| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཡུཀྟི་ཥཥྚཱི་ཀ་བྲིཏྟི། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་འགྲེལ་པ། འཇམ་དཔལ་ཡེ ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་བའི་རིགས་པའི་ལམ་གྱི་རྗེས་འགྲོ་བ། །མཛའ་གཉིས་སེལ་བའི་རིགས་པ ་དྲུག་ཅུ་པ། །གང་གིས་མཛད་པ་དེ་ལ་ཕྱག་འཚལ་ཏེ། །བདག་གིས་དབུ་མའི་ཚུལ་གྱིས་དེ་རྣམས་དབྱེ། །དེ་སློབ་དཔོན་འདི ་ནི་རྟན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟར་གནས་པ་བཞིན་དུ་དེ་ཁོ་ན་གཟིགས་པས་དགྱེས་པའི་ཁྱད་པར་བརྙེས་པ་སྟེ། དེ་རྟོགས་པ ་ནི་དད་པ་མཆོག་གི་གནས་ཡིན་པར་མཁྱེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ལས་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའི་དགེ་བའི་ཚོགས་མ་ལུས་པར་འབྱུང་བ་དང་འཕགས་པའི་གང་ཟག་མ་ལུས་པར་འབྱུང་བ་དང། སངས་རྒྱས་བཅོམ ་ལྡན་འདས་ཡེ་ཤེས་སྒྲིབ་པ་མེད་པ་དང་ལྡན་པ་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་དེ་ཁོ་ན་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང?་གཟིགས་ནས ་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་སྐྱེ་བ་དང་འཇིག་པ་དང་ཡོད་པ་དང་མེད་པའི་མཐར། རྟོག་པའི་དྲི་མས ་མ་གོས་བརྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པར་ཆེ་བ་ཉིད་ཀྱི་བརྗོད་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་འཆད་པར་བཞེད་དེ། དེ་སྟོན་པའི་དེ ་བཞིན་གཤེགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དང་ཐ་མི་དད་པར་གྱུར་པ་ལ་གུས་པ་སྐྱེས་ནས་དེ་ལ་ཕྱག་འཚལ་བ་རྩོམ་མོ། །གང་དག་སྐྱེ་དང ་འཇིག་པ་དག་།འདི་ཡི་ཚུལ་གྱིས་རབ་སྤངས་པ། །རྟེན་ཅིང་འབྲེལ་པ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་བརྩ་མོ། །ཅིའི ་ཕྱིར་སྟོང་པ་ཉིད་བདུན་ཅུ་པ་དང། རྩོད་པ་བཟློག་པ་ལས་སློབ་དཔོན་གྱིས་བསྟོད་པ་མ་བརྗོད་ལ་དབུ་མ་འདི་ལས་བརྗོད་ཅེ་ན། སྨྲས་པ། སྟོང་པ་ཉིད་བདུན་ཅུ་པ་དང་རྩོད ་པ་བཟློག་པ་གཉིས་དབུ་མ་ལས་འཕྲོས་པ་སྟེ། རང་གི་རྒྱུད་གུད་ན་མེད་པས་ལོགས་ཤིག་ཏུ་བསྟོད་པ་མ་བརྗོད་དེ། འདི་ལྟར་རྩོད་པ་བཟློག་པ་ནི། །དངོས་པོ་རྣམས་ཀྱི་རང ་བཞིན་ནི། །རྐྱེན་ལ་སོགས་པ་མེད་པ་སྟེ། །རང་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ཡོད་རེ་སྐན། །རྩོད་པ་བཟློག་པ་ནི་དེ་ལ་བརྒལ་བ་དང ་ལན་བཏབ་པར་གྱུར་པའི་ཕྱིར་དེ་ལས་འཕྲོས་པ་ཡིན་པར་མངོན་ནོ། །ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཅི་འདྲ་བ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། ། ་དེ་བཞིན་དུ་ནི་འཇིག་པར་བཤད། །སྟོང་པ་ཉིད་བདུན་ཅུ་པ་ནི་དེ་ལ་བརྒལ་བ་དང་ལན་བཏབ་པར་གྱུར་པའི་ཕྱིར་དེ་ལས་འཕྲོས་པ་ཡིན་པར་མངོན་ནོ། །རིག་པ་དྲུག་ཅུ་པ ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་པར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་བྱས་པའི་ཕྱིར་དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ལ་ངོ་བོ་ཉིད ་དང་དབང་ཕྱུག་ལ་སོགས་པར་སྨྲ་བ་ངོ་བོ་ཉིད་དང་དབང་ཕྱུག་དང་རང་བཞིན་དང་སྐྱེས་བུ་དང་དུས་དང་སྲེད་མེད་ཀྱི་བུ་ལ་སོགས་པ་ལས་འགྲོ་བ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་ལ ་སོགས་པ་ཁས་ལེན་པ་དག་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་འདོད་ཀྱང་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བ་ལས་ཉམས་པས་ཕྱིར་ཕྱོགས་པ་བཞིན་དུ་འཁོར་བ ་རྣམས་པར་ཆད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཡུན་རིང་མོར་ཡང་འགྲོ་མི་ནུས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་རྐྱེན་ཉིད་འདི་པ་ཙམ་འདི་ནི་བདེན་པ་གཉིས་ཕྱིན་ཅི་མ་ལོག ་པར་མཐོང་བའི་རྒྱུར་གྱུར་པའི་ཕྱིར་འཕགས་པའི་སྐྱེ་བོ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་དྲང་པོ་ཟླ་མེད་པ། འདུས་བྱས་ཐམས་ཅད་ཡོངས་སུ་སྤངས་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར ་དུ་གཅིག་ཏུ་གཞོལ་བར་འགྱུར་བའི་ལམ་ཆེན་པོའོ། །དེ་བས་ན་དེ་སྟོན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པའི་དབང་ཕྱུག་ཕུན་སུམ་ཚོགས་པ་སྟོན་པ་བླ་ན་མེད་པ་ནི་ཉན་ཐོས་དང ་རང་སངས་རྒྱས་ཐུབ་པ་རྣམས་ཀྱི་གཙོ་བོ་ཡིན་པས་ཐུབ་པའི་དབང་པོར་དགའ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པར་གྱུར་པ་ཉིད་ཀྱི་ཕྱིར་ཐུབ་པའི་དབང་པོ་ཡིན་པར་རྟོགས་ནས། རྟེན ་ཅིང་འབྲེལ་འབྱུང་གསུང་བ་ཡི། །ཐུབ་དབང?་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྨོས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་བ་ནི་ཐུབ་པའི་དབང་པོ་མ་ཡིན་པ་མི་འབྱུང་ངོ། །རྟེན་ཅིང་འབྲེལ་པར་འབྱུང ་བར་གསུང་བ་ནི་ཐུབ་པའི་དབང་པོར་འགྱུར་བའི་ཕྱིར་རྒྱུའོ། །ཐུབ་པའི་དབང་པོར་གྱུར་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་པའི་རྒྱུ་སྟེ། །གཞན་རྟེན་ཅིང་འབྲེལ ་བར་འབྱུང་བ་འཆང་ནུས་པ་མེད་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐུབ་པའི་དབང་པོས་བསྟན་པ་ཉིད་ཀྱི་ཕྱིར་དེ་འཆད་ནུས་སོ། ། ་གལ་ཏེ་གཅིག་ལ་གཅིག་བལྟོས་པའི་ཕྱིར་གཉི་ག་མི་འགྲུབ་པོ་ཞེ་ན། སྨྲས་པ། འདི་ལྟ་སྟེ་གཅིག་ལ་གཅིག་བལྟོས་པ་གཞན་ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག་ཅེས་བྱ་བ་གང ་ཡིན་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ཉིད་སྟོང་པ་ཉིད་དུ་སྨྲ་བ་རྣམས་འདོད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བ་འབའ་ཞིག་གི་ཕྱིར་དེ་ཐུབ་པའི་དབང ་པོར་གྱུར་བ་མ་ཡིན་གྱི། དངོས་པོ་རྣམས་གཅིག་ལ་གཅིག་བལྟོས་པའི་གྲུབ་པའི་ཚུལ་གསུང་པ་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་བཀག་པའི་ཕྱིར་རོ། །གང་གིས་ཞེས ་བྱ་བ་ནི་རྒྱུ་སྟེ། དེས་ཀྱང་གཉིས་སུ་མེད་པ་སྟོན་པའི་ཕྱིར་སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ་མཐོང་ནས། ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྨོས་སོ། ། ་ཡང་ན་ཐུབ་པའི་དབང་པོ་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་བ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་འདི་ཉིད་དོ། །རིམ་པ་འདིས་དངོས་པོ་རྣམ་ཀྱི་སྐྱེ་བ་དང་འཇིག་པ་བཀག་པས་ཐུབ་དབང་དེ་ལ་ཕྱག་ཚལ་ལོ། །ཡང་ན་གང་གིས ་ཞེས་བྱ་བ་ནི་རྒྱུ་ཁོ་ན་ཏེ། གང་གི་ཕྱིར་ཐུབ་པའི་དབང་པོ་དེས་དངོས་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པ་རང་བཞིན་གྱིས་དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་བཀག་པས་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་རྣམས་ལ་ཤིན་ཏུ་ཕན? ་འདོགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་འོག་ནས་འབྱུང་བ་ཐུབ་པའི་དབང་པོའི་གསུང་རབ་ལས་བརྟེན་ཏེ། རང་གི་སེམས་ལ་བཀོད་པ་གྲུབ་པར་མཐོང་ནས། གང་གིས་སྐྱེ་དང་འཇིག་པ་དག། འདི་ཡི་ཚུལ་གྱིས་རབ?་སྤངས?་པ། ཞེས་བྱ་བ་སྨོས་ཏེ ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིའོ། །དེའི་ཕྱིར་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བྱའོ། །འདིར་སྨྲས་པ། ཁྱོད་ཀྱི་ཚིག་གི་ལུགས་འདི་ནི། སྔོན་མ་བྱུང་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ནི་སྐྱེ་བ་དང་འགག་པ་མེད་པར་སྟོན་པ་མི་རུངས་སྟེ། ཁྱོད་ཀྱི ་བུ་སྐྱེས་སོ། །ཞེས་སྨྲ་ན་ཁྱོད་ཀྱི་བུ་མ་སྐྱེས་སོ། །ཞེས་སྨྲས་པ་མ་ཡིན་བར་འགྱུར་བ་དེ་བཞིན་དུ་འདི་ཡང་མི་རིགས་སོ། །བཤང་པ་གལ་ཏེ་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ་དང་སྦྱར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ལ་རང་བཞིན ་གྱིས་མི་སྐྱེ་བ་དང་མི་འགག་པའི་ཚིག་ཏུ་མི་འགྱུར་བར་བརྟན་ནི་ཉེད?་ཅི་ཡང་མེད་ཀྱི་རྟོགས་ཤིག། །བྱིས་པ་ངོ་བོ་ཉིད་དུ་མངོན་པར?་ཞེན་པ་རྣམས་ནི་གཟུགས་བརྙན་ལ་བྱིས་པ་ལྟ་བུར་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཡོད་བཞིན་དཱུང་རྟོགས་པར་མི ་ནུས་ཀྱི། མཁས་པ་རྣམས་ནི་གཟུགས་བརྙན་ལ་མཁས་པ་ལྟ་བུར་དངོས་པོ་རྣམ་ཀྱི་ངོ་བོ་ཉིད་མེད་པར་གསལ་བར་ཁོང?་དུ་ཆུང་བར་ནུས་སོ། །ཞེས་བསྟན་པའི་ཕྱིར། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། ཞེས་བྱ་བ་སྨོས་སོ། །གང་དག་འདས་པའི་སྲིད་པ་ན་སྟོང་པ་ཉིད་ལ་གོམས་པ་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་ཤིང་སྟོང་པ་ཉིད་མཐོང་བའི ་ས་བོན་ཡོད་པའི་ཕྱིར་མཐུ་ཆེ་བ་ཡིན་ཏེ། ད་ལྟར་གྱི་དུས་ན་སྐྱེས་པའི་གོམས་པ་མཚར་པོ་ཚེ་མེད་ཀྱང་སྐྱེ་བོ་བྱིས་བའི་བློའི་སྤྱོད་ཡུལ་མ་ཡིན་པ་ཡོད་པ་དང་མེད་པའི་མཐར་རྟོག་པས་རྙོག་པའི་དྲི་མས་མ་སྦགས་པ་བརྟེན་ཅིང་འབྲེལ་པར ་འབྱུང་བ་ཟབ་མོ་འཕགས་པ་ཤཱ་རིའི་བུ་ལ་སོགས་པས་ཁོང་དུ་ཆུད་པར་དམིགས་ཏེ། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བྱས་བྱེད་རྒྱུ་ལྡན་འབྱུང་བ། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང ་ན་སྐྱེ་དང་རྒ་དང་རྒུང་པའི་སྡུག་བསྔལ་དེས་པར་མི་གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གི་མཁྱེན་དེ་གསུངས། །ཚིགས་སུ་བཅད་པ་དེ?་འཕགས་པ་ཤཱ་རིའི་བུས་ཐོས་པ་ཙམ་གྱིས་དེ་ཁོ་ན་རྟོགས་ཤིང་འབྱུང་སྟེ། དེ་བས་ན་དེ་ལྟར ་དེ་སྔོན་གོམས་པའི་མཐུ་ཉིད་ཀྱིས་དེ་དག་གི་བློ་ཡོད་པ་དང་མེད་པར་མཐོང་བ་ལས་འདས་སོ། །མཛའ་གཉིས་དེ་ལས་ལྷག་པའི་དབུས་མེད་པའི་ཕྱིར་དེ་ལ་ཡང་གནས་པ་མེད་པས་མི་གནས་སོ། །སྐྱེ་བོ་བྱིས་པ་རྣམས་ལ་འཇིགས་པར ་བྱེད་པ་དང། དེ་དག་འཇུག་མི་ནུས་པའི་ཕྱིར་ཟབ་པའོ། །རང་བཞིན་གྱིས་མི་སྐྱེ་བས་ཡོད་པ་དང་མེད་པའི་མཛའ་དང་དབུས་ཡོངས་སུ་བརྟག་པའི་ཡུལ་དུ་དམིགས་པར་མི་ནུས་པའི་ཕྱིར་དམིགས་སུ་མེད་དོ། །འཕགས་པ་དེ་དག་ཀྱང་རྐྱེན་གྱི་དོན་ལ་རྣམ ་པར་སྒོམ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། འཕགས་པ་མ་ཡིན་པ་ཤིན་ཏུ་ཕྱིན་ཅི་ལོག་པ་དག་གིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དེ་ལྟར་རྟོགས་པར་མི་ནུས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ཉིད་ཀྱིས་རང ་བཞིན་གྱིས་སྐྱེ་བར་མངོན་པར་ཞེན་པས་སྟོང་པ་ཉིད་དུ་སྨྲ་བ་ལ་ཕྱིར་རྒོལ་བ་དང་དེ་བསྟན་པའི་རིགས་པ་བཙལ་བ་ལ་བརྩོན་པའི་ཕྱིར་འདིར་སྨྲས་པ་རྟ?་འཐད་པ་གང་གིས་རྟེན་ཅིང་འབྲེལ་བ་ཇི་འབྱུང་བར་མིགས་ཞིང?་ཡོད་པ་ཡང་མེད་པར་བརྟགས?་སུ?་གང་གི་ཕྱིར་འཕཊ ་པ་དག་ཡོད་པ་དང། མེད་པར་རྟོགས་པ་ལས་འདས་པའི་བློས་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ?་མོ་ལ་རྣམ་པར་སྒོམ་པ་ཇི་ཙམ་དུ་དངོས་པོ་དམིགས་སུ་ཡོད་པ་དག་མེད་པར་མི་རུང་ངོ། །གལ་ཏེ་མེད་དུ་ཟིན་ན་དེའི་ཚེ་བོད་བུའི་རྭ?་བཞིན་དུ་དེ་ཡང་དམིགས་པར་མི ་འགྱུར་རོ། །འཇིག་རྟེན་ཕ་རོལ་ནས་འདི་འོང་པ་དང། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་བསྟན་པ་ལས་དང་འབྲས་བུ་འབྲེལ་བར་འབྱུང་སྟེ་འཁོར་བའི་རྒྱུན་མི་འཆད་པར་བརྟན་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཚེ་རབས ་གསུམ་དུ་བཤད་པ་ཡང་མི་རུང་བར་འགྱུར་རོ། །ཆོས་མངོན་པ་ལས་ཕུང་པོ་དང་སྐྱེ་མཆེད་དང། ཁམས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བཤད་པ་ཡང་མི་རུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཇི་ལྟར་བཤད་པ་བཞིན་དུ་འདུག་སྟེ་ཡོད་ན་རུང་བས་དེའི ་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡོད་པའོ། །བཤད་པ་གལ་ཏེ་ཁྱོད་ཀྱི། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་པ་རྣམ་པར་བཟློག་ཟིན་གྱིས། །དེ་དག་དགག་པར་སྒྲུབ་པའི་ཁོ་བོའི་ཉོན་མོངས་པ་ཡང་ཁྱོད་ཀྱི་བགག?་པས་མ་ཁྱོད་ཀྱིས་གྲོགས་བྱས་ཏེ?་བསྟོ?་ཡང?་བདག་གིས? ་རིགས་པ་གང་གིས་ཡོད་པ་ཡང། །བཟློག་པར་བྱ་བ་མཉན་པར་གྱིས། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་ཡིན་པས་ཅིང་འབྲེལ་པར་འབྱུང་བ་ཡིན་པར་ཤེས་པར་བྱའོ། །ཡང་ཤེད་པ་ཅན་ལས་དང་འབྲས་བུར་འབྲལ་པ་ལ་སྐུར་པ་འདེབས་བས་མེད་པར་ལྟ་བ་ཁས་བླངས་པ ་གང་ཡིན་པ་དེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་སུན་འབྱིན་པར་གྱུར་པས་ཉེས་པ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་དང། མི་དགེ་བའི་ཆོས་ཐམས་ཅད་སོགས?་པའི་རྒྱུར་གྱུར་བའི་ཕྱིར་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཏེ། ་རྟེན་ཅིང་འབྲེལ་བར་འབྱུང་བ་ཚེ་རབས་གསུམ་པ་དང། སེམས་ཅད་ཐམས་ཅད་ཀྱི་སྤྱིའི་ལས་ཀྱིས་བསྐྱེས་པ་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་རྣམ་པར་གཞོག་པ་ན་དེ་ཆོས་མངོན་པ་ལས་རྣམ་པར་བཟློག་གོ། དེ་བས་ན་དེ་ལྟར་ཕ་རོལ་དག་ལ? ་གསལ་བའི་ཕྱིར་དེ་ཡང་རིག་པ་མི་བཤད་དོ། །ཡོད་པ་བཟློག་པ་ནི་དགེ་སློང་དག་འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག་བུའོ། །འདུ་བྱེད་ཐམས་ཅད་སྣོད་ཀྱི་འཇིག་རྟེན་ནི་བརྫུན?་པ་བསླུ་བའི་ཆོས ་ཅན་ནོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག་ཅེས་བྱ་བ་ལ་སོགས་པ་བཤད་པ་ན། བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟ་མོད་ཀྱི་དེ་ཕྱིར་ཞིང་བཏུང་དེ་གཞུང་གཅིག་ཏུ་མ་གསུངས་ལ། བྱིས་པ་དག་ཡུན་རིང་པོ་ནས་ཡོང་པར་ལྟ་བས་སམས་པས ་དེའི་ཕྱིར་ཐུབ་པའི་དབང་པོའི་གསུང་རབ་དེ་དང་དེ་དག་ལས་བཤད་པའི་གསུང་རབ་ལས་བཏུས་ཏེ། རབ་ཏུ་བྱེད་པ་འདིར་བསྡུས་པ་ཉིད་ཀྱིས། རིག་པ་གང་གིས་ཡོད་པ་ཡང། །བཟློག་པར་བྱ་བ་མཉན་པར་གྱིས། །རིག་པ་དེ་དག་གང་ཞེ་ན། དེ་བསྟན ་པའི་ཕྱིར། ཇི་ལྟར་བྱིས་བས་རྣམ་བརྟགས་བཞིན། །དངོས་པོ་དེ་སྟེ་བདེན་གྱུར་ན། །དེ་དག་དངོས་མེད་རྣམ་ཐར་དུ། །གང་ཕྱིར་མི་འདོད་རྒྱུ་དེ་ཅི། ཞེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་དེ་དོན་སོ་སོ་ཡང་དག་པར་རིག་པ་དང། །ཆོས་སོ ་སོ་ཡང་དག་པར་རིག་པ་ལས་མཆོག་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་བ་ལས་བདེ་བ་སྐྱེའོ། །ཡིད་བདེ་བ་ལས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྤྱངས་བ་ལས་བདེ་བ་མྱོང་བར་འགྱུར་རོ། །བདེ་བ་ལས་སེམས་རྩེ་གཅིག་ཏུ ་འགྱུར་རོ། །སེམས་རྩེ་གཅིག་བ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་རབ་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཐོད་ན ་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་མི་ཆགས་པར་འགྱུར་རོ། །མ་ཆགས་ན་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ལྟར་ན་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་མཐོང་ནས་སེམས་རྣམ་པར་གྲོལ་བར་རྣམ་པར?