| Wylie | e-texts based on the ACIP/ALL Input |
དགེ་སློང་ཚུལ་ཁྲིམས་རྒྱལ་བྱས་བསྒྱུར་ཅིང?་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། །དབུ?་མའི་འགྲེལ་པ་རྟོག་གི?་འབར་བ་སློབ་དཔོན་བྷ་?་བརྗོད?་པ་བཞུགས་སོ།། །།རྒྱ་གར་སྐད་དུ། མ་དྷཡ་མ་ཀ་ཧྲི་ད་ཡ་བྲཏྟི་ཏི་ར་ཀཱ་ཛཝཱ་ལ?། བོད་སྐད་དུ། དབུ་མའི་སྙིང ་པོའི་འགྲེལ་པ་རྟོག་གེ་འབར་བ་བམ་པོ་དང་པོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བདེན་རང་གི་ལྷ་ཡིད་དུ་འོང་བ་ལ་དང་པོར་ཕྱག་འཚལ་བ་ཉེ་བར་བསྟན་པའི་བསྟན་བཅོས་ངག་ནི་སྐྱེས་བུ་དཔའ་བོའི་རྐྱེན་དང། །བར་ཆད་མེད་པ་དང། འབྲས་བུ་དང་ལྡན་པར་འགྱུར་བས། དེའི ་ཕྱིར་བསྟན་བཅོས་བྱེད་པས་བསྟན་བཅོས་ཀྱི་དང་པོར། །གང་གིས་དེ་ཉིད་རབ་བརྟག་མིན། །རྣམ་ཤེས་བྱ་མིན་གཞི་མ་ཡིན། །མཚོན་མིན་བརྟག་མིན་རིག་བྱ་མིན། །སྐྱེ་འཇིག་མེད་ཅིང་བདེ་བ་དང། །རྣམ་བརྟག་མ་ཡིན་སྣང་བ་མེད། །མཚན་མ་མེད་ཅིང་གསལ་བྱེད་མེད། །གཉིས་མིན་གཉིས་མེད ་མ་ཡིན་དང། །ཞི་དང་བློ་འཇུག་རྣམ་སྤངས་པ། །ཡི་གེ་མེད་པ་ཡི་གེ་ཡིས། །ཐུགས་རྗེ་ཉིད་ཀྱིས་བསྟན་མཛད་པ། །སྟོན་པ་མ་ནོར་ཉིད་གསུང་པ། །དེ་ལ་གུས་པར་ཕྱག་འཚལ་ལོ། །ཞེས་སྟོན་པ་ལ། དེ་ཉིད་ཁྱད་བར་ཐུན་མོང་མ་ཡིན་པ། བདག་གིས་ཁྱད་པར་ཅན་སྟོན་པར་མཛད་པ་ཉིད ་ཀྱིས་མངོན་པར་བསྟོད་དོ། །དེ་ལ་གང་གིས་ཞེས་བྱ་བའི་སྒྲ་ནི་སྤྱི་ཡིན་ཡང། །དེ་ཉིད་ཕྱིན་ཅི་མ་ལོག་བར་སྟོན་པར་མཛད་པ་ཉིད་ཀྱིས་ན་འདིས་ནི་བཅོམ་ལྡན་འདས། པོ་ན་དང་སྦྱར་བར་བྱའོ། །དེ་ཉིད་ཅེས་བྱ་བ་ནི་ཁྱད་པར་དག་བསྟན་དུ་ཟིན་ཀྱང། ཁྱད་པར་གྱི་གཞིའི་མིང་མ་བསྟན་ན། ་དེ་མི་རྟོགས་པས་དེའི་ཕྱིར་དེ་ཉིད་ཅེས་སྨོས་ཏེ། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དངོས་པོ་དེ་དག་གི་དེ་ཉིད་དེ། དེ་བཞིན་ཉིད་དང། །ཆོས་ཀྱི་དབྱིངས་དང། སྟོང་པ་ཉིད་ཅེས་བྱ་བ་དག་གི་རྣམ་གྲངས་སོ། །རབ་བརྟག་མིན་ཞེས་བྱ་བ་ནི་སྤྱི་དང་ལྡན་པ་ལྐོག་ཏུ་གྱུར་པའི ་དོན་སྣང་བ་ལ་རྗེས་སུ་དཔོག་པའི་ཤེས་པས་རབ་ཏུ་བརྟག་པར་བྱ་བ་མ་ཡིན་པ་འམ། རྟོག་པ་དང་དཔྱོད་པ་རྩིང་བ་དང། ཞིབ་པའི་རྣམ་པས་རྗེས་སུ་འཇུག་པ་ཡང་རུང་བའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །རྣམ་ཤེས་བྱ་མིན་ཞེས་བྱ་བ་ནི་ཤེས་བྱ་རྣམ་པ་ལྔ་ལ་འཇུག་པའི་རྣམ་པར་ཤེས་པ་ལྔས ་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རམ། བྱིས་པ་དང་མུ་སྟེགས་བྱེད་དང། སློབ་པ་དང། མི་སློབ་པ་དང། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་མི་ནུས་པའི་ཕྱིར་རོ། །གཞི་མ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཀུན་གཞི་རྣམ་བར་ཤེས་པ་ལ་རྟོག་པའི་ས་བོན་ཐམས་ཅད་ཀྱི་གཞི ་ཡོད་བ་དང། སྐྱེས་བུ་ལ་བདག་གྲོལ་ང?་རྣམས་ཀྱི་གཞི་ཡོད་པ་ལྟར། །འདི་ལ་གང་གི་གཞི་དང་ཀུན་ཏུ་སྦྱར་བ་ཡང་ཡོད་པ་མ་ཡིན་པའམ་ས་ཡུལ་གང་ན་ཡང་འདིའི་གཞི་དང་ཀུན་ཏུ་སྦྱར་བ་འགའ་ཡང་ཡོད་པ་མ་ཡིན་པའོ། །མཚོན་མིན་ཞེས་བྱ་བ་འདི་རང་དང་སྤྱིའི་མཚན་ཉིད་ཀྱིས ་མཚོན་པར་བྱ་བ་མ་ཡིན་པ་འམ། འདིས་དངོས་པོ་གང་ཡང་མཚོན་པར་བྱེད་པ་མ་ཡིན་པའོ། །བརྟག་མིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་གི་ངོ་བོར་ཡོངས་སུ་མ་གྲུབ་པའི་ཕྱིར་འདི་དང་དེའོ་ཞེས་བརྟག་པར་མི་ནུས་པའི་ཕྱིར་རོ། །རིག་བྱ་མིན་ཞེས་བྱ་བ་ནི་རང་བྱུང་གི ་ཡེ་ཤེས་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྣམ་པ་ཐམས་ཅད་མངོན་པར་རྟོག་པས་རིག་པ་མེད་པའི་ཚུལ་གྱིས་རིག་པར་བྱ་བའོ། །སྐྱེ་འཇིག་མེད་ཅིང་ཞེས་བྱ་བ་ནི་སྐྱེ་བ་ནི་འབྱུང་བ་ཡིན་ལ། འཇིག་པ་ནི་རྒྱུན་ཆད་པའམ་ཞིག་པ་སྟེ། འདི་ལ་དེ་གཉིས ་ཡོད་པ་མ་ཡིན་པའོ། །བདེ་བ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་གནོད་པ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །རྣམ་བརྟག་མ་ཡིན་ཞེས་བྱ་བ་ནི་གཟུང་བ་དང། འཛིན་པ་དང། བདག་གི་དངོས་པོ་དང། གཞན་གྱི་དངོས་པོ་དང། དངོས་པོ་དང་དངོས་པོ་མེད་པར་རྣམ་པ་བརྟག་པ ་མ་ཡིན་པའི་ཕྱིར་རོ། །སྣང་བ་མེད་ཅེས་བྱ་བ་ནི་རང་དང་གཞན་དུ་སྣང་བའི་ཚུལ་དུ་སྣང་བ་མེད་པའི་ཕྱིར་རོ། །མཚན་མ་མེད་ཅིང་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་མཚན་མ་དང་བྲལ་བའི་ཕྱིར་རོ། །གསལ་བྱེད་མེད་ཅེས་བྱ་བ་ནི་སྐྱེ་བ་དང། གནས་པ་དང། འཇིག ་པ་དང། གཞན་དུ་འགྱུར་བ་ཉིད་ཅེས་བྱ་བའི་གསལ་བྱེད་དག་དང། བྲལ་བའི་ཕྱིར་རོ་གཉིས་མིན་གཉིས་མེད་མ་ཡིན་ཞེས་བྱ་བ་ནི་དམིགས་པ་གཉིས་དང། དམིགས་སུ་མེད་པ་གཉིས་དང། དམིགས་པ་དང་དམིགས་པ་མེད་པ་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞི་ཞེས་བྱ ་བ་ནི་ཡེ་ཤེས་ཞི་བས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རམ། རབ་ཏུ་ཞི་བ་བླ་ན་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བློ་འཇུག་རྣམ་སྤངས་པ་ཞེས་བྱ་བ་ནི་དོན་དམ་པ་རྟོགས་པ་དང་རྗེས་སུ་མཐུན་པའི་ཤེས་རབ་འཇུག་པ་མེད་པའི་ཚུལ་དུ་འཇུག་པའི་ཡུལ་ཡིན་པའི་ཕྱིར། །མཚན ་མ་དང་བཅས་པ་དང་དམིགས་པ་དང་བཅས་པའི་བློའི་འཇུག་པ་རྣམ་པར་སྤངས་པའོ། །ཡི་གེ་མེད་པ་ཞེས་བྱ་བ་ནི་བློའི་ཡུལ་མ་ཡིན་པའི་ཕྱིར། །ཚིག་གི་ཡུལ་ཡན་མ་ཡིན་པས་དེའི་ཕྱིར་ཡི་གེ་མེད་པ་ནི་བརྗོད་དུ་མེད་པའོ། །ཡི་གེ་ཡིས་ཞེས་བྱ་བ་ནི་ཡི་གེ་དག་གིས ་སྒྲོ་བཏགས་དེའོ། །ཐུགས་རྗེ་ཉིད་ཀྱིས་ཞེས་བྱ་བ་ནི་རྩད་པའི་ཕྱིར་མ་ཡིན་པར་རོ། །བསྟན་མཛད་པ་ཞེས་བྱ་བ་ནི་རབ་ཏུ་བསྟན་པར་གྱུར་པའོ། །སྟོན་པ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ལ་ཕྱིན་ཅི་མ་ལོག་པར་སྟོན་པའོ། །མ་ནོར་ཉིད་གསུང་བ་ཞེས་བྱ་བ་ནི་དོན་ཡང་དག་པ་ཇི་ལྟ་བ་ཉིད ་གསུང་བའོ། །དེ་ལ་ཞེས་བྱ་བ་ནི་སྟོན་པ་ལའོ། །གུས་པར་ཞེས་བྱ་བ་ནི་བསམ་པ་ཐག་པ་ནས་སོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་ཕྱག་འཚལ་བར་གྱུར་ཅིག་ཅེས་བྱ་བའོ། །དེ་ལྟར་ན་དེས་ནི་བཅོམ་ལྡན་འདས་ཀྱི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། རང་གི ་དེ་ཉིད་ཐུགས་སུ་ཆུད་ནས་གཞན་དག་ལ་སྟོན་པར་མཛད་པའི་ཕྱིར་རོ། །འོ་ན་གང་གི་ཕྱིར་དང་འབྲེལ་པ་གང་གིས་བསྟན་བཅོས་འདི་རྩོམ་པར་བྱེད་ཅེ་ན་དེའི་ཕྱིར། གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཀྱིས། །བྱང་ཆུབ་ཆེན་པོར་བློས་བྱས་རྣམས། །དེ་ཉིད་བདུད་རྩིར་བཟུང་བའི ་ཕྱིར། །ནུས་པ་ཅུང་ཞིག་བརྗོད་པར་བྱ། ཞེས་སྨྲས་ཏེ། གཞན་དོན་བསྒྲུབ་ཕྱིར་ཞེས་བྱ་བ་ནི་གཞན་དག་གི་དོན་བྱ་བའི་ཕྱིར་རོ། །བརྟུལ་ཞུགས་ཀྱིས་ཞེས་བྱ་བ་ནི། གང་དག་གི་བརྟུལ་ཞུགས་དྲག་པོ་བླངས་པས་སོ། །བྱང་ཆུབ་ཆེན་པོ་ཞེས་བྱ་བ་ནི་དེ་བྱང་ཆུབ་ཀྱང་ཡིན་ལ་།ཆེན ་པོ་ཡང་ཡིན་པས་བྱང་ཆུབ་ཆེན་པོ་སྟེ། ཐེག་པ་ཐམས་ཅད་ཐེག་པ་གཅིག་གི་རྗེས་སུ་འཇུག་པའི་ཕྱིར་དང་རྟོགས་པར་བྱ་བ་མཛའ་ཡས་པའི་ཕྱིར་རོ། །དེར་བློ་བྱས་རྣམས་ཞེས་བྱ་བ་ནི་མི་ཕྱེད་པའི་བསམ་པ་ཡང་དག་པར་བསྐྱེད་པ་རྣམས་སོ། །དེ་རྣམས་དེ་ཉིད་བདུད་རྩི་ལ་གཟུང་པའི ་ཕྱིར་བསྟན་བཅོས་འདི་རྩོམ་པར་བྱེད་དེ། དེ་ལྟར་ན་དེ་ནི་དགོས་པ་ཡིན་ནོ། །ནུས་པ་ཅུང་ཞིག་བརྗོད་པར་བྱ་ཞེས་བྱ་བ་ནི་འབྲེལ་པ་ཡིན་ཏེ། ཇི་ལྟར་ཞེ་ན། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་ཐེག་པ་ཆེན་པོའི་ཕྱིར་དེ་ཉིད་བདུད་རྩིའི་ཡི་གེ་དཔག་ཏུ་མེད་པ་དང། དོན་ཤིན་ཏུ་རྒྱ་ཆེན་པོ ་བཀའ་སྩལ་པ་དེའི་རྗེས་སུ་སློབ་དཔོན་གྱིས་ཀྱང་དེ་དབུ་མའི་བསྟན་བཅོས་རྒྱ་ཆེར་བསྟན་གྱི། བདག་གིས་ནི་བློ་ཞེན་པ་རྣམས་དྲང་བའི་ཕྱིར་ཅི་ནུས་པས་ཅུང་ཟད་ཙམ་ཞིག་བརྗོད་པའི་ཕྱིར་རོ། །བསྟན་བཅོས་མཛའ་དག་གི་དོན་གྱི་སྒོ་ནས་ཡོངས་སུ་རྫོགས་པ་དང་འདྲ་བར་བློས་ཡང་དག ་མཐོང་ད་ན། སྤྱི་སྡོམ་བྱེད་པ་ནི། བྱང་ཆུབ་སེམས་ནི་མི་གཏོང་དང། །ཐུབ་པའི་བརྟུལ་ཞུགས་ཡང་དག་བརྟེན། །དེ་ཉིད་ཤེས་པ་འཚོལ་བ་ནི། །དོན་ཀུན་སྒྲུབ་པའི་སྤྱོད་པ་ཡིན། ཞེས་བྱ་བ་སྟེ། བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་རྣམS་ཀྱིས་དང་པོར་བྱང་ཆུབ་ཡིད་ལ་བྱེད་པ ་དང་མི་འབྲལ་བར་བྱའོ། །དེ་ནས་ཕྱི་རོལ་པའི་ཐུབ་པའི་ཆོས་དང་མཐུན་པར་ཐེག་པ་ཆེན་པོ་ལས་གསུངས་པའི་ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པར་བྱའོ། །དེའི་འོག་ཏུ་ཕྱོགས་སུ་ལྟུང་བའི་བློ་མེད་པས་གཞུང་ལུགས་ཐམས་ཅད་རྣམ་པར་བརྟགས་ནས་རིགས་པ་དང་ལུང ་དང་མི་འགལ་བའི་དེ་ཉིད་ཤེས་པར་བྱ་བའི་ཕྱིར་རོ། འབར་པར་བྱ་སྟེ། དེ་ལྟར་སྦྱོར་པ་གསུམ་པོ་དེ་དག་ནི་རང་དང་གཞན་གྱི་དོན་ཐམས་ཅད་བསྒྲུབ་པའི་སྤྱོད་པ་ཡིན་ཏེ། བསྟན་བཅོས་འདི་ལ་མདོར་བསྟན་པ་ནི་དེ་ཡིན་ནོ། །དེ་ལ་རེ་ཞིག་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཇེ་བརྗོད་པར་བྱ་སྟེ། བྱང ་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། བྱམས་པ་དང་ནི་སྙིང་རྗེ་དང། ཤེས་པ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པ་དེ་མི་བཏང་ཞེས་བྱ་བ་སྟེ། །བྱམས་པ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསྒྲལ་བ་དང་སྒྲོལ་བ་དང། ་མངོན་པར་བྱང་ཆུབ་པར་བྱ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་སེམས་བསྐྱེད་པ་བཞི་དང་ལྡན་པའོ། །སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་དང། ངན་འགྲོ་ལས་ཡོངས་སུ་བསྐྱབ་པ་དང། ཐེག་པ་དམན་པ་ལས་བསླང་བ་དང། ཡང་དག་པའི་ལམ་དུ ་དགོད་པའི་སེམས་བསྐྱེད་པ་བཞི་དང་ལྡན་པའོ། །ཤེས་པ་ཆེན་པོ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཐབས་ཀྱི་ཤེས་པ་དང། ཤེས་རབ་ཀྱི་ཤེས་པའོ། །དེ་ལ་ཐབས་ཀྱི་ཤེས་པ་ནི་འཁོར་གསུམ་ཡོངས་སུ་དག་པ་དང་ལྡན་པའི་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་ཅིང། སེམས་ཅན ་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང། སྡིག་པ་འཆགས?་པ་དང། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་ལ་སོགས་བ་དང། ཚོགས་གསུམ་ཡོངས་སུ་རྫོགས་པར་བྱེད་པའོ། །ཤེས་རབ་ཀྱི་ཤེས་པ་ནི ་ཆོས་ཐམས་ཅད་དམིགས་སུ་མེད་པ་དང། མཚན་མ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། སྐྱེ་བ་མེད་པ་དང། དངོས་པོ་མེད་པ་དང། ཡོངས་སུ་མ་གྲུབ་པས་སོ་སོར་རྟོགས་པའི་ངོ་བོ་ཉིད་ཀྱི་ཤེས་པ་སྐད་ཅིག་གཅིག་དང་ལྡན་པ་བསྐྱེད་པའོ། །དེ་དག་གིས་བརྒྱན་པའི་སངས་རྒྱས་ཀྱི ་ས་བོན་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བྱང་ཆུབ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་མཁྱེན་པའོ། །བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཀྱི་ཕྱིར་སེམས་དཔའ་འོ། །གང་གི་ཕྱིར་དེ་སངས་རྒྱས་ཀྱི་ས་བོན་ཡིན་པ་དེའི་ཕྱིར་མཁས་པ་སེམས་ཅན་ལ་བལྟ་བས་བསམ་པ་དང། ་ལྷག་པའི་བསམ་པ་དང་མོས་པ་དང་མོས་པ་རྒྱ་ཆེན་པོ་དེ་མི་བཏང་བར་བྱ་བའི་རིགས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་ཅི་ཞིག་བྱ་བར་རིགས་ཞེ་ན། དེའི་ཕྱིར་བློ་ལྡན་སྙིང་སྟོབས་ཆེ་བ་དང། །གཞན་གྱི་སྡུག་བསྔལ་མི་བཟོད་ཅིང། །ཡང་དག་བརྩོན་འགྲུས་བརྩམས་པ་དང། །མཐུ་དང་ལྡན ་ཞིང་མཁས་པས་ནི། །ཤེས་རབ་སྣང་བ་མེད་པ་ཡི། །འཇིག་རྟེན་ཀུན་ལ་བལྟ་བྱས་ནས། །འཁོར་བ་མི་གཙང་ས་འོག་ནས། །བདག་ཉིད་རྒལ་བས་བསྒྲལ་བར་རིགས། ཞེས་བྱ་བ་སྨྲས་ཏེ་བློ་དང་ལྡན་པ་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་ཤེས་རབ་དྲི་མ་མེད་པ་དང་ལྡན་པ ་དང། སྙིང་སྟོབས་ཆེ་བ་བདུད་དང་ཉོན་མོངས་པ་ཐམས་ཅད་ཀྱི་མི་བྱེད་ཅིང་བརྟན་པའི་སེམས་དང་ལྡན་པ་དང། གཞན་གྱི་སྡུག་བསྔལ་མི་བརྗོད་པ་སེམས་ཅན་ཐམས་ཅད་བདག་ཉིད་དང་འདྲ་བར་ལས་བླངས་ནས་དེ་དག་སྡུག་བསྔལ་བས་བདག་ཉིད་སྡུག་བསྔལ་བ་དང། ཡང་དག་པར ་བརྩོན་འགྲུས་བརྩམས་པ་དགེ་བའི་ཆོས་ཀྱི་སྤྱོད་པ་དག་ལ་བརྩོན་འགྲུས་བརྟན་པ་བརྩམས་པ་དང། མཐུ་དང་ལྡན་པ་བདག་དང་གཞན་གྱི་དོན་བྱེད་པར་ནུས་པ་དང། མཁས་པ་བཤེས་གཉེན་ཅན་གྱི་ནི་ཤེས་རབ་ཀྱི་སྣང་བ་མེད་པ་བློའི་གསལ་བ་དང་བྲལ་བའི་འཇིག་རྟེན་མ་ལུས ་པ་ཀུན་ལ་བལྟ་བ་ཡང་དང་ཡང་དུ་བརྟག་པ་བྱས་ནས་འཁོར་བ་མི་གཙང་བའི་ས་འོག་ནས། བདག་ཉིད་བརྒལ་བས་འཇིག་རྟེན་ཡང་བསྒྲལ་བར་རིགས་སོ། །ཞེས་བྱ་བར་སྦྱར་རོ། །བྱམས་པ་ཆེན་པོའི་བཤད་པ་སེམས་ཅན་ཐམས་ཅད་བསྒྲལ་བའི་སེམས་བསྐྱེད་པ་ཞེས་བྱ་བ་དང ་པོ་བཤད་ཟིན་ཏོ། །སེམས་ཅན་དགྲོལ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གཉིས་པའི་དབང་དུ་བྱས་ནས། གང་ཞིག་ཤེས་རབ་མཚོན་རྣོན་གྱིས། །འཆད་བ་ཀུན་བཅད་གྲོལ་གྱུར་པ། །སྙིང་རྗེའི་བདག་ཉིད་ལྡན་པ་ཡིས། །གང་ཕྱིར་མགོན་མེད་སྡུག་བསྔལ་བ། །འཁོར་བའི་བཙོན ་ར?་མི་བཟད་པར། །འདོད་ཆགས་ལ་སོགས་སྒྲོག་གིས་བཅིངས། །བག་མེད་པ་ཡི་ཆད་འཐུངས་ནས། །གཏི་མུག་གཉིད་ཀྱིས་ལོག་པ་དང། །རྣམ་པར་རྟོག་པའི་ཆོམ་རྐུན་གྱིས། །དེག་ཚོགས་མ་ལུས་རྐུས་པ་དག། གལ་ཏེ་གྲོལ་བར་མི་བྱེད་ན། །མཐུ་ལྡན་མཐུ་ནི་ཅི?་ལ་ཕན། ཞེས་བྱ་བ ་སྨྲས་ཏེ། གང་ཞིག་ཤེས་རབ་ཀྱི་མཚོན་ཉོན་མོངས་བམ་ལུས་པ་གཅོད་པའི་བདག་ཉིད་ཀྱི་རལ་གྲི་ཤིན་ཏུ་རྣམ་བོས?་ཕྲེང?་པའི་ཀུན་ཏུ་སྦྱོར་བའ?་འཆིང་བ་ཀུན་མ་ལུས་པར་བཅད་ཅིང་བདག་ཉིད་གྲོལ་བར་གྱུར་བ་སྙིང་རྗེའི་བདག་ཉིད་དང་ལྡན་པ་ཡིས་གཞན་དག་ཀྱང་གྲོལ་བར་བྱེད་པ ་དེ་ནི་མཐུ་དང་ལྡན་པའི་མཐུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བྱམས་པའི་སྐབས་སུ་སྙིང་རྗེའི་བདག་ཉིད་དང་ལྡན་པ་ཞེས་བྱ་བའི་ཚིག་སྨོས་པ་ནི་བྱམས་པ་དང་སྙིང་རྗེ་གཉིས་ཟུང་དུ་འབྲེལ་པར་འབྱུང་བའི་ཕྱིར་མི་རུང་བ་མེད་དོ། །མགོན་མེད་ཅེས་བྱ་བ་ནི་དད་ལ་སོགས་པ་མགོན་མེད་པའི ་ཆོས་བཅུ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་བ་ཞེས་བྱ་བ་ནི་འཚེ་འཕོ་དང། ཡོངས་སུ་འཚོལ་བ་ལ་སོགས་པའི་སྡུག་བསྔལ་གདུང་བདག་དང་ལྡན་པའི་ཕྱིར་རོ། །འཁོར་བའི་བཙོན་ར་མི་བཟང་བ་ཞེས་བྱ་བ་ནི་སྲིད་པའི་འཆིང་བའི་གནས་འཇིག?་པ་མང་བ་སྐྱེ་བ་དང། རྒ་བ ་ལ་སོགས་པའི་རྒྱུན་གྱིས་དཔྱད་ཐག་མ་ཆད་པའི་མཚན་ཉིད་སེམས་ཀུན་ནས་ཉོན་མོངས་པར་བྱེད་པར་རོ། །འདོད་ཆགས་ལ་སོགས་སྒྲོག་གིས་བཅིངས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཀུན་ཏུ་སྦྱོར་བ་དགུ་པོ་ལྕགས་སྒྲོགས་དང་འདྲ་བདག་གིས་བཅིངས་པའི་ཕྱིར་རོ།། ་བག་མེད་པའི་ཆང་འཐུངས་ནས་ཞེས་བྱ་བ་ནི་འདོད་ཆགས་དང། ཞེ་སྡང་དང་གཏི་མུག་དང། ལེ་ལོ་ཞེས་བྱ་བ་བག་མེད་པ་ཆང་དང་འདྲ་བ་བསྟེན་ཅིང་མྱོས་པར་གྱུར་བའོ། །གཏི་མུག་གཉིད་ཀྱི་ལོག་པ་ཞེས་བྱ་བ་ནི་མ་ཤེས་པའི་གཉིད་ཀྱིས་ཤིན་ཏུ་སྨྱོ་བར་གྱུར་པའོ། །རྣམ ་བར་རྟོག་པའི་ཆོམ་རྐུན་གྱི་ཞེས་བྱ་བ་ནི་འདོད་པ་དང། གནོད་སེམས་དང་རྣམ་པར་འཚེ་བ་ལ་སོགས་པའི་རྣམ་པར་རྟོག་པ་ཆོམ་རྐུན་དང་འདྲ་བ་དག་གིས་སོ། །དགེ་ཚོགས་མ་ལུས་བརྐུས་པ་དག་ཅེས་བྱ་བ་ནི་འཕགས་པའི་ནོར་བདུན་གྱི་ནོར་ཐམས་ཅད་ཕྲོགས་པ་དག་གོ། བྱམས་པ་ཆེན ་པོའི་བཤད་པ་སེམས་ཅན་ཐམས་ཅད་དགྲོལ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གཉིས་པ་བཤད་ཟིན་ཏོ། །སེམས་ཅན་ཐམས་ཅད་མངོན་བར་བྱང་ཆུབ་པར་བྱ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གསུམ་པའི་དབང་དུ་བྱས་ནས། གང་ཞིག་ལག་པའི་མཐུས་བསྒྲུབས་པ་འདོད ་བས་བསྐྱེད་པའི་བདེ་ཆུང་ཡང། །གཅིག་པུ་གདུ་བར་ཟ་བྱེད་པ། །དེ་ཡང་མཁས་པས་དམར་གྱུར་ན། འཁོར་ལོས་སྒྱུར་དང་དབང་པོ་དང། །ཚངས་པ་ལ་ཡང་རབ་དཀོན་པ། །སྲེད་པ་རྣམ་པར་གཅོད་པ་དང། །ཐབས་ཀྱི་སྒོ་ནས་ཐུན་མོང་བ། །ལེན་དང་ཟད་དང་མཐར་ཐུག་དང།། ་སྡུག་ལ་སོགས་པས་མི་འགྱུར་ཞིང། །སྡུག་བསྔལ་མ་ལུས་ཞི་བྱེད་པའི། །དེ་ཉིད་དོན་རྟོགས་བདུད་རྩི་ཅི། ཞེས་བྱ་བ་སྨྲས་ཏེ། རེ་ཞིག་འཇིག་རྟེན་ན་གང་ཞིག་རང་གི་ལག་པའི་མཐུས་བསྒྲུབས་པ་འདོད་པས་བསྐྱེད་པའི་བདེ་བ་ཆ་ཤས་ཆུང་དུ་ཡང་བདག་གཅིག་པུས ་གྲོགས་པོ་དང། མཛའ་བཤེས་དང། འགྲོན་ལ་བཅུགས་པ་དང། སྟབས་པ་མེད?་པར་གདུ་ཞིང་འདོད་པས་ཀུན་ན་བཀྲིས་པའི་སེམས་ཀྱིས་ཟ་བར་བྱེད་པ་དེ་ཡང་མཁས་པས་དམང?་པར་འགྱུར་ཏེ། སེར་སྣས་ཀུན་ནས་དཀྲིས་པའི་སེམས་དང་ལྡན་པའི་ཕྱིར་རོ། །དེ་ཡང་དེ ་ལྟར་འགྱུར་ན་གང་ཞིག་རང་གིས་དེ་ཉིད་ཀྱི་དོན་རྟོག་བས་བདུད་རྩི་རྙེད་ནས། སེམས་ཅན་ལ་མི་བལྟོས་པར་བདག་རང་གཅིག་པུས་རྟོག་པར་བྱེད་ན་དེ་ཇི་ལྟར་དམར་བར་མི་འགྱུར་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེ་ལ་འཁོར་ལོས་སྒྱུར་བའི་བདེ་བ་ནི་ལྷའི་ཕོ་བྲང་ན་ལྷ་མོ་ལྷའི་རིན ་པོ་ཆེ་དྲི་མ་མེད་པའི་འཁོར་ལོ་དང། ནོར་བུ་དང་གླང་པོ་ཆེ་དང། རྟ་དང་བློན་པོ་དང། བཙུན་མོ་དང། དམག་དཔོན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང། གླིང་བཞིའི་དབང་ཕྱུག་དང། ཡུལ་ལ་ལོངས་སྤྱོད་པའི་མིའི་བདེ་བ་ཐམས་ཅད་ལས་ལྟག་པའོ། །དབང ་པོའི?་བྱེད་པ་ནི་ལྷའི་ཕོ་བྲང་ན་ལྷ་མོ་ལྷའི་རིན་པོ་ཆེ་དྲི་མ་མེད་པའི་འོད་ཀྱིས་སྣང་བར་བྱས་པ་དང། དགའ་བའི་ཆིལ་ལ་སོགས་པའི་ལོངས་སྤྱོད་ཤིན་ཏུ་ཆེ་བའོ། །ཚངས་པའི་བདེ་བ་ནི་སྟོང་ལ་དབང་སྒྱུར་པའི་ཚངས་པ་ཆངས་བའི་གནས་པ་བཞི་བསྒོམ་པ་དང། བསམ་གཏན ་གྱི་?་མྱང་བ་ཡུལ་གྱི་བདེ་བ་ཐམས་ཅད་ལས་ལྷག་པའོ། །དེ་དག་ལ་ཡང་དེ་ཉིད་ཀྱི་དོན་བརྟགས་པས་བདུད་རྩི་རབ་ཏུ་དཀོན་ཏེ། གང་གི་ཕྱིར་སྲེད་པ་རྣམ་པར་གཅོད་པ་ཞེས་བྱ་བ་ནི་འདོད་པ་དང། སྲིད་བ་དང། ཐར་པ་ལ་མངོན་པར་ཞེན་བ་སྤངས་བཞེས་བྱ་བའི་ཐ་ཚིག་དོ། །ཐབས་ཀྱི་སྒོ་ནས ་ཐུན་མོང་པ་ཞེས་བྱ་བའི་བསོད་ནམས་དང། བསོད་ནམས་མ་ཡིན་པ་དག་ནི་གཞན་ལ་རྒྱུད་ལ་འཕོ་བ་མེད་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་ནི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱར་རུང་སྟེ། མཆོད་སྦྱིན་ཆེན་པོའི་དོན་དུ་ནོར་དང་འབྲུའི་ཚོགས་བསགས་པ་བཞིན་པས་ཇི ་ལྟར་ཟང་ཟིང་གི་སྦྱིན་པ་ཆུང་ཡང་ཚེ་རབས་གཞན་དག་ཏུ་རྣམ་པར་སྨིན་པ་འབུམ་འགྱུར་འགྲུབ་པ་དེ་ལྟར་དགེ་བའི་རྩ་བ་ཆུང་དུ་སེམས་ཅན་རྣམས་ལ་སྟོབས་ཤིང་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དུས་ན་རྣམ་པར ་སྨིན་པའི་འབྲས་བུ་གྲངས་མེད་པ་དང་ཚད་མེད་པར་འགྱུར་ཏེ། འདིར་ཐབས་ནི་སེམས་ཅན་ཐམས་ཅད་ཀྱང་བདེ་བར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ལེན་དང་ཟད་དང་མཐར་ཐུག་དང། །སྡུག་ལ་སོགས་པས་མི་འགྱུར་ཞིང། ཞེས་བྱ་བ་ལ་ལེན་པ་ནི་སྐྱེ་བའོ། །ཟད་པ་ནི་དགའ་པའོ ་མཐར་ཐུག་པ་ནི་འཆི་པའོ། །སྡུག་ལ་སོགས་པS་ཞེས་བྱ་བ་ནི་འདུ་བྱེད་དང། འགྱུར་བ་དང། སྡུག་བསྔལ་གྱི་སྡུག་བསྔལ་གསུམ་དང། དེ་དག་ལས་བྱུང་བ་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་ལ་སོགས་པས་སོ། །དེ་དག་ཐམས་ཅད ་ཀྱིས་མི་འགྱུར་བ་ན་སུན་མ་ཕྱིན་པའོ། །སྡུག་བསྔལ་མ་ལུས་ཞི་བྱེད་པའི། ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལོ། །དེ་ཉིད་དོན་རྟོགས་བདུད་རྩི་ཞེས་བྱ་བ་ནི་དེ་ཉིད་ཀྱི་དོན་རྟོགས་པ་ཉིད་བདུད་རྩི་སྟེ། འཆི་འཕོ་མེད་པའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རོ། །བྱམས་པ་ཆེན? ་པོའི་བཤད་པ་སེམས་ཅན་ཐམས་ཅད་མངོན་པར་བྱང་ཆུབ་པར་བྱ་བའི་སེམས་བསྐྱེད་པ་ཞེས་བྱ་བ་གསུམ་པ་བཤད་ཟིན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་སེམས་བསྐྱེད་བ་ཞེས་བྱ་བ་བཞི་པའི་དབང་དུ་བྱས་ནས། གཞན་ཡང་སྔོན་ཆད་ཉོན་མོངས ་པའི། །གདན་གྱིས་བརླམས་པ་བདག་གིས་ནི། །སྨས་ལ་འགྱུར་བྱེད་འདབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས། །བྱམས་དང་བསྙེན་བཀུར་ཕན་བ་བྱས། །དེ་ལ་ལན་དུ་ཕན་གདགས་པ། །མྱ་ངན་བཟླ་བས་གཞན་ཅི་ཡོད་ཅེས་བྱ་བ་སྨྲས་ཏེ། ་གཞན་ཡང་སྔོན་ཆད་འདས་པའི་དུས་དག་ཏུ། ཉོན་མོངས་པ་སེམས་ཀྱི་རྒྱུད་ལ་གནོད་པ་བྱེད་པ་འདོད་ཆགས་ལ་སོགས་པ་ཉེས་པའི་གདོན་གྱིས་བརླམས་པར་གྱུར་པ་བདག་གིས་མཚོན་ལ་སོགས་པས་སྨས་པའི་ལུས་ལ་འགྱུར་བྱེད་འདེབས་པ་བཞིན་དུ་སྡུག་བསྔལ་ནད ་པ་གང་དག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ནད་ཀྱིས་ལུས་དང་ཡིད་མི་བདེ་བར་གྱུར་པ་དག་ལ་བསད་པ་དང། བཅིང་བ་དང། བཙོན་དུ་བཟུང་བ་ལ་སོགས་པ་གནོད་པའི་བདག་ཉིད་ཀྱི་སྡུག་བསྔལ་དག་བྱས་ཤིང་བསྐྱེད་པ་དང། ཚ་རབས་རྗེས་པའི་སྐྱེ་བ་གཞན་དུ་ཕ ་དང་མ་དང། བུ་དང་གྲོགས་པོ་དང། ཉེ་དུར་གྱུར་པ་ཁོང་དགེ་བ་ཤིན་ཏུ་ཕན་པ་དང། བདེ་བ་འདོད་པ་གང་དག་གིས་བདག་ལ་བྱམས་པ་དང་བསྙེན་བཀུར་དང་ཕན་པ་བྱས་པ་དེ་དག་ལ་ལན་དུ་ཕན་གདགས་པ་ནི་ཉིད་མཚམས་སྦྱོར་བའི་འཆད་བ་མ་ལུས་པར་བཅད ་པར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བ་ལས་གཞན་ཅི་ཡོད་ཅེས་བྱ་བར་སྦྱར་རོ། །བྱམས་པ་ཆེན་པོའི་བཤད་པས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་སེམས་བསྐྱེད་པ་ཞེས་བྱ་བ ་བཞི་པ་བཤད་ཟིན་ཏོ། །སེམས་བསྐྱེད་པ་དེ་དག་ནི་དོན་ཆེ་སྟེ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱི་དོན་དང། ཕན་པ་དང། བདེ་བ་དང། གྲུབ་པ་དང། བདེ་བ་འདོད་པ་དེ་ནི་འདི་སྙམ་དུ་སེམས་ཏེ། ཇི ་ལྟར་བདག་རྒལ་ནས་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བར་བྱའོ། །ཇི་ལྟར་བདག་གྲོལ་ནས་སེམས་ཅན་མ་གྲོལ་བ་རྣམས་འགྲོལ་པར་བྱའོ། །ཇི་ལྟར་བདག་དབུགས་ཕྱིན་ནས་སེམས་ཅན་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བྱའོ། །ཇི་ལྟར་བདག ་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོའི་ཁྱོན་ཙམ་གྱི་ཚད་བཟུང་བ་དང། རྒྱ་མཚོ་ཆེན་པོ་ནི་སྐྲའི་རྩེ་མོ་བརྒྱར་གཤཌ ་པས་བཅུ་ཞིང་ཚད་བཟུང་བ་ཁོ་ནར་རུང་གི་སེམས་བསྐྱེད་པ་དེ་དག་གི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་གི་སེམས་བསྐྱེད་པ་དེ་དག་མངོན་པར་བསྒྲུབས་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བར་བྱས་ཏེ། ཅི་ནས་ཀྱང ་གཉིས་ཀྱི་འདུ་ཤེས་མེད་པ་དང། གཉིས་མ་ཡིན་པའི་འདུ་ཤེས་མེད་པ་དང། སེམས་མ་ཡིན་པ་དང། སེམས་ལས་གཞན་མ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་བའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་རྣམ་པར ་འཇིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །འདིར་སྨྲས་པ། རང་གི་དོན་ཕུན་སུམ་ཚོགས་པ་ཐོབ་པ་ཉོན་མོངས་པའི་ཆ་ཤས་མ་ལུས་པར་སྤངས་པ་རྣམས་ནི་ཇི་སྐད་སྨྲས་པ་དེ་དག་རུང་གི་།གང་དག་གི་སྟོབས་བསྐྱེད ་པ་མ་ལུས་པ་དེ་དག་ནི་རང་ཉིད་སྲིད་པ་དག་དང། སྲིད་པ་ལ་བརྟེན་པའི་ཉོན་མོངས་པ་རྣམས་ཀྱིས་གནོད་བཞིན་པ་ན་ཇི་ལྟར་གཞན་དག་བསྒྲལ་བ་དང། དགྲོལ་པ་དང། མངོན་པར་བྱང་ཆུབ་པར་བྱ་བ་དང། ཡོངས་སུ་མྱ་ངན་ལས་འདའ་བ་བཟོད་པར་འགྱུར་ཞེ་ན། དེའི ་ཕྱིར་དེའི་ལན་དུ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ནས། གཞན་དོན་བྱེད་ལས་བྱུང་བ་ཡི། །དགའ་བས་སེམས་དགའ་མཁས་པ་དག། རལ་གྲི་རབ་ཏུ་འབར་འདྲ་བའི། །སྲིད་བདག་གིས་གནོད་མི་འགྱུར། ཞེས་བྱ་བ་སྨྲས་ཏེ། སྦྱིན་པ་དང། སྙན་པར་སྨྲ་བ་དང། དོན་སྤྱོད་པ ་དང། འདོན་མཐུན་པ་ཉིད་ལ་སོགས་བར་འཇིག་རྟེན་ལ་ཕན་འདོགས་པས་མཁས་པ་དག་ནི་རལ་གྲི་རབ་ཏུ་འབར་བ་དང་འདྲ་བའི་སྲིད་པ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་དག་གི་གནོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་གཞན་གྱི་དོན ་བྱེད་པ་ལས་བྱུང་བའི་དགའ་བས་ལུས་དང་སེམས་ཀྱི་རྒྱུད་དགའ་བར་གྱུར་ཅིང་བྱང་ཆུབ་ཀྱང་གཞན་གྱི་དོན་ཁོ་ནའི་ཕྱིར་འདོད་པ་དང། སྲིད་པ་ཉེ་བར་བླད་བའི་ཕྱིར་ལས་མངོན་པར་འདུ་མི་བྱེད་པ་དང། སྲིད་པའི་སྲེད་པ་དང། བྲལ་བའི་ཕྱིར་དེ་དག་གིས་གནོད་པར་མི་འགྱུར ་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་བཤད་པ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་སེམས་བསྐྱེད་པ་ཞེས་བྱ་བ་དང་པོ་བཤད་ཟིན་ཏོ། །ཡང་ན།?་འདི་ལྟར་གནོད་པར་མི་འགྱུར་ཏེ། །ཚུལ་ཁྲིམས་འཆལ་བ་མི་བྱེད་པས། །ངན་འགྲོའི་སྒོ་ཀུན་བཅད་པའི་ཕྱིར། །དེ་དག་ནི་བདག་ཉིད ་དགེ་བ་བཅུའི་ལས་ཀྱི་ལམ་ལྷག་པར་དཔྱོད་པས་གནོད་པ་མེད་པ་ན་གཞན་དག་ཀྱང་དེ་དག་ཉིད་ལ་སྦྱོར་བར་བྱེད་པས་ངན་འགྲོ་འགྲོ་བ་ངན་པའི་སྒོ་ཐམས་ཅད་བཅད་པའི་ཕྱིར་བདེ་འགྲོའི་སྒོ་གླེགས་འབྱེད་པར་བྱེད་ཅིང། སེམས་ཅན་རྣམས་ལྷ་དང་མིའི་འགྲོ་བ་དག་ལ་འགོད་པར ་བྱེད་བའི་ཕྱིར་རོ། །དེས་ནི་སྙིང་རྗེ་ཆེན་པོའི་བཤད་པ་ངན་འགྲོ་ལམ་ཡོངས་སུ་བསྐྱབ་པའི་སེམས་བསྐྱེད་པ་ཞེས་བྱ་བ་གཉིས་པ་བསྟན་ཏེ། འདི་སྐད་དུ་གང་གི་ཕྱིར་བདག་ཉིད་ལམ་ལོག་བར་ཞུགས་པས་གཞན་དག་ཡང་དག་པའི་ལམ་ལ་དགོད་བ་ནི་གནས་མ་ཡིན་ཞིང་སྐབས་མ ་ཡིན་གྱིས། ཀྱེ་མ་བདག་ཀྱང་དགེ་བ་བཅུ་པོ་འདི་དག་ལ་ལྷག་པར་སྤྱོད་ཅིང་གཞན་དག་ཀྱང་དེ་དག་ཉིད་ལ་དགོས་པར་བྱའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཇི་ལྟར་སྲིད་པ་ལ་བརྟན་པའི་ཉོན་མོངས་པ་དག་གིས་གནོད་པར་མི་འགྱུར་ཞེ་ན། དེའི་ཕྱིར་སྟོང་ཉིད་ལྟ་བ་གོམས ་བྱས་པས། །ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་རྐྱེན་ཚོགས་པ་དང། ཐ་དད་པའི་དངོས་པོ་དང་ཞིག་པ་དག་ལ་དངོས་པོ་མི་དམིགས་པའི་ཕྱིར་རོ། །གང་ལ་འདོད་ཆགས་དང་ཁོད?་ཁྲོ་བ་དང། གཏི་མུག་འབྱུང་བར་འགྱུར་ཏེ། དེ་ལྟར་ཉོན་མོངས་པ ་རྣམས་ཀྱིS་མཐུ་བཅོམ་པའི་སྲིད་པ་ལ་བརྟེན་པའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་གནོད་པར་མི་འགྱུར་རོ། །འོ་ན་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་འགྲོ་བ་ཐམས་ཅད་ན་རྣམ་པར་རྒྱུ་བ་དང། དེ་དག་ཏུ་སྐྱེས་པ་ཡང་སྣང་ན། ཇི་ལྟར་དེའི?་ཆ་དང ་མཐུན་པའི་སྡུག་བསྔལ་དག་གིས་གནོད་པར་མི་འགྱུར་ཞེ་ན། དེའི་ཕྱིར་མཁས་པ་བསོད་ནམས་བྱས་པ་ཡིས། །འགྲོ་དྲུག་བསྐྱེད་ཚལ་དུས་སྟོན་ལྟར། །མཐོང་བ་སྲིད་པའི་བཙོན་ར་ཡིས། །སྐྲག་པར་འགྱུར་བ་ཡོང་མ་ཡིན། ཞེས་བྱ་བ་སྨྲས་ཏེ། མཁས་པ་གཞན་གྱི་དོན་དུ ་སྨོན་ལམ་བཏབ་པ་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡང་དག་པར་བསགས་པ་དག་གིས་སེམས་ཅན་དམྱལ་བ་དང། ཡི་དགས་དང། དུད་འགྲོ་དང། ལྷ་དང། ལྷ་མ་ཡིན་དང། མིའི་འགྲོ་བ་དྲུག་པོ་དག་མེ་ཏོག་ཀུ་མུ་ངའི་དུས་སྟོན་ལྟ་བུར་མཐོང་ངན?་འཆི་འཕོ?་བ ་དང། ཡོངས་སུ་ཚོལ་བ་དང། ང་རྒྱལ་དང། སྡུག་བསྔལ་དང་གཅིག་ལ་གཅིག་ཟ་བ་དང། བཀྲེས་པ་ལ་སོགས་པའི་སྡུག་བསྔལ་དག་གིས་གནོད་པའི་ཚེ་ཡང་སྲིད་པའི་བཙོན་རའི་གནས་ཀྱི་ཡིད་འབྱུང་བར་འགྱུར་བ་མེད་དོ། །འོན་གལ་ཏེ་དེ་དག་དེ་ལྟར་སྲིད་པ་དག་དང། དེ ་དག་ལ་བརྟེན་པའི་སྐྱོན་དག་གིས་མི་དགོས་ན། ཇི་སྲིད་པ་ན་གནས་ཤིང་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་ཞེ་ན། དེའི་ཕྱིར། སྐྱོན་མཐོང་ཕྱིར་ནི་སྲིད་པ་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཅན། །སྲིད་པ་ན་ཡང ་གནས་པར་བྱེད། ཅེས་བྱ་བ་སྨྲས་ཏེ། སྐྱོན་དང་ཉེས?་དམིགས་མང་པོ་མཐོང་བའི་ཕྱིར་སྲིད་པར་གནས་འཆའ་བར་མི་བྱེད་ལ། སེམས་ཅན་གྱི་ཁམས་མཛའ་དག་ཡོངས་སུ་བསྐྱབ་པ་ལ་བརྩོན་པའི་ཕྱིར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་འགྲོ་བར་མི་བྱེད་དེ། ་གཞན་གྱི་དོན་སྒྲུབ་པའི་ཕྱིར་བརྟུལ་ཞུགས་བླངས་པ་དག་ནི་སྙིང་རྗེའི་དབང་དུ་གྱུར་པའི་སེམས་ཀྱི་པདྨ་བཞིན་དུ་འཇིག་རྟེན་གྱི་དྲི་མ་དག་གིས་མི་གོས་སྲིད་པ་ན་ཡང་གནས་པར་བྱེད་དེ་།ཇི་སྐད་དུ་གང་ལ་འགྲོ་བའི་རང་བཞིན་མ་ལུས་མངོན་མཛད་པ་།དེ་བཞིན ་གཤེགས་ཉིད་ཞར་ལ་རྙེས་པ་ཉིད་ལགས་ཤིང། །གཞན་དོན་ལྷུར་མཛད་ཁྱོད་ཀྱི་ཡོན་ཏན་དག་བཞི། །བསྟོའི?་མཁན་ཞིག་བསྟོང་པས་ཇི་ཙམ་བསྟོད་པར་འགྱུར་།ཞེས་བྱ་བ་འབྱུང་བ་ལྟ་བུའོ། །འཁོར་བ་དང་ན་མྱ་ངན་འདས། །གཉིས་དང་གཉིས་མིན་མེ་དམིགས་པའི། ། ་མཁས་པ་གང་ཡང་མི་གནས་ཤིང། །སྲིད་པ་ན་ཡང་གནས་པར་བྱེད། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ངོ་བོ་ཉིད་མཚུངས་པའི་ཕྱིར། །སྲིད་པ་དང་ཐར་པ་གཉིས་དང་གཉིས་མ་ཡིན་པར་མི་དམིགས་པའི་མཁས་པ་དག་ནི་གང་ཡང་མི་གནས་ཤིང། སྲིད་པ ་གསུམ་ན་ཡང་གནས་པར་སྣང་སྟེ། དེས་ནི་སློབ་དཔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པར་འགྱུར་ཏེ། ཇི་སྐད་དུ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ཡོངས་སུ་འདྲིས་པར་ཤེས་པས་དབང་བསྒྱུར་བ་ཁམས་གསུམ ་དང་ལྷན་ཅིག་གནས་པ་དང་མྱ་ངན་ལས་འདས་པར་ལྟུང་བ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པའི་མྱ་ངན་ལས་འདས་པ་ཞར་ལ་འོངས་པ་བརྗོད ་པར་བྱ་སྟེ། བྱང་ལག་རིན་ཆེན་བདུན་ཕྱུག་ཅིང། །ཡོན་ཏན་དཔག་མེད་འབྱུང་བའི་གནས། །ལྷ་དང་ལྷ་མིན་ཕྱག་བྱས་པ། །དམ་ཆོས་འཁོར་ལོ་བསྐོར་བརྙེས་ཤིང། །མུ་ཏིག་འཕྲོ་འདྲའི་གྲགས་པ་དང། །སྟོན་ཟླ་ཉ་བའི་དྲི་མེད་པའི། །འོད་ཟེར་ལྟ་བུའི་གསུང ་དག་གིས། །ཕྱོགས་བཅུ་དག་ནི་རྒྱས་མཛད་ལ། །དཀོན་མཆོག་གསུམ་གདུང་གནས་བྱའི་ཕྱིར། །ཡོན་ཏན་འབྱུང་གནས་དམ་པའི་སྨྲས། །ལྷ་ཀླུ་ལ་སོགས་སྤྱི་གཙུག་གིས། །བསྟན་པ་མཆོད་པ་བཞག་མཛད་དེ། །རང་དང་གཞན་དོན་མཛད་པའི་ཕྱིར། །དེ་དག་མྱ་ངན་འདས ་ལེགས་འདས། །དེ་ལས་གཞན་གང་ལུས་ཅན་ཆང། །དེ་ཡང་མྱ་ངན་འདས་པ་ཡིན། ཞེས་བྱ་བ་དག་ནི་དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཞེས་བྱ་བ་བྱང་ཆུབ་ཀྱི་ཡན ་ལག་རིན་པོ་ཆེ་བདུན་གྱིས་ཕྱུག་ཅིང་ལྡན་པ་དང། ཡོན་ཏན་དཔག་ཏུ་མེད་པ་དག་འབྱུང་བའི་སྒོར་གྱུར་པའི་འབྱུང་གནས་དང། ལྷ་སུམ་ཅུ་པ་དང། ལྷ་མིན་སྦྱིན་བྱེད་མའི་བུས་ཕྱག་བྱས་ཤིང་མཆོད་པ་དང། དམ་པའི་ཆོས་ཀྱི་འཁོར་ལོ་བདེན་པ་བཞི་ལ་ལན ་གསུམ་དུ་བཟླས་ཏེ་།རྣམ་པ་བཅུ་གཉིས་སུ་བསྐོར་བ་ཉིད་བརྙེས་ཤིང། མུ་ཏིག་གི་འབྲུ་བཅག་པའི་འཕྲོ་འདྲ་བར་འོད་ཟེར་དཀར་བའི་གྲགས་པ་དག་སྟོན་ཀའི་ཟླ་བ་ཉ་བ་དྲི་མ་མེད་པའི་འོད་ཟེར་ལྟ་བུའི་གསུང་རབ་བཅུ་གསུམ་པོ་དག་གིས་ཕྱོགས་བཅུ་ངག་ཀྱང་རྒྱས་པར་མཛད་པ། ་སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་དཀོན་པའི་དོན་དང་དགའ་བར་བྱེད་པའི་དོན་གྱི་དཀོན་མཆོག་ཅེས་བྱ་བ་དེ་གསུམ་གྱི་གདུང་རྒྱུན་མི་འཆད་ཅིང་གནས་པར་བྱ་བའི་ཕྱིར་སྙིང་རྗེ་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་འབྱུང་བའི་སྒོར་གྱུར་པའི་གནས་རྒྱལ་བ ་དམ་པའི་སྲས། །ལྷ་དང་ཀླུ་དང་མི་དང་མིའམ་ཅི་ལ་སོགས་པའི་སྤྱི་གཙུག་གིས་བཀའ་ཨི་བསྟན་པ་རབ་ཏུ་གནས་པར་བྱས་ཤིང་མཆོད་པ་དག་དམ་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་བཞག་པ་མཛད་དེ། རང་གི་དོན་ཚོགས་གསུམ་ཡོངས་སུ་རྫོགས་ཤིང་བླ་ན་མེད་པའི་གོ་འཕང་བརྙེས ་པ་དང། གཞན་གྱི་དོན་སེམས་ཅན་གྱི་ཁམས་མཛའ་དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་དགོད་པ་དང་གཞན་ཡང་མངོན་པར་རྫོགས་པར་བྱང་ཆུབ་པའི་ངེས་པར་བྱ་བ་བཞི་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཚེ་འཕྲུལ་ཆེན་པོ་ཡང་དག་པར་བསྟན་པ ་དང། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་དང། ཡབ་དང་ཡུམ་འབྲས་བུ་ལ་དགོད་པ་དག་མཛད་པའི་ཕྱིར་དེ་དག་མྱ་ངན་ལས་འདས་པ་ནི་དེ་ལྟར་དོན་མ་ལུས་པ་མཛད་པས་མཛད་པ་གཞན་མེད་པའི་ཕྱིར་དང། ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་བག་ཆགས་དང ་བཅས་པ་མཛའ་དག་དྲུངས་ནས་ཕྱུང་བའི་ཕྱིར་ལེགས་བར་མྱ་ངན་ལས་འདས་པ་ཡིན་ནོ། །དེ་དག་ལས་གཞན་པ་ཉན་ཐོས་དང། རང་སངས་རྒྱས་གང་དག་ཕུང་པོའི་ལུས་རྒྱུན་བཅད་པ་ཙམ་གྱིས་ཡང་འབྱུང་པའི་སྲིད་པ་ཟད་ཅིང་ཆང་པ་དེ་དག་ཀྱང་མྱ་ངན་ལས་འདས ་བ་ཡིན་ཏེ་།ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པའི་ཕྱིར་རོ། །དེ་དག་ལ་ནི་ཉོན་མོངས་པའི་བག་ཆགས་དང། ཤེས་བྱའི་སྒྲིབ་པ་བག་ཆགས་ཀྱི་ངོ་བོ་ཉིད་ཡོད་པའི་ཕྱིར་ཡང་བྱང་ཆུབ་ཀྱི་ཚོགས་དག་བསགས་ཤིང་བག་ཆགས་དང་མཚམས་སྦྱོར་བ་སྤངས་ཏེ། བླ་ན་མེད་པའི་བྱང ་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་དགོས་སོ། །ཞར་ལ་འོངས་པ་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་སྙིང་རྗེ་ཆེན་པོའི་བཤད་པ། ཐེག་པ་དམན་པ་ལས་བསླང་བའི་སེམས་བསྐྱེད་པ་ཞེས་བྱ་བ་གསུམ་པའི་དབང་དུ་བྱས་ནས། ཝ་ནི་གླང་ཆེན་དྲེགས་པ་ཡིས། །གླད་པ ་བགམ་ཞིང་དབྱེ་མི་སེམས། །གདོལ?་བ་རྒྱ་མཚོའི་མཐ་བཀླས་པའི། །ས་ཡི་དཀྱིལ་འཁོར་བསྐྱང་མི་སེམས། །དེ་བཞིན་སེམས་ཅན་དམན་པ་ཡང། །ཟབ་ཅིང་བླ་མེད་རྒྱ་ཆེ་བ། །ཡོན་ཏན་བགྲང་འདས་འབྱུང་བའི་གནས། །སངས་རྒྱས་ཉིད་ལ་རེ་བའང་མེད། །གཞལ་ཡས་རྨད ་བྱུང་བསམ་མི་ཁྱབ། །སྣང་བ་ཐམས་ཅད་ཟིལ་གནོན་པ། །རྫོགས་སངས་ཡོན་ཏན་རིན་ཆེན་ལ། །སུ་ཞིག་ཡིད་ཀྱིས་སེམས་མི་བསྐྱེད་ཅེས་བྱ་བ་སྨྲས་ཏེ། དཔེར་ན་ཝ་ནི་སེང་གེའི་སྡེར་མོ་རྣོན་པོའི་ལག་སྟངས་ཀྱིས་འགེངས་བ་ལ་མཁས་པ་ལྟར། གླང་པོ་ཆེ་དྲེགས་པ ་འདོད་ཆགས་ཀྱི་རྡུལ་ཆགས་བའི་དྲི་མས་འགྲམ་གླང་གི་ངོས་ཡོགས་པའི་གླད་པ་དག་མ་ཞིང་དབྱེ་བར་བྱ་བའི་སེམས་ཀྱང་མི་སྐྱེ་ལ། གདོལ་པའི་རིགས་ངན་ཡང་རྒྱལ་པོའི་གདུང་རིགས་མཐོན་པོར་སྐྱེ་བ་ལྟར་རྒྱ་མཚོ་ཆེན་པོ་བཞིའི་ཆུས་སྐེད་གདུང་བཞིན། །བསྐོར་བའི ་མཛའ་ཀླས་པའི་སའི་དཀྱིལ་འཁོར་བསྐྱང་ཞིང་བསྲུང་བར་འདོད་པའི་སེམS་ཀྱང་མི་སྐྱེ་བ་དེ་བཞིན་དུ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་དམན་པ་རང་ཉིད་ཞི་བ་དང་དུལ་བ་ལྷུར་ལེན་པ་ཡང་རྒྱ་མཚོ་ལྟར་ཟབ་ཅིང། ཟླ་མེད་པར་བླ་ན་མེད ་པ་ཡངས་ཤིང་རྒྱ་ཆེ་བ་ཡོན་ཏན་བགྲང་བ་ལས་འདས་བ་འབྱུང་བའི་གནས་སུ་གྱུར་པ་སངས་རྒྱས་ཉིད་ལ་འདུན་པའི་རེ་བ་ཙམ་ཡང་བསྐྱེད་པར་མི་བྱེད་དོ། །དེའི་ཕྱིར་བླ་ན་མེད་པའི་གོ་འཕང་འདོད་པ་ནི་གཞལ་ཡས་ཤིང་དཔག་ཏུ་མེད་པ་རྨད་དུ་བྱུང་བ་ཤིན ་ཏུ་ཡ་མཚན་ཆེ་བ་བསམ་གྱིས་མི་ཁྱབ་པ་བསམ་པ་ལས་ཡང་དག་པར་འདས་པ་སྣང་བ་ཐམས་ཅད་ཟིལ་གྱིས་གནོན། །ཡོན་ཏན་གྱི་སྣང་བ་གཞན་མ་ལུས་པར་ཟིལ་གྱིས་གནོན་པར་མཛད་པ་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་བདེ་བར ་གཤེགས་པའི་ཡོན་ཏན་གྱི་ནོར་བུ་དག་ལ་ཤེས་རབ་དང་ལྡན་པ་སུ་ཞིག་ཡིད་ཀྱིས་སེམས་མི་བསྐྱེད་ཅེས་སྦྱར་བར་བྱའོ། །གཞན་ཡང་གཞན་དོན་བྱེད་པ་དཔའ་བོ་དང། སྐྱེས་བུ་ཆེན་པོའི་ཚུལ་ལྡན་པ། སུ་ཞིག་འཁོར་མཛའ་མེད་པ་ཡང། །ཉིན་གཅིག་ལྟ་བུར་གནས ་མི་བྱེད། །གཞན་གྱི་དོན་བྱེད་པ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པར་གཅོད་པ་དཔའ་བ་ཉོན་མོངས་པའི་དགྲ་ལས་རྣམ་པར་རྒྱལ་བའི་རྩལ་དང་ལྡན་པ་སྐྱེས་བུ་ཆེན་པོའི་ཚུལ་དང་ལྡན་བ་སུ་ཞིག་འཁོར་བའི་སྲིད་པ་སྔོན་དང་ཕྱི་མའི་མཛའ་མེད་པར ་ཡང་ཉིན་ཅིག་ལྟ་བུར་གནས་པར་མི་བྱེད་དེ། ཇི་སྐད་དུ་མཁས་པ་གང་ཞིག་འགྲོ་བ་ཉམ་ངར་ཞུགས་མཐོང་ནས། །དཀའ་འམ་མི་དཀའ་སྙམ་པའི་རྣམ་རྟོག་རྣམ་སྤངས་ཏེ། གཞན་དོན་ཉི་ཚེ་སྒྲུབ་ཅེས་བསྐལ་པའི་མཐར་ཡང་ནི། །འཁོར་བའི་སྡུག་བསྔལ་དང་དུ ་ལེན་ཅིང་སྒྲུབ་བར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ། །སྙིང་རྗེ་ཆེན་པོའི་བཤད་པ། ཐེག་པ་དམན་པ་ལས་བསླང་བའི་སེམས་བསྐྱེད་པ་ཞེས་བྱ་བ་གསུམ་པ་བཤད་ཟིན་ཏོ། །སྙིང་རྗེ་ཆེན་པོའི་བཤད་པ་ཡང་དག་པའི་ལམ་དུ་དགོད་པའི ་སེམས་བསྐྱེད་པ་ཞེས་བྱ་བ་བཞི་པའི་དབང་དུ་བྱས་ནས་མཁས་པ་གང་ཞིག་འདས་གྱུར་ཀྱང། །གང་གིས་གཏམ་གཞི་འཕེལ་འགྱུར་བ། །འཕགས་པ་གཞན་དོན་མཛད་རྣམས་ཀྱི། །ལམ་ཀྱི་རྗེས་སུ་འཇུག་མི་བྱེད། །ཅེས་བྱ་བ་སྨྲས་ཏེ། །མཁས་པ་བཤེས ་གཉེན་ཅན་གང་ཞིག་དུས་ཡུན་རིང་པོར་འདས་པར་གྱུར་ཀྱང་ཡོན་ཏན་གང་གིས་ན་བདེ་བར་གཤེགས་པ་བཞིན་དུ་གཏམ་བཞིའི་རྒྱུད་དག་ལས་མཁས་པ་རྣམས་ཀྱིས་སྙན་པ་རྣམ་པ་མང་པོ་བསྔགས་པ་འཕེལ་བར་འགྱུར་བ། །འཕགས་པ་འཁོར་བ་ཡུན ་རིང་པོ་ནས་གཤེགས་པ་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་འབའ་ཞིག་གིས་གཞན་གྱིས་དོན་མཛད་པ་རྣམས་ཀྱི་ལམ་གྱི་རྗེས་སུ་འཇུག་པར་མི་བྱེད་དེ་།དེ་ལྟར་བདག་ཉིད་ཡང་དག་པའི་ལམ་དུ་ཞུགས་པS་ནི་མུ་སྟེགས་ཅན་ལ་སོགས་པ་གཞན་དག་ཀྱང་ཡང་དག ་པའི་ལམ་དུ་དགོད་པར་བྱེད་དེ། དེ་ནི་སྙིང་རྗེ་ཆེན་པོའི་བཤད་པ་ཡང་དག་པའི་ལམ་དུ་དགོད་པའི་སེམས་བསྐྱེད་པ་ཞེས་བྱ་བ་བཞི་པ་ཡིན་ནོ། །བྱམས་པ་དང་སྙིང་རྗེས་ལུས་དང་སྲོག་དོན་དུ་མི་གཉེར་བ་ཉིད་བསྟན་པའི་ཕྱིར། །སུ་ཞིག་ཆུ་ཤིང་དབུབ་ལྟར། སྙིང་པོ་མེད་པའི་ལུས ་འདི་དག་།གཞན་ཕན་རྐྱེན་དུ་སྒྲུབ་བྱེད་པས། །ལྷུན་པོ་སྙིང་པོར་སྒྲུབ་མི་བྱེད། །ཅེས་བྱ་བ་སྨྲས་ཏེ་།མཁས་པ་བྱམས་པ་དང་སྙིང་རྗེ་ཅན་སུ་ཞིག་ཆུ་ཤིང་གི་ལམ་དང་དབུ་བ་དང་ཟིལ?་པའི་ཐིགས་པ་དང། སྟོན་ཀའི་སྦྱིན་དང། བྱེ་མེའི་ཁུང་བུ་ལ་སོགས་པ་ལྟར་སྙིང ་པོ་མེད་པའི་ལུས་འདི་དག་གཞན་དག་ལ་ཕན་པ་སྒྲུབ་པའི་རྐྱེན་ལག་པ་དང། རྐང་བ་དང་མིག་དང། མགོ་དང། རང་གི་ཤ་དང། ཁྲག་ལ་སོགས་པ་གཏོང་བསྒྲུབ་པར་བྱེད་པར་བྱེད་བས་རི་རབ་ལྷུན་པོ་ལྟར་རབ་ཏུ་མི་རྒུལ་བ་ཉིད་ཀྱི་སྙིང་པོ་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་དྲི ་མ་མེད་པ་སུམ་བཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའི་སྐུ་རྡོ་རྗེའི་རང་བཞིན་ལྟ་བུ་མངོན་པར་སྒྲུབ་པར་མི་བྱེད། དེ་ལྟར་ཤེས་ནས་ཡ་རབས་སྙིང་རྗེ་ལྡན་པས་ནི། །སྐད་ཅིག་རེ་རེར་རྒ་ཤི་དང། །ནད་ཀྱི་གཞིར་གྱུར་ལུས་ངག་ནི། ་གཞན་ལ་བདེ་བསྐྱེད་གཞིར་བྱེད་དོ། །ཡ་རབས་བསྟོན་པར་འོས་པ་དག་ནི་སྙིང་རྗེ་དང་ལྡན་ཞིང་སྙིང་རྗེའི་དབང་དུ་གྱུར་པའི་སེམས་ཀྱི་སྐད་ཅིག་རེ་རེ་ལ་རྒ་ཞིང་འགྱུར་བ་དང། འཆི་འཕོ་དང་ནད་ཀྱི་བཞིར་གྱུར་པའི་ལུས་འདི་དག་གཞན་ལ་བདེ་བ་བསྐྱེད་པའི་གཞིར་གྱུར ་པར་བྱེད་དོ། །རྣལ་འབྱོར་རྙེད་དཀའ་བ་ཉིད་བསྟན་པའི་ཕྱིར། དམ་ཆོས་སྒྲོན་དང་བཅས་པ་ལ། །མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་བྱ་བ་སྨྲས་ཏེ། དམ་ཆོས་བྱ་བ་ནི་དམ་པ ་རྣམས་ཀྱི་ཆོས་ནི་དམ་ཆོས་སོ། །དེ་ཉིད་སྒྲོན་མ་ཡིན་ཏེ་གཏི་མུག་གི་མུན་པ་སེལ་བར་བྱེད་པའི་ཕྱིར་རོ། །དམ་ཆོས་ཀྱི་སྒྲོན་མ་དང་ལྷན་ཅིག་བྱུང་བ་ནི་དམ་ཆོས་སྒྲོན་དང་བཅས་པ་སྟེ། དེའི་དུས་ལའོ། །མི་ཁོམ་པ་བརྒྱད་ཅེས་བྱ་བ་ནི། །སེམས ་ཅན་དམྱལ་བ་དང་དུད་འགྲོ་དང། གཤིན་རྗེའི་འཇིག་རྟེན་དང། དབང་བོ་མ་ཚངས་པ་དང། ཀླ་ཀློ་དང། ལྟ་བ་ལོག་པ་དང། ལྷ་ཚེ་རིང་བོ་དང། སངས་རྒྱས་མེད་པའི་འཇིག་རྟེན་ཞེས་བྱ་བ་དག་གོ། དེ་དག་སྤངས་ཤིང་གང་གི་ཚེ་ཁོམ་པ་དགུ་དང་ལྡན་པའི་མཚན་ཉིད ་ཀྱི་ཁོམ་པ་འདི་རྙེད་པ་སྐྱེས་བུ་ཆེན་པོའི་སྤྱོད་པའི་རྗེས་སུ་འཇུག་པ་ཉིད་ཀྱི་འབྲས་བུ་ཡོད་པར་བྱ་བའི་རིགས་སོ། །ཁོམ་པ་དགུ་དང་ལྡན་པ་གང་ཞེ་ན་།མི་ཉིད་ཐོབ་པ་དང་།དབང་པོ་རྣམས་ཚང་བ་ཉིད་དང། ལས་ཀྱི་མཛའ་མ་ལོག་པ་ཉིད་དང། རིགས་བཙུན་པར་སྐྱེས་པ་ཉིད ་དང། སངས་རྒྱས་བྱུང་བ་ཉིད་དང། གནས་ལ་དད་པ་ཉིད་དང་།དམ་པའི་ཆོས་བསྟན་པ་དང་།ཆོས་བསྟན་པ་ལ་རྣམ་པར་བཞག་པ་དང་།རྣམ་པར་བཞག་པ་རྣམས་རྗེས་སུ་འཇུག་པར་བྱེད་པའོ། །ཡང་ན་ཁོམ་པ་ནི་མིའི་སྐྱེ་བ་ཡོན་ཏན་བཅུ་ཡོངས་སུ་རྫོགས་པ་སྟེ།། ་ཡོན་ཏན་བཅུ་གང་ཞེ་ན་།རིགས་དམན་པ་རྣམ་པར་སྤངས་པ་དང། གླེན་པ་ཉིད་མ་ཡིན་པ་དང་།རྨོངས་པ་ཉིད་མ་ཡིན་པ་དང། །དབང་བོ་ཞན་པ་ཉིད་མ་ཡིན་པ་དང། སྐྱེས་པ་ཉིད་ཐོབ་པ་དང། གཟུགས་བཟང་བ་ཉིད་དང་།དབུལ་པོ་ཉིད་མ་ཡིན་པ་དང་།ཟིལ ་གྱིས་མི་ནོན་པ་ཉིད་དང། ཚིག་བཙུན་པ་ཉིད་དང། སྐྱེ་བོ་མང་པོས་བལྟ་བར་འོས་པ་ཉིད་དོ། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གི་འབར་བ་ལས། བྱང་ཆུབ་ཀྱི་སེམས་མི་གཏོང་པའི་ལེའུ་སྟེ་དང་པོའོ།། །།དབུ་མའི་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བེ། །བམ་པོ་གཉིས ་པ། །ད་ནི་བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཡོངས་སུ་མ་བཏང་བའི་གྲུབ་པའི་བརྟུལ་ཞུགས་བླ་ན་མེད་པ་ལ་ཡང་དག་པར་བརྟེན་པ་རབ་ཏུ་བསྟན་པའི་ཕྱིར་ལེའུ་གཉིས་པ་ཉེ་བར་བཞག་པའི་དབང་དུ་བྱས་ནས་།དེ་ལྟར་འགྲོ་ལ་ཕན་པའི་ཕྱིར། །བྱང་ཆུབ་ཆེན་པོར་བརྟན་བླངས་པ།། ་ཚུལ་དང་མཐུན་བའི་ལམ་ཉིད་དུ། །རབ་ཏུ་ཞུགས་པ་རྣམ་པར་མཛེས། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས་སྲིད་པ་གསུམ་གྱི་འགྲོ་བ་ཉིད་ལ་ཕན་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་བརྟུལ་ཞུགས་མི ་ཕྱེད་པ་བརྟན་པ་ཡང་དག་པ་བླངས་པ། རིགས་པའི་ཚུལ་དང་མཐུན་པ། བདེ་བར་གཤེགས་པའི་ལམ་ཉིད་ཀྱི་རྗེས་སུ་རབ་ཏུ་ཞུགས་པ་ནི་རྣམ་པར་མཛེས་སོ། །ལམ་དེ་ཡང་གང་ཞེ་ན་།དེའི་ཕྱིར་དེ་ནི་བྱམས་པ་གནོད་མེད་དང་།སྙིང་རྗེ་ཕན་པ་སྒྲུབ་པ་ཡིས། །དམ་ཆོས་རྟོགས ་པས་དོམས་མེད་དང་།ཆོས་སྦྱིན་པ་ལ་སེར་སྣ་མེད་།ཅེས་བྱ་བ་སྨྲས་ཏེ་།བྱང་ཆུབ་ཀྱི་སེམས་མ་བཏང་བ་དེ་ནི་བྱམས་པ་ཆེན་པོའི་སེམས་ཅན་གྱི་ཁམས་མཛའ་དག་ཡོངས་སུ་བསྒྲུབ་པར་འདོད་པའི་ངོ་བོ་ཉིད་གནོད་སེམས་མེད་བའི་མཚན་ཉིད་དང་།སྙིང་རྗེ་ཆེན་པོ་གཞན་སྡུག་བསྔལ ་བས་བདག་ཉིད་སྡུག་བསྔལ་བའི་ངོ་བོ་འདི?་ཕན་པ་སྒྲུབ་པའི་མཚན་ཉིད་དང་ལྡན་པས་ཐེག་པ་ཆེན་པོའི་ཚུལ་མཉམ་པ་དང། བཟུང་བ་དང། བཅང་བ་དང། དོན་ཀུན་ཆུབ་པར་བྱ་བ་དང། བསྟན་པ་དག་ལ་བརྩོན་པ་མི་འདོར་བས་དམ་པའི་ཆོས་རྟོགས་པར་བྱ་བ་དོམS? ་པ་མེད་པ་ཡིན་ཏེ། ཇི་སྐད་དུ་དེ་ཉིད་ཉིན་པར་དང། མཚན་མོ་ཆོས་འདོད་པ་དང་།ཆོས་ལ་དགའ་བ་དང་།ཆོས་ལ་གཞོལ་བ་དང་།ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྤྱོད་དེ་།ནང་དང་ཕྱི་རོལ་གྱི་དངོས་པོ་ཡང་ཡོངས་སུ་མི་གཏོང་བ་དེ་?་མེད་ཅིང་བླ་མ་ལ་བཀུར ་སྟི་དང། །བསྙེན་བཀུར་བྱ་བ་གལ?་ཉེ་བར་མི་ལེན་པ་དེ་ཡང་ཅུང་ཟད་ཀྱང་མེད་ལ་ང་རྒྱལ་ལས་ཀྱང་ང་རྒྱལ་སྤངས་ཤིང་ང་རྒྱལ་མེད་པའི་ཉེ་བར་སྤྱོད་པ་ཉིད་ཉེ་བར་མི་ལེན་པ་དེ་ཡང་ཅུང་ཟད་ཀྱང་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །སྐྱེ་བ་དང། ན་ཚོད ་དང། རིགས་དང་།ཡུལ་དང། དུས་ལ་འདའ་བ་མེད་ཅིང་།སེམས་ཅན་ཐམས་ཅད་ལ་སྙོམས་པར་ཆོས་རྣམ་པར་འབྱེད་ཅིང་།ཆོས་སྦྱིན་པ་ལ་སེར་སྣ་མེད་པ་ཡང་ཡིན་ནོ། །དྲང་དང་ང་རྒྱལ་བཅོམ་པ་དང། །ཡིད་ཀྱིས་དེ་ཉིད་བལྟ་བ་དང། །གཞན ་སྐྱོན་རྟོག་ལ་འོང་བ་དང། རང་སྐྱོན་འབྱུང་བས་འཇིགས་པ་ཡིན། གཡོ་རྒྱུ་དང་བྲ་བ་བས་དྲང་བ་དང། །ཁེངས་པ་དང་རང་རང་དང་གལ་བས་ང་རྒྱལ་བཅོམ་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས་ཡིད་ཀྱིས་དེ་ཉིད ་བལྟེ་བ་དང། གཞན་གྱི་སྐྱོན་ཆེན་པོ་དག་ལ་ཡང་བླུན་ཞིང་ལོང་བ་ལྟར་བྱེད་པས་གཞན་གྱི་སྐྱེན་ལ་རྟོག་པ་ལ་འོང?་བ་དང། བདག་ཉིད་ཁ་ན་མ་ཐོ་བ་རྡུལ་ཙམ་གྱིས་ཀྱང་འཇིགས་པར་ལྟ་བས་རང་གི་སྐྱོན་འབྱུང་བས་འཇིགས་པ་སྟེ། །དེ་དག་ལྟ་བུ་དེ་དག་ཡིད་དང་ལྡན་བས ་རྣམ་བར་མཛེས་པ་ཡིན་ནོ། །རྩོང་དང་འཇིག་རྟེན་འདུ་འཛི་དང། །འཇིག་རྟེན་རྒྱད་པན་རྒྱབ་ཀྱི་ཕྱོགས། །ཡོན་ཏན་མེད་པ་ལའང་ཡོན་ཏན་གྱི། །རྒྱུ་རྣམས་སྐྱེ་བར་རྟག་ཏུ་གུས། །རྩོད་པ་ན་གཞན་གྱི་ཕྱོགས་སུན་དབྱུང་བ་དང་།རང་གི་ཕྱོགས་བཞག་པའི་སྒོ་ནས་ཕྱོགས་གཉིས་ལ ་བརྟེན་པའི་ཚིག་ངན་པར་སྨྲ་བ་དང། འཇིག་རྟེན་པའི་ཐབ་མོ་དང། །ཚང་འབྲུ་བ་དང་།འགྱོད་བའི་ཕྱིར་རྩོད་པའོ། །འཇིག་རྟེན་གྱི་འདུ་འཛིན་ཆོས་མ་ཡིན་པ་དང། །དོན་མ་ཡིན་པ་དང། བྱ་བ་མ་ཡིན་པ་དང། འཁོར་བ་འདོད་པའི་འཇིག་རྟེན་དང་། ལྷན་ཅིག་གྲགས ་ཤིང་ཀུན་ཏུ་སྨྲ་བའོ། །འཇིག་རྟེན་རྒྱད་པན་ནི་ཡང་དག་པ་ཉིད་ཀྱི་ལུང་དང་བྲལ་བའི་གསང་ཚིག་སྣ་ཚོགས་ལ་སྤོབས་པའོ། །དེ་དག་ལ་རྒྱབ་ཀྱིས་ཕྱོགས་པ་ནི་མི་ཕྱོགས་པའོ། །ཡོན་ཏན་མེད་ལའང་ཡོན་ཏན་གྱི། རྒྱུན་རྣམས་སྐྱེ་བར་རྟག་ཏུ་གུས་པ་ནི་སྐྱེ་བོ་ཡོན་ཏན ་མ་ལུས་པ་མོང་པ་ལ་ཡང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་དང་ལྡན་པར་མོས་ཤིང་འདི་ཡང་དུས་གཞན་ན་ཡོན་ཏན་དང་ལྡན་བར་འགྱུར་རོ། །ཞེས་ཡོན་ཏན་གྱི་རྒྱུན་རྣམས་སྐྱེ་བར་རྟག་ཏུ་གུས་པ་མེ་ལྷོང་པ་སྟེ་།བཅོམ་ལྡན་འདས་ཀྱིས ་ཀྱང་དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོང་མི་འཛིན་ཅིང། །དགེ་སློང་དག་པའམ་ང་འདྲ་བས་གང་ཟག་ལ་ཆར་གཟུང་བར་བྱའོ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་སྙིང་རྗེས་བསྐྱེད་པའི་སྦྱིན་པ་དག་།སྐྱེ་ངོའི་ཚོགས་རྣམས་ཐམས་ཅད་ཀྱི། སྡུག ་བསྔལ་ཆུ་བོ་ཀུན་གཞིའི་ཕྱིར། ཐམས་ཅད་མཁྱེན་ཉིད་འདོད་པ་བསྐྱེད། །ཅེས་བྱ་བ་ལ། སྙིང་རྗེས་བསྐྱེད་པའི་སྦྱིན་བ་དག་ཅེས་བྱ་བ་ནི་ལན་དང་འབྲས་བུ་ལ་རེ་བ་མེད་པར་སྙིང་རྗེ་ཉིད་འབའ་ཞིག་གིས་ཡང་དག་པར་བསྐྱེད་པས་གཏོང་བའི་སེམས་དཔའ་དེས་ཆོས་དང། ཟང ་ཟིང་དང་དབང་དང་དོན་དང་རིག་པ་དང་།གནས་དང། མི་འཇིགས་པ་ཞེས་བྱ་བའི་དངོས་པོ་རྣམ་པ་བདུན་སྦྱིན་པར་བྱེད་པའོ། །སྐྱེ་བོའི་ཚོགས་རྣམས་ཐམས་ཅད་ཀྱི། སྡུག་བསྔལ་ཆུ་བོ་ཀུན་ཞིའི་ཕྱིར། ཞེས་བྱ་བ་ནི་གང་གི་དོན་དུ་ཡོངས་སུ་སྔོ་བར་བྱེད་ཅེ་ན་།འཇིག་རྟེན ་སྒོ་ང་ལས་སྐྱེས་པ་དང། མར་ངན་སྐྱེས་པ་དང་།དྲོད་གཤེར་བ་སྐྱེས་པ་དང། རྫུ་སྟེ་སྐྱེས་པ་དང། གཟུགས་ཅན་དང། གཟུགས་ཅན་མ་ཡིན་པ་མ་ལུས་པ་དག་གི་སྐྱེ་བ་ལ་སོགས་བཻ་སྡུག་བསྔལ་གྱི་ཆུ་རྒྱུན་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །དེ་ཕྱིར་གང་དུ་ཡོངས་སུ་སྔ?་བར་བྱེད ་ཅེ་ན། ཐམས་ཅད་མཁྱེན་པ་ཉིད་འདོད་བ་སྐྱེས་ཅེས་བྱ་བ་སྟེ། སངས་རྒྱས་ཉིད་ལ་འདོད་པ་ཡང་དག་བར་བསྐྱེད་པས་དེ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ། །འདིར་འདི་སྐད་ཅེས་རྒོལ་ཏེ་།གལ་ཏེ་དེ་ཐམས་ཅད་མཁྱེན་བ་ཉིད་འདོད་པས་སྦྱིན་པར་སྦྱིན་པར་བྱེད་ན་ཇི་ལྟར་ངེས ་འབྲས་བུ་བ་རེ་ཐ་མེད་བར་འགྱུར་ཏེ། ཟང་ཟིང་དང་ཆོས་ཀྱི་སྦྱིན་བ་དག་གི་འབྲས་བུ་གཟུགས་དང་ཆོས་ཀྱི་སྐུ་དག་ཀྱང་སྣང་བ། །རང་གི་རྒྱུད་ཁོ་ན་ལ་འབྲས་བུ་སྣང་བས་ཇི་ལྟར་སྐྱེ་བ་མཛའ་དག་གི་སྡུག་བསྔལ་ཉེ་བར་ཞི་བ་ཡིན་ཏེ་།སྙིང་རྗེས་སྡུག་བསྔལ་པ་རྣམས ་ལ་གཏོང་བར་བྱེད་པ་།ཞིང་འདམ་པར་མི་བྱེད་པ་ལ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། བཤད་པ་དེ་ཐམས་ཅད་མཁྱེན་པ་ཉིད་འདོད་པའི་ཐབས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཉིད་སྤད་བར་བྱེད་དོ། །ཟང་ཟིང་དང་ཆོས་ཀྱི་འབྲས་བུ ་གཟུགས་དང་ཆོས་ཀྱི་སྐུ་དག་ཀྱང་གཞན་དོན་ཁོ་ན་ཡིན་ཏེ་།གང་གི་ཕྱིར་ཆོས་ཀྱི་དེ་ཉིད་མངོན་པར་རྫོགས་པར་བྱང་མ་ཆུབ་པ་དང་།ཆོས་ཀྱི་འཁོར་ལོ་རབ་ཏུ་མ་བསྐོར་བར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་རྣམས་གསུམ་ལ་དགོད་པར་མི་ནུས་པའི ་ཕྱིར་རོ། །དེ་ལ་ཆོས་ཀྱི་སྐུ་ནི་མངོན་པར་རྫོགས་བར་བྱང་ཆུབ་པར་མཛད་པ་ཡིན་ལ། གཟུགས་ཀྱི་སྐུ་ནི་སྟོན་པར་མཛད་པ་ཡིན་ཏེ་།ཡི་གེ་དང་ཚིག་དང་རྩ་བའི་གོ་རིམས་ཀྱི་མཚན་ཉིད་ཀྱི་སྒྲ་ནི་གནས་དང་བྱེད་པ་དང་།རྩོལ་བདག་ལས་འབྱུང་བའི་ཕྱིར ་དང། དེའི་དུས་ན་ལོང་བ་དང། འོན་པ་དང། སྨྱོན་པ་ལ་སོགས་པ་ནི་མིག་ལ་སོགས་པ་འཐོབ་ལ་།རྒྱུན་ཡོངས་སུ་སྨིན་བ་དག་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་དག་གི་སྣོད་དུ་འགྱུར་བས་དེའི་ཕྱིར་དེ་ལྟར་འབྲས་བུ་དེ་དག་གཞན་གྱི་རྒྱུད་ལ་ཡང་སྣང་དོ། །འབྲས ་བུ་ལ་རེ་བའི་ཞགས་པས་བཅིངས་པའི་བློ་གྲོས་ཅན་དག་ཞིང་འཚོལ་བར་ཡང་བྱེད་པ། །གང་གཞན་དག་གི་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱ་བ་ཙམ་ཁོ་ན་ལ་དམིགས་ནས་སྣོད་ལ་མི་རྟག་པར་སྙོམས་པར་སྦྱིན་པ་སྦྱིན་པར་བྱེད་པ་དེས་ཆོས་ཉིད ་མཉམ་བར་ཡང་རྟོགས་པར་འགྱུར་ཏེ། ཇི་སྐད་དུ་གཞོན་ནུ་ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚར་རྒྱ་སྟེ། འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ ་ཞེས་བྱ་བ་དང་།དེ་བཞིན་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་ཡོན་གནས་ཡིན་གྱི་དུད་འགྲོ་ནི་མ་ཡིན་ནོ་སྙམ་དུ་སེམས་ན་བྱང་ཆུབ་སེམས་དཔའ་ཆོས་སུ་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ ་ཕྱི་རོལ་པའི་ཐུབ་བྱ་དག་ནི་ཆུ་ངོས་ཀྱི་ཁྲུས་དང་།སེ་རལ་ཕྲེད་དང་།རལ་པ་དང། ཤིང་ཤུན་དང་པགས་པ་དང་།རིལ་བ་དང་རྩ་སྟན་ལ་སོགས་པ་རྣལ་འབྱོར་པའི་རྟགས་འཆང་ཞིང་།འབྲས་བུ་དང་།རྩ་བ་ཟ་བ་དང་།རང་གི་ལྷ་ཉིད་མགུ་བར་བྱེད་བ ་དང། མེ་ལ་ཉེ་བར་བརྟེན་པ་དང་།དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པར་བྱེད་དོ། །འདིའི་ཐུབ་པ་དག་ནི། ཚུལ་ཁྲིམས་དྲི་མེད་ཆུ་ཁྲུས་དང། །བཟོད་པའི་སེ་རལ་ཕྲེང་དཀར་དང། །བརྩོན་འགྲུས་རལ་པའི་ཁུང་བཅིངས་དང། །བསམ་གཏན་ཤེས་པ་ལྷུར ་ལེན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པར་བསྟེན་ཏོ། །ཚུལ་ཁྲིམས་དྲི་མེད་ཆུ་ཁྲུས་ཞེས་བྱ་བ་ནི་དབང་པོ་དྲུག་ཡང་དག་པར་སྡོམ་པའི་ངོ་བོ་ཉིད་ཀྱི་དག་བ་བཅུ་ལྷག་པར་སྤྱོད་པའི་མཚན་ཉིད་ཀྱི་ཚུལ་ཁྲིམས་དྲི་མ་མེད་པའི་ཆུས་ལུས་དང་།དག་དང་སེམས་ཀྱི་རྒྱུན་རྣམ ་པར་དག་པའོ། །བཟོད་པའི་སེ་རལ་ཕྲེང་དཀར་ཞེས་བྱ་བ་ནི་སྡུག་བསྔལ་དང་དུ་ལེན་པ་དང། གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང། ཆོས་ལ་ངེས་པར་རྟོག་པ་ཞེས་བྱ་བའི་བཟོད་པ་སེ་རལ་ཕྲེང་དཀར་པོ་ལྟ་བུ་ཐོགས་པའོ། །བརྩོན་འགྲུས་རལ་པའི་ཁུར་བཅིངས་ཞེས་བྱ་བ་ནི་དགེ ་བའི་ཆོས་ལ་མངོན་པར་སྤྲོ་བའི་མཚན་ཉིད་ཀྱི་བརྩོན་འགྲུས་ཀྱི་རལ་པའི་ཚོགས་ཀྱིས་བརྒྱན་པའོ། །བསམ་གཏན་ཤེས་པ་ལྷུར་ལེན་ཅེས་བྱ་བ་ནི་ལུས་དང་སེམས་འཛིན་པའི་ངོ་བོ་ཉིད་ཀྱི་བསམ་གཏན་དང། ཤེས་རབ་དང་ཐབས་ཀྱི་ཤེས་པས་བྱང་ཆུབ་ཀྱི་ལམ་ཤིན ་ཏུ་རྣམ་པར་སྦྱངས་པའོ། །བློ་མིག་ལེགས་པར་བྱེ་པ་དང། །བསྟན་བཅོས་འཇིག་རྟེན་ཤེས་ལ་མཁས། །ངོ་ཚ་ཁྲེལ་ཡོད་གོས་དང་ནི། །དེས་ནི་སྐ་རགས་འཆིང་བ་ཡིན། །ཞེས་བྱ་བ་བློ་མིག་ལེགས་པར་བྱེ་བ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་ལ་དམིགས ་པའི་ཤེས་རབ་རྣམ་པ་གཉིས་ཀྱི་མིག་རྣམ་པར་བྱེ་བའོ། །བསྟན་བཅོས་འཇིག་རྟེན་ཤེས་ལ་མཁས་ཞེས་བྱ་བ་ནི་ངན་སོང་པའི་འཇིགས་པ་ལས་སྐྱོབ་བ་དང། ཉོན་མོངས་པའི་དགྲ་འདུལ་ནུས་པའི་བསྟན་བཅོས་ཤེས་པ་ལ་མཁས་པ་དང། བླ་མ་དག་ལ་གུས ་པར་སྨྲ་བ་དང་།ཕྱག་འཚལ་བ་དང་།ལྡང་བ་དང་།ཐལ་མོ་སྦྱར་བ་དང་།གུས་པའི་ལས་ལ་བརྩོན་བ་དང་།གྲོགས་པོ་དང་།མཛའ་བ་ཤེས་དང་།འགྲོན་དག་ལ་བཅུག་པ་ལ་སོགས་པ་འཇིག་རྟེན་ཤེས་པ་ཉིད་ལ་མཁས་པའོ། །ངོ་ཚ་ཁྲེལ་ཡོད་གོས་བྱ་བ ་ནི་ཆོས་དང་འཇིག་རྟེན་གྱི་དབང་དུ་བྱས་ནས་ཁ་ནམ་ཐོབ་བས་འཛེམ་བའི་ངོ་ཚ་ཤེས་པ་དང་།ཁྲེལ་ཡོད་པའི་གོས་ཤིང་ཤུན་ལྟར་བྱོན་པའོ། །དེས་བའི་སྐ་རགས་འཆིང་བ་ཞེས་བྱ་བ་ནི་འགྲོགས་ན་བདེ་བ་ཉིད་ཀྱི་སྐ་རགས་དམ་པོ་འཆིང་བའོ། །སྙིང་རྗེའི་པགས་པ་གནག ་འཆང་ཞིག་།དད་པ་དྲི་མེད་རིལ་པ་དང། །དྲན་པས་དབང་པོའི་སྒོ་བསྲུངས་ཤིང། །བརྟན་པའི་སྦ་སྟེགས་སྟན་ལ་འདུག་ཅེས་བྱ་བ་ལ། སྙིང་རྗེའི་ལྤགས་པ་གནས་འཆང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་སྙིང་རྗེའི་གཡང་གཞི ་ནག་པོ་ལྟ་བུ་སྟེ། དེ་འཆང་བའོ། །དད་པ་དྲི་མེད་རིལ་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆེས་བླ་ན་མེད་པ་ལ་མོས་པ་དྲི་མ་མེད་པའི་རིལ་བ་སྤྱི་བླུགས་དང་ལྡན་པའོ། །དྲན་པས་དབང་པོའི་སྒོ་བསྲུངས་ཞེས་བྱ་བ་ནི་དགེ་བའི་ཆོས་མི་བརྗེད་པ་ཞེས་བྱ་བའི་དྲན་པས་མིག་ལ་སོགས་པ ་དབང་པོ་རྣམས་ཀྱི་སྒོ་གླེགས་ལེགས་བམ་བཅད་པའོ། །བརྟན་པའི་སྦ་སྟེགས་སྟན་ལ་འདུག་ཅེས་བྱ་བ་ནི་བདུད་ལ་སོགས་པས་མི་ཕྱེད་པ་བརྟེན་པའི་སྒྲ?་སྟེགས་ཀྱི་སྟན་ལ་འདུག་པའོ། །ཐེག་པ་ཆེན་པོ་དགའ་ཆེན་གྱི། །དཀའ་ཐུབ་ནགས་ཚལ་ཡང་དག་བརྟན། །བསམ་གཏན ་དགའ་བའི་འབྲས་བུ་ཟ། །དྲན་པ་ཉེར་བཞག་སྤོང་ཡུལ་ཅན། །ཞེས་བྱ་བ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་ལ་ནི་དེ་ལས་གཞན་པའི་ཐེག་པ་དག་བལྟོས་ན་གོ་སྐབས་ཡངས་པའི་ཕྱིར་དང་།ཐེག་པ་གཅིག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་འབྲས་བུ་བར་བཅས་པ་ནི ་ཐེག་པ་ཆེན་པའོ། །དགའ་ཆེན་ཞེས་བྱ་བ་ནི་དེ་ཉིད་ལྷ་དང་མིའི་ཕུན་སུམ་ཚོགས་པ་བསྐྱེད་པའི་ཕྱིར་དང། བསམ་གཏན་དང་།རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་།སྙོམས་པར་འཇུག་པ་དང་།མངོན་པར་ཤེས་པས་རྣམ་པར་བརྩེ་བའི་ཕྱིར་དགའ་བ་ཆེན་པོ་ཡིན་ནོ།། ་དཀའ་ཐུབ་ནགས་ཚལ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པར་དཀའ་གྲུབ་སྦྱར་བའི་ཕྱིར་དང། །བྱང་ཆུབ་ཀྱི་ཡན་ལག་གིས་མེ་ཏོག་རྒྱས་པ་དང། མཉམ་པ་མེད་པའི་བྱང་ཆུབ་ཀྱི་འབྲས་བུས་བརྒྱན་པ་དང། ཉོན་མོངས་པའི་གཅན་གཟན་དང། སྲིན་པོའི་ཚོགས་དང ་Fབྲལ་བ་དང། །དགེ་བ་དཔག་ཏུ་མེད་པའི་རྩ་བའི་ཚོགས་རྣམ་པར་མཛེས་པའི་ཕྱིར་ཏེ་།དོན་ཡང་དག་པར་བརྟེན་ཏོ། །བསམ་གཏན་དགའ་བའི་འབྲས་བུ་ཟ་ཞེས་བྱ་བ་ནི་འདོད་པ་དང་།རྟག་པ་དང། སྤྱོད་པ་དང་།དགའ་བ་དང། བདེ་བ་དང་།སྡུག་བསྔལ ་དང་བྲལ་བའི་བསམ་གཏན་བཞི་པོ་ཤིན་ཏུ་སྦྱངས་བ་བསྐྱེད་བས་དགའ་བ་བསྒོམ་པའི་འབྲས་བུ་ལ་ལོངས་སྤྱོད་པའོ། །དྲན་པ་ཉེར་གཞག་སྤྱོད་ཡུལ་ཅན་ཞེས་བྱ་བ་ནི་ལུས་དང། ཚོང་བ་དང། སེམས་དང་།ཆོས་ཞེས་བྱ་བའི་དྲན་པ་ཉེ་བར་བཞག་པའི་ཡུལ་གྱི ་སྤྱོད་ཡུལ་དང་ལྡན་པའོ། །ཟབ་ཅིང་རྒྱ་ཆེ་མདོ་སྡེའི་མཛའ་། །འདོན་ཅིང་སྡིག་པ་ཙམ་པ་དང། །བདེན་པ་གཉིས་ལ་བརྟེན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཉི་བཤད་ཟློས། །ཞེས་བྱ་བ་ལ། ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེའི་མཛའ་འདོན་ཅེས་བྱ་བ་ནི། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཏིང་དཔག་དཀའ་བའི་མདོ་སྡེའི་མཛའ་དེས་པའི་དོན་སྟོན་པ་དག་ཁ་ཏོན་དུ་འདོན་པའོ། །སྡིག་པ་བཅོམ་པ་ཞེས་བྱ་བ་ནི་དེས་སྡིག་པ་མ་ལུས་པ་སྤངས་པ་སྟེ། ཇི་སྐད་དུ་གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བླངས་ཏེ་འཆད་དམ་ཀློག་གམ་ཚུལ་བཞིན་ཡོད་ལ་བྱེད་ན་དེའི་ཚེ་རབས་སྔ་མའི་མི་དགེ་བ་དེ་དག་ཚེ་བའི་ཉིད་ལ་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །བདེན་པ་གཉིས་ལ་བརྟེན་པ་ཡི་ཞེས་བྱ་བ ་ལ་ཀུན་རྫོབ་ལ་བརྟེན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཅི་ལྟ་བུ་ཞེ་ན། མ་བརྟགས་ན་གྲགས་པ་ཡོད་པ་དང་མེད་པ་ལ་སོགས་བརྟགས་ན་མེད་པ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་པའི་མཚན་ཉིད་དེ་ཇི་སྐད་དུ་གང་དུ་ཚོགས་ལས་སྣར་འགྱུར་པ། །འདྲེན་པས་རབ་ཏུ་བསྟན? ་མཛད་པ། །དེ་ནི་བློ་ཅན་འཇིག་རྟེན་ཆོས། །ཉེ་བར་གདགས་པའི་སར་སྟོན་ཏོ། །ཞེས་གསུངས་པ་ལྟ་བུའོ། །དོན་དམ་པ་ལ་བརྟེན་པའི་རྟེན་ཅིང་འབྲེལ་བར་བྱུང་བ་ནི་སྐྱེ་བ་མེད་པ་སྟེ། ཇི་སྐད་དུ་།གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས་ཞེས་གསུངས་པ་ལྟ་བུའོ། །རྟེན ་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཐ་དད་བ་འདུས་པ་ལས་འབྲས་བུ་འབྱུང་བ་དང། འཇིག་པའི་དུས་ན་བར་དུ་མཆོད་པར་འབྱུང་བའོ། །དེ་ཉིད་ཉི་བཤད་ཡིན་ཏེ་།རྫོགས་པའི་སངས་རྒྱས་ཉི་མས་བཤད་པའི་ཕྱིར་རོ། །དེ་ཟློས་ཞེས་བྱ་བ་ནི་རྒྱུན་མི་འཆད ་པར་འདས་བརྗོད་དུ་ཟློས་པའོ། །ཇི་ལྟར་ཞེ་ན་།ས་བཅུ་བའི་མདོ་ལས། འདི་ལ་བྱང་ཆུབ་སེམས་དཔའ་ཨི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང། ལུགས་སུ་མི་འབྱུང་བ་ལ་འདི་ལྟར་རྣམ་པར་བལྟ་སྟེ་།མ་རིག ་པའི་ངོ་བོ་ཉིད་ནི་དོན་དམ་པ་མི་རྟོག་པའོ། །མ་རིག་པའི་མཚན་ཉིད་ནི་འདུ་བྱེད་ལ་ཀུན་དུ་རྨོངས་པའོ། །དེ་ལ་མ་རིག་པ་ནི་བྱ་བ་རྣམ་པ་གཉིས་སུ་ཉེ་བར་གནས་ཏེ། སེམས་ཅན་རྣམས་དམིགས་པ་ལ་ཀུན་ཏུ་རྨོངས་པར་བྱེད་པ་དང། འདུ་བྱེད་མངོན་པར་སྒྲུབ་པའི་རྒྱུ ་ཡང་འབྱིན་པར་བྱེད་པའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་དག་ལས་རིག་པར་བྱའོ། །བསྒྲུབ་པའི་མེ་ཏོག་སྔགས་ལྡན་པ། །ཕྱོགས་རྣམས་ཀུན་ཏུ་དྲིས་ཁྱབ་པས། །རྫོགས་པའི་སངས་རྒྱས་ཉི་མ་ལ། །ཉིན་གཅིག་བཞིན་དུ་བསྙེན་བཀུར་བྱེད། །ཅེས ་བྱ་བ་ལ་ནི་བསྒྲུབ་པའི་མེ་ཏོག་ཡོན་ཏན་མཛའ་ཡས་པའི་སྡུགས་པ་དང་ལྡན་པ་ཕྱོགས་བཅུ་ཐམས་ཅད་དུ་གྲགས་པའི་དྲི་འབྱུང་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མ་ལ། ཉིན་གཅིག་མི་འཆད་པར་བསྙེན་བཀུར་བྱེད་པ་ཡིན་ནོ། །སོ་སོར ་རྟོག་པའི་མེ་ཐབ་ཏུ། །མི་དགེའི་ཀུན་ཏུ་རྟོག་པ་བསྲེག། བླ་མེད་གོ?་འཕང་ཐོབ་བྱའི་ཕྱིར། །དེ་ལྟར་ཐུབ་པའི་བརྟུལ་ཞུགས་སྤྱོད། །ཅེས་བྱ་བ་ནི་ཡུལ་སྣ་ཚོགས་འདོད་པ་ཕྱིར་ཟློག་པའི་སོ་སོར་རྟོག་པའི་ཞུགས་ཐབ་ཏུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི ་བུད་ཤིང་གི་དུ་མ་གྲུགས་མ་ལུས་པ་སྲེག་པ་སྟེ། ཆོས་འདིའི་ཐུབ་པ་དག་ནི་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་མངོན་པར་རྟོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དེ་ལྟར་ཇི་སྐད་བསྟན་པ་དག་ལྟར་ཐུབ་པའི་བརྟུལ་ཞུགས ་ལ་ཡང་དག་པར་རྟེན་པར་བྱེད་དོ། །དབུ་མའི་སྙིང་པོ་ལས་འགྲེལ་པ་རྟོག་གོ་འབར་བ་ལས་ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པའི་ལེའུ་སྟེ་གཉིས་པའོ།། །།ད་ནི་ཉིད་ཤེས་པ་འཚོལ་བའི་སྐབས་སུ་བབ་པས་དེ་བསྟན་བའི? ་ཕྱིར་ལེའུ་གསུམ་པ་བརྩམ་པའི་དབང་དུ་བྱས་ནས། གང་ལ་ཤེས་པའི་མིག་ཡོད་པ། །དེ་ལ་མིག་ཡོད་གཞན་མ་ཡིན། །དེས་ན་གང་ཕྱིར་བློ་ལྡན་དག། དེ་ཉིད་ཤེས་པ་འཚོལ་?་བརྩོན། །ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་པའི་ངོ་བོ་ཉིད་ནི་མིག་ཡིན་ཏེ། འདས་པ?་དང།? ་མ་འོངས་པ་དང། ད་ལྟར་དང། ཐག་རིང་བ་དང་།ཉེ་བ་དང་།སྔགས?་པ་དང། ཕྲ་བའི་དངོས་པོ་དག་ལ་ཐོགས་པ་མེད་པར་འཇུག་པའི་ཕྱིར། །?་ཤེས་པའི་མིང་དེ་ཡོད་པ་དེ་ལ་ནི་མིག་ཡོད་པ་ཡིན་ནོ། །གཞན་མ་ཡིན་ཞེས་བྱ་བ་ནི་ཤའི་མིག་ནི་ཧ་ཅང་ཉེ་བ་དང་རིང?་པ? ་དང་དབང་པོ་ལས་འདས་པ་ལ་སོགས་པའི་དངོས་པོ་དགའ་ལོང་བ་དང་འདྲ་བས་དེ་ཡོད་དུ་ཟིན་ཀྱང་ཅི་ལ་ཡང་མི་ཕན་པས་དེ་ཡོད་ཀྱང་མིག་དང་ལྡན་པ་མ་ཡིན་ནོ། །དེས་ན་གྲང?་གི་ཕྱིར་བློ་དང་ལྡན་པ་དག་ནི་ཤའི་མིག་ངན་པ་དེ་འཚལ་བ་སྤངས་ཏེ། དེ་ཉིད་ཤེས་པར་ཚོལ ་བ་ལ་བརྩོན་པར་བྱེད་དེ། །དོན་དེ་ཉིད་བསྟན་པའི་ཕྱིར་བློ་ལྡན་འཇིག་རྟེན་གསུམ་པོ་དག་།ཐོགས་མེད་མཐོང་བ་?་བས་ཀྱང། །བལྟ་འདོད་ཐག་རིང་ཆག་དང། །བསྒྲིབས་པའི་དོན་ཡང་མཐོང?་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། ཤེས་པའི་མིག་གི་བློ་དང་ལྡན་པ ་འཇིག་རྟེན་གསུམ་པོ་དག་ཐོག་པ་མེད་པར་མཐོང་བ་ནི་ཤའི་མིག་ཉམས་ཤིང་ལོང་བས་ཀྱང་བལྟ་བར་འདོད་པ། ཐག་རིང་པ་དཔག་ཚད་སྟོང་དག་དང། ཚར་བརྡུལ་ཕྲན?་ལྟ་བུ་དང་བསྒྲིབས་པའི་དོན་གྱི་དངོས་པོ་ཡང་?་ཐིག་རབ་ལྡན་པ་བཞིན་དུ་ཡང་དག་པར་?་འགྱུར་རོ།། ་གཞན་ཡང་།མིག་སྟོང་པ་ཡང་བློ་མེད་ན། །མིག་དང་ལྡན་པ་མ་ཡིན་ཏེ། མཐོ་རིས་དང་ནི་བྱེད་གྲོལ་གྱི། །ལམ་དང་ལམ་མིན་མི་མཐོང་ཕྱིར། །ནག་སྟོང་པ་ནི་ལྷའི་དབང་པོ་ཡིན་ཞེས་གྲགས་ཏེ་།དེ་ནི་ཡུལ་ལ་རེ་བའི་ཞགས་པས་བློ་གྲོས་ཡོངས་སུ་དཀྲིས་བསགས? ་ཏེ་ཤེས་པའི་མིག་གི་བློ་མེད་ན་མིག་དང་ལྡན་པ་མ་ཡིན་ཏེ་།དེ་ཅིའི་ཕྱིར་ཞེ་ན་།མཐོ་རིས་དང་བྱེད་བྲལ?་གྱི་ལམ་དང་ལམ་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་རོ། །?་རིས་ཀྱི་ལམ་ནི་དགེ་བ་བཅུའོ། །བྱང་གྲོལ་གྱི་ལམ་ནི་འཕགས ་པའི་ལམ་ཡན་ལག་བརྒྱད་པའོ། །གང་གིས་ན་མིག་དང་ལྡན་པར་འགྱུར་བའི་ཤེས་པ་དེ་གང་ཞེ་ན་།དེའི་ཕྱིར་ཤེས་རབ་མིག་ཕྱེ་མཐོང་བ་དང། །མ་མཐོང་ཁྱད་བར་འདོད་པ་ཡི། །འབྲས་བུ་རེ་བ་དུག་ཚེར་གྱི། །སྦྱིན་པ་སོགས་ལ་འཇུག་མི་བྱེད། ཅེས་བྱ་བ་? ་ཏེ། ཤེས་རབ་ཀྱི་མིག་བྱེ་བ་ནི་མཐོང་བའི་འབྲས་བུ་ཞེས་བྱ་བ་འབྲས་བུ་ཐོག་པ་དག་དང་ལན་བྱེད་བདག་ལ་བྱིན་ན་འདི་ཉིད་ལ་འབྲས་བུ་ཐོབ་པ་དང་མ་མཐོང་བའི་འབྲས་བུ་ཞེས་བྱ་བ་འཇིག་རྟེན་ཕ་རོལ་དང་བྱེད་པར་གྱི་འབྲས་བུ་ཞེས་བྱ་བ་འཁོར་ལོས་སྒྱུར་བ་དང་བརྒྱ་བྱིན ་ཉིད་ལ་སོགས་པ་འདོད་པའི་འབྲས་བུ་ཞེས་བྱ་བ། སྐྱེ་གནས་ངན་པ་ན་ཡང་ཡུལ་ལ་ལོངས་སྤྱོད་པའི་བདག་ཉིད་དུ་འོང་བ་སྟེ། །དེ་དག་ལྟ་བུའི་འབྲས་བུ་ལ་རེ་བ་ཉིད་དུག་ཡིན་ཏེ། གྲལ་བའི་ལུས་ཀྱི་བར་ཆད་བྱེད་བའི་ཕྱིར་རོ། །དེ་ཉིད་ཆེར་མ་ཡིན་ཏེ་།འཁོར་བའི་སྡུག་བསྔལ ་གྱིས་གནོད་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་པར་མི་བྱེད་དོ། །འོ་ན་ཇི་ལྟ་བུ་ཞིག་ལ་བརྩོན་པར་བྱེད་ཅེ་ན་།སྙིང་རྗེ་ཐམས་ཅད་མཁྱེན་པའི་ཕྱིར་རོ། །འཁོར་གསུམ་ཡོངས་སུ་དག་པ་ཡི། སྦྱིན་ལ་སོགས་ལ་བརྩོན ་བྱེད་ཅིང། །དེ་ལའང་ཡིད་ནི་གནས་མི་བྱེད། །ཅེས་བྱ་བ་སྟེ་།སྙིང་རྗེས་གྲགས་པ་དང་བདེ་བ་དང་འགྲན་པ་ལ་སོགས་པའི་ཕྱིར་མ་ཡིན་བར་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་ལ་གཅིག་ཏུ་དམིགས་ནས་དེ་ཐོབ་པར་བྱ་བའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པའི།། ་སྦྱིན་པ་ལ་སོགས་པ་བརྩོན་པར་བྱེད་དོ། །འཁོར་གསུམ་ནི་འཁོར་ནི་གསུམ་པོ་དག་གོ་།ཡོངས་སུ་དག་པ་ནི་དྲི་མ་མེད་པ་སྟེ། ལུས་ཀྱི་མེ་དགེ་བ་རྣམ་པར་གསུམ་དང་།དག་གི་རྣམ་པ་བཞི་དང། ཡིད་ཀྱི་རྣམ་པ་གསུམ་པོ་དེ་དག་དང་བྲལ་ཞིང་དྲི་མ་མེད་པའི་སྦྱིན་? ་སོགས་པ་བརྩོན་པར་བྱེད་པའོ། །ཡང་ན་སྦྱིན་པ་དང་སྤྱན་པ་པོ་དང། ལེན་པ་ལ་སོགས་པ་མི་དམིགས་པས་སྟོང་པ་ཉིད་ཀྱིས་རྗེས་སུ་སོང་བའི་འཁོར་གསུམ་ཡོངས་སུ་དག་པ་དང་།འཇིགས་ཚོགས་པ་ལྟ་བ་དང། འོག་པར་ལྟ་བ་དང་།མཐར་འཛིན་བར་ལྟ་བ་དང་བྲལ ་བས་མཚན་མ་མེད་པའི་རྗེས་སུ་བྲང་བའི་འཁོར་གསུམ་ཡོངས་སུ་དག་པ་དང་འདོད་པ་དང། གཟུགས་དང་གཟུགས་མེད་པའི་ཁམས་མངོན་པར་མི་འདོད་པས་སྨོན་བ་མེད་པའི་སྔོན་དུ་འགྲོ་བའི་འཁོར་གསུམ་ཡོངས?་སུ་དག་པའོ། །དེ་ལ་ཡང་ཡིད་ནི་གནས་མི་བྱེད་ཅེས་བྱ་བ་ནི ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་ཡང་ཆགས་པ་མེད་བ་སྟེ། དེ་ལྟར་ཡང་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའ་ཨི་འདོད་པ་ཆུང་བ་ཉིད་གང་ཞེ་ན། གང་བྱང་ཆུབ་ཀྱང་མི་འདོད་པ་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །ཤེས་རབ་མེད་ན་སྦྱིན་བ་ལ་སོགས་པ་བསྐལ་བ་སྟོང ་སྙེད་དུ་ཉེ་བར་བསགས་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་མི་འགྱུར་རོ། །ཞེས་གསུངས་བས་དེའི་ཕྱིར་ཤེས་རབ་ཀྱི་མཐུ་སྟོན་པ་ནི། །ཤེས་རབ་བདུད་རྩི་ངོམས་བྱེད་དང། །སྒྲོན་མ་སྣང་བ་ཐོགས་མེད་དང། །ཐར་པའི་ཁང་བཟང་ཐམ་སྐས་དང ་ཉོན་མོངས་པུད་ཤིང་སྲེག་པའི་མེ། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤེས་རབ་ནི་ཤེས་པ་རབ་བོ། །དེ་ཉིད་བདུད་རྩི་སྟེ། རྒ་ཤི་མེད་པའི་གནས་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཉིད་ངོམས་བྱེད་ཀྱང་ཡིན་ཏེ། ཡུལ་ལ་མངོན་པར་འདོད་པ་ལྡོག་བས་ཤིན་ཏུ ་སྦྱངས་པ་བསྐྱེད་པའི་ཕྱིར་ཏེ། གང་དག་འཕགས་པའི་ཤེས་རབ་ཀྱིས་ངོམས་པ་དེ་དག་ནི་ངོམས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་དེ་ཉིད་སྒྲོན་མ་སྟེ། །མི་ཤེས་པའི་མུན་པ་འཛོམ་པའི་ཕྱིར་རོ། །དེ་ཉིད་སྣང་བ་ཐོགས་མེད་ཡིན་ཏེ། ཕས ་ཀྱི་རྒོལ་བ་དང་བདུད་ཀྱི་ཕྱེ་མ་ལེབ་དང་ཉེས་པའི་རླུང་དག་གི་སྣང་བ་མི་ཆོམས་པའི་ཕྱིར་རོ། །དེ་ཉིད་ཐར་པའི་ཁང་བཟངས་ཀྱི་ཐམ་སྐས་ཡིན་ཏེ་། མྱ་ངན་ལས་འདས་པའི?་འགྲང་ཁྱེར་འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་པ་དང་།བྱང་ཆུབ་ཀྱི་ཡན་ལག་གི ་ཞབས?་བརྒྱན་པ་བཟང་པའི?་གནས་སུ་འཛེག་བའི་?