི་ཚེ་དེའི?་ཡུལ་ཅན་གྱི་སེམས་སླར་ཡང་མི་སྐྱེའོ། །གང་གི་ཚེ་དངོས་པོ་དེ་བདག་ཉིད་དེས་ཡོད་པར་གྱུར་ན་ད་ལྟར་བར་ཐལ་བའི་ཕྱིར་ལ། ཡོད་པ་མ་ཡིན་ན་ཡང་དེའི་རྣམ་པར་ཅན་གྱི་རྣམ་པར་ཤེས་པ་འཇུག་པ་མི་སྲིད་པའི་ཕྱིར་དེའི་རྣམ་པའི་དམིགས་པ ་ཅན་གྱི་རྣམ་པར་ཤེས་བ་སླར་མི་སྐྱེ་བ་དེའི་ཚེ་དྲན་པ་དེ་རྣམ་པར་ཤེས་པ་གང་ཞིག་དང་ཚུངས་པ་དང་ལྡན་པར་འགྱུར། ཡང་ཅི་འདས་པའི་ཡུལ་ཅན་གྱི་དྲན་པ་མེད་དམ་མེད་དོ། །ཞེས་དེ་སྐད་དུ་སུ་སྨྲ། ཁོ་བོ་བདག་ཅག་ནི་རྟེན་ཅིང་འབྲེལ་པར་འབྱུང་སེ་ལ་པ་མ་ཡིན་ན། ། ་དེ་ཇི་ལྟར་ཡོད་པ་དེ་ལྟར་ནི། །དེས་ན་དྲན་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང། །ཞེས་སློབ་དཔོན་ཉིད་རྣམ་པར་འཇོག་པར་མཛད་།དེའི་ཕྱིར་དྲན་པའི་དམིགས་པའི་འདས་པའི་དངོས་པོ་ཡིན་ནོ། །གལ་ཏེ་དེ་རང་གི་ངོ་དེས་ཡང་ན་ནི་དེའི ་ཚེ་དྲན་པ་དེ་ཡོད་པའི་དོན་ལ་དམིགས་པའི་ཕྱིར་རང་གི་ངོ་བོས་གྲུབ་པ་ཞིག་ན། གང་གི་ཚེ་འདས་པའི་དངོས་པོ་དེ་རང་བཞིན་མེད་པོ་དེའི་ཚེ་དེ་ལ་དམིགས་པའི་དྲན་པ་ཡང་རང་བཞིན་མེད་པ་ཡིན་ཏེ། དེའི་ཕྱིར་ལོག་པ་ཡིན་ནོ། །ཞེས་བྱ་བར་གྲུབ་པོ། ། ་ལོག་བ་ཞེས་བྱ་བ་ནི་རང་བཞིན་མེད་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དང། དོན་གཞན་མ་ཡིན་པ་སྟེ། དངོས་པོ་མེད་པའི་དོན་ནི་ལོག་པའི་དོན་མ་ཡིན་ནོ། །འདས་པའི་དངོས་པོ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། དྲན་པར་བྱ་བ་ཡིན་པའི་ཕྱིར ་དང། དེའི་འབྲས་བུ་མཐེང་བའི་ཕྱིར་རོ། །རང་གི་ངོ་བོས་ཡོད་པ་ཡང་མ་ཡི་ཏེ། རྟག་པ་ཉིད་དུ་ཐལ་བའི་ཕྱིར་དང། དངོས་སུ་འཛིན་པར་ཐལ་པར་འགྱུར་བའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་དངོས་པོ་ལས་སྐྱེ་བ་ན་དྲན་པ་ཡང་རྣམ་པ་དེ་ལྟ་བུ་ཡིན་པས། དེས་ན། དྲན ་པ་ཞེས་བྱ་ལོག་པ་ཡི། །དོན་ལ་ལོག་པ་ཁོ་ན་འབྱུང་ཞེས་བྱ་བ་གྲུབ་སྟེ། སད་པའི་གནས་སྐབས་སུ་རྨི་ལམ་གྱི་གནས་སྐབས་ཀྱི་ཉམས་སུ་མྱོངས་པའི་ཡུལ་དྲན་པ་བཞིན་ནོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེ་ངའི ་རྣལ་འབྱོར་སྦྱོད་པ་བཞི་བརྒྱ་བ་ལས་དུས་དགག་བ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་བ་བཅུག་གཅིག་པའི་འགྲེལ་པའོ། །།འདིར་སྨྲས་པ། ཁྱོད་ཀྱིས་བདག་མེད་པ་འདི་ཚེས་བསལ་ཞིང་རྒྱས་པར་བསྟན་ལ། དེ་བཞིན ་གཤེགས་པ་ཡང་འདི་ཐུགས་སུ་ཆུད་པ་པོ་དང། ཉེ་བར་འདོམས་པ་པོ་ཡིན་ན། དེ་ཅིའི་ཕྱིར་ཆོས་འདི་ལ་འཇིག་རྟེན་ཕལ་ཆེར་འཇུག་པར་མི་འགྱུར། གང་གི་ཕྱིར་ཆོས་འདི་ནི་མཛད་པ་པོ་དང་རྣམ་པར་འཆང་བ་པོ ་དང་ཆོས་ཀྱི་ཆེ་བའི་བདག་ཉིད་རྣམས་ཀྱིས་ཆེས་དཀར་བ་ཞིག་སྟེ། དེའི་ཕྱིར་ཐར་པ་འདོད་པ་ཐམས་ཅད་ཀྱིས་འདི་ལ་འཇུག་པར་རིགས་ན། ལུགས་ཀྱི་ཁྱད་པར་ཉེ་བར་བཤད་པ་གཞན་རྣམས་ཅི་སྟེ་འབྱུང། བཤད་པར་བྱ་སྟེ། ཆོས ་འདི་ལ་རབ་ཏུ་གསུང་པ་པོ་དང་རྣམ་པར་འཆད་པ་པོ་དང། ཆོས་ཀྱི་རང་གི་ངོ་བོའི་བདག་ཉིད་ཆེན་པོ་དག་ཡོད་མོད་ཀྱི། དེ་ལྟ་ན་ཡང་ཉན་པ་པོའི་ཆེ་བའི་བདག་ཉིད་ཤིན་ཏུ་རྙེད་པར་དཀའ་ཨོ། །འདི་ལྟར་གཟུར་གནས་བློ་ལྡན་དོན་གཉེར་བའི ་ཉན་པོ་སྣོད་ཅེས་བྱ་བར་བཤད། །དེ་ལ་གཟུ་བོར་གནས་པ་ནི་གང་ཕྱོགས་སུ་མ་ལྷུང་བའོ། །ཕྱོགས་སུམ་ལྷུང་བ་ཡང་གང་ཞིག་ཅེ་ན། གང་ཞིག་རང་དང་གཞན་གྱི་ཕྱོགས་དག་ལ་རྗེས་སུ་ཆགས་པ་དང་རྒྱབ་ཀྱིས་ཕྱོགས་པ་དང་བྲལ ་བའོ། །དེ་ནི་དེ་ལྟར་སེམས་ཀྱི་རྒྱུད་ཉོན་མ་མོངས་པའི་ཕྱིར་ལེགས་པར་བཤད་པ་རིན་པོ་ཆེའི་ཁྱད་པར་ཚོལ་བ་ལྷུར་བྱེད་པ་ཁོ་ན་ཡིན་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་འདོར་བའི་རྩ་བ་ནི་གཟུ་བོར་གནས་པ་ཉིད་ཡིན་ནོ། །དེའི ་ཕྱིར་དེ་ལྟར་ན་ཉན་པ་པོ་གཟུ་བོར་གནས་པ་ནི་དམ་པའི་ཆོས་ཀྱི་བདུད་རྩི་ཕུལ་དུ་བྱུང་བའི་སྣོད་ཡིན་ནོ། །གཟུ་བོར་གནས་བར་གྱུར་ཀྱང་གལ་ཏེ་བློ་དང་ལྡན་པར་འགྱུར་ན་སྟེ། ལེགས་པར་བཤད་པ་དང། ཉེས་པར་བཤད་པ་དག་གི ་སྙིང་པོ་དང་སྙིང་པོ་མེད་པར་རྣམ་པར་དབྱེ་བ་ལ་མཁས་ནའོ། །དེ་ནི་བློ་དང་ལྡན་པ་ཉིད་ཀྱིས་སྙིང་པོ་མེད་པ་བཏང་ནས་སྙིང་པོ་ལེན་ནོ། །དེ་ལྟར་གལ་ཏེ་ཉན་པ་པོ་བློ་དང་ལྡན་པར་གྱུར་ན་ནི་དེ་དེ་ལྟར་སྣོད་དུ་འགྱུར་རོ། །དེ་ལྟར་གཟུ་བོར ་གནས་ཤིང་བློ་དང་ལྡན་པར་གྱུར་ཀྱང་ལེགས་པར་བཤད་པ་ཉན་པ་དོན་དུ་གཉེར་བར་འགྱུར་ཞིང་རི་མོའི་སྐྱེས་བུའི་རྣམ་པ་ལྟར་མི་བརྩོན་པ་མ་ཡིན་ཏེ། དེ་ལྟར་ན། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད་དོ། །ཉན་པ་པོ ་རྣམས་དེ་ལྟ་བུ་ཡིན་ན་ནི་ངེས་པར། སྨྲ་བོ་ཡོན་ཏན་རྣམ་པ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །དེ་ལ་སྨྲ་བ་པོའི་ཡོན་ཏན་དག་ནི་ཟུར་དོད་པ་དང་ཕྱིན་ཅི་མ་ལོག་པ་དང། གསལ་བ་དང་མ་འཁྲུགས་པར་བརྗོད་པ་དང། ཉན་པ་པོའི ་ལྷག་པའི་བསམ་པ་ཁོང་དུ་ཆུང་པ་དང། སེམས་ལ་ཟང་ཟིང་མེད་པ་ཉིད་དེ། དེ་ལྟ་བུ་ལ་སོགས་པ་དག་གོ། ཉན་པ་པོ་ཡང་ཆོས་དང་ཆོས་སྨྲ་བ་བོ་གཉིས་ལ་གུས་པ་དང། ཡིད་གཏོད་པ་ཉིད་དང། གཟུ་བོར་གནས་པ་ཉིད་དང། བློ་དང་ལྡན ་པ་ཉིད་དང། དོན་དུ་གཉེར་བ་ཉིད་དོ། །དེའི་དོན་དུ་གཉེར་བ་ཉིད་ནི་ཆོས་དང་ཆོས་སྨྲ་བ་དག་ལ་གུས་པར་བྱེད་པ་དང་ཡིད་གཏོད་པ་ཉིད་ལ་སོགས་པ་དག་གིས་རྟོགས་པར་བྱེད་དོ། །དེ་ལྟར་ཡིན་དང་སྨྲ་བ་པོ་ལ་ཡོན་ཏན་རྣམ་པ་གཞན་དུ་མི ་འགྱུར་ལ། ཉན་པ་པོ་ལའང་ཡོན་ཏན་རྣམ་པ་གཞན་དུ་མི་འགྱུར་རོ། །ཉན་པ་པོ་རྣམ་པ་དེ་ལྟ་བུ་ཡོད་ན་ནི་སྨྲ་བ་པོ་ལ་ཡོན་ཏན་སྐྱོན་གྱི་ངོ་བོར་མི་འགྱུར་རོ། །ཉན་པ་པོའི་སྐྱོན་ལས་ནི་ཡོན་ཏན་ཡང་སྐྱོན་གྱི་ངོ་བོར་རྣམ་པར་འགྱུར་ལ། སྐྱོན་ཡང ་ཡོན་ཏན་གྱི་ངོ་བོར་རྣམ་པར་འགྱུར་གྱི། །བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཉན་པ་པོ་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཡོན་ཏན་ཕྱིན་ཅི་མ་ལོག་པའི་ཚོགས་ཀྱི་གཞིར་གྱུར་པ་ཡོད་ན་ནི། སྨྲ་བ་པོ་ལ་ཡོན་ཏན་རྣམ་བ་གཞན་དུ་མི་འགྱུར ་ལ། ཉན་པ་པོ་ལ་ཡོན་ཏན་སྐྱོན་གྱི་ངོ་བོར་མི་འགྱུར་རོ། །དེའི་ཕྱིར་སྨྲ་བ་པོ་ཆེས་ཡོངས་སུ་དག་པ་ཡིན་ཡང་ཉན་པ་པོ་རང་གི་ཉས་པར་མི་བརྩི་བ་རྣམས་ཀྱི་སྐྱོན་དང་ལྡན་པ་ཉིད་དུ་འཛུད་པར་བྱེད་དེ། བླུན་པོ་བདག་ལ་བསྟོད་པ་ནི་ཅི ་བདག་ཅག་ལ་ཤེས་རབ་མེད་དམ་ཅི་ཞིག་བྱ། རྟོག་པར་བྱེད་པ་པོ་མེད་དོ། ཞེས་དེ་སྐད་དུ་གང་སྨྲ་བ་ཁོ་ན་ཡིན་ནོ། །འདི་ནི་ལྷག་པའི་བསམ་བ་བསྐུལ་བའི་མདོ་ལས་རྟོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས ་ཀྱིས། སྲིད་དང་སྲིད་ཐབས་ཞི་བ་ཡི། །ཐབས་དང་དེ་བཞིན་ཞི་གསུངས་ཏེ། །འཇིག་རྟེན་ཡོངས་སུ་མི་ཤེས་གང། །དེ་ནི་ཐུབ་པའི་ལྟ་བུར་མངོན། །དེ་ལ་སྲིད་པ་ནི་འབྲས་བུར་འགྱུར་བའི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །སྲིད་པའི་ཐབས་ནི ་རྒྱུར་གྱུར་པའི་འདུ་བྱེད་རྣམས་སོ། །ཞི་བ་ནི་མྱ་ངན་ལས་འདས་བ་སྟེ་ཉེ་བར་འཚེ་བ་ཐམས་ཅད་ལོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞི་བའི་ཐབས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐར་པ་འདོད ་པ་རྣམས་ལ་འཕགས་པའི་བདེན་པ་བཞི་ཉེ་བར་བསྟན་ཏེ། བླང་བར་བྱ་བ་དང་དོར་བར་བྱ་བའི་འབྲས་བུ་དང་བཅས་པ་དག་ཉེ་བར་བསྟན་པའི་ཕྱིར་རོ། །དེ་ལ་ཐོས་པ་དང་བསམ་པ་དང་སྒོམ་པ་དང་ལྡན་ཞིང་ཡང་དག་པ་ཇི་ལྟ་བ་སོ་སོ་རང་གིས་ཁོང་དུ ་ཆུད་པ་རྣམས་ཀྱི་རྒྱུད་ལ་ནི་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་དོན་ཇི་ལྟ་བ་བཞིན་ཁོ་ན་ཡིན་གྱི། ཐོས་པ་དང་བསམ་པ་དང་སྒོམ་པ་ལ་མངོན་པར་བརྩོན་པ་ལ་བརྗད་བ་རྣམས་ནི་བདག་ཉིད་སྣོད་མ་ཡིན་པར་མ་འཕྲིགས་པ་ན་གང་གི་ཕྱིར་ཁོ་བོ་ཅག་གིས་དོན་ཇི་ལྟ ་བ་བཞིན་མི་རྟོགས་པས་དེས་པར་འདི་ཡང་དག་པར་མ་བཤད་ངོ། ཞེས་འཁྲུལ་བ་དེ་ཐུབ་པའི་ཡིན་པ་ལྟར་དེས་པར་བྱེད་དོ། །དེ་ཙམ་གྱིས་ནི་སངས་རྒྱས་བཅོམ་ལྡན་འདས་ནོངས་པ་དང་ལྡན་པ་ཡང་མ་ཡིན་ནོ། །འཕགས་པའི་བདེན་པ་བཞི ་སེན་པར་མཛད་པ་ཉིད་ཀྱིས་སྐྱེས་བུའི་དོན་མ་ལུས་པ་ཉེ་བར་སྟོན་པའི་མཛད་པ་པོ་ཡིན་པའི་ཕྱིར་སྨྲ་བ་པོའི་སྐྱོན་ག་ལ་ཡོད། དེའི་ཕྱིར་ན་ཐུབ་པའི་ལྟ་བུར་ཞེས་བཤད་དེ། ཁ་ཅིག་དག་གིས་དེས་ཉེ་བར་བསྟན་པའི་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟར ་པ་བཞིན་དེས་པར་མ་ཟིན་པའི་ཕྱིར་རོ། །དམུས་ལོང་གིས་མ་མཐོང་བ་ནི་སྣང་བཞིན་པའི་ཉི་མའི་སྐྱོན་མ་ཡིན་ཏེ་མ་ལོང་བ་རྣམས་ཀྱིས་དེ་མཐང་པའི་ཕྱིར་རོ། །འདིར་སྨྲས་པ། དེ་བཞིན་གཤེགས་པའི་མངོན་པར་མཐོ་བའི་གཏམ་ཐམས་ཅད་ནི་ཆེས་དོན ་གསལ་བ་ཡིན་ན། ངེས་པར་ལེགས་བའི་གཏམ་ནི་དངོས་པོ་ཐམས་ཅད་མེད་པར་སྟོན་པ་ལྷར་ལེན་པ་ཉིད་ཀྱིས་ཁོ་བ་ཅག་ལྟ་བུ་རྣམས་ཀྱིས་རྟགས་པར་མི་ནུས་ཏེ། འདི་ལྟར་བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱེ་རང་གི་ངོ་བོ་སུན་འབྱིན་བར་ཞུགས ་པའི་ཕྱིར་ཁོ་བོ་ཅག་གི་ཡིད་མགུ་བར་མི་མཛད་དོ། །བཤད་པར་བྱ་སྟེ། ཐམས་ཅད་བཏང་བས་མྱ་ངན་ལས། འདའ་བར་ཡ་མཚན་ཅན་ཀུན་འདོད། །ཀུན་སུན་འབྱིན་ལ་དེ་དག་ནི། །མི་དགར་འགྱུར་བའི་རྒྱུ་ཅི་ཞིག། གྲངས་ཅན་པ་དང་བྱེ་བར ་པ་ལ་སོགས་པ་ཡ་མཚན་ཅན་ཐམས་ཅད་ཀྱིས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་དངོས་པོ་ཀུན་ནས་ཉོན་མོངས་པ་མཛའ་དག་ལོག་པས་ཐར་པ་འཐོབ་པོ། ཞེས་བྱ་བར་ཁས་བླངས་སོ། །གང་གི་ཚེ་དེ་ལྟར་ཡ་མཚན་ཅན་ཐམས་ཅད་ཀྱིས ་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པར་མངོན་པར་འདོད་པ་དེའི་ཚེ་གང་ཞིག་རྒྱབ་ཀྱིས་ཕྱོགས་པའི་རྒྱུར་འགྱུར་བ་སྔན་ཆད་མ་བྱུང་བ་གསུངས་པ་ཅུང་ཟད་ཙམ་ཡང་མེད་ད། །ཡ་མཚན་ཅན་རྣམས་ཀྱིས་དངོས་པོ་གང་དག་མྱ་ངན ་ལས་འདས་པར་སླར་མི་འབྱུང་བས་མྱ་ངན་ལས་འདས་པར་འདོད་པ་དེ་དག་ཁོ་ན་བདག་གི་རང་བཞིན་མེད་པར་སྟོན་པ་ལྷུར་བྱེད་ཅིང་དམ་པ་མ་ཡིན་པའི་ལྟ་བའི་ཚེར་མ་འབྱིན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཀྱིས་མྱ་ངན་ལས་འདས ་ངའི་གྲོང་ཁྱེར་དུ་འགྲེ་བའི་ལམ་ཡོངས་སུ་སྦྱོད་པར་བསྒྲུབས་པ་ཡིན་ཏེ་དེས་ན་ཁྱོད་ཡོད་པ་མ་ཡིན་པའི་འཇིགས་པ་སྙིང་ལ་བརྟགས་ནས། ཅིའི་ཕྱིར་འཇིགས། ཡིད་ལ་ཡོངས་སུ་དགའ་བ་བསྐྱེད་པ་དང། ཆོས་འདི་བདག་ཏུ་འགྱུར་བར ་གྱིས་ཤིག། བདག་ཉིད་ལ་ཀུན་ནས་ཉོན་མོངས་པའི་དངོས་པོ་ཐམས་ཅད་མྱ་ངན་ལས་བཟློ་བའི་གཏམ་ཡང་ཁོང་ཅིག། ཇི་སྐད་དུ་བཅོམ་ལྡས་འདས་ཀྱིས། མྱ་ངན་འདས་ལ་ཆོས་རྣམས་ཆོས་ཡོད་མིན། །འདི་ན་གང་མེད་དེ་དག ་གཞར་ཡང་མེད། །ཡོད་དང་མེད་ཅེས་རྟོག་པ་དང་ལྡན་ཞིང། །དེ་ལྟར་སྤྱོད་རྣམས་སྡུག་བསྔལ་ཞིང་མི་འགྱུར་ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ནི་མྱ་ངན་ལས་རྒལ་བ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་སྔོད་བུ་དང ་མར་ཡོངས་སུ་ཟད་པས་མར་མེ་ཤི་བ་བཞིན་ནོ། །རང་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་མེའི་སྟོབས་ཀྱིས་བདག་གི་བ་ལ་ཆགས་པ་ལོག་པས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་རྒྱགས་པ ་དང་ང་རྒྱལ་ལ་སོགས་པ་རྣམས་ཀྱི་ཡོད་པ་ཉིད་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་ཡིན་ནོ། ཞེས་བྱ་བར་ཁྱེད་ཅག་ཡ་མཚན་ཅན་ཐམས་ཅད་ཀྱིས་མངོན་པར་འདོད་དོ། ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པ་རྣམས་ཀྱིས ་ཡིད་ཡོངས་སུ་དགལ་འཁར་འགྱུར་གྱི། མུ་སྟེགས་བྱེད་རྣམས་ཀྱིས་འདི་དེ་ཁོ་ན་ལྟར་ཡིན་ནོ། ཞེས་བྱ་བར་ངེས་པར་ནི་མ་ཟིན་ཏོ། །འདིར་སུ་བ་རྣམས་ཀྱི་སུ་མི་མདོན་པར་བྱས་སོ། ཞེས་བྱ་བ་ལ་སོགས་པའི་མདོར་བྱས་པ་བདུན་པ་མི་མདོན་པར ་བྱས་པའོ། །འདི་ལ་བཅོམ་ལྡན་འདས་ཀྱིས་ད་ལྟར་གང་དག་མྱ་ངན་ལས་འདས་པ་འདི་ནི་མེད་པ་སྟེ། རབ་རིབ་མེད་པའི་གནས་སྐབས་ན་རབ་རིབ་ཅན་རྣམས་ཀྱིས་དམིགས་པའི་སྐྲ་བཤད་དང་སྦྲང་པུ་ལ་སོགས་པ་ལྟ་བུ་འམ། སྒྲོན་མའི་གནས་སྐབས ་ན་ཁྱིམ་ན་ནམ་མཁའ་ཟིར་གྱུར་པས་ཐག་པ་ལ་སྦྲུལ་དུ་མཐོང་བའི་འཇིགས་པས་མཐོང་པའི་དུག་འཕོས་པའི་དོགས་པ་ལོག་པ་བཞིན་རྣམ་པ་ཐམས་ཅད་དུ་མི་སྣང་བར་གྱུར་ཅིང་ཡོད་པ་མ་ཡིན་པ་དེ་དག་ནི་རབ་རིབ་ཅན་གྱི་གནས་སྐབས་ན་རབ་རིབ་ཅན ་རྣམས་ཀྱི་སྐྲ་ཤད་དང་སྤྲད་བུ་ལ་སོགས་པ་དག་ལྟ་བུ་དང་ཇི་ལྟར་སྣང་བའི་གནས་སྐབས་ན་སྦྲུལ་མེད་པས་ཐག་པ་ལ་སྦྲུལ་གྱི་བློ་མེད་པ་དེ་བཞིན་དུ་མུན་པའི་གནས་སྐབས་ན་ཡང་དེ་ན་བདེན་པར་གྱུར་པའི་སྦྲུལ་མེད་པས་སྦྲུལ་གྱི་བློ་གང་ཡིན་པ་དེ་ཡང་མེད་པ་བཞིན་གཞར་ཡང་སྟེ། ་འཁོར་བའི་གནས་སྐབས་འགར་ཡང་ཡོད་པ་མ་ཡིན་ནོ། ཞེས་གསུངས་པར་གྱུར་ཏོ། །འོ་ན་ཇི་ལྟར་འཁོར་བ་ཀུན་ནས་ཉོན་མོངས་པ་དང་ལས་ལ་བྱུང་ཞེ་ན། བཤད་པ་འཁོར་བ་ནི་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པའི་བློའི་ངོ་བོའི་ཚོགས་དང ་འདྲ་སྡེ་མུན་པའི་གནས་སྐབས་ན་སྦྲུལ་གྱིས་འཇིགས་པ་ཕྱིན་ཅི་ལོག་བཞིན་ནོ། །འདི་ཡང་ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་མུན་པས་བློ་གོས་གྱི་མིག་ལྡོངས་པར་བྱས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱི་ཡིན་ནོ། ཞེས་བཤད་པ་ནི་ཡོད་དང་མེད་ཅེས་རྟོགས་པ་དང ་ལྡན་ཞིང། དེ་ལྟར་སྤྱོད་རྣམས་སྡུག་བསྔལ་ཞི་མི་འགྱུར་ཞེས་བྱ་བའོ། །ལེགས་པ་བཤད་པ་ལས་ནི་རྣམ་པ་ཡོད་མིན་ཞེས་བྱ་བར་འགྱུར་མོད་ཀྱི། ཏིང་ངན་ནི་ཏིང་ངོར་འགྱུར་རོ། ཞེས་བྱ་བ་བརྗོད་པར་བྱའོ། །ཞེས་བྱ་བའི་མཚན་ཉིད་ལས་ན་ཆོས་ཡང ་མིན་ཞེས་གསུངས་སོ། །དྷརྨཱཎཱ་ཨམ་ཞེས་བསྟན་པར་བྱ་ལ། འདིར་ཡི་གེ་ཨཱ་དང་མ་མི་མངོན་པར་བྱས་སོ། །དེ་ལ་ཡོད་ཅེས་རྟོག་པ་དང་ལྡན་པ་ནི་ཁྱེད་ཅག་གྲངས་ཅན་པ་དང་འུག་པ་པ་དང། གཟེགས་ཟན་དང་སེར་སྐྱ་དང། བྱེ་བྲག་ཏུ་སྨྲ་བ་བ་རྣམས ་ཡིན་ལ། མེད་ཅེས་རྟོག་པ་དང་ལྡན་པ་ནི་བྱེ་བྲག་པ་དང་མདོ་སྡེ་པ་དང་རྣམ་པར་ཤེས་པ་སྨྲ་བ་རྣམས་ཏེ། དེ་ལྟར་སྤྱོད་པ་ཡོད་པ་དང་མེད་པའི་གདོན་གྱིས་ཟིན་པ་རབ་རིབ་ཀྱི་གནས་སྐབས་རབ་རིབ་ཅན་རྣམས་ལྟ་བུ་དང་མུན་ཁུང་དུ་ཐག་པ་ལ་སྦྲུལ་གྱི་བློ་ཅན་རྣམས ་བཞིན་དུ་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཏེ་འགྲོ་བ་ལྔའི་འཁོར་བར་སྐྱེ་བ་དང། རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་དང་མྱ་ངན་ལ་སོགས་པ་ཞི་བར་མི་འགྱུར་རོ། །དེ་དག་གི་རྣམ་པར་དཔྱད་པ་ནི་གནས་དང་གནས་སུ་འདི་ཉིད་ལས ་བསྟན་ཟིན་པའི་ཕྱིར་མ་བཤད་དོ། །དེ་ཉིད་ཀྱི་ཕྱིར་གང་ཟག་ཕུང་པོ་སྨྲ་བ་ཡིན། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང། གོས་མེད་བཅའ་ལ་གལ་ཏེ་ཞིག། ཡོད་མེད་འདས་པ་སྨྲ་ན་དྲིས། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ནི། ། ་བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་ཀྱིས། །ཞེས་གསུངས་སོ། །གལ་ཏེ་གང་འདི་ལྟ་སྟེ། ཐམས་ཅད་བཏང་བས་མྱ་ངན་ལས་འདའ་བ་ཞེས་བྱ་བ་འདི་ཉིད་ཡ་མཚན་ཅན་རྣམས་ཀྱི་ཡང ་བསམ་པ་ཡིན་ན་ནི་ཁྱོད་དང་མུ་སྟེགས་ཅན་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་ནི་མུ་སྟེགས་ཅན་རྣམས་ལ་ཐམས་ཅད་བཏང་པའི་བསམ་པ་ཙམ་ཞིག་ཏུ་ཟད་ཀྱི་ཐམས་ཅད་གཏོང་བའི་ཐབས་བརྗོད་པ་མེད་པ་གང་ཡིན་པ་འདི་ཡིན་ནོ། །ཐམས ་ཅད་གཏོང་བའི་ཐབས་མ་བསྟན་ན་ཡང། གང་ཞིག་གཏོང་ཐབས་མི་ཤེས་དེ། །ཅི་ཞིག་གཏོང་བར་བྱེད་པར་འགྱུར། །ཐམས་ཅད་གཏོང་བའི་བསམ་པ་ལ་གནས་ཀྱང་མུ་སྟེགས་ཅན་གྱི་ལུགས་ལ་བརྟེན་ཞིང་བ་ཏང་བའི་ཐབས་མངོན་པར་མི་ཤེས་པས ་ཅི་ཞིག་གཏོང་བར་བྱེད་པར་འགྱུར་ཏེ། གང་གི་ཕྱིར་ཐམས་ཅད་གཏོང་བའི་ཐབས་དོན་དམ་པའི་བདེན་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་མི་ཤེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེས་ན་ངེས་པར་ཐུབ་པ་ཡི། །གཞན ་དུ་ཞི་བ་མེད་ཅེས་གསུངས། །འདི་ཉིད་ལ་དགོངས་ནས་ཐུབ་པས་དགེ་སྤྱོད་དང་པོ་ནི་འདི་ཉིད་དུའོ། །གཉིས་པ་དང་གསུམ་པ་ནི་འདི་ཉིད་དུའོ། །བཞི་པ་ནི་འདི་ཉིད་དུའོ། །ཕ་རོལ་པོའི་སྨྲ་བ་ནི་དགེ་སྦྱོང་དག་གིས་སྟོང་པའོ། ཞེས་གསུངས་སོ། །ཞེས་བྱ ་བར་དེས་སོ། །ཐམས་ཅད་གཏོང་བའི་ཐབས་ཡང་དག་པར་བསྟན་པ་འདི་ལས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་འཇུག་པ་ཐམས་ཅད་ལ་ཐོགས་པ་མེད་པས་དོན་ཇི་ལྟ་བ་བཞིན་དུ་སྟོན་པ་པོ་ཉིད་དུ་རྟོགས་སོ། །མུ་སྟེགས ་ཅན་རྣམས་མི་ཐམས་ཅད་གཏོང་པའི་ཐབས་སྟོན་པའི་ནུས་པ་དང་བྲལ་བས་དངོས་པོའི་རྣམ་པ་གཞན་དུ་ཡང་ཤེས་པའི་ཕྱིན་ཅི་ལོག་པ་ཉིད་དུ་གྲུབ་པའི་ཕྱིར་སྒྲུབ་པར་མི་བྱའོ། །གལ་ཏེ་ཁྱོད་ཀྱི་ལྟར་ན་ཡང་མངོན་སུམ་མ་ཡིན་པའི་ཕྱིར་ན་ཤེས་བྱ་མཛའ་ཡས་པ་དབང་པོ་ལས ་འདས་པའི་དོན་ཉེ་བར་བསྟན་པ་དག་ལ་ཅི་དོན་འདི་ཇི་སྐད་བསྟན་པ་དེ་ཁོ་ན་ལྟར་ཡིན་ནམ་འོན་ཏེ་གཞན་དུ་ཡིན་ཞེས་དེ་རྣམས་ཐེ་ཚོམ་སྐྱེ་བར་འགྱུར་བ་ཉིད་མ་ཡིན་ནམ། དེའི་ཡུལ་ཅན་གྱི་ངེས་པའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །དེ་ལ་ཡང་བཤད་པར་བྱ་སྟེ། སངས ་རྒྱས་ཀྱིས་གསུངས་ལྐེག་གྱུར་ལ། གང་ཞིག་ཐེ་ཚོམ་སྐྱེ་འགྱུར་པ། །དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ནར་ཡིད་ཆེས་བྱ། །དངོས་པོ་ཐམས་ཅད་མངོན་སུམ་དུ་ཤེས་པས་གོ་བར་བྱ་བ་ནི་མ་ཡིན་གྱི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡང་ཡོད་དོ། །རྗེས་སུ ་དཔག་པར་བྱ་བར་ནུས་པ་ཡང་ཡིན་ཏེ། དཔེ་ཡོད་པའི་ཕྱིར་རོ། །འདིར་ཐམས་ཅད་གཏོང་བའི་ཐབས་ནི་ཆས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེ་ནི་གང་གིས་ཀྱང་གཞན་ཉིད་དུ་བསྒྱུར་བར་མི་ནུས་སོ། །དོན་འདི་ནི་རྟག་ཏུ་ཉེ་ཡང་སྐྱེ་བོ་ཐམས ་ཅད་ཀྱིས་མངོན་སུམ་མ་ཡིན་པའི་ཕྱིར་ཕྲ་བ་ཡང་ཡིན་ལ་དེ་ནི་འཐད་པས་ཆོས་ཐམས་ཅད་ལ་རང་བཞིན་དུ་འཛིན་པ་བཟློག་པའི་སྒོ་ནས་ཇི་ལྟ་བ་བཞིན་དཱུང་བསྟན་ཏོ། །རེ་ཞིག་འདི་ཉིད་ལ་འདི་དེས་པར་གྱིས་ཤིག་།ཅི་སྟེ་འདི་ལ་ཅི་འདི་ནི་དེ་ཁོ་ན་ལྟར ་ཡིན་ནམ་འོན་ཏེ་རྣམ་པ་གཞན་དུ་ཡིན་སྙམ་དུ་མི་ངེས་པའི་རྒྱུ་ཅུང་ཟད་ཅིག་ཡོད་ཅིང་གལ་ཏེ་བཤད་ཟིན་པ་དང་འཆད་པའི་རབ་ཏུ་བྱེད་པས་བསྟན་པའི་ངེས་པས་དེ་མ་བསལ་ན་ནི་དེ་སྨྲོས་ཤིག། འདིས་མ་ངེས་པའི་རྒྱུ་ཅུང་ཟད་ཀྱང་བརྗོད་པར་ནུས་པ་ནི་མ་ཡིན་ཏེ། ་དེའི་ཕྱིར་དཔེ་འདི་གྲུབ་བ་ཁོ་ནའོ། །དེའི་ཕྱིར་དེ་ལས་གཞན་པའི་བཅོམ་ལྡན་འདས་ཀྱི་གསུང་མངོན་སུམ་མ་ཡིན་པའི་དོན་སྟོན་པར་བྱེད་པ་ཡང་རང་ཉིད་ཀྱི་ཚུལ་གྱིས་དོན་ཇི་ལྟ་བ་བཞིན་ནོ་།ཞེས་བྱ་བ་རྟོགས་པར་བྱ་སྟེ། དེ་བཞིན་གཤེགས་པ ་བསྟན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་དོན་རྗོད་པར་བྱེད་པའི་གསུང་བཞིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱིས་གསུངས་པའི་ལྐོག་ཏུ་གྱུར་པ་དག་ལ་ཐེ་ཚོམ་ག་ལ་ཟ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ཁམས་ནི་སྟོང་རྣམས ་སུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་བ་ནུས་པ་ཡིན། །དངོས་པོ་གཅིག་ནི་བསམས་བྱས་ན། །དེ་དག་ཐམས་ཅད་བསྒོམས་འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་ལ་ནི་བསླབ་བྱས་ནས། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ་། །ཞེས་བྱ་བ་དང། དེ་བཞིན་དུ་ཇི་ལྟར་བདག་གི་འདུ་ཤེས་ཤེས་གྱུར་པ། །དེ་བཞིན ་ཐམས་ཅད་ལ་ནི་བློ་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་རང་བཞིན་ཏེ། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན་ཞེས། ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་བཞིན་གཤེགས་པ་ལྟར་མུ་སྟེགས་ཅན་རྣམས་ཀྱང་ཕྱིན་ཅི་མ་ལོག་པ་ཉིད་དུ་བརྗོད་པ ་ཉིད་དུ་ངེས་པར་ནི་མི་ནུས་ཏེ། དེ་རྣམས་ནི་མཐོང་བའི་ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །འདི་ལྟར་དེ་རྣམས་ཀྱིས་ནི་འཇིག་རྟེན་འདིའི་འཇུག་པ་རྒྱུ་རྟག་པ་སྔོན་དུ་འགྲོ་བར་སྟོན་ན་མཐོང་བ་དང་འགལ་བ་དང་འཐད་པ་དང་འགལ་བ་དེ་ནི་བསྟན ་པར་མི་ནུས་སོ། །དེ་ལྟར་ན། གང་གིས་འཇིག་རྟེན་འདི་མཐོང་དཀའ་། །དེ་ནི་གཞན་ལ་བླུན་པ་ཉིད། །ཟླ་བ་ཉ་བ་ལ་མཐོང་བ་ཡི། །ནུས་པ་ཉམས་པ་འགའ་ཞིག་གིས། །སྐར་མ་དྷུ་བ་དང་ཨ་རུན་དན་ཏི་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་མུ ་སྟེགས་ཅན་འདིས་ཀྱང་གང་གི་ཚེ་རེ་ཞིག་སེམས་ཅན་དང་སྣོད་ཅེས་བྱ་བའི་འཇིག་རྟེན་འདིའི་རྒྱུ་དང་འབྲས་བུ་ལ་རྨོངས་པས་དོན་རགས་པ་ཡང་དག་པར་མི་མཐོང་བ་དེའི་ཚེ་དོན་ཇི་ལྟར་དོན་ཤིན་ཏུ་ཕྲ་བ་ཡུལ་དང་དུས་རིང་པོས་ཆོད་ཅིང་རབ་ཏུ་དབྱེ་བ ་དང་བཅས་པ་ཤེས་པར་འགྱུར། དེའི་ཕྱིར་འཁོར་བའི་ལམ་གྱི་རལ་དུབ་བསལ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་མཐོང་བའི་ཆུ་དྲི་མ་མེད་པ་བཏུང་བར་འདོད་པ། གང་དག་མུ་སྟེགས་ཅན་རང་ཉིད་ལྟ་བ་ཤིན་ཏུ་ཕྱིན་ཅི་ལོག་ཅིང་སྨིག་རྒྱུའི་ཆུ་ལྟར་བསྟེན་པར་བྱ་བ་མ་ཡིན ་པ། དེའི་རྗེས་འགྲོ་དེ་དག། ཤིན་ཏུ་ཡུན་རིང་བསླུས་པར་འགྱུར། །གང་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དོན་ཇི་ལྟ་བ་བཞིན་སྟོན་པ་ལ་མི་བསྙེན་པར་ཐར་པ་འདོད་པ་ཉིད་ཀྱིས་མཐོང་བ་དང་མ་མཐོང་བའི་དངོས་པོའི་རང་བཞིན་ལ་རྣམ་པར་རྨོངས་པའི་མུ ་སྟེགས་ཅན་གྱིས་རྗེས་སུ་འགྲོ་བ་དེ་དག་ནི་ཕྱི་མའི་མུར་གཏུགས་པ་མེད་པ་ཅན་གྱི་འཁོར་བར་བསླུས་པར་འགྱུར་རོ། །འདིར་ཇི་ལྟར་ནོར་ལ་མི་མཁས་ཚོད་པ་ངན་པ་རིན་ཆེན་གླེད་དུ་སོད་རྣམས་རིན་པོ་ཆེ། འདོད་པས་རྨོངས་ལས་ནོར་བུ་རིན་ཐང་ཆེན་པོ ་བཏང་ནས་ནོར་བུ་འཆིང་བུ་ལེན་པ་ལྟར། །དེ་བཞིན་གཞུང་ལུགས་དག་ལ་མི་མཁས་བློ་གྲོས་ངན་ཞིང་ཛམ་བུའི་གླིང་དུ་སོན་པ་རྣམས། །ཐར་པའི་རེ་བ་བཅས་པས་རྨོངས་པས་སངས་རྒྱས་གཞུང་ལུགས་དོར་ནས་མུ་སྟེགས་གཞུང་ལུགས་ལན། ་ཞེས་བཤད་དོ། །ཡང་ཅིའི་ཕྱིར། ཐར་པ་འདོད་པ་དེ་དག་ཕྱིན་ཅི་ལོག་ཏུ་མཐོང་བ་མུ་སྟེགས་ཅན་གྱི་རྗེས་སུ་འགྲོ་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས་བསྟན་པ་ཉན་པ་ལ་འཇིགས་པའི་ཕྱིར་རོ། །འཇིགས་པ་དེ་ནི་བདག་ཡོད་མ་ཡིན་འབྱུང་མི ་འགྱུར། །བདག་གི་ཡོང་མིན་འབྱུང་མི་འགྱུར། །ཞེས་བརྟགས་ནས་སྐྲག་པ་ལས་སོ། །སྐྲག་པ་དེ་ཡང་ཤིན་དུ་ཡུན་རིང་པོར་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་གོམས་ལས་སོ། དེ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡུན་རིང་པོར་གོམས་པར་བྱས་ཀྱང་དགེ་བའི་བཤེས་གཉེན ་གྱིས་ཡོངས་སུ་བཟུང་བས་དངོས་པོའི་རང་བཞིན་ལ་མངོན་པར་ཞེན་པའི་དྲི་མ་དོར་ནས། མྱ་ངན་འདས་པར་རང་འགྲོ་གང། །དེ་དག་ཤིན་ཏུ་བྱ་དཀའ་བྱེད། །རང་ཉིད་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ནས་རང་ཉིད་ཁོ་ན་མྱ་ངན་ལས་འདས་པའི་གྲོང ་ཁྱེར་དུ་ཉེ་བར་གཤེགས་ཏེ། དེ་ལྟར་དཀའ་བ་མཛད་པ་ཐུགས་རྗེ་ཆེན་པོ་མངའ་བ། འདྲེན་སླད་བཞིན་དཱུང་དམ་པ་ནི། །མ་ཡིན་ཡིད་འགྲོར་སྤྲོ་མ་ཡིན། །དམ་བ་མ་ཡིན་པ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ལ་རྣམ་པར ་གནས་པའི་ཡིད་རང་ཉིད་མྱ་ངན་ལས་འདས་པར་མི་སྦྲོ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དམ་པ་མ་ཡིན་པའི་ཡིད་ནི་མཛད་དཀའ་བ་མཛད་པའི་འདྲེན་པ་པོའི་སླད་བཞིན་དུ་ཡང་མྱ་ངན་ལས་འདས་པར་འགྲོ་བར་མི་སྤྲོའོ། །ཡང་ཅིའི་ཕྱིར་དམ་པ་མ་ཡིན ་པའི་གང་ཟག་གི་ཡིད་འདྲེན་པ་པོའི་དེའི་རྗེས་བཞིན་དུ་ཡང་མྱ་ངན་ལས་འདས་པར་འགྲོ་བ་མི་སྦྲོ་ཞི་ན། སྟོང་པ་ཉིད་ལ་སྐྲག་པའི་ཕྱིར་རོ། །ཡང་གང་ཞིག་འདི་ལ་སྐྲག་པར་འགྱུར་ཞེ་ན། གང་ཞིག་འགྱུར་བ་དེ་བསྟན་པའི་ཕྱིར་བཤད་པ། མ ་མཐོང་སྐྲག་པར་མི་རྩོམ་སྟེ། །མཐོང་ན་རྣམ་ཀུན་དེ་བཟློག་འགྱུར། །དེས་ན་ངེས་པར་ཅུང་ཟད་ཅིག་།ཤེས་ལ་སྐྲག་པར་བརྗོད་པར་བྱ། །བསྟན་བཅོས་ཀྱི་བརྔ་ལ་མ་བྱད་པ་ནི་བ་ལང་རྫི་ལ་སོགས་པ་དག་སྟེ་དེ་དག་ནི་སྟོང་པ་ཉིད་ལན་བརྒྱར་བསྟན ་ཀྱང་རྣམ་པ་ཐམས་ཅད་དུ་རྗེས་སུ་ཞུགས་པ་མེད་པས་སྟོང་པ་ཉིད་ཀྱིས་དོན་མ་མཐོང་པའི་ཕྱིར་དེ་ལ་སྐྲག་པ་མི་འབྱུང་སྟེ། སྐད་ཅིག་མར་འཇིག་པ་ལ་དེར་རྨོངས་པ་ལྟ་བུ་དང། དམྱལ་བའི་མེ་ལ་ལོག་པར་ལྟ་བ་རྒྱུད་བཟུང་བ་ཡིན་ནོ། །མཐོང་ན ་རྣམ་ཀུན་དེ་ལྡོག་འགྱུར། །སྟོང་པ་ཉིད་ཅེས་བྱ་བའི་ཆོས་མཐོང་ན་ནི་དེ་ལ་མཁས་པ་རྣམས་རྣམ་པ་ཐམས་ཅད་དུ་སྐྲག་པར་ལྡོག་པར་འགྱུར་ཏེ། འཇིགས་པའི་རྒྱུ་བདག་དང་བདག་གི་ཚེ་མངོན་པར་ཞེན་པ་དང་བྲལ་བའི་ཕྱིར་རོ། །ཐག་བར་མཐོང་ན ་ཐག་པ་སྦྲུལ་དུ་ཕྱིན་ཅི་ལོག་སྐྱེས་པའི་སྦྲུལ་གྱིས་འཇིགས་པ་དང་བྲལ་བ་བཞིན་ནོ། །གང་ཞིག་ཅུང་ཟད་ཅིག་ཤེས་ཤིང་ཅུང་ཟད་ཅིག་མི་ཤེས་པ་དེ་ལ་ནི་ངེས་པ་སྟེ། གདོན་མི་ཟ་བར་འགྱུར་བས་སྐྲག་པར་བསྒྲུབ་པར་བྱའོ། །གླང་པོ་ཆེ ་མྱོས་པའི་རྐྱེན་བུ་ལེགས་པར་བསླབས་པ་ནི་གླང་པོ་ཆེས་སྤར་བ་ན་དེ་ལ་མི་འཇིགས་ལ། དེ་ལ་བཞོན་པར་འདོད་པའི་གྲོང་པ་ཤིན་ཏུ་རྨོངས་པ་ཡང་མ་ཡིན་ནོ། །དེ་ནི་དེ་ལས་ལྷུང་བ་ལ་སོགས་པའི་སྐྱོན་མ་མཐོང་བས་ཞོན་པ་ཉིད་རྟོག་པར་སེམས་པ་ན་དེ་ལ་མི་འཇིགས ་སོ། །ཅུང་ཟད་ཅིག་ཤེས་པ་ནི་བདག་ཉིད་དེ་ལ་ཞོན་པར་བྱ་བར་རློམ་པ་ན་ཆེས་ཤིན་ཏུ་འཇིགས་སོ། །གཞན་ཡང་བྱ་བ་ཐམས་ཅད་ལ་འཇུག་པ་ན་ཅུང་ཟད་ཅིག་ཤེས་པ་ངེས་པར་སྐྲག་པར་འགྱུར་གྱི། དེ་ཁོ་ན་ཉིད་རིགས་པ་མ་ཡིན་ཏེ་མ་བསྙེངས་པའི་ཕྱིར་རོ། ། ་གཏན་མི་ཤེས་པ་ཡང་མ་ཡིན་ཏེ། གཏི་མུག་གིས་བཙས་པའི་ཕྱིར་རོ། །ཅུང་ཟད་ཅིག་ཤེས་པ་ནི་སྐྲག་སྟེ། ཅི་འདི་ནུས་སམ་མི་ནུས་ཞིག་གུ་སྙམ་དུ་རྣཾ་པར་དཔྱོད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཅུང་ཟད་ཅིག་ཤེས་པ་འདི་དག་དེ་དག་གིས་ཤེས་པར་བྱ་བ་ཡོངས་སུ ་རྫོགས་པར་མ་གྱུར་གྱི་བར་དུ་གོ་འཕང་གོ་མ་མི་ཚོལ་ཞེ་ན། བཤད་པར་བྱ་སྟེ། སྐྲག་པའི་ཕྱིར་རོ། །ཡང་སྐྲག་པའི་རྒྱུ་ཅི་ཞིག་ཅེ་ན། བཤད་པ་མ་གོམས་པའོ། །ཡང་དེའི་རྒྱུ་ཅི་ཞིག་ཅེ་ན། ཕྱིན་ཅི་ལོག་ཏུ་གོམས་པའོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། ། ་བྱིས་རྣམས་ངེས་པ་ཁོ་ན་རིན། །འཇུག་བྱེད་ཆེས་ལ་གོམས་པ་སྟེ། །དེ་དག་གོམས་པ་མེད་པ་ཡིས། །ལྡོག་བྱེད་ཆོས་ལ་འཇིགས་པར་འགྱུར། །འཇུག་པར་བྱེད་པའི་ཆོས་ནི་འཁོར་བའི་འཇུག་པ་དང་རྗེས་སུ་མཐུན་པ་སྟེ། སེམས་ཅན་སོ་སོའི་སྐྱེ་བོར ་གཏོགས་པའི་ས་ལ་གནས་པ་རྣམས་ནི་འཇུག་པར་བྱེད་པའི་ཆོས་ལ་གོམས་སོ། །ལྡོག་པར་བྱེད་པའི་ཆོས་ནི་དེ་ལ་གོམས་པའི་གེགས་དངོས་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དེ་འཁོར་བ་ལྡོག་པའི་རྗེས་སུ་མཐུན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས ་ནི་སེམས་ཀྱི་རྒྱུད་བདག་ལ་ཆགས་པ་དང་རྗེས་སུ་འབྲེལ་པའི་ཕྱིར་དེ་ལྡོག་པར་བྱེད་པའི་ཆོས་ལ་ཆོས་ཤིན་དུ་འཇིགས་ལ། །དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་གཡང་སའི་སུལ་ལྟར་སེམས་པ་ན་ཇི་ལྟ་བ་བཞིན་རྟོགས་པ་མི ་བཟོད་དོ། །དེའི་ཕྱིར་དེ་ལྟར་ན་གང་ཟག་མ་རིག་པའི་མུན་པ་འཐུག་པོས་དངོས་པོའི་དེ་ཉིད་གཡོགས་ཤིད་ཐོག་མ་དང་ཐ་མ་དང་མི་ལྡན་པའི་འཁོར་བའི་འབྲོག་དགོན་པར་ལམ་བཟང་པོ་ཆུད་ཟོས་པ་འགའ་ཞིག་གལ་ཏེ་རང་བཞིན་སྟོང་བ ་ཉིད་ཀྱི་གཏམ་ལ་གུས་པར་འགྱུར་ན་དེ་དང་མཐུན་པའི་རྐྱེན་ཉེ་བར་བསྒྲུབས་པའི་སྒོ་ནས་ཇི་ལྟར་སྟོང་པ་ཉིད་ལ་དང་བ་འཕེལ་བར་འགྱུར་བ་དེ་ལྟར་བྱ་ཞིང་སྙིང་རྗེ་ཆེ་བ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བྱས་པ་བཟོ་ཞིང་བདག་ཉིད་ཀྱི ་དམ་པའི་ཆོས་ཀྱི་བར་ཆད་ཀྱི་རྒྱུ་མཚན་གཡང་ས་ཆེན་པོའི་རྒྱུ་ཡོངས་སུ་སྤང་བར་འདོད་པས་ཡང་བ་ལ་བརྟེན་པ་དང། སྦྱིན་པ་དཀའ་བ་ཡང་སྦྱིན་པ་དང། བསྡུ་བའི་དངོས་པོ་བཞིས་ཀྱང་བསྡུ་བར་བྱ་སྟེ། དམ་པའི་ཆོས་འདི་འབད་པ་ཐམས ་ཅད་ཀྱིས་སྐྱེ་བོ་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་བ་ལ་ཉེ་བར་བསྟན་པར་བྱའོ། །གང་ཞིག་ཇི་སྐད་བསྟན་པ་ལ་མི་གུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང། གང་ཞིག་གཏི་མུག་འགའ་ཞིག་གིས། །བསྒྲིབས་ཤིད་དེ་ཉིད་གེགས་བྱེད་པ། །དེ་ལ ་དགེ་ལེགས་འགྲོ་བའང། །མེད་ན་ཐར་པ་སྨོས་ཅི་དགོས། །གཏི་མུག་པ་འགའ་ཞིག་གིས་ཤེས་བྱ་བ་ནི་ཕྲག་དོག་དང་སེར་སྣ་དང་ལེ་ལོ་དང་འཇིགས་པ་དང་ཉན་པ་པོ་ལ་སྡང་བ་ལ་སོགས་པས་སོ། །གང་ཞིག་དེ་ཁོ་ན་ཉིད་ཉེ་བར་བསྟན་པའི ་སྣོད་དུ་གྱུར་པའི་སྐྱེ་བོ་ལ་དེ་ཁོ་ན་ཉིད་ལྟ་བ་དང་ཉན་པ་ལ་སོགས་པའི་གེ་བྱེད་པ་དེ་ལ་ནི་དེས་པར་ངན་འགྲོར་འགྲོ་བས་བདེ་འགྲོ་སྟེ་ལྟ་དང་མིའི་བདག་ཉིད་ཅན་ཡང་སྲིང་པ་མེད་ན། དེ་ལ་ཐར་པའི་གཏམ་གྱི་གོ་སྐབས་སུ་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས ་འདིས་རང་དད་གཞན་གྱི་རྒྱུད་དག་ལ་གནོད་པ་ཅི་མ་བྱས། དེས་ན་ཤེས་རབ་ཀྱི་སྒྲོ་ན་མ་ཕྱོགས་ཀྱི་སྒོ་མ་ལུས་པ་ཁྱབ་ཅིང་སྣང་བ་ཆོས་གསལ་བ་དུས་གསུམ་དུ་མཐུ་འཇུག་པ་ཉམས་པ་མེད་པ་ཉིན་རེ་ཞིང་མ་རིག་པའི་མུན་པ་གཞོམ་པའི ་ཕྱིར་སྣང་བའི་ཚོགས་འཕེལ་བཞིན་པར་གྱུར་པ། འགྲོ་བའི་བསམ་པ་མ་ལུས་པར་སྣང་བར་ནུས་པ་རྒྱུད་ལ་སྐྱེ་བཞིན་པ་ལ་གནོད་པ་རྗེས་སུ་བསྒྲུབས་པ་ཡིན་ནོ། །འདི་ཉིད་ཀྱང་རང་དང་གཞན་གཉིས་ལ་གནོད་པ་བྱེད་པ་ཉིད་དུ་གཟིགས་ནས། བཅོམ ་ལྡན་འདས་ཀྱིས། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་ཏེ། ཚུལ་ཁྲིམས་ཉམས་པ་ནི་བླའི་ལྟ་བ་ཉམས་པ་ནི་མ་ཡིན་ནོ། །ཞེས་མདོ་ལས་གསུངས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་གསུང ་འདི་འཐད་པ་དང་བཅས་པ་ཉིད་དུ་བརྗོད་པའི་ཕྱིར་སློབ་དཔོན་གྱིས། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །ལྟ་བས་གོ་འཕང་མཆོག་ཐོབ་འགྱུར། །ཞེས་བྱ་བ་སྨོས་སོ། །ཚུལ་ཁྲིམས་ཉམས་པ་ན། གལ་ཏེ་ཡང་དག་པའི་ལྟ་བ་དང་ལྡན་པ ་འཕགས་པ་རྣམས་ལ་བཅོམ་པར་མི་འགྱུར་ན། ཆུང་དུ་རང་འབྲིང་དང་ཆེན་པོའི་རིམ་པས་སྐྱེས་པ་རྣམས་ལ་ཡི་དགས་དང་དུད་འགྲོ་དང་དམྱལ་བར་སྐྱེ་བའི་འབྲས་བུ་རྣམ་པར་སྨིན་པ་ལ་འདི་ཙམ་ཞིག་ཏུ་ཡོངས་སུ་གཅད་པས་འཇུག་ལ། ཚུལ ་ཁྲིམས་རྣམ་པར་དག་པ་ནི་ཡང་དག་པའི་ལྟ་བ་མ་སྐྱེས་པ་སོ་སོའི་སྐྱེ་བོ་རྣམས་ལ་མཆོག་ཏུ་གྱུར་པར་མཐོ་རིས་འབྲས་བུ་ཅན་དུ་འགྱུར་རོ། །ལྟ་པ་ཉམས་པ་ནི་གལ་ཏེ་ཆེས་ཆུང་བཞིག་ཡིན་ནོ། དེ་ཡང་རྣམ་པར་སྨིན་པ་ཆེ་བ་ཉིད་དུ་ཚུལ་ཁྲིམས ་ཉམས་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་དང་མཉམ་པར་བྱ་བར་མི་ནུས་ན། ཕམ་པར་བྱ་བ་ལྟ་ཅི་སྨོས། ཅི་སྟེ་གང་ཟག་དེ་ལ་འཕགས་པའི་ལམ་སྐྱེས་བས་རྐྱེན་ལས་ཅི་ཞིག་ལྟར་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་སྐྱེས་ནས་ནི་དེའི་ཚེ་འདི ་གདོན་མི་ཟ་བར་འཁོར་བ་ཐོག་མ་དང་ཐ་མ་མེད་པར་ཞུགས་པའི་མ་རིག་པའི་མུན་པ་བསལ་ནས་སེམས་ཅན་གྱི་ཁམས་མ་ལུས་པ་མདུན་དུ་བདོར་ཏེ་མྱ་ངན་ལས་འདའ་བར་འགྱུར་རོ། །ད་ལྟར་ན་མཁས་པས་དེ་ཁོ་ན་ཉིད་ལ་ལྟ་བ་འདི་ནི་ཤིན་ཏུ ་ངོན་ཆེ་བ་ཉིད་དུ་རིག་པར་བྱས་ཏེ་དེ་མི་ཉམས་པའི་ཕྱིར་འབད་པར་བྱའོ། །དེ་ཉམས་པའི་འཇིགས་པ་མཐོང་བ་འདིས་ནི་ཐམས་ཅད་ལ་སྣོད་ཀྱི་ཁྱད་པར་ངེས་པར་མ་བཟུང་བར་སྣོད་མ་ཡིན་པ་རྣམས་ལ་བདག་མེད་པར་ལྟ་བ་འདི་བསྟན་པར ་བྱ་བ་ཡང་མ་ཡིན་ཏེ། དེ་ལ་ཉེ་བར་བསྟན་པ་ནི་དོན་མ་ཡིན་པའི་རྒྱུ་ཁོ་ནར་འགྱུར་རོ། །བླུན་ལ་ཉེ་བར་བསྟན་པ་ནི། །འཁྲུག་པར་འགྱུར་གྱི་ཞི་ཕྱིར་མིན། །ལག་འགྲོ་འོ་མ་འཐུད་བ་ནི། །དུག་འཕེལ་འགྱུར་བ་འབའ་ཞིག་བོ། །ཞེས་ཀྱང ་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། །མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་བར་གྱུར་པ་ཐམས་ཅད་ལ་ངེས་པར་འབྱུང ་བ་ནི་སྟོང་པ་ཉིད་ཡིན་ན་གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི་རུང་ངོ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། དམ་པ་ཡིན་ལ་བདག་འཛིན་མཆོག་།བདག་མེད་སྟོན་པ་མ་ཡིན་ཏེ། །བདག་མེད་པའི་ཆོས་ལ་ལྷག་པར་མོས་པ་དང་བྲལ ་ཞིང་བདག་ཏུ་འཛིན་པར་མངོན་པར་ཞེན་པ་དམ་པའི་ཆོས་མ་ཡིན་པ་ལ་བརྟེན་པས་ལྟ་བ་ཐིབས་པའི་རྗེས་སུ་འབྲང་བའི་མི་ལ་ནི་དམ་པ་མ་ཡིན་པ་ཞེས་བྱ་སྟེ། དམ་པ་མ་ཡིན་པ་དེ་ལ་ནི་དེས་ཉེས་པར་སྤྱོད་པ་ལྡོག་པ་དང་མཐུན་པའི་ཕྱིར ་བདག་བསྟན་པ་མཆོག་ཡིན་ནོ། །འདི་ལྟར་དེ་ནི་བདག་ཅག་ལ་ཆགས་པ་དང་རྗེས་སུ་འབྲལ་པས་བདག་ཉིད་ལ་ཕན་པ་དང་བདེ་བ་མངོན་པར་འདོད་ཅིང་ཉེས་པ་སྦྱང་པ་ལས་ལོག་པ་ལ་འཚེངས་པར་སེམས་ལ་སྡིག་པ་ལས་ལོག ་པ་དེས་ནི་བདེ་འགྲོར་འགྲོ་བ་རྙེད་པར་སླ་བར་ཡང་འགྱུར་རོ། །བདག་མེད་པའི་ཆོས་སྟོན་པས་ནི་སྤོང་བ་དང་ཕྱིན་ཅི་ལོག་ཏུ་རྟོགས་པ་དག་གིས་འདིའི་ལུས་དང་དག་དང་སེམས་ཀྱི་རྒྱུད་འཇོམས་པར་འགྱུར་རོ། །དེའི་ཕྱིར་དེ ་ལྟར་ན། གཅིག་ནི་ངན་འགྲོར་ཉིད་འགྲོ་ལ། །ཐ་མལ་མ་ཡིན་ཞི་ཉིད་དུའོ། །བདག་མེད་པར་ལྟ་བ་ལ་ལོག་པར་ཞུགས་པའི་མི་མཁས་པ་ནི་ངན་འགྲོ་ཁོ་ནར་འགྲོའི་ཞི་བར་ནི་མ་ཡིན་ནོ། །གང་ཞིག་ཐ་མལ་པ་མ་ཡིན་པ་དེ་ནི་ཞི་བ་ཁོ་ནར་འགྲོའི་ངན་འགྲོར ་ནི་མ་ཡིན་ནོ། །ཐ་མལ་གྱི་སྒྲིན་མཆོག་མ་ཡིན་པའི་ཐ་ཚིག་གོ། མཆོག་མ་ཡིན་པ་ཡང་གང་ཞིག་ཅེ་ན། གང་ཞིག་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པ་འམ་སྤོང་བའོ། །དེ་བཀག་པས་ནི་ཐ་མལ་མ་ཡིན་པ་སྟེ། ཐ་མལ་མ་ཡིན་པ་ཞེས་བྱ ་པ་ནི་མཆོག་ཅེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཉེ་བར་བསྟན་པ་གང་ཞིག་ཁོ་ན་ལས་ཐ་མལ་པ་ངན་འགྲོའི་མཐར་ཐུག་པའི་སྟོང་པ་ཉིད་བསྟན་པ་དེ་ཉིད་ལས་ཐ་མ་ལ་པ་མ་ཡིན་པ་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །སྟོང་པ་ཉིད་མཐོང ་པའི་རྐྱེན་གྱིས་ཐམས་ཅད་ལ་ཆགས་པ་སྤངས་པ་ལས་ལས་དང་ཉོས་མོངས་པའི་ཚོགས་བཅོམ་པ་ནི་ངེས་པར་མྱ་ངན་ལས་འདས་པའི་གོ་འཕང་དུ་ཉེ་བར་འགྲོའོ། །ཡང་ན་དམ་པ་མ་ཡིན་གང་ཞིག་བདག་མེད་པའི་ཆོས་ཉན་པ་དེ་ནི་སྤིངས་པ་དང་ཕྱིན་ཅི་ལོག ་ཏུ་རྟོགས་པས་ངན་འགྲོ་ཁོ་ནར་འགྲོ་ལ། གང་ཞིག་མི་ཉན་པ་དེ་ནི་བསོད་ནམས་ཀྱི་ལས་ཀྱི་རྗེན་གྱིས་བདེ་འགྲོ་ཉིད་དུའོ། །ཡང་གང་ཞིག་དམ་པ་མ་ཡིན་པ་དག་ལ་བསྟན་པར་བྱ་བ་མ་ཡིན་ཞིང། དམ་པ་དག་ལ་བསྟན་པར་བྱ་བ་བདག་མེད་པ ་ཞེས་བྱ་བ་འདི་ཡང་གང་ཞིག་ཅེ་ན། དེ་བསྟན་པའི་ཕྱིར་བཤད་པ། ཞི་སྒོ་གཉིས་པ་མེད་པ་དང། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང། །སངས་རྒྱས་ཀུན་གྱི་ཡུལ་གྱུར་ལ། །བདག་མེད་ཅེས་ནི་བྱ་བར་བརྗོད། །གང་ཞིག་ཞི་བའི་སྒོ་གཉིས་པ་མེད་པ་དེ ་ནི། །བདག་མེད་པའོ། །གང་ཞིག་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་དེ་ནི་བདག་མེད་པའོ། །གང་ཞིག་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་དེ་ནི་བདག་མེད་པ་ཞེས་བྱའོ། །དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན ་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང། གང་ཟག་གི་བདག་མེད་པ་ཞེས་བྱའོ། །དེ་ལ་གང་ཟག་ཅེས་བྱ ་བ་ནི་གང་ཕུང་པོ་ལ་བརྟེན་ནས་བཏགས་པ་སྟེ། དེ་ནི་ཕུང་པོ་དག་ལ་རྣམ་པ་ལྔས་བརྩལ་བ་ནི་མི་སྲིད་དོ། །ཆོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་བྱ་བའི་དངོས་པོ་རྣམས་སོ། །དེའི་ཕྱིར་ཆོས་དེ་རྣམས་དང་གང་ཟག་ལ་བདག་ཉིད་ཇི་ལྟ་བའི ་རྒྱུ་དང་རྐྱེན་ལས་རག་ལས་ཏེ། སྐྱེ་བའི་ཕྱིར་དང་བརྟེན་ནས་བརྟགས་པའི་ཕྱིར་བདག་གི་རང་གི་ངོ་བོར་རང་ལ་རག་ལས་ཤིང་གཞན་ལ་རག་མ་ལས་པ་ཡོང་པ་མ་ཡིན་པས་གང་ཟག་དང་ཆོས་རྣམས་རང་བཞིན་མེད་པར་རྣམ་པར་བཞག་གོ་།དོན ་གང་ཞིག་ལ་རང་གི་ངོ་བོས་གྲུབ་པ་མ་ཡིན་པ་དེ་བདག་ཉིད་གཞན་གང་ཞིག་གིས་འགྲུབ་པར་འགྱུར། དེའི་ཕྱིར་དངོས་པོ་རྣམ་པ་ཐམས་ཅད་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་བརྟེན་ནས་སམ་ཉེ་བར་བླངས་ནས་བསླུ་བའི་བདག་ཉིད་དུ་འབྱུང་བ་རྣམས ་ནི་བློ་བླུན་པའི་ཆེགས་པའི་གཞིར་འགྱུར་ལ། རང་བཞིན་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཐོང་བ་རྣམས་ཀྱིས་བསྒོམས་པ་ན་ཆོས་དང་གང་ཟག་གཉིས་ལ་ཆགས་པ་ཡོངས་སུ་ཟད་པ་འདྲེན་པར་འགྱུར་རོ། །ཆགས་པ་ཡོངས་སུ་ཟད་པ་ནི་མྱ ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ལ། རང་བཞིན་མེད་པར་ལྟ་བ་ལས་མ་གཏོགས་པའི་ཆོས་འགའ་ཞིག་དེ་ལྟར་ཆགས་པ་ཡོངས་སུ་ཟད་པའི་རྒྱུ་ཡོད་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པའི་མཚན་ཉིད་ཅན་གྱི་བདག་མེད ་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱ་བ་ལ་འདི་གཅིག་པུ་ཁོ་ན་ཟླ་མེད་པའི་སྒོ་ཡིན་ནོ། །གལ་ཏེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བ་རྣམ་པར་ཐར་ཕྱི? ་སྒོ་གསུམ་ཡོད་མོད་ཀྱི། དེ་ལྟ་ན་ཡང་བདག་མེད་པ་ལྟ་བ་ཁོ་ན་གཙོ་བོ་ཡིན་ཏེ། ཆོས་མ་ལུས་པ་བདག་མེད་པར་རིག་ཅིང་དངོས་པོ་ཐམས་ཅད་ལ་ཆགས་པ་མ་ལུས་བཟད་པ་ལ་འགར་ཡང་འགའ་ཞིག་།དོན་དུ་གཉེར་བ་འམ་མཚན་མར་དམིགས་པ་ག་ལ་ཡོད ་དེའི་ཕྱིར་བདག་མེད་པ་འདི་ནི་ཞི་བའི་སྒོ་གཉིས་པ་མེད་པ་ཁོ་ན་ཞིག་གོ་།དེ་ཉིད་ཀྱིས་ཕྱིར་བྱང་ཆུབ་ཀྱི་ཚོགས་ལས། །རང་བཞིན་མེད་པས་སྟོང་ལ་སྟོང་པ་ནི། །ཡིན་དང་མཚན་མས་ཅི་ཞིག་བྱེད་པར་འགྱུར། །མཚན་མ་ཐམས་ཅད་ལོག་པར་འགྱུར་བའི ་ཕྱིར། །མཁས་པས་ཅི་སྟེ་སྨོན་ལམ་འདེབས་པར་འགྱུར། ཞེས་བཤད་དོ། །འདོན?་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་སྟེ། ལྟ་བ་ངན་པ་ནི་ངན་པར་བརྩིས་པའི་ལྟ་བ་དག་གོ་།བདག་མེད་པ་ཡིན་ན་ནི་དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མི་དམིགས ་པས་དངོས་པོའི་རང་གི་ངོ་བོ་ཡོངས་སུ་བརྟགས་པའི་རྟེན་ཅན་ལྟ་བ་ངན་པ་རྣམས་གཏན་ནས་འཇིག་པར་མཐོད་པའི་ཕྱིར་བདག་མེད་པ་འདི་ནི་འཇིག་པར་བྱེད་པའོ། །བདག་མེད་པ་ནི་སངས་རྒྱས་ཀུན་གྱི་ཡུལ་ཏེ་སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས ་རྒྱས་དང་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིའོ། །ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་དུ་གནས་པའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཡུལ་ཞེས་བྱའོ། །ཡང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ?་ལས་ཐ་མིང་དབར་བཞུགས་བ ་ཐམས་ཅད་ཀྱི་ཡིན་པར་བསྟན་པའི་ཕྱིར་སངས་རྒྱས་ཀུན་གྱི་ཞེས་བཤད་དོ། །ཁྱད་པར་གྱི་ཕྲེང་གིས་ནི་སློབ་དཔོན་གྱིས་ཆོས་ཐམས་ཅད་ད་དག་མེད་པར་གསུངས་སོ། །བདག་མེད་པ་འདི་ནི་དམ་པས་སྐྱེ་བོ་བློ་ཞན་པ་ལ་བསྟན་པར་བྱ་བ་མ་ཡིན་ཏེ། གང་གི ་ཕྱིར། ཆོས་འདི་ཡི་ནི་མིང་ལས་ཀྱང། །དམ་པ་མིན་པ་འཇིགས་པ་སྐྱེ། །དམ་པ་མ་ཡིན་པ་ནི་ཆོས་འདི་གཏིང་ཐུག་པར་དཀའ་ཞིང་ཟབ་པའི་ཕྱིར་བདག་མེད་པའི་སྒྲ་ཐོས་པ་ལས་ཀྱང་འཇིགས་པ་སྐྱེའོ། །འདི་ལྟར། གཞན་ལ་འཇིགས་པ་མི་སྐྱེད་པའི ་སྟོབས་ལྡན་ཞེས་བྱ་གང་ཞིག་མཐོང། །བདག་མེད་པར་ལྟ་བ་ནི་སྟོབས་དང་ལྡན་པ་ཡིན་ཏེ། དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་དྲུངས་འབྱིན་པར་ནུས་པའི་ཕྱིར་རོ། །དམ་པ་མ་ཡིན་པའི་ལྟ་བ་ནི་སྟོབས་ཆུང་པ་སྟེ་དྲུངས་དབྱུང་བར ་བྱ་བ་ཡིན་པའི་ཕྱིར་རོ། །གང་སྟོབས་དང་ལྡན་པ་ལ་སྟོབས་ཆུང་བ་འཇིགས་སོ། །ཞེས་བྱ་བ་འདི་ནི་ངེས་པ་ཡང་ཡིན་ནོ། །དེའི་ཕྱིར་སྟོབས་ཆུང་ཞིང་ལྟ་བ་ངན་པས་སེམས་ཀྱི་རྒྱུད་བདག་གིར་བྱས་པ་ལ་ཆོས་འདི་བསྟན་པར་མི་བྱ་སྟེ། འཇིགས་པའི་རྒྱུ་ཡིན ་པའི་ཕྱིར་རོ། །གལ་ཏེ་ལྟ་བ་ངན་པ་རིལ་འཇོམས་པའི་ཕྱིར་ཆོས་འདི་བསྟན་པར་བྱ་བ་མ་ཡིན་ནམ། འདི་ལྟར་ཕས་ཀྱི་རྒོལ་བ་རྣམས་ནི་གདོན་མི་ཟ་བར་ཆོས་དང་མཐུན་པར་ཚར་གཅད་པར་བྱ་བ་ཞིག་སྟེ། དེའི་ཕྱིར་རྩོད་པ་དོན་དུ་གཉེར་ཞིང་གཞན་གྱི་ལུགས ་ཕམ་པར་བྱ་བར་འདོད་པར་གྱུར་པས་ཆོས་འདི་སྣོད་དག་ལ་ཉེ་བར་བསྟན་པར་བྱའོ་ཞེ་ན། བཤད་པར་བྱ་སྟེ་འདི་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པའི་ཆེད་དུ་མ་གསུངས་སོ། །གལ་ཏེ་ཆོས་འདི་རྩོད་པའི་ཆེད ་དུ་བསྟན་པར་འགྱུར་ན་ནི་འདི་དེ་ལྟར་འགྱུར་བ་ཞིག་དང། འདི་ནི་རྩོད་པའི་དོན་དུ་བསྟན་པ་མ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་ཉིད་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་ཡང་དེ་ལྟ་ཡིན་མོད་ཀྱི། །དེ་ལྟའང་འདི་ནི་གཞན་སྨྲ་རྣམས། །བསྲེག་སྟེ་མེ་ཡིས་བུད ་ཤིང་བཞིན། །རྩོད་པའི་དོན་དུ་མ་བསྟན་ཡང་ཆོས་འདི་ནི་ཕ་རོལ་པོའི་སྨྲ་བ་སེལ་བར་བྱེད་པ་ཁོ་ནའོ། །མེ་ཉེ་བར་ལེན་པ་ནི་བཙོ་བ་ལ་སོགས་པའི་བྱ་བའི་དོན་དུ་ཡིན་ལ་བུད་ཤིང་བསྲེགས་པའི་དོན་དུ་མ་ཡིན་མོད་ཀྱི་དེ་ལྟ་ན་ཡང་སྲེག་པར་བྱེད་པའི ་རང་བཞིན་ཡིན་པས་འདོད་པའི་བྱ་བ་རྗེས་སུ་སྒྲུབ་ཅིང་བུང་ཤིང་ཡང་སྲོག་པར་བྱེད་དོ། །མེ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པར་ཤེས་པ་ཡང་དད་བ་ཅན་གྱི་རྒྱུད་ལ་ཉེ་བར་སྐྱེ་བ་ན་དེ་ལྟར་ཤེས་པར་བྱ་སྟེ། ཉོན ་མོངས་པའི་འཆིད་པ་ཐམས་ཅད་སྲེག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ཆོས་འདི་དད་པ་ཅན་གྱི་རྒྱུད་ལ་ཉེ་བར་སྐྱེ་བ་ན་ཕ་རོལ་པོའི་སྨྲ་བ་དག་སྲེག་པར་འགྱུར་ཞེ་ན་བཤད་པ། ཆོས་འདི་གང་གིས་ཤེས་གྱུར་པ། དེ་ནི་གཞན་ལ་མི་དགའ་སྟེ་ངཾ?་པའི་ཆོས་ཀྱི་དེ་ཁོ་ན་ཉིད་མཐོབ ་པའི་བདུད་རྩི་མྱངས་པ་ནི་དེ་ལས་གཞན་པའི་ལྟ་བའི་རོལ་མནོག་མེད་པར་བྱེད་པའི་ཕྱིར་དེ་ལས་གཞན་པའི་ལྟ་བ་ཐམས་ཅད་ལ་དེ་མི་དགའ་ཨོ། །སློབ་དཔོན་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱངས་པ་ལྟ་བུར་གྱུར་པ་སྐྱེ་བོ་བློ་དང་ལྡན་པའི་ཡིད་ཚིམ་པར ་བྱེད་པའི་ཚིག?་གསུང་བ། དེས་ན་བདག་ལ་ཆོས་འདི་ནི། །འཇིག་པའི་སྒོ་དང་འདྲ་བར་སྣང། །སླར་མི་སྐྱེ་བས་འཇིག་པ་མཐོང་བའི་ཕྱིར་ཆོས་འདི་ནི་བདག་མེད་པའི་ཆོས་རྟོགས་པའི་རྒྱུད་ལ་དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་འཇིག?་པའི་རྒྱུ་ཡིན་ནོ་སྙམ ་དུ་སློབ་དཔོན་ལ་སྣང་ངོ། །འདི་ནི་མི་དམིགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་འགའ་ཞིག་ཡང་འཇིག་པའི་རྒྱུ་མ་ཡིན་པས་འཇིག་པའི་སྒོ་དང་འདྲ་བར་ཞེས་བཤད་དོ། །ཡང་ན་བསྟན་པའི་ཆོས་ལ་དགོངས་ནས་འཇིག་པའི་སྒོ་དང་འདྲ་བར་ཞེས་བཤད་དོ ་མྱ་ངན་ལས་འདས་པ་ནི་གཏན་དུ་བའི་འཇིག་པ་ཡིན་ལ། དེར་རྗེས་སུ་འཇུག་པའི་སྒོ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྟོགས་པའི་བདག་ཉིད་ཅན་ཡིན་ལ་བསྟན་པའི་ཆོས་ཀྱང་སློབ་དཔོན་ལ་དེ་དང་འདྲ་བར་སྣང་སྟེ། ཇི་ལྟར་འཕགས་པའི་ཆོས་ཀྱི་རང་བཞིན ་ཐུགས་སུ་ཆུད་པར་ཤེས་ནས་དད་པ་དང་ལྡན་པ་ལྟ་བ་གཞན་མངོན་པར་མི་འདོད་པ་དེ་བཞིན་དུ་ལུང་གི་ཆོས་རྟོགས་པ་ཡང་གཞན་ལ་མི་དགའ་ཨོ་སྙམ་དུ་དགོངས་སོ། །ཅི་སྟེ་འཕགས་པ་རྣམས་ལ་ཡང་ཅིའི་ཕྱིར་འདི་སྐྲག་པའི་རྒྱུར་མི་འགྱུར་ཞེ་ན། བདག་ལ་ཆགས ་པ་ལོག་པའི་ཕྱིར་རོ། །གང་ལ་བདག་ལ་ཆགས་པ་ཡོད་པ་དེ་ནི་དེ་དང་རྗེས་སུ་མཐུན་པའི་དངོས་པོའི་ལྟ་བ་འདོད་ཀྱི་དེ་དང་མི་མཐུན་པས་བདག་མེད་པར་ལྟ་བ་ནི་མ་ཡིན་ནོ། །དེ་ཉིད་དུ་བདག་མེད་སྙམ་དུ། །ད་ལྟར་གད་ལ་དགོངས་གནས་པ། །འཕགས་པ ་དེ་ནི་ཡོད་པས་ཀྲ་ལ་དགའ་། །མེད་པས་འཇིགས་པར་ག་ལ་འགྱུར། །གང་ཞིག་ལ་ཕྱི་དང་ནང་གི་དངོས་པོའི་རང་གི་ངོ་བོ་ཡོངས་སུ་མི་རྟོག་པའི་ཕྱིར་ཞེས་བྱ་བའི་དངོས་པོ་འགའ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་སྙམ་པའི་དགོངས་པ ་རྣམ་པར་གནས་པ་དེ་ནི་གང་མེད་པར་མཐོང་བ་ལས་དེ་བདག་མེད་པ་ལས་འཇིགས་པར་འགྱུར་བ་ཡོད་པར་ལྟ་བ་ཡོད་པས་ཡོངས་སུ་ཆིམ་བར་ག་ལ་འགྱུར། དེ་ཉིད་ཀྱི་ཕྱིར་དེ་དག་གི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའོ་ཞེས་བྱ་སྟེ། ཡོད་པར་ལྟར ་བ་ལ་རྗེས་སུ་ཆགས་པ་མེད་པའི་ཕྱིར་ལ། བདག་མེད་པར་ལྟ་བ་ལ་ཡང་ཁོང་ཁྲོ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཉིས་ལ་མི་སྤྱོད་ཅིང་རྩོད་པ་མེད་པ་འདེ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བདེ་བླག་ཏུ་འགྲོ་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པ་དམ་པའི ་གནས་ཡིན་བའི་ཕྱིར་ན་བདག་མེད་པ་དེ་དེའི་འཇིགས་པའི་རྒྱུ་མ་ཡིན་ནོ། །དངོས་པོར་ལྟ་བ་ལ་མངོན་པར་ཞེན་པའི་མུ་སྟེགས་ཅན་མྱ་ངན་ལས་འདས་པ་ལ་གཡང་སར་འདུ་ཤེས་པ་རྣམས་ནི་མྱ་ངན་ལས་འདས་པ་ལས་འཇིག་རྟེན་གཅོད་པར་བྱེད་ཅིང ་སྐྱེ་བོ་སྡུག་བསྔལ་མཛའ་ཡས་པའི་རྒྱུ་དངོས་པོར་ལྟེ་བ་ལ་སྦྱོར་བ་ན་འགྲོ་བ་རྣམས་ཀྱི་སྡུག་བསྔལ་མུ་མཛའ་མེད་པའི་ས་བོན་དུ་གྱུར་པ་ཡིན་ནོ། །དེའི་ཕྱིར་དོན་མིན་ས་བོན་གྱུར་པ་ཡི། །མུ་སྟེགས་ཅན་མདོ་མཐོང་ནས་ནི། །ཆོས་འདོད་པ་ཡི་སྐྱེ་བོ་ལ། ། ་སུ་ཞིག་སྙིང་མི་བརྩེ་བར་འགྱུར། །འཇིག་རྟེན་འདི་ནི་མུ་སྟེགས་བྱེད་ཀྱི་སྤྲུལ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དམ་པ་མ་ཡིན་པའི་ཚེར་མ་ཤིན་ཏུ་འཐིབས་པའི་ཚེད་དང་ལྡན་པ་རྣམས་ཀྱིས་ལམ་བཟང་པོ་ནས་བཀུག་སྟེ། ལྟ་བའི་ཚེར་མའི་ཚ་ཚིད? ་དུ་བཅུ་གནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་སྲོག་གི་དབང་པོ་བཅད་པའི་སྒོ་ནས་ཉིན་རེ་ཉིན་རེ་ཞིང་གསོད་པར་བྱེད་དོ། །གང་ཞིག་ཅི་ཞིག་ལྟར་སྐྱེས་བུའི་བྱེད་པས་བདག་ཉིད་དེ་ལས་ཡོངས་སུ་གྲོལ་བར་བྱས་ནས་ལམ་བཟང་པོ་ལ་བཏེན་པ་དེ་རི ་མཛའ་?་བཤེས་ཆོགས་ཆེ་ཞིང་ཡང་བར་བྱིན་པ་དེ་ལས་གྲོལ་བ་ཞིག་སྔར་གྱི་རྒུད་པའི་གཏམ་ཐོས་པས་སྙིང་ཞུ་བའི་གཉན་རྣམས་ཀྱིས་བརྩེ་བར་བྱ་བ་ཡིན་པ་དེ་ལྟ་བུ་སྟེ་དེ་དང་འདྲ་པར་རྣམ་བདེ་ལྟ་བུའི་སྐྱེ་བོ་རྣམས་ལ་བྱང་ཆུབ་སེམས་དའི་རིགས་ཅན་གང་ཞིག ་སྙིང་བརྩེ་བར་མི་འགྱུར། སྙིང་བརྩེ་བ་ལས་ཀྱང་གུས་པར་བྱས་ཏེ་དེ་ལ་གང་གིས་ན་འདིར་སླར་ཡང་མུ་སྟེགས་ཅན་གྱི་སྦུལ་དག་གི་ཕྲོགས་བར་མི་འགྱུར་བ་རང་བཞིན་མེད་པའི་ལམ་ཉེ་བར་བསྟན་པར་བྱའོ། །ཡང་ཅིའི་ཕྱིར་སེམས་ཅན་རྣམས་དགེ་བའི་བར་བསམ ་པ་ཅན་ཡིན་ཡང་ཕལ་ཆེར་མུ་སྟེགས་ཅན་རྣམས་ཀྱི་ལུགས་དང་རྗེས་སུ་འབྲེལ་གྱི་བདེ་བར་གཤེགས་པ་བའི་དང་མ་ཡིན་ཞེ་ན། དེ་ནི་ཕྲ་བའི་ཕྱིར་རོ། །འདི་ལྟར་རག་པ་མཐོང་ཞིང་བདེ་བར་གཤེགས་པ་པ་རྣམས་ཀྱིས་གཙུག་ལག་ཁང་དང་ཁ་ཟས་དང་ཆོས་གོས་ལ ་སོགས་པ་མཆོག་ཏུ་གྱུར་པ་དམིགས་ནས་ལྟ་བ་ཕྱིན་ཅི་ལོག་པ་རྣམས་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དོན་ཟབ་མོ་མཁས་ཤིང་འཛངས་པས་རིག་པར་བྱ་བའི་གཏིང་མི་དཔོགས་ཤིང་མཐོང་བ་དང་ཐོས་བ་ཙམ་གྱིས་བསླུས་པ་ན་མུ་སྟེགས ་ཅན་རྣམས་ཀྱི་གཞུང་ལུགས་དག་ལ་གུས་པར་བྱེད་དོ། །ཇི་ལྟར་བདེ་བར་གཤགས་པ་པ་རྣམས་ཀྱི་ཆོས་འདི་ཕྲ་བ་ཉིད་དང། དེ་ལས་གཞན་བ་རྣམས་ཀྱི་རགས་པ་ཉིད་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། ཤཱཀྱ་གོས་མེད་བྲམ་ཟེ ་སྟེ། །གསུམ་པོ་རྣམས་ཀྱིའང་ཆོས་ཡིད་དང། །མིག་དང་རྣ་བ་ཡིས་འཛིན་པ། །དེའི་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །བྲམ་ཟེ་རྣམས་ནི་འདོན་པ་སྙིང་པོར་བྱེད་པ་སྟེ། དེ་རྣམས་ཀྱི་དེ་ནི་རྣ་བའི་ཡུལ་ལོ། །གཅེར་ཊུ་བ་དག་ནི་གཙང་སྦྲར་སྤྱོད ་པ་དང་བྲལ་བའི་ཕྱིར་ལུས་དྲི་ང་བའི་འདམ་འཕེལ་བཞིན་པས་གོས་ཤིང་ཁྲུས་རས་དང་བྲལ་བ་གྲང་བ་དང་རླུང་དང་ཉི་མ་དང་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་གྱི་གཞིར་གྱུར་པ་རྣམས་ཏེ། དེ་རྣམས་ཀྱི་ལུགས་དེ་ནི་མཐོང་བས་གོ་བར་བྱ་བ་ཡིན ་ཏེ། དེའི་ཕྱིར་དེ་རྣམས་ཀྱི་ཆོས་ནི་མིག་གི་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །ཤཱཀྱ་དངོས་པོ་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ཉི་མས་སེམས་ཀྱི་རྒྱུད་སྣང་བར་བྱས་ཤིང་དམ་པ་མ་ཡིན་པའི་ལྟ་བ་མ་ལུས་པས་འཐིབས་ཤིང ་ཚང་ཚིང་དུ་གྱུར་པའི་མ་རིག་པའི་མུན་པ་བཅོམ་པ། འདུས་བྱས་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མའི་ཆུང་དང་གཟུགས་བརླུན་དང་སྤྲུལ་པ་དང་མཚུངས་པར་མཐོང་བ། ཉོན་མོངས་པའི་དྲི་མ་མ་ལུས་པ་བསལ་བས་སེམས་ཀྱི་རྒྱུད་དེ་མ་མེད་པར་གྱུར ་པ་རྣམས་ནི་དེ་ལྟར་མཉམ་པར་གཞག་པ་དག་ཁོ་ནས་ངེས་པར་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་དག་གི་དགེ་བའི་བསམ་པ་ནི་ཡིད་ཀྱི་རྣམ་པར་ཤེས་བས་གོ་བར་བྱ་བ་ཡིན་པས་ཐུབ་པའི་གཞུང་ལུགས་ཕྲ་བ་ཡིན་ནོ། །དེའི་ཕྱིར་མ་ངེས་བས་བསོད་ནམས ་འདོད་ཀྱང་སྐྱེ་བོ་བདེ་བར་གཤེགས་པ་པའི་ཆོས་ལ་མི་འཇུག་གོ་།འདིར་སྨྲས་པ། གལ་ཏེ་བློ་རགས་པའི་ཕྱིར་འཇིག་རྟེན་ཕྱི་རོལ་པ་ལ་བསྟེན་ནས་འཇུག་ན་འོན་འདིར་ཡང་དེ་ལྟར་རྗེས་སུ་སྒྲུབ་བར་གྱིས་ཤིག་།ཕྱི་རོལ་པའི་བྱ་བ་རྗེས་སུ་མི ་འགྲུབ་སྟེ། འདི་ལྟར། ཇི་ལྟར་བྲམ་ཟེ་རྣམས་ལ་ཆོས། །ཕལ་ཆེར་ཕྱི་འཆོས་བརྗོད་པ་ལྟར། །དེ་བཞིན་གཅེར་བུ་རྣམས་ལ་ཆོས། །ཕལ་ཆེར་བླུན་པོ་བརྗོད་པ་ཡིན། །བྲམ་ཟེ་རྣམས་ནི་བཟླས་བརྗོད་དང་སྦྱིན་བསྲེག་དང། བཀྲ་ཤིས ་དང་འགྱོད་ཚངས་ལ་སོགས་བའི་བྱ་བ་དག་གིས་གཞན་དག་ལས་རྙེད་པ་དང་བཀུར་སྟི་ལ་སོགས་པ་འདོད་པས་བྱི་འཆོས་པར་འདོད་དོ། །དེ་དག་གི་ཆོས་ནི་ཕལ་ཆེར་ཕྱིར་འཆོས་པ་ཞིག་སྟེ། ཕྱིར་འཆོས་གཙོ་བོ་ཡིན་ནོ། །ཞེས་བྱ་བའི ་དོན་ཏོ། ཆོས་འདི་ནི་ཐར་པ་འདོད་པ་རྣམས་ལ་འགལ་བ་ཡིན་ཏེ། འཁོར་བའི་རྗེས་སུ་མཐུན་པའི་ཕྱིར་ལ། ཁ་གསག་གིས་རྗེས་སུ་རིག་པའི་བདག་ཉིད་ཅན་གྱི་ཉེ་བའི་ཉོན་མོངས་པ་མངོན་པར་འཕེལ་བའི་རྒྱུ་ཡིན་པའི་ཕྱིར ་ཤཱཀྱ་རྣམས་ལ་མ་བསྟན་ཏོ། །ཇི་ལྟར་ཐར་པའི་བར་དུ་གཅོད་པར་བྱེད་པའི་ཕྱིར་བྲམ་ཟེ་རྣམས་ཀྱི་ཆོས་ཕྱི་འཆོས་ཕལ་ཆེ་བ་ཐར་པ་འདོད་པ་རྣམས་ཀྱིས་སྤྱད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་གཅེར་བུ་རྣམས་ཀྱི་ཆོས་སེམས་བླུན་བ་ཉིད་དུ་བྱེད་པའི་རྒྱུ་ཡང ་བླུན་པ་ཕལ་ཆེ་བའི་ཕྱིར་སྤྱད་པར་བྱ་བ་མ་ཡིན་པས་དེ་ལྟར་ཉེ་བར་བསྟན་པ་རྗེས་སུ་མི་སྒྲུབ་པོ། །གང་གི་ཕྱིར་བྲམ་ཟེ་འདི་རྣམས་ཀྱི་ཆོས་ཕྱི་འཆོས་ཕལ་ཆེ་བ་དེ་ཉིད་ཀྱི་ཕྱིར་འཇིག་རྟེན་ཕལ་ཆེར། ཇི་ལྟར་རིགས་བ་བླངས་པ་ལས། །བྲམ་ཟེ་བུས་པ ་སྐྱེ་བ་ལྟར། །དེ་བཞིན་ཉོན་མོངས་བླངས་བ་ལས། །གཅིར་བུ་པ་ལ་བརྩེ་བར་འགྱུར། །ཇི་ལྟར་འདོན་པར་བྱེད་པ་ཙམ་གྱིས་སེམས་རངས་པར་གྱུར་བའི་འཇིག་རྟེན་ནི་རིགས་པ་བླངས་བ་ལས་བྲམ་ཟེ་རྣམས་ལ་གུས་པ་སྐྱེ་བ་དེ་བཞིན ་དུ་ཉོན་མོངས་པ་བླངས་བ་ལས་ཏེ་མགོ་འབལ་བ་ལ་སོགས་པ་ལུས་ཡོངས་སུ་དུབ་བ་ལས་གོས་མེད་པ་རྣམས་ལ་བརྩེ་བ་སྐྱེའོ། །འདིར་རྣམས་ཀྱི་ལུས་ཡོངས་སུ་ཉོན་མོངས་བའི་སྡུག་བསྔལ་ཉམས་སུ་མྱང་བ་ནི་ཆོས་ཀྱི་ཆེད་དུ་འགྱུར་བ་འདི་ནི་མི ་སྲེད་དེ་ཉེས་པ་སྦྱར་བའི་འབྲས་བུ་ཡིན་པའི་ཕྱིར་རོ། ཞེས་བསྟན་པའི་ཕྱིར་རོ། །སྡུག་བསྔལ་ལས་ཀྱི་རྣམ་སྨིན་ཕྱིར། །ཇི་ལྟར་ཆོས་སུ་མི་འགྱུར་བ། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་སྒྲེན་མོས་རྒྱུ་བ་རྣམས་ཀྱི་འདི་བའི་སྡུག་བསྔལ་གྱི་ཉམས་སུ་མྱོང་བ་ཡང ་དམྱལ་བའི་སྡུག་བསྔལ་གྱི་ཉམས་སུ་མྱོང་བ་བཞིན་ཆོས་ཀྱི་ཆེད་དུ་མི་འགྱུར་བ་ལྟར་བྲམ་ཟེ་རྣམས་ཀྱི་ཡང། དེ་བཞིན་སྐྱེ་བ་ལས་ཀྱི་ནི། །རྣམས་སྨིན་ཕྱིར་ན་ཆོས་མ་ཡིན། །གལ་ཏེ་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་མིག་ལ་སོགས་པ་ལྟར ་སྡུག་བསྔལ་དང་སྐྱེ་བ་ཆོས་སུ་མི་འགྱུར་ན་འོ་ན་ཆོས་གང་ཞིག་ཡིན་ཞེ་ན། བཤད་པར་བྱ་སྟེ། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །འཚེ་བ་ནི་གཞན་ལ་གནོད་པར་ཞུགས་པའི་ཕྱིར་སེམས་ཅན་ལ་གནོད་པའི ་བསམ་པ་དང། ངེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཡིན་ལ། མི་འཚེ་བ་ནི་དེ་ལས་བཟློག་པའི་སྒོ་ནས་དགེ་བ་བཅུའི་ལས་ལམ་མོ། །གང་ཡང་ཅུང་ཟད་གཞན་ལ་ཕན་འདོགས་པ་དེ་ཐམས་ཅད་ཀྱང་མི་འཚེ ་བའི་ཁོངས་སུ་འདུ་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ནི་མདོར་བསྡུ་ན་མི་འཚེ་བ་དེ་ཉིད་ཡིན་ནོ། །ཞེས་བསྟན་ཏོ། །སྟོང་ཉིད་མྱ་ངན་འདས་པར་ཏེ། །འདིར་ནི་དེ་གཉིས་འབའ་ཞིག་གོ། རང་བཞིན་སྟོང་པ་ཉིད་དུ་གང་བཤད་པ་དེ ་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མྱ་ངན་ལས་འདས་པར་གསུངས་སོ། །སྡུག་བསྔལ་ཕུང་པོ་ལྔའི་རང་བཞིན་ཅན་གཏན་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་ལ་རང་བཞིན་གྱིས་མ་སྐྱེས་བར་མཐོང་བའི་དུས་སུ ་ཡང་སྡུག་བསྔལ་རང་བཞིན་གྱིས་མ་སྐྱེས་པར་ཁོང་དུ་ཆུད་པས་ཕྱིན་ཅི་ལོག་ཟད་པ་ཡིན་དང་དེ་སླར་ཡང་རྣམ་པ་གཞན་དུ་འགྱུར་བས་ཡོངས་སུ་བརྟགས་པ་མི་སྲིད་བའི་ཕྱིར་སྡུག་བསྔལ་འགག་པ་ཁོ་ནའོ་སྙམ་དུ་དངོས་པོ་རྣམས་རང་བཞིན ་གྱིས་སྟོང་པ་ཉིད་དུ་མཐོང་བ་ཉིད་མྱ་ངན་ལས་འདས་པའོ། །ཞེས་དེ་བཞིན་གཤེགས་པས་གསུངས་ཀྱི་དངོས་པོའི་རང་བཞིན་གྱི་ངོ་བོར་སླར་མི་སྐྱེ་བ་མྱ་ངན་ལས་འདས་པ་ཡིན་ནོ་།ཞེས་བྱ་བར་ནི་མ་ཡིན་ཏ་རང་བཞིན་ལ་ལྡོག་པ་མེད ་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་གྱིས་མ་སྐྱེས་པ་མཐོང་བ་ཁོ་ན་མྱ་ངན་ལས་འདས་པ་ཡིན་ནོ། །མི་འཚེ་བ་དང་སྟོང་པ་ཉིད་ཅེས་པའི་ཆོས་དེ་གཉིས་ནི་མཐོ་རིས་དང་བྱང་གྲོར་ཐོབ་པར་བྱེད་པ་སྟེ་དེའི་ཕྱིར་འདིར་ནི་དེ་གཉིས་འབའ་ཞིག་གོ་། ་འབའ་ཞིག་ཅེས་བྱ་བ་ནི་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་འདི་ཁོ་ནར་འདི་གཉིས་ཆེས་ཡོངས་སུ་དག་པར་དམིགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་རང་དང་གཞན་གྱི་བདག་ཉིད་ལ་མཐོ་རིས་དང་བྱང་གྲོལ་གྱི་བདེ ་བ་ཡང་དག་པར་བསྐྱེད་པར་འདོད་པས་རྟོག་པར་བྱའོ། ཡང་ཅིའི་ཕྱིར་ཕྱི་རོལ་པ་འདི་དག་བདེ་བར་གཤེགས་པའི་བསྟན་པ་འདི་མཐོང་བཞིན་དུ་ཡང་ཆོས་གཉིས་པོ་འདི་ལ་མི་གུས་ཤེ་ན། རང་གི་ཕྱོགས་ལ་ཆགས་པའི་ཕྱིར་རོ། །འདི་ལྟར། རང་ཕྱོགས་འཇིག་རྟེན་ཐམས ་ཅད་ལ། །སྐྱེས་པ་བཞིན་དུ་སྡུག་འགྱུར་ན། །དེ་ཡི་ལྡོག་པར་བྱེད་པའི་རྒྱུ། །ཁྱོད་ལ་གང་གིས་སྡུག་པར་འགྱུར། །རང་གི་ཕྱོགས་ལ་ཆགས་པ་ནི་འཁོར་བ་ཐོག་མ་མེད་པ་ནས་གོམས་པ་ཞིག་སྟེ། རང་གི་སྐྱེ་བའི་གནས་ལྟར་འཇིག་རྟེན་གྱི་དེ་ཡོངས་སུ་བཏང ་བར་མི་ནུས་ཏེ། དེའི་ཕྱིར་རང་གི་ལྟ་བ་ལ་མངོན་པར་ཞེན་པས་བྱིས་པ་རྣམས་དེ་བཞིན་གཤེགས་པའི་ཆོས་འདི་ལ་མི་འཇུག་གོ་།མཁས་པས་རང་སྐྱེ་བའི་ས་ཡིན་ཡང་རྒུད་པའི་རྒྱུར་གྱུར་བ་ལ་རེ་བ་སྤངས་ནས་འབྱོར་བ་བྱང་བའི་ཡུལ་ལ་བརྟེན་པར ་རིགས་ལ། འདི་ཇི་ལྟར་ཡིན་པ་དེ་ལྟར་རང་གི་ཕྱོགས་ལ་ཆགས་པ་སྤངས་ནས་གཞན་གྱི་ཕྱོགས་ཡིན་ཡང་ཡོན་ཏན་དང་ལྡན་པ་ལ་ཡིད་གཞུག་པར་བྱའོ། །དེའི་ཕྱིར་དེ་ལྟར་ཕྱོགས་སུ་ལྷུང་བ་མེད་པར་གྱུར་བས། རིགས་པའི་དོན་ནི་གཞན་ལས་ཀྱང། །བློ ་ལྡན་ལེགས་པ་འདོད་པས་བླངས། །ཉི་མས་ས་སྟེངས་མིག་ལྡན་ལ། ཀུན་གྱི་སྤྱི་ཐུན་མ་ཡིན་ནམ། །བློ་གྲོས་དང་ལྡན་པ་བདག་ཉིད་ཀྱི་ཡིན་པ་ལྟ་བུར་སེམས་པས་གང་ལ་ལར་ལེགས་པར་བཤད་པ་དམིགས་པ་དེ་དེ་ལས་བླང་བར་བྱའོ། །ཆོས་འདི ་འགའ་ཞིག་ཏུ་ཕྲག་དོག་གིས་གནས་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་ངོ་བོ་མཚུངས་པའི་ཕྱིར་རོ། །དཔེར་ན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར་ཉི་མ་སྣང་བའི་བྱ་བ་ལ་མིག་དང་ལྡན་པ་ཐམས་ཅད་ལ་ཐུན་མོངས་པ་ཡིན་པ་དེ་བཞིན་དུ ་ཆོས་འདི་ཡང་གལ་ཏེ་བསྒྲུབས་པས་རྫོགས་པར་འགྱུར་ན། རང་གི་སྡེ་པ་དང་གཞན་གྱི་སྡེ་པ་ཐམས་ཅད་ལ་ཕན་འདོགས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རིག་པར་བྱས་ནས་གུས་པ་དང་ལྡན་པས་ཆོས་འདི་བདག་ཏུ་བྱ་བ་རིགས་སོ།། །། ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བ་ལས་བལྟ་བར་བྱས་པ་དགག་པ་སྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་འགྲེལ་པའོ།། །། ་འདིར་རིགས་པའི་དོན་ནི་གཞན་ལས་ཀྱང། །བློ་ལྡན་ལེགས་པར་འདོད་པས་བླང། །ཞེས་གང་སྨྲས་ན། གང་ཞིག་བློ་དང་ལྡན་པས་བླང་བར་བྱ་བ་རིགས་པའི་དོན་དེ་ཡང་གང་ཞིག་ཡིན་ཞེས་འཛེར་ཏོ། །བཤད་པར་བྱ་བ་སྟེ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད ་རང་བཞིན་གྱིས་བདག་མེད་པར་མཐོང་བའོ། །གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་འདི་ཉིད་རྟོགས་པར་མི་ནུས་ཏེ། ཡོད་པ་མ་ཡིན་པའི་བོང་བུའི་རྭ་ལ་སོགས་པ་ལ་ནི་མངོན་སུམ་ཉིད་ཡོད་པ་མ་ཡིན་ནོ། །བུམ་པ་ལ་སོགས་པ་རྣམས ་དང་སྔོན་པོ་ལ་སོགས་པ་རྣམས་ནི་མངོན་སུམ་ཡོད་པ་ཉིད་ཡིན་ནོ། །དེའི་ཕྱིར་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་རང་བཞིན་དང་བཅས་པར་ཡོད་པ་ཁོ་ནའོ་ཞེ་ན། འདི་ནི་མི་རིགས་ཏེ་འདི་ལྟར། གཟུགས་མཐོང་ཆེན་བུམ་པ་ནི། །ཐམས་ཅད་ཁོ ་ན་མཐོང་མི་འགྱུར། །བུམ་པ་མངོན་སུམ་ཞེས་བྱ་བའང། །དེ་ཉིད་རིག་པ་སུ་ཞིག་སྨྲ། །འང་གི་སྒྲས་ནི་དེའི་ཉེ་བར་ལེན་པ་སྔོན་པོ་ལ་སོགས་པ་དག་ཀྱང་མངོན་སུམ་ཡིན་ནོ། ཞེས་དེ་ཁོ་ནི་ཉིད་ཤེས་པ་སུ་ཞིག་སྨྲ་བར་འགྱུར། །དེ་ལ་ཁ་ཅིག ་གིས་ནི་བུམ་པ་ཡོན་ཏན་གསུམ་ཡོངས་སུ་འགྱུར་བའི་ངོ་བོར་རྟོགས་ལ། ཡང་གཞན་དག་གིས་ནི་བུམ་པ་ཞེས་བྱ་བ་ཡན་ལག་ཅན་གྱི་རྫས་ཡན་ལག་ལས་ཐ་དད་པ་མཐོང་བ་དང། རེག་པའི་དབང་པོས་བཟུང་བར་བྱ་བ་ཡིན་པར་རྟོགས་ཏེ། དེ ་དག་གི་ཡང་དངོས་པོ་རྟག་པ་ལས་སྐྱེས་པ། ཇི་ལྟ་བུར་ན་མི་རྟག་འགྱུར། །ནམ་ཡང་རྒྱུ་དང་འབྲས་བུ་གཉིས། །མཚན་ཉིད་མི་ལྡན་མཐོང་མ་ཡིན། །ཞེས་བཀག་པའི་ཕྱིར་བུམ་པ་ཉིད་ཡོད་པ་མ་ཡིན་པས་དེའི་མངོན་སུམ་ཉིད་ག་ལ་ཡོད། ་གལ་ཏེ་དེ་ལྟར་མི་སྲིད་ན་འོ་ན་ཇི་ལྟར་བུམ་པ་འདི་རྣམ་པར་བཞག་པར་རིག་པར་བྱ་ཞེ་ན། དེ་བཤད་པར་བྱ་སྟེ། འབྱུང་བ་ཆེན་པོ་བཞི་དང་རྒྱུར་བྱས་པའི་གཟུགས་བཞི་སྟེ། རྫས་བརྒྱད་པོ་དེ་དག་ལ་བརྟེན་ནས་བུམ་པ་འདོགས་ཏེ། ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེད་དང། ་རྩ་དང་ཤིང་ལ་སོགས་པ་ལ་བརྟེན་ནས་ཁྱིམ་དང་ཕུང་པོ་དག་ལ་བརྟེན་ནས་བདག་ཏུ་འདོགས་ལ། དེ་ཡང་རང་གི་རྒྱུ་ལས་རྣམ་པ་ལྔས་བཙལ་ན་མ་དམིགས་པ་དེ་བཞིན་དུ་རང་གི་རྒྱུ་ལ་བརྟེན་ནས་སྦྲང་རྩི་དང་ཆུ་དང་འོ་མ་འཆུ་ཞིང་འཛིན་པར་ནུས་པ་མཐོང་བའི་དབང་པོས ་གོ་བར་བྱ་བ་ཡིན་པས་འཇིག་རྟེན་གྱི་མངོན་སུམ་དུ་གྱུར་པའི་བུམ་པ་ཉེ་བར་ལེན་པ་པོ་ཉིད་དུ་རྣམ་པར་བཞག་གིས། ཇི་སྐད་བཤད་པའི་བརྟེན་ནས་བཏགས་པ་འདི་ཁས་བླངས་པར་རྟོག་པ་གཞན་གྱིས་བུམ་པ་རྣམ་པར་བཞག་པར་ནུས་པ་མ་ཡིན་ནོ། །གང་ཞིག ་གཟུགས་ལ་སོགས་པ་ལས་མ་གཏོགས་པར་བུམ་པ་གཞན་དུ་མ་དམིགས་པའི་ཕྱིར་གནས་སྐབས་དེ་ལྟ་བུའི་གཟུགས་ལ་སོགས་པ་དག་ཁོ་ན་ལ་བུམ་པའི་བློར་འགྱུར་གྱི་བུམ་པ་ཞེས་བྱ་བ་དངོས་པོ་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། སྙམ་དུ་སེམས ་དཔའ་དེ་ལྟར་རྒོལ་བདེ་ལྟར་ན་རྟག་ཏུ་འབར་བ་ཉིད་ལ་སོགས་པའི་ཉེས་པར་ཐལ་བར་གྱུར་པའི་ཕྱིར་བུད་ཤིང་ལས་མ་གཏོགས་པར་ལས་མེད་པར་གྱུར་པའི་མེའི་ཡོད་པ་ཉིད་མེད་པས་དེ་ཡང་བློས་ཡོངས་སུ་བཏགས་པ་ཙམ་དུ་འགྱུར་ལ། དེ་བཞིན ་དུ་འབྱུང་བ་རྣམས་དང་སེམས་དང་སེམས་ལས་བྱུང་བ་རྣམས་ཕན་ཚུན་མེད་པར་འབྱུང་བར་མ་གྲུབ་པའི་ཕྱིར་བུམ་པ་བཞིན་དུ་བློས་བཏགས་བ་ཙམ་ཉིད་དུ་འགྱུར་ཞིང་རང་གི་ངོ་བོས་འགྲུབ་པར་མི་འགྱུར་ན། འདི་ནི་དེ་ལྟར་འདིས་ཁས་བླངས་པ་ཡང་མ ་ཡིན་ནོ། །དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་སེམས་དང་སེམས་ལས་བྱུང་བ་ལྟ་བུ་དང། འབྱུང་བ་ཆེན་པོ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་པ་འམ་བརྟེན་ནས་བརྟགས་པར་ཅིས་ཏེ་ཁས་མི་ལེན་ཏེ། དེའི་ཕྱིར་བུམ་པ་རྫས་བརྒྱད་ཀྱི་ཉེ་བར་ལེན ་བཅན་རང་གི་ཉེ་བར་བླངས་པའི་ཉེ་བར་ལེན་པ་པོར་གྱུར་ཅིང་ཉེ་བར་ལེན་བའི་བྱ་བ་བྱེད་པ་པོ་འཇིག་རྟེན་གྱི་མངོན་སུམ་དུ་གྱུར་པའི་ཡན་ལག་ཅན་དེ་ལྟར་རྣམ་པར་གནས་པ་ཡིན་དང་འདི་རྣམ་པར་བྱེད་དེ། གཟུགས་མཐོང་ཚེ་ན་བུམ་པ་ནི། ཐམས ་ཅད་ཁོ་ན་མཐོང་མི་འགྱུར་ཏེ། བུམ་པ་རྫས་བརྒྱད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །མིག་གིས་ནི་གཟུགས་གཅིག་པུ་མཐོང་གི་དྲི་ལ་སོགས་པ་པར?་ནི?