| Wylie | e-texts based on the ACIP/ALL Input |
སྲིད་ན། །གཟུ་བོར་བྱོས་ལ་དཔྱད་པར་རིགས། །ཡི་གེ་པ་ནི་བླ་མའི་མིང་ཅན་དག་གིས་བྲིས་བཀྲ་ཤིས།། (`་དབུ་མ་ལ་འཇུག་པ་ཞུགས)་།། *། །རྒྱ་གར་སྐད་དུ། མ་དྷཡ་མཱ་བ་ཏཱ་ར་ཀཱ་རི་ཀཱ་ནཱ་མ། ་བོད་སྐད་དུ། དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང།། ་སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་འདིའི། །ས་བོན་དང་ནི་ཆུ་དང་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟར་གྱུར་པ། །དེ་ཕྱིར་ཐོག ་མར་སྙིང་རྗེ་བསྟོད་པར་བགྱི། །དང་པོར་བདག་ཏུ་མངོན་བར་ཞེན་གྱུར་ཅིང། །དངོས་པོ་རྣམས་ལ་བདག་གིས་ཞེས་བཟུང་བས། །ཟོ་ཆུན་རྒྱུད་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །འགྲོ་བ་གཡོ་བའི་ཆུ ་ནང་ཟླ་བ་ལྟར། །གཡོ་དང་རང་བཞིན་སྟོང་པར་མཐོང་བ་ཡི། །འགྲོ་བ་དགྲོལ་ཕྱིར་སྙིང་རྗེའི་གཞན་དབང་གིས། །ཀུན་ཏུ་བཟང་པོའི་སྨོན་པས་རབ་སྨོན་ཞིང། །གང་གིས་སེམས་ནི་རབ་དགའ་ལ་གནས་པ། །དེ་ནི་རྒྱལ་བའི་སྲས ་ཀྱི་དང་པོར་བརྗོད། །དེ་ནས་བཟུང་སྟེ་དེ་ཐོབ་གྱུར་པས་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲས་བསྙད་དོ། །འདི་ནི་དེ་བཞིན་གཤེགས་པའི་རིགས་སྐྱེས་ཏེ། །འདི་ཡིས་ཀུན་སྦྱོར་གསུམ་པ་སྤངས་པར་འགྱུར། །དེ་ནི་དགའ་བ་མཆོག་ཏུ ་གྱུར་འཆང་ཞིང། །འཇིག་རྟེན་ཁམས་བརྒྱ་གཡོ་བར་ནུས་པའང་ཡིན། །ས་ནས་སར་གནོན་གོང་དུ་འགྲོ་བར་འགྱུར། །དེ་ཚེ་འདི་ཡི་ངན་འགྲོའི་ལམ་འགག་ཅིང། །སོ་སོ་སྐྱེ་བོའི་ས་རྣམས་ཟད་འགྱུར་ཏེ། འདི་ནི་འཕགས་པ་བརྒྱད་པ་བཞིན ་དུ་བསྟན། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དང་པེས་ཀྱང། །ཐུབ་དབང་གསུང་སྐྱེས་རང་རྒྱལ་བཅས་པ་རྣམས། །བསོད་ནམས་སྟོབས་ཀྱིས་ཕམ་བྱས་རྣམས་འཕེལ་ཞིང། །རིང་དུ་སོང་བའི་བློ་ཡང་ལྷག་པར་འགྱུར། །དེ་ཚེ་དེ་ལ ་རྫོགས་སངས་བྱང་ཆུབ་རྒྱུར། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །རང་ཤ་གཏོང་ལའང་གུས་པར་བྱས་པ་ཡིས། །ནང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང། །མི་རྣམས་བདེ་བའང་ལོངས ་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་བྱུང་མཁྱེན་ནས། ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་སེམས་ཅན། །རང་དོན་ལྷུར་ལེན་ཉིད་དུ་གྱུར་བ་གང། །དེ་དག་གི་ཡང་འདོད་པའི་ལོངས ་སྤྱོད་རྣམས། །སྡུག་བསྔལ་ཉེར་ཞིའི་རྒྱུར་གྱུར་སྦྱིན་ལས་བྱུང། །འདི་ཡང་སྦྱིན་པའི་སྐབས་ཀྱི་ནམ་ཞིག་ཚེ། །འཕགས་པའི་སྐྱེ་བོ་དང་ཕྲད་མྱུར་དུ་ཐོབ། །དེ་ནས་སྲིད་རྒྱུན་ཡང་དག་བཅད་བྱས་ཏེ། དེ་ཡི་རྒྱུ་ཅན་ཞི་བར་འགྲོ་བར་འགྱུར།། ་འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །སྦྱིན་པས་རིང་པོར་མི་ཐོགས་དགའ་བ་ཐོབ། །སྙིང་རྗེ་ཅན་དང་སྙིང་རྗེ་མེད་ལ་ཡང། །དེ་ཕྱིར་སྦྱིན་པའི་གཏམ་ཉིད་རྩ་བར་འདོད། །ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་སེམས་ལས། །རྒྱལ ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས། །ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱིས་དམྱལ ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། །བཅད་པར་བྱ་ཕྱིར་དེ་ནི་བརྩོན་པར་བྱེད། །སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་གཏོང། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར ་པས་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །དེ་ལྟར་རྒྱལ་སྲས་ཡིད་ལ་རབ་གནས་ཤིང། །དམ་པའི་རྟེན་ལ་འོད་ཆགས་མཛེས་གྱུར་པའི། །དགའ་བ་འདི་ནི་ནོར་བུ་ཆུ་ཤེལ་བཞིན། །མུན་སྟུག་ཐམས་ཅད་རྣམ་པར་བསལ་ནས་རྒྱལ།། ་དབུ་མ་ལ་འཇུག་པ་ལས་རབ་ཏུ་དགའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་དང་པོའོ།། །།དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །རྨི་ལམ་དུ་ཡང་འཚུལ་འཁྲིམས་དྲི་མ་སྤངས། །ལུས་ངག་ཡིད་ཀྱི་རྒྱུ་བ་དག ་གྱུར་པས། །དམ་པའི་ལས་ལམ་བཅུ་ཅར་གསོག་པར་བྱེད། །དགེ་བའི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང། །དེ་ལ་ཀླགས་ཏེ་ཤིན་ཏུ་དག་པར་འགྱུར། །སྟོན་ཀའི་ཟླ་ལྟར་རྟག་ཏུ་རྣམ་དག་སྟེ། ཞི་འོད་ཆགས་པར་དེ་དག་གིས་རྣམ་མཛེས། །གལ་ཏེ ་འདི་ནི་ཁྲིམས་དག་རང་བཞིན་ལྟ། །དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། །དེ་ཕྱིར་དེ་ནི་རྟག་ཏུ་གསུམ་ཆར་ལའང། །གཉིས་བློའི་རྒྱུ་བ་ཡང་དག་བྲལ་བར་འགྱུར། །སྐྱེ་པོ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང ་ངན་འགྲོར་ལྟུང། །བསྐྱེད་བཅས་རྩ་བ་ཡོངས་སུ་ཟད་པས་ན། ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར། །རང་དབང་འཇུག་ཅིང་མཐུན་པའི་ཡུལ་གནས་པ། དེ་ཚེ་འདི་དག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག ་འགྱུར་བ། །དེ་ཚེ་དེ་ནས་གང་གིས་འབྱིན་པར་འགྱུར། །དེ་ཕྱིར་རྒྱལ་བས་སྦྱིན་པའི་གཏམ་མཛད་ནས། །ཚུལ་ཁྲིམས་རྗེས་འགྲོའི་གཏམ་ཉིད་མཛད་པ་ཡིན། །ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར།། ་སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང། །རང་སངས་རྒྱས་ལ་ངེས་པའི་བདག་ཉིད་དང། །རྒྱལ་སྲས་རྣམས་ཀྱི་མངོན་པར་མཐོ་བ་དང། །ངེས་ལེགས་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང། །བཀྲ་ཤིས་སྣ་ནག ་མ་དང་ལྷན་ཅིག་བཞིན། །དེ་ལྟར་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཆེ། དེ་འཆལ་བ་དང་ལྷན་ཅིག་གནས་མི་འདོད། །གང་གིས་གང་ཞིག་གང་ལ་སྤོང་བྱེད་པ། །གསུམ་དུ་དམིགས་པ་ཡོད་ན་ཚུལ་ཁྲིམས་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཞེས་བཤད ་གསུམ་ལ་ཆགས་པས་སྟོང་དེ་འཇིག་རྟེན་འདས། །སྲིད་མིན་སྲིད་པའི་དཔལ་གྱུར་རྒྱལ་སྲས་ཀྱི། །ཟླ་བ་ལས་བྱུང་དྲི་བྲལ་དྲི་མེད་པ། །འདི་ཡང་སྟོན་ཀའི་ཟླ་འོད་ཇི་བཞིན་དུ། །འགྲོ་བ་ཡིད་ཀྱི་གདུང་བ་སེལ་བྱེད་ཡིན། །དབུ་མ་ལ་འཇུག་པ་ལས་དྲི་མ་མེད ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་གཉིས་པའོ།། །།ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེ། །འོད་འབྱུང་ཕྱིར་ན་གསུམ་པའི་ས་འདི་ནི། །འོང་བྱང་པ་དེ་བདེ་གཤེགས་སྲས་པོ་ལ། །དེ་ཚེ་ཉི་འོད་ཟངས་འདྲའི་སྣང་བ ་འབྱུང། །གལ་ཏེ་གནས་མིན་འཁྲུག་པ་འགའ་ཞིག་གིས། །ད་ཡི་ལུས་ལ་རུས་པ་དང་བཅས་ཤ། སྲང་རེ་ཡུན་རིང་དུས་སུ་གཅོད་བྱེད་ཀྱང། །གཅོད་བྱེད་དེ་ལ་བཟོད་པ་ལྷག་པར་སྐྱེ། །བདག་མེད་ལྟ་བའི་བྱང་ཆུབ་སེམས་དཔའ་ཡིས། །གང་གིས་གང ་ལ་གང་ཚེ་ཅི་བཅད་པས། །གང་ཕྱིར་དེ་ཡིས་ཆོས་ཀུན་གཟུགས་བརྙན་ལྟར། །མཐོང་བའི་ཕྱིར་ཡང་དེ་ཡིས་བཟོད་པར་འགྱུར། །གནོད་པ་བྱས་པས་གལ་ཏེ་དེར་དཀོན་ན། །དེ་ལ་དཀོན་པས་བྱས་ཟིན་ལྡོག་གམ་ཅི། །དེ་ཕྱིར་དེ་དཀོན་ངེས་པར་འདིར ་དོན་མེད། །འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར། །སྔོན་བྱས་མི་དགེའི་ལས་ཀྱི་འབྲས་བུ་གང། །ཟད་བྱེད་བརྗོད་པར་འདོད་པ་དེ་ཉིད་ཀོ། གཞན་ལ་གནོད་དང་ཁྲོ་བས་སྡུག་བསྔལ་ཕྱིར། །ས་བོན་ཉིད་དུ་ཇི ་ལྟར་ཁྲིད་པར་བྱེད། །གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཚུལ་ཁྲིམས་བསྐལ་པ་བྱེ་བ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །མི་སྡུག་གཟུགས་བྱེད ་དམ་པ་མིན་པར་ཁྲིད། །རིགས་དང་མི་རིགས་རྣམ་དཔྱོད་འཕྲོག་བྱེད་ཅིང། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྒྱུར། །བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་བྱེད། །མཛེས་ཤིང་དམ་པའི་སྐྱེ་བོས་འདོད་པ་དང། །རིགས་དང་མི་རིགས ་ཤེས་ལ་མཁས་འགྱུར་ཞིང། །འདི་ལས་གཞན་དུ་ལྷ་མི་དག་ཏུ་སྐྱེ། །སོ་སོའི་སྐྱེ་བོ་དང་ནི་རྒྱལ་སྲས་ཀྱི། །ཁྲོ་དང་བཟོད་པའི་སྐྱོན་ཡོན་རིག་བྱས་ཏེ། །མི་བཟོད་སྤངས་པས་འཕགས་པའི་སྐྱེ་བོ་ཡིས། །བསྔགས་པའི་བཟོད་པ་རྟག་ཏུ ་བསྟེན་པར་བྱ། །རྫོགས་སངས་རྒྱས་ཀྱིས་བྱང་ཆུབ་ཕྱིར་བསྔོས་ཀྱང། །གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་པའོ། །དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་གསུངས། །ས་དེར་བསམ ་གཏན་མངོན་ཤེས་འབྱུང་འགྱུར་དང། འདོད་ཆགས་ཞེ་སྡང་ཡོངས་སུ་ཟད་པར་འགྱུར། །དེས་ཀྱང་རྟག་ཏུ་འཇིག་རྟེན་པ་ཡི་ནི། །འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར། །སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །རྒྱལ་སྲས་ཉི་མ་ལ་གནས་འོང་བྱེད་འདི། །རང་རྒྱུད་མུན་པ་དང ་པོར་བསལ་བྱས་ནས། །འགྲོ་བའི་མུན་པ་སེལ་བར་འདོད་པ་ཡིན། །ས་འདིར་རྣོ་བར་གྱུར་ཀྱང་ཁྲོ་མི་འགྱུར། །དབུ་མ་ལ་འཇུག་པ་ལས་འོང་བྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་གསུམ་པའོ།། །།ཡོན་ཏན་ཐམས་ཅད ་བརྩོན་འགྲུས་རྗེས་འགྲོ་ཞིང། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བརྩོན་འགྲུས་གང་དུ་འབར་བར་གྱུར་པ་ཡི། །ས་དེ་འོད་འཕྲོ་བཞི་པ་ཞེས་བྱའོ། །དེར་ནི་བདེ་གཤེགས་སྲས་ལ་རྫོགས་པ་ཡི། །བྱང་ཆུབ་ཕྱོགས་ལྷག་བསྒོམས ་པ་ལས་སྐྱེས་པའི། །སྣང་བ་ཟངས་ཀྱི་འོད་པས་ལྷག་འབྱུང་ཞིང། །བདག་ཏུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད། །དབུ་མ་ལ་འཇུག་པ་ལས་འོད་འཕྲོ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་བཞི་པའོ།། །།སྤྱང་དཀའ་ཨི ་སར་གནས་བདག་ཉིད་ཆེན་པོ་དེ། །བདུད་རྣམས་ཀུན་གྱིས་འཕམ་པར་ནུས་མ་ཡིན། །བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་ཐོབ། །དབུ་མ་ལ་འཇུག་པ་ལས་སྤྱང་དཀའ་བ་ཞེས་བྱ་བ་བྱང་ཆུབ ་སེམས་དཔའ་ཨི་སེམས་བསྐྱེད་པ་ལྔ་པའོ།། །།མངོན་དུ་ཕྱོགས་པར་མཉམ་བཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང། །རྐྱེན་ཉིད་འདི་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས ་འགོག་པ་ཐོབ་པར་འགྱུར། །ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་ད་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བར་ཁྲིད། །ཇི་ལྟར་དེ་ཡིས་ཆོས་ཟབ ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་གྲུབ་གཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །སོ་སོ་སྐྱེ་བོ་ཉད་ནའང་སྟོང་ཉིད་ཐོས། །ནང་དུ་དགའ་བ་ཡང་དང་ཡང་དུ ་འབྱུང། །དགའ་བ་ལས་བྱུང་མཆི་མས་མིག་གང་ཞིང། །ལུས་ཀྱི་བ་སྤུ་ལྡང་གྱུར་གང་ཡིན་པ། །དེ་ལ་རྫོགས་པའི་བྱང་ཆུབ་ས་བོན་ཡོད། །དེ་ཉིད་བསྟན་པའི་སྣོད་ནི་དེ་ཡིན་ཏེ། དེ་ལ་དོན་དམ་བདེན་པ་བསྟན་པར་བྱ།། ་དེ་ལ་དེ་རྗེས་འགྲོ་བའི་ཡོན་ཏན་འབྱུང། །རྟག་ཏུ་ཚུལ་ཁྲིམས་བླངས་ནས་གནས་པར་འགྱུར། །སྦྱིན་པ་གཏོང་ཞིང་སྙིང་རྗེ་བརྟེན་པར་བྱེད། །བཟོད་པ་སྒོམ་ཞིང་དགེ་བ་བྱང་ཆུབ་ཏུ། འགྲོ་བ་དགྲོལ་ཕྱིར་ཡོངས་སུ་བསྔོ་བྱེད་ཅིང། །བྱང་ཆུབ ་སེམས་དཔའ་རྣམས་ལ་གུས་པར་བྱེད། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ཐོབ་པས། །དེ་དོན་གཉེར་བས་ལམ་འདི་མཉན་པར་གྱིས། །དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ཀྱང་མིན། །གཉིས ་ཀ་ལས་མིན་རྒྱུ་མེད་པར་ཡང་འབྱུང་བ་མིན། །དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་མེད། །སྐྱེས་ཟིན་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། །སྐྱེས་བ་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་ན་ནི། །མྱུ་གུ་སོགས་ཀྱི་སྐྱེ་བ་ཐོབ་པར་མི ་འགྱུར་ཞིང། །ས་བོན་སྲིད་མཐར་ཐུག་པར་སྐྱེ་བ་ཉིད་དུ་འགྱུར། །ཇི་ལྟར་དེ་ཉིད་ཀྱིས་དེ་རྣམ་པར་འཇིག་པར་འགྱུར། །བྱེད་རྒྱུ་ས་བོན་གྱི་ལས་མྱུ་གུའི་དབྱིབས་དང་ནི། །ཁ་དོག་རོ་ནུས་སྨིན་པའི་ཐ་དད་མེད་པར་འགྱུར། །གལ་ཏེ་རང་གི ་སྔར་གྱི་ངོ་བོ་ཡོངས་བཏང་ནས། །གཞན་གྱི་ངོ་བོར་གྱུར་ན་དེ་ཉིད་ཇི་ལྟར་ཡིན། །གལ་ཏེ་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། །ས་བོན་བཞིན་དུ་མྱུ་གུ་བཟུང་དུ་མེད་པ་འམ། །ཡང་ན་དེ་བཞིན་དེ་ཡང་བཟུང་དུ་ཡོད་པར་འགྱུར།། ་དེ་ཡི་ཕྱིར་ན་དེ་དག་གཅིག་པར་ཁས་མི་བླང། །གང་ཕྱིར་རྒྱུ་ཞིག་ན་ཡང་འབྲས་བུ་མཐོང་བའི་ཕྱིར། །དེ་དག་གཅིག་ཅེས་འཇིག་རྟེན་པས་ཀྱང་ཁས་ལེན་མེད། །དེ་ཕྱིར་དངོས་པོ་བདག་ལས་འབྱུང་ཞེས་བཏགས་པ་འདི། །དེ་ཉིད ་དང་ནི་འཇིག་རྟེན་དུ་ཡང་རིགས་མ་ཡིན། །བདག་སྐྱེས་འདོད་ན་བསྐྱེད་པར་བྱ་དང་སྐྱེད་བྱེད་དང། ལས་དང་བྱེད་པོ་གཅིག་ཏུ་འགྱུར་ན་དེ་དག་ནི། །གཅིག་ཉིད་མིན་པས་བདག་ལས་སྐྱེ་བ་ཁས་བླང་བར། །བྱ་མིན་རྒྱ་ཆེར་བཤད་པའི་ཉེས ་པར་འགྱུར་ཕྱིར་རོ། །གལ་ཏེ་གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང། །ཀུན་ལས་ཐམས་ཅད་སྐྱེ་བར་འགྱུར་དེ་གང་གི་ཕྱིར། །སྐྱེ་བྱེད་མིན་པ་ཀུན་ལའང་གཞན་ཉིད་མཚུངས་ ་ཕྱིར་རོ། །རབ་ཏུ་བྱ་བར་ནུས་པ་དེ་ཕྱིར་འབྲས་བུར་དེས་བརྗོད་ཅིང། །གང་ཞིག་སྐྱེད་བྱེད་ནུས་པ་དེ་ནི་གཞན་ནའང་རྒྱུ་ཡིན་ལ། །རྒྱུད་གཅིག་རྟོགས་དང་སྐྱེད་པར་བྱེད་ལས་བསྐྱེད་པ་དེ་ཡི་ཕྱིར། །ས་ལུའི་མྱུ་གུ་ནས་ལ་སོགས་པ་དེ་ལྟ ་མིན་ཞེ་ན། །ཇི་ལྟར་ནས་དང་གེ་སར་དང་ནི་ཀེད་ཤུ་ཀ་ལ་སོགས། །ནུས་པ་མེད་དང་རྒྱུད་གཅིག་མིན་དང་འདྲ་བ་མིན་པ་དག་།ས་ལུའི་མྱུ་གུ་སྐྱེད་བྱེད་མིན་པར་འདོད་པས་དེ་བཞིན་དུ། །ས་ལུའི་ས་བོན་ཉིད་ཀྱང་དེ་བཞིན་ཉིད་དེ་གཞན་ཉིད ་ཕྱིར། །མྱུ་གུ་ས་བོན་དུས་མཉམ་ཡོད་པ་མ་ཡིན་ཏེ། །གཞན་ཉིད་མེད་པར་ས་བོན་གཞན་དུ་ག་ལ་འགྱུར། །དེས་ན་མྱུ་གུ་ས་བོན་ལས་སྐྱེ་འགྲུབ་མིན་པས། །གཞན་ལས་སྐྱེ་ཞེས་བྱ་བའི་ཕྱོགས་ནི་བཏང་བར་བྱོས། །ཇི་ལྟར་སྲང་གྱི་མངའ་གཉིས ་མཐོ་དང་དམའ་བ་དག། དུས་མཉམ་མ་ཡིན་མིན་པར་མཐོང་བ་དེ་བཞིན་དུ། །བསྐྱེད་བྱ་སྐྱེད་བྱེད་དག་གིས་སྐྱེ་འགག་འགྱུར་ཞེ་ན། །གལ་ཏེ་དུས་གཅིག་ཡིན་ན་འདིར་དུས་གཅིག་མེད་དེ། །སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པས་ཡོད་མིན ་ཞིང། །འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་གྱུར་པ། །དེ་ཚེ་འདིར་ནི་ཇི་ལྟར་སྲང་དང་མཚུངས་པ་ཡིན། །སྐྱེ་བ་འདིར་ནི་བྱེད་པོ་མེད་པར་རིགས་མ་ཡིན། །མིག་གི་བློ་ལ་རང་གི་སྐྱེད་བྱེད་དུས་གཅིག་པ། །མིག་ལ་སོགས་དང་ལྷན ་ཅིག་འབྱུང་བ་འདུ་ཤེས་ལས། །གཞན་ཉིད་ཡོད་ན་ཡོད་ལ་འབྱུང་བས་དགོས་ཅི་ཡོད། །དེ་མེད་ཅེ་ན་འདི་ལ་ཉེས་པ་བཤད་ཟིན་ཏོ། །སྐྱེད་བྱེད་བསྐྱེད་བྱ་གཞན་བསྐྱེད་པ་དེ་རྒྱུ་ཡིན་ན། །ཡོད་མེད་གཉིས་དང་གཉིས ་ཀ་མིན་པ་བསྐྱེད་འགྱུར་གྲངས། །ཡོད་ན་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ལ་ཅི་བྱ་གཉིས་དང་བྲལ་བའང་དེས་ཅི་བྱ། །རང་ལྟ་ལ་གནས་འཇིག་རྟེན་ཚད་མར་འདོད་པ་ན། །འདིར་ནི་རིགས་པ་བརྗོད་པ་ཉིད་ཀྱིས་ཅི་ཞིག་བྱ།། ་གཞན་ལས་བྱུང་བའང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཏེ། །དེས་ན་གཞན་སྐྱེ་ཡོད་འདིར་རིགས་པ་ཅི་ཞིག་བྱ། །དངོས་ཀུན་ཡང་དག་མཐོང་བའི་འཁྲུལ་པ་ཡིས། །དངོས་སྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ ་གང་ཡིན་དེ་ཉིད་དེ། །མཐོང་བ་འཁྲུལ་པའི་ཀུན་རྫོབ་བདེན་པར་གསུངས། །མཐོང་བ་འཁྲུལ་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱིས་ཤེས་པ་ནི། །དབང་པོ་ལེགས ་གྱུར་ཤེས་པ་ལོག་པར་འདོད། །གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱི། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག་།མི ་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང། སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །མིག་ནི་རབ་རིབ་ཅན་གྱིས་མཐོང ་བ་ཡིས། །རབ་རིབ་མེད་ཅེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བདེན་པར་མཐོང་བའི་བཅོས་མ ་དེ། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་བའི་དངོས་ནི་ཀུན་རྫོབ་ཏུའོ། །རབ་རིབ་མཐུ་ཡིས་སྐྲ་བཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང ་དེ་དེ་ཉིད་དེ་བཞིན་འདིར་ཤེས་ཀྱིས། །གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །རྣམ་ཀུན་འཇིག ་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད ་ཅེས་སྨྲ་བྱེད་ཅིང། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང། །མྱུག ་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །གལ་ཏེ་རང་གི་མཚན་ཉིད་བརྟེན་འབྱུང་ན། དེ་ལ་བཀུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །གང་ཕྱིར་དངོས་པོ་འདི ་དག་རྣམ་དཔྱད་ན། །དེ་བཞིན་ཉིད་ཀྱི་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །དེ་ཉིད་སྐབས་སུ་རིག་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བའང་རིགས་མིན ་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་བལྟོས་རྣམས་མ་གྲགས་པའང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས ་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་པ། དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང། །སྟོང་པ་ཉིད་ལས་རབ་ཏུ་སྐྱེ་བར་འགྱུར། །བདེན་པ་གཉིས་སུ་འང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ ་མ་ཡིན་ཆད་པའང་མིན། །གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིངས་ལོན་ལས་ཀྱང། །འབྲས་བུ་ཡང་དག་འབྱུང་བར་རིགས་པར་གྱིས། །རྨི་ལམ་དམིགས ་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཇི་ལྟར་ཡུལ་ནི་མེད་པ་ཉིད་མཚུངས་ཀྱང། །རབ་རིབ་ཅན་གྱིས་སྐྲ་ཤད ་རྣམ་པར་ནི། །མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར། །དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་ཀྱིས། །དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོ་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང། །དགེ་མི་དགེ་བློ་མེད་པ་ཐར་འགྱུར་ཏེ།། ་མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར། །ལས་འབྲས་རྣམས་ལ་སེམས་དཔའ་དགག་པ་མཛད། །ཀུན་གཞི་ཡོད་ཅིང་གང་ཟག་ཡོད་ཉིད་ལས། །ཕུང་པོ་འདི་དག་འབའ་ཞིག་ཉི་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན།། ་རིགས་པར་མི་འགྱུར་གང་ཡིན་དེ་ལའོ། །འཇིགས་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་བསྟན་པ་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །བཟུང་བ ་མེད་པར་འཛིན་པ་མ་མཐོང་ཞིང། །སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་རྟོགས་པས། །ཤེས་རབ་ལ་གནས་བྱང་ཆུབ་སེམས་དཔའ་དེས། །རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། །ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི། །ཆེ ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱིས་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པ་རྣམ་ཤེས་ཙམ་ཞིག་འབྱུང། །དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང། །ཕྱི་རོལ་བཟུང་བ་མེད ་པར་འབྱུང་འགྱུར་ལ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཕྱི་རོལ་མེད་སེམས་དཔེར་ན་གང་དུ་ཡོད། །རྨི་ལམ་ཇི་བཞིན་ཞེ་ན་དེ་བསམ་བྱ། །གང་ཚེ་ང་ལ་རྨི་ལམ་ན་ཡང་སེམས། །ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །གལ་ཏེ་སད་ཚེ ་རྨི་ལམ་དྲན་ལས་ཡིད། །ཡོད་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར། །ཇི་ལྟར་ཁྱོད་ཀྱིས་ངས་མཐོང་དྲན་སྙམ་པ། །དེ་འདྲ་ཕྱི་རོལ་ལ་ཡང་མཚུངས་པ་ཡིན། །གལ་ཏེ་གཉིད་ནི་མིག་བློ་མི་སྲིད་པས། །ཡོད་མིན་ཡིད་ཀྱི་ཤེས་པ་ཁོ་ན་ཡོད། །དེ ་ཡི་རྣམ་པ་ཕྱི་རོལ་ཉིད་དུ་ཞེན། །རྨི་ལས་ཇི་ལྟ་བཞིན་དུ་འདིར་འདོད་ན། །ཇི་ལྟར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ། །མ་སྐྱེས་དེ་བཞིན་ཡིད་ཀྱང་སྐྱེས་མ་ཡིན། །མིག་དང་མིག་གི་ཡུལ་དང་དེས་བསྐྱེད་སེམས། །གསུམ་པོ་ཐམས་ཅད་ཀྱང་ནི་རྫུན་པ་ཡིན། །རྣ ་སོགས་གསུམ་པོ་ལྷག་མའང་སྐྱེ་བ་མེད། །རྨི་ལམ་ཇི་ལྟ་བཞིན་དུ་སད་འདིར་ཡང། །དངོས་རྣམས་རྫུན་ཡིན་སེམས་དེ་ཡོད་མ་ཡིན། །སྤྱོད་ཡུལ་མེད་ཅིང་དབང་པོ་རྣམས་ཀྱང་མེད། །འདི་ནི་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་ལས་སད་དེ་དེ་བཞིན་ནོ། །དབང་པོ་རབ་རིབ་བཅས་པས་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་བལྟོས་གཉིས་ཆར་བདེན་པ་དེས། ་དོན་གསལ་མཐོང་ལ་གཉིས་ཀ་འང་རྫུན་པ་ཡིན། །གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། །སྐྲ་དེའི་ཡུལ་དང་མིག་ནི་རྗེས་འབྲེལ་པའི། །རབ་རིབ་མེད་ལའང་སྐྲ་ཤད་བློར་འགྱུར་ན། དེ་ལྟ་མ་ཡིན་དེ་ཕྱིར་དེ་ཡོད་མིན། །གང་ཕྱིར་མཐོང་བ ་དག་ལ་བློ་ནུས་ནི། །སྨིན་མེད་དེ་ཕྱིར་དེ་ལ་བློ་མི་འབྱུང། །ཤེས་བྱ་ཡོད་དངོས་བྲལ་བས་མིན་ཞེ་ན། །ནུས་དེ་མེད་པས་འདི་ནི་འགྲུབ་མ་ཡིན། །སྐྱེས་ལ་ནུས་པ་སྲིད་པ་ཡོད་མ་ཡིན། །མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན ་ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། །མོ་གཤམ་བུ་ལའང་དེ་ནི་ཡོད་པར་ཐལ། །གལ་ཏེ་འབྱུང་བར་འགྱུར་བས་བསྙད་འདོད་ན། །ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད། །ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །གྲུབ་ཉིད་མིན ་ཞེས་དམ་པ་རྣམས་ཀྱིས་གསུངས། །གལ་ཏེ་འགག་པའི་དུས་མིན་ལས་གྱུར་ན། །གཞན་གྱིས་ནུས་པ་ལས་གཞན་འབྱུང་བར་འགྱུར། །རྒྱུན་ཅན་རྣམས་དེར་ཕན་ཚུན་ཐ་དད་ཡོད། །དེ་ཕྱིར་ཀུན་ལས་ཐམས་ཅད་འབྱུང་བར་འགྱུར། གལ ་ཏེ་འདིར་ནི་རྒྱུན་ཅན་ཐ་དད་ཀྱི། །དེ་དག་ལ་རྒྱུན་ཐ་དད་མེད་དེའི་ཕྱིར། །ཉེས་མེད་ཅེ་ན་འདི་ནི་བསྒྲུབ་བྱ་ཞིག་།ཐ་མི་དད་པའི་རྒྱུན་སྐབས་མེད་ཕྱིར་རོ། །བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་རྟོགས་མིན ་ཏེ། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་རྟོགས་པར་རིགས་མ་ཡིན། མིག་བློ་སྐྱེ་བའི་རང་ནུས་གང་ཞིག་ལས། །དེ་མ་ཐག་ཏུ་དེ་ནི་སྐྱེ་འགྱུར་ཞིང། །རང་གི་རྣམ་ཤེས་བརྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས ་བྱ་བར་རྟོགས། །འདི་ན་དབང་པོ་ལས་བྱུང་རྣམ་པར་རིགས། །ཕྱེ་བཟུང་མེད་བར་རང་གི་ས་བོན་ལས། །སྔོན་སོགས་སྣང་ཉིད་འབྱུང་བར་མ་རྟོགས་ནས། །སྐྱེ་བོས་ཕྱི་རོལ་བཟུང་བར་སེམས་ཁས་ལེན། །རྨི་ལམ་ནི་ནི་གཟུགས་དོན་གཞན ་མེད་པར། །རང་ནུས་སྨིན་ལས་དེ་ཡི་རྣམ་ཅན་སེམས། །འབྱུང་བ་ཇི་ལྟ་བ་དེ་བཞིན་སད་ལའང་འདིར། །ཕྱི་རོལ་མེད་པར་ཡིད་ནི་ཡོད་ཅེ་ན། །ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ། །སྔོན་སོགས་སྣང་བའི་ཡིད་སེམས་འབྱུང་དེ་ལྟར། མིག་དབང ་མེད་པར་རང་གི་ས་བོན་ནི། །སྨིན་ལས་ལོང་བ་ལ་འདིར་ཅི་མི་སྐྱེ། །གལ་ཏེ་ཁྱོད་ལྟར་རྨི་ལམ་དྲུག་པ་ཡི། །ནུས་པ་སྨིན་ཡོད་སད་པར་མེད་འགྱུར་ན། །དྲུག་པའི་ནུས་སྨིན་ཇི་ལྟར་འདིར་མེད་བ། །དེ་ལྟར་རྨི་ཚེ་མེད་ཅེས་ཅིས་མི་རིགས་ཇི་ལྟར་མིག ་མེད་འདི་ཡི་རྒྱུ་མིན་ལྟར། །རྨི་ལམ་དུ་ཡང་གཉིད་ནི་སྒྱུ་མ་ཡིན། །དེ་ཕྱིར་རྨི་ལམ་དུ་ཡང་དེ་དངོས་མིག་།རྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླངས། འདི་ཡི་ལན་ནི་གང་དང་གང་བཏབ་པ། །དེ་དང་དེ་ནི་དམ་བཅའ་མཚུངས་མཐོང ་བ། རྩོད་འདི་སེལ་བྱེད་སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །རྣལ་འབྱོར་བ་ཡིས་བླ་མའི་མན་ངག་ལས། །ཀེང་རུས་ཀྱིས་གང་ས་གཞི་མཐོང་བ་གང། །དེར་ཡང་གསུམ་ཆར་སྐྱེ་བ་མེད་པར་མཐོང།། ་ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ། །ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟར་བར། དེ་ལྟར་མི་སྡུག་ཡིད་ཀྱིས་ཡང་འགྱུར་ན། །དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས། །རྟོགས་འགྱུར་དེ་ནི་རྫུན་པར་ཡང་མི་འགྱུར། །རབ་རིབ་དང་ལྡན ་དབང་པོ་ཅན་མཚུངས་བ། །ཆུ་འབབ་ཀླུང་ལ་ཡི་དྭགས་ནག་བློ་ཡང། །མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །གལ་ཏེ་བཟུང་མེད་འཛིན་པ་དང་བྲལ་ཞིང། །གཉིས་ཀྱིས་སྟོང་པའི་གཞན་དབང ་དངོས་ཡོད་ན། །འདི་ཡི་ཡོད་ཉིད་གང་གིས་ཤེས་པར་གྱིས། །མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང། །དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །གལ་ཏེ་ཕྱི་དུས་དྲན་ལས་འགྲུབ་ཅེ་ན། །མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །མ་གྲུབ་འདི ་ནི་སྒྲུབ་པར་བྱེད་པ་མིན། །རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །དེ་ལྟའང་དྲན་པའི་བྲན་པ་རིགས་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །གང་ཕྱིར་གང་གི་ཡུལ་མྱོང་གྱུར ་དེ་ལས། །བདག་ལས་དྲན་པ་གཞན་ཡོད་མ་ཡིན་པ། །དེ་ཕྱིར་བདག་གིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །དེ་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཁྱོད་ཀྱི་གཞན་དབང་གང ་གིས་འཛིན་པར་འགྱུར། །བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །བདག་ཅག་གཞན་དབང་ངོ་བོ་དངོས་ཡོད་ན། །གང་གིས་ན་འདི་ཡོད་པར་མི་འདོད་པ། །ཁྱོད ་ལ་མོ་ཤམ་བུས་གནོད་ཅི་ཞིག་བསྐྱལ། །གང་ཚེ་གཞན་དབང་ཅུང་ཟད་ཡོད་མིན་ན། །ཀུན་རྫོབ་བདེན་པའི་རྒྱུར་ནི་གང་ཞིག་འགྱུར། །གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡིས། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག། ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན། །ཐ་སྙད་བདེན་པ་ཐབས་སུ་གྱུར་བ་དང། དོན་དམ་བདེན་པ ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག ་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་པར་བྱེད། །ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པས། །དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར། །འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི། །འཇིག་རྟེན་ལས་ཀྱང་ཡོད་ཅེས ་བདག་མི་སྨྲ། །གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་བལྟོས་འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་རྩོད་གྱིས་ཤིག་དང། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །མངོན་གྱུར་མངོན་ཕྱོགས ་བྱང་ཆུབ་སེམས་དཔའ་ཡིས། །སྲིད་གསུམ་རྣམ་ཤེས་ཙམ་དུ་གང་རྟོགས་པ། །རྟག་བདག་བྱེད་པོ་བཀག་པ་རྟོགས་ཕྱིར་དེས། །བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། །དེ་ཕྱིར་བློ་ལྡན་བློ་ནི་འཕེལ་བའི་ཕྱིར། །ལང་ཀར་གཤེགས་མོར? ་དེ་ལས་ཀུན་མཁྱེན་གྱིས། མུ་སྟེགས་རི་བོ་སྤོ་མཐོན་འཇོམས་བྱེད་དག་།རྡོ་རྗེ་འདི་ནི་དགོངས་པ་བཅད་ཕྱིར་གསུངས། །ཇི་ལྟར་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱི་གང་ཟག་སོགས་དེ་དག་།སྨྲས་པ་དེ་དག་བྱེད་པོར་མེད ་གཟིགས་ནས། །རྒྱལ་པོས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །ཇི་ལྟར་དེ་ཉིད་རྟོགས་ལ་སངས་རྒྱས་བསྙད། །དེ་བཞིན་སེམས་ཙམ་གཙོར་གྱུར་འཇིག་རྟེན་ལ། །མདོ་ལས་སེམས་ཙམ་ཞེས་གསུངས་གཟུགས་ནི་འདིར། །འགོག ་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས། །དེ་ལས་གཟུགས་ཉིད་དགག་པ་མཛད་ན་ནི། །སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས། །མ་རིག་ལས་ལས་སྐྱེས་པར་ཅི་ཕྱིར་གསུངས། །སེམས་ཉིད ་ཀྱིས་ནི་སེམས་ཅན་འཇིག་རྟེན་དང། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལ་སྐྱེ་བར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །འདི་ལྟར་གཟུགས་ཡོད་མེད་ཀྱི་དེ་ལ་ནི། །སེམས་བཞིན ་བྱེད་པ་པོ་ཉིད་ཡོད་མ་ཡིན། །དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། །བཟློག་གི་གཟུགས་ནི་བཀག་པ་མ་ཡིན་ནོ། །འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་དེ་ལྔ་ཆར་ཡོད། །དེ་ཉིད་ཡེ་ཤེས་འཆར་བར་འདོད ་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག་།སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག་།དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི ་ཆོས་ལས་གསུངས་སོ། །བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང། །ཁྱོད་ཀྱི་རྫས་ནི་བཀག་པར་འགྲུབ་མི་འགྱུར། དེ་ཕྱིར་དེ་ལྟའི་རིམ་པས་དངོས་གདོད་ནས། །དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། །མདོ ་སྡེ་གང་ལས་ཕྱི་རོལ་དོན་ཡོད་མིན། །སེམས་ཉིད་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །གཟུགས་ལ་ལྷག་པར་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། །འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང། །འདི་ནི་དྲང་དོན ་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཤེས་བྱ་མེད་ན་ཤེས་པ་གསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱ་སྟེ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །རང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང། །སྟོང་ཉིད་དོན་ཅན་ངེས་དོན་ཡང་ཤེས་ཀྱིས། །གཉིས་ལས་སྐྱེ་བའང ་རིགས་པ་མ་ཡིན་གང་གི་ཕྱིར། བཤད་ཟིན་ཉེས་པ་ཐོག་ཏུ་འབབ་པ་ཉིད་ཕྱིར་རོ། འདི་ནི་འཇིག་རྟེན་དང་ནི་དེ་ཉིད་དཱུང་འཐ་མིན་ཏེ། །གང་ཕྱིར་རེ་རེ་ལས་སྐྱེས་གྲུབ་པ་མེད་ཕྱིར་རོ། །གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་འགྱུར་ན་ནི། །དེ་ཚེ་ཀུན་ལས་ཐམས ་ཅད་རྟག་ཏུ་སྐྱེ་འགྱུར་ཞིང། །འཇིག་རྟེན་པ་དག་འབྲས་བུ་འགྲུབ་ཕྱིར་ས་བོན་སོགས། །བརྒྱ་ཕྲག་སྒོ་ནས་སྡུད་བྱེད་པར་ཡང་མི་འགྱུར་རོ། །གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་ན་ནམ་མཁའ་ཡི། །ུཏཱལ་དྲི་མདོག་ཇི་བཞིན་བཟུང་དུ་མེད་འགྱུར་ན། །ཤིན་ཏུ་བཀྲ ་བའི་འཇིག་རྟེན་འཛིན་པའང་ཡིན་དེའི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་བྱུང་ཤེས་ཀྱིས། །འབྱུང་བ་དེ་དག་བདག་ཉིད་གང་ཞིག་ཁྱོད་ཀྱིར་པྲའི། །ཡུལ་དུ་འགྱུར་བ་དེ་ཡི་བདག་ཅན་མ་ཡིན་ན། །གང་ལ་ཡིད་ཀྱི་མུན་འཐུག་འདི་ཉིད་དུ་ཡོད ་པ། །དེས་ནི་ཇི་ལྟར་འཇིག་རྟེན་ཕ་རོལ་རྟོགས་པར་འགྱུར། འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱེའི་རང་བཞིན་ལོག་པར་ལྟ་བ་རྟག་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་བརྟེན་མཚུངས་ལུས་ལྡན་ཕྱིར། །གང་ཚེ་འབྱུང་བའི་ཡིད་ཉིད ་ཁས་ལེན་དེ་ཆེ་བཞིན། །འབྱུང་བ་དེ་དག་ཇི་ལྟར་མེད་པ་བཤད་ཟིན་ཏེ། གང་གི་ཕྱིར་ན་གོང་དུ་རང་གཞན་གཉིས་ཀ་དང། །རྒྱུ་མེད་སྐྱེ་བ་ཐུན་མོང་དུ་ནི་བཀག་ཟིན་ཕྱིར། །མ་བཤད་འབྱུང་བ་ལྟ་ཞིག་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ན་བདག་གཞན ་གཉིས་ཀ་ལས་སྐྱེས་དང། །རྒྱུ་ལ་མ་བལྟོས་མེད་པས་དངོས་རྣམས་རང་བཞིན་བྲལ། །གཏི་མུག་སྟུག་པོ་སྤྲིན་ཚོགས་ལྟ་བུས་འཇིག་རྟེན་དག་།བསྒྲིབས་པ་དེས་ན་ཡུལ་རྣམས་ལོག་པ་སྣང་བར་འགྱུར།།རབ་རིབ་མཐུ་ཡིས་འགའ་ཞིག་སྐྲ ་ཤད་ཟླ་གཉིས་དང། །རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་འཛིན་བྱེད་པ། །དེ་བཞིན་དུ་ནི་གཏི་མུག་དབང་གིས་མི་མཁས་པས། །བློ་ཡིས་འདུས་བྱས་སྣ་ཚོགས་དག་ནི་རྟོགས་པར་འགྱུར། །ལས་ནི་གཏི་མུག་བརྟེན་འབྱུང་གཏི་མུག ་མེད་བར་དེ། མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོགས་ཉིད་ལ། །བློ་བཟང་ཉི་མ་མུན་པ་སྟུག་པོ་རྣམ་པར་བསལ་བ་ཡི། །མཁས་པ་དག་ནི་སྟོང་ཉིད་རྟོགས་ནས་གྲོལ་བར་འགྱུར། །གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང ་མོ་གཤམ་བུ་ཇི་བཞིན། །དེ་དག་མེད་པ་ཉིད་དུ་འགྱུར་དེའི་ཕྱིར། །དེ་དག་རང་བཞིན་གྱིས་ནི་ཡོད་ཅེ་ན། གང་དག་རབ་རིབ་ཅན་སོགས་ཡུལ་གྱུར་པ། །སྐྲ་ཤད་ལ་སོགས་དེ་དག་མ་སྐྱེས་པས། །རེ་ཞིག་དེ་དག་ཉིད་ལ་བརྩད་བྱས་ཏེ། ཕྱི་ནས ་མ་རིག་རབ་རིབ་རྗེས་འབྲེལ་ལའོ། །གལ་ཏེ་རྨི་ལམ་དྲི་ཟའི་གྲོང་ཁྱེར་བཅས། །སྨིག་རྒྱུའི་ཆུ་དང་མིག་འཁྲུལ་གཟུགས་བརྙན་སོགས། །སྐྱེ་མེད་མཐོང་ན་ཡོད་མེད་མིན་མཚུངས་ཀྱང། །ཁྱོད་ལ་ཇི་ལྟར་དེར་འགྱུར་དེ་མི་རིགས། །དེ་ཉིད་དུ་འདི་ཇི ་ལྟར་སྐྱེ་མེད་ཀྱང། །མོ་གཤམ་བུ་ལྟར་གང་ཕྱིར་འཇིག་རྟེན་གྱི། །མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་ལ། །དེ་ཡི་ཕྱིར་ན་སྨྲས་འདི་མ་ངེས་པའོ། །མོ་གཤམ་བུ་ལ་རང་བཞིན་སྐྱེ་བ་ནི། །དེ་ཉིད་དུ་མེད་འཇིག་རྟེན་དུ ་ཡང་མེད། །དེ་བཞིན་དངོས་ཀུན་རང་བཞིན་གྱིས་སྐྱེ་བ། །དེ་ཉིད་དུ་མེད་འཇིག་རྟེན་དུ་ཡང་མེད། །དེ་ཕྱིར་འདི་ལྟར་སྟོན་པས་ཆོས་རྣམས་ཀུན། །གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། །ཡོངས་སུ་མྱ་ངན་འདས་པར་གསུངས་གྱུར་པ། ་དེ་ཕྱིར་རྟག་ཏུ་སྐྱེ་བ་ཡོང་མ་ཡིན། །ཇི་ལྟར་བུམ་སོགས་འདི་དག་དེ་ཉིད་དུ། །མེད་ཅིང་འཇིག་རྟེན་རབ་ཏུ་གྲགས་པར་ཡོད། །དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། །མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །གང་ཕྱིར་རྒྱུ ་མེད་པ་དང་དབང་ཕྱུག་གི་།རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག ་པར་མི་ནུས་པ། །དེ་ཕྱིར་བརྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཛའ་དག་གཅོད་པར་བྱེད། །རྟོགས་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། དངོས་པོ་ཇི་ལྟར་མེད་པར་ཡོད་སྤྱད་ཟིན། །དངོས་པོ་མེད་པར་འདི་རྣམས ་མི་འབྱུང་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །སོ་སོའི་སྐྱེ་བོ་རྣམས་ནི་རྟོགས་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོགས་རྣམས་ལོག་པར་འགྱུར་བ་གང་ཡིན་ཏེ། རྣམ་པར་དཔྱོད་པའི་འབྲས ་བུར་མཁས་རྣམས་གསུངས། །བསྟན་བཅོས་ལ་དཔྱད་རྩོད་ལ་ཆགས་པའི་ཕྱིར། མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །རང་གི་ལྟ་ལ་ཆགས ་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམས་བསལ་ཏེ། རྣམ་པར་དཔྱོད་ན་མྱུ་དུ་གྲོལ་བར་འགྱུར། །ཉོན་མངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་པར་བློ་ཡིས་མཐོང་གྱུར ་ཞིང། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག། ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་རྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས ་ལུགས་ནི་ཐ་དད་འགྱུར། །མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང། འདི་ནི་ངར་འཛིན་རྟེན་དཱུང་མི་རིགས་ལ། འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས ་དེའི་ཁྱད། །མུ་སྟེགས་རྣམས་ཀྱིས་གང་བསྟན་དེ་ཀུན་ལ། །རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །དེ་ཕྱིར་དེ་ཁྱད་ཀུན་ཀྱང་ཡོད་མ་ཡིན། །དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར།། ་འཇིག་རྟེན་ངར་འཛིན་བློ་ཡི་བརྟེན་དུ་ཡང། །མི་འདོད་དེ་མི་ཤེས་པའང་བདག་ལྟའི་ཕྱིར། །གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། དེས ་ན་ཕུང་པོ་ལས་གཞན་བདག་བཀའ་མེད། །ཕུང་པོ་ལས་གཞན་བདག་གྲུབ་མེད་པའི་ཕྱིར། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ནའོ། །ཁ་ཅིག་བདག་ལྟའི་བརྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་ཤིགའདོད། །གལ་ཏེ ་ཕུང་པོ་བདག་ན་གང་ཕྱིར་དེ། མངས་པས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན ་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །རྒྱུད་གཅིག་ཡིན་པས་སྐྱོན་དེ་མེད་ཅེ་ན། །རྒྱུད་གཅིག་ཉིད་ལ་ཉེས་པ་བཤད་ཟིན་ཏོ། །དེ ་ཕྱིར་ཕུང་པོ་དང་སེམས་བདག་མི་རིགས། །འཇིག་རྟེན་མཛའ་དང་ལྡན་སོགས་མེད་ཕྱིར། །ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ལ། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི ་སེམས་སམ་ཕུང་པོ་བདག་མི་འགྱུར། །ཁྱོད་ཀྱིས་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཚོགས་སོགས། །སྐྱེ་འགྱུར་དེ་ཡི ་ངོ་བོ་རྟོགས་མེད་ཕྱིར། །གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན། །དེ་ནི་ཕུང་ལས་གཞན་བདག་འགོག་པ་སྟེ། །གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ། །གང ་ཕྱིར་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང། །མ་ཡིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང། །མིན་པར་མདོ་གཞན་ལས་གསུངས་དེ་ཡི་ཕྱིར། །མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན། །ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས ་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །མགོན་མིན་འདུལ་བ་འམ་དབང་པོ་ཉིད་ཀྱང་མིན། །དེ་མེད་ཕྱིར་དེ་ཚོགས་པ་མ་ཡིན་ནོ། །དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། །མདོ ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །དབྱིབས་སོ་ཞེ་ན་གཟུགས་ཅན་ལ་ཡོད་པས། །དེ་དག་ཉིད་ལ་བདག་ཅེས་ཁྱོད་འདོད་ཀྱི། །སེམས་ལ་སོགས་པ་འདུས་པའི་ངོ་བོ་ནི། །བདག་མིན ་འགྱུར་ཏེ་དེ་ལ་དབྱིབས་མེད་ཕྱིར། །ཉེ་བར་ལེན་པོ་བླངས་བྱ་དངོས་གཅིག་ཏུ། །མི་རིགས་ལས་དང་བྱེད་པོ་གཅིག་འགྱུར་ཕྱིར། །བྱེད་པོ་མེད་ལ་ལས་ནི་ཡོད་ཅེ་ན། །མ་ཡིན་བྱེད་པ་མེད་ལས་མིན་ཕྱིར་རོ། །གང་ཕྱིར་ཐུབ་པས་བདག་ངེས་ས་ཆུ་མ ་རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ། །ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཞིང། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །ངེས་གསུངས་དེ་ཕྱིར་དེ་ནི་དེ་ནི་དེ་རྣམས་དང། །དེ་ཉིད་མ་ཡིན ་ཚོགས་ཙམ་ཉིད་མིན་ཏེ། །དེ་ཕྱིར་དེ་དག་རྣམས་ལ་དར་མི་རིགས། །བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང། འདི་ནི་དར་འཛིན་རྟེན་དཱུང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །ཅིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚན ་རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། ཀྱེ་མ་གཞན་གྱི་གནམ་པར་གྱུར་ཉིད་དོ། །ཕུང་པོར་བདག་ཡོད་མ་ཡིན་བདག་ལ་ཡང། །ཕུང་པོ ་དེ་རྣམས་ཡོད་མིན་གང་གི་ཕྱིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེ་ཕྱིར་འདི་རྟོག་པའོ། །བདག་ནི་གཟུགས་དང་ལྡན་མིན་མེད་པའི་ཕྱིར། །དེ་ཕྱིར་དན་དོན་སྦྱོར་བ་མེད་པ་ཅན། །གཟུགས་ཅན་ཐ་དད་ཐ ་དང་མིན་བརྗོད་ལ། །བདག་ནི་གཟུགས་ལས་དེ་ཉིད་གཞན་མེད་ཕྱིར། །གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །དེ་དག་བདག ་ཏུ་ལྟ་བ་ཉི་ཤུར་འདོད། །བདག་མེད་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཡིས། །བཅོམ་པའི་བདག་དང་ལྷན་ཅིག་འཇིག་འགྱུར་བ། །འཇིག་ཚོགས་ལྟར?་བསྟན་པ་ལ་གནས་པའི། །རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ། །ཁ་ཅིག་གང་ཟག་རྫས་ཡོད་དེ་ཉིད་གཞན ་རྟག་དང་མི་རྟག་བརྗོད་དུ་མེད་འདོད་དེ། །རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང། །དེ་ནི་བདག་ཏུ་འཛིན་པའི་གཞིར་ཡང་འདོད། །གང་ཕྱིར་དངོས་ཡོད་བརྗོད་མེད་མ་ཡིན་པས། །གཟུགས་ལས་སེམས་བརྗོད་མེད་པར ་མི་རྟོགས་པ། །དེ་བཞིན་བདག་འགའ་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་བརྗོད་དུ་མེད་པ་ཉིད་མི་འགྱུར། །ཇི་ལྟར་བུམ་པའི་དངོས་པོ་གཟུགས་སོགས་ལས། །བརྗོད་དུ་མེད་པའི་རང་བཞིན་མེད་འགྱུར་བཞིན། །བདག་གང་ཕུང་པོ་ལས ་བརྗོད་མེད་འགྱུར་ཏེ། ངོ་བོ་ཉིད་ཀྱིས་ཡོད་པར་རྟོགས་མི་འགྱུར། །རྣམ་ཤེས་དངོས་ཡོད་རང་ལས་གཞན་མིན་དང། གཟུགས་སོགས་རྣམས་ལས་གཞན་དུ་གྱུར་འདོད་ཅིང། །དངོས་ལ་རྣམ་པ་དེ་གཉིས་མཐོང་གྱུར་པ། །བདག་ནི་མེད་དེ ་དངོས་ཆོས་དང་བྲལ་ཕྱིར། །དེ་ཕྱིར་ངར་འཛིན་བརྟེན་ནི་དངོས་པོ་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོའི་རྟེན་མིན་འདི་ནི་དེ་ལྡན་མིན། །འདི་ནི་ཕུང་རྣམས་བརྟེན་ནས་འགྲུབ་པར་འགྱུར། །ཤིང་རྟ་རང་གི་ཡན་ལག་ལས་གཞན ་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང། །ཡན་ལག་ལ་ཡིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་སྔར་བཞིན་ནོ། །གལ་ཏེ་ཚོགས་ཙམ་ཤིང་ལྟར་འགྱུར་ན་ནི། །སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་འགྱུར།། ་གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག་།མེད་པས་ཚོགས་ཙམ་ཤིང་རྟར་རིགས་པའང་མིན། །གལ་ཏེ་ཡན་ལག་གི་དབྱིབས་སྔར་ཡོད་པ། ཇི་བཞིན་ཤིང་རྟར་གཏོགས་ལའང་དེ་བཞིན་ན། །དེ་དག་དབྱེ་བར་གྱུར་ལ་ཇི་ལྟ་བར། །ད ་ལྟ་ཡང་ནི་ཤིང་རྟ་ཡོད་ན་ནི་འགྱུར། །གལ་ཏེ་ཤིང་རྟའི་དུས་ན་ཡན་ལག་ལ། །སྔར་ལས་དབྱིབས་ཀྱི་ཁྱད་པར་གཞན་ཡོད་ན། །གཟུང་ཡོད་འགྱུར་ན་ཡོད་མིན་དེ་ཡི་ཕྱིར། །ཡན་ལག་གི་དབྱིབས་ཤིང་རྟ་ཉིད་མ་ཡིན། །གང་ཕྱིར་ཁྱོད་ཀྱི་ཚོགས ་པ་ཅན་མེད་པ། །དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདིར་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར། །ཁྱོད་ཀྱིས་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི ་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས། །འདིས་ནི་གཟུགས་སོགས་དེ་ལྟར་གནས་རྣམས་ལ། །བུམ་བློ་ཞེས་བྱ་འང་རིགས་བའང་མ་ཡིན་ཉིད། །སྐྱེ་བ་མེད་པས་གཟུགས་སོགས་ཀྱང་ཡོད་མིན། །དེ་ཡི་ཕྱིར་ཡང་དེ་དག ་དབྱིབས་མི་རིགས། །དེ་ནི་དམ་པའི་དོན་དང་ཀུན་རྫོབ་ཏུ། །རྣམ་པ་བདུན་གྱིས་གྲུབ་འགྱུར་མིན་མོད་ཀྱི། །ནམ་དབྱད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཤིང་རྟ་ཉིད་ནི་ཡན་ལག་ཅན་ཉིད་དང། །ཆ་ཤས ་ཅན་དང་བྱེད་པ་པོ་ཉིད་དང། །ལེན་པ་ཉིད་དཱུང་འཇིག་རྟེན་ལ་གྲུབ་པས། །འཇིག་རྟེན་གྲགས་པའི་ཀུན་རྫོབ་དགག་མི་བྱ། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར ་བས། འདིར་དེའི་གྲུབ་པའང་དེ་བཞིན་འདོད་པར་བྱེད། །ཤིང་རྟ་མེད་ན་དེ་ཚེ་ཡན་ལག་ཅན། །མེད་པས་དེ་ཡི་ཡན་ལག་ཀྱང་ཡོད་མིན། །བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་ནི། །ཤིང་རྟ་ཆིག་པའི་ཡན་ལག་བཞིན་དུ་མེད། །དེ་བཞིན་འཇིག་རྟེན་གྲགས ་པས་ཕུང་པོ་དང། །ཁམས་དད་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །དངོས་ཡོད་མིན་ཕྱིར་འདི་ནི་བརྟན་མིན་ཞིང། །མི་བརྟན་ཉིད་མིན་འདི་ནི་སྐྱེ་འཇིག་མིན། །འདི ་ལ་རྟག་པ་ཉིད་ལ་སོགས་པ་ཡང། །ཡོད་མིན་དེ་ཉིད་དང་ནི་གཞན་ཉིད་མིན། །གང་ལ་རྟག་ཏུ་འགྲོ་རྣམས་དང་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ད་ཡིར་འཛིན་བློ་འབྱུང་བ་བདག་དེ་ནི། །མ་རྟགས་གྲགས་པར་གཏི་མུག་ལས ་ཡིན་ནོ། །གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་ཉིད་མེད་པར་བདག་གིར་མེད། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་བ་དེ་རྣམ་པར་གྲོལ་བར་འགྱུར། །བུམ་སྣམ་རེ་ལྡེ་དམག་དང་ཕྲེང ་བ་ནགས་ཚལ་དང། །ཤིང་རྟ་བྲན་དང་ཁང་ཁྱིམ་ལ་སོགས་དངོས་པོ་རྣམས། །གང་གི་སྒོ་ནས་འགྲོ་འདིས་བསྙད་བཞིན་རྟོགས་བྱ་སྟེ། །ཐུབ་དབང་དེ་ནི་འཇིག་རྟེན་རྩོད་པ་མི་མཛད་ཕྱིར། །ཡོན་ཏན་ཡན་ལག་འདོད་ཆགས་མཚན་ཉིད ་ཤིང་སོགས་དང། ཡོན་ཏན་ཅན་ལུས་ཆགས་དང་མཚན་གཞི་ལ་སོགས་དག་།ཤིང་རྟའི་དཔྱད་པས་རྣམ་པ་བདུན་དུ་ཡོད་མིན་ཞིང། དེ་ལས་གཞན་དུ་འཇིག་རྟེན་གྲགས་པར་ཡོད་པ་ཡིན། །གལ་ཏེ་རྒྱུ་ཡིས་བསྐྱེད་བྱ་བསྐྱེད་པས་ན་དེ ་རྒྱུ་ཡིན་ལ། །གལ་ཏེ་འབྲས་མི་བསྐྱེད་ན་དེ་རྒྱུ་ཉིད་དུ་མི་འགྱུར་ཞིང། །འབྲས་བུ་ཡང་ནི་རྒྱུ་ཡོད་གྱུར་ན་སྐྱེ་བར་འགྱུར་བའི་ཕྱིར། །གང་ལས་གང་ཞིག་འགྱུར་བ་གང་ཞིག་ལས་སྔར་གང་འགྱུར་སྨྲོས། །གལ་ཏེ་ཁྱོད་ཀྱི་རྒྱུ་ཡིས་ཕྲད་ནས ་རྒྱུ་ཡིན་ལ། །གལ་ཏེ་འབྲས་མི་བསྐྱེད་ན་དེ་རྒྱུ་ཉིད་དུ་མི་འགྱུར་ཞིང། །འབྲས་བུ་ཡང་ནི་རྒྱུ་ཡོད་གྱུར་ན་སྐྱེ་བར་འགྱུར་བའི་ཕྱིར། །གང་ལས་གང་ཞིག་འགྱུར་བ་གང་ཞིག་ལས་སྔར་གང་འགྱུར་སྨྲོས། །གལ་ཏེ་ཁྱོད་ཀྱི་རྒྱུ་ཡིས་ཕྲད་ནས ་འབྲས་བུ་སྐྱེ་དབྱེད་ན། །ནུས་པ་གཅིག་པས་རྒྱུ་དང་འབྲས་བུ་ཐ་དད་མེད་འགྱུར་ཞིང། །མ་ཕྲད་ན་ནི་རྒྱུ་དང་རྒྱུ་མིན་ཁྱད་པར་མེད་འགྱུར་ལ། །གཉིས་པོ་སྤངས་ནས་རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན། །ཅི་སྟེ་རྒྱུ་ཡིས་འབྲས་མི ་བསྐྱེད་ན་འབྲས་མེད་པས། །འབྲས་བྲལ་རྒྱུ་ནི་རྒྱུ་མེད་ཅན་འགྱུར་འདོད་པའང་མིན། །གང་ཕྱིར་འདི་གཉིས་སྒྱུ་མ་དང་འདྲ་དེ་ཡི་ཕྱིར། །བདག་ལ་སྐྱོན་མེད་འཇིག་རྟེན་དངོས་པོ་རྣམས་ཀྱང་ཡོད། །སུན་འབྱིན་འདིས་ནི་སུན་དབྱུང་ཕྲད་ནས་སུན ་འབྱིན་ནམ། །མ་ཕྲད་འབྱིན་ཞེས་སྐྱོན་འདི་ཁྱོད་ལའང་འགྱུར་མིན་ནམ། །གཉིས་པོ་སྤངས་ནས་རྟོག་པ་གཞན་ཡང་ཡོད་མ་ཡིན། །དེ་སྐད་སྨྲོ་ཞིང་རང་ཕྱོགས་ཁོ་ན་རྣམ་འཇོམས་པ། །དེ་ཚེ་ཁྱོད་ཀྱིས་སུན་དབྱུང་སུན་འབྱིན་ནུས་མ་ཡིན།། ་རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས། །རིགས་པ་མེད་པར་དངོས་པོ་ཀུན་ལ་སྐུར་འདེབས་ཕྱིར། །ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་ཞིང། རང་ཕྱོགས་མེད་པས་སུན་མི་ཕྱིན་དུ་རྒོལ་བའང་ཡིན། །སུན་འབྱིན་པ་ཡིས་སུན ་དབྱུང་ཕྲད་དང་མ་ཕྲད་པར། །སུན་འབྱིན་བྱེད་ཅེས་སྨྲས་པའི་ཉེས་པ་འདི་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས། །ཡོད་པ་མིན་པས་ཐལ་བར་འགྱུར་བ་སྲིད་མ་ཡིན། །ཇི་ལྟར་ཉི་མའི་དཀྱིལ་འཁོར་ལ་ཡོད་ཁྱད་པར་རྣམས ་གཟུགས་བརྙན་ལ་ཡང་མཐོང་འགྱུར་དེ་ཚེ་ཉི་མ་དང། །ཕྲད་དང་མ་ཕྲད་འཐད་པ་མེད་པར་གཟུགས་བརྙན་ནི། །ཐ་སྙད་ཙམ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། །དེར་ནི་མེད་ཀྱང་རང་གི་བྱད་བཞིན་མཛེས་པ་དག། སྒྲུབ་བར་བྱེད་བ་འདི ་བཞིན་འདིར་ཡང་ཤེས་རབ་གདོང། །སྦྱང་བར་བྱ་ལ་ནུས་པར་མཐོང་བའི་གཏན་ཚིགས་ནི། །མི་བདེན་པས་ཀྱང་བསྒྲུབ་བྱ་རྟོགས་པར་ཤེས་པར་བྱ། །གལ་ཏེ་རང་གི་གོ་བྱེད་གཏན་ཚིགས་དངོས་ཉིད་དང། དངོས་སུ་གོ་བྱ་བསྒྲུབ་བྱའི་ངོ་བོའང ་ཡོད་འགྱུར་ན། །ཕྲད་བ་ལ་སོགས་རིགས་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན། །དེ་ནི་མེད་པས་ཁྱོད་ཀྱི་ཡི་ཆད་འབའ་ཞིག་ཡིན། །དངོས་རྣམས་རང་བཞིན་མེད་པར་རྟོགས་སུ་གཞུག་པར་ནི། །བླ་བ་དེ་ལྟར་རང་བཞིན་ཡོད་པར་གཞན་དག་ལ། །བདེ ་བླག་ཉིད་དུ་སྒྲུབ་པར་ནུས་པ་མ་ཡིན་ན། །ཅི་ཕྱིར་རྟོགས་གེ་ངན་པས་འཇིག་རྟེན་འདིར་བཅོལ་བྱེད། །སུན་འབྱིན་ལྷག་མ་གོང་དུ་བསྟན་པའང་ཤེས་བྱས་ནས། །ཕྲད་པའི་རྟག་པ་ལ་སོགས་ལན་དུ་འདི་བརྗོད་བྱ། །སུན་ཅི་ཕྱིན་དུ་རྒོལ་བའང་ཇི་ལྟར ་ཡོད་མིན་ཞེས། །སྔར་བཤད་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ། །བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །དེ་ལྟར་སྟོན་པས་སླར་ཡང་འདི་ཉིད་ནི། །གདུལ་བྱ་རྣམས ་ལ་ཕྱེ་སྟེ་རྣམ་མེད་གསུངས། །སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །གང་ཕྱིར་དེ་ཡི་རང་བཞིན་ནི། །ཡིན་ཕྱིར ་མིག་ནི་མིག་གིས་སྟོང། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཐར་ཐུག་གནས་པ་མ་ཡིན་དང། །འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར། མིག་ལ་སོགས་པ་དྲུག་པོ་ཡི། །རང་བཞིན་མེད་ཉིད་གང་ཡིན་པ། །དེ་ནི་ནང་སྟོང་ཉིད་དུ ་འདོད། །གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང། །སྒྲ་དང་དྲི་རོ་རེག་བྱ་དང། །ཆོས་རྣམས་ཉིད་ཀྱང་དེ་བཞིན་ནོ། །གཟུགས་སོགས་རང་བཞིན་མེད་པ་ཉིད། །ཕྱི་རོལ་སྟོང་པ་ཉིད་དུ་འདོད། །གཉིས་ཀ་རང ་བཞིན་མེད་པ་ནི། ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཆོས་རྣམས་རང་བཞིན་མེད་པ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་པ་སྙད། །ངོ་བོས་སྟོང་པར་འདོད་པ་ཡིན། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། སྟོང་ཉིད་དངོས་པོའི་བློ་ཅན་གྱིས། །འཛིན་པ ་བཟློག་ཕྱིར་གསུངས་པ་ཡིན། །སེམས་ཅན་སྣོད་ཀྱི་འཇིག་རྟེན་ནི། །མ་ལུས་ཁྱབ་བྱེད་ཉིད་ཕྱིར་དང། །ཚད་མེད་དཔེ་ཡི་མུ་མཛའ་ནི། །མེད་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད།། འདི་དག་བཅུ་ཅར་ཕྱོགས་རྣམས་ཀྱིས། །སྟོང་པ་ཉིད་དེ་གང ་ཡིན་པ། །ཆེན་པོ་སྟོང་པ་ཉིད་ཡིན་ཏེ། །ཆེན་པོར་འཛིན་པ་བཟློག་ཕྱིར་གསུངས། །འདི་ནི་དགོས་པ་མཆོག་ཡིན་པ། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡིས་སྟོང་ཉིད་གང། །དེ་ནི་དོན་དམ་སྟོང་པ་ཉིད། །མྱ་ངན་འདས་དངོས་བློ་ཅན་གྱི ་འཛིན་པ་བཟློག་པར་བྱ་བའི་ཕྱིར། །དོན་དམ་མཁྱེན་པས་དོན་དམ་པ། །སྟོང་པ་ཉིད་ནི་བསྟན་པ་མཛད། །རྐྱེན་ལས་བྱུང་ཕྱིར་ཁམས་གསུམ་པོ། །འདུས་བྱས་བྱིན་པར་ངེས་པར་བསྙད། །དེ་ཉིད་དེ་ཡིས་སྟོང་ཉིད་གང། །དེ་ནི་འདུས་བྱས ་སྟོང་ཉིད་བསྙད། །གང་ལ་སྐྱེ་གནས་འཇིག་མེད་པ། །དེ་ནི་འདུས་མ་བྱས་ཤེས་བྱ། །དེ་ཡི་སྟོང་ཉིད་གང་ཡིན་པ། །དེ་ནི་འདུས་མ་བྱས་སྟོང་ཉིད། །གང་ལ་མཛའ་ནི་ཡོད་མིན་པ། །དེ་ནི་མཛའ་ལས་འདས་པར་བརྗོད། །དེ་ཡི་སྟོང་ཉིད་གང་ཡིན་པ། །དེ་ནི ་མཛའ་ལས་འདས་སྟོང་ཉིད། །ཐོག་མ་དང་པོ་ཐ་མ་མཛའ་། །དེ་དག་མེད་ཕྱིར་འཁོར་བ་ནི། །ཐོག་མ་ཐ་མ་མེད་པར་བརྗོད། །འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟའི། །སྲིད་འདི་དེ་ཡིས་དབེན་ཉིད་གང། །དེ་ནི་ཐོག་མ་དང་ཐ་མ། །མེད་པའི་སྟོང་པ་ཉིད་དོ་ཞེས ་བསྟན་བཅོས་ལས་ནི་ངེས་པར་བསྙད། །དོར་བ་ཞེས་བྱ་འཐོར་བ་དང། །ཁོར་བ་ལ་ནི་ངེས་པར་བརྗོད། །དོར་མེད་སྟོང་པ་མེད་པ་སྟེ། །འགའ་ཡང་བོར་མེད་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིས་ཀྱིས། །དེ་ཉིད་སྟོང་པ་གང་ཡིན་པ། །དེ་ཡི་ཕྱིར་ན་དོར ་མེད་པ། །སྟོང་པ་ཉིད་ཅེས་བྱ་བར་བརྗོད། །འདུས་བྱས་ལ་སོགས་ངོ་བོ་ཉིད། །གང་ཕྱིར་སློབ་མ་རང་སངས་རྒྱས། །རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས། །མ་མཛད་དེ་ཕྱིར་འདུས་བྱས་ལ། །སོགས་པ་རྣམས་ཀྱིས་ངོ་བོ་ཉིད། །རང ་བཞིན་ཉིད་དུ་བསྙད་པ་སྟེ། དེ་ཉིད་དེ་ཡིས་སྟོང་ཉིད་གང། །དེ་ནི་རང་བཞིན་སྟོང་པ་ཉིད། །ཁམས་བཅོ་བརྒྱད་དང་རེག་དྲུག་དང། །དེ་ལས་བྱུང་པའི་ཚོར་དྲུག་དང། །གཟུགས་ཅན་གཟུགས་ཅན་མིན་དེ་བཞིན། །འདུས་བྱས་འདུས་མ་བྱས ་ཆོས་རྣམས། །ཆོས་དེ་དག་ནི་ཐམས་ཅད་ཀྱིས། །དེ་དག་གིས་དབེན་ཉིད་ཉིད་གང། །གཟུགས་ལ་སོགས་པའི་དངོས་མེད་གང། །དེ་ནི་རང་མཚན་སྟོང་པ་ཉིད། །གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཚོར་བ་མྱོང་བའི་མཚན་ཉིད་ཅན། །འདུ་ཤེས ་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་བར་འདུ་བྱེད་པའོ། །ཡུལ་ལ་སོ་སོར་རྣམ་རིག་པ་པ། །རྣམ་ཤེས་རང་གི་མཚན་ཉིད་དོ། །ཕུང་པོ་སྡུག་བསྔལ་རང་མཚན་ཉིད། །ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །སྐྱེ་མཆེད་རྣམས་ཀྱི་སངས ་རྒྱས་ཀྱིས། །སྐྱེ་པའི་སྒོར་གྱུར་ཉིད་དུ་གསུངས། །རྟེན་ཅིང་འབྲེལ་པར་འབྱུང་བ་གང། །དེ་ནི་འདུ་འཕྲོ་མཚན་ཉིད་དོ། །གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། །ཁྲོ་མེད་མཚན་ཉིད་བརྩོན ་འགྲུས་ཀྱི། །ཁ་ན་མ་ཐོ་མེད་ཉིད་དོ། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །ཤེས་རབ་ཆགས་མེད་མཚན་ཉིད་དེ། །མྱ་ངན་འདས་པར་འགྲོ་ཕྱིར་རོ། །འགའ་ལའང་ཆགས་པ་མེད་ཕྱིར་རོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི ་དག་ཡིན་པར་བརྗོད། །བསམ་གཏན་རྣམས་དང་ཚད་མེད་དང། དེ་བཞིན་གཞན་གང་གཟུགས་མེད་པ། །དེ་དག་ཡང་དག་མཁྱེན་པ་ཡིས། །མི་འཁྲུགས་མཚན་ཉིད་ཅན་དུ་གསུངས། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ངེས་པར ་འབྱུང་བྱེད་རང་མཚན་ཉིད། །སྟོང་པ་ཉིད་ཀྱི་མཚན་ཉིད་འདི། །དམིགས་པ་མེད་པས་རྣམ་དབེན་ཉིད། །མཚན་མ་མེད་པའི་ཞི་ཉིད་ཏེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང། །གཏི་མུག་མེད་པའོ་རྣམ་ཐར་གྱི། །མཚན་ཉིད་རྣམ་པར ་གྲོལ་བྱེད་པའོ། །སྟོབས་ཞེས་བྱ་བ་ཤིན་ཏུ་ནི། །རྣམ་པར་ངེས་པའི་རང་བཞིན་གསུངས། །སྐྱོབ་པའི་མི་འཇིགས་བ་རྣམས་ནི། །ཤིན་ཏུ་བརྟན་པའི་ངོ་བོ་ཡིན། །སོ་སོ་ཡང་དག་རིག་རྣམས་ནི། །སྤོབས་སོགས་ཆད་མེད་མཚན་ཉིད་ཅན། །འགྲོ ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོའོ་དགའ་པ་ནི། །རབ་དགའ་མཚན་ཉིད་བཏང་སྙོམས་ནི། །མ་འདྲེས་མཚན་ཉིད་ཡིན་ཞེས་བྱ། །སངས་རྒྱས་ཆོས་ནི་མ་འདྲེས་པ།། ་བཅུ་དང་བརྒྱད་དུ་གང་འདོད་དག་།གང་ཕྱིར་སྟོན་དེས་མི་འཕྲོགས་པ། །དེ་ཕྱིར་མི་ཕྲོགས་རང་མཚན་ཉིད། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཆེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ།། ་གང་ཞིག་འདུས་བྱས་མཚན་ཉིད་དང། །འདུས་མ་བྱས་པའི་མཚན་ཉིད་གང། །དེ་དེ་ཁོ་ནས་སྟོང་པ་ཉིད། །དེ་ནི་རང་མཚན་སྟོང་ཉིད་བརྗོད། །ད་ལྟར་བ་འདི་མི་གནས་ཤིང། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད ་མི་དམིགས་པ་དེ་རང་ངོ་བོ། །དེ་ཡི་དབེན་པ་ཉིད་གང་དེ། །ཐེར་ཟུག་གནས་དང་འཇིག་མིན་པས། །མི་དམིགས་ཞེས་བྱའི་སྟོང་ཉིད་དོ། །རྐྱེན་ལས་བྱུང་ཕྱིར་དངོས་རྣམས་ལས། །འདུས་པ་པ་ཡི་ངོ་བོ་མེད། །འདུས་པ་པ་ནི་དེ་ཉིད་ཀྱིས། །སྟོང་ཉིད་དངོས ་མེད་དེ་ཉིད་དོ། །དངོས་པོའི་སྒྲས་ནི་མདོར་བསྡུ་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །དེ་རྣམས་དེ་ཡིས་སྟོང་ཉིད་གང། །དེ་དངོས་སྟོང་པ་ཉིད་དུ་བཤད། །མདོར་ན་དངོས་པོ་མེད་པ་ནི། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ཉིད་དངོས་མེད ་དེ་སྟོང་ཉིད། །དངོས་པོ་མེད་པའང་སྟོང་ཉིད་དོ། །རང་བཞིན་ངོ་བོ་མེད་ཉིད་ནི། །རང་བཞིན་ཞེས་བྱའི་སྟོང་ཉིད་དོ། །འདི་ལྟར་རང་བཞིན་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་བསྙད། །སངས་རྒྱས་རྣམས་ནི་འབྱུང་བ་འམ། །མ་བྱུང་རུང་སྟེ་དངོས ་སུ་ན། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཡང་དག་མཛའ་དང་དེ་བཞིན་ཉིད། །གང་དེ་གཞན་དངོས་སྟོང་ཉིད་དོ། །ཤེས་རབ་ཕ་རོལ་ཕྱིན་གཞུང་ལས། །དེ་དག་དེ་སྐད་རབ་ཏུ་བསྒྲགས། །དེ་ཕྱིར་བློ་གྲོས་ཟེར་གྱིས ་སྣང་བ་གསལ་བྱས་པ། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་རྟོགས་པའི་བསམ་ལྡན་ཡིན་མོད་ཀྱི།། ་འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །བདེ་གཤེགས་གསུང་སྐྱེ་བ་སངས་རྒྱས་འབྲིང་བཅས་མ་ལུས་ཀུན། །གོང་དུ་འགྲོ་བའི་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཀུན་རྫོབ་དོན་དམ་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །དད་པའི ་རྒྱལ་པོ་དེ་ནི་སྐྱེ་བོའི་དད་པ་ཡིས། །མདུན་དུ་བརྡར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་པའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ་།དབུ་མ་ལ་འཇུག་པ་ལས་མངོན་དུ་གྱུར་པ་ཞེས་བྱ་བ་བྱང་ཆུབ་སེམས ་དཔའ་ཨི་སེམས་བསྐྱེད་པ་དྲུག་པའོ།། །།རིང་དུ་སོང་བ་འདིར་ནི་སྐད་ཅིག་དང། སྐད་ཅིག་ལ་ནི་འགོག་པར་འཇུག་གྱུར་ཞིང། །ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་པ་འཐོབ། །དབུ་མ་ལ་འཇུག་པ་ལས་རིང་དུ་སོང་བ་ཞེས་བྱ་བ་བྱང ་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་བདུན་པའོ།། །།ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ། །མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག་།དེ་ཡི་སྨོན་ལམ་རྣམ་པར་དག་འགྱུར་ཞིང།། ་རྒྱལ་བ་རྣམས་ཀྱི་འགོག་ལས་སློང་པར་མཛད། །ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩར་བཅས་ཉེ་བར་ཞི་འགྱུར་ཞིང། །ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར ་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཛའ་བྲལ་མ་ལུས་ཐོབ་པར་ནུས་མ་ཡིན། །འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་གྱུར་ཞིང་དེ་དག་གིས། །སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས ་སྟོན་པར་བྱེད་པར་འགྱུར། །དབུ་མ་ལ་འཇུག་པ་ལས་མི་གཡོ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་བརྒྱད་པའོ།། །།དགུ་པ་ལ་ནི་དེའི་སྟོབས་ལྟ་ཞིག་མཛའ་དག་རྫོགས་པར་དག་འགྱུར་ཞིང། ་དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ། །དབུ་མ་ལ་འཇུག་པ་ལས་ལེགས་པའི་བློ་གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་དགུ་པའོ།། །།བཅུ་པའི་ས་ལ་དེ་ཡིས ་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བས། །དམ་པ་འཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་བྱུང་བར་གྱུར་བའང་ཡིན། །ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཐོག་ཆེད་དུ་རྒྱལ ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ། །དབུ་མ་ལ་འཇུག་པ་ལས་ཆོས་ཀྱི་སྤྲིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཨི་སེམས་བསྐྱེད་པ་བཅུ་པའོ།། །།དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང། །དེ་དག་བྱིན་གྱིས་བརླབས་ཀྱང ་འདི་ཡིས་ཐོབ། དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་ཤིང། །དེ་སྙེད་སྔོན་དང་ཕྱི་མའི་མཐར་ཡང་འཇུག་།ཏིང་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བྱེད་དེ། འཇིག་རྟེན་ཁམས་བརྒྱ་གཡོ་ཞིང་སྣང་བར་ནུས། །དེ་བཞིན་སེམས་ཅན་བརྒྱ་ཕྲག ་སྨིན་བྱེད་ཅིང། །བརྒྱ་ཕྲག་ཞིང་དག་ཏུ་ཡང་འགྲོ་བར་འགྱུར། །དེར་ནི་རང་གི་ལུས་བརྒྱ་སྟོན་བྱེད་ཅིང། །མཛེས་པའི་ལུས་རེ་ལ་ཡང་རང་གི་འཁོར། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་ལྡན་པར་སྟོན། །བློ་ལྡན་རབ་དགའ་ལ་གནས་ཡོན་ཏན་འདི་དག ་སྟེ། །དེ་བཞིན་དྲི་མེད་ཐོབ་པར་གྱུར་པའི་ཡོན་ཏན་ཡང། །དེ་དག་སྟོང་ནི་ཐོབ་པར་འགྱུར་ཏེ་ས་ལྔ་པོ། །འདི་དག་ལ་གནས་རིམ་པ་བཞིན་དུ་འབུམ་ཕྲག་ཐོབ། །བྱེ་བ་བརྒྱ་འཐོབ་བྱེ་བ་སྟོང་ཕྲག་ཐོབ་པར་འགྱུར། །བྱེ་བ་བརྒྱ་ཕྲག་སྟོང་འགྱུར ་ཐོབ་ཅིང་བྱེ་བ་ཕྲག་།ཁྲག་ཁྲིག་ཕྲག་བརྒྱར་གྱུར་པ་དེ་ཉིད་སྟོང་ཕྲག་ཏུ། །ཡོངས་སུ་བསྒྱུར་བ་དེ་ནི་མཛའ་དག་རབ་ཏུ་འཐོབ་པར་འགྱུར། །མི་གཡོའི་སར་གནས་རྣམ་རྟོག་མེད་པ་དེས། །སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་འཇིག་རྟེན་ན། ་རྡུལ་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང། །གྲངས་མཉམ་ཡོན་ཏན་དག་ནི་འཐོབ་པར་འགྱུར། །ལེགས་པའི་བློ་གྲོས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔས་སྔར་བསྟན་ཡོན་ཏན་དག་།གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང ་དག་པར། །བསྡོམས་པ་ཕྲག་བཅུའི་རྡུལ་ཚད་ཐོབ་པར་འགྱུར། །རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག་།ངག་གི་སྤྱོད་ཡུལ་ལས་ཆེས་འདས་གྱུར་ཞིང། །ངག་གི་སྤྱོད་ཡུལ་མ་ཡིན་བསྡོམས་རྣམས་ན། རྡུལ་དག ་ཇི་སྙེད་ཡོད་པ་དེ་སྙེད་འཐོབ། །གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར། །བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་གྲངས་མེད་དང། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང། །སྐད་ཅིག་སྐད་ཅིག ་ལ་ནི་སྟོན་པར་ནུས། །ཇི་ལྟར་དྲི་མེད་མཁའ་ལ་ཟླ་སྣང་གསལ་བ་ལྟར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་ཀུན་གྱི ་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་གཅིག་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས།། ་མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །བློ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་ངེས་པར་རིགས་པའང་མ་ཡིན་ལ། །ཀུན་ནས་ཤེས་མེད་པ་ནི་ཤེས ་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར། །མཁྱེན་པོ་མེད་པར་ཁྱོད་ཀྱི་གཞན་ལ་འདི་ལྟའོ་ཞེས་སུ་ཞིག་སྟོན། །གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་ཡིས་དེ་རྣམས་བརྟེན་ལས་དེ་ཉིད་རྟོགས་པར་བརྗོད་བྱ ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་བ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བསྟེན་ནས་རིགས་པ་ཡིན། །དེ་ཡི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱི། །ཟིན་དང་སྤྲུལ་པ་ལ་གཞན་ལས་དེའི ་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག་།འདི་ལྟར་རྫ་མཁན་སྟོབས་དང་ལྡན་པ་ཡིས། །ཡུན་རིངས་འབད་པ་ཆེས་བསྐོར་འཁོར་ལོ་དེ། དེའི་རྩོལ་ད་ལྟར་སྐྱེས་པ་མེད་བཞིན་དཱུང། །འཁོར ་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །དེ་བཞིན་ད་ལྟ་སྐྱེད་སྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །འཇུག་པ་གདུལ་བྱའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། །ཤེས ་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པའང་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཞིང། །ཡིད་བཞིན་ནོར་བུ ་ཇི་བཞིན་རྣམ་མི་རྟོགས། །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག་།འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགག་གསལ་དང ་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཛའ་དག་སྟོན་པར་མཛད། །སངས་རྒྱས་ཞིང་ནི་ཅི་འདྲར་སངས་རྒྱས་དང། །དེ་དག་སྐུ་སྤྱོད་མཐུ་སྟོབས་ཅི་འདྲ་དང། །ཉན་ཐོས་དགེ་འདུན་ཇི་སྙེད་ཅི་འདྲ་དང། །བྱང་ཆུབ་སེམས་རྣམས་དེར ་གཟུགས་ཇི་འདྲ་དང། །ཅི་འདྲའི་ཆོས་དང་དེར་བདག་ཅི་འདྲ་བ། །ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང། །སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ། །དེ་དག་མ་ལུས་སྐུ་གཅིག་ལ་སྟོན་མཛད། །དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང ་འཛིན་དང། ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང། །མ་ཚང་མེད་དང་ཉིད་ཀྱི་སྤྱོད་པ་ཀུན། །སྐུ་ཡི་བ་སྤུ་ཁུང་བུར་གསལ་བར་སྟོན། །སངས་རྒྱས་གང་དག་འདས་དང་འབྱུང་འགྱུར་དང། །གང་དག་དེ་ལྟར་འཇིག་རྟེན་ཁམས ་ཀུན་ན། །ཚིག་གསང་མཐོན་པོས་ཆོས་སྟོན་སྡུག་བསྔལ་གྱིས། །གཟིར་བའི་འགྲོ་དབུགས་འབྱིན་མཛད་བཞུགས་པ་དང། །དང་པོ་ཐུགས་བསྐྱེད་བྱང་ཆུབ་སྙིང་པོ་བར། །དེ་དག་སྐྱོང་ཀུན་དངོས་རྣམས་མི་འཕྲུལ་གྱི།། ་རང་བཞིན་མཁྱེན་ནས་བདག་བཞིན་བ་སྤུ་ཡི། །ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན། །དེ་བཞིན་དུས་གསུམ་འཕགས་པ་རྒྱལ་སྲས་དང། །རང་སངས་རྒྱས་དང་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་དག་སྐྱེ་བོའི་གནས་སྐབས ་ནི། །ཐམས་ཅད་བ་སྤུའི་ཁུང་བུར་དུས་གཅིག་སྟོན། །དག་པ་འདི་ནི་བཞེད་པར་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁས་གཏུགས་འཇིག་རྟེན་དང། །འཇིག་རྟེན་མཛའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི ་འགྱུར། །རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཛའ་ཨི་བར། །སྐད་ཅིག་རེ་ལ་སྟོན་མཛད་སྤྱད་པ་ཡི། །རྣམ་པ་སྣ་ཚོགས་དེ་སྙེད་འཛམ་གླིང་གི་།མ་ལུས་རྡུལ་གྱི་གྲངས་ལ་ཡོད་མ་ཡིན། །གནས་དང་གནས་མིན་མཁྱེན་སྟོབས་དང། །དེ་བཞིན་ལས་རྣམས ་སྨིན་མཁྱེན་དང། །མོས་པ་སྣ་ཚོགས་ཐུགས་ཆུང་དང། །སྣ་ཚོགས་ཁམས་ནི་མཁྱེན་སྟོབས་དང། །དབང་པོ་མཆོག་དང་མཆོག་མ་ཡིན། །མཁྱེན་དང་ཀུན་འགྲོ་མཁྱེན་པ་དང། །བསམ་གཏན་རྣམ་ཐར་ཏིང་འཛིན་དང། །སྙོམས་པར་འཇུག་སོགས ་མཁྱེན་སྟོབས་དང། །སྔོན་ནས་དྲན་པ་མཁྱེན་པ་དང། དེ་བཞིན་འཆི་འཕོ་སྐྱེ་མཁྱེན་དང། །ཟག་པ་རྣམས་ཟད་མཁྱེན་སྟོབས་ཏེ། །སྟོབས་ནི་བཅུ་པོ་འདི་དག་གོ་།རྒྱུ་གཞན་ཞིག་ལས་གང་ཞིག་ངེས་པར་སྐྱེ་འགྱུར་བ། །དེ་ནི་དེ་ཡི་གནས་སུ་དེ་མཁྱེན ་རྣམས་ཀྱིས་གསུངས། །བཤད་པ་ལས་བཟློག་གནས་མིན་ཤེས་བྱ་མཛའ་ཡས་དང། མཁྱེན་པ་ཐོགས་པ་མེད་པ་དེ་ནི་སྟོབས་སུ་བཤད། །འདོད་དང་མི་འདོད་དེ་ལ་བཟློག་དང་ཟད་དངོས་ཀྱིས། །ལས་དང་དེ་ཡི་རྣམ་སྨིན་ཤིན་ཏུ་སྣ་ཚོགས ་ལའང། །བཤད་པ་ལས་བཟློག་གནས་མིན་ཤེས་བྱ་མཛའ་ཡས་པ། །མཁྱེན་པ་ནུས་མཐུ་ཐོགས་མེད་སོ་སོར་འཇུག་གྱུར་པ། །དུས་གསུམ་ཤེས་བྱ་ཁྱབ་མཛད་དེ་ནི་སྟོབས་སུ་འདོད། །འདོད་ཆགས་སོགས་ཀྱི་འབྱུང་བའི་སྟོབས་ཀྱིས་འདོད་པ ་ནི། །ཤིན་ཏུ་སྣ་ཚོགས་དམན་དང་འབྲིང་དང་ཁྱད་འཕགས་དག་།དེ་ལས་གཞན་རྣམས་ཀྱིས་བསྒྲིབས་མོས་པའང་མཁྱེན་པ་ནི། །དུས་གསུམ་འགྲོ་བ་མ་ལུས་ཁྱབ་པ་སྟོབས་ཞེས་བྱ། །སངས་རྒྱས་ཁམས་ཀྱི་རྣམ་པར་དབྱེ་ལ་མཁས ་རྣམས་ཀྱིས། །མིག་སོགས་དག་གི་རང་བཞིན་གང་དེ་ཁམས་སུ་གསུངས། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་མཁྱེན་པ་མཛའ་ཡས་ཤིང། །རྣམ་ཀུན་ཁམས་ཀྱི་ཁྱད་པར་ལ་འཇུག་སྟོབས་སུ་འདོད། །ཀུན་ཏུ་རྟོག་སོགས་ཆོས་རྣོ ་ཉིད་ནི་མཆོག་ཉིད་དང། །འབྲིང་དང་བརྟུལ་པའི་གནས་སྐབས་མཆོག་མིན་བརྗོད་པ་དང། །མིག་ལ་སོགས་དང་ཕན་ཚུན་སྒྲུབ་ནུས་ཆུབ་པ་ལ། །རྣམ་པ་ཐམས་ཅད་མཁྱེན་པ་ཆགས་མེད་སྟོབས་སུ་འདོད། །ལན་འགའ་རྒྱལ་བ་ཉིད་དང ་འགའ་ཞིག་རང་རྒྱལ་གྱི། །བྱང་ཆུབ་དང་ནི་ཉན་ཐོས་ལྷ་མི་དང། །ཡི་དྭགས་དུད་འགྲོ་དམྱལ་སོགས་རྣམས་འགྲོ་བ། །དེ་ལ་མཁྱེན་པ་ཆགས་མེད་མཛའ་ཡས་སྟོབས་སུ་འདོད། །འཇིག་རྟེན་མཛའ་ཡས་རྣལ་འབྱོར་བྱེ་བྲག་ཐ་དད་པ། །བསམ ་གཏན་རྣམ་ཐར་བརྒྱད་དང་ཞི་གནས་གང་དག་དང། །སྙོམས་འཇུག་ཁྱད་པར་གང་དག་གཅིག་དང་བརྒྱད་གྱུར་པ། །དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་སྟོབས་སུ་བཤད། །གཏི་མུག་དེ་སྲིད་སྲིད་ནས་འདས་པའི་དུས་དང་ནི། །སེམས ་ཅན་གཞན་རེའི་སྲིད་པར་སེམས་ཅན་ཇི་སྙེད་པ། །དེ་སྙེད་མཛའ་ཡས་བཞི་དང་བཅས་ཤིང་ཡུལ་ཕྱོགས་དང། །རྣམ་པ་དང་བཅས་མཁྱེན་པ་གང་ཡིན་སྟོབས་སུ་བཤད། །སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང། །སྐྱེ ་གང་འཇིག་རྟེན་ལ་གནས་ནམ་མཁའ་ཨི་མཐར་ཐུག་དང། །བཀྲ་མང་དེ་ལ་མཁྱེན་པ་དུས་དེར་འཇུག་པ་ཡིས། །མ་ཆགས་རྣམས་ཀུན་ཡོངས་དག་མཛའ་ཡས་སྟོབས་སུ་འདོད། །རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ ་རྒྱལ་རྣམས་ཀྱིས། །ཉོན་མོངས་དག་ནི་བག་ཆགས་དང་བཅས་འཇིག་འགྱུར་དང། །སློབ་མ་ལ་སོགས་ཉོན་མོངས་བློ་ཡིས་འགོག་པ་དང། །དེ་ལ་མཁྱེན་པ་ཆགས་མེད་མཛའ་ཡས་སྟོབས་སུ་འདོད། །ནམ་མཁའ་ཨི་མེད་པས་འདབ་ཆགས་ལྡོག་པར་མི ་འགྱུར་གྱི། །འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་བརྗོད་མི་ནུས་པས་ལྡོག་པར་འགྱུར། །དེ་ཕྱིར་ཁྱོད་ཀྱི་ཡོན་ཏན་བདག་འདྲ་བས། །ཤེས ་བ་དང་ནི་བརྗོད་པར་ནུས་མིན་ཡང། །འོན་ཀྱང་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས། །བཤད་ཕྱིར་དོགས་སྤངས་ཅུང་ཟད་ཙམ་ཅིག་སྨྲས། །ཟབ་མོ་སྟོང་པ་ཉིད་ཡིན་ཏེ། །ཡོན་ཏན་གཞན་རྣམས་རྒྱ་ཆེ་བའོ། །ཟབ་དང་རྒྱ་ཆེའི་ཚུལ་ཤེས་པས། །ཡོན་ཏན་འདི ་དག་ཐོབ་པར་འགྱུར། །ཁྱོད་ནི་སྲིད་གསུམ་བརྒལ་ཏེ་མི་གཡོའི་སྐུ་ལས་སླར་ཡང་སྤྲུལ་པ་ཡིས། །གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །དེ་ལྟར་ཁྱོད་ཀྱི་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི ་ཞགས་པ་ནི། །མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་བར་མཛད། །གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཛའ་དག་སེལ་བ་ནི། །ལྷུར་ལེན་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་རྟེན་མིན ་ཞིང། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། གང་ཕྱིར་འགྲོ་ལ་ཉེས་པ་སྐྱེད་བྱེད་སྙིགས་མ་འདི་དག་ཡོད་གྱུར་བ། །དེ་ཕྱིར་འཇིག་རྟེན ་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང། །བདེ་གཤེགས་ཀྱང་ཕྱིར་ཁྱོད་ལ་མཁྱེན་རབས་ཐུགས་རྗེ་ཐབས་དང་ལྷན་ཅིག་པ། །མངའ་དང་གང་ཕྱིར་བདག་གིས་སེམས་ཅན་དགྲོལ་ཞེས་ཁྱོད་ཀྱིས་ཞལ་བཞེས་པ། །དེ་ཕྱིར་མཁས ་པས་རིན་པོ་ཆེ་ཡི་གླིང་དུ་ཆགས་པའི་འགྲོ་སོགས་ཀྱི། །དལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། །ཁྱོད་ཀྱི་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད། །སྦྱར་བ་མཛད་ཅིང་རྣམ་པར་དབེན་ལ་བློ་སྦྱངས་རྣམས་ལ་ལོགས ་སུ་གསུངས། །སངས་རྒྱས་ཡུལ་གྱུར་ཕྱོགས་བཅུའི་ཞིང་རྣམས་མ་ལུས་ན། །རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་སྙེད་བདེ་གཤེགས་ནི། །བྱང་ཆུབ་མཆོག་ཏུ་གཤེགས་པའི་སྐལ་པ་དེ་སྙེད་དེ། །ཁྱད་ཀྱིས་གསང་འདི་བསྙད་པར་བགྱི་བ་མ་ལགས་སོ།། ་ཇི་སྲིད་འཇིག་རྟེན་མ་ལུས་མཆོག་ཏུ་ཞི་བ་མ་ཐོབ་དང། །ཇི་སྲིད་ནམ་མཁའ་ཨི་ཁམས་ནི་མེད་པར་མ་གྱུར་དེ་སྲིད་དུ། །ཤེས་རབ་ཡུམ་དང་སྙིང་རྗེའི་མ་མས་བསྐྱེད་ཅིང་འཛིན་བྱེད་པས། །རྒྱལ་བ་ཁྱོད་ལ་རབ་ཏུ་ཞི་བར་འགྱུར་བ་གང་ལ་མངའ་། །གཏི ་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བ་ཡི། །སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་བརྩེ་ཇི་ལྟ་བ། །དེ་ལྟར་དུག་ཟོས་ཉེན་པའི་བུ་ཡི་མ་ལ་སྡུག་བསྔལ་མིན། །དེས་ན་མགོན་པོ་མཆོག་ཏུ་རབ་ཞིར་གཤེགས་པར་འགྱུར་མ་ལགས། །གང་གི ་ཕྱིར་ན་མི་མཁས་དངོས་དང་དངོས་པོ་མེད་པར་ཞེན་པའི་བློ་ཅན་གྱིས། །སྐྱེ་དང་འཇིག་གནས་སྐབས་དང་སྡུག་དང་མི་སྡུག་བྲལ་ཕྲད་ཀྱིས་བསྐྱེད་སྡུག་བསྔལ་དང། །སྡིག་ཅན་འགྲོ་བ་ཐོབ་པ་དེ་ཕྱིར་ཐུགས་བརྩེའི་ཡུལ་དུ་རབ་དོང་བས།། ་བཅོམ་ལྡན་ཐུགས་རྗེས་ཁྱོད་ཐུགས་ཞི་ལས་བཟློག་པས་ཁྱོད་ལ་མྱ་ངན་འདས་མི་མངའ་། །ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལ་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བརྗོད་པ་ཡིན།། ་འདི་ལས་གཞན་ན་ལུགས་འདི་ནི། །མེད་པ་དེ་བཞིན་ལུགས་འདི་ཡང། །གཞན་ལ་ཡོད་པ་མ་ཡིན་ཞེས། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །སྐྱེ་བོས་ལུགས ་བཟང་གང་དག་རྒྱང་རིངས་སྤངས་པས་དེ་ཡི་ཚིག་།ལེའུར་བྱས་པའི་ཁ་འབུས་ཀུ་མུ་ད་ཁ་ཕྱེ་བའི་ཆུས། །ད་ལྟར་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོད་པར་བྱེད། །དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཁོངས་དུ་ཆུད་མི་འགྱུར། །དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི། །གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས ་གཞན་ལ་དགའ་བློ་དོར་བར་བྱ། །སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར། །ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོ་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བ་འམ། །སེམས་ཀྱི་སྤྲུལ་ལ་གདེངས་ཀའི་ནོར་བུ་དང ་འདྲ་གང་ཞིང་ཐོབ་པ་དེས། །འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག་།དབུ་མ་ལ་འཇུག་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། །སློབ་དཔོན་ཟླ་བ་གྲགས་པ། །ཟབ་པ་དང། རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། ཐེག་པ ་མཆོག་ལ་ཐུགས་གཞོལ་བས། །མི་འཕྲོགས་པའི་མཁྱེན་རབས་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བདྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང། ་བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང། །བོད་ཀྱི་ལོ་ཙཱ་བ་པ་ཚ་བ་ཉི་མ་གྲགས་ཀྱིས་བསྒྱུར་བ་ལྟར་ཅུང་ཟད་བཅོས་པ། །དོན་ཚང་ཞིང་ཚིག་བདེ་བར་བྲིས་པའོ། །ཡོན ་མཆོད་བཀྲ་ཤིས་པར་གྱུར་ཅིག། (།།དབུ་མ་འཇུག་པ་བཞུགས་སོ།།)་།།རྒྱ་གར་སྐད་དུ། མ་དྷཡ་མ་ཀཱ་པ་ཏཱ་ར་ནཱ་མ། བོད་སྐད་དུ། དབུ་མ་ལ་འཇུག་པ་ཞེས་བྱ་བ། འཇམ་དཔལ་གཞོན ་