་གང་ལྟ་བུར་གྱུར་པ་ཡིན་ནོ། །དེ་ཉིད་ཉོན་མོངས་པའི་བུད་ཤིང་སྲེག་པའི་མ་ཡིན་ཏེ། ནགས་མེས་སྲེག་པ་བཞིན་དུ་ཉོན་མོངས་པའི་ཚར་ཚིང་མ་ལུས་པ་སརྒ་པའི་བདག་ཉིད་ཡིན་པའི་ཕྱིར། བློ་གྲོས་དེ་ཡང ་བདེན་གཉིས་ལ། །བལྟོས་ནས་རྣམས་ལ་གཉིས་སུ་འདོད། །ཡང་དག་དོན་རྟོགས་རྗེས་མཐུན་ཕྱིར། །ཡང་དག་ཀུན་རྫོབ་ཤེས་པ་ཡིན། །ཤེས་རབ་བློ་གྲོས་དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བལྟོས་ནས་རྣམ་པ་གཉིས་སུ་འདོད ་དོ། །དེ་ལ་རེ་ཞིག་ཡང་དག་པའི་ཀུན་རྫོབ་ཤེས་པ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་ཡིན་ཏེ། ཡང་དག་པའི་དོན་རྟོགས་པའི་རྗེས་སུ་མཐུན་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །དེ་ཉིད་རྣམ་པར་དབྱེ་བའི་སྒོ་ནས་སྟོན་པ་ནི་སྦྱིན་དང ་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྣམས་ཡོངས་སུ་རྫོགས་བྱེད་དང། །རྒྱུ་དེ་དག་གི་འབྲས་བུ་དང་།འབྲེལ་དང་མཚན་ཉིད་ལ་སོགས་ཤེས། །བྱམས་དང་སྙིང་རྗེ་ཆེ་བསྒོམ་དང། །སེམས་ཅན་སྡུད་དང་སྨིན་བྱེད་དང། །སྐྱེ་མཆེད་བཅུ་གཉིས་བརྟེན ་པ་ཡི། །ཤེས་རབ་བརྡར་བཏགས་ཤེས་པར་བྱ། །ཞེས་བྱ་བ་དག་སྟེ་།སྦྱིན་པའི་ཆོགས་ནི་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བའོ། །བསོད་ནམས་ཀྱི་ཚོགས་ནི་དང་པ་དང་བག་ཡོད་པ་དང་ཡང་དག་པའི་ལྟ་བ་ལ་སོགས་པའོ།། ་ཡེ་ཤེས་ཀྱི་ཆོ་གས་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་གོམས་པའི་ཤེས་པའི། །དེ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་ནི། །ཤེས་རབ་བརྡར་བཏགས་པ་ཡིན་པར་ཤེས་པར་བྱ་སྟེ། ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན། །ཞེས་བྱ་བར་སྦྱར་རོ། ། ་རྒྱུད་དག་གི་འབྲས་བུ་ཞེས་བྱ་བ་ནི་ཆོ་གོས་ཞེས་བྱ་བ་རྒྱུ་གསུམ་པོ་དེ་དག་འབྲས་བུ་དང་ཇི་ལྟར་འབྲེལ་བ་ཤེས་པ་ཡང་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ཏེ། དེ་ལ་སྦྱིན་པའི་ཆོ་གས་ཀྱི་འབྲས་བུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་དཔེ་བྱང ་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའི་གཟུགས་ཀྱི་སྐུའོ། །བསོད་ནམས་ཀྱི་ཆོ་གས་ཀྱི་འབྲས་བུ་ནི་ཆོས་ཀྱི་སྐུའོ། །ཡེ་ཤེས་ཀྱི་ཆོ་གས་ཀྱི་འབྲས་བུ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་པོ། །འབྲེལ་ཅེས་བྱ་བ་ནི་རྒྱུ་དང་འབྲས་བུར་འབྲེལ་པ ་སྟེ། དེ་ལ་སེམས་ཀྱི་སྐད་ཅིག་མ་མང་པོས་རྒྱ་ཉེ་བར་བསགས་པའི་རྒྱུན་གྱིས་མ་དུ?་ལུང་གའི་མེ་ཏོག་གི་?་དམར་བ་ལྟ་བུ་འམ། །ས་བོན་དང་མྱུ་གུའི་རྒྱུན་ལྟར་སེམས་ཀྱི་སྐད་ཅིག་མ་གཞན་ལ་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་པས་དེ་ལྟར་རྒྱུ་དང་འབྲས་བུར་འབྲེལ ་བ་ཞེས་པ་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །མཆིན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་ནི་རང་སྤྱིའི་བྱེ་བྲག་ལས་རྣམ་པ་གཉིས་ཏེ། དེ་ལ་རང་གི་མཚན་ཉིད་ནི་དངོས་བོ་རང་གི་ངོ་བོ་སྤྱོད་ཡུལ་དང་ལྡན་པ་རྣམ་པར་རྟོག་པ་མེད་པའི་ཤེས་པས ་ངེས་པར་གཟུང་པར་བྱའོ། །སྤྱིའི་མཚན་ཉིད་ནི་?་སུ་དཔོག་པའི་ཤེས་པ་རྣམ་པར་རྟོག་པ་ཅན་གྱིས་རྟོགས་པར་བྱའོ། །སོགས་པ་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཆེན་པོ་གོམས་པར་བྱེད་པའོ། །སེམས་ཅན་སྡུད ་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་དབྱེ་བ་དེ་དག་ཤེས་པའི་བློ་གྲོས་ཏེ། དེ་ཡང་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །བྱམས་དང་སྙིང་རྗེ་བསྒོམ་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཆེན་པོ་གོམས་པར་བྱེད་པའོ། །སེམས་ཅན་སྡུད ་ཅེས་བྱ་བ་ནི་བཞི་པོ་དེ་དག་དང། བསྡུ་པའི་དངོས་པོ་བཞིས་སེམས་ཅན་སྡུད་པའོ། །སྨིན་བྱེད་ཅེས་བྱ་བ་ནི་སེམས་ཅན་དེ་དག་གི་རྒྱུད་ལ་དགེ་བའི་ཆོས་འཇོག་པས་གང་དག་ཡོངས་སུ་སྨིན་པར་བྱེད་པའོ། །དེ་དག་ཤེས་པའི་ཤེས་རབ་གང་ཡིན་པ་དེ་ཡང ་ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །སྐྱེ་མཆེད་བཅུ་གཉིས་བརྟེན་པའི་ཞེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་བཅུ་གཉིས་པོ་དག་རབ་ཏུ་རྣམ་པར་འབྱེད་ནུས་པའི་ཤེས་རབ་གང་ཡིན་པའོ། །ཇི་སྐད་སྨོས་པ་དེ་དག་ཤེས་པའི་ཤེས་རབ་ནི་བརྡར་བཏབ་བ་ཡིན ་བ?་ཤེS་བར་བྱ་སྟེ་།ཡང་དག་པའི་ཀུན་རྫོབ་ཤེས་པ་ཡིན་ནོ། །དོན་དམ་པའི་ཤེས་རབ་བསྟན་པའི་ཕྱིར། །རྟོག་པའི་དྲ་བ་མ་ལུས་པ། །དགག་པ་སྒྲུབ་པར་བྱེད་པ་དང། །ཞི་དང་སོ་སོ་རང་རིག་དང། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །གཅིག་གི་ཉིད་ཐ་དད་ཉིད་བྲལ ་དང། །མཁའ་ལྟར་དྲི་མེད་དེ་ཉིད་ལ། །འཇུག་པ་མེད་པས་འཇུག་པ་ཡི། །ཤེས་རབ་དོན་དམ་ཤེས་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། རྟོག་པའི་དྲ་བ་མ་ལུས་པ། །དགག་པ་སྒྲུབ་པར་བྱེད་པ་ནི་ཆོས་ཀྱི་དེ་བཞིན་ཉིད་ཡིན་ཏེ་།རྟག་པ་དང་མི་རྟག ་བ་དང། ཡོད་པ་དང་།མེད་པ་དང་།ཐེར་ཟུག་དང་།ཆད་པ་ལ་སོགས་པ་རྟོག་པའི་དྲ་བ་མ་ལུས་པ་སེལ་བར་བྱེད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །ཞི་བ་ནི་སྤྲོས་པ་ཐམས་ཅད་པས་ཡང་དག་བར་འདས་པའོ། །སོ་སོ་རང་རིག་པ་ནི་གཞན་ལས་ཤེས་པ་མ་ཡིན་པའོ། ། ་རྣམ་རྟོག་མེད་པ་ནི་རྟོག་པ་ལ་སོགས་པའི་རྣམ་པར་རྟོག་བ་མེད་པའོ། །ཡི་གེ་མེད་པ་ནི་བརྗོད་པའི་ཡུལ་མ་ཡིན་པའོ། །གཅིག་པ་ཉིད་དང་ཐ་དད་པ་ཉིད་བྲལ་བ་ནི་དེ་ཉིད་དང་གཞན་ཉིད་དང་གཉི་ག་ཉིད་དང། གཉི་ག་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའོ། ། ་མཁའ་ལྟར་དྲི་མ་མེད་པ་ནི་ནམ་མཁའ་སྤྲིན་གྱི་རིམ་པ་དང་བྲལ་བ་ལྟར་དྲི་མ་མེད་པའོ། །ཇི་སྐད་སྨོས་པའི་རྣམ་པ་དེ་དག་ལྟ་བུའི་ཆོས་ཀྱི་དེ་ཉིད་ལ་འཇུག་པ་མེད་པས་འཇུག་པ་ནི་སྣང་བ་མེད་ཅིང་འཇུག་པ་མེད་པ་དེའི་འཇུག་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་ཤེས་རབ ་ནི་དོན་དམ་བ་ཤེས་བ་ཡིན་བར་ཤེས་པར་བྱ་སྟེ། ཇི་སྐད་དུ་མཐོང་བ་མེད་པ་ནི་དེ་ཉིད་མཐོང་བའོ། །ཞེས་གསུངས་པ་ལྟ་བུའོ། །དེ་གཉིས་ལས་དང་པོ་ཁོ་ནར་གང་ལ་བརྩོན་པར་བྱ་ཞེ་ན། དེ་དག་གི་རིམ་བསྟན་བའི་ཕྱིར། ཡང་དག་ཀུན་རྫོབ་རྣམས ་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །དེ་བསྟན་པའི་ཕྱིར། དེ་ཉིད་ཁང་བཟང་ཐོག་འཛེག་ལ། །ཡང་དག་ཀུན་རྫོབ་ཐེམ་བའི་སྐས། །མེད་པར་རུང་བ་མ་ཡིན་པ། །གང་གི་ཕྱིར་པ་དེ་ཕྱིར ་རོ། །ཞེས་བྱ་བ་སྨྲས་ཏེ་།དེ་ཉིད་ཁང་བཟང་ཞེས་བྱ་བ་ནི་ཐར་པའི་ཁང་བཟངས་ས་གསུམ་གྱི་གནས་ལས་མངོན་པར་འཕགས་པ་དགེ་བའི་བཟོ་བོ་དཔག་ཏུ་མེད་པས་བཙིསྒ?་པ་།བྱང་ཆུབ་ཀྱི་ཡན་ལག་གི་ཀ་བ་ཤིན་ཏུ་མཐོན་པོས་ལེགས་པར་བརྒྱན་པ། ། ་དགེ་བའི་ཆོས་མཛའ་ཡས་བའི་དཀར་རྩིས་བྱུགས་པ། བདེ་བར་གཤེཌ་པའི་ཟླ་བའི་ཞལ་གྱི་འོད་ཟེར་གྱིས་སྣང་བར་བྱས་པ་རབ་རིབ་ཀྱི་རིམ་པ་མ་ལུས་པ་རྣཾ་པར་བསལ་བ་ཐམས་ཅད་མཁྱེན་པའི་གནས་སོ། །དེའི་ཐོག་དུ་འཛེག་པ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པའི་ཐེམ་སྐས་བསྐལ ་པ་གྲངས་མེད་པ་བདུན་པོ་དག་ཏུ་སྤྱད་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དང། དབང་དང་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པས་བྱ་ཚོམས་ཁོ་ནར་ནུས་པར་རུང་བ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་མེད་བར་དོན་དམ་པར་རྟོགས་པར་མི ་ནུས་ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དང་པོར་ཀུན་རྫོབ་ཀྱི་བདེན་པ་བློ་གྲོས་ཀྱི་རབ་ཏུ་རྣམ་པར་དབྱེ་བར་བྱའོ། །ཀུན་རྫོབ་ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་བར་འབྱེད་པའི་དོན་གྱིས་ཏེ། འཇིག་རྟེན་གྱི་ཐ་སྙད་ཕྱིན་ཅི་མ ་ལོག་པའོ། །དེ་ཉིད་བདེན་པ་སྟེ། རྣམ་པར་བཞག་པ་ཐམས་ཅད་ལ་འགྲོ་བའི་ཚད་མ་ཡིན་པའི་ཕྱིར་རོ། །དེ་ལ་དང་པོར་གཟུགས་ནི་རྣམ་པ་གཉིས་དང་རྣམ་ཉི་ཤུ་ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ་ཡིག་འབྲུ་དང་བསྟན་བཅོས་དང་ལག་རྩིས་དང་ཤོད ་ཐབས་དང། ནོར་བརྒྱུད་པའི་རྒྱུད་དང། སྨན་སྤྱད་དང་རྩིས་དང། །གསང་སྔགས་དང་རིག་སྔགས་ལ་སོགས་པ་གང་དག་འཇིག་རྟེན་ན་གྲགས་པ་དག་རབ་ཏུ་རྣམ་པར་དབྱེ་བ་བྱས་ནས་དེའི་འོག་ཏུ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་ཤིན་ཏུ་རྣམ་པར་ངེས་པ ་འགྱུར་ཏེ། དེའི་ཕྱིར་དེས་ནི་མཚན་ཉིད་མེད་པ་དོན་དམ་པའི་རྗེས་ལ་ཐོབ་པ་དག་པ་འཛིན་པའི་ཤེས་པའི་སྤྲོད་ཡུལ་ཡང་དག་པའོ་ཀུན་རྫོབ་ཀྱི་རབ་ཏུ་རྣམ་པར་དབྱེ་བ་བསྟན་ཏོ། །དེ་ལ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་གཟུགས་སུ་རུང་བ་དང་།མྱོང་བ་དང། མཚན་མ ་འཛིན་པ་དང། མངོན་པར་འདུ་བྱེད་པ་དང། རྣམ་པར་ཤེས་པར་བྱེད་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང། བདག་མེད་པ་ལ་སོགས་པའོ། །ཡང་རང་གི་མཚན་ཉིད་ནི་སྔོན་པོ་དང་སེར་པོ་དང་རིང་པོ་དང།། ་ཐུང་དུ་ལ་སོགས་པ་ངང་།གཟུགས་དང་སྒྲ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་རིག་མིན་མཐུན་པས་སྟོང་པ་ཉིད་དོ། །དེ་ལ་ཤིན་ཏུ་རྣམ་པར་ངེས་པར་གྱུར་ནས། མཁས་པ་སེམས་ནི་མཉམ་གཞག་ཕྱིར། །མངོན་པར་བརྩོན་པ་ཉི་དུ་བྱ། ། ་དེ་བཞིན་ཐོས་བྱུང་ཤེས་པ་ལ། །དེ་ལས་གཞན་ཤེས་རྒྱུ་ཕྱིར་རོ། །ཞེས་བྱ་བ་ལ་ཇི་ལྟར་སེམས་མཉམ་པར་བཞག་པར་བྱ་ཞེ་ན། དབུགས་དབྱུང་བ་དང་རྡུབ་པ་དྲན་པས་སོ། །དེ་ལ་དབུར་འབྱུང་བ་དང་རྡུབ་པ་ནི་དབུཌ་ཕྱིར་འབྱུང་བ་དང་དགུ་ནང་དུ་རྫུབ་པའོ། །དེ་གཉིས་སྣའི་རྩེས ་མོར་དྲན་པ་ཉེ་བར་གཞག་ནས་བགྲང་བར་བྱ་སྟེ། །དང་པོ་འབྱུང་བ་ནས་བཅུ་ལ་སོགས་པ་དང་བརྒྱའི་བར་དུ་རྗེས་སུ་མཐུན་པ་དང་རྗེས་སུ་མི་མཐུན་པར་བགྲང་ངོ། །ཡང་འབྱུང་བ་དང་འཇུག་པ་ལ་དྲན་པ་བཏང་བར་བྱ་སྟེ། འབྱུང་པ་ནི་དྲི་དབ་དང་རིང་བ་དང། །དྲོ་བར་དབུཌ ་དབྱུང་བའོ། །འཇུག་པ་ནི་དྲེ་ཞིམ་པ་དང་ཐུང་བ་དང་གྲང་བར་དབུགས་འཇུག་པའོ། །ལྟེ་བའི་ཕྱོགས་ནས་འབྱུང་ཞིང་སྣའི་རྩེ་མོར་ཐུག་པ་དེ་ལྟ་བུར་རྐང་པའི་ཐེ་བོ་ནས་ལུས་ཐམས་ཅད་ལ་དྲན་བ་འཇུག་པར་བྱའོ། །གང་བེ་ཚེ་དེས་ལྕགས་མ་གར་གྱེ་སྡུད་པ་བཞིན་དུ་ལུས ་གང་བར་མཐོང་བ་དེའི་ཆེ་ན་ལུས་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་ཞེས་པའི་ཆོས་ཀྱི་སྒོ་ཐོབ་ཅིང་ལུས་དང་སེམས་ལས་སུ་རུང་བར་ཡང་འགྱུར་རོ། །ཁ་གཅིག་ནི་དབུགས་དབྱུང་བ་དང་རྡུབ་པ་འགག་པ་ན་ཆོས་ཀྱི་སྒོ་སྐྱེ་བར་ཡང་འདོད་དེ། །དེ་ལྟར་དེ་དག ་ལ་སོགས་བས་སེམས་མཉམ་པར་བཞག་པའི་ཕྱིར་མངོན་པར་བརྩོན་པ་ཉིད་དུ་བྱའོ། །དེ་བཞིན་དུ་སྒྲ་དང་།གཏན་ཚིགས་དང་གསོ་བ་དང། ནང་ཞེས་བྱ་བའི་རིག་པའི་གནས་བཞི་པོ་དག་ལ་ཡོངས་སུ་འདྲིས་པའི་མཚན་ཉིད་ཀྱིས་ཐོས་པ་ལས་བྱུང་བའི་ཤེས ་བ་ལ་ཡང་མངོན་པར་བརྩམ་པ་ཉིད་དུ་བྱ་སྟེ་།དེ་ནི་དེ་ལས་གཞན་པ་བསམས་པ་དང་།བསྒོམས་པ་ལས་བྱུང་བ་བླ་ན་མེད་པའི་ཤེས་པ་དག་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་མཉམ་པར་གཞག་པས་དེ་ཉིད་རྟགས་པར་འགྱུར་གྱི་གཞན་གྱིས་མ་ཡིན ་པར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཆུ་རྟོག་གཡོ་བ་ལ། །བཞི་ནི་མཐོང་བར་མི་འགྱུར་བ། །དེ་ལྟར་སེམས་མཉམ་མ་བཞག་དང་།སྒྲིབ་པས་བསྒྲིབས་ལ་དེ་ཉིད་དོ། །ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ཆུ་རྡུལ་མང་པོས་རྙོག་པ་ཅན་དང། རླུང་གིས་བསྐྱོད་ཅིང་གཡོ་བ་ལ་བཞིན ་གྱི་གཟུགས་བརྙན་མཐོང་བར་འདོད་པ་མི་འགྱུར་བ་དེ་ལྟར་སེམས་ཡུལ་མང་པོ་ལ་འཕྲོ་ཞིང་མཉམ་བར་མ་བཞག་བ་དང་།འདོད་པ་ལ་བདུན་པ་དང་གནོད་སེམས་དད་།རྨུགས་པ་དང་གཉིད་དང། རྒོད་བ་དང། འགྱོད་བ་དང། ཐེ་ཚོམ་ཞེས་བྱ་བའི་སྒྲིབ་པ ་ལྔ་པོ་དག་གིས་བསྒྲིབས་པ་ལ་ཆོས་ཀྱི་དེ་ཉིད་མཐོང་བར་འདོད་བཱི་མི་མཐོང་བ་ཡང་དེ་བཞིན་ནོ། །དེ་ལྟ་བས་ན། ཡིད་ཀྱི་གླང་པོ་ལོག་འཕྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་བས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། ། ་ཞེས་བྱ་བ་ནི་སྔར་བསྟན་བ་བཞིན་དུ་སེམས་མཉམ་བར་བཞག་པ་དག་གི་ཡིད་གྱི་གླང་པོ་ཆེ་ཐར་པ་དང་མི་མཐུན་པའི་སྤྱོད་པ་ལ་ལོག་པར་འགྲོ་བ་ནི་དགེ་བའི་ཆོས་ཚད་མེད་པ་བཞི་ལ་སོགས་པ་དམིགས་པའི་ཀ་བ་བརྟན་པོ་ལ་དྲན་པའི་ཞགས་ཐག་གིས་ངེས ་པར་བཅིངས་ནས། ཤེས་རབ་ཀྱི་བློ་གྲོས་ཀྱི་ལྕགས་ཀྱུས་བཙགས་པས་རིམས་ཀྱི་ཁང་ཀྱི་དབང་དུ་བྱའོ། །དེ་བཞིན་དུ་རྒོད་པ་མི་རྟག་ལ་སོགས་པ་།ཡིད་ལ་བྱེད་པས་ཞི་བར་བྱ། །ཞུམ་པ་དམིགས་བ་རྒྱ་ཆེན་དག་།བསྒོམས་བས་ཡངས་པ་ཉིད་དུ ་བྱ། །ཞེས་བྱ་བ་ནི་རིགས་དང་གཟུགས་དང་ལང་ཚ་བརྒྱགས་པས་རྒོད་པ་ཉིད་དུ་གྱུར་ན་མི་རྟག་བ་དང། སྡུག་བསྔལ་བ་དང་།སྟོང་པ་དང་།བདག་མེད་པ་ལ་སོགས་པ་ཡིད་ལ་བྱེད་བས་ཞི་བར་བྱའོ། །ཧ་ཅང་ཞུམ་པ་ཉིད་དུ་གྱུར་ན་ཡང་མདོ་སྡེ་ལ་སོགས་པའི ་དམིགས་པ་རྒྱ་ཆེན་པོ་དག་བསྒོམས་པས་ཡངས་པ་ཉིད་དུ་བྱའོ། །དེ་ལྟར་དེ་དག་གིས་ནི་རྣལ་འབྱོར་པའི་སེམས་བཞག་པ་བསྟན་ཏོ། །སེམས་བསྡུ་དང་གཟེངས་བསྟོང་པ་དག་བསྟན་པའི་ཕྱིར། གཡེངས་པས་གཡེང་པའི་མཚན་མ་ལ། །ཉེས་དམིགས ་བལྟ་བས་བསྡུ་བར་བྱ། །ཞུམ་པ་ཡང་ནི་བརྩོན་འགྲུས་སྨྲས་ཏེ། སེམས་དམིགས་པ་མང་པོ་ལ་འཕྲོ་ཞིང་སྤྲེའུ་བཞིན་དུ་སྨྲས་ཏེ་།སེམས་དམིགས་པ་མང་པོ་ལ་འཕྲོ་ཞིང་སྤྲེའུ་བཞིན་དུ་ངེས་པར་མི་གནས་པས་ཚེ་སྐྱི་དེ་ཉིད་ཀྱི་དོན་ལས ་ཉམས་པའོ། །མི་མ་ཡིན་ལ་སོགས་པས་སུན་ཕྱུང་སྟེ། གཡེངས་པ་ཉིད་དུ་གྱུར་ན་དེའི་ཚེ་གཡེང་བའི་མཚན་མ་འདི་ལྟ་སྟེ་། མིག་དག་མེ་ལྟར་འབར་བ་དང་། ཆུས་གཡེང་བ་དང་། གཡངས་ནས་ལྷུང་བ་ལ་སོགས་པ་མང་པོ་འབྱུང་བ་ལ་ཉེས ་དམིགས་སུ་བལྟ་བས་སེམས་ནང་དུ་བསྡུ་བར་བྱའོ། །ཧ་ཅང་བརྩོན་འགྲུས་ཞུམ་ཞིང་ལེ་ལོ་སྐྱེ་བར་གྱུར་ན་དེ་ཡོངས་སུ་སྤང་པའི་ཕྱིར་། བརྩོན་འགྲུས་ཀྱི་ཕན་ཡོན་མཐོང་བས་ཞུམ་པ་གཟེངས་སྟོང་པར་བྱའོ། །སེམས་བཀྲུ་བ་དག་བསྟན་པའི་ཕྱིར། ་འདོད་ཆགས་ཞེ་སྡང་གཏི་མུག་གི་།རྫབ་དྲིས་སྤང་ཞིང་མ་བསྡམས་པ། །མི་སྡུག་བྱམས་པ་རྟེན་འབྱུང་བའི། །ཆུ་དག་གིས་ནི་བཀྲུ་བར་བྱ། །ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་ཡུལ་ལ་ལྷག་པར་ཆགས་པ་ངང། ཞེ་སྡང་དང་། ཁོང་ཁྲོ་བ་དང། ་གཏི་མུག་མུན་པ་དག་གི་འདམ་རྫབ་ཀྱི་དྲི་མས་སྦགས་ཤིང་སྤྲོས་པ་ཉེ་བར་མ་ཞི་བསམ་བསྡམས་པ་དག་གོ་རིམ་བཞིན་དུ་མི་སྡུག་པ་དང། བྱམས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆུ་དག་གིས་བཀྲུ་ཞིང་རྣམ་པར་སྦྱད་བར་བྱའོ། །རིམ ་པ་དེ་དག་གིས་དབེན་ཞིང་མི་གཡོ་ཞི་བ་དང། །དམིགས་པ་དག་ལ་གཞོལ་བ་དང། །ལས་སུ་རུང་ཞིང་མཉེན་ཤེས་ནས། །དེ་ལ་ལེགས་པར་བཏང་སྙོམས་བྱ། །ཞེས་བྱ་བ་ལ་དབེན་པ་ནི་བཀྲུ་བས་སོ། །མི་གཡོ་བ་ནི་མི་གཡེང་བས་སོ། །ཞི་བ ་ནི་ནང་དུ་བསྡུ་པས་སོ། །དམིགས་པ་དག་ལ་གཞོལ་བ་ནི་དམིགས་པ་མཛའ་དག་ལ་འཇུག་པས་སོ། །ལས་སུ་རུང་བ་ནི་དགའ་མགུར་འཇུག་པས་སོ། །མཉེན་པ་ནི་ང་རྒྱལ་དང་ཁེངས་བ་མེད་པས་སོ། །སེམས་དེ་ལྟར་བསྒྲིམས་པ་མེད་ཀྱང་ལམ་ལོག་པ་དེ་དག་ཏུ ་འགྲོ་བར་མི་འགྱུར་བར་ཤེས་ན། དེ་ལ་ལེགས་པར་བཏང་སྙོམས་སུ་བཞག་པར་བྱའོ། །བློ་གྲོས་མཉམ་གཞག་འོག་ཏུ་ནི། །ཐ་སྙད་སྒོ་ནས་གཟུང་བྱ་ཡི། །ཚོས་རྣམས་དངོས་པོ་འདི་དག་ལ། །ཤེས་རབ་ཀྱིས་ནི་འདི་ལྟར་བརྟག་།ཅེས་བྱ་བ་ནི ་གང་གི་ཚེ་དེའི་སེམས་ཀྱིས་བློ་གྲོས་མཉམ་པར་བཞག་པའི་ཏིང་ངེ་འཛིན་སྐྱེས་པར་གྱུར་པ་དེའི་འོག་ཏུ་ཐ་སྙད་ཀྱི་སྒོ་ནས་གཟུང་བར་བྱ་བ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་རྣམ་པར་བཞག་པའི་ཆོས་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་རྣམས་ཀྱི་དངོས ་པོ་སྲ་བ་དང་གཤེར་བ་དང་ཚལ་ངང་གཡོ་བ་ལ་སོགས་པ་འདི་དག་ལ་ཤེས་རབ་ཀྱིས་འདི་ལྟར་བརྟག་པར་བྱའོ། །བློ་ཡིས་རྣམ་པར་སྤྱད་པ་ན་།འདི་དག་དོན་དམ་ཡོད་དམ་ཅི། །ཞེས་བྱ་བ་ནི་དེ་བློས་ཡོངས་སུ་རྟོགས་པ་ན་དངོས་པོ་འདི་དག་དོན་དམ་པར ་ཡང་འཐད་དམ་འོན་ཏེ་ཇི་ལྟར་སྙམ་བའི། །གལ་ཏེ་ཡིན་ན་འདི་དེ་ཉིད། །གལ་ཏེ་གཞན་ན་དེ་བཙལ་བྱ། །ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་དོན་དམ་པར་ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་འདི་དག་ཡོད་པར་རིགས་པ་ཉིད་ཡིན་ན་ནི་དེ་ལྟ་ན་ནི་དངོས་པོ་འདི་དག་ཉིད་དོན ་དམ་པའི་དེ་ཉིད་ཡིན་ནོ། །གལ་ཏེ་འདི་དག་བརྟག་མི་བཟོད་པའི་ཕྱིར། །འདི་དག་ལས་དོན་དམ་པའི་དེ་ཉིད་གཞན་ཡིན་ན་ནི། །ཕྱོགས་སུ་ལྟུང་བ་མེད་པའི་བློས་དེ་བཙལ་བར་བྱའོ། །གང་གི་ཕྱིར་ཞེ་ན་།ཕྱོགས་སུ་ལྷུང་བས་སེམས་གདུངས་པས། ། ་ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་བྱ་བ་སྟེ་། གང་གི་ཕྱིར་འཇིག་རྟེན་ནི་ཕལ་ཆེར་ཕྱོགས་སུ་ལྷུང་བས་སེམས་ཀྱི་རྒྱུད་གདུངས་བས་ལོག་པར་གཟུང་པ་ལ་དམ་དུ་ཉེ་བར་འཛིན་པས་དེ་དག་གིས་ནི་ནམ་ཡང་ཞི་བ་རྟོགས་པར་མི་འགྱུར་བའི་ཕྱིར་རོ།། །། ་དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་གསུམ་པ། །དེ་ལ་མདོར་བསྡུ་ན་འདུས་བྱས་འདུས་མ་བྱས་ཆོས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །ཞེས་བྱ་བ་ལ་འདུས་བྱས་ཀྱི་ཆོས་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་རྣམས་སོ། །འདུས ་མ་བྱས་ཀྱི་ཆོས་ནི་སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། དེ་དག་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་རྣམས་སོ། །དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པར་ནི། ་ཀྱེ་མ་འདུ་བྱེད་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བར་བདེ། །ཞེས་དེ་ལྟར་ཉོན་མོངས་བསྒྲིབ་པ་སྤང་པའི་ཕྱིར། །ཉན་ཐོས་རྣམས་ལ་རབ་ཏུ་བཤད། །ཅེས་བྱ་བར་སྦྱར་རོ། ། ་ཇི་ལྟར་ཞེ་ན་། འཇིག་རྟེན་སྣ་ཚོགས་གང་ཡིན་།དེ་དག་འདོད་པ་མིན། །ཀུན་ཏུ་རྟོག་པའི་འདོད་ཆགས་སྐྱེས་བུའི་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དག་ནི་དེ་ལྟར་གནས་བཞིན་དུ། །བརྟན་པ་དག་ནི་དེ་ལ་འཐུན་པར་འདུལ་བར་བྱེད། ། ་ཅེས་གསུངས་པ་ལྟར་རོ། །ཐེག་པ་ཆེན་པོ་ནི་བྱུང་བ་མེད་པ་དང། དངོས་པོ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། གཉིས་སུ་མེད་པའི་ཚུལ་གྱིས་ཤེས་བྱ་ཡོད་པ་མ་ཡིན་ན། །ཉོན ་མོངས་པ་རྣམས་ག་ལ་འབྱུང་སྟེ་།དེ་ལྟར་བག་ཆགས་དང་བཅས་པའི། །ཉོན་མོངས་ཤེས་བྱའི་སྒྲིབ་དྲི་མ། །སྤང་ཕྱིར་སྙིང་རྗེ་ལྡན་རྣམས་ལ། །རབ་ཏུ་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །དངོས་པོ་ལ་མངོན་པར་ཞེན་པ་རགས་པ་སྤབས་ན་དངོས ་པོར་འཛིན་པ་ཕྲ་མོ་དང་དབྲལ་བར་སླ་བས་དེའི་ཕྱིར། རགས་ཕྱིར་དང་པོ་ཁོ་ནར་ནི། །གཟུགས་ཀྱི་ཕུང་པོ་བརྟག་པར་བྱ། །དེའང་དང་པོར་འབྱུང་བ་རྣམས། །ཇི་སྐད་བསྟན་པའི་གཏན་ཚིགས་ཀྱིས། །ཞེས་བྱ་བ་སྨྲས་ཏེ་། གནས་པ་ཁྱོན་ཆེ ་བ་དང་བློ་རྩིང་གེ་མའི་གཟུང་བ་ཡིན་པས་རགས་པའི་ཕྱིར་། དང་པོ་ཁོ་ནར་གཟུགས་ཀྱི་ཕུང་པོ་བརྟག་པར་བྱའོ། །གཟུགས་ཀྱི་ཕུང་པོ་དེ་ལའང་དང་པོར་འབྱུང་བ་རྣམས་བརྟག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཇི་སྐད་བསྟན་པའི་གཏན་ཚིགས་ཀྱིས ་ཏེ། འབྱུང་བ་རྣམས་པས་འབྱུང་བའི་རྒྱུ་ལས་བྱུང་བའི་གཟུགས་རྣམས་ཆ་ཕྲ་བས་དེའི་ཕྱིར་རགས་ཕྱིར་དང་པོ་ཁོ་ནར་ནི། །འབྱུང་བའི་གཟུགས་རྣམས་བརྟག་པར་བྱ། །ཞེས་བྱ་བར་སྦྱར་ཏེ། འདིར་ནི་ས་ལ་སོགས་པ་དག་།དོན་དམ་པར་ན་འབྱུང་བ་ཡི། །ངོ་བོ་ཉིད་མིན ་བྱས་ཕྱིར་དང། །རྒྱུ་ལྡན་སོགས་ཕྱིར་ཤེས་པ་བཞིན། །ཞེས་བྱ་བ་ལ་འདིར་ནི་ཞེས་བྱ་བ་ལ་ནི་དེ་ཉིད་ཤེས་པ་ཚོལ་པའི་སྐབས་འདིར་རོ། །འདིར་ཅི་ཞིག་ཞེ་ན། ས་ལ་སོགས་པ་དག་ཅེས་བྱ་བ་སྨྲས་ཏེ། ས་ཞེས་བྱ་བ་ནི་གཏེས་ཆེ་བའི་ཕྱིར་རོ། །སོགས ་པ་ཞེས་བྱ་བ་ནི་ས་དེ་ཆུ་ལ་སོགས་པ་འོག་མ་དག་གི་དང་པོར་སྨོས་པའི་ཡན་ལག་གིས་བསྡུས་པ་སྦྱིར་བསྡུ་པའི་དོན་ཏེ་།སོགས་པའི་སྒྲས་ཆུ་དང་མེ་དང་རླུང་རྣམས་ཀྱང་བསྡུའོ། །དོན་དམ་པ་ཞེས་བྱ་བ་ལ་དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི ་ཕྱིར་། དོན་དེ་བརྟག་པར་བྱ་བ་དང་གོ་བར་བྱ་བའི་ཐ་ཚིག་གོ་།དམ་པ་ཞེས་བྱ་བ་ནི་མཆོག་ཅེས་བྱ་བའི་ཚིག་གི་སྒྲ་ཡིན་ཏེ་། དོན་དམ་པ་ཞེས་བསྡུ་བ་ནི་དེ་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །ཡང་ན་དམ་པའི་དོན་དེ་རྣམ་པར་མི ་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ཏོ། །ཡང་ན་དོན་དམ་པ་དང་མཐུན་པ་སྟེ་དོན་དམ་པ་རྟོག་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ལ་དོན་དམ་པ་ཡོད་པས་དོན་དམ་པ་དང་མཐུན་པའོ། །དོན་དམ་པར་ན་ཞེས་བྱ་བ་ནི་དོན་དམ་པ་དེ་ཉིད་དུ ་འམ་དོན་དམ་པར་རོ། །འབྱུང་བ་ཞེས་བྱ་བ་ནི་རང་ཉིད་དུ་འབྱུང་བ་འམ་གཞན་འབྱུང་བར་བྱེད་པས་འབྱུང་བ་དག་གོ་།ངོ་བོ་ཉིད་ཅེས་བྱ་བ་ནི་འབྱུང་བ་དེ་དག་ཉིད་ས་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་འབྱུང་བའི་ངོ་བོ་ཉིད་དོ། །མིན་ཞེས་བྱ་བ་ནི་དགག་པ ་སྟོན་པའི་སྒྲ་སྟེ་།མ་ཡིན་ཞེས་བྱ་བར་སྦྱར་རོ། །གང་ཞིག་ཅི་ཞིག་མ་ཡིན་ཞེ་ན། ས་ལ་སོགས་པ་དག་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་ནི་མ་ཡིན་ནོ། །ཞེས་བྱ་བར་སྦྱར་རོ། །འདིར་མིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ ་གཟུང་གི་མ་ཡིན་པར་དགག་པའི་དོན་དུ་ནི་མི་གཟུང་ངོ། །མེད་པར་དགག་པ་དང་མ་ཡིན་པར་དགག་པ་ཞེས་བྱ་བ་དེ་གྲངས་ཀྱི་བྱེ་བྲག་ཇི་ལྟ་བུ་ཞེ་ན། མ་ཡིན་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་དགག་པས་དེ་དང་འདྲ་བ་དེ་ལས་གཞན ་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་བར་བྱེད་པ་སྟེ། དཔེར་ན་འདི་བྲམ་ཟེ་མ་ཡིན་ནོ། །ཞེས་དགག་པས་བྲམ་ཟེ་དེ་འདྲ་བ་དེ་ལས་གཞན་པ་བྲམ་ཟེ་མ་ཡིན་པ་དཀའ་ཐུབ་དང་ཐོས་པ་ལ་སོགས་པས་དམན་པའི་རིགས་ཡིན་པར་སྒྲུབ་པ་ལྟ་བུའོ། །མེད་པར་དགང ་པ་ནི་དངོས་པོའི་ངོ་བོ་ཉིད་ཙམ་ཞིག་འགོག་པར་ཟད་ཀྱི་དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་སྒྲུབ་པར་མི་བྱེད་པ་སྟེ། དཔེར་ན་བྲམ་ཟེ་ཆང་བཏུང་བར་མི་བྱའོ། །ཞེས་བྱ་བ་དེ་ཙམ་ཞིག་འགོག་པར་ཟད་ཀྱིས་དེ་ལས་གཞན་པའི་བཏུང་བ་བཏུང་ངོ།། ་ཞེ་འམ་མི་བཏུང་དོ་ཞེས་མི་བརྗོད་པ་ལྟ་བུའོ། །དེས་འདིར་ནི་འཇིག་རྟེན་པས་ཡོངས་སུ་བཏགས་པའི་ས་ལ་སོགས་པ་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་མ་ཡིན་པར་དགག་པ་ཙམ་ཞིག་བྱེད་པར་ཟད་ཀྱི་ངོ་བོ་ཉིད་ཡིན་པ་འམ། དངོས་པོ་མེད་པའི་ངོ ་བོ་ཉིད་ཡིན་པར་མི་སྒྲུབ་པ་ཡིན་ནོ། །འདིར་ས་ལ་སོགས་པ་དག་ཅེས་བྱ་བ་ནི་ཆོས་ཅན་ཡིན་ལ་། དོན་དམ་པ་འབྱུང་བའི་ངོ་བོ་ཉིད་མ་ཡིན་ཞེས་བྱ་བ་ནི་དེའི་ཆོས་ཡིན་ནོ། །ཆོས་ཅན་དང་ཆོས་བསྡུས་པ་ནི་ཕྱོགས་ཡིན་ཏེ། རིག་པས་མཁས་པ་དག་ན་རེ ་གཞན་ལ་གསལ་པར་བྱེད་པའི་ཕྱིར་ཕྱོགས་ཞེས་བྱའོ། །ཞེས་ཟེར་རོ་འདིར་གཞན་དག་གིས་བརྒལ་བ་ཁྱེད་ཅག་གི་སྟོན་པའི་ཚིག་ལས་འདི་སྐད་ཅེས་ཀྱེ་བྲམ་ཟེ་ཐམS་ཅད་ཐར?་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་དང? ་གོ་ཞེས་བྱ་བ་དང། དེ་བཞིན་དུ་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ། །ཞེས་བྱ་བ་ལ་སོགས་པ་འབྱུང་པ། ཁྱེད་ཀྱིས་ཀྱང་དེ་ཁས་བླངས་ནས་།དེ་ཉིད་འགོག་པར་བྱེད་ན་ཁས་བླངས་གཞན་ཀྱི་པས་གནོད་དོ། །དེ་བཞིན་དུ་ཡུལ་སོ་སོར་ངེས་ཕ ་ལ་འཇུག་པ་ཉིད་ནི་དབང་པོ་རྣམས་ཀྱི་མངོན་སུམ་ཡིན་པར་གྲགས་ཏེ་།མཐོང་བ་ལས་ལྷག་པའི་ཚང་མ་གཞན་མེད་ལ། ཁྱེད་རང་ཉིད་ཀྱི་མིག་གིས་ཀྱང་འབྱུང་བའི་དབྱིབས་དང། གཟུགས་དག་མཐོང་ཞིང་དེའི་ངོ་བོ་ཉིད་ཀྱི་རེག་པ་བརྩུབ་པ་དག་ཀྱང ་ཚོལ་ལ་འཛིན་པ་ལ་སོགས་པའི་བྱ་བ་བྱེད་པ་འཇིག་རྟེན་པ་ཐམས་ཅད་ཀྱིས་ཀྱང་ཉེ་བར་གཟུང་བ་ཡོད་བཞིན་དུ་དེ་དག་འགོག་པ་ལ་མངོན་སུམ་གྱིས་ཀྱང་གནོད་དོ། །དེ་བཞིན་དུ་གཟུགས་ལ་སོགས་པ་གང་ཡིན་པ་འདི་དག་དང་། དེ་དག་གི་སྲ་བ ་དང་གཤེར་བ་དང་ཚ་བ་དང་གཡོ་བ་ལ་སོགས་པའི་ངོ་བོ་ཉིད་གང་ཡིན་པ་དག་ནི་རི་ཁྲོད་པ་དང་གདོལ་བ་ཡན་ཆད་ལ་ཡང་གྲགས་ཏེ་།ཇེ་ལྟར་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་དངོས་པོའི་ངོ་བོ་ཉིད་གསལ་བར་བྱེད་པས་གྲགས་པས ་ཀྱང་གནོད་དོ་ཞེ་ན། བཤད་པ་དོན་དམ་པར་ཞེས་སམ་བཅས་པའི་ཁྱད་པར་ཡོད་པའི་ཕྱིར་ཁས་བླངས་པ་དང་མངོན་སུམ་དང་གྲགས་པའི་གནོད་པ་མེད་དེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་བས?་སྩལ་པ། དེ་ལ་ཀུན་རྫོབ ་ཏུ་ནི་ཆེད་རྣམས་ཀྱི་ངོ་བོ་ཉ་ཨིད་དང། མཚན་ཉིད་རྣམ་པར་གཞག་པ་ཡང་མཛད་ལ། དོན་དམ་པར་ནི་ངོ་བོ་ཉིད་མེད་པར་གསུངས་ཏེ་།དེ་ལྟར་ཡང་ཀཽ་ཤི་ཀ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པ་ལ་སོགས་པས་དངོས་པོ་ཉིད་ཀྱང་མེད་ན་དེའི་ངོ་བོ་ཉིད་ལྟ་ག་ལ་ཡོད་དེ་།དེའི་ཕྱིར་ཁས་བླངས་པས་གནོད་པ་ཡང་མེད་དོ།། ་མངོན་ཡུམ་གྱིས་གནོད་པ་ཡང་མེད་དེ། ཡུལ་རྣམས་ལོག་པ་ཡིན་པའི་ཕྱིར་དང་།དབང་པོ་རྣམས་བླུན་པ་ཡིན་པའི་ཕྱིར་མཐོང་བ་ལ་སོགས་པའི་ནུས་པ་མེད་བཞིན་དུ་ཡང་རབ་རིབ་ཅན་ལ་སྐྲ་དང་སྦྲང་མ་དང་སྦྲང་བུ་ལ་སོགས་པ་སྣང་བ་ལྟ་བུ་དང། །བྲ ་ཅ་ལ་སོགས་པ་ལྟར་མངོན་སུམ་དུ་ཡང་མངོན་པའི་ང་རྒྱལ་ཡིན་པས་དེའི་ཕྱིར་གང་ལ་ཅི་ཞིག་མངོན་སུམ་དུ་གྱུར་ན་།དེས་གནོད་པར་འགྱུར་གྲགས་པའི་གནོད་པ་ཡང་མེད་དེ། གང་གི་ཕྱིར་འཇིག་རྟེན་ནི་མི་ཤེས་པའི་ལིང་ཏོག་གི་མདོངས་པ་ཡིན ་པས་དོན་དམ་པར་དཔྱད་པའི་སྐབས་སུ་དེ་ནི་ནོར་བུ་རིན་པོ་ཆེ་བརྟག་པ་དག་ལ་དམུས་ལོང་མ་བརྟགས་པ་བཞིན་དུ་མི་རྟོགས་པས་གྲགས་པའི་གནོད་པ་མེད་དོ་འོ་ན་དོན་དམ་པ་ནི་གང་དག་བློ་ཐམས་ཅད་ལས་འདས་བ་ཡིན་ལ། དངོས་པོའི་ངོ་བོ་ཉིད་དགག་པ་མི ་ཡི་གེའི་ཡུལ་ཡིན་པས་དེའི་ཕྱིར་དགག་པ་མེད་པར་མི་འགྱུར་རམ། ཞེ་ན་དོན་དམ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་སྤྲོས་པ་མེད་པའོ། །གཉིས་པ་ནི་མངོན ་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་སྤྲོས་པ་དང་བཅས་པ་སྟེ། འདིར་དེ་དམ་བཅས་པའི་ཁྱད་པར་ཉིད་བཟུང་བས་ཉེས་པ་མེད་དོ། །གལ་ཏེ་རང་གི ་ཕྱོགས་བཞག་པ་མེད་པའི་ཕྱིར་དང་།གཞན་གྱི་ཕྱོགས་སུན་འབྱིན་པའི་ཅོ་འདྲི་བ་ཉིད་མ་ཡིན་ནམ་ཞེ་ན་།ཁོ་བོ་ཅག་གི་ཕྱོགས་ལ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་དེ་ཡིན་པའི་ཕྱིར་དེས་ན་ཅོ་འདྲི་བ་ཉིད་མ་ཡིན་ཏེ་།རེ་ཞིག ་དེ་ལྟར་ཕྱོགས་ཀྱི་སྐྱོན་མེད་པར་རྣམ་པར་བཞག་གོ་།རིགས་པ་ཅན་དག་གཏན་ཚིགས་མེད་པ་ནི་ཚད་མ་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟར་ཀུན་ཏུ་ཞུགས་པ་ཡིན་པས་དེའི་ཕྱིར་དམ་བཅས་པའི་འཇུག་ཐོགས་སུ་བསྒྲུབ་པར་བྱ་བ་འཁྲུལ་པ་མེད་པའི་ཤེས་པར ་བྱེད་པ་བསྟན་པའི་ཕྱིར་གཏན་ཚིགས་ཉེ་བར་འཇོག་པ་ནི་བྱས་ཕྱིར་ཞེས་བྱ་བ་ཡིན་ཏེ། བྱས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་མངོན་པར་བསྒྲུབས་པའོ། །དེའི་དངོས་པོ་ནི་བྱས་པ་ཉིད་དེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི ་གཏན་ཚིགས་ཀྱི་དོན་དུ་ཕྱིར་ཞེས་སྨོས་སོ། །འོ་ན་གཏན་ཚིག་འདི་མ་གྲུབ་པ་ཡིན་ཏེ་མངོན་པར་གསལ་བ་སྨྲ་བ་ལ་འདི་མ་གྲུབ་པའི་ཕྱིར་རོ་ཞེ་ན། སྐབས་འདི་ཉིད་དུ་འོག་ནས་མངོན་པར་གསལ་བ་འགོག་པར་འགྱུར་བའི་ཕྱིར་སྐྱོན་མེད་དོ། །མཐུན་པའི་ཕྱོགས་སུ་རྗེས་སུ ་འགྲོ་བ་བསྟན་པ་ནི་གང་དང་གང་བྱས་པ་ཉིད་ཡིན་པ་དེ་དང་དེ་འབྱུང་བའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན་ཤེས་པ་བཞིན་ནོ། །ཤེས་པ་ཇི་ལྟར་བྱས་པ་ཉིད་ཡིན་ཞེ་ན། མཐོ་རིས་དང་བྱང་གྲོལ་ལ་སོགས་པའི་རྟོག་གིས་ཡོངས་སུ་བསྒྲུབས་པའི་ཕྱིར་རོ། །འདིར་ཤེས ་པ་ཡང་བྱས་པ་ཉིད་ཀྱི་ཕྱིར་འབྱུང་བའི་ངོ་བོ་ཉིད་མ་ཡིན་ནོ། །ཞེས་པ་ཡང་མེད་པར་དགག་པའི་དོན་ཉིད་དང་སྦྱར་རོ་ཚུལ་གསུམ་པའི་རྟག་ལས་འདིར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་ཀྱི་ཚུལ་མ་བསྟན་པ་ནི་འདིར་སྨྲ་བར་འདོད་པའི་ཚུལ་གཉིས་ཁོ ་ནའི་གཏན་ཚིགས་ཀྱི་ཐ་སྙད་བྱེད་དོ། །ཕྱོགས་ཀྱི་ཆོས་ཉིད་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པར་ཟད་ཀྱི། དེ་དང་མི་མཐུན་པའི་དངོས་པོ་གང་ལ་ངོ་བོ་ཉིད་ཡོད་པ་གཞན་རྡུལ་ཕྲན་ཙམ་ཡང་མེད་པས་མི་མཐུན་པའི་ཕྱོགས་ཉིད་མེད་པའི་ཕྱིར་དེས་ན ་འདིར་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་དཔེ་དང་གཏན་ཚིགས་བསྟན་པ་མ་བྱས་སོ། །གཏན་ཚིགས་ཀྱི་རྣམ་གྲངས་གཞན་བསྟན་པའི་ཕྱིར་རྒྱུ་ལྡན་སོགས་ཕྱིར་ཞེས་བྱ་བ་སྨྲས་ཏེ། རྒྱུ་ལྡན་ཞེས་བྱ་བ་ནི་འདི་ལ་རྒྱུ་ཡོད་པའི་ཕྱིར་རྒྱུ་དང་ལྡན་པའོ། །རྒྱུ་དང་ལྡན་བའི ་དངོས་པོ་ནི་རྒྱུ་དང་ལྡན་པ་ཉིད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དངོས་པོ་ཉིད་དང། ཤེས་བྱ་ཉིད་དང་།བརྗོད་པར་བྱ་བ་ཉིད་ལ་སོགས་པའི་གཏན་ཚིག་གཞན་དག་ཀྱང་གཟུང་ངོ། །འདིར་ཡང་རྒྱུ་དང་ལྡན་པ་ལ་སོགས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན ་ཚིགས་ཀྱི་དོན་ཏུ་ཕྱིར་ཞེས་སྨོས་ཏེ། གང་དང་གང་རྒྱུ་དང་ལྡན་པ་ཉིད་དང། དངོས་པོ་ཉིད་དང། ཤེས་བྱ་ཉིད་དང། བརྗོད་པར་བྱ་བ་ཉིད་ལ་སོགས་པ་གང་ཡིན་པ་དེ་དང་དེ་ནི་འབྱུང་པའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན་ཤེས་པ་བཞིན་ནོ། །དེ་བཞིན ་དུ་ས་ལ་སོགས་པ་དག་ཀྱང་དོན་དམ་པར་ན་འབྱུང་བའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཕྱོགས་འདིས་ཚང་མ་ཐམས་ཅད་ཀྱང་རྣམ་པར་བཤད་པར་བྱའོ། །འདིར་གང་དག་གོ་སླ་བ་དང་རྣམ་པར་བཤད་ཟིན་པའི་དོན་དེ་དག་ནི ་འོག་ནས་ཀྱང་ཡི་གེ་མངས་ཀྱིས་དོགས་ནས་རྣམ་པར་མི་འཆད་དོ། །སྤྱིར་དགག་པ་བསྟན་ནས་དེ་དག་བྱེ་བྲག་ཏུ་དགག་པ་བསྟན་པའི་ཕྱིར། ས་ནི་སྲ་བའི་ངོ་བོ་མིན། །འབྱུང་བ་ཉིད་ཕྱིར་རླུང་བཞིན་ནོ། །ས་ཡི་ལས་ནི་འཛིན་མ་ཡིན། །བྱས་པ་ཉིད་ཕྱིར་ཆུ་བཞིན་ནོ།། ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་།འཇིག་རྟེན་དང་ཆོས་མངོན་པ་ལ་སོགས་པའི་བསྟན་བཅོས་ལས་སའི་མཚན་ཉིད་ནི་སྲ་བ་ཉིད་ཡིན་པ་ལས་ནི་བརྟེན་པར་བྱེད་པར་བསྟན་པས་དེ་དག་དགག་ཕྱིར་ཚད་མ་རྣམ་པ་གཉིས་ཉེ་བར་བཀོད་དེ། གང་གི་ཕྱིར་ཆུ ་དང་མེ་དང་རླུང་ལས་ལོགས་ཤིག་ནས་ཞེས་བྱ་བ་འགའ་བྱང་ཡོད་པ་མ་ཡིན་ཏེ། འདུས་པའི་ངོ་བོ་ཉིད་དག་ལས་སའི་མཚན་ཉིད་ལོགས་ཤིག་ཏུ་བཀར་ཏེ་བསྟན་པར་ནི་ཇི་ལྟར་ཡང་མི་ནུས་པ། ལས་ཀྱི་བྱེ་བྲག་ཀྱང་དེ་བཞིན་པས་དེའི་ཕྱིར་ངོ་བོ་ཉིད་ཡོད་པ ་མ་ཡིན་ནོ། །དེ་ལྟར་དཔྱད་བ་ན་མེད་ཀྱང་གལ་ཏེ་དེ་ཉིད་དུ། །ས་ཡི་དངོས་ཉིད་སྲ་སྙམ་ན། །རྣལ་འབྱོར་བ་དག་དེ་ལ་ནི། །འབྱུང་དང་འབྱིང་བ་མི་རིགས་སོ། །ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་ཡིན་ན་ཡང་དེའི་མཚན་ཉིད་དེ་ལྟ་བུ་ཡོད་པར་སེམས་ན་རྣལ ་འབྱོར་བ་དག་ས་ལ་ཆུ་ལ་བྱ་བ་བཞིན?་དུ་སྟེང་དུ་འབྱུང་བོ་དང་འོག་ཏུ་འབྱིད་བ་དག་མི་རིགས་སོ། །གལ་ཏེ་བསམ་གཏན་གྱིས་མཐུས་སྲ་བ་ཉིད་ཀྱང་གཤེར་བ་ཉིད་དུ་བསྒྱུར་བར་བྱེད་དོ་ཞེ་ན། བསམ་གཏན་པ་ཡི་བསམ་གཏན་མཐུས། །ས་ནི་གཤེར་བ་ཉིད་མི ་རིགས། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ལ་འགྱུར་མེད་ཕྱིར། །ཡང་ན་དེ་ཉིད་སྲ་མ་ཡིན། །ངོ་བོ་ཉིད་ཅེས་བྱ་བ་ནི་བྱས་བ་མ་ཡིན་པ་དང། འབྱུང་བ་མེད་པ་ཡིན་པས་སུས་ཀྱང་ནམ་ཡང་གཞན་དུ་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །ཡང་ན་གལ་ཏེ་རྣལ ་འབྱོར་པ་དག་གི་སའི་སྲ་བ་ཉིད་གཞན་དུ་བསྒྱུར་དུ་རུང་ན་ནི་དེའི་ངོ་བོ་ཉིད་སྲ་བ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་བུར་རུང་བར་འགྱུར། དེ་བཞིན་ཆུ་དང་མེ་རླུང་དག་།གཤེར་ལ་སོགས་པའི་དངོས་ཉིད་མིན། །དེ་དག་ལས་ཀྱང་སྡུད་པ་དང། །སྨིན་དང་གཡོ་བར་བྱེད་མི་རིགས།། ་Fཞེས་བྱ་བ་ནི་ཆུ་ལ་སོགས་པ་དག་ཀྱང་ཐམས་ཅད་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་ཡིན་ཏེ། དེ་དག་ཐམས་ཅད་ལ་སྲ་བ་དང་གཤེར་བ་དང་ཚ་བ་དང་ཡང་བ་ཉིད་ཡོད་པས་དེ་དག་གི་རང་གི་མཚན་ཉིད་འབའ་ཞིག་པ་རྣམ་པར་བཞག་པ་ནི་བསྟན ་པར་དཀའ་ཨོ། །ལས་ཀྱང་ཐམས་ཅད་ལ་ཆ་མཉམ་པར་ཡོད་དེ་ཁ་ཅིག་ལ་ལྷག་པར་སྣང་བ་ནི་རྣམ་པར་རྨོངས་པ་བསྐྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་དག་གི་རྡུལ་ཕྲ་རབ་ཀྱང་འདུས་པའི་ངོ་བོ་ཉིད་དེ། ས་དང་ཆུ་དང་མེ་དང་རླུང་དང་གཟུགས་དང་དྲི་དང་རོ་དང་རེག ་པ་ཞེས་བྱ་བ་རྫས་བརྒྱད་འདུས་པ་ཡིན་པས་དེའི་ཕྱིར་གང་གིས་སོ་སོ་ལ་ངོ་བོ་ཉིད་དང་ལས་རྣམ་པར་གཞག་པར་བྱ་བའི་མཚན་ཉིད་འབའ་ཞིག་པ་ནི་གང་ལ་ཅི་ཡང་མེད་ལ། ལས་འབའ་ཞིག་པ་ཡང་གང་ལ་ཅི་ཡང་མེད་དོ། །དེ་ལྟར་ཡང་དག་པར ་ན་དེ་དག་འབྱུང་བའི་ངོ་བོ་ཉིད་མ་ཡིན་བཞིན་དུ་ཡང་གལ་ཏེ་ངོ་བོ་ཉིད་ཡོད་པར་སེམས་ན་།རྣལ་འབྱོར་པ་དག་གཏིང་དང་ཕ་རོལ་གྱི་མུ་མེད་པའི་ཆུ་ལ་སའི་སྟེང་བཞིན་དུ་རྒྱུ་བ་དང། དགས་མེས་མཆེད་པ་ཡང་བ་མོ་དང་མུ་ཏིག་ལྟར་བསིལ་བ་ཉིད་དུ ་བྱེད་པ་དང། བྲག་གི་རྩེ་མོ་རྣམ་པར་འཇོམས་པའི་རྣམ་པར་མཐོར་རླུང་དག་ཀྱང་སོར་མོའི་རྩེ་མོས་མི་གཡོ་བར་བྱེད་པ་དག་ཇི་ལྟར་རུང་སྟེ། དེའི་ཕྱིར་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ལ། ལས་ཀྱང་ཡོད་པ་མ་ཡིན་ནོ། །སྡུད་པ་ནི་གཟུངས་བྱེད་པའོ།། ་སྨིན་བ་ནི་དྲོ་བའོ། །གཡོ་བ་ནི་མགུལ་བ་ཞེས་བྱ་བའི་ཐ་ཚིག་གོ་།འདིར་ཁ་ཅིག་གིས་སྨྲས་པ་།རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་སེམས་མཉམ་པར་བཞག་པའི་མཐུའི་བྱེ་བྲག་གིས། །དངོས་པོ་ཐོགས་པ་དང་བཅས་པའི་རྫས་རྣམས་ལ་གང་དུ་འགྲོ་བར ་འདོད་པ་དག་ཏུ་འགྲོ་བ་འགྲུབ་པར་ཟད་ཀྱི། དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་རྣམས་མེད་པའི་ཕྱིར་ཐོགས་པར་མི་འགྱུར་བ་ཡིན་ན་ནི་རྫ་འཕྲུལ་དང་ལྡན་པ་མཉམ་པར་བཞག ་པ་ལས་ལངས་པ་དང་།སྲོག་ཆགས་གཞན་དག་ཀྱང་རང་གི་གནས་ལ་སོགས་པ་གནས་པར་མི་འགྱུར་བ་ཞིག་ན་ཐོགས་པར་ཡང་མཐོང་བས་དེའི་ཕྱིར་དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ནོ། །གལ་ཏེ་འདི་ལྟར་ཡོངས་སུ་རྟོགས ་ཏེ། རྣལ་འབྱོར་པ་མཉམ་པར་བཞག་པ་ལས་ལངས་པ་དག་གིས་མོས་པའི་དབང་གིས་ན་དངོས་པོ་ཡོད་པ་མ་ཡིན་ཡང་ལུས་ལ་ཐོགས་པ་ཁོ་ནར་འགྱུར་རོ་ཞེ་ན་།དེ་ནི་མི་རུང་སྟེ་གང་གི་ཕྱིར་ཞེ་ན། མོས་པའི་མཚན་མ་ཡིན་ཏེ་།ནམ་མཁའ་ ་འདུ་ཤེས་པ་མུན་པ་ལ་སོགས་པའི་ནང་དུ་ཀ་བ་ལ་སོགས་པ་དག་ལ་ཐོགས་པ་ཡོད་པའི་ཕྱིར་དང། ཤེས་ལ་སོགས་པའི་སྐྱང་ནུས་དག་ལ་ཆུར་འདུ་ཤེས་པ་ཡང་ལོག་པར་ཡིན་པ་བཞིན་ནོ་ཞེ་ན། འདིར་བཤད་པ་མོས་པ་ཡང་གཞན ་ལ་འདོད་པའི་ཁྱད་པར་ཡང་གཞན་ཁོ་ན་ཡིན་ཏེ། ཇི་ལྟར་ཞེ་ན། གང་གི་ཕྱིར་རྣལ་འབྱོར་པའི་མོས་པས་ཟད་པར་ནམ་མཁའ་ལ་སོགས་པ་དག་ལ་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་ཐམས་ཅད་ནམ་མཁའ་ཁོ་ནར་མོས་པར་བྱེད་པའི་རྣལ་འབྱོར་བ ་འབའ་ཞིག་ལ་དེ་ལྟར་སྣང་བར་ཟད་ཀྱི་གཞན་སུ་ལ་ཡང་མི་སྣང་བའི་ཕྱིར་དང། དངོས་པོ་གཞན་དག་ནམ་མཁའ་ཉིད་དུ་ཡང་མི་འགྱུར་བའི་ཕྱིར་རོ། །འདོད་པའི་ཁྱད་པར་གྱིས་ནི་རྣལ་འབྱོར་བའི་རྫུ་འཕྲུལ་གྱི་མཐུན་ས་ཡང་གཤེར་བ་ཉིད་དུ་བྱེད་པ་ཁོ ་ན་ཡིན་གྱི་མོས་པ་ཙམ་དུ་མ་ཟད་དེ་།རྩིག་པ་དང་ར་བ་དང་རིལ་སོགས་པ་དག་ཐལ་བྱུང་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་དང། ཆུ་ཡང་སྲ་བ་ཉིད་དུ་བྱེད་དེ་ཆུ་ལ་ཡང་ས་ལ་བྱ་བ་བཞིན་དུ་།མི་འགྱུར་བར་འགྲོ་བའི་ཕྱིར་དང་མེ་ཡང་བསིལ་བ་ཉིད་དུ ་བྱེད་དེ་སེམས་ཅན་དམྱལ་བའི་བསྲེག་བྱ་འབར་བ་དག་ཞི་བར་བྱེད་པའི་ཕྱིར་དང་།རླུང་གི་གཡོ་བ་ཡང་ཐོགས་པར་བྱེད་དེ། རྣམ་པར་འཐོར་རླུང་ཆེན་པོ་ལ་སོགས་པའི་རླུང་གི་དཀྱིལ་འཁོར་དག་ཀྱང་སོར་མོ་གཅིག་གིས་གནོད་པར་བྱེད་པའི་ཕྱིར་རོ། །འདོད ་པའི་ཁྱད་བར་གྱིས་ཁ་ཅིག་ཏུ་ནི་བདག་ཉིད་ཁོ་ན་ལ་ཐོགས་པ་མེད་པར་སྟོན་པར་ཡང་བྱེད་དེ། རིལ་སོགས་པ་དག་ལ་བདག་ཉིད་ལྟུང་བཟེད་དང། ཆོས་གོས་དང། ཡོ་བྱད་དག་དང་བཅས་བཞིན་དུ་ཐོགས་པ་མེད་པར་འགྲོ་བའི་ཕྱིར་རོ། །ཁ་ཅིག་ཏུ་ནི་གཞན་དག་ཁོ ་ན་སྟོན་ཏེ། དཔེར་ན་ཡི་དགས་ལ་སོགས་པ་ལ་ཆུ་ལ་སོགས་པ་སྦྱིན་པ་ལྟ་བུའོ། །ཁ་ཅིག་ནི་རང་དང་གཞན་གཉི་ག་སྟོན་ཏེ་།དཔེར་ན་སེམས་ཅན་དམྱལ་བའི་མེ་འབར་བ་ལ་སོགས་པ་ཞི་བར་བྱེད་པ་ལྟ་བུའོ། །དེ་ལ་གལ་ཏེ་མོས་པ་ཙམ་ཁོ་ནར་ཟད་ན་ནི་དངོས་པོ་གཞན་དུ ་མི་འགྱུར་བས་མེའི་གདུང་པ་ཡང་ཞི་བར་མི་འགྱུར་ལ། སྐོམ་པ་ཡང་ངོམས་པར་མི་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ནོ། །ཤེས་ལ་སོགས་པའི་རྐྱང་ནུལ་དག་ལ་ཆུར་འདུ་ཤེས་པ་ནི་ལོག་པ་ཡིན་པས་དཔེར་མི་རུང་ངོ། །ཟད་པར་ནམ་མཁའ་ལ་སོགས་པ་དག ་དོན་དམ་པ་ཉིད་ཡིན་པར་གྱུར་ན་ཡང་ས་ལ་སོགས་པ་ངོ་བོ་ཉིད་ཡོད་པ་ཉིད་དུ་མི་འགྲུབ་བོ། །ཁ་ཅིག་འབྱུང་བ་མཁའ་རླུང་མེ་ཆུ་ས། །ཡོན་ཏན་དག་ནི་ལྷག་པ་ཡིན། །སྒྲ་དང་རེག་པ་གཟུགས་དང་རོ། །དྲི་དང་དེ་ཡི་ཡོན་ཏན་ཡིན། །ཞེས་བྱ་བར་འདོད་པས ་དེ་བཀག་པའི་ཕྱིར་།རླུང་ལ་སོགས་པ་ཀུན་རྫོབ་ཏུ། །ཡོན་ཏན་མཉམ་པར་མི་འདོད་མིན། །ལུས་ཀྱི་དབང་བོས་དམིགས་ཕྱིར་དང། །འབྱུང་བ་ཡིན་ཕྱིར་ས་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ་།རླུང་ལ་སོགས་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་ཐམས་ཅད ་ཡོན་ཏན་ཆ་མཉམ་པ་ཡིན་ཏེ། ལུས་ཀྱི་དབང་པོས་དམིགས་པའི་ཕྱིར་དང། འབྱུང་བ་ཉིད་ཡིན་པའི་ཕྱིར་དཔེར་ན་ས་བཞིན་ནོ། །ནམ་མཁའ་ཉིད་མ་ཡིན་ཏེ། འབྱུང་བ་ཉིད་ཡིན་པར་མི་རིགས་པའི་ཕྱིར་རོ། །ལ་ལ་ཡོན་ཏན་ཁ་ཅིག་ཤས་ཆེ་བ ་ཡོད་དོ། །ལ་ལ་ཡོན་ཏན་ཁ་ཅིག་བག་ལ་ཞ་སྟེ་། ཧ་ཅང་ཆ་ཕྲ་བའི་ཕྱིར་ངེས་པར་གཟུང་པར་མི་ནུས་སོ། །ཁ་ཅིག་ནི་ས་ལ་སོགས་པ་འདུས་པའི་བདག་ཉིད་ཀྱང་ཡིན་ལ་། རྫས་སུ་ཡོང་པ་ཁོ་ནར་འདོད་དེ་། འདིར་ལྟར་གང་རྡུལ་ཕྲ་རབ ་ཏུ་བཤིག་ཀྱང་དེའི་བློ་ཡོད་པ་ཉིད་ཡིན་པ་དེའི་རྫས་སུ་ཡོད་པ་ཉིད་ཡིན་ནོ། །ཞེན་དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ས་ལ་སོགས་པ་རྫས་ཡོད་མིན། །ཚོགས་པའི་ཡན་ལག་མིན་མེད་ཕྱིར། །གང་དག་ཇི་སྐང་བསྟན་པ་དེ། །རྫས་ཡོད ་མ་མཐོང་ནགས་ཚལ་བཞིན། །ཞེས་བྱ་བ་ལ་ས་ལ་སོགས་པ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ་། ཆུ་ལ་སོགས་པའི་ཚོགས་པའི་ཡན་ལག་མ་གཏོགས་པར་ས་ཞེས་བྱ་བ་དམིགས་སུ་མེད་པའི་ཕྱིར་རོ། །གང་ཚོགས་པའི་ཡན་ལག་མ་བཟུང་དུ་མེད་པ ་དེ་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་ནགས་ཚལ་བཞིན་ནོ། །ཤིང་ཏུ་བ་དང་སེང་ལྡེང་དང་པ་ལ་ཤ་ལ་སོགས་པ་མ་གཏོགས་པར་ནགས་ཚལ་ཞེས་བྱ་བ་གཟུང་དུ་མེད་པ་བཞིན་ནོ། །འདུས་པ་ལ་ནི་ནགས་ཚལ་ཞེས་ཐ་སྙད་གདགས་སུ་རུང་ངོ། །གང ་གི་ཕྱིར་ས་ལ་སོགས་པ་རྫས་སུ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེའི་ཡུལ་ཅན་གྱི་བློ་གྲོས་ཀྱང་རྫས་སུ་ཡོད་པ་མ་ཡིན་ཏེ། རྒྱུ་ཡོད་པའི་ཕྱིར་དང། འཇིག་པའི་ཕྱིར་ནགས་ཚལ་གྱི་བློ་བཞིན་པས་དེའི་ཕྱིར། ས་ལ་སོགས་པ་ཡུལ་གྱི་བློ། །དེ་ཡང་རྫས་ཡོད ་མ་ཡིན་འདོད། །རྒྱུ་དང་བཅས་ཕྱིར་འཇིག་པའི་ཕྱིར། །ནགས་ཚལ་ལ་སོགས་བློ་བཞིན་ནོ། །ཞེས་བྱ་བ་སྨྲས་སོ། །སྒྲ་ནི་གནས་དང་བྱེད་པ་དང། །རྩོལ་བ་དག་ལས་མངོན་པར་འགྲུབ་པའི་ཕྱིར་གང་གི་ས་ལ་སོགས་པ་བརྗོད་པའི་སྒྲ་ད་ཡང། ས ་ལ་སོགས་པ་སྟོན་པའི་སྒྲ། །བརྗོད་པ་རྫས་སུ་མི་འདོད་དོ། །མཉན་པ་ཡིན་ཕྱིར་དམག་ལ་སོགས། །སྟོན་པའི་སྒྲ་དག་མི་འདོད་བཞིན། །འདིར་བྱེ་བྲག་བདག་ཕྱིར་ཟློག་པར་བྱེད་དེ། གང་དག་ལ་ནགས་ཚལ་དང་དམག་ལ་སོགས་པ་རྫས་སུ་ཡོད་པ་མ ་ཡིན་བདེ་དག་སྐྱོན་འདི་ལྟ་བུར་འགྱུར་ཏེ། ཁོ་བོ་ཅག་གི་ཚིག་ལས་ཕྲད་པ་རྣམས་ཀྱི་རྫས་ཞེས་འབྱུང་བས་ནགས་ཚལ་ལ་སོགས་པ་དང་རྫས་སུ་ཡོད་པ་ཁོ་ན་ཡིན་ནོ། །ཇི་ལྟར་ཞེ་ན་འདི་ན་ཤིང་པ་ལ་ཤ་ནགས་ཚལ་རྩོམ་པ་ནི་ཕྲད་པ་དང་བཅས་པས་ཤིང་པན་ད་དང ་ལྷན་ཅིག་སྦྱོར་བར་འགྱུར་རོ། །ཤིད་པ་ལ་ཤ་དང་པན་ད་ན་གཉིས་ཀྱང་ཕྲད་པ་དང་བཅས་པས་ཤིང་དྷ་བ་ལ་སོགས་པ་དང་ལྷན་ཅིག་སྦྱོར་བར་འགྱུར་རོ། །དེ་བཞིན་དུ་གླང་པོ་ཆེ་དམག་རྩོམ་པ་ན་ཡང་ཕྲད་པ་དང་བཅས་པས་རྟ་དང་ལྷན་ཅིག་སྦྱོར་བར་འགྱུར ་བ་གླང་པོ་ཆེ་དང་རྟ་གཅིས་ཀྱང་ཕྲད་པ་དང་བཅས་པས་ཤིང་རྟ་ལ་སོགས་པ་དང་ལྷན་ཅིག་སྦྱོར་བར་འགྱུར་བས་དེའི་ཕྱིར་ནགས་ཚལ་དང་དམག་ལ་སོགས་པ་དག་རྫས་སུ་ཡོད་པའི་ཕྱིར་ཁྱེད་ཀྱི་དཔེ་ལ་བསྒྲུབ་པར་བྱ་བས་སྟོང་པས་དཔེ་མེད་དོ་ཞེས་ཟེར་རོ། །གྲངས ་ཅན་དག་ཀྱང་འདི་སྐད་ཅེས་ཟེར་ཏེ་། གྲངས་ནི་རྣམ་པ་འདྲ་སྟེ་། ངེས་པའི་གྲངས་ནི་གཅིག་པུ་བའོ། །མ་ངེས་པའི་གྲངས་ནི་ཉི་ཤུ་པ་ལ་སོགས་པའོ། །དེ་ལ་གང་གི་ཚེ་མ་ངེས་པ་རྫས་དུ་མ་དག་ལ་མ་ངེས་པའི་གྲངས་སུ་འཇུག་པ་དེའི་ཚེ་ན་ནགས་ཚལ ་ལ་སོགས་པའི་ཐ་སྙད་ཡོད་པས་།ནགས་ཚལ་ལ་སོགས་པ་དེ་དག་ཀྱང་རྫས་སུ་ཡོད་པ་ཡིན་ཏེ་།གྲངས་དང་ལྡན་པའི་ཕྱིར་རོ། །དེའི་ཡུལ་ཅན་གྱི་བློ་དང་སྒྲ་ཡང་རྫས་སུ་ཡོད་པ་ཁོ་ན་ཡིན་པས་དེའི་ཕྱིར། ནགས་ཚལ་གྱི་བློ་དང་སྒྲའི་དཔེ་དག་ས་ལ་སོགས ་པ་རྫས་སུ་ཡོད་པ་མ་ཡིན་པའི་དཔེར་མི་རུང་ངོ་ཞེས་ཟེར་རོ། །དེ་ལ་རེ་ཞིག་བྱ་བྲག་བདག་ལ་སྐྱོན་འདོགས་བ་ལྟར་སྣང་བ་ཉིད་ཡིན་པར་བསྟན་པའི་ཕྱིར། པལ་ཤ་བ་ན་དཏལ་ལ་སོགས་པ། །ནགས་ཚོལ་རྩོམ་པ་ཡིན་མི་འདོད། །རྒྱུ་ལྡན་ལ་སོགས་གཏན ་ཚིགས་ཀྱིས། །དཔེར་ན་རྩ་བ་ལ་སོགས་བཞིན། །ཞེས་བྱ་བ་སྨྲས་ཏེ། ཤིང་པ་ལ་ཤ་དང་པེན་དྷ་ལ་སོགས་པ་དག་ནི་ནགས་ཚལ་རྩོམ་པ་ཡིན་པར་མི་འདོད་དེ། ཇི་ལྟར་པ་ལ་ཤ་ལ་སོགས་པ་ནི་ནགས་ཚལ་གྱི་ཡན་ལག་ཏུ་གྱུར་པ་ཡིན་ལ། དེ་དག ་གི་ཡན་ལག་ནི་རྩ་བ་ལ་སོགས་པ་ཡིན་ལ། །ཡང་ལག་ཉིད་ཡིན་པར་འདྲ་ཞིན་པ་ལས་པ་ལ་ཤ་ལ་སོགས་པ་ནི་ནགས་ཚལ་རྩེ་མ་པར་བྱེད་པ་ཡིན་ལ། རྩ་བ་ལ་སོགས་པ་དག་ནི་མ་ཡིན་ནོ། །ཞེས་བྱ་བ་འདི་ལ་གཏན་ཚིགས ་གྱི་ཁྱད་བུར་ཅི་ཡོད། །དེའི་ཕྱིར་པ་ལ་ཤ་དང་པ་ན་དེ་ལ་སོགས་པ་དེ་དག་ནི་ནགས་ཚལ་རྩོམ་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱིས་ཏེ། །དཔེར་ན་?་རང་སྡོང་བུ་དང་?་མི ་དང་འདབ་མི་ལ་སོགས་པ་བཞིན་ནོ། །འདིར་སྨྲས་པ། ཤིང་དྷ་བ་དང། བ་ལ་ཤ་ལ་སོགས་པ་ཡིན་ལག་ཏུ་གྱུར་པ་ཐམས་ཅད་ལ་ནགས་ཚལ་ཡན་ལག་ཅན་སོ་སོའི་རྗེས་སུ་ཞུགས་བལྟར་ངེས་པར་གཟུང་དུ་རུང་སྟེ། ཡན་ལག་དེ་དག་མེད་པར ་ཡན་ལག་ཅན་ནགས་ཚལ་དམིགས་སུ་མེད་པའི་ཕྱིར་ཏེ། དེའི་ཕྱིར་པ་ལ་ཤ་ལ་སོགས་པ་ནི་ནགས་ཚལ་རྩོམ་པར་བྱེད་པ་ཡིན་ལ་ཙ་བ་ལ་སོགས་པ་ནི་མ་ཡིན་ནོ། །བཤད་པ་ཡན་ལག་ཅན་གྱི་ནགས་ཚལ་ནི། པ་ལ་ཤ་ལ་སོགས་བརྩམས ་མིན། །དེ་དག་རེ་རེ་མ་རྫོགས་ཕྱིར། །ཡལ་ག་ལ་སོགས་གང་ཡིན་བཞིན། །ཞེས་བྱ་བ་ལ་ཡན་ལག་ཅན་ཞེས་བྱ་བ་ནི་འདི་ལ་ཡན་ལག་ཡོད་པའི་ཕྱིར། །ཡན་ལག་ཅན་ནོ་ཡན་ལག་ཅན་གྱི་ནགས་ཚལ་ཞེས་བྱ་བ་དེ་ནི་པ་ལ་ཤ་ལ་སོགས་པས ་བརྩམས་པ་མ་ཡིན་ནོ། །ཞེས་དམ་བཅའ་ཨོ་?། །ཅིའི་ཕྱིར་ཞེ་ན། བ་ལ་ཤ་ལ་སོགས་པ་དེ་དག་རེ་རེ་ལ་ནགས་ཚལ་དེས་རྫོགས་པའི་ཕྱིར་ཏེ། དཔེར་ན་ཡལ་ག་དང་ཡལ་ག་ཕྲ་མོ་ལ་སོག་པ་གང་དག་ཡིན་པ་དེ་དག་ལ་ནགས་ཚལ་ཞེས་བྱ་བ ་མ་རྫོགས་པའི་ཕྱིར། །ནགས་ཚལ་དེ་ཡལ་ག་ལ་སོགས་པ་དེ་དག་གིས་བརྩམས་པ་མ་ཡིན་པ་དེ་བཞིན་དུ་པ་ལ་ཤ་ལ་སོགས་པ་དེ་དག་རེ་རེ་ལ་ཡང་ནགས་ཚལ་ཞེས་བྱ་བ་དེ་མ་རྫོགས་པའི་ཕྱིར། དེ་དག་གིས་བརྩམས་པ་མ་ཡིན་པར ་གྲུབ་བས་ནགས་ཚལ་ལ་སོགས་པ་དག་རྫས་སུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བྱེ་བྲག་པ་དག་གི་ཕྱོགས་ལ་དཔེའི་སྐྱོན་ཡང་མི་འཐད་དོ། །གཉིས་པ་གྲངས་ཅན་གྱི་ཕྱོགས་ལ་ཇི་ལྟར་དཔེའི་སྐྱོན་མེད་པ་དེ་ལྟར་འདི་བརྗོད་ད། ནགས་ཚལ་སྒྲན་མ་ངེས་པ། ?་མའི ་རྫས་གྲངས་འཇུག་པ་ཡིན། ཁྱད་པར་ཅན་གྱིས་བློས་བརྟག་ཕྱིར། བུམ་བཟང་ལ་སོགས་སྒྲ་བཞིན་ནོ། །ཞེས་བྱ་བ་ལ་ནགས་ཚལ་གྱི་སྒྲ་ནི་པ་ལ་ཤ་ལ་སོགས་པ་མ་ངེས་པ་དུ་མའི་རྫས་ཀྱི་གྲངས་བརྗོད་པ་ལ་འཇུག་པ་མ་ཡིན་ནོ། །ཞེས་དམ་བཅའ་ཨོ། །དེ ་ཅིའི་ཕྱིར་ཞེ་ན། ཁྱད་པར་ཅན་གྱི་བློས་བརྟག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཉིད་ཀྱིས་རྟོགས་པའི་ཕྱིར་ཏེ། དཔེར་ན་བུམ་པ་དང། བྲངས་དང། ཕྲུ་རྟོགས་ལ་སོགས་པ་གཅིག་ལ་སོགས་པར་ངེས་པར་གྲངས་ལ་འཇུག་པའི་སྒྲ་བཞིན་ནོ། །དེ་ལྟར་དེ་ཞིག ་རིགས་པའི་སྒོ་ནས་ས་ལ་སོགས་པ་དག་མཚན་ཉིད་ཡོད་པ་མ་ཡིན་པ་དང། །རྫས་སུ་ཡོད་པ་མ་ཡིན་པར་གནས་སོ། །ལུང་གི་སྒོ་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ནད་གི་སའི་ཁམས་གང་ཡིན་པ་དང། ཕ་རོལ་གྱི་སའི་ཁམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས ་པས་གཉིས་སུ་མེད་པའི་དོན་དང། གཉིས་སུ་མེད་པ་དང། གཉིས་སུ་བྱར་མེད་པ་དང། །འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བཀའ་སྩལ་ཅིང། དེ་བཞིན་དུ། བློ་ཡིས་རྣམ་པར་སྤྱད་པ་ན་གང ་ཕྱིར་དངོས་ཉིད་གཟུད་མེད་པ། དེ་ཕྱིར་འབྱུང་བ་མེད་པ་དང། །དངོས་ཉིད་མེད་པར་ད་སྨྲའོ། །ཞེས་གསུངས་སོ། །འདིར་ཆོས་མངོན་པ་དག་གིས་སྨྲས་པ། འབྱུང་བའི་བྱེ་བྲག་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ། །དེ་དག་རྒྱུར་བྱས་ནས་ཁ་དོག ་དང་དབྱིབས་ཀྱི་བདག་ཉིད་ཀྱི་གཟུགས་རྣམ་པ་ཉི་ཤུ་འབྱུང་བའི་ཕྱིར་ཏེ། འདི་ན་གང་ངོ་བོ་ཉིད་མེད་པ་ནི་དེ་རྒྱུར་བྱས་ནས་ཅི་ཡང་མི་འབྱུང་སྟེ། དཔེར་ན་རི་བོང་གི་རྭ་དག་བཞིན་ནོ། །འབྱུང་བ་རྣམས་རྒྱུར་བྱས་པ་ལས་ནི་ཁ་དོག་དང། །དབྱིབས་ཀྱི་བདག་ཉིད་ཀྱི ་གཟུགས་གང་མིག་གིས་གཟུང་བར་བྱ་བ་དག་འབྱུང་སྟེ། དེའི་ཕྱིར་འབྱུང་བ་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། འདིར་བཤད་པ། ཀུན་རྫོབ་ཏུ་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་ཀུན་ནས་བསླང་བ་དེ ་ཡོད་པ་ཁོ་ན་ཡིན་ཏེ་།དེ་ལ་ཡང་བྱིས་པ་རྣམས་ནི་སྒྱུ་མ་དང་སྨིག་སྒྱུ་དང། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལ་བལྟ་བ་བཞིན་དུ་བལྟ་བ་རྣམ་པར་རྨོངས་ལ། འཕགས་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་པའི་རྣལ་འབྱོར་པ་ནམ ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་བསྒོམ་པ་ལ་གནས་པ་དག་ཀྱང་རེ་ཞིག་གཟུགས་ཀྱི་འདུ་ཤེས་དང། ཐོགས་པ་མེད་པའི་འདུ་ཤེས་རྣམ་པ ་ཐམས་ཅད་དུ་ནུབ་ཅིང་དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་།ཟད་པར་གྱི་སྐྱེ་མཆེད་དག་སྒོམ་པ་གོམས་པ་འཇུག་ཏུ་ཡང་གཟུགས་ཀྱི་འདུ་ཤེས་སྤོང་བར་འགྱུར་ན་།ཐེག་པ་ཆེན་པོ་བླ་ན་མེད་པའི་རྣལ ་འབྱོར་བ་བསྐལ་བ་དཔག་ཏུ་མེད་པ་དངོས་པོའི་རང་གི་ངོ་བོ་ཉིད་དུ་བསྒོམས་པ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བསྒོམ་པ་མཐར་ཕྱིན་པ་ལ་གནས་པ་རྣམས་གཟུགས་སུ་འཛིན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་རིགས ་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་བཤད་པ། གང་ཕྱིར་གཟུགས་ནི་དོན་དམ་དུ། །མིག་གི་དབང་པོའི་གཟུང་བ་མིན། །བསགས་ཕྱིར་དཔེར་ན་སྒྲ་བཞིན་དང། །འབྱུང་ལས་གྱུར་ཕྱིར་དེ་ཉིད་བཞིན། །ཞེས་བྱ་བ་ལ་མིག་གི་ཡུལ་གྱི་གཟུགས་ནི་དོན ་དམ་པར་ན་མིག་གི་དབང་པོའི་གཟུང་བ་མ་ཡིན་ནོ་ཞེས་དམ་བཅའ་ཨོ། །མིག་ཅེས་བྱ་བ་ནི་ལྟ་བའི་ཕྱིར་མིག་སྟེ། དོན་རྣམས་གསལ་བར་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ་།དབང་པོ་ཞེས་བྱ་བ་ནི་བསྡུས་པ་འདི་ལ་རང་གི་ཡུལ་བྱེ་བྲག་ཏུ་འབྱེད་པའི་སྒོ་ནས་དབང ་བྱེད་པས་དབང་པོའོ། །གཟུགས་ནི་ངེས་གཟུང་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བསགས་པའི་ཕྱིར་ཏེ། རྫས་བརྒྱད་བསགས་པའི་ཕྱིར། དཔེར་ན་སྒྲ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་འབྱུང་བ་ལས་གྱུར་པའི་ཕྱིར་དཔེར་ན་སྒྲ་དེ་ཉིད་བཞིན ་ཏེ། གཟུགས་དང་སྒྲ་དང་སྒྲ་གཉིས་ག་བསགས་པ་དང་འབྱུང་བ་ལས་གྱུར་པ་ཉིད་ཡིན་པར་འདྲ་བཞིན་དུ་གཟུགས་ནི་མིག་གི་ཡུལ་ཡིན་ལ། སྒྲ་ནི་མ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱི་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་བྱ་བའི་ཐ་ཚིག་སོ་།ཡང་རྣམ་གྲངས་གཞན་དུ་མ། ་གཟུགས་ནི་མིག་གིས་གཟུང་མིན་ཏེ། །འབྱུང་ལས་གྱུར་ཕྱིར་རང་གཟུགས་བཞིན། །བདེ་ལ་སོགས་འབྱུང་རྒྱུ་ཕྱིར་དང། །བརྗོད་བྱ་ཡིན་ཕྱིར་རེ་སོགས་བཞིན། །ཞེས་བྱ་བ་ལ། གཟུགས་ནི་མིག་གིས་གཟུང་བ་མ་ཡིན་ཏེ་།འབྱུང་བས་གྱུར་པའི་ཕྱིར ་རང་གི་གཟུགས་བཞིན་ནོ་ཞེས་བྱ་བ་སྦྱར་ཏེ། ཁྱོད་ཀྱི་ལུང་ལས་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་མིག་གི་ཡུལ་ཡིན་ནོ་ཞེས་བྱ་བ་དེ་ཡང་རང་གི་གཟུགས་དང་གཞན་གྱི་གཟུགས་ཀྱི་བྱེ་བྲག་ལས་རྣམ་པ་གཉིས་སུ་དབྱེ་སྟེ། དེ ་ལ་འདིར་ནི་གཞན་གྱི་གཟུགས་ཆོས་ཅན་ཉིད་དུ་གཟུང་ངོ། །དེ་མིགས་གཟུང་བ་མ་ཡིན་ནོ། །ཞེས་བྱ་བ་ནི་དེའི་ཆོས་སོ། །འབྱུང་བ་ལས་གྱུར་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་སོ། །རང་གི་གཟུགས་བཞིན་ནོ་ཞེས་བྱ་བ་ནི ་དཔེ་སྟེ། འདི་ལྟར་མིག་གི་རང་གི་གཟུགས་ནི་ཨུཏཔ་ལའི་འདབ་མ་ལྟར་སྔོ་བ་འབྲས་བུ་ཅུང་ཟད་བཀྲ་བ། རྫིམ་བུད་བའི་ཚོགས་ལྟར་གནག་ཅི་མཛེས་པས་བཀའ་པ་མིག་སྨན་གྱི་སྡུག་མཛེས་བུ་མདོག་བསྒྱུར་བ་སྟེ། དེ་ལྟ་བུའི་མིག་གི་གཟུགས་ཀྱང་མི་གཉིད་ཀྱིས་གཟུང་བ་མ་ཡིན ་པ་དེ་བཞིན་དུ་གཞན་གྱི་གཟུགས་ཀྱང་མིག་དེས་གཟུང་བ་མ་ཡིན་ནོ། །གཞན་ཡང་བདེ་བ་ལ་སོགས་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དང། བརྗོད་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན། རོ་ལ་སོགས་པ་བཞིན་ནོ། །དེ་ལྟར་གཟུགས་ཡུལ་གྱི་དངོས་པོར་ཡོད་པ? ་མ་ཡིན་པས་དེ་ཡོད་པ་མ་ཡིན་པའི་ཕྱིར་མིག་ཀྱང་ཡུལ་ཅན་ཉིད་དུ་ཡོད་པ་མ་ཡིན་ལ། དེ་དག་གི་སྒྲ་ཡང་དག་བརྗོད་པ་ཉིད་མ་ཡིན་ནོ། །དེ་དག་རྒྱུར་བྱས་ནིས་གཟུགས་འབྱུང་བའི་ཕྱིར་ཏེ། ཞེས་བྱ་བའི་གཏན་ཚིགས ་ཏེ་དོན་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། དེ་བཞིན་གཟུགས་ནི་འབྱུང་འགྱུར་མིན། །འབྱུང་ཕྱིར་མེ་ལ་སོགས་པ་བཞིན། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །ཡང་ན་སེམས་བཞིན་ཤེས་པར་བྱ། །ཞེས་བྱ་བ་སྨྲས་ཏེ་།གཟུགས་ནི་འགྱུར ་བ་ལས་གྱུར་པ་མ་ཡིན་ཏེ། འབྱུང་བ་དང་ལྡན་པའི་ཕྱིར་མེ་ལ་སོགས་པ་བཞིན་ཏེ་།འབྱུང་བ་ལས་གྱུར་པ་ནི་འབྱུང་བ་རྣམས་ལས་མངོན་པར་གྲུབ་པའོ། །དེ་ཡང་འབྱུང་བ་དང་ལྡན་པའི་ཕྱིར་དང། རྒྱུ་དང་ལྡན་པ་ལ་སོགས་པའི་གཏན་ཚིགས་ཀྱིས་འབྱུང ་བའི་རང་གི་གཟུགས་བཞིན་ནམ། ཡང་ན་སེམས་བཞིན་དུ་འབྱུང་བ་ལས་གྱུར་པའི་ངོ་བོ་ཉིད་མ་ཡིན་ཏེ། གང་གི་ཕྱིར་འབྱུང་བ་རྣམས་མ་གཏོགས་པར་འབྱུང་བ་ལས་གྱུར་པའི་གཟུགས་དམིགས་སུ་མེད་དེ། འདུས་པའི་བདག་ཉིད་ཡིན་པའི ་ཕྱིར་རོ། །དེའི་ཕྱིར་འབྱུང་བ་དག་ཁོ་བ་བཞིན་དུ་འབྱུང་བ་ལས་གྱུར་པ་འདིའི་ངོ་བོ་ཉིད་ཀྱང་རྫས་སུ་ཡོད་པ་ཉིད་མ་ཡིན་ནོ། །ཞེས་བྱ་བར་བསམས་སོ། །དེས་ནི་ཁ་དོག་དབྱིབས་དང་ནི། །བསགས་དང་ཕྲ་དང་རགས་སོགས་ཀྱིས། །དབྱེ་བས ་གཟུགས་ཀྱི་མཚན་ཉིད་དག་།ཇི་སྙེད་རྣམ་པར་བརྟགས་པ་རྣམས། །ཞེས་བྱ་བ་ལ་།ཁ་དོག་གི་གཟུགས་ནི་རྣམ་པ་བཞི་སྟེ། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོའི་དབྱིབས་ཀྱི་གཟུགས་ནི་རྣམ་པ་བརྒྱད་དེ། ཐུང་དུ་དང་རིང་པོ ་དང་ལྡན་པ་དང། གྲུ་བཞི་དང་མཉམ་པ་དང་མི་མཉམ་པ་དང། མཐོན་པོ་དང་དམའ་བའ་ཨི་བྱེ་བྲག་གིས་སོ། །བསགས་པ་ནི་རྡུལ་ཕྲ་རབ་ལ་སོགས་པ་དག་གིས་བསགས་བའོ། །ཕྲ་བ་ནི་སོ་མོ་དང་ཡུངས་ཀར་ལ་སོགས་པའོ། །རགས་པ ་ནི་རི་ལ་སོགས་པའོ། །དེ་བཞིན་དུ་ཐག་རིང་བ་དང་ཉེ་བ་དང། ལྷ་དང་མི་དང་དན་པ་དང། བཟང་པོ་ལ་སོགས་པའི་བྱེ་བྲག་གི་དབྱེ་བས་རྡུལ་ཕྲན་གྱི་གཟུགས་ཀྱི་མཚན་ཉིད་ཇི་སྙེད་གཞན་དག་གིས་རྣམ་པར་བཏགས་པ་རྣམས། ཇི་ལྟར་རིགས་པའི་སྦྱོར ་བ་ཡིས། །བཀག་པར་ཁོང་དུ་ཆུད་པར་བྱ། །ཞེས་བྱ་བར་སྦྱར་ཏེ། །ཇི་ལྟར་ཞེ་ན། དེ་བཞིན་གཟུགས་ནི་ཁ་དོག་མིན། །འབྱུང་ཕྱིར་མེ་ལ་སོགས་པ་བཞིན། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །ཡང་ན་སེམས་བཞིན་ཤེས་པར་བྱ། །ཞེས ་ཇི་ལྟར་རིགས་པའི་སྦྱོར་བས་བཀག་པ་ཁོང་དུ་ཆུད་པར་བྱའོ། །སྒྲ་དང་དྲི་དང་རོ་དང་རེག་།དགག་པའི་ཚུལ་ཡིད་དེ་ཡིན་ནོ། །ཞེས་བྱ་བ་ལ་སྒྲ་ནི་རྣམ་པ་གསུམ་སྟེ། །ཟིན་པ་དང་མ་ཟིན་པ་དང་གཉི་གའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དྲི་ཡང་རྣམ་པ ་གསུམ་སྟེ། དྲི་ཞིམ་པ་དང་དྲི་མ་ཞིམ་པ་དང། དྲི་མི་མཉམ་བའི་བྱེ་བྲག་ལས་སོ། །རོ་ནི་རྣམ་པ་དྲུག་སྟེ། མངར་བ་དང་སྒྱུར་བ་དང། ཁ་བ་དང། ལན་ཚྭ་དང། ཚ་བ་དང་སྐ་བ་ཞེས་བྱ་བའོ། །རེག་པ་ནི་རྣམ་པ་བཅུ་གཅིག་སྟེ། ལྕི་བ་དང་ཡང་བ་དང། གྲང ་བ་དང་འཇམ་པ་དང། རྩུབ་པ་དང། བཀྲེས་པ་དང། སྐོམ་པ་དང། འབྱུང་བ་ཆེན་པོ་བཞི་པོ་དག་གི་བྱེ་བྲག་ལས་སོ། །དེ་དག་དགག་པའི་ཚུལ་མང་དེ་ཡིན་ཏེ། གང་ཕྱིར་སྒྲ་ནི་དོན་དམ་དུ། །རྣམ་བའི་དབང་པོའི་གཟུང་བ་མིན། །བསགས་ཕྱིར་དཔེར་ན ་གཟུགས་བཞིན་དང། །འབྱུང་ལས་གྱུར་ཕྱིར་དེ་ཉིད་བཞིན། །ཞེས་ཇི་ལྟར་རིགས་པའི་སྦྱོར་བ་དེས་བཀག་པར་ཁོང་དུ་ཆུད་པར་བྱའོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་བཞི་པ། །འདིར་སྨྲས་པ། ་གཟུགས་ནི་མིག་གི་ཡུལ་ཁོ་ན་ཡིན་ཏེ། །བྱེད་པ་པོ་དང་ལས་ཀྱི་ཐ་སྙད་ཡང་བའི་ཕྱིར། དཔེར་ན་རལ་གྲིས་བཅད་པ་གཅོད་པ་བཞིན་ནོ། །མིག་ལ་ཡང་བྱེད་པ་པོའི་ཐ་སྙད་ཡོད་དེ། མིག་གི་གཟུགས་རྣམས་མཐོང་ངོ་ཞེས་ཟེར་བའི་ཕྱིར་རོ། །དེའི་ལྟ ་བར་བྱ་བ་གཟུགས་ནི་ལས་ཡིན་ནོ། །དེའི་ཕྱིར་གཟུགས་ནི་མིག་གིས་བལྟ་བར་བྱ་བ་ཁོ་ན་ཡིན་པས་དེ་ཡང་ཡོད་པ་ཡིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་མིག་བྱེད་པ་པོ་ཉིད་ཡིན་པར་འཐད་ན་ནི་གཟུགས་ཀྱང་ལས་ཡིན་པརའགྱུར་གྲང་ན། དེ ་ནི་མི་འཐང་ངོ་ཇི་ལྟར་མི་འཐད་ཅེ་ན། མིག་གི་དབང་པོ་དོན་དམ་དུ། །གཟུགས་ལ་བལྟ་བ་མ་ཡིན་ཏེ། །སེམས་དང་སེམས་བྱུང་ལས་གཞན་ཕྱིར། །དཔེར་ན་རེ་ཡི་དབང་པོ་བཞིན། །ཞེས་བྱ་བ་སྨྲས་ཏེ། དོན་ཇི་ལྟ་བུ་ཞེ་ན། གལ་ཏེ ་མིག་དེ་ལ་བལྟ་བའི་མཐུ་ཡོད་པར་གྱུར་ན་ནི་གཉིད་ལོག་པ་དང་མྱོས་པ་དང་ཤི་བ་ལ་སོགས་པའི་གནས་སྐབས་དག་དང། མུན་ཁུང་དང་དུས་ཐམས་ཅད་ཏུ་ཡང་ཐམས་ཅད་མཐོང་བར་འགྱུར་རོ། །གལ་ཏེ་མི་མཐོང་ན་ནི་དེ་ལ་བལྟ་བ་ཡོད་པ་མ་ཡིན་ནོ། ། ་ཞེས་བྱ་བར་ཚད་མ་རྣམ་པར་བཞག་གོ་།གལ་ཏེ་རྣམ་པར་ཤེས་པས་མཐོང་དོ་ཞེ་ན་ནི། དམུས་ལོང་གིས་ཀྱང་གཟུགས་མཐོང་བར་ཐལ་བར་འགྱུར་རོ། །གལ་ཏེ་མིག་མ་ཉམས་པས་ཡིད་ཀྱིས་མཐོང་ངོ་ཞེ་ན་ནི་དེ་ལྟ་ན་མིག་བྱེད་པ་པོ་ཉིད་མ་ཡིན་པར་འགྱུར་རོ།། ་གལ་ཏེ་རྣམ་པར་ཤེས་པ་དང་བཅས་པའི་མིག་གིས་མཐོང་ངོ་ཞེ་ན། དེ་ནི་ཀུན་རྫོབ་ཏུ་ཀུན་ཀྱང་འདོད་པ་ཁོ་ན་ཡིན་ཏེ། དེ་ལ་ཡང་མིག་འབའ་ཞིག་བྱེད་པ་པོ་མ་ཡིན་གྱི། མཐོང་བ་ནི་གཟུགས་དང་སྣང་བ་དང། ནམ་མཁའ་དང་ཡིད་ལ་བྱེད་པ་ཚོགས་པ ་རག་ལུས་པའི་ཕྱིར། དེས་ན་མིག་འབའ་ཞིག་བྱེད་པ་པོ་ཉིད་ཡིན་པར་བསྟན་དཀའ་ཨོ། །དེ་ལྟར་བྱེད་པ་པོ་མེད་པའི་ཕྱིར་ལས་ཀྱང་ག་ལ་ཡོད་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །གང་དག་ཚོགས་པ་ལས་བལྟ་བའི་བྱ་བ་སྐྱེ་བས་དེ་དག་ཐམས ་ཅད་ལ་ལྟ་བའི་ནུས་པ་ཡོད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་བལྟ་བའི་བྱ་བ་སྐྱེས་བའི་མིག་གིས་མཐོང་ངོ་ཞེས་བྱ་བ་དེ་ལྟར་འདོད་པ་དེ་དག་གིས་ཕྱིར་རབ་ཏུ་བཤད་པ། ཡང་ན་མིག་ནི་དོན་དམ་དུ། །གཟུགས་ལ་བལྟ་བ་མ་ཡིན་ཏེ། །རྣམ་ཤེས ་དངོས་མེད་མི་སྐྱེའི་ཕྱིར། །པགས་པ་དག་ལ་སོགས་པ་བཞིན། །ཞེས་བྱ་བའི་ཚིག་གི་དོན་ནི་གང་གི་ཕྱིར་རྣམ་པར་ཤེས་པ་མེད་པར་བལྟ་བའི་བྱ་བ་མི་སྐྱེ་བའི་ཕྱིར་མིག་གིས་ཀྱང་མི་མཐོང་དོ་ཞེས་བྱ་བའི་ཐ་ཚིག་གོ། ཆོས་མངོན་པ་ལས་མིག་གིས་དཔའ་བོ་ནི་གོ་སྙོད ་ཀྱི་མེ་ཏོག་ལྟ་བུ་འམ་ཞོག་ཆུ་ལྟ་བུ་ཡུལ་ཁ་དོག་གཟུགས་དང་བའོ། །ཞེས་དེའི་མཚན་ཉིད་བསྟན་པ་དེ་ནི་ཁོ་བོ་ཅག་ཀྱང་ཀུན་རྫོབ་ཏུ་འདོད་དོ། །དོན་དམ་པར་ནི་མིག་གི་དབང་པོ་ཡུལ་གྱི་ཁ་དོག་གཟུགས་དང་བ་མ་ཡིན་ཏེ། བྱས་པ་ཉིད་ཀྱི་ཕྱིར་རོ། ། ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིག་དག་གིས་དཔེ་ཡང་པགས་པ་དག་ལ་སོགས་པ་བཞིན་ནོ། །དེའི་ཡུལ་ཁ་དོག་དགག་པ་བྱེད་པ་ནི། མིག་ནི་གཟུགས་ཀྱི་ཡུལ་ཅན་ཡིན། །རང་གི་གཟུགས་ལ་མི་འཛིན་ཕྱིར། །ཉམ་ལ་སོགས་པའི་དབང་པོ ་དང། །གཟུགས་ཅན་ཡིན་ཕྱིར་རོ་སོགས་བཞིན། །ཞེས་བྱ་བ་ཡིན་ཏེ། མིག་ནི་གཟུགས་ཀྱི་ཡུལ་ཅན་མིན་ཞེས་བྱ་བ་ནི་གང་ལ་ཡུལ་གཟུགས་ཡོད་པ་དེ་ནི་གཟུགས་ཀྱི་ཡུལ་ཅན་ཞེས་བྱ་སྟེ། མིག་ནི་གཟུགས་ཀྱི་ཡུལ་ཅན་མ་ཡིན་ཏེ། རང་གི་གཟུགས ་ལ་མི་འཛིན་པའི་ཕྱིར། རྣ་བའི་དབང་པོ་ལ་སོགས་པ་བཞིན་ནམ། གཟུགས་ཅན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །གཟུགས་ནི་རེ་ཞིག་རང་གི་གཟུགས་དང་གཞན་གྱི་གཟུགས་ཞེས་བྱ་བ་དེ་ཙམ་དུ་ཟད་དེ། དེ་ལ་རེ་ཞིག ་མིག་དེས་རང་གི་གཟུགས་མི་མཐོང་བ་ནི་གྲགས་པ་ཉིད་ཡིན་ནོ། །གཞན་གྱི་གཟུགས་ཀྱང་རི་དང་ར་བ་ལ་སོགས་པས་བསྒྲིབས་པ་ཚུ་རོལ་ལམ་དབུས་སམ་ཕ་རོལ་གྱི་ཆས་བཅད་པའི་པ་ཧཡར་གཅིག་གྲོང་ཁྱེར་ལ་སོགས་པ་མཐོང་བ་བཞིན་དུ ་མཐོང་བ་ནི་འདིས་མཐོང་ངོ་ཞེས་ཉེ་བར་འཇིགས་པ་ཙམ་དུ་ཟད་དེ། ཉེ་བར་འདོགས་པ་ཙམ་གྱི་མཐོང་བ་ནི་དོན་དམ་པར་སྤྱད་པ་ལ་ཚད་མར་མི་རུང་ངོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང། མིག་ནི་གཟུགས་ལ་མི་བལྟ་ཞིང། །ཡིད་ཀྱི་ཆོས་ཉིད་མི་རྟོགས ་ཏེ། །གང་ལ་འཇིག་རྟེན་མི་འཇུག་པ། །དེ་ནི་དམ་པའི་བདེན་པའོ། །ཞེས་གསུངས་སོ། །འདིར་གྲངས་ཅན་དང་བྱེ་བྲག་པ་དག་གིས་སྨྲས་པ། འདིས་མཐོང་ངོ་ཞེས་བལྟ་བའི་བྱེད་པ་ལ་འདིས་ཞེས་བྱ་བར་བརྗོད་པས་ལྟ་བའི་བྱེད་པ ་མིག་གིས་བལྟ་བ་པོས་མཐོང་སྟེ། དཔེར་ན་སྟ་རེས་གཅོད་དོ་ཞེས་བྱ་བ་ཡང་སྟ་རེ་འབའ་ཞིག་གིས་གཅོད་བར་མི་བྱེད་དོ། །འོ་ན་ཇི་ལྟར་བུ་ཞེ་ན། བྱེད་པ་སྟ་རེས་བཅད་པ་པོ་མི་གཅོད་པ་ཤིང་གཅོད་པ་དེ་བཞིན་དུ་མིག་འབའ་ཞིག་གིས་མཐོང་བ ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། བྱེད་པ་མིག་གིས་བལྟ་བ་པོ་མིས་བལྟ་བར་བྱ་བ་གཟུགས་ལ་ལྟ་བར་བྱེད་དོ་ཞེ་ན་།དེ་དག་གི་ཕྱིར་བཤད་བ། དེ་བཞིན་བལྟ་བོ་མིག་མེད་པ། །དཔེ་ཡང་མེད་པས་མཐོང་མ་ཡིན། །ཞེས་བྱ་བ་ནི་མིག་གིས་མཐོང ་བ་བཀག་པ་དེ་བཞིན་དུ་བལྟ་བ་པོས་མཐོང་བ་ཡང་དགག་པར་བྱ་བ་སྟེ། །ཇི་ལྟར་ཞེ་ན། འདི་ནི་གཟུགས་མཐོང་བ་ལས་རྗེས་སུ་དཔགས་ནས་ལྟ་བ་པོ་ཞེས་བྱ་ན། གཟུགས་མཐོང་བ་དེ་ཡང་དམིག་དང། གཟུགས་དང། ནམ་མཁའ་དང། སྣད ་བ་དང། ཡིད་ལ་བྱེད་པ་དག་ཚོགས་ན་ཡོད་པར་འགྱུར་བ་ཡིན་པས། །དེའི་ཕྱིར་ལྷས་བྱིན་ཞེས་བྱ་བ་ལྟ་བུ་ཚོགས་པ་ཉིད་ལ་ལྟ་བ་པོ་ཞེས་བྱ་བར་རིགས་ཀྱི་གཞན་མིག་མེད་པ་ལ་བུམ་པ་ལ་སོགས་པ་ལྟ་བུ། དཔེར་ན་མིག་ཀྱང་མཐོང་ངོ་ཞེས ་བྱ་བའི་དཔེ་ཡང་མེད་པས་མཐོང་བར་མི་རིགས་སོ། །བལྟ་བ་པོ་མིག་མེད་པ་དེ་ཡང་བལྟ་བ་པའི་ངོ་བོ་ཉིད་གཅིག་ཡིན་ཏེ། དཔེར་ན་གྲངས་ཅན་དག་ན་རེ། ཤེས་པ་ཡོད་པ་ཉིད་ནི་སྐྱེས་བུའི་ངོ་བོ་ཉིད་དེ། ཡོངས་སུ་ལྟ་བར་བྱེད་པའོ། །ཞེས་ཟེར་བ ་ལ་སོགས་པ་ལྟ་བུ་ཞིག་གམ། འོན་ཏེ་ལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ཞིག་ཡིན་ཏེ། དཔེར་ན་བྱེ་བྲག་པ་དག་ན་རེ་།ཤེས་པ་ཡོད་པ་ཉིད་ནི་ཡིད་ཙམ་དུ་ཟད་ལ། སྐྱེས་བུ་ནི་ནམ་མཁའ་དང་འདྲ་བར་ཐམས་ཅད་དུ་སོང་བ་སེམས་པ་མེད་པ་ཡིན་ཏེ། ་དེཡིད་དང་ཕྲད་པས་ལྟ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུ་ཞིག་ཡིན་གྲང་ན། དེ་ལ་གལ་ཏེ་བལྟ་བ་པོའི་ངོ་བོ་ཉིད་ཡིན་ན་ནི་ངོ་བོ་ཉིད་ནི་གཞན་ལ་བལྟོས་པ་མེད་པའི་ཕྱིར། མིག་མེད་པར་ཡང་དེས་བལྟ་ནུས་པར་འགྱུར་བའི་རིགས་སོ། །ཅི་སྟེ་སྟ་རེ་མེད་པའི་གཅོད་པ ་པོས་གཅོད་པ་པོ་ཉིད་དུ་མི་འགྲུབ་ཀྱི། །སྟ་རེ་དང་མ་བྲལ་བར་གཅོད་པས་གཅོད་པ་པོ་ཉིད་དུ་འགྲུབ་པ་བཞིན་དུ་བལྟ་བ་དང་མ་བྲལ་བར་བལྟ་བའི་བལྟ་བ་པོས་མཐོང་བར་འགྱུར་རོ་ཞེ་ན། །དེའི་ཕྱིར་བཤད་པ་བྱེད་པ་དང་མ་ཕྲད་པའི་སྔ་རོལ་དང། བྱེད་པ ་རང་བྲལ་བའི་འོག་རོལ་ན་བལྟ་བ་མེད་པས་།བལྟ་བའི་ངོ་བོ་ཉིད་ཡིན་པས་།ཇི་ལྟར་གཟུགས་ལ་བལྟ་བར་རིགས་།བལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ལ་ནི་བལྟ་བའི་ནུས་པ་མེད་པའི་ཕྱིར། དམུས་ལོད་ལ་བལྟ་བ་མེད་པ་ལྟ་བུ་ཡིན་པས་།བལྟ་བའི ་ངོ་བོ་ཉིད་ཡིན་པས། ཇི་ལྟར་གཟུགས་ལ་བལྟ་བར་རིགས། གཞན་ཡང་ཇི་ལྟར་བལྟ་བ་པོ་གང་ཡིན་པ་དེ་ཉིད་ཉན་པ་པོ་དང། སྣོམ་པ་པོ་དང། མྱང་བ་པོ་དང། རེག་པ་པོ་དང། ཤེས་པ་པོ་ཡང་ཡིན་ནམ་འོན་ཏེ་ཐ་དད་པ་ཡིན། ་དེ་ལ་གལ་ཏེ་ཐ་དད་པ་ཡིན་ན་ནི་བདག་མང་པོ་ཉིད་དུ་འགྱུར་ཏེ་།དེ་ནི་གཅིག་ཏུ་ཟད་དོ། །འོན་ཏེ་དེ་ཉིད་གལ་ཏེ་བལྟ་བོ་ཉན་པོ་ནས། ཅི་ཕྱིར་དེ་ནི་ཉན་པར་འགྱུར། གལ་ཏེ་བ་བལྟ་བ་པོའི་ངོ་བོ་ཉིད་ཡིན་ན་ཇི་ལྟར་དེ་རང་གི་ངོ་བོ་ཉིད་བྲལ་ནས་ངོ་བོ་ཉིད ་གཞན་འབྱུང་བར་འགྱུར་ཏེ། དེས་ན་ངོ་བོ་ཉིད་དང་བྲལ་བར་འགྱུར་རོ། །སྐྱོན་འདི་ཡང་ཡོད་དོ། །དེ་ཤེས་ཉིད་དང་རྟག་མི་འདོད། །བསྒྱུར་རུང་ཁྱད་པར་ཡིན་པའི་ཕྱིར། །གཅིག་ཉིད་མ་ཡིན་ཚུལ་གཉིས་ཕྱིར། །ལུས་གཞན་དག་གི་གཟུགས ་བཞིན་ནོ། །ཞེས་བྱ་བ་ནི་བདག་བལྟ་བ་བོར་ཉན་པ་པོར་ཡང་འགྱུར་བ་དེ་བལྟ་བ་པོའི་ཤེས་པ་དེ་ཉིད་ཀྱང་མ་ཡིན་ལ། རྟག་པ་ཉིད་ཀྱང་ཡིན་པ་མི་འདོད་དེ། བསྒྱུར་དུ་རུད་བའི་ཁྱད་པར་ཡིན་པའི་ཕྱིར་རོ། །ཞེས་བྱ་བར་སྦྱར་རོ། །བསྒྱུར་དུ་རུང་བའི་ཁྱད་པར་ཞེས ་བྱ་བ་ནི་དེ་བལྟ་བ་དང་ཉན་པ་ལ་སོགས་པ་དག་གི་ཁྱད་པར་དུ་བསྒྱུར་བར་ནུས་པའོ། །གང་རང་བཞིན་གཞན་དུ་བསྒྱུར་བར་ནུས་པ་དེ་ནི་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ལ་བརྟག་པ་ཉིད་ཀྱང་མ་ཡིན་ཏེ། འདིས་ལྟར་རྟག་པ་ནི་མི་འགྱུར ་བའི་རང་བཞིན་དང་ངོ་བོ་ཉིད་དང་མི་འབྲལ་བ་ཡིན་པའི་རིགས་ན། དེ་སྔར་བལྟ་བ་པོར་གྱུར་ནས་གང་གི་ཚེ་ཉན་པ་པོར་འགྱུར་བ་དེ་འཚེ། །རང་བཞིན་འགྱུར་བ་དང་ངོ་བོ་ཉིད་དང་བྲལ་བར་སྣད་དོ། །བདག་གི་ངོ་བོ་ཉིད་ནི་གཅིག་པ་ཉིད་དུ་ཐ་སྙད་གད་ཌ? ་བ་ཡིན་ན་དེ་ནི་གཅིག་པ་ཉིད་མ་ཡིན་ཏེ། ཚུལ་གཉིས་སུ་གྱུར་པའི་ཕྱིར་ལུས་གཞན་དག་གི་གཟུགས་བཞིན་ནོ། །དེའི་ཕྱིར་དེ་མི་ཤེས་པོ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ལ། །རྟག་པ་ཡང་མ་ཡིན་གཅིག་པ་ཉིད་ཀྱང་མ་ཡིན་པས་ངོ་བོ་ཉིད་མེད་པ ་ཁོ་ནར་འགྱུར་རོ། །དེ་བཞིན་མིག་གི་དབང་པོ་ནི། །གཟུགས་ལ་དམིགས་པའི་བྱེད་མི་འདོད། །ཡིད་བྲལ་ཉིད་ན་ལྟ་བ་ལས། །གཞན་ཕྱིར་ཉན་ལ་སོགས་པ་བཞིན། །ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་དེ་དབང་པོའི་ཚོགས་རྣམས་ལས་གཞན ་མ་ཡིན་ན་ནི་རང་གི་མཚན་ཉིད་ལ་བྱེད་པ་ཉིད་མི་སྲིད་དོ། །འོན་ཏེ་གཞན་ཡིན་ན་ནི་གཞན་ཉིད་དུ་འདྲ་བས་ཇི་ལྟར་རྣ་བ་གཟུགས་ལ་དམིགས་པའི་སྐྱེད་པ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་བྱེད་པ་ཉིད་མ་ཡིན་ནོ། །ཡིད་དང་མ་བྲལ་བའི་དབང ་པོ་ནི་བལྟ་བ་ཡིན་པར་གྲུབ་པའི་མཛའ་ཐམས་ཅད་ལ་ཡང་གྲགས་པས། དེའི་ཕྱིར་ཡིད་དན་བྲལ་བ་ཉིད་ཡིན་ན་མིག་དེ་བལྟ་བ་བོ་ལས་གཞན་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཀྱིས་ཁྱད་པར་སྨོས་སོ། །གྲངས་ཅན་དག་གིས་སྨྲས་པ། ་ཁོ་བོ་ཅག་གི་གྲུབ་པའི་མཛའ་ནི་འདི་ཡིན་ཏེ། དབང་པོ་ནི་ཡུལ་དང་ཕྲད་པར་བྱེད་དོ། །དབང་དང་ཕྲད་བའི་ཡུལ་ལ་ཡིད་ཀྱི་རྗེས་སུ་གཅོད་བར་བྱེད་དོ། །ཡིད་ཀྱིས་བཅད་པ་ལ་ང་རྒྱལ་གྱིས་རློམ་པར་བྱེད་དོ། །ང་རྒྱལ་གྱིས་རློམ་པ་ལ་བློས་སེམས ་བར་བྱེད་དོ། །བློས་བསམས་པའི་ཡུལ་དེ་སྐྱེས་བུ་ལ་སྣད་བར་འགྱུར་ཏེ། དཔེར་ན་ཆུ་རྙོག་པ་མེད་པ་ཉེ་བར་གནས་པ་ཙམ་གྱིས་ཕན་འདོགས་པར་གནས་པའི་ནང་དུ་ཟླ་བའི་གཟུགས་ཀྱི་གཟུགས་བརྙན་ཤིར་བ་ལ་བལྟ་བ་ལ་སོགས་པའི་ཐ་སྙད་དུ ་བརྗོད་པ་ཡོད་པ་དེ་བཞིན་དུ་སྐྱེས་བུའི་རྗེས་ངེས་པར་གནས་པ་ཉིད་ལ་ཆོས་གཞན་འབྱུང་བ་དང། ཆོས་གཞན་འགག་པ་ན་སྐྱེས་བུའི་ངོ་བོ་ཉིད་ཉམས་པར་ཡང་མི་འགྱུར་ལ་རང་བཞིན་དང་བྲལ་བར་ཡང་མི་འགྱུར་བས་དེའི་ཕྱིར་སྐྱེས་བུ་ནི་མི་རྟག་པ ་ཡང་མ་ཡིན་ལ། ངོ་བོ་ཉིད་མེད་པ་ཡང་མ་ཡིན་དུ་མ་ཡང་མ་ཡིན་ཞིང་བྱེད་པ་མ་ཡིན་པ་ཡང་མ་ཡིན་ནོ། །ཞེ་ན་འདིར་བཤད་པ་དེ་ནི་བལྟ་བ་བོ་ཉིད་མི་རིགས། །མིག་ལ་སོགས་པ་བལྟོས་པའི་ཕྱིར། །ཡིད་བཞིན་ཡོངས་སུ་འགྱུར་ཕྱིར་དང། ་དེ་བཞིན་གཟུགས་བརྙན་འཆར་ཕྱིར་རོ། །ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་བ་པོའི་ངོ་བོ་ཉིད་ཡིན་པར་གྱུར་ན། བྱེད་བོའི་ཚོགས་དག་ལ་མི་བལྟོས་པ་ཁོ་ནར་རིགས་སོ། །དེ་མི་རྟག་པ་ཡང་ཡིན་ཏེ་ཡོངས་སུ་འགྱུར་བའི་ཕྱིར་འོ་མ་ལ་སོགས་པ་བཞིན་ནོ། ། ་དེ་ལྟ་བོ་ཉིད་ཡིན་པར་མི་རིགས་ཏེ། གཟུགས་བརྙན་འཆར་བའི་ཕྱིར་བཞིན་གྱི་གཟུགས་བརྙན་འཆར་བའི་ཆུ་བཞིན་ནོ། །ཡིད་ཇི་ལྟ་བ་བཞིན་དུ་ལྟ་བ་ཡང་འདོད་ན། །དེ་ཡང་མི་རིགས་ཏེ། གང་གི་ཕྱིར་མིག་ལ་སོགས་པས་མ་མཐོང ་བའི་ཡུལ་ལ་ཡིད་ཀྱིས་ཀྱང་མི་འཛིན་པས་དེའི་ཕྱིར་རེ་ཞིག་ཡིད་ཉིད་ཀྱང་བལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ན་དེ་དང་འདྲ་བར་བདག་བལྟ་བ་པོར་འགྱུར་བ་ལྟ་ག་ལ་ཡོད་དེ་དེའི་ཕྱིར་བཤད་པ། བལྟ་བོ་ཇི་ལྟར་ཡིད་དང་འདྲ། །དབང་པོ་གཞན ་གྱིས་མི་མཐོང་ཕྱིར། །ཞེས་བྱ་བ་ལ་དབང་པོ་ནི་དབང་པོ་རྣམས་སོ། །གཞན་ཞེས་བྱ་བ་ནི་དབང་པོ་གཞན་ལས་གཞན་བའི་དབང་པོ་གཞན་གྱིས་སོ། །དོན་ལྷག་མ་ནི་སྨྲས་པར་ཟད་དོ་གཞན་ཡང། ཡིད་ནི་ཡང་དག་ཉིད་དུ་ན། །ལྟ་བར་མི་འདོད་? ་བཞིན་ནོ། །ཞེས་བྱ་བ་ནི་བདག་ལྟ་བ་མ་ཡིན་པར་བཀག་པ་བཞིན་དུ་ཡིད་ཀྱང་བལྟ་བ་མ་ཡིན་པར་དགག་པ་སྟེ། ཇི་ལྟར་ཞེ་ན། འདི་ལ་ཡིད་ཀྱང་བལྟ་བ་པོའི་ངོ་བོ་ཉིད་དམ་བལྟ་བ་པོའི་ངོ་བོ་ཉིད་མ་ཡིན་པ་ཞི་ཏུ་འགྱུར་གྲེར་ན། གལ་ཏེ ་བལྟ་བ་བོའི་ངོ་བོ་ཉིད་ཡིན་ན་ནི་མིག་མེད་པ་ལ་ཡང་བལྟ་བ་ཡོད་བར་འགྱུར་རོ། །གལ་ཏེ་བལྟ་བ་པོའི་ངོ་བོ་ཉིད་མ་ཡིན་ན་ནི་དེ་ལན་མ་ཡང་བལྟ་བ་ཡོད་པར་མི་འགྱུར་རོ། །ཇི་སྟེ་མིག་དང་གཟུགས་དང། སྣང་བ་དང་ནམ་མཁའ་དང་ཡིད་ལ་བྱེད་པ་ཚོགས ་པའི་དབང་གིས་ཡིད་ལྟ་བར་བྱེད་དོ། །ཞེན་བཤད་པ་དེ་ནི་ལྟ་མིན་ཚོགས་པ་དག། རྫས་སུ་མེད་ཕྱིར་དེ་ཉིད་བཞིན། །ཞེས་བྱ་བ་ནི་ཡིད་དེ་ནི་བལྟ་བ་མ་ཡིན་ཏེ། ཚོགས་པ་དག་རྫས་སུ་མེད་པའི་ཕྱིར་ནགས་ཚལ་ལ་སོགས་པ་ཚོགས་པ་དེ་ཉིད ་བཞིན་ནོ་ཞེས་སྟོན་ཏེ། གལ་ཏེ་ཡིད་མིག་ལ་སོགས་པ་ལ་མི་བལྟོས་པ་འབའ་ཞིག་པ་བལྟ་བ་ཡིན་པར་གྱུར་ན་ནི་དོན་དམ་པ་པ་ཡིན་པ་ཞིག་མ་གང་གི་ཕྱིར་ཚོགས་པ་དག་མེད་པར་ཡིད་ལ་བལྟ་བ་མེད་པ་དེའི་ཕྱིར་ཉེ་བར་གདགས་པ་མ ་གཏོགས་པར་གང་ཡང་རུང་བ་ཞིག་ལ་བལྟ་བ་ཡོད་པར་ཐ་སྙད་གདགས་པར་མི་ནུས་སོ། །ཚོགས་པ་དག་ཀྱང་རྗེས་སུ་ཡོད་པ་མ་ཡིན་པའི་ཕྱིར་ནགས་ཚལ་ལ་སོགས་པ་བཞིན་པས་དེའི་ཕྱིར་ཡིད་དང་འདྲ་བར་བདག་བལྟ་བ་ཡིན་པར་མི ་རིགས་སོ། །གལ་ཏེ་བདག་མེད་ན་གང་གི་མཐོང་ཞེ་ན། ཁོ་བོ་ཅག་ནི་ཐ་སྙད་དུ་ན་སེམས་ཉིད་ཀྱིས་མཐོང་བར་འདོད་དོ། །གལ་ཏེ་སེམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེ་ན། བཤད་པ་བྱེད་པོ་ཉིད་རུང་ཆོས ་གཞན་དག། མངོན་པར་འགྲུབ་ཕྱིར་དྲིལ་བུ་བཞིན། ཞེས་བྱ་བནི་གཞན་མུ་སྟེགས་ཅན་གྱིས་ཡོངས་སུ་བཏགས་པའི་བདག་མེད་དུ་ཟིན་ཀྱང། སེམས་སྐད་ཅིག་མ་ཉིད་ཐ་སྙད་དུ་བྱེད་པ་པོ་ཉིད་དུ་རུང་སྟེ། ནང་དང་ཕྱི་རོལ་གྱི་འདུ་བྱེད་བདག་མེད་པར་ག ་ལ་རྒྱུ་དང་རྐྱེན་སོ་སོར་ངེས་པར་ཚོགས་པའི་དབང་གིས་ཆོས་གཞན་དག་མངོན་པར་འགྲུབ་པའི་ཕྱིར་དཔེར་ན་དྲིལ་བུ་སྒྲ་འབྱིན་པ་དང། མར་མེ་སྣང་བར་བྱེད་པ་དང། ཆུ་འབབ་པར་བྱེད་པ་དེ་བཞིན་དུ་སྟེ། དེའི་ཕྱིར་ཁོ་བོ་ཅག་ནི་ཚོགས་པ་ལས་ཐ་སྙད་དུ་བལྟ་བ་ཁས ་ལེན་གྱི་དོན་དམ་པར་ནི་དེ་དག་ལ་ཡང་མི་གནས་ཏེ། ཇི་སྐད་དུ། དེ་ནི་མིག་དང་གཟུགས་ལ་མེད། །དེ་གཉིས་བར་ནའང་མི་གནས་ཏེ། །གང་དུ་དེ་ནི་གནས་འགྱུར་བ། །དེ་ཡོད་མ་ཡིན་དེ་མེད་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཁ ་ཅིག་མིག་གི་འོད་ཟེར་ཡུལ་གྱི་ཕྱོགས་སུ་སོང་ནས་འཛིན་པར་བྱེད་དོ་སྙམ་དུ་སེམས་པ་དེ་དགག་པའི་ཕྱིར་བཤད་པ་།མིག་ནི་འོད་ཟེར་ལྡན་མི་རིགས། །དབང་པོ་ཡིན་ཕྱིར་དབང་གཞན་བཞིན། ཞེས་བྱ་བ་ནི་མིག་ནི་འོད་ཟེར་དང་ལྡན་པར་མི་རིགས་ཏེ། དབང་པོ ་ཡིན་པའི་ཕྱིར་དབང་པོ་གཞན་བཞིན་ཏེ། ཇི་ལྟར་རྣ་བས་ཀྱང་སྒྲ་ཐག་རིང་བོན་འདུག་པ་ཐོས་ལ། ཡིད་ཀྱིས་ཀྱང་ཡུལ་དཔག་ཚད?