་མ་ཡིན་ཏེ་ཡུལ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་བུམ་པ་ཐམས་ཅད་མིག་གིས་མི་མཐོང་བའི་ཕྱིར་ན ་དངོས་པོའི་རང་གི་ངོ་བོ་རྣམ་པར་མ་ཕྱེ་བས་འཇིག་རྟེན་ཅི་རུང་རུང་ལྟར་རང་གི་རྟོག་པ་ཚད་མར་བྱས་ནས་བུམ་པ་བདག་གི་མངོན་སུམ་ཡིན་ནོ་ཞེས་སྨྲ་ལ་རག་མོད་གང་ཞིག་རྣམ་པར་འབྱེད་པར་བྱེད་ཅིང་དངོས་པོའི་རང་གི་ངོ་བོ་ལ་མཁས་པ་གང་ཕྱོགས ་གཅིག་མཐོང་བས་རིལ་མཐོང་བར་སྲིད་པར་མི་བྱེད་པ་དེ་ནི་བུམ་པ་མངོན་སུམ་མོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུར་སྨྲ་བར་མི་འོས་སོ། །འདི་ལ་རྟོག་གེ་བ་རྣམས་ན་རེ་བུམ་པ་ལ་མངོན་སུམ་ཉིད་ཡོད་པ་མ་ཡིན་པ་ཁོ་ན་སྟེ། གཟུགས་ལ་སོགས ་པ་རྣམས་ཀྱི་རང་གི་མཚན་ཉིད་ནི་བསྟན་དུ་མེད་པ་ཡིན་ལ། མངོན་སུམ་གྱིས་བསྙད་པར་བྱ་བའི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་མངོན་སུམ་ཞེས་བྱ་བར་འདོགས་སོ། །བུམ་པ་ནི་བློས་ཡོངས་སུ་བརྟགས ་པ་ཙམ་ཡིན་པའི་ཕྱིར་རང་གི་མཚན་ཉིད་དུ་ཡོད་པ་མ་ཡིན་ལ། གང་ལ་རང་གི་མཚན་ཉིད་ཡོད་པ་མ་ཡིན་པ་དེ་ལ་ནི་དངོས་ཀྱི་གནས་པས་མངོན་སུམ་ཉིད་མི་སྲིད་བ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་ལ་བརྟགས་པའི་མངོན་སུམ་ཉིད་ཀྱང་མི་རུང་ངོ། ། ་དེའི་ཕྱིར་མངོན་སུམ་ཉིད་འགོག་པ་དགོས་པ་མེད་པའི་ཕྱིར་སྒྲ་ལ་མིག་གིས་གཟུང་བར་བྱ་བ་འགོག་པ་ལྟར་བུམ་པ་འདི་ལ་ཡང་འགོག་པར་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །རྟོག་གེ་པ་འདི་ནི་འཇིག་རྟེན་པའི་དོན་དག་ལ་གཏན་མ་བྱང ་པའི་ཕྱིར་བྱིས་པ་གཞོན་ནུ་ལྟར་ཇེ་དང་པོ་ཁོ་ན་ནས་སྦྱང་བར་བྱ་བར་གྱུར་པ་ཡིན་པས་དེ་བསྟན་པར་བྱ་བའི་ཕྱིར་ཁྱོད་ཀྱི་མངོན་སུམ་གང་ཞིག་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱའོ། །སྨྲས་བ་ཤེས་པ་མངོན་སུམ་ཡིན་ནོ། །ཤེས་པའི་འདྲ་བ་ཞིག་།གང་རྟོག་པ་དང ་བྲལ་བའོ། །རྟོག་པ་ཡང་ཅི་ཞིག་།གང་དོན་ལ་མིང་དང་རིགས་སུ་ལྷག་པར་སྒྲོ་འདོགས་པར་ཞུགས་པའི་འདུ་ཤེས་གཡེར་པོ་སྟེ་དེ་དང་བྲལ་བའི་ཕྱིར་དབང་པོའི་རྣམ་པར་ཤེས་པ་ལྔ་ནི་ཡུལ་གྱི་རང་གི་མཚན་ཉིད་བརྗོད་དུ་མེད་པ་ཙམ་ཞིག་ལ་འཇུག་པའི་ཕྱིར་མངོན? ་སུམ་གྱི་སྒྲ་བརྗོད་པར་བྱ་བ་སྟེ། དབང་པོ་དང་དབང་པོ་ལ་གནས་པའི་ཕྱིར་རོ། །འོ་ན་དབང་པོའི་རྣམ་པར་ཤེས་པའི་སྐད་ཅིག་མ་གཅིག་ཇི་ལྟར་མངོན་སུམ་ཉིད་ཡིན། དེ་ནི་དབང་པོ་དང་དབང་པོ་ལ་བརྟེན་ནས་འཇུག་པ་མ་ཡིན་ཏེ། ཐུན་མོངས་མ་ཡིན་པའི་ཕྱིར་དང། དབང ་སུམ་གྱི་སྒྲ་བརྗོད་པར་བྱ་བ་སྟེ། དབང་པོ་དང་དབང་པོ་ལ་གནས་པའི་ཕྱིར་རོ། །འོ་ན་དབང་པོའི་རྣམ་པར་ཤེས་པའི་སྐད་ཅིག་མ་གཅིག་ཇི་ལྟར་མངོན་སུམ་ཉིད་ཡིན། དེ་ནི་དབང་པོ་དང་དབང་པོ་ལ་བརྟེན་ནས་འཇུག་བ་མ་ཡིན་ཏེ། ཐུན་མོངས་མ་ཡིན་པའི་ཕྱིར་དང། དབང? ་བོ་དང་རྣམ་པར་ཤེས་པའི་སྐད་ཅིག་དག་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པའི་རྟེན་དང་དམིགས་པ་ཅན་ཡིན་པས་དབང་པོའི་རྡུལ་ཕྲ་རབ་དང་ཡུལ་གྱི་རྡུལ་ཕྲ་རབ་རེ་རེ་ཞིང་རྟེན་ཉིད་དམ་དམིགས་པ་ཉིད ་དུ་རྟོགས་པ་མ་ཡིན་ཏེ། རབ་རིབ་ཅན་གྱི་སྐྲ་ཤང་རེ་རེ་ལོགས་སུ་མ་མཐོང་བའི་ཕྱིར་རོ། །ཚོགས་པའི་ནང་ན་གནས་པ་རེ་རེ་ཡང་རྒྱུའི་དངོས་པོ་ཡིན་པ་ལྟར་མིག་ལ་སོགས་པའི་རྡུལ་ཕྲ་རབ་ཚོགས་པ་རྣམས་ནི་རེ་རེ་ཞིག་རྒྱུ་ཉིད་ཡིན་ནོ་ཞེ་ན། དཔེ་མི་མཐུན་པ་ཞིག ་སྟེ། རབ་རིབ་མེད་པས་སྐྲ་རེ་རེ་ནས་མཐོང་བའི་ཕྱིར་མིག་ལ་གནོད་པ་ཡོང་ན་མི་མཐོང་བར་འགྱུར་ན། དབང་པོའི་རྡུལ་ཕྲ་རབ་རྣམས་ལ་ནི་ཚོགས་པའི་གནས་སྐབས་ལས་ཕྱི་རོལ་དུ་རྡུལ་ཕྲ་རབ་རེ་རེ་རང་གིས་རྣམ་པར་ཤེས་པའི་རྟེན་ཉིད་དུ་མ་མཐོང་བས ་ཚོགས་པ་ལ་གནས་པ་རྣམས་ལ་རེ་རེ་རྟེན་ཉིད་དུ་བརྟགས་པ་འདི་མི་རིགས་སོ། །བྱེ་མ་ལ་ནུས་བ་ཅུང་ཟད་ཙམ་ཞིག་མ་དམིགས་ནས་ཚོགས་པ་ལ་གནས་པ་ལ་ཡང་དེ་དང་མཐུན་པར་བརྟག་པར་རིགས་པར་འགྱུར་རོ། །འདི་ལྟར་རྩ་གཅིག་ལ་ཤ་སྦྲང ་དང་སྦྲང་བུ་མཆུ་རིངས་ལ་སོགས་པའི་རྐང་པ་འཆིང་བའི་ནུས་པ་དམིགས་ནས་དེ་དག་གི་ཚོགས་པ་ལ་གླང་པོ་ཆེ་འཆིང་བའི་ནུས་པའི་བར་སྲིད་ལ། དེ་བཞིན་དུ་ཏིལ་རྣམས་ལ་རེ་རེ་ལ་འབྲུ་མར་ཉུང་ཟད་ཙམ་འབྱིན་པའི་ནུས་པ་ཡོད ་དང་ཚོགས་པ་རྣམས་ལ་འབྲུ་མར་བུམ་པ་གང་འབྱིན་པ་ཡང་སྲིད་ན་ཚོགས་པ་ལ་ལྟོས་པའི་དབང་པོའི་རྡུལ་ཕྲ་རབ་རྣམས་ལ་ནི་དེ་ལྟར་རེ་རེ་རྣམ་པར་ཤེས་པའི་རྟེན་ཉིད་དུ་ཡོད་པ་མ་ཡིན་པས་རྡུལ་རབ་ལ་ལྟོས་ནས་ཀྱང་གནོད་པ་མི་སྲིད་དོ། །དེའི་ཕྱིར་དབང ་པོའི་རྡུལ་ཕྲ་རབ་ལ་བརྟེན་ནས་མིག་གི་དབང་པོ་ཞེས་བྱ་བརྡུལ་ཕྲ་རབ་དག་དང་དེ་ཉིད་དང་གཞན་ཉིད་རྟོག་པས་སྟོང་པ་རང་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་བརྟེན་ནས་བཏགས་པས་འཇིག་རྟེན་པར་གྱུར་པ་ཡུལ་ལ་ལྟ་བའི་བྱ་བ་ཅན་ཞིག་ཡོད་པ་མ་ཡིན ་ལ་དེ་ཡང་སྐད་ཅིག་མ་ཉིད་ཀྱི་ཕྱིར་རང་གི་རྣམ་པར་ཤེས་པ་དང་ལྡན། ཅིག་འགགས་པས་གནོད་པ་ག་ལ་སྲིད། དེའི་ཕྱིར་ཤེས་པ་གང་ཞིག་དབང་པོ་དང་དབང་པོ་ལ་གནས་པ་དེ་ནི་མངོན་སུམ་མོ་ཞེས་བྱ་བ་མི་རིགས་སོ། །ཅི་སྟེ་རྣམ་པར་ཤེས་པའི་ཚོགས་པ ་བདག་ཉིད་ཇི་ལྟ་བུའི་དབང་པོ་དག་ལ་གནས་པའི་ཕྱིར་དེ་སྐད་དུ་བྱེ་བྲག་ཏུ་བཤད་པར་འགྱུར་རོ། སྙམ་ན་འདི་ཡང་ཡོད་པ་མ་ཡིན་ནོ། །གང་ལས་ཤེ་ན། མིག་གི་རྣམ་པར་ཤེས་པའི་སྐད་ཅིག་མ་གཅིག་ལ་དེ་ལྟར་བྱེ་བྲག་ཏུ་བཤད་པ་མི་སྲིད་པའི་ཕྱིར་ལ། ་ཚོགས་པ་རྫས་སུ་མེད་པ་ལ་ཡང་དབང་པོ་ལ་བརྟེན་པ་ཉིད་མེད་པའི་ཕྱིར་རོ། །བརྟེན་ནས་བཏགས་པས་རྣམ་པར་ཤེས་པའི་བརྟེན་དུ་གྱུར་པ་མིག་གི་དབང་པོའི་རྣམ་པར་བཞག་པ་ཇི་ལྟར་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ཀྱི་རྣམ་པར་བཞག ་པ་ཡང་རིག་པར་བྱ་སྟེ། དེ་དག་ཀྱང་བརྟེན་ནས་བཏགས་པ་ན་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་ཤེས་པ་ལ་མངོན་སུམ་དུ་རྟོགས་པ་མི་རིགས་སོ། །ཡུལ་ལ་ནི་རིགས་ཏེ། དེ་ལ་ནི་ཟླ་བ་ཚེས་པ་ལ་སོགས་པ་ཅིག་ཆར་རྒྱུད་དུ་མ ་ལས་སྐྱེས་པའི་དབང་པོའི་ཡུལ་ཉིད་མཐོང་ངོ། །འཇིག་རྟེན་པའི་དོན་ལ་འཇིག་རྟེན་པའི་མཐོང་བ་སྤངས་ནས་དོན་གཞན་ལ་བརྟེན་པར་རིག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ན་ཡུལ་ཁོ་ན་དངོས་ཀྱི་འཇུག་པས་མངོན་སུམ་ཡིན་ལ་ཤེས་པ་ནི་བཏགས་པ་ལས་སོ། ། ་གཞན་གྱི་ལྟར་ན་ནི་མངོན་སུམ་གྱི་སྒྲ་ཤེས་པ་ལ་དངོས་སུ་ཡིན་ལ་ཡུལ་ལ་བཏགས་པ་ཡིན་ནོ། །དེ་ནི་འཇིག་རྟེན་པ་མ་ཡིན་ཏེ། འཇིག་རྟེན་ལ་དེ་ལྟར་ཀུན་ཏུ་ཐ་སྙད་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་འཇིག་རྟེན་པའི་ཐ་སྙད་གནས་པ་ཡིན་དང་འཇིག་རྟེན་ཁོ་ན ་ལས་བུམ་པ་མངོན་སུམ་མོ་ཞེས་བྱ་བར་བརྗོད་པར་རིགས་ཀྱི། རང་བཞིན་ཚོལ་བའི་དུས་སུ་དེ་ཉིད་རིག་པས་དེ་སྐད་དུ་སྨྲ་བར་འོས་པ་མ་ཡིན་ཏེ། བུམ་པའི་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་ཤེས་པ་ལ་ནི་བུམ ་པ་ཡང་མངོན་སུམ་ཡིན་ཞིང་གཟུགས་ལ་སོགས་པ་དག་ཀྱང་མངོན་སུམ་ཡིན་ལ་དེའི་ཉེ་བར་ལེན་པ་རྣམས་ཀྱང་མངོན་སུམ་ཡིན་པས་ཉེས་པ་མེད་དོ། །གང་ཡང་འདིས་དབང་པོའི་རྣམ་པར་ཤེས་པ་འདི་མངོན་སུམ་ཉིད་དུ་སྐོ་བཏགས་ནས་གཞན་ཆོད་མ་ཉིད་དུ་རྟོག ་པར་བྱེད་པ་དེ་ཡང་ཆེས་ཤིན་ཏུ་མ་འབྲེལ་བ་ཞིག་གོ་།མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན་རྣམ་པར་ཤེས་པ་ཡང་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཡིན་པའི་ཕྱིར་བརྫུན་པ་བསླུ་བའི་ཆོས་ཅན་དང་སྒྱུ་མ་ལྟ་བུར་གསུངས་སོ། །གང་ཞིག ་བརྫུན་པ་བསླུ་བའི་ཆོས་ཅན་དང་སྒྱུ་མ་ལྟ་བུ་ཡིན་པ་དེ་ནི་མི་བསླུ་བ་མ་ཡིན་ཏེ། རྣམ་པ་གཞན་དུ་གཞན་པའི་དངོས་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་ནི་ཚད་མ་ཉིད་དུ་བརྟག་པར་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱང ་ཚད་མ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ། །དེའི་ཕྱིར་རྟོག་གེ་བ་འདི་གལ་ཏེ་རྟོག་གེའི་ཆང་འཐུངས་པས་མྱོས་པས་སྨྱོས་པར་མ་གྱུར་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང། བརྟེན་ནས་བརྟགས་པ་ཞེས་བྱ་བ་ལམ་བཟང་པོ་སྤངས་ནས་མུ་སྟེགས་ཅན ་གྱི་གཞུང་ལས་བསྟན་པའི་དངོས་པོ་རྣམས་གསལ་བར་བྱེད་པ་དམ་པ་མ་ཡིན་པའི་ཚིག་ཁྱལ་གྱི་ཚོགས་ཆེས་བརྟེལ་པར་མི་འགྱུར་བ་ཞིག་གོ་།འཇིག་རྟེན་ཡང་ཕལ་ཆེར་མའི་བཞིན་ལྟར་དཔྱོད་ཅིང་འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་དངོས་པོ་གནས་པ་ལ་རྣམ་པར་རྨོངས་པ་འདིས་རང་གི་རྟོག་པ་ཙམ་གྱིས་སྦྱར་ཞིང་མཐོ་རིས་དང་ཐར་པའི་ལམ་ལ་བར་དུ་གཅོད་པར་བྱེད་པ་ཤིན་ཏུ་དོན་མེད་པར་རྟོག་གེ་བའི་ལམ་ལ་བཀོད་པ་ཡིན་ནོ། །དེའི་ཕྱིར་འདིར་སྨྱོ་ཆུ ་འཐུངས་པ་ལྟར་དོན་མེད་པའི་དག་འཁྱལ་ལས་བཟློག་པར་མི་ནུས་སོ། །སྤྲོས་པས་ཆོག་གོ་།བུམ་པ་མངོན་སུམ་ཡིན་པ་བསལ་བ་འདིས་ནི་མཐོང་བའི་ཡུལ་གྱི་དངོས་པོ་ཐམས་ཅད་མངོན་སུམ་ཉིད་ཡིན་པ་བསལ་བར་རིག་པར་བྱའོ། །ཇི་ལྟར ་ཇི་སྐད་བཤད་པའི་ཚུལ་གྱི་བུམ་པ་ལ་སོགས་པ་རྣམས་མངོན་སུམ་ཉིད་ཡིན་པར་མི་རིགས་པ་དེ་ལྟར་དེ་ལས་གཞན་པའི་དབང་པོས་ཡོངས་སུ་བཅད་པར་བྱ་བ་བརྟེན་ནས་གདགས་པ་བསྣམས་པར་བྱ་བ་དང་མྱང་པར་བྱ་བ་དང་རེག་པར་བྱ་བ་རྣམས ་མངོན་སུམ་ཉིད་ཡིན་པ་བསལ་བའི་ཕྱིར་བཤད་པ། རྣམ་པར་དཔྱད་པ་འདི་ཉིད་ཀྱིས། བློ་མཆོག་ལྡན་པས་དྲི་ཞིམ་དང། །མངར་དང་འཇམ་པ་ཐམས་ཅད་དག། སོ་སོར་དགག་པར་བྱ་བ་ཡིན། །དྲི་ཞིམ་ཞེས་བྱ་བ་འདིས་ནི་སྣས་ཡོངས་སུ་གཅད་པར ་བྱ་བ་སྣ་མའི་མེ་ཏོག་དང་པདྨ་དང་ཨུཏཔ་ལ་དང་ཙནདན་ལ་སོགས་པ་སྣའི་དབང་པོའི་ཡུལ་མཛའ་དག་ཉེ་བར་མཚོན་པར་བྱེད་དོ། །གཟུགས་ལ་སོགས་པ་མཐོང་བ་མེད་པར་མུན་ཁུང་དུ་ཡང་དྲི་ཙམ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་མངར་དང་ཞེས་བྱ་བ་འདིས ་ཀྱང་བུ་རམ་དང་ལན་ཚྭ་དང་ནི་མ་ལས་སོ་པ་ལྕེའི་དབང་པོའི་ཡུལ་ཐམས་ཅད་ཉེ་བར་མཚོན་པར་བྱེད་དོ། །འཇམ་པ་ཞེས་བྱ་བ་འདིས་ནི་ཤིང་བལ་དང་བྱེ་མ་དང་རྡོ་བ་ལ་སོགས་པ་ལུས་ཀྱི་དབང་པོའི་ཡུ་ཐམས་ཅད་ཉེ་བར་མཚོན་པར་བྱེད་དོ། །དེ་དག ་ཀྱང་རྫས་བརྒྱད་ཀྱི་ཉེ་བར་ལེན་པ་ཅན་ཡིན་བས་བདག་ཉིད་ཇི་ལྟ་བའི་དབང་པོ་དག་གིས་ཡུལ་རེ་རེ་འཛིན་པ་ཡིན་དང་རྣམ་པ་ཐམས་ཅད་མ་འཛིན་པའི་ཕྱིར་སྣ་མའི་མཏོག་དང་རཾ་དང་ཤིང་བ་ལ་སོགས་པ་དག་བདག་གི་མངོན་སུམ་ཡིན་ནོ། །ཞེས་དེ་ཁོ་ན་ཉིད་ཤེས་པ ་སུ་ཞེག་སྨྲ། སྒྲ་དགག་པ་ནི་ཕྱིས་རྒྱས་པར་འཆད་དོ། །ཅི་སྟེ་བུམ་པ་གཟུགས་ལས་ཐ་དང་པ་མེད་མོད་ཀྱི་གཟུགས་ཀྱིས་དེ་ཁྱབ་པར་བྱས་ནས་ནི་གནས་པས་གཟུགས་མཐོང་བས་བུམ་པ་ཐམས་ཅད་མཐོང་བར་འགྱུར་རོ་ཞེན། འདི་ཡང་སྙིང་པོ་མེད་དོ་ཞེས ་བསྟན་པའི་ཕྱིར་བཤད་པ། གལ་ཏེ་གཟུགས་མཐོང་བ་ཡིས་དེ། །ཐམས་ཅད་མཐོང་པར་འགྱུར་ན་ནི། །མ་མཐོང་པ་ཡི་གཟུགས་མཐོང་བ། །མཐོང་བ་མིན་པར་ཅིས་མི་འགྱུར། །གལ་ཏེ་གཟུགས་ཙམ་ཞིག་མཐོང་བསམ་མཐོང་ཡང་བུམ་པ་ཐམས་ཅད ་ཁོ་ན་མཐོང་བར་འགྱུར་ན་ནི་བུམ་པ་མཐོང་པས་མཐོང་བ་གཟུགས་མཐོང་བ་མ་ཡིན་པར་ཅིའི་ཕྱིར་མི་འགྱུར། ཡང་ན་འདི་ནི་དོན་གཞན་ཡིན་ཏེ་བུམ་པ་རྫས་བརྒྱད་ཀྱི་ཉེ་བར་ལེན་པ་ཅན་ཡིན་ཡང་གལ་ཏེ་རྫས་གཅིག་གཟུགས་མཐོང་བས་རིལ་མཐོང་བར་རྟོགས ་ན་ནི་རེ་ཞིག་དེ་དག་དང་སོ་སོར་མི་ངས་པའི་གཟུགས་དེ་ཉིད་དེ་དེ་ལས་གཞན་རྫས་བདུན་མ་མཐྔ་བས་ནམ་མཐོང་བ་ཡན་ནོ་ཞེས་ཅིའི་ཕྱིར་མི་རྟོག་རྟོག་།འཇིག་རྟེན་ན་ཡང་ཕ་ཆེ་བས་བརྗོད་པ་སྟེ་མོན་སྲན་སྡེའུ་ལ་སོགས་པ་ཡོད་ཀྱང་མོན་སྲན་གྲེའུ?་གི ་ཕུང་པོས་བསྙད་པ་བཞིན་ནོ། །དེའི་ཕྱིར་དེ་ལྟར་ན་མ་མཐོང་པ་ཡིས་ཏེ་དྲི་ལ་སོགས་པ་ཡོངས་སུ་མ་བཅད་པས་མཐོང་བའི་གཟུགས་ཀྱང་མཐོང་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གཟུགས་ཉིད་མངོན་སུམ་མ་ཡིན་པའི་ཕྱིར་བུམ་པ་ཡང་མངོན་སུཾ ་ཉིད་དུ་མི་རིགས་སོ། །ཅི་སྟེ་ཇི་སྐད་བཤད་པའི་རྣམ་པར་དཔྱད་པས་བུམ་པ་ལ་མངོན་སུམ་ཉིད་མི་སྲིད་མོད། བུམ་པའི་གཟུགས་ནི་རེ་ཞིག་མངོན་སུམ་ཡིན་ཏེ། དེའི་ཕྱིར་རྒྱུད་ནས་བུམ་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན་འདི་ནི་ཡོད་པ་མ ་ཡིན་ནོ། །གཟུགས་ལ་མངོན་སུམ་ཉིད་ཡོད་ན་ནི་འདི་དེ་སྐད་དུ་བརྗོད་པར་འགྱུར་པ་ཞིག་ན། གཟུགས་ལ་མངོན་སུམ་ཉིད་སྲིད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། གཟུགས་ནི་འབའ་ཞིག་ཁོ་ན་ལ། །མངོན་སུམ་ཉིད་ནི་ལོང ་མ་ཡིན། །གང་ཕྱིར་དེ་ལ་དང་ཕ་རོལ་གྱི། །ཆ་དང་ཚུ་རོལ་དབུས་ཡོད་ཕྱིར། །དྲི་ལ་སོགས་པ་དང་འབྲེལ་པ་བརྗོད་པར་མི་འདོད་པའི་གཟུཊ་འབའ་ཞིག་ལ་ཡང་རྣམ་ཐཾ་ཅད?་ཚུ་རོལ་དད་ཀྱིལ་དང་ཕ་རོལ་གྱི་ཆ་རྣམས་མཐོང་བའི་ཕྱིར་མཛེན་སུཾ་ཉིད་མི་རིགས་སོ། །ཚུ་རོལ་དང་ཕ་རོལ་དང་དབུས ་ཀྱི་ཚ་དེ་དག་ལ་ཡང་སླར་ཚུ་རོལ་དང་ཕ་རོལ་དང་དབུས་ཀྱི་ཆ་གཞན་དག་ཡིན་ལ་དེ་དག་ལ་ཡང་གཞན་ཡིན་ཞིང་དེ་དག་ལ་ཡང་གཞན་ཡིན་ནོ། །ཞིང་དེ་ལྟར་རྣ་བར་ཕྱེ་བ་ནག་གཟུཊ་ཏེ་རྡུལ་ཕྲ་རབ་ཀྱི་མཐར་ཐུག་ནས་གནས་སོ། །བརྟོགས་བཞིན་པའི་རྡུལ་ཇེ་ལ་ཡང་མདུན་དང ་རྒྱབ་ཀྱི་ཕྱོགས་ཀྱི་ཆའི་དབྱེ་པ་དང། ཚུ་རོལ་དང་དབུས་དད་ཕ་རོལ་གྱི་ཆའི་དབྱེ་བ་ལས་ཆ་ཤེས་ཡོད་མེད་ཅེས། དཔྱད་པ་དེར་ཡང་འཇུག་པར་འགྱུར། །གལ་ཏེ་དེ་ལ་མདུན་དང་རྒྱལ་ཀྱི་ཆའི་དབྱེ་བ་དག་ཡོད་ན་ནི་དེའི་ཚེ་བུཾ་པ་ལྟར་དེའི་རྡུལ་ཕྲ་ར་རབ་ཉི་ཉམས ་པར་འགྱུར་རོ། །ཅི་སྟེ་མེད་ན་དེ་ལྟར་ན་ཡང་གསལ་བྱེད་མེད་ཅིད་མ་བཟུང་བའི་ངོ་བོ་ཅན་དེ་ལ་ཡོད་པ་ཉིད་མེད་དོ། །དེའི་ཕྱིར་དེ་ལ་མངོན་སུམ་ཉིད་སྲིད་པར་ག་ལ་འགྱུར། །དེའི་ཕྱིར་བསྒྲུབ་པར་བྱ་བ་ཡིས། །བསྒྲུབ་བྱ་འགྲུབ་པར་མི་འཐད་དོ། ། ་དེའི་ཕྱིར་དེ་ལྟར་ན་མངོན་སུམ་ཉིད་མ་གྲུབ་པར་མི་འཐད་དོ། །དེའི་ཕྱིར་དེ་ལྟར་ན་མངོན་སུམ་ཉིད་མ་གྲུབ་ཅིང་བསྒྲུབ་པར་བྱ་བར་གྱུར་པས་བསྒྲུབ་པར་བྱ་བ་སྟེ་དངོས་པོ་རྣམས་རང་བཞིན་དང་བཅས་པ་ཉིད་དུ་གཞན་གྱི་ཁས་བླངས་གྲུབ་པ། མི ་འཐད་དོ། །གཞན་ཡང་དབང་པོ་གཟུགས་ཅན་གྱིས་བཟུང་པར་བྱ་བའི་དོན་ཡོངས་སུ་བརྟགས་པ་ན། ཀུན་ཀྱང་ཡན་ལག་ཏུ་གྱུར་ན། སླར་ཡང་ཡན་ལག་ཅན་དུ་འགྱུར། །བུམ་པ་ནི་ཡན་ལག་གྱོ་མོ་ལ་བལྟོས་ནས་ཡན་ལག་ཅན་ཡིན་ལ། གྱོ་མོད ་དག་ཀྱང་རང་གི་ཡན་ལག་ལ་བལྟོས་ནས་ཡན་ལག་ཅན་དུ་འགྱུར་རོ། །དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་བར་དུ་སྦྱང་པར་བྱའོ། །དེ་ཡང་རྫས་བརྒྱད་ལ་བལྟོས་ནས་སམ་མདུན་དང་རྒྱབ་དང་དབུལ་ཀྱི་ཆ་ལ་བལྟོས་ནས་སླར་ཡང་ཡན་ལག་ཅན་ཡིན་པས་འགའ་ལ ་ཡང་རང་གི་ངོ་བོས་ཡན་ལག་ཉིད་དང་ཡན་ལག་ཅན་ཉིད་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་ལ་མངོན་སུམ་ཉིད་མེད་དོ། །ཇི་ལྟར་རྡུལ་ཕྲ་དཔལ་རྣཾ་པར་དཔྱད་པ་དེ་བཞིན་དུ་མིང་གི་མཐར་གནས་པའི་ཡི་གེ་ལ་ཡང་སྟེ། རྡུལ་ཕྲ་རབ ་ལྟར་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཡི་གེ་བརྗོད་པ་ཡང། །འདི་ན་ཡོད་པ་མ་ཡིན་ནོ། །ཡི་གེ་བརྗོད་པ་ཡང་མི་སྲིད་ངོ་སྙམ་དུ་དགོངས་སོ། །རྣམ་པ་གཅིག་ཏུ་ན་བུམ་པ་ལ་སོགས་པ་མེད་ན་དེའི་བརྗོད་པར་བྱེད་པ་ཡི་གེ་ཡང་མི་སྲིད་དེ། དོན་མེད་ན་ཤེས་པ ་དང་བརྗོད་པ་དག་འཇུག་པ་མི་སྲིད་པའི་ཕྱིར་ཡི་གེ་བརྗོད་པ་ཡང་འདི་ན་ཡོད་པ་མ་ཡིན་ནོ། །གང་དག་གཟུགས་ཀྱི་སྐྱེ་མཆེད་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་རྣམ་པ་གཉིས་སུ་རྣམ་པར་བཞག་སྟེ་དེའི་སྒོ་ནས་བུམ་པ་མངོན་སུམ་ཉིད་དུ་རྟོག་པར་བྱེད་པ་དེ་དག ་ལ་བརྗོད་པར་བྱེད་པ་སྟེ། འདིར་དབྱིབས་འདི་རྟོག་པ་ན་ཁ་དོག་ལས་གཞན་ཉིད་དམ། གཞན་མ་ཡིན་པ་ཉིད་དུ་རྟོག་གྲང་ན། དེ་ལ་རེ་ཞིག་།གལ་ཏེ་མདོག་ལས་དབྱིབས་གཞན་ན། ཇི་ལྟ་བུར་ན་དབྱིབས་འཛིན་འགྱུར། །སྔོན་པོ་ལ་སོགས་པའི་ཁ་དོག ་ནི་མིག་གི་དབང་པོའི་ཡུལ་ཡིན་ན། གལ་ཏེ་དེ་ལས་དབྱིབས་པར་གྱུར་ཨིན་ཁ་དོག་ལས་ཐ་དད་པའི་ཕྱིར་སྒྲ་ལ་སོགས་པ་ལྟར་མིག་གི་གཟུང་བྱར་མི་འགྱུར་བ་ཞིག་ན། ཁ་དོག་ལྟར་མིག་གིས་འཛིན་པ་ཡང་ཡིན་པས་དེ་ལས་གཞན་མ་ཡིན་ནོ། །ཇི་ལྟར ་སྔོན་པོ་དང་སེར་པོ་ལ་སོགས་པ་ཐ་དད་པ་རྣམས་ལས་གང་ཡང་རུང་བ་གཅིག་བཟུང་ནས་ཅིག་ཤོས་ཀྱང་འཛིན་པ་དེ་ལྟར་ཁ་དོག་ལས་གཞན་པའི་གཟུགས་ནི་མི་འཛིན་ཏོ། །འོན་ཏེ་གཞན་མིན་ན་ལུས་ཀྱིས། །མདོག་ཀྱང་ཅིས་ཏེ་མི་འཛིན་འགྱུར། །གལ ་ཏེ་ཇི་སྐད་བཤད་པའི་སྐྱོན་སྤང་བར་འདོད་པས་དབྱིབས་ཁ་དོག་ལས་གཞན་མ་ཡིན་པར་རྟོག་ན་ནི་ཇི་ལྟར་མུན་ཁུང་དུ་ལུས་ཀྱིས་རིང་པོ་ལ་སོགས་པ་འཛིན་པ་དེ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར་དབྱིབས་ལྟར་ཁ་དོག་ཀྱང་ཅི་སྟེ་མི་བརྩིན་ཏེ ་བཟུང། དགོས་ན་འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དབྱིབས་འཛིན་ཡང་མ་བཟུང་བའི་ཕྱིར་ཁ་དོག་ལས་དབྱིབས་གཞན་མ་ཡིན་པ་མ་ཡིན་ནོ། །དེ་ཉིད་དང་གཞན་ཉིད་དུ་རྟོག་པ་ལས་མ་རྟོགས་པར་རྟོག་པ་གཞན་བཞག་པར་ནུས་པར་མ་ཡིན་ནོ། །དེའི་ཕྱིར ་ཁ་དོག་ལྟར་དབྱིབས་ཀྱང་མི་རིགས་ལ། དེ་མེད་པས་ཀྱང་འགའ་ལ་ཡང་མངོན་སུམ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འགྲུབ་པོ། །འདིར་སྨྲས་པ། གཟུགས་ཀྱི་སྐྱེ་མཆེད་ནི་ཡོད་པ་ཁོ་ན་ཏེ་དེའི་རྒྱུ་ཡོད་པའི་ཕྱིར་རོ། །འདིར་གཟུགས་ཀྱི་རྒྱུ་ནི་འབྱུང་བ་ཆེན་པོ་བཞི ་ཡིན་ལ། དེ་དག་ནི་དེ་ཞིག་ཡོད་པ་ཡིན་ནོ། །དེ་དག་ཡོད་པས་དེ་དག་གི་འབྲས་བུས་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཡོད་པར་འགྱུར་རོ་ཞེས་སྨྲའོ། །འདི་ཡང་ཡང་དག་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་བཤད་པ། གཟུགས་ནི་ལྟ་ཞིག་མ་རྟོགས་པར། །གཟུགས ་ཀྱི་རྒྱུ་ནི་མི་སྣང་ངོ། །རྫས་བརྒྱད་ལྷན་ཅིག་འབྱུང་བ་ངེས་པ་འབྱུང་བ་ཆེན་པོ་བཞི་མ་གཏོགས་པར་གཟུགས་མི་དམིགས་ལ། གཟུགས་ཀྱི་སྐྱེ་མཆེད་མ་གཏོགས་པར་ཡང་གཟུགས་ཀྱི་རྒྱུ་མི་དམིགས་སོ། །གཟུགས་ཀྱི་སྐྱེ་མཆེད་ནི་མིག་གི་དབང་པོས་བཟུང ་བར་བྱ་བ་ཡིན་ལ། གཟུགས་ཀྱི་རྒྱུ་ནི་ལུས་ཀྱི་དབང་པོས་བཟུང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་གལ་ཏེ་གཟུགས་ཀྱི་རྒྱུ་ཞེས་བྱ་བ་ཅུང་ཟད་ཅིག་རང་གི་ངོ་བོས་འགྲུབ་པར་འགྱུར་ན་ནི་དེའི་ཚེ། གཟུགས་ཀྱང་རང་གི་ངོ་བོས་གྲུབ་པར་འགྱུར་བ་ཞིག་ན། གཟུགས ་ཀྱི་རྒྱུ་གཟུགས་ལས་ཐ་དད་པར་གྲུབ་པ་གང་ཡིན་པ་འདི་ནི་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གཟུགས་ཀྱི་རྒྱུ་མེད་ན་རྒྱུ་མེད་པའི་གཟུགས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཅི་སྟེ་འོ་ན་ནི་ཐ་དད་པ་མ་ཡིན་པར་གནས་པའི་གཟུགས་ཀྱི་རྒྱུ་ལས ་གཟུགས་ཡིན་པར་རག་གོ་སྙམ་དུ་སེམས་ན། དེ་ཡང་སྲིད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་འགྱུར་ན་ནི། །གཉི་ག་ཡང་ནི་མིག་ཉིད་ཀྱིས། །འཛིན་པར་ཅི་ཡི་ཕྱིར་མི་འགྱུར། །གཟུགས་ཀྱི་རྒྱུ་ཡང་གཟུགས་ལས་ཐ་མི་དད་པའི་ཕྱིར་མིག་གི་དབང་པོས་རྒྱུ་དང་འབྲས་བུ་གཉིས ་ཀ་མང་འཛིན་པར་འགྱུར་ན་འདི་ནི་སྲིད་པ་མ་ཡིན་ཏེ། དབང་པོ་ཐ་དད་པའི་ཡུལ་ཡིན་པའི་ཕྱིར་དང། མཚན་ཉིད་ཐ་དད་པའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། ས་ནི་བསྟན་ཞེས་བྱ་བར་མཐོང། །དེ་ཡང་ལུས་ཀྱིས་འཛིན་པར་འགྱུར། །འཛིན་པའི་ལས ་ཀྱིས་རྟེན་གྱི་དངོས་པོར་གནས་པའི་ཕྱིར་རྟེན་ཉིད་ཡིན་པས་བརྟན་པ་ཉིད་ཀྱིས་ནས་ནི་བརྟན་པ་ཞེས་བྱ་བར་མཐོང་ལ། དེ་ཡང་ལུས་ཀྱིས་འཛིན་ཏེ་དེའི་སྲ་བ་ལུས་ཀྱི་དབང་པོའི་བཟུང་བྱ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། ངེས་ན་རེག་པ ་འབའ་ཞིག་འདི། །སའོ་ཞེས་ནི་བྱ་བར་བརྗོད། །གཟུགས་ཀྱི་སྐྱེ་མཆེད་ནི་མིག་གི་དབང་པོའི་བཟུང་བར་བྱའོ། །དེའི་ཕྱིར་དེ་ལྟར་ན་རྒྱུ་དང་འབྲས་བུ་གཉིས་ཐ་མི་དད་པ་མེད་དེ། མཚན་ཉིད་ཐ་དད་པའི་ཕྱིར་དང། འཛིན་པར་བྱེད་པ་ཐ་དད་པའི་ཕྱིར་རོ། །ཐ་དད ་པ་ཡོད་ན་ཡང་རྒྱུ་མེད་པའི་སྨྲ་བར་འགྱུར་རོ། །དེ་ཉིད་དང་གཞན་ཉིད་དང་བྲལ་བའི་དངོས་པོ་འདི་འགའ་ཞིག་ལ་རང་གི་ངོ་བོས་ཡོད་པ་ཉིད་དུ་རྟག་པར་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གཟུགས་ཀྱི་རྒྱུ་ཡོད་པ་མ་ཡིན་ནོ། །གཟུགས་ཀྱི་རྒྱུ་མེད་ན་ཡང་གཟུགས ་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་དག་ང་ལ་གཟུགས་སུ་མཐོང། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང། །འོ་ན་ཇི་ལྟར་བལྟ་བར་བྱ་ཞེ་ན། ་སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དི་ནི་ཤེས་པར་ནུས་མ་ཡིན་ཞེས་གསུངས་སོ། །འདིར་ཁ་ཅིག་དག་ན་རེ་བུམ་པ་ནི་རང་གི་ངོ་བོས་བལྟ་བར་བྱ་བ་མ་ཡིན་ཞིང། བལྟ་བར་བྱ་བ་མ་ཡིན་པའ ་མ་ཡིན་མོད་ཀྱི། བལྟ་བར་བྱ་བ་ཉིད་དང་འབྲེལ་བ་ལས་བལྟ་བར་བྱ་བར་ནི་འགྱུར་ན། བལྟ་བར་བྱ་བར་གྱུར་པས་ཀྱང་མངོན་སུམ་དུ་འགྱུར་རོ་ཞེས་ཟེར་རོ། །འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། བལྟ་བྱ་སྐྱེས་པས་བུམ་པ་ནི། །འདི ་ལ་ཡོན་ཏན་འགར་མི་འགྱུར། །དེས་ན་བལྟ་བ་ཉིད་སྐྱེ་ལྟར། །ཡོད་པའི་ངོ་བོའང་ཡོད་མ་ཡིན། །གལ་ཏེ་བལྟ་བར་བྱ་བ་ཉིད་ནི་མངོན་པར་གསལ་བ་འམ་ཅེས་ཁྱད་པར་དུ་གྱུར་པ་ཡིན་པ་ཞིག་ན། གཉི་ག་ལྟར་འདི་ལ་བལྟ་བར་བྱ་བ་ཉིད ་དགོས་པ་མེད་དོ། །འདིར་བལྟ་བར་བྱ་བ་ཉིད་འདི་ཡོངས་སུ་བརྟགས་ནས་དོན་བལྟ་བར་བྱ་བའི་རང་གི་ངོ་བོ་འམ། བལྟ་བར་བྱ་བ་མ་ཡིན་པའི་རང་གི་ངོ་བོ་ཞིག་ལ་རྟོག་རེ་ཞིག་གལ་ཏེ་བལྟ་བར་བྱ་བའི་རང་གི་ངོ་བོ་ལ་ཡིན་ན་དེའི་ཚེ་དེ་བརྟགས་པས་ཅི་ཞིག་བྱ། གང་གི ་དོན་ཡོངས་སུ་རྟོག་པ་དེ་ནི་མེད་པར་ཡང་ཡོད་པ་ཉིད་པས་བརྟག་པར་མི་རིགས་སོ། །ཅི་སྟེ་བལྟ་བར་བྱ་བ་མ་ཡིན་པར་གྱུར་པ་ལ་བལྟ་བར་བྱ་བ་ཉིད་རྟོག་ན་དེ་ཡང་མི་རིགས་ཏེ་ལུས་ཅན་མ་ཡིན་པ་རྣམས་ཀྱང་བལྟ་བར་བྱ་བ་ཉིད་དུ་ཐལ་བའི་ཕྱིར་དང། བལྟ ་བར་བྱ་བ་ཉིད་སྐྱེས་པ་མེད་པ་ལ་འགལ་བའི་ཕྱིར་རོ། །བལྟ་བར་བྱ་བ་ཉིད་སྐྱེ་བ་མེད་པ་དེས་ན་བལྟ་བྱ་ཉིད་སྐྱེ་བ་ལྟར་ཏེ་ཇི་ལྟར་བལྟ་བར་བྱ་བ་དང་བལྟ་བར་བྱ་བ་མ་ཡིན་པའི་བུམ་པ་ལ་རྣམ་པ་ཐམས་ཅད་དུ་བལྟ་བར་བྱ་བ་ཉིད་མི་རིགས་པས་སྐྱེ་བ་མི་སྲིད་པ་དེ་བཞིན ་དུ་བལྟ་བར་བྱ་བར་མ་གྱུར་པའི་བུམ་པ་ཡོད་པའི་ངོ་བོར་ཡང་ཡོད་པ་མ་ཡིན་ལ། ཡོད་པ་མ་ཡིན་པའི་བུམ་པ་ལ་ནི་བལྟ་བར་བྱ་བ་ཉིད་ལ་རྟག་པར་རིགས་པ་ཡང་མ་ཡིན་པས་འདི་ནི་མི་རིགས་སོ། །འདིར་སྨྲས་པ། ཡུལ་གཟུགས་ལ་སོགས་པ་མངོན ་སུམ་དག་ནི་ཡོད་པ་ཁོ་ན་སྟེ་དེའི་འཛིན་པར་བྱེད་པ་མིག་ལ་སོགས་པའི་དབང་པོ་ཡོད་པའི་ཕྱིར་རོ། །ཡོད་པར་གྱུར་པའི་དབང་པོ་འདི་རྣམས་ནི་གདོན་མི་ཟ་བར་རང་གི་ཡུལ་འཇུག་པར་འགྱུར་དགོས་ལ། གང་དུ་དེ་རྣམས་འཇུག་པ་སྲིད་པ་གཟུགས་ལ་སོགས ་པ་དོན་དེ་དག་ནི་མངོན་སུམ་ཡིན་ནོ། །བཤད་པར་བྱ་སྟེ། གལ་ཏེ་དབང་པོ་རྣམས་ཀྱི་ཡོངས་སུ་གཅོད་པར་ནུས་པར་འགྱུར་ན་ནི་གཟུགས་ལ་སོགས་པའི་དོན་དག་ཏུ་འགྱུར་བཞིག་ན། འགྱུར་བ་ཉིད་ཀྱང་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ན་མིག་ལ་སོགས་པ་ལྔ་པོ་ནི ་སྤྱིར་འབྱུང་བ་ལས་གྱུར་པ་ཉིད་དུ་ཉེ་བར་སྟོན་ལ། དེ་རྣམས་ཀྱི་བྱ་བ་ནི་ཡུལ་ཐ་དད་པས་ཐ་དང་བ་ཞིག་གོ་།འདི་ལྟར་མིག་གིས་གཟུགས་ཁོ་ན་མཐོང་གི་སྒྲ་མི་ཐོས་ལ། རྣ་བས་ཀྱང་སྒྲ་ཐོས་ཀྱིས་གཟུགས་མི་མཐོང་ངོ། །གང་གི་ཚེ་དེ་ལྟར། མིག་ནི་འབྱུང་འགྱུར་ན ་དེ་བཞིན། །མིག་གིས་མཐོང་གིས་གཞན་གྱིས་མིན། །དེའི་ཚེ་འཐད་པ་དང་འགལ་བའི་བྱ་བ་སྲིད་པའི་ཕྱིར་མིག་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་རྟོག་པ་ག་ལ་ཡོད། འབྱུང་བ་ལས་གྱུར་པ་ཉིད་དུ་མཚུངས་བཞིན་དུ་ཡུལ་འཛིན་པ་ཐ་དད་པ་བརྟག་པར་ནི་མི་རིགས་སོ། ། ་མིག་ལ་སོགས་པ་རྣམས་ཀྱིས་ཡོད་པ་ཉིད་ནི་ཡུལ་འཛིན་པ་ལས་རྗེས་སུ་དཔག་པ་ཡིན་ན་དེ་ཡང་འགལ་བས་མི་སྲིད་དེ་དེའི་ཕྱིར་དབང་པོ་ཡོད་པས་ཡུལ་རྣམས་མངོན་སུམ་ཉིད་དུ་མི་རིགས་སོ། །གལ་ཏེ་དེ་ལྟར་མིག་ལ་སོགས་པ་རྣམས་མི་སྲིད་ན། དེའི་ཕྱིར་ཇི ་ལྟར་མིག་ལ་སོགས་པའི་དབང་པོ་འདི་རྣམས་ལས་ཀྱི་རྣམ་པར་སྨིན་པའི་ངོ་བོར་རྣམ་པར་བཞག་ཅེ་ན། ཅི་ཁོ་བོ་ཅག་གིས་འདི་རྣམས་ཀྱི་རྣམ་པར་སྨིན་པའི་ངོ་བོ་ཉིད་བཀག་གམ། གལ་ཏེ་མིག་ལ་སོགས་པ་རྣམས་འགོག་པར་སྒྲུབ་པས་དེ་ཇི་ལྟར་མ་བཀག་ཅེན། ་ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་དོན་རང་བཞིན་ཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི་མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་པའི ་དེའི་ཕྱིར་དེ་ཡོད་པས་གང་ཞིག་རྣམ་པར་སྨིན་པ་ཉིད་དུ་བསྙེད་པས་མིག་ལ་སོགས་པ་ཡོད་པ་ཉིད་དོ། །གལ་ཏེ་དེ་ལྟར་ན་ཡང་མིག་ནི་འབྱུང་འགྱུར་རྣ་དེ་བཞིན། །མིག་གིས་མཐོང་གིས་གཞན་གྱིས་མིན་ཞེས་བྱ་བའི་ཉེས་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། ་ཉེས་པ་འདི་ནི་མེད་དེ། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་རིགས་པ་བཅུག་ནས་བསམ་པར་བྱ་པར་མི་ནུས་ཏེ། རེ་ཤིག་ལས་དེ་ཉིད་རང་གི་ངོ་བོས་གྲུབ་པའི་ཕྱིར ་གལ་ཏེ་དེ་རང་གི་ངོ་བོས་གྲུབ་པར་གྱུར་ན་ནི་དེའི་ཚེ་དུས་ཐམས་ཅད་དུ་རྣམ་པར་མི་འཆད་པར་འགྱུར་ཞིང་རྣམ་པར་སྨིན་པ་ཕྱུང་པ་ནི་པ་ལས་ཀྱང་སྨྲར་རྣམ་པར་སྨིན་པར་འགྱུར་བ་འམ་ཡང་ན་རྣམ་པར་སྨིན་པར་མི་འགྱུར་བ་ཉིད་དེ། རང་གཞན་བཞིན་ཉིད་དུ་བསྒྱུར་བར ་མི་ནུས་པའི་ཕྱིར་རོ། །ལས་ཀྱི་འབྲས་བུས་མཐོང་བ་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མཁས་པས་འཇིག་རྟེན་པའི་དོན་ལ?་ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་དེ་ཁོ་ན་ཉིད་མཐོང་བ་དང་རྗེས་སུ་མཐུན་པ་མ་བཅུག་པར་ལས་རྣམས་ཀྱི་རྣམ་པར་སྨིན་པ་བསམ ་གྱིས་མི་ཁྱབ་པ་ཉིད་དུ་ཁས་བླངས་ཏེ་སྤྲུལ་པ་འསྤྲུལ་པ་འབྱུང་བའི་ཚུལ་དུ་འཇིག་རྟེན་པ་ཐམས་ཅད་ཁས་བླང་བར་བྱའོ། །མཐོང་བ་ལ་ནི་བསྙོམ་པར་མི་ནུས་ལ། གང་མིག་འབྱུང་བ་ལས་གྱུར་པ་ཡིན་ཡང་གཟུགས་ཁོ་ན་མཐོང་གི་སྒྲ་མི་ཐོས་སོ་ཞེས་བྱ་བ་ལ་སོགས་པ ་འདི་ནི་མཐོང་བ་ཡང་ཡིན་ནོ། །གང་གི་ཕྱིར་འདི་ད་ལྟར་ཡིན་པ། དེས་ན་ངེས་པར་ལས་རྣམ་སྨིན། །ཐུབ་པ་བསམ་མི་ཁྱབ་པར་གསུངས། །དངོས་པོ་རང་བཞིན་མེད་པ་རྣམས་ཀྱང་བྱ་བའི་འབྲས་བུ་ངེས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས། སེམས་ཅན་ལས ་ཀྱི་རྣམ་སྨིན་བསམ་ཡས་པས། །རླུང་ལས་འཇིག་རྟེན་འདི་ཀུན་འབྱུང་འགྱུར་ཏེ། །མཚོ་དང་རི་དང་ལྷ་ཡི་གཞལ་མེད་ཁང། །རིན་པོ་ཆེས་ཕྱེ་ས་བོན་བཀྲམ་རྣམས་སོ། །རླུང་ལས་བྱུང་བའི་སྤྲིན་གྱི་ཆར་འཕེབས་ཤིང། །སླར་ཡང་རླུང་གི་སྤྲིན་ནི་རབ་ཏུ ་འཇིལ། །རླུང་ལས་འཇིག་རྟེན་ལོ་ཏོག་རྒྱས་འགྱུར་ཏེ། །རླུང་གིས་འགྲོ་པ་ཀུན་ལ་བདེ་བ་འདྲེན། ཞེས་བྱ་བ་དང། དེ་བཞིན་དུ་གང་དག་སྲིད་པར་རྒྱུ་ཡང་སྲིད་པའི་སྐྱོན་ལས་གྲོལ་བ་རྣམས། །སྟོང་པར་སྨྲ་ཞིང་ལས་ཀྱི་འབྲས་བུ་འང་འདོར་མི་འགྱུར། །གང་དག ་ཤེས་པས་དྲི་མ་བསྲེགས་ཀྱང་བརྩེས་བརླན་པ། །སྤྱོད་པ་རྟག་མེད་དབང་བསྒྱུད་དེ་དག་ཀྱང་དཀྲིས་འགྱུར། ཞེས་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨྲིན་པ་བསམ་གྱིས་མི་ཁྱབ་པར་གསུངས་སོ། །འདིར་སྨྲས་པ། མིག་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་པ་ཉིད ་དེ། དེའི་འབྲས་བུ་རྣམ་པར་ཤེས་པ་མཐོང་བའི་ཕྱིར་རོ། །བཤད་པར་བྱ་སྟེ། གལ་ཏེ་དེའི་འབྲས་བུ་རྣམ་པར་ཤེས་པ་ཉིད་ཡོད་ན་ནི་མིག་ལ་སོགས་པ་ཡོད་པར་འགྱུར་ན་སྲིད་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་རྐྱེན་མ་ཚང་ཕྱིར་ཤེས་པ་ནི། །ལྟ་བའི་སྔ ་རོལ་ཡོད་མ་ཡིན། འོན་ཏེ་ཕྱིས་ན་ཤེས་དོན་མེད། །གསུམ་པར་བྱེད་པ་དོན་མེད་འགྱུར། །རེ་ཞིག་ལྟ་བའི་སྔ་རོལ་དུ་ནི་མིག་གི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ། །མིག་གི་ལྟ་བ་བདག་པོའི་རྐྱེན་མ་ཚང་བའི་ཕྱིར་རོ། །ཅི་སྟེ་ལྟ་བའི་འོག་རོལ་དུ་རྟོག་ན་ནི་དེའི་ཚེ་ཤེས ་པ་དོན་མེད་ཏེ། གལ་ཏེ་རྣམ་པར་ཤེས་པ་མདེ་བའི་མིག་གིས་གཟུགས་མཐོང་ན་ནི་འོ་ན་རྣམ་པར་ཤེས་པ་ཡོངས་སུ་རྟོག་པ་དོན་མེད་དོ། །གསུམ་པ་བྱེད་པ་དོན་མེད་འགྱུར་ཏེ་རྟོག་པ་གསུམ་པ་ནི་ལྟ་བ་དང་ཤེས་པ་གཉིས་ཅིག་ཅར་འབྱུང་བ་སྟེ། དེ་ལ་རྒྱུ་དོན་མེད་དོ། ། ་འདི་ལྟ་བས་ན་ལྟ་བ་སྟེ་བྱེད་པ་དོན་མེད་པར་འགྱུར་རོ། །ལྟ་བ་དང་ཤེས་པ་གཉིས་ཅིག་ཅར་ཡོད་ན་ནི་རྣམ་པར་ཤེས་པ་གང་ཞིག་ལྟ་བ་དང་དུས་མཚུངས་པ་ལ་དེ་ལྟ་བ་ལ་རག་ལས་ཏེ་འབྱུང་བར་མི་རིགས་སོ། །བ་ལང་གི་རྭ་གཡས་གཡོན་ལྷན་ཅིག་འབྱུང་བ་དག་ལ་ནི ་ཅིག་ཤོས་ཅིག་ཤེས་ལ་རག་ལས་ཏེ་སྐྱེ་བ་ཉིད་མི་སྲིད་དེ། དེ་བཞིན་དུ་ལྟ་བ་དང་ལྷན་ཅིག་འབྱུང་བའི་རྣམ་པར་ཤེས་པ་ལྟ་བ་ལས་རག་ལས་ཏེ་སྐྱེ་བ་ཉིད་དུ་མ་འགྱུར་བས་ལྟ་བ་དོན་མེད་པ་ཁོ་ནར་འགྱུར་རོ། །ཅི་སྟེ་སྒྲོན་མ་དང་འོད་བཞིན་དུ་དུས་མཉམ་པ་དག་ཡིན་ཡང ་ལྟ་བ་ལ་རག་ལས་ཏེ་གནས་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། དེ་ཡང་ཡོད་བ་མ་ཡིན་ཏེ། །དེ་ཡང་བསྐལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །འཇིག་རྟེན་པའི་མཐོང་བས་དེ་ཁོ་ན་ཉིད་མཐོང་བ་གསལ་བར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་འཇིག ་རྟེན་པ་ཁོ་ན་ལས་ཚད་མ་ཉིད་ཡིན་པའི་ཕྱིར་དང། དེས་དམིགས་པའི་དོན་ཡང་བརྫུན་པ་བསླུ་བའི་ཆོས་ཅན་ཉིད་དུ་སྒྲུབ་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་རྣམ་པར་ཤེས་པ་མི་སྲིད་པ་དེའི་ཚེ་དེ་ཡོད་པས་མིག་ལ་སོགས་པ་རྣམས་ཡོད་པ་ཉིད་དུ ་བརྟག་པ་གང་ཡིན་པ་དེ་མི་རིགས་སོ། །འདིར་སྨྲས་པ། མིག་ནི་བྱེད་པའི་ངོ་བོ་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེན། བྱེད་པ་པོ་ཉིད་དེ་དེ་བྱེད་པ་པོའི་དངོས་པོར་ཁས་བླངས་པའི་ཕྱིར། གསུམ་པར་བྱེད་པ་དོན་མེད་འགྱུར། ཞེས་ཀང་སྨྲས་པ་དེ་ནི་མི་རིགས་སོ། ། ་དེ་ལྟར་བརྟགས་ན་ཡང་མིག་ལྟ་བའི་བྱ་བ་དང་བྲལ་བ་ཉིད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། གལ་ཏེ་མིག་གིས་ལྟ་བ་ན་ཡུལ་གྱི་ཡུལ་དུ་སོང་ནས་སམ་མ་སོད་པར་ལྟ་གྲང་ན། གཉི་ག་ལྟར་སྐྱོན་དུ་འགྱུར་རོ། །ཞེས་བསྟན་པའི་ཕྱིར་བཤད་པ། མིག་དེ་འགྲོས ་དང་ལྡན་འགྱུར་ན། །ཐག་རིངས་ཡུན་རིང་གིས་མཐོང་འགྱུར། །ཧ་ཅང་ཉེ་དང་ཆེས་རིང་དུ། །གཟུགས་དེ་གསལ་བ་ཅི་སྟེ་མིན། །གལ་ཏེ་མིག་ཕྲད་ནས་འཛིན་པའི་ཕྱིར་ཡུལ་གྱི་ཡུལ་དུ་འགྲོ་ན་ནི་དེའི་ཚེ་ཕྱེ་བ་ཙམ་གྱིས་ཟླ་བ་དང་སྐར་མ་ལ་སོགས་པའི་དོན ་དག་འཛིན་པར་མི་འགྱུར་རོ་འགྲོ་བའི་དུས་ཐ་དད་པའི་ཕྱིར་ན་འགྲོ་བ་དང་ལྡན་པའི་དོན་གྱིས་ཡུལ་ཉེ་བར་འཛིན་པ་དང། དུས་མཉམ་པར་ཡུལ་ཐག་རིང་པར་འཛིན་པ་ནི་མ་རིགས་ན། ཕྱེ་བ་ཙམ་གྱིས་མིག་གིས་ཐག་རིང་བ་ན་གནས་པ་ལྟར ་མཐོང་བ་ཡང་ཡིན་པས་འདི་ནི་མི་རིགས་སོ། །གལ་ཏེ་ཡང་མིག་ཕྲད་ནས་འཛིན་པར་འགྱུར་ན་ནི་དེའི་ཚེ་ཧ་ཅང་ཉེ་བར་ཡང་མིག་ལ་གནས་པའི་སྨན་ནམ་ཐུན་མ་མཐོང་བར་འགྱུར་ལ། ཐག་རིང་པོར་ཡང་གསལ་བར་མཐོང་བར་འགྱུར་ན། ་འདི་ནི་སྲིད་པ་ཡང་མ་ཡིན་པས་འདི་ནི་མི་རིགས་སོ། །གཞན་ཡང་གལ་ཏེ་མིག་གིས་ཕྱིན་ནས་གཟུགས་མཐོང་ན། ཅི་སྟེ་མཐོང་ནས་དེའི་ཡུལ་དུ་འགྲོ་བའམ་འོན་ཏེ་མ་མཐོང་བ་ཡིན། དེ་ལས་ཅིར་འགྱུར། གཉི་ག་ལྟར་ཡང་སྐྱོན་དུ་འགྱུར་རོ་ཞེས ་བཤད་པ། གལ་ཏེ་གཟུགས་མཐོང་མིག་འགྲོ་ན། །སོང་བས་ཡོན་ཏན་འགའ་ཡང་མེད། །ཡང་ན་བལྟ་བྱར་འདོད་པར་ནི། །འདོད་ཅེས་བྱ་བ་བརྫུན་པར་འགྱུར། །གལ་ཏེ་གཟུགས་མཐོང་ནས་གཟུགས་ཀྱི་ཡུལ་དུ་མིག་འགྲོའི་སྙམ་དུ་རྟོག་ན ་ནི་འགྲོ་བ་སྟེ་དོང་བས་མིག་ལ་དགོས་པ་ཅི་ཡང་མེད་དོ། །མིག་འགྲོ་བ་ནི་ཡུལ་བལྟ་བར་བྱ་བའི་ཕྱིར། ཡིན་ན་དེ་ཡུལ་དེ་སྔ་ཉིད་དུ་འདི་ན་གནས་པ་མཐོང་བས་འགྲོ་བ་ལ་དགོས་པ་ཅི་ཡང་མེད་དོ། །ཅི་སྟེ་མ་མཐོང་བར་འགྲོ་ན་ནི་དེའི་ཚེ་ལྟ་བར་འདོད་པའི་ཡུལ ་ངེས་པར་མཐོང་བར་མི་འགྱུར་རོ། །མ་མཐོང་བར་མངོན་པར་མ་རྟོགས་པའི་ཡུལ་དུ་འགྲོ་བའི་ཕྱིར་ལོང་བ་ལྟར་བལྟ་བར་བྱ་བའི་ཡུལ་དེས་པར་མཐོང་བ་མི་འགྱུར་རོ། །ཅི་སྟེ་སྐྱོན་འདི་སྤང་བར་འདོད་ནས་གལ་ཏེ། མིག་མ་སོང་བར་འཛིན་ན་ནི། །འགྲོ་བ་འདི་ཀུན ་མཐོང་འགྱུར་ཏེ། །གང་ལ་འགྲོ་བ་ཡོད་མིན་པ། །དེ་ལ་རང་མེད་སྒྲིབ་པའང་མེད། །གང་ཞིག་མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་པ་ཡིན་ནོ། །ཞེས་བྱ་བའི་ལུང་ལས་ནི་མིག་གི་ཡུལ་དང་མ་ཕྲད་པ་ཁོ་ནའོ་སྙམ་དུ་སེམས་པ་དེ་ལ་བརྗོད་པར་བྱ ་སྟེ། རེ་ཞིག་ལུང་དང་འགལ་བ་ནི་མེད་དེ་ཕྲད་ནས་འཛིན་པ་ཉིད་ཙམ་ཞིག་འགོག་པ་ལྷུར་བྱེད་པའི་ཕྱིར་རོ། །འགའ་ཞིག་ཏུ་སྒྲུབ་པ་གཙོ་བོ་ཉིད་ཡིན་ཏེ་གང་དུ་དེ་མི་འགལ་བའོ། །ལ་ལར་ནི་དགག་པ་གཙོ་བོ་ཉིད་ཡིན་ཏེ་གང་དུ་མི་འགལ་བའོ། །དེའི ་ཕྱིར་འདི་ལ་རྣམ་པར་དཔྱད་པ་སྲིད་པས་ཕྲད་ནས་འཛིན་པ་ཉིད་བཀག་པ་ཙམ་གྱིས་ཡུལ་དང་མ་ཕྲད་པ་ཉིད་དུ་རྣམ་པར་བཞག་སྟེ། སྒྲུབ་པའི་སྒོ་ནས་ཡུལ་དང་མ་ཕྲད་པ་ཉིད་དུ་རྟག་ན་ནི་འདི་ན་གནས་པའི་མིག་ཁོ་ནས་འགྲོ་བ་ཐམས་ཅད་མཐོང་བར་འགྱུར ་རོ། །འདི་ལྟ་གང་ལ་འགྲོ་བ་ཡོད་པ་མ་ཡིན་པ་དེ་ལ་ཐག་རིང་པ་ག་ལ་ཡོད་དེ་འདིས་ནི་ཉེ་བ་ན་གནས་པའི་དོན་ལང་མ་སོང་བར་བལྟ་བར་བྱ་བ་ཡིན་ལ། ཐག་རིང་བ་ན་གནས་པ་ཡང་ཡིན་པས། ཐག་རིང་བར་བྱས་པའི་ཁྱད་པར་དུ་མི་འགྱུར་རོ། །གང་གི་ཙེ་མ་སོང ་བར་མཐོང་བ་དེའི་ཚེ་འདི་ན་གནས་པ་བཞིན་ཐག་རིང་པོ་ན་གནས་པ་ཡང་མཐོང་བར་འགྱུར་ལ། དེ་བཞིན་དུ་བསྒྲིབས་ཡང་མཐོང་བར་འགྱུར་རོ། །འགྲོ་བ་ཡོད་ན་ནི་བསྒྲིབས་པས་བཅོམ་པའི་ཕྱིར་བསྒྲིབས་པ་མི་མཐོང་ངོ། །ཞེས་བྱ་བར ་རིགས་ན། གང་གི་ཚེ་མ་སོང་བར་བལྟ་བར་བྱ་བ་ཡིན་པ་དེའི་ཚེ་ནི་བསྒྲིབས་པ་ལ་ཡང་འགྲོ་བའི་གེགས་མེད་པས་མ་བསྒྲིབས་པ་བཞིན་མཐོང་བར་འགྱུར་རོ། །ཡང་གལ་ཏེ་མིག་ལྟ་བའི་རང་བཞིན་དུ་འགྱུར་ན་ནི་དེའི་ཚེ་ཐམས་ཅད་དུ་རང་བཞིན་མི་ཉམས་པའི་ཕྱིར ་རང་གི་ངོ་བོ་ལ་ཡང་བལྟ་བར་འགྱུར་རོ། །འདི་ལྟར་འཇིག་རྟེན་ན། དངོས་པོ་ཀུན་གྱི་རང་བཞིན་ནི། །དང་པོར་བདག་ལ་སྣང་འགྱུར་ན། །མིག་ནི་མིག་ཉིད་ཀྱིས་འཛིན་པར། །གང་ཞིག་གིས་ནི་འགྱུར་མ་ཡིན། །གལ་ཏེ་ཇི་ལྟར་མེ་ཏོག་ཙམ་པ་ཀ་དང་ཨུཏཔ ་ལ་ལ་སོགས་པ་དག་གི་དྲི་བསུང་དང་པོར་རང་གི་རྟེན་ཉིད་ལ་དམིགས་ཏེ། ཕྱིས་དེ་དག་ཕྲད་པ་ལས་ཏིལ་ལ་སོགས་པ་དག་ལ་ཡང་ཡིན་པ་དང། ཡང་ཇི་ལྟར་རང་ལ་གནས་པའི་མེའི་ཚ་བ་དེ་དང་འབྲེལ་བ་ལས་གཞན་གྱི་བདག་ཉིད་ལ་དམིགས ་པ་དེ་བཞིན་མིག་བལྟ་བའི་རང་བཞིན་དུ་གྱུར་ན་ནི་དེའི་ཚེ་རང་གི་བདག་ཉིད་ཁོ་ན་ལ་བལྟ་བར་འགྱུར་ཏེ། ཅིའི་ཕྱིར་མིག་མིག་ཉིད་ཀྱིས་འཛིན་པར་མི་འགྱུར། དངོས་པོ་རྣམས་ཀྱི་རང་བཞིན་ཡང་ཆེས་དང་པོར་རང་ཉིད་ཀྱི་བདག་ཉིད་ལ་ཡོད་པའི་ཕྱིར ་མིག་ཁོ་ནས་མིག་འཛིན་པར་རིགས་ན་མིག་ནི་རང་གི་བདག་ཉིད་ལ་བལྟ་བ་ཡང་མ་ཡིན་པས་བོད་བ་ལ་སོགས་པ་ལྟར་གཞན་ལ་བལྟ་བ་ཡང་མ་ཡིན་པས་དེ་ལ་མི་སྲིད་དོ། །གང་ཞིག་མིག་འབའ་ཞིག་ལ་གཟུགས་ལྟ་བའི་ནུས་པ་མེད་ཀྱི། འོན་ཀྱང་མི་གིས ་གཟུགས་དང་མིག་གི་རྣཾ་པར་ཤེས་པ་གསུམ་ཚོགས་པ་ཡོད་དང་གཟུགས་མཐོང་བར་འགྱུར་རོ། །སྙམ་དུ་སེམས་པ་དེ་ཡང་སྙིང་པོ་མེད་དེ། གང་གི་ཕྱིར། མིག་ལ་རྣམ་ཤེས་ཡོད་མིན་ཞིང། །རྣམ་པར་ཤེས་པ་ལྟ་མེད་ལ། །གཉི་ག་གཟུགས་ལ་ཡོད ་མིན་ན། །དེ་དག་གིས་གཟུངས་ཇི་ལྟར་མཐོང། །དེ་ལ་རེ་ཞིག་མིག་ལ་རྣམ་པར་ཤེས་པ་མེད་དོ། །མིག་གིས་ནི་ཡུལ་རྣམ་པར་ཤེས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མིག་ནི་འབྱུང་བ་ལས་གྱུར་བ་ཡིན་ཏེ། བེམས་པོ་ཡིན་པས ་དེ་ལ་ཡུལ་རྟོག་པ་མི་སྲིད་དོ། །དེ་ལྟར་ནི་མིག་ལ་རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པ་ལ་ཡང་མིག་མེད་དོ། །དེ་ནི་གཟུགས་ཅན་མ་ཡིན་པ་ཞིག་སྟེ། དེ་ལ་ལྟ་བ་ག་ལ་ཡོད་དེ་མེད་པས་ན་ལོང་བ་ལར་མི་མཐོང་ངོ། །གཟུགས་ལ་ནི་གཉི་ག་ཡང་ཡོད་པ་མ་ཡིན་ནོ། ། ་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། རྟོག་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ལྟ་བ་ཡང་མ་ཡིན་ཏེ། ལྟ་བ་མ་ཡིན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་དོན་ཕན་ཚུན་མ་ཚང་བ་དེ་དག་ཚོགས་པར ་ཡོད་ཀྱང་དེ་དག་གིས་གཟུགས་མཐོང་བ་མ་ཡིན་པ་ཉིད་དེ། གཟུགས་ལ་ལྟ་བའི་ཡན་ལག་མ་ཚང་བའི་ཕྱིར་ལོང་བའི་ཚོགས་བཞིན་ནོ་སྙམ་དུ་དགོངས་སོ། །གང་གི་ཚེ་དེ་ལྟར་གཟུགས་ལ་ལྟ་བ་མེད་པ་དེའི་ཚེ་དེ་ཉིད་རིག་པ་སུ་ཞིག་གིས་གཟུགས་མཐོང ་ངོ་ཞེས་བྱ་བར་བརྗོད་པ་འམ་བལྟ་བར་འོས། ཇི་ལྟར་དེ་ཁོ་ན་ཉིད་རིགས་པས་གཟུགས་ལྟ་བར་མི་འོས་པ་དེ་བཞིན་དུ་སྒྲ་ཡང་མཉན་པར་མི་འོས་ཏེ། གཟུགས་ལྟ་བ་བཞིན་སྒྲ་ཉན་པི་ཡང་མེད་པའི་ཕྱིར་རོ། །འདི་ན་གལ་ཏེ་སྒྲ་ཐོས་ན་དེ་ཉན་པཱི་ཡུལ་དུ་ཕྱིན་པའམ?་བྱིན་པ་ཞིག་ཐོས་གྲང་ན། གལ་ཏེ་རེ་ཞིག ་ཕྱིན་ཏེ་ཐོས་ན་དེ་ཉན་པའི་ཡུལ་དུ་འགྲོ་བ་ན་སྒྲ་འབྱིན་ཞིང་འགྲོ་བ་འམ་སྒྲ་མེད་པ་ཡིན། དེ་ལ་གལ་ཏེ་རྟོག་པ་དང་པོ་ཡིན་ན་ནི་དེའི་ཚེ་གལ་ཏེ་སྨྲ་ཞིང་སྒྲ་འགྲོ་ན། །གང་གིས་སྨྲ་བ་པོར་མི་འགྱུར། །འོན་ཏེ་མི་སྨྲ་བར་འགྲོ་ནའང། །གང་གིས་དེ་ལ་ཤེས་པ ་སྐྱེ། དེའི་ཕྱིར་སྨྲ་བ་པོ་ཡིན་པའི་ཕྱིར་ལྷས་བྱིན་ལྟར་སྒྲར་མི་འགྱུར་རོ། །ཅི་སྟེ་མི་སྨྲ་བར་འགྲོ་ན་ནི་དེའི་ཚེ་སྒྲ་མེད་པར་འགྲོ་བའི་སྒྲ་དེ་ལ་འདི་ནི་སྒྲའོ་སྙམ་དུ་ངེས་པར་སུ་ཞིག་ལ་འགྱུར། མ་བཟུང་བ་དེ་ནི་ཡོད་པ་ཉིད་ཀྱང་མ་ཡིན་པས་འདི་ནི་མི་རིགས་སོ། ། ་གཞན་ཡང་གལ་ཏེ་ཕྲང་ཏེ་སྒྲ་འཛིན་ན། །སྒྲ་ཡི་དང་པོ་གང་གིས་འཛིན། །སྒྲ་ནི་རྐྱང་པའང་མི་འོད་ན། །རེང་བུ་ཇི་ལྟར་འཛིན་པར་འགྱུར། །གལ་ཏེ་རྣ་བའི་དབང་པོའི་གནས་སུ་ཕྱིན་པའི་སྒྲ་འཛིན་ན་ནི་འོ་ན་ནི་དེའི་དང་པོ་གང་གིས་འཛིན ་ཕྲད་ནས་འཛིན་པའི་ཕྱིར་རྣ་བ་ལ་ནི་སྒྲའི་དང་པོར་འཛིན་པ་མེད་ལ། དེའི་འཛིན་པར་བྱེད་པའི་དབང་པོ་གཞན་ཡང་ཡོད་པ་མ་ཡིན་པས་འདི་དབང་པོ་གང་གིས་ཀྱང་མི་འཛིན་ནོ། །དེའི་ཕྱིར་མ་བཟུང་བའི་དོན་དེ་ནི་སྒྲ་ཉིད་དུ་མི་འགྱུར་རོ་སྙམ་དུ་དགོངས་སོ། །སྒྲའི ་རྡུལ་ཕྲ་བ་ནི་རྫས་དགུའི་བདག་ཉིད་ཡིན་པའི་ཕྱིར་སྒྲ་ནི་རྐྱང་བར་མི་འོད་ན། ཁྱོད་ཀྱིས་ནི་སྒྲ་ཙམ་ཞིག་ཁོ་ན་རྣ་བས་འཛིན་གྱི། དྲི་ལ་སོགས་པ་དག་ནི་མ་ཡིན་ནོ། །ཞེས་ཏེ་མི་རིགས་སོ། །རྣམ་པ་གཅིག་ཏུ་ན་སྒྲ་ཡང་མི་འཛིན་པར་འགྱུར་བའམ། ་ཡང་ན་དྲི་ལ་སོགས་པ་དག་ཀྱང་ཟུང་ཞིག་།འདི་ན་དེ་ལྟར་ན་ཡང་མ་ཡིན་པས་སྒྲ་ཕྲད་པའི་ཡུལ་ཉིད་མ་ཡིན་ནོ། །ཅི་སྟེ་གལ་ཏེ་ཕྲད་དེ་སྒྲ་འཛིན་ན། །སྒྲ་ཡི་དང་པོ་གང་གིས་འཛིན། ཞེས་གང་སྨས་ན། གལ་ཏེ་དེའི་དབང་པོ་མ་བཟུང་ན་དེའི ་ཚེ་ཉེས་པ་ཅི་ཞིག་ཡོད་ཅེ་ན། གང་ཞིག་དེའི་སྒྲ་ཉིད་ཉམས་པར་འགྱུར་བ་འདི་ནི་ཉེས་པ་ཡིན་ནོ། །འདི་ལྟར། ཇི་སྲིད་སྒྲ་ཐོས་མ་གྱུར་བ། དེ་ཡི་བར་དུ་སྒྲར་མི་འགྱུར། །སྒྲ་མེད་པ་ཡང་མཐར་སྒྲ་ཉིད། །འགྱུར་ན་དེ་ནི་མི་རིགས་སོ། ། ་གང་ཞིག་མི་ཐོས་པ་དེ་ནི་ཐོས་བཞིན་པ་མ་ཡིན་པའི་ཕྱིར་དྲི་ལ་སོགས་པ་ལྟར་སྒྲ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་གང་ཞིག་གི་ཚེ་ཐོས་པ་དེའི་ཚེ་སྒྲར་འགྱུར་རོ་སྙམ་དུ་སེམས་ན། འདི་ཡང་སྲིད་པ་མ་ཡིན་ནོ། །དྲི་ལ་སོགས་པ་ཕྱིས ་སྒྲ་ཉིད་དུ་མཐོང་བ་ནི་མ་ཡིན་ཏེ་དེ་བཞིན་དུ་སྒྲ་མེད་པ་འདི་ཡང་ཕྱིས་སྒྲ་ཉིད་དུ་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས། ཡིད་དུ་འོང་བའི་སྒྲ་གང་ཐོས་གྱུར་བ། །དེ་ནི་ནམ་ཡང་ནང་དུ་ཞུགས་པ་མེད། །དེ་ཡི་འཕོ་བརྙེད་པར་མི་འགྱུར་མོད། །རྟོག་པའི ་དབང་གིས་སྒྲ་ནི་འབྱུང་བར་འགྱུར་ཞེས་བྱ་བ་དང། དེ་བཞིན་དུ་དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ལ། ལག་པས་རྩོལ་བ་བྱས་པ་གསུམ་ཚོགས་ན། །སྒྲོགས་བྱེད་པི་ཝང་གླིང་བུ་ལ་སོགས་པ། །དེ་དག་ལས་ནི་སྒྲ་ཡང་འབྱུང་བར་འགྱུར། དེ་ནས་མཁས་པ་ལ ་ལས་བརྟག་བྱ་སྟེ། དེ་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟག་བྱས་ན། །སྒྲ་ཡི་འགྲོ་བའམ་འོངས་པ་མི་དམིགས་སོ། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ལྟར་རེ་ཞིག་དབང་པོ་རྣམས་ལ་ཡུལ་འཛིན་པའི་ནུས་པ་མེད་པར ་བརྗོད་ནས་ཡིད་ལ་ཡང་ཡུལ་དེ་འཛིན་པའི་ནུས་པ་མེད་པར་བརྗོད་པའི་ཕྱིར་བཤད་པ། དབང་པོ་རྣམས་དང་བྲལ་སེམས་ཀྱིས། །སོད་སྟེ་འང་ཅི་ཞིག་བྱེད་པར་འགྱུར། །གལ་ཏེ་སེམས་ཡུལ་གྱི་ཡུལ་དུ་སོང་ནས་ཡུལ་ཡོངས་སུ་གཅེད་པར་བྱེད་དོ་སྙམ་དུ་རྟོག་ན་དེ་ནི ་མི་རིགས་སོ། །འདི་ནས་སེམས་འདི་དབང་པོ་དང་ལྷན་ཅིག་པ་ཞིག་ཡུལ་གྱི་ཡུལ་དུ་འགྲོ་འམ། རེང་བུ་ཞིག་ཡིན་གྲང་ན། དེ་ལ་རེ་ཞིག་དབང་པོ་དང་བཅས་པ་ནི་མི་འགྲོ་སྟེ། དབང་པོ་དེ་རྣམས་ནི་རྟག་ཏུ་ལུས་ཁོ་ན་ལ་ཉེ་བར་གནས་པའི་ཕྱིར་ལ་འགྲོ་བ་ཡིན་ན་ལུས ་དབང་པོ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཅི་སྟེ་རེང་བུ་འགྲོ་ན་དེའི་ཚེ་ཡང། དབང་པོ་རྣམས་དང་བྲལ་སེམས་ཀྱིས། །སོང་སྟེ་འང་ཅི་ཞིག་བྱེད་པར་འགྱུར། །མིག་ལ་སོགས་པ་དབང་པོའི་སྒོ་སྤངས་པ་དེ་ནི་གཟུགས་ལ་སོགས་པ་ལྟ་བ་ལ་སོགས་པའི་ནུས་པ ་ཡོད་པ་མ་ཡིན་ཏེ། ལོང་བ་ལ་སོགས་པ་རྣམས་ལ་ཡང་ལྟ་བ་ལ་སོགས་པ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་ཅི་ཞིག་ལྟར་འདི་ལ་ཡང་ཡུལ་གྱི་ཡུལ་དུ་འགྲོ་བས་དོན་དེ་དམིགས་པར་རྟོག་ན་དེའི་ཚེ་ན་དོན་རྟོགས་པ་མཐར་ཐུག་པ་མེད་པའི ་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ལྟར་ཡིན་དང་སྲོག་འདི་ནི། །རྟག་ཏུ་ཡིད་མེད་ཅི་སྟེ་མིན། །དུས་ཐམས་ཅད་དུ་བདག་སེམས་མེད་པ་ཁོ་ནར་འགྱུར་ན། སེམས་མེད་པ་ནི་བདག་ཉིད་དུ་སྲིད་པར་རིགས་པ་ཡང་མ་ཡིན་ཏེ། ཀ་བ་དང་བུམ་པ་ལ་སོགས་པ ་རྣམས་ཀྱང་བདག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རིགས་པས་རྣམ་པར་དཔྱད་པ་ན་དབང་པོ་དང་ཡུལ་དང་རྣམ་པ་ཤེས་པ་རྣམས་ལ་ཡོད་པའི་ངོ་བོ་མེད་པས་རང་གི་ངོ་བོས་གྲུབ་པ་མེད་དོ་།གལ་ཏེ་འདི་རྣམ ་རང་གི་ངོ་བོས་གྲུབ་པར་འགྱུར་ན་ནི་དེའི་ཚེ་འཐད་པས་རྣམ་པར་དཔྱད་པ་རྣམས་ཆེས་གསལ་བ་ཇི་ལྟར་གནས་པའི་ངོ་བོས་ཡོད་པ་ཉིད་དུ་དམིགས་པར་འགྱུར་ན་དམིགས་པ་ཡང་མ་ཡིན་ཏེ་དེའི་ཕྱིར་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ ་དེ་རྣམས་ལ་རང་བཞིན་མེད་ན་འོ་ན་གང་ཞིག་བྱེ་བྲག་རྣམ་པར་བཞག་པའི་རྒྱུ་ཉིད་དུ་སྟོན་པ་དེ་རྣམས་ཀྱི་བྱེད་པར་ཡོངས་སུ་གཅོད་པར་བྱེད་པའི་བདག་ཉིད་ཅན་གྱི་འདུ་ཤེས་ཀོ་ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། དངོས་པོ་རྣམས་ཡོད་ན་ནི་དེ་རྣམས་ཀྱི་བྱེ་བྲག་ཡོངས ་སུ་གཅོད་པའི་བདག་ཉིད་ཅན་གྱི་འདུ་ཤེས་རིགས་ན་གང་གི་ཚེ་དངོས་པོ་དེ་རྣམས་ཡོད་པ་མ་ཡིན་པ་ཉིད་དུ་བསྟན་པ་དེའི་ཚེ་དེ་རྣམས་ཀྱི་སྒོ་ནས་འདུ་ཤེས་དེ་རང་གི་ངོ་བོས་གྲུབ་པར་གལ་འགྱུར། གལ་ཏེ་ཡུལ་ཡོངས་སུ་གཅོད་པ་འདི་རྣམ་པ་ཐམས་ཅད ་དུ་མེད་དམ་ཞེ་ན། མེད་པ་མ་ཡིན་ཏེ། རང་བཞིན་མེད་པའི་དངོས་པོ་ཡོད་པའི་ཕྱིར་རོ། །འདི་ལྟར་སྔར་མཟོད་པ་ཡིད་ནོ་གང་ཞིག་།ཡིད་ཀྱིས་སྨིག་རྒྱུ་ལྟར་འཛིན་པ། དེ་ནི་ཆོས་ཀུན་རྣམས་བཞག་ལ། །འདུ་ཤེས་ཕུང་པོ་ཞེས་བྱའོ། །འདི་ན་མིག་དང་གཟུད? ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་འགག་པ་ན་དབང་པོ་དང་ཡུལ་རྣམས་དང་ལྷན་ཅིག་འགག་པར་འགྱུར་རོ། །དེ་འགག?་ན་སྡར་མཐོང་བའི་དོན་གང་ཡིན་པ་དེ་ཉིད་ཕྱིས་ཡིད་ཀྱིས་འཛིན་ཏོ། །ཡང་ཇི་ལྟར་ཉེ་པ་མ་ཡིན་པ་ལ་འཛིན་པ་སྲིད ་ཅེ་ན། སྨིག་རྒྱུ་ལྟར་ཞེས་བྱ་བ་སྨྲོས་ཏེ། སྨིག་རྒྱུ་ལ་ཆུ་བག་ཙམ་ཀྱང་མེད་མོད་ཀྱི་འོན་ཀྱང་རྒྱུ་དང་རྐྱེན་གྱི་དབང་གིས་ཆུའི་རྣམ་པ་ཅན་གྱི་འདུ་ཤེས་འབྱུང་བ་ཉིད་ཡིན་པ་དེ་བཞིན་དུ་སྨིག་རྒྱུ་ལ་བྱ་བ་ལྟར་ཡོད་པ་མ་ཡིན་པའི་རང་བཞིན་ཅན་གྱི་དངོས་པོ་བཟུང་ཟིན་པ ་ལ་གང་རྣམ་པར་ཤེས་པ་སྐྱེ་བ་དེ་ནི་ཆོས་ཐམས་ཅད་རྣམ་པར་འཇོག་པའི་རྒྱུ་ཡིན་ནོ། །ཆོས་ཐམས་ཅད་རྣམ་པར་འཇིག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ན་དེ་ཉིད་ལ་འདུ་ཤེས་ཕུང་པོ་ཞེས་བསྙད་དེ། རྣམ་པ་དེ་ལྟ་བུའི་འདུ་ཤེས་ཀྱི་ཁྱད་པར་རང་མཚུངས་པར་ལྡན་པའི་ཕྱིར་རོ། ། ་ཆོས་ཐམས་ཅད་རྣམ་པར་བཞག་པ་ཡང་འདུ་ཤེས་ཀྱི་དབང་གིས་ཤེས་པར་བྱ་བའི་དངོས་པོ་རང་གི་ངོ་བོའི་རྒྱུ་ཅན་ནི་མ་ཡིན་ཏེ་རང་བཞིན་རྣམ་པ་ཐམས་ཅད་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ནི་འོ་ན་འདུ་ཤེས་ཀྱི་ཕུང་པོ་རང་བཞིན་གྱིས་ཡོད་པ་ཡིན་ཏེ་དེ་མེད ་ན་ནི་ཆོས་ཐམས་ཅད་རྣམ་པར་བཞག་པར་མི་ནུས་སོ་ཞེ་ན། བརྗོད་པར་བྱ་སྟེ། འདུ་ཤེས་དེ་ཡང་རྣམ་པར་ཤེས་དང་མཚུངས་པར་ལྡན་པའི་ཕྱིར་རྣམ་པར་ཤེས་པ་དེ་མ་རྟོགས་པར་མེད་ལ། རྣམ་པར་ཤེས་པ་དེ་ཡང་འདུ་ཤེས་དེ་མ་རྟོགས་པར་མ་གྲུབ་པའི་ཕྱིར་རང་གི་ངོ་བོས་མེད་དོ། །འདི་ལས་ཀྱང་ཡིན་ཏེ། གང་གི་ཕྱིར། མིག་དང་གཟུགས་ལ་བརྟེན་ནས་ཡིད། སྒྱུ་མ་བཞིན་དུ་སྐྱེ་བར་འགྱུར། །གང་ཞིག་སྐྱེ་བའི་བྱ་བའི་རྟེན་ཉིད་དུ་འབྱུང་བར་འགྱུར་བ་རྣམ་པར་ཤེས་པ་དེ་སྐྱེ་བའི་སྔ་རོལ་ན་ནི་ཡོད་པ་མ་ཡིན་ཏེ ་མིག་ལ་སོགས་པའི་རྐྱེན་རྣམས་ཀྱང་རྣམ་པར་ཤེས་པའི་རང་གི་ངོ་བོ་མེད་པར་སྐྱེ་པའི་བྱ་བ་མི་འཇུག་པའི་ཕྱིར་སྐྱེ་བ་མི་རིགས་ན། རྣམ་པར་ཤེས་པ་འདི་ནི་སྐྱེ་པ་ཡིན་ནོ། །དེའི་ཕྱིར་སྒྱུ་མའི་ཆོས་ཉིད་ལས་མ་གཏོགས་པར་ཅི་ཞིག་ངེས་པར་བྱ་བར་ནུས། བཅོམ་ལྡན ་འདས་ཀྱིས། དགེ་སློང་དག་དཔེར་ན་སྒྱུ་མ་མཁན་སྒྱུ་མ་མཁན་གྱི་མཆན་བུ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྒྱུ་མའི་ལས་རྣམ་པ་སྣ་ཚོགས་སྟོན་པ་འདི་ལྟ་སྟེ་གླང་པོ་ཆེའི་ཚོགས་དང་རྟའི་འཚོགས་དང། ཤིང་རྟའི་ཚོགས་དང། དཔུང་བུ་ཆུང་གི་ཚོགས་དང་ཞེས ་བརྒྱ་ཆེར་འབྱུང་ཞིང། དེ་སྐྱེས་བུ་མིག་དང་ལྡན་པ་ཞིག་ལྟ་བར་བྱེད་པ་སེམས་པར་བྱེད་ཚུལ་བཞིན་དུ་ཡོངས་སུ་རྟོག་པར་བྱེད་པ་ན་ལྟ་ཞིང་སེམས་ལ་ཚུལ་བཞིན་དུ་ཡོངས་སུ་རྟོག་པ་དེ་ལ་ཡོད་པ་མ་ཡིན་པར་ཡང་སྣང་གསོག་དང་གསོབ་དང་སྙིང་པོ ་མེད་པར་ཡང་སྣང་ངོ། །དེ་ཅིའི་སླད་དུ་ཞེ་ན། ཅི་སྒྱུ་མ་བྱས་པ་དེ་ལ་སྙིང་པོ་ལྟ་ཡོད་དམ། དགེ་སློང་དག་དེ་བཞིན་དུ་རྣམ་པར་ཤེས་པ་གང་ཅི་ཡང་དུད་པར་འདས་ཕ་དང་མ་འོངས་པ་དང་ད་ལྟར་བྱུང་བ་འམ་ནང་གི་འམ་ཕྱིའི་འམ། རགས ་པའམ་ཕྲ་བ་འམ། ངན་པའམ་གྱ་ནོམ་པའམ་ཐག་རིང་པོ་ན་ཡོད་པ་གང་ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དགེ་སློང་ཞིག་ལྟ་བར་བྱེད། སེམས་པར་བྱེད་ཚུལ་བཞིན་དུ་ཡོངས་སུ་རྟོག་པར་བྱེད་པ་ན་ལྟ་ཞིང་སེམས་ལ་ཚུལ་བཞིན་དུ་ཡོངས ་སུ་རྟོག་པར་བྱེད་པ་དེ་ལ་ཡོད་པ་མ་ཡིན་པར་ཡང་སྣང། གསོག་དང་གསོབ་དང་སྙིང་པོ་མེད་པ་དང་ནས་དང་འབྲས་དང། ཟུག་རྔུ་དང་སྡིག་པ་དང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡང་སྣང་ངོ། །དེ་ཅིའི་སླད་དུ་ཞེ་ན། ཅི་རྣམ ་པར་ཤེས་པའི་ཕུང་པོ་འདི་ལ་སྙིང་པོ་ལྟ་ཡོད་དམ་ཞེས་རྒྱ་ཆེར་གསུངས་ཏེ། ཇི་ལྟར་དམིགས་པ་དེ་ལྟར་རྣམ་པར་དཔྱད་པ་ལ་རང་གི་ངོ་བོ་མེད་པའི་ཕྱིར་རྣམ་པར་ཤེས་པ་སྒྱུ་མའི་ན་ཆུང་དང་འགྲོའོ་ཞེས་བྱ་བར་ངེས་པར་ནུས་སོ། །དེའི་ཕྱིར་མིག་དང ་གཟུགས་ལ་བརྟེན་ནས་ཡིད། སྒྱུ་མ་བཞིན་དུ་སྐྱེ་བར་འགྱུར། ཞེས་བྱ་བ་འདི་ལེགས་པར་གསུངས་པ་ཡིན་ནོ། །ཡང་གལ་ཏེ་འདིའི་རང་གི་ངོ་བོ་ཞིག་ཏུ་འགྱུར་ན་ནི་དེའི་ཚེ་དང་གི་ངོ་བོས། །གང་ལ་ཡོད་པ་ཉིད་ཡོད་དེ། སྒྱུ་མ་ཞེས་བྱར་མི ་རིགས་སོ། །སྔར་བཞིན་གྱིས་མི་སྟོང་ཞིང་ཡོད་པར་འགྱུར་བའི་བུད་མེད་ནི་འཇིག་རྟེན་ན་སྒྱུ་མ་ཞེས་བྱ་བར་མི་རིགས་ཏེ། དེ་བཞིན་དུ་རྣམ་པར་ཤེས་པ་ཡང་རང་གི་ངོ་བོས་ཡོད་པས་སྒྱུ་མ་ལྟ་བུར་མི་འགྱུར་ན། རྣམ་པར་ཤེས་པ་སྒྱུ་མ་ལྟ ་བུར་བསྟན་པ་ཡང་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་རང་བཞིན་མེད་དོ། །གང་གི་ཚེ་རྣམ་པར་ཤེས་པ་རང་བཞིན་མེད་པ་དེའི་ཚེ་རང་བཞིན་མེད་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འདུ་ཤེས་ཀྱང་རང་བཞིན་མེད་དོ་ཞེས ་བྱ་བར་གནས་སོ། །བཅོམ་ལྡན་འདས་ཀྱིས། རབ་རྫོགས་ཤེས་པ་དོན་ཅན་གྱི། །འཛིན་ལ་འདུ་ཤེས་དེས་པར་བསྟན། །འདུ་ཤེས་དེ་ཡང་འཛིན་མེད་དེ། །རྣམ་པར་དབེན་པའི་དོན་གྱིས་བསྟན། །རྣམ་དབེན་གང་དེ་འང་འདུ་ཤེས་ཏེ། །རྣམ་དབེན་གང་དེ་བསྟན་པ་ཡིན།། ་དེ་ལྟར་དོན་དེ་བསམ་བྱས་ནས། །དེས་ནས་འདུ་ཤེས་འབྱུང་མི་འགྱུར། །འདུ་ཤེས་འདི་ཡང་སྤང་སྙམ་དུ། །གང་ལ་འདུ་ཤེས་འབྱུང་བ་ནི། །འདུ་ཤེས་སྤྲོས་ལ་སྤྱོད་འགྱུར་གྱི། །འདུ་ཤེས་ལས་ནི་གྲོལ་མི་འགྱུར། ། ་འདུ་ཤེས་འདི་ཀོ་ག་ལ་འབྱུང། །གང་ཞིག་གིས་ནི་འདུ་ཤེས་བཀག་།གང་ལ་འདུ་ཤེས་འབྱུང་འགྱུར་བའི། །ཆོས་ནི་སངས་རྒྱས་ཀྱིས་མ་བརྙེད། །དེ་ལྟར་དོན་དེ་བསམ་བྱས་ན། །དེ་ནས་འདུ་ཤེས་འབྱུང་མི་འགྱུར། ཞེས་གསུངས་སོ། །འདིར་སྨྲས ་པ། ཅི་ནས་ཀྱང་དབང་པོ་རྣམས་ཡུལ་འཛིན་པ་མི་སྲིད་ལ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་ཡང་སྐྱེའོ་ཞེས་བྱ་བ་འདི་ནི་ངོ་མཚར་བ་ཞིག་གོ་།བརྗོད་པར་བྱ་སྟེ། ཅི་འདི་ཁོ་ན་ངོ་མཚར་གྱི་གང་འགགས་པ་དང་འགག་བཞིན་པའི? ་ས་བོན་ལས་མྱུ་གུ་འབྱུང་བར་མི་རིགས་ལ། ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བ་ཡང་ཡིན་པ་དང། དེ་བཞིན་དུ་བྱས་ཤིང་བསགས་པའི་ལས་འགགས་ནས་ཡུན་ཤིན་ཏུ་རིང་པོར་ལོན་པ་ལ་འགར་ཡང་གནས་པ་མེད་མོད་ཀྱི། འོན་ཀྱང་འགགས་ནས་བསྐལ་པ ་དུ་མས་ཆོད་པའི་ལས་ལས་ཀྱང་འབྲས་བུ་དངོས་སུ་འབྱུང་བ་དང་བུམ་པ་ལ་སོགས་པ་རྣམས་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་རྣམ་པ་ལྔར་དཔྱད་པ་ན་ཡོད་པ་མ་ཡིན་མོད། དེ་ལྟར་ན་ཡང་བརྟེན་ནས་བརྟགས་པས་སྦྲང་རྩི་དང་ཆུ་དང་འོ་མ་འཛིན་པ་དང་འཆུ ་བ་ལ་སོགས་པའི་བྱ་བ་ལ་རུང་བར་འགྱུར་བ་འདི་ཅི་ངོ་མི་མཚར་བ་ཞིག་གཾ། །དེའི་ཕྱིར་དེ་ལྟར་ན། གང་ཚེ་མཁས་ལས་སྟེང་ན། ངོ་མཚར་ཅན་མིན་ཅད་མེད་པ། །དེ་ཚེ་དབང་རྟོགས་དེ་འདྲ་ལ། །ཡ་མཚན་ཞེས་བྱ་ཅི་ཞིག་ཡོད། །འབྲས་བུ་ནི་རང་གི ་རྒྱུའི་རྗེས་སུ་བྱེད་པར་མཐོང་སྟེ། དཔེར་ན་བ་ལང་ལས་བ་ལང་དང། །རྟ་ལས་རྟ་དང། སཱ་ལུ་ལས་སཱ་ལུ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ན། འབྱུང་བ་རྣམས་དང་གཟུགས་དང་སྒྲ་ལ་སོགས་པ་རྣམས་ལ་ནི་ཚུལ་འདི་མི ་རིགས་སོ། །འདི་ལྟར་འབྱུང་བ་ཆེན་པོ་དག་ནི་ལུས་ཀྱི་དབང་པོས་བཟུང་བར་བྱ་བ་ཡིན་ཞིང་མཉན་པར་བྱ་བ་མ་ཡིན་ལ། ད་དག་ལས་གཟུགས་མིག་གི་གཟུང་བར་བྱ་བ་དང། མཉན་པར་བྱ་བ་སྒྲ་འབྱུང་བ་ཞེས་བྱ་བ་འདི་ནི་མཆོག་ཏུ་ངོ་མཚར་བ ་ཞིག་གོ་།དེ་བཞིན་དུ་སྣ་ལ་སོགས་པའི་ཡུལ་དང་མིག་ལ་སོགས་པ་དག་ལ་ཡང་སྦྱར་བར་བྱའོ། །ཡང་ན་དབང་པོ་རྣམས་ཀྱི་དོན་རྟོགས་པ་ནི་འདི་ནི་ཡ་མཚན་གྱི་རྒྱུ་མ་ཡིན་ནོ། །གལ་ཏེ་ངོ་མཚར་འདི་དབང་པོ་རྣམས་ཀྱི་དོན་དམ་པ་འབའ་ཞིག་ཁོ ་ན་ལ་འགྱུར་ན་ནི། དེའི་ཚེ་འདི་ཡ་མཚན་པའི་གནས་སུ་འགྱུར་ན། གང་གི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་མཁས་པ་རྣམས་ལ་གྲོལ་བ་ཐམས་ཅད་མིག་འཕྲུལ་ལྟར་ཡ་མཚན་གྱི་རྒྱུ་ཡིན་པ་དེའི་ཚེ་འདི་ངོ་མཚར་བ་མ་ཡིན་ནོ། །སྲིད་པར་མི་འོས ་པ་ཅུང་ཟད་ཅིག་ཕྱོགས་འགར་གནས་པར་དམིགས་པ་ནི་ཡ་མཚན་དུ་བྱེད་པར་འགྱུར་གྱི། ཐམས་ཅད་དུ་མཚུངས་པའི་ངོ་བོ་ནི་མ་ཡིན་ཏེ། མེའི་ཚེ་བ་ཡང་ཡ་མཚན་གྱི་རྒྱུ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་རང་གི་ངོ་བོ་མ་ངེས་པས་རྐྱེན ་ཇི་ལྟ་བ་དེ་ལྟ་དེ་ལྟར་རྣམ་པར་འགྱུར་བའི་ཕྱིར་མཁས་པ་རྣམས་ལ། མགལ་མེའི་འཁོར་ལོ་སྤྲུལ་པ་དང། །རྨི་ལམ་སྒྱུ་མ་ཆུ་ཟླ་དང། །ཁུ་རྣ་ནང་གི་བྲག་ཆ་དང། །སྨིག་རྒྱུ་སྤྲིན་དང་སྲིད་པ་མཚུངས། །ཇི་ལྟར་མེ་དང་བཅས་པའི་ཡོག་པ་མྱུར་དུ ་བསྐོར་བའི་འགྲོས་དེ་མཐོང་བ་ཕྱིན་ཅི་ལོག་གི་རྒྱུ་ཡིན་པའི་ཕྱིར་འཁོར་ལོའི་རྣམ་པར་དམིགས་པར་འགྱུར་མོད་ཀྱི། དེ་ལ་འཁོར་ལོ་རང་གི་ངོ་བོ་བག་ཙམ་ཡང་ཡོད་པ་མ་ཡིན་པ་དང། ཇི་ལྟར་སྤྲུལ་པའི་ཏིང་ངེ་འཛིན་གྱི་རྐྱེན་ལས་བྱུང་བའི ་བུད་མེད་དག་ཡོད་པར་འགྱུར་བའི་བུད་མེད་རྣམས་ལྟར་འདོད་ཆགས་ཅན་རྣམས་ལ་ཀུན་ནས་ཉོམ་མོངས་པའི་རྒྱུར་འགྱུར་ཞིང། ཐུབ་པ་རྣམས་ཀྱིས་སྤྲུལ་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྤྲུལ་པའི་ཐུབ་པའི་རང་གི་ངོ་བོ་མང་ཅིང་ཡོད་པར་གྱུར་བའི་ཐུབ་པའི་རང ་བཞིན་དང་བྲལ་པ་རྣམས་བདེན་པར་གྱུར་བའི་ཐུབ་པ་དག་ལྟར་སྐྱེ་བོ་མ་ལུས་པའི་ཡིད་ཀྱི་མུན་པ་འཇོམས་པ་ན་སེམས་ཅན་རྣམས་ཀྱི་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་རྒྱུར་འགྱུར་ལ། དེ་རྣམས་སེམས་དང་སེམས་ལས་བྱུང་བ་དང་བྲལ ་བས་བདེན་པར་གྱུར་པ་མ་ཡིན་པ་དང། ཇི་ལྟར་སད་པའི་བདག་གི་དངོས་པོ་ལྟར་གཉིད་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་དང་ལྡན་པའི་བདག་གི་དངོས་པོའི་རྐྱེན་ཅན་རྨི་ལམ་གྱི་བདག་གིས་དངོས་པོ་བདག་ལ་ཆགས་པ་བྱིན་ཅི ་ཡོག་གི་རྒྱུ་ཡིན་ལ། སད་པས་དེ་ལྟར་མཐོང་བ་མེད་པས་དེ་བདེན་པར་གྱུར་པ་ཡང་མ་ཡིན་པ་དང། ཇི་ལྟར་སྒྱུ་མ་མཁན་གྱི་འཁྲུལ་འཁོར་གྱི་རྒྱུ་ཅན་སྒྱུ་མར་བྱས་པའི་ན་ཆུང་རྣམས་བདེན་པར་གྱུར་པའི་ན་ཆུང ་གིས་སྟོང་བཞིན་དུ་དེའི་རང་བཞིན་རྣམ་པར་མི་ཤེས་པ་རྣམས་ཀྱིས་སེམས་རྨོངས་པ་ལྷུར་བྱེད་པར་འགྱུར་པ་དང། ཇི་ལྟར་བདེན་པར་གྱུར་པའི་ཟླ་བས་སྟོང་པའི་ཆུའི་ཟླ་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ཀྱིས་དེ་ལྟར་འབྱུང་བ་ན་བྱིས་པ ་རྣམས་ལ་ཟླ་བར་ཕྱིན་ཅི་ལོག་པའི་རྒྱུར་འགྱུར་བ་དང། ཇི་ལྟར་ཡུལ་དང་དུས་དང་རྒྱུ་མཚན་རྣམ་པ་དེ་ལྟ་བུ་དག་ལ་བརྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ཉིད་ལས་ཁུག་རྣ་བྱུང་བ་ན་རྒྱང་རིང་པོ་ན་གནས་པ་རྣམས་ལ་བདེན་པར་འགྱུར་བའི་དུ་བར་ཕྱིར་ཅི་ལོག ་པའི་རྒྱུར་འགྱུར་པ་དང། ཇི་ལྟར་རིའི་ཆང་ཆིང་དང། རི་ཁྲོད་ཀྱི་སུལ་དང། རླུང་གི་ཟབ་རྣམས་ཀྱི་ནང་གི་བྲག་ཆས་སྐྱེ་བོ་རྣམས་ལ་ཡོད་པར་གྱུར་པའི་སྒྲར་མངོན་པར་རློམ་པ་སྐྱེད་པར་བྱེད་པ་དང། ཇི་ལྟར་ཡུལ་དང་དུས་ཀྱི་ཁྱད་པར་དུ་ཉེ་བར་ལྟགས ་པའི་ཉི་མའི་འོད་ཟེར་གྱི་རྟེན་ཅན་གྱི་སྨིག་རྒྱུ་ཆུའི་རང་གི་ངོ་བོ་དབེན་བཞིན་དུ་ཐག་རིང་བ་རྣམས་ལ་ཆུར་ཕྱིན་ཅི་ལོག་སྐྱེད་པར་བྱེད་པ་དང། ཡང་ཇི་ལྟར་སྤྲིན་རྣམས་ཐག་རིང་པོ་ནས་རི་ལ་སོགས་པའི་རྣམ་པར་ཕྱིན་ཅི་ལོག་ཉེ་བར་སྐྱེད་པར ་བྱེད་པ་དེ་བཞིན་དུ་མཁས་པ་ཇི་ལྟ་བ་བཞིན་བརྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལ་བཟོ་བ་རྣམས་ལ་མ་རིག་པའི་ཕྱིན་ཅི་ལོག་གིས་འཕངས་པ་ལས་ཀྱི་རྐྱེན་ཅན་གི་འཁོར་བ་རྣམ་པར་ཤེས་པ་ལ་སོགས་པའི་སྐྱེ་བ་ཕྱི་རོལ་གྱི་སྣོད་དང་བཅས་པར་སྐྱེ ་བཞིན་པ་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར། བརྫུན་པ་བསླུ་བའི་ཆོས་ཅན་ཡིན་དང་རང་བཞིན་གྱིས་སྟོང་པར་གྱུར་དུ་ཟིན་ཀྱང་བྱིས་པའི་སྐྱེ་བོ་འདྲིད་པར་སྣང་བར་འགྱུར་ཏེ་དངོས་པོའི་རང་བཞིན་ཤེས་པ་རྣམས་ཐམས་ཅད་དུ་མགས་པ་ཟད་པས་རྣམ་པར ་གྲོལ་བ་ལ་བརྟེན་པར་འགྱུར་བས་འཁོར་བ་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་རང་བཞིན་མེད་དོ་ཞེས་བྱ་བ་འདི་མ་གཡོ་བར་གནས་སོ། །ཇི་སྐད་དུ། ཇི་ལྟར་མིག་ནི་འཁྲུལ་པ་ཡིས?། །མགལ་མེའི་འཁོར་ལོ་འཛིན་བྱེད་པ། །དེ་བཞིན་དབང་པོ ་རྣམས་ཀྱིས་ནི། །ད་ལྟའི་ཡུལ་དག་འཛིན་པར་བྱེད། ཅེས་བྱ་བ་དང། བདེན་པའི་དགེ་སློང་དངོས་བྲལ་དགེ་སློང་གཉིས་ཤིག་གིས། དཀོན་མཆོག་བརྩེགས་པ་ལས་ཐུབ་པ་ཡོངས་སུ་མྱ་ངན་མ་འདས་པར། །ཐུབ་དབང་ཟླ་བའི་དམ་པའི་ཆོས་ཀྱི་ཉི་མའི་འོད ་ཟེར་གྱིས། །དགེ་སློང་བརྒྱ་ཕྲག་ལྔ་དེ་དག་གི་གཏི་མུག་མུན་པ་བསལ། །དེ་བཞིན་དུ། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་དེ། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས ་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དང་བར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན ་སང་བའི་ཚོར་སྣང་སྟེ། ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་ཀུན་མཚན་ཉིད་དེ་འདྲར་ཤེས་པར་གྱིས། །བྲག་ཕུག་རི་རྫོང་ཆུ་ཀླུང་དོགས་དག་ཏུ། །དེ་དག་ལ་བརྟེན་བྲག་ཆ་འབྱུང་ཇི་ལྟར། །དེ་བཞིན་འདུས་བྱས་འདི་ཀུན་ཤེས་པར་གྱིས། །འགྲོ་བ་ཐམས་ཅད་སྒྱུ་མ་སྨིག ་རྒྱུ་མཚུངས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨོག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྨིག་རྒྱུ་ལ་ཡང་ཆུ་ནི་ཡོད་མེད་ན། སེམས་ཅན་མོས་པ་དེ་ལ ་འཐུང་འདོད་དེ། མི་བདེན་ཆུ་ནི་བཏུང་བར་ཡོད་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ཆུང་ཟད་སྤྲིན་མེད་པར། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང། །ཐོག་མར་གང་ནས་བྱུང་བར་ཤེས་པར་བྱ། །དེ་བཞིན ་ཆོས་རྣམས་ཐམས་ཅད་ཤེས་པར་གྱིས། །ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུ། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཤེས་བྱ་བ་ལ་སོགས་པ་གསུངས་སོ།། ་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བ་ལས། དབང་པོ་དང་དོན་དགག་པ་སྒོམ་པ་བསྟན་པ་ཞེས་བྱ་བ། རང་ཏུ་བྱེད་པ་བཅུ་གསུམ་པའི་འགྲེལ་པའོ།། །།འདིར་སྨྲས་པ་གལ་ཏེ་རྟེན ་ཅིང་འབྲེལ་བར་འབྱུང་བའི་ཕྱིར་སྲིད་པ་མགལ་མའི་འཁོར་ལོ་དང་སྤྲུལ་པ་དང་རྨི་ལམ་ལ་སོགས་པ་ལྟར་རང་བཞིན་མེད་ན་འོ་ན་དེ་öགང་ཞིག་རང་བཞིན་དུ་འགྱུར་ཞེ་ན། དངོས་པོ་འགའ་ལ་ཡང་རང་བཞིན་བཏག་པར་མི་ནུས་ཏེ། རྣམ་པར་དེ་ལྟ་བུའི་དངོས་པོ་རྣམ ་པ་ཐམས་ཅད་དུ་མི་དམིགས་པའི་ཕྱིར་རོ། །འདི་ལྟར་དངོས་པོ་གང་ཞིག་གཞན་འགའ་ལའང། །རག་ལས་པ་ཞིག་མི་འགྱུར་ན། །དེ་ཡི་བདག་ཉིད་འགྲུབ་འགྱུར་ན། །དེ་ནི་གང་ལའང་ཡོད་མ་ཡིན། །གལ་ཏེ་དངོས་པོ་འགའ་ཞིག་འགྲུབ་པ ་ལ་འགའ་ཡང་ཅུང་ཟད་ཅིག་ངག་ལས་པར་གནས་པ་ཉིད་དུ་མི་འགྱུར་ན་དེའི་ཚེ་རང་དབང་པ་གཞན་ལ་རག་ལས་པ་དེ་རང་ཉིད་ཀྱིས་རྣམ་པར་གནས་པའི་ཕྱིར་རང་བཞིན་གྱིས་ཡོད་པ་ཉིད་དུ་བརྟགས་པར་རིགས་ན་གང་ཞིག་རྒྱུ་དང ་རྐྱེན་ལ་རག་ལས་ཏེ་སྐྱེ་པའི་དངོས་པོ་གཞན་ལ་རག་ལས་པ་ཉིད་དུ་མི་འགྱུར་བ་འམ། རྒྱུ་མེད་པའི་དངོས་པོ་འགའ་ཞིག་འབྱུང་བ་འདི་ནི་སྲིད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྒྱུ་མེད་པར་ཐལ་བར་འགྱུར་བས་འགའ་ཞིག་ཏུ་དངོས་པོ་འགའ་ ་རིན་རང་གི་ངོ་བོ་མེད་པ་དེའི་ཕྱིར་འགའ་ལ་ཡང་རང་བཞིན་མེད་ལ། རང་བཞིན་མེད་པས་ཀྱང་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་བྱ་བར་གནས་སོ། །གལ་ཏེ་དངོས་པོ་འདི་དག་མགལ་མེའི ་འཁོར་ལོ་དང་སྤྲུལ་པ་ལ་སོགས་པ་ལྟར་བསླུ་བས་དངོས་པོ་མེད་པར་མི་འགྱུར་ན་ནི་དེའི་ཚེ་ངས་པར་འཐད་པས་རྣམ་པར་དཔྱད་པ་ནས་ལེ་སྦྲམ་ལ་སོགས་པ་ལྟར་རང་གི་ངོ་བོ་ཆེས་གསལ་པར་དམིགས་པར་འགྱུར་ན། དེ་དག་ན་ཕྱིན་ཅི ་ལོག་ཙམ་གྱི་རྒྱུ་ཅན་ཡིན་པས་རྣམ་པར་དཔྱོད་པའི་སེམས་བསེགས་པས་ན་རང་གི་ངོ་བོས་མེད་པར་ནི་མི་འགྱུར་པ་མ་ཡིན་ནོ། །དངོས་པོ་ནི་འཐད་པ་དང་བྲལ་བ་མ་ཡིན་ཏེ། དེ་རྣམ་པ་ཐམས་ཅད་དུ་མི་བསླུ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི ་ཕྱིར་སློབ་དཔོན་གྱིས་དངོས་པོ་ལ་མངོན་པར་ཞེན་པ་ལྟོད་པར་བྱ་བའི་ཕྱིར་འདི་མན་ཆེད་དུ་ཇི་ལྟ་བུམ་པ་ལ་སགས་པ་རྣམས་ལ་རང་གི་ངོ་བོ་མི་སྲིད་པ་དེ་ལྟར་འཐད་པ་བཤད་པ། གཟུགས་ཉིད་བུམ་ཞེས་གཅིག་མ་ཡིན། །གཟུགས་ལྡན ་བུམ་གཞན་ཡོད་མིན་ལ། །བུམ་པ་ལ་གཟུགས་ཡོད་མིན་ཞིང། །གཟུགས་ལ་བུམ་པ་ཡོད་མ་ཡིན། །འདི་ནི་བུམ་པ་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་པར་འགྱུར་ན་ནི། དེ་ལྟ་བའི་དབང་པོའི་བཟུང་བར་བྱ་བ་ཡིན་པས་ཐ་དད་པ་འམ་མི ་དད་པ་ཞིག་ཏུ་རྟོག་གང་ན། དེ་ལ་རེ་ཞིག། གཟུགས་ཉིད་བུམ་ཞེས་གཅིག་མ་ཡིན། །གཟུགས་གང་ཡིན་པ་དེ་ཉིད་བུམ་པའོ་ཞེས་གཟུགས་དང་བུམ་བ་གཅིག་པ་ནི་མི་སྲིད་དོ། །གལ་ཏེ་གཟུགས་དང་བུམ་པ་གཉིས་གཅིག་ཏུ་འགྱུར་ན་ནི་དེའི་ཚེ་གང་དང་གང་ན་གཟུགས ་ཡོད་པ་དེ་དང་དེ་ན་བུམ་པའོ་ཞེས་གཟུགས་ཐམས་ཅད་ལ་བུམ་པ་ཉིད་དུ་འགྱུར་ཞིང། སོ་བཏང་བ་ལས་སྐྱེས་པའི་ཡོན་ཏན་འབྱུང་བས་གཟུགས་འཇིག་པའི་ཚེ་བུམ་པ་འཇིག་པར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་པས་གཟུགས་ཉིད་བུམ་པའོ་ཞེས ་གཅིག་པ་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཉེས་པ་འདི་སྤང་པར་འདོད་ནས་དཔེར་ན་ལྷས་སྦྱིན་དོན་གཞན་དུ་གྱུར་བའི་བ་ལང་དག་དང་ལྡན་པ་ལྟར་གཟུགས་ལས་གཞན་པའི་བུམ་པ་ཞིག་གཟུགས་དང་ལྡན་པར་ཡོངས་སུ་རྟོག་ན། འདི་ཡང་མི་རིགས་ཏེ། ་འདི་ལྟར། གཟུགས་ལྡན་བུམ་གཞན་ཡོད་མིན་ལ། །གལ་ཏེ་བུམ་པ་གཟུགས་ལས་གཞན་དུ་འགྱུར་ན་ནི་དེ་གཟུགས་ལས་མི་རྟོག་པར་གཟུང་དུ་ཡོད་པར་འགྱུར་རོ། །བ་ལང་དག་ལས་ཐ་དད་པའི་ལྷས་སྦྱིན་ནི་པ་ལང་ལས་ཐ་དད་པར་མེ་འཛིན ་པ་མ་ཡིན་ཏེ། དེ་བཞིན་དུ་བུམ་བ་ཡང་གཟུགས་ལ་མ་ལྟོས་པར་གཟུང་དུ་ཡོད་པར་འགྱུར་ནས་འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལས་ཐ་དད་པའི་བུམ་པ་མེད་དོ། །གང་གི་ཚེ་མེད་པ་དེའི་ཚེ་ཡོད་པ་མ་ཡིན་པ་ཇི་ལྟར་དེ་དང་ལྡན་པ་ཉིད ་དུ་འཛིན། མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་བ་ལང་དང་ལྡན་ནོ་ཞེས་བྱ་བར་མི་བསྙད་དོ། །དེ་བཞིན་དུ་བུམ་པ་གཟུགས་དང་ལྡན་ནོ་ཞེས་བྱ་བར་ཡང་མི་རུང་ངོ། །གཞན་ཉིད་མི་སྲིད་པ་ཉིད་ཀྱི་ཕྱིར་གཟུགས་དང་བུམ་པ་གཉིས་རྟེན་དང་བརྟེན་པའི ་རྟོག་པ་ཉིད་ཀྱིས་གྲུབ་པ་ཡང་མེད་པས། བུམ་པ་ལ་གཟུགས་ཡོད་མིན་ཞིང། གཟུགས་ལ་བུམ་པ་ཡོད་མ་ཡིན། །གཟུགས་དང་བུམ་པ་གཉིས་གཞན་ཉིད་ཡིན་ན་ནི་འཁར་གཞོང་དང་ཞོ་ལྟར་བུམ་པ་ལ་གཟུགས་ཞེས་བྱ་བར་འགྱུར་ཞིང། རེ་ལྡེ ་ལ་ལྷས་སྦྱིན་ལྟར་གཟུགས་ལ་བུམ་པ་ཞེས་བྱ་བར་ཡང་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་ནོ། དེའི་ཕྱིར་བུམ་པ་རང་བཞིན་གྱིས་མེད་དོ། གང་ཞིག་རང་བཞིན་གྱིས་མེད་ལ་དམིགས་པ་ཡང་མིན་པ་དེ་ནི་མགལ་མེའི ་འཁོར་ལོ་ལྟར་རང་བཞིན་གྱིས་སྟོང་པ་ཡིན་ནོ། །གཞན་ཡང་ཇི་ལྟར་བདག་བྱེད་པ་པོ་དང་ཉེ་བར་ལེན་པ་ལས་གཅིག་ཉིད་དུ་ཐལ་བའི་ཕྱིར་དང། ཕུང་པོ་བཞིན་སྐྱེ་བ་དང་འཇིག་པ་ལ་བརྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཕུང་པོ་བདག་མ་ཡིན ་པ་དེ་བཞིན་དུ་གཟུགས་ཀྱང་བུམ་པ་མ་ཡིན་ཏེ། ཉེ་བར་ལན་པ་དང་ཉེ་བར་ལེན་པ་པོ་དག་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང། ཉེ་བར་ལན་པ་མེད་བས་བུམ་པ་མེད་པོ་ཉིད་དུ་ཐལ་བའི་ཕྱིར་དང། ཇི་ལྟར་སོ་སོར་འཇིན་པར་ཐལ་བའི ་ཕྱིར་དང། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་བདག་ཕུང་པོ་དག་ལས་གཞན་དུ་མི་འགྱུར་པ་དེ་བཞིན་དུ་བུམ་པ་ཡང་གཟུགས་ལས་ཐ་དད་པར་མི་འགྱུར་ཏེ། སོ་སོར་འཛིན་པར་ཐལ་བའི་ཕྱིར་དང། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་པའི ་ཕྱིར་རོ། །ཡང་ཇི་ལྟར་ཕུང་པོ་དག་ལས་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་མེད་པས་བདག་ཕུང་པོ་དང་ལྡན་ན་ཞེས་བྱ་བར་བསྙད་པ་མ་ཡིན་པར་བཞིན་དུ་བུམ་པ་གཟུགས་དང་ལྡན་ནོ་ཞེས་བྱ་བར་ཡང་མི་སྲིད་དོ། །གཟུགས་དང་བུམ་པ་དག་དེ ་ཉིད་དང་གཞན་ཉིད་དུ་རྟོག་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཕུང་པོ་དག་ལས་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་མེད་པས་བདག་ལ་ཕུང་པོ་དག་དང་ཕུང་པོ་དག་ལ་བདག་གོ་ཞེས་བྱ་བ་རྣམ་པ་གཉི་ག་ཡང་མི་རིགས་པ་དེ་བཞིན་དུ་བུམ་པ་ལ ་གཟུགས་དང། གཟུགས་ལ་བུམ་པ་ཞེས་བྱ་བའི་རྟོག་པ་གཉིས་ཀྱང་མི་འཐད་དོ། །ཡང་ཇི་ལྟར་གཟུགས་ལ་བལྟོས་ནས་བུམ་པ་ལ་རྟོག་པ་གཞི་མི་སྲིད་པ་དེ་བཞིན་དུ་བརྟགས་པའི་རྒྱུ་ཐམས་ཅད་ལ་བལྟོས་པའི་གཞི་ཡང་མི་སྲིད་པས ་བུམ་པ་རང་གི་ངོ་བོས་གྲུབ་པ་མེད་དོ། །ཇི་ལྟར་བུམ་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་བཙལ་བ་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པས་སྲིད་པ་མགལ་མེའི་འཁོར་ལོ་དང་སྤྲུལ་པ་ལ་སོགས་པ་དང་འདྲ་བ་ཉིད་དུ་འགྱུར་རོ། ། ་འདིར་ཁ་ཅིག་དག་ན་རེ་གཟུགས་དང་བུམ་པ་དག་ལ་གཞན་ཉིད་མི་སྲིད་མོད་ཀྱི། དེ་ལྟན་ཡང་དངོས་པོ་དང་བུམ་པ་གཉིས་ལ་གཞན་ཉིད་ཡོད་དོ། །གང་གི་ཕྱིར་ཁོ་བོ་ཅག་གི་ལྟར་ན་ནི་བུམ་པ་ཡང་གཞན་ཉིད་ཡིན་ལ་ཡོད་པ་ཡང་གཞན་ཉིད་ཡིན་ནོ། ། ་ཡོད་པ་ཞེས་བྱ་བ་ནི་སྤྱི་ཆེན་པོ་ཡིན་ལ་བུམ་བ་ནི་ཁྱད་པར་གྱི་རྫས་ཡིན་ཏེ། དེ་ནི་ཡོད་པ་དང་འབྲེལ་པ་ལས་ཡོད་དེ་ཞེས་བྱ་བར་བསྙད་དོ་ཞེས་ཟེར་རོ། །དེ་དག་ལ་བརྗོད་པར་བྱ་སྟེ། །གཉིས་མཚན་མི་མཐུན་མཐོང་ནས་ནི། །གལ་ཏེ་དངོས་ལས་བུམ ་གཞན་ན། །མ་ཡིན་དེ་ལྟར་དངོས་པོའང། །བུམ་པ་ལས་གཞན་ཅིས་མི་འགྱུར། །གལ་ཏེ་བུམ་པ་ལ་སོགས་པའི་རྫས་རྣམས་ལ་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་དངོས་པོ་ནི་སྤྱི་ཡིན་ལ། བུམ་པ་ནི་ལྡོག་པའི་མཚན་ཉིད་ཅན་ཡིན ་པའི་ཕྱིར་ཁྱད་པར་གྱི་མཚན་ཉིད་ཅེས་དངོས་པོ་དང་བུམ་པ་དེ་གཉིས་ཀྱི་མཚན་ཉིད་མི་མཐུན་པ་མཐོང་ནས་དངོས་པོ་ལས་བུམ་པ་གཞན་དུ་འགྱུར་ན་ནི་དེ་ཁོ་ན་ལྟར་མཚན་ཉིད་མི་མཐུན་པ་ལས་དངོས་པོ་ཡང་བུམ་པ་ལས་གཞན་དུ་ཅིའི་ཕྱིར་མི་འགྱུར ་དེའི་ཕྱིར་མཚན་ཉིད་མི་མཐུན་པ་ཁོ་ན་ལས་གཞན་གྱི་བློ་དང་སྒྲ་འཇུག་པ་གྲུབ་པས་གཞན་གྱི་བློ་དང་སྒྲའི་རྒྱུ་མཚན་རྗེས་སུ་འཇུག་པའི་མཚན་ཉིད་ཅན་གཞན་ཉིད་གཞན་བརྟགས་པར་མི་བྱ་བ་ཞིག་ན། གཞན ་ཉིད་གཞན་རྟོག་པ་ཡང་ཡིན་པ་དང། འོ་ན་དངོས་པོ་དང་བུམ་པ་དག་ལ་མཚན་ཉིད་མི་མཐུན་པ་ལ་བལྟོས་པའི་གཞན་ཉིད་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཉིས་མཚན་མི་མཐུན་མཐོང་ན་ནི། །དངོས་ལས་བུམ་གཞན་ཞེས་བྱ་བ་དེ་མ་ཡིན་ནོ། །ཇི་ལྟར ་དངོས་པོ་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་བུམ་པ་ལས་གཞན་ཡིན་པ་དེ་བཞིན་དུ་གཞན་ཉིད་ཀྱང་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་བུམ་པ་ལས་གཞན་དུ་འགྱུར་ལ། གཞན་ཉིད་ལ་གཞན་གྱི་བློ་དང་སྒྲ་འཇུག་བའི ་རྒྱུ་མཚན་གཞན་ཉིད་གཞན་ཡོད་པར་ཡང་མི་འགྱུར་རོ་གལ་ཏེ་འགྱུར་ན་ནི་གཞན་ཉིད་རྣམས་ལ་མཐར་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་གཞན་ཉིད་མེད་པ་ཁོ་ནར་གཞན་ཉིད་ལ་གཞན་གྱི་བློར་འགྱུར་ན་ནི་ངེ་ཁོ་ན་ལྟར་གཞན་ལ་ཡང་སྲིད་པར ་འགྱུར་བར་གྱིས་ཤིག། དེའི་ཕྱིར་ཅུང་ཟང་ཀྱང་མི་བྱེད་པའི་གཞན་ཉིད་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། གཞན་ཉིད་མེད་ན་ཡང་འགའ་ལ་ཡང་གང་ལས་ཀྱང་གཞན་ཉིད་ངོ་བོ་ཞེས་བྱ་བར་གྲུབ་པོ། །གཞན་ཡང་འདི་བསམ་པར་བྱ་སྟེ། ་ཡོད་པ་ཅི་འདྲོ་བ་ཞིག་གཞན་ཉིད་དང་ལྡན་པར་འགྱུར། ཅི་གཞན་དུ་གྱུར་པ་ཞིག་གམ་འོ་ན་ཏེ་དེ་བཞན་མ་ཡིན་པར་གྱུར་པ་ཞིག་ཡིན་གྲང། གལ་ཏེ་གཞན་དུ་གྱུར་པ་ཞིག་ཡིན་ན་ནི། དེའི་ཚེ་གཞན་ཉིད་དང་ལྡན་པའི་དོན་མེད་དོ། །འོན་ཏེ ་གཞན་མ་ཡིན་པར་གྱུར་པ་ཡིན་ན་དེ་ལྟ་ན་ཡང་འགལ་བ་གཞན་མ་ཡིན་བ་ཉིད་དང་ལྡན་པས་གཞན་ཉིད་དང་ལྡན་པར་མི་འགྱུར་རོ། །གཞན་ཉིད་མེད་བས་ན་བུམ་པ་ལས་དངོས་པོ་གཞན་ཡིན་ནོ་ཞེས་བྱ་བ་མི་རུང་ངོ། །འཇིག་རྟེན་ན་ནི་ཕྱིན་ཅི་ལོག་ཚད་མར་བྱས ་ཏེ་ཡོད་བའི་བློ་དང་སྐྲ་འཇུག་པའི་རྒྱུ་མཚན་ཡིན་བས་བུམ་པའི་རང་གི་ངོ་བོ་ཁོ་ན་དངོས་པོ་ཞེས་བྱ་བ་འཇོག་གི། གཟུགས་ལས་རྣམ་པ་བཞིར་དཔྱད་པ་ན་དེ་ལ་རང་གི་བཞིན་ཡོད་པ་མ་ཡིན་པ་དེ་ཁོ་ན་ཉིད་རིག་པ་ལ་བལྟོས་ནས་བུམ་པ་མགལ ་མེའི་འཁོར་ལོ་ལ་སོགས་པ་བཞིན་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བར་གྲུབ་པོ། །འདིར་སྨྲས་པ། བུམ་པ་ནི་ཡོད་པ་ཉིད་དེ་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་ནི་ཡོན་ཏན་གྱི་རྟེན་དུ་མ་མཐོང་ན། བུམ་པ་གཅིག་བུམ ་པ་གཉིས་ཤེས་བུམ་པ་ཡོན་ཏན་གྱི་རྟེན་དུ་འགྱུར་པ་ཡང་ཡིན་ནོ། །གཅིག་ཉིད་ལ་སོགས་པ་རྣམས་ནི་ཡོན་ཏན་གྱི་ཚིག་གི་དོན་གྱིས་བསྡུས་ལ་བུམ་པ་ནི་རྫེས་ཡིན་ཞིང། ཡོན་ཏན་རྣམས་རྫས་ལ་བརྟེན་བ་ཉིད་ཀྱང་སྲིད་པ་ཡིན་ནོ། །དེའི་ཕྱིར་ཡོན་ཏན་གྱི་རྟེན་ཡིན ་པའི་ཕྱིར་བུམ་པ་ཡོད་པ་ཁོ་ནའོ། །འདི་ལ་བརྗོད་པར་བྱ་སྟེ། ཁྱོད་ཀྱི་ལུགས་ཀྱིས། གལ་ཏེ་གཅིག་བུམ་མི་འདོད་ན། བུམ་པའང་གཅིག་ཏུ་མི་འགྱུར་རོ། །གལ་ཏེ་ཆིག་གི་དོན་ཐ་དད་པས་གཅིག་བུམ་པར་མི་འགྱུར་རོ་སྙམ་དུ་སེམས་ན། འོ་ན་ནི་བུམ་པ་ཡང ་གཅིག་ཅུ་མི་འགྱུར་རོ། །ཇི་ལྟར་གཅིག་ཉིད་དེ་གཅིག་གི་གྲངས་བུམ་པར་མི་འགྱུར་བ་དེ་བཞིན་དུ་རྫས་ཉིད་ཀྱིས་གཅིག་གི་གྲངས་ལས་གཞན་དུ་འགྱུར་བའི་ཕྱིར་བུམ་པ་ཡང་གཅིག་ཏུ་མི་འགྱུར་ཏེ། གཉིས་ཉིད་ལ་སོགས་པ་བཞིན་ནོ་སྙམ་དུ་དགོངས་སོ། །གཞན ་ཡང་བུམ་པའི་རང་བཞིན་གཅིག་ལ་གཅིག་གིས་གྲངས་རྟོག་གམ། རང་བཞིན་དུ་མ་ལ་ཡིན་གང་གལ་ཏེ་རང་བཞིན་གཅིག་ལ་ཡིན་ན་ནི་དེའི་ཚེ་གཅིག་རྟོག་པ་དོན་མེད་དོ། །འོ་ན་ཏེ་རང་བཞིན་དུ་མ་ལ་ཡིན་ན་ནི་དེའི་ཚེ་ཡང་འགལ་བའི་ཕྱིར་མི་རིགས་པ་ཉིད་དོ། ། ་དེའི་ཕྱིར་འཇིག་རྟེན་ན་དོན་གཞན་མི་ཉེ་བའི་བུམ་པའི་རང་གི་ངོ་བོ་ཁོ་ན་ལ་གཅིག་ཏུ་རྟོགས་པར་ཤེས་པར་བྱའོ། །ཅི་སྟེ་ཡོན་ཏན་རྣམས་རྫས་ལ་བརྟེན་པས་བུམ་པ་ཁོ་ན་གཅིག་ཏུ་འགྱུར་གྱི་གཅིག་ཉིད་ནི་བུམ་པར་མི་འགྱུར་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ་ལྡན་ནི་མཚུངས་པའང་མ་ཡིན་ལ། །དེས་ཀྱང་གཅིག་ཏུ་མི་འགྱུར་རོ། །ལྡན་པ་ཞེས་བྱ་བ་ནི་མཚུངས་པ་དག་ཁོ་ན་ལ་འགྱུར་གྱི་མི་མཚུངས་པ་དག་ལ་ནི་མ་ཡིན་ཏེ། དཔེར་ན་ལྡན་པ་གཉིས་ལ་གནས་པས་སྤུན་གཉི་ཀ་ལ་ཡང་སྤུན་ཟླ་ཉིད་དང་འབྲེལ་པ་ཡིན་གྱི ་གང་ཡང་རུང་བ་ནི་མ་ཡིན་པ་བཞིན་ནོ། །གཅིག་དང་བུམ་པ་གཉིས་ནི་མཚུངས་པ་མ་ཡིན་ཏེ། བུམ་པ་ཁོ་ན་གཅིག་ཉིད་དང་ལྡན་པའི་བྱིར་ལ་གཅིག་ཉིད་བུམ་པ་དང་མི་ལྡན་པའི་ཕྱིར་ཏེ། ཡོན་ཏན་རྣམས་ནི་རྫས་ལ་བརྟེན་པའོ་ཞེས་ཁས་བླངས་པའི་ཕྱིར་རོ། །དེ་ལ་གང་གི ་ཕྱིར་གཅིག་ནི་ཡོན་ཏན་དུ་མཐོང་ལ་བུམ་པ་ནི་རྫས་ཡིན་ཞིར་རྫས་དང་ཡོན་ཏན་གཉིས་ཀྱང་མཚུངས་པར་མི་འགྱུར་བ་དེའི་ཕྱིར་དེ་གཉིས་ལྡན་པ་ཉིད་དུ་མི་འགྱུར་རོ། །ལྡན་པ་མེད་པས་ཀྱང་གང་གཅིག་ཉིད་དང་ལྡན་པ་ལས་བུམ་བ་ཁོ་ན ་གཅིག་ཏུ་འགྱུར་རོ། །ཞེས་བྱ་བ་དེ་ཡང་མ་ཡིན་ནོ། །གལ་ཏེ་འདིར་ལྡན་པ་མཐོང་ན་ནི་དེའི་ཚ་བུམ་པ་ཡང་གཅིག་དང་ལྡན་པར་འགྱུར་ལ་གཅིག་ཀྱང་བུམ་པ་དང་ལྡན་པར་འགྱུར་རོ། དེ་ནི་དེ་ལྟར་སྲིད་པ་ཡང་མ་ཡིན་པས་དེ་གཉིས་ཀྱི་ལྡན་པ་ཉིད་མི་འཐད་? ་ལྡན་པ་མེད་པས་ཀྱང་གཅིག་བུམ་པར་མི་འགྱུར་པས་བུམ་པ་ཡང་གཅིག་མ་ཡིན་ནོ། །དེའི་ཕྱིར་འདིར་ཕྱེད་སྔམས་ནི་ལྡན་པ་ཁས་བླངས་ནས་སུན་འབྱིན་པ་བཤད་ལ། ཕྱེད་ཕྱི་མས་ནི་ལྡན་པ་མི་སྲིད་པའི་སྒོ་ནས་སུན་འབྱིན་པར་བཤད་དོ། །ཀྱང ་གི་སྒྲ་ནི་སུན་འབྱིན་པའི་རྒྱུ་བསྡུ་བའི་དོན་དུ་བལྟ་བར་བྱའོ། །གཞན་ཡང་ཕ་རོལ་པོའི་གཞུང་ལུགས་ལ། གང་ཡོན་ཏན་རྣམས་རྫས་ལ་བརྟེན་པར་རྣམ་པར་འཇོག་?