་ཞག་གོ། གལ་ཏེ་དོན་དམ་བ་མ་རྟོགས་པ་དག ་གིས་སྔོན་པོ་ལ་སོགས་པའི་དོན་དེ་དག་ཡོངས་སུ་གཅོད་བའི་རང་གི་ངོ་བོ་གང་ཡིན་པ་ངོ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་གྱུར་ན་ནི་དེའི་ཚེ་དེ་ཇི་ལྟར་སྣང་བའི་དངོས་པོའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་མཐོང་བའི་ཕྱིར་དགྲ་བཅོམ་པ་དག་བཞིན་དུ་དེ་དག་དངོས་པོ ་མེད་པ་ཕྱིས་མི་སྐྱེ་བས་ལེན་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པས་ཐར་བར་འགྱུར་ཏེ། ཇི་ལྟར། གང་ན་ལུས་ཀྱང་ཞིག་པ་དང། འདུ་ཤེས་འགགས་ཤིང་ཚོར་བྲལ་བ། །འདུ་བྱེད་སྦྱོར་བ་ཀུན་སུན་འབྱིན། །རྣམ་པར་ཤེས་པ་ནུབ ་གྱུར་བ། །ཞེས་གསུངས་པ་དང། དེ་བཞིན་དུ། མ་ཞུམ་པ་ཡི་ལུས་ཀྱིས་ནི། །ཚོན་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ཀྱི་རྣམས་བར་ཐར། །མྱ་ངན་འདས་པ་མར་མེ་བཞིན། །ཞེས་འབྱུང་བ་ལྟ་བུའོ། །དེ་ལྟར་བྱིས་པ་རྣམས་ཀྱང་ཡང་དག་པ ་མཐོང་བའི་ཕྱིར་དགྲ་བཅོམ་པ་བཞིན་དུ་དེ་དག་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པར་འདོད་པར་གྱིས་ཤིག། འོན་ཏེ་དེ་དག་དགྲ་བཅོམ་བཞིན་དུ་ཐམས་ཅད་མེད་བས་རྣམ་པར་གྲོལ་བར་མི་འདོད་ན། བྱིས་པ་མ་རིག་བས་ཕྱིན་ཅི་ལོགས ་དག་གང་ལ་ཇི་ལྟར་རྟོག་པ་དེ་བཞིན་དུ་ངེས་པར་མི་འགྱུར་ཏེ། དེ་བས་ན་ད་དག་གི་ཡོད་པར་ལྟ་བ་ནི་དེ་ཁོ་ན་མཐོང་བར་མི་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་སྣ་ཡང་ཚད་མ་ཡིན། །ལྕ་དང་ལུས་དང་སེམས་ཀྱང་ཆད ་མ་ཡིན། །གལ་ཏེ་དབང་པོ་འདི་དག་ཚེད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཏེ། །ངོ་བོ་ཉིད་ཀྱིས་བེམ་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང། །དེས་ནི ་འཕགས་པའི་ལམ་གྱིས་བྱ་བ་བྱོས། ཞེས་གསུངས་སོ། དེ་སྐད་དུ། འདི་དག་འདུ་ཤེས་ལོག་པ་བརྟགས་པ་སྟེ། ཡང་དག་མིན་ལ་ཡང་དག་ཡོད་ལ་མེད། །མ་བྱུང་བ་དང་མ་སྐྱེས་ཆོས་རྣམས་ལ། །ཡང་དག་ཉིད་དང་འབྱུང་བ་ལོག ་པར་བརྟགས། །ཤེའོ། དེ་དག་ཇི་ལྟར་ཡང་དག་པར་མཐོང་བ་མ་ཡིན་ཞེ་ན། ཡང་དེ་ཉིད་ལས། གང་ཆོ་འདུས་བྱས་འདུས་མ་བྱས། །ཡང་དག་ཡང་དག་མ་ཡིན་དང། །རབ་འབྲིང་ཐ་མའི་ཆོས་རྣམས་ལ། །རྣམ་པ་ཀུན་ཏུ་སྦྱོད་པ་མེད། ། ་བརྟན་པ་བུད་མེད་ཅེས་མི་སྦྱོད། སྐྱེས་བ་ཞེས་ཀྱང་མི་རྟོག་སྟེ། །ཆོས་སོ་ཅོག་ནི་མ་སྐྱེས་ཕྱིར། །བཙལ་བར་བྱས་ཀྱང་མ་མཐོང་ངོ། །ཆོས་འདི་ཐམས་ཅད་མེད་པ་སྟེ། །སྐྱེ་བ་མེད་ཅིང་འབྱུང་བའང་མེད། །རྟག་ཏུ་སྟོང་པ་བྱེད་མེད་གནས། །འདི་ནི ་མཁས་པའི་སྦྱོད་ཡུལ་ཡིན། ཞེས་གསུངས་སོ། །དེ་སྟར་མཐོང་བ་ནི། དེ་ཁོ་ན་མཐོང་བ་སྟེ། དེ་ཡང་བྱིས་པ་རྣམས་ལ་མེད་དོ། །དེའི་ཕྱིར་དེ་ཁོ་ན་མཐོང་བ་མ་ཡིན་པས་དེ་དག་རྣམ་པར་མི་བཞག་གོ། གང་གི་ཕྱིར་དེ་ལྟར་མེད་བར་ལྟ་བ་དེ་ཉེས་པ ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཏེ། དན་པར་འགྲོ་བའི་འབྲས་བུ་དང་མི་བདེ་བ་མྱོང་བའི་འབྲས་བུ་ཡང་ཡིན་པ་ལྟར། ཡོད་པར་ལྟ་བ་ཡང་སྐྱེ་བོ་བྱིས་པ་རྣམས་དང་འདྲིས་པ་བདེ་འགྲོའི་འབྲས་བུ་དང། ཚེ་རབས་ཐམས་ཅད་བདེ་བ་མྱོང་བའི་འབྲས ་བུ་སྟེ། དེ་ལྟ་བས་ན་ལྟ་བ་གཉིས་འཁོར་བའི་འབྲས་བུ་ཡིན་པས་རིག་པ་དང་འགལ་ལོ། །ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །གང་གི་ཕྱིར་མི་གཙང་བས་མི་གཙང་བ་བཀྲུ་བར་མི་འགྱུར་བ་དེའི་ཕྱིར ་འཁོར་བའི་མ་གཙང་བ་འབྱུང་བར་འགྱུར་བའི་རྒྱུ་ལྟ་བ་འདི་གཉིས་ཀྱིས་སྲིད་པ་ལས་འདའ་བའ་ཨི་མཚན་ཉིད་རྣམ་པར་གྲོལ་བ་ཐོབ་པར་མི་ནུས་སོ། །གལ་ཏེ་དེ་ལྟར་ཡོད་བ་དང་མེད་བར་ལྟ་བ་ནི་ཕུང་བོ་ཁམས་དང་སྐྱེ་མཚད་ལས་རྣམ་པར ་གྲོ་ལ་བར་མི་འགྱུར་ན། རྣལ་འབྱོར་བདག་ལྟ་བ་གང་གིས་རྣམ་པར་གྲོལ་བར་འགྱུར་ཞེ་ན། དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་བྱ་བ་སྨོས་པ་ཡིན་ཏེ། དངོས་པོ་ལམ་བརྟེན་པར་དངོས་པོ་མེད་པར? ་མི་འགྲུབ། དངོས་པོ་མེད་བ་ལམ་བརྟེན་པར་ཡང་དངོས་པོར་མི་འགྲུབ་སྟེ། དངོས་པོ་དང་དངོས་པོ་མེད་པ་གཉིས་རྐ་རང་གི་ངོ་བོར་གྲུབ་པ་མེད་པར་གནས་སོ། དེ་གཉིས་དངོས་པོ་མེད་པར་ཡོངས་སུ་ཤེས་པ་དངོས་པོ་དང་དངོས་པོ་མེད་པའི་རང་གི ་ངོ་བོ་ལ་སོགས་ཡོངས་སུ་མི་རྟོགས་པའི་རང་བཞིན་གང་ཡིན་པ་དེ་ནི་དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་ཕྱིན་ཅི་མ་ལོག་པར་ཡོངས་ཤེས་པ་སྟེ། དེ་ལྟར་ཡོངས་སུ་ཤེས་པ་དེས་བདག་ཉིད་ཆེན་པོ་རྣམས་ཀྱི་རྣམ་པར་གྲོལ་བ་རྣམ་པར་བཞག་གོ། དེའི ་ཕྱིར་དེ་དག་སྐྱེ་བོ་བྱིས་པ་རྣམས་ལས་ཤིན་ཏུ་འདས་པ་དམིགས་པ་མེད་པའི་ཡེ་ཤེས་ལ་གནས་པས་དེ་དག་ཉིད་ཆེ་བའི་ཕྱིར་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། འཕགས་པ་ཞེས་བརྗོད་དོ། །དངོས་པོ་དང་དངོས་པོ་མེད་པའི་མཚན་མ་ལ་རྟོག ་བ་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་ཁམས་གསུམ་ལས་མི་འདའ་བའ་ཨི་རྒྱུར་གྱུར་པས་བྱིས་པ་རྣམས་ནི་འཆིང་བ་སྟེ། དེས་བྱིས་པ་དག་འཇུག་པ་ལ་རང་དབང་མེད་པར་བྱས་ནས་འགྲོ་བ་ལྔར་འཁོར་བ་ན་འཁོར་རོ། །དངོས་བོ་དང་དངོས ་པོ་མེད་པ་མི་དམིགས་པ་ནི་དེའི་མཚན་མ་ལ་རྟོགས་པ་མེད་པའི་ཕྱིར་ཕྱིས་མི་སྐྱེ་བས་ངེས་པར་འདོད་ཆགས་ལ་སོགས་པའི་རྒྱུན་ཆད་དོ། །དེ་དག་རྒྱུན་ཆད་པས་རྣམ་པར་གྲོལ་བར་འགྱུར་བས་ནས། འདི་ཉིད་རྣམ་པར་གྲོལ་བའི་ཐབས ་སུ་རིགས་སོ། །བདིར་སྨྲས་བ། དངོས་པོ་དང་དངོས་པོ་མེད་པ་དག་ནི་ཡོད་དོ། །གལ་ཏེ་དེ་དག་མེད་དུ་ཟིན་ན་དེའི་ཚེ་ཁྱོད་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་རོ། །འཁོར་བ་ནི་ཉེ་པར་ལེན་བའི་ཕུང་པོ་ལྔའི་རང ་གི་ངོ་བོ་ཡིན་པས་དངོས་པོའི་ངོ་བོ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལས་དང་ཉོན་མོངས་བས་འཕངས་ནས། འགྲོ་བ་རྣམས་སུ་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་བའི་ཕྱིར། འཁོར་བཞེས་བྱ་བས་ན་དེ་ཡང་ཡོད་དོ། ། ་དེ་ཡོད་བས་ན་དངོས་པོ་ཡོད་པ་ཉིད་དོ། །མྱ་ངན་ལས་འདས་པ་ཐར་བ་ནི་འཁོར་བ་ཟད་པའི་རང་བཞིན་ཏེ། སྡུག་བསྔལ་ཕྱི་ན་མི་སྐྱེ་བས་དེ་ནི་དངོས་པོ་མེད་པའོ། །དེ་བས་ན་འཁོར་བ་མེད་པའི་དངོས་པོ་མྱ་ངན་ལས་འདས་པ་ཡང་སྲིད་དེ་ཡོད་དོ། །བཤད་པ། ་གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་དེ་གཉིས་ཡོད་ན་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱང་ཡོད་པར་འགྱུར་བ་ཞིག་ན། དེ་གཉིས་ནི་མེད་དོ། །འོ་ན་དེ་གཉིས་ཡོད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་མ་གསུངས་སམ། འདི་ལྟར ་འཁོར་བ་ཡོངས་སུ་ཟད་པར་བྱ་བ་དང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡང་ཆོས་བསྟན་ཏོ། །གལ་ཏེ་དེ་དག་མེད་ན་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ཡང་དོན་མེད་པར་འགྱུར་བཞིག་ན་དོན་མེད་པ་ནི་མ་ཡིན་ནོ། །དེ ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཡོད་པས་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱང་གྲུབ་པོ། །བཤད་པ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ལ་བཤད། སྨྲས་པ་འཕགས་པ་རྣམས་ལའོ། །གལ་ཏེ་འཕགས་པ་རྣམས་ལ་ནི། གལ་ཏེ ་འཕགས་པར་གྱུར་ཟིན་པ་རྣམས་ལ་དེ་བཤད་པར་སེམས་ན་ནི་དེ་དག་བཤད་པ་གང་གིས་འཕགས་པ་རྣམས་སུ་འགྱུར། དེ་ལྟར་ན་འོ་ན་ནི་འཕགས་པར་འགྱུར་བའི་ཕྱིར་དེ་བསྟན་ཏོ། །གལ་ཏེ་དེ་ལྟར་ན་དེ་ཐོས་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས ་འཕགས་པར་འགྱུར་བས་འདི་ནི་འཕགས་བ་མ་ཡིན་པ་རྣམས་ཀྱི་ཆེད་དུ་གྱུར་ཏོ། །འཕགས་པ་མ་ཡིན་པ་དེ་དག་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་དངོས་བོར་ལྟ་བ་ལ་གོམས་པས་དེའི་གཉེན་པོར་འཁོར་བ་ལྡོག་པའི་མཚན་ཉིད་ཆོས་ཤིན ་ཏུ་བཟང་པོ་མྱ་ངན་ལས་འདས་པ་མ་བསྟན་ན། དངོས་པོར་ཆགས་པ་ལས་བཟློག་པར་མི་ནུས་སོ། །འཇིག་རྟེན་ནི་བདེ་བ་རྒྱ་ཆེན་པོ་དང་ལྡན་པར་འདོད་པས་དེ་ལ་དེ་ཉེ་པར་བསྟན་ན་བདེ་པ་ལས་ཀྱང་བཟློག་པར་ནུས་ན། རབ་ཏུ་སྡུག་བསྔལ་ལ་སོགས་པ་ལྟ་ལ ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་མྱ་ངན་ལས་འདས་པ་དེ་བསྟན་ཏེ། དེ་སྐྱེ་བོ་བྱིས་པ་རྣམས་ཀྱི་ཆེད་དུ་གྱུར་པ་ཉིད་ཡིན་པར་བསྟན་པའི་ཕྱིར། ཡང་དག་མ་མཐོང་འཇིག་རྟེན་དང། །མྱ་ངན་འདས་པར་རློམ་སེམས་ཏེ་ཞེས་སྨོས་སོ། །དེ་ཁོ་ན་མ་མཐོང ་བ་ནི་འཁོར་བ་ཞེས་བརྗོད་པ་འཇིག་རྟེན་དང་དེ་ལྡོག་པ་ཞེས་བརྗོད་པ་མྱ་ངན་ལས་འདས་པ་འདི་གཉིས་ལ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་དངོས་པོར་གནས་ཤིང་གཅིག་ནི་བླད?་གཅག་ནི་དོར་པར་སེམས་ཏེ་དེའི་ཕྱིར་ཏེ་སྐྱ་བོ་འཁོར་བ་ལ་རྒྱབ་ཀྱིས་ལྟ་པར་གྱུར ་ཅིང་དེ་ལྡོག་པ་ལ་མོས་པ་སྐྱེས་བ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པས་སྤང་བར་བྱ་བའི་སྐྱེ་བ་མེད་པ་བདེ་བར་རྟོགས་པར་ནུས་སོ། །དངོས་པོ་སྐྱེ་པ་མེད་པར་རྟོགས་ན་དངོས་པོ་མེད་པ་ལ་ཅི་ཞིག་གི་དངོས་པོ་མེད ་པ་མྱ་ངན་ལས་འདས་པར་བརྟག་ཅེས་མྱ་ངན་ལས་འདས་པ་ལ་མངོན་པར་ཆགས་པ་ཡང་བདེ་བར་སྤོང་ནུས་སོ། །དེ་ལྟར་དེ་ཁོ་ན་ཉིད་མཐོད་པ་ལ་ཞུགས་ནས་འཕགས་པར་གྱུར་པ་དེ་ནི། ཡང་དག་མཐོང་བས་འཇིག་རྟེན་དང། །མྱ ་ངན་ལས་འདས་པར་རློམ་སེམས་མེད། །འཕགས་པ་ངོ་བོ་ཉིད་མི་དམིགས་པའི་ཆོས་རྟོགས་པས་རབ་ཏུ་ཕྱེ་བ་རྣམས་ནི་དེ་གཉི་ག་མི་དམིགས་ཤིང་མི་རྟོག་གོ་།ཞེས་བྱ་བར་དགོངས་སོ། །དེ་བས་ན་བྱིས་པའི་སྐྱེ་བོའི་རྟོག་པའི་དབང ་དུ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཡོད་དོ། །ཞེས་བསྟན་པས་དངོས་པོ་དང་དངོས་པོ་མེད་པ་གཉིས་ཡོད་དོ། ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་འཕགས་པ་ལ་བསྟན་པ་མ་ཡིན ་ན། འཕགས་པའི་བདོན་པ་བཞི་པོ་དེ་དག་བསྟན་པ་དེ་ཇི་ལྟར་རུང་བར་འགྱུར། གལ་ཏེ་འདི་དག་འཕགས་པ་རྣམས་ལ་བདེན་པ་ཡིན་ན་ནི་དེའི་ཚེ་འཕགས་པའི་བདེན་པ་རྣམས་ཤེས་བྱར་རུང་ངོ། །གལ་ཏེ་དེ་དག་འཕགས་པ་མ ་ཡིན་པ་དང་སྤྱར་ན་ནི་དེའི་ཚེ་འཕགས་པའི་བདེན་པ་ཞེས་བྱར་མི་རུང་ངོ། །གལ་ཏེ་དེ་ལྟ་ན་འཕགས་པའི་ཐ་སྙད་བརྒྱད་ཀྱང?་ཇི་ལྟར་རུང་བར་འགྱུར། དེ་དག་ནི་འཕགས་པ་ཉིད་ཀྱི་མ་ཡིན་གྱི། ཐ་སྙད་དེ་དག་ཟག་པ་དང་བཅས་པས་འཇིག་རྟན་གྱི་ཡིན ་ནོ། །དེ་པས་ན་འཇིག་རྟེན་གྱི་དངོས་པོ་ལ་ཡང་གང་ཇི་ལྟར་གནས་པ་བཞིན་དུ་རང་གི་ངོ་བོ་ལས་མི་བསྒྱུར་བར་རྣམ་པར་བཞག་པ་དེ་ཡང་འཕགས་པ་ཞེས་བརྗོད་དུ་རུང་ངོ། །ཡང་ན་འཕགས་པར་འགྱུར་བའི་བདེན་པ་རྣམས་ནི་འཕག ་པའི་བདེན་པ་རྣམས་སོ། །ཡང་ན་འཕགས་པས་བསྟེན་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་སོ། །གང་ལ་དམིགས་པ་ཡོང་བ་ཡང་དམིགས་པ་དེ་ནི་རྣམ་པ་གཉིས་ཏེ། དེ་ལ་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའོ། །དེ་ལ་ཕྱིན་ཅི་ལོག ་ནི་བདེ་བ་ལ་སོགས་པར་འཇིན?་པ་སྟེ། ཀུན་རྫོབ་ཏུ་ཡང་དེའི་བདག་ཉིད་དུ་དངོས་པོ་རྣམ་པར་མི་གནས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི་སྡུག་བསྔལ་བ་ལ་སོགས་པ་སྟེ། དངོས་པོ་ཀུན་རྫོབ་ཏུ་དེའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །དེ་ཙམ་ཞིག ་དང་སྤྱར་ནས་འཕགས་པའི་ཐ་སྙད་ཅས་བྱ་བ་བཞིན་དུ། འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ། དེ་དེ་བཞིན་ཏེ། འཁོར་བར་ཡོངས་སུ་རྟོག་པ་ཡོད་ན་མྱ་ངན་ལས་འདས་པར་ཡོངས་སུ ་རྟོག་སྟེ། དེ་གཉི་ག་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་མ་ལས་གསུངས་བ། དེ་དང་ལྡན་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་སྨྲ་འམ། ཤཱ་རིའི་བུ་གལ་ཏེ་མྱ་ངན་ལས་འདས་པ་བས ་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་སྒྱུ་མ་ལྟ་བུའོ། །ཞེས་ཁོ་བོ་སྨྲའོ། །ཞེས་འབྱུང་ངོ། །གལ་ཏེ་འཁོར་བར་རྟོག་པ་ལ་བལྟོས་པ་མ་ཡིན་ན་དེ་སྒྱུ་མ་ལྟ་བུར་མི་འགྱུར་རོ། །དེ་བས་ན་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་ཡོངས་སུ་བརྟགས་པ་ཡིན་ནོ། །གལ་ཏེ ་དེ་ལྟར་ན་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པའོ། །ཞེས་ཇི་སྐད་དུ་བཤེད། དེའི་བདག་ཉིད་དུ་འཇིག་རྟེན་ལ་མི་བསླུ་བའི་ཕྱིར་འཇིག་རྟེན་བྱ?་ཐ་སྙད་ཀྱིས་དོན་དམ་པའི་བདེན་པ་ཞེས་བཤད་དོ?། །བསླུ་བ་འདུས་བྱ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་མ ་ཡིན་ནོ། །བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དེ་ངོ་བོ་ཉིད་ཡོད་པར་སྣང་བས་བྱིས་པ་རྣམས་ལ་བསླུ་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པར་རྣམ་པར་བཞག་གོ། འོ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས ་པ་འདི་ནི་བདེན་པའི་མཆོག་གཅིག་བུའོ། །ཞེས་གསུངས་པ་དེ་ཇི་ལྟ་བུ། ཇི་ལྟར་འདུས་བྱས་ལོག་པར་སྣང་བས་བྱིས་པ་རྣམས་ལ་བསླུ་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ཡིན་ཏེ། རྟག་པར་སྐྱེ་བ་མེད་པའི་རང་གི་ངོ་བོར་གནས་པའི་ཕྱིར་དེ་ནི་བྱིས་པ ་རྣམས་ལ་འདུས་བྱས་ལྟར་སྐྱེ་བའི་ངོ་བོར་ནམ་ཡང་མི་སྣང་ངོ། །དེ་བས་ན་མྱ་ངན་ལས་འདས་བ་ནི་རྟག་ཏུ་མྱ་ངན་ལས་འདས་པ་ཉིད་དུ་གནས་པས་འཇིག་ཏེན་ཀྱི་ཐ་སྙད་ཀྱིས་དོན་དམ་པའི་བདེན་པ་ཞེས་བཤད་དོ། །འཕགས་པ་དོན་དམ་པ་གཟིགས་པ་ལ ་གནས་པ་རྣམས་ནི་འཁོར་བ་འམ་མྱ་ངན་ལས་འདས་པ་མི་དམིགས་ཏེ་དེའི་ཕྱིར་ཡང་དག་པ་མཐོང་བ་འཇིག་རྟེན་དང་མྱ་ངན་ལས་འདས་པར་??་སེམས་མེད་ཅེས་བྱ་བ་གྲུབ་པོ། །ཅིའི་ཕྱིར་འཕགས་བ་དོན་དམ་པ་གཟིགས་པ་ལ་གནས་པ་དག་འཁོར ་བ་འང་དེན་དམ་པ་དམིགས་བར་མི་འགྱུར་ཞེ་ན། འདི་ལྟར། སྲིད་པ་དང་ནི་མྱ་ངན་འདས། །དེ་གཉིས་ཡོད་པ་མ་ཡིན་ནོ། །སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་དག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཟུགས་བརྙན་བཞིན ་དུ་ངོ་བོ་ཉིད་ཀྱིས་མེད་པའོ། །དེ་དག་མེད་ན་དེའི་དངོས་པོ་མེད་པ་ཡང་ཤིན་ཏུ་མེད་པའི་ཕྱིར་དེ་གཉིས་ཡོད་པ་མ་ཡིན་ནོ། །ཞེས་བཤད་དོ། །མེད་པ་མཐོང་པ་ནི་དེ་ཁོ་ན་མཐོང་བ་མ་ཡིན་ཏེ་རབ་རིབ་ཅན་ལ་སོགས་བས་ཀྱང་དེ་ཁོ་ན ་མཐོང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འཕགས་པ་རྣམས་ནི་དེ་ཁོ་ན་གཟིགས་པ་ཡིན་ཏེ། མེད་པའི་རང་གི་ངོ་བོ་གཟིགས་པས་མི་འོས་སོ། །གལ་ཏེ་མྱ་ངན་ལས་འདས་པ་ཅི་ཡང་མེད་པ་ཞིག་ཡིན་ན། འཕགས་པ་རྣམས་མྱ་ངན་ལས་འདས་པ ་ཐོབ་བོ། །ཞེས་པ་རྣམས་པར་བཞག་པ་དེ་ཇི་ལྟ་བུ་ཞེ་ན། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་སྨས་སོ། །སྲིད་པ་དེ་ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་མི་ཤེས་བའི་ཚུལ་གྱིས་ཡོངས་སུ་ཤེས་པ་གང ་ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཡིན་པས་ཐ་སྙད་ཀྱི་བདེན་པ་དང་སྤྱར་ནས་མྱ་ངན་ལས་འདས་པ་ཞེས་བྱ་བ་རང་གི་ངོ་བོར་གྲུབ་བ་ནི་གང་ཡང་མེད་པར་ཤེས་པར་བྱའོ། །ཇི་ལྟར་མི་རྟག་པ་ཉིད་དངོས་པོ་མེད ་པའི་ངོ་བོ་རང་བཞིན་གྱིས་ཡོངས་སུ་གྲུབ་བ་མེད་པ་དེ་དངོས་པོ་ལ་མ་བལྟོས་པར་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པར་རྣམ་པར་བཞག་མི་ནུས་པ་དེ་བཞིན་དུ་མཁས་བ་ཡང་སྒྱུ་མ་བྱས་པ་ལྟ་བུའི་དངོས་པོ་ལམ་བལྟོས་པར་མྱ་ངན་ལས་འདས ་པ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་གང་ཡང་ཡོངས་སུ་བརྟག་པར་མི་ནུས་སོ། །ཞེས་བསྟན་པའི་ཕྱིར། དངོས་པོ་སྐྱེས་པ་ཇིག?་པ་ལ། །ཇི་ལྟར་འགོག་པ་རྟག་བ་བཞིན། །དེ་བཞིན་སྐྱུ་མ་བུས་བ་ལྟར། །མཁས་པ་དག་གིས་འགོགས་པར་དགོངས། །ཞེས་བྱ ་བ་སྨོས་སོ། །ཇི་ལྟར་དངོས་པོ་སྐྱེས་པའི་མི་རྟག་པ་ཉིད་དེ་མེད་པར་གྱུར་པས་རྣམ་པར་བཞག་པས་རང་གི་ངོ་བོར་གྲུབ་བ་མེ་དོ། །ཡོད་པ་ཞིག་ཡིན་ན་ནི་དངོས་པོ་ལ་མི་བལྟོས་པར་རང་གི་ངོ་བོ་མཐོང་བར་འགྱུར་རོ། །དེ་བཞིན་དུ་འཕགས་པ་ཡང་འགོག་པ ་ཞེས་བྱ་བ་རང་གི་ངོ་བོར་གྲུབ་པ་གང་ཡང་མི་དམིགས་ཏེ། ཤེས་རབ་ཀྱིས་རྣམ་པར་དབྱང་ན། སྒྱུ་མ་བྱས་པའི་གླང་པོ་ཆེ་ལྟར་ངོ་བོ་ཉིད་མེད་པ་རང་བཞིན་གྱིས་མ་སྐྱེས་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པའོ། །དེ་ཡང་སྒྱུ་མ་བྱས་པ་ལྟ་བུ་ཞེས་བྱ་བདེ་ཉིད་ལ ་བརྟན་ནས་མྱ་ངན་ལས་འདས་པར་རྣམ་བར་བཞོག་པ་ན། འཇིག་རྟེན་གྱི་ཐ་སྙད་ཀྱིས་མི་རྟག་པ་ཉིད་རྣམ་པར་འཇོག་གོ། དེས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ངོ་པོ་ཉིད་མེད་པར་གྲུབ་པོ།། །དེ་ལྟར་ན་དངོས་པོའི་ངོ་བོ་ཉིད་ཡོངས་སུ ་ཤེས་ནས་མི་དམིགས་པ་གང་ཡིན་བ་དེ་ཉིད་མྱ་ངན་ལས་འདས་བར་གདོན་མི་ཟ་བར་ཤེས་པར་བྱའོ། དེ་བཞིན་དུན། རྣམ་བར་འཇིག་པས་འགོག་འགྱུར་གྱིས། །འདུས་བྱས་ཤེས་བས་མ་ཡིན་ན། །དེ་ནི་སུ་ལ་གམངོན་སུམ་འགྱུར། །ཞིག་ཆེས ་པ་དེ་ཇི་ལྟ་བུ། །གལ་ཏེ་སྒྱུ་མ་བྱས་པ་བཞིན་དུ་ཆོས་ཐམས་ཅད་མི་དམིགས་བའི་དུས་ན་སྐྱེ་བ་མེད་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་མ་ཡིན་གྱི། གཟུགས་ལ་སོགས་པའི་རང་གི་ངོ་བོའི་མཚན་ཉིད་དངོས་པོའི་རང་བཞིན་རྒྱུ་རྐྱེན་ལས་དང་ཉོན ་མོངས་པ་དང་མི་ལྡན་པས་ཕྱིས་མི་སྐྱེ་བ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་སྙམ་རུ་སེམས་ན་ནི་གལ་ཏེ་དེ་ལྟར་གྱུར་ན་དངོས་པོའི་རང་གི་ངོ་བོའི་མཚན་ཉིད་ཞིག་ནས་རྒྱུན་ཆད་བའི་ཚུལ་གྱིས་མྱ་ངན་ལས་འདས་པར་གྱུར་ཏེ། འདུས་བྱས ་ཡོངས་སུ་ཤེས་པས་ནི་མ་ཡིན་པར་འགྱུར་རོ། །གལ་ཏེ་འདི་ཉིད་འདོད་པ་ཡིན་པས་ན་ཉས་པ་མེད་དོ་ཞེ་ན་ཡང་འདི་འཐད་བ་མ་ཡིན་ཏེ། འདི་ལྟར་དེ་ཁོ་ན་མཐོང་བས་འགོག་པ་མངོན་སུ་དུ་བྱ་དགོས་པ་དེ་ལྟ་བུ་དེ་ནི་ཕུང་པོ་མ ་འགག་པའི་ཚེ་ནི་མེད་བ། འགགས་ནས་ནི་སུ་ཡང་མེད་ན་འགོག་པ་དེ་སུ་ལ་མངོན་སུམ་དུ་འགྱུར། ཕུང་པོའི་རྒྱུན་ཡོད་པའི་དུས་ན་ནི་དེ་ཁོ་ན་མཐོང་བའི་དུས་གང་ཟག་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡོད་པས་འགོགས་པ་དེ་མངོན་སུམ ་ཞེས་བྱ་བ་དེ་རིགས་སོ། །གལ་ཏེ་དེའི་ཚེ་དེས་ཅི་མཐོང་ན་དེའི་ཚེ་ཅི་ཞིག་དེ་ལ་མངོན་སུམ་དུ་འགྱུར། བཤད་པ། མ་མཐོང་དུ་ཟིན་ཀྱང་རྣམ་པར་ཤེས་པས་དེའི་རྣམ་པར་རིག་པས་མངོན་སུམ་དུ་ཞེས་གདགས་སོ། །གཞན་དག་གིས་ཀྱང་ཡུལ་རང ་གི་མཚན་ཉིད་ཀྱི་རྣམ་པ་དང་མཐུན་པས་སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་གཞན་ཡང་མངོན་སུམ་དུ་བསྟེན་ཏོ། །འདི་ལ་ཡང་དེ་དང་མཐུན་པ་ཡོད་པས་དེ་མངོན་སུམ་ཞེས་བྱ་བ་དེ་འགལ་པ་མེད་དོ། །སྡུག་བསྔལ་འགོག་པ་མངོན་སུམ་དུ་འགྱུར ་ཞེས་བྱ་བར་དངོས་པོའི་རང་གི་མཚན་ཉིད་ནི་མངོན་སུམ་གྱི་ཡུལ་ཡིན་པར་ཁས་བླངས་པས་དངོས་པོ་མེད་པ་ནི་མངོན་སུམ་གྱི་ཤེས་པས་རིག་པར་ཡང་མི་རུང་སྟེ། སྡུག་བསྔལ་འགོག་པ་ནི་མངོན་སུམ་དུ་མི་འདོད་ན་འགོག་པ་ཤེས་པས་འགོག་པའི་བདེན་པ་ཇི ་ལྟར་མངོན་སུམ་དུ་བྱེ། སྡུག་བསྔལ་མི་སྐྱེ་བ་ཙམ་ཡང་དངོས་པོའི་ངོ་བོར་མི་རུང་ངོ། །གང་སྡུག་བསྔལ་མི་སྐྱེ་བ་ཙམ་འགོག་པ་ཡིན་པར་མི་འདོད་པ་དེས་ཀྱང་སྡུག་བསྔལ་མི་སྐྱེ་བ་ཙམ་ལས་དོན་གཞན་དུ་གྱུར་པའི་འགོག་པ་རང་གི་ངོ་བོར་གྲུབ་པ ་བསྟན་པར་མི་ནུས་སོ། །འགོག་པ་ཤེས་པ་ཟག་པ་མེད་པ་ནི་མངོན་སུམ་དུ་འདོད་ན། དེ་ཡང་དེ་ལྟར་གྱུར་པས་དེ་ནི་མངོན་སུམ་དུ་མི་འགྱུར་རོ། །གལ་ཏེ་འགོག་པ་ཤེས་པ་མངོན་སུམ་དུ་གྱུར་ན་ནི་དེའི་ཚེ་ངེས་ཡོངས་སུ་བཅད་པའི་འགོག་པ་ཡང་འགྲགས་པས ་མངོན་སུམ་ཉིད་དུ་ཁྱོད་ཀྱི་གཞུང་ལྟར་ན་ཀོ་བུམ་པ་ཤེས་བ་མངོན་སུམ་དུ་མི་འདོད་ན་སྔོན་པོ་ལ་སོགས་པ་ལྟར་བུམ་པ་མངོན་སུམ་དུ་མི་རུང་བ་དེ་བཞིན་དུ་འགོག་པ་ཡང་མི་འགྱུར་རོ། །རྣལ་འབྱོར་པ་རྣམས་ཀྱི་བླ་མས་བསྟན་པ ་ལས་སྐྱེས་པ་རྣམ་པར་རྟོག་པ་དང་མ་འདྲེས་པ་གཅིག་ཏུ་ཡུལ་སྒྲོ་བཏགས་པ་མེད་པ་དོན་ཙམ་མཐོང་བ་གང་ཡིན་པ་དེ་ཡང་འགོག་པ་ལ་མི་སྲིད་དོ། །རང་གི་མཚན་ཉིད་དངོས་པོར་ཡོང་པ་གང་ཡིན་པ་དེ་ཉིད་སྤྱིའི་མཚན་ཉིད་ཀྱིས་གོམས ་བར་བྱས་ན་ནི་རིམ་གྱིས་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་སྐྱེ་ཞེས་གྲག་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་བཟུང་བའི་དངོས་པོ་གང་ཡིན་པ་དེ་ཡང་སྒྲོ་བཏགས་པ་མེད་པའི་ངོ་བོ་ཉིད་ཡིན་པས་ན་རང་གི་མཚན་ཉིད་ཁོ་ན་འོ། །འདི་ལྟར ་མི་རྟག་པ་ཉིད་ཁོང་དུ་ཆུང་ན་ཐོག་མ་དང་ཐ་མའི་ཕྱོགས་ཀྱིས་སྟོང་པ་དངོས་པོ་ཙམ་ཁོང་དུ་ཆུད་དོ། །དེ་བས་ན་དེ་ཡང་ཡུལ་གྱི་རང་གི་མཚན་ཉིད་ཡིན་པས་སྔོན་པོ་ལ་སོགས་པ་ཙམ་ལ་དམིགས་པའི་རྣམ་པར་ཤེས་པ་བཞིན་དུ ་མངོན་སུམ་ཉིད་དོ་ཞེ་ན། འོན་ཀྱང་དཔྱོད་ན་རང་དང་སྤྱིའི་མཚན་ཉིད་ཐ་དད་པར་ཁས་བླངས་པས་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ལ་སྒོམ་པའི་སྦྱོར་བ་གྲུབ་པའི་ངོ་བོའི་ཡུལ་རང་གི་མཚན་ཉིད་དུ་མི་འཐད་དེ། ཧ་ཅང་ཐལ་བར ་འགྱུར་བའི་ཕྱིར་དེའི་ཚིག་དེ་འབྲེལ་པ་མེད་དོ། །དེ་ལྟར་ཡིན་གྱིས་ཀྱང་འགོག་པ་ལ་ནི་སྡུག་བསྔལ་ལྡོག་པའི་ངོ་བོའི་དངོས་པོའི་བག་ཙམ་ཡང་མེད་པས་འགོག་པ་ཤེས་པའི་མངོན་སུམ་དུ་གལ་འགྱུར་ཏེ། དེ་ལྟ་བས ་ན་གསུང་རབ་ལས་སྡུག་བསྔལ་མི་སྐྱེ་བར་ཤེས་པ་ནི་མངོན་སུམ་མོ། །ཞེས་འབྱུང་བས་སྐྱེ་བ་མེད་པའི་ངོ་བོ་དེ་ལ་ཤེས་པས་སྐྱེས་པར་བྱེད་མི་སྲིད་དེ། གདོན་མི་ཟ་བར་སྐྱེ་བ་མེད་པའི་ཚུལ་དུ་བྱེད་པར་འགྱུར་རོ། །དེ ་ལྟར་ན་གལ་ཏེ་དམིགས་པ་བཞིན་དུ་ཤེས་པ་ཡང་སྐྱེ་བ་མེད་པའི་ངོ་བོ་ཡིན་ན་ནི་ཤེས་པ་དེ་དམིགས་པ་ཇི་ལྟ་བ་བཞིན་བས་ཞུགས་པར་རུང་ངོ། །འཇིག་རྟེན་ན་ཡང་རྣམ་པ་དེ་ལྟ་བུས་མངོན་སུམ་ཞེས་བརྗོད་དོ། །འདི ་ལྟར་འགྲོན་པོ་ཞིག་གིས་རང་གི་མདུན་ལོགས་ན་ཡུལ་ཆུ་རབ་ཏུ་དང་བ་ཆེན་པོས་གང་བ་འདྲ་བ་ཞིག་རྒྱང་རིང་པོ་ནས་མཐོང་བ་དང། དེ་བརྒལ་བར་འདོད་ལ་ཉམས་ཀྱིས་མི་ནུས་ཤིང་སྐྲག་པས་ཡུལ་དེ་ནས་འོངས་པའི་ཞིང ་པ་ཞིག་ལ་ཆུ་འདི་ཅི་ཙམ་ཞེས་སྨྲས་པ་དང། དེས་དེ་ལ་འདི་ན་ཆུ་ག་ལ་ཡོང་ཆུ་འདྲ་བ་འདི་ནི་སྨིག་རྒྱུའོ། །དེ་སྟེ་ངའི་ཚིག་ལ་ཡིད་མི་ཆེས་ན་དེར་སོང་ལ་ལྟོས་ཤིག་དང་ངའི་ཚིག་དེ་མངོན་སུམ་དུ ་འགྱུར་རོ། །ཞེས་སྨྲས་པ་ན། དེ་ཆུ་མེད་པར་བསྟན་པས་རང་གི་ཚིག་ཀྱང་འགྲོན་པོ་ལ་མངོན་སུམ་དུ་འགྱུར་རོ། །ཞེས་སྨྲས་པ་དེ་བཞིན་དུ་མེད་པ་དང་མི་དམིགས་པ་ཡང་འཇིག་རྟེན་མངོན་སུམ་ཞེས་ཐ་སྙད་འདོགས ་ཏེ་དེའི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པས་མི་དམིགས་པའི་ཤེས་པ་ལ་མངོན་སུམ་ཞེས་བྱ་བ་འགལ་བ་མེད་དོ། །ཤེས་པ་བྱེད་པར་གྱུར་པ་གང་གིས་དངོས་པོ་གང་གི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པ་དེ་དེའི་མངོན ་སུམ་ཞེས་བྱ་བ་ན་ལུང་དེ་རིག་པ་ཡིན་ནོ། །དེ་ལ་ཕུང་པོའི་རྒྱུན་ཆད་པའི་ངོ་བོ་ལ་ནི་གང་ཡང་མེད་ན་འགོག་པ་དེ་སུ་ལ་མངོན་སུམ་དུ་འགྱུར་རོ། །གང་སྐྱེ་བ་ཟད་དོ་ཚངས་པར་སྦྱོང་བ་བསྙེན་ཏོ། །བྱ་བ་བྱས་སོ། །འདི ་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བ་འདི་ལ་སྐྱེ་བ་ཟད་པའི་ཤེས་པ་གང་ཡིན་པ་དེ་ཡང་མི་རུང་སྟེ། དངོས་པོ་འགའ་ཞིག་སྐྱེ་བ་མེད་ན་དངོས་པོ་ཟད?་དོ་ཞིག་གོ་།ཡང་མི་སྐྱེའོ། ཞེས་བྱ་བར་ཡང་འགྱུར་ན། ཇི ་སྲིད་དུ་དེའི་རྒྱུ་དང་རྐྱེན་གྱིས་འཕགས་པའི་ཕུང་པོའི་རྒྱུན་འབྱུང་བ་དེ་སྲིད་དུ་དེ་ལ་སྐྱེ་བ་ཡོད་པས་ན་དེ་ཟད་པར་ཁོང་དུ་ཆུད་བར་མི་ནུས་སོ། །འདི་ལས་སྲིད་བ་གཞན་མི་ཤེས་སོ། །ཞེས་བྱ་བའི་ཚིག་ལས་གྲངས་ཏེ། གལ་ཏེ ་མ་འོངས་པའི་སྐྱེ་བ་མ་མཐོང་བས་དེ་སྐད་ཅེས་བྱའོ་ཞེ་ན། ཡང་དེ་ལྟ་ཡིན་དུ་ཟིན་ན་དེའི་དུས་ན་དེའི་གལ་ཏེ་ཕུང་པོ་མ་འགགས་ན། ཉོན་མོངས་ཟད་ཀྱང་འདས་མི་འགྱུར། །མདོ་ལས་ནི་ཕུང་བོ་འགགས་ན་མྱ་ངན་ལས་འདས ་པ་ཞེས་གསུངས་ཏེ། སྡུག་བསྔལ་འདི་མ་ལུས་པར་སྤངས་པ་རབ་ཏུ་བཏང་བ་བྱང་བར་གྱུར་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ཉེ་བར་ཞི་བ་ནུབ་པ་སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་ཞིང་ཕྱིས་མི་སྐྱེ་བ་གང་ཡིན་པ་དེ ་ཉིད་ཞི་བ་དེ་ཉིད་གྱ་ནོམ་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་རབ་ཏུ་བཏང་བ་བསྲིད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པའོ་ཞེས་འབྱུང་བ་ཡིན་ཏེ། དེ་ལ་མདོ་སྡེ་ལས་སྡུག་བསྔལ་འདི་ཞེས ་བྱ་བའི་ཆིག་གིས་ནི་ད་ལྟར་ཉིད་ཀྱི་སྡུག་བསྔལ་གྱི་དབང་དུ་བྱས་ཏེ། མ་ལུས་པར་སྤངས་པ་ནས་ནུབ་པར་གྱུར་པའི་བར་དུ་གསུངས་སོ། །མ་འོངས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ཏེ། སྡུག་བསྔལ་གཞན་གྱི་མཚམས་མི ་སྦྱོར་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་བསྟན་ཏོ། །དེ་བས་ན་འདིར་ཡང་སྐྱོ་བ་ཟད་དོ། །ཞེས་བྱ་བའི་ཚིག་ནི་ད་ལྟར་ཉིད་ཀྱི་མི་སྐྱེ་བར་བསྟན་པའོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བའི ་ཚིག་ནི་མ་འོངས་པའི་སྡུག་བསྔལ་དང་སྦྱར་བར་ངེས་སོ། །ད་ལྟར་གྱི་དུས་ན་ཡང་དེའི་ཕུང་པོ་དེ་དགག་པ་མེད་ན་ནི་དེ་མྱ་ངན་ལས་འདས་པ་ཡང་མི་འཐད་དོ། །གལ་ཏེ་སྡུག་བསྔལ་གྱི་ངོ་བོ་ཉིད་སྐྱེ་བ་མེད་པ་མཐོང་བ་དེའི་ཚེན་སྐྱེ་བ་དེ་མི་དམིགས ་པས་སྡུག་བསྔལ་ཟད་པ་ཉིད་དུ་འགྱུར་ན། གཞན་དེ་དག་ནི་དེ་ལྟར་མི་འདོད་པས་དེའི་ཚེ་མྱ་ངན་ལས་འདས་པར་མི་འགྱུར་རོ། །ཅི་སྟེ་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པ་ནི་གཉིས་སུ་གསུངས་ཏེ་ཕུང་པོའི་ལྷག་མ་དང་བཅས་པ ་དང། ཕུང་པོའི་ལྷག་མ་མེད་པ་ཡིན་ཏེ་དེའི་ཕུང་པོའི་ལྷག་མ་དང་བཅས་པ་ནི་ཕུང་པོ་ཙམ་དུ་ཟད་དོ། །ཉོན་མོངས་པའི་བཅིངས་པ་ལས་གྲོལ་བ་ཡིན། ཕུང་པོ་ལྷག་མ་མེད་པ་ནི་ཕུང་པོའི་གྱུན?་ཆད་པའི་མཆན་ཉིད་ཡིན་པས་ཕུང་པོ་དང ་བཅས་པའི་མྱ་ངན་ལས་འདས་པ་ལ་འདོད་ཆགས་ལ་སོགས་པའི་བཅིང་བ་སྤངས་ཀྱང་མྱ་ངན་ལས་འདས་པར་མི་འདོད་དོ་སྙམ་དུ་སེམས་ན་ནི་འོ་ན་མདོ་སྡེ་ལས་རྗེས་བཟླས་ཞེས་བྱ་བའི་མདོ་སྡེ་འདི་ནི། ཤཱ་རིའི་བུ ་ཡིས་མྱ་ངན་འདས། །མངོང་སུམ་བྱས་ནས་བཤད་པ་ཡིན་ཞེས་འབྱུང་བ་ཇི་ལྟར་བཤད། དེ་ནི་ཉོན་མོངས་པ་མེད་པ་མངོན་སུམ་དུ་བྱ་བའི་དབང་དུ་བྱས་ནས་གསུངས་པར་ངེས་ཀྱི་ཕུང་པོ་དང་བྲལ་བ་ནི་མ་ཡིན་ནོ། །ཞེས་བྱ་བ་ཡང་གལ ་ཏེ་དེ་ལྟ་ཡིན་དུ་ཟིན་ན་གང་སྡུག་བསྔལ་འདི་མ་ལུས་པར་སྤངས་ཤིང་རབ་ཏུ་བཏང་ཞེས་བྱ་བ་ལ་སོགས་པ་འདི་དག་བཤད་པར་མི་འགྱུར་གྱི། གལ་ཏེ་ཉོན་མོངས་པ་དེ་དག་མ་ལུས་པར་སྤངས་པ་ནས་ནུབ་པར་གྱུར་ཞེས་བྱ་བའི་བར་དུ་དེ་སྐད་གསུངས ་པའི་རིགས་སོ། །སྡུག་བསྔལ་ཞེས་སྨོས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་བསྡུས་པར་མངོན་ཏེ། འདིར་སྡུག་བསྔལ་དང་ཀུན་འབྱུང་བ་དང། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་རྣམ་བྲ་སུ་ཞག་པའི། ་གལ་ཏེ་དེ་སྐད་བྱུང་དུ་ཟིན་ཀྱང་སྤྱིར་སྨོས་པའི་སྒྲ་ཕྱོགས་གཅིག་ལ་བྱ་བའང་ཡོད་དེ། འདི་ལྟར་ཉོན་མོངས་པ་རྣམས་ཉིད་ལས་སྡུག་བསྔལ་ཞེས་བྱའོ། །ཞེས་ཟེར་ན་ཡང་སྤྱིའི་དོན་དང་སྦྱར་དུ་རུང་བ་མེད་ན་ནི་དེ་དེ་ལྟར་འགྱུར་བ་ཞིག་ན་ནམ་ཉེ་བར ་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པར་མཐོང་བ་སྲིད་པ་དེ་ན་སྤྱིའི་སྒྲ་ཕྱོགས་གཅིག་ལ་འཇུག་ཅེས་བྱར་མི་རུང་ངོ། །དེ་སྟེ་ཡང་ཕུང་པོ་ལ་མངོན་པར་ཞེན་པ་མི་གཏོང་ལ་དོན་འདི་ཁས་མི་ལེན་ན་དེ་ལྟར་ན་ཡང་དེའི་ཉོན་མོངས་པ་སྐྱེ་བ ་མེད་པའི་མཚན་ཉིད་ཀྱང་མྱ་ངན་ལས་འདས་པར་མི་འགྱུར་རོ། །གལ་ཏེ་དེའི་ཚེ་སྡུག་བསྔལ་སྐྱེ་བ་མེད་པའི་ངོ་བོ་མྱ་ངན་ལས་འདས་པར་མི་འདོད་ན་དེའི་ཚེ་འདོད་ཆགས་ལ་སོགས་པའི་བཅིང་པ་བཅད་པས་ཉོན་མོངས་པ་མེད་པར་གྱུར་ཀྱང་དེའི་ཚེ ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་རྒྱུ་ཡོད་པར་དམིགས་པ་དང། དེ་ལ་དམིགས་པས་འདོད་ཆགས་ལ་སོགས་པ་སྐྱེད་པའི་ཕྱིར་ངེས་རྣམ་བར་གྲོལ་བ་གང་ཡིན་པ་དེ་ཡང་གྲོབ་པར་མི་འགྱུར་ཏེ། དེ་བས་ན་དེའི་དུས་ན་གྲོལ་བ་མཁས་བླང་དུ་མི་རུང་ངོ ་ཕུང་པོ་རྣམས། གང་ཚེ་དེ་ཡིད་འགག་པ། ང་ཡི་ཚེ་ན་གྲོལ་བར་འགྱུར། །ཞེས་བྱར་མི་རུང་ངོ། །ཕུང་པོ་དམིགས་པས་རྒྱུ་དེ་ལས་བྱུང་བ་ཉོན་མོངས་པ་རྒྱུན་མི་འཆད་པའི་ཕྱིར་དེའི་ཕུང་པོ་རྣམས་འགག་པ་དེ་ཡང་མི་སྲིད་ད?། །ཉོན་མོངས ་པ་རྣམས་ཀྱང་ཡོད་ལ་རྒྱུ་དེ་ལས་བྱུང་བའི་ལས་ཀྱིས་འཕངས་པ་ཡང་ཡོད་ན། རྒྱུ་ཉོན་མོངས་པ་དང་ལས་ལས་བྱུང་བའི་སྐྱེ་བའི་རྒྱུན་མཐར་ཐུག་པ་མེད་བར་འགྱུར་བའི་ཕྱིར་དེའི་ཕུང་པོ་རྣམས་པར་ཆད་པའི་མཚན་ཉིད་ཐར་པ་མི་སྲིད་དོ། །དེ་བས་ན་སྐྱེ་བ་ཟད་དོ། ། ་ཞེས་བྱ་བ་མ་འོངས་པའི་ཕུང་པོ་དང་སྦྱར་བའི་ཤེས་པ་དེ་ཡང་མི་སྲིད་པས་ཞིག་ཅེས་པ་དེ་ཇི་ལྟ་བུ་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་དེ་ལྟར་ཇི་སྐད་སྨྲས་པ་རིགས་པས་ངོ་བ་ཉིད་ཡོད་པར་སྨྲ་བ་ལ་རྣམ་པར་གྲོལ་བ་ཡེ་མི་སྲིད་པར་བསྟན་ནས་སྟོང་པ་ཉིད་དུ་སྨྲ་བ་ལ་རྣམ ་པར་གྲོལ་བ་སྲིད་པར་བསྟན་པའི་ཕྱིར། མ་རིག་རྐྱེན་གྱིས་བྱུང་བ་ལ། །ཡང་དག་ཤེས་པས་རྣམ་བརྟགས་ན། །སྐྱེ་བ་དང་ནི་འགག་པའང་རུང། །གང་ཡང་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་སྨོས་སོ། །མ་རིག་པའི་རྐྱེན་གྱིས་བྱུང་ཞེས་བྱ་བ་ལ ་མ་རིག་པ་ནི་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པའི་དོན་གྱི་མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྐྱེན་ཏོ། །མ་རིག་པའི་རྐྱེན་ལས་བྱུང་བ་འདུ་བྱེད་ལ་སོགས་པའི་དོན་གལ་ཏེ་རང་གི་མཚན་ཉིད་དུ་གྲུབ་པར་གྱུར་ན་དེ་རང་གི་མཚན ་ཉིད་དུ་གྲུབ་པའི་ཕྱིར་མ་རིག་པ་ལ་མི་བལྟོས་སོ། །རང་གི་མཚན་ཉིད་དུ་གྲུབ་པ་བུམ་པ་ལ་སོགས་པ་ནི་རང་གི་ངོ་བོ་ལ་སྒྲིབ་པ་ཡུན་པ་མེད་ན་ཤིན་ཏུ་གསལ་བར་དམིགས་སོ། །རྐྱེན་གྱི་བྱེ་ཕྲག་དང་ལྡན་པས་རབ་རིབ་ཅན་གྱིས་ཡོངས་སུ་བརྟགས ་པ་སྐྲ་ལ་སོགས་པའི་དངོས་པོར་ཤེས་པ་ནི་ཇི་ལྟར་ཇི་ལྟར་རང་གི་ངོ་བོ་མེད་པར་འགྱུར་ཏེ། རྣམ་པར་བྱང་བའི་མིག་ཅན་དག་ལ་ནི་སྣང་བར་མི་འགྱུར་རོ། །དེ་ལྟར་རྣམ་པར་བརྟགས་པའི་མཚན་ཉིད་དུ་གྲུབ་པ་ནི་སྐྲ་ཡང་དག་པ་ལ ་སོགས་པ་བཞིན་དུ་ཡོད་པོར་བཞག་མི་ནུས་སོ། །དེ་བཞིན་དུ་འདུ་བྱེད་ལ་སོགས་པ་འདི་དག་ཀྱང་གལ་ཏེ་རང་གི་མཚན་ཉིད་དུ་གྲུབ་པར་གྱུར་ན་དེའི་ཚེ་བདེན་པའི་དོན་གཏན་ལ་ཕབ་ཕ་ལས་སྐྱེས་པ་འཕགས་པ་ཡང་དག་པའི་ཡེ་ཤེས་ཅན་རྣམས་ཀྱིས་ཀྱང ་རང་གི་མཚན་ཉིད་གཞིག་ཏུ་མ་རུང་བ་གཟིགས་པས་བུམ་པ་ལ་སོགས་པ་སྣང་བ་དང་བཅས་པ་བཞིན་དུ་དམིགས་ཤིང་ཡུལ་དུ་འགྱུར་བའི་རིགས་ན་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་བྱ་བའི་ཚིག་གིས་དེ་ལྟར་ཡང་མི་འགྱུར་རོ། །དེའི་ཕྱིར་ཡང ་དག་པའི་ཡེ་ཤེས་ཤར་བ་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ལ་སོགས་པ་འདི་དག་ལྟར་རང་གི་མཚན་ཉིད་མི་སྣང་བས་རང་གི་མཚན་ཉིད་ཡོད་པར་བཞག་མི་ནུས་སོ། །ནམ་ཞིག་འདི་ལྟར་མ་རིག་པའི་རྐྱེན་ལས་བྱུང་བ་འདུ་བྱེད་ལ་སོགས་པ་ལ་རང་རིག ་མེད་པ་ཅན་རྣམས་ལྟར་ཡང་དག་པའི་ཡེ་ཤེས་ཀྱིས་བརྟགས་ན་དེ་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ལ་སོགས་པ་བཞིན་དུ་ཡང་དག་པའི་ཡེ་ཤེས་ཀྱི་དུས་ན་འདུ་བྱེད་ལ་སོགས་པའི་སྐྱེ་བ་འམ་འགག་པ་གང་ཡང་ངེས་པར་མི་དམིགས་སོ། །རྟེན་ཅིང ་འབྲེལ་བར་འབྱུང་བ་གང་ཡིན་པ་འདི་ཡི་སྐྱེ་བ་དང་འགག་པ་མི་དམིགས་པའི་ཡེ་ཤེས་ཀྱི་དུས་ན། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཆོ་འདི་ཉིད་ལ་རྣལ་འབྱོར་བ་དེའི་ཆོས་ཐམས་ཅད་མི་དམིགས་པའི་ཡེ་ཤེས ་ཀྱི་དུས་གང་ཡིན་པ་དེ་ཉིད་མཐོང་བའི་ཆོས་ལ་མྱ་ངན་འདས་བའོ། །བྱ་བ་བྱས་པ་ཉིད་མཐོང་བའི་ཆོས་ལ་ཁོ་ན་བྱ་བ་བྱས་པ་ཉིད་ཅེས་བྱའོ། །སྐྱེ་བ་དང་འགག་པ་མི་དམིགས་པའི་ཡེ་ཤེས་ཀྱི་དུས་གང་ཡིན་པ་དེ་ཉིད་མཐོང་བའི་ཆོས་ལ་མྱ ་ངན་ལས་འདས་པའོ། །བྱ་བ་བྱས་པ་ཞེས་བྱ་བར་ཤེས་པར་བྱ་སྟེ། ལུང་དག་ལས་དགེ་སློང་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཞེས་གསུངས་པ་དང་འཕགས་པ་ཤཱ་རིའི་བུས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ཏེ། མདོ་འདི་བཤད་དོ། །ཞེས་འབྱུང་བ ་དེ་ཉིད་དེའི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཡིན་པར་བལྟའོ། །སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྙེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་གང་གསུངས་པ་དེ་ཡང་བྱ་བ་བྱས་པ་འདི་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་ནི་རྟེན ་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་མེད་པ་དང་འགག་པ་མེད་པའོ། །ཅི་སྟེ་ཞེས་པ་འདི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐྱེ་བ་དང་འགག་པ་མི་དམིགས་པའི་མཚན་ཉིད་དེ་ཁོ་ན་བེར་ཏེ། དམིགས་པའི་དངོས་པོ་རང་གི་མཚན་ཉིད་ཀྱི་ངོ་བོ་ཞིག། ཡོད་པར་ཡོངས ་སུ་རྟོག་ན་དངོས་པོ་རྣམས་ནི་ཕན་ཚུན་ཐ་དད་པའི་རང་གི་ངོ་བོ་ཡིན་པས་དེ་ངེས་པར་དེས་བྱེ་བྲག་ཏུ་ཡོངས་སུ་བཅད་དགོས་པར་འགྱུར་ཏེ། ངོ་བོ་གཞན་ཡོངས་སུ་ཤེས་པས་དངོས་པོའི་ངོ་བོ་གཞན་ཡོངས་སུ་བཅད་པར་མི་ནུས་སོ། །སྔོན་པོའི་ངོ་བོ་ཤེས་པས་སེར་པོ ་ཡོངས་སུ་གཅོད་མི་ནུས་པ་དེ་བཞིན་དུ་འདི་ལ་ཡང། ཆོས་ཤེས་དེ་ཡི་འོག་ཏུ་ནི། འདི་ལ་བྱེ་བྲག་དབྱེ་ཡོང་ན། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང། །གང་གིས་སྐྱེ་བར་རྣམ་བརྟགས་བ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས ་བྱུང་བའི་དོན་མ་མཐོང། །དེ་ལ་ཆོས་ཤེས་བྱ་བའི་སྒྲ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ལས་གཞན་མ་ཡིན་ཏེ། མདོ་སྡེ་ལས་ཀྱང་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས ་མཐོང་ངོ། །ཞེས་ཇི་སྐད་འབྱུང་བ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དང་མྱ་ངན་ལས་འདས་བ་ཐ་མི་དང་པའི་རང་བཞིན་དུ་གྱུར་པར་ཡོངས་སུ་གཅོད་པའི་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པའོ། །ཆོས་ཤེས་པས་རྟེན་ཅིང ་འབྲེལ་བར་འབྱུང་བའི་དོན་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་བསྟན་བཅོས་ལས། གང་དང་གང་དག་རྟེན་འབྱུང་བ། །དེ་དག་ངོ་བོ་ཉིད་ཀྱིས་ཞི། །དེ་ལྟ་བས་ན་སྐྱེ་བ་དང། །སྐྱེས་བ་ཉིད་ནི་ཞི་པའོ། །ཞེས་འབྱུང་བ་ཡིན་ནོ། ། ་འདི་ལ་སྐྱེས་པར་གྱུར་པ་དང་སྐྱེ་བ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་གང་ཡིན་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དུ་གསུངས་སོ། །སྡུག་བསྔལ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་རང་བཞིན་གྱིས་མ་སྐྱེས་པའོ། །གང་གི་ངོ་བོ་ཉིད་ཀྱིས ་སྐྱེ་བ་མེད་པ་དེ་ཉིད་མྱ་ངན་ལས་འདས་པ་སྟེ། གཉི་ག་ཡང་མ་སྐྱེས་པའི་ཕྱིར་རོ། །འདི་ལྟར་ཡང། འཁོར་བ་ལས་ནི་མྱ་ངན་འདས། །བྱེ་བྲག་དབྱེ་བཅུང་ཟད་མེད། །མྱ་ངན་འདས་ལས་འཁོར་བ་ཡང། །བྱེ་བྲག་དབྱེ་བ་ཅི་ཡང་མེད། །མྱ་ངན ་འདས་ཀྱི་མཛའ་འདི་ནི། །འཁོར་བའི་མཛའ་ཡང་དེ་ཡིན་ཏེ། །དེ་གཉིས་ལ་ནི་ཅུང་ཟད་ཀྱང། །བྱེ་བྲག་ཤིན་ཏུ་ཕྲ་བའང་མེད། །ཅེས་བྱ་བ་བསྟན་པ་ཡིན་ནོ། །མཛའ་ཞེས་བྱ་བའི་སྒྲ་ནི་མཆོག་ཏུ་འབྱུང་བའོ། །མཆོག་ཏུ་བྱུང་བ ་ཞེས་བྱ་བ་ནི་ཕུལ་དུ་ཕྱིན་པ་ཞེས་བྱ་སྟེ། བྱིས་པའི་སྐྱེ་བོ་རྣམས་ཀྱི་སྦྱོད་ཡུལ་དུ་མ་གྱུར་བའི་མཛའ་ཨི་རང་བཞིན་ནི་གཉི་ག་ཡང་མ་སྐྱེས་པའི་ཕྱིར་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གཅིག་གོ། དེ་བས ་ན་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་ཆོས་ཤེས་བྱ་སྟེ། དེ་མཐོང་བས་མྱ་ངན་ལས་འདས་པ་ཡང་མཐོང་བས་ན་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས ་མཐོང་ངོ། །ཆོས་ཀྱི་ངོ་བོ་ཉིད་དང་སངས་རྒྱས་བཅོམ་ལྡན་འདས་ཐ་མི་དད་པ་ན་དེ་མཐོང་བས་སངས་རྒྱས་མཐོང་བ་ཡིན་ནོ། །དེ་ལྟར་ན་ཏྟེན་ཅིང་འབྲེལ་པར་འབྱུང་བའི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་དམིགས ་པའི་ཆོས་ཤེས་པས་རྟེན་བདེན་པ་གསུམ་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་ལ། མྱ་ངན་ལས་འདས་པ་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་བས་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང ་བ་ལ་དམིགས་པའི་ཆོས་ཤེས་པ་སྡུག་བསྔལ་གྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་གང་ཡིན་པའི་བདག་ཉིད་དེ་སྡུག་བསྔལ་ཡོངས་སུ་ཤེས་སོ། །ལས་དང་ཉོན་མོངས་པའི་སྐྱེ་བ་དང་འགག་པ་མེད་པ་ཡོངས་སུ ་གཅོད་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་ཤེས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་གང་ཡིན་པ་འདི་ནི་འགོག་པ་ཤེས་པའོ། །ལམ་གྱི་བདེན་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན ་པས་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ནི་ལམ་ཤེས་པའོ། །དེ་ལྟར་ན་ཆོས་ཤེས་པས་སྐད་ཅིག་གཅིག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་སྔོན་མ་མཐོང་བའི་ལྟ་བར་བྱ་བ་གཞན་མི་སྲིད་དོ། ། ་གལ་ཏེ་དེ་ལྟར་ན་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་ཇི་ལྟར་གཞག་།སྡེ་པ་ཁ་ཅིག་ནི་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་མི་འདོད་ཀྱི། མངོན་པར་རྟོགས་པ་གཅིག་ཏུ་ཟད་པར་འདོད་དོ། །དེ་དག ་གི་འདོད་པ་དང་བཤད་པ་འདི་མི་འགལ་ལོ། །གང་དག་སྐད་ཅིག་མ་བཅོ་ལྔར་འདོད་པ་དེ་དག་གི་ལྟར་ན། ཡང་དེ་ལྟ་བུས་གདུལ་བའི་üསྐྱེ་བོ་ལ་དེ་བསྟན་པས་ཕན་གདགས་པའི་ཕྱིར་ཤེས་པ་ངོ་བོ་གཅིག་ལས་ཆར་ཕྱེ་སྟེ། ་ཆ་བཅོ་ལྔར་རྣམ་པར་བཞག་གོ། གལ་ཏེ་དེ་ལྟར་ན་ལམ་སྒོམ་པ་རྣམ་པ་བཅུ་དྲུག་པ་དེ་ཅི་ལྟ་བུར་ཐར་པ་འདོད་པ་རྣམས་ལམ་རྣམ་པ་གཞན་དག་གིས་དེ་ཁོ་ན་ཤེས་པ་ལ་འཇུག་པ་གོམས་པར་བྱ་བའི་ཕྱི ་འདི་ཡང་ཡོངས་སུ་བརྟགས་ནས་རྣམ་པར་བཞག་པ་ཉིད་དེ། དེ་ཁོ་ན་ནི་ངོ་བོ་གཅིག་པུར་ཟད་དོ། །ཅི་སྟེ་ཁྱད་པར་དུ་དབྱེ་བའི་རྣམ་པ་དངོས་པོ་གཞན་ཤེས་པ་གཞན་གྱི་གཟུང་བ་ཞིག་ཡོད་ན་ནི་དེའི་ཚེ་རྣམ་པ་ཡོངས་སུ་མ་བཅད ་པ་ཡོངས་སུ་བཅད་དགོས་པར་འགྱུར་ཏེ། ཆོས་ཤེས་པ་དེའི་འོག་ཏུ་བྱེ་བྲག་ཏུ་ཡོངས་སུ་གཅད་པར་བྱ་བ་བྱེ་བྲག་དབྱེ་བ་ཞིག་ཡོད་ན་ནི་དེའི་དམིགས་པ་གཞན་དུ་བརྟགས་པས་དེས་དེའི་ངོ་བོ་བྱེ་བྲག་ཏུ་ཡོངས་སུ་བཅད་དགོས་པས་མི་མཁས་པ་སུས་དངོས་པོ ་ཤིན་ཏུ་ཕྲ་བ་ལ་རང་གི་ངོ་བོར་སྐྱེ་བར་རྣམ་པར་བརྟཌ་པས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་ཅིང་རོ་གཅིག་པའི་དོན་མི་ཤེས་པ་ཡིན་ན་རག་པ་ས་ལ་སོགས་པ་ལྟ་ཅི་སྨོས། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དེ་མཚན་ཉིད ་གཅིག་ཏུ་མཐོང་སྟེ། རིམ་གྱིས་གོམས་པར་བྱས་ནས་མ་རིག་པ་མ་ལུས་པར་འགགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ལ་དམིགས་པའི་ཤེས་པ་ལ་གནས་པ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དང་བྱ་བ་བྱས་པ་ཞེས་བྱ་བར་རྣམ་པར ་བཞག་སྟེ་གཞན་དུ་མ་ཡིན་ནོ། །ཅི་སྟེ་ཁྱོད་ཀྱི་གཞུང་ལྟར་ན། །ཉོན་མོངས་ཟད་པའི་དགེ་སློང་གི། །འཁོར་བ་གལ་ཏེ་རྣམ་ཟློག་ན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང། །ཅི་ཕྱིར་དེ་ཡི་རྩོམ་མི་བཤད། །གལ་ཏེ་ཡེ་ཤེས་ཀྱིས་ཉོན་མོངས་པ ་བཟློག་ན་ལས་ལྡོག་སྟེ། རྒྱུ་དང་རྐྱེན་དུ་མི་ལྡན་པའི་ཕྱིར་ཐོག་མ་མེད་པ་ནས་འཁོར་བར་འཇུག་པ་དང་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་གཟུགས་ལ་སོགས་པའི་རྒྱུན་ལྡོག་ན་དེ་ལྟ་ན་ནི་དེ་རྩོམ་པ་རྫོགས ་པའི་སངས་རྒྱས་རྣམས་ཀྱིས་མི་གསུངས་པ་ནི་གཏན་ཚིགས་འདི་ལྟ་བུ་ཞིག་གིས་བཅོམ་ལྡན་འདས་ཀྱིས་རྩོམ་པ་མ་གསུངས་སོ། །ཞེས་འདི་ལ་ཁྱོད་ཀྱི་ཕུང་པོའི་རྒྱུན་དེའི་རྩོམ་པ་ཐ་མ་བཞིན་དུ་བརྗོད་དགོས་པར་འགྱུར་རོ། །མི་མཁྱེན་ཏེ་མ་གསུངས་སམ ་གཞན་ཞིག་གི་ཕྱིར་མ་གསུངས་ཞེས་བྱ། འདི་ལ་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཁས་ལེན་པའི་ཕྱིར་མི་མཁྱེན་ནི་མི་སྲིད་དོ། །གཞན་ཞིག་གི་ཕྱིར་མ་གསུངས་ཞེས་བྱར་ནི་དེ་ཡང་མི་རིགས་སོ། །ཟོ་ཆུན་བརྒྱུད་མོའི་འཁྲུལ་འཁོར་ལྟར་ཐོགས་མ་མིང་པའི་ཕྱིར ་མ་གསུངས་ཞེས་བྱར་ནི་གལ་ཏེ་དེ་ལྟར་ན་ཟོ་ཆུན་བརྒྱུད་མོའི་འཁྲུལ་འཁོར་ལྟར་ཐོག་མ་མེད་པ་དེ་བཞིན་དུ་དེའི་ཐ་མ་ཡང་མེད་པར་འགྱུར་ཏེ། འཁོར་ལོ་ལ་སོགས་པའི་དཔེ་ལ་ཡང་དེ་སྐད་ཅེས་བརྗོད་པར་བྱའོ། །ཟད་པར་འགྱུར་རོ། །ཞེས་བཤད་པས་ཐ་མ་ཡོད ་བསྐད་བྱ་ན་ནི་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་མི་མཁྱེན་པ་ཡོད་པར་འགྱུར་ཏེ། མི་མཁྱེན་མི་སྲིད་པས་རྩོམ་པ་ཡང་བསྟན་དགོས་སོ། །མ་བསྟན་ན་ཡང་རིགས་པ་འདི་དང་སྦྱར་ན་མེད་དུ་མི་རུང་སྟེ་དེ་བས་ན། རྩོམ་པ་ཡོད་ན་ངེས་པར་ཡང། །ལྟ་བར ་གྱུར་པ་ཡོངས་སུ་འཛིན། །རྩོམ་པ་ཡོད་པར་བརྟགས་ན་ནི་འཁོར་བ་ཐོག་མ་ཅན་དུ་འགྱུར་རོ། །ཐོག་མ་ཡོད་པ་ཅན་དུ་གྱུར་ན་ནི་རྒྱུ་མེད་པར་སྨྲ་བ་ཁས་བླངས་པས་ལོག་པར་ལྟ་བ་ཉིད་དུ་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་ལ་ནི་ཉེས་པ་འདི་མེད་དོ། །སུ ་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་འདོད་པ་དེ་ནི་དེ་དག་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་འདོད་པས་དེ་དག་གི་ཐོག་མའམ་ཐ་མ་མེད་པས་ཡོངས་སུ་བརྟག་པྲ་མི་ནུས་པར་བསྟན་པའི་ཕྱིར། རྟེན་ཅིང་འབྲལ་པར་གང་འབྱུང་བ། །དེ་ལ་སྔོན་དང་ཐ་མ་ཅི། །ཞེས་བྱ་བ་སྨོས་ཏེ ་གདོན་མི་ཟ་བར་འདི་ཉིད་ཁས་བླངས་དགོས་སོ། །གཞན་དུ་ན་ནི་འཁོར་བ་ཐོག་མ་ཅན་དུ་འགྱུར་བར་ཡང་མ་ཟད་དེ། །ངོ་བོ་ཉིད་ཀྱིས་སྐྱེས་པ་ནི་གཞན་དུ་འགྱུར་མི་སྲིད་པས་རྟག་པ་ཁོ་ནར་འགྱུར་བར་བསྟན་པའི་ཕྱིར། སྔོན་སྐྱེས་པ་ནི ་ཇི་ལྟ་བུར། །ཕྱི་ནས་རབ་ཏུ་ལྡོག་པར་འགྱུར། །ཞེས་བྱ་བ་སྨོས་སོ། །ངོ་བོ་ཉིད་མི་འགྱུར་བས་རྟག་གོ་།ཞེས་བྱ་བའི་ཐི་ཚིག་གོ་།དངོས་པོ་སྐྱེ་བ་དེའི་རང་བཞིན་མེད་པ་ལས་འབྱུང་བ་ཁས་ལེན་ན་ནི་རྩོམ་པ་ཡོད་ན་ངེས་པར་ཡང། །ལྟ་བར་གྱུར ་པ་ཡོངས་སུ་འཛིན། །མེད་པ་ལས་དངོས་པོ་རྣམས་སྐྱེ་ན་ནི་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་འགྱུར་རོ། །དེ་བས་ན་རྒྱུ་མེད་པར་ལྟ་བ་དེ་ཡང་དེ་བཞིན་དུ་ཡོད་ལ་དེ་ཡང་འབྲེལ་ན་ནི་ཆང་བར་ལྟ་བའི་སྐྱོན་དུ་ཡང་འགྱུར་རོ། །ནམ་ཞིག་འདི་ལ། རྟེན ་ཅིང་འབྲེལ་པར་གང་འབྱུང་བ། །དེ་ལ་སྔོན་དང་ཐ་མ་ཅི། །ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་ཏེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བས་འདི་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེས་ན་ཐེ་ཚོམ་མེད་པར། སྔོན་དང་ཕྱི་མའི་མཛའ་སྤངས་པས། །འགྲོ ་བ་སྒྱུ་མ་བཞིན་དུ་སྣང། །ཇི་ལྟར་སྒྱུ་མ་མཁན་གྱིས་སྒྱུ་མ་སྒྲུབ་པའི་སྔགས་ཀྱི་སྦྱོར་བ་ལ་གླང་པོ་ཆེ་དང་རྟ་དང་མི་ལ་སོགས་པ་བྱུང་བ་རྣམས་ངོ་བོ་ཉིད་ཀྱིས་མ་སྐྱེས་ན་གླང་པོ་ཆེ་ལ་སོགས་པར་སྣང་སྟེ། དེ་དག་ལ་གླང་པོ་ཆེ་ཡང་དག་པ་ལ་སོཊ ་པ་ལྟར་སྔོན་དང་ཐ་མའི་རྟོག་པ་མི་འབྱུང་བ་དེ་བཞིན་དུ་གླང་པོ་ཆེ་ཡང་དག་པ་ལ་སོགས་པར་འདོད་པ་རྣམས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བས་སྔོན་དང་ཕྱི་མའི་མཐར་བཏག་པ་མི་རིགས་ཏེ་དེ་ལྟར་ན། སྔོན་དང་ཕྱི་མའི་མཛའ་སྤངས་པ། ་འགྲོ་བ་སྒྱུ་མ་བཞིན་དུ་སྣང། །སྐྱེས་ནས་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས་འགྲོ་བའོ། །བསླུ་བའི་བདག་ཉིད་པས་སྒྱུ་མ་སྟེ། དེའི་ངོ་བོ་ཉིད་ལ་རྨོངས་པ་རྣམས་ལ་ལོག་པར་སྣང་བས་བསླུ་བ་ཡིན་ནོ། །དེའི་བསླུ་བ་ཉིད་བསྟན ་པའི་ཕྱིར། །གང་ཚེ་སྒྱུ་མ་བྱུང་ཞེ་འམ། །གང་གི་ཚེ་ན་འཇིག་འགྱུར་ཞེས། །སྒྱུ་མ་ཤེས་པ་དེར་མི་རྨོངས། །སྒྱུ་མ་མི་ཤེས་ཡོངས་སུ་སྐོམ། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་སྒྱུ་མ་མཁན་གྱི་སྔགས་ཀྱི་རྐྱེན་ལས་བྱུང་བའི་བུང་མེད་ན་ཆུང་སྒྱུ་ཐབས ་རྣམས་ལེགས་པར་བསླབས་པ་ལྟ་བུ་དབྱིབས་དང་སྤྱོད་ལམ་ཤིན་ཏུ་མཛེས་པ་ཚུལ་ཤིན་དུ་མཛེས་ཤིང་གཞོག་སྟེག་ལ་མཁས་པ་ཕུན་སུམ་ཚོགས་པ་ཡིད་འཕྲོག་པ་དག་ནི་དེའི་ངོ་བོ་ཉིད་ལ་མི་མཁས་པ་འདོད་པ་ལ་ཞེན་པ་རྣམས་ལ་ན ་ཆུང་ཡང་དག་པ་བཞིན་དུ་མཆོག་ཏུ་དགའ་བའི་གནས་སུ་འགྱུར་ཏེ། དེ་ལ་ཇི་ལྟར་མི་མཁས་པ་དག་རྣམ་པར་རྟོག་པ་ལྟར་རང་བཞིན་མེད་དེ་དེའི་ངོ་བོ་ཉིད་ལ་མཁས་མ་བྱས?་མཁན་ནི་སྒྱུ་མ་ཡང་དག་ཕ་མ་ཡིན་པར་སྣང་བ་ཁོང་དུ་ཆུད་པས་དེ་ལྟར་ཡང་རྨོངས་པའི་སེམས་མི ་འབྱུང་ངོ། །དེ་བཞིན་དུ་འདིར་ཡང་སྒྱུ་མ་མཁན་ལྟ་བུའི་རྣལ་འབྱོར་པ་མཁས་པ་རྣམས་ཀྱིས། སྲིད་པ་སྨིག་རྒྱུ་སྒྱུ་འདྲ་བར། །བློ་ཡིས་མཐོང་བར་གྱུར་ན་ནི། སྔོན་གྱི་མཛའ་འམ་ཕྱི་པའི་མཛའ་། ལྟ་བས་ཡོངས་སུ་བསླད་མི་འགྱུར། །རྣལ་འབྱོར་པས་སྲིད་པ་འདུས་བྱས་མ ་ལུས་པ་སྒྱུ་མ་དང་སྨིག་རྒྱུ་བ་ལྟ་བུར་བློ་ཡང་དག་པའི་བསམ་པ་སོ་སོར་རང་གི་ཤེས་རབ་ཀྱི་མཐོང་ན་དོམ་པའི་ངོ་བོ་ཉིད་དུ་གང་ཡང་མི་དམིགས་པས་དངོས་པོའི་རང་བཞིན་གང་ཡིན་པ་དེ་ལ་སྔོན་གྱི་མཛའ་འམ། ཕྱི་མའི་མཐར་ཡོངས་སུ་བསླད་པར་མི་འགྱུར་ཏེ། ་བློ་ཕྱིན་ཅི་ལོག་པར་མི་འགྱུར་རོ། །དེ་བས་ན་འཕགས་པའི་སྐྱེ་བོར་ཐམས་ཅད་གཤེགས་ཤིང་རྗེས་སུ་...་གཤེགས་པ་ངོ་བོ་ཉིད་མེད་པའི་ལམ་འདི་བོར་བ་དག་ནི་སྒྱུ་མའི་བུད་མེད་ལ་མི་མཁས་པ་དག་བཞིན་དུ། གང་དག་གིས་ནི ་འདུས་བྱས་ལ། སྐྱེ་དང་འགག་པར་རྣམ་བརྟགས་པ། །དེ་དག་རྟེན་འབྱུང་འཁོར་ལོ་ཡི། །འགྲོ་བ་ཤིན་ཏུ་མི་ཤེས་སོ། །རང་གི་མཚན་ཉིད་སྐྱེ་རང་གི་མཚན་ཉིད་འགག་གོ་།ཞེས་དེ་ལྟར་གང་དག་རང་གི་མཚན་ཉིད་སྐྱེ་ཞིང་འགག་པའི་ཚུལ་གྱིས་འདུས་བྱས་ཀྱི་སྐྱེ་བོ་དང་འགག ་པ་ཡོངས་སུ་བརྟགས་པ་དག་གིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་ལ་ཐོག་མ་དང་དབུས་དང་ཐ་མ་དང་བྲལ་བ་མགལ་མེ་བསྐོར་བ་ལྟ་བུའི་འགྲོ་བ་འཇིག་བཞིན་དུ་མི་ཤེས་སྟེ། འདུས་བྱས་རང་བཞིན་ཡོད་པ་སྐྱེ་ཞིང་འཇིག་མི་སྲིད་པ་ལ་སྐྱེ་བ་དང་འཇིག་པ་རྟོག་པས་དོ་དག་གིས་རྟེན ་ཅིང་འདྲེལ་པར་འབྱུང་བའི་འཁོར་ལོ་ཁོང་དུ་ཆུད་ཅེས་བྱའོ། །རང་གི་མཚན་ཉིད་དུ་སྐྱེ་བར་ཁས་བླངས་ན་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཁོང་དུ་ཆུད་པ་མ་ཡིན་ཞེས་ཟེར་བ་དེ་ལ། དེ་དང་དེ་བརྟེན་གང་འབྱུང་བ། རང་བཞིན་དུ་ནི་དེན་སྐྱེས། རང་བཞིན་དུ་ནི ་གང་མ་སྐྱེས། །དེ་ནི་སྐྱེ་ཞེས་ཇི་སྐད་བྱ། །ཞེས་བྱ་བ་སྨོས་སོ། །དེ་དང་དེ་བརྟེན་ཞེས་བྱ་བ་ནི་དེ་དང་དེ་ལ་བལྟོས་ཞེས་བྱ་བའི་ཐ་ཚིག་གོ་།དེ་དང་དེ་ཞེས་བྱ་བ་སྤྱིར་བསྒྲུབ?་པ་ཐམས་ཅད་བསྡུ་བའི་སྤྱིའི་ཚིག་འདིས་ནང་གི་མ་རིག་པ་ལ་སོགས་པ་དང་ཕྱིའི་རླུང་གི་དཀྱིལ ་འཁོར་ལ་སོགས་པ་མ་ལུས་པ་དག་འདུ་བྱེད་ལ་སོགས་པ་དང། ཆུའི་དཀྱིལ་འཁོར་ལ་སོགས་པ་སྐྱེ་བ་ལ་རྒྱུའི་དངོས་པོར་གནས་པར་གྱུར་ཏེ། རྒྱུ་དེ་དང་དེ་ལ་བརྟེན་ནས་གང་སྐྱེ་བ་དེ་གང་སྐྱེ་བ་དེ་གལ་ཏེ་རང་གི་ངོ་བོར་གྲུབ་པ་ཞིག་ཡིན་ན་ནི་དེ་ཡོད་པར་གྱུར་པས་གྲུབ་པའི་ངོ་བོའི་དུས་བཞིན ་དུ་སྐྱེ་བའི་རྒྱུ་ལ་མི་བལྟོས་པར་འགྱུར་རོ། །ཅི་སྟེ་སྐྱེ་བ་དེ་སྔོན་རང་གི་ངོ་བོར་མེད་ན་ནི་སྐྱེས་པ་དེ་ཡང་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་མངོན་པས། དེ་དང་དེ་བརྟེན་གང་བྱུང་བ། །རང་བཞིན་དུ་ནི་དེ་མ་སྐྱེས། །ཞེས་བྱ་བ་སྨོས་སོ། །ཅི་སྐྱེ་བ་ངོ་བོ ་ཉིད་ཀྱིས་མེད་ཀྱང་བླ་སྟེ་ཐ་སྙད་དུ་གཟུགས་སྐྱེས་སོ། །ཚོར་བ་སྐྱེས་སོ། །ཞེས་བྱ་བས་སྐྱེ་བ་ཡོད་དོ་སྙམ་དུ་སེམས་ན་ནི་ཀྱེ་མ་ལམ་ལོག་པར་སོང་དུ་གདོན་མི་ཟའོ། །མཁས་པས་ནི་གཟོ་པོ་ལྟ་བུའི་བློས་རྣམ་པར་དཔྱད་པའི་རིགས་པ་སྙམ་རང་བཞིན་དུ་ནི་གང་མ ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་སྐད་བྱ། །སའི་རང་གི་མཚན་ཉིད་ནི་སྲ་བ་སྟེ། གལ་ཏེ་དེ་རང་གི་མཚན་ཉིད་དུ་མ་སྐྱེས་པར་སེམས་ན་དེ་གཤེར་བའི་མཚན་ཉིད་དུ་སྐྱེས་སོ། །ཞེས་བརྟག་ཏུ་ནི་མི་རུང་ན། དེ་གཞན་གང་ཅི་ཞིག་ཏུ་སྐྱེ་བར་བརྟག་།དེ་བས་ན་བདག་དང་གཞན ་ལས་སྐྱེ་མི་སྲིད་པས་སྐྱེ་པ་མེད་པར་གྲུབ་བོ་།དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐྱེ་བ་མི་སྲིད་པ་ཅི་བསྟན་ན། ད་ནི་འགག་པ་མི་སྲིད་པར་བསྟན་པར་བཞེད་ནས། རྒྱུ་ཟད་པ་ཡི་ཞི་བ་ནི། །ཟད་ཅེས་བྱ་བར་མངོན་པ་སྟེ། །རང་བཞིན་དུ་ནི་གང་མ་ཟད། །དེ་ལ་ཟད ་ཅེས་ཇི་སྐད་བརྗོད། །ཅེས་བྱ་བ་སྨོས་སོ། །སྐྱེས་པའི་དངོས་པོ་སྐྱེ་བ་ཡོད་ན་འཇིག་ལ་དངོས་པོའི་གནས་པ་ཡང་རྐྱེན་གྱི་ཁ་ན་ལས་ཏེ་གནས་པའི་རྐྱེན་མེད་ན་འཇིག་པར་འགྱུར་བས་དེ་ལྟ་ན་འཇིག་རྟེན་ན་རྒྱུ་ཟད་ནས་ཞིག་གང་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ཉིང ་ཞི་བ་ཞེས་བྱ་བར་དམིགས་ཏེ། གང་ཡང་གནས་པའི་རྐྱེན་མེད་ན་ཟད་པར་འགྱུར་བ་དེ་གནས་པའི་རྐྱེན་མེད་པ་ལ་རག་ལས་པས་རང་གི་ངོ་བོར་གྲུབ་པ་མེད་པར་ཁོང་དུ་ཆུད་ནས། རང་བཞིན་གྱིས་ནི་གང་མ་ཟད། །དེ་ལ་ཟད་ཅེས་ཇི་སྐད་བརྗོད། །ཅེས་བྱ་བ་སྨོས་སོ། །གལ་ཏེ་རང་བཞིན་གྱིས་ཟད ་བ་ཞིག་ཡོད་ན་ནི་དེ་རྐྱེན་ལ་བལྟོས་པར་མི་འགྱུར་ཏེ། དེ་རྒྱུ་ཡོངས་སུ་ཟད་པ་ལས་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་ལས་དང་ཉོན་མོངས་པའི་དངོས་པོ་མེད་པར་མ་གྱུར་ཀྱང་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་བས་ན་འབོད?