་སྟོང་གིས་བསྐལ་པ་དག་ཀྱང་ཤེས་མོད་ཀྱི། དེ་དག་འོད་ཟེར་དང་ལྡན་པ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་དེ་དང་འདྲ་བས ་དེ་འོད་ཟེར་དང་ལྡན་པར་མི་རིགས་སོ། །གལ་ཏེ་དེ་ལྟར་མིག་གི་དབང་པོ་འོད་ཟེར་དང་ལྡན་པ་མ་ཡིན་ན། འོ་ན་ཇི་ལྟར་བྱི་ལ་དང་འུག་པ་དག་མུན་ཁྲོད་ན་མིག་དག་ལས་སྒྲོན་མ་ལྟར་འབར་བ་འབྱུང་བར་སྣང་ཞེ་ན། དེའི་ཕྱིར་བཤད་པ། མཚན་མོ་རྒྱུ་བའི་མིག་འབྲས ་སྣང། །དབང་པོ་སྣང་བ་མ་ཡིན་ནོ། ཞེས་བྱ་བ་ནི་མུན་ཁྲོད་ན་མཚན་མོ་རྒྱུ་བ་རྣམས་ཀྱི་མིག་གི་འབྲས་བུ་སྣང་བར་ཟད་ཀྱི་དབང་པོ་ནི་མི་སྣང་སྟེ། དེ་ནི་བསྟན་དུ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་རྟོག་པ་དེ་ཡང་བཟང་པོ་མ་ཡིན་ནོ། །དེ ་བཞིན་དུ་མིག་ནི་བདེ་སོགས་བདག་ཉིད་མིན། །དངོས་པོ་ཡིན་ཕྱིར་སྐྱེས་བུ་བཞིན། །ཞེས་བྱ་བ་ནི་གྲངས་ཅན་དག་མིག་ནི་བདེ་བ་རང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་མ་ཡིན་ཏེ། འདི་ལྟར་ཡུལ་ཡིད་དུ་འོང་བ་མཐོང་ན་བདེ་བ་སྐྱེ་ལ། དེ་ལས ་བཟློག་བ་དག་ལ་སྡུག་བསྔལ་དང་གཏི་མུག་སྐྱེའོ་ཞེས་ཟེར་བས་དེ་དགག་པའི་ཕྱིར་འདི་བཤད་དེ། མིག་ནི་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་སྐྱེས་བུ་བཞིན་ཏེ། ཇི་ལྟར ་ཞེ་ན་མིག་དེ་ཡོད་པ་འམ་མེད་པ་འམ། རྟག་པ་འམ་མི་རྟག་པ་འམ། གང་ཡིན་ཡང་རུང་སྟེ། ཡོན་ཏན་གསུམ་གྱི་བདག་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་རྫས་ཡིན་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། སྐྱེས་བུ་བཞིན་ཏེ། འདི་ལྟར་དེ ་དག་སྐྱེས་བུ་ནི་ཡོན་ཏན་མེད་བར་འདོད་པའི་ཕྱིར་རོ། །ཁ་ཅིག་མིག་ནི་ཐམས་ཅད་དུ་སོང་བ་ཡིན་ཏེ། བལྟ་བར་བྱ་བ་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་དེ་དག་ལ་འདི་བརྗོད་པར་བྱ་སྟེ། མིག་ནི་ཀུན་ཏུ་སོང་མིན་ཏེ། ། ་ཡོད་ཕྱིར་དེ་འབྲས་ལ་སོགས་བཞིན། ཞེས་བྱ་བ་ནི་མིག་ནི་ཀུན་ཏུ་སོང་བ་མ་ཡིན་ཏེ། ཡོད་པའི་ཕྱིར་མིག་དེའི་འབྲས་བུ་ལ་སོགས་པ་བཞིན་ཏེ་རང་གི་གནས་བཞིན་ནོ། །དབང་པོ་ཡང་དེའི་ཁོངས་ན་འདུག་པས་ཐམས་ཅད་དུ་སོང་བ་མ ་ཡིན་ནོ་ཞེས་བྱ་བར་བསམས་སོ་ཡང་ན་མིག་ནི་ཀུན་འགྲོ་མིན། །གཞན་དོན་ཉིད་ཕྱིར་བུམ་པ་བཞིན། ཞེས་བྱ་བ་ནི་ཡང་ན་མིག་ནི་ཀུན་ཏུ་འགྲོ་བ་མ་ཡིན་ཏེ། གཞན་གྱི་དོན་ཉིད་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ཏེ། གྲངས་ཅན་དག ་གཞན་ཞེས་བྱ་བ་ནི་ཤེས་པའི་སྐྱེས་བུ་སྟེ་།མིག་ལ་སོགས་པ་ནི་དེའི་དོན་གྱི་ཕྱིར་འདོད་དོ། །གཞན་གྱི་དོན་གྱི་དངོས་པོ་ནི་གཞན་གྱི་དོན་ཉིད་དོ། །དཔེར་ན་བུམ་པ་ནི་གཞན་དག་ལ་ཕན་པའི་དོན་གྱི་ཕྱིར་མངོན་པར་སྒྲུབ་པར་བྱེད་ཀྱང་དེ་ཐམས ་ཅད་དུ་འགྲོ་བ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་སྐྱེས་བུའི་དོན་དུ་མངོན་པར་སྒྲུབ་པར་བྱེད་པ་ཐམས་ཅད་དུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བར་སློབ་དཔོན་གྱིས་བསམས་སོ། །ཡང་ན་མིག་ནི་ཀུན་འགྲོ་མིན། །གཟུགས་དམིགས་འགྱུར་བའི་རྒྱུ་ཡིན་ཕྱིར། །དཔེར ་ན་གཟུགས་བཞིན་དེ་བཞིན་ནོ། ཞེས་བྱ་བ་ནི་ཡང་ན་མིག་ནི་ཀུན་ཏུ་འགྲོ་བ་མ་ཡིན་ཏེ། གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་གཟུགས་བཞིན་ནོ། །ཇི་ལྟར་མིག་ནི་གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པ་དེ་བཞིན་དུ་གཟུགས ་དམིགས་པར་འགྱུར་བའི་རྒྱུ་ཡིན་པས། དཔེར་ན་གཟུགས་ནི་གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཀུན་ཏུ་འགྲོ་བ་མ་ཡིན་པ་དེ་བཞིན་དུ་མིག་ཀྱང་གཟུགས་དམིགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཀུན་ཏུ་འགྲོ་བ་མ་ཡིན་ནོ་ཞེས་བྱ ་བའི་ཐ་ཚིག་གོ་།ཁ་ཅིག་ན་རེ་མིག་ནི་མེའི་རང་བཞིན་ཡིན་ཏེ། གསལ་བ་ཆེས་ཆེན་པོ་དག་གིས་ཟིལ་གྱིས་གནོན་པའི་ཕྱིར་མར་མེ་བཞིན་ནོ། ཞེས་ཟེར་བ་དེ་ཡང་བཟང་བོ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། མིག་ནི་མེ་དང་ལྡན་མ་ཡིན། །དབང ་པོ་ཡིན་ཕྱིར་པགས་སོགས་བཞིན། ཞེས་བྱ་བ་སྨྲས་སོ། །ཁ་ཅིག་མིག་ནི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་ཡིན་ཡང་མེ་ཤས་ཆེ་བ་ཡིན་ནོ་སྙམ་དུ་སེམས་དཔའ་དེ་དག་ལ་ཡང། འབྱུང་ཆེན་དང་སོགས་བདག་ཉིད་ནི། །མེ་ཤས་ཆེ་བ་མ ་ཡིན་ནོ། ཞེས་བྱ་བ་སྨྲས་ཏེ། མིག་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་གཟུགས་དང་བ་ལ་སོགས་པའི་བདག་ཉིད་ཅན་ནི་མེ་ཤས་ཆེ་བ་མ་ཡིན་ཏེ། དབང་པོ་ཡིན་པའི་ཕྱིར་ལུས་ཀྱི་དབང་པོ་ལ་སོགས་པ་བཞི་ནོ་ཞེས་བྱ་བར་བསམ་སོ། །གྲངས་ཅན ་དག་ཡིད་མ་གཏོགས་པའི་དབང་པོ་ལྔ་པོ་དག་ནི་ཡུལ་དང་ཕྲད་ནས་འཛིན་པར་འདོད་དེ། འདི་ལྟར་མིག་ལ་སོགས་པའི་འཇུགཔ་ནི་གནས་ནས་ཕྱི་རོལ་ཏུ་འཕོས་ནས་ཡུལ་འཛིན་པར་བྱེད་དོ་ཞེས་ཟེར་བ་དགག་པའི་ཕྱིར། མིག་ནི་ཡུལ་དང་ཕྲད་མ་ཡིན།། ་དབང་པོ་ཡིན་ཕྱིར་ཡིད་བཞིན་དང། །རྒྱུན་ཕྱིར་རྒྱུ་དང་ལྡན་པའི་ཕྱིར། །ཡང་ན་གཟུགས་ལ་སོགས་པ་བཞིན། ཞེས་བྱ་བ་སྨྲས་སོ། །ཆོས་མངོན་པ་བདག་ན་རེ་།མིག་དང་རྣ་བ་དང་ཡིད་ནི་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ་འདི་ལྟར་མིག་དང་རྣ་བ་ནི་ཐག་རིང ་པོས་བསྐལ་པའི་གཟུགས་དང་སྒྲ་ཡང་འཛིན་ལ་ཡིད་ཀྱང་འདས་པ་དང་མ་འོངས་པ་དང་ཐག་རིང་བ་དང་ཉེ་བའི་དོན་རྣམས་ལ་ཐོགས་པ་མེད་པར་འཛིན་པའི་ཕྱིར་རོ། །སྣ་དང་ལྕེ་དང་ལུས་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་དེ ་དག་ནི་ཡུལ་ཕྲད་པ་ཁོ་ན་འཛིན་པར་བྱེད་དོ་ཞེས་ཟེར་བ་དེ་དག་གི་འདོད་པ་བསལ་བའི་ཕྱིར། སྣ་ཚོགས་ཡུལ་ཕྲད་འཛིན་མི་འདོད། །ཕྱི་དོན་མངོན་སུམ་འཛིན་ཕྱིར་དང། །འདས་དང་མ་འོངས་མི་འཛིན་ཕྱིར། །དཔེར་ན་མིག་གི་དབང་པོ་བཞིན།། ་ཞེས་བྱ་བ་སྨྲས་ཏེ། སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་དག་ནི་ཡུལ་ཕྲད་བ་འཛིན་པར་མི་འདོད་དེ། ཕྱི་རོལ་གྱི་དོན་མངོན་སུམ་དུ་འཛིན་པའི་ཕྱིར་དང། འདས་པ་དང་མ་འོངས་པ་མིང་འཛིན་པའི་ཕྱིར་དཔེར་ན་མིག་གི་དབང་པོ་བཞིན་ཏེ། ཇི་ལྟར་སྣ་དང ་ལྕེ་དང་ལུས་ཀྱི་དབང་པོ་དག་ནི་ཕྱི་རོལ་གྱི་དོན་མངོན་སུམ་དུ་གྱུར་པ་དག་འཛིན་པ་དང། འདས་པ་དང་མ་འོངས་པ་དག་མི་འཛིན་པ་བཞིན་དུ་མིག་གི་དབང་པོ་ཡང་དེ་བཞིན་ཏེ། མིག་གི་དབང་པོ་ཇི་ལྟ་བ་བཞིན་དུ་།དེ་དག་ཀྱང་ཡུལ་ཕྲད་པ ་འཛིན་པ་མ་ཡིན་ནོ། །ལུས་ཀྱི་དབང་པོ་ལ་སོགས་པས་མ་ངེས་པའི་སྐྱོན་བསལ་བའི་ཕྱིར། བསྒྲུབ་དང་འདྲ་བར་བཀག་པའི་ཕྱིར། །ལུས་ལ་སོགས་པ་མ་ངེས་མིན། ཞེས་བྱ་བ་སྨྲས་སོ། །དེ་བཞིན་དུ་མིག་རྣ་ཡིད་ཀྱི་མཚན་ཉིད་གསུམ། །ཡུལ ་དང་མ་ཕྲད་འཛིན་མ་ཡིན། ཞེས་བྱ་བ་ནི་དབང་པོ་ཡིན་པའི་ཕྱིར་དང། །སེམས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་སྣ་ལ་སོགས་པ་བཞིན་ནོ། །ལྟ་བ་ཇི་ལྟར་རྒྱས་བཤད་པས། །ཉན་དང་སྣོམ་དང་མྱང་བ་དང། །ལུས་ཀྱི་དབང་པོ་གསལ་བ ་དག། ངེས་པར་ཁོང་དུ་ཆུད་པར་བྱ། ཞེས་བྱ་བ་ནི་ཇི་ལྟར་བལྟ་བ་དང་བལྟ་བའི་བློ་དང་བལྟ་བའི་སྒྱང?་མི?་དག་དང་བལྟ་བ་པོ་དང་ཡིད་ལ་ཡོད་པར་མི་རིགས་པ་དེ་བཞིན་དུ་ཉན་པ་ལ་སོགས་པ་དང། དེ་དག་གི་བློ་དང་དེ་དག་གི་སྒྲ་ཡང་དེ་དག་གི ་དབང་པོ་དང། བདག་དང?་ཡིད་ལ་ཡོད་པར་མི་རིགས་པར་དགག་པ་མཚུངས་པར་ཁོང་དུ་ཆུད་པར་བྱའོ། །སྒྲ་དང་དྲི་དང་རོ་དང་རེག་།དགག་པའི་ཚུལ་ཡང་དེ་ཡིན་ཏེ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། ཞེས་བྱ་བ་ནི་ཇི་ལྟར་གཟུགས་མིག་དང ་བལྟ་བ་པོ་དང་ཡིད་ཀྱི་ཡུལ་ཡིན་པར་མི་རིགས་པ་དང། གཟུགས་ཀྱི་བློ་དང་སྒྲ་ཡང་དེ་དག་ལ་ཡོད་པར་མི་རིགས་པ་དེ་བཞིན་དུ་སྒྲ་ལ་སོགས་པ་ཡད་རྣ་བ་ལ་སོགས་པའི་དབང་པོ་དང། བདག་དང་ཡིད་ཀྱི་ཡུལ་ཡིན་པར་མི་རིགས་པ་དང། སྒྲ་ལ་སོགས་པའི་བློ་དང ་སྒྲ་ཡང་དེ་དག་ལ་ཡོད་བར་མི་རིགས་པར་དགག་པ་མཚུངས་པར་མཁས་པས་ཕྱོགས་སུ་ལྷུད་པ་མེད་པའི་བློ་དག་གིས་ཅི་རིགས་པར་ཤེས་པར་བྱའོ། །དེ་ལྟར་རེ་ཞིག་གཟུགས་ཀྱི་ཕུང་པོ་བརྟགས་ནས་ཚོར་བའི་ཕུང་པོ་ཡང་བརྟག་པར་བྱ་སྟེ། ཚོར་བ་དོན་དམ ་ཉིད་དུ་ན། །མྱོང་བའི་བདག་ཉིད་ཡིན་མི་རིགས། རྣམ་ཤེས་མཚུངས་པར་ལྡན་པའི་ཕྱིར། །དེ་ལས་གཞན་པའི་སེམས་བྱུང་བཞིན། ཞེས་བྱ་བ་ནི་ཕ་རོལ་པོ་དག་ཚོར་བའི་མཚན་ཉིད་ནི་དབང་པོ་དང་ཡུལ་དང། རྣམ་པར་ཤེས་པ་གསུམ་འདུས་པའི་རེག ་པ་མྱོང་བ་ཡིན་ལ། དེ་ཡང་མྱོང་བའི་བྱེ་དྲག་ལས་རྣམ་པ་གསུམ་དུ་འདོད་དོ། །ཚོར་བ་དེ་དོན་དམ་པ་ཉིད་དུ་ན་མྱོང་བའི་བདག་ཉིད་ཡིན་པར་མི་རིགས་ཏེ། རྣམ་པར་ཤེས་པ་དང་མཚུངས་པར་ལྡན་བའི་ཕྱིར་དེ་ལས་གཞན་པའི་སེམས་ལས་བྱུང་བ་བཞིན་ནོ། ། ་ཞེས་བྱ་བར་ཚད་མ་ཉེ་བར་སྦྱར་རོ། །དེ་ནི་རིག་པ་དང་མི་ལྡན་པ་མ་ཡིན་ཏེ། གང་གི་ཕྱིར་བསམ་གཏན་བཞི་ལ་སྙོམས་པར་ཞུགས་པའི་གནས་སྐབས་ན་ཡང་རེ་ཞིག་བདེ་བ་དང་སྡུག་བསྔལ་དག་སྤངས་པ་ཡིན་ན། ཚར?་བ་ཐམས་ཅད་འགགས་པའི་མྱ་ངན ་ལས་འདས་པའི་གནས་སྐབས་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ་ཏིང་ངེ་འཛིན་དེ་ནི་ཚོར་བ་མེད་པ་དང། རྣམ་པར་རིག་པའི་ས་བོན་མེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཚོར་བའི་ཁྱད་པར་དག་ཀྱང་དགག་པའི་ཕྱིར། བདེ་བ་ཕན་འདོགས་མི་འདོད་དེ། ། ་རེག་ལས་བྱུང་ཕྱིར་དེ་གཞན་བཞིན། །སྡུག་བསྔལ་གནོད་པའི་བདག་ཉིད་མིན། །གཏན་ཚིགས་བསྟན་པས་ཤེས་པར་བྱ། །ཞེས་བྱ་བ་སྨྲས་ཏེ་བདེ་བ་ནི་ཕན་འདོགས་པའི་མཚན་ཉིད་ཡིན་ལ་སྡུག་བསྔལ་ནི་གནོད་པའི་མཚན་ཉིད་ཡིན། སྡུག ་བསྔལ་སྔ་མ་ཡིན་བདེ་བ་ཡང་མ་ཡིན་པ་ཉིད་ནི་གཉི་གའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་ངོ་བོ་ཉིད་མ་ཡིན་ཏེ། རེག་པ་ལས་བྱུང་བའི་ཕྱིར་དེ་ལས་གཞན་པའི་ཚོར་བ་བཞིན་ཏེ། གང་གི་ཕྱིར་།གཅིག་ཏུ་བདེ་བ་ཉིད་ནི་འགའ་ཡང་མེད་ལ ་གཅིག་ཏུ་སྡུག་བསྔལ་བ་ཉིད་ཀྱང་འགའ་ཡང་མེད་ཅིང་གཉི་གའི་བདག་ཉིད་ཀྱང་གང་ན་ཡང་མི་སྣང་བའི་ཕྱིར་རོ། །འོ་ན་སྲེད་པ་ཟད་པ་གཏན་དུ་བདེ་བ་མ་ཡིན་ནམ་ཞེ་ན། གནས་སྐབས་དེ་ནི་རྣམ་པར་རྟོག་པ་མེད་པ་མྱོང་བ་ཐམས་ཅད་དང་བྲལ་བ་ངོ་བ ་ཉིད་གང་གིས་ཀྱང་ཐ་སྙད་གདགས་པར་བྱ་བ་མ་ཡིན་ནོ། །དེ་ལ་བདེ་བ་ཉེ་བར་གདགས་པ་ནི་འཁོར་བ་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་ཉེས་པ་མེད་དོ། །སྡུག་མིན་བདེ་མིན་མི་འདོད་དེ། །འབྲས་བུ་སྲེད་ཕྱིར་གཞན་བཞིན་ནོ། ཞེས་བྱ ་བའི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་བའི་ཚོར་བ་ཡང་དེའི་ངོ་བོ་ཉིད་ཡིན་པར་མི་འདོད་དེ། དེའི་འབྲས་བུ་སྲེད་པ་ཡིན་པའི་ཕྱིར་དེའི་ལས་གཞན་བཞིན་ནོ་ཞེས་དཔེ་ཉེ་བར་བཞག་གོ་།གང་གི་འབྲས་བུ་སྲེད་པ་ཡིན་པ་དེ་ནི་འབྲས་བུ་སྲེད་པ་ཡོང ་པ་ཡིན་ཏེ། ཚོར་བ་ཐམས་ཅད་ཀྱི་འབྲས་བུ་ནི་སྲེད་པ་ཡིན་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བའི་ཚུལ་གྱིས་སེམས་ཡོད་པས་ཚོར་བ་དག་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེའི་ཕྱིར་རྣམ་ཤེས་ངོ་བོ་ཉིད་ཀྱང་ནི། །དགག་པ་སྨྲ་བར་འདོད ་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། རྣམ་པར་ཤེས་པའི་ངོ་བོ་ཉིད་དགག་པར་ཡང་འོག་ལས་སྨྲ་བར་འདོད་པའི་ཕྱིར་ཚོར་བ་རྣམ་གསུམ་ནི་དོན་དམ་པ་མ་ཡིན་ཏེ། སེམས་བཀག་པ་ན་སེམས་ལས་བྱུང་བ་དག་དགག་པ་བྱས་པ་ཡང་ཁོང་དུ་ཆུད་པར་འགྱུར ་ཏེ། ཕ་རོལ་གྱི་རྒྱལ་པོ་?་དེའི་དམག་ཀྱང་ཕམ་པར་མངོན་པ་བཞིན་ནོ། །འདུ་ཤེས་འདུ་བྱེད་རྣམ་གཉིས་དག་།དེས་ནི་རྣམ་པར་བཤད་གྱུར་ཏེ། མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། ཞེས་བྱ་བ་ནི་འདུ་ཤེས་དང་འདུ་བྱེད་ཀྱི ་ཕུང་པོ་དག་དགག་པ་ཡང་ཚོར་བ་བཀག་པ་དེས་དེ་དང་འདྲ་བར་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་ན། འདུ་ཤེས་ཀྱང་ངོ་བོ་ཉིད་མེད་པ་ཡིན་ཏེ། ཡོངས་སུ་གཅོད་པའི་རྣམ་པར་འཇུག་པའི་སྨིག་རྒྱུ་དང་གྲོང་ཁྱེར་དང། སྐྱེད་མོས་ཚལ་གྱི་འདུ་ཤེས ་བཞིན་ནོ། །དེ་བཞིན་དུ་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམ་པ་གཉིས་དག་ཀྱང་དོན་དམ་པ་མ་ཡིན་ཏེ། འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ཆུ་ཤིང་གི་ཕུང་པོ་བཞིན་ནོ། །རྣམ་ཤེས་དོན་དམ་ཉིད་དུ་ན། །དངོས་པོ་རྣམ་རིག་དངོས་ཉིད་མིན།། ་དམིགས་དང་བཅས་ཕྱིར་འདུ་ཤེས་བཞིན། །ཡང་ན་འཇིག་ཕྱིར་མར་མེ་བཞིན། ཞེས་བྱ་བ་ནི་རྣམ་པར་ཤེས་པ་དོན་དམ་ཉིད་དུ་ན་དངོས་པོ་སོ་སོར་རྣམ་པར་རིག་པའི་དངོས་པོ་ཉིད་མ་ཡིན་ཏེ། དམིགས་པ་དང་བཅས་པའི་ཕྱིར་དཔེར་ན་འདུ་ཤེས་བཞིན ་ནམ། ཡང་ན་འཇིག་བའི་ཕྱིར་མར་མེ་བཞིན་ནོ། །དངོས་པོ་ཞེས་བྱ་བ་ནི་དེ་དངོས་སུ་འདུག་པའི་ཕྱིར་དངོས་པོའི་ཡང་ན་འདི་ལ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་གནས་པའི་ཕྱིར་དངོས་པོ་སྟེ། གཟུགས་ལ་སོགས་པ་དག་གོ། དེ་སོ་སོར་རྣམ་པར ་རིག་པ་ནི་རྣམ་པར་རྟོག་པ་མེད་པའི་སྒོ་ནས་རང་གི་ངོ་བོ་ཡོངས་སུ་ཤེས་པ་སྟེ། རྣམ་པར་ཤེས་པ་ནི་དེའི་ངོ་བོ་ཉིད་མ་ཡིན་ནོ། །ཕུང་པོ་བཀག་པ་དང་འདྲ་བར་ཁམས་དང་སྐྱེ་མཆེད་དག་ཀྱང་བསྟན་པའི་ཕྱིར། ཕུང་པོ་ལྔ་པོ་རྣམ་དཔྱད་པའི། །སྒྲུབ་པ་ཇི་སྐད ་བསྟན་པ་དེས། །ཕུང་པོ་རྣམས་ཀྱི་ཁམས་ཤེས་བྱ། །སྐྱེ་མཆེད་རྣམས་ཀྱང་ཤེས་པར་བྱ། ཞེས་བྱ་བ་ལ་ཁམས་ནི་བཅོ་བརྒྱད་དེ། དབང་པོ་དྲུག་དང་ཡུལ་དྲུག་དང་རྣམ་པར་ཤེས་པ་དྲུག་བོ་དག་གོ་།སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་ལ་སོགས་པ ་དྲུག་དང། གཟུགས་ལ་སོགས་པ་དྲུག་གི་བྱེ་བྲག་ལས་སོ། །དེ་དག་ཀྱང་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཚོགས་པ་ལ་མ་གཏོགས་པར་ཇི་ལྟར་དམིགས་སུ་མེད་པ་དེ་ལྟར་སྔར་བསྟན་པ་བཞིན་ནོ། །ཀུན་རྫོབ་ཏུ་གདགས་པའི་དངོས ་པོ་ཙམ་དུ་ནི་ཡོད་དེ། བདེ་བར་གཤེགས་པས་ཇི་སྐད་དུ། སྲིད་གསུམ་བཏགས་པ་ཉིད་ཙམ་སྟེ། །དངོས་པོའི་ངོ་བོར་ཡིད་མ་ཡིན། །བཏགས་ལ་དངོས་པོའི་དངོས་ཉིད་དུ། །ངན་རྟོག་རྣམས་ནི་རྟོག་པར་བྱེད། ཅེས་གསུངས་པ་དང་དེ་བཞིན་དུ། གཟུཌ ་ནི་དབུ་བ་རྔོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་པ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ཉིད་གཟིགས་པས་བཀའ་སྩལ་ཏོ། ཞེས་གསུངས་པ་ལྟ་བུའོ། །འདིར་སྨྲས་པ། ཕུང་པོ ་དང་སྐྱེ་མཆེད་དང་ཁམས་རྣམས་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་ལྡན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ཨི ་མེ་ཏོག་བཞིན་ནོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པ་ཡོད་དེ། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། འདི་ལྟ་སྟེ། སྐྱེ་བ་དང་གནས་པ་དང་འཇིག་པའོ་ཞེས་གསུངས ་པའི་ཕྱིར་རོ། །དེའི་ཕྱིར་འདུས་བྱས་ཕུང་པོ་དང། སྐྱེ་མཆེད་དང་ཁམས་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། འདིར་བཤད་པ། ཇི་ལྟར་སྐྱེ་བ་ལ་སོགས་པ་དེ་དག་འདུས་བྱས་ཡིན་ནམ་འོན་ཏེ་འདུས་མ་བྱས་ཡིན། དེ་ལ་གལ་ཏེ་འདུས ་བྱས་ཡིན་ན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གཞན་པའི་སྐྱེ་བར་བྱེད་པ་དང། གནས་པར་བྱེད་པ་དང། འཇིག་པར་བྱེད་པ་ཡོད་པའི་དཔེ་མེད་དོ། །སྐྱེ་བའི་སྐྱེ་བ་དང། གནས་པའི་གནས་པ་དང། འཇིག་པའི་འཇིག་པ་ཞེས་བྱ་བའི་དོན ་ལ་ཡང་སྐུར་པ་འདེབས་པ་ཡིན་ལ། སྐྱེ་བ་ནི་འདུས་བྱས་ཐམས་ཅད་ཀྱི་མཚན་ཉིད་མ་ཡིན་ཏེ། སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་ཕ་བུའི་མཚན་ཉིད་མ་ཡིན་པ་བཞིན་ནོ། །གནས་པར་བྱེད་པ་ཡང་གནས་པའི་མཚན་ཉིད་མ་ཡིན་ཏེ། དཔེར་ན ་བུམ་པ་གནས་པར་བྱེད་པའི་བྲན་མོ་བུམ་པའི་མཚན་ཉིད་མ་ཡིན་པ་བཞིན་ནོ། །འཇིག་པ་ཡང་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་ཏེ། འཇིག་པར་བྱེད་པ་ཡིན་པའི་ཕྱིར་དཔེར་ན་བུམ་པ་འཇིག་པར་བྱེད་པའི་ཐོ་བ་བུམ་པའི་མཚན་ཉིད་མ ་ཡིན་པ་བཞིན་ནོ། ཞེས་སྨྲ་བར་ནུས་སོ། །གལ་ཏེ་སྐྱེ་བ་ལ་སོགས་པ་དེ་དག་འདུས་མ་བྱས་ཡིན་ན་ནི། དེ་དག་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་ཏེ། འདི་ལྟར་ནམ་མཁའ་ནི་འདུས་བྱས་གང་གི་མཚན་ཉིད་ཡིན་པར་ཡང་མ་མཐོང་ངོ། གཞན ་ཡང་སྐྱེ་བ་ལ་སོགས་པ་འདུས་པ་འདུས་བྱས་ཀྱི་མཚན་ཉིད་དུ་འགྱུར་བ་ཞིག་ཡིན་ཏེ། དཔར་ན་མདོ་སྡེ་པ་དག་ན་རེ་རྒྱུ་དང་རྐྱེན་སོ་སོར་ངེས་པའི་མཐུ་བསྐྱེད་པ་ལས་བྱུང་བའི་རྒྱུན་ལ་དུས་ཅིག་ཁོ་ནར་གང་མ་བྱུང་བ་ལS་བྱུང་བདེ་ནི་སྐྱེ་བ་ཡིན་ལ། སྐད་ཅིག་མ་ཉིད ་ཀྱི་རྒྱུན་གྱིས་གནས་པ་ནི་གནས་པ་ཡིན་ལ། སྐད་ཅིག་མ་སྔ་མ་དང་མི་འདྲ་བར་རྒས་ཤིང་བྲལ་བ་ནི་འཇིག་པ་ཡིན་ནོ། ཞེས་ཟེར་པ་ལྟ་བུ་ཞིག་ཡིན་ནམ། འོན་ཏེ་སྐྱེ་བ་ལ་སོགས་པ་སོ་སོ་བ་དག་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་འགྱུར་ཏེ། དཔེར ་ན་བྱེ་བྲག་ཏུ་སྨྲ་བ་དག་ན་རེ་སྔོན་མ་བྱུང་བ་ལས་བྱུང་བ་ནི་སྐྱེ་བ་ཡིན་ལ། སྐྱེས་པའི་གནས་པ་ནི་གནས་པ་ཡིན། གནས་པ་ལས་གཞན་དུ་འགྱུར་བ་རྒ་བ་དང་རྙིངས་པ་དང་འགག་པ་ནི་འཇིག་པ་ཡིན་ནོ། ཞེས་ཟེར་བ་ལྟ་བུ་ཞིག་ཡིན་གྲང་ན། དེ་ལ་རེ ་ཞིག་འདུས་པ་རྣམས་ནི་དུས་གཅིག་ཏུ་སྐྱེ་བ་ལ་སོགས་པ་དག་མི་སྲིད་དེ། རིམ་གྱིས་འབྱུང་བའི་ཕྱིར་དང་མཚན་ཉིད་མི་འདྲ་བའི་ཕྱིར་དང། མི་མཐུན་པའི་ཕྱིར་རོ། །སོ་སོ་བདག་ཀྱང་མི་སྲིད་དེ། ཇི་ལྟར་ཞེ་ན། འདི་ལྟར་དངོས་པོ་མ་སྐྱེས་པ་ལས་ནི ་གནས་པ་དང་འཇིག་པ་གཉིས་མེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མེད་ལ། དངོས་པོ་གནས་པ་ལ་ནི་སྐྱེ་བ་དང་འཇིག་པ་གཉིས་མེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མེད་དོ། །དངོས་པོ་ཞིག་པ་ནི་སྐྱེ་བ་དང་གནས་པ་གཉིས་མེད་པའི་ཕྱིར་འདུས ་བྱས་ཀྱི་མཚན་ཉིད་མེད་དོ། །སྐྱེ་བ་ལ་ཡང་སྐྱེ་བ་མེད་པ་དང་གནས་པ་ལ་ཡང་གནས་པ་མེད་པ་དང། འཇིག་པ་ལ་ཡང་འཇིག་པ་མེད་པའི་ཕྱིར། དེ་དག་ལ་འདུས་བྱས་ཀྱི་མཚན་ཉིད་མེད་པས་སྐྱེ་བ་ལ་སོགས་པ་སོ་སོ་བ་དག་གིས་ཀྱང་འདུས་བྱས་ཀྱི་མཚན ་ཉིད་བྱ་བར་མི་ནུས་སོ། །དེ་ལྟར་དེ་དག་སེམས་ཀྱི་མདུན་དུ་བཞག་ནས་བཤད་པ། སྐྱེ་སོགས་འདུས་བྱས་ཉིད་ཀྱིས་ནི། །མཚན་ཉིད་མཚན་གཞིའི་ཉིད་མི་རིགས། །འདུས་བྱས་ཡིན་ཕྱིར་རྟོག་བྱའི་ཕྱིར། །དེ་ལས་གཞན་པ་ཉིད་བཞིན་ནོ། ཞེས་བྱ་བ་ནི ་སྐྱེ་བ་ལ་སོགས་པ་དེ་དག་ནི་འདུས་བྱས་ཉིད་ཀྱི་མཚན་ཉིད་དུ་གྱུར་པས་ཕུང་པོ་ལ་སོགས་པ་མཚན་གཞིའི་མཚན་ཉིད་ཡིན་པར་མི་རིགས་ཏེ། འདུས་བྱས་ཡིན་པའི་ཕྱིར་དང་རྟོག་པར་བྱ་བ་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་མཚན་ཉིད་དེ་ལས་གཞན ་པའི་མཚན་གཞི་ཉིད་བཞིན་ནོ། ཞེས་བྱ་བར་བསམས་སོ། དེའི་ཕྱིར། སྐར་མ་རབ་རིབ་མར་མེ་དང། །སྒྱུ་མ་ཟིལ་པ་ཆུ་བུར་དང། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། ཞེས་གསུངས་པ་དེ་དག་གྲུབ་པ་ཡིན ་ནོ། །གང་དག་དངོས་པོ་རྣམས་ནི་ངོ་བོ་ཡོད་པ་ཁོ་ན་ཡིན་ཏེ། མཚན་ཉིད་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་ཡོད་པ་མ་ཡིན་པ་དག་ལ་ནི་མཚན་ཉིད་ཀྱང་མེད་དོ་ཞེས་ཟེར་བ་དེ་དག་ཀྱང་མ་གྲུབ་སྟེ། དངོས་རྣམས་མཚན་ཉིད་ཡོད ་པའི་ཕྱིར། །ངོ་བོ་ཉིད་ཡོད་ཉིད་མི་འདོད། ཅེས་སྨྲས་ཏེ། ངོ་བོ་ཉིད་ཡོད་ཉིད་ཅེས་བྱ་བ་ནི་ངོ་བོ་ཉིད་དང་བཅས་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་གཏན་ཚིགས་དོན་མ་གྲུབ། །དོན་འགལ་ཉིད་དཱུང་གྱུར་པ་ཡིན། ཞེས་བྱ་བ་ནི་གང་གི་ཕྱིར ་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་སྔར་བསྟན་པ་དེའི་ཕྱིར་ཕ་རོལ་པོ་དག་གི་གཏན་ཚིགས་མཚན་ཉིད་དང་ལྡན་པའི་ཕྱིར་ཞེས་བྱ་བ་དེའི་དོན་དབུ་མ་པ་ལ་མ་གྲུབ་སྟེ། ཆོས་ཐམས་ཅད་མཚན་ཉིད་མེད་པའི་ཕྱིར་རོ། །གཏན་ཚིགས་དེའི་དོན་འགལ་བ་ཉི་དཱུང ་གྱུར་པ་ཡིན་ཏེ་ས་ལ་སོགས་པ་ངོ་བོ་ཉིད་མེད་པ་དག་སྒྲུབ་པ་ལ་མཚན་ཉིད་ཡོད་པར་མཐོང་བའི་ཕྱིར་རོ། ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་མཚན་ཉིད་མེད་པ་དེ་ལྟར་འདི་བཤད་དེ། ས་ཡི་མཚན་ཉིད་ས་ཉིད ་ཀྱིས། །སྲ་བ་ཉིད་དུ་མཚོན་མི་རིགས། །ལུས་ཀྱི་རྣམ་ཤེས་རྒྱུ་ཡིན་ཕྱིར། །མེ་ཉིད་ཀྱིས་ནི་མི་རིགས་བཞིན། ཞེས་བྱ་བ་ནི་གཅིག་པ་ཉིད་འགོག་སྟེ། སའི་མཚན་ཉིད་ནི་ས་ཉིད་ཀྱི་སྲ་བ་ཉིད་དུ་མཚོན་པར་མི་རིགས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བའི ་རྒྱུ་ཡིན་པའི་ཕྱིར་དཔེར་ན་མེའི་མཚན་ཉིད་མོ་ཉིད་ཀྱིས་ས་ཕ་ཉིད་དུ་མཚོན་པར་མི་རིགས་པ་བཞིན་ནོ། །ས་ཉིད་ཀྱི་ཞེས་བྱ་བ་ནི་འདི་ལྟར་གྱུར་པའི་མཚན་ཉིད་ཀྱི་སྟེ། དཔེར་ན་ཇི་ལྟར་ཁྱོད་ཀྱིས་རིལ་པ་ལས་སློབ་མར་རམ། སློབ་མ་ལས་མཁན་པེར ་མཐོང་ངམ་ཞེས་རིལ་བ་ཐོགས་པའི་སྒོ་ནས་སློབ་མ་ཡིན་པར་མཚོན་པའམ། སློབ་མ་ཁྲིད་པའི་སྒོ་ནས་མཁན་པོ་ཡིན་པར་མཚོན་པ་ལྟ་བུའོ། །འདིར་ནི་ས་ཉིད་ཀྱིས་སའི་མཚན་ཉིད་དེ་དེ་ལྟར་མཚོན་པར་མི་རིགས་ཏེ། གལ་ཏེ་གཅིག་པ་ཉིད་ཡིན ་ན་ས་ཉིད་ལས་ལོགས་ཤིག་ན་གང་གིས་མཚོན་པར་བྱེད་པའི་སྲ་བ་ཉིད་ཅེས་བྱ་བ་ཅི་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་བླང་གི་མཚན་ཉིད་གླང་ཉིད་ཀྱིས། །ནོག་དང་ལྐོག་ཤལ་སོགས་མི་འདོད། །ཁྱད་པར་ཅན་གྱིས་བློས་བརྟག་ཕྱིར། ། ་དཔེར་ན་བོང་བུའི་མཚན་ཉིད་བཞིན། ཞེས་བྱ་བས་ནི་ཐ་དད་པ་ཉིད་འགོག་སྟེ། གླང་གི་མཚན་ཉིད་ནི་གླང་ཉིད་ཀྱི་ནོག་དང་ལྐོག་ཤེལ་ལ་སོགས་པ་ཡིན་པར་མཚོན་པར་མི་འདོད་དེ་ཁྱད་པར་ཅན་གྱིས་བློས་བརྟག་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་བོད?་ ་བུའི་མཚན་ཉིད་བཞིན་ནོ། །གླང་ཉིད་ཀྱིས་བྱ་བ་ནི་གླང་གི་དངོས་པོ་སྟེ། རྟ་ལ་སོགས་པ་རིཌ་མི་མཐུན་པ་དག་གིས་སྟོང་པ་ཉིད་དོ། །གླང་ཉིད་ཅེས་བྱ་བ་དེ་གླང་གི་རྫས་ཀྱིས་འཐུན་པ་ཉིད་ནོག་དང་ལྐོག་ཤལ་དང་མཇུག་མ་དང། རྨིག་པ་དང ་རྭ་ལ་སོགས་པ་ཡིན་པར་མཚོན་པར་མི་འདོད་དེ། གལ་ཏེ་གླང་ཉིད་ཅེས་བྱ་བ་དང་གླང་གི་རྫས་གཉིས་ཐ་དད་པ་ཡིན་ན་ཁྱད་པར་ཅན་གྱིས་བློས་བརྟག་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་གླང་ཉིད་ཀྱིས་བོང་བུའི་མཚན་ཉིད་མཚོན་པར་མི་ནུས་པ་བཞིན་ནོ། །དེ་ལ་རང ་གི་སྡེ་པ་དག་ན་རེ། །མཚན་གཞི་ལས་མཚན་ཉིད་ཐ་དད་པ་མ་ཡིན་ཏེ། དེ་མཚོན་པར་བྱ་བ་ཡིན་པའི་ཕྱིར་ན། སྐྱེས་བུ་ཆེན་པོ་ལས་སྐྱེས་བུ་ཆེན་པོའི་མཚན་རྣམས་ཐ་དད་པ་མ་ཡིན་པ་བཞིན་ནོ། ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། གཅིག ་ན་ཇི་ལྟར་མཚན་ཉིད་ཡིན། དེས་ནི་དེ་ཉིད་མི་མཚོན་ཕྱིར། ཞེས་བྱ་བ་ནི་མཚན་གཞི་དང་མཚན་ཉིད་གཅིག་པ་ཉིད་ཡིན་ན། མཚན་གཞི་ནི་གང་མཚན་ཉིད་གང་ཞེས་ཐ་སྙད་གདགས་པ་ཡང་མེད་དོ། །ཡང་ན་མཚན་གཞི་གཅིག་ཁོ་ནས ་སམ་རྩཝ?་ཚན་ཉིད་གཅིག་ཁོ་ནས་འགྲུབ་པས་གཉིས་སུ་སྨོས་པ་ཟློས་པའི་སྐྱོན་དུ་འགྱུར་རོ། །བྱེ་བྲག་པ་དག་ནི་མཚན་གཞི་དང་མཚན་ཉིད་ཐ་དད་པ་ཉིད་དུ་འདོད་དེ། འདིས་མཚོན་པར་བྱེད་པའི་ཕྱིར་མཚན་ཉིད་དོ་ཞེས་ཟེར་བ་དེ་དག་གི ་ཕྱིར་འདི་བརྗོད་པར་བྱ་སྟེ། གཞན་ན་ཇི་ལྟར་མཚན་ཉིད་ཡིན། །གཞན་གྱི་གཞན་ཉིད་མི་མཚན་ཕྱིར། ཞེས་བྱ་བ་ནི་མཚན་གཞི་དང་མཚན་ཉིད་ཐ་དད་པ་ཉིད་ཡིན་ལ། གལ་ཏེ་གཞན་གྱིས་གཞན་མཚོན་པར་གྱུར་ན་ལྐོག ་ཤལ་ལ་སོགས་པ་དག་གིས་ཀྱང་རྟ་མཚོན་པར་འགྱུར་བ་དང། མཚན་གཞི་མ་སྐྱེས་པ་འམ་ཞིག་པ་ན་ཡང་མཚན་ཉིད་དམིགས་པར་འགྱུར་པས་དེའི་ཕྱིར་དེ་ལྟར་མཚན་གཞི་ལས་མཚན་ཉིད་ཅིག་པ་ཉིད་ཀྱང་མ་ཡིན་ལ་ཐ་དད་པ་ཉིད་ཀྱང ་མ་ཡིན་ནོ། །གཞན་ཡང་འདི་ལ་མཚན་ཉིད་འདི་མཚན་ཉིད་དང་བཅས་པ་ཞིག་གམ་མཚན་ཉིད་མེད་པ་ཞིག་ཡིན་གྲང་ན། གལ་ཏེ་མཚན་ཉིད་དང་བཅས་པ་ཡིན་ན་ནི་དེ་ལ་ཡང་མཚན་ཉིད་གཞན་ཡོད་པར་འགྱུར་ལ། ཡང་དེ་ལ་ཡང་མཚན ་ཉིད་གཞན་ཡོད་པར་འགྱུར་བས་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་མཚན་ཉིད་མེད་པ་ཡིན་ན་ནི། དེ་ལྟ་ན་ཡང་མཚན་ཉིད་གཏན་མེད་པ་ཁོ་ནར་འགྱུར་ཏེ། ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཚན་ཉིད ་ཡོད་པ་མ་ཡིན་པ་ཉིད་གྲུབ་སྟེ། དེ་ལ་འདིར་ཁུངས་ནི་ཤཱ་ར་དྭཱ་ཏིའི་བུ་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པ་སྟེ། གང་ཆོས་གང་གི་མཚན་ཉིད་ཡིན་པ་དེ་ནི་དེའི་མཚན་ཉིད་མ་ཡིན་ཞིང་མཚན་ཉིད་མངོན་པར་འགྲུབ་པའི་ཕྱིར་ཆོས་འགའ་ཡང་ཉེ་བར ་གནས་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ་འཇིག་རྟེན་ནམ་མཁའ་ཨི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད་ཅེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དག་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ ་པ་རྟོག་གེ་འབར་བ། བམ་པོ་ལྔ་པ། །འདིར་སྨྲས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ནི་དོན་དམ་པར་མཚན་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེའི་ཡུལ་ལ་ཐ་སྙད་ཁྱད་པར་ཅན་གྱི་བྱ་བ་ཡོད་པའི་ཕྱིར་རོ། །འདི་ན་གང་མཚན་ཉིད་མེད་པ ་ལ་ནི་དེའི་ཡུལ་ལ་ཐ་སྙད་ཁྱད་པར་ཅན་གྱི་བྱ་བ་མི་སྐྱེ་སྟེ། དཔེར་ན་མོ་གཤམ་གྱི་བུ་ལ་འགྲོ་བ་མེད་པ་བཞིན་ནོ། །ལྷས་བྱིན་ལ་ནི་དེའི་ཡུལ་ལ་འགྲོ་པོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཁྱད་པར་ཅན་གྱི་བྱ་བ་ཡོད་པས་དེའི་ཕྱིར་དངོས་པོ་རྣམས་ལ་མཚན ་ཉིད་ཡོད་པ་ཁོ་ནའོ་ཞེ་ན། འདིར་བཤད་པ། གལ་ཏེ་མ་བརྟགས་ན་གྲགས་པས་འཇིག་རྟེན་གྱི་དབང་དུ་འགྲོ་བ་ལ་སོགས་པའི་ཐ་སྙད་ཡོད་པར་འདོད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་རྣལ་འབྱོར་པ་མཉམ་པར་བཞག་པ་ཤེས་རབ་ཀྱི་དངོས ་པོའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱོད་པ་དག་ལ་དོན་དམ་པར་འགྲོ་བ་ལ་སོཌ་པར་ཡོད་པར་འདོད་ན་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་དོན་དམ་པར་དེའི་ཡུལ་ལ་གཏན་ཚིགས་ཁྱད་པར་ཅན་གྱི་ཐ་སྙད་ཡོད་པར་མི་འཐད་པའི? ་ཕྱིར་རོ། །ཇི་ལྟར་ཞ་ན། གལ་ཏེ་འགྲོ་བ་དོན་དམ་པར་ཡོད་པར་གྱུར་ན་ངེ་སོང་བ་འམ་མ་སོང་བའམ་བསྒོམ་པའི་ལམ་ལ་ཡོད་པར་འགྱུར་གྲང་སྟེ། དེ་ལ་རེ་ཞིག་བྱེ་བྲག་ཏུ་སྨྲ་བ་དང། བྱེ་བྲག་པ་དག་མ་སོང་བ་ལ་འགྲོ་པ་ཡོད་པར་འདོད་པ་དེ་དག་དགག་པའི ་ཕྱིར་བཤེད་པ། མ་སོང་བ་ལ་དོན་དམ་དུ། །འགྲོ་བ་ཡོད་པར་མི་འདོད་དེ། །ལམ་ཡིན་ཕྱིར་དང་འགྲོ་མེད་ཕྱིར། །དཔེར་ན་མ་འོངས་ལམ་བཞིན་ནོ། ཞེས་བྱ་བ་ནི་འགྲོ་བའི་བྱ་བ་མངོན་པར་མ་གྲུབ་བོ། ཞེས་བྱ་བའི་ཚིག་གི་ལྷག་མའོ། །གྲངས ་ཅན་དག་ཀྱང་རྡུལ་གྱི་ཆས་ཆེ་བའི་བྱ་བ་བྱེད་པའི་ཚོགས་ཀྱི་འཇུག་པ་མངོན་པར་གསལ་བའི་ཚེ་ན་མ་སོང་བ་ལ་འགྲོ་བ་ཡོང་པར་འདོད་དེ། དེ་དག་གི་མངོན་པར་གསལ་བ་བཀག་པས་འགྲོ་བ་ཡང་མི་འགྲུབ་པའི་ཕྱིར་རྟོག་པ་ཙམ་དུ་ཟད་དོ། །འདིར་སྨྲས ་པ། མ་སོང་བ་ལ་ནི་འགྲོ་བ་མེད་དེ་ངེར་འགྲོ་བའི་བྱ་བ་མ་ཞུགས་པའི་ཕྱིར་རོ། །སོང་བ་ལ་ཡང་འགྲོ་བ་མེད་དེ། འགྲོ་བའི་བྱ་བ་ཞིག་པའི་ཕྱིར་རོ། །འགོམ་པ་ལ་ནི་རྐང་པ་གཉིས་འཇོག་པ་དང། འདེགས་པའི་མཚན་ཉིད་ཀྱི་བྱ་བ་འཇུག་པའི་ཕྱིར ་དེ་ལ་ནི་འགྲོ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། འདིར་བཤད་པ། བགོམ་ལ་དོན་དམ་ཉིད་དུ་ན། །འགྲོ་བ་ཡོད་པ་མ་ཡིན་ཏེ། །སོང་དང་མ་སོང་མ་གཏོགས་པ་བགོམ་པ་རྟག་ཏུ་མེད་ཕྱིར་རོ། ཞེས་བྱ་བ་འདི་ལ་བགོམ་པ་ཞེས་བྱ་བ་དེ་ནི་སོང་བ་འམ ་མ་སོང་བ་འམ། གང་ཅུང་ཟད་ནི་མ་སོང་བཞིག་ཡིན་གྲང་ན། གཉི་གའི་དོན་ཡང་བསྟན་ཟིན་ཏོ་།འོན་ཏེ་གཉི་གའི་བདག་ཉིད་ཀྱི་བགོམ་པ་ཞིག་ཡོད་པར་འདོད་ན། དེ་ལ་ཡང་གང་ནས་རྐང་པ་བཏེགས་པ་དེ་ནི་སོང་བ་ཡིན་ལ། གང་དུ་རྐང་པ་འཇོག ་པ་དེ་ནི་མ་སོང་བ་ཡིན་པས་དེ་གཉིས་ལས་མ་གཏོགས་པའི་གསུམ་པ་གང་བགོམ་པ་ཞེས་བྱ་བར་གྱུར་པ་དེ་ནི་ཅི་ཡང་མེད་པས་དེའི་ཕྱིར་བགོམ་པ་ལ་ཡང་འགྲོ་བ་ཡོད་པ་མི་འཐད་དོ། །ཅི་སྟེ་བགོམ་པ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པ་སྟེ། དེ ་ནི་སོང་བ་ཉིད་དམ་མ་སོང་བ་ཉིད་དུ་ཐ་སྙད་གདགས་པར་མི་ནུས་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་བཤད་པ། བགོམ་པ་སོང་དང་མ་སོང་བར། །བརྗོད་པ་མིན་ལའང་འགྲོ་མེད་དེ། །ལམ་ཡིན་ཕྱིར་ན་འདས་པ་བཞིན། །ཡང་ན་མ་འོངས་ལམ་བཞིན ་ནོ། ཞེས་བྱ་བ་ནི་གལ་ཏེ་བརྗོད་པར་བྱ་བ་ཡང་མ་ཡིན་ལ་བློའི་སྤྱོད་ཡུལ་དུ་ཡང་ཡོད་པ་མ་ཡིན་ན་ནི་ངེས་དེ་ན་མེད་པ་ཁོ་ན་ཡིན་ནོ། །གལ་ཏེ་ཡོང་ན་ཡང་དེ་ལ་འགྲོ་བ་ཡོད་པར་མི་རིགས་ཏེ། ལམ་ཡིན་པའི་ཕྱིར་དང་འདས་པ་དང་མ་འོངས་པའི ་ལམ་དག་བཞིན་ནོ། །འདིར་སྨྲས་པ། འགྲོ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། ངེས་དེ་དང་ལྡན་པའི་ཐ་སྙད་ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་ངེས་དེ་དང་ལྡན་པའི་ཐ་སྙད་མེད་དེ། རི་བོང་གི་རྭ་ཅན་ཞེས་བྱ་བའི་ཐ་སྙད་མེད་པ་བཞིན་ནོ། ། ་འགྲོ་བ་ཡོད་པ་ལ་ནི་ངེས་དེ་དང་ལྡན་པའི་ཐ་སྙད་ཡོད་དེ། དཔེར་ན་ཙཻ་ཏྲ་འགྲོའོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་འགྲོ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། འདིར་བཤད་པ། ཙཻ་ཏྲ་འགྲོའོ་ཞེས་བྱ་བའི་ཐ་སྙད་གང་ཡིན་པ་དེ་ཡང་དག་པར་ན་འགྲོ་བ་པོའམ། ་འགྲོ་བ་པོ་མ་ཡིན་པ་ཞིག་ལ་བརྟག་གྲང་ན། དེ་ལ་རེ་ཞིག། འགྲོ་བ་གྲུབ་ཕྱིར་འགྲོ་པོ་མེད། །དེ་ཕྱིར་དེ་ནི་འགྲོ་མི་འདོད། ཅེས་བྱ་བ་ནི་གང་གི་ཚེ་སོང་བ་དང་མ་སོང་བ་དང། བགོམ་པའི་ལམ་དག་ལ་འགྲོ་བ་རྣམ་པ་ཐམས་ཅད་དུ་མ་གྲུབ་པའི ་ཕྱིར། འགྲོ་པ་ཡོད་པ་མ་ཡིན་པ་དེའི་ཚེ་འགྲོ་བ་པོ་ཡང་མེད་བཞིན་དུ། ཇི་ལྟར་འགྲོ་བ་ཡོད་པ་ཞིག་གང་དུ་འགྲོ་ན་ཙཻ་ཏྲ་འགྲོ་བ་པོ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་གལ་ཏེ་དེ་འགྲོ་བ་པོའི་ངོ་བོ་ཉིད་ཡིན་པར་གྱུར་ན་ནི་དེ་ནམ་ཡང་འགྲོ་བའི་བྱ་བ་དང་བྲལ ་བར་མ་འགྱུར་རོ། །དེའི་ཕྱིར་འགྲོ་བ་པོ་དེ་ནི་འགྲོ་བར་མི་འདོད་དོ། །ཁ་ཅིག་འགྲོ་བ་པོ་མ་ཡིན་པར་བྱ་བའི་ཤུགས་ཀྱིས་འགྲོ་བར་འདོད་པ་དེ་དག་ལ་ཡང། འགྲོ་པོ་མིན་པར་འགྲོ་མི་རིགས། །འགྲོ་དང་བྲལ་ཕྱིར་སྔོན་བཞིན་ནོ། ཞེས་བྱ་བ་སྨྲས ་ཏེ། ངོ་བོ་ཉིད་ཀྱི་འགྲོ་བ་པོ་མ་ཡིན་པ་ཡང་འགྲོ་བར་མི་རིགས་ཏེ། འགྲོ་བ་དང་བྲལ་བའི་ཕྱིར་དཔེར་ན་སྔོན་དང་ཕྱི་མ་དག་ལ་དེའི་ངོ་བོ་ཉིད་མེད་པའི་ཕྱིར་འགྲོ་བར་མི་རིགས་པ་བཞིན་ནོ། །གཞན་ཡང་གལ་ཏེ་འགྲོ་བ་པོ་མ་ཡིན་ན་ནི་ཇི་ལྟར་འགྲོ་བ་པོ་ཡིན། ་འོན་ཏེ་འགྲོ་བ་པོ་ཡིན་ན་ནི་འོ་ན་དེ་ལྟར་ན་འགྲོ་བ་པོ་མ་ཡིན་ཞེས་བྱ་བར་འགལ་ལོ། །རྣམ་གྲངས་ལས་འགྲོ་བ་པོ་ཡིན་པ་དང། འགྲོ་བ་པོ་མ་ཡིན་པ་ཞིག་འགྲོ་བ་པོ་ཉིད་དུ་ཁས་ལེན་པ་ལ་ནི་འགྲོ་བ་པོ་ཡིན་པ་དང་འགྲོ་བ་པོ་མ་ཡིན་པ་ལས་གཞན་པའི ་གསུམ་པ་ནི་མེད་པས་དེ་ལ་འགྲོ་བ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དེ་ནི་གྱི་ནའོ། །གལ་ཏེ་འགྲོ་བ་ནི་ཡོད་པ་ཁོ་ན་ཡིན་ཏེ། འགྲོ་བ་པོའི་མི་མཐུན་པའི་ཕྱོགས་འདུག་པ་པོ་ཡོད་པའི་ཕྱིར་རོ་ཞེ་ན། འདུག་པ་པོ་དཔྱད་པ་ཡང་དེ་ཉིད་ཡིན་ཏེ། ཅི་འགྲོ་བ ་པོ་འདུག་གམ་འོན་ཏེ་འགྲོ་བ་པོ་མ་ཡིན་པ་འདུག་གྲང་ན་དེ་ལ་རེ་ཞིག་འགྲོ་བ་པོ་ན་མི་འདུག་སྟེ། འགྲོ་བའི་བྱ་བ་དང་བྲལ་བའི་ཕྱིར་རོ། །འགྲོ་བ་པོ་མ་ཡིན་པ་ཡང་མི་འདུག་སྟེ། འགྲོ་བ་དང་བྲལ་བ་ལ་ནི་ཐ་སྙད་དུ་ཡང་འགྲོ་བ་ལས་ལྡོག་པའི་འདུག་པ ་མི་འཐད་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པའི་གསུམ་པ་ནི་མེད་པས་དེའི་ཕྱིར་འགྲོ་བ་པོའི་མི་མཐུན་པའི་ཕྱོགས་འདུག་པ་པོ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་བྱེ་བྲག་བ་དག་གིས་སྨྲས་པ། གང་འགྲོ་བའི་བྱ་བ་མ ་སྐྱེས་པས་མི་འགྲོ་བར་ནི་རིགས་སོ། །འགྲོ་བའི་བྱ་བ་སྐྱེས་པ་ནི་འགྲོ་བར་འགྱུར་ཏེ། གང་གི་ཕྱིར་རྫས་ལས་གཞན་པའི་འགྲོ་བ་ཡོད་པས་དེ་དང་ལྡན་པའི་ཕྱིར་འགྲོ་བ་པོའི་ངོ་བོ་ཉིད་མ་ཡིན་ཡང་འགྲོ་བ་ཁོ་ནར་འགྱུར་ཏེ་རང་གི་བདག་ཉིད་ལས་གཞན་པའི ་འགྲོ་བའི་དངོས་པོ་དང་འབྲེལ་པའི་ཡུལ་ལས་ལྷས་བྱིན་འགྲོ་བ་དང་ལྡན་ནོ་ཞེས་བྱ་བའི་བློ་འབྱུང་སྟེ། བློ་དང་སྒྲ་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་ལྷས་བྱིན་དབྱུག་པ་དང་ལྡན་ནོ་ཞེས་བྱ་བའི་བློ་འབྱུང་བ་ལྟ་བུའོ་ཞེས་སྨྲ་བར་ནུས་སོ་ཞེ་ན། འདིར་བཤད་པ། །རང་ལས་གཞན་པའི ་དོན་འབྲེལ་བ། །འགྲོ་པོ་སྙམ་པའི་བློ་འདི་འདོད། །བློ་དང་སྒྲ་རྗེས་འཇུག་པའི་ཕྱིར། །དབྱུག་ཅན་བཞིན་མིན་རྗེས་འགྲོ་མེད། ཅེས་བྱ་བ་ནི་ཕ་རོལ་པོ་དག་གིས་རང་གི་བདག་ཉིད་ལས་གཞན་པའི་འགྲོ་བའི་དངོས་པོ་དང་འབྲེལ་པའི་ཡུལ་ལ་ལྷས་བྱིན་འགྲོ ་པ་དང་ལྡན་ནོ་ཞེས་བྱ་བའི་བློ་འབྱུང་སྟེ། བློ་དང་སྒྲ་རྗེས་སུ་འཇུག་པའི་ཕྱིར། དཔེར་ན་ལྷ་སྦྱིན་དབྱུག་པ་དང་ལྡན་ནོ་ཞེས་བྱ་བའི་བློ་འབྱུང་བ་ལྟ་བུའོ། ཞེས་སྨྲས་པར་ནུས་སོ་ཞེ་ན། འདིར་བཤད་པ། རང་ལས་གཞན་པའི་དོན་འབྲེལ་ན། །འགྲོའོ་སྙམ ་པའི་བློ་འདི་འདོད། །བློ་དང་སྒྲ་རྗེས་འཇུག་པའི་ཕྱིར། །དབྱུག་ཅན་བཞིན་མིན་རྗེས་འགྲོ་མེད། །ཅེས་བྱ་བ་ནི་ཕ་རོལ་པོ་དག་གིས་རང་གི་བདག་ཉིད་ལས་གཞན་པའི་འགྲོ་བའི་དངོས་པོ་དང་འབྲེལ་པའི་ཡུལ་ལ་ལྷས་བྱིན་འགྲོ་བ་དང་ལྡན་ནོ་ཞེས་བྱ་བའི ་བློ་འབྱུང་སྟེ། བློ་དང་སྒྲ་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་ལྷས་བྱིན་དབྱུག་པ་དང་ལྡན་ནོ་ཞེས་བྱ་བའི་བློ་འབྱུང་བ་ལྟ་བུའོ། །ཞེས་སྨྲས་པའི་ཚིག་དེས། རང་ལས་གཞན་པའི་དོན་དང་འབྲེལ་པ་ལ་འགྲོ་བ་པོ་སྙམ་པའི་བློ་འདི་འབྱུང་བར་འདོད་དེ་བློ་དང ་སྒྲ་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་དབྱུག་པ་ཅན་བཞིན་ནོ་ཞེས་བྱ་བའི་ཚད་མ་ཉེ་བར་བཞག་པ་དེ་ནི་དེ་ལྟར་མིན་ཏེ། ཅིའི་ཕྱིར་ཞེ་ན། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་རྗེས་སུ་འགྲོ་བ་མེད་ཅེ་ན། དབྱུག་པ་དང་དབྱུག ་པ་ཅན་དག་ནི་དོན་དམ་པར་ན་ངོ་བོ་ཉིད་མེད་པའི་ཕྱིར་དང་ལྡན་པ་ཤིན་ཏུ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་དོ་ཀུན་རྫོབ་ཏུ་ནི་འདུ་བྱེད་ཀྱི་ཚོགས་ཡུལ་གཞན་དུ་འབྱུང་བའི་ཁྱད་པར་གྱི་མཚན་ཉིད་ལ་འདི་འགྲོ་བ་དང་ལྡན་ནོ་ཞེས་བྱ་བའི་ཐ་སྙད་ཙམ་ཡོད་མོད ་ཀྱི་འདུ་བྱེད་ཀྱི་ཚེགས་དེ་ལས་གཞན་པའི་འགྲོ་བ་ནི་ཅི་ཡང་ཡོད་པ་མ་ཡིན་པས་དེའི་ཕྱིར་དེ་ཡང་བཟང་པོ་མ་ཡིན་ནོ། །རང་གིང?་སེ་པ་ཁ་ཅིག་ན་རེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་འདུན་པའི་རྒྱུ་དང་འབད་པ་བསྐྱེད་པས ་རླུང་གི་ཁམས་ཀྱིས་བརྡས་པས་ཡུལ་གཞན་དུ་རྒྱུན་ཆགས་སུ་འབྱུང་བ་ལ་འགྲོ་ཞེས་བྱ་བར་ཟད་ཀྱི་འགྲོ་བ་ཞེས་བྱ་བ་འགྲོ་བ་པོ་ལས་ངོན་ཐ་དད་བར་གྱུར་པ་ནི་མེད་དེ། སྐྱེ་བའི་ཕྱོགས་ཉིད?་དུ་སྐྱེ་བ་པོ་ཞིག་པའི་ཕྱིར་མེ་ལ་སོགས་པའི་རྒྱུན་བཞིན་ངོས་འགྲོ་བ ་ནི་འཁྲུལ་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ལ་ཡང་ཁོ་བོ་ཅག་ནི་དོན་དམ་པར་འགྲོ་བ་ཞེས་བྱ་བ་མེད་པ་དང། ཀུན་རྫོབ་ཏུ་ནི་དེ་འདོད་པ་ཁོ་ན་ཡིན་པར་བསྟན་པའི་ཕྱིར། རྒྱུན་ཆགས་ཡུལ་གཞན་འབྱུང་བ་ཡི། །འདུ་བྱེད་རྒྱུན་ལ་རྟེན་ནས་ནི། །མ་ལ ་སོགས་བཞིན་འཁྲུལ་པའི་འགྲོ། །དེ་ཡང་ཀུན་རྫོབ་དེ་ཉིད་མིན། །ཞེས་བྱ་བ་སྨྲས་ཏེ། གཅིག་པ་ཉིད་དང་ཐ་དད་པ་ཉིད་བཀག་པའི་ཕྱིར་དང། འདུས་པའི་བདག་ཉིད་ཡིན་པའི་ཕྱིར་དང། ཤེས་པ་ཉིད་འཁྲུལ་པའི་ཕྱིར་རོ། ཞེས་བྱ་བར་བསམས ་སོ། །གྲངས་ཅན་དག་ནི་རྡུལ་གྱི་ཤས་ཆེ་བའི་བྱ་བ་བྱེད་པའི་ཚོགས་ཀྱི་འཇུག་པ་མངོན་པར་གསལ་བའི་ཚེ་ན། འགྲོ་བ་པོ་ཡོད་པར་འདོད་པས་དེ་དག་གི་ཕྱིར། སེར་སྐྱ་བ་ཡིས་རྣམ་བརྟགས་པའི། །འགྲོ་པོ་དོན་དམ་ཉིད་མི་རིགས། །ཚོགས་པ་རྫས་སུ ་མེད་ཕྱིར་དང། །ཡང་ན་གཡོ་བ་མེད་ཕྱིར། ཞེས་བྱ་བ་སྨྲས་སོ། །གལ་ཏེ་སེར་སྐྱ་པ་དག་ན་རེ། གང་དག་ལ་ཚོགས་པ་རྫས་སུ་ཡོད་པ་མ་ཡིན་པ་དེ་དག་ལ་ནི་སྐྱོན་དེར་འགྱུར་གྱི། ཁོ་བོ་ཅག་ནི་ཚོགས་པ་ཅན་རྫས་སུ་ཡོང་པ་ཁོ་ནར་འདོད་དེ་བྱེད ་བ་ཚོགས་པའི་ཡན་ལག་རྣམས་མ་བཟུང་ན་བྱ་བ་ཚོགས་པ་ཅན་ཡང་གཟུང་དུ་མེད་པའི་ཕྱིར་ཚོགས་པའི་ཡན་ལག་གི་བདག་ཉིད་བཞིན་ནོ། ཞེས་ཟེར་བ་དེ་དག་གི་འདི་ལྟར་གསལ་བར་བྱ་སྟེ། གལ་ཏེ་ཚོགས་པ་རྫས་ཡོད་དེ། །ཚོགས་བྱེད་མ ་བཟུང་བཟུང་མེད་ཕྱིར། །དེ་ཡི་བདག་བཞིན་དེ་མི་རིགས། །དེ་དག་རྫས་སུ་མེད་ཕྱིར་རོ། །ཞེས་བྱ་བ་ནི་བྱ་བ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དང། བྱེད་པ་མིག་ལ་སོགས་པ་དེ་དག་ནི་རིགས་པ་མ་ཡིན་ཏེ་བྱ་བ་བྱེད་པ་ཚོགས་པའི་ཡན་ལག་དེ་དག་རྫས་སུ ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་དག་ཇི་ལྟར་རྫས་སུ་ཡོད་པ་ཉིད་མ་ཡིན་པ་དེ་ལྟར་ནི་སྔར་བསྟན་ཟིན་ནོ། །དེའི་ཕྱིར་འགྲོ་བ་དང་འོང་པའི་རྣམ་པར་བཞག་པ་ནི་འཇིག་རྟེན་པའི་ཐ་སྙད་ཡིན་པས་དོན་དམ་པར་དཔྱད་པ་མི་བཟོད་དོ། །བྱ་བ་ལྷག་མ་དགག་པ ་ཡང། །ཕྱོགས་ངེས་རབ་ཏུ་བསྟན་པ་ཡིན། །ཇི་ལྟར་ཞེ་ན། འདི་ན་ལྟས་བྱིན་སྨྲའོ་ཞེས་བྱ་བ་དེ་ཡང་སྨྲས་པ་སྨྲའམ། འོན་ཏེ་མ་སྨྲས་པ་སྨྲ་གྲང་ན། རེ་ཞིག་སྨྲས་པ་ལ་ནི་སྨྲ་པ་མེད་དེ། ཚིག་གི་བྱ་བ་འདས་པའི་ཕྱིར་རོ། །མ་སྨྲས་པ་ལ་ཡང་སྨྲ་བ་མེད་དེ ་ཚིག་གི་བྱ་བ་མ་ཞུགས་པའི་ཕྱིར་རོ། །སྨྲ་བཞིན་པ་ཡང་སྨྲས་པ་མེད་དེ། སྨྲས་པ་དང་མ་སྨྲས་པ་མ་གཏོགས་པར་སྨྲ་བཞིན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་སྨྲ་བ་པོ་སྨྲའམ་སྨྲ་བ་པོ་མ་ཡིན་པ་སྨྲ་གྲང་ན། དེ་ལ་སྨྲ་བ་པོ་གང་སྨྲ་པར་འགྱུར་པ ་ནི་མེད་དེ། རྣམ་པ་ཐམས་ཅད་དུ་སྨྲ་བ་མེད་པའི་ཕྱིར་རོ། །སྨྲ་པ་པོ་མ་ཡིན་པ་ལ་ཡང་སྨྲ་པ་མེད་སྨྲ་བ་དང་མི་ལྡན་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པའི་སྨྲ་བ་པ་ནི་མི་འཐད་དེ། སྔོན་དང་ཕྱི་མ་དག་ལ་དེའི་ངོ་བོ་ཉིད་མེད་པ་བཞིན་པས་དེའི་ཕྱིར་སུ་ཞིག ་སྨྲ་བར་འགྱུར། དེ་བཞིན་དུ་སྨྲ་བ་པོ་དང་སྨྲ་བ་གཅིག་གམ་ཐ་དད་པ་གཅིག་ཡིན་གྲང་ན། གཉི་ག་ཡང་སྐྱོན་དུ་འགྱུར་རོ། །དེ་བཞིན་དུ་ཟབ་པོ་ཟ་བར་བྱེད་པ་དང། བྱེད་པ་པོ་ལས་བྱེད་པ་དང། གཅོད་པ་པོ་གཅོད་པ་དང་བལྟ་བ་པོ་བལྟ་བ་ལ ་སོགས་པ་དག་ཀྱང་འགྲོ་བ་རང་འགྲོ་བ་པོ་བཀག་པ་བཞིན་དུ་དཔྱད་པ་དང་དགག་པ་འདྲ་བར་བྱའོ། །དེའི་ཕྱིར་ལུང་ལས། རབ་འབྱོར་ཆོས་ཐམས་ཅད་ནི་འོང་བ་དང་འགྲོ་བ་མེད་པ་སྟེ། དེ་དག་ནི་གནས་དེ་ལས་མི་འདའ་ཨོ་ཞེས་གསུངས་པ་དང། དེ་བཞིན ་དུ་འདི་ལ་འོང་མེད་འགོ་བ་འགའ་ཡང་མེད། །ཆོས་རྣམས་ཐམས་ཅད་ནམ་མཁའ་ཇི་བཞིན་ནོ། ཞེས་གསུངས་པ་དང། དེ་བཞིན་དུ་ཆོས་ཐམས་ཅད་ནི་བླུན་པ་དང། སེམས་མེད་པ་དང། བྱ་བ་མེད་པ་དང་རྩཝ་དང་ཤིང་དང་རྩིག?་པ་ལྟ་བུའོ། ཞེས་གསུངS ་པ་ལ་སོགས་པ་དེ་དག་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། ནང་གི་དངོས་པོ་རྣམས་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ལ་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་ལ་ནི་དེ་དག་མེད་དེ་མོ་གཤམ་གྱི་བུ་ལས་བཅིངS ་པ་དང་ཐར་པ་དག་མེད་པ་བཞིན་ནོ། །ནང་གི་དངོས་པོ་རྣམས་ལ་ནི་བཅིངས་པ་དང་ཐར་པ་དག་ཡོད་དེ། གང་གི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་། དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་ལ་ནི་འཁོར་བ་རིང། ཞེས་གསུངས་པ་དང། ་དེ་བཞིན་དུ་འཁོར་བའི་བཙོན་ར?་ནས་ཡང་དག་པར་བཟླ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་ཏེ། ཞེས་གསུངས་པའི་ཕྱིར་རོ་ཞེ་ན། འདིར་བཤད་པ། གལ་ཏེ་དངོས་ཉིད་ཡོད་འདོད་དེ། །འཁོར་དང་ཐར་པ་ཡོད་ཕྱིར་ན། །གང་ཚེ ་ཇི་ལྟར་རྣམ་བརྟགས་པ། །དེ་དག་རང་བཞིན་རྣམས་དཔྱད་ན། །ངེས་གཟུང་མེད་པ་དེའི་ཚེ། །ཇི་ལྟར་བཅིངས་ཤིང་གང་ནས་ཐར། །གང་གི་ཚེ་མཚན་ཉིད་བྱེད་བདག་གིས་ཇི་ལྟར་རྣམ་པར་བརྟགས་བའི་ནང་གི་དངོས་པོ་དེ་དག་གི་རང་བཞིན་རྣམ་པར ་བཞག་བ་ཇི་སྐད་བསྟན་པའི་རིམ་པས་རྣམ་པར་དཔྱད་བ་ན། ངེས་པར་གཟུང་དུ་མེད་པ་དེའི་ཚེ་ན་གང་ཞིག་དེ་ལྟར་བཅིངས་ཤིང་གང་ནས་ཐར་པར་འགྱུར་ཏེ། དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཅི་བཅིངས་པ་དང་ཐར་པ་ངག་མི་འཐད ་པ་ཁོ་ན་ཡིན་ནམ་ཞེ་ན། དེའི་ཕྱིར། འདུ་བྱེད་ངོ་བོ་ཡོད་མ་ཡིན། །སྒྱུ་མ་རྨི་ལམ་ལྟ་བུ་དང། །རང་གི་རྒྱུ་དང་རྐྱེན་དབང་ལས། །བདག་ཉིད་ཁྱད་པར་འཐོབ་ལ་འཐད། ཅེས་བྱ་བ་སྨྲས་ཏེ། གང་དག་ལ་འདུ་བྱེད་རྣམས་ངོ་བོ་ཉིད་ཡོད་པ་དེ་དག་ནི་སྔར ་དཔྱད་པའི་གཏན་ཚིགས་དག་གིས་ཕྱིར་བཅིངས་པ་དང་ཐར་པ་དག་མི་འཐད་དོ། །འདུ་བྱེད་རྣམས་ངོ་བོ་ཉིད་ཡོད་བ་མ་ཡིན་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་རང་གི་རྒྱུ་དང་རྐྱེན་གྱིས་དབང་ལས་སྐད་ཅིག་མ་སྔ་མ་དང་མཚན་ཉིད་མི་འདྲ་བའི་རང་གི་བདག་ཉྡ་ཀྱི་ཁྱད་པར ་ཐོབ་པ་ངག་ལ་ནི་བཅིངས་པ་དན་ཐར་པ་དག་འཐད་དོ། །ཇི་ལྟར་ཞེ་ན། འདི་ན་འདུ་བྱེད་ཀྱི་ཚོགས་ཐོག་མ་མེད་པའི་དུས་ན་ཞུགས་པ་བདག་དང་བདག་གིར་འཛིན་པའི་འཛིན་ཁྲིས་ཟིན་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ལྕགས་སྒྲོག་གིས ་བཅིངས་བ་ལས་ཡང་དག་པའི་ཤེས་པ་བསྐྱེད་པས་བཅིང་བ་མཛའ་དག་བཀྲོལ་ཤིང་འཁོ་བའི་བཙོན་ར་ནས་ཡང་དག་པར་འདས་པའི་ཐར་པ་ཞེས་བྱ་བ་ཐ་སྙད་དུ་གཏོགས་པའི་ཤེས་རབ་ཀྱི་ཐ་སྙད་གདགས་པ་འཐད་དོ། །དོན་དམ་པར་ནི་མ་ཡིན་ཏེ། །དེ་ལྟར ་ཡང་ཇི་སྐད་དུ། དེ་བཞིན་གཤེགས་པས་འཁོ་བ་ལྡོག་པར་མཛད་ཀྱང་དེར་འགའ་ཡང་འཁོར་བ་མེད་ལ། དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་སྟོན་པར་མཛད་ཀྱང་དེར་འགའ་ཡང་མྱ་ངན་ལས་འདས་པ་མེད་དོ། །ཞེས་གསུངས་པ ་ལྟ་བུའོ། །རང་གི་སྡེ་པ་ཁ་ཅིག་ན་རེ། རྒྱུ་དང་རྐྱན་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་འབྲེལ་པའི་མིང་དང་གཟུགས་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་ཐར་པའི་མི་མཐུན་པའི་ཕྱོགས་དང་ལྡན་པ་ནི་བཅིངས་པ་ཞེས་བྱ་ལ། བཅིངS ་པ་ལ་དམ་པའི་ཆོས་མཉམ་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་བྱུང་བའི་ཡང་དག་པའི་ཤེས་པའི་སྒྲོན་མ་མི་ཤེས་པའི་མུན་པ་དང་བྲལ་བ་སྐྱས་པས་འདོད་ཆགས་ལ་སོགས་པའི་འཆིང་བ་ལས་གྲོལ་བ་ནི་ཐར་བ་ཞེས་བྱ་བའོ། ཞེས་ཟེད ་བ་དེ་དག་གི་ཕྱིར་བཤད་པ། མིང་དང་གཟུགས་ནི་དོན་དམ་དུ། འཁོར་བར་རིག་པ་མ་ཡིན་ཏེ། །འདུས་བྱས་ཡིན་ཕྱིར་ཕྱི་རོལ་གྱི། །ས་ལ་སོགས་པ་མི་འདོད་བཞིན། ཞེས་བྱ་བ་ལ་མིང་ནི་ཕུང་པོ་གཟུགས་ཅན་མ་ཡིན་བ་བཞི་པོ་དག་གོ་།གཟུགས ་ནི་ལུས་དང་དབང་པོ་ཞེས་བྱ་བའི་ཚོགས་སོ། །དེ་ནི་དོན་དཔེར?་ན་འཁོར་བ་འབྱུང་ཞིང་འགྲོ་བ་དང་ཀུན་ཏུ་འགྲོ་བར་མི་རིགས་ཏེ། རྒྱུ་དང་རྐྱེན་དག་གིས་མངོན་པར་འདུས་བྱས་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་ས་ལ་སོགས་པ་དགྲ་འདུས་བྱས་ཡིན་པའི ་ཕྱིར་འཁོར་བར་མི་འདོད་བ་བཞིན་ནོ། །དེ་ཐར་པ་ཡང་མི་འཐད་དེ། ཇི་ལྟར་ཞེ་ན། མིང་གཟུགས་དོན་དམ་ཉིད་དུ་ན། །ཇི་ལྟར་ཡང་ནི་ཐར་མི་འགྱུར། །སྐྱེ་དང་ལྡན་ཕྱིར་འཇིག་པའི་ཕྱིར། །ཕྱི་རོལ་ཆུ་ལ་སོགས་པ་བཞིན། ཞེས་བྱ་བ་ནི་འདི་ལ་དེའི ་རྒྱུན་ཐར་པར་བརྟག་གམ་སྐད་ཅིག་མ་ཐར་པར་བརྟག་གྲང་ན། དེ་ལ་རེ་ཞིག་རྒྱུན་ནི་རྗ?་སུ་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཆུའི་རླབས་འབྱུང་བ་དང་འགག་པ་བཞིན་ལ་སྐད་ཅིག་མ་ཡང་བཅིངས་པ་ནི་བཅིངས་པཱི་དུས་ཉིད་དུ་ཞིག་པའི་ཕྱིར་དང། དུས་ཕྱི་མར་འབྱུང་བ ་ཡང་བཅིངས་བཞིན་ཁོ་ནར་འབྱུང་བའི་ཕྱིར་ཐར་པར་ག་ལ་འགྱུར་སྟེ། དེ་ལྟར་རེ་ཞིག་མིང་དང་གཟུགས་ལ་བཅིངས་པ་དང་ཐར་པ་དག་མི་འཐད་དོ། །གནས་མ་པུའི་སྡེ་པ་དག་ནི་ཕུང་པོ་དང?་སྐྱེ་མཆེད་དང་ཁམས་རྣམས་ལས་གཞན་པའི་གང་ཟག་འཁོར ་བ་དང་ཐར་པར་འདོད་པས་དེ་དགག་པའི་ཕྱིར་བཤད་པ། གང་ཟག་ཡང་དག་ཉིད་དུ་ནི། །འཁོར་དང་ཐར་པར་མི་འགྱུར་ཏེ། །གདགས་བྱ་ཡིན་ཕྱིར་ཁང་པ་བཞིན། །བརྗོད་བྱ་ཡིན་ཕྱིར་དྲི་དང་འདྲ། ཞེས་བྱ་བ་ནི་དཔེར་ན་རྩཝ་དང་ཤིང་དང་ས་དང ་སྨིག་མ་དང་རྔོ་བ་དང་སོ་ཕག་ལ་སོགས་པ་དག་གིས་ཁང་པར་གདགས་པ་དེ་བཞིན་དུ། ཕུང་པོ་དང་ཁམས་དང། སྐྱེ་མཆེད་དག་ལ་བརྟེན་ནས་གང་ཟག་ཏུ་གདགས་པར་ཟད་པས་དེ་དག་མེད་པར་དེ་བསྟན་དཀའ་ཨོ། །དེའི་ཕྱིར་གང་ཟག་ནི་ཁང་བ ་ལ་སོགས་པ་བཞིན་དུ་གདགས་པར་བྱ་བ་ཡིན་པའི་ཕྱིར་དང། དྲི་བཞིན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་བཅིངས་པ་དང་ཐར་པ་མེད་དོ། །ཡང་ན་གང་ཟག་དེ་ནི་ཡོད་པ་ཉིད་མ་ཡིན་ཏེ། གཟུགས་སུ་རུང་བ་དང་མྱོང་བ་དང་མཚན་མར་འཛིན ་བ་དང་མངོན་པར་འདུ་བྱེད་པ་དང། རྣམ་པར་ཤེས་པར་བྱེད་པ་དག་པས་གཞན་པའི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར། ནམ་མཁའ་ཨི་མེ་ཏོག་བཞིན་བས། དེའི་ཕྱིར་བཤད་པ། ཡང་ན་གང་ཟག་གང་ཟག་མིན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན ་སྐྱེ་དང་ལྡན་ཕྱིར་འཇིག་པའི་ཕྱིར། །ཤེས་བྱ་ཡིན་ཕྱིར་འོང་བ་བཞིན། ཞེས་བྱ་བ་ནི་འདི་ལ་གན་ཟག་དེ་ཕུང་པོ་ལ་སོགས་པ་ལས་གཞན་ཞིག་ཡིན་ནམ་གཞན་མ་ཡིན་པ་ཞིག་ཡིན་གྲང་ན། གལ་ཏེ་གཞན་ཡིན་གྲང་ན་ནི་མཚན་ཉིད་མེད་པར་འགྱུར་རོ། ། ་གཞན་མ་ཡིན་ན་ནི་ཕུང་པོ་ལ་སོགས་པ་ཞིག་པ་ན་གང་ཟག་ཀྱང་འཇིག་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་གང་ཟག་དེ་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་ཀྱང་མ་ཡིན་ལ། རྫས་སུ་ཡང་ཡོད་པར་འདོད་དོ་ཞེ་ན། དེ་ལྟ་ཡང་མི་རིགས་ཏེ། གང ་ཟག་བརྗོད་དུ་མེད་ཕྱིར་བས། །རྫས་སུ་ཡོང་པ་མ་གྲུབ་སྟེ། །དྲི་དང་དཀར་སྔོར་བརྗོད་མེད་པའི། །མོ་གཤམ་བུས་ནི་མ་ངེས་འགྱུར། ཞེས་བྱ་བ་ལ་བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བ་འདིས་ནི་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན?་མ་ངེས་པ་ཉིད་དུ ་སྟོན་ཏེ། བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་གང་ཟག་དེ་རྫས་སུ་ཡོད་པར་མི་འགྲུབ་སྟེ། ཅི་རེ་ཞིག་དེ་བརྗོད་དུ་མེད་ཀྱང་རྫས་སུ་ཡོད་པ་བཞིན་དུ་གང་ཟག་ཀྱང་བརྗོད་དུ་མེད་པའི་ཕྱིར་རྫས་སུ་ཡོད་པར་འགྱུར་རམ། འོན་ཏེ་མི ་གཤམ་གྱི་བུ་དཀར་པོ་དང་སྔོན་པོར་བརྗོད་དུ་མེད་པའི་ཕྱིར་རྫས་སུ་མེད་བ་བཞིན་དུ་གང་ཟག་ཀྱང་བརྗོད་དུ་མེད་པའི་ཕྱིར་རྫས་སུ་མེད་པར་འགྱུར་བ་མ་ངེས་པས་དེ་རྫས་སུ་ཡོད་པ་ཉིད་ཉམས་སོ། །དེ་ལྟར་ཕུང་པོ་བདག་མེད་ཅིང། །སྲོག་མེད་སེམས ་ཅན་ཡོད་མིན་པ། །མཁས་པས་གཟུ?་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤས་པར་བྱ། །ཞེས་བྱ་བ་ནི་གང་ཟག་དགག་པ་དང་འདྲ་བའི་ཕྱིར་རོ། །ཞེས་བྱ་བར་བསམས། །དེ་ལ་བདག་ཅེས་བྱ་བ་ནི་གྲངས་ཅན་དང་བྱེ་བྲག་པ་དག་གི་གཞུང་ལས་རྒྱུན་དུ ་འགྲོ་བ་འམ། འབྱུང་པོ་ཐམས་ཅད་ཀྱིས་བརྟག་བར་བྱ་བ་ཡིན་པའི་ཕྱིར་བདག་ཅེས་བྱའོ། །སྲོག་ཅེས་བྱ་བ་ནི་གཅེར་བུ་པ་དག་གིས་གཞུང་ལས་འཚོ་བའི་དོན་གྱིས་སྲོག་ཅེའོ། །སེམས་ཅན་ཞེས་བྱ་བ་ནི་རྒོལ་བ་ཐམས་ཅད་ཀྱི་གཞུང་ལས་ཡོད ་བའི་དངོས་པོ་ནི་སེམས་ཅན་ནོ་ཞེ་འམ། འགྲོ་བ་རྣམས་སུ་སྦོར་བ་ནི་སེམས་ཅན་ནོ་ཞེའོ། །གང་ཟག་ཅེས་བྱ་བ་ནི་གནས་མ་བུའི་སྡེ་པ་དག་གི་གཞུང་ལས་ཡང་འགྲོ་བ་ལེན་བའི་ཕྱིར་གང་ཟག་ཅེའོ། །བདག་བཀག་པ་བཞིན་དུ་སྲོག་དང་གང་ཟག་དགག་པ་ཡང ་འདྲ་བར་མཐོང་ནས་ལུས་དང་དབང་པོའི་ཚོགས་རྣམས་ལ། དེ་ཉིད་དུ་ན་བདག་མེད་འདོད། །རྒྱུ་དང་ལྡན་ཕྱིར་ཀབ?་བཞིན། །ཡང་ན་བསགས་ཕྱིར་གྲོགས་མཁར་བཞིན། ཞེས་བྱ་བ་སྨྲས་ཏེ། བདག་མེད་ཅེས་བྱ་བ་ནི་དེ་དག་ལས་བདག་དྲལ་བའི་ཕྱིར་བདག་མེད་དོ།། ་གྲོག་མཁར་བཞིན་ཞེས་བྱ་བ་ནི་གྲོག་མའི་བྲུན་བཞིན་ནོ། ཞེས་བྱ་བའི་ཐ་ཚིག་གོ་།མུ་སྟེགས་ཅན་དག་ན་རེ་བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། དྲན་བ་དང་ངོ་ཤེས་བ་དང། ཤེས་པ་སྐྱེ་བ་ལ་སོགས་བའི་གཏན་ཚིགས་དག་གིས་ལུས་དང་དབང་པོའི ་ཚོགས་དག་ནི་བདག་དང་བཅས་པ་ཡིན་ནོ། །བུམ་པ་དང་སྣམ་བུ་ལ་སོགས་བདག་མེད་པ་དག་ལ་ནི་དྲན་པ་དང་ངོ་ཤེས་བ་སྐྱེ་བ་མ་མཐོང་བ་དེའི་ཕྱིར་དྲན་པ་ལ་སོགས་པ་དག་ནི་བདག་གི་ཆོས་ཡིན་པའི་ཕྱིར། དེས་ན་བདག་ཡོད་པ་ཁོ་ནར་རྗེས་སུ་དཔག? ་གོ་ཞེས་ཟེར་རོ། །འདིར་བཤད་པ། དྲན་པ་དང་ནི་ངོ?་ཤེས་དང། །ཤེས་སྐྱེ་ལ་སོགས་གཏན་ཚིགས་ཀྱིས། །བདག་ཡོད་ཉིད་དུ་དམ་བཅའ་བ། །གཏན་ཚིགས་རྣམས་ནི་མ་གྲུབ་ཉིད། ཅེས་བྱ་བ་ལ། ཇི་ལྟར་ཉམས་སུ་མྱོང་བའི་ཡུལ་དྲན་པ་ནི་དྲན་པའི་ཚས་སོ། ། ་ངོ་ཤེས་པ་ནི་འདུ་བྱེད་ཀྱི་ཆོས་སོ། །རྟོག་གེའི་ཡུལ་ལ་ཤེས་པ་སྐྱེ་བ་དེ་དག་ནི་བདག་མེད་ཀྱང་རྒྱུ་དང་རྐྱེན་སོ་སོར་ངེས་བ་ཚོགས་པའི་དབང་ལས་སེམས་དང་སེམས་ལས་བྱུང་བའི་རྣམ་གྲངས་ཀྱི་གནས་སྐབས་ཀྱི་ཁྱད་པར་དེ་དག་འབྱུང་བར་འགྱུར་བས། དེའི་ཕྱིར ་ཕ་རོལ་པོའི་གཏན་ཚིགས་རྣམས་ནི་སངས་རྒྱས་བ་དག་ལ་གཞན་དུམ་གྲུབ་པ་ཉིད་དང། ཕུང་པོ་ལས་གཞན་པའི་བདག་མེད་བའི་ཕྱིར་གཞི་མ་གྲུབ་པ་ཉིད་ཀྱང་ཡིན་ནོ། །གཞན་ཡང་གལ་ཏེ་དབང་བཅས་ལུས་ལ་ནི། །བདག་ཡོད་ཉིད་དུ་སྒྲུབ་བདེ་ན། །གཏན་ཚིགས ་ཐུན་མོང་ཉིད་མི་འགྱུར། །རྗེས་སུ་འགྲོ་བ་མེད་ཕྱིར་རོ། །ཞེས་བྱ་བ་ནི་དབང་པོ་དང་ཅས་པའི་ལུས་ལ་དྲན་པ་ལ་སོགས་པ་དམིགས་པའི་ཕྱིར་བདག་ཡོད་པ་ཉིད་དུ་སྒྲུབ་པ་ནི་ཅི་དང་འདྲ་ཞེས་བྱ་བའི་ཆོས་མཐུན་པའི་དཔེ་མེད་པའི་ཕྱིར་གཏན་ཚིགས་ཐུན ་མོང་མ་ཡིན་པ་ཉིད་དུ་འགྱུར་རོ། །དྲན་པ་ལ་སོགས་པ་བདག་མེད་པ་ཡང་དྲན་པ་དང་ངོ་ཤེས་པ་དང། ཤེས་བ་སྐྱེ་བ་དག་མཐོང་བའི་ཕྱིར་དྲན་པ་ལ་སོགས་པའི་གཏན་ཚིག་དག་གི་དོན་འགལ་བ་ཉིད་ཀྱང་ཡིན་ནོ། །གལ་ཏེ་འདི་སྙམ་དུ་བདག་ཅེས་བྱ་བའི་སྒྲ་ནི ་ཁ་ཅིག་ལ་ཉེ་བར་གདགས་སུ་རུང་བའི་ཕྱིར་དོན་ཇི་ལྟ་བ་བཞིན་ཉིད་ཡིན་ཏེ། དཔེར་ན་བྲམ་ཟེའི་ཁྱེའུ་དེ་ལ་གསེར་པག་ངང་གཏུམ་བག་དང། མཐུ་རྩལ་ལ་སོགས་པ་དག་སྣང་བS་ང་ལ་སེང་གེ་ཞེ་བྱ་བའི་ཐ་སྙད་ཉེ་བར་གདགས་སུ་ཡོད་པ་ལས་ན། ལོགས་ཤིག ་ན་སང་གེ་ཞེས་བྱ་བ་རལ་པ་སྤུངས་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་རི་དགས་ཀྱི་རྒྱལ་པོ་དངོས་ཡོད་པར་ཤེས་པ་དེ་བཞིན་དུ་ལུས་དང་དབང་པོ་དང་བློའི་ཚོགས་སྐད་ཅིག་མ་ལ་དྲན་པ་དང་ངོ་ཤེས་པ་དང། ཤེས་པ་སྐྱེ་བ་ལ་སོགས་པ་ཉེ་བར་གདཌ ་པ་སྣང་བ་ལS་ན་བདག་ཅེསྦྱ་བ་དངོས་གང་ལ་དེ་དག་ཡོད་པའི་བདག་དེ་ཡོད་པ་ཁོ་ན་ཡིན་ནོ་སྙམ་དུ་ཕ་རོལ་པོ་དག་དྲན་པ་ལ་སོགས་པའི་ཉེ་བར་གདགས་པ་ཡོད་བའི་སྒོ་ནས། ལུས་དང་དབང་པོ་དང་བློའི་ཚོགས་དེ་ལས་གཞན་པའི་བདག་ཡོད་དོ་སྙམ་དུ་སེམས ་པའི་དོགས་པ་བསུས་ནས་འདིར་སློབ་དཔོན་གྱིས་བཤད་པ། གལ་ཏེ་བདག་སྒྲ་དོན་བཞིན་ཏེ། །འགའ་ལ་ཉེ་བར་གདགས་པའི་ཕྱིར། སེང་གེའི་སྒྲ་དང་འདྲ་ཞེ་ན། །བདག་ནི་གྲུབ་པ་ཉིད་མི་འགྱུར། ཞེས་བྱ་བ་ནི་གང་གི་ཕྱིར་དཔེ?་མེད་པ་དང། གྲུབ་པ་ལ་སྒྲུབ་པ་ཉིད ་ཡིན་པའི་ཕྱིར་ཏེ། འདི་ལྟར་སྒྲ་གང་ཁ་ཅིག་ལ་ཉེ་བར་གདགས་པ་དེ་ནི་འདུས་པའི་ཚོགས་ལ་མཐོང་སྟེ། སེང་གེ་ལ་སོགས་པའི་སྒྲ་བཞིན་ནོ། །བདག་ནི་འདུས་པའི་བདག་ཉིད་མ་ཡིན་པས་དེའི་ཕྱིར་འདུས་པའི་བདག་ཉིད་མ་ཡིན་པ་གང་ལ ་ཡང་ཉེ་བར་གདགས་པ་མི་སྣང་བའི་ཕྱིར་དཔེ་མེད་དོ། །གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེ་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ཏར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལན་བའི་ཕྱིར་བདག་ཡིན་ནོ་ཞེས ་ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ། དཔེར་ན་ཡན་ལག་ཚོགས?་པ་ལ། །ཤིང་རྟ་ཞེས་ནི་དྲན་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། ཅེས་གསུངས་པའི་ཕྱིར་རོ། །ཅི་སྟེ ་རྣམ་ཤེས་ཡུལ་ལ་ནི། །དོན་བཞིན་གཞན་ལ་སྒྲུབ་ཅེ་ན། །རྟག་དང་ཀུན་འགྲོ་སོགས་བྲལ་ཕྱིར། །འགལ་བ་ཉིད་དུ་འགྱུར་བ་ཡིན། ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་དག་སངས་རྒྱས་པ་ལ་རྣམ་པར་ཤེས་པ་ལ་དོན་ཇི་ལྟ་བ་བཞིན་གྱི་བདག་དངོས་ཡིན་པར ་ཐ་སྙད་གདགས་པར་གྲུབ་པོ་དེ་ཁོ་བོ་ཅག་བདག་དམ་པ་གཞན་ལ་དོན་ཇི་ལྟ་བ་བཞིན་གྱི་བདག་དངོས་ཡིན་པར་ཐ་སྙད་གདགས་སུ་རུང་བར་སྒྲུབ་པོ་ཞེ་ན། དེ་ལྟར་ན་བདག་དམ་པ་དེ་རྣམ་པར་ཤེས་པ་ཁོ་ན་བཞིན་དུ་རྟག་པ་དང་ཀུན་ཏུ་འགྲོ་བ་ལ་སོགས ་བ་དང་བྲལ་བས་དེའི་ཕྱིར་རྣམ་པར་ཤེས་པ་བཞིན་དུ་རྗེས་སུ་དཔོག་བས་མི་རྟག་པ་དང། ཀུན་ཏུ་འགྲོ་བ་མ་ཡིན་པ་ཉིད་ཀྱིས་བདག་དམ་པ་ཆོས་ཅན་དའི་རང་གི་ངོ་བོ་བསལ་བའི་ཕྱིར་འགལ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གང་ལའང་དོན་དམ་དུ། །བཅིངས ་དང་ཐར་བ་ཡོད་མི་འདོད་དོ། ཅེས་བྱ་བ་ནི་མིང་དང་གཟུགས་སམ། གང་ཟག་གམ། བདག་གང་ལ་ཡང་བརྟག་མི་བཟོད་པའི་ཕྱིར་རོ། ཞེས་བྱ་བའི་ཐ་ཚིག་གོ་།སོང་དང་མ་སོང་བགོམ་བ་ཡི། །དེ་བཞིན་སེམས་ལ་ལྷག་མ་བཤད། ཅེས་བྱ་བ་ནི་ཇི་ལྟར ་སོང་བ་མ་སོང་བ་དང་བགོཾ་པ་ལ་འགྲོ་བ་མི་འཐད་བ་དེ་བཞིན་དུ་སེམས་ཀྱང་བཅིངས་པ་འམ་མ་བཅིངས་པ་འམ། འཆིང་བཞིན་པ་ཞིག་འཆིང་གྲང། གྲོལ་བ་ཡང་གྲོལ་བའམ་མ་གྲོལ་བའམ་གྲོལ་བཞིན་པ་ཞིག་འགྲོལ་གྲང་ན། དེ་ལ་རེ་ཞིག་བཅིངས་པ་ལ་ནི་ཡང་འཆིང་བ་དོན ་མེད་དོ། །མ་བཅིངས་པ་ལ་ཡང་འཆིང་པ་མེད་པའི་ཕྱིར་གྲོལ་བ་བཞིན་དུ་འཆིང་བ་མེད་དོ། །འཆིང་བཞིན་པ་ལ་ཡང་གཉི་གའི་སྐྱོན་དུ་འགྱུར་རོ། །གྲོལ་བ་ལ་ཡང་འགྲོལ་བ་མེད། བཅིངས་པ་མེད་པའི་ཕྱིར་རོ། །མ་གྲོལ་བ་ལ་ཡང་འགྲོལ་བ་མེད་དེ། དཔེར་ན་ཉོན ་མོངས་པ་མཛའ་དག་གིས་བཅིངས་པ་བཞིན་ནོ། །ཅི་སྟེ་གྲོལ་བཞིན་པ་ལ་འགྲོལ་བ་ཡོད་དེ། མཚན་ཉིད་ལས་མི་སློབ་སེམས་ནི་སྐྱེ་བཞིན་ཨ། །སྒྲིབ་པ་ལས་ནི་རྣམ་པར་འགྲོལ། ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། འགྲོལ་བཞིན་པ་དེ་ཡང་གང་ཡིན། གལ་ཏེ་བཅིངས ་པ་ཡིན་ན་ནི། བཅིངས་པ་དང་འགྲོལ་བ་གཉིས་དུས་གཅིག་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་མ་བཅིངས་པ་ཡིན་ན་ནི་དེ་གང་ལས་གྲོལ་བར་འགྱུར། །གལ་ཏེ་གཉི་གའི་བདག་ཉིད་གཅིག་ན་ནི་མི་མཐུན་ཏེ། གལ་ཏེ་བཅིངས་པ་ཡིན་ན་ནི། །གྲོལ་བ་མ་ཡིན་ལ། ་འོན་ཏེ་གྲོལ་བ་ཡིན་ན་ནི་བཅིངས་བ་མ་ཡིན་ནོ། །གལ་ཏེ་བརྗོད་པར་བྱ་བ་མ་ཡིན་པ་ཞིག་ན་ནི་ངོ་བོ་ཉིད་ཉམས་སོ། །སློབ་པའི་སེམས་སྔ་མའི་སྐད་ཅིག་མ་ལ་བལྟོས་ནས་རྣམ་པར་གྲོལ་བར་རྟོག་པ་ལ་ནི་ཐ་སྙད་ཡིན་པའི་ཕྱིར། འདོད་པ་ཉམས་སོ། །དེའི་ཕྱིར ་སེམས་ལ་ཡང་དོན་དམ་པར་ནི་བཅིངས་པ་དང་ཐར་པ་དག་མི་འཐད་དོ། །དེའི་ཕྱིར་ལུང་ལས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་འཁོ་བ་སེལ་བར་མི་མཛད་ལ། མྱ་ངན་ལས་འདས་པ་སྒྲུབ་པར་ཡང་མི་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཉམ་པ ་ཉིད་པ་འཁོར་བར་འགྱུར་བ་ཡང་མེད། མྱ་ངན་ལས་འདའ་བར་འགྱུར་བ་ཡང་མེད། ཀུན་ནས་ཉོན་མོངས་པར་འགྱུར་བ་ཡང་མེད། རྣམ་པར་བྱང་བར་འགྱུར་བ་ཡང་མེད་པའི་ཕྱིར་རོ། ཞེས་གསུངས་པ་ལ་སོགས་པ་དེ་དག་གྲུབ་པ་ཡིན་ནོ། འགལ་ཏེ་དེ་ལྟར་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱད་བ་དག་ཡོད་པ་མ་ཡིན་ན། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས། ཆགས་པས་ཆོས་རྣམས་མི་ཤེས་ཤིང། །ཆགས་པས་ཆོས་རྣམས་མི་མཐོད་སྟེ། །མི་གང་འདོད་ཆགས་སྟེན་བྱེད་པ། །དེ་ཚེ་མུན་པས་མུན་ནག་འགྱུར། ་ཞེས་བྱ་བ་ལ་སོགས་པས་ཀུན་ནས་ཉོན་མོངས་པའི་ཉེས་དམིགས་བསྟན་པ་མཛད་ཅིང། གང་དགའ་ཕགས་པའི་ཤེས་རབ་ཀྱིས་ངོམས་པ་དེ་དག་ནི་དོམས་པའོ་ཞེས་བྱ་བ་ལ་སོགས་པ་ཅིའི་ཕྱིར་རྣམ་པར་བྱང་བའི་ཡོན་ཏན་བསྔགས་པར་མཛད་ཅེ་ན་བཤད་པ། ་ཆགས་པ་སྒྱུ་མ་ལྟ་བུའི་འདུ་བྱེད་ཀྱི་ཚོགས་འདོད་ཆགས་ལ་སོགས་པའི་འཇུག་པ་ཤས་ཆེ་བ་དྲི་ཟའི་གྲོང་ཁྱེར་གྱི་བུད་མེད་བཟང་མོ་ལ་ཆགས་པ་ལྟ་བུ་དང། དེའི་ཉིས་དམིགས་མཐོང་བ་ལ་བརྟེན་ནས་ཀུན་རྫོབ་པའི་འདོད་ཆགས་ལ་སོགས་པ་དེ་དག་ནི་ཡོད ་པ་ཁོ་ན་ཡིན་ནོ་དོན་དམ་པར་ནི། གང་ཚེ་སེམས་ནི་འགག་པ་ལ་།མངོན་དུ་ཕྱོགས་ཤིང་སྐྱེས་པའི་ཚེ། །གང་ལ་གང་གིས་ཆགས་པར་འདོད། །ཆགས་པ་འགའ་ལའང་མི་འདོད་དོ། ཞེས་བྱ་བ་ནི་འདི་ལ་འདོད་ཆགས་དང་ལྷན་ཅིག་སྐྱེས་པའི་སེམས་ལ་ཆགས ་པ་ཞེས་ཐ་སྙད་གདགས་པ་ཡིན་ན་དེ་ཡང་གང་གི་ཚེ་འགག་པ་ལ་མངོན་དུ་ཕྱོགས་བཞིན་ཁོ་ནར་སྐྱེས་པ་དེའི་ཚེ་ན་སེམས་འགག་པའི་ཆོས་ཅན་དེ་ལ། གང་ལ་འདོད་ཆགས་གང་གིས་ཆགས་པར་འགྱུར། གཞན་ཡང་ཆགས་པ་གང་ཡིན་པ་དེ་ཡང་འགགས ་ཤིང་ཉམས་ཕན?་ཆགས་པ་ལ་ཡང་འདོད་ཆགས་སྐྱེ་བར་མི་འདོད་དེ། འདོད་ཆགས་སྐྱེ་བ་དོན་མེད་པར་འགྱུར་པའི་ཕྱིར་རོ། །ཆགས་པ་མ་ཡིན་པའི་སེམས་ཀྱི་སྐད་ཅིག་མ་ལ་ཡང་འདོད་ཆགས་ཡོད་པར་མི་འདོད་དེ། འདོད་ཆགས་དང་བྲལ་བ་བཞིན་ནོ། །གལ ་ཏེ་སྐྱེ་བཞིན་ཆགས་ཞེ་ན། །དེ་ཅི་གལ་ཏེ་སྐྱེ་སྔོན་ཕྱོགས། ཞེས་བྱ་བ་ནི་གལ་ཏེ་སེམས་སྐྱེ་བཞིན་པ་ཆགས་པར་འགྱུར་རོ་ཞེ་ན། སྐྱེ་བཞིན་བ་དེ་ཅི་སྐྱེས་པའམ་མ་སྐྱེས་པ་ཞིག་ཡིན། གལ་ཏེ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་ཏེ། དེ་ནི་སྐྱེ་པ་མ་ཡིན་ཏེ། ་ཡོངས་སུ་མ་གྲུབ་པའི་ཕྱིར། མ་སྐྱེས་པ་ཡང་མ་ཡིན་ཏེ། བྱ་བ་འཇུག་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟ་ན། མ་སྐྱེས་པ་ལ་དེ་མི་འདོད། །གཞི་མེད་བྱ་བ་མི་ལྡན་ཕྱིར་ཞེས་བྱ་བར་འགྱུར་རོ། །འདི་ལྟར་བྱ་བ་ནི་བྱེད་པ་པོ་ལཾ་བརྟེན་པ་ཡིན་ཏེ། དཔེར་ན་ལྷས་བྱིན་ཟ་བར་བྱེད་དོ། ཞེས་བྱ་བ ་དེ་ལྟ་བུ་ཡིན་ན། སྐྱེ་བཞིན་པ་ནི་རང་གི་ངོ་བོ་ཡོངས་སུ་མ་གྲུབ་པས་མ་སྐྱེས་པ་ཡིན་པས་དེ་ཅི་ལྟར་སྐྱེ་བའི་བྱ་བ་དང་ལྡན་པར་འགྱུར། །གལ་ཏེ་སྐྱེ་བཞིན་པ་ནི་བརྗོད་པར་བྱ་བ་མ་ཡིན་པའོ་ཞེ་ན། དེ་ལྟ་ན་དེ་སྐྱེས་པ་ཉིད་དང་མ་སྐྱེས་པ་ཉིད་དུ་བརྗོད་པར་མི་ནུས་པས། སྐྱེ་བ་ཞིན ་སྐྱེས་དང་མ་སྐྱེས་པར། །བརྗོད་པ་མིན་ལའང་ཆགས་པ་མེད། །བརྗོད་མེད་སེམས་ཀྱང་ཆགས་མིན་ཏེ། །བརྗོད་དུ་མེད་ཕྱིར་འདོད་ཆགས་བཞིན། ཞེ་བྱ་བར་འགྱུར་ཏེ། གང་གི་ཕྱིར་འདོད་ཆགས་ཀྱན་ཆགས་པ་ཉིད་དམ། ཆགས་པ་མ་ཡིན་པ་ཉིད་དུ་བརྗོད་པར་བྱ ་བ་མ་ཡིན་པས་ཇི་ལྟར་འདོད་ཆགས་ལས་ཆགས་པ་མེད་པ་བཞིན་དུ་སེམས་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་སེམས་ནི་ཆགས་པ་ཡི། །རྣམ་པར་སྐྱེས་པ་ཆགས་འདོད་དེ། །ཤེལ་ལ་ཚོན་ཆགས་བློ་བཞིན་ན། །དེའི་བློ་ཇི་ལྟར་ཆགས་ཉིད་ཡིན ་ཞེས་བྱ་བ་ནི་ཆགས་པ་དང་ལྷག་པར་ཆགས་པ་དང་འདོད་ཆགས་བྱ་བ་དག་ནི་རྣམ་གྲངས་ཏེ། སེམས་དེ་དག་གི་རྣམ་པར་ཡོངས་སུ་གྱུར་པ་ཆགས་པར་འདོད་དེ། ཤེལ་ལ་ཚོན་གྱི་ཆགས་པའི་བློ་བཞིན་ནོ། ཞེས་ཕ་རོལ་པོའི་བསམ་པ་ཉེ་བར་བཞག་པའི་དཔེ་དེ ་ལ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་དུ་སྟོན་ཏེ། ཇི་ལྟར་འཇིག་རྟེན་ན་ནོར་བུ་ཤེལ་ལ་ཁ་བསྒྱུར་པའི་རྐྱེན་ཏེ་བར་གྱུར་པ་ན། དེའི་བདག་ཉིད་དུ་ཡོངས་སུ་གྱུར་པ་ལ་ཆགས་པ་ཞེས་ཉེ་བར་འདོགས་པས་དེའི་བློ་ཡང་ཆགས་པ་ཉིད་དུ་ཉེ་བར་བཏགས་པ་ཁོ་ནར་ཟད་དོ། །རིགས་པའི་སྒོ་ནས ་ནི་རེ་ཞིག་ནོ་བུ་ཤེལ་དེ་ཉིད་ཀྱང་ཆགས་པ་མ་ཡིན་ན་དེའི་བློ་ལྟ་ཆགས་པ་ཉིད་དུ་ག་ལ་འགྱུར། །དེ་བཞིན་དུ་སེམས་ཀྱི་སྐད་ཅིག་མ་ཡང་དང་པོ་ཡུལ་དང་པྲད་པ་ན་ཆགས་པའི་རྣམ་པར་ཡོངས་སུ་གྱུར་པ་ལ་ཆགས་པ་ཞེས་ཉེ་བར་གདགས་པར་ཟད་ཀྱི་དེ་ཆགས་པ ་ཉིད་ནི་མ་ཡིན་ཏེ། རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོགས་པ་དང་བྲལ་བའི་ཕྱིར་རོ། །དེས་མངོན་པར་བསྒྲུབས་པའི་སྐད་ཅིག་མ་གཉིས་པའི་བློ་སྐྱེ་བ་དེ་ལ་ནི་རེ་ཞིག་ཡུལ་ཉེ་བར་གནས་པ་མེད་དོ། །སེམས་ཀྱི་སྐད་ཅིག་མ་དང་པོའི་རྗེས་སུ་མྱོང་བ་ཡང་ཐ་སྙད་གང? ་སུ་རུང?་བ་མ་ཡིན་པའི་ཕྱིར་དེ་ལ་ཡང་ཡུལ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཆགས་པ་མེད་པའི་ཕྱིར། །འདོད་ཆགས་རྟོགས་པ་ཀུན་རྫོབ་ཡིན། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ཅི་རིགས་པར་ནི་ཤེས་པར་བྱ། །དངོས་པོ་རྫས་ལ་བརྟེན་རིགས་ན། །དེ་ཡང་དེ་ལས་དབྱར ་ཡོད་མིན། ཞེས་བྱ་བ་ནི་འདི་ན་ཆགས་པར་བྱེད་པའི་དངོས་པོ་ནི་འདོད་ཆགས་སོ། །དངོས་པོ་དེ་ཡང་རྫས་ལ་བརྟེན་ཏེ་དཔེར་ན་སྣམ་བུའི་ཚོན་དང། འབྲས་ཆན་གྱིས་ཆོས་པ་ཞེས་བྱ་བ་ལྟ་བུར་རིགས་གྲང་ན། དངོས་པོ་དེ་ཡང་རྫས་དེ་ལས་ཐ་དད་པར་དབྱེ་ཞིང་བསྟན་པར ་མི་ནུས་ཏེ། དཔེར་ན་སྣམ་བུ་ལས་ལོགས་ཤིག་ན་ཚོན་ཡོད་པ་མ་ཡིན་པ་དང། འབྲས་ཆན་ལས་ལོགས་ཤིག་ན་ཚོས་པ་ཡོད་པ་མ་ཡིན་པ་ལྟ་བུའོ། །དེའི་ཕྱིར་འདོད་ཆགས་འདས?་སམས་འདི་ཆགས་སོ་ཞེས་བྱ་བའི་ཐ་སྙད་འདི་བསྒྲུབ་པར་དཀའ་བའི་ཕྱིར་འདོད ་ཆགས་ཀྱི་རྟོག་པ་ནི་ཀུན་རྫོབ་པ་ཡིན་ནོ། །དེ་ཕྱིར་འདོད་ཆགས་ཇི་བཞིན་དུ། །སེམས་ཟླ་འང?་ཆགས་པ་འཐད་མི་འགྱུར། ཞེས་བྱ་བ་ནི་འདོད་ཆགས་དང་ཆགས་པ་གཉིས་དབྱེར་མེད་པས་རང་གི་བདག་ཉིད་ལ་བྱེད་བ་འགལ་བའི་ཕྱིར་རོ། ཞེས་བྱ་བར ་བསམ་སོ། །དེ་གཉིས་དབྱེར་མེད་པ་ནི་ཚང་མ་འདིས། སྒྲུབ་པར་བྱེད་དེ་འདོད་ཆགས་ཆགས་ལས་གཞན་མི་རིགས། །ཆགས་པ་མ་བཟུང་བཟུང་མེད་ཕྱིར། །ཆགས་པ་ཉིད་བཞིན་ཞེས་བྱ་བ་ནི་འདོད་ཆགས་ནི་ཆགས་པ་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ལ། ཆགས་པ ་ཡང་འདོད་ཆགས་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་པས་དཔེར་ན་ཆགས་པ་ཉིད་བཞིན་ཏེ། འདོད་ཆགས་དང་ཆགས་པ་གཉིས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཐ་དད་ནའང་ངེས་ནི་མི་ཆགས་བཞན?་བཞིན་ནོ་ཞེས་བྱ་བ་ནི་གང་དག་འདོད་ཆགས་ནི་ཆགས་པ་ལས?་ཐ ་དད་པ་ཡིན་ཏེ། དཔེར་ན་ལེ་བརྒན་རྩི་དང་གུར་གུམ་ལ་སོགས་པ་གོས་ལ་ཆགས་པ་བཞིན་དུ་ཁ་དོག་ཡིད་འཕྲོག་པ་དང། སྒྲ་སྙན་པ་དང། དྲི་ཞིམ་པ་དང། རོ་མངར་བ་དང། རེག་བྱ་འཇམ་པ་ལ་སོགས་པ་དག་ལ་འདུན་པའི་འདོད་ཆགས་ཀྱི་སེམས་ཆགས་པར་འགྱུར? ་བར་འདོད་པ་དེ་ལ་ཡང་ཐ་དད་པ་ཉིད་ཡིན་པར་འདྲ་བཞིན་དུ་གཟུགས་ལ་སོགས་པས་ནི་སེམས་ཆགས་པར་འགྱུར་ལ། གཟུགས་ལ་སོགས་པ་དག་ཉིད་ནི་གཅིག་ལ་གཅིག་ཆགས་པར་མི་འགྱུར་བ་དང། ཡུལ་ཡིད་དུ་མི་འོང་བ་དག་གིས་ཀྱང་ཆགས་བར་མི ་འགྱུར་པ་འདི་ལ་གཏན་ཚིགས་ཀྱི་ཁྱད་པར་ཡང་དག་པར་བརྗོད་དགོས་སོ། །གཞན་ཡང་གལ་ཏེ་སེམས་ལས་ལོགས་ཤིག་ན་འདོད་ཆགས་ཞེས་བྱ་བ་དམིགས་སུ་ཡོད་ཅིང་ངེས་ཆགས་པ་ཉིད་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་དངོས་པོ་རྣམ་པར་རིག་པའི་སེམས། །འདོད་ཆཌ ་ལས་གཞན་ཡོད་མིན་ཏེ། །དམིགས་པ་ལ་སོགས་མཚུངས་ཕྱིར་དང། །ཐ་དད་རྒྱུ་གཞན་མེད་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ། རྣམ་པར་ཤེས་པའི་མཚན་ཉིད་ནི་གཟུགས་ལ་སོགས་པའི་དངོས་པོ་སོ་སོར་རྣམ་པར་རིག་པ་ཡིན་ནོ། །དངོས་པོ་སོ་སོར་རྣམ་པར་རིག ་པའི་རྣམ་པར་ཤེས་པ་ལས་ལོགས་ཤིག་ན་འདོད་ཆགས་ཀྱི་མྱོང་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ལས་ལོགས་ཤིག་ན་ཡུལ་གཞན་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དནག། གང་གིས་ཐ་དད་པར་འགྱུར་བའི་རྒྱུ་གཞན་མེད ་པའི་ཕྱིར་རོ། །དེ་ཕྱིར་འདུས་པ་གཅིག་རང་ཉིད། །སྐྱེས་ལ་བལྟོས་ནས་འདུས་པ་ཅན། །ཐ་སྙད་བསྟན་པ་ཉིད་འདོད་དེ། །མེ་ཏོག་རྒྱས་པས་ཤིང་བཞིན་ནོ། ཞེས་བྱ་བ་ནི་ཁོ་བོ་ཅག་གི་ལུགས་ནི་ཡང་དག་པའི་ཀུན་རྫོབ་གྱི་བདེན་པའི་ཚུལ་གྱིས་འདོད་ཆགས ་ལ་སོཌ་པ་འདུས་པའི་ཡན་ལག་གཅིག་རང་གི་བདག་ཉིད་ཐོབ་པ་ལ་ཐོས་ནས་སེམས་དང་སེམས་ལས་བྱུང་བ་འདུས་པ་ཅན་དག་ལ་འདོད་ཆགས་ལ་སོགས་པ་ཞེས་བྱ་བར་ཐ་སྙད་དུ་བསྟན་པ་ཉིད་དུ་འདོད་དེ། དཔེར་ན་རྩ་བ་དང་མྱུ་གུ་དང་ལྕུག་མ་དང། སྒྲལ? ་མིག་དང། ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་འདུས་པ་ཡན་ལག་ཅན་གྱི་ཤིང་ལ་མེ་ཏོག་གམ་འབྲས་བུ་ལ་སོགས་པའི་འདུས་པ་ཡན་ལག་ཅན་གྱི་ཤིང་ལ་མེ་ཏོག་གམ་འབྲས་བུའི་ཡན་ལག་གང་ཡང་རུང་བ་གཅིག་ཤས་ཆེར་གྱུར་པ ་མཐོང་བ་ལ་བལྟོས་ནས་ཤིང་མེ་ཏོག་རྒྱས་སོ་ཞེ་འམ། ལྗོན་པ་འབྲས་བུ་ཆགས་སོ་ཞེས་ཐ་སྙད་གདགས་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་དེ་ཉིད་ལ་གནས་སྐབས་གཞན་གྱི་བྱེ་བྲག་གིས་འདོད་ཆགས་ལ་སོགས་པའི་ཐ་སྙད་དུ་གདགས་པར་ཟད་དེ། དེ ་ཡང་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་དོན་དམ་པ་མ་ཡིན་པས་འདོད་ཆགས་ཡོད་པ་མ་ཡིན་བའི་ཕྱིར། ཆགས་པ་ཡང་ག་ལ་ཡོད་ལ་ཀུན་ནས་ཉོན་མོངས་པ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ལུང་ལས་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་འདོད་ ་ཆགས་ཀྱི་ཆོས་ཅན་མ་ཡིན། འདོད་ཆགས་དང་བྲལ་བའི་ཆོས་ཅན་མ་ཡིན། ཀུན་ནས་ཉོན་མོངས་པའི་ཆོས་ཅན་མ་ཡིན། རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ། ཞེས་གསུངས་པ་ལ་སོགས་པ་དེ་དག་ཉེ་བར་བཞག་པ་ཡིན་ནོ།། །། ་དབུ་མའི་སྙིང་བོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་དྲུག་པ། །འདིར་སྨྲས་པ། འདོད་ཆགས་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་སྤང་བའི་བསྟན་པའི་ཕྱིར་རོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དགའ་བའི་འདོད་ཆགས་ལྷན་ཅིག་སྐྱེས་པའི་སྲེད་བ་ཟད་པ་དང། ་འདོད་ཆགས་དང་བྲལ་བ་དང། འགོག་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན། བཤད་པ་ཇི་སྐད་བསྟན་པའོ་ཚུལ་གྱི་འདོད་ཆགས་ཡོད་པ་མ་ཡིན་པའི་ཕྱིར། དེ་སྤངས་ཕྱིར་ནི་མྱ་ངན་འདས། །མི་རིགས་དེ་ཉིད་མི ་འཐད་ཕྱིར། །དངོས་དང་དངོས་མེད་མཚན་ཉིད་མིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པས་དོན་དམ་པར་དཔྱད་པ་མི་བཟོད་པའི་ཕྱིར་དེ་ཉིད་མི་རིགས་སོ། །ཇི་ལྟར་ཞེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་ནི་མྱ་ངན་ལས་འདས་པ་རྫས་སུ་ཡོད་པ་དང། རྟག་པ་དང་རྟག་པའི་དངོས་པོ ་བདག་ཉིད་དུ་འདོད་དོ། །མདོ་སྡེ་པ་དང་གོས་དམར་སྡེ་པ་དག་ནི་ཕུང་པོ་མེད་པ་ཙམ?་སྟེ། མར་མེ་ཤི་བར་གྱུར་པ་ལྟར། །དེའི་སེམས་ནི་རྣམ་པར་ཐར། །ཅེས་བརྗོད་དོ། །གནས་མ་བུའི་སྡེ་པ་དག་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་དེ། གང་གི་ཕྱིར་མྱ་ངན་ལས་འདས ་པ་ནི་ལུས་དང་དབང་པོ་དང་བློ་མེད་པའི་ཕྱིར་དངོས་པོ་མེད་པའི་ཡིན་ལ། གཏན་གྱི་བདེ་བ་བླ་ན་མེད་པ་དང་ལྡན་པའི་ཕྱིར་དངོས་པོ་ཡིན་ནོ། ཞེས་ཟེར་རོ་དེའི་དངོས་པོ་དང་དངོས་པོ་མེད་པ་བཀག་པས་གཉི་གའི་བདག་ཉིད་ཀྱང་བཀག་པ་བྱས་པར་འགྱུར་བས་དེའི་ཕྱིར་རེ་ཞིག ་དངོས་པོ་དང་དངོས་པོ་མེད་པའི་བད་གཉིད་དགག་པར་བྱ་སྟེ། གལ་ཏེ་མྱ་ངན་འདས་དངོས་ན། །དངོས་པོ་ཡིན་ཕྱིར་དེ་འདུས་བྱས། ཞེས་བྱ་བ་ལ་དངོས་པོ་ཞེས་བྱ་བ་འབྱུང་བའི་ཕྱིར་དངོས་པོ་སྟེ། རྒྱུ་དང་རྐྱེན་རྣམས་ཀྱིས་འདུས་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེའི་ཕྱིར་མྱ་ངན ་ལས་འདས་པ་དངོས་པོར་རྗེས་སུ་དཔོག་པས་འདུས་བྱས་ཉིད་ཀྱིས་འདུས་མ་བྱས་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་ཉམས་སོ། །གཞན་ཡང་མྱ་ངན་ལས་འདས་པ་ནི་འདུས་བྱས་ཀྱི་གཉན་པོ་ཡིན་བར་འདོད་ན། གལ་ཏེ་འདུས་བྱས་ཡིན་ན། གཉེན་པོ་མ་ཡིན་འདུས ་བྱས་ཕྱིར། །དཔེར་ན་འདུས་བྱས་འགག་གས་པ་བཞིན། ཞེས་བྱ་བ་ལྟར་འགྱུར་རོ། །གལ་ཏེ་དངོས་མེད་གཞན་རྟེན་འགྱུར། །དངོས་པོ་མེད་ཕྱིར་ཞིག་པ་བཞིན། །དེ་ནི་གཉེན་པོར་མི་འདོད་དེ། །གཞན་ལ་རྟེན་ཕྱིར་ཞིག་བཞིན་ནོ། ཞེས་བྱ་བ་ལ་དངོས་པོ་མང་པ་དང། ་རྫས?་སུ་ཡོད་པ་མ་ཡིན་པ་དག་ནི་རྣམ་གྲངས་ཏེ། གལ་ཏེ་མྱ་ངན་འདས་པ་དངོས་པོ་མེད་བ་ཉིད་ཡིན་ན་ཐད་པ་ཉིད་ལ་སོགས་པར་མི་འཐད་པའི་ཕྱིར། ནམ་མཁའ་ཨི་མེ་ཏོག་བཞིན་བས་ངོ་བོ་ཉིད་ཉམས་སོ། །དེ་གཞན་ལ་བརྟེན་པ་ཡིན་པར་ཡང་འགྱུར་ཏེ། དངོས་པོ་མེད་པའི ་ཕྱིར་ཞིག་པ་བཞིན་ཏེ། དཔེར་ན་ཀོང་བུ་དང་འབྲུ་མར་དང་སྙིང་པོ་ལ་སོགས་པ་འདུས་པ་ལས་མར་མེ་ཞེས་བྱ་བར་འཇིག་རྟེན་ལ་གྲགས་པ་ཕྱས་དངོས་པོ་མེད་པར་གྱུར་པ་ནི་དངོས་པོ་གཞན་ལ་བརྟེན་པ་བཞིན་དུ་མྱ་ངན་ལས་འདས་པ་ཕུང་པོའི་རྒྱུན་གྱི་སྲེད་པ་ཟད་པ ་ལས་ལེན་པ་མེད་པ་དང། དངོས་པོ་མེད་པ་ཞེས་བྱ་བ་ཡང་མར་མེ་ཞིག་པ་བཞིན་དུ་དངོས་པོ་ལ་བརྟེན་པ་ཉིད་དུ་འགྱུར། ཁྱེད་ཅག་མྱ་ངན་འདས་པ་ནི་མི་འཇིག་པ་དང་རྟག་པར་ཁས་ལེན་ན་དེ་གཞན་ལ་བརྟེན་པ་དང་ཞིག་པ་ལྟ ་བུ་ཡིན་ན་འཁོར་བའི་གཏེན་པོ་ཉིད་ཡིན་པར་ཡང་མི་འཐད་དོ། །འོ་ན་ལུང་ལས་དགེ་སློང་དག་།མྱ་ངན་ལས་འདས་པ་དེ་ནི་མ་སྐྱེས་པ་དང། མ་བྱུང་བ་དང། འདུས་མ་བྱས་ཉིད་དུ་ཡོད་དོ་ཞེས་གསུངས་པས་འདུས་མ་བྱས་པའི་བདག་ཉིད་ཀྱི་མྱ་ངན་ལས་འདས་པ ་མ་ཡིན་ནམ་ཞེ་ན། བཤད་པ་དེ་ནི་འདུས་མ་བྱས་མི་རིགས། །དགག་བ་གོང་དུ་བསྟན་པའི་ཕྱིར། ཞེས་བྱ་བ་ནི་གལ་ཏེ་རྫས་སུ་ཡོད་པ་ཡིན་ན་དངོས་པོ་ཡིན་པའི་ཕྱིར། དེ་འདུས་བྱས་ཡིན་པའི་ཕྱིར་དེ་འདུས་བྱས་ཉིད་དུ་འགྱུར་གྱི། འདུས་མ་བྱས་མ་ཡིན་ཏེ། སྐྱོན ་གོང་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་མྱ་ངན་ལས་འདས་པ་རྫས་སུ་ཡོད་པ་དང་ཐ་སྙད་གདགས་སུ་རུང་པ་ཉིད་དང་མ་སྐྱེས་པ་དང་རྟག་ཏུ་གནས་བ་ཉིད་དུ་བརྟག་གྲང་ན། གྲངས་ཅན་དག་གིས་རབ་བརྟག་པའི། །གྲོལ་བའི་སེམས་ལས་ཁྱད་ཅི་ཡོད། ཅེས་བྱ་བ་ནི་གྲངས ་ཅན་དག་ཀྱང་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་མ་སྐྱེས་པ་མི་འཇིག་པ་བྱ་བ་དང། བྱེད་པ་མཐར་ཐུག་པ་ནི་སྐྱེས་བུའི་ངོ་བོ་ཉིད་ཡིན་ནོ་ཞེས་གྲོལ་བའི་བདག་ཉིད་ཡོད་པར་འདོད་པས་གང་དག་གིས་གཟུང་བ་དང། འཛིན་པའི་རྣམ་པར་རྟོག་པ་གཉིས་དང་བྲལ་བའི ་ཕྱིར། དོན་ཐམS་ཅད་ནང་དུ་བསྡུ་བ་དང། ཕྱི་རོལ་ཏུ་སྤྱོད་པ་མེད་པར་ངེས་པར་བརྟགས་པ་དེ་དག་ཀྱང་གྲངས་ཅན་གྱི་གྲུབ་པའི་མཛའ་དང་མཚུངས་སོ། །མྱ་ངན་ལས་འདས་པ་ནི་ཟད་པ་ཉིད་ཡིན་པར་ཡང་མི་རིགས་ཏེ། ཇི་ལྟར་ཞེ་ན། ཉོན་མོངས་རྣམ་རྟོག་གཙུབ? ་ཤིང་ལས། །བྱུང་བ་རང་གི་དང་ཟད་པ། །དེ་ལ་བསགས་པ་ཡོད་མིན་པས། །གང་ཟག་ཁྱོད་མཐར་མི་ཟད་འགྱུར། ཞེས་བྱ་བ་ཡིན་ཏེ། ཉོན་མོངས་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟེག་པས་ཀུན་ནས་བསླད་བ་ཆུའི་ཁམས་ཀྱི་རྙོག་པ་དང་ནམ་མཁའ་ཨི་ཁམས་ཀྱི་སྤྲིན ་ལ་སོགས་པ་ལྟ་བུའི་སྒྲིབ་པ་ཁོང་ཁྲོ་བ་ལ་སོགས་པ་དག་གིས་སེམས་ཀུན་ནས་ཉོན་མོངས་པར་བྱེད་ཅིང་དེ་དག་ཀྱང་ཡང་དག་པའི་ཤེས་པ་སྐྱེས་པས་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་བསགས་པ་མེད་པས་རང་གི་དང་ཉིད་ཀྱི་ཟད་པར་འགྱུར་པས་དེ་དག་ལ་དང་པོ་ཉིད་ནས ་ཀུན་ཏུ་སྦྱོར་བ་མེད་ན་ཟད་པ་ག་ལ་ཡོད། ཟད་པ་མེད་པའི་ཕྱིར་གན་ལས་ཐར་པར་འགྱུར། དེའི་ཕྱིར་གང་གི་ཟད་པ་ལ་བལྟོས་ནས་ཁྱོད་ཀྱི་ཐར་པ་ཟད་པ་མེད་པ་ཞེས་བྱ་བ་དེ་ཡོད་པར་འདོད་ཡན་ན་ཉོན་མོངས་པ་རྣམས་ནི་མ་སྐྱེས་པ་ཁོ་ན་ཡིན་ཏེ། ངོ་བོ་ཉིད་ཀྱིས་མ་བྱུང་བའི ་ཕྱིར་རོ། །དེ་དག་ཡོད་པ་མ་ཡིན་པའི་ཕྱིར་བསགས་པ་མེད་དོ། །བསགས་པ་མེད་ན་གང་གིས་བཅིངས་ཤིང་གང་ལས་ཐར་པར་འགྱུར་ཏེ། དེའི་ཕྱིར་སྐྱེ་བ་མེད་ལ་རྟོག་པ་ཡང། དེ་བཞིན་མེད་ཕྱིར་ཚུལ་གཉིས་མཚུངས། ཞེས་བྱ་བ་སྨྲས་སོ། །ཟད་པ་ཅན་ནམ་ཟད ་མེད་ན། །གང་གིས་ཟད་པས་ཐར་པ་སྨྲོས། ཞེས་བྱ་བ་ནི་རེ་ཞིག་རང་གི་དང་གིས་ཟད་པ་ཅན་མར་མེ་བཞིན་དུ་ཟད་པ་ལ་ནི་ཐར་པ་མི་འཐད་དོ། །ཟད་པ་ཅན་མ་ཡིན་པ་ལ་ཡང་ཟད་པ་མེད་པའི་ཕྱིར་ནམ་མཁའ་ལྟ་བུ་ལ་ཐར་པ་མེད་དོ། །ཅི་ཐར་པ་མེད་པ་ཁོ་ན ་ཡིན་ནམ་ཞེ་ན། ཀུན་རྫོབ་ཏུ་ཡོད་དེ། དོན་དམ་པར་ནི་ཡོད་མ་ཡིན་ཏེ། །གང་གི་ཕྱིར་ཞེ་ན། རང་བཞིན་སྟོང་ཉིད་རྟོག་པའི་ཕྱིར། དེ་ཡི་བློ་ཡང་ལྡོག་གྱུར་པས། །ཟད་མེད་མི་ཟད་ཆོས་ཉིད་འཐོབ། །ཐོབ་པ་མེད་པའི་ཚུལ་གྱིས་སོ་ཞེས་བྱ་བའི་ཕྱིར་ཏེ། །གང་གི་ཚེ་དེས ་ཉོན་མོངས་པ་རྣམས་དང་སེམས་རང་བཞིན་སྟོང་པ་ཉིད་དུ་ལེགས་པར་རྟོག་པར་གྱུར་པ་དེའི་ཚེ་ན། དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་ཐར་པའི་བློ་ཡང་ལྡོག་པས། ཉོན་མོངས་པ་བསགས་པ་མེད་པའི་ཕྱིར་མི་ཟད་པས་ཟད་པ་མེད་པའི་ཆོས་ཉིད ་འཐོབ་སྟེ། ཐོབ་པ་མེད་པ་ཉིད་ཐོབ་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ད་ནི་ཐོབ་པ་མེད་པ་ཁོ་ནར་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་སོ་ཞེས་གསུངས་པ་དང། དེ་བཞིན་དུ་ཚེ་དང་ལྡན་པ་ཤར་དྭཱ་ཏིའི་བུ་ཐོབ་པ་ཡང་ཡོད། མངོན་པར་རྟོག་བ་ཡང ་ཡོད་དེ། །དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་གཉིས་སུ་བརྗོད་པར་ཟད་ཀྱི་དོན་དམ་པར་ནི་ཡོད་པ་མ་ཡིན་ནོ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེའི་ཕྱིར་ཁོ་བོ་ཅག་ནི་ཕ་རོལ་པོ་དག་འདོད་པ་ལ་མི་བརྟེན་པས། ཡང་དག་ཇི་བཞིན་ཡོངས ་རྟོགས་པ། །བདག་ལ་ཕན་པར་འདོད་པ་དག་།ལྟ་ངན་ནད་དྲི་ངན་བགོས་པའི། །བསྒྲེགས་པའི་ཚིགས་ལ་བརྟེན་མི་བྱེད། ཅེས་བྱ་བ་སྨྲས་ཏེ། ཁྱེད་ཅག་གི་རང་དགས་ཉེ་བར་སྦྱར་བའི་ཚིག་གང་དག་ཡིན་པ་དེ་དག་ལ་ནི་མཁས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟག ་པ་བདག་ལ་ཕན་པར་འདོད་པ་དག་རྟེན་བར་མི་བྱེད་དོ། །གང་གི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ཀྱི་ཚིག་དེ་དག་ནི་ལྟ་བ་ངན་པའི་ནང་དྲི་ང?་བས་བསྒྲོས་པའི་སྒྲེགས་པའི་ཚིག་ཡིན་པའི་ཕྱིར་རོ། །ལྟ་བ་ངན་པ་ཉིད་ནད་ཡིན་ལ་དེ་ཉིད་དྲི་ངན་པ་ཡིན་ཏེ། དེས་བསྒོས་པའི་སྒྲེགས ་པའི་ཚིགས་གང་དག་ལ་ཁྱད་པར་ཇི་སྐད་བསྟན་པ་དེ་ལྟ་བུ་ཡོད་པ་དག་ནི་ལྟ་བ་ངན་པ་དེའི་ནང་དྲིང་བས་བསྒོས་པའི་སྒྲེགས་པའི་ཚིག་དག་ཡིན་ཏེ། དེ་ལ་བརྟེན་པར་མི་བྱེད་དོ། ཞེས་བྱ་བར་སྦྱར་རོ། །དེ་དག་ལ་བརྟེན་ན་ཅི་ཉེས་ཞེ་ན། ལྟ་པ་ལོག་པའི ་རྣམ་བར་སྨིན་པ་གང་དག་ཡིན་པ་དག་འཐོབ་པར་འགྱུར་ཏོ། དེ་ནི་སེམས་ཅན་དམྱལ་བ་འམ་དུད་འགྲོའི་སྐྱེ་གནས་སམ་གཤིན་རྗེའི་འཇིག་རྟེན་དག་ཡིན་ཏེ། ཇི་སྐད་དུ། དད་པ་ཅན་ནི་ཉེས་བཟུང་བས། །ཁྲོས་པ་གཞན་ནི་ཞེ་སྡང་གིས། །དད་པ་ཅན་ཡང ་བསྲེགས་བསྟན་ན། །ཞེ་སྡང་ཅན་དག་བསམ་ཅི་དགོས། ཞེས་གསུངས་པའི་ཕྱིར་རོ། །འདི་སྨྲས་པ། འདོད་ཆགས་ནི་ཡང་དག་བར་ཡོད་པ་ཁོ་ན་ཡིན་ཏེ། ཕྱིར་ཅི་ལོག་ཡོད་པའི་ཕྱིར་རོ། །འདི་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དང། སྟོང་པ་དང་བདག ་མེད་པ་དང། མི་སྡུག་པ་དག་ལ་རྟག་པ་དང་བདེ་བ་དང། དངོས་པོ་དང། བདག་ལ་སྡུག་པར་ཕྱིན་ཅི་ལོག་པར་དག་ནི་ཡོད་དོ། །དེ་དག་ལ་བརྟེན་ནས་འདོད་ཆགས་ལ་སོགས་པ་ངག་འབྱུང་བར་འགྱུར་ཏེ། ཇི་སྐད་དུ་མ་རིག་པ་ནི་ཉོན་མོངས་པ་རྣམས་ཀྱི་རྩ་བ་ཡིན ་ལ། མ་རིག་པའི་རྩ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྩ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། བཤད་པ་ཕྱིན་ཅི་ལོག་དག་ཡོད་པའི་ཕྱིར། །འདོད་ཆགས་ཡོད་པ་མི ་རིགས་ཏེ། །འདོད་ཆགས་བཞིན་དུ་བརྟག་པའི་ཕྱིར། །རྟོག་པ་དེ་ཡང་ཀུན་རྫོབ་པ། ཞེས་བྱ་བ་ནི་ཕྱིན་ཅི་ལེག་ཀྱང་འདོད་ཆགས་བཞིན་དུ་ཆགས་བཞིན་དུ་བརྟག་པར་བྱ་སྟེ། ཕྱིན་ཅི་ལོག་དེ་ཕྱིན་ཅི་ལོག་ཏུ་གྱུར་པ་འམ། ཕྱིན་ཅི་ལོག་ཏུ་མ་གྱུར་པ་འམ། ཕྱིན་ཅི་ལོག་ཏུ་འགྱུར ་བཞིན་པ་འམ། ཕྱིན་ཅི་ལོག་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཐ་དད་དམ། འོན་ཏེ་ཐ་མི་དད་ཅེ་ན། ཕྱིན་ཅི་ལོག་རྣམ་པ་ཐམས་ཅད་ཡང་དག་པར་ན་འདོད་ཆགས་ཁོ་ན་བཞིན་དུ་མི་འཐད་པས། དེའི་ཕྱིར་ཕྱིན་ཅི་ལོག་པ་ཡང་ཀུན་རྫོབ་པ་ཡིན་ནོ། །གཞན་ཡང་སེམས་དང ་སེམས་ལས་བྱུང་བ་ཡི། །ངོ་བོ་ཉིད་ཕྱིར་སྔར་བཀག་ཕྱིར། །གང་གིས་དེས་ནི་ཆགས་འགྱུར་བའི། །འདོད་ཆགས་ཆགས་པའི་དངོས་ཉིད་མེད། ཅེས་བྱ་བ་ནི་གང་ཚེ་སྡར་རབ་ཏུ་བྱེད་པ་འདི་ཉིད་ཀྱི་སྐབས་སུ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ངོ་བོ་ཉིད་སྤྱིར་དགག་པ ་བྱས་པ་དེའི་ཚེ་འདོད་ཆགས་ཞེས་བྱ་བ་ངོ་བོ་ཉིད་ལས་ཡོད་པ་དེ་གང་ཡིན། གང་འདོད་ཆགས་དེས་ཆགས་པར་འགྱུར་བའི་སེམས་དེ་ཡང་གང་ཞིག་ཡིན། དེས་ནི་སྡང་དང་རྨོངས་ལ་སོགས། །སོ་སོར་བཤད་པ་བྱས་པར་འགྱུར། ཞེས་བྱ་བ་ནི་འདོད་ཆགས་དང་ཆགས ་བ་བཀག་པའི་ཚུལ་ངེས་ཞེ་སྡང་བ་དང་གཏི་མུག་དང་རྨོངས་པ་ལ་སོགས་པ་དག་ཀྱང་འདྲ་བར་བཀག་པར་ཤེས་པར་བྱའོ། །ཇི་ལྟར་ཞེ་ན། གང་ཚེ་སེམས་ནི་འགག་པ་ལ། །མངོན་དུ་ཕྱོགས་ཤིང་སྐྱེས་པའི་ཚེ། །གང་ལ་གང་གིས་སྡང་བར་འདོད། །སྡང་བ་འགགས་ལ ་འང་མི་འདོད་དོ། །གལ་ཏེ་སྐྱེ་བཞིན་སྡང་ཞེ་ན། །དེ་ཅི་གལ་ཏེ་སྐྱེ་མངོན་ཕྱོགས། །མ་སྐྱེས་པ་ལ་དེ་མི་འདོད། །གཞི་མེད་བྱ་བ་མི་ལྡན་ཕྱིར། ཞེས་བྱ་བ་ལ་སོགས་པའི་ཚུལ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་བཅིངས་ཐར་མ་གྲུབ་ཕྱིར། ངོ་བོ་ཉིད་མེད་གཡོ? ་བ་མེད་ཅེས་བྱ་བ་ནི་ཕ་རོལ་པོ་དག་གིས་སྔར་དངོས་པོ་རྣམས་ནི་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང། དོན་འགལ་བ་ཉིད་ཡིན་པའི ་ཕྱིར་ཏེ། བཅིངས་པ་དང་ཐར་པ་དག་ཀུན་རྫོབ་པ་ཡིན་པའི་ཕྱིར་རོ། །གྲངས་ཅན་དག་ན་རེ་སྲ་བ་ཉིད་ལ་སོགས་པའི་ཁྱད་པར་དང་བྲལ་བའི་ས་ལ་སོགས་པ་ནི་རྫས་ཡིན་ཏེ། དེ་ནི་ཆུ་ལ་སོགས་པ་རྣམ་པར་བཅད་པའི་དངོས་པོར་སྣང་བའི་བློའི་རྒྱུ་ཡིན་པས་རྫས་ལS ་དོན་གཞན་མ་ཡིན་ནོ། །སྲ་བ་ཉིད་ལ་སོགས་པས་མཚོན་པའི་ས་ལ་སོགས་པ་དེ་དག་ནི་རྫས་ལས་དོན་གཞན་ཡིན་ནོ་ཞེས་ཟེར་རོ། །གཟེགས་ཟན?་པ་དག་ན་རེ། དངོས་པོ་ལ་མ་གཏོགས་པའི་ཡོན་ཏན་གཞན་ཉིད་དང། གཞན་མ་ཡིན་པ་ཉིད་ཅེས་བྱ་བ ་དང་ལྡན་པའི་ཕྱིར་དངོས་པོ་ལ་ཡང་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་ཅེས་བྱ་བའི་ཐ་སྙད་གདགས་ཏེ། དེ་ལས་ལ་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་ཉིད་ཡོད་ལ། ཆུ་ལ་སོགས་པ་ལ་ནི་སའི་གཞན་ཉིད་དོ་ཞེས་ཟེར་རོ། །དེ་གཉི་གའི་གཞན་མ ་ཡིན་པ་ཉིད་དགག་པའི་ཕྱིར་བཤད་པ། ས་ནི་དོན་དམ་ཉིད་དུ་ན། །ས་ལས་གཞན་མིན་ཉིད་མི་འདོད། །རྒྱུ་དང་ལྡན་ཕྱིར་རླུང་བཞིན་དང། །དངོས་པོ་ཡིན་ཕྱིར་ཤེས་པ་བཞིན། ཞེས་བྱ་བ་ནི་སྲ་བ་ཉིད་མ་གཏོགས་པར་ས་ཞེས་བྱ་བ་ནི་ཡང་མེད་ལ། ས ་མ་གཏོགས་པར་ཡང་གང་གིས་གཞན་མ་ཡིན་པ་ཉིད་དུ་འགྱུར་བའི་གཞན་ཉིད་མེད་དོ་ཞེས་བྱ་བར་ཚད་མ་རྣམ་པར་བཞག་སྟེ། དངོས་པོ་རྣམས་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །ཤེས་པ་བཞིན་ཞེས་བྱ་བ་ནི་སྐྱེས་བུ་བཞིན་ནི་ཞེས་བྱ་བའི་ཐ ་ཚིག་གོ་།ས་ལས་དོན་དམ་ཉིད་དུ་ན། །ཆུ་ནི་གཞན་པར་མི་གཟུང་སྟེ། སྐྱེ་དང་ལྡན་པའི་རྫས་ལས་ནི། །ས་གཞན་མིན་པ་ཇི་བཞིན་ནོ། །ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ནི་དཔེར་ན་རྫས་ཀྱི་ངོ་བོ་ཉིད་ལས་སའི་ཐ་སྙད་གཞན་ཡིན་ཡང་དངོས་པོ ་གཞན་ཉིད་དུ་མི་འདོད་པ་དེ་བཞིན་དུ་ཆུ་ཡང་གང་གིས་གཞན་ཉིད་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།ཅེ་སྟེ་འདི་སྙམ་དུ་རྫས་ཀྱི་བདག་ཉིད་དང་སའི་བདག་ཉིད་གཞན་མ་ཡིན་པ་ཉིད་ནི་རུང་བ་སྟེ། འདི་ལྟར་དེ་ལ་སྒྲ་དང་བློ་ཡང་ཐ་དད་པ་མེད་པའི་ཕྱིར་རོ། །ས་དང་ཆུ་ལ་སོགས་པ ་ནི་གཞན་ཉིད་ཡིན་ཏེ་སྒྲ་དང་བློ་ཐ་དད་པ་ཡང་ཡོད་ལ། ལས་དང་མཚན་ཉིད་ཀྱང་ཐ་དད་པས་དེའི་ཕྱིར་ས་ལ་སོགས་པ་དག་ནི་གཞན་ཉིད་ཡིན་ནོ་སྙམ་ན་བཤད་པ། ས་ལ་སོགས་པས་སྒྲ་བློ་དང། །ལས་དང་མཚན་ཉིད་ཐ་དད་པས། །དེ་དག་གཞན་ཉིད་མི་འདོད་དེ། །བསྒྲུབ ་བྱའི་ཆོས་དང་མི་ལྡན་ཕྱིར། ཞེས་བྱ་བ་ལ་འདིར་བསྒྲུབ་པར་བྱ་བ་ནི་གཞན་ཉིད་དེ་དེ་ཉིད་ཆོས་ཡིན་པས་བསྒྲུབ་པར་བྱ་བའི་ཆོས་སོ། །དེ་དང་མི་ལྡན་པ་ནི་ལྡན་པ་མ་ཡིན་ཏེ་འདི་ལྟར་ཆུ་ལ་སོགས་པ་ནི་ས?་ལ་སོགས་པ་དག་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ། །ཞེས་སྔར ་བསྟན་ཟིན་པས། དེའི་ཕྱིར་གཞན་ཉིད་མ་གྲུབ་པའི་ཕྱིར་དཔེ་སྒྲུབ་བར་བྱ་བ་དང་མི་ལྡན་ནོ། །ཐ་དད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིག་དེ་ནི་མ་ངེས་པ་ཡང་ཡིན་ཏེ། ཇི་ལྟར་ཞེ་ན། གཟུགས་ཀྱི་བདག་ཉིད་མིན་གཞན་ཡང། ཐ་སྙད་ཡོད་ཕྱིར་མ་ངེས་འགྱུར། ཞེས་བྱ་བ ་སྟེ་གཟུགས་ཀྱི་བདག་ཉིད་ཅེས་བྱ་བ་དང། མཆི་གུའི་ལུས་ཞེས་བྱ་བ་དག་གཞན་ཉིད་མ་ཡིན་ཡང་གཟུགས་ཀྱི་བདག་ཉིད་ཅེ་བྱ་བའི་སྒྲ་ཐ་དད་པའི་ཐ་སྙད་ཡོད་པའི་ཕྱིར། དེས་ན་རེ་ཞིག་ཇི་ལྟར་གཟུགས་ཀྱི་བདག་ཉིད་ཅེས་པ་ལ་སྒྲ་ཐ་དད་པའི་ཐ་སྙད་ཡོད་ཀྱང ་གཟུགས་དང་གཟུགས་ཀྱི་བདག་ཉིད་གཞན་ཉིད་མ་ཡིན་པ་བཞིན་དུ་ས་དང་ཚུལ་སོགས་པ་དག་ལ་ཡང་སྒྲ་ཐ་དད་པ་ཡོད་ཀྱང་དངོས་གཞན་ཉིད་མ་ཡིན་པར་འགྱུར་རམ། འོན་ཏེ་ཇི་ལྟར་ལྷ་སྦྱིན་གྱི་ལ་བ་ཞེས་བྱ་བ་ལ་སྒྲ་ཐ་དད་པ་ཡོད་པའི་ཕྱིར། དངོས་ཀྱང ་གཞན་ཉིད་ཡིན་པ་བཞིན་དུ་ས་དང་ཆུ་ལ་སོགས་པ་དག་ལ་ཡང་སྒྲ་ཐ་དད་པ་ཡོད་པའི་ཕྱིར་དངོས་ཀྱང་ཐ་དད་པར་འགྱུར་པ་ལ་ཐེ་ཚོམ་ཡོད་ཅི་མ་ངེས་པའི་ཕྱིར་རོ། །ཡོངས་སུ་བརྟགས་པ་མ་གྲུབ་ཕྱིར། །དེ་དོན་མ་གྲུབ་ཉིད་དུ་འགྱུར། ཞེས་བྱ་བ་ནི་སྒྲ་དང་བློ་བ་དང ་པའི་ཕྱིར་རོ། །ཞེས་ཡོངས་སུ་བརྟགས་པ་དེའི་དོན་མ་གྲུབ་པའི་ཕྱིར་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དུ་འགྱུར་བས་ཕ་རོལ་པོས་ཡོངས་སུ་བརྟགས་པའི་དོན་ནི་དོན་དམ་པ་པ་མ་ཡིན་ནོ། །སྒྲ་སོགས་བྱེ་བྲག་ཐ་དད་ཀྱང། །དེ་ཕྱིར་དེ་དག་འཁྲུལ་པར་འགྱུར ་ཞེས་བྱ་བ་ནི་ཁྱད་པར་གཞན་ཉིད་སྟོན་པའི་གཏན་ཚིག་དག་གོ་།ཁྱད་པར་བརྗོད་པར་གྱུར་ཀྱང་ནི་འགལ་བས་ངེས་པར་བཟློག་པར་འགྱུར། ཞེས་བྱ་བ་ནི་གཞན་དང་གཞན་མ་ཡིན་པ་ཉིད་དགག་པ་སྒྲུབ་པའི་ཚིག་གིས་སོ། །གཅེར་གྲུབ་དག་ནི་དངོས་པོ་ཐམས་ཅད་གཉིས ་གའི་བདག་ཉིད་ཡིན་པར་འདོད་དེ། ས་ལས་ཆུ་ལ་སོགས་པ་དག་གཞན་ཉིད་དེ་མཚན་ཉིད་དང་ལས་ཐ་དད་པའི་ཕྱིར་རོ། །གཞན་ཉིད་ཀྱང་མ་ཡིན་ཏེ། སྲ་བ་ཉིད་ལ་སོགས་པ་ཡོད་པས་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། དེ་དག་ལ་འདི་སྐད་ཅེས་བརྗོད ་པར་བྱ་སྟེ། གཉི་གཉིད་ཀྱང་མི་རུང་སྟེ། འགའ་ཕྱིར་མེ་ལ་གྲང་དྲོ་བཞིན། ཞེས་བྱ་བ་ནི་གལ་ཏེ་ས་ལས་ཆུ་ལ་སོགས་པ་དག་གཞན་ཡིན་ན་ནི་ཇི་ལྟར་གཞན་མ་ཡིན་པར་འགྱུར། ཅི་སྟེ་གཞན་མ་ཡིན་ན་ནི་འོན་དེ་ལྟ་ན་གཧྣ?་ཞེས་བྱ་བ་དང་འགལ་ཏེ། དཔེར་ན་གལ་ཏེ ་མེ་ཚ་བ་ཡིན་ན་ཇི་ལྟར་གྲང་བ་ཡིན། ཅི་སྟེ་གྲང་བ་ཡིན་ན་ནི་འོན་དེ་ལྟར་ན་ཇི་ལྟར་ཚ་བར་འགྱུར་ཞེས་བྱ་བ་བཞིན་ནོ། །གཞན་ཡང་གཞན་དང་གཞན་མིན་ཕྱོགས་དགག་པ་བསྟན་ཕྱིར་དེ་ཡང་བཟང་པོ་མིན། ཞེས་བྱ་བ་ནི་འདི་ལ་གཞན་ཉིད་རང་གཞན་མ ་ཡིན་པ་ཉིད་ཀྱི་ཕྱོགས་དགག་པ་བསྟན་ཟིན་པའི་ཕྱིར། དེ་གཉིས་ལས་མ་གཏོགས་པ་གང་གཉི་གའི་བདག་ཉིད་འགྱུར་བ་གཞན་གང་ཡོད་དེ་དེའི་ཕྱིར་གཉི་གའི་བདག་ཉིད་དེ་ཡང་བཟང་པོ་མ་ཡིན་ནོ། །ཅི་སྟེ་གཉི་གར་སྨྲ་བ་དག་འདི་སྐད་ཅེས། མ་ཡང ་གཉི་གའི་བདག་ཉིད་ཡིན་ཏེ་བཙོ་བ་ལ་སོགས་པ་དག་ལ་ནི་ཆ་བ་ཡིན་ལ་བདེན་པའི་གསང་སྔགས་ལ་སོགས་པས་བྱིན་གྱིས་བརླབས་པ་དག་ལ་ནི་གྲང་བ་ཡིན་པས། དེའི་ཕྱིར་མེ་ཡང་གཉི་གའི་བདག་ཉིད་ཡིན་པའི་ཕྱིར་ཁྱེད་ཀྱི་དཔེ་མེད་དོ་ཞེ་ན། དེ་དག ་གི་ཕྱིར་བཤད་པ། གཉི་གའི་བདག་ཉིད་ཉིད་ཡིན་ཡང། །ཀུན་ལ་གྲགས་པའི་ཆ་དཔེར་བསྟན། དེ་ན་གཞན་ལ་དཔེ་མེད་པ། །རབ་ཏུ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་ནི་མེ་ལ་གཉི་གའི་བདག་ཉིད་འགའ་ཞིག་ཡོད་དུ་ཟིན་ཀྱང་དེ་ལ་གང་འཇིག་རྟེན་ཀུན་ལ་གྲགས་པའི་ཆ་དེ་དཔེ་ཉིད ་དུ་བསྟན་པས་དེའི་ཕྱིར་གཉི་གང་སྨྲ་བ་དག་ལ་ཁོ་བོ་ཅག་གིས་དཔེ་མེད་པར་མི་འགྱུར་རོ། །གཉི་གའི་དེ་ཡང་དོན་དམ་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། དེ་ནི་བལྟོས་ནས་འགྲུབ་པ་སྟེ། གཉིས་ལས་གང་ཡང་རུང་བ་ཞིག་།སྔར་མ་གྲུབ་ན་མི་འགྲུབ་ཕྱིར། །ཡིད་ཀྱིས་རྣམ ་པར་བརྟགས་པར་ཟད། ཅེས་བྱ་བའི་ཕྱིར་ཏེ། འདི་ན་ཁ་བ་ལ་སོགས་པ་གྲང་པ་དག་ལ་ལྟོས་ནས་མེ་ལ་སོགས་པ་ཚ་བ་ཉིད་དུ་འགྲུབ་ལ། མེ་ལ་སོགས་པ་ཚ་བ་ཉིད་ལ་བལྟོས་ནས་ཁ་བ་ལ་སོགས་པ་དག་གྲང་བ་ཉིད་དུ་བརྟག་སྟེ། དེ་ལྟར་རྣམ་པར་དཔྱད་ན་གྲང་བ ་དང་ཚ་བ་དེ་གཉིས་ལས་གང་ཡང་རུང་བ་ཞིག་སྔ་ན་མ་གྲུབ་པའི་ཆེན་ཕྱི་མ་ཡང་མི་འགྲུབ་པའི་ཕྱིར་གང་ལ་བལྟོས་ན་ཅིག་ཤེས་འགྲུབ་པར་བྱ་བ་གང་ཡིན་པ་མ་གྲུབ་པའི་ཚེ་ན། དེ་ལ་བལྟོས་ནས་འགྲུབ་པར་འགྱུར་བ་གང་ཡིན་པ་ཡང་མི་འགྲུབ་པས། དེ་དག་ནི ་ཡིད་ལ་བསམས་པ་ཙམ་དུ་ཟད་པའི་ཕྱིར་གཉི་གའི་བདག་ཉིད་ཅེས་བྱ་བ་དེ་ཡང་ཀུན་རྫོབ་པ་ཡིན་ནོ། །དེ་དག་ནི་རིང་པོ་དང་ཐུང་ངུར་རྟོག་པ་བཞིན་ཏེ། དཔེར་ན་རིང་པོ་ཡོད་ན་ཐུང་ངུ་ཡོད་པར་འགྱུར་ལ། ཐུང་དུ་ཡང་ན་རིང་པོ་ཡོད་པར་འགྱུར་བ་དེ་གཉིས་ལས་གང་ཡང་རུང ་པ་ཞིག་མེད་ན། མི་འགྲུབ་པ་བཞིན་ནོ། །བདག་ཡོད་པ་ཡང་ཡིན་ལ་བདག་མེད་པ་ཡང་ཡིན་པ་དང། རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་པ་དང། དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ། གཉི་གར་སྨྲས ་བ་ཐམས་ཅད་ལ། །དགག་པའི་ཚུལ་ཡང་དེ་ཉིད་དོ། ཞེས་བྱ་བར་གྲུབ། ཅེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བའི་ཚིག་གྲུབ། ཅེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བའི་ཚིག་གི་ལྷག་མའོ། །ཡོངས་སུ་བརྟགས་པའི་ཚིག་གི་དོན་གྱི་མཇུག ་སྡུ་བ་བྱེད་པ་ནི། དེ་ལྟར་འདུས་བྱས་ཆོས་དེ་དག། བསྡུ་བས་རྣམ་པར་བརྟགས་པ་ཡིན། ཞེས་བྱ་བ་ཡིན་ནོ། །འདིར་སྨྲས་པ། འདུས་བྱས་ཀྱི་དངོས་པོ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་གཉེན་པོ་འདུས་མ་བྱས་ཡིན་ནོ་ཞེ་ན། དེའི་ཕྱིར་འདུས་མ་བྱས་ཀྱི ་དངོས་པོའི་དབང་དུ་བྱས་ནས། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས་བཞིན་ནོ། །འདུས་བྱས་ལ་ནི་གཉེན་པོ་འདུས་མ་བྱས་ཡོད་པས་དེའི་ཕྱིར་ན་འདུས་བྱས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེའི་ཕྱིར་འདིར་འདུས་མ་བྱས་ཀྱི་དངོས་པོའི་དབང་དུ་བྱས་ནས་བྱེ ་བྲག་ཏུ་སྨྲ་བའི་གཞུང་གིས་བཤད་པ། འདུས་མ་བྱས་ནི་འགོག་གཉིས་དང། །ནམ་མཁའ་དང་ནི་དེ་བཞིན་ཉིད་ཅེས་བྱ་བ་ལ་འདུས་མ་བྱས་ནི་སོ་སོར་བརྟགས་ཏེ་འགོག་པ་དང། སོ་སོར་མ་བརྟགས་པར་འགོག་པ་དང། ནམ་མཁའ་དང་དེ་བཞིན་ཉིད་དོ། །དེ་ལ་སོ་སོར ་རྟོག་པ་ནི་ཤེས་རབ་སྟེ། དེས་ཉོན་མོངས་པ་མངོན་དུ་གྱུར་པ་རྣམས་བརྟགས་ཏེ། འགོག་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་ཏེ་འགོག་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ནོ། །སོ་སོར་མ་བརྟགས་པར་འགོག་པ་ནི་འགག་ཞིག་གིས་དངོས་པོ་རྣམས ་འགོག་པ་ལ་མི་འབྲལ་བ་གང་ཡིན་པའོ། །ནམ་མཁའ་ནི་སྒོ་སྐབས་འབྱེད་པར་བྱེད་པ་དང་མི་སྒྲིབ་པའི་མཚན་ཉིད་དོ། །དེ་བཞིན་ཉིད་ནི་སྔོན་མེད་པ་དང་ཞིག་ནས་མེད་པ་དང། གཅིག་ལ་གཅིག་མེད་པ་དང། གཏན་མེད་པ་དག་གིས་མཚོན་པ་དངོས་པོ ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་དོ། །དེ་དག་ནི་རྟག་པ་ཡིན་ཏེ། མི་འགྱུར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེའོ། །དེ་ལ་རེ་ཞིག་སོ་སོར་བརྟགས་ཏེ། འགོག་པ་ནི། དོན་དམ་དུ་ན་དངོས་པོ་མིན། །རྟག་དང་རང་བཞིན་མི་འགྱུར་ཕྱིར། །མོ་གཤམ་བུའི་གཟུགས ་བཞིན་ནོ། །ཞེས་བྱ་བ་ནི་འབྱུང་བའི་ཕྱིར་དངོས་པོ་ཞེས་བྱ་བ་དེ་ནི་རྟག་པ་དང་རང་བཞིན་མི་འགྱུར་བ་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་མི་ཐད་དེ། མོ་གཤམ་བུའི་གཟུགས་བཞིན་ནོ། །དེ་ཉིད་ཀྱི་གཏན་ཚིགས་ཀྱི་ཁྱད་པར་གཞན་བསྟན་པའི་ཕྱིར་མ་སྐྱེས་ཕྱིར་དང ་རྒྱུ་མེད་ཕྱིར། །དེ་བཞིན་ལས་ཀྱང་མེད་ཕྱིར་དང། །འདུས་བྱས་མ་བསྡུས་ཕྱིར་དང་ནི། །འགག་པ་མེད་པའི་ཕྱིར་ཡང་ངོ། །ཞེས་བྱ་བ་སྨྲས་ཏེ། སོ་སོར་བརྟགས་ཏེ་འགོག་པ་ནི་དོན་དམ་པར་དངོས་པོ་མ་ཡིན་ཏེ། ཞེས་བྱ་བའི་ཚིག་གི་ལྷག་མའོ། །དངོས་པོའི་བདག་ཉིད་ནི་སྐྱེ་བ་དང ་རྒྱུ་དང། ལས་དང་འདུས་བྱས་དང། འགག་པ་དག་གིས་མཚོན་པར་བྱ་བ་ཡིན་ན་དེ་ནི་མ་སྐྱེས་པ་དང། རྒྱུ་མེད་པ་དང། ལས་མེད་པ་དང། འདུས་བྱས་མ་ཡིན་པ་དང། འགག་པ་མེད་པའི་ཕྱིར་ཇི་ལྟར་དངོས་པོ་ཉིད་ཡིན་པར་འགྱུར། །སྐྱེ་བ་ལ་སོགས་པ་མེད་པའི ་ཕྱིར་འགག་པ་ཡང་མེད་དེ། འདི་ལྟར་སྐྱེས་པ་ལ་འགག་པ་འཐད་ཀྱི། མ་སྐྱེས་པ་ལ་མི་འཐད་པའི་ཕྱིར་རོ། །གང་གི་འབྲས་བུ་གང་འདོད་པ། །དེ་ནི་དེའི་རྒྱུ་མ་ཡིན་ཏེ། །མ་སྐྱེས་ལ་སོགས་གཏན་ཚིགས་ཀྱིས། །གླང་ཆེན་བླང་ཀྱི་ར?་བཞིན་ནོ། ཞེས་བྱ་བས?་ན་དེ་རྒྱུ་མ ་ཡིན་པར་འགོག་པར་བྱེད་དེ། འདུས་མ་བྱས་གང་གིས་འབྲས་བུ་གང་ཞིག་ཡིན་པར་འགའ་ཞིག་གིས་ཇི་ལྟར་བརྟག་པ་དེ་ལ་འདུས་མ་བྱས་དེ་ནི་འབྲས་བུ་དེའི་རྒྱུ་ཡིན་པར་མི་རིགས་ཏེ། སྐྱེ་བ་མེད་པ་ལ་སོགས་པའི་གཏན་ཚིགས་གོང་དུ་བསྟན་པ་དེ་དག ་གི་ཕྱིར། དཔེར་ན་གླང་པོ་ཆེའི་གླང་ལ་རྭ་ཉིད་མེད་པ་དེ་དེ་ལས་གཞན་པའི་སེང་གེའི་ཁྲི་ལ་སོགས་པ་དག་གི་རྒྱུར་མི་འགྱུར་བ་བཞིན་ནོ། །ཡང་ན་གཞན་དུ་བརྟག་པ་སྟེ། །མ་སྐྱེས་རྒྱུ་དང་ལྡན་པ་ཡི། །འབྲས་བུ་མི་འདོད་ཤེས་པར་བྱ། །འབྲས་བུ་ཡིན་ཕྱིར ་སྦྲང་རྩི་ནི། །མཁའ་མིན་སོགས་རྒྱུ་ལྡན་མིན་བཞིན། ཞེས་བྱ་བས་ནི་དེ་རྒྱུ་མ་སྐྱེས་པའི་འབྲས་བུ་མ་ཡིན་པར་འགོག་པར་བྱེད་དེ། འབྲས་བུ་གང་ལ་རྒྱུ་མ་སྐྱེས་པ་ཡོད་པ་དེ་ནི་མ་སྐྱེས་པའི་རྒྱུ་དང་ལྡན་པའི་འབྲས་བུ་ཞེས་བྱ་སྟེ། སོ་སོར་བརྟགས་ཏེ་འགོག་པ་དེ ་རྒྱུ?་མ་སྐྱེས་པ་དང་ལྡན་པའི་འབྲས་བུ་ཡིན་པར་ཕ་རོལ་པོ་ངག་གིས་བརྟགས་པ་དེ་ལྟར་མི་འདོད་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་མི་རིགས་ཏེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་སྦྲང་རྩི་ནི་འབྲས་བུ་ཡིན་པའི་ཕྱིར། ནམ་མཁའ་ཨི་མེ་ཏོག་ལ་སོགས་པའི་རྒྱུ་མ ་སྐྱེས་པ་དང་ལྡན་པའི་རྒྱུར་མི་འདོད་པ་བཞིན་ཏེ། དཔེར་ན་སྦྲས་བུའི་སྦྲང་རྩི་ནི་འབྲས་བུ་ཡིན་པའི་ཕྱིར། རྒྱུ་མེ་ཏོག་མ་ལ་ཏི་དང། པདྨ་དང། ཨུཏ་པ་ལ་ལ་སོགས་པ་སྐྱེས་བུ་དག་གིས་རྒྱུ་དང་ལྡན་པ་ཡིན་ཏེ། མེ་ཏོག་དེ་དག་སྐྱེས་པས་སྦྲང་རྩི་དེ་རྒྱུ་དེ ་དག་དང་ལྡན་པའི་འབྲས་བུ་ཡིན་པར་འདོད་ཀྱི། ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་དག་ནི་མ་སྐྱེས་པ་ཡིན་པས་སྦྲང་བུའི་སྦྲང་རྩི་དེ་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་དེ་དག་གི་རྒྱུ་དང་ལྡན་པར་མི་འདོད་བཞིན་དུ། སོ་སོར་བརྟགས་ཏེ་འགོག་པ་དེ་ཡང་འབྲས་བུ་ཡིན་བའི་ཕྱིར་རྒྱུ་མ ་སྐྱེས་པ་དང་ལྡན་པའི་འབྲས་བུ་ཡིན་པར་མི་འདོད་དོ། །དེས་ནི་ནམ་མཁའ་དེ་བཞིན་ཉིད། །ཕྱོགས་དང་དུས་དང་བདག་ལ་སོགས། །དུས་མ་བྱས་པ་ཇི་སྙེད་པ། །བཀག་པར་མཁས་པས་ཤེས་པར་བྱ། ཞེས་བྱ་བ་ནི་དགག་པ་དང་འདྲ་བར་སྟོན་པ་སྟེ། སོ་སོར་བརྟགས་ཏེ ་འགོག་པ་བཀག་པ་དང་འདྲ་བར་འདུས་མ་བྱས་ཇི་སྙེད་པ་ཐམས་ཅད་ཀྱང་རིག་པ་དེ་ཉིད་ཀྱིས་བཀག་པར་བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ་ཞེས་མདོར་བསྡུའོ། །གཞན་ཡང་རྫས་དང་གཙོ་བོ་སྲོག་ལ་སོགས། །མུ་སྟེགས་བཏགས་པའི་ཤེས་བྱ་དག ་རིག་དང་ལུང་ལ་མཁས་རྣམས་ཀྱིས། །ཅི་རིགས་པར་ནི་ཤེས་པར་བྱ། ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་གཞན་དག་གིས་བཏགས་པའི་ཤེས་བྱ་རྫས་ལ་སོགས་པ་དང། གཙོ་བོ་ལ་སོགས་པ་དང། སྲོག་ལ་སོགས་པ་ཇི་སྙེད་པ་ཐམས་ཅད་མཁས་པ ་རིག་པ་དང། ལུང་ལ་མི་འཇིགས་པ་ཐོབ་པ་རྣམས་ཀྱིས་ཅི་རིགས་པར་དགག་པར་བྱའོ། །དེ་ལ་རྫས་ལ་སོགས་པ་ཞེས་བྱ་བ་ནི་བྱེ་བྲག་པའི་ཚིག་གི་དོན་དྲུག་པོ་དག་སྟེ། རྫས་དང་ཡོན་ཏན་དང་ལས་དང། སྤྱི་དང། བྱེ་བྲག་དང། འདུ་བ་ཞེས་བྱ་བ་དགོ?་། ་དེ་ལ་རྫས་ནི་དགུ་སྟེ། ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་དང། དུས་དང། ཕྱོགས་དང། བདག་དང། ཡིད་ཅེས་བྱ་བ་དག་གོ། ཡོན་ཏན་ཉི་ཤུ་རྩ་ལྔ་སྟེ། གཟུགས་དང། སྒྲ་དང། རོ་དང། རེག་པ་དང། གྲངས་དང། བོད་ཚིད་དང། སོ་སོ་པ་དང། ཕྲད་པ་དང། ་བྱེད་པ་དང། གཞན་དང་གཞན་མ་ཡིན་པ་དང་།བློ་ལྔ་དང། བདེ་བ་དང། སྡུག་བསྔལ་བ་དང། འདོད་པ་དང། སྡང་པ་དང། འབད་པ་དང། ཆོས་དང་ཆོས་མ་ཡིན་པ་དང། ཤེས་པ་དང། བྱས་པའི་ཤུགས་ཞེས་བྱ་བ་དག་གོ་།ལས་ནི་ལྔ་སྟེ་འདེག་པ་དང། འཇོག་པ་དང། བསྐུམ ་པ་དང། བརྐྱང་བ་དང། འགྲོ་བ་ཞེས་བྱ་བ་དག་གོ། སྤྱི་ནི་གཉིས་ཏེ། སྤྱི་ཆེན་པོ་དང། ཉི་ཚེ་བའི་སྤྱིའོ། །དེ་ལ་སྤྱི་ཆེན་པོ་ནི་གང་གི་ཕྱིར་རྫས་དང། ཡོན་ཏན་དང། ལས་དག་ལ་ཡོད་པ་ཞེས་ཐ་སྙད་གདགས་པ་སྟེ། དེ་ནི་ཡོད་པ་ཉིད་དེ་སྤྱི་ཆེན་པོའོ། །ཉི་ཆོ་བའི་སྤྱི་ནི་བ་ལང ་ཉིད་ཅེས་བྱ་བ་ལྟ་བུ་སྟེ། དེ་ཉིད་རྟ་ལ་སོགས་པ་དག་ལས་ལྡོག་པ་ཉི་ཚེ་བའི་སྤྱི་ཡིན་ནོ། །བྱེ་བྲག་ནི་ཉི་ཚེ་བའི་སྤྱི་དེ་ཉིད་པ་ལང་ཉིད་ཅིས་བྱ་བ་དེ་ལྟ་ལ་སོགས་པ་དག་ལས་ལྡོག་པ་ན་བྱེ་བྲག་ཡིན་ནོ། །འདུ་བ་ནི་རྒྱུ་དང་འབྲས་བུ་དག་ཕྲད་པ་སྟེ། དེ་ལྟར་དེ་དག་ནི་རྫརས་པ ་སོགས་པའོ། །གཙོ་བོ་ལ་སོགས་པ་ཞེས་བྱ་བ་ནི་གྲངས་ཅན་དག་གིས་བཏགས་པའི་དེ་ཉིད་ཉི་ཤུ་རྩ་ལྔ་སྟེ། གཙོ་བོ་དང། ཆེན་པོ་དང། དར་འཛིན་པ་དང། བློའི་དབང་པོ་ལྔ་དང། ལས་ཀྱི་དབང་པོ་ལྔ་དང། བདག་དང། དེ་ཙམ་ལྔ་དང། འབྱུང་བ་ཆེན་པོ་ལྔ་དང། ་སྐྱེས་བུ་ཞེས་བྱ་བ་དག་གོ། དེ་ལ་གཙོ་བོ་ནི་རང་བཞིན་ཏེ། སྙིང་སྟོབས་དང། རྡུལ་དང། མུན་པ་ཆ་མཉམ་པ་མི་གསལ་བའོ། །ཆེན་པོ་ནི་བློའི་རྣམ་གྲངས་སོ། །ངར་འཛིན་པ་ནི་གང་གིས་ང་དང་ང་ཡི་ཞེས་མངོན་པར་རློམ་པའོ། །བློའི་དབང་པོ་ལྔ་ནི་མིག་དང། རྣ་བ ་དང། སྣ་དང་ལྕེ་དང། ལུས་ཞེས་བྱ་བ་དག་གོ་།ལས་ཀྱི་དབང་པོ་ལྔ་ནི་དག་དང། ལག་པ་དང། རྐང་པ་དང། རྐུབ་དང། མདོམས་ཞེས་བྱ་བ་དག་གོ་།ཡིད་ནི་བློ་དང་ལས་གྱི་དབང་པོ་ཞེས་བྱ་བའི་གཉི་གའི་བདག་ཉིད་དོ། །དེ་ཙམ་ལྔ་ནི་ཁྱད་པར་ལྔ་ཞེས ་ཀྱང་བྱ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ཞེས་བྱ་བ་དག་གོ། འབྱུང་བ་ཆེན་པོ་ལྔ་ནི་ས་དང་ཆུ་དང། མེ་དང། རླུང་དང། ནམ་མཁའ་ཞེས་བྱ་བ་དག་གོ་།སྐྱེས་བུ་ནི་ཤེས་པ་ཡོད་པ་ཉིད་ཅེས་བྱ་སྟེ། ཉི་ཤུ་རྩ་ལྔ་བའོ། །དེ་ལྟར་དེ་དག་ནི་གཙོ་བོ་ལ་སོགས ་པའོ། །སྲོག་ལ་སོགས་པ་ཞེས་བྱ་བ་ནི་གཅེར་པུ་བདག་གིས་ཡོངས་སུ་བཏགས་པའི་ཚིག་གི་དོན་དགུ་སྟེ། སྲོག་དང། ཟག་པ་དང། སྡོམ་པ་དང། ངེས་པར་རྒ་ཐ?་དང། འཆིང་བ་དང། ལས་དང་སྡིག་པ་དང། བསོད་ནམས་དང། ཐར་པ་ཞེས་བྱ་བ་དག ་གོ། དེ་ལ་སྲོག་ནི་སྲོག་ཅན་གྱི་སྡེ་ཚན་དགུ་སྟེ། ས་དང་ཆུ་དང། ཤིང་དང། མེ་དང་རླུང་དང། སྲིན་བུ་དང། གྲོག་མ་དང། བུང་བ་དང། མི་ཞེས་བྱ་བ་དག་གོ། དེ་དག་ལས་ས་དང། ཆུ་དང་ཤིང་དང་མེ་དང། རླུང་རྣམས་ནི་དབང་པོ་གཅིག་པ་སྟེ། རེག་པའི་དབང་པོ་དང་ལྡན་པའི ་ཕྱིར་རོ། །སྲིན་བུ་དང། དུང་དང་ཉ་ཕྱིས་དང། སྲིན་བུ་པང་པ་ལ་སོགས་པ་ནི་དབང་པོ་གཉིས་པ་སྟེ། རེག་པ་དང། རོའི་དབང་པོ་གཉིས་དང་ལྡན་པའི་ཕྱིར་རོ། །གྲོག་མ་དང། སྲིན་གྱི་མེ་ལ་སོགས་པ་ནི་དབང་པོ་གསུམ་པ་སྟེ། རེག་པ་དང། རོ་དང། སྣའི ་དབང་པོ་དང་ལྡན་པའི་ཕྱིར་རོ། །བུད་བ་དང་སྦྲང་བུ་དང། སྦྲང་བུ་མཆུ་རིངས་ལ་སོགས་པ་ནི་དབང་པོ་བཞི་པ་སྟེ། རེག་པ་དང་རོ་དང་སྣ་དང། མིག་གི་དབང་པོ་དང་ལྡན་པའི་ཕྱིར་རོ། །མི་དང་རྐང་བཞི་པ་དང། བྱ་ལ་སོགས་པ་ནི་དབང་པོ་ལྔ་པ་སྟེ། རེག ་པ་དང་རོ་དང་།སྣ་དང་མིག་དང་རྣ་བའི་དབང་པོ་དང་ལྡན་པའི་ཕྱིར་ཏེ། དེ་ལྟར་དེ་དག་ནི་སྲོག་གི་ཚིག་གི་དོན་རྣམ་པ་དགུའོ། །ཟག་པ་ནི་དགེ་བ་དང་མི་དགེ་བའི་ལས་རྣམས་ཏེ་གྲག?་པར་བྱེད་པའི་ཕྱིར་རོ། །སྡོམ་པ་ནི་ཟག་པ་འགོག་པ་ཉིད་དེ་ལས་སར་པ་མི་སོག ་པའི་ཕྱིར་རོ། །ངེས་པར་དགའ་བ་ནི་སྡོམ་པ་དེ་ཉིད་དང་ཟས་མི་ཟ་བ་དང་སྐོམ་མི་འཐུང་བ་དང། བསམ་གཏན་དང་སྦྱོར་བ་ལ་སོགས་པ་དཀའ་ཐུབ་དང་བཅས་པས་སྔོན་ཉེ་བར་བསགས་པའི་ལས་ངེས་པར་རྒས་པར་བྱེད་པ་སྟེ། ཟད་པའི་རྒྱུ་ཡིན་པའི་ཕྱིར ་རོ། །འཆིང་པ་ནི་དེས་པར་སྨ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་པོ་དག་གིས་བཏགས་པའི་ལོག་པར་ལྟ་བའོ། །ལས་ནི་རྣམ་པ་བཞི་སྟེ། ཕྱིས་མྱོང་བར་འགྱུར་བ་དང། མིང་དང་དུས་དང་ཚེ་ཞེས་བྱ་བ་དག་གོ། སྡིག་པ་ནི་ཆོས་མ་ཡིན་པའོ། །བསོད་རྣམས་ནི ་ཆོས་སོ། །ཐར་བ་ནི་ཆོས་ཐམས་ཅད་ཟད་པས་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འདུག་པའི་གནས་འཇིག་རྟེན་འདུས་པ་ཞེས་བྱ་བར་འགྲོ་བ་སྟེ། ཇི་སྐད་དུ་རྒྱལ་བ་དམ་པས། ཁ་བ་རྒྱས་སྤོས་མེ་ཏོག་མདོག། བཞོ་པ་མོ་མུ་ཏིག་མདོག། གདུགས་དཀར་བཟུང་བའི་དབྱིབས ་འདྲ་བ། །ཐར?་པ་ཡིན་པར་རྒྱལ་བས་བཤད། ཅེས་བརྗོད་པ་ལྟ་བུ་སྟེ། དེ་ལྟར་དེ་དག་ནི་སྲོག་ལ་སོགས་པའོ། །དེ་དག་ལས་གཞན་པ་གང་དག་མུ་སྟེགས་བྱེད་གཞན་དག་གིས་ཡོངས་སུ་བཏགས་པའི་ཤེས་བྱ་འདུས་བྱས་སམ། འདུས་མ་བྱས་གང་ཅི་ཡང་རུང་བ་དག ་ཀྱང་རིག་པ་དང་ལུང་ལས་ཡོངས་སུ་གོམས་པ་ཐེ་ཚོམ་དང་བྲལ་པ་འཇིགས་པ་མེད་པའི་མཁས་པ་རྣམས་ཀྱིས་ཅི་རིགས་པར་དགག་པར་བྱ་སྟེ། དེ་ལ་འདུས་བྱས་གང་ཡིན་པ་དེ་ནི་འདུས་བྱས་བཏགས་པས་མཚུངས་པར་དགག་པར་བྱའོ། འདུས་མ་བྱས་གང་ཡིན་པ་དེ་ནི ་འདུས་མ་བྱས་བཏགས་པས་མཚུངས་པ་དགག་པར་བྱའོ། །དེ་ལྟར་རང་དང་གཞན་གྱིས་གྲུབ་པའི་ཕྱིར། །དངོས་པོ་རྣམས་ལ་བདག་བཏགས་པ། །མཁས་པས་བདག་མེད་རྟོགས་བྱ་ཞིང། །དེ་ཉིད་ཤེས་པའི་བདུད་རྩི་བཏུང། ཞེས་བྱ་བ་ནི་གཞན་དག་གིས་རང་དང ་གཞན་གྱི་གྲུབ་བའི་མཛའ་དག་ཏུ་དངོས་པོ་རྣམས་ལ་བདག་དང། ངོ་བོ་ཉིད་ཡོད་པར་ཡོངས་སུ་བཏགས་པ་དག་རྣལ་འབྱོར་པ་མཁས་པས་ཇི་སྐད་བསྟན་པའི་ཚུལ་གྱིས་བདག་དང་དངོས་པོ་མེད་པ་ཉིད་དུ་རྟོགས་པར་བྱས་ཤིང་དོན་དམ་པ་རྣམ་པར་མི་རྟོག་པའི་ཡེ ་ཤེས་ངོ་བོ་ཉིད་མེད་པས་ཤེས་པ་མེད་པའི་ཚུལ་དུ་ཤེས་པར་བྱ་བ་དེ་ཉིད་ཤེས་པའི་བདུད་རྩིའི་རོ་མྱང་བར་བྱ་བ་ལ་འབང་བར་བྱའོ། ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་རྣམ་རྟོག་དྲ་བ་ཡི། །རྒྱུན་འབྲལ་དེ་དག་ལ་སོགས་པ། །དངོས་པོ་སྐྱེ་བར་འཛིན་བརྟེན་པས ་ནན་གྱིས་བྱིས་བ་འཁྲུག་པར་བྱེད། །གང་ཚེ་མཁས་པ་རིག་སྒྲོན་གྱིས། །ཡང་དག་ཇི་བཞིན་ཡོངས་རྟོག་པ། །དེ་ཚེ་སྐྱེ་བཀག་དེ་ཞི་བས། །སྦྲོས་པ་ཉེ་བར་ཞི་བར་འགྱུར། ཞེས་བྱ་བ་ནི་ཡང་ན་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་འབད་བར་བྱེད ་པ་དེ་ནི་གནས་མ་ཡིན་པ་ཁོ་ན་སྟེ། གང་གི་ཕྱིར་ཞེ་ན། རང་དང་གཞན་དག་གིས་ཡོངས་སུ་བཏགས་པ་རྣམ་པར་རྟོག་པའི་དྲ་བའི་རྒྱུན་འབྲེལ་བ་དེ?་དག?་ལ་སོགས་པ་མ་ལུས་པ་ནི་དངོས་པོ་རྣམས་ལ་སྐྱེ་བ་ཡོད་པར་འཛིན་པ་ལ་བརྟེན་ཏེ། བྱུང ་བ་ཡིན་པས་དེ་དག་གིས་ནན་གྱིས་བྱིས་པ་མ་རིག་པས་བློ་གྲོས་ཀྱི་མིག་ཟུམ་པ་མི་མཁས་པ་དག་འཁྲུལ་པར་བྱེད་པ་ཡིན་པའི་ཕྱིར་གང་གི་ཚེ་རྣལ་འབྱོར་པ་མཁས་པ་རིགས་པ་དྲི་མ་མེད་པའི་སྒྲོན་མས་བློ་གྲོས་ཀྱི་མིག་ལེགས་པར་བྱེ་བ་དག་ཕྱོགས་སུ་ལྷུང? ་བའི་བློན་མེད་པས་དངོས་པོ་རྣམས་ལ་སྐྱེ་བ་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་རྟོག་པ་དེའི་ཚེ། དངོས་པོ་ཐམས་ཅད་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པར་མཐོང་ཞིང་སྐྱེ་བ་བཀག་པའི་ཕྱིར། །སྐྱེ་བར་རྣམ་པར་རྟོག་པའི་དྲི་མ་དེ?་ཞི་བས ་ཚིག་གི་བརྗོད་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་བས་ཅིག་ཅར་ཐབས་དེ་ཉིད་ལ་བརྟུལ་བར་བྱ་བའི་རིགས་སོ། །དངོས་པོ་དེ་དག་མ་སྐྱེས་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལ་ཁ་ཅིག་ནི་དངོས་པོ་རྣམས་བདག་ལས་སྐྱེ་བར་འདོད། ཁ ་ཅིག་ནི་གཞན་ལས་ཁ་ཅིག་ནི་གཉི་ག་ལས། ཁ་ཅིག་ནི་རྒྱུ་མེད་པ་ལས། ཁ་ཅིག་ནི་དབང་ཕྱུག་དང། སྐྱེས་བུ་དང་གཙོ་བོ་དང། དུས་དང་སྲེད་མེད་ཀྱི་བུ་དག་ལས་སྐྱེ་བར་འདོད་དོ། །དེ་ལ་གྲངས་ཅན་དག་ནི་བདག་ལས་སྐྱེ་བར་སྨྲས་པ་།དེ་དག ་གི་ཕྱིར་བཤད་པ། དེ་ལ་རེ་ཞིག་བདག་སྐྱེ་བ། །ཀུན་རྫོབ་ཏུ་ཡང་མི་རིགས་ཏེ། །བདག་ཉིད་ཡོད་ཕྱིར་དཔེར་བྱས་ན། །ཞོ་ནི་བདག་ལས་མི་སྐྱེ་བཞིན། ཞེས་བྱ་བ་བདག་ལས་ཞེས་བྱ་བ་ནི་རང་ལས་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟར་གལ་ཏེ་དངོས་པོ་རྣམས ་བདག་ལ་སྐྱེ་བར་འགྱུར་ན། རྒྱུ་དང་རྐྱེན་རྣམས་མེད་པར་ཡང་སྐྱེ་བའི་རིགས་ན། དེ་ལྟ་བུ་ནི་འཇིག་རྟེན་ན་ཡང་མ་མཐོང་ན། དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས། བདག་ཉིད་ཡོད་པའི་ཕྱིར་ཞེས་བྱ་བ་ལ་བདག་ཅེས་བྱ་བ་ནི་རང་གི་ངོ་བོ་ཉིད་དང་བཅས་པ་སྟེ། ་བདག་ཉིད་ཡོད་པའི་དོན་ནི་བདག་གོ་།དེའི་དངོས་པོ་ནི་བདག་ཉིད་དོ་དེའི་ཕྱིར་བདག་ཉིད་ཡོད་པའི་ཕྱིར་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་དེ་སྐྱེ་བ་ན་ཡོད་པ་ཉིད་ཡིན་ན་དེ་ལ་ཡང་སྐྱེ་བས་ཅི་ཞིག་བྱ། དཔེར་ན་འཇིག་རྟེན་ནི་འོ་མ ་ལས་ཞོ་སྐྱེ་བར་འདོད་ཀྱི། ཞོ་ཉིད་ཞོའི་རང་གི་བདག་ཉིད་ལས་སྐྱེ་བར་མི་འདོད་པ་བཞིན་དུ་དངོས་པོ་བདག་ཉིད་ཡོད་པ་ཡང་བདག་ལས་མི་སྐྱེ་སྟེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཡང་ན་ཚད་མའི་ལམ་གཞན་ཡང་ཡོད་དེ། ་དངོས་རྣམས་བདག་ལས་མ་སྐྱེས་ཏེ། །དངོས་པོ་ཡིན་ཕྱིར་སྐྱེས་བུ་བཞིན། ཞེས་བྱ་བ་ལ་སྐྱེས་བུ་ནི་དེ་དག་གི་གཞུང་ལས་མ་སྐྱེས་པར་འདོད་པས། དེ་བཞིན་ཞེས་བྱ་བ་ནི་མ་སྐྱེས་པ་ཙམ་ཞིག་ཁས་བླངས་ནས་དངོས་པོ་རྣམས་ཀྱི་སྐྱེ་བ་དགག་པའི་དཔེར་བྱའོ། །མ ་སྐྱེས་པ་ལ་བདག་མེད་དེ། མ་སྐྱེས་ཕྱིར་ནམ་མཁའ་མིན་བཞིན། ཞེས་བྱ་བ་ལ་བདག་ནི་ངོ་བོ་ཉིད་ཡིན་ན་དེ་ནི་སྐྱེས་བུ་ལ་སོགས་པ་དག་ལ་མ་སྐྱེས་པ་དག་ལ་མེད་དེ། མ་སྐྱེས་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན་ནོ།། །།དབུ་མའི་སྙིང ་པོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་བདུན་པ། །འདིར་གྲངས་ཅན་དག་།ནམ་མཁའ་ཨི་མེ་ཏོག་གི་དོན་རྣམ་པ་དུ་མར་རྣམ་པར་བརྟགས་ན་དཔེ་མེད་པ་ཉིད་དུ་རྒོལ་བར་བྱེད་དེ། ཅི་ནམ་མཁའ་ཨི་མེ་ཏོག་ཅེས་བྱ་བ་དེའི་དོན་གལ་ཏེ་ནམ་མཁའ་ལ་འདུག་པའི་མེ་ཏོག ་ཡིན་པས། ནམ་མཁའ་ཨི་མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་ཏི་ལ་ཀ་དང། ཨུཏ་པ་ལ་ལ་སོགས་པ་དག་ཡིན་པར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་ནམ་མཁའ་ལ་འདུག་པ་ཡིན་ཏེ། ནམ་མཁའ་ནི་གོ་སྐབས་འབྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་ནམ་མཁའ་ལས ་བྱུང་བས་མེ་ཏོག་ཡིན་པས་ནམ་མཁའ་ཨི་མེ་ཏོག་ཅེས་བྱ་ན་ནི་འདི་ལ་ཡང་ནམ་མཁའ་ལས་ཞེས་བྱ་བའི་དོན་རྣམ་པར་བརྟགས་ནས། ཅི་ནམ་མཁའ་ལས་གཞན་པའི་མེ་ཏོག་ཡིན་ནམ། འོན་ཏེ་ནམ་མཁའ་ལས་འོངས་པའི་མེ་ཏོག་ཡིན་གྲང། གལ་ཏེ་ནམ་མཁའ་དང་མེ ་ཏོག་ལ་ནམ་མཁའ་ཨི་མེ་ཏོག་ཅེས་བྱ་ན་ནི་དེ་ལྟ་ན། དེ་གཉི་ག་ཡང་ཡོད་པ་ཡིན་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་ཅེས་བྱ་བའི་དཔེ་དེ་དངོས་པོ་མེད་པར་སྒྲུབ་པར་མི་ནུས་སོ། །གལ་ཏེ་ཁྱེད་འདི་སྐད་ཅེས་ནམ་མཁའ་དང་འབྲེལ་བཱི་མེ་ཏོག་མེད་པས་ནམ་མཁའ་ཨི་མེ་ཏོག་ཅེS་བྱ་བ་ནི་ནམ་མཁའ་ ་ལ་ནི་མེ་ཏོག་ཡོད་པ་མ་ཡིན་པ་ལ་བྱ་སྟེ། དེའི་ཕྱིར་ནམ་མཁའ་ཨི་མེ་ཏོག་ཅེས་བྱའོ་ཞེ་ན། དེ་ལྟ་ན་ཡང་འཇིག་རྟེན་གསུམ་པོ་ཐམས་ཅད་ནམ་མཁའ་ཨི་མེ་ཏོག་མ་ཡིན་པའི་དོན་དང་མཐུན་པར་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན། ནམ་མཁའ་ཨི་མེ་ཏོག་ཀྱང་བདག་ཉིད་དགའ་? ་ཞིག་གིས་ཡོད་པའི་ཕྱིར་ཁྱེད་ཀྱི་དཔེ་མེད་པ་ཁོ་ན་ཡིན་ནོ། ཞེས་ཟེར་རོ་འདིར་བཤད་པ། ནམ་མཁའ་མེ་ཏོག་མེད་པའི་དོན། །མཁའ་ལ་སོགས་པར་ཁྱོད་འདོད་པ། །དེ་དག་ནམ་མཁའ་ཨི་མེ་ཏོག་མིན། དེའི་ཕྱིར་ཁོ་བོའི་ཕྱོགས་མེད་མིན། ཞེས་བྱ་བ་ནི་ཁོ་བཅག ་གི་དཔེ་ནམ་མཁའ་ཨི་མེ་ཏོག་ཅེས་བྱ་བ་དེའི་མེད་པའི་དོན་ལ་ནམ་མཁའ་ལ་སོགས་པ་ཞེས་བྱ་བ་ནམ་མཁའ་ལ་དང། ནམ་མཁའ་ལས་དང། ནམ་མཁའ་དང། མེ་ཏོག་དང། ནམ་མཁའ་ཨི་མེ་ཏོག་ཅེས་རྣམ་པར་དབྱེ་བ་དག་གིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱང ་ཡོད་པར་ཁྱེད་འདོད་པ་དེ་དག་ནི། ཁོ་བོ་ཅག་གི་དཔེ་ནམ་མཁའ་ཨི་མེ་ཏོག་ཅེས་བྱ་བའི་དོན་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། ཁོ་བོ་ཅག་ནི་དཔེ་ནམ་མཁའ་ཨི་མེ་ཏོག་ཅེས་བྱ་བ་དེའི་དོན་ནི་ཁྱོད་ཀྱིས་མཁའ་ལ་སོགས་པར་བཏགས་པ་དེ་དག་ལས་གཞན ་ཡིན་ལ། ནམ་མཁའ་ཨི་མེ་ཏོག་ཁོ་བོ་ཅག་གི་དཔེར་བཞག་པ་དེ་བདག་ཉིད་འགའ་ཞིག་གིས་ཡོད་པར་ཡང་ཁྱེད་ཀྱིས་བསྒྲུབ་པར་མི་ནུས་པས། དེའི་ཕྱིར་ཁོ་བོའི་ཕྱོགས་འདི་ལ་ཡང་ཆོས་མཐུན་པའི་དཔེ་མེད་པ་མ་ཡིན་ནོ། །འདིར་སྨྲས་པ། གང་དག་གི་ཕྱོགས་ལ་འབྲས ་བུའི་རང་གི་བདག་ཉིད་ཀྱི་བདག་ལས་སྐྱེ་བར་འདོད་པ་དེ་དག་གི་ཕྱོགས་ལ་ནི་སྐྱོན་ད་དག་ཏུ་ཡང་འགྱུར་གྱི་ཁོ་བོ་ནི་རྒྱུའི་རང་གི་མཚན་ཉིད་ལས་སྐྱེ་བར་འདོད་པས་ཁོ་བོའི་ཕྱོགས་ལ་སྐྱོན་དེ་དག་མེད་དེ་སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད ་པ་ཉིད་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། ཕ་རོལ་པོ་དེ་དག་གིས་དོགས་པ་བསུ་ནས་བསྟན་བཅོས་བྱེད་པས། གལ་ཏེ་རྒྱུ་ལས་འབྲས་བདག་ཡོད། །དེ་ལས་དེ་ནི་སྐྱེ་མཉམ་ཞིང། །བདག་ལས་སྐྱེ་བ་ཉིད་འདོད་ན་ཞེས་བྱ་བ་སྨོས་སོ། །དེ་ལ་སྐྱོན་འདི་ཡོད། དེ་ལས་གཞན་མིན་བདག་བཞིན་ན། རྒྱུ་ནི་རྒྱུ་མིན ་ཉིད་དུ་འགྱུར། ཞེས་བྱ་བ་ནི་གལ་ཏེ་རྒྱུ་དང་འབྲས་བུ་དག་གཞན་ཉིད་ཡིན་ན་ནི་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་ཞེས་བྱ་བའི་ཐ་སྙད་རྣམ་པར་བཞག་ཏུ་རུང་གི་གཞན་ཉིད་མ་ཡིན་པ་ལ་མི་རུང་སྟེ། ས་བོན་ཡང་མྱུ་གུའི་རྒྱུ་ཉིད་མ་ཡིན་བར་འགྱུར་རོ། །ཇི་ལྟར་ཞེ་ན། ་དེ་ལས་གཞན་མ་ཡིན་པའི་ཕྱིར་འབྲས་བུའི་རང་གི་བདག་ཉིད་བཞིན་ཡིན་པའི་ཕྱིར་རོ། །དེས་ན་མྱུ་གུ་ཡང་ཡང་དག་པར་ན་ས་བོན་གྱིས་འབྲས་བུ་མ་ཡིན་ཏེ། དེ་ལས་གཞན་ཉིད་མ་ཡིན་པའི་ཕྱིར་རྒྱུའི་རང་གི་བདག་ཉིད་བཞིན་པས། དེ་ལྟ་ན་རྒྱུ་དང་འབྲས་བུའི ་དངོས་པོ་ཉིད་མེད་པའི་སྐྱོན་དུ་འགྱུར་རོ། །གཞན་ཡང་མ་སྐྱེས་ཕྱིར་ནི་རྒྱུ་མིན་པ། །ཅི་ཞིག་ཡིན་ཞིང་གང་གིས་རྒྱུ། ཞེས་བྱ་བ་ནི་གཙོ་བོ་དང་སྐྱེས་བུ་ལ་སོགས་པ་རང་ཉིད་མ་སྐྱེས་པའི་ཕྱིའི་ཁྱད་པར་མེད་པར་ནི་རྒྱུ་མ་ཡིན་པས། ཅི་ཡང་མ་ཡིན་ཞིང་གང་གི་རྒྱུར་ཡང་མི ་འགྱུར་བས། ཇི་ལྟར་གཞན་གྱི་རྒྱུར་འགྱུར། དེ་བཞིན་དུ་ས་བོན་ལ་སོགས་པ་མ་སྐྱེས་པ་དག་གི་ནི་མྱུ་གུ་ལ་སོགས་པ་མངོན་པར་སྒྲུབ་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་སྟེ་འདི་སྙམ་དུ་རྒྱུ་གང་ཁོ་ན་ཡིན་པ་དེ་ཉིད་འབྲས་བུ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། ་རྒྱུ་ལ་འབྲས་བུ་ནུས་པའི་བདག་ཉིད་དུ་ཡོད་པས། དེ་རྒྱུ་དང་རྐྱེན་རྣམས་ཀྱིས་གསལ་བར་བྱེད་དེ། ནུས་པ་དང་གསལ་བ་དེ་གཉིས་ཀྱང་བདག་ཉིད་ཐ་མི་དད་པའི་ཕྱིར་དེ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཡིན་པར་སེམས་ན་དེའི་ཕྱིར་བཤད་པ། འབྲས་བུ་བདག ་ཉིད་ཉིད་ཡོད་ན། །རྒྱུར་བརྟག་པ་ནི་དོན་མེད་འགྱུར། ཞེས་བྱ་བ་ནི་རྒྱུ་ནི་འབྲས་བུ་བསྐྱེད་པ་ཡིན་པར་འདོད་ན། གལ་ཏེ་འབྲས་བུ་ཉིད་ཡོད་པ་ཉིད་ཡིན་ན་རྒྱུར་བརྟག་པས་ཅི་ཞིག་བྱ། སྐྱོན་ཆེན་པོ་གཞན་འདི་ཡང་ཡོད་དེ། དེ་ཉིད་ལས་ནི་དེ་སྐྱེ་ན། །སྐྱེད་དང་བསྐྱེད་བྱ་གཅིག ་ཏུ་འགྱུར། ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་གཉིས་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་འདི་སྙམ་དུ་བདག་ལས་སྐྱེ་བ་ཁོ་ན་ཡང་ཡིན་ལ། སྐྱེད་བ་དང་བསྐྱེད་བར་བྱང?་གཉིས་གཅིག་པ་ཉིད་དུ་ཡང་མི་འགྱུར་བ་ཁོ་བོས?་སྟོན་པར་ནུས་ཏེ། དཔེར་ན་འོམ་ཞེས་བྱ་བའི་རྫས ་ཇི་ལྟར་གནས་པའི་ཆོས་གཞན་འགག་པ་ན་ཞེ?་ཞེས་བྱ་བའི་ཆོས་གཞན་སྐྱེ་ཞང?་དེ་ལ་རྒྱུ་དང་འབྲས་བུའི་ཐ་སྙད་རྣམ་པར་བཞག་པ་ཡང་ཡོད་པ་བཞིན་ནོ་སྙམ་དུ་སེམས་སོ་ན་བཤད་པ། གལ་ཏེ་འོ་མ་ཞོ་ཉིད་དུ། །གནས་པས་གནོད་པ་མེད་སྙམ་ན། །ཕ་ནི་བུ་ཉིད་མི་འགྱུར ་བས། ?་གནོད་བ་མེད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟར་ཕས་ཕའི་དངོས་པོ་ཉིད་ཡོངས་སུ་བཏང་ནས་བུའི་ངོ་བོ་?་དུ་ཡོངས་སུ་འགྱུར་བ་ནི་སུས་ཀྱང་གང་དུ་ཇི་ལྟར་ཡང་མ་མཐོང་བས། དེའི་ཕྱིར་ཁྱོད་ཀྱིས་བསྐྱེད་པ་དང་བསྐྱེད་པར་བྱ་བ་གཉིས་གཅིག་པ་ཉིད་དུ ་འགྱུར་པའི་སྐྱོན་བཟློག་པར་དཀའ་ཨོ། །འདིར་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་བདག་ཉིད་ཡོད་པའི་ཕྱིར་ཞེས་བྱ་བ་དང། དངོས་པོ་ཡིན་པའི་ཕྱིར་ཞེས་བྱ་བ་དག་སྐྱེ་བ་མེད་པའི་གཏན་ཚིགས་སུ་བཞག་པ་དག་ནི་སྐྱེ་བ་མེད་བའི་མི་མཐུན་པའི་ཕྱོགས་སྐྱེ་བ་ཅན་དག ་སྒྲུབ་པའི་གཏན་ཚིགས་ཡིན་གྱི། སྐྱེ་བ་མེད་པ་སྒྲུབ་པའི་གཏན་ཚིགས་སུ་མི་རུང་ངོ་ཞེས་ཕྱིར་ཟློག་པར་བྱེད་དེ། འདི་ལྟར་བདག་ཉིད་ཡོད་པ་ཉིད་དང། དངོས་པོ་ཉིད་ཅེས་བྱ་བ་ནི་བུམ་པ་ལ་སོགས་པའི་དངོས་པོ་སྐྱེས་པ་དག་ལ་ཡོད་ཀྱི། རི་བོང་ག་རྭ་ལ་སོགས ་བ་མ་སྐྱེས་བ་དག་ལ་ནི་མེད་པས་དེའི་ཕྱིར་བདག་ཉིད་ཡོད་པ་ཉིད་དང། དངོས?་པོ་ཉིད་ཅེས་བྱ་བ་དངོས་པོའི་བདག་ཉིད་ཀྱི་གཏན་ཆིགས་དེ་དག་དངོས་པོ་མེད་བའི་བདག་ཉིད་ཀྱི་མཐུན་པའི་ཕྱོགས་གང་ལ་ཡང་མེད་ལ། མི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར ་དོན་འགོལ་བ་ཉིད་ཀྱིས་སྐྱེ་བ་མེད་པ་ཞེས་བྱ་བའི་ཆོས་ཅན་གྱི་ངོ་བོ་ཉིད་ལས་བཟློག་པ་སྐྱེད་ཡོད་པ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་དོན་འགལ་བ་ཉིད་ཡིན་ནོ་ཞེ་ན། བཤད་པ་བདག་ཉིད་ཡོད་པ་ཉིད་དང་དངོས་པོ་ཉིད་ཅེས་བྱ་བ་དེ་དག་ནི་ཀུན་རྫོབ་པ་ཡིན་ཏེ། དེ་དག་ལ་བརྟེན ་ནས་བྱུང་བ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏེ། བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར། སྐྱེ་བ་མེད་པའི་མི་མཐུན་པའི་ཕྱོགས་སྐྱེ་བ་མེད་པས། མི་མཐུན་ཕྱོགས་ནི་མེད་པའི་ཕྱིར། །གཏན་ཚིགས་འགལ་བ་ཉིད ་མི་འདོད། ཅེས་བྱ་བ་སྨྲས་སོ། །དེ་ལྟར་རེ་ཞིག་དངོས་པོ་རྣམས། །བདག་ལ་སྐྱེ་བར་མི་རིགས་སོ། །ཞེས་བྱ་བའི་ཚིག་གི་དོན་ནི་ཇི་སྐད་བསྟན་པའི་ཚུལ་གྱིས་ཞེས་བྱ་བའི་ཐ་ཚིག་གོ་།མདོ་སྡེ་བ་ངང་བྱེ་བྲག་ཏུ་སྨྲ་བ་དག་གིས་ས་བོན་དང་ས་དང། ཆུ་དང་མེ་དང་རླུང་ལ་སོགས་པ ་གཞན་དུ་གྱུར་པ་དག་ལས་མྱུ་གུ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་རྣམ་སྐྱེ་བ་དང། མ་རིག་པ་དང། སྲེད་པ་དང། ལས་ཞེས་བྱ་པ་གཞན་དུ་གྱུར་པ་ངག་ལས་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་སྐྱེ་བར་འདོད་དོ། དེ་བཞིན་དུ་བྱེ་བྲག་པ་དག་ཀྱང་ས་ལ་སོགས་པའི་རྡུལ་ཕྲ་རབ ་ངག?་དང་རྡུལ་ཕྲ་རབ་གཉིས་པ་དང། གསུམ་པ་ལ་སོགས་པའི་རིམ་པ་གཞན་དུ་གྱུར་པ་དག་ལ་སོགས་པའི་རྫས་མངོན་པར་འགྲུབ་པར་འདོད་དོ། །དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ངོ་བོ་ཉིད་ནི་མེད་བའི་ཕྱིར། །གང་ཞིག་གང་ལས་གཞན་དུ་འདོད། །གླང་རུ་དང་ནི་རི་རྩེ་ལས ་རྟ་རུ?་གཞན་དུ་མི་འདོད་བཞིན། ཞེས་བྱ་བ་ལ། ངོ་བོ་ཉིད་ཅེས་བྱ་བ་ནི་བདག་ཉིད་ཀྱི་དངོས་པོ་སྟེ། དེ་ཡང་ཇི་སྐད་བསྟན་པའི་ཚུལ་གྱིས་ན་དངོས་པོ་རྣམས་ལ་ཡོད་བ་མ་ཡིན་ནོ། །དེ་མེད་པའི་ཕྱིར་རྒྱུའི་བདག་ཉིད་ཀྱི་དངོས་པོ་གང་ཞིག་འབྲས་བུའི་བདག་ཉིད་ཀྱི་དངོས་པོ་གང ་ལས་གཞན་དུ་འདོད་དེ། །དཔེར་ན་གླང་རུ་དང་རི་རྩེ་མ་སྐྱེས་པ་དག་ལས་རྟའི་རྭ་བཞིན་དུ་ཐ་སྙད་གདགས་པར་མི་འདོད་པ་བཞིན་ནོ། །ཡང་ན་མིག་ལ་སོགས་པ་རྐྱེན་གཞན་རྣམས། །དོན་དམ་དུ་ནི་མིག་སོགས་ཀྱི། །རྣམ་ཤེས་བསྐྱེད་པར་བྱེད་མ་ཡིན། །གཞན་ཕྱིར་རྩ ་རྐྱང་ལ་སོགས་བཞིན། ཞེས་བྱ་བ་ནི་གལ་ཏེ་གཞན་ཡིན་ནོ་ཙེག་ལ་བསྐྱེད་པའི་མཐུ་ཡོད་པ་ཡིན་ན་གཞན་ཡིན་པ་འདྲ་བ་བཞིན་པས། མིག་ལ་སོགས་པས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་ཉི་ཚེ་སྐྱེད་པར་བྱེད་ལ། སམ?་དང་བུམ་པ་དང་སྣམ་བུ་ ་ལ་སོགས་པ་མངོན་པར་སྒྲུབ་པར་མི་བྱེད་པ་དང། རྩི་རྐྱང་དང་རྒྱུ་སྤུན་དང་འཇིམ་པ་ལ་སོགས་པས་ནི་འཁམ?་དང་སྣམ་བུ་དང། བུམ་པ་ལ་སོགས་པ་ཉི་ཚེ་དག་མངོན་པར་བསྒྲུབ་པར་བྱེད་ཀྱི། །མིག་པའི་རྣམ་པར་ཤེས་པ་ལ་སོགས་པ་དག་། ་བསྐྱེད་པར་མི་བྱེད་པར་རྒྱུ་དང་རྐྱེན་སོ་སོར་ངེས་པར་དེ་དག་ཅི་ལས་གྱུར་པའི་གཏན་ཚིགས་ཀྱི་ཁྱད་པར་བརྗོད་པར་བྱ་དགོས་སོ། །སྦྱོར་བ་གཞན་ཡང། གཟུགས་ཀྱི་བློ་ལ་སོགས་པ་དག་།བརྗོད་འདོད་མིག་སོགས་རྒྱུ་ཅན་མིན། །གཞན་ཕྱིར་སྔ་ན་མེད་པའི་ཕྱིར།། ་དཔེར་ན་བུམ་རྣམས་ལ་སོགས་བཞིན། ཞེས་བྱ་བ་ནི་གཟུགས་ཀྱི་བློ་ལ་སོགས་པ་དག་ཅེས་བྱ་བ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་ནི་བརྗོད་པར་འདོད་པའི་མིག་ལ་སོགས་པའི་རྒྱུ་ཅན་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་དང། སྔ་ན་མེད་པའི་ཕྱིར ་དཔེར་ན་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །བརྗོད་འདོད་ཅེས་བྱ་བ་ནི་བརྗོད་པར་འདོད་པ་སྟེ། མིག་ལ་སོགས་པ་དག་གོ་།མིག་ལ་སོགས་པ་ཞེས་བྱ་བ་ནི་མིག་དང། གཟུགས་དང། སྣང་བ་དང། ནམ་མཁའ་དང། ཡིད་ལ་བྱེད ་པ་དག་དང། རྣ་བ་ལ་སོགས་པ་གཞན་དག་ཀྱང་བསྡུའོ། །རྒྱུ་ཅན་མིན་ཞེས་བྱ་བ་ནི་གཟུགས་ཀྱི་བློ་ལ་སོགས་པ་གང་དག་ལ་རྒྱུ་བརྗོད་པར་འདོད་པ་མིག་ལ་སོགས་པ་དག་ཡོད་པར་བཏགས་པ་དེ་དག་དེའི་རྒྱུ་ཅན་མ་ཡིན་པར་བཀག་པའོ། །གཞན ་ཡང་དངོས་པོ་སྐྱེས་པ་ཉིད་ཡིན་ན། གཞན་ཞེས་བྱ་བའི་ཐ་སྙད་གདགས་སུ་རུང་ན་འབྲས་བུ་དེ་ནི་མ་སྐྱེས་པས་འབྲས་བུ་དེ་ལས་རྒྱུ་གཞན་ཉིད་དུ་རྟོག་པ་ནི་ཉེ་བར་བཏགས་པ་ཡིན་པས། དེའི་ཕྱིར་མ་སྐྱེས་པ་ཡི་གཞན་ཉིད་ནི། །ཀུན་རྫོབ་ཡིན་པས་དོན་དཾ ་མིན། །གཞན་ཡང་སྐྱེ་བ་ཉིད་ཀྱང་ནི། །རིགས་པ་མ་ཡིན་གཟུང་པར་བྱ། ཞེས་བྱ་བ་སྨྲས་སོ། །གཞན་ཡང་སྐྱེ་བར་སྨྲ་བདག་ལས། ཁ་ཅིག་ནི་རྒྱུ་ལས་འབྲས་བུ་ཡོད་པ་ཉིད་ཡིན་ལ། དེ་སྐྱེས་པ་ཉིད་དམ་མ་སྐྱེས་པ་ཉིད་དུ་ནི་ཐ་སྙད་གདགས་པར་བྱ་བ་མ ་ཡིན་པར་སེམས་སོ། །ཁ་ཅིག་ནི་མ་སྐྱེས་པ་རྒྱུ་དང་རྐྱེན་རྣམས་ཀྱི་མངོན་པར་བསྒྲུབ་པར་འདོད་དོ། །ཁ་ཅིག་ནི་སྐྱེས་བཞིན་པ་གཉི་གའི་བདག་ཉིད་ཅན་དུ་འདོད་དོ། །ཁ་ཅིག་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་དེ། འདི་ལྟར་དེ་ནི་སྐྱེས་པ་མ་ཡིན་ཏེ། བདག་ཉིད་ཀྱི་དངོས ་པོ་མ་ཐོབ་པའི་ཕྱིར་རོ། །མ་སྐྱེས་པ་ཡང་མ་ཡིན་ཏེ། བྱ་བ་འཇུག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བཤད་པ་རེ?་ཞིག་།སྐྱེས་པ་བརྗོད་དུ་མེད་པ་ལ། །སྐྱེ་བ་དོན་མེད་ཉིད་དུ་འགྱུར། ཞེས་བྱ་བ་ནི་གལ་ཏེ་རྒྱུ་ལ་འབྲས་བུ་ཡོད་པ་ཉིད་ཡིན་ཞིང་ཐ་སྙད་བདགས་པར་བྱ་བ་མ་ཡིན ་པས། དེ་ནི་སྐྱེས་པ་ཡིན་པས་སྐྱེས་པ་དེ་ལ་ཡང་སྐྱེ་བ་དོན་མེད་པ་ཉིད་དུ་ཡང་འགྱུར་ལ། མ་སྐྱེས་པ་ན་ཐ་སྙད་གདགས་པར་བྱ་བ་མ་ཡིན་པ་ནི་སྐྱེས་ན་ཡང་དེ་འབྲས་བུའི་ངོ་བོ་ཉིད་དུ་ཐ་སྙད་གདགས་སུ་མི་རུང་བར་འགྱུར་རོ། །གང་དག་འབྲས་བུ་མ་སྐྱེས་པ་དེ་དག་ལ ་ཡང། མ་སྐྱེས་པ་ལ་སྐྱེ་མེད་དེ། །མ་སྐྱེས་ཕྱིར་ནི་མཁའ་མིན་བཞིན། ཞེས་བྱ་བ་སྨྲས་སོ། །སྐྱེ་བཞིན་སྐྱེ་བར་འདོད་པ་ལ། །བརྒལ་ཞིང་བརྟགས་པ་མཚུངས་པར་འགྱུར། ཞེས་བྱ་བ་ནི་སྐྱེ་བཞིན་པ་ལ་ཡང་གང་སྐྱེས་པའི་ཆ་དེ་ལ་ནི་ཡང་སྐྱེ་བ་དོན་མེད་ལ། ་གང་མ་སྐྱེས་པའི་ཆ་དེ་ནི་མེད་པའི་ཕྱིར། ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་བཞིན་དུ་སྐྱེ་བ་མེད་དོ། །བརྗོད་དུ་མེད་པའང་དེ་མེད་དེ། །བརྗོད་དུ་མེད་ཕྱིར་གཞན་བཞིན་ནོ། ཞེས་བྱ་བ་ལ་འདིར་གཞན་བཞིན་ནོ་ཞེས་བྱ་བའི་སྒྲས་ནི་སྔོ་བསངས་དང་དཀར་ཤམ་ལ་སོགས་པ་ཉིད་དུ ་བརྗོད་དུ་མེད་པའི་མོ་གཤམ་གྱི་བུ་ལ་སོགས་པ་དག་ཡོངས་སུ་གཟུང་ངོ། །འདིར་སྨྲས་པ། དངོས་པོ་རྣམས་ནི་སྐྱེ་བ་ཁོ་ན་ཡིན་ཏེ། བཏགས་པའི་བདག་ཉིད་དུ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ལ་རྣམ་པར་ཤེས་པས་རྣམ་པར་བཏགས་པའི་ངོ་བོ་ཉིད་ཡོད་དོ་ཞེ་ན། ་དེ་དག་གིས་ཕྱིར་བཤད་བ། ཡང་ན་མིག་ལ་སོགས་པ་དག?་།བཏགས་པའི་བདག་ཉིད་ཉིད་ཀྱིས་སྟོང། །བྱས་པའི་ཕྱིར་དང་འཇིག་པའི་ཕྱིར། །དཔེར་ན་སྒྱུ་མའི་འོ་མ་བཞིན། །ཞེས་བྱ་བ་ནི་མིག་ལ་སོགས་པ་དག་ནི་དོན་དམ་པར་ན་གཟུགས་ལ་སོགས་པའི་དངོས་པོ་རྣམS ་ལ་སྔོན་པོ་དང་སེར་པོར་བཏགས་པའི་དངོས་པོར་འདོད་པ་གང་དང་གང་ཡིན་པ་དེ་དང་དེའི་དངོས་པོའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། བྱས་པའི་ཕྱིར་དང་འཇིག་པའི་ཕྱིར། །དཔེར་ན་ཚིག་དག་གིས་དཔེར་ན། མའི་བདག་ཉིད་ཀྱི་འོ་མ་བཞིན་ནོ། །གལ་ཏེ་འདི་སྙམ་དུ་མ་བརྟཌ ་པའི་དངོས་པོ་རྣམས་ཀྱི་བདག་ཉིད་ཀྱང་ཡོད་དེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་བསགས་པའི་གནས་ལ་དམིགས་པ་ཡིན་པས། གལ་ཏེ་དེ་དག་གཅིག་ཏུ་རྣམ་པར་རྟོག་པར་མི་བྱེད་ཀྱང་དེ་དག་གི་དམིགས་པའི་དངོས་པོ་ཡོད་པས་།དེས་ན་བྱས་པའི་ཕྱིར ་དང་འཇིག་པའི་ཕྱིར་སྒྱུ་མའི་འོ་མ་བཞིན་དུ་རྣམ་པར་བཏགས་པའི་དངོས་པོ་རྣམས་སྟོང་པར་འགྱུར་རམ། རྣམ་པར་མ་བརྟགས་པའི་དངོས་པོ་རྣམས་ཡོད་པར་འགྱུར་བ་མ་ངེས་པར་སེམས་ན། དེའི་ཕྱིར་བཤད་པ། བསྒྲུབ་དང་མཆུངས་པར་བཀག་པའི་ཕྱིར། ་ཅིག་ཤོས་ཀྱིས་ནི་ཐེ་ཚོམ་མེད། ཅེས་བྱ་བ་ལ་ཅིག་ཤོས་ནི་བཏགས་པའི་བདག་ཉིད་ཀྱི་དངོས་པོ་ལས་གཞན་པ་མ་བཏགས་པའི་དངོས་པོ་སྟེ། དེས་ན་མ་ངེས་པ་ཉིད་དུ་མི་འགྱུར་རོ་ཅིའི་ཕྱིར་ཞེ་ན། བཏགས་པའི་བདག་ཉིད་དགག་པར་བསྒྲུབ་པ་དང ་མཚུངས་པར་མ་བཏགས་པའི་དངོས་པོ་ཡང་བཀག་པའི་ཕྱིར་མིག་ལ་སོགས་པ་ནི་མ་བཏགས་པའི་བདག་ཉིད་ཀྱིས་ཀྱང་སྟོང་སྟེ། བྱས་པའི་ཕྱིར་དང་འཇིག་པའི་ཕྱིར་སྒྱུ་མ་ཁོ་ན་བཞིན་ཏེ། གང་གི་ཕྱིར་སྒྱུ་མ་ལ་ཡང་བཏགས་པ་མ་ཡིན་པའི་ཆ་ཡོད ་པའི་ཕྱིར་རོ། །འོ་ན་དེ་ལྟར་སྒྱུ་མའི་ཆ་རྣམ་པར་བཏགས་པ་མ་ཡིན་པ་ཅིག་ཤོས་གང་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་མ་ཡིན་པར་འགྱུར་རོ་ཞེ་ན། དེ་དགག་པའི་ཕྱིར་བཤད་པ། སྒྱུ་མའི་བདག་ཉིད་མ་བརྟགས་པའང། །ཡང་དག་ཏུ་ན་ལོག་པར་འདོད། །ལ ་ལའི་འདོད་ཆགས་རྒྱུ་ཡིན་ཕྱིར། །དཔེར་ན་བཏགས་པ་དེ་ཉིད་བཞིན། ཞེས་བྱ་བ་ནི་སྒྱུ་མ་མཁན་གྱིས་སྤྲུལ་པའི་གཟུགས་ལ་སོགས་པ་ཡང་མི་མཁས་པ་ལ་ལའི་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ཏེ། ཇི་ལྟར་སྒྱུ་མའི་བཏགས་པའི་བདག་ཉིད་ལོག་པ་ཡིན་པ ་དེ་བཞིན་དུ་བཏགས་པ་མ་ཡིན་པའི་བདག་ཉིད་ཀྱང་ཡང་དག་པར་ན་ལོག་པ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྒྱུ་མ་ལ་བཏགས་པ་མ་ཡིན་པའི་བདག་ཉིད་ཀྱང་མེད་པས་ཁྱོད་ཀྱིས་དཔེ་མདོ་ཞེ་ན། དེའི་ཕྱིར་བཤད་པ། གྲགས་པའི་ཆས་ནི་དེ་གྲུབ་ཕྱིར། ཁོ་བོའི་དཔེ་ནི་མེད ་མ་ཡིན། ཞེས་བྱ་བ་ནི་དེ་ལ་ཡང་གང་ཕ་རོལ་ལ་ཡོད་པ་ཉིད་དུ་གྲགས་པའི་ཆ་དེ་དཔེ་ཉིད་དུ་བྱས་པས་དེ་གྲུབ་པའི་ཕྱིར་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ་ཡང་ན་བརྟགས་པ་དང་བརྟགས་པ་མ་ཡིན་པའི་བདག་ཉིད་དཔྱད་པ་དེས་ཅི་བྱ་སྟེ། དངོས་པོ་འདི་དག་ནི་རྣམ ་པ་ཐམས་ཅད་དུ་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ཁོ་ནར་ཚད་མ་ཉེ་བར་སྦྱར་བར་བྱ་སྟེ། ཡང་ན་མིག་ལ་སོགས་པ་ནི། །ཡང་དག་ཏུ་ན་དངོས་ཉིད་སྟོང། །བྱིས་པ་ཉིད་ཕྱིར་འཇིག་ཉིད་ཕྱིར། །བདུད་ཀྱིས་སྤྲུལ་པའི་སངས་རྒྱས་བཞིན། །ཞེས་བྱ་བ་ནི་དཔེར་ན་བདུད་ཀྱི་ཁྱིམ ་བདག་དཔའ་བོའི་ཁང་པར་དགྲ་བཅོམ་པ་ཉེ་བར་སྤས་པ་ཁ་དྲང་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འོད་ཟེར་གྱི་ཁ་དོག་ཤིན་ཏུ་འབར་བ་ལྟ་བུ་སྤྱན་མེ་ཏོག་ཨུད་པ་ལའི་འདབ་མ་ལྟར་ཡངས་ཤིང་སྔོ་བ། །དབུ་གཙུག་ཏོར་ཤིན་ཏུ་ལེགས་པས་རྣམ་པར ་མཛེས་པ། གསུང་དབྱངས་ཀ་ལ་བིང་ཀ་ལྟར་སྙན་པ། ཡན་ལག་དང་ཉིད་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཞིག་མངོན་པར་སྤྲུལ་པའི་སྐུ་དེས་ཡིད་དང། མིག་འཕྲོག་པ་དང། ལྷ་ཡུལ་པ་རྨད་དུ་བྱུང་བ་ལྟར་ཀུན་ཏུ་སྣང་དུ་ཟིན་ཀྱང་བྱས་པ་ཉིད་ཡིན་པའི་ཕྱིར་དང། ་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་ངོ་བོ་ཉིད་དམིགས་སུ་མེད་པ་དེ་བཞིན་དུ་མིག་ལ་སོགས་པ་ཡང་རྒྱུ་དང་རྐྱེན་ལས་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་སྣང་ཡང་ངོ་བོ་ཉིད་མེད་པས་སྐྱེ་བོ་མི་མཁས་པ་དག་བསླུ་བར་བྱེད་པ་ཡིན་ནོ། །འོ་ན་དངོས་པོ ་རྣམས་ཀྱི་ངོ་བོ་ཉིད་སྲ་བ་དང་གཤར་བ་དང། ཚ་བ་དང་གཡོ་བ་ཉིད་པ་སོགས་པ་དག་སྣང་བཞིན་པ་ཉིད་མ་ཡིན་ནམ་ཞེ་ན། བཤད་པ་དེ་དག་ཀུན་རྫོབ་ཀྱི་བདེན་པའི་ཚུལ་གྱིས་གཞན་སེལ་བའི་ངོ་བོ་ཉིད་ཙམ་ལ་བརྟེན་ནས་ཡོད་པར་ཟད་དེ། དོན་དམ་པ་ནི་མ་ཡིན་ནོ ་གང་གི་ཕྱིར་ཞེ་ན། དངོས་པོ་རྣམས་ཀྱི་དངོས་ཉིད་གང། །ཡང་དག་ཏུ་ན་དངོས་དེ་མེད། །བྱས་ཕྱིར་དཔེར་ན་ཆུ་ཡིན་ནི། །ཚ་བ་ཉིད་དང་བརྟན་ཉིད་བཞིན། །ཞེས་བྱ་བ་ནི་གཞན་དག་གིས་དངོས་པོ་གང་གིས་ངོ་བོ་ཉིད་གང་རྣམ་པར་བཏགས་པ་དེ་ནི་ཡང་དག ་བར་ན་དེའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། བྱས་པ་ཉིད་ཡིན་པའི་ཕྱིར་དཔེར་ན། ཆུ་ལ་ལན་འགའ་ཚ་བ་ཉིད་དང། བསྟན་པ་ཉིད་དུ་ཐ་སྙད་གདགས་པ་ཡོད་ཀྱང་དེ་རྟག་ཏུ་དེའི་ངོ་བོ་ཉིད་ཡིན་པར་ཤེས་པར་མི་ནུས་པ་བཞིན་ནོ། །དེའི་ཕྱིར་དེ་ལྟར། སྒྲུབ་པ་ཇི ་སྐད་བསྟན་པའི་མཐུས། དངོས་རྣམས་རང་གི་བདག་ཉིད་དུ། སྐྱེ་བར་འཐད་པ་མ་ཡིན་པས། །གཞན་གྱི་དངོས་པོར་མི་སྐྱེ་སྟེ། བ་ལང་བོང་ཕུར་མ་མཐོང་བཞིན། །ཞེས་བྱ་བ་ནི་དཔེར་ནི་ལྐེག?་ཤལ་དང་མཇུག་མ་དང་ནོག་མ་དང། རྨིག་པ་དང་རྭ་ལ་སོགས ་པའི་མཚན་ཉིད་དང་ལྡན་པའི་བ་ལང་ཐལ་ཁུང་ན་འགྲེ་པ་དང། དུ་བའི་ཁ་དོག་དང། སྒྲ་བོ་ཆེ་དང། རྨིག་པ་གཅིག་པ་དང། རྣ་བ་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བོང་བུའི་བདག་ཉིད་དུ་འགྱུར་བར་མ་མཐོང་བ་བཞིན་ནོ། །འདིར་རང་གི་སྡེ་པ་དག ་གིས་སྨྲས་པ། ཁྱོད་ཀྱི་དངོས་པོ་རྣམས་གཞན་ལས་སྐྱེ་བ་འགོག་པར་བྱེད་པ་ནི་ཁས་བླངས་པ་ཉམས་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་།རྒྱུའི་རྐྱེན་དང། དམིགས་པའི་རྐྱེན་དང། དེ་མ་ཐག་པའི་རྐྱེན་དང། བདག་པོའི་རྐྱེན་ཅེས་བྱ་བ་རྐྱེན་བཞི ་པོ་དག་བཀའ་སྩལ་ཏེ། དེ་ལ་རྒྱུའི་རྐྱེན་ནི་ལྷན་ཅིག་འབྱུང་བའི་རྒྱུ་དང་སྐལ་པ་མཉམ་པའི་རྒྱུ་དང་མཚུངས་པར་ལྡན་པའི་རྒྱུ་དང། ཀུན་ཏུ་འགྲོ་བའི་རྒྱུ་དང། རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བ་རྒྱུ་ལྔ་པོ་དག་གོ་།དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད ་དོ། །དེ་མ་ཐག?་པའི་རྐྱེན་སེམས་དང་སེམས་ལས་བྱུང་བ་འགགས་མ་ཐག་པ་རྣམས་ལས་དགྲ་བཅོམ་པའི་སེམས་ཐ་མ་མ་གཏོགས་པའོ། །བདག་པོའི་རྐྱེན་ནི་བྱེད་པའི་རྒྱུ་སྟེ། དེ་ལྟར་རྐྱེན་བཞི་པོ་གཞན་དུ་གྱུར་པ་དེ་དག་ལས་དངོས་པོ་རྣམས་སྐྱེ་བར ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཞེ་ན་བཤད་པ་རྒྱུ་ལ་སོགས་པ་རྐྱེན་གཞན་ལས། །སྐྱེ་བ་ཀུན་རྫོབ་ཐ་སྙད་ཡིན། །དེ་ཕྱིར་ཁས་བླངས་གནོད་པ་མེད། །དེ་དག་ཡང་དག་ཉིད་མ་ཡིན། །ཇི་ལྟར་ན་རྒྱུ་ལ་སོགས་པའི་རྐྱེན་དེ་དག་ནི་དོན་དམ་པ་ཡིན་ནོ་ཞེ་ན། དེའི་ཕྱིར ་བཤད་པ། ཡོད་ལ་རྐྱེན་རྣམས་མི་རིགས་ཏེ། མེད་ལའང་མི་རིགས་ཡོད་མེད་ཕྱིར། །དེ་ལས་གཞན་བཞིན་རྐྱེན་མ་སྐྱེས། །རྐྱེན་རྣམས་སུ་ནི་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་འདི་ལ་རྐྱེན་དེ་དག་འབྲས་བུ་ཡོད་པ་འམ་མེད་པའི་རྐྱེན་དུ་འགྱུར་གྲང་ན། དེ་ལ་རེ་ཞིག་འབྲས ་བུ་ཡོད་པ་ལ་ནི་རྐྱེན་རྣམས་མི་རིགས་ཏེ། ཡོད་པའི་ཕྱིར་དེ་ལས་གཞན་པ་བུམ་པ་ལ་སོགས་པ་ཡོངས་སུ་གྲུབ་པ་ལ་འཇིམ་པའི་གོང་བུ་ལ་སོགས་པའི་རྐྱེན་རྣམས་མི་རིགས་པ་བཞིན་ནོ། །འབྲས་བུ་མེད་པ་ལའང་རྐྱེན་རྣམས་མི་རིགས་ཏེ། མེད་པའི་ཕྱིར་དེ་ལས་གཞན་པ ་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་མེད་པ་ལ་ཆུ་ལ་སོགས་པའི་རྐྱེན་རྣམས་མི་རིགས་པ་བཞིན་ནོ། །ཡང་ན་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བརྟགས་ཟིན་པའི་ཕྱིར། རྐྱེན་མ་སྐྱེས་པ་རྣམས་དངོས་པོ་གཞན་མ་སྐྱེས་པ་གང་གི་རྐྱེན་རྣམས ་སུ་ཇི་ལྟར་འགྱུར། གཞན་ཡང་རྒྱུ་ནི་སྒྲུབ་པར་བྱེད་ན་རྒྱུ་ཡིན་པར་འདོད་ན་དེ་ནི་སྒྲུབ་པར་བྱེད་པ་ཉིད་དུ་མི་འཐད་དོ། །ཇི་ལྟར་ཞེ་ན། རྒྱུ་ནི་འབྲས་བུ་བསྐྱེད་མ་ཡིན། །དེ་ཡིས་སྟོང་ཕྱིར་དེ་གཞན་བཞིན། །སྐྱེ་བར་འདོད་པའང་ངེས་བསྐྱེད་མིན། །སྔ་ན་མེད་ཕྱིར ་དེ་གཞན་བཞིན། །ཞེས་བྱ་བ་ནི་གང་ཞིག་གང་གིས་སྟོང་བ་དེ་ནི་དེ་བསྐྱེད་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་མྱུ་གུ་བསྐྱེད་པ་མ་ཡིན་པ་བཞིན་ནོ། །གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེ་བར་འདོད་པ་ཡིན་པར་མི་རིགས་ཏེ། དཔེར་ན་འཇིམ ་པའི་གོང་བུ་ལས་སྣམ་བུ་སྐྱེ་པར་མ་རིགས་པ་བཞིན་ནོ། །ཡང་ན་ཇི་སྐད་བསྟན་པའི་ཚུལ་གྱིས། །དེས་ནི་སྐྱེས་དང་མ་སྐྱེས་དང། །སྐྱེ་བཞིན་སྐྱེད་པར་མི་བྱེད་དེ། །ཉེས་པ་བསྟན་ཕྱིར་མ་སྐྱེས་པའི། །རྒྱུ་ནི་ཡང་དག་ཉིད་མ་ཡིན། །དེ་ལྟར་རེ་ཞིག་རྒྱུའི་ ་རྐྱེན་མི་འཐད་དོ། །དམིགས་པའི་རྐྱེན་དགག་པའི་ཕྱིར་བཤད་པ། སྐྱེ་པ་དམིགས་པ་མི་འཐད་དེ། །སྐྱེས་ལའང་སྐྱེ་བ་དོན་མེད་ཕྱིར། །མ་སྐྱེས་པའང་མ་སྐྱེས་ཕྱིར། །དཔེར་ན་མི་སྐྱེ་ཆོས་བཞིན་ནོ། །ཞེས་བྱ་བ་ལ་དམིགས་པ་ཞེས་བྱ་བ་ནི་དེ ་དམིགས་པར་བྱ་བ་ཡིན་པས་དམིགས་པ་སྟེ། གཟུང་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དམིགས་པར་བྱེད་པ་སྐྱེས་པ་འམ་མ་སྐྱེས་པ་འམ། སྐྱེ་བཞིན་པ་ཞིག་གཟུགས་ལ་སོགས་པའི་དམིགས་པ་དང་ཕྲད་གྲང་ན། ་དེ་ལ་རེ་ཞིག་སྐྱེས་པ་ནི་དམིགས་པ་དང་མི་ཕྲད་དེ། །སྐྱེས་པ་ལའང་སྐྱེ་བ་དེ་ནི་མེད་པའི་ཕྱིར་རོ། །མ་སྐྱེས་པ་ཡང་དམིགས་པ་དང་མི་ཕྲད་དེ། མ་སྐྱེས་བའི་ཕྱིར་དཔེར་ན་མོ་གཤམ་བུའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་མི་སྐྱེ་བའི་ཆོས་དག་དམིགས་པ ་དང་མི་ཕྲད་པ་བཞིན་ནོ། །སྐྱེ་བཞིན་པ་ཡང་སྐྱེ་བཞིན་ཕྲད་པར་འགྱུར་སྙམ་ན། །དེ་ཡང་དམིགས་པ་མེད་པར་མེད། །ཅེས་བྱ་བ་ལ་ནི་སྐྱེ་བ་བཞིན་པ་ཞེས་བྱ་བ་ནི་སྐྱེས་པ་དང། མ་སྐྱེས་པའི་རང་བཞིན་གཉི་གའི་བདག་ཉིད་དེ། དེ་ཡང་དམིགས་པ་དང་ཕྲད ་པ་མེད་དེ། གང་གི་ཕྱིར་ཞེ་ན། དེ་ལ་དམིགས་པ་ཉེ་བར་གྱུར་པ་མེད་དེ། རང་གི་བདག་ཉིད་མ་ཐོབ་པའི་ཕྱིར་རོ། །གལ་ཏེ་སྐྱེ་བཞིན་པ་དེ་ལ་སྐྱེ་བའི་བྱ་བ་ཞུགས་ནས་བདག་ཉིད་ཐོབ་པའི་ཚེན་དེ་དམིགས་པ་དང་ཕྲད་པར་འགྱུར་རོ་ཞེ་ན། བཤད་པ ་ཡན་ལག་མ་ཚང་བ་ལ་ནི། །སྐྱེ་བའི་བྱ་བ་འཇུག་མི་འདོད། །ཅེས་བྱ་བ་ལ་བྱ་བ་ནི་རྟགས་ཡོད་པ་ཙམ་དུ་གཟུང་ནས་དངོས་པོ་ཐམས་ཅད་ལ་བརྟེན་ཏེ། གནས་པ་ཡིན་ན་གལ་ཏེ་སྐྱེ་བཞིན་པ་ནི་ཅུང་ཞིག་སྐྱེས་བ་དང་ཅུང?