་ཁྱད་པར་གྱི་ཡོན་ཏན་རྣམས་ཡོན་ཏན་ལ་བརྟེན་པར་ནི་མ་ཡིན་པ་ཆེ་མི ་རིགས་པ་འདི་སྣང་ན། །ཡོན་ཏན་རྣམས་ཀྱང་ཡོན་ཏན་ལ་བརྟེན་པ་ཉིད་དུ་རིགས་པ་ཡང་ཡིན་ནོ། །འདི་ན་བུམ་པ་བོང་ཚད་ཅི་ཙམ་ཡིན་པ་དེ་ཙམ་ཁོ་ནར་དེའི་རྟེན་ཅན་གྱི་གཟུགས་ཀྱང་འགྱུར་དགོས་སོ། །དེའི་ཕྱིར་རྫས་ལྟར་གཟུགས་ཀྱང་ཆེན ་པ་ཉིད་དུ་འགྱུར་རོ། །གང་ཚེད་རྫས་ཅི་ཙམ་གཟུགས་ན། །དེ་ཚེ་གཟུགས་ཆེན་ཅི་སྟེ་མིན། །གང་གི་ཚེ་རྫས་ཅི་ཙམ་སྟེ་རྫས་ཀྱིས་ཞིང་གི་བདག་ཉིད་ཅན་གྱི་དབྱིབས་ཇི་ཙམ་ཡིན་པ་དེ་ཙམ་གཟུཌ་ཏེ་གཟུཌ་ཀྱི་ཆུ་ཞེང་གི་བདག་ཉིད་ཅན་གྱི་དབྱིབས་ཡིན་ནོ ་ཞེས་བཞན་གྱིས་ཁས་བླངས་བའི་ཚེ་དེས་པ་ཕྲ་བ་དང་ཆེ་བའི་རྫས་དེ་ལ་གཟུགས་ཀྱང་ཕྲ་བ་དང་ཆེ་བ་ཉིད་དུ་འགྱུར་དགོས་སོ། །དེའི་ཕྱིར་གང་རྫས་བཞིན་དུ་གཟུགས་ལ་ཕྲ་བ་དང་ཆེན་པོ་ཉིད་དག་མི་འདོད་པ་འདི་ལ་རྒྱུ་ཅི་ཞིག་ཡོད། ཅི་སྟེ་གཟུགས ་ནི་ཡོན་ཏན་ཡིན་ཞིང་ཕྲ་བ་ཉིད་དང་ཆེན་པོ་ཉིད་ཀྱང་ཡོན་ཏན་ཁོ་ན་ཡིན་ལ། །ཡོན་ཏན་ཡོན་ཏན་གྱི་དབྱིབས་སུ་ཡང་མི་འགྱུར་བ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་གི་གཞུང་ལུགས་ཡིན་ཏེ་དེའི་ཕྱིར་རྫས་ཅི་ཅམ་ཡིན་པ་དོ་ཙམ་ཁོ་ནར་གཟུགས་ཀྱང་ཡིན་མོད་ཀྱི་དེ་ལྟར་ན་ཡང་གྲུབ ་པའི་མ་བའི་དང་འགལ་བའི་འཇིགས་པས་གཟུགས་ལ་ཕྲ་བཞིང་དང་ཆེན་པོ་ཉིད་དག་ཡོད་པ་མ་ཡིན་ནོ་སྙམ་ན། བརྗོད་པར་བྱ་སྟེ། གལ་ཏེ་ཕྱིར་རྒོལ་གཞན་མིན་ན། །གཞུང་ལུགས་བསྙད་པར་བྱ་བར་འགྱུར་རོ། །གལ་ཏེ་ཕྱིར་རྒོལ་ཁྱོད་རང་གི་སྡེ་ཚེན་ཉིད་དུ ་འགྱུར་ན་ནི་དེའི་དེ་ལ་གནོད་པར་ནུས་པས་དེ་བཟློག་པར་བྱ་བའི་ཕྱིར་དེ་ལ་གྲུབ་པའི་མཛའ་དང་འགལ་བར་བརྗོད་པར་རིགས་ན། གང་གི་ཚེ་ཕ་རོལ་པོ་ཕྱིར་རྒོལ་བ་ཡིན་ན་མི་དེ་ལ་གྲུབ་པའི་མཛའ་དང་འགལ་བ་བརྗོད་པ་ཅི་ཡང་མི་བྱེད་པ་ཞིག་སྟེ། དེ་གྲུབ་པའི་བཐའ ་དེ་སེལ་བར་ཞུགས་པའི་ཕྱིར་རོ། །དེ་ལ་རིགས་པ་དང་འཇིག་རྟེན་དང་འགལ་བ་བརྗོད་པ་ནི་རིགས་ཏེ། དེའི་སྒོ་ནས་དེ་བཟློག་པར་ནུས་པའི་ཕྱིར་རོ། །དེའི་ཕྱིར་ལུང་དང་འགལ་པ་བརྗོད་པ་གང་ཡིན་པ་འདི་ནི་ལན་མ་ཡིན་པ་ཉིད་པས་ཉེས་པ་དེ་ཉིད་མ་གཡོས ་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་དང་བུམ་པ་གཉིས་ལ་གཞན་ཉིད་མེད་དོ། །དེའི་ཕྱིར་འདིར་ཡོད་པ་གཞན་ཉིད་བཀག་བས་དེ་ལས་གཞན་བུམ་པ་ཉིད་ལ་སོགས་པ་སྤྱི་དང་བྱེ་བྲག་རྣམས་དགག་པར་ཡང་ཤེས་པར་བྱ་སྟེ། སྤྱིའི་ཡོན་ཏན་རྣམས་ནི་གྲངས ་དང་འདྲ་འཁྱེ་བྲག་གི་ཡོན་ཏན་རྣམས་ནི་ཆེན་པོ་ཉིད་དང་འདྲའོ། །འདིར་སྨྲས་པ། བུམ་པ་ལ་སོགས་པ་དག་ལས་དངོས་པོ་གཞན་ཉིད་ཡིན་པ་དགག་པ་ནི་བཤད་ན། བུམ་པའི་རང་བཞིན་ནི་མ་བཀག་པས་དངོས་པོ་བུམ་པ་ཞེས་བྱ་བ་རང་གི་རོ་བོས་ཡོད ་པ་ཁོ་ནའོ། །བརྗོད་པར་བྱ་ཏེ་མཚན་ཉིད་ཀྱིས་མཚན་གཞི་ནི། གང་དུ་གྲུབ་པ་ཡོད་མིན་པ། དེར་ནི་གྲངས་སོགས་ཐ་དད་པོར། །དངོས་པོ་ཡོད་པ་མ་ཡིན་ནོ། །འདིར་བུམ་པ་དང་ཡོད་པ་དག་ལ་ལྡོག་པ་དང་རྗེས་སུ་འཇུག་པའི་མཚན་ཉིད་སྨྲ་བ་ན་ཕ ་རོལ་པོས་བུམ་པ་ལ་ལྡོག་པའི་མཚན་ཉིད་རྣམ་པར་བཞག་སྟེ། དེའི་ཕྱིར་མཚན་ཉེད་འདིས་ཀྱང་མཚན་གཞི་གྲུབ་པ་མེད་དོ། །གང་ཞིག་མཚན་གཞི་ཉིད་དུ་གྲུབ་པར་འགྱུར་པ་ལྡོག་པ་ཙམ་གྱིས་ནི་དངོས་པོ་ནམས་ཀྱི་དངོས ་པོ་ཡི་རང་གི་ངོ་བོ་ངེས་པར་མི་ནུས་སོ། །རེ་ཞིག་གཅིག་ནི་ཡོན་ཏན་ཡིན་པའི་ཕྱིར་བུམ་པར་མེ་འགྱུར་ལ། ཕྲ་བ་དང་ཆེན་པོ་ཞེས་བྱ་པ་དང། གཟུགས་ལ་སོགས་པ་རྣམས་ཀྱང་ཡོན་ཏན་ཡིན་པའི་ཕྱིར་བུམ་པ་ཞེས་བྱ་བར་མི་འགྱུར་རོ། །ཡོད ་པ་ཡང་རྫས་དང་ཡོན་ཏན་དང་ལས་རྣམས་ཀྱི་སྦྱི་ཡིན་པའི་ཕྱིར་བུམ་བར་མི་འགྱུར་རོ། །དེའི་ཕྱིར་འདི་གྲངས་དང་ཕྲ་བ་དང་ཆེན་པོ་དང་གཟུགས་ལ་སོགས་པ་རྣམས་ལས་ལྡོག་པ་ན་རང་བཞིན་འདི་འདྲ་བ་ཞིག་གོ་ཞེས་བྱ་བར་རྣམ་པར་བཞག ་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟར་རྒོལ་བ་གཞན་གྱི་ཕྱོགས་གང་དུ་མཚན་ཉིད་ཀྱིས་ཀྱང་མཚན་གཞིའི་བུམ་པའི་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱོགས་དེར་དངོས་པོ་བུམ་པ་ཞེས་བྱ་བའི་གྲངས་ལ་སོགས་པ་ལས་ཐ་དད་པར་རང ་གི་ངོ་བོ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བུམ་པ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་གྲུབ་བོ། །རྣམ་པ་གཅིག་ཏུན་གྲངས་དང་གཟུགས་ལ་སོགས་པ་དག་ནི་བུམ་པའི་མཚན་ཉིད་ཡིན་ལ་བུམ་པ་ནི་དེ་དག་གི་མཚེན་པར་བྱ་བ་ཡིན་པས་མཚན ་གཞི་ཡིན་ཏེ། དེ་ལ་ནི་མཚན་ཉིད་ཀྱིས་ཀྱང་རང་གི་ངོ་བོ་ལོགས་སུ་གྲུབ་པ་ཡོད་པ་མ་ཡིན་ཏེ། གྲངས་ལ་སོགས་པ་ལས་ཐ་དད་པར་དེའི་རང་གི་ངོ་བོ་མ་དམིགས་པའི་ཕྱིར་རོ། །གལ་ཏེ་མཚན་གཞི་དེ་ངོ་བོར་རྙེད་ན་ནི་དེའི་ཚེ་ངེས་པར་འདི ་ནི་རང་གི་ངོ་བོས་གྲངས་ལ་སོགས་པ་ལས་ཐ་དད་པ་དེ་ཡིན་ལ། ཡང་འདི་ནི་དེའི་མཚན་ཉིད་གྲངས་ལ་སོགས་པ་ལས་ཐ་དད་པར་གཟུང་དུ་ཡོད་པར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་མཚན་ཉིད་ཀྱིས་ཀྱང་མཚན་གཞི་ནི། ། ་གང་དུ་གྲུབ་པ་ཡོད་མིན་པ། །དེར་ནི་གྲངས་སོགས་ཐ་དད་པར། །དངོས་པོ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བུམ་པ་རང་གི་ངོ་བོས་མེད་དོ། །རེ་ཞིག་མཚན་ཉིད་དང་མཚན་གཞི་ངག་གཞན་ཉིད་ཡིན་དང་དགག་པ་བཤད་ཟིན་ཏོ། །གང་དག་གི་བུམ་པ་བཟུགས་? ་པ་རྣམས་དང་གཅིག་པ་གྲུབ་པའི་མཛའ་ཡིན་པ་དེ་དགག་པའི་ཕྱིར་འདི་བརྗོད་པར་བྱ་སྟེ། མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་བུམ་པ་གཅིག་མ་ཡིན། རེ་རེར་བུམ་པ་མེད་ན་ནི། །མང་ཉིད་འཐང་བར་མི་འགྱུར་རོ། །གང་དག་གཟུགས་ལ་སོགས་པ་རྣམས་ནི་མཚན་ཉིད་སྣ་ཚོ? ་པ་ཡིན་ཞིང་དེ་རྣམས་དང་བུམ་པ་སོ་སོ་མ་ཡིན་པ་ཉིད་དུ་འདོད་པ་དེ་དག་གི་ལྟར་ན། བུམ་པ་མཚན་ཉིད་གཟུགས་ལ་སེགས་པ་རྣམས་དང་སོ་སོ་མ་ཡིན་པའི་ཕྱིར་གཅིག་ཏུ་མི་འཐད་དེ་མང་པོ་རྣམས་དང་གཞན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བུམ་པ་གཅིག ་ཏུ་མི་འགྱུར་ན་འོ་ན་མང་པ་ཉིད་དུ་འགྱུར་རོ་སྙམ་དུ་འདོད་ན་འདི་ལ་བརྗོད་པར་བྱ་སྟེ། གང་གི་ཕྱིར་གཟུགས་ལ་སོགས་པ་རྣམས་ལས་རེ་རེ་ལ་བུམ་པ་མེད་པ་མཐོང་བ་དེའི་ཕྱིར་མང་པོ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་གཟུགས་ལ་སོགས ་པ་མཚན་ཉིད་རྣམས་དང་སོ་སོ་མ་ཡིན་པའི་ཕྱིར་བུམ་པ་ལ་གཅིག་མེད་ན། དེ་རྣམས་ཕན་ཚུན་སྦྱོར་པ་ལས་བུམ་པ་གཅིག་ཏུ་འགྱུར་རོ། །འདི་ལ་བརྗོད་པར་བྱ་སྟེ། རེག་ལྡན་རག་དང་མི་ལྡན་དང། ལྷན་ཅིག་སྦྱོར་བ་ཞེས་བྱ་མེད། །དེ་ཕྱིར་གཟུགས ་སོགས་རྣམས་སྦྱོར་བ། །རྣམ་པ་ཀུན་ཏུ་འདི་རིགས་མི་ཡིན། །དེ་ལ་རེག་པས་ན་རེག་པ་སྟེ་ལུས་ཀྱི་དབང་པོའི་གཟུགས་བར་བྱ་བ་ཉིད་དོ། །དེ་འདི་ལ་ཡོད་པས་ན་རེག་ལྡན་ནོ། །ལུས་ཀྱི་དབང་པོའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་རེག་བྱ་ཁོ་ན་རེག་ལྡན་ཡིན ་ཏེ། རེག་བྱ་རེག་པ་དང་ལྡན་པ་རེ་གཟུགས་དང་དྲི་དང་རོང་རེག་པ་དང་ཅི་ལྡན་པ་རྣམས་དང་སྦྱོར་བ་སྟེ། ཕྲང་ཅིང་རེག་པ་ནི་སྲིད་དེ་དཔེར་ན་ནམ་མཁའ་དང་བུམ་པ་བཞིན་ནོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱི་སྦྱོར ་བ་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ་གཟུགས་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཕན་ཚུན་པྲད་པས་བྱས་པ་ལས་ཚོགས་པའི་རྒྱུ་ཅན་བུམ་པ་ཡིན་ནོ། ཞེས་བྱ་བ་གང་སྨྲས་བ་དེ་མི་རིགས་སོ། ། ་ཅི་སྟེ་ཕན་ཚུན་རེག་པ་མེད་པར་ཡང་དེ་རྣམས་ཀྱི་ཚོགས་པ་ཉིད་དུ་བུམ་པ་ཞེས་བྱ་བར་འགྱུར་རོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། གཟུགས་ནི་བུམ་པའི་ཡན་ལག་སྟེ། །དེས་ན་རེ་ཞིག་དེ་བུམ་མིན། །གང་ཕྱིར་ཡན་ལག་ཅན་མེད་ལ ་དེས་ན་ཡན་ལག་ཀྱང་ཡོད་མིན་གཟུགས་ལ་སོགས་པའི་ཚོཌ་པའི་ངོ་བོ་ཅན་བུམ་པའི་གཟུགས་ལ་སོགས་པ་རྣམས་ནི་རེ་རེ་ཞིང་ཡན་ལག་ཏུ་གྱུར་བའི་ཕྱིར་བུམ་པའི་བརྗོད་པ་ལ་བརྟེན་པར་མི་འགྱུར་རོ། །བུམ་པ་ནི་ཡན་ལག་ཅན་ཡིན་ལ ་གཟུགས་ལ་སོགས་པ་རྣམས་ནི་ཡན་ལག་ཡིན་ནོ། །རེ་ཞིག་གཟུགས་ནི་ཡན་ལག་ཡིན་པའི་ཕྱིར་བུམ་པ་མ་ཡིན་ནོ། །གཟུགས་ཇི་ལྟར་ཡིན་པ་དེ་བཞིན་དུ་དྲི་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་འོ་ན་ནི་གཟུགས་ཡན་ལག་ཡིན ་བའི་ཕྱིར་ཡན་ལག་ཅན་ཞེས་བྱ་བ་དེ་འགའ་ཞིག་ཡོད་པ་མ་ཡིན་ནམ། ཡན་ལག་ཅན་ལ་མི་བལྟོས་པའི་ཡན་ལ། །དག་ནི་མི་རིགས་སོ་ཞེ་ན། བཤད་པར་བྱ་སྟེ། འདིར་གཟུགས་ལ་སོགས་པ་རེ་རེ་ལ་བུམ་པ་ཉིད་དེ་ན་ཡན་ལག་ཅན་འགའ་ཞིག ་ལྟག་ལ་ཡོད། ཡན་ལག་ཅན་ཞེས་བྱ་བ་གཟུགས་ལ་སོགས་པ་ཐ་དད་བར་ཡོངས་སུ་བཅད་པར་ནུས་པ་མ་ཡིན་ལ། རང་གི་ངོ་བོ་ཡོངས་སུ་མ་བཅད་པ་ནི་ཡོད་པ་ཉིད་དུ་བཞག་བར་ནུས་པ་ཡང་མ་ཡིན་བས་ཡན་ལག་ཅན་མེད་དོ། །གང་གི་ཕྱིར ་ཡན་ལག་ཅན་མེད་པའི་ཕྱིར་གཟུགས་ཡན་ལག་ཏུ་ཡང་མི་སྲིད་བས་ཡན་ལག་དང་ཡན་ལག་ཅན་གཉིས་མེད་པ་ཉིད་དོ། །འདི་ལས་ཀྱང། གཟུགས་ལ་སོགས་པ་ཚོགས་པ་བུམ་པ་མ་ཡིན་ཏེ། གང་གི་ཕྱིར། གཟུགས་རྣམས་ཀུན ་ལའང་གཟུགས་ཉིད་ནི། །མཚན་ཉིད་མི་མཐུན་མ་ཡིན་ན། །གཅིག་ལ་བུམ་པ་ཡོད་འགྱུར་ཞིང། །གཞན་དག་ལ་མིན་རྒྱུ་ཅི་ཞིག་།གཟུགས་རྣམས་ཀུན་ལའང་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་བོས་བསྡུས་བ་ཡིན་པའི་ཕྱིར་གཟུགས་དང་དྲི་ལ་སོགས་པ་རྣམས་ལ་གཟུཌ ་ཞེས་བྱའོ། །གཟུགས་དེ་རྣམས་བུམ་པ་ལྟར་སྣམ་བུ་ལ་སོགས་པ་དག་ལ་ཡང་ཡོད་ལ། དེ་རྣམས་བུམ་པ་ལ་སོགས་པ་ཐ་དད་ཀྱང་རང་གི་མཚན་ཉིད་ལ་འཁྲུལ་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ངོ་བོ་མཚུངས་པའི་ཕྱིར་རོ། །དེ་ལ་ཇི་ལྟར་གཟུགས་གཅིག ་བུམ་པ་ཉིད་དུ་གནས་པ་དེ་བཞིན་དུ་སྣམ་བུ་ལ་སོགས་པ་དང་འབྲེལ་བའི་གཟུགས་བཞན་ཡང་བུམ་པ་ཉིད་དུ་གནས་པར་ཅིའི་ཕྱིར་མི་འདོད། དེ་ཡང་བུམ་པ་ཉིད་དུ་གནས་པར་ནི་རིགས་ཏེ། མཚན་ཉིད་ཐ་མི་དད་པའི་ཕྱིར་བུམ་པ་ཉིད་དུ་གནས་པའི་གཟུགས་ལ ་སོགས་པ་བཞིན་ནོ། །དེ་ལྟར་ཁས་མི་ལེན་པ་ལ་ནི་རྒྱུ་ཉིད་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་བུམ་པ་ཉིད་ཁོ་ནར་འགྱུར་བའམ། ཡང་ན་བུམ་པ་ཡང་བུམ་ལ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཇི་ལྟར་བུམ་པ་ལ་སོགས་པ་རྣམས་ཐ་མི་དད་པར་ཐལ་བར ་འགྱུར་བ་དེ་བཞིན་དུ་གཟུགས་དང་དྲི་ལ་སོགས་པ་རྣམས་ཀྱང་ཐ་མི་དད་པར་ཐལ་བར་འགྱུར་ཏེ། བུམ་པ་གཅིག་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་དེ་རྣམས་བུམ་བ་ལས་གཞན་མ་ཡིན་པ་ཉིད་ཡིན་མོད་ཀྱི། དེ་ལྟར་ན་ཡང་གཟུགས་ལ་རོ་ལ་སོགས ་པ་དག་ལ་ཐ་དད་པ་ཡོད་དེ་དེའི་ཕྱིར་ཐ་མི་དད་པར་ཐལ་བ་མེད་དོ་སྙམ་ན། འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། རོ་སོགས་དག་ལས་གཟུགས་གཞན་ཞིང། །བུམ་པ་ལས་མིན་ཞེས་འདོད་ན། །དེ་རྣམས་མ་རྟོགས་རང་མེད་གང། །གང་དེ ་གཟུགས་གཞན་ཇི་ལྟར་མིན། །གང་ཏེ་དབང་པོ་ཐ་དད་པའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་གཟུགས་རོ་ལ་སོགས་པ་དག་ལས་གཞན་དུ་རྣམ་པར་འཇོག་ན་ནི་གཟུགས་དེ་བུམ་པ་ལས་ཀྱང་གཞན་ཡིན་ནོ་ཞེས་བྱ་པར་ཅི་སྟེ་མི་གཞག་།དེ་གཟུགས་ལས་གཞན ་རོ་ལ་སོགས་པ་དག་ལས་ཐ་མི་དད་པའི་ཕྱིར་རོལ་སོགས་པའི་རང་གི་བདག་ཉིད་ལྟར་གཟུགས་ལས་གཞན་ཉིད་དུ་འགྱུར་ན། གཞན་ཉིད་དུ་འདོད་པ་ཡང་མ་ཡིན་པ་འདི་མི་རིགས་སོ། །གང་གི་ཚེ་དེ་ལྟར་གཟུགས་ལ་སོགས ་པ་རྣམས་ལ་བུམ་པའི་རྒྱུ་ཉིད་མི་སྲིད་པ་དེའི་ཚེ་ངེས་པར། བུམ་པ་ལ་ནི་རྒྱུ་ཡོད་མིན། །རྒྱུ་དང་བྲལ་བ་ལ་ནི་རང་ཉིད་ལ་རྒྱུ་མེད་པ་ཅན་གྱིས་འབྲས་བུ་ཉིད་མེད་པས་རང་ཉིད་འབྲས་བུར་མི་འགྱུར་ཏེ། གང་གི་ཕྱིར་དེ་ལྟར་འདི་རྒྱུ་མེད་པའི་འབྲས་བུ་ཉིད ་མི་སྲིད་པ། དེའི་ཕྱིར་གཟུགས་སོགས་ལས་གཞན་དུ། །བུམ་པ་འགའ་ཡང་ཡོད་མ་ཡིན། །གཟུགས་ལ་སོགས་པ་ལས་ཐ་དད་པར་བུམ་པ་འབྲས་བུར་གྱུར་བར་མ་དམིགས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ལས་ཐ་དད་པའི་བུམ་པ་མེད་དོ ་ཞེས་བྱ་བར་གྲུབ་པོ། །ཅི་སྟེ་བུམ་པ་ནི་གཟུགས་ལ་སོགས་པའི་ཉེ་བར་ལེན་པ་ཅན་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། རང་གི་ཡན་ལག་ཏུ་འགྱུར་བའི་རྒྱུ་གྱོ་མོ་རྣམས་ལ་བལྟོས་ནས་བུམ་པ་འབྲས་བུ་ཉིད་ཡིན་ལ་གྱོ་མོ་རྣམས་ནི་རྒྱུ ་ཉིད་ཡིན་ན་སྙམ་དུ་སེམས་ན་འདི་ཡང་སྙིང་པོ་མེད་དོ་ཞེས་བཤད་པ། བུམ་བ་རྒྱུ་ལས་འགྲུབ་འགྱུར་ཞིང། །རྒྱུ་ནི་གཞན་ལས་གྲུབ་འགྱུར་ན། །གང་ལ་རང་ལས་གྲུབ་མེད་པ། །དེ་ཡིས་གཞན་པོ་ཇི་ལྟར་བསྐྱེད། །གལ་ཏེ་བུམ་པའི་རྒྱུ་གྱོ་མོ ་ལ་བརྟེན་ནས་བུམ་པ་འགྲུབ་ན་དེའི་ཚེ་གྱོ་མོ་དེ་རྣམས་གང་ལ་བལྟོས་ནས་འགྲུབ། །རེ་ཞིག་དེ་རྣམས་ངོ་བོ་ཉིད་ཀྱིས་འགྲུབ་པ་ནི་མ་ཡིན་ཏེ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་དེ་རྣམས་ལ་ཡང་རྒྱུ་གཞན་ཞིག་འདོད་ན། ་འོ་ན་ནི་གྱོ་མོ་རྣམས་ལ་རང་གི་ངོ་བོ་གྲུབ་པ་མེད་དེ་དེ་རྣམས་ཀྱང་རྒྱུ་གཞན་གསེག་མ་ལ་བལྟོས་པའི་ཕྱིར་རོ། །གྱོ་མོ་གང་དག་ལ་རང་ཉིད་ལས་གྲུབ་པ་ཡོད་པ་མ་ཡིན་པ་དེ་རྣམས་ཀྱིས་ནི་ཇི་ལྟར་གཞན་རང་གི་ངོ་བོས་གྲུབ་པར ་འགྱུར། །དེའི་ཕྱིར་ཡང་བུམ་པ་མེད་དོ། །བུམ་པ་འགོག་པར་བྱེད་པའི་ཚུལ་གང་ཡིན་པ་ཉིད་ནི་འབྲས་བུས་ཐམས་ཅད་མི་འགྲུབ་པ་ལ་ཡང་སྦྱོར་བར་བྱའོ། །འདིར་སྨྲས་པ། གཟུགས་ལ་སོགས་པ་ཚོགས་པ་རྣམས་ལ་བུམ་པར་བརྗོད་པའི་ཕྱིར ་གཟུགས་ལ་སོགས་པ་མང་པོ་ཉིད་ཡིན་ཡང་བུམ་པ་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །འདི་ཡང་མི་རིགས་ཏེ། ཚོགས་པ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར། འཕྲོད་པ་འདུས་པར་གྱུར་ཀྱང་གཟུགས། །དི་ཉིད་དུ་ནི་མི་འཐད་དེ། །དེས་ན་བུམ་པ ་བཞིན་ཚོགས་པ། གཅིག་ཉིད་དུ་ནི་མི་རིགས་སོ། །གཟུགས་ལ་སོགས་པ་རྣམས་ཚོགས་ཀྱང་ཚོགས་པ་ལ་གནས་པ་རྣམས་ཀྱི་རང་རང་གི་མཚན་ཉིད་མི་འདོར་རོ། །དེའི་ཕྱིར་ཇི་ལྟར་ཚོགས་པའི་གནས་སྐབས་ན་གཟུགས་ལ་རང་གི་ངོ་བོས་ཡངས ་སུ་བཏང་བ་ལས་དྲི་ཉིད་མི་སྲིད་པ་དེ་བཞིན་དུ་དུ་མའི་བརྟེན་ཅན་གྱི་ཚོགས་པ་ལ་གཅིག་ཉིད་མི་སྲིད་དོ། །ཚོགས་པ་དེ་ནི་གཟུགས་ལ་སོགས་པ་རྣམས་ལས་ཐ་མི་དང་ལ་གཟུགས་ལ་སོགས་པ་དེ་རྣམས་ཀྱང་ཕན་ཚུན་དུ་ཐ་དད་ན་གཟུགས ་ལ་སོགས་པ་རྣམས་ལས་ཐ་མི་དད་པའི་ཚོགས་པ་གཅིག་ཏུ་ཇི་ལྟར་འགྱུར་དཔེ་བཤད་པ་ནི་བུམ་པ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་བུམ་པ་གཅིག་མ་ཡིན། ཞེས་བྱ་བ་ལ་སོགས་པ་བཤད་པ་དེ་བཞིན ་དུ་འདིར་ཡང། མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་ཚོགས་ལ་གཅིག་མེད་དེ། །དེ་ལྟར་ན། དེས་ན་བུམ་པ་བཞིན་ཚོགས་པ། །གཅིག་ཉིད་དུ་ནི་མི་རིགས་སོ། །དེའི་ཚོགས་པ་མི་སྲིད་པས་གཟུགས་ལ་སོགས་པ་ཚོགས་པ་ལ་ཡང ་བུམ་པ་བརྟགས་པར་མི་རིགས་སོ། །ཇི་སྐད་བཤད་པའི་རྣམ་པར་དཔྱད་པས། ཇི་ལྟར་གཟུགས་སོགས་མ་གཏོགས་པར། །བུམ་པ་ཡོད་པ་མ་ཡིན་པ། །དེ་བཞིན་རླུང་ལ་སོགས་པ་ནི། །མ་གཏོགས་གཟུགས་ཀྱང་ཡོད་མ་ཡིན། །ཇི ་ལྟར་གཟུགས་ལ་སོགས་པ་མ་གཏོགས་པར་བུམ་པ་མ་གྲུབ་པ་དེ་བཞིན་དུ་བུམ་པ་བཏགས་པའི་ཉེ་བར་ལེན་པར་གྱུར་བ་གཟུགས་ལ་སོགས་པ་རྣམས་ཀྱང་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་མ་གདོགས་པར་མ་འགྲུབ ་སྟེ། རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཇི་ལྟར་རླུང་ལ་སོགས་པ་མ་གཏོགས་པར་གཟུགས་དང་དྲི་ལ་སོགས་པ་མི་སྲིད་པ་དེ་བཞིན་དུ་འབྱུང་བ་ཆེན་པོ་རྣམས་ཀྱང་ཕན་ཚུན་མ་གཏོགས་པར་འགྲུབ་པ་ཡང་པས་རང་གི་དོ་བས ་མ་གྲུབ་པ་རྗོད?་པའི་ཕྱིར་བཤད་པ་ཆེ་བ་མེ་ཉིད་དུ་འགྱུར་ཏེ། ཚ་བ་མིན་པ་ཇི་ལྟར་སྲེག་།དེས་ན་བུད་ཤིང་ཞེས་བྱ་བ། །ཡོད་མིན་དེ་མེ་ཡོད་མིན། །འདི་ན་མ་ནི་སྲག་པ་པོ་ཡིན་ལ་འབྱུང་བ་གསུམ་ནི་པ་སྲེག་པར་བྱ་བའོ། །དེའི་ཕྱིར་བུད་ཤིང ་ཞེས་བྱ་བ་འབྱུང་བ་ཆེན་པོར་གསུམ་པོ་དེ་མེ་ཁོ་ནས་བསྲེག་གི་གཞན་གྱིས་ནི་མ་ཡིན་ལ་བུང་ཤིང་ཁོ་ན་ཚིག་པར་འགྱུར་གྱི་གཞན་ནི་མི་ཡིན་ནོ། །དེ་ལ་གལ་ཏེ་བུད་ཤིང་ཚ་བ་ཆེས་སྲོག་ན་ནི་དེའི་ཚེ་ཚ་བ་དེ་མེ་ཁོ་ནར་འགྱུར་གྱི་བུད ་ཤིང་ནི་མ་ཡིན་ནོ། །ཆ་བ་མ་ཡིན་བ་ལ་ཡང་སྲེག་པ་མི་སྲིད་པས་ཚ་བ་མ་ཡིན་པ་ཡང་བུད་ཤིང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྣམ་བ་ཐམས་ཅད་དུ་བསྲེག་པར་བྱ་བ་མི་སྲིད་པས་གང་ཞིག་འབྱུང་བ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་པ་བུད ་ཤིང་ཞེས་བྱ་བ་མེད་དོ། །གང་གི་ཚེ་དེ་ལྟར་མེ་མ་གཏོགས་པར་བུད་ཤེང་ཤེས་བྱ་བ་གཞན་མི་སྲིད་བདེའི་?་ཤིང་མེ་དང་པའི་མ་ཡང་མི་སྲིད་པས་དེ་མེད་མེ་ཡོད་མ་ཡིན་འདི་སྨྲས་པ་བུད་ཤིང་ནི་སྲ་བ་ལ་སོགས་པའི་ངོ་བོ་ཡིན་པས་ཚ་བ་མ་ཡིན་པའི་བདག་ཉིད་ཅན་ཞིག ་སྟེ། དེ་ཚ་བའི་རང་བཞིན་གྱི་མེས་ཟིལ་གྱིས་མནན་པ་ལས་ཚ་བར་འགྱུར་ལ། ཆོ་བ་ཡིན་དང་བསེག་པར་བྱ་བར་འགྱུར་རོ། །ཞེ་ན་དེ་ལྟར་ཡོངས་སུ་བརྟགས་ན་ཡང་བུད་ཤིང་ཞེས་བྱ་བའོ་དོན་དེ། གལ་ཏེ་ཟིལ་མནན་ཚ་ན་ཡང། །དེ་ཡང་ཅི་སྟེ་མེད ་མི་འགྱུར། །གལ་ཏེ་བུད་ཤིང་ཞེས་བྱ་བའི། །དོན་ཚ་བ་མ་ཡིན་པའི་རང་བཞིང་ཡིན་ཡང། མེས་ཟིལ་གྱིས་མནན་ཏེ་ཚ་བར་འགྱུར་རོ་སྙམ་དུ་རྟོག་ན། དེའང་མི་ཁོ་ནར་འགྱུར་ཏེ་ཚ་བའི་རང་བཞིན་ཡིན་པའི་ཕྱིར། །དེའི་ཕྱིར་བུད་ཤིང་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་མི་ཚན་དངོས ་གཞན། །མེ་ལ་ཡོང་ཅེས་བྱར་མི་རུང། ཅི་སྟེ་དོན་དེ་ཟིལ་གྱིས་མནར་ཡང་ཚ་པ་མ་ཡིན་པ་ཉིད་དུ་འདོད་ན། འོ་ན་ནི་མེ་ལས་གཞན་པའི་དངོས་པོ་བུད་ཤིང་ཞེས་བྱ་བ་འབྱུང་བ་གསུམ་བ་ཆ་བ་དང་འགལ་བས་ཚ་བ་མ་ཡིན་པའི་རང་བཞིན་ཅན་དེ་མེ་ལ་ཡོང ་ངོ་ཞེས་བྱ་བར་མི་རིགས་སོ། །དེའི་ཕྱིར་འབྱུང་བ་གསུམ་དང་བྲལ་བའི་མེ་ཙམ་ཞིག་ཏུ་འགྱུར་ན། འབྱུང་བ་ཆེན་པོ་འདི་རྣམས་ལ་ནི་ཕན་ཚུན་མེད་པར་འབྱུང་བ་ཡོད་པ་མ་ཡིན་པ་དེའི་གྲུབ་པའི་མཛའ་དང་འགལ་བའི་ཕྱིར་རོ། །མེ་ལ་བུང་ཤིང་ཞེས་བྱ་བའི ་དངོས་པོ་གཞན་མེད་པས་རྒྱུ་མེད་པ་ཅན་ཉིད་དུ་ཡང་འགྱུར་བས་འདི་ནི་མི་རིགས་སོ། །ཅི་སྟེ་མེའི་རྫས་ཀྱི་རྡུལ་ཕྲ་རབ་ལ་འབྱུང་བ་གསུམ་མེད་པས་བུད་ཤིང་མེད་བར་ཡང་མེ་ཡོད་པ་ཉིད་དོ། །སྙམ་དུ་སེམས་ན་བཤད་པར་བྱ་སྟེ། གལ་ཏེ་རྡུལ་ལ་ཤིང་མེད་ན། ་དེས་ན་ཤིང་མེད་མེ་ཡོད་དེ། །དེའི་ཕྱིར་རྒྱུ་མེད་པ་ཅན་ཉིད་ཀྱི་སྐྱོན་དུ་ཐལ་བ་དེ་ཉིད་ཀྱི་དོན་དུ་འགྱུར་རོ། །རྒྱུ་མེད་པ་ཉིད་དུ་ཐལ་བའི་སྐྱོན་དེ་ཉིད་ཀྱི་ཕྱིར་བྱེ་བྲག་པ་དག་ལྟར་རང་གི་སྡེ་པ་རྣམས་ཀྱིས་རྫས་ཀྱི་རྡུལ་ཕྲ་རབ་ཁས་བླང་བར་མི་རིགས་སོ། །བྱེ་བྲག ་པའི་རྡུལ་ཕྲ་རབ་ཏུ་སྨྲ་བ་ནི་རབ་ཏུ་བྱེད་པ་དགུ་པ་ཉིད་ལས་བཀག་པའི་ཕྱིར་ཡང་མི་དགག་གོ་།ཅི་སྟེ་མེ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བས་འཇིགས་ནས་རྡུལ་ཕྲ་རབ་ལ་བུད་ཤིང་ཡོད་པར་རྟོག་ན། དེའི་ཕྱིར། གལ་ཏེ་དེ་ལའང་ཤིང་ཡོད་ན། །གཅིག་གི ་བདག་ཅན་རྡུལ་ཡོད་མིན། །གལ་ཏེ་རྡུལ་ལ་བུད་ཤིང་ཡོད་དོ་ཞེས་རྟོག་ན། འོ་ན་ནི་མེའི་རྫས་ཀྱི་རྡུལ་ཕྲ་རབ་གཅིག་གི་ངོ་བོར་ཡོད་དོ་ཞེས་ཁས་བླང་བར་མི་བྱའོ། །རྫས་བརྒྱད་ལྷན་ཅིག་འབྱུང་བར་དེས་པ་རྡུལ་ཕྲ་རབ་གཅིག་གི་བདག་ཉིད་མེད ་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་དེ་ལས་གཞན་པའི་དངོས་པོ་ཡང་སྟེ། དངོས་པོ་གང་ཡང་ཡོངས་བཏགས་པ། །དེ་དང་དེ་ལ་གཅིག་ཉིད་མེད། །ཇི་ལྟར་དེ་ལས་གཞན་ཡོད་པས་འབྱུང་བ་ཆེན་པོ་རྣམས་ལ་གཅིག་གི་བདག་ཉིད ་ཅན་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བར་འགྱུར་བས་འབྱུང་བ་ལས་གྱུར་བ་ཡང་འབྱུང་བ་རྣམས་མེད་པར་རྐྱང་བ་མེད་དོ། །དེ་བཞིན་དུ་སེམས་མེད་པར་སེམས་ལས་བྱུང་བ་རྣམས་མི་སྲིད་པ། སེམས་ལས་བྱུང་བ་རྣམས་མེད་པར ་སེམས་མ་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པ་མཚན་ཉིད་རྣམས་མེད་པར་མཚན་གཞི་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་ལ། མཚན་གཞི་མེད་པར་ཡང་རྟེན་མེད་པའི་མཚན་ཉིད་མི་སྲིད་དོ། །གང་གི་ཕྱིར་དེ་ལྟར་དངོས་པོ་གཅིག་པོ ་འགའ་ལ་ཡང་གྲུབ་པ་ཡོད་པ་མ་ཡིན་པ་དེའི་ཚེ་གཅིག་རྣམས་ཀྱི་ཚོགས་པ་མེད་ན་དུ་མ་གྲུབ་པ་རྒྱང་རིང་དུ་སྤངས་པ་ཉིད་དོ། །ཞེས་བཤད་པ། གང་གིས་གཅིག་ཀྱང་ཡོད་མིན་པ། །དེས་ན་དུ་མ་དག་ཀྱང་མེད། །རེ་རེ་མ་གྲུབ་པ་ཡིན་དང་ཚོགས་པ ་རྣམས་ཀྱང་གྲུབ་པ་མེད་དོ། །ཅི་སྟེ་ལྷན་ཅིག་འབྱུང་བར་ངེས་བར་ཁས་བླངས་པས་སུན་དབྱུང་བ་འདི་རང་གི་སྡེ་པ་ལ་འཐེད་ཀྱི་ཕ་རོལ་པོ་ལ་ནི་མ་ཡིན་ཏེ། ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་ལས་གཞན་པའི་དངོས་པོ་ལ་ཡོད་པ་དང་བྲལ་བ་རྟག་པ ་རྣམས་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་སྙམ་ན། དེ་ལ་ཡང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གལ་ཏེ་གང་ན་དངོས་དེ་རྣམས། །མེད་དེར་གཅིག་ཡོད་ཅེས་འདོད་ན། །དེ་ཡང་ཡང་དག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གིས ་ཀུན་ལ་གསུམ་ཉིད་ཡོད། །དེས་ན་གཅིག་ཉིད་ཡོད་མ་ཡིན། །ཕ་རོལ་པོ་ལ་ཡང་གཅིག་ཅེས་བྱ་བའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་ཡང་སའི་རྡུལ་ཕྲ་རབ་ལ་རྫས་ཉིད་དང་གཅིག་ཉིད་དང་ཡོད་པ་ཉིད ་ཅེས་བྱ་བ་དེ་གསུམ་ཡོད་ལ། དེ་བཞིན་དུ་ཡོན་ཏན་ལ་ཡོན་ཏན་ཉིད་དང་ཡོད་པ་ཉིད་དང་གཅིག་ཉིད་ཅེས་བྱ་བ་ཡོད་དོ། །གང་གི་ཕྱིར་དུ་མ་ཡིན་པ་དེའི་ཕྱིར་གཅིག་ཅེས་བྱ་བ་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཟངས་ཅན་ལ་ཡང་ཐམས་ཅད ་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་གཅིག་གི་དངོས་པོ་འགའ་ཡང་མེད་པས་བཤད་ཟིན་པའི་སུན་འབྱིན་པ་ལས་མི་འདའ་ཨོ། །གཞན་ཡང་སུན་འབྱིན་པའི་ཚུལ་འདི་མཁས་པས་རྒོལ་བ་ཐམས་ཅད་ཀྱི་ཕྱོགས་བསལ་བར་བྱ་བའི ་ཕྱིར་སྦྱར་བར་བྱའོ་ཞེས་བསླབ་པའི་ཕྱིར་སློབ་དཔོན་གྱིས་བཤད་པ། ཡོད་དང་མེད་དང་ཡོད་མེད་དང། ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས་དག་ལ་རྟག་ཏུ་སྦྱར་བར་བྱ། །གཅིག་ཉིད་ལ་སོགས་པ་དག་ཉིད ་དང་གཅིག་ཉིད་དང་གཞན་ཉིད་དང་གཉི་ག་དང་གཉི་ག་མ་ཡིན་པ་ཞེས་བྱ་བ་སྟེ། བློ་བཟང་པོས་རྒོལ་བ་རྣམས་ཀྱི་གཅིག་ཉིད་ལ་སོགས་པའི་ཕྱོགས་རྣམ་པར་གནས་པ་དེ་དག་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་ཡོད་པ་དང་མེད་པ་ཉིད་ལ་སོགས་པས་མཚོན ་སུན་འབྱིན་པའི་ཚུལ་གཞིག་པར་བྱའོ། །དེ་ལ་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ནི་རྒྱུ་དང་འབྲས་བུ་གཉིས་གཅིག་པ་ཉིད་ཅེས་བྱ་བ་སྟེ། དེའི་ལྟར་ན་འབྲས་བུ་དེ་རྒྱུའི་བདག་ཉིད་དུ་རྣམ་པར་གནས་པ་ཉིད་དུ་གྱུར་བ་འབྲས་བུའི་བདག ་ཉིད་དུ་ཡོངས་སུ་འགྱུར་བ་སྟེ་མེད་པ་ནི་བྱ་བར་མི་ནུས་སོ། །གལ་ཏེ་འབྱུང་ན་ནི་དེའི་ཚེ་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་ན། ཐམས་ཅད་ལས་ཐམས་ཅད་འབྱུང་བར་མཐོང་བ་ཡང་མ་ཡིན་ཏེ། འོ་མ་ལ་སོཌ་པ་ཁོ་ན་ལས་ནོ་ལ་སོཌ་པ་སོ་སོར་དེས ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་རྒོལ་བ་དེའི་ལྟར་ན་རྒྱུ་དང་འབྲས་བུ་དག་གཅིག་ཉིད་དུ་ཁས་བླངས་པས་འབྲས་བུ་ཡོད་པ་ཉིད་དུ་སྐྱེ་སྟེ་དེ་ལྟར་ན་གཅིག་ཉིད་ཀྱི་ཕྱོགས་སོ། །གཅིག་ཉིད་ཀྱི་ཕྱོགས་དེ་ལ་འབྲས་བུ་ཡོད་པར་སྨྲ་བ་དཔྱད་པའི་སྒོ་ནས་སུན་བྱིན ་པ་རྟག་ཏུ་བརྗོད་པར་བྱ་སྟེ། དེ་ཡང་འབྲས་བུ་ཡོད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ་།སོགས་པའི་རྒྱན་ནི་དོན་མེད་འགྱུར། ཞེས་བྱ་བ་འདེས་བཤད་ལ། དེ་བཞིན་དུ་གང་ཞིག་འབྱུང་བར་བྱེད་པ་དེ་ལྔར ་ཡོད་ཅེས་བྱར་མི་རིགས་ཏེ། གལ་ཏེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་ཟིན་པའང་འབྱུང་བར་འགྱུར། །གལ་ཏེ་བྱས་པ་མེད་ཀྱང་ཆོས། །ཡོད་ན་དེས་སྔོམ་དོན་མེད་འགྱུར། །ཅི་སྟེ་ཅུང་ཟང་བྱེད་ན་ཡང། །འབྲས་བུ ་ཡོད་པ་མི་སྲིད་དོ། །ཞེས་བཤད་དོ། །དེ་ལྟར་མཁས་པ་རྣམས་ཀྱིས་འབྲས་བུ་ཡོད་པར་སྨྲ་པས་ཉེ་བར་མཚོན་པའི་སུན་འབྱིན་པ་གཅིག་ཉིད་ཀྱི་ཕྱོགས་ལ་སྦྱར་བར་བྱའོ། །འབྲས་བུ་མེད་པར་སྨྲ་བ་ནི་རྒྱུ་དང་འབྲས་བུ་དག་གཞན་ཉིད་དུ་སྨྲ་བ་དག ་གོ་།དེ་དག་གིས་ནི་ཡོད་པ་སྐྱེ་བ་དོན་མེད་པར་སེམས་ཤིང་འབྲས་བུ་མེད་པ་ཁོ་ན་སྐྱེའོ་ཞེས་རྟོགས་ཏེ། དེ་དག་གི་གཞན་ཉིད་ཀྱི་ཕྱོགས་ལ་ཡང་འབྲས་བུ་མེད་པས་ཉེ་བར་མཚོན་པའི་སུན་འབྱོན་པར་བརྗོད་པར་བྱའོ། །དེ་ཡང་འབྲས་བུ་མེད ་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་ཀ་བ་ལ་སོགས་པའི་རྒྱན་མི་དོན་མེད་འགྱུར། ཞེས་བཤད་དོ། །གང་དག་རྒྱུ་དང་འབྲས་བུ་གཉིས་གཅིག་ཉིད་དུ་འགྱུར་ལ་གཞན་ཉིད་དུ་ཡང་འགྱུར་རོ་སྙམ་དུ་རྟོག་པ་དེ་དག་ནི་འབྲས་བུ་ཡོད་པ་དང་མེད་པར ་སྨྲའོ། །དེ་དག་ནི་ལྷས་སྦྱིན་སྲོག་གི་བདག་ཉིད་དུ་རྣམ་པར་གནས་ཤིང་ལྷས་སྦྱིན་གྱི་བདག་ཉིད་དུ་རྣམ་པར་མི་གནས་པར་སྐྱེ་བར་འདོད་ལ། དེ་བཞིན་དུ་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གསེར་གྱི་བདག་ཉིད་དུ་རྣམ་པར་གནས་ཤིང་གདུ ་བུ་དང་དཔུང་རྒྱན་ལ་སོགས་པའི་བདག་ཉིད་དུ་རྣམ་པར་མི་གནས་པ་རྣམས་སྐྱེ་བར་རྟོགས་སོ། །དེ་དག་གི་གཅིག་ཉིད་དང་གཞན་ཉིད་གཉི་གའི་ཕྱོཌ་ལ་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་དགག་པས་ཉེ་བར་མཚོན་པའི་སུན་འབྱིན་བརྗོད་པར་བྱའོ། ། ་དེ་ཡང་འབྲས་བུ་ཡོད་ཉིད་གང་འདོད་དང་ཞེས་པ་ལ་སོགས་པས་བཤད་དེ། རྒོལ་བ་གཉིས་ཀྱི་ཕྱོགས་ཀྱི་སྐྱོན་ཕྱོགས་གཅིག་ལ་སྦྱར་བར་བྱ་བ་འདི་ནི་ཁྱད་པར་རོ། །གང་དག་གི་ལྟར་ན་བུམ་པ་ལ་སོགས་པའི་དངོས་པོ་མེད་པར་རང་གི་རྒྱུ་དག་ལས་གཅིག་ཉིད་དང་གཞན་ཉིད ་དུ་བརྗོད་དུ་མེད་པ་དག་དངོས་པོ་རྫས་སུ་ཡོད་པའི་རྒྱུ་ཅན་ཡིན་པ་དེ་དག་ལ་ཡོད་པ་དང་མེད་པར་སྨྲ་བ་བཟློག་པའི་སྒོ་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་དཔྱད་པར་སུན་འབྱིན་པ་བརྗོད་པར་བྱའོ། །དེ་ཡང་གཉི་ག་སྲིད་ན་ནི་དེ་དག་བགག་པའི་སྒོ ་ནས་གཉི་ག་མ་ཡིན་པ་ཞེས་བྱ་བར་འགྱུར་ན། གང་གི་ཚི་འདི་གཉི་ག་མི་སྲིད་པ་དེའི་ཚེ་གང་བཀག་པས་གཉིས་མ་ཡིན་པའི་རྟོག་པར་འགྱུར་ཞེས་དོན་གྱིས་བཤད་ཟིན་པ་ཉིད་དོ། །དེ་ལྟར་ན་གོ་རིམ་ཇི་ལྟ་བ་བཞིན་དུ། ཡོད་དང་མེད་དང་ཡོད་མེད་པ། ། ་ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །ག་ལ་རྟག་ཏུ་སྦྱར་བར་བྱ། །གཞན་དག་ནི་གལ་ཏེ་གཅིག་ཉིད་དང་གཞན་ཉིད་ལ་སོགས་པའི་ཚུལ་ཁོ་ནས་དངོས་པོ་རྣམས་བཀག་གམ་འོ་ན་ཏེ་ཚུལ་གཞན་གྱིས་ཀྱང་ཡིན ་ཞེ་ན། བརྗོད་པར་བྱ་སྟེ། ཡོད་དང་མེད་དང་ཡོད་མེད་དང། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །ཡོད་པ་དང་མེད་པ་དང། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཞེས་བྱ་བའི་ཚུལ་འདི་ནི་མཁས་པ་རྣམས་ཀྱིས་གཅིག་ཉིད་ལ་སོགས་པ་ཕྱོགས་བཞིན་ལ་རྟག་ཏུ་ཁོ་ན་སྦྱར་བར་བྱའོ། །དེ་ལ་ཡོད་པ་ཞེས་བྱ་བ་ནི་བདོག་པ་ཞེས་བྱ་བའི་དོན་ཏོ། །མེད་པ་ཞེས་བྱ ་བ་ནི་བདག་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་ནི་བདོག་ཀྱང་བདོག་ལ་མི་བདོག་ཀྱང་མི་བདོག་ཅེས་བྱ་བའི་དོན་ཏོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་བདོག་པ་ཡང་མ་ཡིན་མ་བདོག་པ ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཅིག་ཉིད་སོགས་དག་ལ་ཞེས་བྱ་བ་ནི། གཅིག་ཉིད་དང་གཞན་ཉིད་དང་གཉི་ག་དང་གཉི་ག་མ་ཡིན་པ་ཞེས་བྱའོ། །དེ་ལ་གཉིས་སམ་མང་པོ་རྣམས་ལ་གཅིག་ཉིད་དམ་གཞན་ཉིད ་དང། གཉི་ག་དང་གཉིག་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། དེ་ལ་གང་དག་གི་སྣམ་བུ་དང་དཀར་པོ་གཅིག་ཉིད་ཅེས་བྱ་བ་ཕྱོགས་ཡིན་པ་དེ་ལ་ཡོད་པ་ཞེས་བྱ་བའི་ཚུལ་འདི་ཡུལ་དང་དུས་དང་མཚན་ཉིད་ལས་སྦྱར་བར་བྱའོ། །དེ་ལ་རེ་ཞིག ་ཡུལ་ལས་ནི་གལ་ཏེ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་ཡིན་ན། གང་དང་གང་ན་དཀར་པོ་ཡོད་པ་དེ་དང་དེ་ན་སྣཾ་བུ་ཡང་ཡོད་པར་འགྱུར་བར་བྱ་དགོས་པོ། །གང་དང་གང་ན་སྣཾ་བུ་ཡོད་པ་དེ་དང་དེ་ན་དཀར་པོ་འང་ཡོད་པར་འགྱུར་བར་བྱ ་དགོས་སོ། །ཅི་སྟེ་གང་དང་གང་ན་དཀར་པོ་ཡོད་པ་དེ་དང་དེ་ན་སྣམ་བུ་ཡོད་པར་མི་འགྱུར་ཞིང། གང་དང་གང་ན་སྣམ་བུ་ཡོད་པ་དེ་དང་དེ་ན་དཀར་པོ་ཡོད་པར་མ་འགྱུར་ན་ནི། དེ་ན་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་ཡིན་ནོ་ཞེས་གང་འདོད་ན ་དེ་མི་འཐད་དེ། ཡུལ་ཐ་དད་པའི་ཕྱིར་རོ། །དུས་ལས་ཀྱང་སྟེ། དེ་ལ་དུས་ནི་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་རོ། །དེ་ལ་འདས་པ་ལ་ནི་འདས་པའི་གནས་སྐབས་ཁོ་ནར་སྔར་སྐྱེས་པའི་དཀར་པོ་མཐོང་ངོ། །གལ་ཏེ་སྣམ ་བུ་དང་དཀར་པོ་དང་གཅིག་ཉིད་ཡིན་ན་ནི་དེའི་ཚེ་གལ་ཏེ་དཀར་པོ་སྔར་སྐྱེས་ན་ནི་སྣམ་བུ་ཡང་སྔར་སྐྱེས་པར་འགྱུར་དགོས་སོ། །ཅི་སྟེ་སྣམ་བུ་ཕྱིས་སྐྱེས་ན། །དཀར་པོ་ཡང་ཕྱིས་སྐྱེ་བར་འགྱུར་དགོས་སོ། །གལ་ཏེ་དཀར་པོ་སྔར་སྐྱེས་ན་ནི་དེ ་ལྟ་ན་སྣམ་བུ་ཕྱིས་སྐྱེས་པ་ཡིན་ལ། གང་ཞིག་སྔར་སྐྱེས་པ་དང་གང་ཞིག་ཕྱིས་སྐྱེས་པ་དེ་དག་ནི་གཅིག་ཉིད་དུ་མི་འགྱུར་ཏེ། སྐྱེ་བའི་རིམ་པ་ཐ་དད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དུ་འགྱུར ་ན་ནི་དེའི་ཚེ་དཀར་པོ་ཞིག་ན་སྣམ་བུ་འཇིག་པར་འགྱུར་དགོས་ལ། སྣཾ་བུ་ཞིག་ན་ཡང་དཀར་པོ་འཇིག་པར་འགྱུར་དགོས་ན། གང་གི་ཚེ་དཀར་པོ་ཞིག་ན་དཀར་པོ་འཇིག་པར་འགྱུར་གྱི་སྣམ་བུ་འཇིག་པར་མི་འགྱུར་ལ། སྣམ་བུ་ཞིག་ན་ཡང་སྣམ་བུ ་ཁོ་ནར་འཇིག་པར་འགྱུར་གྱི། དཀར་པོ་འཇིག་པ་ནི་མ་ཡིན་ཏེ། དེ་ལ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དོ་ཞེས་གར་འདོད་པ་དེ་མ་ཡིན་ཏེ། འཇིག་པ་དང་མི་འཇིག་པ་ཐ་དད་པའི་ཕྱིར་རོ། །གཞན་ཡང་དཀར་པོ་ཞེས་སྨྲ་ན་དཀར་པོ་ཞེས་བྱ་བ ་ཁོ་ན་སྨྲས་པར་འགྱུར་གྱི་སྣམ་བུ་ཞེས་སྨྲས་པ་ནི་མ་ཡིན་ནོ། །སྣམ་བུ་ཞེས་སྨྲས་ན་ཡང་སྣམ་བུ་ཁོ་ན་སྨྲས་པར་འགྱུར་གྱི་དཀར་པོ་ཞེས་སྨྲས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དཀར་པོ་ཞེས་སྨྲ་ན་དཀར་པོ་ཞེས་བྱ་བ་ཁོ་ན་སྨྲས་པར་འགྱུར་གྱི་སྣམ ་བུ་ཞེས་སྨྲས་པར་མི་འགྱུར་ལ། །སྣམ་བུ་ཞེས་སྨྲས་ན་ཡང་སྣམ་བུ་ཁོ་ན་སྨྲས་པར་འགྱུར་གྱི་དཀར་པོ་མ་ཡིན་པ་དེའི་ཕྱིར་ཡང་དེ་དག་གཅིག་ཏུ་མི་འགྱུར་གྱི་སྨྲས་པ་དང་མ་སྨྲས་པ་ཐ་དད་པའི་ཕྱིར་རོ། །མཚན་ཉིད་ལས་ཀྱང་སྟེ། འདི་ན་མཚན ་ཉིད་ནི་དཀར་པོའི་ངོ་བོ་ཡིན་ལ། མཚན་གཞི་ནི་སྣམ་བུ་ཡིན་ན་གལ་ཏེ་དེ་གཉིས་གཅིག་ཉིད་དུ་འགྱུར་ན་ནི། དེའི་ཚེ་གལ་ཏེ་དཀར་པོ་མཚན་ཉིད་ཡིན་ན་སྣམ་བུ་ཡང་མཚན་ཉིད་ཁོ་ནར་འགྱུར་རོ། །གལ་ཏེ་སྣམ་བུ་མཚན་ཉིད་དུ་མི ་འགྱུར་ན་ནི་དཀར་པོ་ཡང་མཚན་ཉིད་དུ་མ་གྱུར་ཅིག་།གལ་ཏེ་དཀར་པོ་ཁོ་ན་མཚན་ཉིད་དུ་འགྱུར་གྱི་སྣམ་བུ་མ་ཡིན་ལ་སྣམ་བུ་ཁོ་ན་མཚན་གཞིར་འགྱུར་གྱི་དཀར་པོ་ནི་མ་ཡིན་ན་ནི་དེ་ལ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དེ་ཞེས་གང ་འདོད་པ་དེར་མི་འགྱུར་ཏེ། མཚན་ཉིད་དང་མཚན་གཞི་ཐ་དད་པའི་ཕྱིར་རོ། །ཇི་ལྟར་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་བཀག་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་གཅིག་ཉིད་དགག་པ་ཡང་རྒྱས་པར་བརྗོད་པར་བྱའོ། །འདིར་སྨྲས ་པ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དགག་པ་ནི་སྨྲས་ན། གཞན་ཉིད་ལ་བརྗོད་པར་བྱའོ། །བརྗོད་པར་བྱ་སྟེ། གལ་ཏེ་སྣམ་བུ་དང་དཀར་པོ་དག་གཞན་ཉིད་ཡིན་ཞིང། །གལ་ཏེ་ཡོན་ཏན་རྫས་ལ་བརྟེན་པའི་ཕྱིར་དཀར ་པོ་སྣམ་བུར་མི་འགྱུར་ན་ནི་ཇི་ལྟར་གལ་ཏེ་མཆོད་སྦྱིན་ལྷས་སྦྱིན་ཞེས་བྱ་བའི་སྤུན་ཟླ་མ་ཡིན་ན་ལྷ་སྦྱིན་ཡང་མཆོད་སྦྱིན་གྱི་སྤུན་ཟླར་མི་འགྱུར་བ་ཉིད་ཡིན་པ་ལྟར་སྣམ་བུ་ཡང་དཀར་པོར་མི་འགྱུར་རོ། །གལ་ཏེ་དཀར་པོ་དང་ལྡན་པ་ལས་སྣམ ་བུ་དཀར་པོར་འགྱུར་རོ་ཞེས་འདོད་ན། དེ་ལ་ཡང་བརྗོད་པར་བྱ་སྟེ། གལ་ཏེ་དཀར་པོ་དང་ལྡན་པས་སྣམ་བུ་དཀར་པོར་འགྱུར་ན། སྣམ་བུ་དེ་ཅི་དཀར་པོ་དང་ལྡན་པས་དཀར་པོའི་མཚན་ཉིད་ཐོབ་པ་ཞིག་གམ་འོན་ཏེ་མ་ཐོབ་པ་ཞིག་ཡིན་གྲང་ན། ་གལ་ཏེ་རེ་ཞིག་དཀར་པོའི་མཚན་ཉིད་ཐོབ་པས་སྣམ་བུ་དཀར་པོ་ཉིད་དུ་འགྱུར་ན་ནི་འདིའི་སྣམ་བུ་ཉིད་ཉམས་པར་འགྱུར་རོ། །ཅི་སྟེ་དཀར་པོའི་མཚན་ཉིད་མ་ཐོབ་པ་ཡིན་ན་ནི་དཀར་པོའི་མཚན་ཉིད་མ་ཐོབ་པའི་ཕྱིར་ལྡན་པ་ཡོད་ཀྱང་སྣམ ་བུ་དཀར་པོར་མི་འགྱུར་ཏེ། དེ་ལ་དཀར་པོ་དང་ལྡན་པས་སྣཾ་བུ་དཀར་པོ་ཡིན་ནོ་ཞེས་བྱ་བ་གང་འདོད་པ་མ་ཡིན་ནོ། །ཇི་ལྟར་སྣམ་བུ་དཀར་པོར་མ་འགྱུར་བ་དེ་བཞིན་དུ་སྣམ་བུའི་ཁྱད་པར་གང་དག་སྔོན་པོ་དང་སེར་པོ་དང་དམར་པོ་དག་དམར་སེར ་དང་སེར་སྐྱ་དང་ཕུག་རོན་ཁ་དང། ནག་པོ་དང། རིང་པོ་དང། ཐུང་དུ་དང། འཇམ་པ་དང་རྩུབ་པ་ལ་སོགས་པ་དེ་དག་ལས་སྣམ་བུ་གཞན་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་སྲིད་པ་མེད་པར་འགྱུར་རོ། །ཐམས་ཅད་དུ་སྲིད་པ་མེད་པས ་ཀྱང་སྣམ་བུ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་སྣམ་བུ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་ཡོན་ཏན་གྱི་ཁྱད་པར་དེ་དང་དེ་དག་ལ་གཞན་ཉིད་ཡིན་པའི་ཕྱིར་ཐམས་ཅད་དུ་སྲིད་པ་མེད་པར་འགྱུར་རོ། །འདིར་སྨྲས་པ། ་ཡོད་པ་དང་མེད་པ་དག་གིས་གཅིག་ཉིད་དང་གཞན་ཉིད་ལ་ནི་དགག་པ་སྨན་གཉི་གའི་ཕྱོགས་ལ་ཡང་དགག་པ་བརྗོད་པར་བྱའོ། །བརྗོད་པར་བྱ་སྟེ། གང་གི་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་དུ་ཡང་འགྱུར་ལ་གཞན་ཉིད་དུ་ཡང་འགྱུར་རོ་ཞེས་བྱ་བ་ཕྱོགས་ཡིན་པ་དེ ་ལ་གཅིག་ཉིད་དང་གཞན་ཉིད་དག་ལ??