་མི་དགྲོ་པར་ཐང་པར་འགྱུར་རོ། །མར་དང་རས་ཡོངས་སུ་མ་ཟད ་པར་མར་མེ་འཆི་བར་འགྱུར་བའི་རིགས་ན་དེ་ཡང་དེ་ལྟ་མ་ཡིན་པས་རང་གི་ངོ་བོར་གྲུབ་པའི་འགག་པ་མེད་དོ། །ཅི་སྟེ་མར་དང་རས་ཡོངས་སུ་ཟད་པ་ནི་མར་མེའི་འཆི་བའི་རྒྱུ་མ་ཡིན་ཏེ། ཇི་ལྟར་ཞེན། མར་དང་རས་ལྷན་ཅིག་ཏུ་འགགས་ལ་མར་མེའི་སྐད་ཅིག་མ་ཐ་མ་དེའི ་རིགས་ཀྱི་མར་མེ་སྐད་ཅིག་ན་མ་འོངས་པའི་ལྷན་ཅིག་བྱེད་པའི་རྒྱུ་མེད་པས་སྐྱེ་བའི་ཡན་ལག་གི་དངོས་པོར་མ་གྱུར་པ་མ་འགགས་སོ། །མ་འོངས་པ་ཡང་སྐྱེ་བའི་རྐྱེན་མེད་པས་མ་སྐྱེས་ཏེ། དེ་ལྟ་བས་ན་མ་འོངས་པའི་རྐྱེན་མེད་པས་འདི་ལ་སྐྱེ་བ་མེད་ཅེས་བྱའོ་སྙམ་དུ་སེམས་ན་ཡང ་དེ་ལྟར་མ་འོངས་པའི་རྐྱེན་མེད་པ་མི་སྐྱེ་བའི་རྒྱུར་འགྱུར་ན་ནི་གལ་ཏེ་རྐྱེན་མེད་པར་མ་གྱུར་ན་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །དེ་ལྟར་ན་མི་སྐྱེ་བ་ཡང་རྒྱུ་ཉིད་དུ་ཁས་བླངས་པ་ཡིན་ནོ་དེ་ལྟར་ཁས་ལེན་ན་རྒྱུ་ཟད་ནས་ཞི་བ་གང་ཡིན་པ་དེ་ཟད་པ་ཞེས་བྱ་བར་ཁས་བླངས་པ་ཡིན་ནོ། །གང་དག ་དངོས་པོ་རྣམས་ཀྱི་འགག་པ་རྒྱུ་མེད་པ་ཡིན་པར་འཛིན་པ་དེ་དག་གི་འགག་པ་དེ་དངོས་ལ་བརྟེན་པར་མི་འགྱུར་ཏེ། ནམ་མཁའ་ཨི་མེ་ཏོག་ལ་སོཊ་པ་བཞིན་དུ་རྒྱུ་མེད་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མེད་པའི་ཕྱིར་རྫ་མ་ལ་སོགས་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན་དེ་དག་ཀྱང་དངོས ་པོ་ལ་བརྟེན་པས་དེ་བས་ན་དེ་དག་གཅིག་ཏུ་ངེས་པ་མེད་དོ། ཞེན་ཡང་འཇིག་རྟེན་ན་རྒྱུ་དང་བཅས་པ་གྲགས་པས་དེ་དག་ལྟར་མ་ཡིན་ནོ། །ཡང་ན་དེ་དག་ཀྱང་འགག་པ་བཞིན་དུ་དངོས་པོ་ལ་བརྟེན་པ་མེད་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་མེད་པ་ལ་རྒྱུ་ཞེས་ཇི་སྐད་དུ་བྱ་ཞེ་ན། ཡོད་པ་ལ་ཡང་རྒྱུ་ཞེས་ཇི་སྐད་དུ་བྱ། ས་བོན? ་ཡོད་པའི་དུས་ཉིད་ན་མྱུ་གུའི་རྒྱུའི་དངོས་པོར་ནི་ཤེས་པར་མི་རུང་སྟེ། མེད་པར་འགྱུར་བའི་ཚེ་རྒྱུར་འགྱུར་རོ། །དཔེར་ན་མེད་པར་འགྱུར་བའི་རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པ་གཞན་གྱི་དེ་མ་ཐག་པའི་རྐྱེན་དུ་ཁས་བླང་བ་ལྟ་བུ་སྟེ། རྣམ་པར་ཤེས་པ་དེ་ཡོད་པའི་དུས ་ན་རྣམ་པར་ཤེས་པ་གཞན་གྱི་རྒྱུ་ཡིན་ནོ། །ཞེས་ནི་བརྗོད་པར་མི་ནུས་སོ། །རྣམ་པར་ཤེས་པ་གཉིས་ཅིག་ཅར་དུ་མི་འབྱུང་བའི་ཕྱིར་རོ། །ཡོད་པ་དང་མེད་པ་གཉིས་ཀྱི་གནས་པ་མ་རྟོགས་པའི་རྣམ་པར་ཤེས་པ་གཞན་ན་མི་སྲིད་དོ། །ལ་ལ་རྒྱུ་འགགས་མ་ཐག་པ་ནི་འབྲས་བུ ་སྐྱེ་བའི་རྐྱེན་ཡིན་ནོ། །ཞེས་བྱ་བ་མི་རིགས་སོ་ཟེར་བ་ཡང་ཡོད། །དེ་བས་ན་མེད་པ་ཡང་རྒྱུར་སྲིད་པས་མེད་པ་རྒྱུར་མི་རུང་ངོ། །ཞེས་བྱ་བར་མི་རིགས་སོ། །གལ་ཏེ་རིགས་པས་རྣམ་པར་དཔྱད་ན་རྒྱུར་མི་སྲིད་དོ། །ཞེ་ན་ཡང་དེ་ནི་དེ་ལྟ་མ་ཡིན་ཏེ། འཇིག་རྟེན་གྱི་དངོས་པོ་རྣམས ་ནི་རྣམ་པར་བརྟག་ཅིང་ཁས་བླང་བར་མི་བྱ་སྟེ། འཇིག་རྟེན་ཇི་ལྟ་བ་བཞིན་དུའོ། །འཇིག་རྟེན་ན་ཡང་མེད་པ་ལ་རྒྱུ་ཞེས་བྱ་བ་ཡོད་དེ། འདི་ལྟར་ཆུ་མེད་པས་འགྲུ་མ་རུང་བར་གྱུར་ཏོ། །ཟན་མེད་པས་དེའི་བུ་ཤིའོ། །ཞེས་དེ་སྐད་དུ་ཆུ་དང་ཟན་མེད་པས་འབྲུ་དང་བུ་མ་རུངས་པར ་བྱས་སོ། །ཞེས་ཟེར་རོ། །འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ལ་འཐད་པ་མེད་པས། འཇིག་རྟེན་ན་གྲགས་པའི་དོན་རྣམས་ཀྱང་འཇིག་རྟེན་ན་གྲགས་པས་རྣམ་པར་བཞག་པར་བྱ་སྟེ། འཐད་པས་ནི་མ་ཡིན་ནོ། །ཆུ་ལ་སོགས་པ་མེད་པ་ནི་འཇིག་པའི་རྒྱུ་ཞེས་བྱ་བ་ཡོད་དེ། ་དེ་བས་ན་རྒྱུ་ཟད་པའི་ཞི་བ་ནི་ཟད་ཅེས་བྱ་བར་མངོན་པ་སྟེ་ཞེས་བྱ་བ་གྲུབ་བོ། །རྒྱུ་ཟད་པ་ཉིད་ཉེ་བར་བཟུང་ནས་ཟད་པ་ཞེས་བྱ་བར་རྣམ་པར་བཞག་སྟེ། ཟད་པ་དེ་ནི་རྒྱུ་ཟད་པའི་སྔ་རོལ་གྱི་གནས་ན་མི་སྲིད་ལ་ཟད་ནས་ཡོད་པས་རང་གིས་གྲུབ་པའི་ངོ་བོ་ཉིད་མེད་དོ། །གང་རང ་བཞིན་གྱིས་མ་ཟད་ཏེ་རྒྱུ་ལ་མི་བལྟོས་པར་ངོ་བོ་ཉིད་ཀྱིས་ཟད་པ་ཡང་མ་ཡིན་པ་དེ་དག་གཞན་གྱི་ངོ་བོ་གང་གིས་ཟད་ཅེས་བྱ་བར་རྣམ་པར་བཞག་།ཟད་པ་མ་ཡིན་པའི་ངོ་བོའི་ཆོས་ནི་ཟད་པའི་ངོ་བོ་ཉིད་དང་མི་མཐུན་པས་ཟད་པའི་ངོ་བོར་རྣམ་པར་བཞག་པར་མི་ནུས་སོ། ། ་གང་གི་ཕྱིར་དེ་ལྟར་སྐྱེ་བ་དང་འགག་པ་འདི་རང་གི་དངོས་པོས་ཀྱང་སྲིད་པ་མ་ཡིན་ལ། གཞན་གྱི་དངོས་པོས་ཀྱང་མ་ཡིན་པ་དེའི་ཕྱིར་རྣལ་འབྱོར་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་བཞིན་དུ་མཐོང་སྟེ་འཐད་པས་རྣམ་པར་དཔྱད་ན། དེ་ལྟར་གང་ཡང་སྐྱེ་བ་མེད། །གང་ཡང ་འགག་པར་མི་འགྱུར་རོ།། །།བམ་པོ་གཉིས་པའོ། །གལ་ཏེ་དེ་ལྟར་སྐྱེ་བ་དང་འཇིག་པ་གཉིས་མི་སྲིད་ན་བཅོམ་ལྡན་འདས་ཀྱིས། ཀྱེ་མ་འདུ་བྱེད་རྟག་མོད། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། ། ་དེ་དག་ཉེ་བར་ཞི་བ་བདེ། །ཞེས་དེ་སྐད་གསུངས་པ་ཇི་ལྟ་བུ། གལ་ཏེ་སྐྱེ་བ་དང་འཇིག་པ་གཉིས་མེད་དུ་ཟིན་ན་དེའི་ཚེ་སྐྱེ་བ་དང་འཇིག་པའི་ལམ་མྱ་ངན་ལས་འདས་པར་འགྲོ་བའི་མན་ངག་བསྟན་པར་མི་འགྱུར་བ་ཞིག་ན། བསྟན་པས་དེ་བས་ན་སྐྱེ་བ་དང་འཇིག་པ་གཉིས ་ཡོད་དོ། །ཞེ་ན་ཡང་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་མོད་ཀྱི་དེ་གཉིས་རང་གི་ངོ་བོར་གྲུབ་པ་ལ་བལྟོས་ནས་གསུངས་པ་ནི་མ་ཡིན་ནོ། །དེ་མེད་ཀྱང་འཇིག་རྟེན་འདི་རྟེན་ཅིང་འབྲེལ་པར་འབྱུང་བས་སྦྱོར་བ་མཛད་དེ། སྐྱེ་བདད་ནི་འཇིག་པའི་ལམ། །དགོས་པའི་དོན་དུ ་བསྟན་པའོ། །དེ་བསྟན་པའི་སྒོ་ནས་དགོས་པ་འགའ་ཞིག་སྒྲུབ་དགོས་པས་བཅོམ་ལྡན་འདས་ཀྱིས་སྐྱེ་བ་དང་འཇིག་པའི་ལམ་བསྟན་ཏོ། །སྐྱེ་བ་དང་འཇིག་པའི་ལམ་གྱིས་བསྟན་པའི་དགོས་པ་གང་ཞེ་ན། དེ་བསྟན་པའི་ཕྱིར་སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག ་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉེད་ལ་འཇུག་ཤེས་པས། །དེས་ནི་ཆོས་ཀྱང་རྟོགས་པར་འགྱུར། ཞེས་བྱ་བ་སྨོས་སོ། །འདུ་བྱེད་རྣམས་ལ་ཆགས་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་བསྒྲིབས་ཤིང་འདུག་པས་བཅོམ་ལྡན་འདས་ཀྱིས ་དེའི་གཉེན་པོར་རེ་ཞིག་སྐྱེ་བ་དང་འཇིག་པའི་ལམ་བཤད་དོ། །ཇི་ལྟར་ཞེ་ན། འདི་ལྟར་སྐྱེ་བ་ཤེས་པས་འཇིག་པ་ཤེས་ཞེས་བྱ་བ་སྟེ། སྐྱེ་བ་ནི་འཇིག་པའི་རྩ་བར་གྱུར་བའི་ཕྱིར་རོ། །འཇིག་པ་ཤེས་པ་ལ་འཇིག་པ་དང་མི་རྟག་པ་གཉིས་དོན་གཅིག་ཏུ ་ཁོང་དུ་ཆུང་པའོ། །ས་གསུམ་གྱི་མི་རྟག་པ་ཉིད་ཀྱི་མེ་རབ་ཏུ་འབར་བའི་ནང་ན་འདུག་པ་ཁྱིམ་རབ་ཏུ་འབར་བར་ཆུད་པ་བཞིན་དུ་གདོན་མི་ཟ་བར་དེ་ལས་འདའ་བར་འདོད་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ངེས་པར་འབྱིན་པ་གྱུར་པ་མ་སྐྱེས་པ་མ ་འགགས་པ་ཁོང་དུ་ཆུད་ན་ངེས་མཆོག་ཏུ་ཟབ་པ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་ཁོང་དུ་ཆུད་དོ། །དེའི་ཕྱིར་དེ་ལྟར་བློ་མཆོག་དང་ལྡན་པ་རིམ་གྱིས་སྐྱེ་བ་དང་འཇིག་པའི་རྗེས་སུ་འབྲང་ནས། གང་དག་རྟེན་ཅིང་འབྲེལ་པར་འབྱུང། །སྐྱེ་དང་འཇིག་པ་རྣམས་སྤངས་པ། ཤེས་པར? ་གྱུར་པ་དེ་དག་ནི། །ལྟ་གྱུར་སྲིད་པའི་རྒྱ་མཚོ་བརྒལ། །སྐྱེ་བ་མེད་པས་དངོས་པོར་ལྟ་བ་མེད་འཇིག་པ་མེད་པས་ཆད་པར་ལྟ་བ་མེད་དོ། །སྐྱེ་བ་དང་འཇིག་པ་མེད་ན་རང་གི་མཚན་ཉིད་མེད་པར་རྟག་པར་ལྟ་བ་མི་འབྱུང་ངོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐྱེ་བ་དང ་འཇིག་པ་མི་དམིགས་ན་ལྟ་བར་གྱུར་བའི་སྲིད་པའི་རྒྱ་མཚོ་ལས་བརྒལ་བ་ཡིན་ནོ། །ལྟ་བར་གྱུར་པ་ཉིད་སྲིད་པའི་རྒྱ་མཚོའོ། །ལྟ་བའི་ཆུ་བོ་ཉིད་ལྟ་བར་གྱུར་པའི་སྲིད་པའི་རྒྱ་མཚོ་ཡིན་ནོ། །སྟོང་པ་ཉིད་ལ་བརྩོན་པ་དག་ནི་སྟོང་པ་ཉིད་མཐོང་བའི་གྲུ་ཆེན་པོས ་གདོན་མི་ཟ་བར་དེ་ལས་བརྒལ་བར་འགྱུར་རོ། །གང་དག་སྟོང་པ་ཉིད་དུ་ལྟ་བས་འཇིག་པ་དེ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་དང་འཇིག་པའི་མཛའ་གཉིས་སུ་ལྟུང་བ་དང་བྲལ་བར་ཁོང་དུ་ཆུད་པར་མི་ནུས་ཏེ་དེ་དག་གདོན་མི་ཟ་བར། སོ་སོའི་སྐྱེ་བོ ་དངོས་བདག་ཅན། །ཡོད་དང་མེད་པར་ཕྱིན་ཅི་ལོག་།ཉེས་པས་ཉོན་མོངས་དབང་གྱུར་པ། །རང་གི་སེམས་ཀྱིས་བསླུས་པར་འགྱུར། །ལས་ཇི་ལྟ་བ་དང་ཉོན་མོངས་པ་ཇི་ལྟ་བ་བཞིན་དུ་སོ་སོར་སྐྱེ་བས་སོ་སོའི་སྐྱེ་བོའོ། །གང་དངོས་པོ་རྣམས་ལ་བདག་ཉིད་དུ ་གནས་པར་འཛིན་པ་དེ་དག་དངོས་བདག་ཅན་ནམ། དངོས་པོ་ལ་བདག་ཏུ་འཛིན་པ་གང་ཡིན་པ་དེ་དག་དངོས་བདག་ཅན་ཏེ། བདག་ཏུ་འཛིན་པས་དེ་ལ་དམིགས་པའི་ཕྱིར་རོ། །ཡང་ན་ནི་དངོས་པོ་ལ་མངོན་པར་ཞེན་པས་དངོས་བདག་ཅན་ཏེ། དེ་དག་དངོས་པོ ་དངོས་པོ་མེད་པ་ལ་ཕྱིན་ཅི་ལོག་པའི་ཉེས་པ་རང་གིས་ཡོངས་སུ་རྟོག་པས་བསྐྱེད་པས་ཉོན་མོངས་པ་རྣམས་ཀྱི་དབང་དུ་འགྱུར་རོ། །དེ་དག་དངོས་པོ་ཡིད་དུ་འོང་བའི་གནས་སུ་གྱུར་པ་ལ་ནི་རྗེས་སུ་ཆགས་པར་འགྱུར། དེ་མེད་པ་ལ་ནི་ཁོང་ཁྲོ་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། ་ཉོན་མོངས་པའི་དབང་དུ་གྱུར་པས་འཇུག་སྟེ། གང་དགེ་བ་དང་མི་དགེ་བའི་ལས་ཉེ་བར་ལེན་པ་ཡོད་ན་འཁོར་བ་ན་འཁོར་བས་དེ་ལྟར་སོ་སོའི་སྐྱེ་བོ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་རང་གི་སེམས་ཀྱིས་བསླུས་སོ། །དངོས་པོ་ལ་མངོན་པར་ཞེན་པ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས ་པ་དང། དངོས་པོའི་རང་གི་ངོ་བོ་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར་དངོས་པོ་རྣམས་ཀྱི་དེ་བཞིན་ཉིད་མཐོང་བ་བསྒྲིབས་ཏེ་ཕྱིན་ཅི་ལོག་ཏུ་སྒྲོ་བདགས་པས་རང་སེམས་ཀྱིས་བསླུས་ཏེ་བྲིང་ཅེས་བྱ་བའི་ཐ་ཚིག་གོ་།སུ་དག་དགེ་བའི་བཤེས་གཉེན་གྱིས་སྟོང་པ་ཉིད་བསྟན་པ་ལ ་གཡང་ས་ལྟ་བུར་མི་སེམས་ཤིང། འདི་ནི་ཆོས་རྣམས་ཀྱི་དོན་དམ་པ་འདི་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་ཡིན་པར་ཤེས་པ་བསླུ་བའི་སེམས་ལ་བསླུ་བ་ཉིད་དུ་ཡང་དག་པར་རྟོགས་ནས་སྐད་ཅིག་ཙམ་ཡང་ཡིད་མི་རྟོན་པ་དེ་དག་ནི་ངེས་པར་འཕགས་པར ་གྱུར་པར་བལྟ་སྟེ། དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་བསླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་པར་རབ་ཏུ་མཐོང། །བྱུང་བས་དངོས་པོ་ཞེས་བྱ་སྟེ། །དངོས་པོ་ཞེས་བྱ་བའི་སྒྲ་ནི་འདུས་བྱས་ལ་བྱའོ། །དངོས་པོ་དེ་ཡང་སྐད་ཅིག་རེ་རེ ་ལ་འཇིག་པའི་དང་ཅན་ཡིན་པས་མི་རྟག་པའོ། །དངོས་པོའི་རང་བཞིན་ངོ་བོ་ཉིད་མེད་པ་ཡིན་ན་གང་གིས་ཕྱིར་བྱིས་པ་རྣམས་ལ་ངོ་བོ་ཉིད་ཡོད་པར་སྣང་བ་དེའི་ཕྱིར་སྒྱུ་མ་ལ་སོགས་པ་བཞིན་དུ་བསླུ་བས་ན་དངོས་པོ་དེ་ཉིད་བསླུ་བའི་ཆོས་སོ། །རིང་དུ་གནས་པའི་མཐུ་མེད ་ལ་རང་བཞིན་གྱིས་ཉམ་ཆུང་བས་བསོག་གོ་།ངོ་བོ་ཉིད་མེད་པའི་ཕྱིར་སྟོང་པའོ། །བདག་གིས་སྟོང་པའི་ཕྱིར་བདག་མེད་པ་སྟེ། མི་རྟག་པ་ལ་སོགས་པས་དངོས་པོའི་རང་གང་གི་ངོ་བོ་བསྙད་དོ། །དེ་བས་ན་དངོས་པོ་འདི་དེ་ལྟར་མཐོང་བས་མཁས་པ་དེ་དག་གིས་དབེན་པར ་མཐོང་ངོ། །དབེན་ཞེས་བྱ་བ་ནི་སྟོང་བའོ། །དེ་ལྟར་ན་དབེན་པ་དང་མཐུན་པའི་ཕྱིར་སྐྱེ་བ་མེད་པའི་དགོན་པ་རྣམས་ལ་དབེན་པ་ཞེས་བྱ་སྟེ། དེ་བཞིན་དུ་འདིར་ཡང?་རྣལ་འབྱོར་བས་དངོས་པོ་དབེན་པར་མཐོང་ཞེས་བྱ་བ་ནི་ལྟོང་པར་མཐོང་བའི་བར་ལ་བྱའོ། །དེ་བས་དངོས? ་པོ་ཉིད་སྐུར་ཏེ་དབེན་པར་མཐོང་བ་ནི་མཐོང་བ་མ་ཡིན་གྱི། དངོས་པོ་སྟོང་པར་གྱུར་པ་ལ་སྟོང་བར་མཐོང་ངོ། །སྟོང་པ་ཉིད་བསྟན་པའི་ཕྱིར་མི་རྟག་པ་ལ་སོཊ་པ་བྱེ་བྲག་རྣམས་སྨོས་སོ། །ཡང་ན་དབེན་པ་ནི་དྲི་མ་མེད་པ་ཡིན་ན་འདི་ལྟར་སོ་སོའི་སྐྱེ་བོ་རྣམས་ཕྱིན་ཅི་ལོག་ཏུ་གྱུར ་པ་རང་བཞིན་གྱིས་ཡོངས་སུ་དག་པའི་དངོས་པོ་ཡང་རང་གི་རྟོག་པའི་དྲི་མས་སྤགས་པའི་ཕྱིར་ཕྱིན་ཅི་ལོག་ཏུ་ཁོང་དུ་ཆུད་ཀྱི། འཕགས་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་དག་ནི་མེད་པ་ལ་སྒྲོ་མི་འདོགས་པར་དབེན་པར་དྲི་མ་མེད་པ་ཉིད་དུ་གཟིགས་སོ། །ཡང་ན་འཕགས་པ་རྣམས ་དེ་ཁོ་ནའི་ཡེ་ཤེས་ལས་བཞེངས་ནས་དངོས་པོ་ལ་གཟིགས་ན་དབེན་པར་གཟིགས་སོ། །ཞེས་བྱ་བའི་ཐ་ཆིག་གོ། འཕགས་པ་མཛད་པ་མཐར་ཕྱིན་པ་ཉི་ཚེས་འདི་ལྟར་གཟིགས་པར་ཡང་མ་ཟན་དེ། སློབ་དཔོན་ཡང་རང་གི་ཤེས་པ་ལ་བརྟེན་ནས། རིག་པ་དང་བཅས་པའི་ཆོས་ཉིད ་རབ་ཏུ་རྟོགས་པས་ཆོས་ཉིད་ལ་གཅེས་པར་འཛིན་པ་ཡང་དག་པར་སྐྱེས་ཏེ། རང་གིས་རིགས་པ་སྟོན་པ་ན། གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་གནས་པ་མེད། །མ་རིག་རྒྱུ་ལ་ཤིན་ཏུ་བྱུང། །ཐོག་མ་དབུས་མཛའ་རྣམ་པར་སྤངས། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། ། ་དྲི་ཟའི་དྲོད་ཁྱེར་འདྲ་བ་སྟེ། །རྨོངས་པའི་གྲོང་ཁྱེར་མི་ཟད་པ། །འགྲོ་བ་སྐྱུ་མ་བཞིན་དུ་སྣང། །ཞེས་བྱ་བ་སྨོས་སོ། །འདི་ལ་བརྟེན་པས་གནས་པ་སྟེ། །ལོ་ཏོག་རྣམས་ཀྱི་རྒྱུར་གྱུར་པ། །ས་གཞི་གཞིན་དུ་གཞི་བྱེད་པའོ། །འདིའི་གནས་མེད་པས་གནས་མེད་པའོ། །བརྟེན་པར་བྱ ་བས་དམིགས་པ་སྟེ། །ལྡང་མི་ནུས་པ་རྣམས་ལྡང་བར་བྱེད་པའི་འཁར་བ་བཞིན་ནོ། །འདིའི་དམིགས་པ་ཡོད་པ་མ་ཡིན་ནོ། །རྩ་བ་ནི་རྒྱུའི་གཙོ་བོ་སྟེ། དེ་ཡང་དེ་ལས་འབྱུང་བ་རྣམས་ཀྱི་སྐྱེ་བ་དང། འདས་པ་དང་འཕེལ་བའི་རྐྱུ་སྟེ། དཔེར་ན་ཤིང་རྣམས་ཀྱི་རྩ་བ་ལྟ་བུའོ། ། ་གནས་པ་ཡོད་པ་མ་ཡིན་པས་གནས་པ་མེད་པའོ། །གནས་དང་དམིགས་པ་དང་སྐྱེ་བའི་རྒྱུ་དང་གནས་པ་མེད་པ་འདིས་འགྲོ་བ་མ་གྲུབ་པ་ཉིད་དུ་བརྗོད་དོ། །དེ་དག་ནི་དངོས་པོ་རྣམས་འགྲུབ་པའི་རྒྱུ་ཡིན་ན་དེ་དག་ཀྱང་འགྲོ་བ་ལ་མེད་པས་དེའི་ཕྱིར་འགྲོ་བ་ནི་འོག་པའོ། །དེ་ལ་གནས་ནི ་སྐྱེ?་མཚང་དྲུག་གོ། དམིགས་པ་ནི་ཆོས་ཐམས་ཅད་དེ་མཐུན་དུ་སྦྱར་རོ། །རྩ་བ་ནི་ས་བོན་གྱི་ཆོས?་ཀྱི་ཚུལ?་གྱིས་རྒྱུའི་རྐྱེན་ཏོ། །འདིས་གནས་པར་བྱེད་པས་གནས་པ་སྟོ?། དེས་སྟེ?་པ་གནས་པའི་ཕྱིར་རོ། །དེ་དག་ཐམས་ཅད་ནི་རྟེན་ཅིང?་འབྲེལ་བར་འབྱུང་བས་ངོ་བོ་ཉིད་མེད་དེ། དེ་དང་དེ་བརྟེན ་གང་བྱུང་བ། །རང་གི་དངོས་པོར་དེ་མ་སྐྱེས། །ཞེས་གོང་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་གནས་ལ་སོགས་པ་དང་བྲལ་བའི་འགྲོ་བ་ནི་ཡོད་པར་མི་རུང་ངོ། །གལ་ཏེ་དེ་ལྟར་འགྲོ་བ་མེད་ན་ཇི་ལྟར་དེའི་རང་གི་ངོ་བོ་རྣམ་པ་སྣ་ཚོགས་སུ་དམིགས་འཕགས་པ་རྣམས་ནི་འགྲོ་བ་རྣམ ་པ་སྣ་ཚོགས་སུ་མི་དམིགས་ཏེ། དེ་དག་ལ་འགྲོ་བ་སྟོང་པ་ཉིད་དུ་རོ་གཅིག་པས་སྟོང་པ་ཉིད་ལ་རྣམ་པ་སྣ་ཚོགས་ཡོད?་པ་མ་ཡིན་ནོ། །དེ་བས་ན་བྱིས་པ་མ་རིག་པའི་གཉིས་ཀྱིས་ལོག་པ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་མ་སད་དེ་རྨི་ལམ་སྨི་བ་བཞིན་དུ་སྣ་ཚོགས་སུ་དམིགས ་བར་བསྟན་པའི་ཕྱིར་མ་རིག་རྒྱུ་ལས་ཤིན་ཏུ་བྱུང་ཞེས་བྱ་བ་སྨོས་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དང། མ་རིག་པ་ཡོད་པས་འགྲོ་བ་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། མ་རིག་པའི་ས་བོན་གྱི་རྒྱུ་ལས་གྱུར་བར་ངེས་སོ། །ཇི་ལྟར་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དེ་ལྟར་བསྟན ་པའི་ཕྱིར། ཐོག་མ་དབུས་མཛའ་རྣམ་པར་སྤངས། ཞེས་བྱ་བ་སྟན་ཏེ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་དལ་བ་ཞེས་བྱ་བའི་ཐ་ཚིག་ངོ། འདིའི་ཕྱིར་ཡང་མ་རིག་པའི་ས་བོན་ལས་བྱུང་བ་སྟེ། འདི་ལྟར་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པའོ། །གལ་ཏེ ་མ་རིག་པའི་ས་བོན་ལས་བྱུང་བ་མ་ཡིན་ན། དེའི་ཚེ་བརྟགས་ན་སྙིང་པོ་དམིགས་པར་འགྱུར་བའི་རིགས་ནི་འདུས་བྱས་ནི་བརྟགས་ན་ཆུ་ཤིང་གི་ཕུང་པོ་བཞིན་དུ་སྙིང་པོ་མེད་དོ། །གང་སྙིང་པོ་མེད་ཀྱང་སྙིང་པོ་ཅན་དུ་སྣང་བ་དེ་གཏི་མུག་གི་མཐུ་ལས ་བྱུང་བ་སྟེ། དེ་ལྟར་ན་འགྲོ་བ་ནི་མ་རིག་པའི་ས་བོན་ལས་བྱུང་བའོ། །འདིའི་ཕྱིར་ཡང་མ་རིག་པའི་ས་བོན་ལས་བྱུང་བ་སྟེ་།འདི་ལྟར་དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན་པའི་ཕྱིར་ཏེ། འདི་ལྟར་དྲི་ཟའི་གྲོང་ཁྱེར་ཡང་དག་པ་བཞིན་དུ་སྣང་ཡང་བརྟགས ་ན་དེ་བཞིན་མ་ཡིན་པས་གྲོངས་ཁྱེར་ཡང་དག་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་བརྟགས་ན་མ་རིག་པའི་ས་བོན་གྱི་རྒྱུ་ལས་བྱུང་བའི་འགྲོ་བ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དེའི་ཕྱིར་འདི་ནི་ངེས་པར་རྨོངས་པའི་གྲོང་ཁྱེར་མི་བཟད་པ། འགྲོ་བ་སྒྱུ་མ་བཞིན་དུ་སྣང ་གནད་པར་བྱེད་པ་བཟློག་པར་དཀའ་བ་དང། མུན་པས་བསྒྲིབས་པས་རང་གི་ངོ་བོ་རྟོགས་པར་དཀའ་བའི་ཕྱིར། འགྲོ་བ་མི་བཟད?་པ་ཞེས་བྱ་སྟེ། མ་རུང་བ་དང་དབུགས་འབྱིན་པ་མེད་པའི་གནས་དང་འཇིགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་འདི་ནི་ཕྱིན་ཅི ་མ་ལོག་པ་རྣམ་ཀྱིས་སྒྱུ་མ་བཞིན་དུ་གཟིགས་སོ། །བྱིས་པ་རྣམས་ཀྱི་རྨོངས་པའི་གྲོང་ཁྱེར་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱིས་སྒྱུ་མ་བཞིན་དུ་གཟིགས་ཏེ། མ་རིག་པའི་མུན་པ་དང་བྲལ་བའི་ཕྱིར་རོ། །འདིའི་ཕྱིར་ཡང་འདི་ལྟར་འགྲོ་བ་དེ་དངོས་པོ་མེད་དེ ་འདི་ལྟར། ཚངས་ལ་སོགས་པ་འཇིག་རྟེན་འདི། །བདེན་པ་རབ་ཏུ་གང་བརྗོད་པ། །འཕགས་ལ་དེ་ཡང་བརྫུན་ཞེས་གསུངས། །དེ་ལས་གཞན་ནི་ཅི་ཞིག་ལུས། །སྒྱུ་མ་ལྟ་བུར་མ་གྱུར་པ་གང་ཡང་ཡོད་དམ་ཞེས་བྱ་བ་ཚིག་གི་ལྷག་མའོ། །དབང་པོ ་ཡུལ་ལས་འདས་པའི་དོན་ཡོངས་སུ་གཅོད་པ་ནི་འཇིག་རྟེན་ན་ཚངས་པ་ནི་ཚད་མའོ། །དེ་ལྟར་ཚད་མར་གྱུར་པ་དེ་ལ་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་བདེན་པར་སྣང་བ་གང་ཡིན་པ་དེ་ཡང་འཕགས་པ་རྣམས་ལ་བརྫུན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས ་འདས་པ་ཉིད་བདེན་པ་གཅིག་བུའོ་ཞེས་སྟན་པ་ནི་གསུངས་ཏེ། འདུས་བྱས་ནི་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་ན། གཞན་དག་ལ་སྣང་བ་གང་ཡིན་པ་དེ་བརྫུན་པར་ཅིའི་ཕྱིར་མི་འགྱུར། གང་ལ་བརྫུན་པ་ཉིད་དུ་ཐེ་ཚོམ་མེད་པ་དེ་ལས་གཞན་ཅི་ཞིག་ལུས་ཞེས་བྱ་བ་ནི ་སྒྱུ་མ་ལྟ་བུར་མ་གྱུར་པ་གང་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ། འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ། །གཞན་དུ་ན་གལ་ཏེ་ཚངས་པ་ལ་སོགས་པ་དང། འཕགས་པ་རྣམས་འཇིག་རྟེན་འདི་ལ་ལྟ་བ་མཚུངས་པར?་གྱུར་ན་ནི་དེའི་ཚེ་འཕགས་པ་རྣམས་དང་འཕཊ ་པ་མ་ཡིན་པ་རྣམས་མཚུངས་པ་ཉིད་དུ་འགྱུར་རོ། །དེ་དག་མཚུངས་པར་མི་སྲིད་པར་བསྟན་པའི་ཕྱིར། །འཇིག་རྟེན་མ་རིག་ལྡོངས་གྱུར་པ། །སྲིད་པའི་རྒྱུན་གྱི་རྗེས་འབྲང་དང། །མཁས་པ་སྲེད་དང་བྲལ་བ་ཡི། །དགེ་བ་རྣམས་ལྟག་ལ་མཉམ། །ཞེས་བྱ་བ ་སྨོས་ཏེ་མ་རིག་པའི་ལིང་ཏོག་གིས་ཁེབས་ནས། བློའི་མིག་ལྡོངས་བར་གྱུར་བ་ཚངས་པ་ལ་སོགས་པ་འགྲོ་བ་མ་ལུས་པ་ཡང་དག་པར་མཐོང་བ་དང་བྲལ་བའི་ཕྱིར། རང་དབང་མེད་པར་འགྲོ་བ་ཐོགས་མ་མེད་པའི་འཁོར་བས་འཁོར་བར་འཕངས་པས་བྲུབ?