་ཞིག་མ་སྐྱེས་པ་ཡིན་པS་དེ?་སྐྱེ་བའི་བྱ་བ་ཇི་ལྟར་འཇུག་སྟེ། ཡོད ་བ་དང་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་འདི་སྙམ་དུ་ལུང་ལས་དམིགས་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དམིགས་པ་མེད་པའི་ཆོས་རྣམས་གང་ཞེ་ན། གཟུགས་དང་མྱ་ངན་ལས་འདས་པའོ། །ཞེས ་གསུངས་པས་སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པ་ཡོད་པ་ཁོ་ན་ཡིན་པར་སེམས་ན་བཤད་པ། ཡང་ན་སེམས་དང་སེམས་བྱུང་རྣམས། །ཡང་དག་དམིགས་པ་ཡོད་མི་འདོད། །སྐྱེ་བཞིན་ཕྱིར་དང་གཟུང་བའི་ཕྱིར། །དཔེར་ན་གཟུགས་ལ་སོགས་པ ་བཞིན། །ཞེས་བྱ་བ་ལ་སྐྱེ་བཞིན་པ་དམིགས་དང་ཕྲད་པར་སེམས་ན་དེའི་དུས་ན་དམིགས་པར་བྱེད་པ་སེམས་དང་སེམས་ལས་བྱུན་བ་རྣམས་ཀྱང་སྐྱེ་བཞིན་པ་ཡིན་ལ་དམིགས་པ་གཟུགས་ལ་སོགས་པ་དག་ཀྱང་སྐྱེ་བཞིན་པ་བཞིན་ཏེ། སྐྱེ་བཞིན་པར་འདྲ་བ་དེ་ལ་སེམས་རང་སེམS ་ལས་བྱུང་བ་རྣཾས་ལ་ནི་དམིཌ་པའི་རྐྱེན་ཡོད་པར་འདོད་ལ། གཟུཌ་ལ་སོཌ་པ་དགལ་ནི་དམིཌ་པའི་རྐྱེན་ཡོད་པར་མི་འདོད་པ་འདི་ལ་གང་ན?་ཚིཌ་ཀྱི་ཀྱི་ཁྱད་པར་ཅི་ཡོད་དེ། དེའི་ཕྱིར་དམིཌ་པའི་རྐྱེན་དུ་བརྟག་པ་ནི་ཀུན་རྫོབ་པ་ཡིན་གྱི་དོན་དམ་པ་ལ་མ་ཡིན་ནོ། །ཡང་ན་དེ་དག་དམིགས་བཅས་པ། །དུས་གཅིག་ཕྱིར་ན་དེ་མི ་རུང། །ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་དམིགས་པ་དང་བཅས་པ་དེ་དག་གཟུགས་ལ་སོགས་པ་དམིགས་པ་དང་ཕྲད་པར་སེམ་ན་དེ་ལ་དུས་ཐ་དད་བ་མེད་དེ། བ་ལང་གི་རྭ་གཡས་གཡོན་བཞིན་པས་དམིགས་པར་བྱེད་པ་དང ་དམིགས་པར་བརྟག་པ་དེ་མི་རུང་ངོ། །དེ་ལྟར་དམིགས་པ་ཡོད་མིན་པས། གང་ཞིག་གང་གིས་དམིགས་པར་འགྱུར། །ཞེས་བྱ་བ་ནི་གང་ཡང་གང་གི་དམིགས་པར་མི་འཐད་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དེ་ལྟར་དམིགས་པའི་རྐྱེན་ཡང་མི་འཐད་དོ། །དེ ་མ་ཐག་པའི་རྐྱེན་ཡང་འགག་པ་མེད་པའི་ཕྱིར་མི་འཐད་དེ། ཇི་ལྟར་ཞེ་ན། མ་སྐྱེས་པ་ལ་འགག་མེད་དེ། །མ་སྐྱེས་ཉིད་ཕྱིར་མཁའ་མིན་བཞིན། །ཞེས་བྱ་བ་ནི་འགག་པ་ནི་སྐྱེ་བ་ལ་བལྟོས་པ་ཡིན་ན། སྐྱེ་བ་མེད་པའི་ཕྱིར་འགག་པ་ཡང་མེད་དོ། །འགག ་པ་ལ་ཡང་འགག་མེད་དེ། །འགགས་ཕྱིར་དཔེར་ན་ཤི་བ་བཞིན། །ཞེས་བྱ་བ་ནི་ཤི་བ་ལ་ཡང་འཆི་བ་མེད་པ་བཞིན་ནོ། །མ་འགག་པ་ལའང་མ་འགགས་ཕྱིར། །ད་ལྟར་འཇུག་པའི་མར་མེ་བཞིན། །ཞེས་བྱ་བ་ནི་འགགས་པ་མེད་དོ་ཞེས་བྱ་བའི་ཚིག་གི ་མ་སྟེ། གལ་ཏེ་མ་འགགས་པ་ལ་འགག་པ་ཡོད་པར་གྱུར་ན་ནི་མར་མེ་འབར་བཞིན་པ་གསལ་བར་བྱ་བ་གསལ་བར་བྱེད་ནུས་པ་ཡང་འགགས་པ་བཞིན་དུ་འགྱུར་རོ། །འགག་བཞིན་པ་ལའང་མི་འདོད་དེ། འགག་པ་གོང་དུ་བསྟན་ཕྱིར་རོ། ། ་ཞེས་བྱ་བ་ལ་འགག་པ་བཞིན་པ་ནི་གང་གི་ཅུང་ཟད་ནི་འགགས། །ཅུང་ཟད་ནི་མ་འགགས་པ་ཡིན་ན་འགགས་པ་དང། མ་འགགས་པ་གཉིས་ལ་ནི་འགག་པ་མི་འཐད་དེ། སྐྱོན་ཇི་སྐད་བསྟན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་འདི་སྙམ་དུ་རྒྱུ་དང་རྐྱེན་སོ་སོར་ངེས་པའི ་དབང་གིས་དངོས་པོ་སྐྱེ་བཞིན་པ་ལ་ནི་འགག་བཞིན་བ་ཕན་འདོགས་པ་ཡིན་བའི་ཕྱིར་དེ་ལས་གཞན་པ་འདས་པའི་སྐད་ཅིག་མས་བར་དུ་མཆོད་པའི་འགག་བཞིན་པ་ནི་དེ་མ་ཐག་པའི་རྐྱེན་ཡིན་པར་སེམས་ན་བཤད་པ། དེ་ཡང་དུས་མཉམ་ཉིད་གཅིག་གམ། ་ཡང་ན་དུས་གཞན་འགྱུར་གྲང་ན། །མི་རིགས་འགག་བཞིན་ཡིན་པའི་ཕྱིར། །དགྲ་བཅོམ་སེམས་ཀྱི་ཐ་མ་བཞིན། །ཞེས་བྱ་བ་ནི་དེ་ལྟ་ན་ཡང་དེ་མ་ཐག་པའི་རྐྱེན་འགག་བཞིན་པ་ནི་དེས་བསྐྱེད་པའི་དངོས་པོ་སྐྱེ་བཞིན་པའི་དེ་མ་ཐག་པའི་རྐྱེན་དུ་མི་རིགས་ཏེ། དུས ་མཉམ་པའི་ཕྱིར་སྐྱོན་སྔར་བསྟན་པའི་ཕྱིར་རོ། །ཡང་ན་དུས་ཐ་དད་པར་གྱུར་ན་ཡང་དེ་དེ་མ་ཐག་པའི་རྐྱེན་ཡང་མི་འཐད་དེ། །འགག་བཞིན་པ་ཡིན་པའི་ཕྱིར་དགྲ་བཅོམ་པ་ཡང་འབྱུང་བའི་སྲིད་པ་ཟད་པ་ཉིད་མཚམས་སྦྱོར་བ་མི་བཟོད་པ་མྱ་ངན་ལས ་འདས་པའི་སེམས་ཀྱི་སྐད་ཅིག་མ་ཐ་མ་བཞིན་ནོ། །དེ་ལྟར་དེ་མ་ཐག་པའི་རྐྱེན་ཡང་མི་འཐད་དོ། །ད་ནི་བདག་པོའི་རྐྱེན་བདག་པོའི་གོ་རིམ་ལ་བབ་པས། དེའི་ཕྱིར་བཤད་པ། དངོས་པོ་ཡོད་པ་དོན་དམ་དུ། །མི་རིགས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་བུའི ་ཡོད་པ་བཞིན། །དེའི་ཕྱིར་བདག་པོ་མེད་པར་འདོད། །ཅེས་བྱ་བ་ལ་བདག་པོའི་རྐྱེན་ཞེས་བྱ་བ་ནི་གང་ཡོད་ན་གང་འབྱུང་བ་དེ་ཡིན་པར་འདོད་ན། འདི་ལ་གང་ཡོད་ན་ཞེས་བྱ་བའི་དངོས་པོ་དེ་དོན་དམ་པར་སྐྱེ་བ་མེད་པར་བསྟན་པའི་ཕྱིར་བདག་ཉིད་ཀྱི་དངོས ་པོ་མ་ཐོབ་སྟེ། མོ་གཤམ་གྱི་བུ་དང་འདྲ་བ་ཡིན་ན་དེ་གང་འབྱུང་བ་ཞེས་བྱ་བ་གཞན་གྱི་རྐྱེན་དུ་ཇི་ལྟར་འགྱུར་ཏེ། དེའི་ཕྱིར་བདག་པོ་ཡང་མི་འཐད་དོ། །གཞན་ཡང་འབྲས་བུ་སྟོང་ངམ་མི་སྟོང་པའི། །རྐྱེན་ཞིག་བདག་པོར་འགྱུར་གྲང་ན། །ཞེས་བྱ་བ་དེ་ལ་རེ་ཞིག། ་སྟོང་པ་མ་ཡིན་དེས་སྟོང་ཕྱིར། །དཔེར་ན་མིག་གི་སྒྲ་བློའི་བཞིན། །ཞེས་བྱ་བ་ནི་དཔེར་ན་མིག་སྒྲའི་རྣམ་པར་ཤེས་པས་སྟོང་པ་ནི་སྒྲའི་རྣམ་པར་ཤེས་པས་སྟོང་པའི་རྐྱེན་མ་ཡིན་ཏེ། སྒྲའི་རྣམ་པར་ཤེས་པའི་འབྲས་བུ་དེས་སྟོང་པའི་ཕྱིར་རོ། །ཞེས་བྱ་བ་དེ་བཞིན་དུ ་མིག་མིག་གིས་རྣམ་པར་ཤེས་པས་སྟོང་པ་ཡང་མིག་གི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་མ་ཡིན་ཏེ། དེས་སྟོང་པའི་ཕྱིར་རོ་མིག་སྟོང་པ་ཞེས་བྱ་བ་ལ་ཀུན་རྫོབ་ཏུ་ཡང་གྲགས་པའི་གནོད་པར་འགྱུར་ཏེ། གང་གི་ཕྱིར་ཞེ་ན། སྦྱང་ལ་སོགས་ན་གནས་པ་ཡི། །རྒྱུ ་ཙམ་ཡོད་པ་ཉི་ཚེ་ལ། །གནས་ལ་སོགས་པའི་མྱུ་གུ་ལ་སོགས་པ་འབྲས་བུ་སྐྱེ་བར་མ་མཐོང་བའི་ཕྱིར་རོ། །ཞེས་བྱ་བར་བསམས་སོ། །སྐྱོན་གཞན་འདི་ཡང་ཡོད་དེ། འབྲས་བུ་འབྲས་བུར་མི་འགྱུར་ཞིང། །མེད་པ་ཁྱོད་ལ་འབྲ་བུར་འགྱུར། །ཞེས་བྱ་བ་ལ ་འབྲས་བུ་ཞེས་བྱ་བ་ནི་བྱ་བཱི་ཕྱིར་འབྲས་བུ་ཡིན་ན་གལ་ཏེ་རྒྱུ་ལ་འབྲས་བུ་དེས་མི་སྟོང་ན་དེ་ལ་ཡང་བྱ་བ་མེད་པའི་ཕྱིར་སྔ་ན་ཡོད་པ་འབྲས་བུ་ཡིན་པར་འདོད་པ་དེ་ཡང་འབྲས་བུར་མི་འགྱུར་ཞིང་གཞན་ཞིག་ཕྱིས་བྱེད་པ་དེས་ན་མེད་པ་གཞན་ཅུང་ཟད་ཅིག་ཁྱོད་ཀྱི་ཕྱོཌ ་ལ་འབྲས་བུ་ཡིན་པར་འགྱུར་རོ། །འདི་སྙམ་དུ་རྒྱུ་ལ་འབྲས་བུ་ནུས་པར་ཡོད་པ་དེ་ཉྡ་ལ་འབྲས་བུ་ཞེས་ཉེ་བར་གདགས་ཏེ། ངེས་རྒྱུ་མི་སྟོང་པ་ཁོ་ན་ཡིན་ནོ། །གང་གི་ཕྱིར་ཞེ་ན། བུམ་པའི་དོན་དུ་འཇིམ་པ་ཁོ་ན་ལེན་པར་བྱེད་ཀྱི་བྱེ་མ་དག་ནི་མི་ལེན་ཏེ། ནུས ་པས་སྟོང་པའི་ཕྱིར་རོ། །ཞེས་བྱ་བར་སེམས་ནི་བཤད་པ། གལ་ཏེ་འབྲས་བུའི་ནུས་འབྲས་ནས། །དེ་ལས་གཞན་པའི་རྒྱུ་ཅི་ཡོད། །དེ་ལ་གཞན་པ་མ་ཡིན་ལ། གཞི་དང་བཞག་པའི་དངོས་མི་འདོད། །ཅེས་བྱ་བ་ནི་གལ་ཏེ་འབྲས་བུའི་ནུས་པ་གང་ཁོ་ན་ཡིན་པ་དེ ་ཉིད་འབྲས་བུ་ཡིན་ན་འབྲ་སྦུའི་ནུས་པ་ལས་གཞན་པའི་རྒྱུ་ཞེས་བྱ་བ་ཅི་ཞིག་ཡོད་དེ། གང་གི་ཕྱིར་དེ་ལས་གཞན་མ་ཡིན་ན་གཞི་དང་བཞག་པའི་དངོས་པོར་རྟག་ཏུ་ཡང་མི་རུང་སྟེ། དཔེར་ན་དུག་དང་ཆད་དག་ལས་དགུ་དང་ཆང་གི ་ནུས་པ་ཐ་མི་དད་པ་བཞིན་དུ་གཞི་དང་བཞག་པའི་དངོས་པོ་མེད་པར་འགྱུར་རོ། །ཅི་སྟེ་གཞན་མ་ཡིན་ཡང་སླ་སྟེ། འབྲས་བུའི་མིང་ཙམ་ཉིད་ལ་ནི། །དཔེར་ན་ནམ་མཁའ་ལ་མཁའ་གནས་བཞིན། །ཞེས་བྱ་བ་ནི་དཔེར་ན་གཞན་མ་ཡིན་ཡང་ནམ་མཁའ་ལ་ནམ་མཁའ་ ་གནས་སོ་ཞེས་བྱ་བ་ལ་གཞི་དང་བཞག་པའི་དངོས་པོ་ཉེ་བར་གདགས་སུ་རུང་བ་དེ་བཞིན་དུ། གལ་ཏེ་རྒྱུ་ལ་འབྲས་བུའི་ནུས་པ་གཞན་མ་ཡིན་ཡང་རྒྱུ་ལ་འབྲས་བུའི་ནུས་པ་ཡོད་དོ་ཞེས་ཉེ་བར་གདགས་སུ་རུང་ངོ་ཞེ་ན། དེ་ནི་ཁོ་བོ་ཅག་ཀུན་རྫོབ་པར་འདོད ་བ་ཡིན་ནོ། །གལ་ཏེ་དེ་ཉིད་རྒྱུ་ཡིན་ན། །གང་གིས་མི་སྟོང་དེ་ཅིར་ཡོད། །གང་ཞིག་གང་གིས་ཞེས་བྱ་བ་ནི། །གལ་ཏེ་འབྲས་བུའི་བདག་ཉིད་དེ་རྒྱུ་ཡིན་ན་ནི་དེ་ལྟ་ན། ཁྱེད་ཅག་འབྲས་བུ་གང་གིས་མི་སྟོང་པ་དེ་རྒྱུ་ཡིན་པར་འདོད་པའི་འབྲས་བུ་ཞེས ་བྱ་བ་ཏེ་ལས་གཞན་པ་ཅི་ཞིག་ཡིན་པར་འདོད་གཞན་ཡང། ཡོད་ལ་སྐྱེ་བ་མེད་པའི་ཕྱིར། །གང་ཞིག་གང་གི་བདག་པོར་འདོད། །མེད་ལ་རྐྱེན་ཡང་མེད་པའི་ཕྱིར། །གང་ཞིག་གང་གི་བདག་ཕོར?་འདོད། །ཅེས་བྱ་བ་ནི་གལ་ཏེ་འབྲས་བུ་ཡོད་པ་ཉིད ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་ཡོངས་སུ་གྲུབ་པ་དག་ལ་སྐྱེ་བ་མེད་པ་བཞིན་དུ་སྐྱེ་བ་མེད་པའི་ཕྱིར་རྒྱུ་གང་ཞིག་འབྲས་བུ་གང་གི་བདག་པོ་ཡིན་པར་འདོད་གལ་ཏེ་འབྲས་བུ་མེད་པ་ཉིད་ཡིན་ན་ནི་དེ་མེད་པ་ཉིད་ཡིན་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག ་ལ་སོགས་པ་མེད་པ་དག་ལ་རྐྱེན་རྣམས་མེད་པ་བཞིན་དུ་རྐྱེན་མེད་པའི་ཕྱིར། རྒྱུ་གང་ཞིག་འབྲས་བུ་གང་གི་བདག་པོའི་རྐྱེན་དུ་འདོད། །འདིར་ཕ་རོལ་པོའི་རྒོལ་པའི་སྐབས་སྣང་ནས་སློབ་དཔོན་གྱིས་བཤད་པ། གལ་ཏེ་བུམ་སོགས་སྐྱེས་མཐོང་བས། །མཐོང ་ལ་གཏན་ཚིགས་དོན་མེད་དེ། །མངོན་སུམ་དང་ནི་གྲགས་པ་ཡིས། །གནོད་པས་གནོད་པར་འགྱུར་ཞེ་ན། ཞེས་བྱ་བ་ནི་གལ་ཏེ་ཁ་ཅིག་འདི་སྐད་ཅེས། བུམ་པ་ལ་སོགས་པ་དག་འཇིམ་པ་དང་དབྱུག་གུ་དང་འཁོར་ལོ་དང་སྲང་བུ་དང་ཆུ་དན། རྫ་མཁན་གྱི་འདོད་པ་ལ་སོགས ་པའི་རྐྱེན་རྣམས་ཀྱི་མངོན་པར་བསྒྲུབS་པ་སྐྱེས་པ་ཡིན་པར་མིག་ལ་སོགས་པས་མཐོང་བས་དབང་པོ་རྣམས་ཀྱིས་མཐོང་བ་ད་ལ་ནི་ཁྱོད་ཀྱིས་སྨྲས་པ་གཏན་ཚིགས་དོན་མེད་དེ། གང་གི་ཕྱིར་ཞེ་ན། མཐོང་བས་ལྷག་པའི་ཚད་མ་གཞན་མེད་པའི་ཕྱིར་ཏེ། གང་ཞིག ་པ་ལང་རྭ་མེད་དེ། སྲོག་ཆགས་ཡིན་པའི་ཕྱིར་རྟ་བཞིན་ནོ་ཞེས་ཟེར་བ་དེ་ལ་མངོན་སུམ་གྱི་གནོད་པར་འགྱུར་བ་བཞིན་དུ་ཁྱོད་ལ་རེ་ཞིག་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་རི་ཁྲོད་པ་ཡང་ཆད་དང་གདོལ་པ་ཡན་ཆད་དང་བ་ལང་རྫི་ཡང་ཆད་ལ་ཡང་འདི་ལྟ་སྟེ། བུམ་པ ་ལ་སོགས་པ་དག་སྐྱེས་པར་གྲགས་པས་དེའི་ཕྱིར་ཁྱོད་ལ་གྲགས་པའི་གནོད་པར་ཡང་འགྱུར་རོ་ཞེ་ན། འདིར་བཤད་པ། བུམ་པ་ལ་སོགས་སྐྱེ་བ་དག་།བྱིས་པའི་བློ་དང་མཐུན་མཐོང་བ། །གང་ཕྱིར་དེ་ནི་མི་འགོག་པས། །དེ་ཕྱིར་ཇི་སྐད་སྨྲས་སྐྱོན་མེད། །ཅེས་བྱ་བ ་ནི་བུམ་པ་ལ་སོགས་པའི་སྐྱེ་བ་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་དང། ཡོད་པ་དང་མེད་པ་ལ་སོགས་པ་དཔྱད་པ་དང་བྲལ་བ་སྒྱུ་མ་དང་སྨིག་རྒྱུ་དང། དྲི་ཟའི་གྲོན་ཁྱེར་ལ་སོགས་པའི་སྐྱེ་བ་སྣང་བ་ལྟ་བུ་བྱིས་པའི་སྐྱེ་བོའི་བློ་དང་མཐུན་པར་མཐོང་བ་ད་ནི ་ཀུན་རྫོབ་གྱི་ཚུལ་དུ་ཡོད་པས་བྱིས་པའི་བློ་དང་མཐུན་པར་མཐོང་བ་དེ་ནི་མ་བཀག་སྟེ། འདི་ལྟར་དོན་དམ་པ་པའི་བློ་རྟོག་པའི་སྐྱོན་གྱིས་དྲི་མ་མ་ལུས་པ་སྤོང་བར་བཟོད་པས་བརྟགས་ན་མི་རིགས་པར་བསྟན་པས་དེའི་ཕྱིར་མངོན་སུམ་དང་གྲགས་པའི་གནོད་པ་ཇི ་སྐད་སྨྲས་པའི་སྐྱོན་མེད་དོ། །དེ་ལྟར་སྤྱིར་ལན་བཏབ་ནས། ད་ནི་ཁྱད་པར་བརྗོད་པར་བྱ་སྟེ། འདི་ལ་མངོན་སུམ་དུ་སྨྲས་པS་ནི་རེ་ཞིག་མངོན་སུམ་ཉིད་མངོན་སུམ་གྱི་སྒོ་ན་ངེས་པར་གཟུང་ནས་དེའི་གནོད་པས་བརྒལ་བར་བྱ་བ་ཡིན་ན་མངོན་སུམ་ཡང་ཀུན་རྫོབ་པ་ཡིན་པS ་དོན་དམ་བ་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། གཟུགས་ལ་དམིགས་པའི་བློ་ལ་ནི། །ཡང་དག་ཏུ་ན་རང་རིག་མེད། །དེ་མ་སྐྱེས་ཕྱིར་ཁོ་བོ་ལ། །དེའི་གནོད་པ་མེད་ཕྱིར་རོ། །ཞེས་བྱ་བ་ནི་ཤེས་བྱ་དང་དེ་ལ་འཇུག་པ་སྐྱེ་བ་མེད་པར་བསྟན་པའི་ཕྱིར་དང ་འདུ་བྱེད་ཀྱི་ཚོགས་གཡོ་བ་མེད་པའི་ཕྱིར་དང། དབང་པོ་རྣམས་བླུན་པ་ཉིད་ཀྱི་ཕྱིར་གཅིག་གིས་ཡུལ་འཛིན་པར་ཡང་མི་ནུས་ལ། ཚོགས་པ་ལས་བྱུན་བའི་བློ་ཡང་ཀུན་རྫོབ་པ་ཡིན་པའི་ཕྱིར་གང་ཞིག་གང་གི་མངོན་སུམ་དུ་འགྱུར་ན་དེས་ཁོ་བོ་ལ་གནོད ་པར་འགྱུར། །ཞེས་དོན་བསྡུ་བ་ནི་དེ་ཡིན་ནོ། །ཡང་ན་དེའི་མངོན་སུམ་འདི་ལྟར་མི་རུང་སྟེ། མངོན་སུམ་བློ་ནི་དོན་དམ་དུ། དོན་བཞིན་ཉིད་དུ་མི་རིགས་ཏེ། །བྱིས་པའི་བློ་དང་ཁྱད་མེད་ཕྱིར། །མགལ་མེའི་འཁོར་ལོའི་བློ་བཞིན་ནོ། །ཞེས་བྱ་བ་ལ་བྱིས་པའི ་བློ་དང་ཁྱད་མེད་ཕྱིར། །ཞེས་བྱ་བ་ནི་རང་རིག་པ་ཉིད་དང་བསྟན་དུ་མེད་བ་ཉིད་ག?་རྣཾ་པར་རྟོག་པ་མེད་པ་ཉིད་ནི་བྱིས་པ་དང། འཕགས་པའི་བློ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དངོས་པོ་རང་གི་ངོ་བོ་སྣང་བ་ཙམ་གྱིས་སྤྱོད་ཡུལ་དང་ལྡན་པའི་ཕྱིར་མགལ་མེ་ལ་འཁོར་ལོར་སྣང ་བར་གྱུར་བའི་བློ་རྟོག་པ་མེད་པ་བཞིན་ནོ། །དེ་ཡི་སྤྱོད་ཡུལ་དངོས་མེད་དེ། །འདུས་བྱས་ཡིན་ཕྱིར་བདག་བློ་བཞིན། །ཞེས་བྱ་བ་ནི་མངོན་སུམ་གྱི་བློའི་སྤྱོད་ཡུལ་གྱི་གཟུགས་བསྟན་དུ་མེད་པ་ཡང་དངོས་པོ་མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་བདག ་གི་བློ་བཞིན་ནོ། །གཞན་ཡང། གཟུགས་ལ་སོགས་པ་རྫས་མིན་ཕྱིར། །ངེད་ལ་མངོན་སུམ་གནོད་པ་མེད། །ཅེས་བྱ་བ་ནི་གཟུགས་ལ་སོགས་པ་རྫས་བརྒྱད་འདུས་པ་དང། དེ་ལ་དམིགས་པའི་བློ་དག་ནི་དམག་དང་ནཌ?་ཚལ་ལ་སོགས་པའི་བློ ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པས་དེ་ལྟར་མངོན་སུམ་མེད་པའི་ཕྱིར། ཁོ་བོ་ཅག་ལ་དེའི་གནོད་པ་མེད་དོ། །ཁོ་བོ་ཅག་ལ་གྲགས་པའི་གནོད་པ་ཡང་མེད་དེ། གང་གི་ཕྱིར་ཞེ་ན། །མཁས་པའི་ཚུལ་ལ་དཔྱད་པ་ལ། གྲགས་པའི་གནོང་པ་ཡོད ་མ་ཡིན། །དེ་ཉིད་ལ་ནི་མ་རིག་པའི། །ལིང་ཏོག?་མདོངས་བའི་ཚིག་སྐབས་མིན། །ཞེས་བྱ་བ་ནི་དཔེར་ན་མིག་ཐོགས་པ་མེད་ཅིང་དྲི་མ་མེད་པས་ཡོངས་སུ་བརྟགས་པའི་དོན་རིན་པོ་ཆེ་མརྒད་དང། བཻཌཱུརྱ་ལ་སོགས་པ་རིན་པོ་ཆེ་བརྟག་པ་དག་ལ་དམུས་ལོང་རྣམས་དང། རབ་རིབ་ཀྱི ་མིག་ཉམས་པ་རྣམས་ཀྱི་སྐབས་མ་ཡིན་གྱི་།དེ་ལ་བློ་གསལ་བ་དང། མིག་དང་ལྡན་པ་རྣམས་ཀྱི་སྐབས་ཡིན་པ་དེ་བཞིན་དུ། སྟོང་པ་ཉིད་ཀྱི་ལྟ་བའི་མིག་སྨན་གྱིས་ཡོངས་སུ་སྤྱངས་པའི་རིགས་པ་དྲི་མ་མེད་པའི་མིག་ཡངས་པ་དང་ལྡན་པའི་མཁས་པ་རྣམས་ཀྱི་སྐབS ་ཡིན་གྱི། མ་རིག་པའི་ལིང་ཏོག་གིས་རྨོངས་པ་དང། དངོས་པོའི་རང་གི་ངོ་བོ་མཐོང་བར་མི་ནུས་པ་རབ་རིབ་ཅན་འདྲ་བ་ཁམས་གསུམ་པའི་དངོས་པོ་སྣ་ཚོགས་ལ་རྟོག་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བའི་དྲི་མས་བློ་གྲོས་ཀྱི་མིག་དཀུགས་པ ་མི་མཁས་པ་རྣམས་ཀྱི་ཚིག་གི་སྐབས་མེད་པས་གྲགས་པའི་གནོད་པར་འགྱུར་རེ་སྐན། །དེ་ལྟར་གཞན་ལས་སྐྱེ་བ་བཀག་པའི་ཞར་ལས་འོངས་པ་དག་ཡོངས་སུ་རྫོགས་པར་བྱས་ནས། ཡང་གྲང་ཅན་འབྲ་བུ་སྔ་མ་ཡོད་པར་སྨྲ་བ་དག་གི་ཕྱིར་བཤད་པ། །ཡོད་ལའང་སྐྱེ་བར ་མི་འདོད་དེ། ཡོད་པ་ཅི་ཕྱིར་སྐྱེ་བར་འགྱུར། ཞེས་བྱ་བ་ནི་འབྱུང་བའི་མཚན་ཉིད་དང་ལྡན་པ་ནི་སྐྱེ་པ་ཡིན་ན་ཡོད་པ་ལ་ནི་འབྱུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཅི་སྟེ་འདི་སྙམ་དུ་རྒྱུ་ལ་འབྲས་བུ་ནུས་པའི་བདག་ཉིད་དུ་ཡོད་པ་དེ་རྐྱེན་རྣམས་ཀྱིས་རགས་པ་ཉིད་དུ ་སྒྲུབ་པར་སེམས་ན་བཤད་པ། །ཡོད་པ་རགས་པར་མི་བྱེད་དེ། །སྔ་ན་མེད་དང་ཕྱིས་འབྱུང་ཕྱིར། །ཞེས་བྱ་བ་ནི་དོ་ལྟ་ན་ཡང་འབྲས་བུ་སྔ་ན་མེད་པར་གྱུར་པ་ཡིན་ཏེ། རགས་པ་ཉིད་སྔ་ན་མེད་པའི་ཕྱིར་རོ། །དཔེར་ན་ཤིང་ནྱ་གྲོ་ད་ཡི་ས་བོན་ཆུང་ངུ་ལ་ཤིང་ནྱ་གྲོ་ད་ཞེས ་བྱ་པའི་སྡོང་པོ་ཡལ་ག་དང་ཡལ་ག་ཕྲ་མོ་དུ་མས་རྒྱས་པའི་རང་གི་ངོ་བོ་ཡོད་པ་མ་ཡིན་པས་དེའི་ཕྱིར་དེ་སྔ་མ་ཡོད་པ་མ་ཡིན་པའི་ཕྱིར་དང། ཕྱིས་འབྱུང་བའི་ཕྱིར་དེ་ཡོད་དོ་ཞེས་བྱ་བར་མི་རིགས་སོ། །གཞན་ཡང་མིག་གི་རགས་པ་ཉིད་གང་ཡིན། །དེ་ནི་ ་རྐྱེན་གྱིས་མ་བྱས་ཏེ། །སྔ་ན་མེད་ཕྱིར་རྫ་མ་བཞིན། །ཤེས་བྱ་ཡིན་ཕྱིར་ཟ་པོ་བཞིན། །ཞེས་བྱ་བ་ནི་གལ་ཏེ་རྐྱེན་རྣམས་ལ་འབྲས་བུ་རགས་པ་ཉིད་ཅེས་བྱ་བ་སྔ་ན་མེད་པ་སྐྱེད་པའི་མཐུ་ཡོད་ན་ནི་མིག་གི་རྐྱེན་གྱི་འབྱུང་བ་ཆེན་པོ་རྣམས་ཀྱིས་ཀྱང ་མིག་ལ་སོགས་པ་ལས་གཞན་པ་རྫ་མ་ལ་སོགས་པ་དག་ཅིའི་ཕྱིར་མི་བྱེད། ཡང་ན་དཔེར་ན་སྐྱེས་བུ་ཤེས་བྱ་ཡང་ཡིན་ལ་ནུས་པའི་བདག་ཉིད་དུ་ཡང་ཡོད་མོད་ཀྱི། དེས་གང་ཡང་རགས་པ་ཉིད་དུ་མི་བྱེད་པ་དེ་བཞིན་དུ་མིག་ལ་སོགས་པ་ལ་ཡང་ཐལ་བར ་འགྱུར་རོ། །འདི་སྙམ་དུ་ཁྱོད་ནི་བདག་མེད་པར་སྨྲ་བ་ཡིན་ལ་ཁྱོད་ཀྱིས་ཟ་བ་པོའི་དཔེ་ཉིད་དུ་བྱས་པ་ནི་རང་ལ་དཔེ་མ་གྲུབ་པར་སེམས་ན་བཤད་པ། ཟ་པོ་ལ་སོགས་ཀུན་རྫོབ་ཏུ། །ཐུན་མོང་ཡིན་པར་འདོད་པའི་ཕྱིར། །དེ་ཕྱིར་དེད་ལ་གང་དུ་ཡང། །དཔེ་ནི ་སྐྱོན་དུ་འགྱུར་དུ་མེད། །ཅེས་བྱ་བ་ནི་འདི་ལྟར་ཁོ་བོ་ཅག་ཀྱང་ལུས་དང་དབང་པོ་དང་བློའི་ཚོགས་ཀྱི་ཡན་ལག་གང་ཡང་རུང་བ་ཤས་ཆེ་བར་འཇུག་པ་ལ་བལྟོས་ནས། །ཟ་བ་པོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀུན་རྫོབ་ཏུ་ཕུང་པོ་དང། ཁམས་དང། སྐྱེ་མཆེད ་ཀྱི་ཡུལ་དག་ལ་ཐ་སྙད་གདགས་པ་ཐུན་མོང་དུ་གྲུབ་པས་དེའི་ཕྱིར་ཁོ་བོ་ཅག་ལ་ཚད་མ་གང་དུ་ཡང་རང་ལ་དཔེ་མ་གྲུབ་པ་སྐྱོན་དུ་འགྱུར་བ་མེད་དེ་ཁོ་བོས་ཀུན་རྫོབ་ཁོ་ནར་ཚད་མ་རྣམ་པར་བཞག་པར་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་བརྗོད་དུ ་མེད་པ་ཡིན་པའི་ཕྱིར་རོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་འབར་བ། བམ་པོ་བརྒྱད་པ། །འདིར་གྲངས་ཅན་དག་ཉིད་ལས་མངོན་བར་གསལ་བར་སྨྲ་བ་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། གང་དག་གི་དངོས་པོ་རྣམས་སྐྱེ ་བར་བཏགས་པ་དེ་དག་ཉིད་ལ་སྐྱོན་དེར་འགྱུར་གྱི། ཁོ་བོ་ཅག་ནི་བུམ་པ་ལ་སོགས་པ་དངོས་པོ་རྣམས་འཛིམ་པ་ལ་སོགས་པ་དག་ལ་ཡོད་པ་ཉིད་རྐྱེན་རྣམས་ཀྱི་མངོན་པར་གསལ་བར་བྱེད་པར་སྨྲ་བས་ཁོ་བོ་ཅག་ལ་སྐྱོན་དེ་ལྟ་བུར་མི་འགྱུར་རོ་ཞེ་ན། ་དེ་ལ་ཕྱིར་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གལ་ཏེ་གསལ་བ་སྐྱོན་མེད་ན། གང་གིས་ཅི་གསལ་ཇི་ལྟ་བུ། །གལ་ཏེ་དེ་དག་འདི་སྐད་ཅེས། དཔེར་ན་མར་མེའི་བུམ་པ་བཞིན། །ཞེས་ཟེར་ན་དེ་ལ་བཤད་པ་ཡོད་ན་མངོན་གསལ་བྱེད་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་དངོས་པོ་སྐྱེས་ཤིང ་ཡོད་པ་ཉིད་ལ་ཡོད་པ་གཞན་གྱིས་མངོན་པར་གསལ་བར་བྱེད་པ་ནི་རིགས་གྲངས་ན། འདི་ལ་ནི་མ་སྐྱེས་པར་བསྟན་པས་ཇི་ལྟར་ན་བུམ་པ་མ་སྐྱེས་པ་མར་མེ་མ་སྐྱེས་པས་མངོན་པར་གསལ་བར་བྱེད་དེ། གང་གི་ཕྱིར་སྒྱུ་མའི་སྐྱེས་བུམ་སྐྱེས་ཤིང་མེད་པ་ནི་ནམ་མཁའ་ཨི ་མེ་ཏོག་ལ་སོགས་པ་མ་སྐྱེས་ཤིང་མེད་པ་དག་གིས་མངོན་པར་གསལ་བར་བྱེད་པར་མི་རིགས་པའི་ཕྱིར་རོ། །དེ་ཡོད་པ་ཉིད་དུ་ཁས་བླངས་སུ་ཟིན་ཀྱང་ཐ་སྙད་ཀྱི་བདེན་པའི་ཚུལ་གྱིས་བཤད་པ། ཀུན་རྫོབ་ཏུ་འང་མར་མེས་ནི། །བུམ་པ་སྣང་དང་བཅས་པ་དང། ། ་དེ་ཡི་བློའམ་གཉེན་པོ་དག། སྐྱེ་བར་བྱེད་པ་ཉིད་ཡིན་ནོ། །ཞེས་བྱ་བ་ནི་ཁོ་བོ་ཅག་གི་ཕྱོགས་ལ་བུམ་པ་ཞེས་བྱ་བ་ནི་འབྱུང་བ་དང། འབྱུང་བ་ལས་གྱུར་པའི་ཚོགས་ཡིན་པས་ཀུན་རྫོབ་ཏུ་ཡང་མར་མེ་ཉེ་བར་གྱུར་པས་ནི་བུམ་པ་སྣང་བ་དང་བཅས་པ་སྔོན་མ་སྐྱེས ་པ་གདོང་མ་སྐྱེ་བར་བྱེད་པ་ཉིད་ཡིན་གྱི། སྐྱེས་པ་མངོན་པར་གསལ་བར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་བུམ་པ་དེ་སྔོན་བློའི་གཟུང་བ་ཉིད་དུ་མ་གྱུར་པ་ཡིན་ལ། ཕྱིས་མར་མེས་དེ་བློའི་གཟུང་བ་ཉིད་དུ་གྱུར་པར་བྱེད་ན་ནི། དེ་ལྟ་ན་མར་མེས་དེའི་བློ་དེ་ཉིད ་སྔོན་མེད་བསྐྱོད་པར་བྱེད་པ་ཡིན་གྱི། དེའི་བློ་སྔ་ན་ཡོད་པ་མངོན་པར་གསལ་བར་བྱེད་པ་མ་ཡིན་ནོ། །ཅི་སྟེ་མུན་པའི་ནང་ན་བུམ་པ་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་དུ་མེད་པར་གྱུར་པ་མར་མེས་མིག་གི་རྣམ་པར་ཤེས་པའི་གཟུང་བ་ཉིད་དུ་ཡོད་པར་བྱེད་ན ་ཡང་དེ་ཉིད་སྔ་ན་མེད་པ་ཡོད་པར་བྱེད་པ་ཡིན་གྱི། ཡོད་པ་མངོན་པར་གསལ་བར་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་བུམ་པ་བཟུང་བའི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་ཡོད་པ་མར་མེས་སེལ་བར་བྱེད་དོ་ཞེ་ན་དེ་ལྟ་ན་ཡང་མུན་པའི་གཉེན་པོ་སྣང་བ་དག་སྔ་ན་མེད་པ ་ཉིད་མར་མེས་སྐྱེ་བར་བྱེད་པ་ཉིད་ཡིན་གྱིས། གཉེན་པོ་སྔ་ན་མེད་པ་དག་ཕྱིས་མངོན་པར་གསལ་བར་བྱེད་པ་མ་ཡིན་ཏེ། ཅི་སྟེ་བུམ་པ་གཟུང་བར་སྣང་བ་ཉིད་སྔ་ན་ཡོད་ན་མར་མེས་ཅི་བྱ། གཞན་ཡང་ཆེན་པོ་ལ་སོགས་པ་མངོན ་པར་མི་གསལ་བ་དག་གསལ་བར་བྱེད་དོ་ཞེ་ན། དེ་ཡང་མི་འཐད་དེ་ཇི་ལྟར་ཞེ་ན། མངོན་པར་མི་གསལ་གསལ་མི་བྱེད། །མི་གསལ་ཕྱིར་ན་མཁའ་མི་ན་བཞིན། །རང་ཚུལ་གྱིས་ཀྱང་དཔེར་བྱ་ན། །གཙོ་བོ་ཟ་པོ་བཞིན་དུ་བསྟན། །ཞེས་བྱ་བ་ནི་གྲངས་ཅན ་དག་ཉིད་ཀྱི་རང་གི་ཚུལ་གྱིས་ཀྱང་དཔེར་ན་བྱན་སྙིང་སྟོབས་དང་རྡུལ་དང་མུན་པ་ཆ་མཉམ་པ་མི་གསལ་བ་ནི་གཙོ་བོ་སྟེ། རང་བཞིན་ཡིན་ལ་དེ་བཞིན་དུ་ཟ་བ་པོ་སྐྱེས་བུ་ཞེས་བྱ་བ་ཡང་མ་སྐྱེས་པའི་ཕྱིར། མངོན་པར་མི་གསལ་བ་ཡིན་པས ་གསལ་བར་མི་བྱེད་པ་དེ་བཞིན་དུ་ཆེན་པོ་ལ་སོགས་པ་མངོན་པར་མི་གསལ་བ་ལ་ཡང་གསལ་བར་མི་བྱེད་དེ། མི་གསལ་བའི་ཕྱིར་རོ་ཞེས་བསྟན་ཏོ། །ཅི་སྟེ་རྣམ་པ་འགའ་ཞིག་གིས་ཟ་བ་པོ་ཡང་གསལ་བར་བྱ་བ་ཡིན་པར་རྟོག་ན་དེ་ལྟ ་ན། གལ་ཏེ་དེ་ཡང་མངོན་གསལ་ན་ཟ་པོ་ཀུན་འགྲོ་མ་ཞིང། རྒྱུ་མེད་མ་ཡིན་ཤེས་ཡོད་མིན། །མི་གསལ་བ་ཡང་ཉམས་པར་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ཟ་བ་པོ་དེ་ཡང་མངོན་པར་གསལ་བར་བྱ་བ་ཡིན་ན། ཟ་བ་པོ་ད་ཡང་བུམ་པ་ལ་སོགས་པ་བཞིན ་དུ། ཀུན་ཏུ་འགྲོ་བ་མ་ཡིན་པ་དང། རྒྱུ་མེད་པ་མ་ཡིན་པ་དང། ཤེས་པ་ཡོད་པ་ཉིད་མ་ཡིན་པ་དང། ཟ་པ་པོའི་ངོ་བོ་ཉིད་མི་གསལ་བ་ཞེས་བྱ་བ་བར?་ཉིས་པར་འགྱུར་རོ། །གཙོ་བོ་ཡང་མངོན་པར་གསལ་བར་བྱ་བ་ཉིད་དུ་རྟོག་ན་དེ་ལྟ་ན། གལ་ཏེ་གཙོ ་པོ་མངོན་གསལ་ན། །ཁྱོད་ཀྱི་གཙོ་བོ་བྱ་བ་དང། །དཔག་ཡོད་གསལ་བར་ཐལ་འགྱུར་ཏེ། །དེ་ནི་དེ་དག་མིན་པར་གྲེགས། །ཞེས་བྱ་བ་ནི་གལ་ཏེ་གཙོ་བོ་ཡང་མངོན་པར་གསལ་བར་བྱ་བ་ཡིན་ན་ཁྱོད་ཀྱི་གཙོ་བོ་བྱ་བ་ཉིད་དང། དཔག་ཏུ་ཡོད་པ་ཉི་དང། ་གསལ་བ་ཉིད་ཡིན་པར་ཐར་བར་འགྱུར་ཏེ། གཙོ་བོ་དེ་ནི་མ་བྱས་པ་དང་ཐམས་ཅད་དུ་སོང་བ་དང། མི་གསལ་བ་ཡིན་པས་བྱང་བ་དང་དཔག་ཏུ་ཡོད་པ་དང་གསལ་བར་དེ་དག་མ་ཡིན་པར་ཁྱེད་ཉིད་ལ་གྲགས་པ་དང་འགལ་ལོ། །གསལ་བར་བྱེད་པ་ཡང་མི་འཐད་དེ་།ཇི་ལྟར ་ཞེ་ན། གང་གིས་གསལ་བྱེད་གང་དག་འདོད། །དེ་དག་དེ་གསལ་བྱེད་མི་འདོད། །རྒྱུ་ཉིད་ལ་སོགས་གཏན་ཚིགས་ཀྱིས། །རྒྱུ་སྤུན་ལ་སོགས་ཞོའི་མིན་བཞིན། །ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་གང་གིས་གསལ་བྱེད་ས་ལ་སོགས་པ་རྐྱེན་གང་དག་ཡིན་པར་འདོད་པ ་དེ་དག་ནི་གསལ་བར་བྱེད་པ་ཡིན་པར་མི་འདོད་དེ། ཅིའི་ཕྱིར་ཞེ་ན། རྒྱུ་ཉིད་ལ་སོགས་པ་ཡིན་པའི་གཏན་ཚིགས་ཀྱིས་ཏེ། རྒྱུ་ཉིད་ཡིན་པའི་ཕྱིར་དང་དངོས་པོ་ཉིད་ཡིན་པའི་ཕྱིར་དང། ཤེས་བྱ་ཉིད་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟ་བུ་ཞེ་ན། རྒྱུ་སྤུན་ལ་སོགས་པ ་ཞོའི་གསལ་བར་བྱེད་པ་མ་ཡིན་པ་བཞིན་ཏེ། དཔེར་ན་འོ་མ་ལས་ཞོར་འགྱུར་བའི་གསལ་བར་བྱེད་པ་སྣམ་བུ་ལ་སོགས་པ་མངོན་པར་སྒྲུབ་པའི་རྒྱུ་སྤུན་དང། ཚིག་པ་དང་ཐག་ཟངས་དང་འུལ་བུ་ལ་སོགས་པ་དག་མ་ཡིན་པ་བཞིན་ནོ། །གལ་ཏེ་འདི་སྙམ་དུ ་རྒྱུ་སྤུན་ལ་སོགས་པ་དག་ལ་ཡང་རྣམ་གྲངས་གཞན་གྱིས་ན་ཞོ་ལ་སོགས་པ་དངོས་པོ་དག་མངོན་པར་གསལ་བར་བྱེད་པའི་ནུས་པ་ཉིད་ཡོད་དེ། གང་གི་ཕྱིར་ཞེ་ན། རྒྱུ་སྤུན་ལ་སོགས་པ་གང་དག་ཡིན་པ་དེ་དག་འཇིག་པའི་བསྐལ་པས་ཞིག་ནས་ཡང་ཕྱིར ་ཆགས་པའི་བསྐལ་པས་ཕྱིར་ཆགས་པའི་ཚེ་ན་རྐྱེན་གཞན་དག་གིས་མངོན་པར་གསལ་བར་བྱེད་པས་ཞོ་ལ་སོགས་པའི་དངོས་པོ་གཞན་དག་མངོན་པར་གསལ་བར་བྱེད་པར་འགྱུར་བའི་དུས་དེ་ལྟ་བུ་ཡང་ཡོད་པས་དབུ་མ་པའི་དཔེ་མེད་པར་སེམས་ན་དེའི ་ཕྱིར་བཤད་པ། གལ་ཏེ་རྒྱུ་སྤུན་ལ་སོགས་པའང། དེ་ནུས་ཡོད་ཕྱིར་དཔེར་མེད་ན། དེ་མིན་རྒྱུ་སྤུན་ལ་སོགས་དངོས། །དེ་དག་དེ་གསལ་བྱེད་མིན་ཕྱིར། །ཞེས་བྱ་བ་ནི་གལ་ཏེ་རྒྱུ་སྤུན་ལ་སོགས་པ་དག་རྣམས་གྲངས་གཞན་གྱིས་ཞོ་ལ་སོགས་པའི་གསལ་བར ་བྱེད་པ་ཉིད་དུ་འགྱུར་པ་ཡོད་དུ་ཟིན་ན་ཡང་རྒྱུ་སྤུན་ལ་སོགས་པས་རྒྱུ་སྤུན་ལ་སོགས་པ་དངོས་ཀྱི་ངོ་བོ་ཉིད་དེ་དག་གིས་ཞོ་ཞེས་བྱ་བ་ལ་སོགས་པའི་འབྲས་བུ་དེ་གསལ་བར་བྱེད་པ་མ་ཡིན་ཏེ། ཇི་ལྟར་ཡང་མི་སྲིད་པའི་ཕྱིར་དང་གང ་དུ་ཡང་མ་མཐོང་བས་དེའི་ཕྱིར་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །གྲངས་ཅན་དག་ལས་ཁ་ཅིག་ས་ལ་སོགས་པ་རྣམ་པར་ཕྱེ་བ་དང། ས་བོན་གྱི་མཚན་ཉིད་རྣམ་པར་མ་ཕྱེ་བའི་བྱེད་རྒྱུ་དག་ལས་འབྲས་བུ་སྐྱེ་བར་སེམས་པ་དེ་དག་ནི་བདག་དང་གཞན་ལས་སྐྱེ་བར ་སྨྲ་བ་ལ་གཅེར་བུ་པ་དག་ཀྱང་གསེར་དང་མེ་ལ་སོགས་པ་ལས་གསེར་གྱི་སོར་གདུབ་བདག་དང་གཞན་ལས་སྐྱེ་བར་སེམས་པ་དེ་དག་ཉིད་ཀྱང་འབྲས་བུ་སྔ་ན་ཡོད་པ་དང་མེད་པར་སྨྲ་སྟེ། འདི་ལྟར་སོར་གདུབ་ཅེས་བྱ་བའི་འབྲས་བུ་དེ་མ་ཐོག་ཏུ་འབྱུང ་པའི་ཕྱིར་ནི་སྔ་ན་ཡོད་པ་ཡིན་ལ་རང་གི་བདག་ཉིད་མ་ཐོབ་པའི་ཕྱིར་ནི་སྔ་ན་མེད་པ་ཡིན་པར་སྨྲའོ། །དེ་དག་གི་ཕྱིར་བཤད་པ། བདག་དང་གཞན་ལས་སྐྱེ་བ་དང། བདག་ཉིད་ཡོད་དང་མེད་མི་འདོད། །གཉི་གར་སྨྲ་བ་ཡོད་མིན་ཏེ། །རིགས་པས་གོང་དུ ་བསྟན་ཕྱིར་རོ། །ཞེས་བྱ་བ་ནི་གཉི་གར་སྨྲ་བ་དག་ཀྱང་འགལ་པའི་སྐྱོན་ཡོད་པའི་ཕྱིར་མི་འཐད་དེ། གལ་ཏེ་བདག་ལས་ན་ནི་ཇི་ལྟར་ན་གཞན་ལས་ཡིན་འོན་ཏེ་གཞན་ལས་ན་ནི་དེ་ལྟ་ན་བདག་ལས་ཞེས་བྱ་བ་འདི་དང་འགལ་ལོ། །སོ་སོར་ཡང་བདག ་ལས་གཞན་ལས་བྱ་བའི་ཇི་ལྟར་སྔར་བཀག་པ་དེ་ཁོ་ན་བཞིན་དུ་བརྗོད་པར་བྱའོ། །ཡང་གཞན་ཡང་ཀུན་རྫོབ་ཏུ་ཡང་འབྲས་ཕུ་ནི། །རྐྱེན་རྣམས་ཀྱིས་ནི་གསལ་མི་འདོད། །དེ་ཞིག་བར་དུ་རྗེས་སྒྲུབ་ཕྱིར། །ས་ལ་སོགས་པས་བུམ་པ་བཞིན། །ཞེས ་བྱ་བ་ནི་འདི་ལ་ཚད་མ་ཐམས་ཅད་དོན་དམ་པ་པ་ཡིན་པ་ལས་ཚད་མ་འདི་ནི་ཀུན་རྫོབ་ཏུ་ཡང་གཞན་གྱིས་ཡོངས་སུ་བཏགས་པའི་མངོན་པར་གསལ་བ་འགོག་པར་བྱེད་པ་ཡིན་ཏེ། འཇིམ་པ་ལ་སོགས?་པ་ནི་བུམ་པ་ཞིག་པའི་མཐར་ཐུག་གི་བར་དུ་རྗེས་སུ ་འབྲེལ་བར་སྒྲུབ་པ་ཉིད་ཡིན་པས། །དེའི་ཕྱིར་དེ་དེ་བཞིན་དུ་འབྲས་བུ་གཞན་དག་གི་མངོན་པར་གསལ་བར་བྱེད་པ་ཡིན་པ་མི་རིགས་ཏེ། གང་གི་ཕྱིར་ཞེ་ན། མངོན་པར་གསལ་བ་ཞེས་བྱ་བ་ནི་དངོས་པོའི་རྗེས་སུ་གཏན་དུ་འབྲེལ་པར་སྒྲུབ་པ་མ་ཡིན་ཏེ། མར་མེ་བུམ་པའི ་རྗེས་སུ་གཏན་དུ་སྒྲུབ་པ་མ་ཡིན་པ་བཞིན་ལ་འབྲས་བུ་ནི་ཞིག་པའི་མཐར་ཐུག་གི་བར་དུ་ཡང་ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོས་རྟག་པར་དངོས་པོའི་རྗེས་སུ་འབྲེལ་པར་སྒྲུབ་པ་ཡིན་པའི་ཕྱིར་མངོན་པར་གསལ་བ་དང། འབྲས་བུ་ལ་ཁྱད་པར་དེ་ཡོད་དོ།། ་དེ་ལྟར་ན་དངོས་པོ་རྣམས་བདག་དང་གཞན་གཉི་ག་ལས་ཀྱང་སྐྱེ་བ་མེད་དོ། །འདིར་འཇིག་རྟེན་རྒྱད་པན་པ་དག་གིས་སྨྲས་པ། དངོས་པོ་རྣམས་བདག་དང་གཞན་དང་གཉི་ག་ལས་སྐྱེ་བ་མེད་པ་ནི་བདེན་མོད་ཀྱི། འོན་ཀྱང་ནང་གི་སྐྱེ་མཆེད་ཀྱི་དངོས་པོ་རྣམས་ནི ་རྒྱུ་དང་རྐྱེན་ལ་མི་བལྟོས་པར་ངོ་བོ་ཉིད་ཁོ་ན་ལས་སྐྱེ་བར་དམ་འཆའ་སྟེ་།བསལ་བ་མེད་པས་བྱས་པའི་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་པ་སྣང་བའི་ཕྱིར་དཔེར་ན། པདྨ་ཟེ་བ་ཁ་དོག་གསར་པ་ཡིད་ཙམ་སེར་ཞིང་དམར་པ། དྲི་ཞིམ་པོ་དང། ཟེའུ་འབྲུ ་མཛེས་པ་དང་ལོ་མ་འཇམ་པ་དང། སྡོང་བུ་རྩུབ་པ་དང་ལྡན་པ་དག་དང། རྨ་བྱ་མཇུག་སྒྲོའི་ཚོགས་ཟླ་གམ་སྣ་ཚོགས་གསལ་པ་མང་པོ་དང། ལུས་ཀྱི་སྒྲོ་གཤོག་སྡོ་ཞིང་འཚོར་བ་བག་ཅན་དང་ལྡན་པ་དག་དང། ཚེར་མ་རྩེ་མོ་མ་གཞོགས་པ་རྣོ་ཞིང ་རྩུབ་པ་དང་ལྡན་པ་དག་བཞིན་ནོ་ཞེ་ན། དེ་དག་གི་ཕྱིར་འདི་སྐད་བཤད་པར་བྱ་སྟེ། མིག་ནི་ཀུན་རྫོབ་ཉིད་དུ་ཡང། །གློ་བུར་སྐྱེ་བར་མི་འདོད་དེ། །སྤྱི་དང་ཁྱད་པར་ལྡན་པའི་ཕྱིར། །དེ་ནི་དཔེར་ནི་བུམ་པ་བཞིན། །ཞེས་བྱ་པ་ནི་འདི་ལྟར་འཇིག་རྟེན་ན་ནང་དང ་ཕྱི་རོལ་གྱི་དངོས་པོ་གང་ལ་རྒྱུ་མི་སྣང་པ་དེ་ནི་འགའ་ཡང་མེད་དེ། རེ་ཞིག་པདྨ་ལ་སོགས་པ་ཡིང་ཆུ་དང་རྫབ་དང་ས་བོན་ལ་སོགས་པའི་རྒྱུ་དག་དང་ལྡན་ནོ། །དེ་བཞིན་དུ་འཇིག་རྟེན་ནི་སེམས་ཀྱིས་བྲིས་སོ་ཞེས་བརྗོད་པས་རྨ་བྱ་ལ་སོགས་པ་ཡང་སེམས་པས ་མངོན་པར་འདུས་བྱས་པས་སྣ་ཚོགས་སུ་བཀྲའོ། །ཚེར་མ་ལ་སོགས་པ་རྩུབ་པ་དང་མེ་ཏོག་ལ་སོགས་པ་འཇམ་པ་ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་ཉིད་ལས་འགྱུར་རོ། །དེ་བཞིན་དུ་མིག་ཀྱང་ཁུ་ཆུ་དང་ཁྲག་དང་མེར་མེར་པོ ་ལ་སོགས་པ་དང། འབྱུང་བ་ཆེན་པོ་དག་གི་རྒྱུ་ལས་བྱུང་བ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ཉིད་དུ་ཡང་གློ་བུར་དུ་སྐྱེ་བར་མི་འདོད་དེ། མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད་དང་ལྡན་པའི་ཕྱིར་དང། མིག་ལ་སོགས་པ་ནི་འབྱུང་བ་ལས ་གྱུར་པའི་གཟུགས་དང་ལྡན་པའི་བདག་ཉིད་དེ་ཞེས་བྱ་བའི་ཁྱད་པར་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་དེ་ནི་དཔེར་ན་བུམ་པ་བཞིན་ཏེ། བུམ་པ་ཡང་མི་རྟག་པ་ལ་སོགས་སྤྱིའི་མཚན་ཉིད་དང་ལྡན་པ་དང། གསུས་པ་ཆེ་བ་དང་ཁ་ཡངས་པ་དང། དབྱིབS? ་ཟླུམ་པ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཀུན་རྫོབ་ཉིད་དུ་ཡང་གློ་བུར་དུ་སྐྱེ་བར་མི་འདོད་པ་བཞིན་ནོ། །གཞན་ཡང་འབྲས་བུ་ཡིན་ཕྱིར་རིམ་སྐྱེའི་ཕྱིར། །འཇིག་པའི་ཕྱིར་དང་ཡོངས་འགྱུར་ཕྱིར། །རྒྱུ་རྐྱེན་ངེས་པའི་ཕྱིར ་དང་ནི། །སྐྱེ་བའི་ཕྱིར་ཡང་ཤེས་པར་བྱ། །ཞེས་བྱ་བ་ནི་བུམ་པ་བཞིན་ནོ། །ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ལ་འབྲས་བུ་ཞེས་བྱ་བའི་ཕྱིར་འབྲས་བུའོ། །རིམ་སྐྱེ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཚོགས་པའི་དུས་སུ་སྐྱེ་བའོ། །འཇིག་པ་ཞེས་བྱ་བ་ནི་ཆུད ་ཟ་བའོ། །ཡོངས་འགྱུར་ཞེས་བྱ་བ་ནི་གཞན་དུ་འགྱུར་པའོ། །རྒྱུ་རྐྱེན་ངེས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་སོ་སོར་ངེས་པར་སྣང་བ་ལས་འབྲས་བུ་ངེས་པར་འབྱུང་བའོ། །སྐྱེ་བ་ཞེས་བྱ་བ་ནི་མངོན་པར་གྲུབ་པའོ། །དངོས་པོ་དེ་དག་ནི་འབྲས་བུ་ཡིན་པའི ་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གིས་བུམ་པ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ཉིད་དུ་ཡང་རྒྱུ་མེད་པ་ལས་གློ་བུར་དུ་སྐྱེ་བ་མ་ཡིན་པར་ངེས་སོ། །འདིར་མེད་པར་སྨྲ་བ་དག་དབུ་མ་པ་ལ་དཔེའི་སྐྱོན་འདོགས་པའི་རྒྱུ་ཐབS་ཀྱིས ་འཇིག་རྟེན་སྔ་མ་དགག་པར་ཡང་སེམས་ན་ཕྱིར་ལྡོག་པར་བྱེད་དེ། ཁྱེད་དབུ་མ་པ་ནི་འཇིམ་གོང་དང་གླེབས་པ་དང། བསྐོར་བ་ལ་སོགས་པའི་རིམ་གྱིས་བུམ་པ་མངོན་པར་འགྲུབ་པར་ཅེས་གྲགས་པས་དེ་དཔེ་ཉིད་དུ་སྟོན་པར་བྱེད་དེ། ཁོ་བོ་ཅག་ནི་འཇིམ་གོང་ནི ་འཇིམ་གོང་གི་རང་བཞིན་ཉིད་དུ་འགགས་པས་ཡང་སྐྱེ་བ་མེད་ལ་དེ་བཞིན་དུ་གླེབས་པ་དང། བསྐོར་བ་ལ་སོགས་པ་ཡང་དེ་དག་གི་རང་བཞིན་ཉིད་དུ་འགགས་པས་ཡང་སྐྱེ་བ་མེད་པའི་ཕྱིར་བུམ་པ་ལ་སོགས་པ་ནི་རྒྱུ་མེད་པ་ཁོ་ན་ལས་འབྱུང་བར་འདོད་པས ་དེའི་ཕྱིར་ཁྱེད་ཀྱི་དཔེ་མེད་དོ། །ཡང་ན་འཇིམ་གོང་ཞེས་བྱ་བ་དེ་ཙེ་ཏྲ་འམ། མེ་ཏྲ་ཞིག་ཡིན་ན་ཡང་ཚེ་རབས་གཞན་དུ་འགགས་པས་ཡང་སྐྱེ་བ་མེད་དེ། ཞིག་པའི་ཕྱིར་རོ། །ཡང་ན་འབྲས་བུ་ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །ཞེས་མེད་པར་སྨྲ་བ་དག་གིས་འཇིག་རྟེན ་སྔ་ན་འགགS་པའི་ཕྱིར་སྨྲས་པ། དེ་ལ་འདིར་སློབ་དཔོན་གྱིས་བཤད་པ། །གལ་ཏེ་འཇིམ་གོང་ཚེ་གཞན་ལ། །འགགས་པ་མི་སྐྱེ་ཞིག་པའི་ཕྱིར། །འབྲས་བུ་ཡིན་ཕྱིར་དཔེར་ན་ནི། །བུམ་པ་བཞིན་དུ་འདོད་ཅེ་ན། །ཞེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་བཞག་པ་ཉིད་ཡིན་ནོ། ་དེའི་ལན་ནི་ཇི་ལྟར་བུམ་པ་བུམ་པ་ཡི། །ངོ་བོ་ཉིད་འགགས་མི་སྐྱེ་བ། །དེ་ལྟར་འཇིམ་གོང་འདོད་ན་ནི། །འདོད་བ་ཉིད་དུ་བསྒྲུབ་པ་ཡིན། །ཞེས་བྱ་ལ་བ་ཡིན་ཏེ་།ཇི་ལྟར་ཁོ་བོ་བུམ་པ་བུམ་པའི་ངོ་བོ་ཉིད་གང་གིས་འགགས་པར་གྱུར་པའི་ངོ་བོ་ཉིད་དེ་ཉིད་ཀྱིས་མི་སྐྱེ་པར ་འདོད་མེད་ཀྱི་འོན་ཀྱང་དེ་ལས་གྱོ་མོ་དང་གྱོ་དུམ་ལ་སོགས་པའི་པའི་ངོ་བོ་ཉིད་ཀྱི་རྒྱུན་གཞན་སྐྱེ་བ་ཡོད་པ་ཁོ་ནར་འདོད་པ་དེ་ལྟར་ཁྱོད་ཀྱང་འཇིམ་པའི་གོང་ཞེས་བྱ་བ་འཇིམ་པའི་གོང་བུ་ཉིད་ལ་བྱ་ཡང་རུང་ཙཻ་ཏྲ་འམ?་མེ་ཏྲ་ལ་ཡང་རུང་སྟེ། གལ་ཏེ་ངོ་བོ་ཉིད་གང་གིས ་འགགས་པར་གྱུར་པའི་ངོ་བོ་ཉིད་ཀྱིས་ཀྱང་མི་སྐྱེ་བར་འདོད་མོད་ཀྱིས། འོན་ཀྱང་དེ་ལས་བུམ་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་རྒྱུན་གཞན་སྐྱེ་བ་ཡོད་པ་ཁོ་ནར་འདོད་ན་ནི་ཀུན་རྫོབ་ཏུ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ལ། དོན་དམ་པར་ཡང་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི ་ཕྱིར་ཁོ་བོའི་འདོད་པ་ཉིད་བསྒྲུབ་པ་ཡིན་ནོ། །འོན་ཏེ་འགགས་པ་རྒྱུ་མིན་ན། །དེས་ན་གཏན་ཚིགས་འགལ་པ་ཉིད། །ཅེས་བྱ་བ་ནི་འོན་ཏེ་ཁྱོད་འདི་སྙམ་དུ་འཇིམ་གོང་ལ་སོགས་པ་དགག་པར་གྱུར་པ་དེ་དག་ནི་ཕྱིས་གཞན་དག་གིས་རྒྱུད་མི་འགྱུར ་ཏེ་འདི་ལྟར་གང་འགགས་པ་དེ་ནི་རྒྱུན་ཆད་པ་ཉིད་དེ། འགགས་པ་ནི་རབ་ཏུ་ཞིག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་དང། གང་སྐྱེ་བ་དེ་ནི། ངོ་བོ་ཉིད་ཁོ་ན་ལས་སྐྱེ་སྟེ། འགགས་པ་གང་ལ་ཡང་མི་བལྟོས་པ་ཡིན་པར་སེམས་ན་དེས་ན་ཞིག་པའི་ཕྱིར ་རོ། །ཞེས་བྱ་བ་ཁྱོད་ཀྱི་གཏན་ཚིགས་དེའི་དོན་འགལ་བ་ཉིད་དེ། ས་བོན་འགགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུར་བ་སྣང་བའི་ཕྱིར་རོ། །གལ་ཏེ་ས་བོན་མ་འགགས་པར་ཡང་མྱུ་གུ་སྐྱེ་བར་འགྱུར་ན་ནི་སྦྱངས་ལ་སོགས་པ་ན་འདུག་པ་ཡང་སྐྱེ་བར་ཐལ་བར ་འགྱུར་རོ། །དེའི་ཕྱིར་ཞིག་པ་ཉིད་དུ་རྗེས་སུ་དཔོག་པས་འབྲས་བུ་སྐྱེ་བའི་ཕྱིར་འཇིམ་གོང་ལ་སོགས་པ་འགགས་པར་གྱུར་པ་དག་ཀྱང་གནས་སྐབས་ཕྱི་མ་གཞན་དག་གིས་རྒྱུའི་དངོས་པོར་འགྱུར་བས། དེ་ལས་སྐྱེ་བ་ཁོ་ནར་བསྟན་པར་གྱུར་པས་ཆོས་ཅན་གྱི ་ངོ་བོ་ཉིད་ལོག་པར་བསྒྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་དོ། །གལ་ཏེ་རྒྱུན་ཉིད་མ་ཉམས་ན། །དས་ན་འཁྲུལ་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ས་བོན་ལ་སོགས་པ་རྒྱུན་ཉིད་ཀྱི་ངེས་པར་གནས་པ་མ་ཉམས་པ་མྱུ་གུ་དང་སྡོང ་པུ་དང། སྦུ་གུ་དང་ཡལ་ག་དང་འདབ་མ་དང། ལོ་མ་ལ་སོགས་པའི་བདག་ཉིད་དུ་སྐྱེ་བ་དེ་ལྟར་འདོད་ན། དེས་ན་ཁྱོད་ཀྱི་གཏན་ཚིགས་ཞིག་པའི་ཕྱིར་རོ་ཞེས་བྱ་བ་དེ་འཁྲུལ་པ་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོས་འབྲེལ ་པའི་རྒྱུན་ནི་རྒྱུན་ཅས་བྱའི། རྒྱུ་ཆད་པ་ལ་ཡང་རྒྱུན་མི་འབྱུང་ལ་རྒྱུན་མ་ཉམས་པ་ཡང་རྒྱུན་མི་འབྱུང་བས་འབྲས་བུ་མི་སྲིད་པ་ནི་འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །འཇིག་རྟེན་སྔ་མ་སྒྲུབ་པའི་ཚད་མ་ནི་འདི་ཡིན་ཏེ། མངལ་གནས་སྔོན་རོལ་བློ་ལ་ནི། །མདུན ་རོལ་ཁོ་ནར་འགགས་བློ་ཡོད། །ཤེས་བྱ་གཞན་གྱི་དེ་གཞན་ཕྱིར། །ཡང་ན་བློ་ཕྱིར་དེའི་འོག་བཞིན། །ཞེས་བྱ་བ་ནི་མངལ་ན་གནས་པའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ལ་ནི་མདུན་རོལ་ཁོ་ནར་འགགS་པའི་བློ་སྔོན་དུ་སོང་བ་ཡོད་དེ། ཅིའི་ཕྱིར་ཞེ་ན། ཤེས་བྱ་གཞན་གྱིས་དེ་གཞན། ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་བློ་དེ་ནི་ཤེས་བྱ་རྟོགས་པ་ཡིན་ན་མངལ་ན་གནས་པའི་སྔོན་རོལ་གྱི་བློ་དེ་ལས་ནི་ཤེས་བྱ་མེད་དེ། ཤེས་བྱ་ནི་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་དབང་པོ་དག་ལས་མངོན་པར་འགྲུབ་པ་ཡིན་ན་དེ་ལ་དེའི་ཚེ་དབང་པོ་དེ་དག་མེད་པའི ་ཕྱིར་དེ་ལ་ཤེས་བྱ་མེད་དོ། །བློ་དེ་ནི་འཇིག་རྟེན་སྔ་མ་གཞན་གྱི་ཤེས་བྱ་ཐ་དད་པ་གཞན་ལ་དམིགས་པས་བློ་ཐ་དད་པ་གཞན་ཞེས་ཐ་སྙད་གདགས་པར་རིགས་པའི་ཕྱིར་ཏེ། དེ་ལྟར་ཤེས་བྱ་གཞན་གྱི་བློ་དེ་གཞན་ཡིན་པའི་ཕྱིར་རོ། །ཡང་ན་བློ་ཡིན་པའི་ཕྱིར་ཏེ། གང་དང ་གང་བློ་ཡིན་པ་དེ་དང་དེ་ལ་ནི་མདུན་རོལ་ཁོ་ནར་འགགས་པའི་བློ་སྔ་མ་ཡང་ཡོད་པའི་ཕྱིར་རོ། །དཔེར་ན་ཇི་ལྟ་བུ་ཞེ་ན། དེའི་འོག་བཞིན་ཏེ། བཙས་པའི་འོག་རོལ་གྱི་དུས་ཀྱི་བློ་ལ་ཡུལ་དུ་མ་ལ་འཇུག་པ་དང། མདུན་རོལ་ཁོ་ནར་འགགས་པའི་བློ་སྔ་མ་གཞན་ཡང ་པ་བཞིན་ཏེ། སློབ་དཔོན་དཔའ་བོས་བློ་ནི་ཤེས་བྱ་རྟོགས་པ་ཡིན་པར་གསུངས། །དེས་ན་མངལ་ནས་སྔོན་རོལ་བློ་ཡུལ་ཡོད། །དེ་འདི་མ་ཡིན་མིག་ལ་སོགས་མེད་ཕྱིར། །གང་གི་ཡིན་ཏེ་འཇིག་རྟེན་སྔ་མར་གྲུབ། །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །གལ་ཏེ་འདི ་སྙམ་དུ་བློ་ནི་གཅིག་ཁོ་ནར་ཟད་དེ་།བློ་ཡིན་པའི་ཕྱིར་མ་ཤི་བའི་བར་དུ་ངེས་པར་གནས་པ་ཡིན་པས་དེའི་ཕྱིར་དཔེ་མེད་པར་སེམས་ན་བཤད་པ། ཙཻ་ཏྲ་ལ་ནི་སྒྲ་བློ་དང། གཟུགས་བློ་སྐྱེ་བ་གང་ཡིན་པ། །དེ་གཉིས་མི་གཅིག་ཡུལ་གཞན་ཕྱིར། །དཔེར་ན ་རྒྱུད་གཞན་དག་གི་བཞིན། །ཞེས་བྱ་བ་ནི་ཙཻ་ཏྲའི?་རྒྱུད་ལ་སྒྲའི་བློ་དང། གཟུགས་ཀྱི་བློ་སྐྱེ་བ་གང་ཡིན་པ་དེ་དག་ནི་གཅིག་པ་མ་ཡིན་ཏེ། ཤེས་བྱའི་ཡུལ་ཐ་དད་པའི་ཕྱིར་མཻ་ཏྲ་ཞེས་བྱ་བའི་རྒྱུད་གཞན་གྱི་བློ་བཞིན་ནོ། །དེའི་ཕྱིར་ཕ་རོལ་ཕྱིར་ཡང་ནི། དཔེ་མེད་པར་དེ་ནི་མི ་འགྱུར་ཏེ། །བློ་ཕྱིར་དེ་ཡང་གཅིག་ཉིད་མིན། །གཞན་བློས་འཁྲུལ་པར་འགྱུར་ཕྱིར་རོ། །ཞེས་བྱ་བ་ནི་ཕ་རོལ་པོའི་གཏན་ཚིགས་བློ་ཡིན་པའི་ཕྱིར་ཞེས་བྱ་བ་དེས་བློ་དེ་ཡང་གཅིག་པ་ཉིད་དུ་མི་འགྲུབ་སྟེ། གཞན་གྱི་བློས་གཏན་ཚིཌ ་འཁྲུལ་པར་འགྱུར་བའི་ཕྱིར་ཏེ། ཇི་ལྟར་ཞེ་ན། བློ་ཡིན་པའི་ཕྱིར། དེས་ན་ཅི་རྒྱུད་གཞན་གྱི་བློ་བཞིན་དུ་ཐ་དད་པ་ཉིད་དུ་འགྱུར་རམ། འོན་ཏེ་རྒྱུད་གཅིག་ཏུ་གཏོགས་བའི་གཟུགས་ལ་སོགས་པའི་བློ་བཞིན་དུ་གཅིག་པ་ཉིད་དུ་འགྱུར་བ་དེ་མ་ངེས་པའི ་ཕྱིར་རོ། །དེ་ལྟར་རེ་ཤིག་འཇིག་རྟེན་སྔ་མ་གཞན་ཡོད་པ་ཉིད་དུ་བསྒུབས་ནས། དེ་ནི་འཇིག་རྟེན་ཕྱི་མ་གཞན་ཡོད་པ་ཉིད་དུ་བསྒྲུབས་པའི་ཕྱིར་ཕ་རོལ་པོ་དག་གི་བསམ་པས་ཕྱོགས་སྔ་མ་ཉེ་བར་བཞག་པ་བྱས་ནས་སུན་དབྱུང་བར་བྱ་སྟེ། དེ་ལ ་གལ་ཏེ་མེད་སྨྲ་བྱིས་པ་ཡི། །འཆི་འཕོའི་སེམས་ལ་མཚམས་སྦྱོར་མེད། །འཆི་འཕོའི་སེམས་ཕྱིར་དགྲ་བཅོམ་གྱི། །ཐ་མའི་སེམས་བཞིན་སྒྲུབ་བྱེད་ན། ཞེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་བཞག་པ་ཉིད་ཡིན་ནོ། །དེའི་ལན་ནི། གཏན་ཚིགས ་མ་ངེས་ཉིད་འགྱུར་ཏེ། །འདས་པའི་འཆི་འཕོའི་སེམས་ཀྱིས་སོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་རོལ་པོའི་གཏན་ཚིགས་འཆི་འཕོའི་སེམས་ནི་སེམས་ཡིན་པའི་ཕྱིར། ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་འགྱུར་ཏེ། ཅི་རེ་ཞིག་འཆི་འཕོའི་སེམས་ཡིན་པའི་ཕྱིར་དགྲ་བཅོམ་པའི་སེམས་ཐ་མ་བཞིན་དུ་ཉིད་མཚམས་སྦྱོར་བ་མེད་པར་འགྱུར་རམ། འོན་ཏེ་འདས་པའི་འཆི་འཕོའི་སེམས་བཞིན་དུ་ཉིད་མཚམས་སྦྱོར་བ་ཡོད་པར་འགྱུར་བ་མ་ངེས་པ་ཉིད་དོ། །འདས་པའི་འཆི་འཕོའི་སེམས་ཡོད་པར་ཇི ་ལྟར་ཤེ་ཤེ་ན། ཚེ་རབས་དྲན་ལ་སོགས་ཡོད་དང། །ཚུལ་སྨྲས་ཕྱིར་ན་དེ་ཡང་ཡོད། །ཅེས་བྱ་བ་སྨྲས་ཏེ། འཇིག་རྟེན་འདི་ན་ཚེ་རབས་དྲན་པ་གང་དག་གིས་ཚེ་རབས་སྔ་མ་རྣམ་པ་དུ་མ་དྲན་པར་བྱེད་པ་དག་དང། ཁ་ཅིག་ཕ་མའི་སྤྱོད་ཡུལ ་ཐ་དད་པ་དག་དང་མི་མཐུན་པའི་ཚུལ་ཁྲིམས་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་སྣང་བ་ལ་སོགས་པ་དག་ཀྱང་ཡོད་པས་དེའི་ཕྱིར་དེ་དག་གི་སྤྱོད་པ་དེ་ལྟ་བུ་དག་ནི་སྔོན་གོམས་པ་ཉིད་ལས་གྱུར་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་འཇིག་རྟེན་སྔ་མ་ཡོང་བའི ་ཚུལ་།མངལ་ནས་སྔོན་རོལ་བློ་ལ་ནི། །མདུན་རོལ་ཁོ་ནར་འགགས་པ་ཡོད། །ཤེས་བྱ་གཞན་གྱིས་དེ་གཞན་ཕྱིར། །ཡང་ན་བློ་ཕྱིར་དེའི་འོག?་བཞིན། །ཞེས་སྔར་ཇི་སྐད་སྨྲས་པའི་ཕྱིར་ན། འདས་པའི་འཆི་འཕོའི་སེམས་དེ་ཡང་ཡོད་པ་ཁོ་ནར་དེས་སོ། །ཞེས་བྱ་བཱི ་ཐ་ཚིག་གོ་།གཞན་ཡང་འཕགས་པ་མིན་པའི་འཆི་འཕོའི་སེམས་།སེམས་གཞན་བསྐྱེད་པ་ཉིད་ཡིན་ཏེ། །མ་རིག་པ་དང་བཅས་པའི་ཕྱིར། །སེམས་དེ་བསྐྱེད་པར་བྱེད་པ་བཞིན། ཞེས་བྱ་བ་ནི་བྱིས་པ་འཕགས་པ་མ་ཡིན་པའི་འཆི་འཕོའི་སེམས་ནི་སེམས ་གཞན་བསྐྱེད་པ་ཉིད་ཡིན་ཏེ། ཞེས་དམ་བཅའ་ཨོ། །ཅིའི་ཕྱིར་ཞེ་ན། མ་རིག་པ་དང་བཅས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་ཕྱིར་རོ། །དཔེར་ཇི་ལྟ་བུ་ཞེ་ན། འདས་པའི་འཆི་འཕོ་ཉིད་ཀྱི་སེམས་དེ་སྐྱེད་པར་བྱེད་པ་བཞིན་ནོ། །ཡང་རྣམ་པ་གཞན་དུ་འཇིག་རྟེན ་རྒྱད་ཕན་པའི་བསམ་པས་ཕྱོགས་སྔ་མ་ཉེ་བར་བཞག་ནས་དེ་དགག་བའི་ཕྱིར། གལ་ཏེ་ལུས་དང་དབང་བློ་དག་།རང་གི་ལས་ཀྱི་སྐྱེ་མི་འདོད། ཞིག་བྱིར་དཔེར་ན་བུམ་པ་བཞིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་མེད། །ཅེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་བཞག་པ་ཡིན་ཏེ། གལ་ཏེ ་ཁྱེད་སངས་རྒྱས་བདག་འཇིག་རྟེན་ནི་ལས་བདག་གིར་བྱ་བ་དང། ལས་ཀྱི་སྐྱེ་གནས་པ་དང། ལས་ཀྱི་རྗེས་སུ་འབྲང་བ་དང། ལས་ཀྱི་བརྒོ་བསྐལ་པའོ་ཞེས་བྱ་བ་ལ་སོགས་པ། གང་དག་གིས་ལུས་དང། དབང་པོ་དང། བློ་དག་རང་གི་ལས་ཀྱིས་བསྐྱེད་པར་འདོད་པ ་གང་ཡིན་པ་དེ་ལྟར་ཁོ་བོ་ཅག་མི་འདོད་དེ། ཞིག་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེ་ན། དེའི་ལན་ནི། དེ་ཉིད་ཀྱིས་ནི་དེ་མ་བྱས། །དེ་གཞན་གྱིས་ཀྱང་མ་བྱ་པ་ཕྱིར། །འཇིག་རྟེན་རང་གི་ལས་སྐྱེད་མིན། །གཞན་འདི་དེད?་ལ་ཅི་ཞིག་གནོད། །ཅེས་བྱ་བ་ཡིན་ཏེ། ་ཁོ་བོ་ཅག་གི་ལས་བརྟག་པའི་སྐྱབས་སུ་དོན་དམ་པར་ལས་བདག་གིས་བྱས་པ་དང། གཞན་གྱིས་བྱས་པ་དང། གཉི་གས་བྱས་པ་བཀག་ཟིན་པའི་ཕྱིར། ཁྱོད་ཀྱིས་སྨྲས་པའི་ཚད་མ་གཞན་འདི་དེ་ལ་ཅི་ཞིག་གནོད། ཅི་སྟེ ་ཁྱོད་དངོས་པོ་རྣམས་ལས་མི་བལྟོས་པར་སྐྱེས་པར་སྨྲ་ན་ནི་དེ་ལ། ལས་ཀྱིས་སྐྱེད་ཉིད་མ་ཡིན་ལ། །དཔེ་ནི་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འགའ་ཞིག་འདི་ལྟར་ལས་ལམ་བལྟོས་པར་སྐྱེའོ། །ཞེས་བྱ་བའི་དཔེ་བརྗོད་པར་བྱ་དགོས་སོ། །གལ ་ཏེ་ཕྱི་རོལ་གྱི་རྩཝ་དང་ལོ་མ་དང། འདབ་མ་ལ་སོགས་པ་དག་ལྟ་བུའོ་ཞེ་ན་།དེའི་ཕྱིར་ཤིང་ལ་སོགས་པ་དུས་སྐྱེ་བ། །སེམས་ཅན་ལས་ཀྱི་དབང་གིས་ཏེ། །སེམས་དམྱལ་གནས་དང་མཐོ་རིས་ན། །མཚོན་དང་དཔག་བསམ་ཤིང་སྐྱེ་བཞིན། །ཞེས ་བྱ་བ་བཤད་དེ། ལས་ཀྱིས་མ་བསྐྱེད་པའི་དཔེ་འགའ་ཡང་མེད་པའི་ཕྱིར། འཇིག་རྟེན་ལས་ཀྱི་མ་བསྐྱེད་དོ་ཞེས་བྱ་བ་དེ་མི་རུང་ངོ། །རེ་ཞིག་དེ་ལ་འདི་སྐད་ཅེས་དྲི་བར་ཡང་བྱ་སྟེ། འབྱུང་བ་རྣམས་ལས་བློ་གྲོས་ནི། །མཚན་ཉིད་མི་མཐུན་ཇི་ལྟར་འབྱུང། །ཞེS ་བྱ་བ་ནི་འདི་ལྟར་དངོས་པོ་རྣམས་ཀྱི་རྒྱུ་དང་འདྲ་བའི་བདག་ཉིད་དུ་འབྱུང་བ་མ་ཡིན་ན་འབྱུང་བ་ཆེན་པོ་སེམས་མེད་པ་རྣམས་ལས་བློ་གྲོས་མཚན་ཉིད་ཤིན་ཏུ་མི་མཐུན་པ་ཇི་ལྟར་འབྱུང་སྟེ། ཇི་སྐད་དུ་ས་དང་ཆུ་དང་མེ་དང་རླུང། །ནམ་མཁའ་ལྷན ་ཅིག་ཚོགས་པ་ལ་།ཏིལ་ལ་ཏིལ་མར་ཡོད་པ་ལྟར། །ཤེས་པ་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་ལྟ་བུའོ། །འདིར་ཕ་རོལ་པོ་དག་གིས་སྨྲས་པ། །འབྱུང་བ་སེམས་མེད་རྣམས་ལས་ནི། །ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། །སྐྱེ་ཅན་ཡིན་ཕྱིར་མྱོས ་མཐུ་དང། །མེ་ཤེལ་ལས་ནི་མེ་བཞིན་ནོ། །ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་སེམས་མེད་པ་རྣམས་ལས་བློ་ཤེས་པ་ཉིད་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་ཅན་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟ་བུ་ཞེ་ན། ཆང་ལས་མྱོས་པའི་མཐུ་འབྱུང་བ་དང། མི་ཤིལ་ལS ་མེ་འབྱུང་བ་དང། ཆུ་ཤེལ་ལས་ཆུ་འབྱུང་བ་དང། བ་ལང་གི་སྤུ་དང། ལུག་གི་བལ་ལས་རྩཝ་དུར་པ་འབྱུང་བ་དང། རྭ་ལས་རྨིག་པ་འབྱུང་བ་དང། ཤིང་ལས་ཐལ་བ་འབྱུང་བ་དང། འོ་མ་ལས་ཞོ་འབྱུང་བ་ལ་སོགས་པ་རྒྱུ་ལས་འབྲས་བུ་མཚན་ཉིད་ཤིན་ཏུ་མི ་མཐུན་པ་དག་འབྱུང་བ་བཞིན་ནོ། །དེ་ལ་བཤད་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཞེ་ན། མྱོས་མཐུ་ཤེས་ཡོད་མ་ཡིན་པས། །ཁྱོད་ཀྱི་དཔེ་ནི་མེད་པ་ཉིད། །ཅེས་བྱ་བ་ནི་གང་དག་ཁྱོད་ཀྱི་དཔེར་བསྟན་པ་དེ་དག་ཐམས་ཅད་ལ་ནི་ཤེས་པ་ཉིད་མེད་པས་དེའི་ཕྱིར་འབྱུང ་བ་ཤེས་པ་མེད་པ་ཉིད་ལ། ཤེས་པ་ཡོད་པ་ཉིད་སྐྱེ་བའི་དཔེ་སྔ་མ་དང་མི་འདྲ་བ་འགའ་ཡང་མེད་པས་ཁྱོད་ཀྱིས་དཔེ་མེད་པ་ཉིད་དོ། །གཞན་ཡང་རྒྱུ་རྣམས་རིགས་མཐུན་ཡིན་པའི་ཕྱིར། །གཏན་ཚིགས་ཀྱང་ནི་འགལ་བ་ཉིད། །ཅེས་བྱ་བ་ནི་རྒྱུ ་ད་དག་ཐམས་ཅད་ནི་རིགས་མཐུན་པ་ཉིད་ཡིན་ཏེ། དེའི་ནུས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ནུས་པས་སྟོང་པའི་དངོས་པོ་ཐམས་ཅད་ལས་ཀྱང་འབྲས་བུ་མི་མཐུན་བ་འབྱུང་བར་གྱུར་ན་ནི། མེ་ཤེལ་ལས་ཀྱང་ཆུ་འབྱུང་བ་དང། ཆུ་ཤེལ་ལས་ཀྱང་མི་འབྱུང་བར ་འགྱུར་བའི་རིགས་སོ། །འདི་ལྟར་ཆང་གི་འབྲས་བུ་མྱོས་པ་ནི་སོ་སོར་ངེས་པ་ཡིན་པས་དེ་ལས་དེ་ཉིད་འབྱུང་གི་གཞན་མི་འབྱུང་བས་རིགས་མཐུན་པའི་མི་མཐུན་པའི་ཕྱོགས་ཀྱི་དངོས་པོ་ལས་རིགས་མི་མཐུན་པའི་འབྲས་བུ་མི་འབྱུང་བའི་ཕྱིར་ཁྱོད་ཀྱི ་གཏན་ཚིགས་སྐྱེ་བ་ཅན་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་དེའི་དོན་རིགས་མི་མཐུན་པ་ལས་མི་འབྱུང་བས་འགལ་བ་ཉིད་དོ། །གཞན་ཡང་ནང་གི་འབྱུང་བ་རྣམས་ཀྱང་ནི། །ཤེས་པ་ཡོད་པ་མ་ཡིན་ཏེ། །ས་ལ་སོགས་པའི་དངོས་ཕྱིར་དང། །འབྱུང་བ ་ཡིན་ཕྱིར་དེ་གཞན་བཞིན། །ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་འབྱུང་བ་རྣམས་ནི་ངོ་བོ་ཉིད་མཚུངས་པའི་ཕྱིར་ནང་གི་འབྱུང་བ་རྣམས་ནི་ཤེས་པ་ཡོང་བའི་ངོ་བོ་ཉིད་མིན་ལ། ཕྱི་རོལ་གྱི་འབྱུང་བ་རྣམས་ནི་ཤེས་པ་ཡོད་པའི་ངོ་བོ་ཉིད ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུའི་ཁྱད་པར་ཅི་ཡོད་པ་ཡང་བརྗོད་དགོས་སོ། །དེས་ན་ཇི་ལྟར་འབྱུང་བ་རྣམས་ལས་ཤེས་པ་ཡོད་པ་ཉིད་མི་འབྱུང་བ་བཞིན་དུ་ཤེས་པ་ཡོད་པ་ཉིད་ལས་ཀྱང་འབྱུང་བ་རྣམས་མི་འབྱུང་ངོ། །དེ་ཕྱིར་མངལ་གནས ་སྔོན་རོལ་སེམས། །སེམས་གཞན་སྔོན་དུ་སོང་ཡིན་པར། །མཁས་པ་རྣམས་ཀྱི་ཤེས་བྱ་སྟེ། །འཛིན་པ་ཡིན་ཕྱིར་དེའི་འོག་བཞིན། །ཞེས་བྱ་བ་ནི་མངལ་ན་གནས་པའི་སྔོན་རོལ་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་གཞན་སྔོན་དུ ་སོང་བ་ལས་བྱུང་བ་ཡིན་པར་མཁས་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། འཛིན་པ་ཡིན་པའི་ཕྱིར་བཙས་པའི་འོག་རོལ་གྱི་རྣམ་པར་ཤེས་པའི་རྒྱུན་བཞིན་ནོ། །གང་གི་ཕྱིར་བེའུ་ཡང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་ཚོལ་བྱེད། །ཟས་ཀྱིས་དོན་དུ ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །ཞེས་བྱ་བ་ནི་དེའི་ཕྱིར་ཡང་མངལ་ན་གནས་པའི་སྔོན་རོལ་གྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་རྣཾ་པར་ཤེས་པ་གཞན་སྔོན་དུ་སོད་པ་ལས་བྱུང་བ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། གལ་ཏེ་དེ་སྔོན་གྱི་སྲིད་པ ་གཞན་དག་ཏུ་ཁ་ཟས་ལ་སོགས་པ་གོམས་པར་མ་བྱས་ན། ཇི་ལྟར་བེའུ་བྱུང་མ་ཐག་ཁོ་ནར་སུས་ཀྱང་མ་བསྐུལ་བར་སེམས་གསལ་བས་ཟས་ཀྱི་དོན་དུ་སྐྱོད་པར་བྱེད་དེ། དེ་ལྟར་ཟས་ཀྱི་དོན་དུ་སྐྱོད་པར་བྱེད་པའི་ཕྱིར་དཔེར་ན་དབང་པོ་ཡོངས་སུ་སྨིན་པ ་གཞོན་ནུ་དང་བར་མ་དང། རྒན་པོའི་གནས་སྐབས་ན་གནས་པ་དག་བཞིན་དུ་བེའུ་དག་གིས་ཀྱང་སྔོན་གྱི་ཚེ་རབས་གཞན་དག་ཏུ་གོམས་པར་བྱས་པར་མངོན་ནོ། །གལ་ཏེ་འདི་སྙམ་དུ་བསྐྱེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་མ་ངེས་པ་དེ། བསྐྱོད་པའི་ཕྱིར་དེས ་ན་ཅི་རེ་ཤིག་ཁབ་ལོང་གི་རྡོ་ལ་སོགས་པ་བསྐྱོད་པ་བཞིན་དུ། །བེའུས་ཀྱང་སྔོན་གོམས་པར་མ་བྱས་པ་ཁོ་ནར་སྐྱོད་པར་བྱེད་པ་ཡིན?། འོན་ཏེ་དབང་པོ་ཡོངས་སུ་སྨིན་པ་བཞིན་དུ་སྔོན་གོམས?་པར་བྱས་པས་བསྐྱོད་པ་ཡིན་པ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བར་སེམས ་ན་དེའི་ཕྱིར་བཤད་པ། །ཁབ་ལོང་གིས་ནི་རྡོ་བསྐྱོད་པས། །གཏན་ཚིགས་མ་ངེས་ཉིད་མ་ཡིན། །དེ་ནི་ཟས་ཟ་མཐོང་བའི་ཕྱིར། །མ་གྲུབ་ཉིད་ཀྱང་མ་ཡིན་ནོ། །ཞེས་བྱ་བ་ནི་ཁབ་ལོང་གི་རྡོ་ལ་སོགས་པ་བསྐྱོད་པ་ཡོད་པ་བདེན་མོད་ཀྱི་དེ་ནི་ཟས་ཀྱི་དོན་དུ་མ་ཡིན་ནོ། །དེའི་ཕྱིར ་ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར་ཞེས་གཏན་ཚིགས་ཁྱད་པ་ཅན་བྱས་པའི་ཕྱིར། ཇི་སྐད་སྨྲས་པའི་སྐྱོན་མེད་དོ། །འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་ལ་མངོན་པར་ཞེན་པའི་ལྟ་བ་ཅན་དག་གིས་དེ་བསྒྲུབ་པ་གང་ཡིན་པ་སྨྲས་པ། འཇིག་རྟེན་ཕ་རོལ་ནི་ཡོད་པ་མ་ཡིན ་ཏེ། མི་དམིགས་པའི་ཕྱིར་ན་ནམ་མཁའ་ཨི་མེ་ཏོག་རྒྱས་པ་བཞིན་ནོ། །ཞེན་བཤད་པ། འདི་ལ་མི་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་མངོན་སུམ་གྱིས་གྲུབ་པར་འགྱུར་རམ། འོན་ཏེ་རྗེས་སུ་དཔག་པས་འགྲུབ་པར་འགྱུར་བར་རྟོག་གྲང་ན། དེ་ལ་གལ་ཏེ་མངོན་སུཾ ་གྱིS་འགྲུབ་པོ་ཞེ་ན་ནི། ཡི་དགས་དང་ཤ་ཟ་ལ་སོགས་པ་དག་གིས་མ་ངེས་སོ། །འབྱུང་པོ་དག་མེད་པ་ཡང་མ་ཡིན་ཏེ། ཕྱིར་བཏང་པའི་གསོས་བྱེད་པ་དག་སྣང་བའི་ཕྱིར་རོ། །ཁྱེད་ཀྱིས་དེ་དག་མ་མཐོང་ན་བར་མ་དོའི་སྲིད་པ་ལྷའི་མིག་ཤིན་ཏུ་རྣམ་པར་དག་པའི་ཡུལ་དག་མཐོང ་བ་ལྟ་སྨོས་ཀྱང་ཅི་དགོས། དྲང་སྲོང་ལྷའི?་མིག་ཤིན་ཏུ་རྣམ་པར་དག་པ་དག་ལྡན་པ་དང་ནི་མེད་པ་མ་ཡིན་ཏེ། ཤེས་པའི་མཐུ་ཁྱད་པར་དང་ལྡན་པའི་ཕྱིར་འཇིག་རྟེན་རྒྱང་པན་པའི་བསྟན་བཅོས་ཀྱི་བྱེད་པོ་བཞིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། དེ་དག་གིS ་བྱས་བའི་སྨན་དཔྱད་ལས་བཤད་པའི་བྱ་བ་དག་གྲུབ་པའི་ཕྱིར་དང། དུག་དང་གནམ་ལྕགས་དང་རིག་སྔགས་དག་ཀྱང་གྲུབ་པའི་ཕྱིར་རོ། །འཇིག་རྟེན་རྒྱད་པན་པའི་བསྟན་བཅོས་ཀྱི་བྱེད་པ་པོ་ནི་ལྷའི་མིག་དང་ལྡན་པ་ཉིད་དུ་མ་གྲུབ་པོ་ཞེ་ན། འོན་དེ་ལྟ་ན་དེས་ཤེས་པ་གང ་གིས་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་དོན་འདི་དམིགས་པར་འགྱུར། གལ་ཏེ་མངོན་སུམ་གྱིས་སོ་ཞེ་ན། འཇིག་རྟེན་བ་ཕ་རོལ་མེད་པ་ནི་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་མ་ཡིན་ཏེ། མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་བཞིན་ནོ་གལ་ཏེ་རྗེས? ་དཔག་པས་འགྲུབ་པོ་ཞེ་ན། རྗེས་སུ་དཔག་པས་ཀྱང་མི་འགྲུབ་སྟེ། མེད་པ་པོ་མངོན་སུམ་ཙམ་ཚད་མར་སྨྲ་པ་དག་ལ་ཁས་བླངས་པས་གནོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཀྱིས་འཇིག་རྟེན་ཕ་རོལ་མེད་པར་ཤེས་པར་མི་བྱ་སྟེ། མངོན ་སུམ་དང་རྗེས་སུ་དཔག་པ་དག་གིས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར་མོ་གཤམ་གྱི་བུའི?་ཡོད་པ་ཉིད་བཞིན་ནོ། །འཇིག་རྟེན་རྒྱད་པ་ན་པའི་བསྟན་བཅོས་ནི་ཚད་མ་ལས་ཁས་བླང་བར་མི་བྱ་སྟེ། ལྷའི་མིག་དང་མི་ལྡན་པས་བྱས་པའི་ཕྱིར་སྨྱོན་པའི་ཚིག་བཞིན་ནོ། །རྗེས་སུ་དཔག ་པ་ལས་ཀྱང་བཟློག་པར་བྱ་སྟེ། མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་རྒྱུ་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་སྔོན་དུ་སོང་བ་ལས་བྱུང་བ་ཡིན་ཏེ། བློ་ཡིན་པའི་ཕྱིར་ལང་ཚོ་ལ་སོགས་པའི་གནས་སྐབས་གཞན་གྱི་བློ་བཞིན་ནོ། །ལྡོག་པ་ནི་བུམ་པ་ལྟ ་བུའོ། །གལ་ཏེ་འདི་སྐད་ཅེས་དེ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ་།ཕ་མ་དག་གི་བློ་ཡང་སོ་སོར་རྒྱུ་ཐ་དད་པ་མ་ཡིན་ཞིང་རིགས་མཐུན་པ་ཡང་ཡིན་ལ། མེར་མེར་པོ་ལ་སོགས་པའི་བློ་དེ་དག་གི་སྔོན་དུ་སོང་བ་ཡང་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མི་རུང་སྟེ། འདིར ་སྒྲུབ་པར་བྱ་བའི་དོན་ནི་མེར་མེར་པོ་ལ་སོགས་པ་དག་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པས་བསྐྱེད་པ་བསྒྲུབ་པ་ཡིན་པས། རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་སྔ་མ་གཞན་གང་ཡིན་པ་དེ་ཉིད་འཇིག་རྟེན་ཕ་རོལ་སྔ་མ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ ་པ་མ་ཡིན་པ་ཉིད་དོ། །གཞན་ཡང་དགྲ་བཅོམ་པ་མ་ཡིན་པའི་འཆི་བའི་བློ་ཡང་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་གཞན་གྱི་རྒྱུ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་བག་ལ་ཉལ་གྱི་ཀུན་ཏུ་སྦྱོར་བ་དང་ལྡན་པའི་ཕྱིར། དགྲ་བཅོམ་པ་མ་ཡིན ་པ་གཞོན་ནུའི་གནས་སྐབས་ཀྱི་བློ་བཞིན་ནོ། །ཆོས་མི་མཐུན་པའི་དཔེ་ནི་དགྲ་བཅོམ་པའི་བློ་ཐ་མ་བཞིན་ནོ། །དེའི་ཕྱིར་འཇིག་རྟེན་ཕ་རོལ་ན་ཡང་ཡོད་དོ། །ཅི་སྟེ་འདི་སྙམ་དུ་མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་རྒྱུད་ཐ་དད་པ་མ་ཡིན་པའི་བློ་རིགས་མཐུན་པ་སྔོན་དུ་སོང ་བ་ལས་བྱུང་བ་མ་ཡིན་ཏེ། བློ་དང་པོ་ཡིན་པའི་ཕྱིར་ཟག་པ་མེད་པའི་བློའི་སྐད་ཅིག་མ་དང་པོ་བཞིན་ནོ། །ཞེས་བྱ་བར་སེམས་ན་འདིར་མར་ལེན་གནས་པའི་སྔོན་རོལ་གྱི་བློ་ལ་བློ་དང་པོ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མིག་ལ་སོགས་པའི་དབང་པོའི་བློ་དང་པོར་འགྱུར་རམ། འོན་ཏེ་ཡིད་ཀྱི ་བློ་དང་པོར་འགྱུར་གྲང་ན། དེ་ལ་རེ་ཞིག་མིག་ལ་སོགས་པའི་དབང་པོའི་བློ་ནི་དབང་པོ་ཉིད་ཡིན་པར་མི་རིགས་ཏེ། དེའི་ཚེ་ན་མིག་ལ་སོགས་པའི་དབང་པོ་དག་མེད་པའི་ཕྱིར་དང། དམིགས་པ་ཡང་ཉེ་བར་མ་གྱུར་པའི་ཕྱིར་རོ། །ཡིད་ཀྱི་བློ་ཡང་དང་པོ་མ་ཡིན་ཏེ། དྲུག་པཾ? ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་འབྱུང་བའི་ཕྱིར་དང། འཇིག་རྟེན་སྔ་མ་ཁས་མི་ལན་པའི་ཕྱིར་སྔ་མ་འདས་པའི་རྣམ་པར་ཤེས་པ་ཉིད་མེད་ན་འདས་མ་ཐག་པ་ཉིད་ཡོད་པར་ག་ལ་འགྱུར། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་སྨྲ་པ་དག་ལ ་ནི་གཉི་ག་ཡང་རུང་སྟེ། འཇིག་རྟེན་སྔ་མ་པའི་མིག་ལ་སོགས་པའི་དབང་པོ་དག་འགགས་པ་ན་དེ་མ་ཐག་པའི་རྐྱེན་དུ་འགྱུར་བའི་ཕྱིར་དང་དམིཌ་པ་ཉེ་བར་མ་གྱུར་ཀྱང་སྔ་མའི་དམིཌ་པ་ལ་བལྟོས་པས་བློ་ཞེས་ཐ་སྙད་གདགས་སུ་རུང་བཱི་ཕྱིར་རོ་སྔ་མའི་རྣམ་པར་ཤེས་པ་འདས་པ་ཉིད་ལས ་ཡིད་ཀྱི་བློ་དེའི་དང་པོ་ཡང་འབྱུང་བར་རིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་སྐད་སྨྲ་བར་ནུས་ཏེ། མེར་མེར་པོའི་གནས་སྐབས་ཀྱི་བློ་གང་ཡིན་པ་དེ་ནི་འདས་པ་དེ་མ་ཐག་པའི་བློའི་ཁྱད་པར་ལ། བལྟོས་པ་ཡིན་ཏེ། བློ་ཡིན་པའི་ཕྱིར་གཉིད་ལོག་པའི་འོག་ཏུ་སད་པའི་བློ་བཞིན་ནོ།། ་ཆོས་མི་ཐུན་པའི་དཔེ་ནི་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའོ། །དེའི་ཕྱིར་མེད་བ་པ་དག་མངལ་ན་གནས་པའི་སྔོན་རོལ་ལ་གློ་ཉིད་ཡོད་པར་རྟོག་པ་ལ་ཡང་འཇིག་རྟེན་ཕ་རོལ་གྲུབ་པ་ཉིད་དོ། །ཇི་ལྟར་ཞེ་ན། མངལ་ན་གནས་པའི་སྔོན་རོལ་གྱི་བློ་ནི་འདས་པ་དེ་མ་ཐག ་པའི་བློའི་ཡུལ་ལ་བལྟོས་པ་ཡིན་ཏེ། དབང་པོ་བློ་ཡིན་པའི་ཕྱིར་བསམ་གཏན་གྱི་དབང་པོའི་བློ་བཞིན་ནོ། །གང་དག་འདི་སྐད་ཅེས་མངལ་ན་གནས་པའི་ས་དང་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པ་མངལ་ནས་འབྱུང་བའི་བློ་ནི་དང་པོ་ཡིན་པར་སྨྲ་བ་དེ་དག་ལ་ཡང་སྐྱེ ་བའི་སྔོན་རོལ་གྱི་བློ་གང་ཡིན་པ་དེ་ནི་འདས་པ་དེ་མ་ཐག་པའི་བློའི་ཡུལ་ལ་བལྟོས་པ་ཡིན་ཏེ། དབང་པོའི་གློ་ཡིན་པའི་ཕྱིར། གནས་བརྟན་གྱི་དབང་པོའི་བློ་བཞིན་ནོ། །ཞེས་བརྗོད་པར་བྱའོ། །ཟག་པ་མེད་པའི་བློའི་སྐད་ཅིག་མ་དང་པོ་ལ་ཡང ་ཕ་རོལ་པོས་བསྒྲུབ་པར་བྱ་བའི་དོན་མེད་དེ། དེ་ནི་ཐོས་པ་དང། བསམ་པ་དང། བསྒོམ་པ་ལས་བྱུང་བའི་ཤེས་པའི་བག་ཆགས་སྔོན་དུ་སོང་བ་ལས་བྱུང་བའི་ཕྱིར་རོ། །ཅི་སྟེ་བློ་གཞན་གྱིས་བསྐྱེད་པའི་བློ་ཡང་དང་པོ་ཡིན་པས་དང་ངོའོ་ཞེས་བརྗོད་ན་མངལ་ན་གནས་པཱི ་སྔོན་རོལ་གྱི་བློ་གྲུབ་པའི་ཕྱིར་དང་པོ་ཉིད་ཅེས་བྱ་བ་དེ་ཁོ་བོ་ལ་ཡང་འགལ་བ་མེད་དོ། །ཚེ་རབས་གཞན་གྱི་ལས་ཐུན་མོང་མ་ཡིན་པ་ཡོད་པའི་ཕྱིར་ཡང་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ངེས་པར་གཟུང་ངོ། །གལ་ཏེ་ལས་མེད་པར་གྱུར་ན་ཕ་མ་མཚུངས་པའི ་རྐྱེན་རིགས་མཐུན་པས་བསྐྱེད་པའི་བུ་སྤུན་དག་།ཚུལ་ཁྲིམས་དང་བཟོད་པ་དང་བདེན་པ་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་ཏུ་འགྱུར་བའི་མི་རིགས་པས་དེའི་ཕྱིར། གང་དུ་དེ་དག་གིས་བདེན་པ་དང། གཏོང་བ་ལ་སོགས་པ་གོམས་པར་བྱས་པ་དེ་ཉིད ་འཇིག་རྟེན་ཕ་རོལ་སྔ་མ་ཡིན་ནོ། །སྐྱེ་བ་དག་ནི་རྐྱེན་ཐུན་མོང་པ་ཉིད་ཉི་ཚེ་དང་འབྲེལ་པ་མ་ཡིན་ཏེ། སྤུན་ལུས་དང་དབང་པོ་དང་བློ་ལ་སོགས་པའི་དབྱེ་བས་ཐ་དད་པ་དག་ཐ་དད་པའི་ཕྱིར་འབྲས་ས་ལུ་དང་ནས་ལ་སོགས་པའ་མྱུ་གུ་བཞིན་ནོ། །ཞར་ལ་བཤད ་པས་ཆོ་ག་སྟེ། དེ་ལྟར་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབད། །བམ་པོ་དགུ་བ། དབང་ཕྱུག་རྒྱུར་འདོད་པ་དག་ནི། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ ་སྡུག་དག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་ས་འམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འབྱུང། །ཞེས་བྱ་བའི་ལུང་གིས་འགྲོ་བ་ཐམས་ཅད་སྐྱེ་བའི་རྒྱུ་ནི་དབང་ཕྱུག་ཡིན་པར་ཁས་ལེན་པས་དེ་དག་གི་ཕྱིར་བཤད་པ། དབང་ཕྱུག ་འཇིག་རྟེན་བྱེད་པོ་མིན། །ལ་ལའི་དགའ་བའི་རྒྱུ་ཡིན་ཕྱིར། །དཔེར་ན་དབང་ཕྱུག་དགའ་བྱེད་པའི་བྱེད་པོ་དབང་ཕྱུག་མ་ཡིན་བཞིན། །ཞེས་བྱ་བ་ནི། དབང་ཕྱུག་ནི་ཀུན་རྫོབ་ཏུ་ཡང་འགྲོ་བ་མཛའ་དག་གི་སྐྱེ་བའི་རྒྱུ་ཡིན་པར་མི་རིགས་ཏེ། ལ་ལ་དེ་ལ་དང་པའི་དགའ་བའི་རྒྱུ ་ཡིའི་ཕྱིར་དཔེར་ན་དབང་ཕྱུག་དེ་ཉིད་ཀྱི་བྱེད་པ་པོ་དབང་ཕྱུག་མ་ཡིན་པ་བཞིན་ནོ། །ཡང་ན་དབང་ཕྱུག་ཀུན་གྱི་རྒྱུར་མི་འདོད། །མ་སྐྱེས་ཕྱིར་དང་རྒྱུ་མེད་ཕྱིར། །དཔེར་ན་ནམ་མཁའ་ཨི་མེ་ཏོག་ནི། །ཀུན་གྱི་རྒྱུར་ནི་མི་འདོད་བཞིན། །ཞེས་བྱ་བ་ནི་དེ་ནི་སྐྱེ་བ་མེད་པའི་ཕྱིར་དང། རྒྱུ་མེད་པའི ་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན་དུ་ཡོད་པ་ཉིད་དུ་ཡང་མི་རིགས་ན་འགྲོ་བའི་རྒྱུ་ཉིད་དུ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། ཡང་ན་འགྲོ་བ་མ་ལུས་འདི་དག་གི། རྒྱུ་ནི་དབང་ཕྱུག་རབ་ཏུ་མིན། །སེམས་དང་ལྡན་ཕྱིར་དཔེར་ན་ནི་།གླང་རྫི་འགྲོ་རྒྱུར་བམིན་བཞིན། །ཞེས་བྱ ་བ་ནི་འགྲོ་བ་རྣམས་རྒྱུ་དབང་ཕྱུག་དང་ལྡན་པ་མ་ཡིན་པ་དགག་པའོ། །གལ་ཏེ་འདི་སྙམ་དུ་སེམས་དང་ལྡན་པའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིག་དེ་མ་གྲུབ་སྟེ། གང་གི་ཕྱིར་ཞེ་ན། དབང་ཕྱུག་ནི་གཅིག་བུ་ཡིན་ལ། གླང་རྫི་ལ་སོགས་པ་ནི་མང་པོ་ཡིན་པས ་དེའི་ཕྱིར་གླང་རྫི་དག་ནི་སེམས་དང་ལྡན་ཏུ་ཟིན་ཀྱང་འགྲོ་བ་མ་ལུས་པའི་བྱེད་པ་པོ་མ་ཡིན་གྱི་དབང་ཕྱུག་དེ་ནི་རྒྱལ་པོ་བཞིན་དུ་འཇིག་རྟེན་ཐམས་ཅད་རྣམ་པར་གནས་པའི་བྱེད་པ་པོ་ཡིན་པར་སེམས་ན་བཤད་པ། དབང་ཕྱུག་གཅིག་པུ་འགའ་ཡང ་མེད། །དངོས་རྣམས་ཆོགས་ལས་འགྲུབ་པའི་ཕྱིར། །བྱེད་པོ་གཅིག་པུ་འགའ་ཡང་མེད། །དེ་ཕྱིར་མ་ངེས་ཉིད་མ་ཡིན། །ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ནི་རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་བའི་ཕྱིར་བྱེད་པ་པོ་གཅིག་པུ་ཞེས་བྱ་བ་མི་འཐད་དེ། གལ ་ཏེ་གཅིག་པུ་ཉིད་ལ་བྱེད་པ་པོ་ཉིད་ཀྱི་མཐུ་ཡོད་པར་གྱུན་རྒྱུ་དང་རྐྱེན་མང་པོར་བཏགས་པ་དག་གིས་ཅི་བྱ། འཇིག་རྟེན་ན་དངོས་པོ་རྣམས་ཀྱི་གྱུ་བྱེད་པ་པོ་གཅིག་བུ་ནི་འགའ་ཡང་མ་སྣང་པས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་དུ་ག་ལ་འགྱུར་།ཅི་སྟེ་འདི་ཅམ་དུ ་མིག་ལ་སོགས་པ་དག་ནི་དབང་ཕྱུག་དང་ལྡན་པ་ཁོ་ན་ཡིན་ཏེ། མང་བའི་ཕྱིར་ཇི་ལྟར་འཇིག་རྟེན་ན་བྲན་གཡོག་མང་པོ་ལ། བདག་པོ་གཅིག་ཡོད་པ་བཞིན་ནོ། །ཞེས་བྱ་བར་སེམས་ན་བཤད་པ། །གལ་ཏེ་མིག་སོགས་དབང་ཕྱུག་བཅས། །མང་ཕྱིར་བྲན ་བཞིན་འདོད་ཅེ་ན། །མ་སྐྱེས་དབང་ཕྱུག་གཅིག་མི་འགྲུབ། །དབང་ཕྱུག་དེ་ལས་བཟློག་པར་འགྱུར། །ཞེས་བྱ་བ་ནི་འདི་ལྟར་རྒྱལ་པོ་ལ་སོགས་པ་འགའ་ཞིག་སྐྱེས་པ་ནི་དབང་ཕྱུག་གཅིག་རུ་ཞེS་བྱ་བར་ཡང་འགྱུར་གྲང་ན། དབང་ཕྱུག་དེ་ནི་མ་སྐྱེས་པའི་ཕྱིར་གཅིག ་པུ་ཉིད་དུ་ཡང་མི་འགྱུར་ཏེ། མོ་གཤམ་བུ་བཞིན་པས་དབང་ཕྱུག་དེ་ལས་བཟློག་པ་དབང་ཕྱུག་མ་ཡིན་པ་ཉིད་དུ་རིགS་པར་འགྱུར་རོ། །ཅི་སྟེ་བྱེད་པོར་བཅས་འདོད་དེ། །བཀོད་ཕྱིར་བུམ་སོགས་བཞིན་ཞེ་ན། །གལ་ཏེ་ཁྱད་པར་མ་བསྟན་པའི། །བྱེད་པོ་ཡིན་ན་གྲུབ ་པ་སྒྲུབ། །ཅེས་བྱ་བ་ནི་ཅི་སྟེ། ཡང་མིག་ལ་སོགས་པ་དག་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་ཉེ་བར་བཀོད་པ་ཡིན་གྱི། བདག་ནི་སུས་ཀྱང་ཉེ་བར་བཀོད་པ་མ་ཡིན་པས་དེའི་ཕྱིར་མིག་ལ་སོགས་པ་དག་ནི་བྱེད་པ་པོ་དང་བཅས་པ་ཉིད་ཡིན་ཏེ། ཉེ་བར་བཀོད་པའི་ཕྱིར་བུཾ ་པ་ལ་སོགས་པ་བཞིན་ནོ་ཞེ་ན། དེའི་ལན་དུ་བཤད་པ། གལ་ཏེ་མིག་ལ་སོགས་པ་བྱེད་པ་པོ་འབྱུང་བ་དང། འབྱུང་བ་ལས་གྱུར་པ་ལ་སོགས་པ་འདུས་པའི་ངོ་བོ་ཉིད་དམ་ཕ་མ་ལ་སོགས་པ་གང་ཡང་རུང་བ་ཁྱད་པར་དུ་མ་བསྟན་?་དང་ལྡན་པས་བྱེད་པ་པོ་དང ་བཅས་པ་ཉིད་དུ་འདོད་ན་ནི་གྲུབ་པ་ལ་བསྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ལ་ཡང་དེ་ལྟར་གྲུབ་པའི་ཕྱིར་རོ། །ཅི་སྟེ་རྟག་གཅིག་ཕྲ་སོགས་ཀྱི། །ཁྱད་པར་གྱིས་ན་ཁྱོད་དཔེ་མེད། ཅེས་བྱ་བ་ནི་དབང་ཕྱུག་ནི་མིག་ལ་སོགས་པའི་བྱེད་པ་པོ་ཡིན་ཏེ། རྟག་པའི་ཕྱིར་དང། ་གཅིག་པའི་ཕྱིར་དང། མ་སྐྱེས་པའི་ཕྱིར་ཅི་དང་འདྲ་ཞེས་བྱ་བའི་དཔེ་ཁྱོད་ལ་མེད་པས་མིག་ལ་སོགས་པའི་བྱེད་པ་པོ་དབང་ཕྱུག་ཡིན་ནོ་ཞེས་ཁྱད་པར་དུ་སྟོན་ན་དཔེ་མེད་པས་མ་གྲུབ་པོ། །གལ་ཏེ་དབང་ཕྱུག་ཡིན་པའི་ཕྱིར་བུམ་པ་ལ་སོགས་པའི་བྱེད་པ་པོ ་རྫ་མཁན་ལ་སོགས་པ་ཡིན་པ་བཞིན་ནོ། །ཞེན་བཤད་པ། ཁྱོད་ཀྱི་དེ་ནི་མི་རྟག་དང། གཟུགས་ཅན་སྐྱེས་ཉིད་སྐྱོན་དུ་འགྱུར། །ཞེས་བྱ་བ་ནི་དབང་ཕྱུག་ཅེས་བྱ་བའི་ཚིག་གི་ལྷག་མའོ། །གལ་ཏེ་སེམས་ཅན་སྣོད་བགྲང་པའི། །འཇིག་རྟེན་སྣ་ཚོགས་རྒྱུ་ཡི་ལས། །དབང་ཕྱུག་ཡིན་ན ་ཀུན་རྫོབ་ཏུ་འང། །གྲུབ་པ་ཉིད་ལ་རབ་ཏུ་བསྒྲུབ། །ཅེས་བྱ་བ་ནི་གལ་ཏེ་ཡང་སེམས་ཅན་དུ་བགྲང་པ་ལྷ་དང་མི་ལ་སོགས་པ་སྐྱེ་བ་དང། གནས་པ་དང། འཇིག་པ་དང་སྣོད་དུ་བགྲང་བ་དེ་དག་ནས་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཀྱི་རྒྱུའི་ལས་དགེ་བ་དང་མི་དགེ་བ་དང། མི་གཡོ་བ ་དག་དབང་ཕྱུག་ཡིན་པར་སྒྲུབ་ན་ནི་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་ཡང་སྒྲུབ་པ་ཉིད་ལ་རབ་ཏུ་སྒྲུབ་པ་ཡིན་ཏེ། ཇི་ལྟར་ཞེ་ན། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དེ་ལ་འདུ་བྱེད་དེ་དག་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི ་གཡོ་བའོ། །ཁམས་གསུམ་པ་འདི་དག་ནི་དེ་ལས་བྱུང་བས་དེའི་ཕྱིར་ཁོ་བོ་ཡང་མ་རིག་པ་ཉིད་འདུ་བྱེད་ཀྱི་ལས་བྱེད་པའི་དབང་ཕྱུག་དང། འདུ་བྱེད་ཉིད་འཇིག་རྟེན་འགྲུབ་པའི་དབང་ཕྱུག་ཡིན་པར་འདོད་པའི་ཕྱིར་རོ། །དེས་ན་ཁྱོད་འདོད་པའི་དབང་ཕྱུག་ཅེས་བྱ་བ་དེ་ནི་མེད་པའི ་ཕྱིར་མི་རིགས་པའི་སྐྱོན་དུ་འགྱུར་རོ། །དེས་ནི་དུས་དང་སྐྱེས་བུ་དང། །གཙོ་བོ་རྡུལ་ཕྲན་ཁྱབ་འཇུག་དག། །འགྲོ་བ་འདིའི་རྒྱུ་མིན་པར། །འགག་པ་ཁོང་དུ་ཆུད་པར་བྱ། །ཞེས་བྱ་བ་ནི་དེ་ལ་དུས་རྒྱུར་འདོད་པ་ཁ་ཅིག་ནི་ས་བོན་ལ་སོགས་པ་དང་དེ་དག་གི་རྐྱེན་ས་དང་ཆུ་དང ་མེ་དང་རླུང་ལ་སོགས་པ་དག་ཡོད་དུ་ཟིན་ཀྱང་མྱུ་གུ་ལ་སོགས་པ་ལན་འགའ་འབྱུང་བར་སྣང་བའི་ཕྱིར་དུས་འདི་འཇིག་རྟེན་མ་ལུས་པ་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་བྱ་བར་ཞུགས་སོ་དེ་བཞིན་དུ་སྐྱེས་བུ་རྒྱུར་འདོད་པ་དག་ཀྱང་སྐྱེས་བུ་ཉིད་འཇིག་རྟེན་གསུམ་པོ་མ་ལུས་པ་དག ་གི་ཁོང་ན་རྒྱུ་བ་ཡིན་ཏེ། པ་ནི་བ་སྒྲ་རྣམས་ཀྱི་ཡིན། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང། །པཱཀྵ་ཡ་ག་ལ་རྣམས་ཀྱི་བཞིན། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་བྱ་བ་མངོན་པར་ཞེན་ནོ། །གཙོ་བོ་རྒྱུར་སྨྲ་བ་དག་ཀྱང་ཚངས་པ་ལ་སོགས་པ་མྱུ་གུའི་མཐར་ཐུག་པ་བདེ ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཅན་གྱི་འགྲོ་བ་མཛའ་དག་སྐྱེ་བའི་རྒྱུ་ནི་གཙོ་བོ་ཞེས་བྱ་བ་རང་བཞིན་ཡིན་པར་སེམས་སོ། །དེ་བཞིན་དུ་རྡུལ་ཕྲན་རྒྱུར་འདོད་པ་དག་ཀྱང་ས་ལ་སོགས་པ་རྡུལ་ཕྲ་རབ་ཀྱིས་བརྩམས་པ་དག་ནི་རྫས་སུ ་ཡོད་པ་ཡིན་ཏེ། རྡུལ་ཕྲ་རབ་གཉིས་པ་ལ་སོགས་པའི་རིམ་གྱིས་མངོན་པར་བསྒྲུབས་པའི་འབྱུང་བ་ཆེན་པོ་ས་ལ་སོགས་པ་དག་གི་རྒྱུ་ནི་རྡུལ་ཕྲ་རབ་རྟག་པ་དག་ཡིན་པར་དམ་འཆའོ། །ཡང་ཁ་ཅིག་ནི་ཁྱབ་འཇུག་ཅེས་བྱ་བ་རི་དང་ཤིང་དང། ཆུ་དང་ས་དང ་མེ་དང་རླུང་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པ་སྐྱེ་བ་མེད་པ་དང་།འཇིག་པ་མེད་པ་ནི་འགྲོ་བ་མ་ལུས་པའི་རྒྱུ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཐམས་ཅད་ཀྱང་དབང་ཕྱུག་བཞིན་དུ་དཔྱད་ཅིང་འགགས་པར་ཡང་བྱ་སྟེ། དུས་ནི་འཇིག་རྟེན ་བྱེད་པོ་མིན། །ལ་ལ་དགའ་བའི་རྒྱུ་ཡིན་ཕྱིར། །དཔེར་ན་དུས་ལ་དགའ་བྱེད་པའི། །བྱེད་པོ་དུས་ནི་མ་ཡིན་བཟིན། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་དེ་ལྟར་དོན་དམ་པར་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པའི་ཕྱིར ་ལུང་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྐྱེ་བ་མེད་པའོ། །ཞེས་གསུངས་པ་དང། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །བཟོད་ནས་ཞི་དང་མ་སྐྱེས་དང། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱེད་ཀྱིས་བསྟན། །ཅེས་གསུངས ་པ་དང། དེ་བཞིན་དུ་ཇི་ལྟར་བྱིས་པ་རྣམས་བཏགས་ལྟར། །རྒྱུ་དང་རྐྱེན་རྣམས་ཁོ་ན་ལས། འཇིག་རྟེན་ཡོད་པ་མི་སྐྱེ་ཞིང། །མེད་དང་ཡོད་མེད་གང་ཡང་མེད། །ཅེས་གསུངས་པ་ལ་སོགས་པ་དེ་དག་གྲུབ་པ་ཡིན་ནོ། །མདོ་སྡེ་པ་དག་རྒྱུད་པའི་སྒོ་ནས་ཚད ་མ་ཉེ་བར་སྦྱོར་བར་བྱེད་བདག་ལ་བཤད་པ། གལ་ཏེ་ལྟ་བའི་མུན་སེལ་བ། །གང་ཕྱིར་སངས་རྒྱས་འབྱུང་དེའི་ཕྱིར། །དེ་བཞིན་སྐྱེ་མཆེད་སྐྱེ་འདོད་ན། །ལན་དུ་རུང་བ་མ་ཡིན་ནོ། །ཞེས་བྱ་བ་ལ་ལྟ་བ་དང། །མངོན་པར་ཞེན་པ་དང། །འཛིན་པ་ཞེས ་བྱ་བདག་ནི་རྣམ་གྲངས་ཏེ། །དྲུག་ཅུ་རྩ་གཉིས་པོ་དག་གི་བྱེ་བྲག་དག་གོ། ལྟ་བ་དག་ནི་མུན་པ་ཡིན་པས་ལྟ་བའི་མུན་པ་སྟེ། དེ་ཉིད་མཐོང་བ་ལ་གེགས་བྱེད་པའི་ཕྱིར་རོ། །ལྟ་བའི་མུན་པ་དེ་སེལ་བའི་འདོར་བའོ། །ལྟ་བའི་མུན་བསེལ་བ་འབྲས་བུར་གྱུར་པ་དེ་ནི་གང་གི ་ཕྱིར་སངས་རྒྱས་འབྱུང་བ་དེའི་ཕྱིར་ཡོད་པས། སངས་རྒྱས་འབྱུང་བ་ནི་ལྟ་བའི་མུན་པ་སེལ་བ་དེའི་རྒྱུ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། འབྲས་བུ་ལྟ་བའི་མུན་པ་སེལ་བ་ཡོད་པའི་སྒོ་ནས་དེའི་རྒྱུ་སངས་རྒྱས་འབྱུང་བ་ཡང་ཡོད་པས་རྗེས་སུ་དཔག་པ་དེ་བཞིན་དུ་འབྲས ་བུ་ཡུལ་ངེས་པར་འཛིན་པ་ཉེ་བར་དམིགས་པའི་སྒོ་ནས། དེའི་རྒྱུ་སྐྱེ་མཆེད་རྣམས་སྐྱེ་བ་ཡང་ཡོད་པ་ཁོ་ན་ཡིན་ཏེ། དེའི་འབྲས་བུ་ཡུལ་ངེས་པར་འཛིན་པ་ཡོད་པའི་ཕྱིར་རོ། །འདི་ལྟར་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་ཡོད་པ་མ་ཡིན་པ་དག་ལ་ནི་འབྲས་བུ་ཡང ་མེད་ཀྱི། སངས་རྒྱས་འབྱུང་བ་ཡོད་པ་ལ་ནི་འབྲས་བུ་ལྟ་བའི་མུན་པ་སེལ་བ་དེ་ཡང་ཡོད་པ་དེ་བཞིན་དུ་།སྐྱེ་མཆེད་རྣམས་ཡོད་པའི་འབྲས་བུ་ཡང་ཡུལ་ཉེ་བར་དམིགས་པ་ཡིན་པས་དེའི་ཕྱིར། སྐྱེ་མཆེད་རྣམས་སྐྱེ་བ་ཡོད་པར་འདོད་དོ་ཞེས་སྒྲུབ་པར་བྱེད ་ན་།དེ་ལ་སློབ་དཔོན་གྱིས་བཤད་པ། ཕ་རོལ་པོས་སྨྲས་པ་དེ་ནི་ལན་དུ་རུང་བ་མ་ཡིན་ནོ། །ཞེས་བྱ་བ་ཡིན་ནོ་ཇི་ལྟར་ཞེ་ན། དུས་མེད་སྐྱེ་པ་ཡོད་མིན་ན། །གང་ལ་ལྟ་བ་གང་ཞིག་འདོད། །ཅེས་བྱ་བ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་པོ་རྣམས་ལས་བཅུ་དྲུག་ནི ་སྔོན་གྱི་མཛའ་ལ་བརྟེན་པ་ཡིན་ལ། བཞི་བཅུ་རྩ་བཞི་ནི་ཕྱི་མའི་མཛའ་ལ་བརྟེན་པ་ཡིན། ལྟ་བ་གཉིས་ནི་ད་ལྟར་བ་ལ་བརྟེན་པ་ཡིན་ན། དེ་ཡང་དུས་གསུམ་པོ་དག་གི་སྐྱེ་བ་བཀག་པས་དུས་མེད་ཅིང་དུས་ཀྱི་སྐྱེ་བ་ཡོད་པ་མ་ཡིན་ན། མུ་སྟེགས་ཅན་མ་སྐྱེས་པ ་གང་ལ་འཇིག་རྟེན་རྟག་པ་ཞེས་པ་ལ་སོགས་པའི་ལྟ་བ་མ་སྐྱེས་བ་གང་ཞིག་བསལ་བས་སངས་རྒྱས་བྱུང་བ་བྱེད་པ་པོ་ཉིད་ཡིན་པར་འགྱུར་བ་ཡོད་པར་འདོད། །གལ་ཏེ་དེ་ལྟ་ན་ལྟ་བ་ཉིད་ཀྱང་མེད་པས་དེ་སེལ་བ་ཡང་མེད་ན། སངས་རྒྱས་འབྱུང་བ་ནི་བྱེད་པ་པོ་ཉིད་མ ་ཡིན་པར་ཐལ་བར་འགྱུར་བས་བྱེད་པ་པོ་ཉིད་ནི་མེད་པ་མ་ཡིན་ནོ་ཞེ་ན། བཤད་པ་དེ་ཡོང་མ་ཡིན་རྟོག་བྱའི་ཕྱིར། །སངས་རྒྱས་འབྱུང་བ་བྱེད་པོ་ཉིད། །ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ལྟ་བར་གྱུར་པ་དེ་དག་བཏགས་པ་ཙམ་ཉིད ་དུ་རང་གི་ཐུགས་སུ་ཆུད་ནས་གཞན་དག་ལ་ཡང་གོ་བར་མཛད་ནས་དེའི་ཕྱིར་ལྟ་བ་དེ་ཡོད་པ་མ་ཡིན་པ་ཉིད་དུ་རྟོགས་པར་བྱ་བའི་ཕྱིར། སངས་རྒྱས་འབྱུང་བ་ནི་ཀུན་རྫོབ་ཏུ་བྱེད་པ་པོ་ཉིད་དུ་སྟོན་ཏེ། སངས་རྒྱས་འབྱུང་བ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི ་ཚོགས་ལ་སོགས་པ་རྒྱ་དང་རྐྱེན་དུ་མ་ཆོགས་པ་འབྱུང་བའི་ཕྱིར་ཀུན་རྫོབ་ཡིན་གྱི། དོན་དམ་པ་པ་མ་ཡིན་པས་ཁྱོད་ཀྱིས་དཔེ་ཡང་མེད་ལ། དེའི་འབྲས་བུ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱང་ཀུན་རྗོལ་ཡིན་པའི་ཕྱིར་འགལ་བ་ཉིད་དོ། གཞན ་ཡང་བཅོམ་ལྡན་འདས་ཀྱིས་ལྟ་བའི་མུན་པ་བསལ་བ་མཛད་དུ་ཟིན་ཀྱང། སྡེ་པ་གཞན་དག་དོན་དམ་པར་རྟག་པ་དང་ཆང་པའི་མཛའ་ཉིད་ལས་གྲོལ་བ་མེད་དོ། །གང་གི་ཕྱིར་ཞེ་ན། གཅིག་དང་ཐ་དད་པ་གཉི་ག་ཉིད་ཀྱིས་བརྟག་མི་བཟོད་པའི་ཕྱིར་རོ། །ཇི་ལྟར ་ཞེ་ན། གལ་ཏེ་ལྷ་དང་ལྷ་མིན་གཅིག་།དེས་ན་ཇི་ལྟར་རྟག་མི་འགྱུར། །གལ་ཏེ་ལྷ་དང་ལྷ་མིན་གཞན། །ཇི་ལྟར་ཆད་པར་མི་རིགས་འགྱུར། །ཞེས་བྱ་བ་ནི་ལྷ་ལས་ལྷ་མ་ཡིན་སྦྱིན་བྱེད་མའི་བུ་འམ་མི་ལ་སོགས་པ་གཞན་ཡིན་པ་དེ་གང་གི་ཚེ་ལྷ་མ ་ཡིན་གྱི་ཕུང་པོ་དག་ཡོངས་སུ་བཏང་སྟེ། ལྷའི་འགྲོ་བར་སྐྱེ་བའི་ཚེ་ན་ཅི་དེ་སྔོན་གྱི་ཕུང་པོ་རྣམས་དང་གཅིག་པ་ཉིད་ཡིན་ནམ་འོན་ཏེ་ཐ་དད་པ་ཉིད་ཡིན་གྲང་ན། གལ་ཏེ་གཅིག་པ་ཉིད་ཡིན་ན་ནི་ངེས་ན་ཇི་ལྟར་རྟག་པ་ཉིད་དུ་མི་འགྱུར་ཏེ། ཕུང་པོ ་སྔ་མ་དང་ཕྱི་མ་གཅིག་པ་ཉིད་ཡིན་པས་ཁྱད་པར་ཡོད་པར་མི་འཐད་པའི་ཕྱིར་རོ། །གལ་ཏེ་ལྷ་དང་ལྷ་མ་ཡིན་ཐ་དད་ཕ་ཉིད་ཡིན་ན་ནི་ཇི་ལྟར་ཆད་པར་མི་འགྱུར་ཏེ་།ཕུང་པོ་སྔ་མ་མར་མེ་ལ་སོགས་པ་བཞིན་དུ་འགགས་པའི་ཕྱིར་རོ། །གལ་ཏེ ་འདི་སྙམ་དུ་རེ་ཞིག་ལྷ་མ་ཡིན་དང་ལྷ་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། ལྷ་མ་ཡིན་གྱི་ཕུང་པོའི་རྒྱུ་ལས་ལྷའི་ཕུང་པོ་མངོན་པར་གྲུབ་པའི་ཕྱིར་རོ། །གཅིག་པ་ཉིད་ཀྱང་མ་ཡིན་ཏེ། གཟུགས་ལས་ཐ་དད་པའི་ཕྱིར་རོ། །འོན་ཀྱང་བུམ་པ་བཞིན ་དུ་གཅིག་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ་།དཔེར་ན་བུམ་པ་དང་འཇིམ་པའི་གཟུགས་ལ་སོགས་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་བཞིན་ནོ། །ཞེས་བྱ་བར་སེམས་ན་བཤད་པ། བརྗོད་མིན་བུམ་པ་བཞིན་ན་ཡང། །ཆད ་པ་ཇི་ལྟར་སྤོང་བར་འགྱུར། །ཞེས་བྱ་བ་ནི་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། བུམ་པ་དང་འཇིམ་པ་དང་གཟུགས་ལ་སོགས་པ་བཞིན་ན་ཡང་གང་གི་ཚེ་བུམ་པ་རབ་ཏུ་ཞིག་པར་གྱུར་པ་དེའི་ཚེ་ན་ཆང་པ་ཇི་ལྟར་སྤོང་བར་འགྱུར་ཏེ། ངོ ་པོ་ཉིད་དེ་ཉིད་ཀྱིས་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་འདི་སྙམ་དུ་ལྷ་མ་ཡིན་གྱི་ཕུང་པོ་སྔ་མའི་རྒྱུ་ལས་བྱུང་བའི་ཕྱིར་དང། ལྷས་ལྷའི་ཕུང་པོ་ཡོངས་སུ་འཛིན་པའི་ཕྱིར་གཉི་གའི་བདག་ཉིད་ཡིན་པར་སེམས་ན། བཤད་པ་ཡིན་དང་མ་ཡིན་ཉིད་ཡིན་ཡང།། ་མྱ་ངན་འདས་ཚེ་གཅིག་འདའ་མེད། །ཅེས་བྱ་བ་ནི་རྣམ་པ་གཉིས་སུ་སྨྲར་ཟིན་ཀྱང་མྱ་ངན་ལས་འདས་པའི་དུས་ན་ཕུང་པོའི་རྒྱུན་ཆད་པས་ཆད་པའི་མཛའ་གཅིག་ལས་འདའ་བ་མེད་དེ་ཆད་པ་ཁོ་ནར་འགྱུར་རོ། །གཞན་ཡང་གལ་ཏེ་འགགས་པ་སྐྱེ་འགྱུར་ན། །དེས་ན ་ཇི་ལྟར་རྟག་མ་ཡིན། །འགགས་པ་སྐྱེ་བ་མེད་གྱུར་ན། །ཇི་ལྟར་ཆད་སྨྲ་ཉིད་མ་ཡིན། །ཞེས་བྱ་བ་ནི་ལྷ་མ་ཡིན་འགགས་པ་གང་ཡིན་པ་དེ་ལྟའི་ཕུང་པོ་དག་ཏུ་སྐྱེ་བ་ཅི་སྟེ་སྐྱེ་བ་འོན་ཏེ་མི་སྐྱེ། གལ་ཏེ་སྐྱེ་བར་གྱུར་ན་ནི་དེས་ན་ཇི་ལྟར་རྟག་པ་མ་ཡིན་ཏེ། འགགས་པར་གྱུར ་ཀྱང་ཡང་སྐྱེ་བའི་ཕྱིར་རོ། །ཅི་སྟེ་སྐྱེ་བ་མེད་པར་གྱུར་ན་ནི། །ཇི་ལྟར་ཆད་པར་སྨྲ་བ་ཉིད་མ་ཡིན་ཏེ། །ལྷ་མ་ཡིན་གྱི་ཕུང་པོ་འགགས་པ་གཏན་དུ་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་རྒྱུན་ངོས་པར་གནས་པ་ལ་གང་གི་ཕྱིར་ཕུང་པོ་སྔ་མ་འགགས་པའི་ཕྱིར། ་རྟག་པ་ཉིད་མ་ཡིན་ལ་གང་གི་ཕྱིར་ཕུང་པོ་ཕྱི་མ་སྐྱེ་བའི་ཕྱིར་ནི་ཆད་པ་ཉིད་མ་ཡིན་པར་སེམས་ན་བཤད་པ། རྒྱུན་ནི་རྫས་སུ་མེད་པའི་ཕྱིར། །རྟག་ཆད་དེ་དགག་ལ་ཡོད་ཅེས་བྱ་བ་ནི། །སྐད་ཅིག་མ་སྔ་མ་དང་ཕྱི་མ་འགགས་པ་དང། སྐྱེ་བས ་མཚོན་པའི་རྒྱུན་ནི་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར། ཀུན་རྫོབ་ཏུ་ཡང་རྟག་པ་མེད་པ་དང། ཆད་པ་མེད་པར་ཐ་སྙད་གདགས་སུ་རུང་ངོ། །དོན་དམ་པར་ནི་འདུ་བྱེད་ཀྱི་ཚོགས་གང་འགགས་པ་དེ་ནི་སྐྱེ་བ་དང་མཚམས་སྦྱོར་བ་མེད་ལ། འདུ་བྱེད་ཀྱི་ཚོགས་གང ་སྐྱེ་བ་དེ་ནི་མཚམས་སྦྱོར་བ་མེད་པས། དེ་ལ་དེ་གཉིས་མ་གཏོགས་པར་གང་ལ་རྟག་པ་དང། ཆད་པ་གཉིས་མེད་པས་རྟག་པ་མ་ཡིན་པ་དང། ཆད་པ་མ་ཡིན་པར་ཐ་སྙད་གདགས་སུ་རུང་བའི་དངོས་པོ་རྫས་སུ་གྱུར་པར་ཡོད་པ་དེ་ལྟ་བུ་གང་ཡོད། དེ་མེད ་ཕྱིར་ན་མ་སྐྱེས་ལ། །རྟག་མེད་ཆང་མེད་རིགས་པ་ཡིན། །ཞེས་བྱ་བ་ནི་དངོས་པོ་སྐྱེས་པ་ཡུན་རིང་དུ་ངེས་པར་གནས་བའི་ཚུལ་ཅན་ཉིད་ནི་རྟག་པ་ཉིད་ཡིན་ལ་།སྐྱེས་པ་ཉིད་རབ་ཏུ་ཞིག་པ་ནི་ཆང་པ་ཡིན་ལ། གདམ་སྐྱེས་པ་དེ་ནི་རྟག་པ་ཉིད་དུ་ཡང་མི ་འགྱུར་ལ། ཆད་པ་ཉིད་དུ་ཡང་མི་འགྱུར་བས། །དེའི་ཕྱིར་ཁོ་བོ་ཅག་འདོད་པ་ལྟར་དོན་དམ་པར་སྐྱེ་བ་མེད་པ་ཉིད་དུ་གྲུབ་པ་ལ་ནི་རྟག་པ་མེད་པ་དང་ཆད་པ་མེད་པ་ཉིད་དུ་རིཌ་ཀྱི་ཁྱེད་འདེད?་པའི་རྒྱུན་ལ་ནི་མི་རིགས་སོ། །ཡང་རང་གི་སྡེ་པ་དག་རྣམ་པ་གཞན་གྱིས་ཕྱིར ་ཟློག་པར་བྱེད་པ་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། གལ་ཏེ་སྡུག་བསྔལ་མི་བསྐྱེད་ཕྱིར། །སངས་རྒྱས་རྣམས་ནི་ཆོས་སྟོན་པས། །དེ་ཕྱིར་དེའི་འགྲས་ཡོང་ཕྱིར། །སྐྱེ་བ་ཡོད་པར་འདོད་ཅན། །ཞེས་བྱ་བ་ནི་ཕ་རོལ་པོ་དག་གི་བསམ་པ་ལ་བརྟགས་ནས་ཕྱོཌ ་སྔ་མ་ཉེ་བར་བཞག་པ་ཡིན་ཏེ་སྡུག་བསྔལ་ཞེས་བྱ་བའི་ཕུང་པོ་ལྔ་ནི་སྐྱེ་བ་ཡོད་པ་ཁོ་ན་ཡིན་ཏེ། དེ་མི་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་དེ་མི་བསྐྱེད་པར?་ཕྱིར། བཅོམ ་ལྡན་འདས་ཀྱིས་ཆོས་བསྟན་པ་མ་མཛད་དེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །གང་སྡུག་བསྔལ་དེ་ཡོད་པ་ལན?་དི་མི་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལམ་ཞེས་བྱ་བའི་ཆོས་བསྟན་པར་ཡང་མཛད་དེ། དེ་ཡང་ཐོས་པ་དང། བསམ་པ་དང། བསྒོམ་པ ་དང། གོམས་པར་བྱས་པའི་དགྲ་བཅོམ་པ་ལ་སོགས་པ་དག་གི་ཕུང་པོ་སྐྱེ་བ་མེད་པའི་འབྲས་བུ་དང་ལྡན་པར་མཐོད་བས་དེའི་ཕྱིར་ཆོས་བསྟན་པ་དེའི་འབྲས་བུ་ཡོད་པའི་ཕྱིར། སྡུག་བསྔལ་སྐྱེ་བ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དེའི་ལན་དུ་བཤད་པ། གལ ་ཏེ་ཁྱེད་དེ་ལྟར་སྡུག་བསྔལ་སྐྱེ་བ་ཡོད་པར་འདོ་ན། གལ་ཏེ་དེ་ནི་སྐྱེ་འདོད་ན། །དེ་ནི་སྔར་བཞིན་སྐྱེ་མེད་ཕྱིར། །སྐྱེ་པ་མེད་པ་དེའི་འབྲས་མིན། །དེ་ཡོངས་ཤེས་པ་དེ་འབྲས་ཡིན། །ཞེས་བྱ་བ་ནི་བསྟན་བཅོས་ཉིད་དུ་ཁོ་བོས་སྔར་སྡུག་བསྔལ་དེ་བདག་དང ་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བསྟན་ཟིན་པས་སྐྱེ་བ་མེད་པ་ནི་ཆོས་བསྟན་པ་དེའི་འབྲས་བུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྡུག་བསྔལ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་དེ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་གང་ཡིན་པ་སྟེ། ་དེ་ཉིད་ཆོས་བསྟན་པའི་འབྲས་བུ་ཡིན་པས་སྐྱེ་བར་བཏགས་པས་ཅི་ཞིག་བྱ། སྡུག་བསྔལ་དེ་ཇི་ལྟར་སྐྱེ་བ་མེད་པར་ཡོངས་སུ་ཤེས་པར་བྱ་ཞེ་ན་།དེས་ནི་བདག་གིས་བྱས་མི་རིགས། །དེ་ཉིད་ཀྱིས་དེ་མ་བྱས་ཕྱིར། །གཞན་གྱིས་བྱས་?་འདོད་དེ། །གཞན་གྱིས་གཞན་བྱེད་འགལ ་བའི་ཕྱིར། །ཞེས་བྱ་བ་ནི་རེ་ཞིག་སྡུག་བསྔལ་དེ་ནི་སྡུག་བསྔལ་དེ་ཉིད་ཀྱི་མི་བྱེད་དེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར། །དཔེར་ན་ལམ་དེ་ཉིད་དུ་ལམ་དེ་ཉིད་མི་འགྲོ་བ་དང། སོར་མོའི་རྩེ་མོ་དེ་ཉིད་ལ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་རེག་པར་མི་བྱེད་པ་བཞིན་ནོ། ། ་དུག་བསྔལ་དེ་ཡང་དག་བར་ན་སྡུག་བསྔལ་གྱི་རྒྱུ་གཞན་གྱིས་ཀྱང་མི་བྱེད་དེ། གཞན་གྱིས་གཞན་བྱེད་པ་འགལ་བའི་ཕྱིར། །དཔེར་ན་འབྲས་ས་ལུའི་ས་བོན་གྱིས་ནས་ཀྱི་མྱུ་གུ་མི་བྱེད་པ་དང། ནས་ཀྱི་ས་བོན་གྱིས་ཀྱང་འཐས?་ས་ལུའི་མྱུ་གུ་མི་བྱེད་པ་བཞིན་ནོ། །གཞན ་ཡང་སྡུག་བསྔལ་རང་རྒྱུད་སྐྱེ་མི་འདོད། །སེམས་ཅན་ལ་སོགས་མེད་ཕྱིར་དང། །རྫས་མེད་ཕྱིར་དང་དབྱེར་མེད་ཕྱིར། །སྡུག་བསྔལ་དེ་ལ་རྒྱུད་ཀྱང་མེད། །ཅེས་བྱ་བ་ནི་ཅི་སྟེ། སྡུག་བསྔལ་དེ་སུས་ཀྱང་མ་བྱས་པ་ཉིད་ཡིན་དུ་ཟིན་ཀྱང། རང་གི་རྒྱུད་ལས ་སྐྱེས་པས་སྡུག་བསྔལ་ནི་རང་གི་རྒྱུད་ལས་སྐྱེས་པར་སེམས་ན། རྒྱུད་དེ་ལ་སེམས་ཅན་ལ་སོགས་པས་སྟོང་པའི་ཕྱིར་སྡུག་བསྔལ་དེ་སྐུའི?་ཡིན་པར་འགྱུར། སེམས་དང་སེམས་ལས་བྱུང་བ་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོར་འབྲེལ་པའི་རྒྱུད་ལ་རྒྱུད་ཅེས་བྱ་ན་གྱུར? ་དེ་ལ་ཡང་སྐད་ཅིག་མ་སྔ་མ་འགག་པ་ན་སྐད་ཅིག་ཕྱི་མ་ཕྱིས་སྐྱེ་པའི་ཕྱིར་མར་མེའི་འོད་སྐྱེ་བ་དང་འགག་པ་བཞིན་ནམ། ཆུ་ལས་རླབས་འབྱུང་བ་དང། འཇིག་པ་བཞིན་བས་རྫས་སུ་ངེས་པར་གནས་པ་མེད་པའི་ཕྱིར་དང། དབྱེར་མེད་པའི་ཡང་ཕྱིར་ཏེ། སྡུག་བསྔལ་དང ་སྡུག?་བསྔལ་ཅན་ལ་འདིའི་རྒྱུད་ལས་སྡུག་བསྔལ་འདི་ཡོད་དོ། ཞེས་ཐ་དད་པ་དབྱེར་མེད་པའི་ཕྱིར་དོན་དམ་པར་ན་རྒྱུད་ལ་ཡང་སྡུག་བསྔལ་དེ་ཡོད་པ་མ་ཡིན་ཏེ། དེ་ལྟར་སྡུག་བསྔལ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ནི། ཆོས་བསྟན་པའི་འབྲས་བུ་ཡིན་གྱི་སྐྱེ་པ་མེད ་པར་ནི་འབྲས་བུ་མ་ཡིན་ནོ། །ཅི་སྟེ་ཡང་སྡེ་པ་གཞན་དག་ཕྱིར་བཟློག་པར་བྱེད་དེ། མིག་ལ་སོགས་པ་འདུ་བྱེད་རྣམས་ནི་སྐྱེ་བ་དང་ལྡན་པ་ཉིད་ཡིན་ཏེ། སེམས་ཅན་གྱི་མིང་དུ་བརྗོད་པའི་ཕྱིར་སངས་རྒྱས་བཞིན་ནོ་ཞེ་ན། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གལ་ཏེ་མིག ་སོགས་འདུ་བྱེད་རྣམས། །དེ་ཉིད་དུ་ན་སྐྱེ་ཅན་དེ། །སེམས་ཅན་མིང་དུ་བརྗོད་པའི་ཕྱིར། །སངས་རྒྱས་བཞིན་དུ་སྒྲུབ?་བྱེད་ན། །ཞེས་བྱ་བ་ནི་ཕྱོགས་སྔ་མ་ཉེ་བར་བཞག་པ་ཉིད་ཡིན་ནོ། །དེའི་ལན་ནི་འདི་ཡིན་ཏེ། །དེ་སྔ་ལ་སངས་རྒྱས་སྐྱེ་ཆོས་མིན། །དེ་ཕྱིར་དེ་ཡོད ་མ་ཡིན་ལ། །དེ་བཞིན་དེ་སྐྱེ་ཡོད་མིན་ཏེ། བདག་བཞིན་སྒྱུ་མ་བཞིན་འབྱུང་ཡོད། །ཅེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཡང་མ་སྐྱེས་བས་ཁྱོད་ཀྱི་དཔེ་མེད་དོ། །དེའི་ཕྱིར་འདི་སྐད་ཅེས་སྨྲ་བར་ནུས་ཏེ་།དེ་བཞིན་གཤེཌ ་པ་ཡང་དོན་དམ་པར་ཡོད་པ་མ་ཡིན་ཏེ། སྐུ་དང་གཅིག་གམ། ཐ་དད་པར་དམིགས་སུ་མེད་པའི་ཕྱིར་བདག་དང་སེམས་ཅན་དང་གང་ཟག་ལ་སོགས་པ་བཞིན་ནོ། །འོ་ན་གང་ཟག་གཅིག་སྐྱེ་བ་ན་སྐྱེའོ། །ཞེས་མ་གསུངས་སམ་ཞེ་ན། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་བའི་ཕྱིར ་ཡང་དག་པ་མ་ཡིན་པའི་བདག་ཉིད་དུ་སྣང་སྟེ། སངས་རྒྱས་ཀྱང་མཚན་གྱི་བདག་ཉིད་ཀྱིས་སྒྱུ་མ་བཞིན་དུ་འབྱུང་བ་ནི་ཡོད་པར་འདོད་དེ། ཀུན་རྫོབ་པ་ཡིན་པས་འཇིག་རྟེན་གྱི་ཐ་སྙད་དུ་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ ་པ་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་རྣམས་ཞེས་གདགས་པར་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཉིད་ལུད་དང་རིགས་པས་བསྒྲུབ་པར་བྱ་སྟེ། གཟུགས་ནི་ཡང་དག་ཉིད་དུ་ན། །སངས་རྒྱས་མ་ཡིན་རྟོག་བྱའི་ཕྱིར། ། ་འཁོར་ལོས་སྒྱུར་བཞིན་རྣམ་ཤེས་མིན། །དང་གཞན་སྣང་ཕྱིར་མིག་འཕྲུལ་བཞིན། །ཞེས་བྱ་བ་ནི་འདི་ལ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་གཟུགས་སངས་རྒྱས་ཡིན་ནམ། འོན་ཏེ་རྣམ་པར་ཤེས་པ་རང་དང་ཡུལ་གྱི་ངོ་བོ་ཉིད་གཉིས་སུ་སྣང ་བར་གྲགས་པ་སངས་རྒྱས་ཡིན་པར་འདོད་གྲང་ན། །གཉི་ག་ཡང་ཡང་དག་པ་ཉིད་དུ་ན་ཡོད་པ་མ་ཡིན་ཏེ། མཚན་དང་དཔེ་བྱད་བཟང་པོ་རྣམས་ནི་འཁོར་ལོས་སྒྱུར་པ་ལ་ཡང་ཡོད་པའི་ཕྱིར་དང། མིག་འཕྲུལ་གྱི་ཤེས་པ་ནི་རྣམ་པར་རྟོག་པ་མེད་པའི་ཆ་དག་ལ་ཡང ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཕུང་པོ་གཟུགས་ཅན་སངས་རྒྱས་མིན། །ཕུང་པོས་བསྡུས་པ་ཡིན་འདོད་ཕྱིར། །སྐྱེ་འཇིག་ཆོས་ཅན་ཡིན་ཕྱིར་དང། །ཤེས་བྱ་ཡིན་ཕྱིར་གཟུགས་བཞིན་ནོ། ཞེས་བྱ་བ་ནི་འདི་ལྟར་བཅོམ་ལྡན་འདས་ལ་ཡང་འཁྲུངས་པའི་ཆོ?་ན ་སྐྱེ་བ་ཡོད་ལ། མྱ་ངན་ལས་འདས་པའི་ཆེ་ན་འཇིག་པ་ཡང་ཡོད་ཅིང། སྐད་ཅིག་པའི་རྒྱུན་ལ་ཡང་འབྱུང་བ་དང་འཇིག་པའི་སྐད་ཅིག་མ་དག་ཡོད་པའི་ཕྱིར་དང། མིག་ལ་སོགས་པའི་ཡུལ་ཡིན་པས་ཤེས་བྱ་ཉིད་ཡིན་པའི་ཕྱིར་དང། རྣལ་འབྱོར་པ་དག་གིས ་བསྒོམས་བས་མཐོང་བའི་ཡང་ཕྱིར་རོ། །སྐུ་ནི་སངས་རྒྱས་ཡིན་མི་རིགས། །དེ་ཞིག་འཇིག་པའི་སྐྱོན་ཕྱིར་དང། །གཞན་གྱི་མཚན་ཉིད་མེད་པའི་ཕྱིར། །བདག་བཞིན་དེ་ནི་ག་ལ་ཡོད། ཅེས་བྱ་བ་ནི་ཕུང་པོ་དག་ཉིད་ནི་སངས་རྒྱས་མ་ཡིན་ཏེ། ཕུང་པོ་ཞིག ་བ་ན་སངས་རྒྱས་ཀྱང་འཇིག་པར་ཐལ་བར་འགྱུར་བའི་ཕྱིར། མར་མེ་ཞིག་པ་ན་འོད་ཀྱང་འཇིག་བར་འགྱུར་བ་བཞིན་ནོ། །ཕུང་པོ་རྣམས་ལས་གཞན་ལ་ཡང། །སངས་རྒྱས་ཡོད་པ་མ་ཡིན་ཏེ། །ཕུང་པོའི་མཚན་ཉིད་ལས་ལོགས་ཤིག་ན་དམིགས་སུ་མེད་པའི་ཕྱིར་བདག་ལ་སོགས ་པ་བཞིན་ནོ། །བརྗོད་མིན་རྫས་མེད་མི་འདོད་དེ། །སྔ་མ་བཞིན་དུ་གསལ་བའི་ཕྱིར། །བུམ་པ་ངན་དུ་བརྗོད་མིན་ན། །དེ་ནི་ཇི་ལྟར་སངས་རྒྱས་འདོད། །ཅེས་བྱ་བ་ནི་ཕུང་པོ་རྣམས་ཉིད་ཀྱང་སངས་རྒྱས་མ་ཡིན་ལ། ཕུང་པོ་རྣམས་ཉིད་ལས་གཞན་གཉིད་ཀྱང་སངས ་རྒྱས་མ་ཡིན་ཏེ། གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། ཡང་དེ་ནི་དངོས་པོ་མ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་པ་ཉིད་དང། བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་བུམ་པ་བཞིན་དུ་སངས་རྒྱས་ཆད་པར་འགྱུར་ཏེ། སྔ་མ་བཞིན ་དུ་བསལ་བའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱང་རིགས་པ་དང་ལྡན་པ་མ་ཡིན་ཏེ་།དེའི་ཕྱིར་སངས་རྒྱས་ཀྱང་སྐྱེ་བ་མེད་པ་ཉིད་དུ་བསྟན་ཏོ། །དེའི་ཕྱིར་ལུང་ལས་དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེཌ ་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་ཆོས་རྣམས་མེད་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག?་མེད་དགེ་བ་ཡི། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་མེད་ཀྱང། །འཇིག ་རྟེན་ཀུན་ན་གཟུགས་བརྙན་ཀུན་ཏུ་སྣང། ཞེས་གསུངས་པ་དང། དེ་བཞིན་དུ་འཇམ་དཔལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ་ཞེས་གསུངས་བ་ལ་སོགས་པ་དེ་དག་ཀྱང་གྲུབ་པ་ཡིན་ནོ། །ཅི་སྟེ ་ཡང་འདི་སྙམ་དུ་སྐྱེ་མཆེད་རྣམས་ནི་སྐྱེ་བ་ཡོད་པ་ཁོ་ན་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་མཐོང་བས། །ཆོས་དང་སངས་རྒྱས་མཐོང་བའི་ཕྱིར། །རྨི་ལམ་གྱི་གླང་པོ་ཆེ་ཡོད་པ་མ་ཡིན་པ་མཐོང་བས་ནི་ཆོས་དང་སངས་རྒྱས་མཐོང་བར་མ་གསུངས་སོ། །འདི་སྐད་ཅེས་སུས་རྟེན ་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ། །སུས་ཆོས་མཐོང་བ་དེ་སངས་རྒྱས་མཐོང་ངོ་ཞེས་གསུངས་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀྱི་སྐྱེ་མཆེད་རྣམས་ནི་སྐྱེ་བ་ཡོད་པ་ཁོ་ནར་སེམས་ན། འདིར་བཤད་པ། རྟེན་ཅིང་འབྲེལ་པར་འབྱུང ་མཐོང་བས། །ཆོས་དང་སངས་རྒྱས་མཐོང་བའི་ཕྱིར། །སྐྱེ་མཆེད་སྐྱེ་ཡེད་མི་འདོད་དེ། །སྔ་མ་བཞིན་དུ་བསལ་བའི་ཕྱིར་རོ། །ཞེས་བྱ་བ་ནི་བསྟན་བཅོས་འདི་ཉིད་ཀྱིས་དང་པོར་བདག་དང་གཞན་དང་གཉིས་དང། རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བསྟན་པས་སྐྱེ་བ ་ཡོད་པ་དང་མེད་པ་དང་གཉི་ག་དང། གཞན་ལ་སོགས་པར་བརྟག་མི་བཟོད་པར་བསལ་ཟིན་པའི་ཕྱིར་ཇི་ལྟར་དེ་མཐོང་བས་ཆོས་དང་སང་རྒྱས་མཐོང་བ་ཡོད་པར་འགྱུར། དོན་དེ་ཉིད་ཀྱང་བརྟག་པར་བྱས་ཏེ། བདག་དང་གཞན་གཉིས་རྒྱུ་མེད་མིན། །ཡོད་མེད ་རྟག་དང་མི་རྟག་མིན། །གཞན་དང་གཞན་མིན་སྐྱེ་མེད་པས། །རྟག་དང་ཆད་པ་རྣམ་པར་སྤངས། །སྐྱེ་བ་ཡོད་མིན་མེད་པ་མིན། །ཡོད་མེད་མ་ཡིན་དེ་གང་ན། །དེ་མཐོང་སྟོང་པ་མཐོང་འགྱུར་བ། །ཇི་ལྟར་བུ་ནི་ཤེས་པར་བྱ། །ཞེས་བྱ་བ་ནི་དོན་དམ་པར་སྐྱེ་བ་གྲུབ ་ན་ནི་དེ་མཐོང་བས་ཆོས་དང་སངས་རྒྱས་མཐོང་བར་ཡང་འགྱུར་གྲང་ན། །ཇི་སྐད་བསྟན་པའི་ཚུལ་གྱིས་སྐྱེ་པ་དེ་ཉིད་བསྟན་པར་དཀའ་ན་དེ་ཉིད་དུ་དེ་མཐོང?་བག?་ལ་ཡོད་དེ་མཐོང་བ་ཡོད་པ་མ་ཡིན་ན་ཆོས་དང་སངས་རྒྱས་མཐོང་བར་ཡོད་རེ་སྐན། ངའི?་ཕྱིར ་ངོ་བོ་ཉིད་སྨྲའི་ཚིག་།འདོད་པ་རྣམ་པར་ཉམས་པ་ཡིན་།ཞེས་བྱ་བ་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་རྣམས་མཐོང་བ་ཡང་མ་གྲུབ་པའི་ཕྱིར་རོ། ཞེས་བྱ་བར་བསམས་སོ། །སྨྲས་པ། ཅི་རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པ་ཁོ་ན་ཡིན་ཞིང་དེ་ན ་མཐོང་བས་ཆོས་དང་སངས་རྒྱས་མཐོང་བ་ཡང་མེད་པ་ཁོ་ན་ཡིན་ནམ་ཞེ་ན་བཤད་པ། གང་ལ་སྐྱེ་བ་སྒྱུ་མ་ཡི། །སྐྱེ་བ་ཡོད་པ་དེ་ལ་རུང། །ཅི་ཞིག་རུང་ཞེ་ན་།སྨྲས་པའི་ཉེས་པའི་དྲི་བསལ་བས། །དམ་ཆོས་སྒྲོན་མ་རབ་བསྟན་ཕྱིར། །མཛད་པས ་ཕན་ཐོགས་ཆུལ?་གྱིས་ནི། །ཀུན་རྫོབ་ཏུ་ནི་སངས་རྒྱས་མཐོང། ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པར་སྨྲ་བའི་སྐྱོན་རྣམས་ཉིད་དྲི་མ་སྟེ། དེ་བས་ལ་ཅིང་བྲལ་བར་བྱས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་དམ་པའི་ཆོས་ཀྱི་སྒྲོན་མ་གཏི ་མུག་གི་མུན་པ་འཇོམས་པ་ཇི་སྐད་བསྟན་པ་གང་ཡིན་པ་དེ་རབ་ཏུ་བསྟན་པའི་ཕྱིར་མཛད་པས་ཕན་འདོགས་པའི་ཚུལ་གྱིས་ཀུན་རྫོབ་ཏུ་སངས་རྒྱས་མཐོང་བར་རུང་ངོ། །གང་གི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་པའི་བདག་ཉིད་ངོ་བོ་ཉིད་མེད་པ ་ཀུན་རྫོབ་པའི་ཤེས་པས་མཐོང་ན་དེ་དང་ཐ་མི་དད་པའི་ཆོས་མཚན་དང་དཔེ་བྱད་བཟང་པོ་དང་སྟོབས་དང། མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་འདུས་པའི་ངོ་བོ་ཉིད་མེད་པའི་སངས་རྒྱས་ཀྱང་མཐོང་བར་འགྱུར་བའི་ཕྱིར་རོ།། ་འོ་ན་དེ་ཉིད་དོན་དམ་པ་མཐོང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཇི་ལྟར་ཞེ་ན། བཤད་པ་དེ་ནི་དེ་ཉིད་མཐོང་མིན་ཏེ། །རྒྱུ་འདྲ་ཡང་དག་མ་ཡིན་ཕྱིར། །ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་ཡང་དག་པར་རྣམ་པར་དཔྱད་ན་རྒྱུ་རྐྱེན་ཆོ་གས་པ་ཐ ་དད་པ་དག་ལ་དངོས་པོར་དམིགས་སུ་མེད་པའི་ཕྱིར། སྒྱུ་མ་བྱས་པ་དང་འདྲ་བས་མཐོང་བ་མེད་པ་ཉིད་མཐོང་བ་ཞེས་ཐ་སྙད་གདགས་པ་དེ་ཡང་ཀུན་རྫོབ་ཡིན་དེ་ཡང་རབ་ཏུ་བརྟགས་མིན་རྣམ་ཤེས་མིན། །བརྟག་བྱ་མ་ཡིན་དཔེ་མེད་པ། །མཚན་མ་མེད ་ཅིང་སྣང་བ་མེད། །རྣམ་རྟོགས་མེད་ཅིང་ཡི་གེ་མེད། །ལྟ་པའི་བློ་ཡིས་རྟོགས་བྱ་བ། །མཐོང་བ་མེད་བས་དེ་མཐོང་ཡིན། ཞེས་བྱ་བ་ལ་རབ་ཏུ་བརྟག་མིན་ཞེས་བྱ་བ་ལ་སོགས་པའི་ཚིགས་རྣམས་ཀྱི་དོན་ནི་སྔར་ཕྱག་འཚལ་བའི་ཚིག་ལེའུར་བྱས་པ་དག་གི ་སྐད་སུ་བཤད་པ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །ལྟ་བའི་བློ་ཡིས་རྟོགས་བྱ་བ་།ཞེས་བྱ་བ་ནི་རབ་ཏུ་དབྱེད་པ་མེད་པའི་ཚུལ་གྱིས་རབ་ཏུ་སྤྱོད་པའི་མཚན་ཉིད་ཀྱིས་བློས་རྟོགས་པར་བྱ་བ་ཆོས་ཀྱི་དེ་ཉིད་སོ་སོར་རང་གིས་རིག་པར་བྱ་བ་ཐུབ་པའི་ཡུལ་གྱི་དངོས་པོར་ཡང་མི་འགྱུར་བ་སྟེ། ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། དེའི་ཕྱིར་མཐོང་བ་མེད་པ་དེ་མཐོང་བ་ཡིན་ནོ་ཞེས་མཐོང་བ་མེད་པ་ཉིད་མཐོང་བའོ་ཞེས་ཉེ་བར་གདགས་ཏེ། ཇི་སྐད་དུ་མཐོང་བ་མེད་པ་དེ་ཉིད་མཐོང་བའོ། ཞེས་གསུངས་པ་ལྟ་བུའོ། །སྐྱེ་བ་དགག་པ་ཇི་སྐད་བསྟན་པ ་དག་གི་མཇུག་སྡུད་པར་བྱེད་པ་ནི་འདི་ཡིན་ཏེ། དེ་ནི་དོན་དམ་ཉིད་དུ་ན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཡོད་མེད་མ་ཡིན་གཞན་མ་ཡིན། །སྲེད་མེད་དབང་ཕྱུག་སྐྱེས་བུ་དང། །གཙོ་བོ་རྡུལ་ཕྲན་ལ་སོགས་པའི།། ་རྒྱུ་ལས་སྐྱེས་དང་གསལ་བྱ་ཡི། །དངོས་པོ་འགའ་ཡང་ཡོད་མ་ཡིན། ཞེས་བྱ་བའི་ཚིག་ལེའུར་བྱས་པ་དེ་གཉིས་ནི་དངོས་པོ་ཐམས་ཅད་ལ་སྐྱེ་བའི་རྣམ་པ་གཞན་མེད་པ་དང་།སྐྱེད་པ་དང་མངོན་པར་གསལ་བར་བྱེད་བའི་རྒྱུ་མེད་པས་ཁྱབ་པར་གྱུར་པ་ཉིད་དུ ་བསྟན་ཏོ། །གཞན་ཡང་དེ་ལ་ངོ་བོ་ཉིད་ལས། མཚན་གཞི་མཚན་ཉིད་བརྟེན་པ་དང། །གཅིག་ཉིད་གཞན་ཉིད་ཀུན་ཉོན་མོངས། །རྣམ་པར་བྱང་བ་བྱ་བརྟེན་པ། །དཔེར་ན་མཁའ་ལ་ལྕག་འདེབས་དང། །ཚོན་གྱི་རི་མོའི་ལས་དང་ནི། །ས་བོན་དག་ནི་སྐྱེ ་མེད་ལྟར། །རྟོག་པ་ཐམས་ཅད་སྐྱེ་བ་མེད། ཅེས་བྱ་བ་ནི་སྐྱེ་བ་མེད་པ་དེ་ལ་སྲ་བ་ཉིད་དང་།གཤེར་བ་ཉིད་དང་།ཚ་བ་ཉིད་དང། ཡང་ཞིང་གཡོ་བ་ཉིད་ཅེས་བྱ་བའི་ངོ་བོ་ཉིད་ལ་རྟེན་དང། བརྟེན་པ་དང། སྡུད་པ་དང། སྨིན་པ་དང་།འགྱུར་བར་བྱེད་པ་ཞེས་བྱ ་བའི་ལས་ལ་བརྟེན་པ་དང་།བ་ལང་ལ་སོགས་པའི་ལྐོག་ཤལ་དང་།མཇུག་མ་ལ་སོགས་པའི་མཚན་ཉིད་འདུས་པ་ཞེས་བྱ་བའི་མཚན་གཞི་དང་མཚན་ཉིད་ལ་བརྟེན་པ་དང། བུམ་པ་ལ་སོགས་པ་གཟུགས་ལ་སོགས་པ་ངག་དང་གཅིག་པ་ཉིད་དང ་གཞན་ཉིད་ལ་བརྟེན་པ་དང་།བཅིངས་པ་དང་ཐར་པའི་ཀུན་ནས་ཉོན་མོངས་པ་དང་།རྣམ་པར་བྱང་བར་བྱ་བ་ལ་བརྟེན་པའི་རྟོག་པ་ཐམས་ཅད་དཔེར་ན་ནམ་མཁའ་ལ་ལྷག་འདེབས་པ་དང། ཚོན?་གྱི་རི་མོའི་ལས་སྣ་ཚོགས་དང་ས་བོན་དག་སྐྱེ? ་བ་མེད་པ་ལྟར་རྟོག་པ་དེ་དག་ཐམས་ཅད་སྐྱེ་བ་མེད་དོ། །སྐྱེ་བ་མེད་པ་དེ་ལ་རྟོག་པ་དེ་དག་ཐམས་ཅད་མི་སྲིད་དེ་ལྟར་དེས་ནི་དེ་ཉིད་ཤེས་པའི་རྣམ་བར་མི་རྟོག་པ་ཉིད་སྟོན་པར་བྱེད་དོ། །ད་ནི་མཐོང་བ་མེད་པ་ནི་དེ་ཉིད་མཐོང་བའོ། ཞེས་བྱ་བ་དེ་རིགས་པས་སྒྲུབ་པར ་བྱེད་དེ། རབ་རིབ་ཕྲལ་བར་གྱུར་པའི་མིག་།རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང། །ཡང་དག་མཁྱེན་ཅན་དྲི་མེད་ལའང།། ་དེ་བཞིན་ཅི་ཡང་སྣང་བ་མེད། ཅེས་བྱ་བ་ནི་དཔེར་ན་རླུང་དང་བད་ཀན་དང་མཁྲིས་པ་དང། འདུས་པ་ལ་སོགས་པའི་སྐྱོན་མི་སྙམ་པ་ཤས་ཆེན་པོས་རབ་རིབ་སྟུག་པོར་གྱུར་པ་ལ་སྐྲ་ཤད་དང། སྦྲང་མ་དང། སྦྲང་བུ་ལ་སོགས་པ་ཡང་དག་པ་མ ་ཡིན་པ་དག་རྒྱུན་ཏུ་སྣང་ངོ། །དེ་སྨན་པ་མཁས་པ་རབ་རིབ་སེལ་བའི་མིག་སྨན་རེང་བུ་ལེགས་པར་སྦྱར་བ་ཡང་དག་པར་བསྟེན་པས་སྐྱོན་གྱིས་མཐུ་ཉམས་ཤིང་རབ་རིབ་དང་བྲལ་ཏེ། མིག་རྣམ་པར་དག་ཅིང་དྲི་མ་མེད་པ་ལ་སྔར་མཐོང་བའི་སྐྲ་ཤད ་ལ་སོགས་པ་དག་མི་སྣང་བ་དེ་བཞིན་དུ་རྣལ་འབྱོར་པ་མཁས་པ་ལ་ཡང་སྔོན་ཐོག་མ་མེད་པའི་དུས་ནས་བསགས་པའི་སྐྱོན་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པས་བློ་གྲོས་ཀྱི་མིག་བསྒྲིབས་པའི་ཚན་རང་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ ་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དང། མཚན་ཉིད་དང། མཚན་ཉིད་ཀྱི་གཞི་དང། རྒྱུ་དང་འབྲས་བུ་དང། གཅིག་པ་ཉིད་ཐ་དད་པ་ཉིད་དང། གཉི་ག་ཉིད་དང་།ཡོད་པ་དང་མེད་པ་དང་།རྟག་པ་དང་ཆད་པ་དང། ཀུན་ནས་ཉོན་མོངས ་པ་དང། རྣམ་པར་བྱང་བ་ལ་སོགས་པ་རྟོག་པའི་རྣམ་པ་དཔག་མེད་པའི་བྱེ་བྲག་ཐ་དད་པས་ཐ་དད་པར་གྱུར་པའི་དངོས་པོ་རྣམས་རྣམ་པ་དུ་མར་སྣང་ངོ། །དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པའི་བདག་ཉིད་སྟོང་པ་ཉིད་མཐོང་བའི་མིག་སྨན་ཡོངས་སུ་བསྟེན་པས་འདོད ་ཆགས་ལ་སོགས་པའི་སྐྱོན་ཤས་ཆེན་པོའི་རབ་རིབ་ཀྱི་ལིང་ཏོག་ཞི་བར་གྱུར་ཅིང་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་མཁྱེན་པ་སྐྱེས་པའི་དུས་ན་ཅི་ཡང་མི་གཟིགས་ཏེ། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད ་ཅིང་ཐོགས་པ་མེད་པས་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་མངོན་སུམ་དུ་གཟིགས་པ། རྣམ་པར་རྟོག་པ་དང་ཕྱིན་ཅི་ལོག་མི་མངའ་བ་བརྙེས་པའི་ཕྱིར་རོ། །གཞན་ཡང་།དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ ་མེད་ཁང། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ལ་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག། བློ་གྲོས་མིག་ནི་བྱེ་གྱུར་ཅིང། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་མཐོང་ངོ། ཞེས་བྱ་བ་ནི་དཔེར་ན་གཉིད་ལོག་པའི་རྨི་ལམ་ན་མེད་བཞིན ་དུ་ཡང་གཉིད་ཀྱི་དབང་གིས་བུ་མཆོག་ཏུ་ཡིད་དུ་འོང་བ་ཟུང་ཕུང་མཛེས་པས་མགོ་བརྒྱན་པ། གཞོན་ནུ་སྐད་སྙན་པ་སྨྲ་བ་དག་དང། བུད་མེད་སྐྲ་མདོག་སྔོ་ཞིང་སྣུམ་བག་ཅན་གྱིས་མགོ་བརྒྱན་པ་།མིག་ཨུད་པ་ལའི་འདབ་མ་ལྟ་བུ་ཡིད་འཕྲོག་པ་དང་ལྡན་པ་།སོའི ་འོད་ཟེར་གསལ་བས་བཞིན་མདངས་དྲི་མ་མེད་པ་བཟང་པོས་གསལ་བར་སྣང་བ། །ནུ་མ་ཟླུམ་བག་མཐོན་པོ་ཟུང་གིས་བྲང་གི་ནུ་འཇིང?་ལེགས་པར་བརྒྱན་པ། ལུས་དང་ཡན་ལག་འཇམ་ཞིང་མཛེས་ལ་གཞོན་ཤ་ཆགས་པ་དག་དང་།གཞལ་མེད་ཁང་པུ་ཤུ་ཉཾས ་དགའ་བ་ཡང་ཐོགས་མཛེས་པ། ཁང་བཞག་ཁྱེར་སྡུག་པ་།གདུང་ཕྱམ་སྣོལ་མར་བཏང་བ། ཀ་པའི་ཕྲེང་བས་ཁྱམས་ལ་སོགས་པ་མཛེས་པར་བྱས་པ་དང། གནས་ཁང་བཟང་རྒྱུད་མོ་དང་ཕྱིར་སྡུག་པོར་འབྲེལ་བ། ཡང་ཐོགས་དང་གྲོང་ཁྱེར་དུ་ལྡན་པ་དག་དང། དེ ་ལྟ་བུ་ལ་སོགས་པ་སྐྱེད་མོས་ཚལ་འབྲས་བུ་དང་མེ་ཏོག་གི་ཤིང་ལྗོན་པའི་ཚོམས་སྦྲེངས་པ་དག་དང། རི་བོ་རི་དགས་ཀྱི་རིགས་སྣ་ཚོགས་རྣམ་བར?་རྒྱུ་བ་བྱའི་ཚོགས་མཛའ་ཡས་པ་སྒྲ་སྐད་སྙན་བ་འབྱིན་པ། ནགས་ཚལ་གྱི་ཕྲེང་བ་མཛེས་པ་སྟུག་པོ་སྤྲོངས? ་པ། སྤོ་མཐོན་པོ་དང་ལྡན་པ་དང་།རྒྱལ་པོ་ལ་སོགས་བ་དཔུང་གི་ཆོགས་ཤིང་རྟ་མང་པོ་དང། གླང་པོ་ཆེ་དྲེགས་པ་དང། རྟ་བཟང་པོ་དང། དམག་མི་རུང་བ་བཀྲབས་པ་རྒྱལ་མཚན་ཅན་མང་པོ་དཀྲིགས་པ་དང་ལྡན་པ་དག་དང། དེ་ལྟ་བུ་ལ་སོགས་པའི་དངོས་པོ ་དག་མཐོང་བར་གྱུར་བ་ན་ཐམས་ཅད་ལ་ཡང་དག་པའི་འདུ་ཤེས་འབྱུང་བར་འགྱུར་རོ། །དེ་གཉིད་སད་ན་ཡང་དེ་ལ་ཅི་ཡང་མི་མཐོང་སྟེ། རྨི་ལམ་ན་མཐོང་བའི་དངོས་པོ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་བ་ཡང་སྔོན་མི་ཤེས་པའི་གཉིད་ཀྱི ་བློ་གྲོས་རྣམ་པར་རྨོངས་པའི་ཚོན་ཀུན་རྫོབ་ཀྱི་དངོས་པོ་ཁ་དོག་དང། དབྱིབས་དང་ཁ་གདོང་དང། རྐང་པ་དང་ལག་པ་དང། སྤྱོད་ཚུལ་དང། ཆ་ལུགས་དཔག་ཏུ་མེད་པ་དང། ཁམས་དང། འགྲོ་བ་དང་སྐྱེ་གནས་རྣམ་པ་སྣ་ཚོགས་ཐ་དད་པས་ཐ་དད་པར་གྱུར་པའི ་སེམས་ཅན་དང། ཡུལ་དང་ལྷ་དང་།མི་ལ་སོགས་པ་དག་མཐོང་པ་དང་ཐོས་པ་དང་།བསྣམས་པ་དང་མྱང་བ་དང། རེག་པ་དང། བསམས་པ་རྒྱུན་མི་འཆད་པ་ཉེ་བར་བསྟེན་ཅིང་ཤེས་པར་བྱས་པ་དག་གང་གི་ཚེ་བློ་གྲོས་ཀྱི་མིག་བྱེ་བར་གྱུར་ཅིང་མི་ཤེས་བའི ་བག་ཆགས་ཀྱི་གཉིད་དང་བྲལ་བར་གྱུར་ནས་སད་པ་དང་འདྲ་བར་བདེ་བར་གཤེགས་པའི་ཡེ་ཤེས་དྲི་མ་མེད་པ་ཤར་བར་གྱུར་པ་དེའི་ཚེ་ན་ཅི་ཡང་མི་མཐོང་སྟེ། དངོས་པོའི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་རོ། །ཡང་དཔེར་ན་འགའ་ཞིག་མཚན་མོའི་སྤྲིན་སྟུག་པོས ་སྐར་མའི་ཚོགས་ཀྱི་སྣང་བའི་ཆ་ཡང་བསྒྲིབས་པའི་མུན་ཁྲོད་ན་འཇིགས་པས་ཀུན་ནས་བསླང་ཞིང་མི་བདེན་པའི་རྣམ་པར་རྟོག་པའི་བློས་བསྒྲུབས་པའི་འབྱུང་པོ?་ཡང་དག་པ་མ་ཡིན་པ་རལ་པ་ཅན་མིག་དམར་སེར་བགྲད་བ་ལྟ་བུ་དང་ལྡན་པ། ལག་སོར་གྱིས་ན་མོ་རིད?། ་ཞིང་རྩུབ?་པའི་ལག་པ་བརྒྱད་ཞིང་བརྡེག་པར་བཟོ་བ་འཇིགས་སུ་རུང་བ་དག་མཐོང་བ་ལས་དེས་ཉི་མའི་དཀྱིལ་འཁོར་ཤར་བ་ན་མུན་བ་མ་ལུས་པར་བསལ་ཏེ། ཕྱོགས་དང་ཕྱོགས་མཚམས་གསལ་བར་སྣང་བའི་ཚེ་ན་འཇིགས་ཤིང་སྐྲག་པ་དང་བྲལ་ཏེ། ཡང་དག་པ་མ་ཡིན་པའི་འབྱུང་པོ་ཅི་ཡང ་མི་མཐོང་བ་དེ་བཞིན་དུ་འདིར་ཡང་སེམས་ཅན་སྲིད་པའི་མཚན་མོ་མ་རིག་པའི་མུན་པས་ཤེས་པའི་སྣང་བ་བསྒྲིབས་པའི་མུན་ཁྲོད་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་བློ་གྲོས་དཀྲུགས་པ་དག་གིས་ནང་དང་ཕྱི་རོལ་གྱི་དངོས་པོ་དོན་དམ་པ་མ་ཡིན་པ་ཡུལ་དང་ཡུལ ་ཅན་གྱི་ངོ་བོ་ཉིད་དུ་ངེས་པར་གནས་པ་འཇིགས་སུ་རུང་བ་དག་མཐོང་ངོ། །དེ་ཉིད་ཀྱི་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའི་ཤེས་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས་མི་ཤེས་པའི་བག་ཆགས་དང། མཚམས་སྦྱོར་བའི་ཉོན་མོངས་པ་མཛའ་ ་དག་བསལ་བའི་ཚེ་ན། སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་དང་བཅས་པ་རྣམས་དངོས་པོ་དང་ངོ་བོ་ཉིད་དུ་མི་མཐོང་ཞིང་མི་དམིགས་ཏེ། བླ་ན་མེད་པའི་ཡེ་ཤེས་ཤར་བ་ན་དབུགས་ཕྱིན་བ་ཆེན་པོ་ཐོབ་བའི་ཕྱིར་རོ། །དོན་དེ་ཉིད་ཚིག་ལེའུར་བྱས་པ་གཉིས ་ཀྱིས་སྟོན་པར་བྱེད་དེ། དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་བ་ཡང་དག་མིན་མཐོང་བ། །ཉི་མ་ཤར་ཅིང་མིག་བྱེའི་ཚེ། །སྣང་བར་འགྱུར་བ་མ་ཡིན་ལྟར། །དེ་བཞིན་མཁས་པ་ཡང་དག་གི། ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས ་དང་སེམས་བྱུང་ཡུལ་མི་མཐོང། །ཞེས་བྱ་བ་གཉིས་ཀྱིས་བསྟན་ཏོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་འབར་བ། །བེམ་པོ་བཅུ་བ། །གལ་ཏེ་འདི་སྙམ་དུ་རབ་རིབ་ཅན་མིག་དག་པ་དང། གཉིད་ལོག་པ་སད་པ་དང། མུན་ཁྲོད་ན ་འདུག་པ་སྣང་བ་ཕྲད་ནས་འཁྲུལ་པ་དང་བྲལ་བར་གྱུར་པ་དག་གིས་ནི་གཟུཌ་ལ་སོཌ་པའི་དངོས་པོའི་ངོ་བོ་ཉིད་མཐོང་བར་འགྱུར་གྱི། རྣལ་འབྱོར་པ་དེ་ཉིད་ཤེས་པའི་ཤེས་པ་སྐྱེས་པའི་ཆེན་ནི་ཅི་ཡང་མི་མཐོང་བས་དཔེ་དང་དོན་མི་ཐུན་པའི་ཕྱིར་དཔེས་དོན་མི ་འགྲུབ་པར་སེམས་ན་དེ་ལ་བཤད་པ་འདི་ལ་རྣམ་པ་ཐམས་ཅད་དུ་མཐོང་བར་མི་འགྲུབ་པའི་ཕྱིར་མཐོང་བ་མེད་པ་མཐོང་བའོ་ཞེས་ཉེ་བར་གདགས་སོ་ཞེས་བསྟན་ཟིན་མོད་ཀྱི། ཡང་བཤད་པར་བྱ་སྟེ། དངོས་རྣམས་ངོ་བོ་ཉིད་ཡོད་པར། །མི་ཐོང ་དངོས་ཉིད་མ་གྲུབ་ཕྱིར། །ཡང་ན་དངོས་ཉིད་སྐྱེ་མེད་ཕྱིར། །སྒྱུ་མའི་གླང་ཆེན་ཇི་བཞིན་ནོ། ཞེས་བྱ་བ་ནི་མཁས་པ་རྣམས་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཇི་ལྟར་ཡིད་ཀྱིས་རྣམ་པར་བརྟགས་པའི་ངོ་བོ་ཉིད་ལ་སྒྲོ་འདོགས་པར་ཡང་མི་བྱེད། སྐུར་པ་འདེབས ་པར་ཡང་མི་བྱེད་པར་འཇིག་རྟེན་དང་མཐུན་པའི་ཤེས་པས་ལྟ་བར་བྱེད་པས་དངོས་པོ་ཅི་ཡང་མི་མཐོང་བ་ཡང་མ་ཡིན་ལ། ངོ་བོ་ཉིད་མེད་པར་ཡང་མཐོང་ངོ། །དོན་དམ་པར་ནི་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་མི་མཐོང་སྟེ། དངོས་པོའི་ངོ་བོ་ཉིད་མ ་གྲུབ་པའི་ཕྱིར་སྒྱུ་མའི་གླང་པོ་ཆེ་བཞིན་ནོ། ཞེས་སྟོན་ཏོ། །དེ་ལ་རེ་ཞིག་སེམས་དང་སེམས་ལས་བྱུང་བ་དག་ནི་སྐད་ཅིག་ཙམ་ལས་མི་སྡོད་དེ། སྐད་ཅིག་དེ་ཡང་དང་པོ་དང་བར་དང་ཐ་མའི་དབྱེ་བས་ཆེས་ཕྲ་བ་ཉིད་དུ་ཞུགས་པས་རང་གི་ངོ་བོ་སྤོང་བའི ་ཕྱིར་ངེས་པར་མི་འགྲུབ་པས་རེ་ཞིག་དེ་ལྟར་སེམས་དང་སེམས་ལས་བྱུང་བ་དག་ངོ་བོ་ཉིད་དུ་མ་གྲུབ་སྟེ། ལག་བཟང་གིས་ཞུས་པའི་མདོ་ལས་ཇི་སྐད་དུ། འཇིག་རྟེན་འདི་ནི་སྐད་ཅིག་ལས་ལྷག་པར་མི་གནས་ཏེ། སྐད་ཅིག་གང་ཡིན་པ་དེ་ལ་ཡང་སྐྱེ་བའི ་དུས་ཀྱང་གཞན་གནས་པའི་དུས་ཀྱང་གཞན་འགག་པའི་དུས་ཀྱང་གཞན་ནོ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །གཟུགས་ཅན་ཡང་ན་དང་ང་ཕྱི་རོལ་གྱི་དངོས་པོ་ལུས་དང་མྱུ་གུ་ལ་སོགས་པ་ཐམས་ཅད་ཀྱང། ས་དང་ཆུ་དང་མེ ་དང་རླུང་དང་གཟུགས་དང་དྲི་དང་རོ་དང་རེག་པ་ཞེས་བྱ་བའི་རྫས་བརྒྱད་འདུས་པ་ཤ་སྟག་སྟེ། དེ་ལ་ལུས་དང་མྱུ་གུ་དག་ནི་ས་མ་ཡིན་ལ་ས་ལས་གཞན་པ་ཡང་མ་ཡིན་ཏེ། དེ་གཉིས་ལ་ཡང་ས་མེད་ས་ལ་ཡང་དེ་གཉིས་མེད་དོ། །དེ་བཞིན་དུ་བདུན་པོ ་གཞན་དག་ལ་ཡང་སྦྱར་རོ། །ས་དང་ཆུ་ལ་སོགས་པ་དག་ཉིད་ཀྱང་རྫས་བརྒྱད་འདུས་པའི་བདག་ཉིད་དེ་དེ་ལ་གཟུགས་ནི་ས་ཉིད་མ་ཡིན་ལ་གཟུགས་ལས་ས་གཞན་པ་ཡང་མ་ཡིན། གཟུགས་ལ་ཡང་ས་མེད་ས་ལ་ཡང་གཟུགས་མེད་དེ་།གཞི་དང་བཞག་པའི་ངོ་བོ ་ཉིད་དུ་གནས་པ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་རེ་རེ་ལ་ཡང་རེ་རེའི་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་འབྱུང་བ་གསུམ་ཡང་སམ་ཡིན་ཏེ། ངོ་བོ་ཉིད་དང་ལས་ཐ་དད་པའི་ཕྱིར་རོ། །འབྱུང་བ་གསུམ་ལས་ས་གཞན་པ་ཡང་མ་ཡིན་ཏེ། དེ་དག ་མ་གཏོགས་པར་ས་དམིགས་སུ་མེད་པའི་ཕྱིར་རོ། །གལ་ཏེ་འབྱུང་བ་གསུམ་མ་གཏོགས་པར་ས་གྲུབ་པར་གྱུར་ན་དེའི་ཕྱིར་འབྱུང་པ་གསུམ་ལས་གནས་པ་འམ་ས་ལ་འབྱུང་བ་གནས་པར་འགྱུར་བ་ཞིག་ན། འབྱུང་བ་གསུམ་མ་གཏོགས་པར་སའི་ངོ་བོ་ཉིད ་མེད་དེ་།མེ་ལས་ལོགས་ཤིག་ན་བུད་ཤིང་མེད་པ་བཞིན་ནོ། །མེ་ཡང་འབྱུང་བ་གསུམ་འདུས་པ་སྦྱིར་གནས་པ་ཉིད་ལ་དམིགས་པར་ཟད་ཀྱི་མེ་འབའ་ཞིག་གི་ངོ་བོ་ཉིད་ནི་རྡུལ་ཕྲན་ཙམ་ཡང་མེད་དོ། །གལ་ཏེ་འབྱུང་བ་གསུམ་མ་གཏོགས་པར་མ་འབའ་ ་ཞིག་ཡོད་པར་གྱུར་ན། བུད་ཤིང་མེད་པར་ཡང་མེ་དམིགས་པར་འགྱུར་བའི་རིགས་སོ། །དེ་བཞིན་དུ་ཆུ་དང་རླུང་གཉིས་ཀྱི་ངོ་བོ་ཉིད་འབའ་ཞིག་པ་མེད་དོ། །གཟུགས་ཀྱི་ངོ་བོ་ཉིད་ཀྱང་དྲི་དང་རོ་དང་རེག་པ་མ་གཏོགས་པར་མེད་ལ་དེ་དག་གི་ངོ་བོ་ཉིད་ཀྱང་ཕན་ཚུན ་གཅིག་པ་གཅིག་མ་གཏོགས་པར་མེད་དོ། །དེ་དག་གཅིག་པ་ཉིད་དང་གཞན་ཉིད་ཀྱང་མ་ཡིན་ཏེ་།གཟུགས་ཉིད་དྲི་དང་རོ་དང་རེག་པ་ཉིད་མ་ཡིན་ཏེ་།མཚན་ཉིད་ཐ་དད་པའི་ཕྱིར་རོ། །གཟུགས་ད་དག་ལས་གཞན་པ་ཉིད་ཀྱང་མ་ཡིན་ལ་།གཟུགས་ལ་ཡང་དེ་དག་མེད་དེ ་དག་ལ་ཡང་གཟུགས་མེད་དེ། ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཐ་དད་པའི་དངོས་པོ་ལས་ཀྱང་ས་ལ་སོགས་པ་དག་ལ་གཟུགས་ལ་སོགས་པ་ཐ་དད་དུ་ཀར་ཏེ་དེ་ཉིད་དང་གཞན་ཉིད་དང་།དེ་ལ་དེ་དག་ཡོད་པ་དང་དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱའོ། ། ་གཟུགས་ལ་སོགས་པ་དག་ཀྱང་ཕན་ཚུན་བློས་རྣམ་པར་ཕྱེ་སྟེ། དེ་ཉིད་དང་གཞན་ཉིད་དང་དེ་ལ་དེ་དག་ཡོད་པ་དང། དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱའོ། །འབའ་ཞིག་པའི་དངོས་པོས་ཀྱང་གཟུགས་ལ་རྡུལ་ཕྲ་རབ་བཀར་ཏེ། དེ་ཉིད ་དང་གཞན་ཉིད་དང། དེ་ལ་དེ་དག་ཡོད་པ་དང་དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་པར་བྱའོ། །རྡུལ་ཕྲ་རབ་བདག་ཀྱང་ཕྱོགས་ཀྱི་བྱེ་བྲག་གིས་ཆ་དྲུག་ཏུ་དབྱེ་བས་ཐ་དད་ལ། ཆ་ཡང་ཕྱོགས་ཀྱི་བྱེ་བྲག་གིས་ཆ་དྲུག་ཏུ་དབྱེ་བས་ཐ་དད་པ་དག་ཀྱང་དེ་ཉིད་དང་གཞན་ཉིད ་དེ་ལ་དེ་དག་ཡོད་པ་དང་དེ་དག་ལ་དེ་ཡོད་པ་མ་ཡིན་པར་དགག་བར་བྱ་སྟེ། དེ་ལྟར་དངོས་པོ་རྣམས་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་དངོས་ཉིད་སྐྱེ་མེད་ཕྱིར་།ཞེས་བྱ་བའི་གཏན་ཚིགས་ཀྱིས་ནི་རྒྱུ་ནི་འབྲས་བུ་ལོགས་ཤིག་པར ་བསྐྱེད་བར་མི་བྱེད་དེ། རྒྱུ་འབའ་ཞིག་ཡོད་དུ་ཟིན་ཀྱང་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་རོ། །རྐྱེན་རྣམས་ཀྱང་སྐྱེད་པར་བྱེད་པ་དག་མ་ཡིན་ཏེ། རྒྱུ་མེད་ན་འབྲས་བུ་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ཚོགས་པ་དག་ཀྱང་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེ་དག ་ལ་འབྲས་བུ་མྱུ་གུ་འམ་མི་ཞེས་བྱ་བ་དག་མེད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་དུ་སྣང་བའི་བདག་ཉིད་ལས་སྐྱེ་བར་མཐོང་ཞིང་ངོ་བོ་ཉིད་བདག་ཉིད་ལས་སྐྱེ་བར་མཐོང་ཞིང་ངོ་བོ་ཉིད་ནི་མེད་དེ་སྒྱུ་མའི་གླང་པོ་ཆེ་བཞིན་ནོ། །དཔེར་ན་སྒྱུ་མའི་གླང་པོ ་ཆེ་ནི་སྒྱུ་?་གྱི་བསམས་པ་དང། རྩཝ་དང་མེ་ཏོག་དང། སྨན་དང། རྨ་བྱའི་མཇུག་སྒྲོ་དག་གིས་མངོན་པར་བསྒྲུབས་པ་རྒྱུ་རྐྱེན་དང། གླང་པོ་ཆེ་ལྟ་བུར་སྣང་བ་ནི་ཡོད་ལ་དེ་ལ་གླང་པོ་ཆེ་ཡང་དག་བའི་ངོ་བོ་ཉིད་ནི་མེད་དོ། །གླང་བོ་ཆེ་ཡང་དག་པའི་ངོ་བོ་ཉིད ་ཀྱིས་སྟོང་ཡང་གླང་བོ་ཆེའི་གཟུགས་ནི་སྣང་སྟེ། དེ་ལ་སྒྱུ་མ་ཤེས་པ་དག་གིས་ངོ་བོ་ཉིད་མི་དམིགས་པ་?་ཤིན་དུ་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་ཀྱང་རྒྱུ་དང་རྐྱེན་ཚོགས་པས་བསྐྱེད་པ་བཅོས་མའི་ངོ་བོ་ཉིད་དུ་ནི་དམིགས་སུ་ཡོད་ལ་།དེ་དག་ལ་རྒྱུ་དང་རྐྱེན་དུ་སྣང་བ ་མ་གཏོགས་པའི་དངོས་པོ་ནི་རྡུལ་ཕྲ་རབ་ཙམ་གྱི་ཆ་ཤས་ཀྱང་ཡོད་པ་མ་ཡིན་ཏེ། འདི་སྐད་དུ་རབ་འབྱོར་གང་ལ་གནས་སུ?་སེམས་ཅན་རྣམས་ལས་སྣ་ཚོགས་མངོན་པར་འདུ་བྱ་བ་བྱེད་པའི་དངོས་པོ་ནི་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡོད་པ་མ་ཡིན་ནོ། ཞེས་བྱ་བ་ལ་སོགས ་པ་གསུངས་པ་དང། དེ་བཞིན་དུ་དངོས་པོ་འགའ་ཡང་མེད་མི་སྐྱེ། །ཡོད་པ་མི་སྐྱེ་ཡོད་མེད་མིན། །རྐྱེན་རྣམས་ཉི་ཚེ་འབའ་ཞིག་དག། སྐྱེ་བ་དང་ནི་འགག་པར་སྣང། ཞེས་གསུངས་པ་ལྟ་བུའོ། །དོན་དེ་ཉིད་བསྟན་པའི་ཕྱིར་ཚིག་ལེའུར་བྱས་པ་གཞན་གྱི་ཚད་མ་གཉིས ་ཉེ་བར་སྦྱོར་བར་བྱེད་དེ། དངོས་རྣམས་ངོ་བོ་ཉིད་ཡོད་པ། །མི་མཐོང་ཀུན་རྫོབ་སྐྱེ་ཡོད་ཕྱིར། །ཡང་ན་རྒྱུ་དང་ལྡན་པའི་ཕྱིར། །སྒྱུ་མའི་གླང་ཆེན་ཇི་བཞིན་ནོ་ཞེས་བྱ་བ་ནི་དངོས་པོ་རྣམས་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ། ཀུན་རྫོབ་དུ་རྒྱུ་དང་རྐྱེན་འདྲ་བའི་བདག་ཉིད་ལས ་སྐྱེ་བ་ཡོད་པའི་ཕྱིར། སྒྱུ་མའི་གླང་པོ་ཆེ་བཞིན་ནོ། །ཡང་ན་སོ་སོར་ངེས་པའི་འབྲས་བུ་བསྐྱེད་ནུས་པའི་རྒྱུ་དང་ལྡན་པའི་ཕྱིར་སྒྱུ་མའི་གླང་པོ་ཆེ་བཞིན་ནོ། །འདིར་སྨྲས་པ། ཁྱོད་སྐྱེ་བ་མེད་པ་བསྒྲུབ་པའི་སྒོ་ནས་ཡོད་པ་ཉིད་འགོག་པར་བྱེད་པས་མེད་པ་ཉིད་ཁས ་བླངས་ཤིང་ཆད་པར་སྨྲ་བ་ཡང་བསྒྲུབས་བར་བྱུང་ཏོ་ཞེ་ན། བཤད་པ། གལ་ཏེ་ཁོ་བོས་བསྒྲུབས་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་བཀག་པས་མེད་པའི་ངོ་བོ་ཉིད་བསྒྲུབས་པར་གྱུར་ན་ནི་དེ་ལྟར་ཡང་འགྱུར་བ་ཞིག་ན་གང་གི་ཕྱིར་ཁོ་བོ་མཛའ་ ་གཉིས་སྤང་བའི་ཚུལ་གྱིས་དབུ་མའི་ལམ་སྟོན་པའི་ཤེས་པ་རྟོག་པར་འདོད་པ་དེའི་ཕྱིར་མེད་པ་ཉིད་ཀྱང་འགོག་པར་བྱེད་དེ་དངོས་རྣམས་མེད་ཅེས་བྱ་བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། །རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར། །མཐོ་ཡོར་ལ་ནི་མི་བློ་བཞིན། ཞེས ་བྱ་བ་ནི་དངོས་པོ་རྣམས་མེད་དོ་ཞེས་བྱ་བའི་བློ་གང་ཡིན་པ་དེ་ཡང་དོན་དམ་པར་ནི་ལོག་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཡང་རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར་དཔེར་ན་མུན་ཁྲོད་དམ་ཐག་རིང་པོ་ན་འདུག་པའི་ཤིང་སྡོང་ལ་སོགས་པ་ལ་མིང་ཤེས་པའི་བློ་བཞིན་ནོ། ། ་ཡང་ན་ཡང་དག་མ་ཡིན་བློས། །དམིགས་བྱའི་དངོས་བདག་ལོག་པར་འདོད། །རྟོག་པའི་ཤེས་པའི་ཡུན་ཡིན་ཕྱིར། །སྨིག་རྒྱུ་ལ་ནི་ཆུ་བློ་བཞིན། ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་བློས་དམིགས་པར་བྱ་བའི་དོན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ལོག་བ ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྟོག་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར། དཔེར་ན་སྨིག་རྒྱུ་ལ་ཆུར་འདུ་ཤེས་བ་ཡོད་དུ་ཟིན་ཀྱང་ཆུ་ཉིད་མ་ཡིན་པ་བཞིན་ནོ། །གང་དག་འདི་སྐད་ཅེས་དངོས་པོ་རྣམས་ནི་གཅིག་ཏུ་ཡོད་པ་ཉིད་ཀྱང་མ ་ཡིན་ཏེ། རྒྱུའི་སྐད་ཅིག་མ་འགག་པའི་ཕྱིར་རོ། །གཅིག་ཏུ་མེད་པ་ཉིད་ཀྱང་མ་ཡིན་ཏེ། འབྲས་བུའི་སྐད་ཅིག་མ་སྐྱེ་བའི་ཕྱིར་རོ། །དེའི་བླ་ཡང་ཡོད་མེད་ཀྱི་ངོ་བོ་ཉིད་ཁོ་ནའོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། ཡོད་མེད་བློ་ནི་རྟོགས་བྱ་བ། །བཀག་ཕྱིར་དེ་བཞིན་མཁS ་རྣམས་ཀྱིས། །རྣམ་པར་མི་རྟོགས་བློ་གྲོས་ནི། །སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེ། ཞེས་བྱ་བ་ནི་དངོས་པོ་རྣམས་ཡོད་མེད་གཅིག་ཡིན་ནོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་དེ་ཉིད་དུ་ན་ལོག་པ་ཡིན་ཏེ། །དེ་ཡང་རྟོག་པའི་སྒོ་ཉིད་ནས་སྒྲུབ་པའི་ཕྱིར་དཔོང?་ན་མཐེ་ཡོད་ལ་འདི་མི ་འམ་མཐོ་ཡོང?་སྙམ་དུ་ཐེ་ཆོམ?་ཟར་ཟིན་ཀྱང་མི་ཉིད་ཡིན་ནོ་སྙམ་པའི་བློ་ལོག་པ་བཞིན་ནོ། །དེ་བཞིན་དུ་ཡོད་མེད་ཀྱི་བློས་དམིགས་པར་བྱ་བའི་དངོས་པོའི་བདག་ཉིད་གང་ཡིན་པ་དེ་ཡང་དེ་ཉིད་དུ་ན་ལོག་པ་ཡིན་ཏེ་།དེ་ཡང་རྟོག་པའི་ཤེས་པའི་ཡུལ་ཡིན་པའི ་ཕྱིར་སྨིག་རྒྱུ་ལ་ཆུ་ཉིད་བཞིན་ཏེ། དེ་ཡང་དང་པོ་ཆུའི་བློ་སྐྱེ་ཞིང་ཆུར་མི་དམིགས་པ་ན་དེའི་བློ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཡོད་པ་དང་མེད་བ་གཉི་གའི་བདག་ཉིད་ཀྱི་ཤེས་བྱ་བ་མེད་པའི་ཕྱིར་དམིགས་པ་མེད་པའི་བློ་ཡང་སྐྱེ་བ་མེད་ལ་བློ་དེའི ་སྐྱེ་བ་མེད་གང་ཡིན་པ་དེ་ཉིད་སྐྱེ་བ་ཞེས་ཉེ་བར་གདགས་ཏེ། དམིགས་སུ་མེད་བརྟོགས་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཉིད་ནི་དེའི་རྣམ་པར་མི་རྟོག་པ་ཉིད་ཡིན་པར་ཤེས་པར་བྱའོ། །གལ་ཏེ་ཕ་རོལ་དག་འདི་སྙམ་དུ་སྟོང་པ་ཉིད་ནི་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད ་པར་བྱེད་བས་དཔེར་ན་ཐོ་བས་བུམ་པ་ལ་སོགས་པ་འཇིག་པར་བྱེད་པ་དང། མི་ངས་ཀྱིས་སྐྱེ་བོ་ཟད་པར་བྱེད་པ་ལྟ་བུ་ཡིན་ལ་སྟོང་པ་ཉིད་དེ་རང་གི་སྟོང་པ་ཉིད་མ་ཡིན་པས་སྟོང་པ་ཉིད་དུ་རྣམ་པར་རྟོག་པ་དང་མ་བྲལ་བའི་ཕྱིར་།ཇི་ལྟར་རྣམ་བར་མི་རྟོག་པའི་བློ་གྲོས་སྲིད་པར ་འགྱུར་སྙམ་སེམས་པ་གསལ་བའི་ཕྱིར་བཤད་པ། ཆོས་རྣམས་ཐམས་ཅད་སྟོང་པའི་ཕྱིར། །དེ་མི་སྟོང་པའི་སྒོ་ནས་ཀྱང། །མི་རྟོག་བློ་གྲོས་མི་འདོད་མིན། །དེ་ནི་སྔར་བཞིན་བཀག་ཕྱིར་རོ་ཞེས་བྱ་བ་ནི་ཆོས་རྣམས་སྟོང་ངོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་དོན་དམ་པར་ན ་ལོག་བ་ཡིན་ཏེ་།རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར་དཔེར་ན་མཐོ་ཡོར?་ལ་མིའི་བློ་བཞིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱིས་བློས་དམིགས་པར་བྱ་བའི་དངོས་པོའི་བདག་ཉིད་གང་ཡིན་པ་དེ་ནི་ལོག་པ་ཡིན་ཏེ། རྟོག་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་སྨིག་རྒྱུ་ལ་ཆུར ་ཤེས་བ་བཞིན་ནོ། ཞེས་སྔ་མ་བཞིན་དུ་དེ་ཡང་བཀག་པའི་ཕྱིར་རྣམ་པར་མི་རྟོག་བའི་བློ་གྲོས་མི་སྲིད་བ་མ་ཡིན་ཏེ། འོ་ན་ཇི་ལྟར་ཞེ་ན། སྲིད་པ་ཁོ་ན་ཡིན་ནོ། །མདོ་སྡེ་ལས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་གསུངས་པའི་རྗེས་སུ་འཇུག་པའི་ཕྱིར་བཤད་པ། གང་ཕྱིར་སྟོང་ཉིད ་སྟོང་སོགས་ཀྱི། །ངོ་བོ་ཉིད་ཀྱིས་སྟོང་དེའི་ཕྱིར། །མཁས་བས་སྟོང་པ་ཉིད་ལ་ཡང། །སྟོང་པ་ཉིད་དུ་ལྟ་མི་འགྱུར། ཞེས་བྱ་བ་ནི་དངོས་པོའི་ངོ་བོ་ཉིད་མི་དམིགས་པའི་ཕྱིར་སྟོང་པ་ཉིད་ཡིན་ལ་དེ་ཡང་ངོ་བོ་ཉིད་ཀྱི་དམིགས་སུ་མེད་པ་དང་དངོས་པོ་མེད་པ་ཡིན་བས་མཁས་པ ་རྣམས་དེ་ལ་སྟོང་པ་ཉིད་ཡིན་ནོ་ཞེས་སྟོང་པ་ཉིད་ཀྱི་དངོས་པོར་གྱུར་པར་མི་ལྟ་བས་སྟོང་པ་ཉིད་དུ་ཡང་རྣམ་པར་རྟོག་པར་མི་བྱེད་དོ། །གང་ཡང་ཡོད་པ་མ་ཡིན་པ་དེ་ལ་དངོས་པོར་འཛིན་པར་བྱེད་པ་དེ་དག་ནི་སྨད་པར་འགྱུར་ཏེ་།ཇི་སྐད་དུ་གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི ་?་སྨྲའོ། ཞེས་གསུངས་པ་ལྟ་བུའོ། །ཅི་སྟེ་འདི་སྙམ་དུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་ཏེ་དེ་ནི་སྣང་བ་མེད་བ་དང། དངོས་པོར་མེད་པའི་ངོ་བོ་ཉིད་ཡིན་ན་དེ་ལ་དམིགས་པ་བདེ་བར་གཤེགས་པའི་ཡེ་ཤེས་དེ་ཡང་དོན་ཇི་ལྟ་བ་བཞིན་ཉིད་མ་ཡིན་བར ་འགྱུར་རམ་ཅི་ཞེས་བྱ་བར་སེམས་པ་དག་གི་ཕྱིར་བཤད་པ་།དངོས་པོའི་བདག་ཉིད་སྣང་མེད་ན། མི་རྟོག་བློའི་སྤྱོད་ཡུལ་ཡང། །དོན་བཞིན་མ་ཡིན་དམིགས་བྱའི་ཕྱིར། །ཆུ་ཟླ་ལ་ནི་ཟླ་བློ་བཞིན། །ཞེས་བྱ་བ་ནི་ཆུ་ཟླ་ལ་ཡང་མངོན་སུམ་གྱི་བློ་རྣམ་པར ་རྟོག་པ་སྐྱེ་བ་མེད་པའི་ཕྱིར་དམིགས་པར་བྱ་བ་ཉིད་དུ་མཐུན་པས་ལོག་པ་ཡིན་པ་དེ་བཞིན་དུ་སྣང་བ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་ལོག་པ་ཉིད་ཡིན་ཏེ། འདིར་ཁུང?་ནི་མདོ་སྡེ་ལས། བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུའོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །གཞན ་ཡང་རྣམ་པར་མི་རྟོག་དོན་ཡུལ་གྱི། །བློ་རྣམས་རྟོག་པ་མེད་པའང་རྫུན། །བདག་མེད་ལ་སོགས་ངོ་བོའི་ཕྱིར། །དཔེར་ན་རྣམ་རྟོག་བཅས་བློ་བཞིན་ཞེས་བྱ་བ་ནི་རྣམ་པར་མི་རྟོགས་པའི་བློའི་དོན་གྱི་ཡུལ་སྣང་བ་མེད་པ་ཞེས་བྱ་བ་གང་ལ་ཡོད་པའི་བློ་རྣམ་པར་རྟོག་པ་མེད ་པ་དེ་ཡང་ལོག་པ་ཡིན་ཏེ། བདག་དང་བདེ་བ་ལ་སོགས་པར་རྣམ་པར་རྟོག་པ་སྤངས་སུ་ཟིན་ཀྱང། བདག་མེད་པ་དང་སྡུག་བསྔལ་བ་ལ་སོགས་པར་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་།དཔེར་ན་རྣམ་པར་རྟོག་པ་དང་བཅས་པའི་བློ་གཞན་བཞིན་ནོ། །གལ ་ཏེ་མེད་པ་ཡང་ལོག་པ་ཡིན་ཏེ། བདག་དང་བདེ་བ་འདི་སྐད་ཅེས་གཞན་གྱི་ཕྱོགས་སུ་འབྱིན་པའི་ཕྱིར་དང་།རང་གི་ཕྱོགས་མི་འཛིན་པའི་ཕྱིར་ཅོ་འདྲི་བ་ཉིད་དུ་མ་གྱུར་ཏམ་ཞེ་ན་།དེའི་ཕྱིར་རང་གི་གྲུབ་པའི་མཛའ་ལས་གྲགས་པའི་དེ་ཉིད་དང་།དེ ་ཐུགས་སུ་ཆུད་པའི་སྟོན་པ་ཕྱོགས་ཉིད་དུ་བཞག་པར་བྱ་སྟེ། ཤེས་བྱ་རྣམས་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེ་མཁྱེན་གསུང་།ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ ་བརྗོད་པར་བྱ་བ་མ་ཡིན་པ་དང། འདུས་མ་བྱས་ཞེས་བྱ་བ་རྣམ་པ་ལྔ་པོ་བསྟན་པ་དེ་དག་རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར་ཡུལ་གང་ལ་རྣམ་པར་མི་རྟོག་པའི་བློ་དམིགས་པ་མེད་པ་ཡང་སྐྱེ་བར་མི་འགྱུར་བའི་དོན་དམ་པ་དེ་ཉིད་གཞན ་གྱི་དྲིང་མི་འཇོག་པ་རྣམ་པར་མི་རྟོག་པ་།ཞི་བ་མཚན་ཉིད་མེད་པ་ཐ་དད་པ་ཉིད་མ་ཡིན་བ་སྐྱེ་བ་མེད་པ་འགག་པ་མེད་པ་དངོས་པོ་མེད་པ་མངོན་པར་འདུ་བྱ་བ་མེད་པ་བརྗོད་དུ་མེད་པ། མཉམ་པ་མེད་པ་ཉིད་ཡིན་པར་དེ་མཁྱེན་པའི?་ཐཾས་ཅད་མཁྱེན་པ་གསུང་ངོ། དེ་རྟོག་ཕྱིར་ན་གང་ཞིག་ལ་།བློ་སྐྱེ་མེད ་པ་སངས་རྒྱས་དངོས། །རྣམ་རྟོག་གཉིད་ནི་སངས་ཕྱིར་དང། །རྟོགས་པ་མེད་པས་རྒྱས་ཕྱིར་དང། ཞེས་བྱ་བ་ནི་དེ་ཉིད་རྣམ་པ་དེ་ལྟ་བུ་དེ་རྟོགས་པའི་ཕྱིར་གང་ལ་བློ་སྐྱེ་བ་མེད་པ་དེ་ནི་སངས་རྒྱས་དངོས་ཞེས་བྱ་སྟེ། རྣམ་པར་རྟོག་པའི་གཉིད་སངས་པའི་ཕྱིར་དང། ་ཤེས་དམིགས་སུ་མེད་པས་རྟོགས་པ་མེད་པ་ཉིད་ཀྱིས་བློ་རྒྱས་པའི་ཕྱིར་ཏེ། རྟོགས་པ་མེད་པ་ཉིད་རྟོགས་པའོ་ཞེས་ཉེ་བར་གདགས་པ་བྱས་པའི་ཕྱིར་རོ། །འོ་ན་རྟོགས་པ་དེ་ཉེ་བར་བཏགས་པར་འགྱུར་ཏེ། ཆུ་ལ་མེ་ཉིད་དུ་ཉེ་བར་བཏགས་པ་ལྟ་བུར་མི་འགྱུར་རམ ་ཞེ་ན། ཉེ་བར་བཏགས་པ་མ་ཡིན་ཏེ། དེ་ལས་གཞན་པའི་དངོས་པོ་མེད་པའི་ཕྱིར་རྣམ་པར་ཤེས་པ་ལ་བདག་ཉིད་དུ་བརྗོད་པ་བཞིན་ནོ། །འོ་ན་ཇི་ལྟར་དེ་ཉིད་རྟོགས་པས་མཛད་པ་ཉིད་ཡིན་ཞེ་ན་།གཉིད་ལོག་པ་ལྟ་བུའི་རྣམ་པར་རྟོགས་པ་ཡང་དག་པ་མ ་ཡིན་པ་དང། བྲལ་ན་གཉིད་སངས་པ་ལྟ་བུ་དང། དམིགས་སུ་མེད་པ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་རྟོག་པས་བློ་རྒྱས་པའི་ཕྱིར་རོ། །ཡོངས་ཤེས་བྱ་སོགས་མཐར་ཐུག་དང། །མཉམ་ཉིད་རྟོགས་པར་གྱུར་པ་དང། །སྦྲུལ་པ་དག་གིས་སྐལ་ལྡན ་གྱི། །བློའི་པདྨ་ཁ?་འབྱེད་ཕྱིར། །སངས་རྒྱས་ཞེས་བྱ་བར་སྦྱར་རོ། །དེ་ལ་གཙུག་ལག་ཁང་གསུམ་གྱི་ཚུལ་གྱིས་ཀུན་རྫོབ་ཏུ་ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་མཐར་ཐུག་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ་།ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང ་མངོན་སུམ་དུ་བྱ་བ་དང། བསྒོམ་པར་བྱ་བའི་རྣམ་པས་སྡུག་བསྔལ་དང། ཀུན་འབྱུང་བ་དང་འགོག་པ་དང། ལམ་མཐར་ཐུག་པ་བརྙེས་པའི་བློ་གང་གིས་འཕགས་པའི་བདེན་པ་བཞི་པོ་དག་ཡོངས་སུ་ཤེས་པ་དང་སྤངས་པ་དང་མངོན་སུམ་དུ་མཛད་པ་དང ་བསྒོམ་པ་ཐུགས་སུ་ཆུད་པ་དེས་འཕགས་པའི་བདེན་པ་བཞི་རྟོགས་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། ཇི་སྐད་དུ། ཡོངས་སུ་ཤེས་བྱ་ཡོངས་ཤེས་ཤིང། །སྤང་བྱ་སྤངས་ཤིང་མངོན་སུམ་བྱས། །བསྒོམ་བྱ་དག་ནི་བསྒོམས་པས་ན། །དེ་ཕྱིར་བཟོད་ལྡན་པ? ་སངས་རྒྱས། ཞེས་གསུངས་པ་ལྟ་བུའོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ནི་མཉམ་པ་ཉིད་རྟོགས་པར་འགྱུར་བའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ལས། སྡུག་བསྔལ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་སྡུག་བསྔལ ་གྱིས་ཀྱང་མི་འདའ་ཨོ། །ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་ཀུན་འབྱུང་བས་ཀྱང་མི་འདའ་ཨོ། །འགོག་པ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་འགོག་པས་ཀྱང་མི་འདའ་ཨོ། །ལམ་ཤེས་པས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་ལམ་གྱིས ་ཀྱང་མི་འདའ་སྟེ་།འདི་ལྟར་འཕགས་པའི་བདེན་པ་བཞི་པོ་འདི་དག་གི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ངས?་རྣམ་པར་བྱང་བ་ཡིན་པར་བསྟན་ཏེ། མཉམ་པ་ཉིད་ནི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་དག་གིས་ངེས་པར་གཟུང་ངོ། །ཡང་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྟེང་ན་འོག་མིན་ཞེས་བྱ་བའི་གཞལ་མེད་ཁང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མཆོག་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ལས་ངེས་པར་འབྱུང་བའི་དཀྱིལ་འཁོར་ན་བྱང་ཆུབ་སེམས་དཔའ་ ་འདོད་པ་ཙམ་གྱིས་མངོན་པར་རྫོགས་བར་འཚང་རྒྱ་བའི་མཐུ་ཡོད་པ་དཀྲིགས་པ་དག་གིས་མཆོད་ཅིང་བདེ་བར་གཤེགས་པ་ཕྱོགས་བཅུ་ན་བཞུགས་པ་མཛའ་ཡས་པ་དག་གི་ཕྱག་གིས་བླ་ན་མེད་པའི་དམ་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་གསོལ ་བའི་ཅོད་པན་དབུ་ལ་གསོལ་བ། ལེགས་པར་སྤྱོད་པ་བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསགས་པ་དཔག་ཏུ་མེད་པ་དག་གིས་ཉོན་མོངས་པ་ཅན་གྱིས་མུན་ནག་རབ་འབྱམས་མཛའ་ཡས་བ་རབ་ཏུ་བཅོམ་སྟེ། ཡིད་བཞིན་གྱི་ནོར་བུ ་དང་དཔག་བསམ་གྱི་ཤིང་མཐུ་སྣ་ཚོགས་དང་ལྡན་པ་ལྟར་རང་འབྱུང་གི་ཡེ་ཤེས་སྐད་ཅིག་གཅིག་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཁྱེན་པ་རྣམ་པར་མི་རྟོག་པ་སྒྲིབ་པ་མེད་པ་ཕྱིན་ཅི་མ་ལོག་པས་རང་གི་དེ་ཉིད་གཉིས་སུ་མེད་པ་གཞན་གྱི་དྲིང་མི ་འཇོག་པ་རྣམ་པར་མི་རྟོག་པ་ཞི་བ་ཐ་དད་པ་ཉིད་མ་ཡིན་པ། དམིགས་སུ་མེད་པའི་བདག་ཉིད་ཐུགས་སུ་ཆུད་པ་ནི་སངས་རྒྱས་ཞེས་བྱའོ། །དེ་ཉིད་ན་བཞུགས་བཞིན་དུ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐེག་མར ་མཛད་དེ། འཕོ་བ་དང། ལྷུམས་སུ་འཇུག་པ་དང། ལྷུམས་ན་ཞུགས་པ་དང། བལྟམས་པ་དང། གཞོན་ནུ་རོལ་བ་དང། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང། མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་གཤེགས ་བ་དང་བདུད་འདུལ་བ་དང། མངོན་བར་རྫོགས་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ལ་སོགས་པའི་སྤྲུལ་པ་དག་གིས་སེམས་ཅན་གཞན་དག་ཏུ་དད་པ་ལ་སོགས་པའི་དགེ ་བའི་རྩ་བ་རྒྱ་ཆེན་པོ་ཉེ་བར་བསགས་པས་ཉེ་བར་བསྟན་པ་། རྒྱུ་ཡོངས་སུ་སྨིན་པ་སྐལ་པ་དང་ལྡན་པ་རྣམས་ཀྱི་བློའི་པདྨ་ཁ་འབྱེད་པར་མཛད་པའི་ཕྱིར་ཡང་སངས་རྒྱས་ཞེས་བྱ་སྟེ། །ཇི་སྐད་དུ་རྫོགས་སངས་རྒྱས་རྣམས་བོག་མིན་གྱི། །ཕོ་དང་དགྱེས་པ ་སྲིག་བ་ཀུན། །རྣམ་སྤངས་དེར་ནི་འཚང་རྒྱ་ཞིང། །སྤྲུལ་བ་དག་གིས་འདིར་འཚང་རྒྱ། ཞེས་གསུངས་པ་དང་།དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་སྟོབས་ནི་དབང་ཕྱུག་ཆེན་པོའི་ལྷའི་འཇིག ་རྟེན་དུ་སྐྱེས་ཤིང་གནས་བ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤེས་རབ་ཀྱི་ཁྱད་པར་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཉིད་དོ་ཞེས་གསུངས་པ་དག་གཟུང་བར་བྱའོ། །སངས་རྒྱས་དེ་ཉིད་དོན་གྱི་ཁྱད་པར་གང་གི་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་ ་པའི་སྒྲར་བརྗོད་པར་བྱ་བ་དེ་དག་ཀྱང་བསྟན་པར་བྱ་སྟེ། ཆོས་རྣམས་མཚན་ཉིད་ཐ་དད་པས། །བསྐྱེད་དང་འགག་པ་མ་མཛད་པར། །མཉམ་པ་ཉིད་ཀྱིས་མཉམ་ཉིད་དང། །བདག་གཞན་བདག་ཉིད་མཉམ་པ་ཉིད། །དམིགས་མེད་ཉིད་དུ་རྫོཌ ་རྒྱས་ཤིང། །རྫོགས་སངས་རྒྱས་མེད་སངས་རྒྱས་པས། །ལྟ་མིར་བཅས་པའི་འཇིག་རྟེན་ན། །དེ་ནི་རྫོགས་སངས་རྒྱས་ཞེས་བརྗོད། ཅེས་བྱ་བ་ནི་ཆོས་རྣམས་ཀྱི་མཚན་ཉིད་སྲ་བ་ཉིད་དང། གཤེར་བ་ཉིད་དང། ཚ་བ་ཉིད་དང། ཡང་ཞིང་གཡོ་བ་ཉིད་ལ ་སོགས་པའི་དབྱེ་བས་ཐ་དད་པ་དུ་མ་དག་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་ཅིང་བསྐྱེད་པ་དང། དགག་བམ་མཛད་པར་བདག་དང། གཞན་དང། གཉི་ག་དང། རྒྱུ་མེད་པ་དང། ཡོད་པ་དང། མེད་པ་ལས ་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པ་དང། འགག་པ་མེད་པར་མཉམ་པ་ཉིད་དང། བདག་དང་གཞན་གྱི་བདག་ཉིད་མཉམ་པ་ཉིད་ཀྱང་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་མེད་པས་ཤེས་བྱ་བ་དང། ཤེས་པ་དབྱེར་མེད་པའི་ཚུལ་གྱིས་དམིགས་པ ་མེད་པ་ཉིད་དུ་རྫོགས་པར་སངས་རྒྱས་ཤིང་རྫོགས་པར་སངས་རྒྱས་པ་མེད་པའི་ཚུལ་དུ་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་ལྷ་དང་མིར་བཅས་པའི་འཇིག་རྟེན་ན་དེ་ནི་རྫོགས་པའི་ཞེས་བརྗོད་དོ། །ཆོས་རྣམས་བསལ་གཞག་མེད ་པའི་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་འཇིག་པའི་བདག་ཉིད་མ་ཡིན་པས་བསལ་བ་མེད་པའི་ཕྱིར་དང། ཐེར ་ཟུག་ཏུ་གནས་པའི་བདག་ཉིད་མ་ཡིན་པས་བཞག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་གནས་པ་ཉིད་ཡིན་པས་དེ་ལ་ཅུང་ཟད་ཀྱང་སེལ་བ་དང། གཞག་པར་མི ་མཛད་བར་ཆོས་ཉིད་ཇི་ལྟ་བ་དེ་བཞིན་དུ་མཁྱེན་པའི་ཕྱིར་དེ་བཞིན་མཁྱེན་པ་ཞེས་བྱའོ། །ཡང་ན་དེ་བཞིན་བཞུད་པའི་ཕྱིར་དེ་བཞིན་གཤེགས་པ་སྟེ། གང་གི་ཕྱིར་དེ་ནི་ཆོས་ཉིད་དེ་ལས་མ་གོལ་བར་ངོ་བོ་ཉིད་མེད་པར་མཉམ་ཉིད་དུ་རྟོགས་པར་གཤེགས་པར་གྱུར ་བ་དེའི་ཕྱིར་དེ་ནི་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །དེ་ཉིད་ཀྱི་རྣམ་གྲངས་གཞན་བརྗོད་པར་བྱ་བ་ཉིད་བསྟན་པའི་ཕྱིར། རྟོགས་བྱ་གཏན་དང་མ་ལུས་དང། །མཐར་ལྷུང་རྣམ་པར་སྤངས་པ་དག་།རྟོགས་མེད་ཚུལ་གྱིས་རྟོགས་པ་ཡིས། །བདེ་གཤེགས ་ཕྱིར་ནི་བདེ་བར་གཤེགས། ཞེས་བྱ་བ་སྨྲས་ཏེ། འདིར་གཏན་དུ་ཞེས་བྱ་བའི་སྒྲ་འདིས་ནི་ཡང་བཟླས་མི་དགོས་བའི་དོན་བསྟན་ཏེ། རིམས་ནད་ལེགས་བར་བྱང་བ་བཞིན་ནོ། །མ་ལུས་བར་ཞེས་བྱ་བའི་སྒྲ་འདིས་ནི་མཛའ་དག་གི་དོན་བསྟན་ཏེ་བུམ་པ་གང ་བ་བཞིན་ནོ། །མཐར་ལྷུང་བ་རྣམ་པར་སྤངས་པ་ཞེས་བྱ་བའི་སྒྲ་འདིས་ནི་ལེགས་པའི་དོན་བསྟན་ཏེ། གཟུགས་བཟང་བ་བཞིན་ནོ། །གཤེགས་ཞེས་བྱ་བའི་སྒྲ་ནི་རྟོགས་པ་དང་སོང་བའི་དོན་རྣམ་པ་གཉིས་སུ་འདྲེན་ཏེ། དེ་ལ་རྟོགས་པ་ནི་ཕུང་པོ་དང། ཁམས ་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱི་ཤེས་བྱ་གཏན་དུ་དང་མ་ལུས་པར་དང། མཐར་ལྷུང་བ་རྣམ་པར་སྤངས་པ་དག་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པར་གཤེགས་ཤིང་རྟོགས་པའི་ཕྱིར་ན་བདེ་བར་གཤེགས་པ་ཞེས་བྱའོ། །སོང་བ་ནི་ལམ་གཏན་དུ་ལེགས་པར ་བསྒོམས་པའི་ཕྱིར་ལས་དང་ཉོན་མོངས་པ་ཆུད་ངུའི་ཆུང་ངུ་ཉིད་ལ་སོགས་པའི་རྣམ་པ་དག་མ་ལུས་པར་ཡོངས་སུ་ཟད་བས་སྲིད་པར་འགྲོ་བ་དག་ཏུ་མཐར་ལྷུང་བ་མེད་པར་ཡང་དག་པར་དྲུངས་ཕྱུང་བའི་ཕྱིར་གཤེགས་པ་མེད་པའི་ཚུལ་གྱི་བྲ་ན་མེད་པའི་ཆོས ་ཀྱི་ཆུའི་གནས་སུ་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །གཞལ་མེད་གཞལ་ཡས་རྟོགས་པའི་ཕྱིར། །གྲངས་མེད་གཟུང་དུ་མེད་པའི་ཕྱིར། བསམ་ཡས་སེམས་ཡུལ་མ་ཡིན་ཕྱིར། །བསྟན་མིན་བསྟན་དུ་མེད་པའི་ཕྱིར་ཞེས་བྱ་བ་ལ ་འདིར་སྐད་ཅིག་གཅིག་གི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཁྱེན་བའི་ཡེ་ཤེས་བྱ་བའི་སངས་རྒྱས་སྔར་བསྟན་པ་དེ་ནི་ཆོས་ཅན་ནོ། །དེ་ནི་གཞལ་དུ་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་དེའི་ཆོས་སོ། །གཞལ་ཡས་རྟོགས་པའི་ཕྱིར་ཞེས་བྱ་བ་ནི ་གཏན་ཚིགས་ཏེ། དེ་ལ་རྟོགས་པར་བྱ་བའི་ཆོས་ཀྱི་དབྱིངས་སུ་མེད་པའི་མཚན་ཉིད་གཞལ་ཡས་པ་མངའ་བའི་ཕྱིར་རོ། །ནམ་མཁའ་བཞིན་ནོ་ཞེས་འོག་ནས་འབྱུང་བ་ནི་དཔེ་ཡིན་ནོ། །དེ་ཉིད་གྲངས་མེད་པ་ཡིན་ཏེ། གཟུང་དུ་མེད་པའི་ཕྱིར་རོ། །འདི་ལྟར་དེ་ནི་དམིགས་སུ ་མེད་པའི་ཕྱིར། གཟུང་དུ་མེད་དོ། །དམིགས་སུ་ཡོད་པའི་རྫས་ལ་ནི་གཅིག་ལ་སོགས་པའི་གྲངས་སུ་བརྗོད་པས་གཟུང་དུ་ཡོད་པར་འགྱུར་གྱི། དེ་ནི་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ཏེ། དེ་བཞིན་ཉིད་ཀྱི ་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་བསམ་ཡས་པ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་སེམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱང་མ་ཡིན་ཞིང་དེ་ཆོས་ཀྱང་མ་ཡིན་ཆོས་མ་ཡིན་པ་ཡང་མ་ཡིན་ལ། གཉི་གར? ་ཡང་ཐ་སྙད་གང་གསུ་མེད་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བ་ཡང་མ་ཡིན་ཏེ། བསྟན་དུ་མེད་པའི་ཕྱིར་རོ། །དེ་ལ་རིགས་མཐུན་པའི་དོན་གཞན་མེད་པས་དཔེར་ན་འདི་ལྟ་བུ་ཞེས་དཔེ་བསྟན་པར་མི་ནུས་པའི་ཕྱིར་རོ། ཞེས་བྱ་བའི་ཐ་ཚིག་གོ་།བརྟ་བར? ་མེད་དེ་ནི་འདིའོ་ཞེས། རྣམ་ཀུན་བརྟག་ཏུ་མེད་པའི་ཕྱིར། ཞེས་བྱ་བ་ཡང་དེ་ནི་བརྟག་པར་བྱ་བ་མ་ཡིན་ཏེ། དེ་ནི་འདིའོ་ཞེས་རྣཾ་བཀུན་ཏུ་རྟག་ཏུ་མེད་པའི་ཕྱིར་རོ། །འདི་ལྟར་ཁ་དོག་དང་དབྱིབས་དག་ལ་ནི་དེ་ནི་འདིའོ། །ཞེས་རྟག་ཏུ་རུང་གི་དེ་ནི་ཁ་དོག་དང་དབྱིབས ་ཀྱི་བདག་ཉིད་མ་ཡིན་པའི་ཕྱིར་སྔོན་པོ་དང་སེར་པོ་དང། དམར་པོ་དང་དཀར་པོ་དང་རིང་པོ་དང་ཐྔ་དུ་དང་མཐོན་པོ་དང། དམའ་བ་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱིས་བརྟག་པར་མི་ནུས་པའི་ཕྱིར་རོ། །གསལ་མིན་གསལ་བྱེད་མེད་པའི་ཕྱིར། །ཞི ་པ་གནོད་པ་མེད་པའི་ཕྱིར། ཞེས་བྱ་བ་ཡང་དེ་ནི་གསལ་བར་བྱ་བ་མ་ཡིན་ཏེ། གསལ་བྱེད་མེད་པའི་ཕྱིར་རོ། །གསལ་བྱེད་ཅེས་བྱ་བ་ནི་སྐྱེ་བ་དང་གནས་པ་དང། འཇིག་པ་དག་དང། སྐྱེས་པ་དང་བུད་མེད་དང། མ་ནིང་ཞེས་བྱ་བ་དངོས་པོ་གཞན། གསལ་བར་བྱེད་པ་དག ་སྟེ། དེ་དག་མེད་པས་དེའི་ཕྱིར་གསལ་བར་བྱ་བ་མ་ཡིན་ནོ། །དེ་ནི་ཞི་བ་ཡིན་ཏེ། གནོད་པ་མེད་པའི་ཕྱིར་རོ། །འདི་ལྟར་དེ་ནི་སྐྱེ་བ་དང་རྒས་པ་དང། འཆི་བ་ལ་སོགས་པའི་གནོད་པ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །རྟག་པར་བརྗོད་དེ་སྣད་མེད་པའི། །བདག་ཉིད་ཀྱི་རྣམ ་ཀུན་ཏུ། །རྣམ་རྟོག་མེད་པས་རྟག་ཕྱིར་དང། །རྟག་ཏུ་དོན་ནི་རབ་བསྒྲུབ་ཕྱིར། ཞེས་བྱ་བ་ཡང་དེ་ནི་རྟག་པར་བརྗོད་པ་ཡིན་ཏེ། སྣད་བ་མེད་པའི་བདག་ཉིད་ཉིད་ཀྱི་རྣམ་པ་ཀུན་ཏུ་རྣམ་པར་རྟོག་པ་མེད་པས་རྟག་པའི་ཕྱིར་རོ། །འདི་ལྟར་གཟུགས་ཀྱི་མཛའ་ནི་རྡུལ་ཕྲ་རབ་ཀྱི ་ཆ་ཤས་སུ་སྣང་བ་མེད་པར་འགྱུར་ལ། རྡུལ་ཕྲ་རབ་ཀྱི་མཛའ་ཡི་ཕྱོགས་ཐ་དད་པའི་ཕྱིར་ནི་མཐར་སྣང་བ་མེད་པར་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་དག་གིས་གནས་པའི་མཛའ་ནི་སྐད་ཅིག་མར་འཇུག་པ་ཡིན་ལ། དེ་ཡང་སྔོན་དང་བར་དང་ཐ་མའི་དུས་ཀྱི་བྱེ་བྲག ་གིས་ཤིན་ཏུ་ཆ་ཕྲ་བའི་ཕྱིར་སྣང་བ་མེད་པ་ཉིད་དུ་འགྱུར་ལ། ཆོས་ཀྱི་དབྱིངས་དེ་ལ་དེའི་དངོས་པོ་མེད་པའི་ཕྱིར་ཅི་ཞིག་རྟོག་ན་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བར་འགྱུར། རྣམ་པར་རྟོག་པ་སྐྱེ་བ་མེད་ན་ངོ་བོ་ཉིད་ཀྱིས་འཇིག་པ་མེད་པའི་ཕྱིར་དེ་ནི་རྟོག་པ་ཡིན་པར་བརྗོད ་དོ། །ཡང་ན་དེ་ནི་གང་གི་ཕྱིར་རྟག་ཏུ་སེམས་ཅན་གྱི་དོན་རབ་ཏུ་བསྒྲུབ་པའི་ཕྱིར་ཡང་རྟག་པར་བརྗོད་དེ། འདི་ལྟར་མདོ་སྡེ་དག་ལས་ནམ་མཁའ་ཨི་མཛའ་ཅི་ཙམ་པ་སེམས་ཅན་གྱི་མཛའ་དང། ལས་དང་ཉོན་མོངས་པའི་མཛའ་ཡང་དེ་ཙམ་པར་འཁོར་བའི་མཛའ་ཇི་སྲིད ་ཀྱི་བར་དུ་རྒྱུན་མི་འཆད་པར་སྨོན་ལམ་ཆེན་པོ་མངོན་པར་སྒྲུབ་པ་དག་གིས་སེམས་ཅན་གྱིས་དོན་མཛད་པའི་ཕྱིར་རྟག་པར་གསུངས་པ་ལྟ་བུའོ། །ཞི་བ་ངོ་བོ་ཉིད་སྟོང་ཕྱིར། །མཚན་མ་མེད་པ་དངོས་མེད་ཕྱིར། །མཚན་མ་ཉིད་དུ་མི་འགྲོ་དང། །མཚན་མ་མེད་ཕྱིར་དེ ་ཡང་ཡིན། ཞེས་བྱ་བ་ནི་མཚན་ཉིད་ཇི་སྐད་བསྟན་པའི་སངས་རྒྱས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ནི་ཞི་བ་ཡང་ཡིན་ཏེ། །ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །འདི་ལྟར་ངོ་བོ་ཉིད་དུ་རྟོག་པ་ཡོད་ན་འབྱུང་བ་དང་འཇིག་པ་དང། འགྲོ་བ་དང་འོང་བ་དང། ཚིག་འཇུག་པ ་ལ་སོགས་པའི་བྱ་བརྒྱུན་མི་འཆད་པའི་ཕྱིར་དངོས་པོ་རྣམས་བྱ་བ་དང་བཅས་པ་ལྟ་བུར་དེས་པར་བཟུང་དུ་རུང་གི། ངོ་བོ་ཉིད་སྟོང་པ་ཉིད་ལ་ནི་བྱ་བ་ཐམས་ཅད་དང་བྲལ་བའི་ཕྱིར་བྱ་བ་ཅུང་ཟད་ཀྱང་མེད་པས་དེའི་ཕྱིར་དེ་ནི་ངོ་བོ་ཉིད་སྟོང་པའི་ཕྱིར་ཞི་བ་ཡིན་ནོ། །དེ་ནི་མཚན ་མ་མེད་པ་ཡང་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་ངོ་བོ་ཉིད་མེད་པ་ཁོ་ནའི་ཕྱིར་ཡོད་པ་དང། མེད་པ་ལ་སོགས་པའི་མཚན་མར་རྟོག་པར་མི་འཇུག་པའི་ཕྱིར་རོ། །ཡང་ན་དེ་ནི་མཚན་མ་མེད་དེ་ཡང་དོ་ཡང་ཡིན་ཏེ། མཚན་མ་མེད་པ་ཉིད་དུ ་མི་འགྲོ་བའི་ཕྱིར་དང། མཚན་མ་མེད་པའི་ཕྱིར་ཏེ། དེ་ནི་གཞན་གང་ལ་ཡང་མཚན་མའི་ངོ་བོ་ཉིད་དུ་མི་འགྲོ་བའི་ཕྱིར་དང། རང་ཡང་མཚན་མར་རྟོག་པར་མི་བྱེད་པའི་ཕྱིར་རོ། །མཚན་མ་མེད་ཕྱིར་སྣང་བ་མེད། །སྣང་མེད་ཕྱིར་ཡང་མཚན་མ་མེད། །མཚན ་མ་མེད་ཅིང་སྣང་མེད་པ། །ལྟ་འདོད་བདག་ཉིད་གྲོལ་བས་མཐོང། ཞེས་བྱ་བ་ནི་གང་ཁོ་ནའི་ཕྱིར་མཚན་མ་མེད་པ་དེ་ཁོ་ནའི་ཕྱིར་སྣང་བ་མེད་པ་ཡིན་ཏེ། རྟག་པ་དང་མི་རྟག་པ་དང་ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མའི་ངོ་བོ་ཉིད་དུ་སྣང་བ་མེད་བའི ་ཕྱིར་རོ། །གང་གི་ཕྱིར་སྣང་བ་མེད་པ་དེའི་ཕྱིར་ཡང་མཚན་མ་མེད་པ་ཉིད་ཡིན་ནོ། །གང་དག་དེ་མཐོང་བར་འདོད་པའི་རྣལ་འབྱོར་པ་གྲོལ་པའི་བདག་ཉིད་ཅན་དེ་དག་གིས་ཀྱང་སངས་རྒྱས་དེ་མཚན་མ་མེད་པ་དང་སྣང་བ་མེད་པ་ཉིད་དུ་མཐང?་སྟེ.་།ཇི་སྐད་དུ? ་བྱང་ཆུབ་སེམས་དཔའ་ཨི་སྐྱེ་བ་གཅིག་གིས་ཐོགས་པས་ནི་དེ་བཞིན་གཤེགས་པ་གཟུགས་ལས་མི་མཐོང་སྟེ། མཚན་མ་ལས་མི་མཐོང། ཡོན་ཏན་ལས་མི་མཐོང། ཆོས་ལས་མི་མཐོང་།ཆོས་མ་ཡིན་པ་ལས་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུང? ་བ་ལྟ་བུའི། །མི་གནས་མཚན་མ་མེད་པའི་ཕྱིར། །རྣམ་པར་མི་རྟོགས་མི་གནས་ཕྱིར། །སྤྲོས་མེད་རྣམ་པར་མི་རྟོག་ཕྱིར། །དམིགས་མེད་དེར་འཛིན་མེད་པའི་ཕྱིར། ཞེས་བྱ་བ་ཡང་སངས་རྒྱས་དེ་ནི་མི་གནས་པ་ཡིན་ཏེ། མཚན་མ་མེད་པའི་ཕྱིར་རོ། །འདི་ལྟར ་སངས་རྒྱས་ལ་ནི་གཟུགས་སུ་རུང་བ་དང་མྱོང་བ་དང་མཚན་མར་འཛིན་པ་དང། མངོན་པར་འདུ་བྱེད་པ་དང། རྣམ་པར་ཤེས་པར་བྱེད་པ་ལ་སོགས་པའི་མཚན་མ་འགའ་ཡང་དམིགས་སུ་མེད་པའི་ཕྱིར་རོ། །དེ་ནི་རྣམ་པར་མི་རྟོག་བ་ཡིན་ཏེ། མི་གནས་པའི ་ཕྱིར་རོ། །མི་གནས་ན་ཅི་ཞིག་ལ་རྣམ་པར་རྟོག་པར་འགྱུར་ཏེ། དེའི་ཕྱིར་དེ་ཉིད་རྣམ་པར་མི་རྟག་པ་ཡིན་ནོ། །དེ་ནི་སྤྲོས་པ་མེད་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །འདི་ལྟར་རྣམ་པར་རྟོག་ན་ཇི་ལྟར་རྣམ་པར་རྟོག་པའི་དངོས་པོ་ལ་ཚིག་འཇུག་པ་ནི་སྤྲོས ་པ་ཡིན་ན་རྣམ་པར་རྟོག་པ་མེད་པ་ལ་ནི། སྤྲོས་པ་མེད་པའི་ཕྱིར་རོ། །དེ་ནི་དམིགས་པ་མེད་པ་ཡིན་ཏེ། དམིགས་པ་དེ་ནི་འཛིན་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཁོ་ནའི་ཕྱིར་དམིགས་པར་འཛིན་པར་མི་བྱེད་དོ། །ཇི་སྐད་བསྟན་པའི་སྐབས་ཀྱིས་སངས་རྒྱས ་དེ་ཉིད་ཀྱང་ཇི་སྐད་བསྟན་པའི་ཚུལ་གྱིས་ན། སྐྱེ་བ་མེད་པ་རྣམ་པ་མེད། །འགྱུར་བ་མང་པོ་འོད་གསལ་བ། །མཉམ་པ་མི་མཉམ་མུ་མེད་པ། རྣམ་པར་མི་རྟོག་མཚན་ཉིད་མེད། ཅེས་བྱ་བ་དག་ཡིན་ཏེ། སྐྱེ་བ་མེད་པ་ཞེས་བྱ་བ་ནི་ཤེས་བྱའི་ངོ་བོ་ཉིད་ཡོངས་སུ་མ ་གྲུབ་པས་བློ་སྐྱེ་བ་མེད་པའི་ཕྱིར་རོ། །རྣམ་པ་མེད་པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །འགྱུར་བ་མེད་པ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །འོད་གསལ་བ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་མུན་པ ་དང་བྲལ་བའི་ཕྱིར་རོ། །མཉམ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ཆོས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །མི་མཉམ་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་གཞན་དག་དང་མི་མཉམ་པའི་ཕྱིར་རོ། །མུ་མེད་པ་ཞེས་བྱ་བ་ནི ་ཆོས་ཀྱི་དབྱིངས་ལ་དམིགས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་མངོན་སུམ་གྱི་མཚན་ཉིད་ཡིན་པས་རྟོག་པ་དང། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དག་མི་འཇུག་པའི་ཕྱིར་རོ། །མཚན་ཉིད་མེད་པ་ཞེས་བྱ་བ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར ་པའི་མཚན་ཉིད་དག་གིས་མཚོན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་དག་ཕྱོགས་སུ་བྱས་ནས་སྔར་གཏན་པའི་གཏན་ཚིགས་རྣམས་དང་སྦྱར་ནས། མཁའ་བཞིན་དེ་ལ་ལྟ་མེད་པར། །བདག་ཉིད་ཆེན་པོ་དེ་དག་བལྟ། །ཞེས་བྱ་བས་ཕྱོགས་དང་ཕྱོགས་ཀྱི་ཆོས ་སྡར་བསྟན་པ་ཐམས་ཅད་ཀྱི་ཆོས་མཐུན་པའི་དཔེ་ནམ་མཁའ་བཞིན་ཞེས་བྱ་བ་འདི་དང་སྦྱར་ཏེ། སངས་རྒྱས་དེ་ལྟ་བུ་དེ་ལ་བྱང་ཆུབ་སེམས་དཔའ་ས་བཅུ་པའི་དབང་ཕྱུག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཡང་དག་པར་ཉེ་བར་བསགས ་པ་བདག་ཉིད་ཆེན་པོ་དེ་དག་ལྟ་བ་མེད་པའི་ཚུལ་གྱིས་ལྟ་བར་བྱེད་དོ་ཞེས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ་སྟེ། གང་དག་རྣམ་པར་མི་རྟོག་པའི། །གནས་པས་ལྷུན་གྲུབ་དྲི་མ་མེད། །འདུད་པར་བྱེད་དང་ཡིད་བྱང ་དང། །བརྗོད་ལ་སོགས་པ་བསལ་བ་དག་།མགོན་པོ་ལ་ནི་ཕྱག་འཚལ་བ། །དེ་དག་ལ་ཡང་གུས་ཕྱག་འཚལ། ཞེས་བྱ་བ་ནི་གང་དག་ལ་ལྷའི་གནས་པ་བསམ་གཏན་བཞི་དང། ཚངས་པའི་གནས་པ་ཚད་མེད་པ་བཞི་སྔར་གོམས་པར་བྱས་ནས ་འཕགས་པའི་གནས་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་བདག་ཉིད་རྣམ་པར་མི་རྟོག་པའི་གནས་པས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ལས་སྐྱེས་པའི་དྲི་མ་མེད་པའི་མིག་ཡོད་པ་དེ་དག་ནི་ཇི་སྐད་བསྟན་པ་དག་ཡིན་ནོ། །འདུད ་པར་བྱེད་པ་ཞེས་བྱ་བ་ནི་ལུས་ཀྱི་ཐལ་མོ་སྦྱོར་བ་ལ་སོགས་པའོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དེ་དང་འབྲེལ་བའི་ཡིད་ཉིད་དོ། །བརྗོད་ཅེས་བྱ་བ་ནི་བསྟོད་ར་ལ་སོགས་པའི་ཚིག་བརྗོད་པའོ། །ཐབས་ལ་མཁས་པས་ཀུན་རྫོབ་ཏུ་ལས་རྣམ་པ་གསུམ་པ ་དེ་དག་ལ་སོགས་པ་བྱེད་དུ་ཟིན་ཀྱང་དོན་དམ་པར་ན་བྱེད་པ་པོ་མེད་པའི་ཕྱིར། །སུས་ཀྱང་ལས་དེ་བྱས་པ་མེད་པའི་ཕྱིར་ལས་སུ་རྟོག་པ་བསལ་བ་དག་།ཇི་སྐད་བསྟན་པའི་སྟོན་པ་མགོན་པོ་ལ་རྣམ་པ་དེ་ལྟ་བུས་ཕྱག་འཚལ་བ་དེ་དག་ལ་ཡང་ཁོ་བོས་གུས་པར ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་གོམས་པར་བྱས་པ་འདོད་པ་ཙམ་གྱིས་རྟོག་པར་བྱ་བ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་པ་དེ་དག་ལ་ཡང་གུས་པར ་ཕྱག་འཚལ་བན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་པ་འཇིག་རྟེན་གྱི་མགོན་པོ་གཅིག་བུ་དེ་ལ་གུས་པར་ཕྱག་འཚལ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ།། །།དབུ་མའི་སྙིང་པོའི་འགྲེལ ་པ་རྟོག་གེ་འབར་གེ་།བམ་པོ་བཅུ་གཅིག་པ། གལ་ཏེ་རྣམ་པ་དེ་ལྟ་བུ་ཡིན་ན་ཇི་ལྟར་དེ་སངས་རྒྱས་དང་བདེ་བར་གཤེགས་པ་ལ་སོགས་པའི་ཚིག་ཏུ་བརྗོད་པ་ཉིད་དུ་རུང་ཞེ་ན་བཤད་པ། སངས་རྒྱས་ལ་སོགས་སྒོ་བཏགས་པས། །སྒྲུབ་དང་རྗེས་སུ་འཐུན ་པར་བསྟན། །དེ་ཉིད་དུ་ན་རྣམ་ཀུན་ཏུ། །རྣམ་བརྟག་མིན་ཕྱིར་བརྗོད་མི་འདོད། ཅེས་བྱ་བ་ནི་རྟོག་པ་མེད་པའི་ཚུལ་གྱིས་རྟོག་པ་ཉིད་ཅེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པ་དག་གིས་སངས་རྒྱས་ལ་སོགས་པའི་ཚིག་ཏུ་བརྗོད་པར་བྱ་བ་མ་ཡིན་དུ ་ཟིན་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟོགས་པའི་ཕྱིར་སངས་རྒྱས་དང་བགྲོད་པར་བྱ་བར་ལེགས་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་དང། དེ་བཞིན་དུ་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་དང། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ ་མེད་པ་ཡང་དག་པར་ཉེ་བར་བསགས་པ་སྐལ་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་དང། མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་དང། གཞན་གྱིས་དྲིང་མི་འཇོག་པར་མཁྱེན་པའི་ཕྱིར་རང་བྱུང་དང། བདུད་བཞི་ལས་རྣམ་པར་རྒྱལ་བའི་ཕྱིར་རྒྱལ ་བ་དང། སྐུ་དང་གསུང་དང་ཐུགས་ཐུབ་པའི་ཕྱིར་ཐུབ་པ་ཞེས་བྱ་བ་ལ་སོགས་པ་དག་ཏུ་སྒྲོ་བཏགས་པས་ཚུལ་ཁྲིམས་དང། ཏིང་འཛིན་དང། ཤེས་རབ་དང། ཡེ་ཤེས་ཞེས་བྱ་བ་དག་གི་སྒྲུབ་པ་དང་རྗེས་སུ་མཐུན་པར་བསྟན་པར་ཟད ་ཀྱི། དོན་དམ་པར་དེ་ཉིད་དུ་རྣམ་པ་ཀུན་ཏུ་རྣམ་པར་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར། བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་དོ་།ཇི་ལྟར་རྣམ་པར་བརྟག་པའི་དངོས་པོ་ལ་ནི་རྣམ་པའི་ཁྱད་པར་དག་སྒྲོ་བཏགས་ནས་བརྗོད་པར་བྱ་བ་དག་ཏུ་སྦྱར་དུ་རུང ་གི་འདི་ནི་ཡུལ་ཉིད་དུ་རྣམ་པར་བརྟག་པར་བྱ་བ་མ་ཡིན་པ་ཁོ་ནའི་ཕྱིར། འདི་ལ་ཚིག་དག་ལྡོག་འགྱུར་ཞིང། འདི་ཡི་སེམས་ནི་སྤྱོད་ཡུལ་མིན། ཞེས་བྱ་བ་ནི་དངོས་པོ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་དྲུག་པོ ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བའི་སྒྲ་ནི་དེ་ཉིད་དང་ཡེ་ཤེས་གཉི་ག་ལ་བསྙེགས་ཏེ། དམིགས་པ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་ཀྱི་དེ་ཉིད་དང་ཡེ་ཤེས་གཉིས་ཐ་མི་དད་པའི་ཕྱིར་རོ། །འདི་ལ་ཀུན་ལྡོག་ལྡོག་འགྱུར་ཞིང། །ཤེས ་པ་འཇུག་པར་མི་འགྱུར་རོ། །ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་དང། རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ། ཞེས་བྱ་བར་བསམས་སོ། །གྲངས་མེད་བསོད་ནམས་ཚོགས་ལྡན་ཞིང། །ཤེས་བྱ་མཛའ་ཡས་མཁྱེན ་གྱུར་བའི། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་འདི། །སྤྲོས་པ་ཉེར་ཞི་ཞི་བ་ཡིན། ཞེས་བྱ་བ་ནི་བསྐལ་པ་བྲངས་མེད་པ་གསུམ་དུ་བསོད་ནམས་ཀྱི་ཚོགས་ཡང་དག་པར་བསགས་པ་དང་ལྡན་ཞིང་ཤེས་བྱ་དུས་གསུམ་དང་བརྗོད་པར་བྱ་བ་མ་ཡིན་པ ་དང། འདུས་མ་བྱས་པ་མཛའ་ཡས་པ་དག་ལེགས་པར་མཁྱེན་པར་གྱུར་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡོངས་སུ་མ་གྲུབ་བའི་ཕྱིར། ཡེ་ཤེས་ཀྱི་སྐད་ཅིག་མ་སྐྱེ་བ་མེད་པའི་ངོ་བོ་ཉིད་གང་ཡིན་པ་སངས་རྒྱས་སུ་བསྟན་པ་དེ་ཉིད་སྟོབས ་དང། མི་འཇིག་པ་དང། མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། འདི་ནི་ཚིག་ཏུ་བརྗོད་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་སྤྲོས་པ་ཉེ་བར་ཞི་བ་ཡིན་ལ་རང་ཉིད་སྙེངས་པ་དང་བྲལ་བའི་ཕྱིར ་དང?་གཞན་དག་གི་འཇིག་པ་སེལ་བའི་ཕྱིར་ཞི་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་མདོ་ལས། ཡང་དག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་སྟེ། དེ་ནི་མིག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །དེ་ནི ་སྐུ་མེད་པ་དང་།མ་བྱས་པ་དང། མ་བྱུང་བ་དང་།མ་འགགས་པ་དང། འདུས་པ་ལས་མ་བྱུང་བ་དང། མ་སྐྱེས་པ་དང། མ་ཞུགས་པ་དང་མངོན་པར་མ་གྲུབ་པ་དང། མཛའ་ཡས་པ་དང། མུ་མེད་པ་དང་ཞི་བ་དང། རབ་ཏུ་ཞི་བའོ་ཞེས་བྱ་བ་ལ་སོགས་པ ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཉིད་རིགས་པས་སྒྲུབ་པར་བྱ་སྟེ། ཤའི་མིག་གི་དེ་ལྟ་མིན། །ལྷའི་མིག་གིས་བལྟ་མ་ཡིན། །རྟོག་བཅས་རྣམ་རྟོག་མེད་པ་ཡི། །ཤེས་པས་ཀྱང་ནི་མཐོང་བར་དཀའ་། ཞེས་བྱ་བ་ནི་གང་དག་དེ་བཞིན་གཤེགས་པ་ནི་ཐག་རིང་བ ་དང་བསྒྲིབས་པའི་ཕྱིར་མི་མཐོང་ངོ་སྙམ་དུ་རྟོག་པ་དང། གང་དག་དེ་བཞིན་གཤེགས་པ་དེ་ཐག་ཉེན་མཐོང་ངོ་སྙམ་དུ་རྟོག་པ་དེ་དག་གི་ཕྱིར་ཤའི་མིག་གིས་དེ་བལྟ་བ་མ་ཡིན་པ་ཉིད་ཀྱིས་ཡུལ་ན་མི་གནས་པ་ཉིད་དུ་སྟོན་ཏེ། ཤའི་མིག་དྲི་མ་མེད་པ་ནི་བསྒྲིབས་པ ་དང། སྐལ་པ་དག་ལ་ཡང་འཇུག་པའི་ཕྱིར་རོ། །ལྷའི་མིག་གིས་བལྟ་བ་མ་ཡིན་པ་ཉིད་ནི་དེ་ལ་གཟུགས་ཆ་ཕྲེ་བ་ཡང་མེད་པའི་ཕྱིར་ཏེ། ལྷའི་མིག་གིས་ནི་སྲིད་བ་བར་མའི་ཕུང་པོ་ཤིན་ཏུ་ཆ་ཕྲ་བ་ཡང་མཐོང་བའི་ཕྱིར་རོ། །རྟོག་པ་དང་བཅས་པ་ནི་རྗེས་སུ་དཔག་པའི ་ཤེས་པ་སྟེ། རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པའི་རྣམ་པར་རྟོག་པ་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ནི་མངོན་སུམ་གྱི་ཤེས་པ་སྟེ། དངོས་པོ་ཙམ་ལ་དམིགས་པའི་ཕྱིར་རོ། །ཤེས་པ་དེ་ཉིད་ཀྱིས་ཀྱང་མཐོང་བར་དཀའ་བའི་ཕྱིར་རྣམ་པ་ཐམས་ཅད་དུ ་ཤེས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར། མཐོ་རིས་སྡིག་ཅན་ཡུལ་མིན་དང། །ཉོན་མོངས་མེད་པ་དེ་བཅས་མིན། །ཉི་མ་དམུས་ལོང་ཡུལ་མིན་ལྟར། །དེ་ཡང་རྟོག་གེའི་སྤྱོད་ཡུལ་མིན། ཞེས་བྱ་བ་ལ་མཐོ་རིས་ཞེས་བྱ་བའི ་ཚིག་གིས་ཕྲད་ནི་བདག་གིར་འཛིན་པའི་ཚིག་ཡིན་ཏེ། དེ་དང་བྲལ་བའི་ཕྱིར་མཐོ་རིས་ཏེ་ལྷའི་གནས་སོ། །དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་སྡིག་ཅན་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཀྱང་མ་ཡིན་ན་དེ་དག་གི་སྤྱོད་དུ་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཉོན་མོངས ་པ་ཞེས་བྱ་བ་ནི་འཁོར་བའི་ཉེས་རྩོམ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ་།ཉོན་མོངས་པ་རྣམས་སོ། །ཉོན་མོངས་པ་མེད་པ་ནི་དེ་དག་སྐྱེ་བར་བྱ་བའི་བསམ་གཏན་ནོ། །དེ་ནི་ཉོན་མོངས་བ་དེ་དང་བཅས་པ་རྣམས་ཀྱིས་བསྐྱེད་པར་མི་ནུས་སོ། །ཉི་མ་ནི་དམུས་ལོང་རྣམས་ཀྱིས་མི་མཐོང ་མི་མཐོང་མཐོང་བར་མི་འགྱུར་ཏེ། དེ་དག་གི་ཡུལ་མ་ཡིན་བ་དེ་བཞིན་དུ་ཆོས་ཀྱི་སྐུ་དེ་ཡང་རང་དང་གཞན་གྱི་སྡེ་པའི་རྟོག་གེ་པ་འབད་པའི་བློ་གྲོས་ཅན་རྣམས་ཀྱི་རྗེས་སུ་དཔག་པས་ཀྱང་མཐོང་པར་མི་ནུས་ཏེ། དེ་དག་གི་སྤྱོད་ཡུལ་མ་ཡིན་ནོ། །ཅིའི་ཕྱིར་དེ་དག ་གི་མི་མཐོང་ཞེ་ན། གང་གི་ཕྱིར་།དེ་ནི་ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལས་གཞན་མིན་གཞན་མ་ཡིན། ཞེས་བྱ་བ་ལ་དེ་ནི་གཟུགས་ལ་སོགས་པ་བཞིན་དུ་ཡོད་པ་མ་ཡིན་ཏེ། ཡོད་པའི་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །རི་བོང་གི་རྭ་ལ་སོགས་པ་བཞིན་དུ ་མེད་པ་ཡང་མ་ཡིན་ཏེ་།མེད་པའི་བློའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཡོད་མེད་ཀྱང་མ་ཡིན་ཏེ། གཉི་གའི་བློས་དེས་པར་?་དུ་མེད་པའི་ཕྱིར་རོ། །དེ་དག་ལས་གཞན་པ་ཡང་མ་ཡིན་ཏེ། ཡོད་པ་ལ་སོགས་པ་དག་ལས་གཞན་པའི་མཚན་ཉིད་མེད་པའི་ཕྱིར ་རོ། །གཞན་པ་ཡང་མ་ཡིན་ཏེ་།ཀུན་རྫོབ་ཏུ་རྣམས་གྲངས་ལས་དེ་ཉིད་ཡོད་པ་ལ་སོགས་པ་དག་ཏུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཡོད་པ་ཉིད་ཡིན་ཞེ་ན་།སྟོབས་དང་མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འདུས་པའི་བདག་ཉིད ་ཡིན་པའི་ཕྱིར་རོ། །ཇི་ལྟར་མེད་པ་ཉིད་ཡིན་ཏེ། གྱུ་དང་རྐྱེན་གྱིས་ཚོགས་པ་ཐ་དད་པ་དག་ལ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཇི་ལྟར་ཡོད་མེད་ཉིད་ཡིན་ཞེ་ན། གཉི་ག་དང་འབྲེལ་བ་ལས་ཉེ་བར་གདགས་པའི་ཕྱིར་རོ། །མུ་སྟེགས་ཅན་དག་གི་ཡོངས་སུ་བཏགས་པའི ་བདག་དམ་པ་ཡང་རྣམ་པར་རྟོག་པ་མེད་པ་དང་རྟག་པ་དང་འགྱུར་བ་མེད་པ་དེ་ལྟ་བུའི་རྣམ་པ་ཉིད་དུ་འདོད་ན་དེ་ལ་ཆོས་ཀྱི་སྐུ་འདི་ཁྱད་པར་ཅི་ཡོད་ཅེ་ན། དེ་ནི་དེ་དག་ནི་ཕྲ་བ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་ཕྲ་བར་བསྟན་ཅིང་ཆེན་པོ་ཉིད་ཀྱི་ཡོན་ཏན་དང ་ལྡན་པའི་ཕྱིར་ནི་ཆེན་པོར་བསྟན་གཅིག་པ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་ནི་གཅིག་ཏུ་བསྟན། ཐམས་ཅད་དུ་སོང་བའི་ཕྱིར་ནི་རིང་བ་དང་ཉེ་བ་ལ་ཁྱབ་པར་བསྟན་གྱི། ཆོས་ཀྱི་སྐུ་ནི། ཕྲ་བ་མ་ཡིན་ཆེན་པོ་མིན། གཅིག་མིན་རིང་མིན་ཉེ་བ་འང་མིན། །ཞེས ་བྱ་བ་ནི་དེ་ཡོན་ཏན་ཅན་མ་ཡིན་བའི་ཕྱིར་དང་ཡུལ་ན་མི་གནས་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་མི་རྟོག་པའང་སྐྱེས་བུར་སྨྲ་བ་དག་ནི་སྐྱེས་བུ་འགྲོ་བ་སྐྱེ་བའི་རྒྱུ་ཡིན་པར་འདོད་ལ། །གཙོ་བོར་སྨྲ་བ་དག་ནི་གཙོ་བོ་འགྲོ་བ་མཛའ་དག་གསལ་བར་བྱེད་པའི ་རྒྱུ་ཡིན་པར་འདོད་པས་ཆོས་ཀྱི་སྐུ་ནི་དེ་དག་དང་མཚན་ཉིད་མི་འདྲ་བ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། དེ་ལ་ཅུང་ཟད་ཇི་ལྟར་ཡང། །སྐྱེ་བ་མེད་ཅིང་གསལ་བ་མེད་།ཅེས་བྱ་བ་ནི་དངོས་པོ་མེད་པ་ཉིད་ལ་རྒྱུ་ཉིད་དང་གསལ་བྱེད་ཉིད་མེད་པའི་ཕྱིར་རོ་ཞེས་བྱ ་བའི་ཐ་ཚིག་གོ་།དེ་བཞིན་དུ་གྲོལ་བའི་བདག་ཀྱང་འཇིག་རྟེན་གྱི་མཐར་སོང་ནས་འཇིག་རྟེན་འདུས་པ་ཞེས་བྱ་བའི་ཐར་པ?་ན་གནས་ལ། སྐྱེས་བུ་མུན་བའི་མཛའ་གྱུར་པ་མཐོང་ན་དེར་བག་ལ་ཞར་བར་འདོད་ཀྱི་འདི་ནི་བལྟ་བར་བྱ་བ་མ་ཡིན་ཞིང་མཐོང་བ་མེད་དེ། ་འདི་ལ་འགའ་ཡང་གནས་པ་མེད། འགའ་ཡང་བག་ལ་ཞར་མི་འགྱུར། ཞེས་བྱ་བ་ནི་གྲོལ་བའི་ལམ་ཡང་དག་པར་བསྐྱེད་པ་དེ་ཡང་དེ་ཁོ་ན་བཞིན་དུ་སྣང་བ་མེད་པ་ན་རང་དང་གཞན་དམིགས་སུ་མེད་པའི་ཕྱིར་གང་ཡང་གནས་པ་དང་བག་ལ་ཞར་བར་འགྱུར་བ ་མེད་དོ། །ཚངས་པར་སྨྲ་བ་དགྲ་ཚངས་བ་ནི་འཇིག་རྟེན་ཐམས་ཅད་ཀྱི་དམ་པ་དང། འགྲོ་བ་རྣམས་ཀྱི་མེས་པོ་ཡིན་པར་འདོད་བས་དེ་ལས་འདིར་ཁྱད་པར་དུ་འཕགས་པ་ཉིད་ཡིན་པར་བསྟན་པའི་ཕྱིར་བཤད་པ། ཚངས་པ་ལ་སོགས་པ་གང་མི ་རྟོགས། །དེ་ནི་ཚངས་པ་དམ་པ་ཡིན། ཞེས་བྱ་བ་ནི་ཚངས་པ་དང། །ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་ཉིད་མཐོང་བའི་མངོན་པར་ང་རྒྱལ་དང་ལྡན་པ་དམིགས་པའི་ལྟ་བ་ཅན་དག་གས་གང་མི་རྟོགས་པ་དེ་ནི་ཚངས་བ་དམ་པ་ཡིན་ཏེ། ཚང་བ་ཞེས ་བྱ་བའི་སྒྲ་འདི་སྐྱེ་དགུའི་བདག་པོ་དང། མྱ་ངན་ལས་འདས་པ་གཉི་ག་ལ་ཡང་བསྙེགས་མེད་ཀྱི་འདིར་ནི་མྱ་ངན་ལས་འདས་པ་ཉིད་ཡིན་པར་གཟུང་ངོ། །དེ་ནི་དེ་དག་གིས་རྟོགས་པར་མི་རིགས་ཏེ། དམིགས་པ་ཅན་གྱི་ཤེས་པས་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར་རོ།། ་གང་དག་གིས་མི་བསླུ་བའི་ཚིག་གི་དབང་དུ་བྱས་ནས། བདེན་པ་ལས་ལྷག་པའི་ཆོས་མེད་དོ་ཞེས་ཟེར་བ་དེ་དག་ཀྱང་འདུས་བྱས་ཡིན་པའི་ཕྱིར་དང། སྦྲོས་པ་དང་བཅས་པ་ཡིན་པའི་ཕྱིར་གཅིག་ཏུ་བདེན་པ་ཉིད་མ་ཡིན་པར་བསྟན་བའི་ཕྱིར་བཤད ་པ། དེ་ནི་བདེན་པ་དམ་པ་ཞེས་།ཐུབ་པ་བདེན་པ་གསུང་པས་གསུངས། ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པ་དེ་ནི་མ་ལོག་པ་ཉིད་ཡིན་པའི་ཕྱིར་གཅིག་ཏུ་བདེན་པ་དམ་པའོ། ཞེས་ཐུབ་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་བདེན་བ་གསུང་བ་ཉིད་ཀྱིས ་རྡོ་རྗེ་གཅོད་པ་ལ་སོགས་པའི་མདོ་ལས་།ཇི་ཙམ་དུ་འདུས་བྱས་པ་དེ་ཙམ་དུ་བརྫུན་ལ། ཅི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་མི་འཛུན་ནོ་ཞེས་གསུངས་སོ། །ཚངས་པ་ཆེན་པོ་ནི་སྟོང་ལ་དབང་སྒྱུར་བའི་ཕྱིར་གནས་པ་ཆེན་པོ་ཉིད་ཡིན་ལ་།དབང་ཕྱུག་ལ ་སོགས་པ་དག་ནི་རང་གི་འཁོར་གྱིས་བསྙེན་བཀུར་བྱེད་པའི་ཕྱིར་གནས་པ་ཆེན་པོ་ཉིད་ཡིན་གྱི་འདི་ལ་ནི། འཕགས་པ་སྤྱན་རས་གཟིགས་དབང་དང། འཕགས་པ་བྱམས་པ་ལ་སོགས་པ། །མཁས་པ་ཐུབ་པ་མང་པོ་དག། བསྙེན་མེད་ཚུལ་གྱིས་དེ་སྙེན ་བྱེད། ཅེས་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། འཕགས་པ་བྱམས་པ་དང། ཀུན་ཏུ་བཟང་པོ་དང། འཇམ་དཔལ་གཞོན་ནུར་གྱུར་བ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པས་ས་བཅུ་པའི་དབང་ཕྱུག་བརྙེས་པ་དམིགས་སུ་མེད་པ་གོམས ་བར་བསྒོམས་པས་དྲི་མ་མེད་པ། ངོ་བོ་ཉིད་ཀྱི་དམིགས་པ་མེད་པ་ལ་མཁས་པ། ཐུབ་པ་མང་པོ་དག་ཀྱང་ལུས་དང་ངག་དང་ཡིད་ངོ་བོ་ཉིད་མེད་པ་སྒྱུ་མ་ལྟ་བུའི་ཕྱག་འཚལ་བ་དང། །བསྟོ་ར་དང་བསམ་པ་དག་གི་དེ་ལ་བསྙེན་བཀུར་བྱ་བ་མེད་པའི་ཚུལ་གྱིས་བསྙེན་བཀུར ་བྱེད་དེ། བསྙེན་བཀུར་བྱ་བ་མེད་པ་ཉིད་བསྙེན་བཀུར་ཡིན་བའི་ཕྱིར་རོ། །གལ་ཏེ་སྒྲོས་བ་མེད་པ་དང་རྣམ་པར་མི་རྟོག་པ་ཐམས་ཅད་དུ་སོང་བ་ཡིན་ན། འོ་ན་ཇི་ལྟར་དེ་བཞིན་གཤེགས་པ་ཁོ་ནའི་སྐུ་ཡིན་ལ་གཞན་དག་གི་མ་ཡིན་པར་ཤེས་པར་བྱ་ཞེ་ན་།བཤད་པ། ་དེ་ལས་དངོས་ཉིད་མིན་གཞན་དང། །དེས་ནི་ཐུགས་སུ་ཆུད་པའི་ཕྱིར། །དེ་བཞིན་གཤེགས་པའི་སྐུར་འདོག་དེ། །གཞན་གྱི་མ་ཡིན་པའི་མི་རྟོགས་།ཞེས་བྱ་བ་ནི་དོན་དམ་པར་དེ་ཚིག་དང་བློའི་ཡུལ་མ་ཡིན་དུ་ཟིན་ཀྱང། དེ་བཞིན་གཤེགས་པའི་ངོ་བོ་ཉིད ་མཚན་དང་དཔེ་བྱད་བཟང་པོ་མངའ་བ་གང་ཡིན་པ་དེ་ཉིད་དེའི་ཡིན་པས་དེ་བཞིན་གཤེགས་པ་དེ་ལས་སྐུ་དེའི་དངོས་པོ་ཉིད་མི་གཞན་པའི་ཕྱིར་དེ་ནི་དེ་བཞིན་གཤེགས་པའི་སྐུ་ཡིན་པར་འདོད་དེ། །དེའི་དངོས་པོ་ཉིད་གང་ཞེ་ན། སྟོང་བ་ཉིད་དེ་ཇི་སྐད་དུ། ་སྟོང་པ་ཉིད་ལ་ཐ་དང་ཉིད། །ཅུང་ཟད་མེད་པར་རབ་ཏུ་བསྟན། །སྟོང་ཉིད་དེ་ནི་གཅིག་ཉིད་དེ། །གང་གིས་སྟོང་ཉིད་དེ་མཐོང་བ། །དེས་ནི་སངས་རྒྱས་མཐོང་བར་འགྱུར། །སྟོང་པ་ཉིད་ལས་དེ་གཞན་མིན། །ཞེས་གསུངས་བ་ལྟ་བུའོ། །ཡང་ན་ཡེ་ཤེས ་ཀྱི་སྐད་ཅིག་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དེས་གཟུགས་ལ་སོགས་པ་དང་སྟོབས་དང། མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་ཆོས་འདུས་པ་དག་དམིགས་སུ་མེད་པའི་སྒོ་ནས་དམིགས་པར་བྱ་བ་དང། དམིགས་པ་མཉམ་པས་མཉམ་པའི་ངོ་བོ ་ཉིད་དུ་ཐུགས་སུ་ཆུད་པའི་ཕྱིར། དེ་བཞིན་གཤེགས་པ་ཁོ་ནའི་སྐུ་ཡིན་པར་འདོད་ཀྱི་གཞན་སུའི་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པ་གཞན་དག་གིས་དེ་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་མ་རྟོགས་པའི་ཕྱིར་སྐུ་གསུམ་རྣམ ་པར་བཞག་པ་ཉིད་ཀྱང་སློབ་དཔོན་གྱིས་རང་གི་བསྟན་བཅོས་ཀྱིས་སྐབས་སུ་འདི་སྐད་བཤད་དེ། འོག་མིན་གྱི་ཕོ་བྲང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སེམས་ཀྱི་མོད་ལ་དེ་བཞིན་གཤེགས་པའི་སྐུ་ཡེ་ཤེས་ཀྱི་བདག་ཉིད་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ ་ཕྲག་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་ཉེ་བར་བསགས་པ་ལས་ངེས་པར་འཁྲུངས་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་གཟུགས་སྣ་ཚོགས་ཅན་ལྟར་རྟོག་པ་མི་མངའ་བ། །སྤྲོས་པ་ཐམས་ཅད་དང་བྲལ་བ་སྒྲིབ་པ་རྣམ་པ ་གཉིས་སྤངས་པས་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་གནས་པར་གྱུར་པའི་མཚན་ཉིད་ཀྱི་གཟུགས་ཀྱི་སྐུ་དང་ལྷན་ཅིག་ཉིད་དུ་མངོན་པར་འགྲུབ་བོ། །དེ་བཞིན་གཤེགས་པའི་སྐུ་རྣམ་པར་མི་རྟོག་པའི་དེ་ལས་གཞན་ལ་ཕན་པ་སྒྲུབ་པའི་ཚུལ་ཁྲིམས ་ཀྱི་ཡོངས་སུ་བགོས་པའི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སྤྲུལ་པའི་སྐུས་ཐམས་ཅད་ལ་ཕན་འདོགས་པར་བཟོད་པ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་དག་ཏུ་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོགས་མར་མཛད་དོ་འཕོ་བ་དང། ལྷུམས་སུ ་མཇུག་པ་དང་ལྷུམས་ན་བཞུགས་པ་དང་བལྟམ་པ་དང་གཞོན་ནུ་རོལ་པ་དང། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང། མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པ་དང། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། བདུད་འདུལ་བ་དང། ་མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཀུན་ཏུ་སྟོན་པ་ཉིད་འབྱུང་ངོ། །དེ་ལ་བརྟེན་ནས་ཡི་གེ་དང་རྩ་བ་དང་ཚིག་གི ་གོ་རིམ་གྱི་མཚན་ཉིད་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རངས་པར་མཛད་པ་གང་ལ་ཐེག་པ་མཆོག་གིས་འགྲོ་བ་རྣམས་ཀྱི་ཐེག་པ་ཆེན་པོ་ཞེས་བྱ་བར་བརྗོད་པ་འབྱུང་སྟེ་།ཡེ་ཤེས་དང་གཟུགས་དང་གསུང་གི་སྐུ ་གསུམ་པོ་དེ་དག་ནི་སྡོམ་པ་གསུམ་ལས་ངེས་པར་འཁྲུངས་པ། ལུས་དང་ངག་དང་སེམས་གནས་བྱུང་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བཤད་དོ། །མང་སྡེ་ལས་།གང་དག་ངལ་གཟུགས་སུ་མཐོང། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བས་ཞུགས ་པ་སྟེ། སྐྱེ་བོ་དེ་དག་ང་མི་མཐོང། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དེས་ཀྱང་སྐུ་གསུམ་པོ་དེ་དག་ཀུན་རྫོབ་པ་དང། །དོན་དམ་པར ་རྣམ་པར་བཞག་པ་ཉིད་དུ་སྟོན་ཏེ། འདིར་ཡེ་ཤེས་ནི་ཆོས་ཀྱི་སྐུར་བཞེད་དེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་དེ་བཞིན་གཤེགས་པ་དེ་ལ་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུར་བལྟ་བར་འདོད་བས་ཞེས་གསུངས་ཏེ། དེར་ཆོས་ཀྱི་སྐུ་ཞེས་གསུངས ་པ་ནི་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་ཡིན་པར་འདོད་དོ། །འོ་ན་སྐྱབས་གཉིས་པ་མེད་པར་འགྱུར་རམ་ཞེ་ན། མེད་པར་མི་འགྱུར་ཏེ་།སྒྲུབ་པ་དང་འབྲས་བུའི་ཆོས་ཡོད་པའི་ཕྱིར་རོ། །འཕགས་པ་རྡོ་རྗེ་སྡེས་ནི་གཟུགས་ཀྱི་སྐུ་འོག་མིན ་གྱི་སྤྱོད་ཡུལ་ཅན་ཆོས་ཀྱི་སྐུའི་གཞི་ལ་བརྟེན་པ་ནི་རྣམ་པར་སྨིན་པའི་སྐུ་ཞེས་བཤད་དོ། །འཕགས་པ་ཐོགས་མེད་ཀྱིས་ནི་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བསྟན་ལ་།སྟོབས་དང་མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི། ་ཆོས་ཀྱི་གཞིར་གྱུར་པ་ནི་ཆོས་ཀྱི་སྐུར་བསྟན། འཛམ་བུའི་གླིང་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་སྤྲུལ་པའི་སྐུར་བསྟན་ཏོ། །དེ་ལྟར་ཆོས་དང་གཟུགས་དང་སྤྲུལ་པའི་སྐུ་གསུམ་པོ་དེ་དག་ནི་བདེ་བར་གཤེགས་པ་ཉིད་ཀྱི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །རྣཾ་པར ་གྲོལ་བའི་སྐུ་ནི་ཉན་ཐོས་ལ་སོགས་པ་དག་ལ་ཡང་འདྲ་བར་ཡོད་པ་དེ་དག་ལས་ཁྱད་པར་དུ་ཆོས་ཀྱི་སྐུ་ཞེས་གསུངས་སོ། །ཆོས་ཀྱི་སྐུ་དེ་རྣལ་འབྱོར་པ་ཚངས་པ་བསྒོམ་པ་གོམས་གར་བྱེད་པས་མཐོང་བར་བསྟན་པའི་ཕྱིར་བཤད་པ་།དེ་ཉིད་བསྒོམ་པ་གོམས ་བྱེད་པ། །དམིགས་མེད་གནས་པ་དེ་ལ་ཡང། །གང་ལ་ཡིད་ནི་ཆགས་འགྱུར་ཞིང། །སྔར་འགྱུར་རྨོངས་འགྱུར་ག་ལ་ཡོད། །ཅེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་ཤེས་པ་ཆོལ་བར་སེམས་དཔའ་དང། །བསྒོམ་པ་དག་གིས་དམིགས་སུ་མེད་པའི་རྣམ་པ་གོམས་པ ་བྱེད་པ་དེ་ཉིད་མི་རྟོག་བ་དམིགས་པ་མེད་པར་གནས་པ་དེ་ལ་ཡང་གནས་པའི་གཞི་མེད་པའི་ཕྱིར་ཡུལ་གང་ལ་ཡིད་ཆགས་པ་དང་ལྡིང?་བ་དང་རྨོངས་པར་འགྱུར་དེ་གཞི་མེད་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་འབྱུང་བར་མི་འགྱུར་རོ། །འོ་ན་ཇི ་ལྟར་དེ་བསྒོམ་པ་གོམས་པར་བྱ་ཞེ་ན། སངས་རྒྱས་རྗེས་སུ་དྲན་པས་དེ་བསྒོམ་པ་གོམས་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་མེད་པ་དང། ཡིད་ལ་བྱེད་པ་མེད་པའི་བདག་ཉིད་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སངས་རྒྱས་རྗེས་སུ་དྲན་པ་ནི ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའོ་ཞེས་ཇི་སྐད་གསུངས་པ་དང། དེ་བཞིན་དུ་སྒོ་མཛའ་ཡས་པ་སྒྲུབ་པའི་གསུངས་ལས། དེ་སངས་རྒྱས་རྗེས་སུ་དྲན་པ་འབའ་ཞིག་བསྒོམ་སྟེ། གཟུགས་ལས་མ་ཡིན། མཚན་དང་དཔེ་བྱད་ལས་མ་ཡིན། ་ཡོན་ཏན་ལས་མ་ཡིན་།ཆོས་ལས་མ་ཡིན་།ཆོས་མ་ཡིན་པ་ལས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་དང། དེ་བཞིན་དུ་དེ་བཞིན་གཤེགས་པའི་ལེའུ་ལས། དེ་བཞིན་གཤེགས་པ་ལ་ལྟ་བ་ནི་སྟོང་པ་ཉིད་དང་མཚན་མ་མེད ་པ་དང། སྨོན་པ་མེད་པ་དང། སྐྱེ་བ་མེད་པ་དང་འགགས་པ་མེད་པ་དང། འབྱུང་བ་མེད་པ་དང། དངོས་པོ་མེད་པ་དང། མངོན་པར་འདུ་བྱེད་པ་མེད་པར་བལྟ་བ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་དང། དེ་བཞིན་དུ་བློ་གྲོས་མི་ཟད་པས་བསྟན་པའི་མདོ ་ལས། དེ་ལས་སངས་རྒྱས་རྗེས་སུ་དྲན་པ་གང་ཞེ་ན། གཟུགས་དང་མཚན་གྱི་རབ་ཏུ་ཕྱེ་བ་མ་ཡིན་པ་དང། སྐྱེ་བ་དང་རིགས་དང་དུས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དང། སྔོན་གྱི་མཛའ་ཨི་སྤྱོད་པ་དཀར་པོས་རབ་ཏུ་ཕྱེ་བ་མ་ཡིན་པ་དང། ཕྱི་མའི་མཛའ་ཨི་ཤེས་པ་རློམ་པས་རབ ་ཏུ་ཕྱེ་བ་མ་ཡིན་པ་དང། ད་ལྟར་བྱུང་བའི་གནས་པས་རབ་ཏུ་ཕྱེ་བ་མ་ཡིན་པ་གང་ཡིན་པ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་གཞི་མ་ཡིན་པ་དང། མཆན་མ་ཐམས་ཅད་ཀུན་ནས་སློང་པ་མ་ཡིན་པ་དང། རྟོག་པ་དང་རྣམ་པར་རྟོགས་པ་དང་ཡོངས་སུ་རྟོག་པ་ཐམས་ཅད་ཉེ་བར ་ཞི་བ་གང་ཡིན་པའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ཉིད་གོམས་པར་བྱེད་པ་ལ་ནི། སྡུག་བྲལ་མི་སྡུག་ཕྲད་པ་ལས། །སྡུག་བསྔལ་ག་ལས་འབྱུང། །འཇིག་རྟེན་ཆོས་ཀྱིས་མི་གོས་ཏེ། པདྨ་ལས་ནི་ཆུ་བཞིན་ནོ། ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པ་དེ་དག་དམིགས ་སུ་མེད་པའི་ཕྱིར་སྡུག་བ་དང་བྲལ་བ་དང། མི་སྡུག་པ་དང་ཕྲད་པ་ལས་སྡུག་བསྔལ་གྱི་ཚོར་བ་གང་དག་འབྱུང་བ་དེ་དག་ཀྱང་དེ་ལ་འབྱུང་བར་མི་འགྱུར་རོ། །འཇིག་རྟེན་ན་གནས་སུ་ཟིན་ཀྱང་འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང། མ་རྙེད་པ་དང། སྙན་པ་དང་མི་སྙན་པ ་དང། བདེ་བ་དང་སྡུག་བསྔལ་བ་དང། བསྟོད་པ་དང། སྨད་པ་ཞེས་བྱ་བ་དག་གིས་མི་གོས་ཏེ། དེ་ལ་ཆགས་པ་མེད་པའི་ཕྱིར་པདྨ་ཆུ་ན་སྐྱེས་ཀྱང་ཆུའི་ཉེས་པས་མི་གོས་བ་བཞིན་ནོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་སྔར་བསྟན་མོད་ཀྱི་ཡང་སྐབས་སུ་བབ ་པ་ས་བསྟན་པར་བྱ་སྟེ། འཁོར་བ་ལས་ནི་འབྱུང་མ་ཡིན། ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་སྤངས་པ་མ་ཡིན་པའི་ཕྱིར་རོ། །འཁོར་བ་ལས་གནོད་བྲལ་བ་ཡིན། ཞེས་བྱ་བ་ནི་མི་དགེ་བའི་ཆོས་མངོན་པར་འདུ་མི་བྱེད་པའི་ཕྱིར་དང། ཉོན་མོངས་པ་རྣམ་པར་མནན་པའི ་ཕྱིར་རོ། །མྱ་ངན་འདས་པ་ཐོབ་མ་ཡིན། ཞེས་བྱ་བ་ནི་སེམས་ཅན་ལ་ལྟ་བའི་ཕྱིར་རོ། །མྱ་ངན་འདས་ལ་གནས་ངང་འདྲ་།ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་བྱེད་ནུས་པའི་ཕྱིར་རོ། །ཉོན་མོངས་མེ་ཡི་གདུང་བ་མེད། ཅེས་བྱ་བ་ནི་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་སྤངས ་པའི་ཕྱིར་རོ། །ཉོན་མོངས་ལྡན་པ་ཡང་ནམ་མཁའ་བཞིན་།ཞེས་བྱ་བ་ནི་འཁོར་བ་བསྐྱེད་པའི་ས་བོན་གྱི་ཉོན་མོངས་པ་ཆུང་ངུ་ཡོད་ཀྱང་དེས་མི་གོས་པའི་ཕྱིར་རོ། །སེམས་མེད་སེམས་མེད་མ་ཡིན་ཏེ། ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་འགགས ་པའི་ཕྱིར་དང། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དེ་ནི་སྙོམས་པར་འཇུག་པ་ལ་གནས་པའི་ཕྱིར་རོ། ཞེས་བྱ་བ་ནི་བསམ་གཏན་ཤིན་ཏུ་གོམས་པར་བྱས་པས་ལུས་དང་སེམས་ལས་སུ་རུང་པས་འགོག་པའི་སྙོམས་པར་འཇུག ་པ་ཐོབ་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་ཐོབ་ཀྱང་བྱང་ཆུབ་མ་རྟོགས་པའི་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ན་ཡང། དེ་ནི་ཤེས་རབ་ལྷུན་པོའི་རྩེར། །འཛེགས་ཤིང་མྱ་ངན་མེད་གྱུར་ཀྱང། །སྙིང་རྗེའི་དབང་གིས་འཇིག ་རྟེན་པ། །མྱ་ངན་གདུངས་དང་སྡུག་བསྔལ་ལྟ་།ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ནི་ཆེ་བའི་ཕྱིར་དང། མངོན་པར་འཐོ་བའི་ཕྱིར་ལྷུན་པོའི་རྩེ་དང་འདྲའོ། །དེར་འཇོགས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་དག་གིས་ཤིན་ཏུ་རབ་ཏུ་གནས་པར་གྱུར ་པའོ། །མྱ་ངན་མེད་པར་གྱུར་ཀྱང་ཞེས་བྱ་བ་ནི་ངས་སྒྱུ་མ་ལྟ་བུའི་ཆོས་ཉིད་རྟོག་པའི་ཕྱིར་བདག་ཉིད་མྱ་ངན་མེད་པར་གྱུར་ཀྱང་ངོ། །སྙིང་རྗེའི་དབང་གིས་ཞེས་བྱ་བ་ནི་དེའི་སེམས་ཀྱི་རྒྱུད་སྙིང་རྗེ་ལ་གནས་པའི་ཕྱིར་རོ། །འཇིག་རྟེན་པ་མྱ་ངན་གྱིས་གདུངས་པ་དང། སྡུག ་བསྔལ་བ་ལ་བལྟའོ་ཞེས་བྱ་བ་ནི་འཇིག་རྟེན་པ་ཕ་མ་དང་བྲལ་བ་ལ་སོགས་པའི་མྱ་ངན་མི་ལྟ་བུས་སེམས་གདུངས་པ་དང། རྒྱུན་ཏུ་མི་རྟག་པ་ཉིད་ཀྱིས་རྗེས་སུ་འབྲེལ་པའི་སྡུག་བསྔལ་དང་ལྡན་པ་ལ་རྣམ་པར་ལྟ་བར་བྱེད་པའོ། །དེ་ནི་དེ་ཚེ་སྙིང་རྗེ་ཡི། །བརླན་པའི་མིག ་གིས་འཇིག་རྟེན་པ། །རྣམ་རྟོག་གཟོ་ལས་བྱུང་བ་ཡི། །རྟོག་པའི་དྲ་བས་དཀྲིས་པ་དང། །སྐྱེ་རྒ་ན་འཆིའི་ཟུག་རྔུ་ཡི། །རྨ་བཏོད་ན་བར་གྱུར་པ་དང། །ཞན་དང་བཀྲེན་དང་མཛའ་ངན་དང། །མགོན་མེད་དཔུང་གཉེན་མེད་པ་དང། སྡུག་བསྔལ་ཉེ་བར་ཞི་འདོད་པས། །སྡུག ་བསྔལ་ཆུའོ་ཆེར་ལྟུང་དང། །སྡུག་བསྔལ་རྒྱུ་དག་སྤེལ་པའི་ཕྱིར། །རྨོངས་པའི་ཡིད་ཀྱིས་ཞུགས་པ་དང། །དེ་ཉིད་བདུད་རྩི་ཞི་བ་དང། །སྤྲོས་པ་ཉེར་ཞི་སྟོན་ཀ་ཡིས། །དྲི་མེད་མཁའ་བློ་སྤྱོད་པ་ཡི། །སྣང་མེད་མིག་མེད་ཀུན་བལྟས་ནས། ཞེས་བྱ་བ་དག་གིས་ནི་བྱང་ཆུབ་སེམས ་དཔའ་དེ་མི་གནས་པའི་མྱ་ངན་ལས་འདས་པ་དེ་ལ་གནས་པ་དེའི་ཚེ་ན་སྙིང་རྗེས་བརླན་པའི་ཤེས་རབ་ཀྱི་མིག་གིས་འཇིག་རྟེན་པ་ལ་ཀུན་ཏུ་བལྟས་ནས་སྙིང་རྗེས་ཤིན་ཏུ་གདུངས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པའི་ཆུ་བོ་འབེབས་ཤིང ་གཞན་གྱི་སྡུག་བསྔལ་སེལ་བ་དང། བདག་ཉིད་དཔག་བསམ་གྱི་ཤིང་ལྟ་བུར་བྱེད་ཅིང་བདེ་འགྲོ་ལ་སོགས་པ་གང་དུ་གཞན་ལ་ཕན་པ་དང་བདེ་བར་འགྱུར་བའི་གནས་སུ་སྐྱེ་བ་དང། དེ་དག་ཏུ་སྐྱེས་པའི་ཚེན་འཁོར་བཅུགས་ཤིང་སྲན་ཐུབ་པ་དག་དང་ལྡན་ཞིང་རྒྱ་མཆོ ་བཞིན་དུ་སྒོ་མང་པོ་ནས་བསོད་ནམས་ཀྱི་ཆུ་བོ་དག་གིས་ཡོངས་སུ་གང་བར་འགྱུར་རོ་ཞེས་འོག་ནས་འབྱུང་བའི་དོན་དང་ཚིག་གི་མཇུག་སྡུད་འབྱུང་བ་དག་སྤྱིར་བློ་ལ་བཞག་སྟེ་སྟོན་ཏོ། །དེ་དེའི་ཆེ?་སྙིང་རྗེས་བརླན་པའི་ཤེས་རབ་ཀྱི་མིག་གིས་འཇིག་རྟེན་པ་ལ་ཀུན་ཏུ ་བལྟ་བ་ན་འཇིག་རྟེན་པ་གནས་སྐབས་ཇི་ལྟ་བུར་གྱུར་པ་དག་ལ་ཀུན་ཏུ་ལྟ་ཞེ་ན། རྣམ་རྟོག་བཟོ?་ལས་བྱུང་བ་ཡི་།རྟོག་པའི་འདྲ་བས་དཀྲིས་པ་དང། ཞེས་བྱ་བ་ལ་སོགས་པ་ལྟ་བུའི་གནས་སྐབས་སུ་གྱུར་པ་ལ་ཀུན་ཏུ་བལྟའོ་ཞེས་བྱ་བར་སྒྱར་རོ། །ཡིད་ཀྱི་རྣམ ་པར་ཤེས་པས་ཀུན་ནས་བསླང་བའི་རྣམ་པར་རྟོག་པ་ཉིད་བཟོ་ཡིན་ཏེ་།དེ་ལས་བྱུན་བའི་རྟོག་པའི་དྲ་བ་ཡོད་པ་དང་མེད་པ་ལ་སོགས་པར་བལྟ་བ་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ཀྱི་གཞི་ལ་དམིགས་པ་མང་པོ་དག་གིས་ཀུན་ནས་དཀྲིས་ཤིང་གཡོགས ་པ་ལའོ། །རྟོག་སའི་དྲ་བས་དཀྲིས་པ་འབའ་ཞིག་ཏུ་ཡང་མ་ཟད་དེ་འོ་ན་ཇི་ལྟ་བུར་གྱུར་པ་ཞེ་ན། སྐྱེ་རྒ་ན་འཆིའི་?་ཟུག་རྔུ་ཡི། །རྨ་བཏོང་ན་པར་གྱུར་པ་དང། ཞེས་བྱ་བ་ནི་ཕུང་པོ་འབྱུང་བའི་སྐྱེ་བ་དང། ཡོངས་སུ་འགྱུར་བའི་རྒ་བ་དང། ནད་ཀྱིས་ན་བ་དང། རྣམ ་པར་འཇིག་པའི་འཆི་བ་དེ་དག་ཉིད་ཡིད་མི་བདེ་བའི་བདག་ཉིད་ཀྱི་ཟུག་རྔུ་ཡིན་ཏེ། དེས་རྨ་གཏོང་པས་རྟག་ཏུ་ན་བར་གྱུར་ཅིང་མི་བདེ་བར་གྱུར་པ་ལ་ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་ཞེན་དང་བཀྲེན་དང་མཛའ་ངན་དང། །མགོན་མེད་དཔུང་གཉེན་མེད་པ ་དང། ཞེས་བྱ་བ་ནི་སྲིད་པའི་ཁྱིམ་ནས་ངེས་པར་འབྱུང་བའི་བྱ་བ་ལ་མོང་བརྟུལ་བས་ཞན་པ་དང། དགེ་བའི་ཆོས་ཀྱིས་དབུལ་བས་བཀྲེན་པ་དང། འཇུག་མི་བཟད་བས་མཛའ་ངན་པ་དང། དད་པ་དང་ཚུལ་ཁྲིམས་ལ་སོགས་པའི་མགོན་བྱེད་པའི་ཆོས་བཅུ་དང་བྲལ ་བས་མགོན་མེད་པ་དང་ངེས་པར་འབྱུང་བའི་ལམ་ལ་མི་མཁས་པས་དཔུང་གཉེན་མེད་པ་ལའོ། །གཞན་ཡང་སྡུག་བསྔལ་ཉེ་བར་ཞི་འདོད་པས། །སྡུག་བསྔལ་ཆུ་བོ་ཆེར་ལྟུང་དང། །སྡུག་བསྔལ་རྒྱུ་དག་སྤེལ་བའི་ཕྱིར། །རྨོངས་པའི་ཡིད་ཀྱིས་ཞུགས་པ་དང། ་ཞེས་བྱ་བ་ནི་དཔེར་ན་འགའ་ཞིག་འབབ་ཆུས་ཁྱེར་བ་ན་ད་ལས་བསྐྱབ་པའི་ཕྱིར་ཆུ་བོར་མཆོངས་པ་ན་དེས་དེ་ཤིན་ཏུ་སྔ་མ་བས་ཆེར་ཁྱེར་བར་གྱུར་པ་དེ་བཞིན་དུ་འཇིག་རྟེན་འདི་ཡང་སྔོན་ཉེ་བར་བླངས་ངའི་ལས་དག་གིས་སྡུག་བསྔལ་གྱི་ཆུ་བོར་བྱིང་བ་ན། སྡུག ་བསྔལ་དེ་ཉེ་བར་ཞི་བར་འདོད་པས་སྒྲིབ་པ་ཤས་ཤིན་ཏུ་ཆེན་པོས་བསྒྲིབས་པར་བྱས་ནས་།ལས་གང་དག་གིས་ཡུན་རིང་པོར་འཁོར་བའི་ཆུ་བོ་ཆེན་པོར་འཁོར་བར་འགྱུར་བའི་ལས་ཉེ་བར་ལེན་པ་དེ་དག་ཉེ་བར་ལེན་པས་སྡུག་བསྔལ་གྱི་ཆུ་བོར་ལྟུང་བ་དང། ་འདོད་པ་དང་སྲིད་པ་དང། བདག་ཏུ་སྨྲ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་འདི་བདེན་སྙམ་དུ་མངོན་པར་ཞེན་པའི་ལྟ་བ་ཉེ་བར་ལེན་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ངག་སྤེལ་བའི་ཕྱིར་མ་རིག་པས་རྨོངས་པའི་ཡིད ་ཀྱིས་འཁོར་བའི་རྒྱུན་དུ་ཞུགས་པ་ཡིན་ཏེ། དེ་ལྟ་བུར་གྱུར་པ་ལ་ཀུན་ཏུ་བལྟའོ། །དེ་ལྟར་དེ་དག་གིས་ནི་འཁོར་བའི་རྒྱུན་ཏུ་ཞུགས་པ་ཉིད་བསྟན་ཏེ། ཐར་པའི་ཐབས་རབ་ཏུ་ཉམས་པར་བསྟན་པའི་ཕྱིར། དེ་ཉིད་བདུད་རྩི་ཞི་བ་དང། སྤྲོས་པ་ཉེར་ཞི་སྟོན ་ཀ་ཡི། །དྲི་མེད་མཁའ་ལ་བློ་སྤྱོད་པའི། །སྣང་མེད་མིག་མེད་ཅེས་སྨྲས་ཏེ། །དོན་དམ་པའི་དེ་ཉིད་བདུད་རྩི་ལྟར་ངོམས་པར་བྱེད་པ་སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་ཞི་བ་མངོན་པར་བརྗོད་པ་ཐམས་ཅད་ཀྱིས་སྤྲོས་པ་ཉེ་བར་ཞི་བ་སྟོན་ཀའི་དུས་ཀྱི་ནམ་མཁའ་ཨི་དཀྱིལ ་དྲི་མ་མེད་པ་ལྟ་བུ་ལ་གང་གོ་བློའི་སྤྱོད་པའི་སྣང་བ་མེད་པ་དེ་ཉིད་ཤེས་རབ་ཀྱི་མིག་དངབྲལ་བའི་ཕྱིར་མིག་མེད་པ་ཡིན་ཏེ། དེ་ལྟར་སྡུག་བསྔལ་དང་ཉོན་མོངས་པ་མང་པོས་གཅེས་པའི་འཇིག་རྟེན་ལ་ཀུན་ཏུ་བལྟས་ནས་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུའི་འཇིག་རྟེན ་ལ་ཀུན་ཏུ་བལྟས་ནས། ཕ་རོལ་ཏུ་ཕྱིན་པའི་ཆུ་བོ་འབེབས་པ་ལ་སོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ཡོན་ཏན་ཇི་ལྟ་བུ་དང་ལྡན་པ་ཞིག་ཅེ་ན་།སྙིང་རྗེས་ཤིན་ཏུ་ཡིད་གདུངས་པ། །དེ་ལ་ཕན་ཕྱིར་བརྟུལ་ཞུགས་ཅན། །རྡོ་རྗེ་རིན་ཆེན་སྲ་པའི་སེམས། །སེམས ་ཅན་གཙོ་བོ་ལེགས་བསླབས་པ། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང། །བརྩོན་འགྲུས་བསམ་གཏན་ཤེས་རབ་བརྩོན། །དུས་བཞིན་དང་ནི་མཐུ་བཞིན་དུ། །ཤེས་རབ་དྲན་པ་སྔོན་འགྲོ་བ་ཞེས་བྱ་བ་སྟེ། སྙིང་རྗེས་ཤིན་ཏུ་ཡིད་གདུངས་པ་།ཞེས་བྱ་བ་ནི་སྙིང ་རྗེའི་ཤུགས་ཀྱིས་ཤིན་ཏུ་སེམས་གདུངས་པའོ། །དེ་ལ་ཕན་ཕྱིར་བརྟུལ་ཞུགས་ཅན། ཞེས་བྱ་བ་ནི་འཇིག་རྟེན་དེ་ལ་ཕན་གདགས་པའི་ཕྱིར་བརྟུལ་ཞུགས་དྲག་པོ་བླངས་པའོ། །རྡོ་རྗེ་རིན་ཆེན་སྲ་པའི་སེམས་ཞེས་བྱ་བ་ནི་རྡོ་རྗེའི་རི་བོས་ཀྱང་མི་ཕྱེད་པའི་བྱང་ཆུབ་ཀྱི ་སེམས་དང་ལྡན་པའོ། །སེམས་ཅན་གཙོ་བོ་ཞེས་བྱ་བ་ནི་སེམས་བསྐྱེད་པ་ཙམ་ཁོ་ནས་ཉན་ཐོས་ལ་སོགས་པ་ཐིལ་གྱིས་གནོན་པའི་ཕྱིར་རོ། །ལེགས་བསླབས་པ་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་བསླབས་པ་དག ་ལ་ཤིན་ཏུ་ལེགས་པར་བསླབས་པའོ། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང། །བརྩོན་འགྲུས་བསམ་གཏན་ཤེས་རབ་བརྩོན་།ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་།སྙིང་རྗེས་ཐེག་པ་ཆེན་པོའི་དོན་མཛའ་དག་བསྡུས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ན ་གཛུ?་ནས་ཇི་སྐད་དུ། སྦྱིན་པ་ཚུལ་ཁྲིམས་བཟོད་དང་བརྩོན་།བསམ་གཏན་ཤེས་རབ་སྙིང་རྗེ་ཡི། །བདག་ཉིད་ཐེག་པ་ཆེན་པོ་འདི། །སངས་རྒྱས་བྱང་ཆུབ་སེམས་དཔས་བསྔགས། །སྦྱིན་པ་རང་གི་གདོགས་པ་གཏོང། །ཚུལ་ཁྲིམས་གཞན་ལ ་ཕན་པ་བྱེད། །བཟོད་པ་ཁྲོ་བའི་གཉེན་པོར་གསུངས། །བརྩོན་འགྲུས་དགེ་ལ་བརྩོན་པ་སྟེ། །བསམ་གཏན་ཉོན་མོངས་མེད་རྩེ་གཅིག། ཤེས་རབ་བདེན་དམ་ངེས་འབྱེད་ཡིན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདེ། །བཟོད་པས་མདངས་དང་བརྩོན་པས་འོད། །བསཾ ་གཏན་ཞི་དང་བློ་གྲོས་གྲོལ། །སྙིང་རྗེས་ཐམས་ཅད་སྒྲུབ་པར་བྱེད། །གཅིག་ཅར་ཕ་རོལ་ཕྱིན་གྱུར་པའི། །དགེ་བ་བདུན་པེ་འདི་དག་གིས། །ཤེས་བྱ་དཔག་མེད་ཡུལ་གྱུར་པའི། འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར་།ཞེས་གསུངས་པ་ལྟ་བུའོ། །དུས་བཞིན་དང་ནི ་མཐུ་བཞིན་དུ། ཤེས་རབ་དྲན་པ་སྔོན་འགྲོ་བ། །ཞེས་བྱ་བ་ནི་གདུལ་བའི་དུས་ཇི་ལྟ་བ་བཞིན་དང་རང་གི་ནུས་པའི་མཐུ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་དང་དོན་དམ་པ་པའི་ཤེས་རབ་རྣམ་པ་གཉིས་དང་རྗེས་སུ་དྲན་པ་དྲུག་བསྒོམ་པ་སྔོན་དུ་འགྲོ་བས་སྦྱིན་པ ་ལ་སོགས་པ་གོམས་པར་བྱེད་པ་སྟེ། ལག་བཟངས་ཀྱིས་ཞུས་པའི་མདོ་ལས་ཇི་སྐད་དུ་།གལ་ཏེ་སྦྱིན་པ་དང་གཏོང་བ་དང་།རྣམ་པར་སྤོང་བ་ལ་སློབ་པར་མི་ནུས་པར་གྱུར་ན་འདི་ལྟར་སོ་སོར་ཡང་དག་པར་སློབ་པར་བྱེད་དེ། དུས་དུས་སུ་ཅུང་ཟད་ཅུང་ཟད་འདོད་པ ་དང་།སེར་སྣ་དང་སྦྱིན་པས་འཇིགས་པ་ཉིད་གདུལ་བ་དང། སྤང་བ་དང། རྣམ་པར་སྤང་བ་དང། སྦྱིན་པ་དང། གཏོང་བ་དང་།རྣམ་པར་སྤོང་བ་ལ་བསླབ་པ་དང། སྤྱད་པ་དང་མངོན་པར་སྤེལ་བར་རྩལ་བ་དང། འབད་པ་དང། བརྩོན་པར་བྱའོ་སྙམ་དུ་སོ ་སོར་ཡང་དག་པར་སློབ་པར་བྱེད་དོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ལ་ཡང་རྒྱ་ཆེར་སྦྱར་རོ། ཞེས་གསུངས་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཡང་དག་པར་བླང་བར་འདོད་པ་དང། ལྷག་པར་སྤྱོད་པར་འདོད་པས ་སྒང?་ནག་སེམས་ཅན་ཐམས་ཅད་བསྒྲལ་བ་དང། དགྲོལ་བའི་ཕྱིར་ལྟག་པར་སྤྱང་པ་ཡང་དག་པར་ལེན་པར་བྱེདཔ་བསྟན་པའི་ཕྱིར་བཤད་པ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྦྱིན་ལ་སོགས་པའི་རི་བོ་ལས། །བྱུང་བའི་ཆུ་ཀླུང་བསོད་ནམས་དང། །དྲི་མེད་དགེ་བའི ་ཆུ་ལྡན་འབེབས། ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་ཕན་གདགས་པའི་ཕྱིར་སྦྱིན་པ་དང་།ཚུལ་ཁྲིམས་ལ་སོགས་པ་དྲུག་པོ་རི་བོ་ལྟ་བུར་གྱུར་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཆུ་ཀླུང་ལྟ་བུར་འདོད་པ་མེད་པ་དང། ཞེ་སྡང་མེད་པ་དང་གཏི་མུག་མེད་པའི ་བདག་ཉིད་ཀྱི་བསོད་ནམས་ཉིད་དྲི་མ་མེད་པ་ཡིན་ལ། སྡིག་པ་སྤོང་བས་དགེ་བའི་ཆུ་དེ་ལྟ་བུ་དང་ལྡན་པ་འབབས་པར་བྱེད་དོ། །དེའི་འོག་ཏུ་སྦྱིན་འདོད་པའི་བསམ་པ་ཆེས་ཤས་ཆེན་པོ་མངོན་པར་འཕེལ་བར་གྱུར་པ་ན། སློང་བ་ཀུན་ལ་དུས་ཀུན་ཏུ། །ཕྱི་ནང་དངོས་པོ ་ཐམས་ཅད་ཀྱིས། །དབུལ་དང་སློང་བའི་སྡུག་བསྔལ་ཀུན། །རྣམ་པ་ཀུན་ཏུ་སེལ་བར་བྱེད། ཅེས་བྱ་བ་ནི་སློང་བ་ཀུན་ལ་སོགས་པའི་སེམས་ཀྱིས་དུས་ཀུན་ཏུ་གུས་པར་རང་གི་ལག་ནས་གཞན་ལ་མི་གནད་ཅིང་འགྱོད་པ་མེད་པར་ཕྱི་དང་ནང་གི་དངོས་པོ་གོས་དང་ཟས་དང། རིན་པོ་ཆེ་དང་བུ་དང་བུ་མོ་དང། མགོ་དང་ལག་པ་དང་རྐང་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱིས་བཀྲེན་ཞིང་དབུལ་བ་དང། རེ་ཞིང་སླེང་བ་ལས་བྱུང་བའི་སྡུག་བསྔལ་མི་དགའ་བ་ཀུན་མ་ལུས་པར་རྣམ་པ་ཀུན་ཏུ་སེལ་བར་བྱེད་དེ། འདིས་ནི ་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་གོམས་པར་བྱེད་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྟན་ཏོ། །དེ་ཡོངས་སུ་རྫོགས་པར་བྱས་པས། །སློང་བ་རྣམས་ཀྱི་བསམ་པ་དག་།སྐད་ཅིག་སྐད་ཅིག་དགའ་རྫོགས་ཤིང། །དུས་ཀུན་མི་ཟད ་འབྲས་བུ་ཡིས། །འབྱོར་ཅིང་དཔག་བསམ་ཤིང་ལྟར་བྱེད་།ཅེས་བྱ་བ་ནི་སློངས་མོ་དག་གིས་བསམ་པ་དག་སྐད་ཅིག་གཅིག་ལ་དགའ་བས་ཡོངས་སུ་རྫོགས་པར་བྱེད་ཅིང། བདག་ཉིད་དུས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ ་ཟད་མི་ཤེས་པ་དག་གིས་འབྱོར་ཅིང་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་དོན་བྱེད་པ་ཡིན་ནོ། །དེ་ལ་སློང་བ་རྣམས་ཀྱི་ཞེས་བྱ་བ་ནི་སློངས་མོ་པ་འབྱོར་པ་དང་བྲལ་བ་རྣམས་ཀྱིའོ། །བསམ་པ་དག་ཅེས་བྱ་བ་ནི་བསམ་པ་དང། རེ་བ་དང་ཡིད ་ལ་བསམས་པ་ཞེས་བྱ་བ་དག་གི་རྣམ་གྲངས་སོ། །སྐད་ཅིག་སྐད་ཅིག་དགའ་རྫོགས་ཤིང། ཞེས་བྱ་བ་ནི་སྐད་ཅིག་སྐད་ཅིག་ལ་དགའ་བ་དག་གིས་ཡོངས་སུ་རྫོགས་པར་བྱེད་ཅིང། དེའི་ཕྱིར་དེ་དུས་ཀུན་ཏུ་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས ་བུ་མི་ཟད་པ་དག་གི་འབྲས་བུ་ཅན་དུ་གྱུར་པས?་དེ་ཉིད་འབྱོར་ཅིང་བསྔགས་པར་འོས་ལ། དཔག་པས་མ་གྱི་ཤིང་ལྟར་འགྲོ་བ་རྣམས་ཀྱི་དོན་བྱེད་དོ། །དེ་ལྟར་གཏོང་ཕོད་པའི་དང་ཚུལ་ཅན་དུ་གྱུར་པ་ན། ཚུལ་ཁྲིམས་སྐྱོན་མེད་པ་ཡང་དག་པར་བླངས་བས། ་དེ་ནི་གཞན་ཕན་བདེ་སྐྱེད་པའི། །བདེ་འགྲོ་ཁོ་ནར་སྐྱེ་བར་འགྱུར། །ཡང་ན་འདོད་པས་གཞན་དག་ཏུ། །གཞན་ཕན་བདེ་བ་སྐྱེད་པར་སྐྱེ། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཡོངས་སུ་དག་པས་བདེ་འགྲོ་འབའ་ཞིག་ཏུ་སྐྱེའི་ངན་སོང་རྣམས་སུ་མི་ལྟུན་ངོ། །ཡང་ན་བསཾ ་བཞིན་དུ་ངན་འགྲོ་གཞན་དག་ཏུ་སྐྱེ་བ་ལན་ཅིང་གཞན་དག་ལ་ཕན་པ་དང་བདེ་བ་སྐྱེད་པའི་གནས་སུ་སྐྱེའི་བདག་ཉིད་ལ་ཕན་པ་དང་བདེ་བའི་དོན་དུ་ནི་མ་ཡིན་ནོ། །དེ་དེ་དག་ཏུ་སྐྱེས་པ་ན་ཡང་འགྲོ་བ་དེ་དང་དེ་དག་ཏུ། འཁོར་གཅུགས?་བརྟག་བཟོད་ ་མཛའ་ཡས་དང། །རྒྱ་མཚོ་བཞིན་དུ་སྒོ་ཀུན་ནས། །བསོད་ནམས་ཆུ་བོས་ཡོངས་རྒྱས་འགྱུར། ཞེས་བྱ་བ་ནི་དེ་འགྲོ་བའི་གནས་དེ་དག་ཏུ་ཡང་འཁོར་ཡིད་གཅིག?་གཙུགས?་པ་དང། བརྟག་བཟོད་པ་དང། མཛའ་ཡས་པ་དང་ལྡན་པར་འགྱུར་ཞིང་རྒྱ་མཚོ ་ཆེན་པོ་སྒོ་ཀུན་ནས་ཆུ་བོའི་རྒྱུན་རྣམས་ཀྱིས་ཡོངས་སུ་རྒྱས་བར་འགྱུར་པ་བཞིན་དུ། སྤྱིན་པ་དང་ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་བདག་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བའི་རྒྱུན་གྱི་སྒོ ་ཀུན་ནས?་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཡོངས་སུ་རྒྱས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་རྣམས་བཤད་ཟིན་ཏོ། །དབང་པོ་རྣམས་བཤད་པར་བྱ་སྟེ། སེམས་གཉེན་རྣམ་པར་མི་གཡེང་དང། ཤེས་བྱ་རྟོགས་དང་མཁས་པའི་བློ། །ལྡན་ཅིག་སྐྱེས་དང ་ལྡན་གྱུར་ཅིང། །ཇི་སྐད་འདོད་པའི་སྐལ་པར་གནས། ཞེས་བྱ་བ་ནི་གང་ལ་སེམས་ལས་སུ་རུང་བ་དང། ཀུན་ཏུ་མི་འཕྲོ་བ་ཡོད་པ་དེ་ནི་སེམས་གཉེན་པ་དང་རྣམ་པར་མི་གཡེང་བ་སྟེ། ཞི་ནས་ཀྱི་ཡན་ལག་ལ་གནས་པ་ཡིན་ནོ། །དེ་ཉིད་ཕུང་པོ་དང་ཁམས་དང་སྐྱེ ་མཆེད?་རབ་ཏུ་རྣམ་པར་འབྱེད་པ་དང་སོ་སོར་རྟོག་པའི་ནུས་པའི་བློ་ཚེ་རབས་བྱེ་བ་བརྒྱ་སྟོང་དུ་མ་ནས་གོམས་པར་བྱས་པ་དང་ལྡན་པ་ནི་ཤེས་བྱ་རྟོགས་པ་དང་མཁས་པའི་བློ་ལྷན་ཅིག་སྐྱེས་པ་དང་ལྡན་པར་གྱུར་པ་སྟེ། ཞི་གནས་ཀྱི་ཡན་ལག་དང་ལྡན་པ་ཡིན ་ནོ། །དེ་ལྟར་གྱུར་ཅིང་བསམ་གཏན་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པའི་སྟོབས་ཅན་དུ་གྱུར་པ་ཇི་སྲིད་འདོད་པའི་བསྐལ་པར་གནས་ཏེ། འདིས་ནི་དེའི་ཚེའི་ཚད་བསྐལ་པ་གྲངས་མེད་པར་བྱིན་གྱིས་བརླབ་བ་ཉིད་ཀྱི་ཚེ་ལ་དབང་བ་བསྟན་ཏོ། །གྲངས ་མེད་པ་དཔག་ཏུ་མེད་པ་ཡི། །ཏིང་འཛིན་ངེས་རྟོགས་བློ་དང་ལྡན། ཞེས་བྱ་བ་ནི་འདི་ནི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཏིང་ངེ་འཛིན་ལ་ངེས་པར་རྟོག་པ་ལ་འཇུག་པས་སེམས་ལ་དབང་བ་ཉིད་ཡིན་ནོ། །འཇིག་རྟེན་ཁམས་ནི་མཛའ་ཡས་དག་རྒྱན ་རྣམས་ཀྱིས་ནི་བརྒྱན་པར་བྱེད་།ཅེས་བྱ་བ་འདི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀོད་པ་དུ་མའི་རྒྱན་གྱིས་བརྒྱན་པ་བྱིན་གྱིས་རློབ་པ་ངག་ཀུན་ཏུ་སྟོན་པའི་ཚུལ་གྱིས་ཡོ་བྱད་ལ་དབང་བ་ཡིན་ནོ། །བཟོ་དང་ལས་སྔོན་འདུ་བྱེད་དང། །ལས་ཀྱི་རྣམ ་སྨིན་རབ་ཏུ་སྟོན་།ཙས་བྱ་བ་འདི་ནི་བཟོ་དང་རྒྱུ་རྩལ་དང་ལས་ངག་ཅི་འདོད་པར་ཀུན་ཏུ་སྟོན་པ་དང། ལས་ཀྱི་རྣམ་པར་སྨིན་པ་དུས་ཇི་ལྟ་བ་བཞིན་དུ་བྱིན་གྱིས་རློབ་པ་ཀུན་དུ་སྟོན་པ་ཉིད་ཀྱིས་ལས་ལ་དབང་བ་ཡིན་ནོ། །འགྲོ་ལ་ཕན་པ་སྒུབ?་འདོད་པས ་ཇི་ལྟར་འདོད་པ་རབ་ཏུ་སྐྱེ། ཞེས་བྱ་བ་ལ་འགྲོ་བ་ལ་ཕན་པ་སྒྲུབ་པར་འདོད་པ་ནི་འགྲོ་བ་ལ་ཕན་པ་བྱེད་པར་འདོད་པ་སྟེ། འདི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་ཏུ་སྟོན་པ་ཉིད་ཀྱིས་སྐྱེ་བ་ལ་དབང་པོ་ཡིན་ནོ། །སངས་རྒྱས་ཀུན་ནི ་གང་བ་ཡི། །འཇིག་རྟེན་ཁམས་རྣམས་སྟོན་པར་བྱེད། ཅེས་བྱ་བ་འདི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཡོངས་སུ་གང་བ་ཀུན་ཏུ་སྟོན་པ་ཉིད་ཀྱིས་མོས་པ་ལ་དབང་བ་ཡིན་ནོ། །ཇི་ལྟར་འདོད་པའི་དུས་དང་ནི། །ཞིང་དུ་རྫོགས་པར་བྱང་ཆུབ་སྟོན། །ཅེས་བྱ་བ ་འདི་ནི་ཇི་ལྟར་འདོད་པའི་དུས་དང་ཞིང་དུ་སངས་རྒྱས་ཀྱི་སྤྲུལ་པ་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་སྟོན་པ་ཉིད་ཀྱི་སྨོན་ལམ་ལ་དབང་བ་ཡིན་ནོ། །ཡེ་ཤེས་མིག?་གིས་ཤེས་བྱ་བའི། །དེ་ཉིད་ཐམས་ཅད་སྟོན་པར་བྱེད་།ཅེས་བྱ་བ་འདི་ནི་ཆོས་ཐམས་ཅད ་Fརྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ་ཉིད་ཀྱིས་ཡེ་ཤེས་ལ་དབང་བ་ཡིན་ནོ། །རྫུ་འཕྲུལ་མངའ་བས་འཇིག་རྟེན་ཀུན་ཏུ་རྣམ་པར་འཕྲུལ། །ཇི་ལྟར་ཟླ་བའི་དཀྱིལ་འཁོར་ལས་གཟུགས་བརྙན་དུས་གཅིག་ཏུ་མཛའ་ཡས་པ་འབྱུང་བ་ལྟར ་སེམས་ཅན་མཛའ་ཡས་པ་སོ་སོ་ཅིས་འདུལ་བ་བཞིན་སྤྲུལ་པ་མཛའ་ཡས་པས་ཅིག་ཅར་སྟོན་པས་རྫུ་འཕྲུལ་ལ་དབང་བ་ཡིན་ནོ། །ཆོས་རྣམས་བཞག་པ་ཉིད་རྟོགས་ཤིང། །མིང་ལ་སོགས་པ་ཐོབ་པ་ཉིད་།ཅེས་བྱ་བ་འདིས་ནི་མཛའ་དང་དབུས་མེད་པའི ་ཆོས་ཀྱི་སྒོ?་སྣང་བ་ཀུན་ཏུ་སྟོན་པ་ཉིད་ཀྱི་ཆོས་ལ་དབང་བ་བསྟན་ཏོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་བཅུ་གཉིས་པ། དེ་ནས་གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་མཛའ་ཡས་པ་ཅིག་ཅར་དུ ་སྟོན་པ་ནི་རྫུ་འཕྲུལ་ལ་དབང་བ་ཞེས་བརྗོད་དེ། རྫུ་འཕྲུལ་རྣམ་པར་འཕྲུལ་པ་ཡི། །མཛའ་ཡས་ཞིང་དག་གསོ?་བར་བྱེད། །གཡོར་ཞི་རབ་ཏུ་འཕུལ་བ་སྟེ། གློང?་ལ་སོགས་པ་བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་གྲངས་མེད་པ་རྣམས ་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་གཡོ་བའོ། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་སྟེ། རྣམ་པར་རྩེ་བ་དང། རྣམ་པར་རོལ་པ་ནི་རྫུ་འཕྲུལ་གྱི་རྐང་པ་ལེགས་པར་བསྒོམ་པའི་ཕྱིར་རོ། །འདི་ནི་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་ཡིན་ནོ། །དུས་གཅིག་གམ་ནི་རིང་ཡང་རུང། །ལུས་ལ་འབར་དང ་འབེབས་པར་བྱེད། །དུས་མཉམ་དུ་སྟོད་ནས་འབར་བ་དང། སྨང་ནས་འབེབས་པར་བྱེད་པ་དང། སྨད་ནས་འབར་བར་བྱེད་པ་དང། སྟོང?་ནས་འབེབས་པ་བྱེད་ལའམ་འདུས་ཐ་དད་དུ་མེའི་ཕུང་པོ་ལྟར་འབར་བ་དང། སྤྲིན་གྱི་ཕུང་པོ་ཆེན་པོ་ལྟར་ཆར་འབེབས་པ་ཡང་ཐ ་དད་དུ་བྱེད་པའོ། །ཕྱོགས་ནི་མཛའ་ཡས་ཀུན་ཏུ་ཡང་རང་གི་འོད་ཀྱིས་སྤྲོ་བར་བྱེད། ཤར་ལ་སོགས་པ་ཕྱོགས་ཀུན་ཏུ་ཡང་རང་གི་ལུས་ལས་བྱུང་བའི་འོད་ཟེར་ཉི་མ་དང་ཟླ་བའི་བས་ལྷག་པ་ཀུན་ཏུ་ཁྱབ་པར་བྱེད་དེ་།གཞེན་པ་ཙམ་གྱིས་ལྷ་ལ་སོགས་པ་ཐམས ་ཅད་འགྱོད་པ་བསྐྱེད་པའི་ཕྱིར་དམྱལ་བ་ལ་སོགས་པ་རབ་ཏུ་སྟོན་པར་བྱེད་དེ། ཇི་ལྟ་བུར་ཞེ་ན་ལྷ་དང་མི་གང་དག་འདོད་པ་ལ་ཤིན་ཏུ་ཆགས་ཤིང་ཞེན་ལ་བརྒྱལ་བ་རྣམས་འགྱོད་པ་བསྐྱེད་པའི་ཕྱིར་སྒྲ་དང་བཅས་པའི་མེ་འབར་བའི་ཕྲེང་བ་ཀུན་ཏུ་རྒྱ་ཆེན་པོ ་དང། གསོད་འདོད་པ་ཁྲོས་པའི་བཞིན་གྱིས་སྒྲ་ཆེན་པོ་འཇིགས་པ་དང་བཅས་པས་རལ་གྲི་དང། འཁོར་ལོ་དང། སོག་ལེ་ལ་སོགས་པ་ཐོགས་ཤིང་།སྙིང་རྗེ་མེད་པའི་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་བསྲུངས་པ་དང་ཁུ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱི ་ཚོགས་རྣམས་དང། འཇིགས་པའི་སྒྲ་སྒྲོགས་པའི་འཇིགས་སུ་རུང་བའི་ཁྱིའི་ཚོགས་དང། དཔག་ཚད་དུ་མ་ཙམ་གྱི་ཤིན་ཏུ་འབར་ཞིང་བསྐོལ་བའི་ཟངས་ཆེན་པོ་དག་ཏུ་བཙོས་པར་གྱུར་པ་ན་དུད་མོ་དང་བཅས་པའི་སྐྱེ་བོ་མང་པོས་བསྐྱེད་པའི་ཀུ་ཅོ་ཆེན་པོ ་དང། རལ་གྲིའི་ནགས་ཚལ་དང། མེ་མར་མུར་གྱི་འོབས་དང་།ཤལ་མ་རིའི་སྡོང་པོ་དང། རོ་མྱགས་དང། ཆུ་བོ་རབ་མེད་དུ་བཅུག་པ་དྲག་ཅིང་རྩུབ་པའི་དམྱལ་བ་དང། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་ཡང་སྟོན་པར་བྱེད་དོ། །དེ་བཞིན་དུ་ཚད་མེད ་རྨད་བྱུང་བསམ་མི་ཁྱབ། །ཡོན་ཏན་རིན་ཆེན་འོད་འབར་བ། །འཇིག་རྟེན་རྩ་ལག་སངས་རྒྱས་རྣམས། །འཁོར་དང་བཅས་པའང་སྟོན་པར་བྱེད། །སྟོབས་དང་མི་འཇིགས་པ་དང། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་རྨད་དུ་བྱུང་བ ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རིན་པོ་ཆེ་འོད་ཀྱི་གཟི་བརྗིད་ཅན་རྣམས་དང། མཆན་དང་དཔེ་བྱད་ཀྱིས་བརྒྱན་པའི་འགྲོ་བའི་རྩ་ལག་ཏུ་གྱུར་པ་རྣམས་དང། དགེ་སློང་དང་དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མའི་འཁོར་རྣམས་ཀྱི་རྫུ་འཕྲུལ་གྱིས ་མཐུས་སྟོན་པར་བྱེད་དོ། །གསེར་དང་ནོར་བུ་བཻ་རཱུརྱ། །མུ་ཏེག་རྡོ་རྗེ་མཐོན་ཀ་ཆེར། །རི་བོའི་དབང་པོ་ཆེ་རྣམས་དང། །མེ་ཉིད་བགྲང་བར་བཞེད?་པས་བྱེད། གསེར་ལ་སོགས་པའི་ངོ་བོ་ཉིད་དུ་རི་ཆེན་པོ་རྣམས་ཀྱང་བཞེད་བ་ཙམ་ཉིད་ཀྱིས་བྱེད་དོ། །བཞེད་པ ་ཙམ་ཉིད་ཀྱིས་སྲེག་པར་བྱེད་པའི་བདག་ཉིད་ཀྱིས་མེ་ཡང་ཁ་བ་ལྟར་བསིལ་བར་བྱེད་དོ། །ཆེན་པོར་གྱུར་པའི་ལུས་ཀྱིས་སུ། །རྡོ་རྗེ་སོགས་ལ་མི་ཆགས་པར། །ངོ་མཚར་བྱེད་ཅིང་སྐད་ཅིག་གིས། །ཕྱོགས་ཀུན་དུ་ནི་འགྲོ་ཞིང་འོང། །ལུས་ཆེན་པོར ་གྱུར་པ་ཉིད་ཀྱིས་རོ་འབིགས་བྱེད་ལ་སོགས་པ་ལ་ཡང་མི་ཐོགས་པར་མྱུར་བ་ཉིད་དུ་ངོ་མཚར་དང་བཅས་པར་ཕྱོགས་བཅུ་དག་ཏུ་འགྲོ་ཞིང་འོང་བ་ཡང་སྟོན་པར་བྱེད་དོ། །རང་གི་ལུས་ས་མདུལ་ཕྲན་ལ། །དཔག་ཏུ་མེད་པའི་འཇིག་རྟེན་ཁམས། །ཡང་དག་འཛུང ་ཀྱང་སེམས་ཅན་ལ། །གནོད་པ་མེད་པའང་སྟོན་པར་བྱེད། །བདག་ཉིད་ཀྱིས་ལུས་ཀྱི་ནང་ཉིད་དུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་འཛུད་པར་བྱེད་པའམ་།རྡུལ་ཕྲ་རབ་ཀྱི་ནང་དུ་འཇིག་རྟེན་གྱི་ཁམས་དེ་དག་འཛུད་པར་བྱེད་ལ། གང་དག་འཇིག་རྟེན་གྱི ་ཁམས་དེ་དག་ལ་བརྟེན་པའི་ལྷ་དང་མི་དང། དུད་འགྲོ་ལ་སོགས་པ་དེ་དག་རྣམས་ལ་ཉམ་ང་བ་དང་།གནོད་པ་མེད་པར་ཡང་སྟོན་པར་བྱེད་དོ། །འཇིག་རྟེན་ཁམས་རྣམས་ཕྲ་རབ་ཏུ། །ཕྲ་རབ་དེའི་མཚན་ཉིད་དུ། །བསྡུས་པའམ་ནི་རྒྱས་པར་ཡང། །བཞེད་པ་ཙམ ་བྱེད་འོག་སྟེང་ཀྱང། །བཞེད་བཙམ་གྱིས་འཇིག་རྟེན་གྱི་ཁམས་རྣམས་སྡུད་པར་བྱེད་དེ་རྡུལ་ཕྲ་རབ་དང་མཉམ་བར་བྱེད་དོ། །དེ་ཉིད་རྒྱ་ཆེན་པོར་མོས་ན་ཡང་རྡུལ་ཕྲ་རབ་དེ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་ཆད་དུ་ཡང་བྱེད་དོ། །འཇིག་རྟེན་གྱི་ཁམས་དེ་དག ་ཉིད་སྟེང་གི་ཆ་གང་ཡིན་པ་དེ་ཡོངས་སུ་བསྒྱུར་ནས་འོག་གི་ཆར་བྱེད་དོ། །འོག་གི་ཆ་ཡོངས་སུ་བསྒྱུར་ནས་སྟེང་གི་ཆ་ཉིད་དུ་བྱེད་དོ། །དེའི་ཚད་འོད་དང་ཁ་དོག་དང། །དབྱངས་དང་སྤྱོད་ལམ་ཕུན་ཚོགས་ཀྱིས། །གདུལ་བྱ་འདུལ་བར་འདོད་པའི་ཕྱིར། །ཚངས་པ་ལ ་སོགས་འཁོར་དུ་འགྲོ། ཚངས་པ་ལ་སོགས་པ་དེ་རྣམས་ཀྱི་ཚད་དང་འོད་དང་ཁ་དོག་དང་དབྱངས་དང་སྤྱོད་ལམ་རྣམས་ཕུན་སུམ་ཚོགས་པ་ཉིད་ཀྱི་ཚངས་པའི་དབང་པོ་ལ་སོགས་པའི་འཁོར་དུ་མངོན་པར་འགྲོ་བར་བྱེད་དེ། ཅིའི་ཕྱིར་ཞེ་ན། སྐལ་པ་དང་ལྡན་པ་རྣམS ་གདུལ་བར་འདོད་པའི་ཕྱིར་རོ། །སྣང་བར་འགྱུར་ཞིང་མི་སྣང་འགྱུར། །དེ་དག་འགས་ཀྱང་མི་ཤེས་དང། །གཞན་གྱི་བྲིལ་གྱིས་གནོན་པར་ཡང། །བྱེད་དེ་སྙིང་རྗེས་བསྐུལ་བའི་ཕྱིར། །སྣང་བར་གྱུར་བ་ནི་རང་གི་ལུས་གསལ་བར་སྟོན་པའོ། །མི་སྣང་བར་འགྱུར ་བ་ནི་བསྒྲིབས་པ་འམ། མི་མཐོང་བར་གྱུར་པ་སྟེ། །དེ་དག་གཉི་ག་ཡང་བྱེད་ལ། ཚངས་པ་ལ་སོགས་པ་འགས་ཀྱང་གང་ནས་འོངས་པ་དང་གང་དུ་སོང་བར་གྱུར་པ་མི་ཤེས་པའོ། །གཞན་དག་གི་རྫུ་འཕྲུལ་ཟིལ་གྱིས་གནོན་པར་ཡང་བྱེད། སྙིང་རྗེ ་བསྐུལ་ནས་ང་རྒྱལ་གཅིག་པར་བྱ་བའི་ཕྱིར་ཡིན་གྱི། འགྲན་པ་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། །འགྲོ་བའི་གནས་ནི་བརྗོད་རྣམས་སུ། །འགྲོ་བ་དབང་བྱས་དགོས་འདོད་པས། །སྤོབས་སོགས་ཀྱི་ནི་དམོན་པ་ལ། །སྤོབས་པའི་བདེ་བ་རབ་ཏུ་སྟེར། ། ་འགྲོ་བའི་གནས་ན་གླིང་ལ་སོགས་པ་སྟེ། དེ་དག་གི་དབགན་དུབྱས་པའི་ཚིག་གི་བྱེ་བྲག་གིས་ཐ་དད་པ་ནི་གྲོང་ཁྱེར་ལ་སོགས་པ་སྟེ། འགོ་བའི་གནས་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་ཏུ་སྐྱེ་བོ་བསམ་པ་ཇི་ལྟ་ཇི་ལྟ་བུར་ཡོད་པ་རྣམས་དབང་དུ་བྱས ་ནས་འགོད་པར་བྱེད་དོ། །གང་དག་དེ་ན་སྤོབS་པ་དང་འཛིན་པ་དང། བློས་འཕོངས་པ་དེ་རྣམས་ལ་སྤོབས་པ་ལ་སོགས་པ་དང། ལུས་ཀྱི་བདེ་བ་ལ་སོགས་པ་སྒྲུབ་པར་བྱེད་དོ། །དམྱལ་སོགས་སྡུག་བསྔལ་གྱིས་གདུངས་པ། །འོད་ཟེར་བཏང་བར་སོགས ་ཀྱིས། །ཞི་བར་བྱེད་ཅིང་ལྷ་དབང་སོགས། །སྐལ་པ་མཉམ་པར་འགྲོ་བར་བྱེད། །ཆ་བའི་དམྱལ་བ་སྟིར་མེད་པ། །ཡང་སོས་དང་།ཐིག་ནགས་དང་ཚ་བ་དང། རབ་ཏུ་ཚ་བ་དང། བསྡུས་འཇོམས་དང། དུ་འཁོར་དང། དུ་འབོང?་ཆེན་པོ་ཞེས་བྱ་བ་བརྒྱད་དང། གང་གའི? ་དམྱལ་བ་གས་པ་དང། ཨུད་པ་ལ་ལྟར་གས་པ་དང། ཀུ་མུ་ཏ་ལྟར་གས་པ་དང། པདྨ་ལྟར་གས་པ་དང། པདྨ་ཆེན་པོ་ལྟར་གས་པ་ལ་སོགས་པ་ཚ་བ་དང། གྲང་བའི་སྡུག་བསྔལ་གྱིས་ཉེན་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མ་ལུས་བར་ཞི་བར་བྱད་པའི་ཕྱིར། ་བསིལ་བ་དང་དྲོ་བའི་འོད་ཟེར་འབྱིན་པར་བྱེད་དེ། འོད་ཟེར་དེ་དག་གིS་རག་པ་ཙམ་གྱིས་དམྱལ་བདེ་དག་དེ་དག་ནས་ཤའི་ཕོས་ནས་ལྷའི་དབང་པོ་དང་འཐབ་བྲལ་དང། དགའ་ལྡན་ལ་སོགས་པ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་བྱེད་པར་འགྱུར་རོ། །གདུལ་བྱ་ཇི ་བཞིན་སྤྲུལ་པ་ཡི། །སྤྲུལ་པ་ཡིས་ནི་ཕྱོགས་བཀང་ནས། །བསྟན་པ་རིན་ཆེན་ཆར་བབ་པས། །འཇིག་རྟེན་འདས་པའི་བདེ་བ་བསྐྱེད། །གདུལ་བྱ་གང་དང་གང་ལ་སྤྲུལ་པ་གང་གིས་ཡོངས་སུ་སྨིན་པར་འགྱུར་བའི་ཉན་ཐོས་དང། རང་སངས་རྒྱས་དང། བརྒྱ་བྱིན་དང། ་ཚངས་པ་དང་།འཇིག་རྟེན་སྐྱོང་བ་དང། དབང་ཕྱུག་ཆེན་པོ་དང། སྲེད་མེད་ཀྱི་བུ་ལ་སོགས་པའི་སྤྲུལ་པ་དེ་དག་གི་ཕྱོགས་ཐམས་ཅད་ཁྱབ་པར་བྱས་ནས་སྤྲུལ་པ་དེ་དག་ལས་བྱུང་བའི་བསྟན་པ་རིན་པོ་ཆེའི་ཆར་གྱིས་འཇིག་རྟེན་ལས་ཤིན་ཏུ་འདས་པའི་དགའ་བ ་བསྐྱེད་དོ། །དུས་གསུམ་ཚད་མེད་ལུས་ཉིད་དང། །སངས་རྒྱས་ཞིང་ནི་ཕུན་ཚོགས་དང། །འཇིག་རྟེན་ཁམས་རྣམས་དཔག་མེད་རྣམས། །འཇིགས་པ་དང་ནི་ཆགས་པ་དང། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་སུ་དཔག་ཏུ་མེད་པའི་ལུས ་བྱེད་གྱིས་རློབ་བར་བྱེད། ཡོངས་སུ་མ་དག་པའི་ཞིང་རྣམས་ཡོངས་སུ་དག་པར་བྱིན་གྱིས་རློབ་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་དུས་སུ་མ་ཕྱིན་པར་འཇིག་པ་དང་ཆགས་པར་བྱིན་གྱིས་རློབ་པར་བྱེད་དེ། འཇིག་པ་རྣམས་ནི་ཆགས་པར་བྱིན་གྱིས་རློབ ་པར་བྱེད་དོ། །ཆགས་པ་རྣམས་ནི་འཇིག་པར་བྱིན་གྱིས་རློབ་པར་བྱེད་དོ། །རང་ལུས་བདེ་བར་གཤེགས་ཞིང་དུ། །དེ་ཡང་རང་ལུས་བདག་ཉིད་དུ། །རང་གི་ཞིང་ནི་བདེ་གཤེགས་སྐུར། །བཞེད་པ་ཙམ་གྱིས་བྱིན་གྱིས་རློབ། །རང་གི་ལུས་སངས་རྒྱས་ཀྱི་ཞིང་དུ་བྱིན ་གྱིས་རློབ་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེ་ཡང་རང་གི་ལུས་སུ་བྱིན་གྱིས་རློབ་བར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་རློབ་པར་བྱེད་དོ། །བ་སྤུའི་ཁུང་དང་འོད་ཟེར་ལས། །ནམ་མཁའ་ལ་ནི་རོལ་མོའི་སྒྲ། །སྤྲུལ་པ་ཡིས་ནར་བ ་བཏོན་ནས། །ཐོས་ནས་དགའ་བར་འགྱུར་བས་ནི། །མཐར་ཐུག་པར་ནི་ཁྱབ་པར་འགེངས། །ཀ་ལ་བིངྐའི་སྒྲ་དབྱང་ནི། །ཟབ་ཅིང་རྒྱ་ཆེ་སྒྲོགས་པ་ཡིས། །འཇིག་རྟེན་རྣམས་ནི་གསུང་གིས་འགེངས། །རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་དང་འོད་ཟེར་ལས་བྱུང་བའི ་རྔ་དག་ལས་བརྡུངས་པ་འམ། མ་བརྡུངས་པར་ནམ་མཁའ་ལས་བྱུང་བའམ། སྤྲུལ་པ་སྔར་བསྟན་པ་དག་ལས་ངེས་པར་བྱུང་བ་ནི་ཐོས་ནས་ཡིད་དགའ་བ་དང་ཁྱབ་པར་བྱེད་ཅིང་འགངས་པ་དང། མཐར་ཐུག་པར་བྱེད་པས་ན། མཐར་ཐུག་པ་དང་གསལ་བས ་ན་དྲང་བ་དང། ཀ་ལ་བིང་ཀའི་དབྱངས་སྙན་པ་དང། སྐྱེ་བོ་ཐམས་ཅད་ཀྱིས་དོན་འབྱུང་བར་མི་ནུས་པ་དང། དབྱངས་ཆེན་པོས་གསུང་བ་དང་ཁྱབ་པར་གསུང་བའི་གསུང་དག་གིས། །ཅི་ཞིག་བྱེད་ཅེ་ན། འཇིག་རྟེན་རྣམས་ལ། མོས་པའི་དབང་དང་དབང་པོ་བཞིན ་ཞི་བ་རོ་གཅིག་ཞི་བ་དང། །གདུལ་བྱ་རྣམས་ནི་གདུལ་བའི་ཕྱིར། །ཆོས་འདི་རྣམས་ནི་གསུང་བར་མཛད། །མོས་པའི་སྟོབས་དང་དད་པ་ལ་སོགས་པའི་དབང་པོའི་ནུས་པ་དང་ཞི་བ་ཉིད་རོ་གཅིག་པ་འདི་ལ་ཡོད་པས་ཞི་བར་རོ་གཅིག་པའོ། །འཇིག་བ་ཐམས་ཅད་སེལ? ་བ་དང། སྐལ་པ་དང་ལྡན་པའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་རྣམ་པ་དུ་མར་སྟོན་པར་མཛད་པའོ། །འདི་དག་ནི་རྫུ་འཕྲུལ་ལ་དབང་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་གྱིས་ཡང་དག་པར་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པའི་དབང ་བཅུའི་བྱེ་བྲག་ཤེས་པར་འདོད་པ་རྣམས་ཀྱིས། མདོ་སྡེ་དཀོན་མཆོག་སྤྲིན་ལས་བྱེ་བྲག་རྒྱས་པ་ངེས་པར་ཤེས་པར་བྱའོ། །དེ་ནས་གཞན་ཡང་མངོན་པར་ཤེས་པ་བརྗོད་པར་བྱ་སྟེ། དམན་དང་བག་ལ་ཉལ་བཅས་དག་།བདེ་དང་སྡུག་བསྔལ་སོགས་དང ་བཅས། །དམན་དང་འབྲིང་དང་མཆོག་རྣམས་དང། །ཡང་དག་གྱ་ནོམ་སོགས་དེ་རྣམས། །གང་ལ་ཇི་ལྟར་ཇི་སྲིད་དུ། །ལུས་ཅན་རྣམས་ཀྱི་སེམས་འབྱུང་བ། །དེ་རྣམས་དེ་ལ་དེ་བཞིན་དང། །དེ་སྙེད་མང་རྣམས་རིག་པར་བྱེད། །དམན་པ་ནི་ཉོན་མོངས་པ་དང ་ཉེ་བའི་ཉོན་མོངས་པ་ཉམས་པར་བྱས་པའོ། །བག་ལ་ཉལ་བཅས་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང། ང་རྒྱལ་དང་།ལྟ་བ་ཞེས་བྱ་བའི་བག་ལ་ཉལ་གྱི་བག་ལ་ཉལ་དང་བཅས་པའོ། །དག་པ་ནི་ཉོན་མོངས་པའི་བག་ལ་ཉལ་སྤངས་པའོ།། ་སྡུག་བསྔལ་གསུམ་དང་བྲལ་བ་ནི་བདེ་བ་དང་བཅས་པ་འམ། དུས་དེ་སྲིད་པའི་ཚོར་བ་བདེ་བ་དང་ལྡན་པའོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་དང་བཅས་པའོ། །གཉི་གའི་ངོ་བོ་ཉིད་ནི་སྡུག་བསྔལ་དང་བདེ་བ་མ་ཡིན་པ་དང་བཅས་པའོ། །དམན་པ་ནི་ཤིན ་ཏུ་དམད་པ་དང་གཞན་དག་ཀྱང་ངོ། །འབྲིང་ནི་དེ་བས་མཐོ་བར་གྱུར་པའོ། །མཆོག་ནི་དམ་པ་དང་མཆོག་དང་བྱ་ནོམ་པའོ། །ཐེག་པ་གསུམ་ལ་ཞུགས་པར་གྱུར་པ་ནི་ཡང་དག་པའི་གྱ་ནོམ་པའོ། །སྲིད་པ་ལ་མངོན་པར་དགའ་བ་ནི་ཕྱིན་ཅི་ལོག་གི་གྱ་ནོམ ་པའོ། །སེམས་ཅན་དེ་རྣམས་ཡུལ་གང་ལ་ཇི་ལྟར་དུས་ཇི་སྲིད་དུ་ཞུགས་པའི་སེམས་ཆུང་དུ་དང་ཡངས་པ་དང་ཆེན་པོར་གཏོགས་པ་དང། ཚད་མེད་པའི་དབྱེ་བས་སེམས་ཇི་ལྟ་བར་སྐྱེ་བར་གྱུར་པ་དེ་ཐམས་ཅད་རྟེན་དང་བརྟེན་པའི་བྱེ་བྲག་དང་ཞུགས ་པར་གྱུར་པའི་བྱེ་བྲག་མང་པོ་དག་སྐད་ཅིག་ལ་ཤེས་པར་འགྱུར་རོ། །འདིས་ནི་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་བསྟན་ཏོ། །ལྷའི་མིག་ནི་རྣམ་པ་གཉིས་ཏེ། འཆི་འཕོ་བ་དང་སྐྱེ་བར་ཡུལ་ཅན་དང། གཟུགས་ཀྱི་ཡུལ་ཅན་ནོ། །དེ་ལ་ཤའི་མིག་དག་པ་ནི་ཕྲ་མོ་དང ་བསྒྲིབས་པ་དང། རིང་བ་དག་ལ་ཐོགས་པ་མེད་པར་འཇུག་ཅིང་འབྱུང་བའི་ཕྱིར་གཟུགས་ཀྱི་ཡུལ་ཅན་ཞེས་བྱ་སྟེ། དེས་རིག་པ་དེ་བསྟན་པའི་ཕྱིར། ལྷ་དང་སྦྲུལ་པ་ཕྲ་མོ་དང། དེ་ལས་བཟློག་པར་གྱུར་པ་དག་།ཀུན་ཏུ་གཟུགས་ནི་ཐམས་ཅད་ཀྱང་ལྷའི་མིག་གིས་དེ ་དག་མཐོང། །བྱང་ཆུབ་སེམས་དཔའ་ཨི་ལྷའི་མིག་གང་ཡིན་པ་དེ་ནི་ལྷ་རྣམས་ཀྱིས་མི་ཤེས་སོ། །གང་ཡང་ལྷ་རྣམས་ཀྱི་ལྷའི་མིག་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་ཏེ། ལྷའི་གནས་ཀྱི་གཟུགས་རྣམས་ཀྱང་མཐོང་ངོ། །སྤྲུལ་པ་ནི་དེ་བཞིན་གཤེགས་པ་དང ་དགྲ་བཅོམ་པ་རྣམས་ཀྱིའོ། །ཕྲ་མོ་ནི་རྡུལ་ཕྲ་རབ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་ལྷ་ལ་སོགས་པ་ལས་བཟློག་པ་སྟེ། མི་དང་ལྷ་མ་ཡིན་དང། དམྱལ་བ་དང། ཡི་དགར?། ལ་སོགས་པ་འཇིག་རྟེན་གྱི་གནས་སོ། །མ་སྤྲུལ་པོ་ནི་རྒྱུ་དང་རྐྱེན་ལས་ཡང་དག་པར ་བྱུང་བའོ། །རགས་པ་ནི་ལྷུན་པོ་ལ་སོགས་པ་སྟེ། ཐམས་ཅད་ཀྱི་འགྲོ་བ་ཐམས་ཅད་དང་ལྷག་མ་མ་ལུས་པའི་གཟུགས་དེ་དག་རྣམས་ལྷའི་མིག་གིས་མཐོང་སྟེ། གཟུགས་ཀྱི་ཡུལ་ཅན་ནི་ལྷའི་མིག་ཅེས་བསྟན་ཏོ། །ལྷ་དང་འཕགས་པ་བཤོད?