་སྔར་བཤད་པ་དག་ཁོ་ནས་དགག་པ་རྣམ་པར་བཤད་དོ། །གཉི་ག་མ་ཡིན་པ་གང་གི་ཕྱོགས་ཡིན་པ་དེ་ལ་མདོར་བསྡུས་ནས་དགག་པ་བརྗོད་པར་བྱའོ། །གལ་ཏེ་སྣམ་བུ་དང་དཀར་པོ་དག་གཅིག་ཉིད་མ་ཡིན་ལ། གཉི་ག་ཉིད་ཀྱང་མ ་ཡིན་ན་ནི་གཉི་གའི་མཚན་ཉིད་མ་ཐོབ་པའི་ཕྱིར་དཀར་པོ་ཡང་དཀར་པོ་ཉིད་མ་ཡིན་ཞིང་དཀར་པོ་མ་ཡིན་པ་ཡང་མ་ཡིན་ལ་སྣམ་བུ་ཡང་སྣམ་བུ་ཉིད་མ་ཡིན་ཞིང་སྣམ་བུ་མ་ཡིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མཚན་ཉིད་གཉི་ག་མ་ཐོབ་པའི་དཀར་པོ་ལ་ཅིའི་ཕྱིར ་དཀར་པོ་ཞེས་བརྗོད་རྐྱི་ནག་པོ་ཞེས་མ་ཡིན་གང་གི་ཕྱིར་དཀར་པོ་དེ་ལ་དཀར་པོ་ཞེས་བྱ་བ་བརྗོད་ཀྱི་ནག་པོ་ཞེས་བྱ་བ་མ་ཡིན་པ་དེའི་ཕྱིར་དཀར་པོ་ཉིད་དུ་ཡོད་དོ། །མཚན་ཉིད་གཉི་ག་མ་ཐོབ་པའི་སྣམ་བུ་དེ་ལ་ཡང་ཅིའི་ཕྱིར་སྣམ་བུ་ཞེས་བརྗོད་ཀྱི་བུམ་པ ་ཞེས་མ་ཡིན་གང་གི་ཕྱིར་རོ་སྣི་བུ་དི་ལེ་སྣམ་བུ་ཞེས་བྱ་བ་ཉིད་བརྗོད་ཀྱི་བུམ་པ་ཞེས་བྱ་བ་མ་ཡིན་པ་དེའི་ཕྱིར་སྣམ་བུ་ཉིད་དུ་ཡོད་དོ། །དེ་ལྟར་དཀར་པོ་ཉིད་དང་སྣམ་བུ་ཉིད་དུ་གྲུབ་དང། གདོན་མི་ཟ་བར་དེ་དག་གཅིག་ཉིད་དམ་གཞན་ཉིད་དུ་འགྱུར་དགོས་ལ་གཅིག ་ཉིད་ཡིན་ན་ནི་སླར་ཡང་གཅིག་ཉིད་འགོག་པའི་རིམ་པ་ཁོ་ན་བརྗོད་པར་བྱའོ། །གཞན་ཉིད་ཡིན་ན་ཡང་གཞན་ཉིད་འགོག་པའི་ཚུལ་ལོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་འགོག་པའི་ཚུལ་རྒྱས་པར་བརྗོད་པར་བྱའོ་ཞེས་རྣམ་པར་འཆད་དོ། །འདིར ་སྨྲས་པ། གལ་ཏེ་དེ་ལྟར་མ་གྲུབ་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་མེད་ན་རྒོལ་བ་དེ་དག་འཐད་པ་གང་གིས་དངོས་པོ་ཡོད་པར་རྟོག་ཅེ་ན། དེ་ལ་འཐད་པ་འགའ་ཡང་མེད་ཀྱི་འོན་ཀྱང། ཇི་ལྟར་རྒྱུ་ལ་བལྟ་ཉེས་ན། །རྟག་པ་ཡོད་ཅེས་བྱར་འགྱུར་བ། ་དེ་བཞིན་ཚོགས་ལ་བལྟ་ཉེས་ན། དངོས་པོ་ཡོད་ཅེས་བྱ་བར་འགྱུར། །ཇི་ལྟར་མར་མེའི་མེ་ལྕེ་སྐད་ཅིག་རེ་རེ་ལ་འཇིག་ཅིང་སྔ་མ་དང་ཕྱི་མ་སྐད་ཅིག་རྒྱུ་དང་འབྲས་བུ་འབྲེལ་བ་རྣཾ་དང་མཆད་པར་གནས་པ་ལ་རྒྱུ་དང་རྐྱེན་གྱི་ཚོགས་པ ་ཡོད་ན་ཡོད་པའི་རྒྱུན་འབྱུང་བ་དེ་བཞིན་དུ་འདུ་བྱེད་སྐྱེས་མ་ཐག་ཏུ་འཇིག་པ་ཐམས་ཅད་ལ་བདག་ཉིད་ཇི་ལྟ་བུའི་རྒྱུ་དང་རྐྱེན་གྱི་ཚོགས་ཡོད་ན་ཡོད་པའི་རྒྱུན་རྒྱུ་དང་འབྲས་བུའི་འབྲེལ་པ་རྣམ་པར་མ་ཆད་པར་གནས་པ་ཐོག་མ་མེད་པ་འབྱུང་ངོ། ?་དེའི་ཕྱིར་ཇི་ལྟར ་རྒྱུན་དེའི་རང་གི་ངོ་བོ་ཇི་ལྟར་གནས་པ་ལྟར་ངེས་པར་འབྲིགས་ཤིར་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱི་རོལ་པའི་དྲང་སྲོང་རྣམས་ལ་སྔོན་གྱི་གནས་རྗེས་སུ་དྲན་ཞིང་འདིར་སྐད་??་མར་འཇིག་པ་མངོན་སུམ་མ་ཡིན་པས་ཕུང་པོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ལ ་ངེས་པར་མཐོང་བ་ཡིན་དང་བདག་གམ་གཞན་ཡང་རུང་སྟེ། དངོས་པོ་རྟག་པ་ཡོད་དོ་སྙམ་པར་འབྱུང་བ་དེ་བཞིན་དུ་ཚོགས་པ་དེ་དང་དེ་ལ་བརྟེན་ནས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང། སེམས་དང་སེམས་བྱུང་བ་དང། མཚན་ཉིད་གཞི་དང་མཚན་ཉིད་ལ ་སོགས་པའི་བདག་ཉིད་ཅན་དང་དེའི་ཉེ་བར་ལེན་པ་ཅན་རྩ་དང་བྱམ་དང་རྫས་ལ་སོགས་པ་ཚོགས་པ་ཁྱིམ་ལ་སོགས་པ་དང་དངོས་པོ་ཚོགས་པ་བུམ་པ་ལ་སོགས་པ་དང་དངོས་པོ་ཚོགས་པ་བདག་དང་ནམ་མཁའ་ལ་སོགས་པ་ཡོད་དོ། །ཚོགས་པ་ལས ་ལོགས་ཤིག་ཏུ་མཚན་ཉིད་མ་གྲུབ་པའི་ཆོས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང། སེམས་དང་སེམས་ལས་བྱུང་བ་དང། བུམ་པ་ལ་སོགས་པ་གཟུགས་བརྙན་དང་བྲག་ཆ་ལ་སོགས་པ་དང་འདྲ་བ་དེ་དང་དེ་ལས་སོ་སོ་སོ་སོར་འཇིག་རྟེན་པའི་ཕྱིན་ཅི ་ལོག་ཚད་མར་བྱས་ཏེ་འཇིག་རྟེན་གཞུག་པར་བྱ་བའི་ཕྱིར་ཉེ་བར་བླངས་ནས་སམ་བརྟེན་ནས་རང་དང་སྤྱིའི་མཚན་ཉིད་དུ་འཇོགས་པ་ཙམ་ཞིག་བྱེད་ལ། དེ་དག་ཀྱང་སྐྱེ་བ་ན་ཚོགས་པ་ཁོ་ན་སྐྱེ་ཞིང་ཚོགས་པ་ཁོ་ན་འགག་པར་འགྱུར་རོ། །དེའི་ཕྱིར་ཚོགས ་པ་དེ་ཇི་ལྟ་བ་བཞིན་མ་ཤེས་པ་དང་བལྟ་བ་ཉེས་བས་རྒོལ་བ་དག་ལ་སོགས་པས་མོ་ལ་རང་གི་ངོ་བོས་ཡོངས་སུ་གྲུབ་པར་རྟོག་ཅིང་ཕྱིན་ཅི་ལོག་ཙམ་ལས་རིག་པ་མེད་པའི་དངོས་པོ་ཁོ་ན་རྟོགས་སོ། །གལ་ཏེ་དེ་ལྟར་དངོས་པོ་མེད་པས་ཁོ་བོ་ཅག་གི་དངོས་པོར་ལྟ་བ་ཕྱིན་ཅི་ལོག་ཡིན་ན། ་ཁྱོད་ཀྱང་དངོས་པོ་ཁས་མི་ལེན་ན་དངོས་པོ་མེད་པར་བལྟ་བར་འགྱུར་ན་ད་ཡང་ཤིན་ཏུ་མི་རིཊ་ཏེ། མཐོང་བ་དང་མ་མཐོང་བ་དང་འགལ་བའི་ཕྱིར་རོ་ཞེ་ན། བཤད་པར་བྱ་སྟེ། བདག་ནི་དངོས་པོ་མེད་པར་སྨྲ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་སྨྲ་བ་ཡིན་པའི ་ཕྱིར་རོ། །ཅི་ཁྱོད་དངོས་པོར་སྨྲ་བ་ཞིག་གམ་ཞེ་ན་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཁྱོད་ཅི་སྨྲ་བ་ཞིག་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བར་སྨྲ་བའོ། །ཡང་རྟེན་ཅིང ་འབྲེལ་པར་འབྱུང་བའི་དོན་གང་ཞེ་ན། རང་བཞིན་མེད་པའི་དོན་དང། རང་བཞིན་གྱིས་མ་སྐྱེས་པའི་དོན་དང། སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་དང་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་དང་རྨི་ལམ་དང་མཚུངས་པའི་རང་བཞིན་ཅན་གྱི་འབྲས་བུ་འབྱུང་བའི་དོན་དང། ་སྟོང་པ་ཉིད་བདག་མེད་པའི་དོན་ཏོ། །འདི་ལྟར། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ན་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། དེས་ན་བདག་ནི་ཡོད་མ་ཡིན། །འདི་ན་གང་ལ་རང་གི་ངོ་བོ་དང་རང་བཞིན་དང་རང་དབང་དང་གཞན་ལ་རག་མ་ལས་པ ་ཉིད་ཡིན་པ་དེ་ལ་ནི་རང་ལས་གྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པ་མ་ཡིན་ན་འདུས་བྱས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་ཡིན་ནོ། །དེ་ལྟར་ན་དངོས་པོ་གང་ལ་བརྟེན་ནས་འབྱུང་བ་ཡོད་པ་དེ་ནི་རང་དབང་དུ་མི་འགྱུར་ཏེ། རྒྱུ་དང ་རྐྱེན་ལ་རག་ལས་སྐྱེ་བའི་ཕྱིར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེའི་ཕྱིར་དངོས་པོ་གང་ལ་ཡང་བདག་སྟེ་རང་བཞིན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་རང་དབང་བའི་རི་བོ་དང་བྲལ་བའི་ཕྱིར་རང་དབང་བའི་ངོ་བོ་དང་བྲལ ་བའི་དོན་སྟོང་པ་ཉིད་ཀྱི་དོན་ཡིན་གྱི་ཐམས་ཅད་དངོས་པོ་མེད་པའི་དོན་མ་ཡིན་ནོ། །དེའི་ཕྱིར་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་ཤིང་སྒྱུ་མ་དང་འདྲ་བ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་ལ་སྐུར་བ་བཏབ་པས་དེ་མེད་པར ་ལྟ་བ་ཕྱིན་ཅི་ལོག་ཡིན་ལ་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར་ན་དངོས་པོར་ལྟ་བ་ཡང་ཕྱིན་ཅི་ལོག་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པ་དང་རྟག་པ་དང་ཆད་པར་ལྟ་བའི་སྐྱོན ་དུ་འགྱུར་རོ། །ཅི་སྟེ་གལ་ཏེ་རང་དབང་མེད་པའི་དོན་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡིན་ན་ནི་འོ་ན་གང་ཁྱེད་ཀྱིས་ངེས་ཅག་ལ་གནོད་པར་འགྱུར་བ་ཁྱོད་དང་དེད་ཅག་ལ་ཁྱད་པར་ཅི་ཡོད་སྙམ་དུ་སེམས་ན་བཤད་པར་བྱ་སྟེ། །གང་ཁྱེད་ཀྱིས་རྟེན་ཅིང ་འབྲེལ་པར་འབྱུང་བའི་དོན་ཇི་ལྟ་བ་བཞིན་རྟོག་པ་དང་བརྗོད་པ་མི་ཤེས་པ་འདི་ནི་ཁྱད་པར་རོ། །ཇི་ལྟར་བྱིས་པ་གཞོན་ནུ་ཐ་སྙད་ལ་མ་བྱང་བས་གཟུགས་བརྙན་ལ་བདེན་པར་གྱུར་པར་ལྷག་པར་སྒྲོ་བཏགས་པས་ཇི་ལྟ་བ་བཞིན་གནས་པའི་རང་བཞིན་སྟོང་པ ་ཉིད་བསལ་ནས་རང་བཞིན་དང་བཅས་པར་རྟོགས་ན་གཟུགས་བརྙན་རྟོག་མི་ཤེས་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་ཀྱང་གཟུགས་བརྙན་དང་མཚུངས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་སྟོང་པ་ཉིད་དུ ་གྱུར་ཀྱང་རང་གི་ངོ་བོས་ཇི་ལྟར་གནས་པ་བཞིན་ཁོང་བུ་ཆུད་པར་མི་ཤེས་ཏེ། རང་བཞིན་མེད་པ་ཉིད་དུ་མི་འཛིན་པའི་ཕྱིར་དང། །ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ལ་ཡོད་པའི་རང་གི་ངོ་བོ་ཉིད་དུ་ལྷག་པར་སྒྲོ་བཏགས་ན་འཛིན་པའི་ཕྱིར་རོ། །བརྗོད ་ཀྱང་མི་ཤེས་ཏེ། རང་བཞིན་མེ་དཔ་ཉིད་དུ་མི་བརྗོད་པའི་ཕྱིར་དང་དངོས་པོའི་རང་གི་ངོ་བོ་ཉིད་དུ་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རྟོགས་པ་དང་བརྗོད་མི་ཤེས་པ་ན་བདག་ཉིད་དང་གཞན་ཉིད་བསླུ་བར་བྱེད་དོ། །དེའི་ཕྱིར་ཁོ་བོ་ཅག་ཚེས ་ཚེགས་ཆེ་བ་འདིར་གནས་པས་བསྟན་བཅོས་བྱེད་པའི་རྩོམ་པ་འདི་འབྲས་བུ་མེད་པ་མ་ཡིན་ནོ། །གང་གི་ཕྱིར་འགལ་ལ་ཡང་ངོ་བོ་ཉིད་ཀྱི་སྐྱེ་བ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། འབྲས་བུ་མེད་པར་དངོས་པོ་ནི། །ཀུན་ལ་འདུ་བ་ཡོད་མ་ཡིན། །འབྲས་བུའི ་དོན་དུ་འདུ་བ་གང། །དེ་ནི་འཕགས་ལ་མ་འདུས་པའོ། །གལ་ཏེ་དངོས་པོ་རྣམས་ཀྱི་འཇུག་པ་རང་བཞིན་པར་འགྱུར་ན་ནི་དེ་རྟག་པ་དང་འབྲས་བུ་ལ་བལྟོས་པར་མི་འགྱུར་ཏེ་རང་བཞིན་ནི་འབྲས་བུ་ལ་མི་བལྟོས་སོ། །གཅིག་གི་དངོས་པོས་ནི་འགགས་ཀྱང ་འབྲས་བུ་ཅུང་ཟད་ཀྱི་སྒྲུབ་པར་མི་ནུས་པས་ཚོགས་པའི་འབྲས་བུ་བསྒྲུབ་པར་བྱ་བ་ལ་ཕན་ཚུན་འདུ་བར་ཡང་འགྱུར་ལ། གང་ཞིག་འབྲས་བུའི་ཆེད་དུ་འདུ་བ་དེ་ནི་དེའི་རང་བཞིན་གཞིགས་པའི་འཕགས་པ་རྣམས་ལ་འདུ་བ་མེད་པ་ཞིག་སྟེ་བདེན་པར་གྱུར་པ་ཉིད་དེ ་མངོན་པར་མི་བཞེད་དོ།། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་དངོས་པོའི་རང་གི་ངོ་བོ་ལྷག་པར་སྒྲོ་འདོགས་པར་བྱེད་པ་ཉོན་མོངས་པ་ཅན་གྱི་མི་ཤེས་པའི་དབང་གིས་དངོས་པོ་རྣམས་ལ་ཆགས་པ་དང་ལྡན་ཞིང་འཁོར ་པ་འཇུག་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་འགགས་པ་ལས་འཁོར་བ་ལྡོག་པར་རྣམ་པར་བཞག་གོ་ཞེས་བསྟན་པའི་ཕྱིར་བཤད་པ། སྲིད་པའི་ས་བོན་རྣམས་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་བ་ནི། །སྲིད་པའི ་ས་བོན་འགག་པར་འགྱུར། །ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་རྣམ་པར་ཤེས་པ་སྲིད་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་ལོག་པ་ལས་ཉན་ཐོས་དང་རང་སངས་རྒྱས་དང། མི་སྐྱེ་བའི་ཆོས་ལ ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ལྡོག་པ་རྣམ་པར་བཞག་གོ་།དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་ས་བོན་བྱང་ཆུབ་གྱི་སེམས་དེ་ནི་དེ་རྣམས་ལ་མི་ལྡོག་སྟེ། ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཡེ ་ཤེས་རྙེད་པ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །གང་དག་གིས་བྱང་ཆུབ་ཀྱི་སེམས་རྣམ་པ་དེ་ལྟ་བུ་མ་བསྐྱེད་པ་དེ་དག་གིས་ཀྱང་ཕྱིས་གདོན་མི་ཟ་བར་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པས་བླ་ན་མེད་པའི་ཡེ་ཤེས་ཐོབ?་བར་བྱ་བ་ཁོ ་ན་སྟེ། འདི་ནི་འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལ་སོགས་པ་ལ་བཙལ་བར་བྱའོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་མཐར་འཛིན་པ་དགག་པ་བསྒོམ་པ་བསྟན་པ་ཞེས ་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའི་འགྲེལ་པའོ།། །།འདིར་སྨྲས་པ། འདུས་བྱས་རང་བཞིན་གྱིས་ཡོད་པ་ཉིད་དེ་དེའི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །བོང་བུའི་རྭ་ལ་སོགས་པ་ཡོད་པ་མ་ཡིན་པ་ལ་འདུས་བྱས་ཀྱི་མཚན་ཉིད ་ཡོད་པ་མ་ཡིན་ན་འདུས་བྱས་ལ་ནི་འདུས་བྱས་ཀྱིས་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡོད་པ་ཡང་ཡིན་ནོ། །དེའི་ཕྱིར་འདུས་བྱས་ཡོད་དེ་ཞེ་ན། བཤད་པར་བྱ་སྟེ། གལ་ཏེ་དེའི་མཚན་ཉིད་ལྷ་ཞིག་ཏུ་འགྱུར་ན་ནི་འདུས་བྱས་ཡོད་པར་འགྱུར་ན་ཡོད་པ ་ཡང་མ་ཡིན་ནོ། །ཇི་ལྟར་བྱས་ཏེ་ཞེ་ན། འདི་ན་སྐྱེ་བ་འདི་འདུས་བྱས་ཀྱི་དངོས་པོ་བསྐྱེད་པ་ན་འདུས་བྱས་མེད་པ་འམ་ཡོད་པ་ཞིག་བསྐྱེད་གང་ན། དེ་ལ་རེ་ཞིག་གར་འབྲས་བུ་མེད་པར་སྨྲ་བདེའི་ལྟར་ན་ས་བོན་གྱི་གནས་སྐབས་ན་མྱུ་གུ་མེད་པའི ་ཕྱིར་རྒྱུ་དང་རྐྱེན་གྱི་ཚོགས་པས་ས་བོན་གྱི་མཛའ་ཨི་སྐད་ཅིག་ལས་མྱུ་གུ་སྐྱེའོ། །དེའི་ཕྱིར་རྒོལ་བ་དེའི། ཐ་མར་མེད་པ་སྐྱེ་བར་འགྱུར། ཞེས་བྱ་བ་ཕྱོགས་ཡིན་ནོ། །ཡོད་པ་མ་ཡིན་པ་ནི་འབྱུང་བར་རིགས་པ་ཡང་མ་ཡིན་པ་སྟེ། བོང་བུའི་རྭ་ལ་སོགས ་པ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དེས་ན་མེད་པ་ག་ལ་སྐྱེ་ཞེས་བྱ་བ་སྨོས་སོ། །དེས་ན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་རྒྱུ་སོ། །ག་ལ་ཞེས་བྱ་བ་ནི་མི་སྲིད་པ་ལ་སྟེ། ཡོད་པ་མ་ཡིན་པའི་ཕྱིར་མེད་པ་ལ་སྐྱེ་བ་མེད ་དོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཉེས་པ་འདིས་འཇིགས་ནས་འབྲས་བུ་ཡོད་པར་སྨྲས་པ་ཡོད་པ་ཁོ་ན་ལ་སྐྱེ་བ་འདོད་ན། དེ་ལྟ་ན། ཡོད་པ་གདོད་མར་སྐྱེ་འགྱུར་བ། །དེས་ན་ཡོད་པ་ག་ལ་སྐྱེ། །གལ་ཏེ་སྐྱེ་བའི་ཆེས་སྔ་རོལ་ས་བོན་གྱི་གནས་སྐབས་ཁོ་ནར་མྱུ་གུ་སྐྱེ ་བུར་རྟོག་ན་དེའི་ཚེ་སྐྱེ་བར་མི་འགྱུར་ཏེ་ཡོད་པའི་ཕྱིར་ཅི་སྟེ་ཡོད་པ་ལ་སྐྱེ་བར་ཡོངས་སུ་རྟོག་ན་དེའི་ཚེ་སྐྱེ་བ་ཐུག་པ་མེད་པར་འགྱུར་ཞིང། དེ་ལ་སླར་སྐྱེ་བས་བྱས་པའི་བོགས་སུ་ཡང་འགྱུར་ན་དེ་ནི་སྲེད་པ་ཡང་མ་ཡིན་པས་ཡོད་པ་ལ་ཡང་སྐྱེ་བ་ཡོད་པ་མ་ཡིན་གཞན་ཡང། ་འབྲེས་བུ་ཡིས་ནི་རྒྱུ་བཤིག་པ། །དེས་ན་མེད་པ་སྐྱེ་མི་འགྱུར། །གང་གི་ཕྱིར་མྱུ་གུ་སྐྱེ་བཞིན་པས་རྒྱུ་ས་བོན་ཞེས་བྱ་བ་བཤིག་པ་དེའི་ཕྱིར་མྱུ་གུ་མེད་པ་ཁོ་ན་ས་བོན་ལས་སྐྱེའོ་ཞེས་བྱ་བ་ཡང་མི་རིགས་སོ། །ཇི་ལྟར་ནས་དང་གྲོ་ལ་སོགས་པ ་དག་ལ་ཡོད་པ་མ་ཡིན་པའི་ས་ལུའི་མྱུ་གུ་དེ་དག་རྣམ་པར་འགྱུར་བས་སྐྱེ་བ་མ་ཡིན་པ་དེ་བཞིན་དུ་ཡོད་པ་མ་ཡིན་པས་ས་ལུའི་ས་བོན་རྣམ་པར་འགྱུར་བས་ཀྱང་སྐྱེ་བ་མ་ཡིན་པ་ཞིག་ན་འབྲུ་མར་བྱུང་ན་ཏིལ་ལ་སོགས་པ་དག་ལྟར་མྱུ་གུ་སྐྱེ་པ་ན་ས ་བོན་དེ་འཇིག་པ་ཡང་ཡིན་ནོ། །དེའི་ཕྱིར་མེད་པ་མི་སྐྱེའོ། །གྲུབ་ལ་སྒྲུབ་བྱེད་ཡོད་མ་ཡིན། །དེའི་ཕྱིར་ཡོད་པ་མི་སྐྱེ་ཡི། །གྲུབ་ཟིན་པའི་མྱུ་གུ་ནི་སླར་འགྲུབ་པ་མ་ཡིན་པས་ཡོད་པ་ཡང་མི་སྐྱེའོ། །སྐྱེ་བའི་དུས་མི་སྲིད་པའི་ཕྱིར་ཡང་སྐྱེ་བ ་ཡོད་པ་མ་ཡིན་པར་བརྗོད་པའི་ཕྱིར་བཤད་པ། དེའི་ཚེ་སྐྱེ་བ་ཡོད་མིན་ཞིད། གཞན་ཚེ་སྐྱེ་བ་ཡོད་མ་ཡིན། །དེ་ཚེ་གཞན་ཆེ་མི་སྐྱེ་ན། ནི་ཞིག་སྐྱེ་བ་ཡོད་པར་འགྱུར། །གང་གི་ཚེ་མྱུ་གུ་འདི་བདག་གི་དངོས་པོ་རྙེད་པ་ཡིན་པ་དེའི་ཚེ་ནི་གྲུབ་པའི་ངོ་བོ་ཡིན་པའི ་ཕྱིར་འདི་ལ་སྐྱེ་བ་མི་སྲིད་དོ། །གང་གི་ཚེ་འདི་མ་གྲུབ་པའི་ངོ་བོ་ཡིན་པའི་དུས་དེར་ཡོད་འདི་སྐྱེ་བ་མི་རིགས་ཏེ། མ་གྲུབ་པ་ན་མེད་པ་ཉིད་ཀྱིས་རྟེན་པའི་སྐྱེ་བའི་བྱ་བ་མི་འབྱུང་བས་གཞན་གྱི་ཚེ་སྐྱེ་བ་མི་སྲིད་དོ། །ཅུང་ཟད་ཅིག་གྲུབ་ཅིང ་ཅུང་ཟད་ཅིག་མ་གྲུབ་པ་གྲུབ་བཞིན་པ་ལ་ཡང་ཕྱོགས་གཉིས་གར་བརྗོད་པའི་སྐྱོན་དུ་ཐལ་བའི་ཕྱིར་དེའི་ཆོ་དང་གཞན་གྱི་ཚེ་སྐྱེ་བ་མི་སྲིད་དོ། །གང་གི་ཚེ་དེ་ལྟར་དུས་གསུམ་ཆང་དུ་ཡང་སྐྱེ་བ་མི་སྲིད་པ་དེའི་ཚེ་དེ་ལས་ཐ་དད ་པ་གཞན་མི་སྲིད་པས་ནམ་ཞིག་སྐྱེ་བ་ཡོད་པར་འགྱུར་ཏེ། གང་དུ་འདི་སྐྱེ་བར་འགྱུར་བའི་དུས་དེ་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །འདིར་སྨྲས་པ། འོ་མ་ཞོའི་དངོས་པོར་འབྱུང་བར་སྐྱེ་བ་ཡིན་ནོ། །འདི་ཡང་མི་རིགས་ཏེ། ལོམ?་ལ ་ཞོའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །རེ་ཞིག་འོ་མའི་དངོས་པོར་གནས་པའི་འོ་མ་ལ་ན་དེའི་བདག་ཉིད་དུ་སྐྱེ་བ་མེད་དེ། དེའི་འོ་མའི་བདག་ཉིད་དེར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན། དེ་ལ་དེ་ཡིད་དངོས་པོ་རུ། །ཇི་ལྟར་སྐྱེ་བ་ཡོད་དེ་མིན་ལྟར། ། ་དེ་བཞིན་གཞན་གྱི་དངོས་པོར་ཡང། དེ་ལ་སྐྱེ་བ་ཡོད་མ་ཡིན། ཇི་ལྟར་འོ་མའི་ངོ་བོར་གནས་པའི་འོ་མ་ལ་སྐྱེ་བ་མི་སྲིད་པ་དེ་བཞིན་དུ་འོ་མ་ལས་གཞན་ཞོའི་དངོས་པོར་སྐྱེ་བ་ཡང་མི་སྲིད་དོ། །གང་ལས་འོ་མ་ཞོ་ཡིན་ན་ཞེས་བྱ་བར་འགྱུར་པའོ ་མ་ཞོ་ཞེས་བསྙད་པ་ཡང་མ་ཡིན་ཏེ། གང་གི་ཚེ་ཞོ་ཡིན་པ་དེའི་ཚེ་དེ་འོ་མ་མ་ཡིན་ལ། ཡང་གང་གི་ཚེ་དེ་འོ་མ་ཡིན་པ་དེའི་ཚེ་དེ་ཞོ་མ་ཡིན་པས་འོ་མ་ཞོར་འགྱུར་རོ་ཞེས་བྱ་བར་མི་རུང་ངོ། །འདི་ལས་ཀྱང་འདུས་བྱས་ལ་སྐྱེ་བ་མེད་དེ། འདི་ལྟར། ཐོགས ་བར་དང་ཐ་མ་རྣམས། །སྐྱེ་བའི་སྔ་རོལ་སྲིད་མ་ཡིན། །འདིར་ཐོག་མ་དང་བར་དང་ཐ་མ་དག་ནི་དངོས་པོའི་སྐྱེ་བ་དང་གནས་པ་དང་འཇིག་པ་སྟེ། རེ་ཞིག་དེ་དག་སྐྱེ་བའི་སྔ་རོལ་གྱི་གནས་སྐབས་ན། ཡོད་པའི་ངོ་བོར་མེད་པས་སྐྱེ་བའི་སྔ་རོལ་ན ་འདུས་བྱས་མི་སྲིད་དོ། །ཅི་སྟེ་སྐྱེ་བའི་དུས་ན་སྐྱེ་བ་ཡིན་ལ་གནས་པའི་དུས་ན་གནས་པ་ཡིན་ཞིང་འཇིག་པའི་དུས་ན་འཇིག་པའོ་སྙམ་ན། འདི་ཡང་མི་རིགས་ཏེ། འདི་ལྟར་གཉིས་གཉིས་དག་ནི་མེད་པ་རུ། །ཇི་ལྟར་རེ་རེ་རྩོམ་པར ་འགྱུར། །འདིར་སྐྱེ་བའི་དུས་ན་གནས་པ་དང་མི་རྟག་པ་གཉིས་མེད་པས་གནས་པ་དང། འཇིག་པ་དང་བྲལ་བའི་འདུས་བྱས་ཉིད་མེད་པའི་ཕྱིར་སྐྱེ་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་གནས་པའི་དུས་དང་འཇིག་པའི་དུས་སུ་ཡང་གཉིས་གཉིས་དག་མེད་པར་རེ་རེ ་འདུག་པ་མི་སྲིད་ལ། །དེ་མེད་པས་འདུས་བྱས་མ་ཡིན་ནོ། །འདི་ལས་ཀྱང་འདུས་བྱས་ཀྱི་སྐྱེ་བ་མི་རིགས་ཏེ་གང་གི་ཕྱིར། གཞན་གྱི་དངོས་པོ་མེད་པར་ནི། བདག་གི་དངོས་པོ་འབྱུང་བ་མེད། །དེ་ཡི་ཕྱིར་ན་བདག་གཞན་ནི། །གཉིས་ཀ་ལས་འབྱུང་ཡོད་མ་ཡིན། ་འདིར་བུམ་པ་ལ་རང་ལས་གྲུབ་པའི་ངོ་བོ་མེད་དེ་གྱོ་མོ་ལ་བལྟོས་པའི་ཕྱིར་རོ། །གྱོ་མོ་དེ་དག་ལ་ཡང་བདག་གི་དངོས་པོ་མེད་དེ་གསེག་མ་ལ་བལྟོས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་གཞན་གྱི་དངོས་པོ་གྱོ་མོ་མེད་ན་བུམ་ཡལ?་བདག་གི་དངོས་པོ་ཡོང་པམ ་ཡིན་ནོ། དེ་བཞིན་དུ་ཀྱོ་མོ་དག་ལ་གྱོ་མོའི་བདག་གི་དངོས་པོ་མེད་ན་གྱོ་མོ་དག་བུམ་པ་ལ་བལྟོས་ནས་གཞན་པ་ཉིད་དཱུང་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་བདག་གི་དངོས་པོ་མེད་པར་འགའ་ཡང་གཞན་ཉིད་དུ་མི་འགྱུར་བ་དེའི་ཕྱིར་གཉིས་ཀ་ལ་སྐྱེ་བ་མི་སྲིད ་དེ། བདག་དང་གཞན་དག་མི་སྲིད་པའི་ཕྱིར་རོ། །རང་གི་ངོ་བོ་མེད་པས་རང་ལ་སྐྱེ་བ་མི་སྲིད་དོ། །གཞན་ཡང་རང་གི་ངོ་བོས?་མ་གྲུབ་པའི་ཕྱིར་གཞན་ལ་ཡང་མི་སྲིད་པས་སྐྱེ་བ་མེད་དོ། །གཞན་ཡང་སྐྱེ་བ་མེད་པ་འདི་སྐྱེ་བ་པོའི་སྔ་རོལ་ལམ་ཕྱིས་སམ ་ཅིག་ཅར་རྟོག་གྲང་ན་དེ་ལ་གལ་ཏེ་སྔ་རོལ་ཏུ་ཡིན་ནི། མི་རིགས་ཏེ་རྟེན་མེད་པའི་ཕྱིར་རོ། །ཅི་སྟེ་གྱིས་ཡིན་ན་དེ་ཡང་མི་རིགས་ཏེ། མ་སྐྱེས་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་དང། སྐྱེ་བ་དོན་མེད་པའི་ཕྱིར་རོ། །ཅི་སྡེ་ཅིག་ཅར་ཡིན་ན་ནི་དེའི་ཚེ་གཉི་ག་ཡང ་ཕན་ཚུན་བལྟོས་པ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན། སྔོན་དང་ཕྱིས་དང་ཅིག་ཅར་ཞེས། བརྗོད་པ་ཉིད་དུ་མི་ནུས་པ། །དེའི་ཕྱིར་སྐྱེ་དང་བུམ་པ་ལ། །ཅིག་ཅར་འབྱུང་བ་ཡོད་མ་ཡིན། །གང་གི་ཕྱིར་སྐྱེ་བ་པོ་དང་སྐྱེ་བ་ལ་རིམ་པ་འདི་མི་སྲིད ་པ་དེའི་ཕྱིར་སྐྱེ་བ་དང་བུམ་པ་ལ་ཅིག་ཅར་འབྱུང་བ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་ཡོད་པ་མ་ཡིན་པ་དེའི་ཚེ་བུམ་པ་སྐྱེའོ་ཞེས་བྱ་བར་མི་རིགས་སོ། །འདིར་སྨྲས་པ། བུམ་པའི་སྐྱེ་བ་ཡོད་པ་ཉིད་དེ། གལ་ཏེ་འདི་སྐྱེ་བར་མི་འགྱུར་ན་ནི ་དེའི་ཚེ་འདིའི་རྙིང་པའི་ངོ་བོར་མི་འགྱུར་བ་ཞིག་ན། འདི་ལ་གོག་པོ་ཉིད་ཀྱི་མཚན་ཉིད་ཅན་རྙིང་པའི་ངོ་བོ་ཡོད་པར་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་རྙིང་པའི་ངོ་བོ་ཡོད་པས་སྐྱེ་བ་ཡོད་པ་ཉིད་དོ། །བཤད་པར་བྱ་སྟེ། གལ་ཏེ་འགའ་ཞིག་ལ་རྙིང་པ ་ཉིད་ཡོད་ན་ནི་སྐྱེ་བ་ཡོད་པར་འགྱུར་ན་སྲིད་པ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ནི་གལ་ཏེ་རྙིང་པ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་ན་ནི་སྔར་སྐྱེས་པ་ཉིད་དི་ཕྱིས་སྐྱེ་བ་ཞིག་ཡིན་གྲང་ན་གཉི་ག་ལྟར་ཡང་མི་སྐྱེའོ་ཞེས་བསྟན་པའི་ཕྱིར་བཤད་པ། སྔར་སྐྱེས ་པའི་ཕྱིར་ན་ནི། །སྔར་སྐྱེས་རྙིང་པར་མི་འགྱུར་ཞིང། །ཕྱི་ནས་ཀུན་ཏུ་སྐྱེས་པ་ཡང། །ཕྱི་ནས་སྐྱེས་པར་མི་འགྱུར་རོ། །རྙིང་པའི་རྙིང་པ་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་དངོས་པོ་སྔར་སྐྱེས་པ་ལ་རྟོག་ན། བུམ་པའི་སྔར་སྐྱེས་པའི ་གནས་སྐབས་ནི་རྙིང་པ་ཉིད་དུ་མི་རིགས་ཏེ། དེའི་ཚེ་དེ་ལ་གསར་པ་ཞེས་བསྙད་པའི་ཕྱིར་རོ། །ཕྱིས་སྐྱེ་བའི་གནས་སྐབས་ཁེ་ཚང་མ་ལ་ཡང་ཕྱིས་སྐྱེས་པའི་ཕྱིར་སར་པ་ཡིན་པས་རྙིང་པ་ཉིད་དུ་ག་ལ་འགྱུར། གལ་ཏེ་སྔར་སྐྱེས་པ་དེ་ད་ལྟར ་རྙིང་པ་ཡིན་ནོ་ཞེ་ན། ཅི་སྟེ་དེ་ཉིད་ཡིན་ནམ། གཞན་ཡིན། གལ་ཏེ་དེ་དེ་ཉིད་ཡིན་ན་ནི་དེའི་ཚེ་སར་པའི་གནས་སྐབས་མ་ཉམས་པའི་ཕྱིར་དེ་རྙིང་པ་མ་ཡིན་ནོ། །ཅི་སྟེ་གཞན་ཡིན་ན་ནི་དེ་ཡང་དེ་ལྟར་སྐྱེས་བའི་ཕྱིར་སར་པ་ཁོ་ནར ་འགྱུར་བས་དེ་རྙིང་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་རྙིང་པ་ཉིད་མེད་པས་དེ་ཡོད་པས་མཚོན་པའི་སྐྱེ་བ་མི་སྲིད་དོ། །དེ་ལྟར་རྣམ་པར་དཔྱད་པ་གྲུབ་པ་ཡིན་དང་དུས་ཆེས་ཡུན་རིང་བར་ཏིང་ངེ་འཛིན་བསྐོམས་པས་རྒ་བ་དང་འཁོར་བ ་རྙིང་པར་བྱེད་ཅིང་ཕམ་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པ་བསྒོམས་པས་ཀྱང་འཆི་བའི་མི་དགའ་བ་འཇོམས་ཤིད་ཕམ་པར་བྱེད་དོ། །ཇི་སྐད་དུ་རེའི་ཚེ་རྒ་བ་རྒྱ་ཆེན་ནི། །མེད་ཅིང་སྡུག་བསྔལ་འཆི་བ་མེད། །ཅེས་བྱ ་ལ་གསོགས་པ་དང། དེ་བཞིན་དུ། གང་ཞིག་རྟག་ཏུ་སྐྱེ་བ་སྐྱེ་མེད་པར། །ཤེས་དེ་འཆི་བདག་ཕ་རོལ་འདའ་བར་འགྱུར་ཞེས་རྒྱ་ཆེར་གསུངས་སོ། །འདི་ལས་ཀྱང་སྐྱེ་བ་མི་སྲིད་དོ། །དུས་གསུམ་ཅར་དུ་ཡང་དེ་མི་རིགས་པའི་ཕྱིར་རོ། །དེ་ཉིད ་བསྟན་པའི་ཕྱིར་བཤད་པ། ད་ལྟར་བའི་དངོས་པོ་ནི། དེ་ཉིད་ལས་བྱུང་མ་ཡིན་ཞིང། །མ་འོངས་ལས་འབྱུང་ཡོད་མིན་ལ། །འདས་པ་ལས་ཀྱང་ཡོད་མ་ཡིན། །ད་ལྟར་བའི་དོན་འདི་ཉིད་ལས་དེ་ཉིད་འབྱུང་བ་ནི་མེད་དེ། །རྒྱུ་དང་འབྲས་བུ་དག ་ཅིག་ཅར་མེད་པའི་ཕྱིར་ལ། ཅིག་ཅར་པ་ཉིད་དུ་ཡོང་ན་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པའི་ཕྱིར་རོ། །མ་འོངས་པ་ལས་བྱུང་བ་ཡོད་མིན་ཏེ། མ་འོངས་པ་ཡོད་པ་མ་ཡིན་པའི་ཕྱིར་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །འདས་པ་ལས ་ཀྱང་འབྱུང་བ་ཡོད་པ་མ་ཡིན་ཏེ། འདས་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་དུས་གསུམ་ཆར་དུ་ཡང་འབྱུང་བ་ཡོད་པ་མ་ཡིན་པ་དེའི་ཚེ་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་བྱ་བ་གནས་སོ། །གཞན་ཡང་གལ་ཏེ་དངོས་པོ་དེ་དག་ལ ་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་རང་བཞིན་ལ་ལྡོག་པ་མེད་པས་དངོས་པོ་སྐྱེས་པའི་རང་བཞིན་མ་བྱུང་བ་ལས་བྱུང་བ་མེད་པའི་ཕྱིར་གཤེད་ནས་འོངས་པར་འགྱུར་རོ། །འགགས་པའི་རང་བཞིན་ལ་ཡང་བྱུང་ནས་མེད་པ་མེད་པའི་ཕྱིར་གཤེད་དུ་འགྲོ་བར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དེ་ལྟར་ན་མིག་ནི་སྐྱེ་བ་གང་ནས་འོངས་པ་མ་ཡིན་ལ། འགག་པ་ན་གར་ཡང་འགྲོ་བ་མ་ཡིན་ནོ་ཞེས་གསུངས་ལ། དེ་བཞིན་དུ་འཕགས་པ་གླང་པོ་རྩལ་གྱི་མདོ ་ལས། གལ་ཏེ་ཆེས་རྣམས་རང་བཞིན་ཡོད་འགྱུར་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཐུག་ཆོས་ནི་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་དང་བྲལ་མི་འགྱུར། ཞེས་གསུངས ་སོ། དེའི་ཕྱིར་དེ་ལྟར་ན་དོན་གང་ཞིག་།སྐྱེས་པ་ལ་ནི་འོང་བ་དང། །དེ་བཞིན་འགགས་ལ་འགྲོ་བ་མེད་པ་དེ་ལས་ངེས་པར་རང་བཞིན་མེད་དོ། །གལ་ཏེ་དེ་ལ་རང་བཞིན་མེད་ན། ཅི་ཞིག་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གང་ཀུན་ནས་ཉོན་མོངས ་པ་དང་རྣམ་པར་བྱང་བའི་རྒྱུར་བྱས་པའི་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡོད་ལ། སྒྱུ་མར་བྱས་པའི་གླང་པོ་ཆེ་དང་རྟ་ལ་སོཊ་པ་དང་འདྲ་བ་དེ་ཡང་བྱིས་པ་ཕྱིན་ཅི་ལོག་པ་དག་གིས་རང་བཞིན་དང་བཅས་པ་ཉིད་དུ་ཡོངས་སུ་རྟོག་གོ། འཕགས ་པ་རྣམས་ཀྱིས་ནི་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་ལྟར་རང་བཞིན་མེད་པ་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་དོ། །ཇི་སྐད་དུ་མདོ་ལས། སེམས་ཅན་མི་དང་ཤེད་སྐྱེས་ཀྱང་རུང་སྟེ། འདིར་སྐྱེ་ཤི་བ་འགའ་ཡང་སྐྱེ་མི་འགྱུར། །ཆོས ་ཀུན་རང་བཞིན་སྒྱུ་འདྲ་སྟོང་པ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན་ཞེས་གསུངས་ལ། དེ་བཞིན་དུ་ཆོས་ཀུན་སྒྱུ་མ་འདྲ་ཞིང་དེ་བཞིན་དུ། །རྨི་ལམ་དང་མཚུངས་སྤྲིན་ལྟར་བལྟ་བྱས་ནས། །འདི་འདྲའི་ཆོས་ཀྱི་ཚུལ ་ལ་རྣམ་སྤྱོད་པ། །རྫོགས་པར་གནས་ཤིང་ཆོས་ལ་ལེགས་གནས་སྒོམ། །གང་ཞིག་བདག་དང་བདག་གི་སྙམ་སེམས་ཤིང། །དངོས་པོ་ཕྲ་མོ་དེ་བཞིན་དུ་ཞེན་པ། འཛིན་གནས་མི་མཁས་དེ་ནི་འཇིགས་འགྱུར་ཏེ། །ཆགས ་ཤིང་སྡད་ལ་དེ་བཞིན་རྨོངས་པར་འགྱུར། །ཤཱཀྱའི་སྨྲས་པོ་རང་བཞིན་མེད་པའི་ཆོས། །རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་འགྱུར་ཏེ། །ནམ་མཁའ་ལྟ་བུའི་སེམས་དང་ལྡན་པ་ནི། །ལེགས་པར་མཐོང་ནས་མི་འཁོར་གྲོལ་མི ་འགྱུར། །ཞེས་གསུངས་སོ། །སློབ་དཔོན་ཡང་འཕགས་པའི་ཡེ་ཤེས་ལ་བལྟོས་ནས་རྣམ་པར་དཔྱོད་པའི་འབྲས་བུ་བརྗོད?་པའི་ཕྱིར་གསུངས་པ་ནི། །དེ་ལྟར་ཡིན་ན་ཇི་ལྟ་བུར་།སྲིད་པ་སྒྱུ་མ་འདྲ་མ་ཡིན། ཞེས་བྱ་བ་སྟེ། རྟེན་ཅིང་འབྲེལ་པར ་འབྱུང་བ་ནི་ཇི་ལྟ་བ་བཞིན་མཐོང་བ་སྒྱུ་མ་བྱས་པ་ལྟ་བུར་འགྱུར་གྱི་མོ་གཤམ་གྱི་བུ་ལྟ་བུ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་སྤྱོད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས་འདུས་བྱས་སྐྱེ་བ་མེད་པར་བསྟན་པར་འདོད་ན་ནི་དའི་ཚེ་དེ ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི་མོ་གཤམ་གྱི་བུ་ལ་སོགས་པ་དག་གིས་ཉེ་བར་གཞལ་བར་འགྱུར་བ་ཞིག་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པར་ཐལ་བར་འགྱུར་བའི་འཇིགས་པས་དེ་དག་དང་བསྟུན་??་མི་བྱེད་ཀྱི། དེ་དང་མི་འགལ་བསྒྱུ་མ་ལ ་སོགས་པ་དག་དང་ནི་བྱེད་དོ། །དེའི་ཕྱིར་འཕགས་པ་ནི་སྒྱུ་མ་བྱས་པ་ལྟ་བུའི་སྲིད་པ་སྙིང་པོ་མེད་པ་ཉིད་དུ་གཟིགས་པ་ན་སྙིང་པོ་མེད་པའི་འཁོར་བ་ལ་ཆགས་པ་ཐམས་ཅད་ཡོངས་སུ་ཟད་པས་རྣམ་པར་གྲོལ་བར་འགྱུར་བས་འདི་ལ་མི་རིགས་པ་ཅི་ཡང ་མེད་དེ། འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐུར་པ་མ་བཏབ་པས་འཇིག་རྟེན་པའི་རྣམ་པར་བཞག་པ་ཐམས་ཅད་མི་འཇིག་ལ་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པས་ཐར་པ་འགྲུབ་པའི་ཕྱིར་རོ། །དེ་ལྟར་འདུས་བྱས་སྒྱུ་མ་བྱས་པ་ལྟ་བུར་བརྗོད ་ནས་དེའི་མཚན་ཉིད་རྣམས་ཀྱང་ཡོད་པའི་ངོ་བོ་མ་ཡིན་པར་བསྟན་པའི་ཕྱིར་བཤད་པ། སྐྱེ་དང་གནས་དང་འཇིག་པ་རྣམས། །ཅིག་ཅར་འབྱུང་བ་ཡོད་མིན་ཞིང། །རིམ་གྱིས་འབྱུང་བ་ཡོད་མིན་ན། །ནམ་ཞིག་འབྱུང་བ་ཡོད་པར་འགྱུར། །རེ ་ཞིག་ཕན་ཚུན་འགལ་བའི་ཕྱིར་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་སྐད་ཅིག་མ་གཅིག་ལ་འབྱུང་བ་ནི་མེད་དོ། །རིམ་གྱིས་ཀྱང་འགྱུར་བ་ཡོད་པ་མ་ཡིན་ཏེ། གཉིས་གཉིས་དག་མེད་པར་རེ་རེ་འབྱུང་བ་མེད་པའི་ཕྱིར་རོ། །རིམ་དང་ཅིག་ཅར་མ་གཏོཊ ་པར་གྲུབ་པའི་རྒྱུ་གཞན་མ་གཟིགས་པའི་ཕྱིར། ནམ་ཞིག་འབྱུང་པ་ཡོད་པར་འགྱུར་ཞེས་བྱ་བ་སྨོས་སོ། །གཞན་ཡང་སྐྱེ་བ་ལ་སོགས་པ་འདི་རྣམས་འདུ་བྱེད་ཀྱི་ཕུང་པོའི་ཁོངས་སུ་གཏོགས་པའི་ཕྱིར་འདུས་བྱས་ཉིད་ཡིན་ཏེ། ་དེའི་ཕྱིར་དེས་པར་དེ་རྣམས་པ་ཡང་འདུས་བྱས་ཀྱི་མཚན་ཉིད་གཞན་དག་གཅིག་འགྱུར་པར་བྱ་དགོས་སོ། །ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བ་ལ་སོགས་ཐམས་ཅད་ལ་།སླར་ཡང་ཐམས་ཅད་འབྱུང་སྟེ། །དེ་ལས་འཇིག་པ་སྐྱེ་འདྲ་ཞིང། །གནས ་པ་འཇིག་དང་འདྲ་བར་སྣང། །སྐྱེ་བ་ལ་སོགས་ཏེ་སྐྱེ་བ་དང་གནས་པ་དང་འཇིག་པ་འདུས་བྱས་ཉིད་དུ་ཁས་བླངས་པ་རྣམས་ལ་སླར་ཡང་ཐམས་ཅད་འབྱུང་བ་སྟེ། ཡང་ཐམས་ཅད་འབྱུང་བར་འགྱུར་རོ། །ཡང་འབྱུང་བ་ཡིན་ན་ནི་སྐྱེ་བ་ལ་སྐྱེ་བ ་གཞན་དུ་འགྱུར་རོ། །ཇི་ལྟར་སྐྱེ་བ་ལ་སྐྱེ་བ་གཞན་ཡིན་བའི་ཚུལ་དེ་ལས་འཇིག་པ་སྐྱེ་འདྲ་ཞིང་སྡེ། འཇིག་པ་ལ་ཡང་འདུས་བྱས་ཡིན་པས་མཚན་ཉིད་གསུམ་དང་ལྡན་ནོ། །དེའི་ཕྱིར་འཇིག་པ་ལ་ཡང་འཇིག་པ་གཞན་ཡོད་པས་འཇིག ་པའི་འཇིག་པར་འགྱུར་རོ། །དེ་བཞིན་དུ་གནས་པ་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་གསུམ་ཡོད་དང། གནས་པའི་གནས་པར་འགྱུར་བས་གནས་པ་འཇིག་པ་དང་འདྲ་བར་སྣང་ངོ། །དེ་དག་ལའང་འདུས་བྱས་ཡིན་པའི་ཕྱིར་གཞན་དག་ཏུ་འགྱུར ་བར་བྱ་དགོས་ལ། དེ་དག་ལ་ཡང་གཞན་དག་ཡིན་ཞིང། དེ་ལ་ཡང་གཞན་དག་ཏུ་འགྱུར་བས་ཐུག་པ་མེད་དེ། །ཐུག་པ་མེད་པ་ཡིན་ན་ཡང་དངོས་པོ་ཐམས་ཅད་མི་འགྲུབ་པས་འདུས་བྱས་ཀྱི་མཚན་ཉིད་རྩམ་རང་བཞིན་གྱིས་མེད་དོ། །གཞན ་ཡང་མཚན་ཉིད་འདི་རྩམས་འབྱུང་བ་ན་མཚན་གཞི་ལས་ཐ་དད་པའི་ངོ་བོ་ཅན་ཞིག་གམ་ཐ་མི་དད་པ་ཞིག་མཚན་ཉིད་ཀྱི་ལས་ལ་འཇུག་གྲང་ན། དེ་ལ་རེ་ཞིག། མཚན་ལས་མཚན་གཞི་གཞན་ཞན། །མཚན་གཞི་མི་རྟག་ཉིད་ག་ལས། །ཇི ་ལྟར་ཆོ་བ་དང་གྲང་བ་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་དག་གཅིག་ལ་གཅིག་མེད་པར་འགྱུར་བས་གཞན་ཉིད་དུ་གནས་པ་དེ་བཞིན་དུ་མཚན་གཞི་ཡང་མཚན་ཉིད་ལས་ཐ་དད་པར་འཇུག་པ་ན་མི་རྟག་པ་ཉིད་མེད་པར་ཡང་འབྱུང་པར་འགྱུར་ན། ་འདུས་བྱས་ནི་མི་རྟག་པ་ཉིད་མེད་པར་འབྱུང་བ་མ་ཡིན་པས་འདིའི་གཞན་ཉིད་མི་རིགས་སོ། །ཅི་སྟེ་ཉེས་པ་འདི་སྤང་བར་འདོད་ནས་མཚན་ཉིད་དང་མཚན་གཞི་གཞན་མ་ཡིན་པ་ཉིད་དུ་རྟོག་ན་ནི་དེའི་ཚེ་སྐྱོན་གཞན་འདི་ཡིན་ཏེ། འདི་ལྟར་ཡང་ན ་བཞི་ག་ཡང་ཡོད་པའི། །ངོ་བོར་གསལ་བར་ཡོད་མ་ཡིན། །གལ་ཏེ་མཚན་ཉིད་གསུམ་དང་མཚན་གཞི་གཅིག་ཉིད་དུ་ཁས་ལེན་ན། དེའི་ཚེ་མཚན་ཉིད་གསུམ་དང་མཚན་གཞི་སྟེ་??