་པ་ན ་ཤུགས་ཀྱིས་ལྦུ་བ་འཁོར་བ་ལྟ་བུའི་འཁོར་བའི་འཁོར་ལོ་ཆུ་ཀླུང་ཆེན་པོར་ཕྱིན་ཅི་ལོ་གི་རླུང་གིས་བཀྲུགས་ཏེ། འཁྲུགས་པས་དགེ་བའི་ཕྱོགས་ཀྱི་གྲུ་ཆག་པ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པའི་ལྡོང་ཅན་སྲེད་པའི་རྒྱུན་གྱི་རྗེས་སུ ་འགྲོ་བ་སོ་སོའི་སྐྱེ་བོ་དང། མཁས་པ་ཤེས་རབ་ཀྱིས་དག་པ་བློའི་མིག་ཅན་དམ་པའི་ཆོས་བདུད་རྩིའི་ཁུ་བའི་རྒྱུན་གྱི་བཏུང་བས་ངོམས་པ་གཅིག་ཏུ་ཆོས་ཀྱི་དང་ཚུལ་ཅན་གྱི་དགེ་བ་རྣམས་དང། གོང་དུ་སྨོས་པའི་འཇིག་རྟེན་དུ་མཚུངས་པར་བརྟག་ཏུ་ག་ལ ་རུང་སྟེ། སྣང་བ་དང། མུན་པ་དང། འཁོར་བ་དང། མྱ་ངན་ལས་འདས་པ་མཚུངས་པར་བརྟག་པ་ནི་མི་རིགས་སོ། །དེ་བས་ན་ཚངས་པ་ལ་སོགས་པའི་འཇིག་རྟེན་འཁོར་བའི་རྗེས་སུ་མཐུན་པར་འགྲོ་བ་འདི་ནི་བདེན་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་འཕགས་པ ་རྣམས་ལ་བརྫུན་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་འཕགས་པ་རྣམས་ཀྱིས་འདི་སྐད་ཅེས། རྨོངས་པའི་གྲོང་ཁྱེར་མི་བཟད་པ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང། །ཞེས་སྨོས་པ་གང་ཡིན་པ་དེ་ལ་མཁས་པ་རྣམས་དོགས་པ་སྤངས་ཏེ་མོས་པར་བྱའོ། །འདིར་སྨྲས་པ ་གལ་ཏེ་འགྲོ་བ་སྒྱུ་མ་བཞིན་དུ་རང་བཞིན་གྱིས་སྟོང་ན་འདི་ལ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་གང་ཡིན་པ་དེ་མི་བསྟན་པར་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ཡོད་དོ། །ཞེས་བསྟན་པ་བདེན་པ་མ་ཡིན་པ་འདིས་ཅི་ཞིག་བྱ། ་བཤད་པ། བདེན་པ་ཉིད་ནི་བསྟན་གྱི་བརྫུན་པ་ནི་མ་ཡིན་ནོ། །ཞེས་བྱ་བ་འདི་ནི་ག་ལས་འོངས། འཇིག་རྟེན་ན་བདེན་ཡང་མི་དགོས་ན་ནི་ཁ་ཅིག་མི་བསྟན་ཏོ། །བརྫུན་ཡང་དགོས་པ་ཡོང་ན་ནི་ལ་ལ་བསྟན་དགོས་ཏེ་འདི་ལ་ནི་དོན་དམ་པ་ལ་འཇུག ་པའི་ཐབས་སུ་དགོས་པ་ཡོད་པས་ཕུང་པོ་དང་ཁམས་ལ་སོགས་པ་བདེན་པ་མ་ཡིན་ཡང་ཡོད་དོ། །ཞེས་ཐོག་མ་ཉིད་དུ་བསྟན་པའི་དབང་དུ་བྱས་ཀྱི། །དེ་ཁོ་ན་ཡང་དག་པ་སྟོང་པ་ཉིད་ནི་མ་ཡིན་ཏེ། དེ་ལ་ཐོག་མར་བསྟན་ན་དོན་མེད་པར་འགྱུར་བའི་ཕྱིར ་རོ། །མཛའ་གཉིས་ཀྱི་གཡང་ས་མེད་བའི་ཆོས་འདི་སྐྱེ་བོ་བློ་གྲོས་མ་བྱང་པ་ལ་ཐོག་མ་ཉིད་དུ་བསྟན་མི་བཟོད་དེ། དེ་བས་འགྲོ་བའི་དོན་སྒྲུབ་པ་ལ་མཁས་པ་ཐབས་ལ་ཁོད?་བཟོ་བས། དེ་ཉིད་ཆོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། ། ་དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པའོ། །སྐྱེ་བོ་བློ་གྲོས་མ་བྱང་བ་དག་ཐོག་མ་ཁོ་ནར་སྟོང་པ་ཉིད་དུ་ལྟ་བ་ལ་བཅུད་ན་ཤིན་ཏུ་མགོ་རྨོངས་པར་འགྱུར་ཏེ། དེ་བས་ན་འཕགས་པ་རྣམས་སྟོང་པ་ཉིད་ཐོག་མ་ཁོ་ནར་མི་སྟོན་ཏེ། དངོས ་པོ་ལ་ཆགས་པ་དང་ལྡན་པ་དངོས་པོའི་ངོ་བོ་ཉིད་རབ་ཏུ་དབྱེ་བ་ལ་དགའ་བ་རྣམས་ཀྱི་འདོད་པའི་དོན་ཡང་དག་པར་བརྗོད་པས་བདག་ལ་གཅེས་པར་འཛིན་པར་བྱ་བའི་ཕྱིར་དེ་ཁོ་ན་ཚོལ་བ་ལ་ཐོག་མར་ཐམས་ཅད་ཡོད་དོ། །ཞེས་བརྗོད་པར་བྱའོ། །དེའི ་དངོས་པོ་ནི་དེ་ཉིད་དོ། །བརྗོད་པར་འདོད་པའི་དོན་སྤྱིའི་དངོས་པོ་དང་འབྲེལ་བ་ཅན་དེའི་ཞེས་བྱ་བ་འདེ་དང་སྦྱར་རོ། །དངོས་པོ་ནི་རང་གི་ངོ་པོ་སྟེ། གང་གི་རང་གི་ངོ་བོ་གང་ཡིན་པ་དེ་ནི་དེའི་དངོས་པོ་སྟེ། དེ་ཁོ་ནའོ། །རང་གི་ངོ་བོའོ། །ངོ་བོ་ཉིད་དོ། །དེ་བཞིན ་ཉིད་དོ། །གཞན་མ་ཡིན་པ་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ། དེ་ཁོ་ན་ཚོལ་བའི་ངང་ཚུལ་ཅན་ཡིན་པས་ན་དེ་ཁོ་ན་ཚོལ་བའོ། །དེ་ཁོ་ན་ཚོལ་བར་འདོད་པ་དེ་ལ་བླ་མ་ཕན་པར་འདོད་པས་ཇི་སྐད་བརྗོད་པར་བྱ་ཞེ་ན། ཐམས་ཅད་ཡོད་དོ། ཞེས་བརྗོད་པར་བྱའོ། །བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས ་བྱ་བ་ནི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་ཀྱི་བར་དག་གོ། ཞེས་གསུངས་སོ། །དེའི་ཤེས་པ་དང་སྦྱར་ཏེ་ཕུང་པོ་ལ་སོགས་པ་དེ་དང་འདི་ཡོང་པར་བརྗོད་པར་བྱའོ། །ཕུང་པོ་ལ་སོགས་པ་དེ་དག་ཀྱང་ཉེ་བར་བཟུང་སྟེ་དེ་དང་འདིའི་ཡོད་པ ་གང་ཡིན་པ་དེ་ཉེ་བར་བཟུང་ནས་རིང་པོ་དང། ཐུང་དུ་བཞིན་དུ་འམ། མར་མེའི་འོད་བཞིན་དུ་བརྟེན་ཏེ་གྱུར་པ་དེ་ལས་གཞན་དུ་མ་ཡིན་ཏེ། དེ་ལྟར་ན་ཉེ་བར་བཟུང་བ་འམ་བརྟེན་པར་ཟད་དོ། །དོན་རྟོགས་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། འབྲས་བུ་རྣམས་ཀྱི་མཛའ་མེད་པའི་ཕྱིར་དང། ་འབྲས་བུ་རེ་རེའི་རྐྱེན་ཀྱང་དུ་མ་ཡོད་པའི་ཕྱིར་དང། རྐྱེན་རེ་རེ་ལ་ཡང་བརྟགས་ན་ཐོག་མ་མེད་པའི་འཁོར་བ་བཞིན་དུ་རྒྱུའི་ཚོགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཛའ་མི་མཐོང་བའི་ཕྱིར་འབྲས་བུའི་རྩོམ་པ་ལ་འཇིགས་པར་ལྟ་བས་རྒྱུའི་ཚོགས་པ་གཅིག ་ནས་གཅིག་ཏུ་བརྒྱུད་པས་བསྒྲུབས་པའི་འབྲས་བུ་རྐྱེན་དུ་མ་ལས་བྱུང་བ་གྲུབ་མ་ཐག་ཏུ་འཇིག་པར་རྟོགས་ཤིང། སྐྱེ་བ་ནི་ཤིན་ཏུ་འབད་པས་བསྒྲུབ་པར་བྱ་བ་ཡིན་ལ། ཤིན་ཏུ་འབད་པས་བསྒྲུབས་པ་འཇིག་པ་ནི་འབད་པ་མེད་པར་ཡང་འབྱུང་བར་རྟོགས ་ནས་འདུས་བྱས་ཀྱི་ཆོས་ཉིད་ལ་སྒྱིད་ལུག་པ། བྱིས་པ་སྐྱེ་བོའི་སྤྱོད་པ་ལ་མངོན་པར་མི་བསྟོད་པ། སྐྱེ་བ་ལ་མངོན་པར་མི་དགའ་བ། འཇིག་པ་ལ་མི་འཕྲོད་པར་འཛིན་པ། འཁོར་བ་རྣམས་ལ་ཆགས་པ་འདོར་བར་འདོད་པ། འཁོར་བ་སྤོང་བར་འདོད་བ། ་བདག་ལ་ཆགས་པ་ལྷོད་པར་གྱུར་བས་དེ་ལྟར་དོན་ཁོང་དུ་ཆུད་པ་ལ་དེའི་འོག་ཏུ་དབེན་པ་ནི་རིགས་ཀྱི་སྔ་རོལ་ཏུ་ནི་མ་ཡིན་ནོ། །དེ་ལྟར་བྱས་ན་སློབ་དཔོན་གྱིས་སྟོང་པ་ཉིད་བསྟན་པ་ཡང་འབྲས་བུ་མེད་པར་མི་འགྱུར། སློབ་མ་རྣམས་ཀྱང་སྤོང་བ་དང། ་ཕྱིན་ཅི་ལོག་ཏུ་འཛིན་པས་ལོག་པར་ལྟུང་བར་མི་འགྱུར་རོ། །དེ་ལྟར་མ་བྱས་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་རྣམ་པར་གནས་པ་དང། མི་མཐུན་པར་གྱུར་བའི་ཕྱིར་སྟོང་པ་ཉིད་བསྟན་པས་ལོག་པར་ལྟུང་བར་འགྱུར་རོ། །དེ་ལྟར ་གྱུར་ན་མི་དགེ་བ་སྤོང་མི་ནུས་སོ། །མི་མཁས་པའི་བློ་ཅན་དག་འགྲོ་བ་འདིའི་སྟོང་པའོ་སྙམ་དུ་འཛིན་ཅིང་འདི་ནི་སྟོང་པ་ཉིད་ན་འདིས་ཅི་ཞིག་བྱ་ཞེས་ངེས་པར་བསྒྲུབ་པར་བྱ་བའི་དགེ་བའི་ལས་ལ་མི་སྤྲོ་བར་འགྱུར་ཏེ། དེ་བས་ན་འདི་ཡང་སྒྲོག་ཤོག་མ་སྐྱེས་པའི ་བྱ་རང་གི་ཚང་བོར་ནས་འཕུར་བ་བཞིན་དུ་བརླག་པར་འགྱུར་ཏེ། འདི་ལྟར་སོ་སོ་རང་གིས་རྟོགས་པ་དང་བྲལ་བའི་ཕྱིར། རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་བཙམ་ལ་འཇུག་བྱེད་ཅིང། །གང་རྣམས་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག། ་འཇིག་རྟེན་པ་ཉིད་ཀྱི་དོན་དམ་པ་ལ་གནས་ཏེ་ཕྱིན་ཅི་མ་ལོག་པ་རྣམ་པར་བྱད་བའི་ཕྱོགས་ཕུན་སུམ་ཚོགས་ཤིང་སྟོང་པ་ཉིད་ཀྱི་དེ་ཁོ་ན་སོ་སོ་རང་གིས་རྟོགས་པར་བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་བྱ་བ་ནི་རིགས་སོ། །གང་དག་སྟོང་པ་ཉིད་སོ་སོ་རང་གིས ་རྟོགས་པ?་མེད་པར་སྟོང་པ་ཉིད་ཀྱི་སྒྲ་ཐོས་པ་ཙམ་གྱིས་བྱ་བ་བྱས་པ་རྣམས་ཀྱི་སྤྱོད་པ་ལྟར་རྗེས་སུ་འཆོས་པ་ནི་མི་དགེ་བའི་ལས་ཉིད་ལ་ཞུགས་པ་ཡིན་གྱི། དགེ་བ་ལ་ནི་མ་ཡིན་ཏེ། །དེ་དག་གདོན་མི་ཟ་བར་སྒྲོ་གཤོག་རྫོགས་པའི་བྱའི་ཚུལ་བྱིའུ་ཕྲུག་སྒྲོ་གཤོག ་མ་སྐྱེས་པས་བྱ་བ་བཞིན་དུ་ཉོན་མོངས་པའི་མཐར་འགྱུར་རོ། །ཆུ་ཐོས་པ་ཙམ་གྱིས་སྒོམ་པ་མི་ཕྱེད་ལ། ཟས་ཐོས་པ་ཙམ་གྱིས་ཀྱང་བཀྲེས་པ་མི་པྱིད?་དེ། དེ་བསྟེན་ན་དེ་དག་ཕྱིད་པ་བཞིན་དུ་འདི་རྟོགས་ནས་སྐྱེས་བུ་ཐ་ཤལ་དེ་དག་བརླག་གོ། ཞེས་བརྗོད་དོ། །གཅིག ་ཏུ་མི་དགེ་བ་ལ་འཇུག་པས་དེ་དག་ནི་སྐྱེས་བུ་ཐ་ཤལ་ལ། །དེ་ལྟར་དེའི་ཉེས་པ་ཡོངས་སུ་སྤང་བར་བཞེད་ནས། བཅོམ་ལྡན་འདས་ཀྱིས་ཉན་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་ལས་ཡོངས་སུ་མ་ཉམས་པའི་དོན་རེ་ཞིག་ཐོག་མ་ཉིད་དུ། ལས་ཀྱི་འབྲས ་བུ་ཡོད་པ་དང། །འགྲོ་བ་རྣམས་ཀྱང་ཤིན་དུ་བརྗོད། །སེམས་ཅན་རྣམས་གང་ལ་གནས་ནས་ལས་རྣམས་བྱེད་ཅིང་དེའི་འབྲས་བུ་ཡང་ཟ་བའི་འགྲོ་བ་ལྔ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་འོག་ཏུ་དེ་དག་གི་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་འཛིན་པ་ལུས་ཀྱི ་མདུད་པ་འདིའི་གཉེན་པོར་དེ་ཡི་རང་བཞིན་ཡོངས་ཤས་དང། །སྐྱེ་བ་མེད་པ་དག་ཀྱང་བསྟན། །འགྲོ་བ་ལ་སོགས་པ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེའི་རང་བཞིན་ཡོངས་སུ་ཤེས་པ་ལམ་དང་འགྲོ་བ་ལ་སོགས་པ་རྣམས ་ཀྱི་སྐྱེ་བ་མེད་པ་ལམ་གྱི་ཡེ་ཤེས་ཐོབ་པར་བྱ་བ་ཡང་སྟན་ཏོ། །དེ་བས་ན་འདི་ལྟར་གཉི་གའི་བདག་ཉིད་བསྟན་པ་རྣམ་པར་བཞག་པ་འདི་ལ་དགོས་པའི་ཆེད་དུ་བསྟན་པ་ནི་གང་ཞེ་ན། འདི་ལ་དཔྱད་ན་གཏན་ལ་དབབ་ཏུ་རུང་སྟེ། དགོས་པའི་དབང་དུ་རྒྱལ་བ ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །སངས་རྒྱས་བཅོམ་ལྡན་འདས་ནི། ང་དང་ང་ཡེར?་འཛིན་པ་སྤངས་པ་ཡིན་ཡང་བརྗོད་པར་བཞེད་པའི་དོན་གྱི་སྒོ་ནས་བསྟན་པའི ་ཕྱིར་འཇིག་རྟེན་གྱི་ཆེད་དུ་ང་དང་ངའི་ཞེས་གསུངས་པ་དེ་བཞིན་དུ་དགོས་པའི་དབང་གིས་ཕུང་པོ་དང་སྐྱེ་མཆེད་དང། ཁམས་རྣམས་གསུངས་ཏེ། དེའི་རྣམ་པར་དབྱེ་བ་བསྟན་པ་མེད་པར་འཇིག་རྟེན་དེ་ཁོ་ན་ལ་ཞུགས་པའི་ཐབས་མེད་པའི་ཕྱིར་རོ། །ཇི་ལྟར་དགོས ་བའི་དབང་དུ་ཕུང་པོ་དང། སྐྱེ་མཆེད་དང། ཁམས་རྣམས་བཤད་ཀྱི་དེ་ཁོ་ནའི་དོན་དུ་ནི་མ་ཡིན་བར་འདི་ཇི་ལྟར་ཤེས་པར་ནུས་པ་འདི་ནི་འཐད་པ་དང་ལུང་གིས་ངེས་པར་རུང་སྟེ། དེ་ལ་རེ་ཞིག་འཐད་པའི་དབང་དུ་བྱས་ནས། འབྱུང་བ་ཆེ་ལ་སོགས ་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། ཞེས་བྱ་བ་སྨོས་སོ། །རྣམ་པར་ཤེས་པས་དམིགས་པ་གང་གི་རྣམ་པར་འཛིན་ཅིང་སྐྱེ་བའི་དམིགས་པ་དེ། རྣམ་པར་ཤེས་པ ་ལ་རྣམ་པ་ཉེ་བར་བསྒྲུབས་པའི་རང་གི་དངོས་པོ་ཐོབ་ནས་དངོས་པོའི་དོན་གྱི་ངོ་བོ་ཉིད་ཀྱིས་འབྱུང་བ་ཆེན་པོ་ལ་སོགས་པར་ཡོངས་སུ་བརྟགས་སོ། །རྣམ་པར་ཤེས་པ་ལ་འགའ་ཞིག་གི་རྣམ་པར་མ་བཞག་པ་ལ་ནི་འཇིག་རྟེན་གྱིས ་ཡོད་པ་ཉིད་དུ་རྣམ་པར་གཞག་མི་ནུས་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་ཡང་ཡོད་པར་ཐལ?་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་འབྱུང་བ་དང། འབྱུང་བ་ལས་གྱུར་བ་དང། སེམས་དང་སེམས་ལས་བྱུང་བ་དང། སེམས་དང་ལྡན་པ་མ་ཡིན་པ་རྣམས ་ནི་རྣམ་པར་ཤེས་པའི་རྣམ་པའི་རྒྱུ་ཅན་ཡིན་པའི་ཕྱིར་འབྱུང་བ་ཆེན་པོ་ལ་སོགས་པ་གང་དང་གང་བཤད་པ་ཅི་ཡིང་རུང་བ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པར་ཡང་དག་པར་འདུ་ཞིང་ཁོངས་སུ་ཆུད་དོ། །གང་གི་ཆོ་རྣལ་འབྱོར་བས་ཡོད་པ ་མེད་པ་ཡིན་པའི་དོན་སྒྲོ་འདོགས་པའི་རྣམ་པར་ཤེས་པའི་ཚངས་པ་དེ་བརྫུན་པ་བསླུ་བའི་ཆོས་ཅན་དུ་མཐོང་ཞིང་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བ་དེའི་ཚེ་ངེས་པར་དེ་ཤེས་ཏེ། ཇི་ལྟར་གནས་པའི་སེམས་རང་གི་ངོ་བོས་སྐྱེ་བ་མེད་པར་ཤེས་པས་དེས་བསྐྱེད ་པ་འབྱུང་བ་ཆེན་པོ་ལ་སོགས་པ་མ་ལུས་པ་དག་ཀྱང་གཟུགས་འགག་པ་ན་གཟུགས་བརྙན་འགག་པ་བཞིན་དུ་འབྲལ་བར་འགྱུར་ན། དེ་ལྟ་བུ་གང་ཡིན་པ་དེ་གཟུགས་བརྙན་བཞིན་དུ་ལོག་པར་རྣམ་པར་བརྟགས་པ་ཉིད་མ་ཡིན་ནམ། དེའི་ཕྱིར་དེ་ལྟར ་ཕུང་པོ་ལ་སོགས་པ་དེ་དག་ནི་རྣམ་པར་ཤེས་པའི་རྒྱུས་ཡོད་པ་ཉིད་དེ་དེ་མེད་ན་ཡོད་པ་མེད་པས་ངོ་བོ་ཉིད་དུ་གྲུབ་པ་མེད་པ་ཁོ་ན་ཡིན་པ་ལ་དར་འཛིན་པ་དང་ང་ཡིར་འཛིན་པའི་མདོན་པའི་ང་རྒྱལ་ཅན་གྱི་དབང་དུ་བསྟན་པར་ངེས་སོ། །རེ་ཞིག་དེ ་ལྟར་རིགས་པས་ཕུང་པོ་ལ་སོགས་པ་དགོས་པའི་དབང་དུ་བསྟན་པར་ཤེས་པར་བྱས་ནས། ད་ནི་ལུང་གིས་ཕུང་པོ་ལ་སོགས་པ་བརྫུན་པ་ཉིད་དུ་བསྟན་པས་དགོས་པའི་ཚད་དུ་བརྗོད་པར་བསྟན་པའི་ཕྱིར། མྱ་ངན་འདས་པ་བདེན་གཅིག་བུ། ། ་རྒྱལ་བ་རྣམས་ཀྱིས་རྣམ་གསུངས་པ། །དེའི་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག ་བུའོ། །ཞེས་གསུངས་ཏེ་ལུང་འདིའི་དོན་གྱིས་ན་ཤེས་རབ་ཅན་སུ་ཞིག་ཕུང་པོ་ལ་སོགས་པ་བརྫུན་པའི་དོན་ཁོང་དུ་ཆུད་པར་མི་འགྱུར། གང་གི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང། ཁམས་དེ་དག་རྣམ་པ་དེ་ལྟར་རིག་པ་དང། ལུང་གིས་རྣམ་པར་དཔྱད་ན་ངོ་བོ ་ཉིད་ཀྱི་གྲུབ་པ་མེད་པ་དེའི་ཕྱིར་ངེས་པར། ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། །འཕགས་པའི་ཤེས་རབ་ཀྱི་དབང་པོའི་སྲོག་གི་བར་ཆད་བྱེད་པས་བདུད་དེ་དེ་ཡང་ཁམས་གསུམ་གྱི་ས་ཆེན་པོ་བ་ཕྱིན་ཅི་ལོག་བཞིའི་བློན་པོ ་ཆེན་པོ་དང་ལྡན་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་འཁོར་གྱིས་རྟག་ཏུ་འཁོར་བ། འཕགས་པ་མ་ཡིན་པ་སྐྱེ་བོ་མཛའ་དག་གིས་སྨ་མ་ཕབ་པ། སྤྱོད་པ་བཟང་པོ་མ་ཡིན་པ་ལ་ཞུགས་པའི་རྗེས་སུ་སོང་བ། འཁོར་བ་བའི་སེམས་ཅན ་མ་ལུས་པར་འཕེལ་བར་བྱེད་པ་མ་རིག་པ་ཞེས་བྱ་བ་ཡིན་ཏེ་ཚུལ་བཞིན་མ་ཡིན་པས་དངོས་པོ་ལ་རྣམ་པར་རྟོག་ན་མ་རིག་པའི་ཡུལ་ལས་མི་འདའ་བ་ཉིད་དུ་མངོན་ནོ། །གང་གི་ཚེ་དེ་བདུད་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཚེ་དེ་སྐྱེ་བ་མེད་ན་ཡིད་ཀྱི ་འཇུག་པ་མི་འབྱུང་བའི་ཕྱིར་བདུད་ཀྱི་ཡུལ་ཉིད་མེད་པར་འགྱུར་བས། དེ་ལྟ་ཡིན་ན་འདི་ལ་ཡང། །ཉེས་པ་མེད་པར་ཅི་མི་འཐད། ཨེ།འདི་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་ཡིན་པར་སྟོན་ཏེ། དེའི་དབང་དུ་བྱས་པའི་ཕྱིར་ཉེ་བར ་གྱུར་བས་ཉེ་བ་མངོན་སུམ་གྱི་ཚིག་འདིས་འདི་ལ་ཞེས་བྱ་བ་བསྟན་ཏོ། །འདིའི་ཕྱིར་ཡང་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་ན་རིགས་ཀྱི་ངོ་བོ་ཉིད་ཡོངས་སུ་ཤེས་པ་ནི་མ་ཡིན་ནོ། །དེའི་ཕྱིན་ཅི་ལོག་ཡོད་ན་ནི་ཡོད་ལ་མེད་ན་ནི་མེད་པའི་ཕྱིར་རོ། ་དེ་ལྟར་བསྟན་པའི་ཕྱིར། མ་རིག་རྐྱེན་གྱིས་འཇིག་རྟེན་ཞེས། །འདི་ལྟར་རྫོགས་པའི་སངས་རྒྱས་གསུང། །དེ་ཕྱིར་འཇིག་རྟེན་འདི་དག་ཀྱང། །རྣམ་པར་རྟོག་པར་ཅིས་མི་འཐད། །ཅེས་བྱ་བ་སྨོས་སོ། །གང་གི་རྐྱེན་མ ་རིག་པ་ཡིན་པ་དེ་མ་རིག་པའི་རྐྱེན་ལས་བྱུང་བ་སྟེ། འཇིག་རྟེན་ནོ། །འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་འདས ་འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདིའི་རྐྱེན་ནི་མ་རིག་པའོ། །ཞེས་བསྟན་པ་དེའི་ཕྱིར་རང་གི་ངོ་བོ་གྲུབ་པ་མེད་རང་གི་ངོ་བོ་གྲུབ་པ་རྫས་ལ་སོགས་པའི་རྐྱེན་ནི་མུན་པ་མ་ཡིན་ནོ། །དེ་བས་ན་མ་རིག་པ་རྐྱེན་དུ་གྱུར་པའི་ཕྱིར། འཇིག་རྟེན ་རྣམ་པར་རྟོག་པ་ཅིའི་ཕྱིར་འཐད་དེ། འཇིག་རྟེན་རྣམ་པར་རྟོག་པ་ཙམ་དུ་འཐད་པ་ཉིད་དོ། །ཞེས་བྱ་བར་དགོངས་སོ། །རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་ཙཾ་དུ་ཟད་པས་ན་རྣཾ་པར་རྟོག་བ་སྟེ་རྣམ་པར་རྟོག་པ་ཙམ་དུ་ཟད་དོ། །ཞེས་བྱ་བའི་ཐ་ཚིག་གོ་།རང་གི་ངོ ་བོ་གྲུབ་པ་མེད་པས་མུན་ཁུང་ན་མིའི་ཚུལ་དུ་ཡོངས་སུ་རྟོག་པ་འབྱུང་བལྟར་འཇིག་རྟེན་ཡང་རྣམ་པར་རྟོག་པ་ཙམ་དུ་རྣམ་པར་བཞག་གོ་།དེ་ལྟར་ཕྱིན་ཅི་ལོག་ཡོང་ན་འཇིག་རྟེན་ཡོད་པར་ཅི་བསྟན་ནས། ད་ནི་ཕྱིན་ཅི་ལོག་མེད་ན་མེད་པར ་བསྟན་པའི་ཕྱིར། མ་རིག་འགགས་པར་གྱུར་ན་ནི། །གང་རྣམས་འགག་པར་འགྱུར་བ་རྣམས། །དེ་དག་མི་ཤེས་ཀུན་བརྟགས་པར། །ཅི་ཡི་ཕྱིར་ན་གསལ་མི་འགྱུར། །ཞེས་བྱ་བ་སྨོས་སོ། །སྣང་བ་བྱུང་ན་མུན་ཁུང་ན་མིའི་ཚུལ ་དུ་སྣང་བ་མི་དམིགས་པ་བཞིན་དུ་རིག་པ་བྱུང་ན། གང་ཡོག་པ་དེ་ངེས་པར་མི་ཤེས་པས་ཡོངས་སུ་བརྟགས་པའི་ཕྱིར་ངོ་བོ་ཉིད་དུ་གྲུབ་པ་མེད་པར་གནས་སོ། །འདིའི་ཕྱིར་ཡང་འཇིག་རྟེན་དངོས་པོ་མེད་དེ། གཟུགས་བརྙན་བཞིན ་དུ་རྒྱུད་རྐྱེན་ལས་བྱུང་བ་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། རྒྱུ་ཡོད་པ་ལས་གང་བྱུང་ཞིང། །རྐྱེན་མེད་པར་ནི་གནས་པ་མེད། རྐྱེན་མེད་ཕྱིར་ཡང་འཇིག་འགྱུར་བ། །དེ་ནི་ཡོད་པར་ཇི་ལྟར་ཤེས། །ཞེས་བྱ་བ་སྨོས་སོ། །གལ་ཏེ་འཇིག་རྟེན་ངོ་བོ་ཉིད་དུ་གྲུབ་ན་ནི་དེའི་ཚེ་དེའི ་རང་བཞིན་གྱི་ངོ་བོར་གྲུབ་པ་ཡོད་པས་རྒྱུ་དང་རྐྱེན་ལ་བལྟོ་ལ་ཏེ་འབྱུང་བ་མི་འགྱུར་ཞིང། རྒྱུ་དང་བཅས་པ་ལས་འབྱུང་བར་ཡང་མི་འགྱུར་ཏེ། ངོ་བོ་ཉིད་ནི་བྱས་པ་མེད་པའི་ཕྱིར་རོ། །གནས་པ་ཡང་རྐྱེན་ལ་རག་ལས་པར་མི་འགྱུར་རོ། །ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་ན ་གཞན་དུ་འགྱུར་མི་སྲིད་དེ། འདི་ལྟར་གཞན་དུ་འགྱུར་བ་སྤང་བའི་ཕྱིར་གནས་པའི་རྐྱེན་བཙལ་བ་ནི་རིག་པར་འགྱུར་རོ། །གང་གནས་པའི་རྐྱེན་ལ་རག་ལས་པ་དེ་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་མེད་པར་གྲུབ་པ་ཡང་རིགས་སོ། །གང་ངོ་བོ་ཉིད་དུ་གྲུབ་པ་དེ་ནི་རང ་བཞིན་གྱིས་མི་འགྱུར་བས་གནས་པའི་རྐྱེན་མེད་ཀྱང་ལྡོག་པར་མི་རིགས་སོ། །གང་གནས་པའི་རྐྱེན་མེད་ན་ལྡག་པ་དི་ནི་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་འོས་སོ། །གང་དེ་ལྟར་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པ་དེ་གཞན་གྱིས་ཇི་ལྟར་ཡོད་པ ་ཁོད་དུ་ཆུད་པའི་རྒྱུ་མད་པས་དེ་ཡོད་པ་ཉིད་དུ་མི་རིགས་སོ། །ཞེས་བྱ་བར་དགོངས་སོ། །མུ་སྟེགས་ཅན་རྙེན་ཅིང་འབྲེལ་པར་འབྱུང་བ་མི་སྨྲ་བ་རྣམས་ཀྱི་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པར་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་རང་གི་གྲུབ་པའི་མཛའ་ལས ་འབྱུང་བ་དང་མི་འགལ་བས། གལ་ཏེ་ཡོད་པར་སྨྲ་བ་རྣམས། །དངོས་ལ་ཞེན་པར་གནས་པ་ནི། །ལམ་དེ་ཉིད་ལ་གནས་པ་སྟེ། དེ་ལ་ངོ་མཚར་ཅུང་ཟད་མེད། །གྲངས་ཅན་གྱིས་རང་གི་གྲུབ་པའི་མཛའ་ལས་ཡོན་ཏན་སྙིང་སྟོབས་དང། རྡུལ་དང་མུན ་པ་གསུམ་རྟག་པར་ལོབས་ལ། བྱེ་བྲག་པས་ཀྱང་རང་གི་གྲུབ་པའི་མཛའ་ལས་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་ཡན་ལག་ཅན་མ་ལུས་པའི་དངོས་པོ་རྩོམ་པ་རྟག་པ་ཉིད་དུ་ལོབས་ནས་རྟག་པའི་དངོས་པོར་སྨྲ་བའི་ཕྱིར་གལ་ཏེ་དངོས་པོར། ཞེན་དང? ་གནས་པ་དང་ངོ་བོ་ཉིད་བཟུང་ནས་གནས་པ་དེ་ལ་ནི་བློ་མཆོག་དང་ལྡན་པ་དག་ངོ་མཚར་དུ་འཛིན་པ་ཅུང་ཟད་ཀྱང་མེད་དེ་ཡ་མཚན་དུ་བྱ་བ་ཅུང་ཟད་ཀྱང་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་མི་སྲིད་པའི་དངོས ་པོ་ལ་བརྟེན་པ་ནི་འཇིག་རྟེན་ན་ངོ་མཚར་གྱི་རྒྱུ་ཡིན་ནོ། །སྲིད་པའི་དངོས་པོ་ལ་བརྟེན་པ་ནི་དེ་ལྟ་མ་ཡིན་ཏེ། དེ་རིགས་པའི་ཕྱིར་རོ། །རང་གི་གྲུབ་པའི་མཛའ་ལས་ཡོད་པར་བསྟན་པ་སྟོན་ཞིང་ཁོང་དུ་ཆུད་པ་ལ་ནི་ངོ་མཚར་གྱི་རྒྱུ་མེད་པས ་ངོ་མཚར་ཅུང་ཟད་ཀྱང་མེད་པར་རིགས་སོ། །བྱེ་བྲག་ཏུ་སྨྲ་བ་དང། མདོ་སྡེ་པ་དང། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་གྲུབ་པའི་མཛའ་ལས་ཡོད་པ་མི་སྲིད་པ་ཡོངས་སུ་སྟོན་པ་ནི་བློ་མཆོག་དང་ལྡན་པ་དག་ལ་མཆོག་ཏུ་ངོ་མཚར་བསྐྱེད་པ་ཡིན ་ནོ། དེ་དག་སངས་རྒྱས་ལམ་ལ་བརྟེན་ནས་ནི། །ཐམས་ཅད་མི་རྟག་སྨྲ་བ་རྣམས། །རྩོད་པ་ཡིས་ནི་དངོས་པོ་ལ། །ཆགས་གནས་གང་ཡིན་དེ་རྨད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སངས་རྒྱས་པའི་ལམ་ཡིན་ཏེ། དེ་ལ་བརྟེན་ནས ་འདུ་བྱེད་དེ་དག་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་མི་རྟག་པའི་ཞེས་དེ་སྐད་ཁས་ལེན་ཀྱང་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་གྲུབ་པར་སྟོན་པར་འདོད་པ་དེ་སྟོང་པ་ཉིད་དུ་སྨྲ་བ་ལ་རྩོད་པར་བྱེད་ཅིང་དེ་མི་སྲིད་པའི་དངོས་པོ་ལ་བརྟེན་པ་ནི་ངོ ་མཚར་ཆེ་བས་དེ་རྨད་དུ་གྱུར་པའོ། །ངོ་མཚར་ཆེ་བ་དེ་ལང་འཇིག་རྟེན་ན་ཡ་མཚན་དུ་གྱུར་པས་རྨད་དུ་བྱུང་བ་ཞེས་བྱའོ། །དེ་ལྟར་ཐམས་ཅད་ཀྱང་མི་རྟག་པར་སྨྲ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་མཁས་ལེན་པར་གྱུར་ཀྱང་དངོས་པོའི་ངོ་བོ་ཉིད ་སྟོན་ཞིང་རློམ་པར་གནས་པ་ནི་རྟ་རྨུ་རྒོད་བོང་བུའི་སྤྱོད་པ་ལྟར་བཅོས་པ་བཞིན་དུ་མཁས་པ་དག་ལ་རབ་ཏུ་ངོ་མཚར་དུ་འགྱུར། །ཕྱག་བྱ་བར་འོས་པར་མ་ཡིན་པ་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་ཚིག་བཞིན་དུ་རྨད་དུ་བྱུང་བའི་སྒྲ་བསྟོང་པའི ་ཚིག་འདི་ཡང་བསྟིང་བ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་ལེན་པ་སངས་རྒྱས་པའི་ལམ་ལ་བརྟེན་པ་དག་།དེ་ནི་འདི་ཞེས་གང་དག་ལ། །བརྟགས་ན་རབ་ཏུ་མི་དམིགས་ན། །བདེན་པ་དེ་ནི་འདིའོ་ཞེས། །རྩོད་པས་མཁས་པ་སུ་ཞིག་སྨྲ། །འདི་ལྟར་གཟུགས་དང་ཚོར ་བ་དང། རྣམ་པར་ཤེས་པ་དང་འདུས་བྱས་གཞན་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །གང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་དེའི་མཚན་མ་དམིགས་སུ་མེད་པའི་ཕྱིར་གཟུགས་དེ་ནི་འདིའོ། །ཚོར་བ་དེ་ནི་འདིའོ། །རྣམ་པར་ཤེས་པ ་དེ་ནི་འདིའོ། །འདུས་བྱས་གཞན་དེ་ནི་འདིའོ། །ཞེས་བློ་ལ་རྣམ་པ་ཐམས་ཅད་དུ་མི་སྣང་སྟེ། དེ་ལྟར་གང་གིས་ཀྱང་བྱེ་བྲག་ཏུ་མི་སྣང་བ་གང་ཡིན་པ་དེ་དེ་ནི་འདིའོ། །ཞེས་གཞན་ལ་བསྟན་པར་མི་ནུས་སོ། །གང་བསྟན་པར་མི་ནུས་པ་དེ་ལ་ཤེས་རབ་ཅན་དག་རྩོད་པ ་སྨྲ་བ་ནི་མི་རིགས་སོ། །རྩོད་པ་ཞེས་བྱ་བ་ནི་གང་ལ་བདག་གི་ཕྱོགས་སྒྲུབ་པ་དང། གཞན་གྱི་ཕྱོགས་གཞིག་པའོ། །དེ་ལྟར་དངོས་པོ་གང་ཡང་མི་དམིགས་ན་རང་གིས་ཁས་བླངས་པ་དངོས་པོ་བདེན་པ་གང་ཡིན་པ་དེ་ནི་འདིའོ། །ཞེས་བསྟེན་པར་བྱ་བ་དེ་ཅུང་ཟད་ཀྱང་ཡོད ་པར་ག་ལ་འགྱུར། གཞན་གྱིས་ཁས་བླངས་པའི་དངོས་པོ་བརྫུན་པ་གང་ཡིན་པ་དེ་ནི་འདིའོ། །ཞེས་བསྟན་པར་བྱ་བ་དེ་ཡང་ཅུང་ཟད་ཀྱང་ཡོད་པར་ག་ལ་འགྱུར། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རང་བཞིན་གྱིས་སྒྱེ་བ་མེད་པའི་དོན་དུ་ཁོང་དུམ་ཆུད་པ་ཤིན ་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་གིས། མ་བརྟེན་པར་ནི་གང་དག་གིས། །བདག་གམ་འཇིག་རྟེན་མངོན་ཆགས་པ། །རྟག་དང་མི་རྟག་སོགས་ལྟ་བས། །ཀྱེ་མདེ་དག་ཕྲོགས་པ་ཡིན། །གང་དག་ཕུང་པོ་ལྔ་གཟུགས་བརྙན་ལྟ་བུ་རང་བཞིན་མེད་པ་ལ་བརྟེན་ནས་བདག ་ཏུ་མི་འདོགས་ཀྱི། སེམས་རང་གི་མཚན་ཉིད་དུ་གྲུབ་པ་ལ་བདག་གོ་།ཞེས་རྣམ་པར་འཇོག་པ་དེ་དག་གདོན་མི་ཟ་བར་ལྟ་བའི་ཆུ་བོ་ཆེན་པོས་མྱ་ངན་ལས་འདས་པའི་ལམ་ལས་དེད་ཅིང་ཁྱེར་བར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་ལས་སེམས་ངོ་བོ་ཉིད་དུ་གྲུབ་པར ་འདོད་ན་ཡང་ན་ནི་རྟག་པར་འགྱུར། །ཡང་ན་ནི་མི་རྟག་པར་འགྱུར་རོ། །གལ་ཏེ་རྟག་པར་འགྱུར་ན་དེའི་ཚེ་ཐེར་ཟུག་ཏུ་སྨྲ་བ་ཡིན་ནོ། །འོན་ཏེ་མི་རྟག་ན་དེའི་ཚེ་ཆད་པར་སྨྲ་བ་ཡིན་ཏེ། བྱུང་ནས་མེད་པར་གྱུར་པ་ནི་ཆད་པར་ལྟ་བ་ཡིན།། ་དེ་ལྟར་དེ་དག་ཀྱེ་མ་ལྟ་བས་འཕྲོགས་པ་ཡིན་ནོ། །ཀྱེ་མ་ཞེས་བྱ་བའི་སྒྲ་ནི་སྨྲེ་སྔགས་འདོན་པའམ་དེས་པར་རིག་པར་བྱའོ། །དེ་ལྟར་འཇིག་རྟེན་ཞེས་བྱ་བ་ཕུང་པོ་ལྔ་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ན་ཡང་མཐུན་པར་སྐྱོན་དུ་འགྱུར་བར ་སྦྱར་རོ། །ཡང་ན་འདི་ནི་དོན་གཞན་ཏེ། གྲངས་ཅན་ལ་སོགས་པ་གང་དག་མ་བརྟན་པར་བདག་རྟག་པ་དང། ངོ་བོ་ཉིད་ཀྱིས་གྲུབ་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་དང། འཇིག་རྟེན་ཡང་རང་བཞིན་གྱི་བདག་ཉིད་དང། རང་བཞིན་ཡང་འགྱུར ་བ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པོ་ཞེས་མངོན་པར་ཞེན་ལ་འགྱུར་བའི་ཚོགས་ནི་ལྡོག་པར་འདོད་དོ། །གཞན་དག་ནི་གཞན་དུ་འདོད། ཀྱེ་མ་དེ་དག་ནི་གདོན་མི་ཟ་བར་རྟག་པ་དང། །མི་རྟག་པ་ལ་སོགས་པའི་ལྟ་བ་རྣམས་ཀྱིས་འཕྲོགས་པར་འགྱུར་རོ།། ་རང་གི་སྡེ་པ་གང་དག་ཕུང་པོ་ལྔ་དང་བདག་བརྟེན་པར་ཁས་ལེན་ཀྱང་རྗེས་སུ་ཡོད་པ་ཉིད་དུ་ཞུགས་པ་དང་གང་དག་མ་རིག་པ་དང་འདུ་བྱེད་ལ་སོགས་པ་རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ཡང་རྣམ་པར་ཤེས་པ་ལ་སོགས་པ་རྫས་སུ་ཡོད་པ་ཉིད་དུ་བརྗོད་པ ་དེ་དག་ཀྱང་དེ་བཞིན་དུ་ལྟ་བ་ལོག་པར་ཞུགས་པ་ཡིན་པར་བསྟན་པའི་ཕྱིར། གང་དག་བརྟེན་ནས་དངོས་པོ་རྣམས། །ཡང་དག་ཉིད་དུ་གྲུབ་འདོད་པ། །དེ་དག་ལ་ཡང་རྟག་སོགས་ཀྱི། སྐྱོན་དེ་ཇི་ལྟར་འབྱུང་མི་འགྱུར། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་བདག ་དང་ཆོས་ཀྱི་ངོ་བོ་ཉིད་ཀྱི་དོན་ཡོད་པ་དང། མེད་པར་ཁས་བླངས་པ་ལ་རྟག་པ་དང། ཆད་པའི་སྐྱོན་དུ་འགྱུར་བ་དང་མཚུངས་པའི་ཕྱིར་རོ། །ཇི་སྐད་སྨོས་པའི་ལྟ་བ་དག་བསལ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་གནས་པའི་དོན་ཁོང་དུ་ཆུད་ན། ་གང་དག་བརྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། འདོད་པ་དེ་དག་ལྟས་མི་འཕྲོགས་།གལ་ཏེ་གཟུགས་ལ་སོགས་པ་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ན། དེ་དག་ངོ་བོ་ཉིད་ཀྱིས་མེད་པས་ངོ་བོ་ཉིད་གཞན་དུ་འགྱུར་མི་སྲིད་དེ། ངོ ་བོ་ཉིད་ཀྱིས་མེད་པ་ནི་ཕྱིས་ཡོད་པར་མི་རུང་ངོ། །རྒྱུ་དང་རྐྱེན་ཡོད་དུ་ཟིན་ཀྱང་གང་ཡང་སྐྱེ་མི་སྲིད་པ་དང་རྒྱུ་དང་རྐྱེན་རྣམས་ཀྱང་དེ་ལྟ་བུའི་རང་བཞིན་ཡིན་པས་མི་སྲིད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་བར་འགྱུར་རོ། །འོན་ཏེ་ཉེས་པར་དེ་ཡོངས་སུ་སྤང ་བར་འདོད་དེ། ངོ་བོ་ཉིད་ཀྱིས་ཡོད་པར་ཁས་ལེན་ན་ཡང་དེའི་ཚེ་དེ་ལྟར་བྱུང་བ་བཞིན་དུ་རྒྱུ་དང་རྐྱེན་རྣམས་ཀྱིས་ཀྱང་འབྱུང་བར་མི་འགྱུར་ཏེ། རྐྱེན་རྣམས་ཀྱང་དགོས་པ་མེད་པས་ཡོད་པར་མི་འགྱུར་རོ། །དེ་ལྟ་ན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ ་བར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་ན་རྣམ་པར་བཞག་པ་ཐམས་ཅད་ཞིག་པར་འགྱུར་ཏེ། བོང་བུའི་རྭ་ལ་སོགས་པ་བཞིན་དུ་འགྲོ་བ་ཡང་མི་དམིགས་པར་འགྱུར་རོ། །དེ་བས་ན་ཁམས་དང། འགྲོ་བ་དང། སྐྱེ་གནས་དང། རིགས་དང ་རུས་དང། ཆོ་རིགས་དང། ཁ་དོག་དང། གཟུགས་དང། སྟོབས་དང། བློ་དང། དབང་པོ་སོ་སོ་ཐ་དད་པའི་འགྲོ་བ་དང། འགྲོ་བ་མ་ལུས་པའི་རྟེན། ཕྱི་རོལ་གྱི་རླུང་གི་དཀྱིལ་འཁོར་ལ་སོགས་པ་དང། གསེར་དང། དངུལ་དང། ཨནྡྲ་རྙིལ་དང། ཤེལ་དང། པདྨ ་རཱ་ག་ལ་སོགས་པ་དང། པདྨ་དང། ཀུ་མུ་ཏ་དང། ཤིང་དང། ར་དང། སྨན་དང། བུན་པ་དང། ཤིང་རྟ་ལ་སོགས་པ་དམིགས་སུ་མེད་པ་སྣ་ཚོགས་ཀྱང་མེད་པ་ཉིད་དུ་འགྱུར་རོ། །དེ་དམིགས་སུ་ཡོད་བཞིན་དུ་མེད་པར་ཁས་བླང་བར་ནི་མི་རིགས་སོ། །དེ་བས་ན ་གང་བརྟེན་ཏེ་འབྱུང་བའི་ངོ་བོ་ཉིད་ཀྱིས་ཡོད་པ་དང་མེད་པ་སྤངས་པ་སྟེ་རྐྱེན་འདི་ཙམ་གྱིས་གྲུབ་པས་གཟུགས་བརྙན་བཞིན་དུ་དེ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་ཁས་བླང་བར་བྱ་སྟེ། ཇི་ལྟར་འཕགས་པ་ལྷས། འབྲས་བུ་ཡོད་པར་གང་འདོད་དང། འབྲས་བུ་མེད ་བར་གང་འདོད་ལ། ཀ་བ་ལ་སོགས་ཁྱིམ་དོན་དུ། །རྒྱན་པའི་དོན་ཀྱང་མེད་པར་འགྱུར། །ཞེས་སྨོས་པ་ལྟ་བུའོ། །དེ་ལྟར་རྟག་པ་དང་ཆད་པ་སྤངས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་གཟུགས་བརྙན་ལྟ་བུ་བློ་ཕྱིན་ཅི་ལོག་གིས་སྤྱོད་ཡུལ ་དུ་གྱུར་པ་དང་འགལ་བ་མེད་པས་ཇི་སྐད་སྨོས་པའི་འགྲོ་བ་སྣ་ཚོགས་མི་སྲིད་པ་མ་ཡིན་ནོ། །འཕགས་པ་རྣམས་ཀྱང་ཕྱིན་ཅི་ལོག་སྤངས་ཏེ། བརྫུན་དུ་སྒྲོ་མི་འདོགས་པས་རྣམ་པར་གྲོལ་བ་མི་སྲིད་པ་མ་ཡིན་ནོ། །གང་གི་ཕྱིར་རྟེན་ཅིང་འབྲེལ ་པར་འབྱུང་བ་འདི་ལྟར་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དེའི་ཕྱིར་རིགས་པ་འདིས་དངོས་པོ་རྣམས་ལ་གང་དག་བརྟེན་ནས་དངོས་པོ་རྣམས་ཆུའི་ཟླ་བ་ལྟ་བུར་ནི་འདོད་པ་དེ་དག་རང་གི་ངོ་བོར་གྲུབ་པ་མེད་པས་གཟུགས་བརྙན་བཞིན་དུ་རང་གི་ངོ་བོ་ཉིད་ཀྱི་བདེན་པ་ཡང ་མ་ཡིན། བརྫུན་པ་ཡང་མ་ཡིན་པར་འདོད་དེ། འདི་ལྟར་བསམ་པ་འདི་ནི་དངོས་པོར་གྱུར་པ་ལ་བརྟེན་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དངོས་པོ་ཡོད་པ་མ་ཡིན་ལ། གཟུགས་བརྙན་ལྟ་བུར་གྱུར་པ་དེའི་ཕྱིར་དེ་ཡང་དག་པ་མ ་ཡིན་ནོ། །ཡང་དག་པར་ཡོད་ན་གཞན་དུ་འགྱུར་མི་སྲིད་པར་ཐལ་བར་འགྱུར་རོ། །འཇིག་རྟེན་ན་ཡང་ཡང་དག་པ་དང་འདྲ་བར་སྣང་བས་ལོག་པ་ཡང་མ་ཡིན་ནོ། །ཡང་དག་པ་མ་ཡིན་པ་ཞེས་བྱ་བ་ཡང་ལ་ལ་ལ་བསྟན་པ་དང། དགོས་པ ་འགྲུབ་པའི་ཕྱིར་རོ། །གང་གི་ཕྱིར་ཡང་དག་པ་མ་ཡིན་པ་དེའི་ཕྱིར་རྟག་པར་སྨ་བ་མ་ཡིན་ནོ། །གང་གི་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་དེའི་ཕྱིར་ཆད་པར་སྨྲ་བ་འམ། ལོག་པར་སྨྲ་བ་མ་ཡིན་ནོ། །དེ་ལྟར་གཟུགས་བརྙན་བཞིན ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པར་ཁོང་དུ་ཆུད་ན་གདོན་མི་ཟ་བར་ཚུལ་བཞིན་མ་ཡིན་པར་རྣམ་པའི་རླུང་གིས་དཀྲུགས་ཏེ་འཁྲུགས་པར་གྱུར་བའི་རྦ་རླབས་ཆེན་པོ་པ་རྟག་པ་དང་མི་རྟག་པ་ལ་སོགས་པའི་ལྟ་བའི་ཆུ ་བོ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའི་གྲུས་བརྒལ་ནས་མྱ་ངན་ལས་འདས་པའི་སྐྱེད་མོས་ཚལ་གྱི་ཐང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཤིང་གི་ཚལ་གྱིས་མཛེས་པར་བྱས་པ། བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་སྣ་ཚོགས་ཡིད་འཕྲོག་པ་ཡོད་པ་སྟོབས་བཅུ ་དང་ལྡན་པས་དྲི་མ་མེད་པ། ཟད་པ་དང་མི་སྐྱེ་བ་ཤེས་པས་དབེན་པར་བདེ་བར་ཕྱིན་ཏེ། གཞན་དག་ལ་ཡང་དེའི་རྗེས་སུ་འགྲོ་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་གསང་བསྟོད་ཏེ་སྟོན་པས་བསྒོ་བ་དེ་སྒྲུབ་པ་ལ་བརྩོན་པ་ལ་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་ན ་འདུག་པ་རྟག་པ་ལ་སོགས་པའི་ལྟ་བའི་ཆུ་བོ་རྣམས་ཀྱིས་མགོ་རྨོངས་པ་དེ་དག་ངེས་པར་སྒྲོལ་ལོ། །གང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་འདི་ཁོང་དུ་ཆུད་དེ། དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ལ་ཡོངས་སུ་རྟོག་པ་དེ་དག་ནི་གདོན་མི་ཟ་བར། དངོས ་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་བཟད་མ་རུངས་འཛིན། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ལ་འདོད་ཆགས་ནི་རང་གི་ཕྱོགས་ལ་མངོན་པར་ཞེན་པའི་མཚན་ཉིད་དོ། །ཞེ་སྡང་ནི་གཞན་གྱི་ཕྱོགས་ལ་རྒྱབ་ཀྱིས་བལྟས་པའི་མཚན ་ཉིད་དོ། །འདོད་ཆགས་དང། ཞེ་སྡང་གང་ལས་འབྱུང་བ་དེ་འདོད་ཆགས་དང། ཞེ་སྡང་འབྱུང་བའོ། །རྣམ་པར་སྨིན་པ་ཤིན་ཏུ་མི་བདེ་བ་དང་ཤིན་ཏུ་བཟོད་པར་དཀའ་བའི་ཕྱིར་མི་བཟོད་པའོ། །སེམས་ཀྱི་རྒྱུད་ལ་གནོད་པ་སྐྱེད་པར་བྱེད་པ་དང། འདའ་བར་དཀའ་ ་བའི་ཕྱིར་མ་རུངས་པ་སྟེ། དེ་ཡང་གང་ཞེ་ན། ལྟ་བ་ཡོངས་སུ་འཛིན་པའོ། །ལྟ་བ་ལ་གནས་པ་འདི་ལྟ་བུ་འདི་ཡང་དངོས་པོར་ཁས་ལེན་པ་ལས་སྐྱེའོ། །ལྟ་བ་ཡོངས་སུ་འཛིན་པ་ཡོད་ན་རང་གིས་ཁས་བླངས་པའི་དོན་བསྟན་པར་འདོད་པ་དང། གཞན་གྱིས་ཁས་བླངས ་བ་ཞིག་འདོད་པའི་ཕྱིར་ལྟ་བ་ཁས་ལེན་པ་ལས་བྱུང་བའི་རྩོད་པ་དངོས་ལ་མངོན་པར་ཞེན་པའི་རྩ་བ་ལས་བྱུང་བ་གཞན་དག་ཀྱང་འབྱུང་ངོ། །གང་གི་ཕྱིར་དེ་དེ་ལྟར་བྱུང་བའི་ཕྱིར། དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། དེ་བས་དེ་ནི་ཡོངས་ཤེས་ན། ལྟ་དང་ཉོན་མོངས་ཡོངས་སུ་འབྱར།། ་དངོས་པོར་ཁས་ལེན་པ་ཡོད་ན་དེ་ནི་སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དང་དབུས་ཡོངས་སུ་རྟོགས་པས་དེ་ལ་དམིགས་པ་ལྟ་བར་གྱུར་པ་རྣམས་སུ་ལྟུང་བ་ཡོད་པས་ན་དངོས་པོར་འཛིན་པ་དེ་ལྟ་བར་གྱུར་པ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ།། ་ལྟ་བར་གྱུར་པ་ཡོད་ན་རྒྱུ་དེ་ལས་བྱུང་བའི་ཉོན་མོངས་པ་བྱུང་སྟེ། རང་གི་ལྟ་བ་ལ་འདོད་ཆགས་འབྱུང་བ་དང། ངེས་ང་རྒྱལ་དུ་འགྱུར་བ་དང། གཞན་གྱི་ལྟ་བ་ལ་ཞེ་སྡང་འབྱུང་བའི་ཕྱིར་དང། ཐམས་ཅད་དུ་གཏི་མུག་འབྱུང་བས་ལྟ་བར་གྱུར ་པ་ལས་ཉོན་མོངས་པ་རྣམས་འབྱུང་ངོ། །གང་གི་ཕྱིར་དེ་ལྟར་ལྟ་བ་དང། ཉོན་མོངས་པ་ཐམས་ཅད་དངོས་པོར་དམིགས་པའི་རྒྱུ་ལས་བྱུང་བ་དེའི་ཕྱིར་དངོས་པོ་དེ་ཡོངས་སུ་ཤེས་ཏེ། དངོས་པོའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད ་ན་དམིགས་པ་མེད་པས་ལྟ་བ་རྣམས་ལྡོག་གོ། དེ་ལོག་ན་ཉོན་མོངས་པ་རྣམས་སྤོང་ངོ། །གལ་ཏེ་འདི་སྙམ་དུ། གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྱུང་བ་མཐོང་བ་སྟེ། །རྟེན་ཅིང་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག ་གིས་གསུངས། །རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ནས་དངོས་པོ་རྣམས་ལ་ངོ་བོ་ཉིད་དུ་དམིགས་པར་མི་འགྱུར། གང་རྟེན་ནས་སྐྱེས་པ་དེ་ནི་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་རོ། །བརྟེན་ནས་བྱུང་བ་གང་ཡིན་པ ་དེ་ནི་བྱུང་བ་ཉིད་དུ་ངེས་ཏེ། དེ་ལ་མ་བྱུང་ཞེས་བྱ་བའི་སྒྲར་ཇི་སྐད་དུ་གདགས། གལ་ཏེ་མ་སྐྱེས་པ་ཞེས་བྱ་བ་ནི་དེ་བརྟེན་ནས་སྐྱེས་པ་ཞེས་བྱར་མི་རུང་སྟེ། དེ་བས་ན་ནང་འགལ་བའི་ཕྱིར་དེ་རིག་པ་མ་ཡིན་ནོ། །ཞེས་ཟེར་ན། ཀྱེ་མ་ཀྱི་ཏུད་རྣ་བ་དང ་སྙིང་མེད་པས་ཀྱང་བདག་ལ་ཀྲན་ཀ་བཙལ་བ་གང་ཡིན་པ་དེ་ནི་བདག་མ་རུངས་པ་ཞེས་བབ་པོ། །གང་བརྟེན་ནས་སྐྱེས་པ་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་སྐྱེས་པ་མ་ཡིན་ནོ། །ཞེས་ཁོ་བོས་གང་གི་ཚེ་སྨྲས་པ་དེའི་ཚེ་དེ་ལ་ཀླན་ཀ ་བཙལ་བའི་སྐབས་ག་ལ་ཡོད། བརྟེན་ནས་འབྱུང་བའི་རྣམ་པ་གང་གི་གཟུགས་བརྙན་དམིགས་པ་དེའི་བརྫུན་པར་གྱུར་པ་དམིགས་པ་ཁོ་བོ་མ་སྐྱེས་པའོ། །ཞེས་སྨྲའི། བདག་ཉིད་གང་གིས་དེའི་བྱུང་བ་མེད་པ་རྣམ་པར་བཞག་པ་དེ་ཉིད་ཀྱིས་དེའི་སྐྱེ་བ་མེད་པར་བརྗོད་དོ།། ་བདག་ཉིད་གང་གིས་དེའི་སྐྱེ་བ་མེད་པར་རྣམ་པར་བཞག་ཅེ་ན། ཡང་དག་པར་འདོད་པའི་ངོ་བོ་ཉིད་ཀྱིས་འདོད་ཀྱི། བརྫུན་པའི་ངོ་བོས་ནི་མ་ཡིན་ཏེ། དེ་ནི་ངོ་བོ་ངེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྐྱེ་བ་དང་མི་སྐྱེ་བ་འདི་གཉིས ་ཡུལ་མ་ཡིན་པའི་ཕྱིར་གཅིག་གི་ཡུལ་དུ་གཅིག་ག་ལ་འགྱུར། གལ་ཏེ་འབྲེལ་པར་འབྱུང་བ་ཇི་ལྟར་དམིགས་པ་དེ་ལ་སྐྱེ་བ་མེད། ཞེས་མི་སྟོན་གྱི། ངོ་བོ་ཉིད་ལ་སྐྱེ་བ་མེད་པ་ཞེས་སྟོན་ན་འདི་ལ་ཁྱོད་ཀྱིས་དེ་སྐད་སྨྲས་པ་ལྟ་བུ་སྔོན་མ་ཐོས་པ་ཅི་ཞིག་བསྟན་པར ་འགྱུར། ཁོ་བོ་ནི་སྔོན་མ་ཐོས་པ་ཅུང་ཟད་ཀྱང་མི་སྟོན་ཏེ། ངེད་ཀྱི་བསྟན་བཅོས་ནི་ཇི་ལྟར་གནས་པའི་ཆོས་ཉིད་བསྟན་པ་ཆེད་ཆེ་བར་བྱ་བ་ཡིན་ན་ཇི་ལྟར་གནས་པའི་ཆོས་ཉིད་དེ་ལ་ཡང་ཕྱིན་ཅི་ལོག་གི་རྗེས་སུ་འབྲང་བ་འགྲོན་པོ་ཕྱོགས་བསླད་པ་ལྟ་བུ་དག་རྣམ ་པ་གཞན་དུ་ཡོངས་སུ་རྟོག་གོ་།རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་སྟེ། ཕྱིན་ཅི་ལོག་པའི་བདག་ཉིད་དུ་མ་བྱུང་བ་ཡིན་ན་སོ་སོའི་སྐྱེ་བོ་དག་དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བར་ཡོངས་སུ་རྟོག་སྟེ། དེ་ལ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་སོ། ། ་ཀུན་ནས་ཉོན་མོངས་པ་དེ་སྤང་བའི་ཕྱིར་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དག་པར་རིག་པ་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ། བརྟེན་ནས་སྐྱེས་པ་མ་སྐྱེས་ཤེའོ། །སྒྱུ་མ་མཁན་ནི་སྒྱུ་མའི་ན་ཆུང་ལ་ན ་ཆུང་ཡང་དག་པར་སྙཾ་དུ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པར་མི་འགྱུར་གྱི། ན་ཆུང་ཡང་དག་པ་སྙམ་དུ་མངོན་པའི་ང་རྒྱལ་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ལ་ནི་ཀུན་ནས་ཉོན་མོངས་པ་འབྱུང་ངོ། །དེ་བཞིན་དུ་འདི་ལ་ཡང་བརྟེན་ནས་བྱུང་བ་ངོ་བོ་ཉིས ་ཀྱིས་མ་སྐྱེས་སོ་ཞེས་བཅོམ་ལྡན་འདས་གསུང་བས་དངོས་བོ་རྣམས་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་བཟློག་པ་ཡིན་ནོ། །འདི་ལྟར། ལོག་པའི་ཤེས་པས་ཟིན་ནོན་པ། །བདེན་པ་མིན་ལ་བདེན་འཛིན་པའི། །ཡོངས་སུ་འཛིན་དང་རྩོད་སོཊ ་ཀྱི། །རིམ་པ་ཆགས་ལས་ཤིན་ཏུ་བྱུང། །དེ་ལྟ་བས་ན་དངོས་པོ་བདེན་པ་མ་ཡིན་པ་ལ་བདེན་པར་འདུ་ཤེས་པ་དེ་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་བསླུ་བའི་ཕྱིར་བདེན ་པ་མ་ཡིན་ནོ། །དེ་བདེན་པ་མ་ཡིན་པར་རྟོགས་ན་དངོས་པོ་ལ་ཆགས་པ་ལྡོག་གོ། དངོས་པོ་ལོ་ཆགས་པ་ལོག་ན་དངོས་པོ་ཡོངས་སུ་འཛིན་པ་ལྡོག་གོ། ཡོངས་སུ་འཛིན་པ་ནི་བདག་གིར་བྱེད་པ་སྟེ། དེ་ནི་དེ་ལྟར་ལྡོག་གོ། དེ་ལོག་ན་འདོད་པ་ལ ་ཆགས་པར་གྱུར་པ་དང། ལྟ་བ་ལ་ཆགས་པར་འགྱུར་བའི་རྩོད་པ་ཡང་ལྡོག་གོ། རྩོད་པ་ལོག་ན་འཐབ་པ་ལ་སོགས་པ་ཡང་ལྡོག་གོ། དེ་བས་ན་དངོས་པོ་བརྟེན་ནས་གྲུབ་པ་གང་ཡང་མི་དམིགས་ན་གདོན་མི་ཟ་བར། རྩོད་མེད་ཆེ་བའི ་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །རང་གི་ཕྱོགས་ཁས་ལེན་པ་ཡོད་ན་ནི་དེའི་ཚེ་དེ་གཟུགས་པའི་ཕྱིར་གཞན་རྣམས་དང་རྩོད་པར་གྱུར་ན་དེ་དག་ལ་ནི་དེ་ལྟ་བུ་ཡང་མེད་པས་དེ་བས་ན་རྩོད་མེད་ཆེ་བའི་བདག་ཉིད་ཅན་ནོ། །གལ་ཏེ་དེ་དག་ལ ་རང་གི་ཕྱོགས་མེད་དུ་ཟིན་ཀྱང་གཞན་གྱི་ཕྱོགས་གཞིག་པ་མེད་མི་སྲིད་དེ། དེ་བས་ན་གཞན་གྱི་ཕྱོགས་ཡོད་དང། བདག་གི་ཕྱོགས་ཀྱང་མེད་དུ་མི་རུང་ངོ། །ཕྱོགས་ཤིག་ཡོད་ན་ནི་བདག་གིས་ཕྱོགས་སམ་གཞན་གྱི་ཕྱོགས་ཡོད་པར་ཡང་འགྱུར་ན། ་གང་གི་ཆོ་ཕྱོགས་ཡེ་མེད་པ་དེའི་ཚེ། གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །གང་གི་ཚེ་དེ་ལྟར་དངོས་པོ་མེད་པས་བདག་དང་གཞན་གྱི་ཕྱོགས་མེད་པ་དེའི་ཚེ་དེ་ལྟར་མཐོང་བ་རྣམས་ཀྱི་ཉོན་མོངས་པ་རྣམས་ངེས་པར་འགག ་པར་འགྱུར་རོ། །ཇི་ལྟ་ཞེ་ན། དེ་དག་འདི་ལྟར། གང་ཡང་རུང་བའི་གནས་རྙེད་ནས། །ཉོན་མོངས་སྦྲུལ་གདུག་གཡོན་ཅན་གྱིས། །ཟིན་པར་འགྱུར་རོ་གང་གི་སེམས། །གནས་མེད་དེ་དག་ཟིན་མི་འགྱུར། །འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱིས་འདུ་བྱེད་ཀྱི ་ནགས་ཐིབས་པོ་ན་རྒྱུ་བ་དགེ་བའི་ཕྱོགས་ཀྱི་སྲོག་གི་པར་ཆད་བྱེད་པ་ལྟ་བ་ལ་སོགས་པའི་མིག་གི་དབང་པོའི་ཕུག་ཏུ་གནས་བཅས་པ་ཡུལ་གྱི་རླུང་ལ་ཡིད་ཆགས་པ་ཡུན་རིང་པོ་ནས་རྗེས་སུ་འབྲང་བའོ། །གཡོ་ཅན་ནི་གྱ་གྱུ་ལྟར་འགྲོ་བ་སྟེ། འཛིན་པ་ལ ་བརྩོན་པས་དེ་དག་ནི་སྦྲུལ་ལོ། །གནས་བརྟེན་པར་བྱ་བ་རྒྱུ་འགའ་ཞིག་རྙེད་ནས་འགའ་ཞིག་ལ་འཛིན་ཏོ། །གང་དག་དངོས་པོ་ཐམས་ཅད་དུ་མི་དམིགས་པས་ཉོན་མོངས་པའི་སྦྲུལ་གྱི་གནས་པའི་རྒྱུ་མ་ལུས་པར་བསྲེགས་ཤིང་དྲེན་པ་དང་ཤེས་བཞིན་གྱིས ་དབང་པོའི་ཕུག་རྣམས་བཀག་པ་དེ་དག་ཉོན་མོངས་པའི་སྦྲུལ་གྱིས་ཟིན་པར་འགྱུར་བའི་གནས་མེད་པར་བྱས་པས་གང་དག་གི་སེམས་ལ་གནས་པ་མེད་པ་ནི་ཟིན་པར་འགྱུར་ཏེ། དངོས་པོར་དམིགས་པ་མེད་ན་སེམས་ཀྱིས་བདག་དང་གཞན་གྱི་ཕྱོགས ་ཡོངས་སུ་མི་འཛིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་གང་དག་གིས་སེམས་ལ་དམིགས་པ་མེད་པ་དེ་དག་ཉོན་མོངས་པའི་སྦྲུལ་གདུག་པ་གཡོན་ཅན་གྱིས་ཀྱང་མི་ཚུགས་ཤིང་ཟིན་པར་མི་འགྱུར་རོ། །གང་དག་གཟུགས་ལ་སོགས་པའི་རང་བཞིན་དམིགས ་ཀྱང་ཉོན་མོངས་པ་རྣམས་སྤང་དུ་རུང་བར་འདོད་པ་དེ་དག་ལ་ནི་ཉོན་མོངས་པ་སྤོང་བར་འགྱུར་བ་མེད་དོ། །ཞེས་བསྟན་པའི་ཕྱིར། །གནས་དང་བཅས་པའི་སེམས་ཡོད་ལ། ཉོན་མོངས་དུག་ཆེན་ཅེས་མི་འབྱུང། །ཞེས་བྱ་བ་སྨོས་སོ། །དངོས་པོར་དམིགས་ན ་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་འབྱུང་བ་གདོན་མི་ཟ་བར་མི་ཟློག་ཏེ་འབྱུང་ངོ། །ཇི་ལྟར་ཞེ་ན། གལ་ཏེ་དངོས་པོ་དེ་ཡིད་དང་མཐུན་པར་གནས་ན་ནི་དེའི་ཚེ་དེ་ལ་རྗེས་སུ་ཆགས་པ་བཟློག་དཀའ་བར་འགྱུར་རོ། །ཅི་སྟེ་མི་མཐུན་ན་ཡང་དེའི ་ཚེ་དེ་ལ་ཁོང་ཁྲོ་བ་དང། ཚིག་པ་ཟ་བ་བཟློག་དཀའ་བར་འགྱུར་རོ། །འོན་ཏེ་རྟོག་པ་དེ་གཉིས་ཀ་བསམ་ཀྱང་དེའི་ཚེ་དེའི་རང་གི་ངོ་བོ་ལ་སྒྲོ་འདོགས་ཤིང་དམིགས་པ་ལས་བྱུང་བ་བཏང་སྙོམས་སུ་འགྱུར་པའི་ཡུལ་ལ་མ་རིག་པའི་བག་ལ་ཉལ་བ ་བཟློག་དཀའ་བར་འགྱུར་རོ། །ཐ་མལ་པར་འདུག་པའི་གནས་ནས་ཀུན་ཏུ་འབྱུང་བའི་མ་རིག་པའི་བག་ལ་ཉལ་འཁོར་བའི་སྡུག་བསྔལ་འབྱུང་བ་དང་མཐུན་པ་གནོད་པའི་བདག་ཉིད་ཉོན་མོངས་པའི་སྤྲུལ་འབྱུང་བར་དམིགས་ནས། གང་ཚེ་ཐ་མལ་འདུག་པ ་ཡང། །ཉོན་མོངས་སྤྲུལ་གྱིས་ཟིན་པར་འགྱུར། །ཞེས་བྱ་བ་སྨོས་སོ། །གང་གི་ཚེ་གཏི་མུག་དེ་རྟག་ཏུ་འབྱུང་བར་གྱུར་པ་དེ་ནི་ཀུན་ཏུ་རྨོངས་པས་དེ་ཁོ་ན་མཐོང་བ་བསྒྲིབས་པའི་སོ་སོའི་སྐྱེ་བོ་དག་གཏི་མུག་གི་མཐུས་གྲུབ་པའི་དངོས་པོའི་རང་གི་མཚན་ཉིད་ལ ་གདོན་མི་ཟ་བར། བྱིས་པ་བདེན་པར་འདུ་ཤེས་པས། །གཟུགས་བརྙན་ལ་ནི་ཆགས་པ་བཞིན། །དེ་ལྟར་འཇིག་རྟེན་རྨོངས་པའི་ཕྱིར། །ཡུལ་གྱི་གཟེབ་ལ་ཐོགས་པར་འགྱུར། །ཇི་ལྟར་བྱིས་པ་འཇིག་རྟེན་གྱི་ཐ་སྙད་མི་ཤེས་པ་རང་བཞིན་གྱིས་རྣམ་པར་ཤེས་པ ་བླུན་པ་དག་གཟུགས་བརྙན་དམིགས་པ་ན་དེ་ལ་དངོས་པོ་ཡོད་པར་འཛིན་ཞེང?་ཆགས་པར་འགྱུར་ཏེ་ཅི་དང་ཅི་ཡང་བྱེད་ཅིང་དེ་དང་རྩེ་བ་དེ་བཞིན་དུ་བྱིས་པ་མ་རིག་པ་དང་ལྡན་པ་གཏི་མུག་གི་མཐུས་སྐྱེས་པ་ལ་དངོས་པོ་ཡོད་པ་ཡང་དག་པར་རྩོད་པ་ལ་མངོན་པར་ཞེན་པ། ་ལུས་དང་ངག་དང། ཡིད་ཀྱི་འཇུག་པས། དེ་དང་དེ་ལ་མངོན་པར་ཞེན་བས་རྗེས་སུ་ཆགས་པ་དང། ཁོང་ཁྲོ་བ་དང། ང་རྒྱལ་ལ་སོགས་པས་རང་དབང་མེད་པར་འཇུག་པ་བྱིས་པ་བཞིན་དུ་ཅི་དང་ཅི་ཡང་བྱེད་ཅིང་འཁོར་བའི་གཟེབ་ལ་ཐོགས་པ་འཁོར་བའི་ངོ་བོ ་ཉིད་མི་ཤེས་པ་དག་ནི་འཕགས་པ་རྣམས་ལ་སྙིང་བརྩེ་བའི་ཡུལ་དུ་སྣང་ངོ། །ཤེས་རབ་ཀྱིས་དག་པའི་སྤྱན་དང་ལྡན་པ་འཕགས་པ་དག་ནི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟིགས་པས། དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག ་གིས་རབ་མཐོང་ན། །བདག་ཉིད་ཆེན་པོ་དེ་དག་ནི། །ཡུལ་གྱི་འདམ་ལ་མི་ཆགས་སོ། །ཆགས་པ་མེད་ན་དངོས་པོ་རྣམས་ལ་དེའི་བདག་ཉིད་དུ་ཆགས་ཤིང་འཇུག་པ་མེད་པས་ཡུལ་གྱི་འདམ་ལ་ཆགས་པར་མི་འགྱུར་ཏེ། འཕགས་པ་རྣམས་ནི་གཟུགས ་བརྙན་ལ་བློ་བྱང་བ་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་དེ་ལྟར་ཤིན་ཏུ་བྱིས་པའི་བློ་ཅན་དག་ནི་གཟུགས་བརྙན་ལ་བྱིས་པ་བཞིན་དུ་གདོན་མི་ཟ་བར། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་དག་ནི་འདོད་ཆགས་བྲལ། །གཟུགས་ཀྱི་རང་བཞིན ་ཤེས་པ་ཡིས། །བློ་མཆོག་དག་ནི་རྣམ་པར་གྲོལ། །དེ་ལ་བྱིས་བའི་མཚན་ཉིད་དང་ལྡན་པ་ནི་བྱིས་བ་སྟེ། དེ་ཡང་ཉེས་པ་སེམས་པ་སེམས་པ་དང། ཉེས་པར་སྨྲ་བ་སྨྲ་བ་དང་ཉེས་པར་བྱེད་པར་བྱེད་པའི་ལས་བྱེད་པའོ། །དེ་ལ་ཉེས་པར་སེམས་པ་སེམས ་པ་ནི་གང་དག་ལུས་མི་བརྩང་བ་དང་སྐད་ཅིག་ཅིང་འཇིག་པའི་དང་ཅན་ལ་གཙང་བ་དང། མི་འཇིག་པའི་ངག་ཅན་དུ་སེམས་པའོ། །ཉེས་པར་སྨྲ་བ་སྨྲ་བ་ཞེས་བྱ་བ་ནི་བསྔགས་པར་མི་འོས་པ་རྟག་ཏུ་ཕན་གདགས་དགོས་པ་སྡུག་བསྔལ་གྱི་བདག་ཉིད ་ཅན་གྱི་ལུས་ལ་མིང་དང་ཚིག་དང་ཡི་གེའི་ཚོགས་སྣ་ཚོགས་ཀྱིས་བསྔགས་པ་བརྗོད་པའོ། །ཉེས་བར་བྱེད་པའི་ལས་བྱེད་པ་ཞེས་བྱ་བ་ནི་མི་དགེ་བའི་རྣམ་པར་སྨིན་པ་སྡུག་བསྔལ་དུ་འགྱུར་བའི་ལས་རྩོམ་བའོ། །དེ་ལྟར་བྱིས་པ་དེ་དག་ནི་མི་གཙང ་བཞིན་དུ་གཟུགས་ལ་ཆགས་སོ། །བར་མ་ནི་གང་དག་མི་གཙང་བ་ལ་ཇི་ལྟར་གནས་པ་བཞིན་དུ་སྨོད་ཅིང་གཟུགས་ལ་སྡུག་བསྔལ་བརྒྱ་ཕྲག་དུ་མ་བསགས་པར་མཐོང་སྟེ་གཟུགས་ལ་འདོད་ཆགས་དང་བྲལ་བར་གྱུར་ནས་བསམ་གཏན་དང་གཟུགས་མེད་པའི ་སྙོམས་བར་འཇུག་པ་འཐོབ་སྟེ། །འདོད་པའི་ཁམས་ལས་ཤིན་ཏུ་འདས་པ་དེ་དག་ནི་བར་མའོ། །གང་དག་གཟུགས་ཀྱང་ངོ་བོ་ཉིད་ཀྱིས་མེད་དེ། གཟུགས་བརྙན་བཞིན་དུ་ཁོང་དུ་ཆུད་བ་དེ་དག་ནི་གཟུགས་ལ་སོང་བའི་རྣམ་པར་རྟོག་པ་རྣམས་ལས་གདོན་མི ་ཟ་བར་གཟུགས་ཀྱི་རང་བཞིན་ཤེས་པ་ཡིས། བློ་མཆོག་རྣམས་ནི་རྣམ་པར་གྲོལ། །དོན་དེ་ཉིད་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། སྡུག་ཆེས་པ་ལ་ཆགས་པར་གྱུར། །དེ་ལས་ལྡོག་པས་འདོད་ཆགས་བྲལ། །སྒྱུ་མའི་སྐྱེས་བུ ་ལྟར་དབེན་པར། །མཐོང་བས་མྱ་ངན་འདས་པར་འགྱུར། ཞེས་བྱ་བ་སྨོས་སོ། །སྒྱུ་མའི་སྐྱེས་བུ་བཞིན་དུ་འགྲོ་བ་དབེན་ཞིང་སྟོང་སྟེ། མྱ་ངན་ལས་འདས་པ་མཐོང་ནས་གང་དག་མྱ་ངན་ལས་འདས་པར་གྱུར་པ་དེ་དག་ནི་བློའི་མཆོག་དང་ལྡན་པ་སྟེ། ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་བཅོམ་ལྡན་འདས་སུ་ཤེས་པར་བྱའོ། །བར་མ་དག་ནི་འཇིག་རྟེན་བ་རྣམས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བའོ། །བྱིས་པ་རྣམས་ནི་འདོད་པ་ལ་ཆགས་པར་ཤེས་པར་བྱའོ། །སྒྱུ་མའི་སྐྱེས་བུ ་བཞིན་དུ་འགྲོ་བ་དབེན་པར་མཐོང་ནས་མྱ་ངན་ལས་འདས་པ་ཇི་ལྟར་འགྱུར་ཞེ་ན། ལོག་པའི་ཤེས་པས་མངོན་གདུད་བའི། །ཉོན་མོངས་སྐྱོན་རྣམས་གང་ཡིན་ཏེ། །དངོས་དང་དངོས་མེད་རྣམ་རྟོག་པ། །དོན་ཤེས་གྱུར་ལ་མི་འབྱུང་ངོ། །ཞེས་བྱ་བ་སྨོས ་སོ། །གང་གིས་འགྲོ་བ་སྒྱུ་མ་བཞིན་དུ་དམིགས་པ་དེས་དངོས་པོ་དང་དངོས་པོ་མེད་པའི་རང་གི་མཚན་ཉིད་ངོ་བོར་མི་དམིགས་པས་དངོས་པོ་དང། དངོས་པོ་མེད་པར་ཡོངས་སུ་ཤེས་ཏེ། དེ་གཉིས་ལ་ཡོངས་སུ་མི་རྟོག་པའི་ཕྱིར་རྣམ་པར་མི ་རྟོག་པ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་རྣམས་རྣམ་པར་བཤིག་པ་དོན་ཤེས་པ་དེ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གང་ཡིན་པ་དེ་དག་གདོན་མི་ཟ་བར་འཁོར་བའི་རྒྱུར་མི་འགྱུར་རོ། །ཉོན་མོངས་པ་དེ་དག་ནི་ལོག་པའི ་ཤེས་པས་མངོན་པར་གདུང་བ་རྣམས་ལ་འབྱུང་ངོ། །མངོན་གདུང་བའི་དང་ཚུལ་ཅན་ནི་མངོན་པར་གདུང་བ་ཅན་ནོ། །ལག་པའི་ཤེས་པས་མངོན་པར་གདུང་བས་ལོག་པའི་ཤེས་པས་མངོན་བར་གདུང་བའོ། །ཕྱིན་ཅི་ལོག་པ་དག་ཡུལ་ལ་དམིགས ་པ་རྙེད་ནས་ཉོན་མོངས་པ་རྣམས་ཀྱི་གདུངས་བར་བྱེད་དོ། །དོན་རྟོགས་པ་ལ་ནི་དེ་དག་མེད་པར་གདོན་མི་ཟ་བར་མྱ་ངན་ལས་འདའ་ཨོ། །བྱིས་པ་རྣམས་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་མྱ་ངན་ལས་འདས་པར་མི་འཐད་དོ། །དེ་དག་ནི་འདོད་ཆགས་དང་ཆགས་དང་བྲལ་བའི་གནས་ལ་ཡོངས ་སུ་རྟོག་པས་ཇི་ལྟར་དམིགས་པའི་ཡུལ་ལ་ཆགས་པ་དང། མི་ཆགས་པ་ཡོད་པར་འགྱུར། འཕགས་པ་དག་ནི་འཁོར་བ་འདི་ལ། གནས་ཡོད་ན་ནི་འདོད་ཆགས་དང། འདོད་ཆགས་བྲལ་བ་དམིགས་འགྱུར་ན། །གནས་མད་བདག་ཉིད་ཆེན་པོ་རྣམས། །ཆགས ་པ་མེད་ཅིང་ཆགས་བྲལ་མིན། །གང་ལ་ཆགས་པ་དེ་ཡང་དམིགས་ལ་གང་ལ་མི་ཆགས་པ་དེ་ཡང་དམིགས་ན་ནི་ཆགས་པ་དང་མི་ཆགས་པ་གཉིས་སུ་རུང་ངོ། །དངོས་པོ་ལ་རང་གི་ངོ་བོར་སྒྲོ་མི་འདོག་ན་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་མི་འབྱུང་ངོ། །འཕགས ་པ་རྣམས་ནི་དངོས་པོའི་རང་གི་ངོ་བོ་མི་དམིགས་པས་དེ་བས་ན་དེ་དག་གནས་མེད་དེ། དམིགས་པ་མེད་པར་ངེས་པར་མྱ་ངན་ལས་འདའ་ཨོ། །དེའི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན། གང་དག་རྣམ་པར་དབྱེན་པ་ལ། །གཡོ་བའི་ཡིད་ཀྱང་མི་གཡོ་སྟེ། །ཉོན་མོངས ་སྦྲུལ་གྱིས་བཀྲུགས་པ་ཡི། །མི་བཟད་སྲིད་པའི་རྒྱ་མཚོ་བརྒལ། །རང་བཞིན་གྱིས་རྒོད་པའི་ཕྱིར་སེམས་སྤྲེའུ་ལྟ་བུ་དབེན་པ་འགྲོ་བ་སྟོང་བ་ཞེས་དམིགས་པ་འདི་ལ་གང་དག་བསྟན་པར་གནས་པ་དག་ནི་སྲིད་པའི་རྒྱ་མཚོ་ཉོན་མོངས་པའི་སྤྲུལ་གྱིས་གང ་བ་དམིགས་པ་བརྒལ་བའོ། །ད་ནི་རབ་ཏུ་བྱེད་པའི་དགེ་བ་ཡོངས་སུ་བསྔོ་བའི་ཕྱིར། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས ་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག་།ཅེས་བྱ་བ་སྨོས་སོ། །ཤེས་རབ་མ་གཏོགས་པ་དང། ཤེས་རབ་ཀྱི་རྒྱུ་མ་གཏོགས་པ་སེམས་ཅན་གྱིས་ཁམས་མཛའ་དག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བསྒྲུབས་པ་དགེ་བ་དཔག་ཏུ་མེད་པ་ཐམས ་ཅད་ནི་བསོད་ནམས་ཀྱི་ཚོགས་ཞེས་བསྟན་ཏོ། །ཤེས་རབ་དང་ཤེས་རབ་ཀྱི་རྒྱུ་སངས་རྒྱས་སུ་འགྲུབ་པར་ཡོངས་སུ་བསྔོ་བ་ཐམས་ཅད་ནི་ཡེ་ཤེས་ཀྱི་ཚོགས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་ཚོགས་དེ་གཉིས་བསགས་ཏེ་ཉེ་བར་བསྒྲུབས ་ནས་བསོད་ནམས་ཡེ་ཤེས་ལས་བྱུང་བའི་དམ་པ་བླ་ན་མེད་པ་ཐོབ་པར་ཤོག་ཅིག་།བྱུང་བ་ནི་སྐྱེས་བའོ། །བསོད་ནམས་དང་ཡེ་ཤེས་ལས་བྱུང་བ་དེ་དག་ནི་བསོད་ནམས་དང་ཡེ་ཤེས་ལས་བྱུང་བ་སྟེ། དེ་གཉིས་གང་ཞེ་ན། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའོ། ། ་དགེ་བ་འདིས་དེ་གཉིས་ཐོབ་པར་ཤོག་ཅིག་།ཀླུ་ཡི་རྐྱེན་ཡིན་འཇིགས་དང་བཅས་པས་ཡོངས་སྤངས་པ། །རིགས་པའི་ཀུ་མུ་ད་འདི་ཁ་འབྱེད་ཟླ་བ་ནི། །ཉེས་པའི་འབྱུང་གནས་རབ་རིབ་རྣམ་པ་རབ་བཅོམ་ནས། །བློ་གྲོས་མི་ལྡན་སྐྱེ་བོ་རྣམས་ལ་གྲགས་བས ་མཛེས། །ཆོས་ཉིད་དང་ནི་མི་འགལ་གང་འཇུག་པ། །དོན་དེ་གལ་ཏེ་ཇི་སྐད་ཅེས་བརྗོད་ཀྱང། །དེ་ལ་ཉེས་ཤེས་སངས་རྒྱས་མི་གསུང་ཕྱིར། །བདག་གིས་ཡང་དག་རྟོགས་ལ་དོགས་པ་མེད། །དེ་ཕྱིར་བདག་གིས་འཇོམ་སྤངས་གུས་བྱས་ཏེ། །རིག ་པ་དྲུག་ཅུ་པ་འདི་རྣམ་པར་ཕྱེ། །རྣམ་པར་ཕྱེ་བའི་བསོད་ནམས་གང་ཡིན་འདིས། །འགྲོ་བ་མ་ལུས་ཐུབ་དབང་མྱུར་གྱུར་ཅིག་།རིག་པ་དྲུག་ཅུ་བའི་འགྲེལ་པ་འདི་ནི། སློབ་དཔོན་ཟླ་གྲགས་ཞེས་བྱ་བ་ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་ཡུལ་ས་མ་ཏ ་ནས་སྐྱེས་པ། མུ་སྟེགས་ཅན་རྟོག་གེ་ངན་པར་སྨྲ་བའི་ཚོགས་ཐམས་ཅད་ཀྱི་མུན་པ་མང་པོ་རྣམ་པར་འཇོམས་པ། དེ་བཞིན་གཤེགས་པ་དཀའ་མཛའ་གཉིས་རྣམ་པར་སྤངས་པའི་ནམ་མཁའ་ཨི་དཀྱིལ་ཐོས་པ་དང་བསམས་པ་ལས་བྱུང་བའི་ཡེ་ཤེས ་ཀྱིས་སྣང་བར་གྱུར་ན། གནས་པ་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་རྣམ་པ་སྣ་ཚོགས་ཀྱི་ཚ་བས་གདུངས་པའི་འགྲོ་བ་མཛའ་དག་བསིལ་བར་མཛད་པའི་ཟླ་བ་འོད་ཟེར་དྲི་མ་མེད་པ་དཔག་ཆུ་མེད་པས་གྲགས་པ་ཡིན་ཏེ། དེས་མཛད་པའི་རིག་པ་དྲུག་ཅུ ་པའི་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། ཏཱ་ན་ཤི་??་དང། ཤཱོ་ལེནྡྲ་བོདྷི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནདེ་ཡེ་ཤེས་སླེས?་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།བཞི་བརྒྱ་བའི་འགྲེལ་བ ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཞུགས་སོ།། །། *། །རྒྱ་གར་སྐད་དུ། བོ་དྷ་སིཏྭ་ཡོ་ག་ཙཨཱརྱ་ཙ་ཏུ་ཤ་ཏ་ཀཊཱི་ཀ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན ་