CLOSE WINDOW

N4047: dbu ma'i don bsdus pa
Wyliee-texts based on the ACIP/ALL Input

འབྱུང་བ་ཞེས་བྱ་བ། སློབ་དཔོན་ནག་པོ་པས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། མ་དྷཡ་མཱརྠ་སཾ་གྲ་ཧ་ད། བོད་སྐད་དུ། དབུ་མའི་དོན་བསྡུས་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་དག་སྐྱེ་མེད་རྟོགས་པ་ཉིད་ཡིན་ཡང ་ཐ་སྙད་དོ་གང་སྙིང་རྗེས་འཁོར་བ་མ་སྟོང་བར། །རྒྱལ་བ་རྣམས་ནི་འཇིག་རྟེན་བདེ་པར་བསྐྱབ་པའི་ཕྱིར། འདི་རུ་ཞུགས་ཀྱང་དྲི་མེད་བློ་དང་ལྡན། །དེ་དག་རྣམས་ལ་རྟག་ཏུ་བདག་ཕྱག་འཚལ། །བདེན་པ་གཉིས་ནི་ཇི་ལྟ་བུའོ། །དོན་ནི་རྟོགས་པར་བྱ་བའི་ཕྱིར། །བདག་གིས་འདི་ནི ་རབ་བརྩམས་ཏེ། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་སུ་འདུས་པ་སྟེ། །དོན་དམ་དང་ནི་ཀུན་རྫོབ་བོ། །དམ་པའི་དོན་ནི་སྤྲོས་བྲལ་ཏེ། །དེ་ཡང་རྣམ་པ་གཉིས་སུ་བྱ། །རྣམ་གྲངས་ཀྱི་ནི་དོན་དམ་དང། །རྣམ་གྲངས་མ་ཡིན་དོན་དཾ་མོ། །དང་པོ་དེ་ཡང་གཉིས་ཡིན་ཏེ། རིགས ་རྣམ་གྲངས་དོན་དང། སྐྱེ་བ་བཀག་པའི་དོན་དམ་མོ། །མུ་བཞི་སྐྱེ་འགོག་ལ་སོགས་པའི། །གཏན་ཚིགས་བཞི་ཡི་རིགས་པ་དེ། །སྣང་པའི་དངོས་པོ་ཐམས་ཅད་ཀྱང། །སྐྱེ་བ་བཀག་པའི་དོན་དམ་མོ། །སྤྲོས ་བ་ཐམས་ཅད་ཀྱིས་སྟོང་པ། །དེ་ནི་རྣམ་གྲངས་མ་ཡིན་པའི། །དམ་པའི་དོན་དུ་ཤེས་པར་བྱ། །ཡོད་པའི་མཛའ་དང་མེད་པའི་མཛའ་། །གཉིས་པོ་ཐམས་ཅད་སྤངས་པ་སྟེ། །དེ་ལྟ་བུ་ནི་དོན་དམ་མོ། །ཀུན་རྫོབ་ཇི་ལྟར ་སྣང་བ་ཡིན། །དེ་ཡང་གཉིས་སུ་ཤེས་བྱ་སྟེ། །ལོག་པ་ཡི་ནི་ཀུན་རྫོབ་དང། །ཡང་དག་པ་ཡི་ཀུན་རྫོབ་པོ། །དོན་བྱེད་ནུས་པའི་དངོས་པོ་ནི། །ཡང་དག་ཀུན་རྫོབ་ཞེས་བྱ་སྟེ། །སྣང་ཡང་དོན་བྱེད་མི་ནུས་པ། ། ་ལོག་པ་ཡིས་ནི་ཀུན་རྫོབ་པོ། །དེ་ཡང་གཉིས་སུ་ཤེས་བྱ་སྟེ། །རྟོག་བཅས་དང་ནི་རྟོག་མེད་གཉིས། །རྟོག་བཅས་ཐམ་པ་ལ་སྤྲུལ་འཛིན། །རྟོག་མེད་ཟླ་བ་གཉིས་འཛིན་པའོ། །དེས་ན་ཐམས་ཅད ་བདེན་གཉིས་སུ། །འདུས་པ་ཉིད་དུ་བསྟན་པར་བྱ། །དེ་དོན་ཉམས་སུ་བླངས་ནས་ནི། །ཕུན་སུམ་ཚོགས་པ་ཐམས་ཅད་ཐོག། དབུ་མ་ཡི་ནི་དོན་བསྦུས་པ། །དེ་ལྟར་བདག་གིས་བཤད་པ་ཡི།། ་དགེ་བ་གང་ངེས་སེམས་ཅན་གྱི། །བསམ་བ་མྱུར་དུ་འགྲུབ་གྱུར་ཅིག། །དབུ་མའི་དོན་བསྡུས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་རྫོགས་སོ།། །། ་ལོཙྪ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་