་ཡང་དངོས་པོ་མེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། འདིར ་གཅིག་ཉིད་དུ་ཁས་བླངས་པ་ཡིན་ནི་མཚན་གཞི་ཉིད་དུ། མི་རིགས་པའི་ཕྱིར་ལ་མཚན་གཞི་ཡང་མཚན་ཉིད་དུ་མི་རིགས་པའི་ཕྱིར་བཞི་ཅར་ཡང་མེད་བར་འགྱུར་བའམ། ཡང་ན་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་ཁས་བླང་བར ་མི་བྱའོ། །འདིར་སྨྲས་པ། སྐྱེ་བ་ལ་སོགས་པ་རྣམས་ནི་ཡོད་པ་ཉིད་དེ། དེ་དག་གི་རྒྱུ་མཚན་གྱི་རྒྱུ་ཡོད་པའི་ཕྱིར་རོ། །འདིར་མྱུ་གུ་ལ་སོགས་པ་རྣམས་རྒྱུའི་ཚོགས་པ་དེ་དང་དེ་ལ་བརྟེན་ནས་འབྱུང་བར་དེ་ལ་མཁས་པ་རྣམས་འཆད་དོ། །གལ་ཏེ་སྐྱེ་བ ་ལ་སོགས་པ་རྣམས་མེད་ན་ནི་རྒྱུའི་ཚོགས་པ་དོན་མེད་པ་ཉིད་དུ་འགྱུར་ན། དོན་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པ་རྣམས་ཡོད་པ་ཉིད་དོ། །བཤད་པར་བྱ་སྟེ། གལ་ཏེ་འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་ན་ནི་སྐྱེ་བ་ལ་སོགས་པ ་དག་ཏུ་འགྱུར་ན། སྲིད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། དངོས་པོ་དངོས་ལས་མི་སྐྱེ་སྟེ། དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་པོ་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །རེ་ཞིག་དངོས་པོ་མྱུ་གུ་གྲུབ་པའི་ངོ་བོ་ནི་དངོས་པོ ་ས་བོན་རྣམ་པར་མ་གྱུར་པ་ལས་སྐྱེ་བ་མི་སྲིད་དེ་རྣམ་པར་འགྱུར་བཞིན་པ་མ་ཡིན་པའི་ས་བོན་སྐྱེད་བར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་ལ། གྲུབ་པའི་མྱུ་གུ་དངོས་པོའི་ངོ་བོ་སླར་ཡང་སྐྱེ་བར་མི་རིགས་པའི་ཕྱིར་དངོས་པོ་དངོས་པོ་མེད་པ ་ལས་ཀྱང་མི་སྐྱེ་སྟེ། དངོས་པོ་མེད་པས་མེས་ཚིག་པའི་ས་བོན་ལ་ནི་འབྲས་བུ་བསྐྱེད་པའི་ནུས་པ་མེད་ལ་སྐྱེ་བའི་ངོ་བོ་ཅན་གྱི་དངོས་པོ་ལ་ཡང་སླར་སྐྱེ་བ་མེད་པས་དངོས་པོ་མེད་པ་ལས་མི་སྐྱེའོ། །དངོས་པོ་མེད་པ་དངོས་པོ་མེད་པ་ལས་ཀྱང་མི་སྐྱེ ་སྟེ། དངོས་པོ་མེད་པ་ལས་ཅུང་ཟང་ཀྱད་སྦྱི་པའི་ནུས་པ་མེད་པའི་ཕྱིར་ལ། དངོས་པོ་མེད་པ་ལ་མོ་གཤམ་གྱི་བུ་ལ་སོགས་པ་ལྟར་སྐྱེ་བ་མི་སྲིད་པའི་ཕྱིར་དངོས་པོ་མེད་པ་ལས་ཀྱང་དངོས་པོ་མེད་པ་མི་སྐྱེའོ། །དངོས་པོ་མེད་པ་ནི་དངོས་བོ་ལས་ཀྱང་མི ་སྐྱེ་སྟེ། བཤད་ཟིན་པའི་ཉེས་པ་ཐག་ཏུ་འབབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་དངོས་པོ་ལས་ཀྱང་དངོས་པོ་མེད་པ་མི་སྐྱེའོ། །གང་གི་ཚེ་དངོས་པོ་དང་དངོས་པོ་མེད་པ་ལས་དངོས་པོ་དང་དངོས་པོ་མེད་པ་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཚེ་སྐྱེ་བ་མི ་སྲིད་པས་རྒྱུ་དང་རྐྱེན་གྱི་ཚོགས་པས་དངོས་པོ་ཅི་ཞིག་ཡོད་དེ། འདི་ནི་གྱི་ནའོ། །འདི་ལས་ཀྱང་ཡོད་པ་མ་ཡིན་ཏེ། སྐྱེ་པ་དང་འཇིག་པ་དག་མི་རིགས་པའི་ཕྱིར་རོ། །འདིར་སྐྱེ་བ་དངོས་པོའི་རང་བཞིན་གྱི་དོན་ནམ་དངོས་པོ་མེད་པའི་རང་བཞིན ་རྟོག་གྲང་ན། དེ་བཞིན་དུ་འཇིག་པ་ཡང་རྟོག་པ་ན། དངོས་པོ་འམ་དངོས་པོ་མེད་པ་ཞིག་ལ་རྟོག་གྲང་ན། རྣམ་པ་ཐམས་ཅད་དུ་མི་སྲིད་དོ་ཞེས་བསྟན་པའི་ཕྱིར་བཤད་གདོངས?་པོ་དངོས་པོར་མི་འགྱུར་ཏེ། །དངོས་མེད་དངོས་པོར་མི་འགྱུར་རོ། ། ་དངོས་མེད་དངོས་མེད་མི་འགྱུར་ཏེ། །དངོས་པོ་དངོས་མེད་མི་འགྱུར་རོ། །དེ་ལ་དངོས་པོ་ཞེས་བྱ་བ་ནི་སྐྱེས་ཤིང་བདག་ཉིད་ཀྱི་དངོས་པོ་རྙེད་པའི་དོན་ཏེ། དེ་སླར་ཡང་དངོས་པོར་མི་འགྱུར་ཞིང། སླར་ཡང་སྐྱེ་བར་མི་འགྱུར་ཏེ། །ཡོད ་བ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་དངོས་པོར་མི་འགྱུར་རོ། །དངོས་པོ་མེད་པ་ཡང་དངོས་པོར་མི་འགྱུར་རོ། །དངོས་པོ་མེད་པ་ཞེས་བྱ་བ་ཡོད་པ་མ་ཡིན་པ་ཇི་ལྟར་དངོས་པོ་འགྱུར་ཏེ། མོ་གཤམ་གྱི་བུ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་དངོས ་པོ་མེད་པ་ཡང་དངོས་པོར་མི་འགྱུར་རོ། །དེ་ལྟར་ན་རེ་ཞིག་དངོས་པོའི་དངོས་པོ་མེད་པ་དང་དངོས་པོར་མི་འགྱུར་བས་སྐྱེ་བ་མི་སྲིད་དོ། །ད་ནི་འཇིག་པ་ཡང་མི་སྲིད་དེ། ཇི་ལྟར་ཞེ་ན། རེ་ཞིག་དངོས་པོ་མེད་པ་ནི་དངོས་པོ་མེད་པར་མི་འགྱུར་ཏེ། ཡོད་པ་མ་ཡིན་པ་ལ་ནི་རི་བོང་གི ་རྭ་ལྟར་ཡང་དངོས་པོ་མེད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་མེད་པ་དངོས་པོ་མེད་པར་མི་འགྱུར་རོ། །དངོས་པོ་ཡང་དངོས་པོ་མེད་པར་ཀྱི་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །དངོས་པོ་མེད་པ་མེད་ན་ནི་འཇིག་པ་མེད་ལ། སྐྱེ་བ་དང་འཇིག་པ་མེད ་ན་ཡང་འདུས་བྱས་མེད་དོ་ཞེས་བྱ་བར་གྲུབ་པོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འདུས་བྱས་འདུས་མ་བྱས་ཀུན་རྣམ་པའ་དབེན། དྲང་སྲོང་དེ་དག་རྣམ་རྟོག་མི་མངའ་སྟེ། །འགྲོ་བ་ཀུན་ལ་འདུས་མ་བྱས་ཐོབ་ཅིང། །རྟག་ཏུ་ལྟ་བར་གྱུར་བས་རྣམ་པར ་དབེན་ཞེས་གསུངས་སོ། །འདིར་སྨྲས་པ། སྐྱེས་བ་མི་སྐྱེ་ལམ་སྐྱེས་པ་ཡང་མི་སྐྱེ་སྟེ། དངོས་པོ་དང་དངོས་པོ་མེད་པ་དག་ལ་སྐྱེ་བ་བཀཀ་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྐྱེ་བཞིན་པའི་དོན་སྐྱེའོ། །འདི་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ ་སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །སྐྱེ་བཞིན་པ་ན་སྐྱེ་མི་འགྱུར། །གལ་ཏེ་གང་ཅུང་ཟད་ཅིག་སྐྱེས་ཤིང་ཅུང་ཟད་ཅིག་མ་སྐྱེས་པ་དེ་སྐྱེ་བཞིན་པ་ཡིན་ན། དེ་ལྟར་ན་ནི་འོ་ན་སྐྱེ་བཞིན་པ་དེ་ཡོད་པ་མ་ཡིན་ཏེ་སྐྱེས་པ་དང་མ་སྐྱེས་པ་དག་ལ་རྗེས ་སུ་ཞུགས་པས་གཞན་གསུམ་པ་སྐྱེ་བཞིན་པའི་དུས་ཀྱི་རྣམ་པ་མེད་དོ། །དེའི་ཕྱིར་མེད་པ་ཉིད་ཀྱིས་སྐྱེ་བཞིན་པ་མི་སྐྱེའོ། །གལ་ཏེ་གཉིང་གི?་ངོ་བོ་སྐྱེས་བཞིན་པ་ཡིན་ན་ནི་དེའི་ཕྱིར་དེའི་གང་ཅུང་ཟད་ཅིག་སྐྱེས་པ་དེ་ནི་སྐྱེས་པའི་ཁོངས་སུ་གཏོགས་པའི ་ཕྱིར་མི་སྐྱེ་སྟེ། དངོས་པོ་ནི་མི་སྐྱེའོ་ཞེས་བརྗོད་པའི་ཕྱིར་རོ། །དེའི་ཅུང་ཟད་མ་སྐྱེས་པ་གང་ཡིན་པ་དེ་ཡང་མི་སྐྱེ་སྟེ། དངོས་པོ་མེད་པ་མི་སྐྱེའོ་ཞེས་བརྗོད་པའི་ཕྱིར་རོ། །ཅི་སྟེ་སྐྱེས་པ་དང་མ་སྐྱེས་པ་དག་ལ་སྐྱེ་བཞིན་པ་ཉིད་རྟོག ་ན། དེ་ལྟ་ཡིན་ན། འདས་པ་དང་མ་འོངས་པ་གཉིས་ཀྱང་སྐྱེ་བཞིན་པ་ཉིད་དུ་འགྱུར་རོ། །ཞེས་བསྟན་པའི་ཕྱིར་བཤད་པ། ཡང་ན་ཐམས་ཅད་སྐྱེ་བཞིན་པ། །ཉིད་ནི་ཡིན་པར་ཐལ་བར་འགྱུར། ཞེས་བྱ་བ་སྨོས་སོ། །སྐྱེ་བའི་བྱ་བ་ཐོབ་པར་གྱུར་པ་སྐྱེས ་ཟིན་པ་ནི་མི་གནས་པའི་ཕྱིར་འདས་པ་ཁོ་ནར་འགྱུར་ལ། མ་སྐྱེས་པ་ནི་མ་འོངས་པར་འགྱུར་རོ། །དེའི་ཕྱིར་འདིར་སྐྱེ་བཞིན་ལ་སྐྱེ་བ་རྟོག་ན། ཡང་ན་དུས་གསུམ་པོ་ཐམས་ཅད་སྐྱེ་བཞིན་པའི་ཁོངས་སུ་གཏོགས་པ་འམ། ཡང་ན་སྐྱེ་བཞིན་པ་ཞེས་བྱ ་བ་གང་ན་ཡང་མེད་དོ་ཞེས་བྱ་བར་གནས་སོ། །གཞན་ཡང་སྐྱེ་བཞིན་པའི་དངོས་པོར་གནས་པ་ཡོངས་སུ་བརྟག་པ་གང་ཡིན་པ་དེ་ཅི་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་འམ་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་མ་ཡིན་པ་ཞིག་ཏུ་འགྱུར་གྲང་ན། གཉི་ག ་ལྟར་ཡང་སྐྱོན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། སྐྱེ་བཞིན་པ་ཡི་བདག་ཉིད་དུ། བྱ་བ་སྐྱེ་བཞིན་པར་མི་འགྱུར། །སྐྱེ་བཞིན་པ་ཡི་བདག་ཉིད་དུ། །མི་བྱའང་སྐྱེ་བཞིན་པར་མི་འགྱུར། །སྐྱེ་བཞིན་པའི་རང་བཞིན་གང་ཡིན་པ་དེ་ནི ་དེའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་བྱ་བ་མ་ཡིན་ལ། གང་ཞིག་སྐྱེ་བཞིན་པའི་བདག་ཉིད་དུ་མི་བྱ་བ་དེ་ཡང་སྐྱེ་བཞིན་པར་མི་འགྱུར་ཏེ། སྐྱེ་བཞིན་པའི་བདག་ཉིད་དུ་མ་གྱུར་པའི་ཕྱིར་རོ། །གང་ཞིག་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་དེ ་ཡང་སྐྱེ་བཞིན་པ་མ་ཡིན་པ་ལྟར་སྐྱེ་བཞིན་པར་མི་འགྱུར་བས་སྐྱེ་བཞིན་པ་མེད་དོ། །སྐྱེ་བཞིན་པ་མེད་པས་ཀྱང་སྐྱེ་བཞིན་པ་མི་སྐྱེའོ། །འདིར་སྨྲས་པ། སྐྱེ་བཞིན་པའི་དོན་དེ་ནི་ཡོད་པ་ཉིད་དེ་འདས་པ་དང་མ་འོངས་པའི་བར་ན་གནས་པའི་ཕྱིར་རོ། ། ་འདིར་འདས་པ་དང་མ་འོངས་པའི་བར་ན་སྐྱེ་བཞིན་པ་ཞེས་བྱ་བ་ཡོད་ཏེ། གལ་ཏེ་མེད་ན་ནི་ཅི་ལ་བལྟོས་ནས་འདས་པ་དང་མ་འོངས་པ་རྣམ་པར་འཇོག་པར་འགྱུར། དེ་ཡོད་ན་ནི་མ་འོངས་པའི་དོན་དེ་ལ་མ་འོངས་དང་ཐལ་བ་ཞེས་བྱ་བ་དེ་ལ་འདས་པ་ཞེས་བརྗོད་དོ། །དེའི་ཕྱིར་སྐྱེ་བཞིན་པ ་ལ་བལྟོས་པ་ཉིད་ཀྱིས་དུས་གཉིས་པོ་དེ་རིགས་སོ། །བཤད་པར་བྱ་སྟེ། གང་གིས་གཉིས་པོ་བར་མེད་པར། །སྲིད་པ་ཡོད་པ་མ་ཡིན་པ། །དེ་ལ་སྐྱེ་བཞིན་པ་མེད་དོ། །གང་ཕྱིར་དེ་ལའང་བར་ཡོད་ཕྱིར། །རྒོལ་བ་གང་གི་ལྟར་ན་བར་མེད་པར་ཏེ། དཀྱིལ་མེད ་པར་འདས་པ་དང་མ་འོངས་པ་གཉིས་སྲིད་པ་ཡོད་པ་མ་ཡིན་པ་དེ་ལ་སྐྱེ་བཞིན་པ་མེད་དོ། །ཇི་ལྟར་ཞེ་ན། གང་ཕྱིར་དེ་ལའང་པར་ཡོད་ཕྱིར་ཏེ། །ཇི་ལྟར་སྐྱེ་བཞིན་པ་འདས་པ་དང་མ་འོངས་པ་དག་གི་བར་ན་གནས་པ་ཉིད་ཡིན་པ་དེ་བཞིན་དུ། སྐྱེ་བཞིན་པ་སྐྱེས ་པ་དང་མ་སྐྱེས་པའི་རང་བཞིན་ཅན་དེ་ལ་ཡང་གང་ལ་བལྟོས་ནས་སྐྱེས་པ་དང་མ་སྐྱེས་པར་རྣམ་པར་འཇོག་པར་འགྱུར་བ་བར་ཞིག་ཏུ་འགྱུར་བར་བྱ་དགོས་ན། སྐྱེས་པ་དང་མ་སྐྱེས་པའི་བར་དུ་གཞན་གསུམ་པ་སྐྱེ་བཞིན་པ་ཞེས་བྱ་བ་དེ་རྣམ་པར་བཞག ་པར་ནུས་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་སྐྱེས་པ་དང་མ་སྐྱེས་པའི་བར་དུ་སྐྱེ་བཞིན་པར་རྟོག་པ་ཐུག་པ་མེད་པར་ཐར་པར་འགྱུར་བའི་ཕྱིར་རོ། །འདིར་སྨྲས་པ། གང་ལ་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་པ་ཕྱེད་སྐྱེས་པ་ནི་སྐྱེས་བཞིན་པ་མ ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཞིག་འགགས་པས་དངོས་པོ་སྐྱེ་བར་འགྱུར་བ་སྐྱེས་པའི་སྔ་རོལ་གྱི་གནས་སྐབས་ཀྱི་ངོ་བོའི་དོན་དེ་ལ་སྐྱེ་བཞིན་པ་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་སྨྲས་པ། གང་གི་ཕྱིར་ན་སྐྱེ་བཞིན་པ་འགཌ་པས་སྐྱེས་པ་སྐྱེ་འགྱུར་བ། དེ་ཡི་ཕྱིར་ན་སྐྱེ ་བཞིན་པ། གཞན་ཡང་ཡོད་པའི་ངོ་བོར་སྣང། །གང་གི་ཕྱིར་སྐྱེ་བཞིན་པ་འགགས་པས་དངོས་པོ་སྐྱེ་བར་འགྱུར་བ་དེའི་ཕྱིར་ཕྱེད་སྐྱེས་པ་མ་རྟོགས་པར་སྐྱེ་བཞིན་པའི་དངོས་པོ་ཡོད་དོ། །འདི་ལ་བཤད་པར་བྱ་སྟེ། གང་ཚེ་སྐྱེས་པ་དེ་ཡི་ཚེ། ། ་སྐྱེ་བཞིན་པ་ལ་སྲིད་པ་མེད། །རེ་ཞིག་གང་གི་ཚེ་དངོས་པོ་འདི་སྐྱེས་སོ་ཞེས་བརྗོད་པ་དེའི་ཚེ་སྐྱེ་བཞིན་པ་མེད་དོ། །སྐྱེ་བཞིན་པ་མི་སྲིད་པས་ཀྱང་གང་ལས་སྐྱེས་པས་གང་གིས་སྐྱེ་བཞིན་རྗེས་སུ་དཔག་པར་འགྱུར་པ་སྐྱེས་པ་ཞེས་བྱ་བ་ཉིད ་མེད་དོ། །ཅི་སྟེ་སྐྱེས་པ་ཡང་སྐྱེ་བཞིན་པར་འགྱུར་ནའོ་ན་ནི་དེ་ལ་སྐྱེ་བ་མི་སྲིད་དེ་སྐྱེས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་ཚེ་སྐྱེས་པ་སྐྱེ་བཞིན་ན། །དེ་ཚེ་ཅི་ཕྱིར་སྐྱེ་བར་འགྱུར། །གང་གི་ཚེ་སྐྱེས་པའི་དོན་ཁོ་ན་ལ་སྐྱེ་བཞིན་པ་ཞེས་བརྗོད་ན ་ནི་དེའི་ཚེ་སྐྱེ་བཞིན་པའི་དོན་སྐྱེའོ་ཞེས་བྱ་བར་ཅིའི་ཕྱིར་རྟོགས་ཏེ། གྲུབ་པའི་ཕྱིར་འདི་ལ་སྐྱེ་བ་བརྟག་པ་མི་རིགས་སོ་སྙམ་དུ་དགོངས་སོ། །དེའི་ཕྱིར་སྐྱེ་བཞིན་པ་སྐྱེའོ་ཞེས་བྱ་བར་མི་རུང་ངོ། །འདིར་སྨྲས་པ། སྐྱེ་བཞིན་པའི་དོན་འདི་མ་སྐྱེས་ཀྱང ་སྐྱེ་བ་ལ་མངོན་དུ་ཕྱོགས་པས་སྐྱེས་སོ་ཞེས་བརྗོད་དོ། །དེའི་ཕྱིར་སྐྱེས་པ་ཁོ་ན་སྐྱེ་བཞིན་པ་ཡིན་ལ། འདིའི་སྐྱེ་བ་དོན་མེད་པ་ཡང་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང། གལ་ཏེ། སྐྱེ་བཞིན་པ་ནི་མ་སྐྱེས་པ། །ཁོ་ན་སྐྱེས་ཤེས་བྱས་པར་གྲག། ་གལ་ཏེ་གཞན་གྱིས་སྐྱེ་བཞིན་པའི་དངོས་པོ་མ་སྐྱེས་པ་ཁོ་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པས་སྐྱེས་སོ་ཞེས་བྱ་བ་བརྟགས་ཏེ། དེ་ལྟར་ཡིན་ན་སྐྱེས་པ་དང་མ་སྐྱེས་པ་དག་ལ། ཁྱད་པར་མེད་ཕྱིར་དེ་ཡི་ཚེ། །བུམ་པ་མེད་པ་ཅི་མི་རྟོག། སྐྱེས ་བའི་གནས་སྐབས་ཀྱི་དངོས་པོ་ཁོ་ན་ལ་བུམ་པ་ཞེས་བརྗོད་ལ་སྐྱེས་པ་དང་མ་སྐྱེས་པ་དག་ཀྱང་གཅིག་པ་ཉིད་ཀྱི་ཕྱིར་བུམ་པ་སྐྱེས་པ་ཡང་སྔར་མེད་པས་དངོས་པོ་མེད་པར་འགྱུར་ན། འདི་ནི་སྲིད་པ་ཡང་མ་ཡིན་པས་འདི་ནི་མི་རིགས་སོ། །ཅི་སྟེ ་ཡང་སྐྱེ་བཞིན་པ་དང་མ་སྐྱེས་པ་ལ་ཁྱད་པར་མེད་པ་མ་ཡིན་པ་ཁོ་ན་སྟེ་སྐྱེ་བཞིན་པ་ནི་སྐྱེ་བའི་བྱ་བ་དང་འབྲེལ་པའི་དངོས་པོ་ཡིན་ནོ་སྙམ་ན་བཤད་པར་བྱ་སྟེ། སྐྱེ་བཞིན་པ་ནི་མ་རྫོགས་ཀྱང། །མ་སྐྱེས་པ་ལས་ཕྱི་རོལ་འགྱུར། །གལ་ཏེ་ཡང་སྐྱེ་བཞིན་པའི ་དངོས་པོ་ནི་མ་རྫོགས་པའི་ངོ་བོ་ཡིན་ཡང་མ་འོངས་པ་ལས་ཕྱི་རོལ་དུ་རྣམ་པར་བཞག་མོད་ཀྱི། དེ་ལྟར་གང་ཕྱིར་སྐྱེས་པ་ལས། །ཕྱི་རོལ་གྱུར་ཕྱིར་མ་སྐྱེས་སྐྱེ། །ཇི་ལྟར་བྱ་བ་དང་འབྲེལ་པས་སྐྱེ་བཞིན་པ་མ་སྐྱེས་པ་ལས་ཕྱི་རོལ་དུ་འགྱུར་བ་དེ་བཞིན་དུ་སྐྱེས་པ་ལས་ཀྱང ་ཕྱི་རོལ་ཏུ་གྱུར་པ་ཉིད་དེ་མ་རྫོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མ་སྐྱེས་པ་ཁོ་ན་སྐྱེའོ་ཞེས་བྱ་བར་འགྱུར་བས་སྐྱེ་བཞིན་པ་ཞེས་བྱ་བ་མེད་དོ། །སྐྱེས་པ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་མ་སྐྱེས་པ་ཉིད་སྐྱེ་བ་འཛའ?་ཞིག་ཏུ་མ་ཟད་ཀྱི། ་འདི་ལས་ཀྱང་མ་སྐྱེས་པ་ཉིད་སྐྱེའོ། །འདི་ལྟར་གཞན་གྱི། སྐྱེ་བཞིན་པ་སྔར་མ་བྱུང་ཡང། །ཕྱི་ནས་ཡོད་པ་མིན་པར་བྲག་།དེས་ཀྱང་མ་སྐྱེས་པ་སྐྱེའོ། །མ་བྱུང་ཞེས་བྱ་བ་བྱུང་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ད་ལྟར་སྐྱེ་བཞིན་པ་ཉིད་དུ ་བསྙད་པ་དེ་ནི་སྐྱེ་བཞིན་པའི་གནས་སྐབས་ཀྱི་སྔར་ཏེ་གང་དུ་མ་བྱུང་ངོ། །མ་འོངས་པའི་དུས་ན་སྐྱེ་བཞིན་པའི་དོན་དེ་མེད་ཀྱང་ཕྱིས་སྐྱེ་བཞིན་པར་ཡང་འགྱུར་བར་གྲག་གོ། དེའི་ཕྱིར་ཡང་སྐྱེ་བའི་བྱ་བ་དང་འབྲེལ་པའི་དུས་ན་མ་སྐྱེས་པ་ཁོ་ན་སྐྱེ་བཞིན་པར ་འགྱུར་རོ། །དེའི་ཕྱིར་འདི་མ་སྐྱེས་པ་ཉིད་ཀྱིས་མ་བྱུང་བ་ཉིད་ཡིན་ལ། བདག་གི་དངོས་པོ་མ་ཐོབ་པའི་མ་བྱུང་བ་ལ་ནི་སྐྱེ་བའི་བྱ་བ་འཇུག་པར་མི་བཟོད་དོ་ཞེས་བཤད་པ་ནི། མ་བྱུང་ཞེས་བྱ་སྐྱེ་མ་ཡིན། ཞེས་བྱ་བའོ། །གཞན་ཡང་རྫོགས་པ་ཡོད་ཅེས ་བྱར་འགྱུར་ལ། །མ་བྱས་པ་ནི་མེད་ཅེས་བརྗོད། །ཡོད་དོ་ཞེས་བྱ་བ་འདིས་ནི་རྫོགས་པར་བརྗོད་དོ། །རྫོགས་པའི་དངོས་པོ་ཁོ་ན་ཡོད་དོ་ཞེས་བྱ་བར་འགྱུར་རོ། །ཡོད་དོ་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེད་དོ་ཞེས་བྱ་བ་འདིས་ཀྱང་མ་བྱས་ཤིང་མ་རྫོགས ་པ་ཁོ་ན་བརྗོད་དོ། །དེའི་ཕྱིར་གནས་སྐབས་འདི་གཉིས་དང་བྲལ་ནས། གང་གི་ཚེ་ན་སྐྱེ་བཞིན་པ། །མེད་པ་དེ་ཚེ་གང་དེར་བརྗོད། །གང་གི་ཚེ་དངོས་པོ་འདི་ནི་འདི་ལྟར་ཡིན་ནོ། ཞེས་བྱ་བར་སྐྱེ་བཞིན་པའི་གནས་སྐབས་ཀྱི་དངོས་པོ་བསྟན་པར་མི་ནུས་པ་དེའི ་ཚེ་རང་གི་ངོ་བོ་ངེས་པར་མ་ཟིན་པ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་པ་ཉིད་དེའི་ཕྱིར་ངེས་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་སྐྱེ་བཞིན་པ་མི་སྲིད་པའི་ཕྱིར། གང་ཚེ་རྒྱུ་ནི་མ་གཏོགས་པར། འབྲས་བུ་ཡོད་པ་མ་ཡིན ་པ། དེ་ཡི་ཚེ་ན་འཇུག་པ་དང། །ལྡོག་པ་འཐད་པ་ཉིད་མི་འགྱུར། །གང་གི་ཚེ་རྣམ་པར་དཔྱད་པ་ན་རྒྱུ་ལས་ལོགས་ཤིག་པའི་འབྲས་བུར་མི་འགྱུར་བ་དེའི་ཚེ་རྟེན་མེད་པའི་འཇུག་པ་འབྲས་བུ་སྐྱ་བ་དང་ལྡོག་པ་རྒྱུ་འཇིག་པ་མེད་དེ། ཇི་སྐད་དུ་བཅོམ ་ལྡན་འདས་ཀྱིས་སེམས་ཅན་མི་དང་ཤེད་སྐྱེས་ཀྱང་རུང་སྟེ། འདིར་སྐྱེས་ཤི་བ་འགའ་ཡང་སྐྱེ་མི་འགྱུར། །ཆོས་ཀུན་རང་བཞིན་རྒྱུ་འདྲ་སྟོང་པ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན་ཞེས་རྒྱ་ཆེར་གསུངས་ལ། དེ་བཞིན་དུ་སྐྱེ་བ་དང ་ནི་འཆི་འཕོའང། །སྐྱེ་བ་མེད་ཅིང་འཆི་འཕོ་མེད། །གང་ཞིག་འདི་ནི་ཤེས་གྱུར་པ། །དེའི་ཏིང་ངེ་འཛིན་རྙེད་མི་དཀའ་ཞེས་འབྱུང་ངོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་དཔྱད་པ་ན་དངོས་པོ་རྣམས་ཀྱི་རང་བཞིན་འགྲུབ་པར་མི་འགྱུར་པས་སོ་སོ་ནས་དངོས ་པོ་རྣམས་ལ་སྒྱུ་མ་ལྟ་བུ་དེ་ཉིད་ལྷག་མར་ལུས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེས་པས་འགྲོ་བ་མཛའ་དག་འགྱེད་པར་འདོད་པས་སྒྱུ་མ་སྐྱེ་བོ་བླུན་པོ་རྨོངས་པར་བྱེད་པ་སྐྱེ་བོ་བླུན་པ་མ་ཡིན་པ་ཡ་མཚན་བསྐྱེད ་པར་རིག་ཅིང། འདིར་བདེན་པར་མངོན་པར་ཞེན་པས་བསླང་བའི་དངོས་པོ་ལ་སྲེད་པ་བསལ་ལ། འགྲོ་བ་ཡོངས་ལ་ཕན་གདགས་པའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུར་འགྱུར་བའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་དང། གཉིས་སུ་མེད་པའི ་ཡེ་ཤེས་ཞེས་བྱ་བ་གསུམ་མངོན་དུ་བྱས་ཏེ། མཁས་པ་སྲིད་པར་སྐྱེ་བ་ལ་བཟོ་ཞིང་ཇི་ལྟ་བ་བཞིན་ངེས་པའི་འཁོར་བའི་རང་བཞིན་ཉོན་མོངས་པ་དང་སྡུག་བསྔལ་གྱི་མི་འབར་བའི་ཕྲེང་བའི་ཚོགས་ཀྱིས་བསྐོར་བའི་སྲིད་པ་གསུམ་གྱི་ཁང་པའི ་དབུས་སུ་ཆུད་པའི་འགྲོ་བ་ལ་སྐྱོབ་པ་མེད་པར་ལྟ་ཞིང་འགྲོ་བར་འགྲོ་བའི་སྡུག་བསྔལ་མ་ལུས་པར་བསྡོམས་པ་ལྷགས་པ། འཁོར་བའི་བར་དུ་སྐད་ཅིག་དང་སྐད་ཅིག་ལ་རྣམ་པ་དང་གཞན་དུ་ལུས་དང་སེམས་དག་ལ་གནོད་པ་དག་གིས་ཀྱང་བྱེད་པར་མི་འགྱུར་ལ། འགྲོ་བའི ་སྡུག་བསྔལ་ཅིག་ཅར་ལྷགས་པ་དག་གིས་འཁོར་བའི་བར་དུ་སྤྲོ་བར་བྱས་པའི་བརྩོན་འགྲུས་ཀྱི་སྐད་ཅིག་རེ་རེ་ནི་འགྲོ་བ་མཛའ་དག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནོར་གྱི་ཚོགས་མཛའ་ཡས་པ་སྐྱ་བའི་རྒྱུར་རིག་པར་བྱས་ནས་སླར་ཡང་སྲིད་པ་བརྒྱ་ཕྲག་བླང ་བར་རིགས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། །དེ་ཡི་ལྷག་བསམ་འཁོར་བར་གཏེགས་པ་སྟེ། །སྦྱོར་བ་མྱ་ངན་འདས་པར་རྟོགས་པ་ཡིན། །སྦྱིན་པས་སེམས་ཅན་ཡོངས་སུ་སྨིན་ཕྱིར་དང། །རྣམ་པར་སྨིན་ལ་རེ་བ་མེད་པ་ཉིད། ཅེས་བྱ་བ་ལ་སོགས ་པ་དང། དེ་བཞིན་དུ་འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས། །རྒྱལ་པོ་ཆེན་པོ་ཡང་དེའི་ཚེ་དེའི་དུས་ན་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བའ་ཨི་སྟོབས་ཞེས་བྱ་བ་ཞིག་ལྷགས་པར་གྱུར་ནས་འཁོད་དེ། དེས ་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟར་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟར་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྩོན་འགྲུས་བརྩམས་ཤིང་ལུས་དང་སྲོག་དོར་བར་འགྱིའོ། །བདག ་གིས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པའི་དོན་འཚལ་ཏེ། གང་ཞིག་འདི་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པོར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ལེ་ལོར་ལྟུང་བ་ལགས ་པར་ཁོ་བོ་ལ་སྣང་ངོ། །དེའི་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ཡོངས་སུ་སྐྱོ་བ་མི་འབྱུང་ངོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན ་པ་ཉིད་ཉེ་བར་བཟུང་ནས་འཁོར་བ་ལ་ཕན་ཡོན་དུ་ལྟ་བ་དེ་ལྟར་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་ལ་མངོན་པར་བརྩོན་པ་ལགས ་སོ། །དེ་ཅིའི་སྲད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ཆེས་བདེ་བའི་མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན ་ཐམས་ཅད་ཀྱི་དོན་ལ་བརྩོན་པ་སྟེ། དེ་རྣམས་ཇི་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་ལྟ་དེ་ལྟར་བདེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ནི་སླར་ཅི་ཞིག་བགྱིད་པར་འགྱུར། བཅོམ་ལྡན་འདས་དེའི་སླད ་དུ་བྱང་ཆུབ་སེམས་དཔས་ནི་འཁོར་བའི་བདེ་བའི་རོ་མི་མྱང་བར་འཁོར་བའི་སྤྱོད་ཡུལ་ཅན་དུ་བགྱི། མྱ་ངན་ལས་འདས་པའི་སྤྱོད་ཡུལ་ཅན་དུ་ནི་མ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ཅན་འཁོར་བའི་བདེ་བའི་རོ་མི་མྱང་བར་སེམས་སེམས་གྱི་དོན་ལ་བརྩོན ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་ཁུམས་ཤིང་ཆོས་དཔག་ཏུ་མེད་པ་ཁུམས་ལ་སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་སྨིན་པར་བགྱིད་དོ། །བཅོམ་ལྡན་འདས་འཁོར་བའི་སྤྱོད་ཡུལ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན ་གྱི་སྤྱོད་ཡུལ་གྱི་རྗེས་སུ་འཇུག་གོ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སྤྱོད་ཡུལ་ཅན་གྱི་བྱང་ཆུབ་སེམས་དཔའ་ནི་བཏང་སྙོམས་སུ་ལྟུང་ངོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ལ་སྒྲ་བ། ་ན་ནི་སྤྱོད་ཡུལ་མ་ལགས་པར་ལྟུང་ངོ། །སྤྱོད་ཡུལ་མ་ལགས་པར་ལྟུང་ན་ཕྱིས་སེམས་ཅན་གྱི་དོན་མི་བགྱིད་དོ། །དེས་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་དགོད་པར་མི་ནུས་ཤིང། སེམས་ཅན་གྱི་ཉེ་བར་འཚོ་བར་མི་འགྱུར་ལགས་སོ།། ་ཡང་དེའི་སྤྱོད་ཡུལ་མ་ལགས་པ་གང་ཞེ་ན་གང་འདི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་དགའ་བ་ཉིད་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བཏང་སྙོམས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་རྣམས་ཀྱི་སྤྱོད ་ཡུལ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་ཉན་ཐོས་རྣམས་ནི་འཁོར་བའི་སྤྱོད་ཡུལ་ལ་སྐྲག་པར་འགྱུར་ལགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ནི་སླར་འཁོར་བ་དཔག་ཏུ་མེད་པ་ཡངས ་སུ་འཛིན་པར་བྱེད་པར་འགྱུར་བ་ལགས་སོ། །དེ་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་སྤྱོད་ཡུལ་ལ་གནས་པར་འགྱུར་བར་བགྱི་འཚལ་ལོ་ཞེས་རྒྱ་ཆེར་གསུངས་སོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས ་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འབྲེལ་པ་ལས། འདུས་བྱས་ཀྱི་དོན་དགག་པ་སྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའི་འགྲེལ་པའོ།། །།ད་ནི་ཐལ་ཟིན་པའི་རབ་ཏུ་བྱེད་པ་བཅོ་ལྔས ་བསྟན་བཅོས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱས་ནས་བསྟན་བཅོས་བརྩོམ་པའི་དགོས་པ་དང། རྒོལ་བ་ངན་པའི་ལྷག་མ་སྤངས་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་བཅུ་དྲུག་པ་རྩོམ་མོ། །རྒྱུ་འགའ་ཞིག་གིས་སྟོང་པ་ཡང། །སྟོང་པ་མིན་པ ་ལྟ་བུར་སྣང། །རབ་ཏུ་བྱེད་པ་ཐམས་ཅད་ཀྱིས། །དེ་ནི་སོ་སོ་འགོག་པར་བྱེད། སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་ངེས་པར་མ་བྱས་པར་ནི་འགས་ཀྱང་འཁོར་བ་ལ་ཆགས་པ་སྤངས་ནས་མྱ་ངན་ལས་འདས་པ་ལ་དགའ་བ་བསྐྱེད་པར་མི་ནུས་སོ། ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དེ་ཡང་འགྲོ་བ་བདག་དང་བདག་གི་བ་ལ་མངོན་པར་ཞེན་པའི་ཞགས་པས་དབང་དུ་བྱས་པ་ཐོས་ས་དང་མི་ལྡན་པ་རྣམས་ཧ་ཅང་སྐྲག་པར་བྱེད་པ་ཡིན་པས་མཁས་པས་མི་སྙན་པ་གླེང་བ་ལ་མཁས ་པའི་སྐྱེས་བུས་རྒྱལ་པོ་ལ་བཙུན་མོ་ཕངས་པ་ཤི་བའི་ཚུལ་གསོལ་བས་ཐུགས་བདེ་བ་བསྐྱེད་པ་བཞིན་དུ་རིགས་པ་འགའ་ཞིག་གིས་གཞུག་པར་བྱའོ། །བདག་ཏུ་འཛིན་པ་དང་བདག་གིར་འཛིན་པའི་འཛིན་པས་ཕྱིན་ཅི་ལོག་པའི་འཇིག ་རྟེན་གྱིས་ནི་དངོས་པོ་མི་རྟག་པ་ཉིད་ལ་སྐད་ཅིག་མར་འཇིག་པ་མ་མཐོང་བས་འདུ་བྱེད་ཙམ་གྱི་རྒྱུན་གྱི་དོན་ཡང་དག་པར་མ་ངེས་པ་ལས་སྟོང་པ་ཉིད་དུ་ལྟ་བའི་གེགས་སུ་འགྱུར་བ་རྟག་པ་ཉིད་དུ་ངེས་པར་བྱས་ནས་ཕྱིར་འཇིལ་བར་བྱེད་པ་ན་འགྲོ་བ་མི་སྟོང་པ་ཁོ་ནར ་རྟོགས་ཏེ་དེའི་ཕྱིར་དེའི་སྟོང་པ་ཉིད་མ་ཡིན་པ་ཉིད་དུ་ལྟ་བ་དགག་པའི་ཕྱིར་རབ་ཏུ་བྱེད་པ་དང་པོ་བརྩམས་སོ་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །འདིར་སྟོང་པ་ཉིད་ཀྱི་དོན་རང་བཞིན་དང་བྲལ་བའི་དོན་ཡིན་ནོ་ཞེས་ནི་ལན་ཅིག་མ་ཡིན་པར་བསྟན་ཟིན་ཏོ། ། ་དེའི་ཕྱིར་དེ་ལྟར་ནང་ངོས་པོའི་རྣམ་པ་རང་བཞིན་དང་བྲལ་བ་ཡིན་ཡང་རྒྱུ་འགའ་ཞིག་གིས་སྟོང་པ་མ་ཡིན་པར་གང་དག་ལ་སྣང་བ་དེ་དག་ཡོད་པ་མ་ཡིན་པའི་འཛིན་པའི་རྒྱུ་དེ་རབ་ཏུ་བྱེད་པ་བཅོ་ལྔ་པོ་ཐམས་ཅད་ཀྱིས་འགོག་པར་བྱེད་དོ། །གལ་ཏེ་དེ་ལྟ་བུའི་དོན་དུ ་རབ་ཏུ་བྱེད་པ་དེ་རྣམས་བརྩམས་ན། དེ་ཉིད་ཀྱི་ཕྱིར་དངོས་པོ་རྣམས་སྟོང་པ་མ་ཡིན་ནམ་འདི་ལྟར་རབ་ཏུ་བྱེད་པ་དེ་རྣམས་ཀྱི་སྨྲ་བ་པོ་ནི་རེ་ཞིག་ཁྱོད་ཡོད་ལ། རབ་ཏུ་བྱེད་པའི་བརྗོད་པར་བྱ་བའི་དོན་སྟོང་པ་མ་ཡིན་པའི་རྒྱུ་ཟློག་པར་བྱེད་པའི་རྒྱུ་ཡང་ཡོད་ཅིང་དོན་ཁྱད ་པར་དུ་འཕགས་པས་མཚམས་བྱས་པས་སྒྲའི་ཚོགས་ཀྱི་ངོ་བོ་ཅན་གྱི་ཚིགས་རབ་ཏུ་བྱེད་པ་བཅོ་ལྔའི་བདག་ཉིད་ཅན་འདི་ཡང་ཡོད་པས་སྨྲ་བ་པོ་དང་བརྗོད་པར་བྱ་བ་དང། ཚིག་རྣམས་ཡོད་པ་ལས་དངོས་པོ་རྣམས་སྟོང་པ་ཉིད་མ་ཡིན་པར་གྲུབ་སྟེ། དེའི ་ཕྱིར་ཁྱོད་ཀྱི་རབ་ཏུ་བྱེད་པ་ཐམས་ཅད་རྩོམ་པའི་ངལ་བའི་ཚེགས་དོན་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་ཚེ་སྨྲ་བོ་བརྗོད་བྱ་ནའང། །དེའི་ཚེ་སྟོང་པ་ཞེས་བྱར་མི་རུང་ངོ། །འང་གི་སྒྲ་ནི་ཚིག་བསྡུ་བའི་དོན་དུའོ། །གང་གི་ཚེ་ཁྱོད་སྨྲ་བ་པོ་ཡོད ་ཅིང། བརྗོད་པར་བྱ་བ་རབ་ཏུ་བྱེད་པ་བཅོ་ལྔས་བསྟན་པར་བྱ་བའི་དོན་ཡོད་ལ་ཁྱོད་ཀྱི་ཚིག་སྟོང་པ་ཉིད་ཀྱི་དོན་རབ་ཏུ་སྒྲུབ་པར་བྱེད་པ་ཡང་ཡོད་པ་དེའི་ཚེ་དངོས་པོ་ཐམས་ཅད་གྲུབ་པོ། །མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་དོན་གང་གི་ཡང་སྨྲ་བ་པོར་མི་རིགས་ཤིང། ་དེའི་ཚིག་ཀྱང་ཡོད་པ་མ་ཡིན་ལ་དེའི་ཚིག་གིས་བསྟན་པར་བྱ་བའི་དོན་ཡང་མེད་ན་འདི་གསུམ་ནི་ཡོད་པ་འདི་ཡིན་པས་དངོས་པོ་རྣམས་རང་བཞིན་དང་བཅས་པ་ཉིད་དུ་གྲུབ་པོ། །བཤད་པར་བྱ་སྟེ། འདི་ནི་རིགས་པ་མ་ཡིན་ནོ། །གང་ལས་ཤིན་འདི་ལྟར། གང་ཞིག ་བརྟེན་ནས་ཀུན་འབྱུང་བ། དེ་ནི་གསུམ་ལའང་ཡོད་མ་ཡིན། རང་བཞིན་བྱ་བ་ནི་ཚིག་གི་ལྷག་མའོ། །འདི་ན་སྨྲ་བ་པོ་གང་ཡིན་པ་དེ་ཡང་ཁོ་བོ་ཅག་གི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་དང་སྨྲ་བ་པོ་ཉིད་དུ་རྣམ་པར་བཞག་སྟེ། ཚིག་དང་བརྗོད་པར་བྱ ་བ་ལ་བརྟེན་ནས་སྨྲ་བ་ཕོར་འདོགས་ཀྱི་མི་སྨྲ་བ་ནི་མ་ཡིན་ནོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ་སྨྲ་བ་པོའི་རང་བཞིན་མེད་ལ་ཚིག་དང་བརྗོད་པར་བྱ་བ་ལ་ཡང་སྨྲ་བ་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་རོ། །དེའི ་ཕྱིར་སྨྲ་བ་པོའི་རང་བཞིན་རང་དམ་དེ་ལ་མེད་དེ། དེའི་ཕྱིར་སྟོང་པ་ཡིན་ནོ། །དེ་བཞིན་དུ་བརྗོད་པར་བྱ་བ་ཡང་སྨྲ་བ་པོ་དང་ཚིག་ལ་བརྟེན་ནས་གདགས་ཀྱིས། རང་བཞིན་ཉིད་ཀྱི་ནི་མ་ཡིན་ཞེས་བྱ་བ་ལ་སོགས་པ་དང་ཚིག་ལ་ཡང་སྦྱར་བར་བྱའོ། །དེའི ་ཕྱིར་གསུམ་པོ་དེ་དག་གི་རང་བཞིན་ནི་གསུམ་ཆར་ལ་ཡང་ཡོད་པ་མ་ཡིན་པས་སྨྲ་བ་པོ་དང། བརྗོད་པར་བྱ་བ་དང་ཚིག་རྣམས་རང་བཞིན་སྟོང་པ་ཉིད་དུ་གྲུབ་པ་ཁོ་ན་སྟེ་དེའི་ཕྱིར་སྐྱོན་མེད་དོ། །འདིར་སྨྲས་པ། གལ་ཏེ་ཐམས་ཅད་སྟོང་པ་ཡིན་ན་དེའི་ཚེ ་དབང་པོ་དང་དོན་དག་རྣམ་པ་ཐམས་ཅད་དུ་མེད་པས་འགྲོ་བ་བོང་བུའི་རྭ་དང་འདྲ་བར་འགྱུར་ན། དབང་པོ་དང་དོན་བདེན་པའི་ངོ་བོ་འདི་ཡོད་པ་ཡང་ཡིན་པས་དངོས་པོ་ཐམས་ཅད་རང་བཞིན་དང་བཅས་པ་ཁོ་ན་ཡིན་ནོ། །འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ ་སྟོང་པའི་ཉེས་པ་ཡིས། །སྟོང་པ་མ་ཡིན་འགྲུབ་འགྱུར་ན། །དེ་ལྟ་ཡིན་དང་དེ་ལས་བཟློག་པའི་སྒོ་ནས་ཁྱོད་ལ། མི་སྟོང་ཉེས་པས་སྟོང་པ་ནི། །ཅི་སྟེ་འགྲུབ་པར་འགྱུར་མ་ཡིན། །གལ་ཏེ་འགྲོ་བ་སྟོང་པ་མ་ཡིན་པར་འགྱུར་ན་ནི་དེའི ་ཚེ?་འགྲོ་བ་ལྡོག་པ་མེད་པའི་རང་བཞིན་གྱིས་གནས་པའི་ཕྱིར་རྟག་པར་འགྱུར་ཞིང་མ་སྐྱེས་པ་དང་མ་འགགས་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ་བརྟེན་ནས་དམིགས་པའི་ཕྱིར་རོ། །དེ་ལྟར་ན་སྟོང་པ་མ་ཡིན་པའི་ཉེས་པས་ཁྱོད་ལ་སྟོད་པ་ཉིད་ཀྱི་དོན་འགྲུབ་པར ་ཅི་སྟེ་མི་འགྱུར་སྟོང་པ་ཉིད་དུ་སྨྲ་བ་བསལ་བརྩམས་གྱིས་རང་གི་ཕྱོགས་འགྲུབ་པར་རིགས་པ་ཡང་མ་ཡིན་ནོ། །ཕྱོགས་གཞན་ཁས་བླངས་པའི་རྒོལ་བས་ནི་གདོན་མི་ཟ་བར། གཞན་གྱི་ཕྱོགས་ནི་བཟློག་པ་དང། །རང་གི་ཕྱོགས་ནི་སྒྲུབ་པ་སྟེ། །གཉིས ་བྱ་བ་ཞིག་ན་ཁྱོད་ནི་སྟོང་པ་ཉིད་དུ་སྨྲ་བ་བསལ་བརྩམ་ལ་ཞུགས་པའི་ཕྱིར། གལ་ཏེ་སུན་འབྱིན་བྱེད་ཕྱོགས་གཅིག་།དགའ་ན་སྒྲུབ་བྱེད་ལ་ཅིས་མིན། །ཁྱོད་སུན་འབྱིན་པར་བྱེད་པའི་ཕྱོགས་ལྟར་སྒྲུབ་པར་བྱེད་པའི་ཕྱོགས་ལ་ཡང་དགའ་ལ་རག་གོ་།དེའི་ཕྱིར་གལ་ཏེ་རིལ ་བསྒྲུབ་པར་བྱ་བ་དང་མཚུངས་པར་མི་འགྱུར་ན། རང་གི་ཕྱོགས་སྒྲུབ་པའི་ཕྱིར་རེ་ཞིག་འཐད་པ་ཅུང་ཟད་ཅིག་བརྗོད་དགོས་ན། སྟོང་པ་ཉིད་དུ་སྨྲ་བ་ལ་ནི་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པར་ཡང་འགྱུར་རོ། །དེའི་ཕྱིར་རང་གི་ཕྱོགས་སྒྲུབ་པའི་ནུས ་བ་དང་བྲལ་བའི་ཕྱོགས་སུ་འཛིན་པ་ཐོང་ཞིང། ཕྱོགས་སུ་མ་ལྷུང་ཞིང་དབུ་མ་ལམ་ནས་ཞུགས་པ་ཁྱོད་ལ་མཐོང་བ་དང་མ་མཐོང་བ་དང་འགལ་བ་མེད་པས་འགལ་ལ་ཡང་འཇིག་པ་མི་སྲིད་དོ། །ཅི་སྟེ་རེ་ཞིག་ཁྱོད་ཀྱིས་སྟོང་པ་ཉིད་དུ་སྨྲ་བའི། ཕྱོགས་འདི ་ཡོངས་སུ་བརྟག་པ་ན། མི་རིགས་པས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདི་མེད་པ་ཉིད་དུ་གྲུབ་ན་ཕྱོགས་གཞན་མེད་པས་སེལ་བར་བྱེད་པ་ཁོ་བོ་ཅག་གི་ཕྱོགས་སུ་གྲུབ་པར་འགྱུར་རོ་སྙམ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོངས་སུ་བཏགས ་པས་ན། །མེད་གང་དེ་ཕྱོགས་མི་འགྱུར་ན། །དེས་ན་གཅིག་ཉིད་ལ་སོགས་གསུམ། །ཀུན་ཀྱང་ཕྱོགས་མ་ཡིན་པར་འགྱུར། །ཇི་ལྟར་ཁོ་བོ་ཅག་གི་ཕྱོགས་ཡོངས་སུ་བརྟགས་པ་ན་མེད་པས་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྒོལ་བ་རྣམས་ཀྱི་གཅིག་ཉིད་དང ་གཞན་ཉིད་དང་བརྗོད་དུ་མེད་པའི་ཕྱོགས་རྣམས་ཀྱང་རྣམ་པར་དཔྱད་པ་ན་ཡོད་པ་མ་ཡིན་པས་དེ་རྣམས་ཀྱང་ཕྱོགས་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཡོངས་སུ་བརྟགས་པ་ན་ཕྱོགས་ཐམས་ཅད་ཡོད་པ་མ་ཡིན་པས་ཁྱོད་ཀྱི་ཕྱོགས་ཡོངས ་སུ་འཛིན་པ་མི་རིགས་སོ། །འདིར་སྨྲས་པ། ཁྱོད་ཀྱིས་སྟོང་པ་ཉིད་ཀྱིས་གཅིག་ཉིད་ལ་སོགས་པའི་ཕྱོགས་ཐམས་ཅད་མི་རིགས་པར་བརྗོད་དོ། །གང་དུ་མངོན་སུམ་གྱིས་བུམ་དེར། །སྟོང་པའི་གཏན་ཚིགས་དོན་མེད་འགྱུར། །བོད་དུ་བུམ་པ་མངོན ་སུམ་གྱིས་དམིགས་པའི་ཕྱོགས་དེ་ལ་སྟོང་པའི་གཏན་ཚིགས་དོན་མེད་དོ། །མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ནི་འགའ་ཞིག་གི་ཡང་མངོན་སུམ་མ་ཡིན་ན་བུམ་པ་འདི་ནི་མངོན་སུམ་ཡིན་ཏེ། དེའི་ཕྱིར་མངོན་སུམ་ཉིད་ཀྱི་གཏན་ཚིགས་ཀྱིས ་བསལ་བའི་ཕྱིར་སྟོང་པ་ཉིད་ཀྱི་གཏན་ཚིགས་མི་རིགས་པ་ཉིད་དོ་ཞེ་ན། སྔར་བུམ་པའི་མངོན་སུམ་ཉིད་བསལ་ཟིན་པའི་ཕྱིར་དེས་ཁོ་བོ་ཅག་ལ་གནོད་པ་མ་ཡིན་ནམ། གལ་ཏེ་བུམ་པ་མངོན་སུམ་ཉིད་ཁྱོད་ཀྱིས་བསལ་ཀྱི་བདག་གིས་ནི་མ་ཡིན་དེ ་དེའི་ཕྱིར་ཁྱོད་ལ་བུམ་པ་མངོན་སུམ་མ་ཡིན་གྱི། ཁོ་བོ་ཅག་ལྟར་ན་ནི་བུམ་པ་མངོན་སུམ་ཉིད་ཡིན་པའི་ཕྱིར་འདི་མི་རིགས་སོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། འདི་ན་གཞུང་ལུགས་ལས་འབྱུང་བའི། །གཏན་ཚིགས ་ཡོད་མིན་གཞན་དུ་ཡོད། །འདི་ན་སྟེ་སྟོང་པ་ཉིད་རིགས་པར་སྨྲ་བ་ནི་གཞུང་ལུགས་གཞན་དུ་གྲགས་པའི་གཏན་ཚིགས་ཁས་ལེན་པ་མེད་དེ། གཞན་གྱི་གཞུང་ལུགས་དེ་ཉིད་མི་རིགས་པ་ཉིད་དུ་བསྟན་པར་འདོད་པའི་ཕྱིར་རོ། །གང་དུ ་རྒོལ་བ་རྣམས་ལ་ལྟ་བ་མཚུངས་པ་ཡོད་པ་དེར་ནི་གཉི་གས་ཀྱང་དོན་དེར་ཁས་བླངས་པས་ཚད་མ་ཉིད་དུ་རིགས་པ་ཁོ་ན་ཡིན་གྱི། རིགས་པ་སྨྲ་ན་ནི་འཐད་པ་དང་བཅས་པའི་དོན་ནམ་གྲུབ་པའི་མཛའ་ཁོ་ན་ཡོངས་སུ་འཛིན་ཏེ། དེའི ་ཕྱིར་འདི་ལ་གཞན་གྱི་གཞུང་ལུགས་སུ་གྲགས་པའི་གཏན་ཚིགས་ཀྱིས་གནོད་པ་མི་སྲིད་པས་སྟོང་པ་ཉིད་ཀྱིས་གཏན་ཚིགས་ལ་དོན་མེད་པ་ཉིད་མེད་དོ། །ཅི་སྟེ་སྟོང་པ་ཉིད་སྨྲས་པ་ཉིད་སྨྲ་བ་ཁྱོད་ཀྱིས་སྟོང་པ་ཉིད་ཀྱི་དངོས་པོ་སྨྲ་ལ། སྟོང་པ་མ་ཡིན་པ ་ལ་མ་བལྟོས་པའི་སྟོང་པ་ཡོད་པ་ཡང་མ་ཡིན་པས་དངོས་པོ་ཐམས་ཅད་རང་བཞིན་དང་བཅས་པ་ཉིད་དུ་སྒྲུབ་པོ་སྙམ་ན་བཤད་པར་བྱ་སྟེ། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་རང་གི་ངོ་བོས་གྲུབ་པ་འགའ་ཞིག་ཡོད་ན་ནི་དངོས་པོ་རྣམས་རང་བཞིན་དང ་བཅས་པར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། སྟོང་མིན་མེད་པར་སྟོང་པར་...