| Wylie | e-texts based on the ACIP/ALL Input |
སུམ་སྟོང་ལྔ་བརྒྱ་ལྔ་བཅུ་ཡོད་ཅེའོ། ། !། (།དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ།)་།རྒྱ་གར་སྐད་དུ། མ་དྷཡ་མ་ཀཱ་བ་ཏཱ་ར་པྲ་ཛྙཱ་ནཱ་མ། བོད་སྐད་དུ། དབུ་མ་ཤེས་རབ་ལ ་འཇུག་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དབུ་མ་ཤེས་རབ་ལ་འཇུག་པའི། །དོན་ནི་བདག་གིས་བཤད་བྱ་སྟེ། །དགག་སྒྲུབ་གཉིས་ཀ་དགག་འབའ་ཞིག་།དངོས་ལ་དགག་སྒྲུབ་འགའ་ཡང ་མེད། །དེ་ལྟ་བུ་ནི་གོམ་བྱས་ན། །ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། །མི་དགེ་བཅུ་ནི་སྤངས་ནས་ནི། །དགེ་བ་བཅུ་ནི་དང་དུ་བླངས། །དངོས་པོར་ཞེན་པ་བཀག་ནས་ནི། །རང་ལ་སྒྲུབ་ཏུ་ཅུང་ཟད་མེད། །སྣང་བའི་དངོས་པོ་འདི་ཡང ་ནི། །ཡང་དག་པ་ཡི་རང་བཞིན་མེད། །དུ་མ་དང་ནི་གཅིག་བྲལ་ཕྱིར། །སྒྱུ་མའི་གླང་པོ་ཇི་བཞིན་ནོ། །ཆ་ཤས་སྣ་ཚོགས་གནས་པ་ན། །རྡུལ་ཕྲན་གཅིག་པུ་ཉིད་མ་ཡིན། །དེ་ཉིད་མེད་པས་དུ་མ་གང། །ཕན་ཚུན་སྤངས་ཏེ་གནས་པ ་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །དེ་ཉིད་མེད་པས་དེ་བསགས་པའི། །རགས་པའི་གཟུགས་དང་རྫས་སོགས་གང། །རྣམ་པ་སྣ་ཚོགས་སྣང་བ་དང། །ཤེས་པ་ཐ་ནི་མི་དད་པས། །ཤེས་པ་དུ་མ་ཉིད་དུ་འགྱུར། །རྣམ་པ་རྫུན ་པ་ཉིད་ཀྱིས་ནི། །ཤེས་པ་དེ་ཡང་རྫུན་པར་འགྱུར། །དེ་ལྟ་མིན་ན་བདེན་ཉིད་འགྱུར། །དེ་ཉིད་ཕྱིར་ན་སེམས་འབྱུང་གང། །གཅིག་དང་དུ་མ་སྤངས་པ་ཡི། །དངོས་པོ་གང་ཡང་མི་གནས་ཏེ། །ཕན་ཚུན་སྤངས་ཏེ་གནས ་ཕྱིར་རོ། །མངོན་སུམ་ལ་སོགས་འགལ་ཞེ་ན། །མ་ཡིན་མ་བརྟགས་ཉམས་དགའ་བ། །དེ་ནི་བདག་གིས་བཀག་ལ་མེད། །ཐ་སྙད་ཙམ་ཞིག་སྒྲུབ་པའི་ཕྱིར། །དམ་བཅའ་གཏན་ཚིགས་ཉིད་མ ་ཡིན། །ཡེ་ནས་སྐྱེ་མེད་དང་འདི་ལ། །དགག་བྱ་མེད་ལ་སྒྲུབ་བྱ་མེད། །མྱ་ངན་འདས་དང་མ་འདས་པ། །སྐྱེ་མེད་དང་དུ་ཁྱད་པར་མེད། །སྐྱེ་མེད་ཉིད་ཀྱང་མ་ཡིན་ཏེ། །སྐྱེ་བའི་དངོས ་པོ་མེད་ཕྱིར་རོ། །ཀུན་རྫོབ་མེད་ལ་དོན་དམ་མེད། །སངས་རྒྱས་མེད་ལ་སེམས་ཅན་མེད། །ལྟ་བ་མེད་ཅིང་སྒོམ་པ་མེད། །འབྲས་བུ་མེད་ཅིང་སྤྱོད་པ་མེད། །དེ་ཡི་དོན་ནི་བསྒོམ་བྱ་སྟེ། ། ་རྟོག་མེད་བློ་ནི་རང་ཞིར་བཞག། །དངོས་གཟུངས་མེད་ཅིང་གཡེང་བ་མེད། །མཚན་མ་མེད་ཅིང་གསལ་བར་སྒོམ། །ལངས་ལ་དངོས་པོར་སྣང་བ་ཀུན། །སྒྱུ་མ་ཙམ་དུ་ཤེས་བྱས་ནས། །སྡོམ ་པ་རྣམ་གསུམ་འབད་པས་བསྲུང། །ཡན་ལག་བདུན་པ་ལ་སོགས་བྱ། །སྙིང་རྗེས་ཕན་སེམས་ཆེ་བར་བྱ། །ཡུལ་ལ་ཆགས་པ་སྤང་བྱ་ཞིང། །འགྲོན་པོའི་ཚུལ་གྱིས་གནས་པར་བྱ། །སེམས་ཅན ་མ་དང་སྤངས་ནས་ནི། །བདག་ཉིད་དགོན་པར་གནས་པར་བྱ། །དེ་ཡི་འབྲས་བུ་སངས་རྒྱས་ཀྱིས། །འབྲས་བུ་ཆེན་པོ་ཐོབ་ལ་སྟེ། །ཆོས་ཀྱི་སྐུ་དང ་ལོངས་སྤྱོད་རྫོགས། །སྤྲུལ་པའི་སྐུ་རུ་གནས་པ་ཡིས། །སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད། །དེ་ཕྱིར་འབད་པས་ཐམས་ཅད་ཀྱིས། །དང་པོ་ལྟ་བར་ཐག་བཅད་དེ། །བར ་དུ་བསྒོམ་པས་ཉམས་སུ་བླང། །ཐ་མར་འབྲས་བུ་ཐོབ་པར་འགྱུར། །དེ་བས་འབད་དེ་བརྩོན་པར་བྱ། །དེ་ལྟར ་བདག་གིས་བཤད་འདི་ལ། །ཕྱོགས་འཛིན་པ་ཡི་སེམས་བོར་ལ། །རིགས་པ་ཡིས་ནི་དཔྱད་པར་བྱ། །ཆོས་ལ་སྐུར་བ་གདབ་མི་བྱ། །གཡེང ་བ་ཐམས་ཅད་སྤངས་ནས་ནི། །སྒྲུབ་ནི་རབ་ཏུ་བརྩོན་པར་བྱ། །བདག་གིས་འདི་བྱས་བསོད་ནམས་ཀྱིས། །སེམས་ཅན་ཐམས་ཅད་གྲོལ་གྱུར་ཅིག་།དབུ་མ་ཤེས ་རབ་ལ་འཇུག་པ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོཙྪ་བ་བགོས་ཁུ་བ་ལྷ་བཙས་ཀྱི ་བསྒྱུར་བའོ།། །།བཀྲ་ཤིས་ཤོག།། ་