སྟོང་པ་ནི། གང་ལས་འབྱུང་བ་ཉིད་དུ་འགྱུར། །ཇི་ལྟ་བུར་ན་ཅིག་ཤོས་ནི། །མེད་པར་གཉེན་པོ་འབྱུང་བར་འགྱུར། །གལ་ཏེ་སྟེང་པ་མ ་ཡིན་པ་ཞེས་པའི་དངོས་པོ་འགའ་ཞིག་ཡོད་ན་ནི་དེའི་ཚེ་དེའི་གཉེན་པར་གྱུར་པ་སྟོང་པའི་དངོས་པོ་ཅུང་ཟད་ཅིག་ཏུ་འགྱུར་ན། སྟོང་པ་མ་ཡིན་པ་ནི་སྲིད་པ་ཡང་མ་ཡིན་ཏེ། རྒྱུ་མེད་པར་འགའ་ལ་ཡང་ནམ་མཁའ་ཨི་མེ་ཏོག་ལྟར་ཡོད་པ་ཉིད་མི་སྲིད་པའི ་ཕྱིར་རོ། །གང་གི་ཚེ་སྟོང་པ་མ་ཡིན་པ་མི་སྲིད་པ་དེའི་ཚེ་དེའི་གཉེན་པོ་སྟོང་པ་ཡང་ཅིག་ཤོས་སྟོང་པ་མ་ཡིན་པ་མེད་པར་མི་སྲིད་དོ། །འདི་ལྟར་ཡོད་པ་མ་ཡིན་པའི་ཁྱི་ནི་སྤྲེའུའི་གཉེན་པོར་མི་འགྱུར་ཏེ། ཐམས་ཅད་དུ་འགལ་བའི་དོན་གཞན་མེད ་པར་འགལ་བའི་དོན་གཞན་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་མ་ཡིན་པ་མེད་པར་སྟོང་པ་ཡོད་པ་མ་ཡིན་ལ་དེ་མེད་པ་ཡིན་དང་སྟོང་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་གྲུབ་པོ། །ཇི་སྐད་དུ་སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར ་ཐུབ་པས་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས་ཞེས་གསུངས་ལ། བཅོམ་ལྡན་འདས་ཀྱིས་ཀྱང། འོད་སྲུངས་འདི་ལྟ་སྟེ། མི་ནད་པ་ཞིག་ཡོད་ལ་སྨན་པས་དེ་ལ་སྨན་བཏང་ནས་སྨན་དེས་དེའི་ནད་ཐམས ་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་ཉིད་མི་འབྱུང་ན་འོད་སྲུངས་དེ་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས་སྨན་ལྟོར་མཆིས་པ ་ཉིད་མ་བྱུང་ན་ནི་མི་དེའི་གྲོ་ནད་ཤིན་དུ་ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལྟ་བར་གྱུར་བ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི ་གསོར་མི་རུང་ངོ། ཞེས་ངས་བཤད་དོ་ཞེས་གསུངས་སོ། །འདིར་སྨྲས་པ། སྟོང་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་སྟོང་པ་ཉིད་ཀྱི་ཕྱོགས་སུ་མི་འགྱུར་མོད་ཀྱི། དེ་ལྟན་ཡང་ཕྱོགས་མེད་པ་ཡང་ཕྱོགས་ཉིད་དུ་ཡོངས་སུ་གཟུང་བས་ཕྱོགས་ཉིད་དུ ་འགྱུར་ལ། མི་མཐུན་པའི་ཕྱོགས་ལ་མ་བལྟོས་པར་ཕྱོགས་སྲིད་པ་ཡང་མ་ཡིན་པས་མི་མཐུན་པའི་ཕྱོགས་སུ་ཡང་འགྱུར་རོ། །ཕྱོགས་དང་མི་མཐུན་པའི་ཕྱོགས་ཡོད་པ་ལས་ཀྱང་དངོས་པོ་ཐམས་ཅད་འགྲུབ་པོ། །འདི་ཡང་མི་རིགས་སོ་ཞེས་བསྟན་པའི ་ཕྱིར་བཤད་པ། །གསལ་ཏེ་ཕྱོགས་ཉིད་དུ་འགྱུར་ན། །ཕྱོགས་མེད་ཕྱོགས་ཀྱི་ངོ་བོར་འགྱུར། །གལ་ཏེ་ཕྱོགས་མེད་པ་ཉིད་ཡོད་ན་ནི་དེ་དེ་ལྟར་འགྱུར་ན་སྲིད་པ་ཡང་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་མེད་པ་དེ་ནི་རྒོལ ་པ་ཐམས་ཅད་བསལ་བས་བསྟན་ཟིན་ཏོ། །ཡང་གང་གི་ཚེ་དེ་ལྟར་ཕྱོགས་མེད་ཉིད་མེད་ན། གང་ཞིག་མི་མཐུན་ཕྱོགས་སུ་འགྱུར། །ཕྱོགས་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་ཀྱང་མེད་པས་ཡོངས་སུ་ཟིན་པ་ཐོང་ཞིག་།འདིར་སྨྲས་པ། དངོས་པོ་རྣམས ་ཀྱི་རང་བཞིན་ནི་ཡོད་པ་ཁོ་ན་སྟེ། ཁྱད་པར་གྱི་ངོ་བོ་དམིགས་པའི་ཕྱིར་རོ། །འདི་ལྟར། གལ་ཏེ་དངོས་པོ་ཡོད་མིན་ན། །མེ་ནི་ཇི་ལྟར་ཚ་བར་འགྱུར། །དེའི་ཕྱིར་ཁྱད་པར་དམིགས་པ་འདི་ལས་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ ་ཉིད་དོ། །བརྗོད་པར་བྱ་སྟེ། འདི་ནི་མ་རིགས་སོ། །གང་གི་ཕྱིར་ཚ་བ་མེ་ཡང་ཡོད་མིན་ཞེས། །གོང་ཉིད་དུ་ནི་བཟློག་པར་བྱས། །མེ་ཚ་བའི་རང་བཞིན་ཉིད་ནི་སྔར་ཚ་བ་མེ་ཉིད་དུ་འགྱུར་ཏེ། ཚ་བ་མིན་པ་ཇི་ལྟར་སྲེག་།དེས་ན་བུད་ཤིང་ཞེས་བྱ་བ། །ཡོད་མིན ་དེ་མེད་མ་ཡོད་མིན་ཞེས་བྱ་བ་དེར་བཟློག་ཟིན་ཏོ། །དེའི་ཕྱིར་ཁྱད་པར་མེད་པས་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་མེད་དོ། །གཞན་ཡང་གལ་ཏེ། དངོས་པོ་མཐོང་ནས་དངོས་པོ་ནི། །མེད་པ་ཞེས་བྱ་བ་ཟློག་འགྱུར་ན། །གལ་ཏེ་དངོས་པོ་མེད་དམིགས་ནས་དེའི་དངོས ་པོ་མེད་པ་བཟློག་ན་ནི་རིགས་པར་བསྟན་པ་ཞིག་སྟེ། དངོས་པོའི་དངོས་པོ་མེད་པ་དམིགས་ནས་དངོས་པོ་ཡང་བཟློག་པར་ཅིའི་ཕྱིར་མི་འགྱུར། །ཚུལ་འདི་ཉིད་ཀྱིས། དེ་ལྟར་ཕྱོགས་ནི་བཞི་ཆར་ལ། །ཉེས་པ་སྤངས་པ་གང་ཞིག་མཐོང། འདི་ཡང་ན་ཡོད ་དང་མེད་དང་ཡོད་མེད་དང། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། ཞེས་བྱ་བ་དེར་བཤད་ཟིན་ཏེ། །དེའི་ཕྱིར་དེ་ལྟར་ན་ཕྱོགས་བཞི་ག་ལ་ཡང་སྐྱོན་མཐོང་བའི་ཕྱིར་ཕྱོགས ་འགའ་ཡང་ཡོངས་སུ་གཟུང་བར་མི་རིགས་སོ། །འདི་ལས་ཀྱང་ཕྱོགས་ཡོངས་སུ་འཛིན་པར་མི་རིགས་ཏེ། རྡུལ་ལ་ཆ་ཤས་ཡོད་མེད་ཅེས། །དཔྱད་པ་དེར་ཡང་འཇུག་པར་འགྱུར། །དེའི་ཕྱིར་བསྒྲུབ་པར་བྱ་བ་ཡིས། །བསྒྲུབ་བྱ་འགྲུབ་པར་མི་མཐད་དོ་ཞེས ་སྔར་བཤད་པའི་ཕྱིར་རོ། །དེའི་ཕྱིར་ཚུལ་འདིས་རྣམ་པར་དཔྱད་པ་ན་དངོས་པོ་ཤིན་ཏུ་ཞིབ་པ། རྡུལ་ཕྲན་ལ་ཡང་ཡོད་པའི་དངོས། །གང་དུ་མེད་དེར་ཇི་ལྟར་འབྱུང། །གང་དུ་རྡུལ་ཕྲ་རབ་ཙམ་ལ་ཡང་བདེན་པའི་ངོ་བོ་ཡོད་པ་མ་ཡིན་པ་དེར་ཇི་ལྟར ་འབྱུང་ཞིང་སྐྱེ་སྟེ། དངོས་པོ་སྐྱེ་བ་པོ་རྣམ་པ་ཐམས་ཅད་དུ་མེད་པས་དེར་སྐྱེ་བ་ཁོ་ནའོ། །སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པའི་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་མ་རིག་པའི་མུན་པ་མཛའ་དག ་བསལ་བ། མི་ཤེས་པའི་མུན་པ་མཐུག་པོའི་མཚན་མོའི་གཉིད་ཀྱིས་ལོག་པའི་འགྲོ་བ་རངས་པ་སད་པར་མཛད་པ་ལྷུར་བཞེས་པ་བྱང་ཆུབ་ཏུ་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་པའི། སངས་རྒྱས་རྣམས་ལ་མེད་ཉིད་ཀྱང། །དེ་ཉིད་ཕྱིར་ན་མ ་འབྲེལ་པའོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱི་ཡེ་ཤེས་ལ་བལྟོས་ནས་དངོས་པོ་འགའ་ཡང་མ་དམིགས་པས་ཡོད་པ་འདི་ལྟར་མེད་པ་ཉིད་ཀྱང་མངོན་པར་མི་བཞེད་དོ། །ཡང་ན་རང་བཞིན་མ་སྐྱེས་པའི་ཕྱིར་དེ་མེད་པ་ཡང་མི་སྲིད་པས་སངས་རྒྱས་རྣམས་ལ་མེད་པ་ཉིད ་ཀྱང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མི་བཞེད་དེ། །ཡོངས་སུ་རྟོག་པར་བྱེད་པས་ནི་གདོན་མི་ཟ་བར་གཉིས་མེད་པར་...སྨྲ་བ་འདི་ཐམས་ཅད་དུ་སོན་པ་ཡིན་ནོ་ཞེས་བྱ་བར་ངེས ་པར་བྱའོ། །འདིར་ལྟར། གལ་ཏེ་ཀུན་ལ་གཉིས་མིན་ན། །རྣམ་པར་སྤྱད་བཞིན་པ་ཡི་དོན། །གཞན་གང་ཞིག་ལ་ཡོད་དངོས་ཡོད། །གལ་ཏེ་ཁྱོད་ལའང་དེ་རིགས་ན། །བརྒལ་བ་གཞན་པོ་ཅི་སྟེ་བྱེད། །གང་དུ་གཉིས་མ་ཡིན་པ་གཉིས་སུ་མེད་པར་སྨྲ་བ ་འདིར་མི་འགྱུར་བ་དངོས་པོ་གང་ཞིག་ལ་དངོས་པོའི་ངོ་བོ་ཡོད། །རེ་ཞིག་དངོས་པོ་རྟག་པ་གང་དག་ཡིན་པ་དེ་དག་ལ་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་པས་ཡོད་པ་དང་མེད་པ་ཉིད་ཀྱི་རྟོག་པ་དག་བརྟག་པར་མི་ནུས་ཏེ། ཡོད་པ་དང་མེད་པར་རྟོག་པ་འཇུག་པའི་རྒྱུ་དངོས་པོ་རྟག་པ ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དངོས་པོ་གང་དག་སྐྱེ་བ་དང་ལྡན་པ་དེ་དག་ཀྱང་རྟག་པའི་ངོ་བོར་མེད་པས་རང་བཞིན་གྱི་མཚན་ཉིད་དང་མཚན་ཉིད་མི་མཐུན་པ་ཡོད་པ་ཡིན་དང་རང་བཞིན་ཡོད་པ་དང་མེད་པའི་རྟོག་པ་དག་རྣམ་པར་གཞག་པར ་མི་ནུས་སོ། །འདུས་བྱས་དང་འདུས་མ་བྱས་ལས་མ་གཏོགས་པའི་དངོས་པོ་གཞན་ཡོད་པ་ཉིད་དུ་བཞག་པར་ནུས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རིགས་པས་ཐོབ་པར་བྱ་བའི་ཕྱིར་དྲངས་ཤིང་གསལ་བའི་དོན་ནི་ཚོལ་བ་དག་གིས་གཉིས་སྨྲ ་བ་རང་གི་བློས་ཕྱིན་ཅི་ལོག་ཏུ་བརྟགས་པ་སྤངས་ཏེ་གཉིས་མེད་པར་སྨྲ་བ་འདི་རང་གི་བློ་ལ་བཞག་པར་འོས་པ་ཉིད་དོ། །ཅི་སྟེ་འཐད་པ་གང་ཞིག་གི་དོན་འདི་མི་འགྲུབ་པ་སྲིད་ན་ནི་འོན་གང་གིས་ཁོ་བོ་ཅག་ཀྱང་ཡིད་ཆེས་པར་འགྱུར་བ་དེ་བརྗོད་པར་གྱིས་ཤིག་།འོན་ཏེ་ཇི ་སྐད་བཤད་པའི་དོན་དང་འགལ་བའི་འཐད་པ་གང་ཞིག་ཀྱང་བརྗེད་པར་མི་ནུས་ན་ནི་དེའི་ཚེ་གལ་ཏེ་ཁོ་བོ་ཅག་གིས་བཤད་པའི་འཐད་པ་ཁོ་ནས་ཁྱོད་ལ་ཡང་མཛའ་གཉིས་སྤངས་པ་དེ་རིགས་ན་ཅིའི་ཕྱིར་རྩོད་པ་གཞན་པ་བྱེད། གང་གི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན ་ལས་འདས་པའི་དངོས་པོ་རང་དང་གཞན་གྱི་གཞུང་ལུགས་ཀྱིས་ཡོངས་སུ་བརྟགས་པ་རྣམས་ལ་གཉིས་སུ་མེད་པའི་ངོ་བོ་འདིར་དབྱེར་མེད་པ་དེ་ཉིད་ཀྱི་ཕྱིར། དངོས་པོ་ཀུན་གྱི་དངོས་མེད་ལ། །རྣམ་པར་དབྱེ་བ་མི་རིགས་ཏེ། །རྫས་རྣམས་ཀུན་ལ་གང་མཐོང་བ། ། ་དེ་ནི་རྣམས་དབྱེར་མི་འགྱུར་རོ། །རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་རང་བཞིན་བྱས་པ་ཅན་ཉིད་དུ་ཐལ་བའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་རྒྱུ་མེད་པ་ཅན་ཁོ་ན་ཡིན་ལ་རྒྱུ་མེད་པ་ལ་ཡང་ཡོད་པ་ཉིད་མི་སྲིད་པས་མེད་པར་དགག་པ་ལ་བརྟེན་ནས ་དངོས་པོ་མེད་པ་ཁོ་ན་རང་བཞིན་ཡིན་ཏེ་དངོས་པོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་འདི་ཐམས་ཅད་ལ་དབྱེར་མེད་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རང་གི་ངོ་བོ་གཅིག་པ་སྟེ། འདི་ལྟ་སྟེ་དངོས་པོ་མེད་པའི་རང་བཞིན ་གྱི་ངོ་བོའོ། །དཔེར་ན་བུམ་པ་དང་འཁར་ཞོང་ལ་སོགས་པ་ཐ་དད་ཀྱང་ཐམས་ཅད་སྒྲིབ་པ་མེད་པ་ཉིད་མཚུངས་པའི་ཕྱིར་གཟུགས་མེད་པ་ཙམ་གྱིས་ངོ་བོ་ནམ་མཁའ་རང་གི་ངོ་བོ་ཐ་དད་པ་ཡོད་པ་མ་ཡིན་པ་དང། ཡང་དཔེར་ན་དངོས་པོ་རྣམས་བདག་ཉིད་ཇི་ལྟ ་བ་བཞིན་དུ་འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དང། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ཐ་མི་དད་པ་དེ་བཞིན་དུ་རྫས་ཐམས་ཅད་ལ་གང་ཞིག་མཐོང་བ་ཡང་རྫས?་ཐ་དད་པར་རྣམ་པར་བཞག་པར་མི་ནུས་སོ། །མེ་ཉིད་ཀྱི ་ཕྱིར། དངོས་པོ་གཅིག་གི་ལྟ་བོ་གང། དེ་ནི་ཀུན་གྱི་ལྟ་བོར་བཤད། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། ཅེས་སྔར་བཤད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། །གང་གིས་དངོས་རྣམས་དངོས་པོ་མེད་ཅེས་ཤེས་གྱུར་པ། །དེ་ནི་དངོས ་པོ་ཀུན་ལ་གཞར་ཡང་ཆགས་པ་མེད། གང་ཞིག་དངོས་པོ་ཀུན་ལ་གཞར་ཡང་ཆགས་མེད་པ། འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་རེག་ཅེས་གསུངས་སོ། །གཞན་ཡང། གཞན་རྟོག་པ་སྔོན་དུ་གཏོང་བར་གྱུར་པས་ཀྱང། ཇི་སྐད་བཤད་པའི་དོན ་འདི་ཁས་བླང་བར་བྱ་བ་འམ་ཡང་ན་བརྒལ་ཞིང་བརྟགས་པས་ལན་གདབ་པར་བྱའོ། །ཅི་སྟེ་གང་ལ་ཅུང་ཟད་ཅིག་སྲིད་པ་དེ་ལ་ལན་གདབ་པར་རིགས་ཀྱི། གང་གི་ལྟར་ན་ཐམས་ཅད་དངོས་པོ་མེད་པ་དེ་ལ་བརྗོད་པར་བྱ་བ་དང། ཚིག་དང་སྨྲ་བ་པོ་རྣམས་དང ་རྟོག་པ་དང་རྟོགས་པར་བྱེད་པ་དང་རྟོགས་པ་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པས་ཇི་ལྟར་ལན་གདབ་པར་བྱ། དེའི་ཕྱིར་དེ་ལ་ལན་མ་སྨྲས་པ་ཉིད་དོ་སྙམ་ན། གལ་ཏེ་དེ་ལྟར། མེད་ཕྱིར་གཞན་གྱི་ཕྱོགས་ལ་ལན། །བརྗོད་པ་མིན་པར་གྲགས ་ན་ནི། །གཏན་ཚིགས་ཀྱིས་བཟློག་རང་ཕྱོགས་ཀྱང། །ཅི་ཡི་ཕྱིར་ན་སྒྲུབ་མི་འགྱུར། །གལ་ཏེ་གཞན་ལ་ཐམས་ཅད་མེད་པས་ལན་མི་འདེབས་ན་ཁྱོད་ཀྱི་འཐད་པ་འགའ་ཞིག་གིས་ཁྱོད་ཀྱི་རང་གི་ཕྱོགས་སྟོང་པ་ཉིད་ཀྱི་གཏན་ཚིགས་ཀྱིས་བཟློག ་པ་ཅི་སྟེ་མི་སྒྲུབ། །མ་གྲུབ་པ་ནི་ཁས་བླང་བར་རིགས་པ་ཡང་མ་ཡིན་པས་འདི་ནི་ཡོད་པ་མ་ཡིན་ནོ། །གང་ཡང་སུན་འབྱིན་བྱེད་པའི་གཏན་ཚིགས་རྙེད། །སླ་ཞེས་འཇིག་རྟེན་ན་བརྗོད་ན། དེ་ཡང་མི་རིགས་སོ། །གལ་ཏེ་སུན་འབྱིན་པ་བྱེད་པའི ་གཏན་ཚིགས་ཡོད་པར་འགྱུར་ན་ནི་དེའི་ཚེ་རྙེད་སླ་བའི་ཕྱིར་དེ་ཁྱོད་ལ་ཡང་ཡོད་པས་ཁྱོད་ཀྱིས་ཀྱང། གཞན་གྱི་ཕྱོགས་ལ་སྐྱོན་བརྗོད་པའི་ཉིད་དུ་ཅིའི་ཕྱིར་མི་ནུས་ཁྱོད་ཀྱིས་གཞན་གྱི་བྱོར?་ལ་སུན་འབྱིན་པ་བརྗོད་པར་མི་ནུས་པས ་སུན་འབྱན་པར་བྱེད་པའི་གཏན་ཚིགས་རྙེད་པར་མི་སླའོ། །བཅོམ་ལྡན་འདས་ཀྱིས། ཇི་ལྟར་མི་གཡོ་རི་རབ་ཆེན་པོ་ནི། །གྲོག་མ་ཀུན་གྱིས་བསྐྱོད་པར་མི་ནུས་ལྟར། །དེ་བཞིན་ཡང་དག་ཚུལ་ལ་ལེགས་བསླབས་པའི། །མཁས་ཏེ་ལྷ་ཡི་གཟུགས ་ཀྱིས་ཀྱང་མི་བསྐྱོད། །ནམ་མཁའ་ཚོན་རྩིས་བཀྲ་བར་བྱ་ནུས་ཤིང། །ནམ་མཁའ་ལག་པ་ཡིས་ནི་གཟུངས་ནུས་ཀྱིས། །དེ་ནི་བསྐྱོད་པར་འདོད་ཆགས་ཞེ་སྡང་དང། །བདུད་རྣམས་བྱེ་བས་ནུས་པ་ཉིད་མ་ཡིན། །འགའ་ཡིས་བྲག་ཆ་བཟུང་བར་བྱ་ནུས་ཤིང། །ཕྲག་ནི་ཆུ ་ཡི་ནང་དུ་འང་འཕྱོ་འགྱུར་གྱི། །གང་ཞིག་འདི་འདྲའི་ལུས་སྡོམ་ལ་སློབ་པ། །དེ་ཡི་བསམ་པ་འདིར་ནི་བརྡར་མི་ནུས། །ཞེས་རྒྱས་པར་གསུངས་སོ། །ཅི་སྟེ་འཐད་པ་མེད་པར་ཡང། །ཡོད་ཅེས་བྱ་བ་ཙམ་ཞིག་གིས། །གལ་ཏེ་དེ་ཉིད་དངོས་ཡོད་ན། །མེད་ཅེས་བྱ་བ་ཙམ ་ཞིག་གིས། །མེད་པར་ཡང་ནི་ཅིས་མི་འགྱུར། །ཇི་ལྟར་ཁྱོད་ཀྱིས་ཡོད་དོ་ཞེས་བྱ་བའི་ཚིག་ཙམ་གྱིས་དངོས་པོའི་དེ་ཁོ་ན་ཉིད་ཡོད་དོ་ཞེས་བྱ་བ་འཇོག་པ་དེ་བཞིན་དུ་ངའི་མེད་དོ་ཞེས་བྱ་བའི་ཚིག་ཙམ་གྱིས་ཀྱང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ ་བར་ཅི་སྟེ་རྣམ་པར་མི་འཇོག་།དེའི་ཕྱིར་ཡུ་བུ་ཅག་གཉིས་ཀྱི་གཉིས་སུ་སྨྲ་བ་བསལ་བས་གཉིས་མེད་པར་སྨྲ་བ་སྤྲོས་པ་ཐམས་ཅད་བཅོས་པ་འདི་གཞུང་བཙུགས་པར་འགྱུར་རོ། །འདིར་སྨྲས་པ། དོན་དམ་པར་དངོས་པོ་མེད་ན་ནི་དེའི་ཚེ་མེད་པ་ལ་ཡོད ་དོ་ཞེས་བྱ་བའི་མིང་འདིར་མི་འགྱུར་རོ། །ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ལ་ནི་ཡོད་དོ་ཞེས་བྱ་བའི་མིང་འདི་མི་རུང་ངོ། །བཤད་པར་བྱ་སྟེ། གང་ཕྱིར་ཡོད་བདོག་ཅེས་མིང་བཏགས། །དེ་ཕྱིར་མེད་པར་མི་འགྱུར་ན། །གལ་ཏེ་དེ་ལྟར་ན་གང་ཕྱིར་མེད་ཅེས་མིང་བྱས་པ་དེ ་ཕྱིར་ཡོད་པར་མི་འགྱུར་རོ། །མིང་ནི་མིང་ཅན་གྱི་རང་གི་ངོ་བོའི་རྗེས་སུ་མི་བྱེད་དོ། །དེ་རྣམས་ནི་མིང་ཅན་གྱི་དངོས་པོའི་རང་གི་ངོ་བོ་དང་དུས་མཚུངས་པ་ཡང་མ་ཡིན་ཏེ། དེ་རྣམས་སྔ་རོལ་དང་ཕྱིས་འདོད་པས་བྱེད་པའི་ཕྱིར་རོ། །འདི་ལྟར་མིག་ལེགས་པ་ལ་ཞར ་བ་ཞེས་བྱ་བ་དང། ཚེ་ཐུང་བ་ལ་ཚེ་རིང་པོ་ཞེས་བྱ་བ་དང། ཆོམས་པ་ལ་ལྷས་བཙས་པ་ཞེས་བྱ་བ་ལ་སོགས་པས་དོན་དང་མི་མཐུན་པའི་མིང་རྣམས་ཀྱང་དམིགས་པ་ཡིན་ནོ། །དེའི་ཕྱིར། གང་ཕྱིར་ཡོད་ཅེས་མིང་བྱས་པ། །དེའི་ཕྱིར་ཡོད་པར་མི་འགྱུར་རོ། །རྣཾ ་པ་གཅིག་ཏུ་ན་འདོན་པ་གཞན་ཡིན་ཏེ། གང་ཕྱིར་མེད་མི་བདོག་ཅེས་མིང། །བཏགས་པ་དེ་ཕྱིར་ཡོད་འགྱུར་མིན། །གལ་ཏེ་ཡོད་པ་ལ་ཡོད་དོ་ཞེས་མིང་བྱས་པ་ལས་དངོས་པོ་རང་གི་...ངོ་བོ་ཡོད་པ་ཉིད་དུ་རྟོག་ན་ནི། རིགས་པས་རྣམ་པར་དཔྱད་པ ་ན་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཡོད་པ་མ་ཡིན་པ་ལ་མེད་དོ་ཞེས་མིང་བཏགས་པ་ལས་ཡོད་པ་ཉིད་དགག་པ་ཅིའི་ཕྱིར་མི་ངེས་ཏེ། འདི་ཡོད་པ་ཉིད་དུ་རྟོག་པ་ལྟར་མེད་པ་ཉིད་དུ་ཡང་བཏགས་པར་རིགས་སོ། །འདིར་ཁ་ཅིག་ན་རེ་སྒྲ་རྣམས་ནི་དོན་གྱི་རང ་གི་ངོ་བོ་སྟོན་པར་བྱེད་པ་མ་ཡིན་ཏེ། གལ་ཏེ་སྟོན་ན་ནི་དེའི་ཚེ་མེ་ཞེས་སྨྲས་ན་ཁ་འཚིག་པར་འགྱུར་ལ། བུམ་པ་ཞེས་སྨྲས་ན་ཁ་ཁེངས་པར་འགྱུར་རོ། །དེའི་ཕྱིར་ཁོ་བོ་ཅག་གི་དོན་གྱི་རང་གི་ངོ་བོ་ལ་མི་རེག་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་དང། ་བརྗོད་པར་བྱེད་པའི་བརྡ་འཇིག་རྟེན་པས་ཐམས་ཅད་ཡོད་དོ་ཞེས་བརྗོད་དོ་ཞེས་ཟེར་རོ། །དེ་ལ་བརྗོད་པར་བྱ་བ་སྟེ། གལ་ཏེ་ཐམས་ཅད་འཇིག་རྟེན་པས། །བརྗོད་པས་འཇིག་རྟེན་པ་ཡོད་ན། །དངོས་གང་དེ་ཉིད་དུ་ཡོད་པ། །དེ་ནི་འཇིག་རྟེན ་པར་ཅིས་འགྱུར། །གལ་ཏེ་དངོས་པོ་ཡོད་པའི་རང་བཞིན་ཅན་ཉིད་རང་གི་ངོ་བོ་ལ་མི་རིག་པའི་སྒྲ་རྣམས་ཀྱིས་འཇིག་རྟེན་པ་བརྗོད་ཅིང། དེའི་རང་གི་ངོ་བོ་ཡོད་ན་ནི་དེའི་ཕྱིར་རང་གི་ངོ་བོས་ཡོད་པའི་ཕྱིར་དེ་དོན་དམ་པ་ཁོ་ནར་འགྱུར ་གྱི། འཇིག་རྟེན་པ་ནི་མ་ཡིན་ནོ། །ཅི་སྟེ་དེ་འཇིག་རྟེན་པ་ཉིད་དུ་ཡོད་པ་ཉིད་ཡིན་གྱི། །རང་བཞིན་གྱིས་མ་ཡིན་ན་ནི་དེའི་ཚེ་འཇིག་རྟེན་པ་དེ་དོན་དམ་པ་ཉིད་དུ་འགྲུབ་ཅིང། དོན་དཾ་བ་མཐོང་བ་ལས་རྣལ་འབྱོར་པ་རྣམས་འཁོར་བ་ལས་གྲོལ་བར་ཡང་འགྲུབ་དོ ་ཞེས་བྱ་བར་གིས་སོ། འདིར་སྨྲས་པ། ཁྱོད་ཀྱིས་ཐུན་མོང་དུ་སྨྲ་མོད་ཀྱི། །དེ་ལྟ་ན་ཡང་དངོས་པོ་བསལ་བས་ཁྱོད་ལ་དངོས་པོ་རྣམས་མེད་པ་ཉིད་དུ་འགྱུར་རོ། །བཤད་པར་བྱ་སྟེ། ཚིག་འདི་ནི་ཁོ་བོའི་བསམ་པ་ལས་མ་འདས་པར་གནས་སོ། །གལ་ཏེ་བདག ་དངོས་པོ་བཀག་པ་ལས་ཡོད་པ་ཉིད་དང་འགལ་བ་མེད་པ་ཉིད་ཁས་ལེན་པར་འགྱུར་ན་ནི་དེའི་ཚེ་བགག་གས་སྨྲ་བ་ཐམས་ཅད་སེལ་བ་བསྒྲུབས་པར་མི་འགྱུར་ཏེ་མེད་པ་ཉིད་དུ་སྨྲ་བ་ཤིན་ཏུ་ཐ་ཆད་པ་ཁས་བླངས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གལ ་ཏེ་དངོས་ཀུན་མེད་པའི་ཕྱིར། །མེད་པ་ཉིད་དུ་འགྱུར་ན་ནི། །དེ་ལྟར་ཡིན་ན་ཕྱོགས་རྣམས་ཀུན། །དངོས་པོ་མེད་པར་མི་རིགས་སོ། །དངོས་པོ་ཡོད་ན་ནི་དེ་དེ་བཀག་པས་དངོས་པོ་མེད་པར་སྨྲ་བར་འགྱུར་ན་གང་གི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་པོ ་ཉིད་མི་སྲིད་པ་དེའི་ཚེ། དངོས་པོ་མེད་ཕྱིར་དངོས་མེད་ལ། །སྲིད་པ་ཡོད་པར་མི་འགྱུར་རོ། །ཅིའི་ཕྱིར་དངོས་པོ་མེད་ཅེ་ན། དངོས་པོ་མེད་པ་མེད་པའི་ཕྱིར་རོ། །གང་ལས་དངོས་པོ་མེད་པ་མེད་ཅེ་ན། །འདིར་ལྟར། དངོས་པོ་མེད་པར་དངོས་པོ་ནི། ། ་མེད་པ་ག་ལ་འགྲུབ་པར་འགྱུར། །དངོས་པོ་འཇིག་པ་གཞན་དུ་འགྱུར་བའི་མཚན་ཉིད་ཅན་ནི་དངོས་པོ་མེད་པའོ་ཞེས་འཇིག་རྟེན་སྨྲ་བ་ལ་དངོས་པོ་དེ་ཡང་ངེས་པར་དཔྱད་པ་ན་ཡོད་པ་མ་ཡིན་བས་གང་ཞིག་མེད་པས་དངོས་པོ་མེད་པར་སྲིད ་པར་འགྱུར། གང་གི་ཚེ་དངོས་པོ་མེད་པ་ཡོད་པ་མི་སྲིད་པ་དེའི་ཚེ་དངོས་པོར་རྟོགས་པ་དངོས་པོ་མེད་པ་ལ་བལྟོས་པས་དེ་མེད་པ་ཡིན་དང་དངོས་པོ་མེད་པ་མེད་པར་བྲུབ་པོ། །འདིར་སྨྲས་པ། རྒྱུ་མེད་པའི་དོན་ལ་གྲུབ་པ་མེད་པའི་ཕྱིར་ཁྱོད་ཀྱིས ་གདོན་མི་ཟ་བར་སྟོང་པ་ཉིད་དུ་བསྒྲུབ་པ་ལ་གཏན་ཚིགས་བསྟན་པར་བྱ་དགོས་ལ། གཏན་ཚིགས་ཡོད་པས་ཀྱང། དངོས་པོ་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཏེ། གཏན་ཚིགས་ལྟར་གཞན་ཡང་ཡོད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། གལ་ཏེ་སྟོང་པ་གཏན་ཚིགས ་ལས་གྱུར་པ། དེ་ཕྱིར་སྟོང་པར་མི་འགྱུར་ན། དམ་བཅའ་གཏན་ཚིགས་ལས་གཞོན་ནི། །མ་ཡིན་དེས་ན་གཏན་ཚིགས་མེད། །རྒྱུའི་སྔ་རོལ་དུ་སྟོང་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་ལ། ཕྱིས་ཡོད་པའི་ཕྱིར་སྟོང་པ་ཉིད་བྱས་པར་འགྱུར་ལ། བྱས་པ་མ ་ཡིན་ན་ཡང་སྒྱུ་མས་སྦྲུལ་པའི་བན་གླང་མོ་ལྟར་བསླུ་བར་འགྱུར་ན། སྟོང་པ་ཉིད་ནི་ཡེ་མཚུངས་པའི་ངོ་བོ་ཡིན་པའི་ཕྱིར་བསླུ་བ་ཡང་མ་ཡིན་པས་སྟོང་པ་ཉིད་རྒྱུས་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ཅི་སྟེ་ཤེས་པར་བྱེད་པའི་རྒྱུ་ལ་བསམས་ནས་བརྗོད་ན ་ཡང་གཏན་ཚིགས་མི་སྲིད་པ་ཉིད་དོ། །ཇི་ལྟར་ཞེ་ན། འདིར་གཏན་ཚིགས་འདི་དམ་བཅའ་འགའ་ཞིག་བསྒྲུབ་པའི་ཕྱིར་བརྗོད་པ་ཞིག་ན། གལ་ཏེ་དམ་བཅས་པ་དེ་ལས་གཏན་ཚིགས་དེ་གཞན་ཡིན་ན་ནི། དེ་ལྟར་ཡིན་ན་ཕྱོགས་ཀྱི་ཆོས་མ་ཡིན་པའི ་ཕྱིར་དམ་བཅའ་བའི་དོན་གོ་བར་མི་བྱེད་པས་གཏན་ཚིགས་ལ་དམ་བཅའ་བ་ལས་གཞན་ཉིད་ཡོད་པ་མ་ཡིན་ནོ། །གང་གི་ཚེ་གཞན་དུ་མི་འགྱུར་བ་དེའི་ཚེ་གཞན་ཉིད་མེད་པའི་ཕྱིར་དམ་བཅའ་བའི་རང་གི་ངོ་བོ་བཞིན་དུ་འདི་གཏན་ཚིགས་མ ་ཡིན་པས་གཏན་ཚིགས་མེད་པ་སྟེ་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་པོ། །འདིར་སྨྲས་པ། གལ་ཏེ་གཏན་ཚིགས་མེད་པས་གཏན་ཚིགས་དང་བསྒྲུབ་པར་བྱ་བ་སྟོང་པ་ཉིད་མ་ཡིན་པར་མི་འགྱུར་ན། འོ་ན་རེ་ཞིག་སྟོང་པ་ཉིད་ཀྱི་དཔེ ་ཡོད་པ། དེ་ཡོད་པས་དེ་དང་འདྲ་བར་དངོས་པོ་གཞན་ཡང་འབྱུང་བར་འགྱུར་རོ། །བཤད་པར་བྱ་སྟེ། དཔེ་དེ་ཡང་རྟོག་པ་ན་གཏན་ཚིགས་ཀྱི་དོན་དང་མ་འབྲེལ་བ་ཁོ་ན་ཞིག་གམ། འབྲེལ་པ་བཞིན་རྟོག་གྲང། རེ་ཞིག་གལ་ཏེ་འབྲེལ་ན་ནི་གཏན་ཚིགས ་ཀྱི་སུན་འབྱིན་པ་ཉིད་ཀྱིས་བསལ་ཏོ། །ཅི་སྟེ་མ་འབྲེལ་ན་ནི་དེའི་ཚེ་དེ་གཉིས་ལ་དམ་བཅའ་བའི་དོན་སྒྲུབ་པའི་ནུས་པ་ཉིད་མེད་པས་ཅུང་ཟད་ཀྱང་མི་བྱེད་ལ་དེ་བརྟགས་པས་ཅི་དགོས་ཞེས་བརྟན་པའི་ཕྱིར་བཤད་པ། གང་ཕྱིར ་སྟོད་པའི་དཔེ་ཡོད་པ། །དེ་ན་སྟོང་པར་མི་འགྱུར་ན། །བྱ་རོག་ཇི་ལྟར་དེ་བཞིན་དུ། །བདག་ཀྱང་ནས་ཤེས་བརྗོད་ནུས་སམ། །གལ་ཏེ་གཏན་ཚིགས་ཀྱི་དོན་དང་མ་འབྲེལ་བའི་དཔེ་ལས་དོན་གྲུབ་པར་སེམས་ན་ནི་དེའི་ཚེ་བྱ་རོག་གི་ནག་པའི་དཔེ?་བདག་ཀྱང་ནག་པོར་འགྱུར་ན ་འདི་ནི་སྲིད་པ་ཡང་མ་ཡིན་པས་དཔེ་མི་རིཊ་ཏེ་དངོས་པོ་མེད་པའི་ཕྱིར་རོ། །ག་ལྟེ་གཏན་ཚིཊ་ཀྱང་མ་དེ་ལ་དཔེ་ཡང་མེད་ཅིང་དངོས་པོ་ཐཾ་ཅད?་ཀྱར་མིད་ན་བྱོན་གྱི་བསྟན་བཅོས་བྱེད་པའི་ཚེགས་འདི་དོན་གང་དུ་བསྒྲུབ་པར་བྱ་བའི་ཕྱིར་ཡིན། བརྗོད་པར་བྱ་སྟེ། གལ་ཏེ་ངེས་པར་བརྟགས་པ་ན ་དངོས་པོ་འགའ་ཞིག་གི་རང་བཞིན་དམིགས་ན་ནི་དེའི་ཚེ་ཁས་ལེན་པར་བྱེད་བདེ་ལྟ་ཡིན་དང་སྟོང་པ་ཉིད་དུ་ལྟ་བ་ཡང་ཕྱིན་ཅི་ལོག་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གལ་ཏེ་རང་བཞིན་གྱིས་དངོས་ཡོང། །སྟོང་མཐོང་ཡོན་ཏན་ཅི་ཞིག ་ཡོད། །སྟོང་པ་ཉིད་ཉེ་བར་བསྟན་པ་ནི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་ཡིན་ལ། དེ་ཁོ་ན་ཉིད་ཀྱང་རང་བཞིན་དང་ངོ་བོ་ཡིན་ནོ། །གལ་ཏེ་དངོས་པོ་འགའ་ཞིག་ལ་ཡོད་ན་ནི་དེའི་ཚེ་དེ་ཉིད་དོན་དམ་པ་ཡིན་པས་གྲོལ་བ་དོན་དུ་གཉེར་བ་ལ་དེ་མཐོང ་བ་ཁོ་ན་མཛེས་ཀྱི་སྟོང་པ་ཉིད་མཐོང་བ་ནི་མ་ཡིན་ནོ། །དེ་ནི་དེའི་ཚེ་ཡོན་ཏན་དུ་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྐུར་པ་འདེབས་པ་ལ་ཞུགས་པའི་ཕྱིར་སྐྱོན་ཉིད་དུ་འགྱུར་རོ། །གང་གི་ཚེ་དངོས་པོ་རང་བཞིན་མེད་པ་?་རྣམས་ཕྱིན་ཅི ་ལོག་ལས་རང་བཞིན་དང་བཅས་པ་ཉིད་དུ་སྣང་བ་ན་འཇིག་རྟེན་གྱི་མངོན་པར་ཞེན་པའི་རྒྱུར་འགྱུར་ཞིང། དངོས་པོར་ལྷག་པར་ཞེན་པའི་རྒྱུ་ཅན་ལས་དང་ཉོན་མོངས་པ་ལས་སྐྱེ་བའི་རྒྱུན་སྐྱེ་བའི་ཕྱིར་དེ་ལས་འཁོར་བར་འཇུག་པར་འགྱུར་བ་དེའི ་ཚེ་དངོས་པོ་རང་བཞིན་མེད་པ་རྣམས་རང་བཞིན་མེད་པ་ཉིད་དུ་མངོན་པར་གསལ་བར་བྱེད་པའི་བསྟན་བཅོས་འདིས་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་སྤངས་པའི་སྒོ་ནས་རང་བཞིན་མེད་པ་ཉིད་སྟོན་ཞིང། འཇིག་རྟེན་ཡང་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་བཏོན་ནས ་གཟུགས་བརྙན་དང་སྤྲུལ་པ་དང་སྒྱུ་མ་ལ་སོགས་པ་ལྟར་དངོས་པོ་རྣམས་ལ་མངོན་པར་ཞེན་པ་ན་དངོས་པོ་ལ་མངོན་པར་ཞེན་པའི་རྒྱུ་ཅན་ལས་དང་ཉོན་མོངས་པ་ཟད་པས་འདོད་ཆགས་ལ་སོགས་པའི་འཆིང་པ་མཛའ་དག་ཆད་པ་ལས་ངེས་པར་གྲོལ་བར་འགྱུར་རོ། ། ་དེའི་ཕྱིར་བསྟན་བཅོས་འདིས་དངོས་པོ་རྣམས་རང་བཞིན་གཞི་མེད་པ་ཙམ་ཞིག་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྟོང་པས་ཏེ་རང་བཞིན་མེད་པའི་ཚུལ་གྱིས་སོ། །ཆོས་ཐམས་ཅད་?་མཚན་མ་མེད་པ་སྟེ། མཚན་མ་མེད་པ་ཉེ་བར ་བཟུང་ནས་སོ། །ཆོས་ཐམས་ཅད་སྨོན་པ་མེད་པ་སྟེ། །མི་སྨོན་པ་ཡིན་ཚུལ་གྱིས་སོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་སོ་ཞེས་བྱ་བ་དང། དེ་བཞིན་དུ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། ། ་དེ་ལ་སྐྱེ་བ་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསྙོན་པ་ནི་མ་ཡིན་ནོ། །ཞེས་བཤད་པ། རྟོག་པས ་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །རྟོག་པ་ན་ཡང་དག་པ་མ་ཡིན་པའི་རང་བཞིན་གྱི་དོན་སྒྲོ་འདོགས་པ་སྟེ། དེའི་སྒོ་ནས་སེམས་ཅན་རྣམས་བཅིངས་པར་དམིགས་ནས། འཁོར་བའི་སྡུག་བསྔལ་བཅད་པར་བྱ་བའི་ཕྱིར་དོན་དེ་བཟློག་པར་བྱ ་བའི་ཕྱིར་ཐུགས་རྗེ་ཆེན་པོ་མངའ་ཞིང་སེམས་ཅན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བའི་དེ་བཞིན་གཤེཊ་པ་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་འགལ་བ་དངོས་པོ་རྣམས་རང་བཞིན་མེད་པ་ཙམ་ཞིག་སྟོན་པར་མཛད་དེ། ་དེ་ལྟར་ན་འདི་ནི་མདོར་བསྡུས་ན་སངས་རྒྱས་ཀྱི་གསུང་གི་དོན་ཡིན་ནོ་ཞེས་སློབ་དཔོན་གྱི་བསྟན་བཅོས་འདིས་རྣམ་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས། འདི་ན་གང་གིས་རང་བཞིན་གྱིས་སྟོང་ཞིང། །རང་བཞིན་རྣམ་དེས་བདག ་མེད་ཆོས་ཤེས་པ། །དེ་ལ་ནམ་ཡང་སྡོམ་མིན་མི་འབྱུང་སྟེ། འདི་ལྟར་ཡང་དག་ངེས་ལ་དེས་བསླབས་ཕྱིར། །གང་ཞིག་ཕུང་པོ་ལྔ་པོ་སྟོང་པ་རྣམས། །དབེན་པ་བདག་མེད་རང་བཞིན་སྟོང་ཞེས་ཤིང། །ལས་གང་ཞིག་ལ་ལུས་ཀྱི་ཀུན་སྤྱོད་པ། །དེ་ལ ་གཞན་ཡང་སྡོམ་པ་མིན་མི་འབྱུང་ཞེས་རྒྱ་ཆེར་གསུངས་སོ། །གང་དག་ཇི་ལྟར་གནས་པའི་གསུང་རབ་ཀྱི་དོན་ཇི་ལྟ་བ་བཞིན་མ་རྟོགས་པས་ན་དངོས་པོ་ཁ་ཅིག་དངོས་པོ་ཡོད་བདག་ཁ་ཅིག་དངོས་པོ་མེད་པར་ཡོངས་སུ་གསལ་བར་བྱེད་པ་དེ་དག་གི་རྟོག་པ་དང ་ཕྱིན་ཅི་ལོག་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། གཅིག་ཡོད་གཅིག་མེད་ཅེས་བྱ་བ། །དེ་ཉིད་མིན་འཇིག་རྟེན་པའང་མི། །གང་གི་ཚེ་འཇིག་རྟེན་པའི་དངོས་པོ་བཤད་པར་འདོད་པ་དེའི་ཚེ་ཕྱི་ནང་གི་དོན་གྱི་དབྱེ་བས་ཕུང་པོ་ལྔ་ཆར་ཡང ་འཇིག་རྟེན་པའི་རྟོག་པ་ཚང་མར་བྱས་ཏེ་ཁས་བླང་བར་བྱ་ལ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་རྣམ་པར་བཤད་པར་འདོད་པ་དེའི་ཚེ་ནི་འཕགས་པའི་ཡེ་ཤེས་ལ་བལྟོས་ནས་ཕུང་པོ་ལྔ་ཆར་ཡང་རང་བཞིན་གྱིས་སྟོང་པར ་བཤད་པར་བྱའོ། །དེ་ལས་གཞན་དུ་གང་རུང་གཅིག་འདོད་ཅིང་གང་རུང་མི་འདོད་པའི་རྒོལ་བས་ནི་དེ་ཁོ་ན་ཉིད་དང་འཇིག་རྟེན་པ་ཡང་བཤད་པར་མི་འགྱུར་རོ། །གང་གིས་འདི་དེ་ལྟར་ཡིན་པ། དེས་ན་འདི་ཡོད་འདི་ཅེས་མེད། །བརྗོད་པ་ཉིད་དུ ་ནུས་མ་ཡིན། །གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཡོད་ན་ནི་དེའི་ཚེ་བུམ་པ་དང་སྣམ་བུ་ལ་སོགས་རྣམས་ཀྱང་ཡོད་དེ་འཇིག་རྟེན་མཛའ་དག་ལ་གྲགས་པའི་ཕྱིར་རོ། །ཅི་སྟེ་བུམ་པ་དང་སྣམ་བུ་ལ་སོགས་པ་དེ་རྣམས་རྣམ་པར ་དབྱང་པ་ན་མེད་ན་ནི་དེའི་ཚེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མེད་པར་འགྱུར་ཏེ། གཉི་ག་ཡང་རིགས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་འདི་ཡོད་ལ་འདི་ནི་མེད་དོ་ཞེས་བྱ་བར་བརྗོད་པ་ཉིད་དུ་མི་ནུས་སོ། །འདིར་སྨྲས་པ། བདག་གིས་ཁྱོད་ལ་ལན་གདབ་པར་མི་ནུས་མོད་ཀྱི། ་དེ་ལྟར་ན་ཡང་གང་དག་ཁྱོད་ལ་ལན་འདེབས་པར་འགྱུར་པ། དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་བརྩོན་པ་དག་འབྱུང་བར་འགྱུར་རོ། །བཤད་བར་བྱ་སྟེ། ཁྱོད་ཀྱི་རེ་བ་འདི་ནི་བརྫུན་པ་ཞིག་སྟེ། འདི་ལྟར། ཡོད་དང་མེད་དང་ཡོད་མེད་ཞེས། གང་ལ་ཕྱོགས་ནི་ཡོད་མིན ་པ། དེ་ལ་ཡུན་ནི་རིང་བོ་ན་འང། ཀླན་ཀ་བརྗོད་པ་ནུས་མ་ཡིན། །ཕྱོགས་ཡོངས་སུ་འཛིན་པ་ཡོད་ན་ནི་རྣམ་པ་གཞན་དུ་བསྒྲུབས་པ་ལས་དེ་ལྟའང་དུས་ཚེས་ཡུང་རིང་བ་ཞིག་གིས་དེ་ལ་སུན་འབྱིན་པ་སྲིད་ན། གང་ལ་ཡོད་པ་དང་མེད་པ་དང་གཉི་གའི་ཕྱོགས་སྤངས་པས། ་གང་ལ་ཕྱོགས་ཡོངས་སུ་འཛིན་པ་ཉིད་ཡོད་པ་མ་ཡིན་པ་དེ་ལ་ནི་ཡོད་པ་དང་མེད་པ་གཉི་གའི་ཕྱོགས་སྤངས་པས་དུས་ཡུན་རིང་པོས་ཀྱང་སུན་འབྱིན་པ་བརྗོད་པར་མི་ནུས་པ་ཉིད་དོ། །ནམ་མཁའ་ཨི་གཟུགས་ཅན་ཉིད་ད་ལྟ་མི་སྲིད་པས་དུས་ཡུན་རིང་པོས་ཀྱང་སྲིད་པར་བྱ་བར ་མི་ནུས་པ་དེ་བཞིན་དུ་རྒོལ་བ་དག་གིས་ཀྱང་དེའི་རྟེན་ཕྱོགས་གསུམ་ག་ཡང་མི་སྲིད་པས། སྟོང་པ་ཉིད་དུ་སྨྲ་བའི་སུན་འབྱིན་པ་ཡུན་རང་པོས་ཀྱང་བརྗོད་པར་མི་ནུས་ཏེ། མཁས་པས་སྟོང་པ་ཉིད་དུ་སྨྲ་བ་ལ་སུན་འབྱིན་པ་ནམ་མཁའ་ཨི་རི་མོ་དང་ལྕགས་ཀྱིས ་གཞུས་པའི་གཟིར་བ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །ཡང་ཇི་ལྟར་ནམ་མཁའ་ཨི་ཉི་མའི་འོད་ཟེར་གྱི་ཚིགས་ཀྱིས་བསལ་ཞིང་ཞིག་པར་གྱུར་པའི་མུན་པ་རྣམས་ཀྱིས་དུས་ཡུན་རིང་པོས་ཀྱང་ཉི་མའི་འོད་ཟེར་གྱི་ཚོགས་གསལ་བ་མོག་མོག་པོར་བྱ ་པར་མི་ནུས་པ་དེ་བཞིན་དུ་ཟབ་ཅིང་རྒྱ་ཆེ་ལ་བསམ་གྱིས་མི་ཁྱབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་རྟོགས་པའི་ཉི་མའི་འོད་ཟེར་གྱིས་རྒོལ་བ་མཛའ་དག་གི་གཞུང་ལུགས་ཀྱི་མུན་པ་རྣམས་བསལ་བ་ཡང་ཡིན་ནོ་ཞེས་བྱ་བར་ཁོང ་དུ་ཆུད་པར་བའོ། །ཡང་བཤད་པ། ཇི་ལྟར་འདི་ནི་ཉི་མའི་འོད་ཟེར་མཚུངས་པ་མེད་པ་ཡིས། །དུས་ཡུན་རིང་བར་མུན་པའི་ཚོགས་ཆེན་འཇོམས་ཤིང་འཇོམས་འགྱུར་ལྟར། །དེ་བཞིན་འགྲོ་བའི་དོན་བྱེད་གཉིས་སུ་མེད་པའི་ཉི ་མ་ཡང། །ཡོད་དང་མེད་པ་ལ་སོགས་གཞུང་ལུགས་མུན་པ་འཇོམས་བྱེད་ཡིན། །རྟོག་གེའི་གཞུང་ལུགས་མུན་པས་བཀབ་པ་ཡི། །བློ་ཡི་མིག་འདི་ད་ལྟར་ཕྱ་བྱས་ནས། །བསོད་ནམས་གང་ཐོབ་དེ་ཡིས་སྐྱེ་པོ་འདི། །ཡེངས་ཀྱིས་དེ་ཉིད་བློ་མིག་གིས ་མཐོང་ཤོག་།སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རྣམ་འབྱོར་སྤྱོད་པ་བཞི་བརྒྱ་བ་ལས། སློབ་དཔོན་དང་སློབ་མ་རྣམ་པར་གཏན་ལ་དབབ་པ་སྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་འགྲེལ་པའོ།། །། ་བཞི་བརྒྱ་བའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །དཔལ་གྲོལ་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པོ་སུ་ཀྵ་མ་ཛཱ་ན་ཞེས་བྱ་བ་གདུང་རབས ་གྲངས་མེད་པར་པཎྚི་ཏ་བརྒྱུད་མའི་རིགས་སུ་སྐུ་འཁྲུངས་པ་བྲམ་ཟེ་ཆེན་པོ་རིན་ཆེན་རྡོ་རྗེའི་དཔོན་པོ་བྲམ་ཟེ་ཆེན་པོ་སངཇཱ་ནའི་སྲས་གཅིག་ཏུ་བདེ་བར་གཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པ་བདག་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི ་ཕ་རོལ་ཏུ་སོན་པའི་ཞལ་སྔ་ནས་དང། བོང་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚ་བ་ཉི་མ་གྲགས་ཀྱིས་བསྒྱུར་རིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ།། །།ཕུང་པོ་ལྔའི་རབ་བྱེད་ཟླ་བ་གྲགས་པས་མཛད་པ་བཞུགས། ། ་བདག་འདྲ་ཀུན་མཁྱེན་མིན། །དེ་ལས་ཀུན་ཏ་ཁ་བ་མུ་ཏིག་དང། །ཟླ་འདྲའི་བསོད་ནམས་རྒྱ་ཆེན་གང་བྱུང་དེས། །འཇིག་རྟེན་གྱིས་ནི་སྤྲོས་ཀུན་ཉེར་ཞི་བས། །རྣམ་དག་རང་གི་ཆོས ་ཉིད་རྟོགས་པར་ཤོག། །།ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་སློབ་དཔོན་སོ་མ་ཤཱིའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་ལ་ཉེ་བར་བསྟེན་པར་མཛད་པའི་སློབ་དཔོན་མཁས་པ་ཆེན་པོ ་དཔའ་གཞན་ལ་ཧན་པའི་ཞལ་སྔ་ནས་ཀྱིས་མཛད་པ་སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ་རྫོགས་སོ།། །།ཐུགས་དམ་སའི་སྙིང་པོ་ཐོ་ལིང་དུ། ཁ ་ཆེའི་མཁན་པོ་པ་ར་ཧི་ཏའི་ཞལ་སྔ་ནས་ཉིད་དང། ལོཙྪ་པ་ཤཱཀྱའི་དགེ་སློང་བཞོན་ནུ་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་རྟོག་གེ་ཐོ་བ་ཞུགས། །*། །རྒྱ་གར་སྐད་དུ། ཏ་རྐ་མུངྒ་ར་ཀཱ་རི་ཀ་ནཱ་མ། བོད་སྐད་དུ། རྟོག་གེའི་ཐོ་བའི་ཚིག་ལེའུར་བྱས་པ། ཕགས ་པ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །ཡུལ་དངོས་སྟོབས་ཀྱིས་ཞུགས་པ་ཡི། །ཚད་མ་དེ་ཉིད་རྟོགས་སོ་ཞེས་།ཆོས་ཀྱི་གྲགས་པའི་རྗེས་འབྲང་བའི། ། ་རྟོག་གེ་པ་རྣམས་སྨྲ་བར་བྱེད། །བློ་གང་བཅད་དོན་ཐོབ་བྱེད་པ། །ཚད་མ་ཡིན་ཞེས་ཁ་ཅིག་སྨྲ། །ལ་ལ་མ་རྟོགས་དོན་གསལ་འདོད། །གཞན་དག་བདེན་པའི་དོན་རྟོགས ་