་དང་སྤྲུལ། ། ་གསལ་པོའི་སྒྲ་དང་མིང་བཅས་པ། །རིང་ན་གནས་དང་བཟློག་པ་དག། ལྷའི་རྣ་བ་འདི་ཡིས་ཐོས། །ལྷ་རྣམས་ཀྱི་སྒྲ་ནི་ལྷའིའོ། །ཉན་ཐོས་ལ་སོགས་པས་བརྗོད་པ་ནི་འཕགས་པའི་འོ། །འོག་མ་ནི་གྱི་ཕོ་བྲང་ན་བཞུགས་པའི་རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུ ་ལས་རབ་ཏུ་བྱུང་བའི་བཀོད་པའི་སྒྲ་ནི་བཀོད་པ་སྟེ། སྡོང་པོ་བཀོད་པ་ལས་བསྟན་ཏོ། །འཛམ་བུའི་གླིང་ལ་སོགས་པར་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་གསུང་ནི་སྤྲུལ་པའི་སྒྲའོ། །གསལ་བ་ནི་ཡི་གེ་གསལ་བ་ལ་སོགས་པ་དེས་པའི ་ཚིག་གིས་གསལ་བའོ། །གླིང་བཞི་པར་བྱུང་བ་ནི་མི་རྣམས་ཀྱིའོ། །ཐ་མལ་པའི་རྣ་བའི་དབང་པོའི་ལམ་ལས་འདས་པ་ནི་རིང་བའོ། །མི་གསལ་བ་དང་ཉེ་བ་ནི་བཟློག་བའོ། །དེ་དག་ཐམས་ཅད་ལྷའི་རྣ་བའི་ཁམས་ཀྱིས་འདིས ་ཐོས་པར་འགྱུར་རོ། །ལྷའི་རྣ་བའི་མངོན་པར་ཤེས་པ་བསྟན་ཟིན་ཏོ། །སྔོན་གྱི་གནས་རྣམས་ཐམས་ཅད་དེ། །སེམས་ཅན་རྣམས་དང་བདག་ཉིད་ཀྱི། །མིང་དང་རིགས་ཀྱི་བྱེ་བྲག་རྣམས། །དྲན་ཞིང་གཞན་དག་གི་ཡང་དྲན། །དེས་སྐྱེ་པ་གཅིག་བྱང་རྗེས་སུ་དྲན་པ་ནས་སྐྱེ་བ ་སྟོང་ཕྲག་དུ་མའི་བར་ཡང་རྗེས་སུ་དྲན་ཏེ། བདག་གི་མིང་ནི་འདི་ཞེས་བྱ། བདག་འདི་དག་ཏུ་ནི་སྐྱེས། བདག་གི་རིགས་ནི་འདི་ཞེས་བྱ། བདག་གི་ཚེའི་ཚད་ནི་འདི་སྙེད་དུ་གནས། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟོས། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་གཞན་དག་གི་ཡང་དྲན་པར་བྱེད་དེ། འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཞེས་བྱའོ། །ཐ་དད་འགྲོ་བའི་འདོད་པ་དང། །མི་འདོད་ལས་འབྲས་སྣ་ཚོགས་གནས། །འཆི་དང་འཕོ་དང་སྐྱེ་བ ་རྣམས། །ལུས་ཅན་ཀུན་གྱི་རིག་པར་འགྱུར། །ལྷ་དང་ལྷ་མ་ཡིན་དང་མི་དང་དམྱལ་བ་དང། བྱོལ་སོང་དང། ཡི་དགས་རྣམས་ཉེས་པར་སྤྱད་པ་དང། ལགས་པར་སྤྱད་པ་རྣམ་པ་དུ་མའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་དང། འཆི་བ་སྟེ་གནད་གཅོད་པའི་སྲིད་པ་ལ ་གནས་པ་དང། འཕོ་བ་སྟེ་སྲིད་པ་བར་མ་ན་གནས་པ་དང། སྐྱེ་བ་སྟེ་ཉིད་འཚམས་སྦྱོར་བའི་སྲིད་པ་ལ་གནས་པ་དང། ས་བླ་ས་སྟེང་གི་ལུས་ཅན་མ་ལུས་པའི་འཆི་འཕོ་དང་སྐྱེ་བ་མཐོང་བ་འདི་ནི་སྒོ་དེ་ནས་ལྷའི་མིག་གིས་མངོན་པར་ཤེས་པ་བསྟན་པ་ཡིན་ནོ།། ་སྲིད་པ་བར་མ་ཡོད་པར་སྨྲ་པ་རྣམས་པར་མ་དོན་ཡང་གཟུགས་ཕྲ་བ་ཡོད་བར་འདོད་པས། སྔར་བསྟན་པའི་གཟུགས་མཐོང་བའི་མངོན་པར་ཤེས་པ་བསྟན་པས་གྲུབ་ལ། གང་དག་སྲིད་བ་བར་མ་དོ་མི་འདོད་པ་དེ་རྣམས་ལ་ནི་སྔ་མ་བཞིན་དུ་གཟུགས ་མཐོང་བའི་ཤའི་མིག་དག་པ་བསྟན་ཏོ། །ད་ལྟར་ནི་ཡིད་ཀྱིས་འཆི་འཕོ་དང་སྐྱེ་བ་མཐོང་སྟེ། ཕ་རོལ་གྱི་སེམས་ཤེས་པ་བཞིན་ནོ། །དེ་དག་གཉི་ག་ཡང་ཉེ་བར་བསྡུས་ནས་ལྷའི་མིག་གིས་མངོན་པར་ཤེས་པ་ཡིན་ནོ་ཞེས་མདོ་ལས་བསྟན་ཏོ། །མིག་ལྔ་ཡོངས་སུ་བསྟན་པ་ལས ་གཟུགས་ཀྱི་ཡུལ་ཅན་ནི་ཤའི་མིག་གོ་།འཆི་འཕོ་བ་དང་སྐྱེ་བའི་ཡུལ་ཅན་ནི་ལྷའི་མིག་ཡིན་ནོ་ཞེས་དབྱེ་བ་བྱས་སོ། །དེ་ནས་གཞན་ཡང་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཁམས་ནི་དཔག་མེད་དུ། །འདི་ཡི་གདུལ་བྱ་གདུལ་པའི་ཕྱིར། །དགའ་ ་ལྡན་གནས་འཕོས་འཇུག་པ་དང། །ཡང་དག་བྱང་ཆུབ་མངོན་པར་སྟོན། །སེམས་དང་བརྩོན་འགྲུས་དང་འདུན་དང་སྤྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་གོམས་པར་བྱས་པ་མཐར་ཕྱིན་པར་གྱུར་པས་ས་བཅུའི་དབང་ཕྱུག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད ་ཡུལ་ལ་གནས་པས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་མཐོང་བས་གདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་སྤྲུལ་པ་སྤྲུལ་ཏེ། གང་དགའ་ལྡན་གྱི་གནས་ན་གནས་པ་དང། འཕོ་བ་དང། བལྟམས་པ་དང། ་བཟོའི་གནས་ཡང་དག་པར་བསྟན་པ་དང། བཙུན་མོའི་འཁོར་ན་བཞུགས་པ་དང། མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པ་དང་བདུད་འདུལ་བ་དང། མངོན་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན ་པོ་དང། དམ་པའི་ཆོས་གནས་པ་ལ་སོགས་པ་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་སྟོན་པར་མཛད་དོ། །ཡང་གང་དག་དེ་བཞིན་གཤེགས་པ་རྣམས་ལ་མཆེད་པར་འདོད་པ་དེ་དག་ལ་ནི། །རང་གི་འདོད་པས་དཔག་མེད་བའི། །འཇིག་རྟེན་ཁམས་ཀྱི་རྡུལ ་མཉམ་པ། །སངས་རྒྱས་ཞིང་ཡང་དེ་སྙེད་དུ། །སེམས་ཅན་རྣམས་ཀྱང་དེ་སྙེད་ཀྱི། །གདུལ་བྱ་ཐབས་ཀྱིས་སྤྲུལ་པ་ནི། །རང་གི་ཞིང་ནས་མ་གཡོས་པར། །རང་གི་འདོད་པར་ལུས་སྤྲུལ་པ། །རེ་རེ་ལས་ཀྱང་དེ་སྙེད་ལག་།ད་སྙེད་བ་ཡི་མགོ་ལས་ལྕེ། །སོ་སོ་ཀུན་ནས་དེ་སྙེད་སྦྲོ། ། ་རང་གི་ཞིང་ནས་མ་གཡོས་བཞིན་དུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་ད་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས། སེམས་ཅན་དེ་སྙེད་ཡོད་པ་རྣམས་གདུལ་བྱ་ཐབས་ཀྱི་སྤྲུལ་པའི་ལུས། རང་གི་འདོད་པར་སྤྲུལ ་པ་རེ་རེ་ལས་ཀྱང་གྲངས་དེ་སྙེད་ཀྱི་ལག་པ་?་དེ་སྙེད་ཀྱི་མགོ་དང་མགོ་སོ་སོ་རེ་རེ་ལ་ཡང་དེ་སྙད་ཀྱི་ལྕེ་སྤྲུལ་ཏོ། །ལག་པ་དེ་དག་གིས་བཟུང་བའི། །མེ་ཏོག་དྲི་བཀང་སྣ་ཚོགས་པ། །གངྒཱའི་ཀླུང་གི་བྱེ་མ་སྙེད། །ལྷུན་པོའི་ཆད་ཙམ་དྲི་སྤྲོ་ཞིང། །རྒྱས་པ་མཆོག་བཟང་དྲི་དག་དང། དྲི ་གང་དག་ཕྱོགས་ཀུན་ཏུ་ཁྱབ་པ་དེ་དག་ནི་དྲི་སྤྲོ་བའོ། །མང་བ་དང་མཆོག་དང་བཟང་བ་དྲི་གང་ལ་ཡོད་པ་དེ་ནི་རྒྱས་པ་མཆོག་བཟང་དྲི་སྟེ། ཚད་ནི་རི་རབ་ཀྱི་ཚད་ཙམ་མོ། །གྲངས་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་དེ། དྲི་ཡིས་བཀང་བ་དང། མེ་ཏོག་གིས་བཀང་པ ་དག་གོ་།རྫོགས་སངས་རྣམ་པར་སངས་རྒྱས་དག། འགྲོ་ལ་ཕན་པ་བྱེད་པའི་མཆོག། ཤིན་ཏུ་གུས་པས་མཆོད་པར་བྱེད། །ལན་ཅིག་མིན་པར་བསྟོད་པས་བསྟོད། །ཡང་དག་པའི་དེ་ཁོ་ན་ཉིད་རྟོགས་པས་རྫོགས་སངས་དག་དང། །མི་ཤེས་པའི་གཉིད ་སངས་པས་ན་རྣམ་སངས་རྒྱས་དག་ལ་འགྲོ་བ་ལ་ཕན་པ་བྱེད་པའི་ཐབས་ཀྱི་སྨོན་ལམ་བྱ་བར་འདོད་པས་དེའི་ཕྱིར་མཆོད་པ་བྱེད་དེ། གུས་པ་ཆེན་པོ་དང་ལྡན་པས་ངེས་སྤྲུལ་པའི་ལུས་ཀྱིས་ཕྱག་འཚལ་བ་ལ་སོགས་པ་དང། དེ་དག་གི་ལྟེ་རྣམས་ཀྱིས ་ཀྱང་རྒྱུན་མི་འཆད་པར་བླ་ན་མེད་པའི་ཡོན་ཏན་བརྗོད་པས་བསྟོང་པར་བྱེད་དོ། །གཞན་ཡང་རིན་ཆེན་གདུགས་དང་བླ་རེ་སོགས། །མུ་ཏིག་དྲ་བས་ཡོངས་བརྒྱན་པ། །ཚད་མེད་རིན་ཆེན་མྱུ་གུ་ལས། །མཆེ་བ་ལྟ་བུའི་འོད་ཟེར་འཕྲོ། །མཐོན་ཀ་ལ་སོགས ་པ་རིན་པོ་ཆེའི་རང་བཞིན་གདུགས་དང། བླ་རེ་དང། རྒྱལ་མཚན་ལ་སོགས་པ་དག་ལ་མུ་ཏིག་གི་དྲ་བས་བརྒྱན་པ། ཐ་མལ་བའི་ཚད་ལས་ཤིན་ཏུ་འདས་པ་འོད་དང་བཅས་པ་འཕྲོ་བ་ལྟ་བུར་གནས་པའི་རིན་པོ་ཆེ་རྣམས་ལས། འོད་ཟེར་ཉིད་མྱུ་གུ་? ་གྱུར་པ་སྟེ། དེ་ཉིད་མཆེ་བ་ལྟར་གྱུར་པའོ། །གཞལ་ཡས་ཁང་གི་བསྔགས་པ་བརྗོད་པ། སྟེང་གཡོགས་ཀ་བ་འབར་བས་དགའ་། །མུ་ཏིག་ཕྲེང་བ་འཕྱང་བ་དང། །རིན་ཆེན་སྣ་ཚོགས་དུ་མ་ལས། །སྣ་ཚོགས་ལས་ཀྱིས་བཟོ་སྦྱར་བ། །སྟེང་གཡོགས་དང་ག་བ་འབར་བ་གང་ལ་ཉམས ་དགའ་བ་ཡོད་པ་དེ་ནི་སྟེང་གཡོགས་ཀ་བ་འབར་བས་དགའ་བའོ། །གང་ལ་མུ་ཏིག་ཕྲེང་བ་འཕྱང་བའི་དང་ཚུལ་ཡོད་པ་དེ་ནི་མུ་ཏིག་ཕྲེང་བ་འཕྱང་བའོ། །དེ་ཡང་རྣམ་པ་དུ་མའི་རིན་པོ་ཆེའི་ཚོགས་ལས་མངོན་པར་འདུས་བྱས་པ་གང་ལ་ལས་སྣ་ཚོགས་ཀྱི་བཟོ་སྦྱར་བ་ཡོད་པ་དེ་ནི ་སྣ་ཚོགས་ལས་ཀྱིས་བཟོ་སྦྱར་བ་སྟེ། དེ་ལ་གསེར་ལས་བྱས་པའི་ཡ་གད་མཛེས་པ་དང། འདུག་སྟེགས་ལ་སོགས་པས་མཛེས་པར་བརྒྱན་པའོ། །རིན་ཆེན་འབར་བའི་གཞལ་ཡས་ཁང། །འོད་ཟེར་སྒྲོན་མ་བརྒྱ་སྙེད་འབར། །ཤིན་ཏུ་མཐོང་བ་མཁའ་མཉམ་པ།། ་རིན་ཆེན་འོད་ཀྱིས་ཕྱོགས་ཁྱབ་བྱེད། །གཞལ་ཡས་ཁང་ནི་གནས་ཀྱི་ཁྱད་པར་རོ། །རིན་པོ་ཆེ་འབར་བ་རྣམས་ཀྱི་འོད་ཉིད་ནི་སྒྲོན་མ་སྟེ། དག་བརྒྱད་སྙེད་རྟག་ཏུ་འབར་བས་མདངས་དང་ལྡན་པ་ནི་འབར་བའོ། །མཐོ་ཁྱད་ནམ་མཁའ་ལ་རེག་པ་ནི་ཤིན་ཏུ་མཐོ་བ ་མཁའ་མཉམ་མོ། །ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཁ་དོག་དུ་མས་ཕྱོགས་ཁྱབ་པར་བྱེད་པའི་གཞལ་ཡས་ཁང་གིས་མཆོད་པས་མཆོད་པར་བྱེད་དོ། །གང་ལ་ཞེ་ན་རྫོགས་པའི་སངས་རྒྱས་ལ་ཞེས་བྱ་བར་འབྲེལ་ཏོ། །དེ་ཡི་རྣམ་གྲངས་དུ་མ་ཡིས། །བསྟན་པ ་རྟག་ཏུ་མཁས་པ་དེས། །ཐོས་ནས་གུས་པས་གཞན་དག་ལ། །ལྷག་ཆད་མེད་པའི་ཡི་གེས་སྟོན། །མཁས་པ་ལེགས་པར་བསླབས་པ་དེས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་རྣམ་པ་དུ་མས་བསྟན་པ་རྣམས། །ཡང་དང་ཡང་དུ་མཉན་ནས་ཐོས་པ་རྣམས ་ཇི་ལྟར་ཐོས་པ་བཞིན་དུ་ཡི་གེ་ལྷག་ཆད་མེད་པས་གཞན་དག་ལ་སྟོན་པར་བྱེད་དོ། །བསྐལ་པ་གྲངས་མེད་དཔག་མེད་པར། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་འཕགས་ཕ་རོལ་བྱིན་རྣམས་ཕ་རོལ་ཕྱིན། །འདི་ནི་འདི་ལྟར་སྐྱེས་བུ་མཆོག། དཔག་ཏུ་མེད་པའི ་བསྐལ་པ་གྲངས་མེད་བར་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་འཕགས་ཤིང་ཇི་སྲིད་བསྟན་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མིའི་མཆོག་ཡིན་ནོ། །ཅི་ཞིག་བྱེད་ཅེ་ན་སྨྲས་བ། རྫོགས་སངས་ཉི་མར་གྱུར ་ནས་ནི། །གདུལ་བྱའི་སེམས་ཅན་པདྨའི་ན་ཚོ། །བསྟན་བའི་འོད་ཀྱིས་རྒྱས་པར་བྱེད། །དྲི་མ་མེད་པས་དྲི་མ་སྦྱོང། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཕ་རོལ་ཏུ་སོང་ནས་འདོད་པ་དམ་གྱིས་བྱང་ཆུབ་རྟོགས་པར་མཛད་དེ། དེ་ནས་ནམ་འདོད་པ་ན་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཀྱི་རིའི་རྩེ་མོའི་སྤྱོད་ཡུལ་ན་བདེ་བར་གཤེགས་པ་ཉི་མར་གྱུར་ནས་གདུལ་བྱའི་སྐྱེ་བོ་པདམེའི་འབྱུང་གནས་ལ་མདོ་སྡེ་ལ་སོགས་པ་གསུང་གི་འོད་ཟེར་རང་བཞིན་གྱིས་དྲི་མ་མེད་པ་སྟོང་གིས་གདུལ་བྱའི་ཡིད་ཀྱི་གཏི་མུག་སེལ་བར་ནུས་པས། སྨོན་ལམ ་ཇི་ལྟ་བ་བཞིན་དུ་མངོན་བར་སད་པར་བྱེད་དོ། །དེ་བཞིན་དུ་།གང་ཕྲེང་བསིལ་བའི་འོད་ཟེར་དང། །ཙན་དན་པས་ལྟག་གསུང་གི་ཆུས། །ལུས་ཅན་ཡིད་ཀྱིས་ཉོན་མོངས་མེས། །རབ་ཏུ་གདུངས་པ་ཞི་བར་བྱེད། །གང་ལ་སོགས་པས་ཞི་བར་བྱས་པའི་ཆ ་བ་ནི་རྐྱེན་རྙེད་ནས། སླར་ཡང་འབྱུང་བར་འགྱུར་རོ། །བདེ་བར་གཤེགས་པའི་གསུང་གི་ཆུས་ཤིན་ཏུ་ཞི་བར་བྱས་པའི་ཉོན་མོངས་པའི་མེའི་གདུད་པ་ནི་གཏན་མི་འབྱུང་བའི་ཆོས་ཅན་དུ་འགྱུར་ཏོ། །འདི་ནི་ཁྱད་པར་དུ་འཕགས་པའི་བྱེ་བྲག་ཡིན་ནོ། །གང ་ཡང་དེ་དག་གིས་དང་པོ་སེམས་བསྐྱེད་བ་ནས་བཟུང་ནས་ཇི་ལྟར་བདག་རྒལ་ནས་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བར་བྱ་བ་ལ་སོགས་བའི་སྨོན་ལམ་དེ་འདི་ཡིས་སྨོན་ལམ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །འཁོར་བའི་རྒྱ་མཚོ་ལས ་བདག་ཉིད་བརྒལ་ཏེ། སྐྱེ་བོའི་འཁོར་བའི་རྦ་ཀློད་ཅན། །འཆི་བའི་ཆུ་སྲིན་བཅས་མཚོ་ལས། །ཐེག་པ་གསུམ་གྱི་གྲུ་ཆེན་གྱིས། །འདི་ཡིས་སྐྱེ་བོ་མྱུར་དུ་སྒཏོལ། །འགྲོ་བ་འདི་དག་ཐམས་ཅད་ནི་ཡང་དང་ཡང་དུ་སྐྱེ་ཞིང་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཀྱི ་རླབས་དང། འཆི་བའི་ཆུ་སྲིན་གྱིས་ཀུན་ནས་བསྐོར་བའི་འཁོར་བའི་རྒྱ་མཚོར་ནུབ་པ་ལས། མྱུར་དུ་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་བ་ཆེན?་པོའི་གྲུ་བོ་ཆེ་དག་གིས་བསྒལ་ནས་བཅིངས་པ་མེད་པའི་རྣམ་པར་གྲོལ་བའི་གླིང་དུ་འགོད་བར་བྱེད་དོ། །བདག ་གི་ལེགས་བཤད་ཆུ་རྒྱུན་གྱིས། །ཐོགས་མེད་དུས་ཀྱི་འགྲོ་བ་རྣམས། །ཤིན་ཏུ་སྒོམ་པ་སེལ་བར་བྱེད། །ཡོན་ཏན་གྱིས་འཕངས་ཀྱང་སེལ་བྱེད། །ཤིན་ཏུ་ཡོན་ཏན་གྱིས་དབུལ་བའི་སྐྱེ་བོ་སྲེད་པའི་དབང་དུ་གྱུར་པ་ལ། ངེས་སངས་རྒྱས་ཀྱི་ཡེ་ཤེས་དང་མཐུན ་པའི་ལེགས་པར་བཤད་པ་རིན་པོ་ཆེ་རྣམ་པ་དུ་མ་དག་གིས་སྲིད་པའི་སྲེད་པ་དག་རྣམ་བར་གཅོད་པར་བྱེད་ཅིང་དང་བ་ལ་སོགས་པའི་ཡོན་ཏན་གྱི་ནོར་རྣམས་བསྡུད་དུ་བཅུག་ནས་ཤིན་ཏུ་དབུལ་བ་སེལ་བར་བྱེད་དོ། །འདིས་ནི་ལམ་མཁན་ཆེན་པོ་ལྟར་སྟོན་པ ་ཡིན་ཏེ། སྲིད་པར་དགོན་པར་ལམ་སྟོར་བས། །མ་རིག་པས་བསྒྲིབས་ལམ་སྟོན་བྱེད། །འགྲོ་རྣམས་ཤེས་རབ་མིག་ཕྱེ་ནས། །མྱ་ངན་འདས་པར་ཕྱིན་པར་བྱེད། །རང་གི་ལས་ཀྱི་བདག་ཉིད་ཀྱིས་འཁོར་བའི་དགོན་པ་ཐ་དད་དུ་ཡོངས་སུ་འཁོར་བར་གྱུར་ཅིང་མི་ཤེས་པས ་བསྒྲིབས་པས་ལམ་ལ་མི་མཁས་པའི་འགྲོ་བ་རྣམས་ལ་ལམ་ཉེ་བར་བསྟན་ཏེ། ཤེས་རབ་ཀྱི་མིག་རྣམ་པར་ཕྱེ་ནས། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཁྲིད་པར་བྱེད་དོ། །འདི་ནི་དུག་གིས་ཟིན་པ་ལའང་སེལ་བ་ལ་མཁས་པའི་སྨན་པ་བཞིན་དུ་སྟོན་ཏོ། །ཉོན ་མོངས་སྤྲུལ་གདུག་མཆེ་བས་བཏབ། །རང་ལ་ཕན་པའི་ཐབས་ལ་རྒྱལ། །ཡེ་ཤེས་སྨན་ནི་ཡང་དག་པ། །རིག་བ་བསྟན་བས་འགྲོ་རྣམས་གསོ། །འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་བ་ཉིད་ཀྱི་སྤྲུལ་གདུག་པའི་མཆེ་བས་བཏབ་པར་གྱུར་པ?་རང་ལ ་ཕན་པར་བྱ་བས་རྒྱལ་ཞིང་མ་ཤེས་པའི་འགྲོ་བ་རྣམས་ལ་སྟོང་པ་ཉིད་དང། མཚན་མ་མེད་པ་ཉིད་དང། སྨོན་བ་མེད་པ་ཉིད་ཀྱི་ཡེ་ཤེས་ཉིད་ནི་རིག་པ་ཡང་ཡིན་ལ་སྨན་ཡང་ཡིན་རྩེ?། དེ་དག་གི?་བདག་སོ་?་ཕྱིར་རོ། །འདིས་ནི་དེ་སད?་བར་བྱེད་པའི་རོལ་མོ་བརྡུངས་?་ ་དང་འདྲ་བར་བསྟན་ཏེ། སྲིད་པར་མགོན་མེད་སྲོག་ཆགས་རྣམས། །ཡུན་རིང་གཉིད་ཀྱི་ལོག་པ་ལ། །བསྟན་པ་རྔ་ཡི་སྒྲ་དག་གིས། །སྙིང་རྗེ་ཡིས་ནི་སད་པར་བྱེད། །སད་པར་བྱེད་པའི་བདག་པོ་མེད་པར་འགྲོ་བ་རྣམས་འཁོར་བའི་ཁྱིམ་རྣམས ་ན་ཐོག་མ་མེད་པ་ནས་མ་རིག་པའི་གཉིད་ཀྱིས་ནོན་པར་གྱུར་པ་ལ་སྙིང་རྗེ་སྐྱེས་བར་གྱུར་པས་དམ་པའི་ཆོས་བསྟན་པའི་རྔ་བརྡུངས་པའི་སྒྲས་སད་པར་བྱེད་དོ། །དེ་དེ་ལྟར་བདག་ཉིད་གྲོལ་བར་བྱས་ནས། ཡུན་རིང་འཁོར་བའི་བཙོན་ཕན?། །སྲིད་པའི་ལྕགས ་སྒྲོག་གིས་བསྡམས་པ། །བདུད་བཞི་ལས་ནི་རྒྱལ་བྱས་ནས། །བཅིངས་པ་ལས་ནི་གྲོལ་བར་བྱེད། །སྲེད་པ་རྣམ་པ་དྲུག་གི་ལྕགས་སྒྲོག་གིས་ཡུན་རིང་དུ་འཁོར་བར་སེམས་བཅིངས་པའི་སེམས་ཅན་རྣམས་སྲེད་པའི་བཅིངས་པ་ལས་གྲོལ་པར་བྱེའོ། །ཇི ་ལྟར་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཕུང་པོའི་བདུད་ལས་རྒྱལ་བར་བྱེད་དོ། །སྟོང་པ་ཉིད་ཀྱིས་ནི་ཉོན་མོངས་པ་དང་འཆི་བདག་ལས་རྣམ་པར་རྒྱལ་ལོ། །བྱམས་པས་ནི་ལྷའི་བུའི་བདུད་ལས་རྒྱལ་བར་བྱེད་དོ། །ཤེས་རབ་གཅིག་བུ་བདུད་རྩི ་དང་འདྲ་བར་ཚིམ་པར་བྱེད་པ་ཡིན་པས་དེས་ན། བྱིན་ཟ་དོམས་པ་མེད་པ་བཞིན། །ལྷ་དང་མི་ཡི་ཡུལ་དག་གིས། །ཤེས་རབ་བདུད་རྩིའི་དྲི་བཟང་པོས། །ཡུལ་ཅན་རྣམས་ནི་ཚིམ་པར་བྱེད་།ཅེས་བྱ་སྟེ། ཤིན་ཏུ་འབར་བར་གྱུར་པའི་མ་ནི་ཇི ་ལྟ་ཇི་ལྟར་ཤིང་བསྣན་པར་གྱུར་པ་དེ་ལྟ་དེ་ལྟར་ཤིན་ཏུ་ཆེར་འབར་བར་འགྱུར་གྱི་ཞི་བར་མི་འགྱུར་རོ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱང་ལྷ་དང་མིའི་གཟུགས་ལ་སོགས་པ་ཡུལ་རྣམས་ལ་ཇི་ལྟ་ཇི་ལྟར་ཞུགས་པ་དེ་ལྟ་དེ་ལྟར་སྲེད་པ་འཕེལ་བར ་འགྱུར་ཏེ། དེ་དག་རྣམས་ལ་འདིའི་ཤེས་རབ་ཀྱི་བདུད་རྩིའི་རོས་ཚིམ་པར་བྱེད་དོ། །འདིས་ནི་སེང་གེ་དང་འདྲ་བར་སྟོན་ཏེ། འཁོར་དུ་སྟོང་ཉིད་སེང་གེ་ཡི། །སྒྲ་ཆེན་སྒྲ་ནི་བསྒྲགས་བ་ཡིས། །གདུལ་ཀ་མུ་སྟེགས་མྱོས་པ་ནི། །ཤེས་པས་མྱོས་པའི་ད ་རྒྱལ་ལ། །ཕྱིན་ཅི་ལོག་གི་མངོན་པའི་ང་རྒྱལ་གྱི་ཆེ་བར་སེམས་པ་གཞན་སུས་ཀྱང་གདུལ་བར་མི་ནུས་པའི་མུ་སྟེགས་ཉིད་ནི་གླང་ཆེན་མྱོས་པ་སྟེ། མི་ཤེས་པ་ཡིན་ན་ཡང་ཤེས་པར་ང་རྒྱལ་བས་མྱོས་པ་ཡིན་ལ་དེ་བསལ་བའི་ཕྱིར་སྐྱེ་བོ་མང་པོ་འདུས་པའི་? ་དུ་སྟོད་པ་ཉིད་ནི་སེང་གེའི་སྒྲ་ཆེན་པོ་ཡིན་ལ། དེར་དེ་སྒྲོགས་པ་ནི་གང་གིས་མུ་སྟེགས་བྱེད་ཀྱི་གླང་པོ་ཤེས་པ་མྱོས་པ་སངས་པར་བྱེད་པའི་ཕྱིར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཆོས་ཀྱི་སྐུ་བསྟན་པ་ཡིན་ནོ། །དེ་ནི ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་མཚན་ཉིད་ཅན་གྱི་སྐུ་བརྗོད་པར་བྱ་སྟེ། དབང་པོ་ཆེན་པོའི་གཞུ་འདྲ་བ། །འདོམ་གང་འོད་ཀྱིས་ཀུན་ཏུ་བསྐོར། །གཟུགས་ནས་འབར་བ་ཡོངས་རྫོགས་པའི།།མཚན་དང་དཔེ་བྱད་རྣམས་ཀྱི་དཔལ། །དཔལ་ཉིད་རྒྱུན་དུ་གྱུར་པ་ཡི། ། ་ཡིད་དང་མིག་ནི་འཕྲོག་བྱེད་པའི།།གཟུགས་ནི་མཉམ་པའི་གཟུགས་མེད་པ། །མཛེས་པ་ཐམས་ཅད་ཟིལ་གྱིས་གནོན། །ལེགས་པར་སྤྱད་པའི་དཔག་ཏུ་མེད་པའི་བཟོ་རྒྱས་བསྒྲུབས་པའི་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུ་ནི་ཚོན་རྣམ་པ་སྣ་ཚོགས་ཀྱིས་ཕྲེང་བས ་བྲིས་བའི་ལྕའི་བདག་པའི་གཞུ་དང་འདྲ་བའི་འོད་མདོམ་གང་གིས་བསྐོར་བ་དང། རྗེས་སུ་མཐུན་པའི་ཡུལ་ལས་མ་གཡོས་པའི་ཉམས་པ་མེད་ཅིང་མདངས་འབར་བའི་མཚན་དང་དཔེ་བྱད་ཀྱི་དཔལ་རྣམ་པར་འཛིན་པ། རང་གི་དཔལ་ཉིད་ཀྱིས་བརྒྱན་པར་གྱུར་པ། ཡིད ་དང་མིག་འཕྲོག་པ། དཔེ་མེད་པའི་སྐུ་གཞན་གྱི་གཟུགས་ཐམས་ཅད་ཀྱིས་མཛེས་པ། ཟིལ་གྱིས་གནོན་པའི་དང་ཚུལ་ཅན་ཆོས་ཀྱི་སྐུའི་དབན་དང་སྔོན་གྱི་སྨོན་ལམ་ཉིད་ལས་བྱུང་བའི། །འདིས་ནི་གཟུགས་ཀྱི་སྐུ་དེ་དག་ལས་ཡང་དག་པར་བྱུང་བ་དེ་སྟོན་ཏེ། དེ་ཡིས ་རྣམ་པ་དྲུག་ཅུ་དང། །ལྡན་པའི་གསུང་དང་ཚེ་འཕྲུལ་དང། །བཅས་པས་ལྷ་དང་ལྷ་མིན་མི། །ལ་སོགས་ཡིད་ནི་དགའ་བར་བྱེད། །རྫུ་འཕྲུལ་དང་ཀུན་བརྗོད་པ་དང། རྗེས་སུ་བསྟན་པ་དང་ལྡན་པ་ནི་ཆོ་འཕྲུལ་དང་བཅས་པ་སྟེ། འདིའི་རྫུ་འཕྲུལ་ནི་ཁྱབ་པ་དང་སྙན་པ ་དང། ཟབ་བ་ལ་ཞོགས?་པའོ། །ཀུན་བརྗོད་ནི་བུ་དང། །བུ་མོ་ལ་སོགས་པ་ཚེ་རིང་བ་ལ་སོགས་པ་སྟོན་པ་དང། དགེ་བ་དང་མི་དགེ་བ་ལས་འདི་དག་ལས་འགྲོ་བ་ཐུག་གིས་སེམས་ཅན་རྣམས་བྱུང་བར་གྱུར་ཏེ། །འབྱུང་བར་འགྱུར་དོ། །དུས་འདི ་སྲིད་དུ་འཁོང་བར་གནས་ནས་ཐར་པ་སྒྲུབ་པར་འགྱུར་རོ་ཞེས་བྱ་བའོ། །རྗེས་སུ་བསྟན་པ་ནི་ཡང་འདི་ནི་ཆོས་སོ་འདི་ནི་ཆོས་མ་ཡིན་པའོ། །འདི་ལ་ནི་བསླབ་པར་བྱའོ། །འདི་ལ་ནི་བསླབ?་པར་མི་བྱའོ། །ཆོས་འདི་དག་ནི་སྲིད་པ་སྒྲུབ་པར་བྱེད་བ་སྟེ། འདོད་ཆགས་ལ་སོགས ་པའོ། །ཆོས་འདི་དག་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་བའོ་ཞེས་བྱ་བ་ལ་སོགས་པ་དཔག་ཏུ་མེད་བའི་ཚེ་འཕྲུལ་བསྟན་པ་རྒྱས་པར་རིག་པར་བྱའོ། གསུང་དབྱངས་རྣམ་པ་དྲུག་ཅུ་དང་བཅས་པ་ནི་གསུང་དབྱངས་རྣམ་པ ་དྲུག་ཅུ་དང་ལྡན་པ་སྟེ། རྣམ་པ་དྲུག་ཅུ་དང་ལྡན་པ་གང་དག་ཞེ་ན། འདི་ལྟ་སྟེ། མཉེན་པ་དང། འཇམ་པ་དང། ཡིད་དུ་འོང་བ་དང། ཡིད་དུ་འཐད་པ་དང། དག་པ་དང། དྲི་མ་མེད་པ་དང། འོད་གསལ་བ་དང། སྙན་ཅིང་འཇིགས་པ་དང། མཉན་པར ་འོས་བ་དང། མི་ཚུགས་པ་དང། སྙན་པ་དང་དུལ་བ་དང། མི་རྩུབ་པ་དང། མི་?་བ་དང། རབ་ཏུ་དུལ་བ་དང། རྣར་སྙན་པ་དང། ལུས་ཚིམ་པར་བྱེད་པ་དང། སེམས་ཚིམ་པར་བྱེད་པ་དང། སྙིང་དགའ་བར་བྱེད་པ་དང། དགའ་བ་དང། བདེ་བ་བསྐྱེད་པ་དང། ་ཡོངས་སུ་གདུད་པ་མེད་པ་དང། ཀུན་ཏུ་ཤེས་པར་བྱ་བ་དང། རྣམ་པར་ཤེས་པར་བྱ་བ་དང། རྣམ་པར་གསལ་ཐ་དང། དགའ་བར་བྱེད་པ་དང། ཀུན་ཏུ་དགའ་བར་བྱེད་པ་དང། ཀུན་ཏུ་ཤེས་པར་བྱེད་པ་དང། རྣམ་པར་ཤེས་པར་བྱེད་པ་དང། རིག་པ་དང ་ལྡན་པ་དང། འབྲེལ་བ་དང་ལྡན་པ་དང་།ཟློས་པའི་སྐྱོན་སྤངས་པ་དང། སེང་གེའི་སྒྲའི་ཤུགས་དང། གླང་པོ་ཆེའི་ད་རོའི་སྒྲ་དང། འབྲུག་གི་དབྱངས་དང། ཀླུའི་དབང་པོའི་དབྱངས་དང། མི་འམ་ཅིའི་དབྱངས་དང། རྒྱ་མཚོ་འཁྲུགས་བའི་སྒྲ་དང། ཀ ་ལ་པིང་ཀའི་སྒྲ་དབྱངས་དང། ཚང་པའི་སྒྲ་དབྱངས་དང། ཤད་ཤར་དེའུའི་སྒྲ་དབྱངས་སུ་སྒྲོགས་པ་དང། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང། རྡའི་སྒྲ་དང། མ་ཁོངས?་པ་དང། མི་དམའ་བ་དང། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང། ཚིག་ཟུང་ཆེ་གང་མེད ་པ་དང། མཆོད་པ་མེད་པ་དང་མ་ཞུམ་པ་དང། མི་ཞན་པ་དང། རབ་ཏུ་དགའ་བ་དང། ཁྱབ་པ་དང། །ཕན་པ་དང། བཅས་པ་དང། རོལ་པ་དང་བཅས་པ་དང། སྒྲ་ཐམས་ཅད་རྫོགས་པ་དང་ལྡན་པ་རང། དབང་པོ་ཐམས་ཅད་ཚིམ?་པར་བྱེད་པ་དང། མ་སྨད ་པ་དང། མི་འགྱུར་པ་དང། མ་རྟབས་པ་དང། འཁོར་ཀུན་ལ་མཐུན་པར་ཞུགས་པ་དང། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་སྟེ། རྣམ་པ་དྲུག་ཅུ་པོ་འདི་དག་ནི་གསང་བ་བློ་གྲོས་ཀྱི་མདོ་ལས་གསུངས་སོ། །དེ་དག་ཉིད་ཀྱིས། དེ་ཡིས་སྐུ ་དང་གསུང་རྣམས་ཀྱིས་སོ། །ཡིད་བཞིན་ནོར་བུ་དཔག་བསམ་ལྟར། །གདུལ་བའི་དབང་གིས་ཕྱོགས་ཀུན་ཏུ། སྣ་ཚོགས་བདག་པོའི་གཟུགས་སུ་བསྒྱུར། །དེ་ནི་ཇི་ལྟར་བསྟན་པའི་འགྲོ་བ་མོས་པའི་མངོན་པར་འདོད་པའི་བསམ་པ་ཡོངས་སུ་རྫོགས་པར་མཛད་བའི་ཡང ་བཞིན་ནོར་བུ་དང་འདྲ་བའི་སྐུ་དང། ཇི་ལྟར་བསྟན་པའི་གསུང་དག་གིས། སེམས་ཅན་ཁམས་ཀྱི་མཐས་གཏུགས་པ་ལ་ཕན་པ་མངོན་པར་སྒྲུབ་བའི་སྨོན་ལམ་གྱིས། གདུལ་བྱ་གང་དང་གང་ལ་གཟུགས་གང་དང་གང་གིས་ཡོངས་སུ་སྨིན་པར་འགྱུར་བ་དེ་དག ་གི་ཆེད་དུ་འགྲོ་བ་མ་ལུས་པ་ལ་སྟོན་བའི་དབང་?་ཏུ་གྱུར་པའི་གཟུགས་དུ་མ་སྟོན་པར་མཛད་དོ། །དེ་དག་དེ་ལྟར་སོགས་གྲངས་མེད། །དཔག་མེད་རྨད་དུ་བྱུང་བའི་གནས། །ཆེ་བའི་བདག་ཉིད་མཁས་པས་ལམ་ཏེ?། འདི་ལ་བརྟན་ནས་ཐོབ་པར་འགྱུར། །དེ ་དག་ཅེས་བྱ་བའི་སྒྲས་ནི་རབ་ཏུ་བྱེད་པ་ཡོངས་སུ་སྔགས་པ་ཡིན་པར་སྟོན་ཏོ། །དེ་ལྟར་ཞེས་བྱ་བའི་སྒྲས་ནི་ཇི་ལྟར་བསྟན་པའི་ཡོན་ཏན་གྱི་རྣམ་པ་སྟོན་ཏེ། །སོགས་ཞེས་བྱ་བའི་སྒྲས་ནི་འདི་ལྟར་བསྟན་པ་འདི་ནི་ཉུ་?་ཅིག་ཡིན་གྱི་བརྗོད་པར་བྱ་བ་ནི ་མང་དུ་ཡོད་དོ་ཞེས་ཏོན་ཏེ། །བརྒྱ་དང་སྟོང་ལ་སོགས་པ་གྲངས་ལས་འདས་པ་ནི་གྲངས་མེད་པའོ། །མཐུ་ཆེན་པོ་ཉིད་ཀྱིས་ན་དཔག་ཏུ་མེད་པའོ། །ཡིད་ལ་ངོ་མཚར་སྐྱེད་པར་བྱེད་བ་ནི་རྨད་དུ་བྱུང་བའོ། །འདིའི་འབྱུང་གནས་ནི་དེའི་གནས་སོ། །ཅི་ཞིག ་ཞེ་ན། ཆེན་པོ་གྱུར་པའི་ངོ་བོ་ནི་ཆེ་བའི་བདག་ཉིད་དེ། ས་ལ་སོགས་པ་རྟོགས་པའི་རིམ་གྱི་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །སུ་ཞིག་གིས་ཞེ་ན་ཀུན་རྫོབ་དང་དོན་དམ་པ་གཉིས་ཤེས་རབ་ཀྱིས་རབ་ཏུ་འབྱེད་པ་དང་ལྡན་པའི་མཁས་པས་སོ། །ཇི་ལྟ་བུ ་ཞེ་ན། བྱང་ཆུབ་སེམས་ནི་མི་གཏོང་དང། །ཐུབ་པའི་བརྟུལ་ཞུགས་ཡང་དག་བསྟེན། །དེ་ཉིད་ཤེས་པའི་འཚལ་བ་ནི། །ཞེས་བྱ་བའི་ཚིག་ཇི་སྐད་བསྟན་པའི་ཐེག་པ་ཆེན་པོའི་ལམ་ཆེན་པོ་ལ་བརྟེན་ཅིང་གནས་ནS་འཐོབ་བོ། །གྲངས་མེད་པ་དང། དཔག་ཏུ་མེད་པ ་དང། རྨད་དུ་བྱུང་བའི་ཡོན་ཏན་གྱི་བདག་ཉིད་ཆེན་པོ་ནི་མདོ་སྡེ་དུ་མ་ལས་སྣང་སྟེ། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་རྣམས་ཀྱི་གཟུགས་ཀྱི་སྐུ་མཛའ་དང་དབུས་མེད་པ་ཡོངས་སུ་དག་པ་དང། རྙོག་པ་མེད་པ་འགྲོ་བ་ཐམས་ཅད་ལ་གཟིགས་པ་མཛའ་ ་དང་དབུང་ལམ་ཆགས་པའི་སྤྱན་དང་ལྡན་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ཉིད་དང། མཛའ་དང་དབུང་མེད་པའི་སྙན་རྣམ་པར་དག་པ་འགྲོ་བ་ཐམས་ཅད་ཀྱི་སྒྲ་རྣམས་བསྒྲིབས་པ་མེད་པར་རྣམ་པར་མཁྱེན་པ་དང། ཤངས་ཀྱི་སྐྱེ་མཆེད?་མཛའ་ ་དང་དབུང་མེད་པ་སངས་རྒྱས་ཀྱི་དབང་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙོས་པ་དང། ལྗགས་ཀྱི་མཆོག་མཛའ་དང་དབུང་མེད་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་དབྱངས་དང་ལྡན་པ་དང་སྐུའི་འཕྲིན་ལས་ཀྱང་མཛའ་དང་དབུང་མེད ་པ་ཉིད་དེ། སེམས་ཅན་གྱི་ཁམས་མ་ལུས་པའི་སེམས་དང་མཐུན་པར་དེ་བཞིན་གཤེགས་པའི་སྐུ་སྟོན་བར་མཛད་པ་ཉིད་དང་ཐུགས་ཀྱི་འཕྲིན་ལས་ཀྱང་མཛའ་དང་དབུང་མེད་པ་ཉིད་དེ། ཆོས་ཀྱི་སྐུ་དང་ཐ་མ་དང་པར་དུས་གསུམ་ལ་མ་ཆགས་པའི་རྗེས ་སུ་ཞུགས་ཤིང་རྣམ་པར་དག་པ་ཉིད་དང། སངས་རྒྱས་འབྱུང་བ་སྟོན་པ་ལ་སོགས་པ་རྣམ་པར་འཕྲུལ་བའི་ཚེ་འཕྲུལ་སྟོན་བའི་སངས་རྒྱས་ཀྱི་རྣམ་པར་ཐར་པའི་གནས་པ་བསྒྲིབས་པ་མེད་པ་ཡང་མཛའ་དང་དབུད་མེད་པ་དང། བསམ་པ་རྣམ་པར་དག་པ་ཇི་ལྟ ་པ་བཞིན་དུ་མཛའ་དང་དབུད་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་རྙོག་པ་མེད་པའི་བཀོད་པ་དང་ལྡན་པ། སྙིགས་མ་དང་བྲེལ་བའི་སངས་རྒྱས་ཀྱི་ཞིང་དུ་བྱིན་གྱིས་བརླབས་ནས་སྟོན་པར་མཛད་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་བྱེ ་བྲག་དང་སྨོན་ལམ་གྱི་ཡོངས་སུ་འཕྲུལ་པ་དང་ཡེ་ཤེས་ཀྱི་ཆོས་ཡོངས་སུ་རྫོགས་པ་དང། མངོན་པར་བྱང་ཆུབ་པ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང་མཛའ་དང་དབུད་མེད་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མཛའ་དང་དབུད་མེད་པ ་བཅུ་ཡིན་ནོ། །དེ་བཞིན་དུ་སྐད་ཅིག་མ་གཅིག་ལ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བཅུ་མངོན་པར་བསྒྲུབ་པ་སྟེ། སངས་རྒྱས་རྣམས་ཀྱི་དུས་ལ་མི་འདའ་བ་བཅུ་དང་།སངས་རྒྱས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བ་བཅུ་དང། སངས་རྒྱས་རྣམས་ཀྱི ་བྱིན་གྱི་བརླབས་མངོན་པར་སྒྲུབ་པའི་ཡེ་ཤེས་བཅུ་དང་།གཞལ་དུ་མེད་པའི་ཁོངས་སུ་གྲོགས་པ་ཉིད་བཅུ་དང། ཤེས་རབ་འཆལ་བ་པས་སྙེན་པར་དཀའ་བ་ཆེ་ཞིང་རྒྱས་པའི་ཆོས་བཅུ་དང། བདག་ཉིད་?་བ་ཉིད་བཅུ་དང། ཤིན་ཏུ་རྣམ་པར་དག་པ ་བཅུ་དང། སངས་རྒྱས་རྣམས་ཀྱི་མཛད་པ་བཅུ་དང། ཡེ་ཤེས་རྒྱ་མཚོའི་རིག་པ་བཅུ་དང། སངས་རྒྱས་ཀྱི་འདྲེན་པ་བཅུ་དང། །སངས་རྒྱས་ཀྱི་ཆོས་བསྟན་པའི་སྒྲོ་མཛའ་ཡས་པ་བཅུ་དང། སེམས་ཅན་གྱི་སྙིང་པོའི་ཆོས་བཅུ་དང། སངས་རྒྱས་རྣམས ་ཀྱི་མ་ཆགས་པར་གནས་པ་བཅུ་དང། སངས་རྒྱས་རྣམས་ཀྱི་རྒྱན་བཅུ་དང། སངས་རྒྱས་རྣམས་ཀྱི་དབང་ཕྱུག་ལ་དབང་བཅུ་དང། སངས་རྒྱས་རྣམས་ཀྱི་ཡོངས་སུ་རྫོགས་པར་མཛད་པ་བཅུ་དང། སངས་རྒྱས་རྣམས་ཀྱི་ཐབས་ལ་མཁས་པ་བཅུ་དང། སངས ་རྒྱས་རྣམས་ཀྱི་དགོངས་པ་བཅུ་དང། སངས་རྒྱས་རྣམས་ཀྱི་སྟོབས་བཅུ་དང། ཆོས་ཀྱི་ཕྱུག་པའི་ཆོས་བཅུ་དང། དེ་བཞིན་གཤེགས་པའི་གནས་པ་བཅུ་དང། ཆོས་ཐམས་ཅད་མ་ལུས་པར་མཁྱེན་པ་ཉིད་བཅུ་དང། ཐམས ་ཅད་མཁྱེན་པའི་གནས་པ་བཅུ་དང། དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་རྣམ་པར་དག་པ་བཅུ་དང། དེ་བཞིན་གཤེགས་པ་མྱུར་དུ་མཐོང་བའི་ཆོས་བཅུ་དང། སངས་རྒྱས་ཀྱི་ཏིང་ངེ་འཛིན་བཅུ་དང། དེ་བཞིན་གཤེགས་པ་རྣམ་པར་བཞག་པ ་བཅུ་དང། སངས་རྒྱས་ཀྱི་རྣམ་པར་ཐར་པ་བཅུ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སུམ་བརྒྱ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་ས་བཅུ་པའི་མདོ་ལས་བསྟན་ཏོ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ ་ཉིད་ཡིན་ནོ། །གང་ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང། དཀོན་མཆོག་སྤྲིན་དང། ས་བཅུ་པ་ལ་སོགས་པའི་མདོ་སྡེ་ལས། དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་ཉེ་བར་བསྟན་པ་རྣམས་ཁྱད་པར་དུ་ཤེས་པར་འདོད་ན་མདོ་སྡེ་དེ་དག ་ཉིད་ཀུན་ཏུ་བལྟ་བར་བྱའོ་ཞེས་བསྟན་ཏོ། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་འབར་བ་ལས་དེ་ཁོ་ན་ཉིད་ཤེས་པ་ཚོལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས?་ད་ནི་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་གཏན་ལ་དབབ ་པའི་སྐབས་ཀྱིས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཉིད་དུ་བསྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་བཞི་པ་རྩོམ་པར་བྱེད་དེ་དེ་ལྟར་རྣམ་པར་བཞག་པའི་བླ་ན་མེད་པའི་ཆོས་ཡེ་ཤེས་ཟབ་མོས་ཉམས་སུ་མྱོང་བའི་དེ་ཁོ་ན་ཉིད་ནི་།རྟོགས་པར ་དཀའ་བའི་ལུགས་འདི་ལ། །རྟོགས་པའི་ནུས་པ་ཆུང་གྱུར་བ། །གནས་མིན་སྐྲག་པའི་དམན་མོས་དག། ཡང་དང་ཡང་དུ་རྩོད་པར་རྩོམ། །ཞེས་བྱ་བའི་སྒྲིབ་པ་སྤང་བའི་ཐབས་ཡོངས་སུ་ཤེས་པ་མེད་པས་འདི་ལ་འཇུག་པར་གྱུར་པའི་ནུས་པ་ཆུང ་བ་ཉིད་ཀྱིས་ཇི་ལྟར་བསྟན་པའི་དེ་ཁོན་ཉིད་ཀྱི་ཤེས་པ་ཚོལ་བའི་ལུགས་འདི་རྟོགས་པར་དཀའ་ཨི་སྟེ། འདིས་ཕྱིན་པར་བྱེད་པ་འམ། ཐོབ་པར་བྱེད་བས་ཐེག་པ་སྟེ། ཐེག་པ་ཆེན་པོའི་ལམ་ནི་ལུགས་ཞེས་བྱ་བ་ལ་དེ་རྟོགས་པའི་ནུས་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། དད་པ་དད་བརྩོན ་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་སྟོབས་རྣམས་ཉམས་པར་གྱུར་པའི་ཕྱིར་རོ། །དམིགས་པ་མེད་པའི་ལྟ་བ་འཇིག་པར་བྱ་བའི་གནས་མ་ཡིན་ལ། ཆད་ལྟ་འདི་ནི་འཇིགས་པར་བྱ་བའི་གནས་ཡིན་ནོ་ཞེས་ནམ་མཁའ་འཇིགས་ཤིང་སྐྲག་པ ་བཞིན་དུ་གྱུར་པ་ན་།འཇིགས་པ་མེད་པ་གང་ལ་ཡང་མ་མཐོང་ཞིང་དངོས་པོར་འཛིན་པའི་གདོན་གྱིས་ཟིན་པའི་དབང་གིས་སེམས་འཁྲུག་པར་གྱུར་པ་རྣམས། མེ་ཁྱེད་གྱི་འོད་ཀྱིས་ཉི་མ་རྗེས་སུ་དཔོག་པ་དང། བ་ཡང་གི་རྨིག་རྗེས་ཀྱི་རྗེས་སུ་ཞུགས་ནས་རྒྱ་མོད་ཆེན་པོ ་རྗེས་སུ་དཔོག་པར་བྱེད་པ་ལྟར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དང། བྲལ་བས་ཐེག་པ་ཆེན་པོ་འདི་ནི་སངས་རྒྱས་ཀྱི་གསུངས་པ་མ་ཡིན་ནོ་སྙམ་སེམས་ཤིང་དཔོག་པར་བྱེད་པས་འདི་ལ་རིག་པ་ཡོད་པ་མ་ཡིན་པར་བསྒྲུབ་པའི ་ཕྱིར་སྨྲས་པ། སྟོན་པའི་རྣམ་པར་མི་རྟོག་བློ། །སྐུ་ལ་བརྟན་པ་མ་ཡིན་ཏེ། །ལུས་ཅན་ཡིན་ཕྱིར་བ་རྫི་ཡི། །ལུས་ལ་ཇི་ལྟ་བ་བཞིན་ཟེར། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྗེས་ཐོགས་ལ་སེམས་ཀྱི་སྐད་ཅིག་བཅུ་དྲུག་གིས་རྣམ་པར་གྲོལ་བའི་ལཾ་ཐོབ་པའི་ཡེ་ཤེས་ཀྱི ་སྐད་ཅིག་ནི་སངས་རྒྱས་ཞེས་བྱ་བའི་སྒྲས་བསྟན་ཏེ། སྡེ་བ་ཐམས་ཅད་ཀྱི་འདོད་པ་ཀུན་དང་ཡང་མི་འགལ་ལོ། །ཡང་རྣམ་པར་མི་རྟོག་པ་ཉིད་ནི་སངས་རྒྱས་ཉིད་ནི་རིགས་པར་འཇུག་པ་ཡིན་ཏེ། འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཕྱིར། རང ་སངས་རྒྱས་ལ་སོགས་པའི་བློ་བཞིན་ནོ། །རྣམ་པར་མི་རྟོག་པའི་བློ་ནི་རྣམ་པར་མི་རྟོག་པ་ཡིན་ན་ཡང། རྟེན་གྱི་སྐུ་མཚན་དང་དཔེ་བྱད་དང་ལྡན་པ་ཡང་སངས་རྒྱས་ཉིད་ཡིན་པར་བརྗོད་པ་དེ་ནི་རིག་པ་མ་ཡིན་པའོ་ཞེས་ཟེར་བའི་ཕྱོགས་ལ་ཅིའི་ཕྱིར་ལུས་ཅན་ཡིན་ ་པའི་ཕྱིར་ཏེ། གང་དང་གང་ལུས་ཅན་ཡིན་པ་དེ་དང་དེ་ནི་རྣམ་པར་མི་རྟོགས་པའི་སངས་རྒྱས་ཀྱི་རྟེན་མ་ཡིན་ནོ། །དཔེ་ཅི་ཡོད། ཇི་ལྟར་བ་ལང་རྫི་ལ་སོགས་པའི་ལུས་བཞིན་ནོ། །འདིས་ནི་སངས་རྒྱས་ཡེ་ཤེས་ཀྱི་སྐད་ཅིག་མ་ཉིད་ཡིན། ་པར་སེམས་ཤིང་།ཐེག་པ་ཆེན་པོ་ལས་རབ་ཏུ་གྲགས་པའི་སྐུ་གསུམ་དུ་རྣམ་པར་བཞག་པ་ནི་མི་འགྲུབ་པར་སྟོན་ཏེ། དེ་ལྟར་གཞན་དག་འདོད་ཅིང་སྒྲོགས་པའི་གཞན་གྱི་ལས་དང་སྨྲ་བའི་ཚིག་ཙམ་ཡང་བདག་ལ་སྡིག་པ་སོགས་པར་ན་གྱུར་ཅིག་ཅེས ་བསམས་ནས་སློབ་དཔོན་བདག་ཉིད་ཀྱིས་འདོད་པ་མ་ཡིན་པས་ཟེར་ཞེས་བྱ་བའི་སྒྲ་བསྟན་པ་ཡིན་ནོ། །གལ་ཏེ་ཐེག་ཆེན་པོ་བ་འདི་སྐད་དུ། རྟག་པའི་སྐུ་དང་དེ་བཞིན་ཆོས་ཙམ་དང། རྐྱེན་རྟོགས་པ་དང་སྐྱེ་མེད་རྟོག་པ་དང། ཐམས་ཅད་རྟོག་པ ་བདེ་གཤེགས་བྱང་ཆུབ་སྟེ། །རྣམ་པ་སྔར་ནི་ཐེག་པ་མཆོག་ལས་བསྟན། །ཅེས་བརྗོད་ན་དེ་དག་ནི་ལམ་གཞན་དང་གཞན་གྱིས་རྟོག་པ་ཡིན་པས་དེ་ན་དེས་དག་ནི་གསུང་རབ་ཀྱི་ལུགས་ལ་མཁས་པ་མ་ཡིན་པ་དེའི་ཕྱིར་འདི་ལྟར་ཡང་དག་ལྟ་བ ་སོགས་ལམ་གྱིས་ནི། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཆེར། །འདྲེན་བྱེད་ཡང་དག་རབ་རྟོགས་བྱེད། །བྱང་ཆུབ་ཡིན་ཕྱིར་སློབ་མའི་བཞིན། །ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་བའི་ངག་དང། ཡང་དག་པའི་ལས་ཀྱི ་མཛའ་དང་།ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱི་འཕགས་པའི་ལམ་ཡན་ལག་བརྒྱད་ནི་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ ་ནི་ལུང་གི་རིག་པ་ཡིན་ཏེ། ངེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཀྱང་ལམ་འདིས་རབ་ཏུ་རྟོགས་ཤིང་ཉམས་སུ་མྱོང་བ་འཐོབ་བོ། །ཆོས་ཐམས་ཅད་ལ་རབ་ཏུ་འབྱེད་པས་རྟོགས་པ་ནི་བྱང་ཆུབ་ཡིན་ཏེ། དེའི་ངོ་བོ་ནི་བྱང་ཆུབ ་ཉིད་ཡིན་ནོ། །བྱང་ཆུབ་ཉིད་ཡིན་པ་དེའི་ཕྱིར་གང་དང་གང་བྱང་ཆུབ་ཡིན་པ་དེ་དང་དེ་ནི་ལམ་འདི་དག་ཉིད་ཀྱི་མངོན་པར་རྟོགས་པར་འགྱུར་གྱི། གཞན་གྱིས་མ་ཡིན་ཏེ། ཉན་ཐོས་ཀྱི་བྱང་ཆུབ་བཞིན་ནོ། །ཇི་ལྟར་ཉན་ཐོས་ཀྱི་བྱང་ཆུབ་ཡང་དག་པའི་ལྟ་བ་ལ་སོགས་པའི་ཡི ་གྱིས་རྟོག་པར་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་དེ་བཞིན་ནོ། །གལ་ཏེ་ཡང་ལམ་ཐུན་མོང་མ་ཡིན་ན། ཉན་ཐོས་རྣམས་ཀྱི་ཕྱོགས་གཅིག་པ་དང། གཞན་གྱི་རྐྱེན་གྱི་ས་ཤེས་པར་འགྱུར་ལ། བཅོམ་ལྡན་འདས་རྣམས་ཀྱི་ནི་བཞིན་ལ་འགྲམ?་ལས་ཤིང་རྣམ་པ་ཐམས ་ཅད་མཁྱེན་པ་ཉི་ལ་ཡིན་པ་ཇི་ལྟར་སྲེད་ཞེ་ན། སྟོན་པའི་དབང་པོ་ཁྱད་འཕགས་པས། །ཀུན་མཁྱེན་ཡེ་ཤེས་སྲིད་པ་ཡིན། །ལམ་གཅིག་ན་ཡང་འདོད་པ་བཞིན། །འགའ་ཡིས་སོ་སོ་ཡང་དག་རིག། ་བཅོམ་ལྡན་འདས་ཀྱི་དད་པ་ལ་སོགས་པའི་དབང་པོ་ནི་ཤིན་ཏུ་ངོ་བོ་ཡིན་ལ། ཉན་ཐོས་རྣམས་ཀྱི་ནི་བརྟུལ་བ་ཡིན། རང་སངས་རྒྱས་རྣམས་ཀྱི་ནི་འབྲིང་པོ་ཡིན་ཏེ། ངེས་ན་བཅོམ་ལྡན་འདས་ནི་རང་བྱུང་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡིན་གྱི། ཉན་ཐོས་ལ་སོགས་པ་རྣམས་ཀྱི་ནི་མ་ཡིན་ནོ། །ཇི་ལྟར་ལམ་གཅིག་པ་ཉིད ་ཡིན་ན་ཡང་ཉན་ཐོས་རྣམས་ལ་དབང་པོའི་བྱེ་བྲག་མཐོང་སྟེ། ཤཱ་རིའི་བུ་ཤེས་རབ་ལ། དེ་བཞིན་གཤེགས་པའི་མ་གཏོགས་པ། སེམས་ཅན་ཀུན་གྱི་ཤེས་རབ་ཀྱིས། །བཅུ་དྲུག་ཆར་ཡང་མི་ཕོང?་ངོ། །ཞེས་བྱ་བ་དང་རྫུ་འཕྲུལ་དང་ལྡན་པའི་མཆོས་ནི ་མཽངྒལ་གྱི་བུ་ཆེན?་པོའོ། །ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་ནི་མ་འགགས་པའོ། །ཐོས་པས་འཛིན་པ་རྣམས་ཀྱི་མཆོག་ནི་ཀུན་དགའ་བོའོ། །ཆོས་སྣ་བ་རྣམས་ཀྱི་མཆོག་ནི་གང་པོའོ་ཞེས་བྱ་བ་ལ་སོགས་པ་དང། རང་སངས་རྒྱས་ཀྱི་རྣམ་པ་ལྔ་སྟེ། ཇི ་ལྟར་ཞེ་ན་སྨྲས་པ་།རང་སངས་རྒྱས་ཀྱི་ས་དག་ནི། །རྣམ་པ་ལྔ་སྟེ་རིགས་དང་ལམ། །གཞན་ཡང་ཀུན་ནས་འབྱུང་བ་དང། །གནས་དང་དེ་བཞིན་སྤྱོད་པའོ། །རིགས་ཀྱི་མཚན་ཉིད་གསུམ་ཉིད་དེ། །རང་བཞིན་གྱིས་ནི་འབྱུང་བ་ཉིད། །དང་པོ་ཉིད་ནས་འདོད་ཆགས ་ཆུང། །སྙིང་རྗེ་ཆུང་བའི་རིགས་ཅན་པ། །ཁྱད་འཕགས་ང་རྒྱལ་ལ་སྤྱོད་པ། །དེས་ན་དེ་ནི་འདུ་འཛི་དང། །སེམས་ཅན་དོན་དང་བྱ་བ་ལ། །ཡོད་མི་འཇུག་སྟེ་དེ་ཕྱིར་འདི། །སློབ་དཔོན་མེད་པར་འདོད་པ་ཡིན། །གཉིས་པ་གཞན་མེད་ཁོ་ན་ཡིས། །བྱང་ཆུབ ་པ་ཡིན་ལམ་དག་ཀྱང། །དེ་ཡིས་གསུམ་དུ་རིག་པར་བྱ། །འགའ་ཞིག་བསྐལ་པ་བརྒྱར་སངས་རྒྱས། །འབྱུང་བ་རྣམས་ལ་ལེགས་མཆོད་ཅིང། །རང་རྒྱལ་བྱང་ཆུབ་ཕྱིར་བརྩམས་ནས། །སྨིན?་པར་བྱེད་དོ་གཞན་དག་ནི། །སངས་རྒྱས་མཉེས་བྱས་དེ་འབྱེད་ཀྱི།། ་ཆ་མཐུན་བསྐྱེད་བ་རྫོགས་བྱེད་དོ། །གཞན་ནི་སངས་རྒྱས་འབྱུང་ལ་འབྲས། །འཐོབ་བྱེད་དགྲ་བཅོམ་མངོན་མི་བྱེད། །ཀུན་ནས་འབྱུང་བ་རྒྱུ་ངག་ནི། །གསུམ་པ་དེ་དག་ཉིད་དག་གིས། །སངས་རྒྱས་མེད་པར་དགྲ་བཅོམ་ཉིད། །སློབ་དཔོན་མེད་པར་ཐོབ་དང་ལྡན། །དང ་པོ་ཀུན་འབྱུང་རང་སངས་རྒྱས། །བསེ་རུ་ལྟ་བུར་འདོད་པ་ཡིན། །ལྷག་མ་དག་ནི་ཀུན་འབྱུང་བ། །རྐྱེན་གྱི་རང་རྒྱལ་ཉིད་ཡིན་ནོ། །དང་པོ་གཅིག་པུར་གནས་པ་སྟེ། །ཟབ་མོ་ལ་ནི་རྟོག་པ་ཡི། །མོས་པ་དང་ལྡན་ལྷག་མ་གཉིས། །ཚོགས་དང་ལྷན་ཅིག་གནས་བ་ཡིན། ། ་ལུས་ལ་སོགས་པ་ལེགས་བསྡམས་ནས། །དེ་ན་བསོད་སྙོམས་དག་ལ་འཇུག་།དམན་པ་རྗེས་སུ་བཟུང་བའི་ཕྱིར། །དེ་ནི་གཅིག་ཏུ་རབ་ཞི་ལྡན། །དེ་ལྟར་ཤེས་པ་ལ་ཁྱད་པར་ཡོད་ཀྱང་ལམ་ལ་ཐ་དད་པ་མེད་བ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཡང་བལྟ ་བར་བྱའོ། །འོན་ཏེ་ཡང་ཐེག་པ་ཆེན་པོ་པ་དག་ན་རེ་སྒྲིབ་པ་ནི་གཉིས་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་དང། གཟུགས་ལ་སོགས་པ་ཤེས་བྱའི་སྒྲིབ་པ་དག་གོ་།དེ་ལ་ལམ་འདིས་ནི་ཉོན་མོངས་པའི་སྒྲབ་པ་ཙམ་སྤོང་གི་ཤེས ་བྱའི་སྒྲིབ་བ་སྤོང་པ་ནི་མ་ཡིན་ཏེ། །ཇི་སྐད་དུ་འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ནི། །འོན་ཀྱང་བསྟན་རྣམས་འདི་ལ་འདུན་པ་འདུལ་།ཞེས་བྱ་བ་དང། ་དེ་བཞིན་དུ་ཀུན་རྟོག་ལས་ནི་འདོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་ཀྱིས་ཏེ། ཁྱོད་ནི་ཀུན་རྟོག་མ་བྱེད་དང། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །ཞེས་བྱ་བས་བརྟགས་བཙམ་དང་བྲལ་བ་ནི་ཉོན་མོངས་པ་དང་བྲལ་བ་ཡིན་ནོ། །ཉོན་མོངས་པའི་སྒྲིབ་པ་ཐོག་མ་མེད་པའི ་དུས་ནས། གོམས་པར་བྱས་པའི་ཉོན་མོངས་པའི་བག་ཆགས་ནི་ཉན་ཐོས་ལ་སོགས་པ་ལ་ནི་འཇུག་ཅིང་ཡོད་པ་ཉིད་ཡིན་ལ། སྟོང་ཉིད་ཀྱི་ལྟ་བ་ཡུན་རིང་དུ་གོམས་པར་བྱས་པས་ཉོན་མོངས་པའི་དྲ་བའི་དྲི་མ་མ་ལུས་པ་བག་ཆགས་དང་བཅས་བརྩ་བ་ནས་སྤངས ་བ་ནི་བཅོམ་ལྡན་འདས་ཡིན་ཏེ། དེས་ནི་འདི་ནི་ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་གྱིས་ཁྱད་པར་དུ་བསྟན་པ་ཡིན་ནོ། ཞེས་ཟེར་ན་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ཤེས་བྱའི་སྒྲིབ་པ་ཟད་བྱེད་པ། །དེ་ཡང་ལམ་འདི་ཉིད་ཀྱིས་ཡིན། །སེམས་ལས་བྱུང་བའི་སྒྲིབ ་ཡིན་ཕྱིར། །ཉོན་མོངས་སྒྲིབ་བ་ཇི་བཞིན་འདོད། །ཤེས་བྱའི་སྒྲིབ་པ་ཟད་བྱེད་པ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཡང་ལམ་འདི་ཉིད་ཀྱི་ཡིན་ཞེས་བྱ་བ་ནི་དེའི་ཆོས་རབ་ཏུ་སྒྲུབ་པའོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །སྒྲིབ་པ་ནི་བཀག་པ་དང་གཡོགས་པ ་ཞེས་བྱ་བའི་ཐ་ཚིག་སྟེ། ཕྱི་རོལ་གྱི་སྒྲིབ་བ་དང་ཆོས་མཚུང་སྤས་མ་ངེས་པ་ཉིད་སྤང་པའི་ཕྱིར་གཏན་ཚིགས་ཁྱད་པར་ཅན་དགོད་པ་ནི། །སེམས་ལས་བྱུན་བའི་སྒྲིབ་ཡིན་ཕྱིར། །ཞེས་བྱ་བའི་སྒྲིབ་པ་བཞིན་ཞེས་བྱ་བ་ནི་དཔེའོ། །སྒྲིབ་པ་ཉིད་དུ་མཚུངས ་པའི་ཕྱིར་ལམ་གྱི་ཉོན་མོངས་སྤོང་པར་ནུས་པ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཡང་སྤོང་བར་ནུས་སོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ཉན་ཐོས་ཀྱི་ཐེག་པའི་གཞུང་གིས་ལམ། འདི་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་ཀྱི། ཐེག་པ་ཆེན་པོའི ་གཞུང་གིས་ནི་མ་ཡིན་ནོ་ཞེ་ན། དེ་ནི་རིག་པ་མ་ཡིན་ཏེ། འདི་ལྟར། ཐེག་ཆེན་དུ་ཡོད?་ལམ་འདི་ཡིས། །ཀུན་རིག་ཐུབ་པ་འཐོབ་བྱེད། །ཐེག་པ་གཞན་ཉིད་ཡིན་པའི་ཕྱིར། །རང་རྒྱལ་ཐེག་པ་བཞིན་དུ་འདོད། །ཐེག་པ་གསུམ་པོ་ཐམས་ཅད་དུ་ཡང་ལམ་འདི་ཉིད་ཁོ ་ན་བྱང་ཆུབ་གསུམ་འཐོབ་པའི་རྒྱུ་ཡིན་གྱི་གཞན་འགའ་ཞིག་འདི་བས་ལྷག་པའི་བྱང་ཆུབ་ཀྱི་ལམ་ནི་ཡོད་པ་མ་ཡིན་ནོ་།ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་མང་དུ་སྨྲས་པས་ཅི་དགོས་ཏེ། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཉིད ་དང་མི་འགལ་བར་གྱུར་ན་ལྟ་དེ་ལ་དམིགས་པའི་ཕྱོགས་དང་ལྷན་ཅིག་ཏུ་ལམ་མ་ཡིན་ཞེས་དཔྱད་པར་རིག་པར་གྱུར་ན་དེ་ནི་སངས་རྒྱས་ཀྱི་གསུང་ཉིད་དུ་རིག་པ་མ་ཡིན་ཏེ། རིག་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། མདོ་སྡེ་སོགས་སུ་མ་བསྡུས་དང།། ་ལམ་གཞན་ཉེ་བར་སྟོན་ཕྱིར་ཡང། །ཐེག་ཆེན་སངས་རྒྱས་གསུངས་མ་ཡིན། །རིག་བྱེད་མཛའ་ཡི་ལྟ་བ་བཞིན། །ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུངས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྟེ་དནག། མངོན་པ་དང། འདུལ་བ་རྣམས་སུ ་མ་བསྡུས་པ་ཉིད་ཀྱི་ཕྱིར་རོ། །གང་ཅུང་ཞིག་སངས་རྒྱས་ཀྱིས་གསུངས་པ་དེ་ཐམས་ཅད་ནི་མདོ་སྡེ་དང། མངོན་པ་དང། འདུལ་བ་རྣམས་ལ་སྣང་ན། ཐེག་པ་ཆེན་པོ་ནི་མིང་ཙམ་ཡང་མདོ་སྡེ་དང། མངོན་པ་དང། འདུལ་བ་རྣམས་ལ་མི་དམིགས ་ཏེ། དེའི་ཕྱིར་ན་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། རིག་བྱེད་ཀྱི་མཛའ་ཨི་ལྟ་བ་བཞིན་ནོ། །རིག་བྱེད་ཀྱི་མཛའ་ལ་ངེས་པར་ནི་རིག་བྱེད་མཛའ་པ་སྟེ། དེ་ཡང་འདི་ལྟར་གང་གཱ་ལ་སོགས་པའི་འབབ་སྟེགས་སུ་བཀྲུས་པ་དང། སྨྱུང་བར་གནས་པ་དང། ཁམས ་གསུམ་པའི་གསང་སྔགས་ལ་སོགས་པ་བཟླས་པས་སྡིག་པ་དག་ཅིང་གྲོལ་བ་ཐོབ་པར་སྨྲ་བའོ།། །།དབུ་མའི་སྙིང་པོ་འགྲེལ་པ་རྟོག་གོ་འབར་བ། །བམ་པོ་བཅུ་གསུམ་པ། །ཐེག་པ་ཆེན་པོ་པ?་ཡང་གང་གཱ་དང། སིན་དྷུ ་དང། པཀྵུ་དང། སཱ་ཏ་ཞེས་བྱ་བའི་ཆུ་ཀླུང་བཞིའི་ཆུ་ལ་བཀྲུས་པ་དང། འཐུངས་པ་དང་དེར་གནས་བའི་རིམ་གྱིས་གཟུངས་སྔགས་དང། གསང་སྔགས་ཀླགས་པ་དང། བཟླས་བརྗོད་ལ་སོགས་པ་བྱས་པས་སྡིག་པ་ཟད་ཅིང་བསོད་ནམས་ཉེ་བར་འཕེལ ་བ་ལ་སོགས་པའི་ལམ་གཞན་ཉེ་བར་བསྟན་པའི་ཕྱིར་རིག་བྱེད་ཀྱི་མཛའ་པའི་ལྟ་བ་དང་འདྲ་བ་ཉིད་དེ། །དེའི་ཕྱིར་ནི་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བྱའོ། །ཆད་པར་ལྟ་བ་དེ་བཞིན་དུ། རྒྱུ་དང་འབྲས་བུ་སྐུར་འདེབས་པས། །དེའི་ཕྱིར་ཡང་སྟེ། བདག་ཉིད ་ཐམས་ཅད་ཐམས་ཅད་དུ་སྟོང་པ་ཉིད་དུ་ཁས་ལེན་པའི་ཕྱིར་ལས་དང་འབྲས་བུ་དང། བདེན་པ་དང། དཀོན་མཆོག་རྣམས་ཀྱང་མེད་པས་ལས་ཀྱང་མེད། །བྱ་བ་ཡང་འབྲ་སྦུ་ཡང་མེད་དོ་ཞེས་འབྲས་བུ་དང་བཅས་པའི་རྒྱུ་ལ་སྐུར་བ་བཏབ་པར་གྱུར་པས ་འཇིག་རྟེན་འདི་ཙམ་པའི་ལྟ་བ་དང། ཐེག་པ་ཆེན་པོ་པའི་གྲུབ་པའི་མཛའ་མཚུངས་པར་འགྱུར་ཏེ། ཆད་པར་ལྟ་བ་བོ་ཡང་མེད་འདི་ལྟར་འཇིག་རྟེན་འདི་ཡང་མེད། འཇིག་རྟེན་ཕ་རོལ་ཡང་མེད། ལེགས་པར་སྤྱང་པ་དང་ཉེས་པར་སྤྱང་པའི་ལས་རྣམས ་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་དོ། ཞེས་བྱ་བ་ལ་སོགས་པར་མངོན་པར་ཞེན་ཏོ། །གལ་ཏེ་འདི་ཀུན་སྟོང་པ་ན། །སྐྱེ་བ་མེད་ཅིང་འགག་མེད་པས། །འཕགས་པའི་བདེན་པ་བཞི་པོ་རྣམས། །དངོས་པོ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ ་སོགས་པ་དབུ་མའི་རབ་ཏུ་བྱེད་བའི་དོན་ཡང་འདིར་སྦྱར་བར་བྱའོ། །གཞན་ཡང་སྡེ་པ་བཅོ་བརྒྱད་ཁོངས་སུ་ཡང། །གཏོགས་པ་མེད་པས་མ་ཡིན་ངེས། །ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་མ་གཏོགས ་པའི་ཕྱིར་རིག་བྱེད་མཛའ་བའི་ལྟ་བ་བཞིན་ནོ། ཞེས་བྱ་བ་ནི་ཚད་མ་ཉེ་བར་དགོད་པ་ཡིན་ནོ། །ཡང་སྡེ་པ་བཅོ་བརྒྱད་པོ་དེ་དག་ནི་གང་ཡིན་པ་དེ་དག་གི་བྱེ་བྲག་ནི་ཇི་ལྟར་བྱུང་ཞེ་ན། བདག་གི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་བ་ལས་འདི་ལྟར་རྗེས་སུ་ཐོས་ཏེ། ་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལེ?་བརྒྱ་དྲུག་ཅུ་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར། རྒྱལ་པོ་དྷརྨ་ཨ་ཤ་ཀ?་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན ་གྱི་དབྱེན་ཆེན་པོར་གྱུར་ཏོ། །དེས་རེ་ཞིག་དང་པོར་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་གནས་བརྟན་པའོ། །དེ་ལ་དགེ་འདུན་ཕལ་ཆེན་པའི་སྡེ་ཡང་རིམ་གྱིས་བྱེ་བར་གྱུར་བ་ནན། རྣམ་པ་བརྒྱད་དུ་གནས་ཏེ། འདི་ལྟ་སྟེ། ་དགེ་འདུན་ཕལ་ཆེན་སྡེ་པ་དང། ཐ་སྙད་གཅིག་པ་དང། འཇིག་རྟེན་ལས་འདས་པར་སྨྲ་བ་དང། མང་དུ་ཐོས་པ་པ་དང། བཏགས་པར་སྨྲ་བ་དང། མཆོད་རྟེན་པ་དང། ཤར་གྱི་རི་བོ་པ་དང། ནུབ་ཀྱི་རི་བོ་པའོ། །གནས་བརྟེན་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན ་རྣམ་པ་བཅུར་གྱུར་ཏེ། འདི་ལྟ་སྟེ། གནས་བརྟན་པ་ཉིད་ལ་གངས་རི་པ་ཞེས་ཀྱང་བརྗོད་པ་དང། ཐམས་ཅད་ཡོད་པར་སྨྲ་བ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་བ་དང། རྒྱུར་སྨྲ་བ་དང། ཁ་ཅིག་མུ་རུན་ཏ་ཀ་པ་ཞེས་ཀྱང་ཟེར་བ་དང། གནས་མའི་བུ་དང། ཆོས ་མཆོག་པ་དང། བཟང་པོའི་ལམ་པ་དང། ཀུན་གྱི་བཀུར་པ་ལ་ཁ་ཅིག་ཨ་པ་ན་ཏ་ཀ་པ་ཡང་ཟེར། །ཁ་ཅིག་ནི་ཀུ་རུ་ཀུ་ལ་པ་ཞེས་ཀྱང་ཟེར་བ་དང། མང་སྟོན་པ་དང། ཆོས་སྤས་པ་དང། ཆར་བཟང་འབེབ་པ་ཞེས་བྱ་བ་ལ་ཁ་ཅིག་ནི་འོད་སྲུངས་པ ་ཞེས་ཟེར་བ་དང། བླ་མ་པ་ལ་ཁ་ཅིག་ནི་འཕོ་བར་སྨྲ་བ་ཞེས་ཟེར་བ་སྟེ། སྡེ་པ་བཅོ་བརྒྱད་ཀྱི་དབྱེ་བ་དེ་དག་གོ་།དེ་ལ་དགེ་འདུན་ཡང་ཡིན་ལ་ཕལ་ཆེ་བ་ཡིན་པས་དགེ་འདུན་ཕལ་ཆེན་ཏེ། དེ་ཉེ་བར་སྟོན་པར་བྱེད་པ་ནི་དགེ་འདུན་ཕལ་ཆེན་པའོ། །ཁ་ཅིག་ནི ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་ཐུགས་གཅིག་གིས་རྣམ་པར་མཁྱེན་ཅིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིཡོངས་སུ་མཁྱེན་ཏོ་ཞེས་ཐ་སྙད་འདོགས་ཏེ། ངེས་ན་ཐ་སྙད་གཅིག་པ་ཞེས་བྱའོ། །འཇིག་རྟེན་ཐམས ་ཅད་ཀྱིས་འཇིག་རྟེན་པ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་འདས་པར་གྱུར་པར་དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་ཆོས་མི་མངའ་ཨོ་ཞེས་སྨྲས་པས་ནི་འཇིག་རྟེན་ལས་འདས་པར་སྨྲ་བའོ། མང་དུ་ཐོས་པའི་སློབ་དཔོན་གྱི་རྗེས་སུ་སྟོན་པར ་བྱེད་པས་ན་མང་དུ་ཐོས་པར་སྨྲ་བའོ། །འདུས་བྱས་རྣམས་ཕན་ཚུན་བཏགས་པ་ཉིད་ཀྱི་སྡུག་བསྔལ་བ་ཡིན་ནོ། །ཞེ་སྨྲ་བའི་ཕྱིར་བཏགས་པར་སྨྲ་བའོ། །མཆོད་རྟེན་ཅན་གྱི་རི་ལ་གནས་བཅས་པ་ཉིད་ནི་མཆོད་རྟེན་པའོ། །ཤར་གྱི་རི་དང་ནུབ་ཀྱི་རི་ལ་གནས་པ་ཉིད་ནི ་ཤར་གྱི་རི་བོ་དང། ནུབ་ཀྱི་རི་པོ་པའོ། །གནས་བརྟན་འཕགས་པའི་རིགས་ཡིན་པར་སྟོན་པ་ནི་གནས་བརྟན་པའོ། །དེ་ཉིད་ལ་གངས་ཀྱི་རི་པོ་ཞེས་ཀྱང་ཟེར་ཏེ། གངས་ཀྱི་རི་ལ་བརྟེན་ནས་གནས་པའི་ཕྱིར་རོ། །གང་ཅུང་ཞིག་འདས་པ་དང། མ་འོངས་པ་དང། དེ ་ལྟར་བྱུང་བ་ཐམས་ཅད་ཡོད་དོ་ཞེས་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའོ། །དེ་དག་ཉིད་ལས་འགའ་ཞིག་ནི་ཡོད་དོ། །འདས་པའི་ལས་འབྲས་བུ་མ་ཕྱུང་བ་གང་ཡིན་པའོ། །ལ་ལ་ནི་མེད་དེ། གང་འབྲས་བུ་མྱོང་ཟིན་པ་དང། མ་འོངས་པ་དག་གོ་།ཞེས ་རྣམ་པར་ཕྱེ་ནས་སྨྲ་བར་བྱེད་པའི་ཕྱིར་དེ་ཉིད་ལ་རྣམ་པར་ཕྱེ་སྟེ་།སྨྲ་བ་ཞེས་བྱའོ་དེ་དག་ཉིད་ལས་གང་ཅུང་ཞིག་བྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་པ་དེ་ཐམས་ཅད་ནི་རྒྱུ་དང་བཅས་པའོ། །ཞེས་སྨྲ་བས་རྒྱུར་སྨྲ་བའོ། །དེ་རྣམས་ཉིད་ལས་ཁ་ཅིག་མུ ་རུན་ཏའི་རི་ལ་གནས་པའི་ཕྱིར་མུ་རུན་ཏ་ཀ་ཞེས་བྱའོ། །གནས་པའི་རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ་དེ་ལ་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། དེའི་རིགས་ཡིན་པར་སྟོན་པ་ནི་གནས་མའི་བུའོ། །སློབ་དཔོན་ཆོས་མཆོག་གི་རྗེས་སུ་སྟོན་པར་བྱེད ་པ་ནི་ཆོས་མཆོག་པའོ། །བཟང་པོའི་ལམ་པའི་སློབ་མ་ནི་བཟང་པོའི་ལམ་པའོ། །ཀུན་གྱི་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པར་བྱེད་པ་ནི་ཀུན་གྱིས་བསྐུར་བའོ། །དེ་ཉིད་ལས་ཨ་པན་ཏའི་གྲོན་ཁྱེར་དུཡང་དག་པར་བསྡུ་བ་བྱས་པའི་ཕྱིར་ཨ་པན་ཏ་ཀ་པའོ ་ཁ་ཅིག་ཀུ་རུ་ཀུ་ལའི་རི་ལ་གནས་པའི་ཕྱིར་ཀུ་རུ་ཀུ་ལ་པའོ། །ས་སུའི་སྐད་ཀྱི་དབྱིངས་ལས་རྗེས་སུ་སྟོན་དུ་བསྒྱུར་ཏེ། སྐྱེ་བོའི་ཚོགས་ཆེན་པོ་ལ་ཡང་སྟིང་པར་མི་འབྱུང་བར་རྗེས་སུ་སྟོན་པའོ། །སློབ་དཔོན་ཆོས་སྦས་ཀྱི་ཡིན་པར་སྨྲ་བ་ནི་ཆོས་སྦས་པའོ། །རབ་ཏུ་བསྔགས ་པའི་དམ་པའི་ཆོས་ཀྱི་ཆར་འབེབས་པར་བྱེད་པས་ན་ཆར་བཟངས་འབེབས་པའོ། །དེ་ཉིད་སློབ་དཔོན་འོད་སྲུང་གི་ཡིན་པར་སྨྲ་བ་ནི་འོད་སྲུངས་པའོ། །དེ་བཞིན་དུ་བླ་མ་པའི་ཡིན་པར་སྨྲ་བ་ནི་བླ་མ་པའོ། །དེ་ཉིད་ལས་ཁ་ཅིག་ན་རེ་འཇིག་རྟེན ་འདི་ནས་འཇིག་རྟེན་ཕ་རོལ་ཏུ་གང་ཟག་འཕོ་བར་འགྱུར་རོ། །ཞེས་སྨྲ་བ་ནི་འཕོ་བར་སྨྲ་བའོ། །དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ཕལ་ཆེན་ལ་སོགས་པ་བརྒྱད་པ་དང། ཕྱིས་བསྟན་པའི་གནས་བརྟན་པ་དང། ཐམས་ཅད་ཡོད་པར་སྨྲ་བ་དང། མང་སྟོན་པ་དང། ཆོས ་མཆོག་པ་དང། འོད་སྲུངས་པ་རྣམས་ནི་བདག་མེད་པར་སྨྲ་བ་ཡིན་ཏེ། མུ་སྟེགས་པའི་འདོད་པས་བཏགས་པའི་དང་བདག་དང་བདག་གི་དག་ནི་སྟོང་པ་ཡིན་པ་དང། ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་པར་སྨྲ་བ་ཡིན་ནོ། །ལྷག་མ་གནས་མའི་བུ་ལ་སོགས ་པ་སྡེ་པ་ལྔ་ནི་གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་དང་རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་འཁོར་བར་གྱུར་པ་ཡོངས་སུ་གསལ་བར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ནི་སྡེ་པ་བཅོ་བརྒྱད་ཀྱི་དབྱེ ་བ་ཡིན་ནོ། །གཞན་ཉིད་ཀྱིས་སྨྲ་བ་ནི་གཞི་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །རྩ་བའི་དབྱེ་བ་ནི་གསུམ་སྟེ། འདི་ལྟར་གནས་བརྟན་པ་དང་དགེ་འདུན་ཕལ་ཆེན་པ་དང། རྣམ་པར་ཕྱེ་སྟེ་སྨྲ་བའོ། །དེ་ལ་གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད ་པར་སྨྲ་བ་དང། གནས་མ་བུའི་སྡེ་པ་ཞེས་བྱའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་ཡང་རྣམ་པ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང། མདོ་སྡེ་སྨྲ་བ་ཞེས་བྱའོ། །གནས་མ་ཐུ་ཡང་རྣམ་པ་བཞི་སྟེ། མང་པོས་བཀུར་བ་དང། ཆོས་མཆོག་པ་དང། བཟང་པོའི་ལམ ་པ་དང། གྲོང་ཁྱེར་དྲུག་པ་ཞེས་བྱ་སྟེ། དེ་ལྟར་ན་གནས་བརྟན་པ་ནི་རྣམ་པ་དྲུག་ཏུ་གནས་སོ། །ཡང་དག་འདུན་ཕལ་ཆེན་སྡེ་ནི་རྣམ་པ་བརྒྱ་དེ། དགེ་འདུན་ཕལ་ཆེན་པ་དང?། ཤར་གྱི་རི་བོ་པ་དང། ནུབ་ཀྱི་ངོ་བོ་པ་དང། རྒྱལ་ཕོའི་རི་པ་དང། གངས་རི་པ་དང། ་མཆོད་རྟེན་པ་དང། དོན་གྲུབ་པ་དང། བ་ལང་གནས་པ་ཞེས་བྱ་བ་སྟེ། དེ་ལྟར་དེ་དག་ནི་དགེ་འདུན་ཕལ་ཆེན་གྱི་དབྱེ་བ་ཡིན་ནོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི་སྟེ། ས་སྟོན་པ་དང། འོད་སྲུངས་པ་དང། ཆོས་སྦས་པ་དང། གོས་དམར་པོ་ཞེས་བྱ་བའོ། །དེ་ལྟར་འདི ་དག་ནི་འཕགས་པའི་སྡེ་པ་རྣམས་རྣམ་པར་བྱེ་ནས་རྣམ་པ་བཅོ་བརྒྱད་དུ་གྱུར་པའོ། །ཡང་གཞན་དག་ནི་འདི་སྐད་སྨྲ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ནས་བཟུང་ནས་ལོ་བརྒྱ་སུམ་ཅུ་རྩ་བདུན་ལོན་པ་ན་།རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ ་ཞེས་བྱ་བས་གྲོང་ཁྱེར་པ?་ཊ་ལ་ཊའི་ནང་དུ་སྡུད་པ་ལ་སོགས་པའི་འཕགས་པ་ཕལ་ནི་ཡང་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། འཕགས་པ་འོད་སྲུངས་ཆེན་པོ་དང། འཕགས་པ་སྤུ་ཆེན་པོ་དང། གཏོང་བ་ཆེན་པོ་དང་བླ་མ་དང། རེ་བ་ཏ་ལ ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ནི་བདུད་སྡིག་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས། །གཞི་ལྟས་དགེ་འདུན ་གྱི་དབྱེན་ཆེན་པོ་བསྐྱེད་དེ་གནས་བརྟན་ཀླུ་ཞེས་བྱ་བ་དང། ཡིད་བརྟན་པ་ཞེས་བྱ་བ་མང་དུ་ཐོས་པ་ངག་གིས་གཞི་ལྔ་སྔགས་པར་བྱེད། རྗེས་སུ་སྟོན་པར་བྱེད་ཅིང་དེ་གཞན་ལ་ལན་གདབ་པ་དང། མི་ཤེས་པ་དང། ཡིད་གཉིས་དང། ཡོངས་སུ་བརྟག་པ་དང། ་བདག་ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ཞེས་ཟེར་རོ། །དེ་ན་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང། དགེ་འདུན་ཕལ་ཆེན་སྡེ་ཞེས་བྱའོ། །དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ནས་འཁྲུག ་ལོང་གི་གནས་སོ། །དེ་ནས་ལོ་བརྒྱ་ཕྲག་གཉིས་པ་འདས་པའི་རྗེས་ལ་གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེས་ཡང་དག་པར་བསྡུས་པ་ནི་དགེ་འདུན་ཕལ་ཆེན་ཡང་རྣམ་པ་གཉིས་སུ་བྱུང་བར་གྱུར་ཏེ། ཐ་སྙད་པ་དང་བ་ལང་གནས ་པ་ཞེས་བྱ་བའོ། །དེ་ལ་ཐ་སྙད་པ་རྣམས་ཀྱི་དམ་ཚིག་གི་རྩ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ལས་འདས་པ་སྟེ། དེ་བཞིན་གཤེགས་པ་ལ་འཇིག་རྟེན་གྱི་ཆོས་ནི་མི་མངའ་ཨོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི ་འཁོར་ལོ་བསྐོར་བའི་རྗེས་སུ་གསུང་ནི་མི་འཇུག་གོ་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་སྙིང་པོ་ལ་མངོན་པར་མོས་པའོ། །དེ་བཞིན་གཤེགས་པ་ལ་གནས་དེར་གཟུགས་ཉེ་བར་ལེན་པ་ནི་མི་མངའ་ཨོ། །བྱང་ཆུབ་སེམས་དཔའ་ཨི་དུས་ན་ནུར་ནུར་པོ་དང་མེར་མེར་པ་དང་ལྟར་ལྟར ་བོS?་འཇུག་པ་མ་ཡིན་ཏེ། གླང་པོ་ཆེར་གྱུར་ནས་ཡུམ་གྱི་དགུ་ནས་ཞུགས་ནས་རང་ཉིད་ངེས་པར་འབྱུང་བ་ཡིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་པའི་འདུ་ཤེས་ནི་མི་འབྱུང་ངོ། །ངན་འགྲོ་རྣམས་སུ་བདག་ཉིད་ཀྱི་འདོད་པས་སྐྱེ་བ་བླངས་ཏེ་སེམས་ཅན་ཡོངས་སུ ་སྨིན་པར་བྱེད་དོ། །ཡེ་ཤེས་གཅིག་གིས་བདེན་པ་བཞི་རྣམས་ཡོངས་སུ་ཤེས་སོ་རྣམ་པར་ཤེས་པ་དྲུག་པོ་རྣམས་ནི་འདོད་ཆགས་དང་བཅས་པ་དང། འདོད་ཆགས་དང་བྲལ་བ་ཡང་ཡིན་ནོ། །མིག་གིས་ནི་གཟུགས་རྣམས་མཐོང་ངོ། །དགྲ་བཅོམ་པ ་རྣམས་ཀྱང་གཞན་དག་གིས་བསྟན་པ་སྒྲུབ་པར་བྱེད་དོ། །མི་ཤེས་པ་དང། ཡིད་གཉིས་དང་ཡོངས་སུ་རྟག་པ་དང་སྡུག་བསྔལ་སྤོང་བའི་ལམ་ཡང་ཡོད་དོ། །མཉམ་པར་བཞག་པའི་ཚེ་དག་འཇུག་པར་བྱེད་པ་ཡང་ཡོད་དོ། །མི་གཙང་བ་སྤང་བ་ཡང ་ཡོད་དོ། །ཡང་དག་པར་སྡོམ་པ་སྔོན་དུ་བྱས་པ་ཉིད་ཀྱིས་ཀུན་ཏུ་སྦྱོར་བ་ཐམས་ཅད་རབ་ཏུ་སྤངས་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་མི་ངའོ། །སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན ་བས་བག་ལ་ཉལ་བ་རྣམས་སེམས་དང་མཚུངས་པར་ལྡན་ཞེ་འམ་མི་ལྡན་ཞེ་བརྗོད་པར་མི་བྱའོ། །བག་ལ་ཉལ་ཡང་གཞན་ལ་ཀུན་ནས་ལྡན་བ་ཡང་གཞན་ཡིན་ནོ། །འདས་པ་དང་མ་འོངས་པ་ནི་མེད་དོ། །རྒྱུན་ཏུ་ཞུགས་པ་ནི་བསམ་གཏན་ཐོབ ་པ་ཡིན་ན་ཞེས་བྱ་བ་དེ་ལྟ་བུ་རྣམས་ནི་ཐ་སྙད་གཅིག་པ་རྣམས་ཀྱི་དམ་ཚིག་ཡིན་ནོ། །ཡང་བ་ལང་གནས་པ་རྣམས་ཀྱི་དབྱེ་བ་ནི་མང་དུ་ཐོས་པ་དང་བཏགས་པར་སྨྲ་བ་པ་ཞེས་བྱ་བའོ། །དེ་ལ་མང་དུ་ཐོས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ངེས་པར་འབྱུང་བའི་ལམ ་ལ་ནི་རྣམ་པར་དཔྱོད་པ་མེད་དོ། །སྡུག་བསྔལ་གྱི་བདེན་པ་དང། ཀུན་རྫོབ་ཀྱི་བདེན་པ་དང། འཕགས་པའི་བདེན་པ་ནི་བདེན་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་རྣམས་མཐོང་བས་ཡང་དག་པར་སྐྱོན་མེད་པ་ལ་འཇུག་གི་སྡུག་བསྔལ་གྱི་སྡུག་བསྔལ་དང། འགྱུར ་བའི་སྡུག་བསྔལ་མཐོང་བས་ནི་མ་ཡིན་ནོ། །དགེ་འདུན་ནི་འཇིག་རྟེན་ལས་འདས་པའོ། །དགྲ་བཅོམ་པ་རྣམས་ལ་ཡང་གཞན་གྱི་ཉེ་བར་བསྟན་པ་སྒྲུབ་པ་ཡོད་དོ། །ཡང་དག་པར་བསྒྲགས་པའི་ལམ་ཡང་ཡོད་དོ། །མཉམ་པར་བཞག་པ་ལ་ཡང་དག་འཇུག ་པ་ཡང་ཡོད་དོ། །ཞེས་བྱ་བ་རྣམས་ནི་མང་དུ་ཐོད་པ་རྣམས་ཀྱི་དམ་ཚིག་གོ་།ཡང་བཏགས་པར་སྨྲ་བ་རྣམས་ནི་ཕུང་པོ་མེད་པའི་སྡུག་བསྔལ་ཡང་ཡོད་དོ། །ཡོངས་སུ་མ་རྫོགས་པའི་སྐྱེ་མཆེད་ཀྱན་ཡོད་དོ། །འདུ་བྱེད་རྣམས་ནི་ཕན་ཚུན་བཏགས་པ་ཡིན་ནོ།། ་ཡང་སྡུག་བསྔལ་ནི་དོན་དམ་པར་རོ། །སེམས་ལས་བྱུང་བ་ནི་ལམ་མ་ཡིན་ནོ། དུས་མ་ཡིན་པར་འཆི་བ་ནི་མེད་དོ། །སྐྱེས་བུ་བྱེད་པ་ཡང་མེད་དོ། །སྡུག་བསྔལ་ཐམས་ཅད་ནི་ལས་ལས་བྱུང་བ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུ་ནི་བཏགས་པར་སྨྲ་བ་རྣམས ་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་བ་ལང་གནས་པ་རྣམས་ཀྱི་བྱེ་བྲག་ལས་གནས་བརྟན་མཆོད་རྟེན་པ་ཞེས་བྱ་སྟེ། དེ་ནི་ལྷ་ཆེན་པོ་ཞེས་བྱ་བའི་ཀུན་ཏུ་རྒྱུ་ཞིག་རབ་ཏུ་བྱུང་ནས་མཆོད་རྟེན་ཅན་གྱི་རི་ལ་གནས་པ་ཡིན་ཏེ། ཡང་དེ་ནི་དགེ་འདུན་ཕལ་ཆེན་པའི ་གཞི་འདོད་པར་གྱུར་པ་ནི་མཆོད་རྟེན་པ་ཞེས་བྱ་བའི་སྡེ་པར་རྣམ་པར་བཞག་སྟེ། དེ་དག་ནི་དགེ་འདུན་ཕལ་ཆེན་པ་རྣམས་ཀྱི་སྡེ་པ་དྲུག་ཏུ་བཞག་པ་ཡིན་ནོ། །ཡང་གནས་བརྟན་པ་ཡང་རྣམ་པ་གཉིས་ཏེ། སྔར་གྱི་གནས་བརྟན་པ་དང་གངས་རི་པ་ཞེས ་བྱའོ། །སྔར་གྱི་གནས་བརྟན་པའི་རྩ་བའི་དམ་ཚིག་ནི་དགྲ་བཅོམ་པ་རྣམས་ལ་གཞན་གྱིས་སྟོན་ཅིང་སྒྲུབ་པ་ནི་མེད་དོ། །དེ་བཞིན་དུ་གཞི་ལྔ་པོ་ཡང་མེད་དོ། །གང་ཟག་ནི་ཡོད་དོ། །སྲིད་པ་བར་མ་ནི་ཡོད་དོ། །དགྲ་བཅོམ་པ་ཡོངས་སུ་མྱ་ངན ་ལས་འདས་པ་ནི་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །མྱ་ངན་ལས་འདས་པའི་དོན་ནི་ཡོད་དོ། །ཞེས་བྱ་བ་དག་ནི་གནས་བརྟན་པའི་རྩ་བའི་དམ་ཚིག་གོ་།དེ་ལ་གངས་རི་བའི་རྩ་བའི་དམ་ཚིག་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་སོ་སོའི་སྐྱེ་བོ་མ ་ཡིན་ཞེས་བྱའོ། །ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ནི་ཡོད་དོ། །ཕུང་པོ་ལས་གང་ཟག་ནི་གཞན་ཡིན་པར་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་པར་འགྱུར་བ་ན། གང་དུ་ཕུང་པོ་འགགས་པ་ན་གང་ཟག་ནི་གནས་པའི་ཕྱིར་རོ། །མཉམ་པར་བཞག ་པ་ལ་ངག་འཇུག་པ་ནི་ཡོད་དོ། །ལམ་གྱི་སྡུག་བསྔལ་ནི་སྤོང་ངོ། ཞེས་བྱ་བ་དེ་དག་ནི་གངས་རི་པའི་དམ་ཚིག་ཡིན་ནོ། །ཡང་དང་པོའི་གནས་བརྟན་པ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང། གནས་མའི་བུ་ཞེས་བྱ་བའོ།། ་དེ་ལ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་ནི་གཉིས་ཀྱིས་ཐམས་ཅད་བསྡུས་ཏེ། འདུས་བྱས་དང། འདུས་མ་བྱས་སོ། །དེ་སྐད་སྨྲས་པས་ཅིར་འགྱུར། གང་ཟག་ནི་མེད་ཅེས་བྱ་བ་སྟེ། ཇི་སྐད་དུ་བདག་མེད་པའི་ལུས་འདི་འབྱུང་བ་ན། བྱེད་པ ་མེད་ཅིང་རིག་པ་པོ་ཡང་མེད། །ཇི་ལྟར་འཁོར་བའི་ཆུ་ཀླུང་འཇུག་གྱུར་པ། །ཉན་པའི་མཆོག་ཁྱོད་དེ་ནི་བསྟན་གྱིས་ཉོན། །ཅེས་གསུངས་པ་ལྟ་བུའོ། །དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དམ་ཚིག་གོ་།ཡང་དེ་དག་གི་རྩ་བའི་དམ་ཚིག་ནི་མི ་དང་གཟུགས་ཀྱི་ཐམས་ཅད་བསྡུས་འདས་པ་དང་མ་འོངས་པ་ནི་ཡོད་དོ། །རྒྱུན་ཏུ་ཞུགས་པ་ནི་མི་ཉམས་པའི་ཆོས་ཅན་ཡིན་པར་བརྗོད་པར་བྱའོ། །འདུས་བྱས་རྣམས་ཀྱི་འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་ཡིན་ནོ། །འཕགས་པའི་བདེན་པ་བཞི ་ནི་རིམ་གྱིས་རྟོག་པར་འགྱུར་རོ། །སྟོང་པ་ཉིད་དང་སྨོན་པ་མེད་པ་དང། མཚན་མ་མེད་པ་དག་གིས་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །སྐད་ཅིག་མ་བཅོ་ལྔས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་བསམ་གཏན་ཐོབ་པ ་ཡིན་ནོ། །དགྲ་བཅོམ་པ་ཡང་ཉམས་པ་སྲིད་དོ། །སོ་སོ་སྐྱེ་བོ་ལ་ཡང་འདོད་པའི་འདོད་ཆགས་སམ་གནོད་སེམས་སྤོང་བ་ཡོད་དོ། །ཕྱི་རོལ་པ་ལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །ལྷ་རྣམས་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །མདོ་སྡེ་ཐམས ་ཅད་ནི་དྲང་པའི་དོན་ཡིན་ནོ། །སྐྱོན་མེད་པ་ལ་འཇུག་པར་འགྱུར་བ་ནི་འདོད་པའི་ཁམས་ནས་སོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡོད་དོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན་འདོད་ཆགས་དང་བྲལ་བ་ཡང་མ་ཡིན ་ནོ། །ཞེས་བྱ་བ་འདི་དག་ནི་ཐམས་ཅད་ཡོད་པར་སྨྲ་བའི་དམ་ཚིག་གོ་།ཡང་ཐམས་ཅད་ཡོད་པར་སྨྲ་བའི་བྱེ་བྲག་ནི་རྣམ་པར་ཕྱེ་སྟེ་སྨྲ་བ་ཡིན་ནོ་ཡང་རྣཾ་པར་ཕྱེས་སྟེ་སྨྲ་བའི་བྱེ་བྲག་པ་ནི་མང་སྟོན་པ་དང་ཆོས་སྦས་པ་དང་གོས་དམར་བ་དང། འོད་སྲུངས་པ་ཞེས་བྱ་བའོ། །དེ་ལ་མང་སྟོན་པ་རྣམས ་ཀྱི་རྩ་བའི་དམ་ཚིག་ནི་འདས་པ་དང་མ་འོངས་པ་ནི་མེད་དོ། །ད་ལྟར་བྱུང་བའི་འདུས་བྱས་ཉིད་ནི་ཡོད་དོ། །སྡུག་བསྔལ་མཐོང་བས་བདེན་པ་བཞི་ཆར་མཐོང་བར་འགྱུར་རོ། །བག་ལ་ཉལ་ཡང་གཞན་ཡིན་ལ་མངོན་དུ་རྒྱུ་ཡང་གཞན་ཡིན་ནོ།། ་སྲིད་པ་བར་མ་ནི་མེད་དོ། །ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ། །དགྲ་བཅོམ་པ་ཡང་བསོད་ནམས་གསོག་གོ་།རྣམ་པར་ཤེས་པའི་ཚོགས་ལྔ་ལ་ཡང་འདོད་ཆགས་དང་བཅས་པ་དན་འདོད་ཆགས་དང་བྲལ་བ་ཡོད་དོ། །གང་ཟག་ནི་མགོ ་ལ་སོགས་པ་ལུས་དང་མཉམ་པོ་ཡིན་ནོ། །རྒྱུན་ཏུ་ཞུགས་པ་ནི་བསམ་གཏན་ཐོབ་པའོ། །སོ་སོ་སྐྱེ་བོས་ཀྱང་འདོད་པའི་འདོད་ཆགས་སམ། གནོད་སེམས་སྤོང་ངོ། །སངས་རྒྱས་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པའོ། །དགེ་འདུན་ནི་འབྲས་བུ་ཆེན་པོ ་འབྱུང་བར་བྱེད་ཀྱི་སངས་རྒྱས་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་དང་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ནི་གཅིག་གོ་།གང་ཟག་ནི་མི་མཐོང་ངོ། །སེམས་དང་སེམས་ལས་བྱུན་བ་འབའ་ཞིག་ནི་སྐྱེའི་ཆོས་ཅུང་ཟད་ཙམ་ཡང་འཇིག་རྟེན་འདི་ན་འཇིག་རྟེན ་ཕ་རོལ་ཏུ་འཕོ་བ་ནི་མེད་པ་ཉིད་དོ། །འདུས་བྱས་ཐམས་ཅད་ནི་སྐད་ཅིག་མའོ། །འདུ་བྱེད་རྒྱས་པར་གྱུར་པ་ལས་ནི་སྐྱེ་བ་ཡིན་ནོ། །འདུ་བྱེད་རྣམས་གནས་པ་ནི་མེད་དོ། །སེམས་ཇི་ལྟ་བ་དེ་ལྟར་ལས་ཡིན་གྱི། ལུས་དང་ངག་གི་ལས་ནི་མེད་དོ། །ཉམས་པར་མི ་འགྱུར་བའི་ཆོས་མེད་དོ། །མཆོད་རྟེན་མཆོད་པ་ལ་ནི་འབྲས་བུ་མེད་དོ། །ད་ལྟར་བྱུང་བ་རྟག་ཏུ་པ་ནི་བག་ལ་ཉལ་བ་ཡིན་ནོ། །འདུས་བྱས་མཐོང་བས་སྐྱོན་མེད་པར་འཇུག་པར་འགྱུར་རོ། །ཞེས་བྱ་བ་འདི་དག་ནི་མང་སྟོན་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ།། ་ཡང་ཆོས་སྦས་པ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་སངས་རྒྱས་ནི་དགེ་འདུན་གྱི་ཁམས་སུ་གཏོགས་པ་མ་ཡིན་ནོ། །སངས་རྒྱས་ལས་འབྲས་བུ་ཆེན་པོ་འབྱུང་པ་དེ་ལྟར་དགེ་འདུན་ལས་ནི་མ་ཡིན་ནོ། །ལྷའི་གནས་ན་ཡང་ཚངས་པར་སྤྱོད་པ་ནི་ཡོད་དོ།། ་འཇིག་རྟེན་པའི་ཆོས་ནི་ཡོད་དོ། །ཞེས་བྱ་བ་དེ་དག་ནི་ཆོས་སྦས་པ་རྣམས་ཀྱི་དམ་ཚིག་ཡིན་ནོ། །དེ་ལ་འོད་སྲུངས་པ་རྣམས་ཀྱི་དམ་ཚིག་ནི་རྣམ་པར་སྨིན་པ་རྣམ་པར་སྨིན་པའི་ཆོས་རྣམས་ཡང་འབྱུང་བར་འགྱུར་བའི་ཆོས་ནི་ཡོད་དོ། །སྤངས་ལ་ཡོངས་སུ ་མ་ཤེས་པ་ཡང་ཡོད་དོ་ཞེས་བྱ་བ་དང། ཆོས་སྦས་པའི་ཐམས་ཅད་ཀྱང་འདོད་དེ་དེ་དག་ནི་འོད་སྲུངས་པའི་དམ་ཚིག་ཡིན་ནོ། །གོས་དམར་པོ་རྣམས་ཀྱི་དམ་ཚིག་ནི་གང་ཟག་ནི་མེད་དོ་ཞེས་བྱ་བའོ། །ཡང་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་བྱེ་བྲག ་སློབ་དཔོན་བླ་མའི་གཞུང་སྟོན་པར་བྱེད་པའི་འཕོ་བ་རྣམས་ཀྱི་རྩ་བའི་དམ་ཚིག་ནི་ཕུང་པོ་ལྔ་ནི་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའོ། །ལམ་མ་གཏོགས་པར་ཕུང་པོ་འགག་པ་མེད་དོ། །རྩ་བའི་ལྟུང་བ་དང་བཅས་པའི་ཕུང་པོ་ནི་ཡོད་དོ། ་གང་ཟག་ནི་དོན་དམ་པར་མི་དམིགས་སོ། །ཀུན་ཀྱང་མི་རྟག་གོ་།ཞེས་བྱ་བ་དེ་དག་ནི་འཕོ་བ་པའི་དམ་ཚིག་ཡིན་ཏེ། རྣམ་པ་བདུན་པོ་དེ་ལྟ་བུ་དག་ཏུ་ཐམས་ཅད་ཡོད་པར་སྨྲ་བའི་དམ་ཚིག་དག་གནས་སོ། །ཡང་གནས་མའི་བུའི་དམ་ཚིག་ནི་ཉེ་བར་བླང་བའི་ཉེ་བར་ལེན་པ་དང ་ལྡན་པ་ནི་བཏགས་པའོ། །ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་མེད་དོ། །གང་ཟག་ནི་ཕུང་པོ་ལྔ་ཉེ་བར་བླངས་ནས་འཕོ་བར་འགྱུར་རོ། །འདུས་བྱས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཡང་ཡོད་དོ། །གང་ཟག་ནི་ཉེ་བར་བླངས་པའི ་ཕུང་པོ་ཉིད་དང་གཅིག་པ་འམ། གཅིག་པ་མ་ཡིན་པར་བརྗོད་པར་མི་བྱའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་དང་གཅིག་པ་ཉིད་དམ་ཐ་དད་པ་ཉིད་དུ་མི་བརྗོད་དོ། །མྱ་ངན་ལས་འདས་པ་ནི་ཡོད་པ་ཉིད་དམ་མེད་པ་ཉིད་དུ་མི་བརྗོད་དོ། །རྣམ་པར་ཤེས ་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས་པ་ཡང་མ་ཡིན་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི་གནས་མ་བུ་པ་རྣམས་ཀྱི་དམ་ཚིག་གོ་།ཡང་གནས་མ་བུ་ཡང་རྣམ་པ་གཉིས་ཏེ་།རིན་ཆེན་པོ་བབ་དང། མང་པོས་བཀུར་བ་བའོ། །དེ་ཡང་མང་བློ་བཀུར་བ་པ་རྣཾས་ཀྱི ་རྩ་བའི་དམ་ཚིག་ནི་འབྱུང་བར་འགྱུར་བ་དང། འབྱུང་བ་དང་འགག་པར་འགྱུར་བ་དང། འགག་པ་དང་སྐྱེ་བར་འགྱུར་པ་དང་སྐྱེ་བ་དང། འཆི་བར་འགྱུར་བ་དང། འཆི་བ་དང། བྱེད་པར་འགྱུར་བ་དང་བྱེད་པ་དང། ཆད་པར་འགྱུར་བ་དང། འགྲོ་བར་འགྱུར ་བ་དང། འགྲོ་བ་དང། རྣམ་པར་ཤེས་པ་ནི་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་ནི་མང་པོས་བཀུར་བ་པ་རྣམས་ཀྱི་རྩ་བའི་དམ་ཚིག་ཡིན་ནོ། །ཡང་རི་ཆེན་པོ་པ་ཡང་རྣམ་པ་གཉིས་ཏེ། ཆོས་མཆོག་པ་དང། ལམ་བཟངས་པ་ཞེས་བྱའོ། །ཆོས་མཆོག་པ་རྣམས་ཀྱི ་རྩ་བའི་དམ་ཚིག་ནི་སྐྱེ་ལ། མ་རིག་པ་དང་སྐྱེ་བ་དང་འགག་པ་ལ་མ་རིག་པ་དང་འགག་པའོ། །ལམ་བཟངས་པའི་ཡང་དེ་བཞིན་ནོ། །གྲོད་ཁྱེར་དྲུག་པ་ལ་ཁ་ཅིག་ན་རེ་ནི་རི་ཆེན་པོ་པའི་བྱེ་བྲག་ཡིན་ཟེར། གཞན་དག་གིས་སྨྲ་བ་ནི་མང་པོས་བཀུར་བ་པ་དག་གིས ་བྱེ་བྲག་ཡིན་པར་འདོད་དེ། དེ་ལྟར་དེ་རྣམས་ནི་གནས་མའི་བུའི་སྡེ་པ་རྣམ་པ་བཞིར་གནས་པ་ཡིན་ནོ། །གང་དེ་དག་ནི་སློབ་དཔོན་དག་གི་རྗེས་སུ་འབྲངས་བའི་རིམ་གྱིས་རྣམ་པ་བཅོ་བརྒྱད་དུ་གྱུར་པ་ཡིན་ཏེ། དེ་དག་ནི་རྩ་བའི་རྟོག ་པ་དག་ཡིན་ནོ། །གཞན་ནང་གསེས་ཀྱི་དབྱེ་བ་ནི་མེད་དུ་ཡོད་པས་བརྗོད་པར་བྱའོ། །ཇི་ལྟར་ཞེ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་གཞུང་གི་བྱེ་བྲག་ཀྱང་དབྱེ་བ་རྣམ་པ་བཞི་སྟེ་དངོས་པོ་དང་མཚན་ཉིད་དང། གནས་སྐབས་དང། གཞན་གཞན་དུ་གྱུར ་པ་ཉིད་ཀྱི་བྱེ་བྲག་གིས་སོ། །དེ་ལ་དང་པོ་དངོས་པོ་གཞན་ཉིད་དུ་གྱུར་པ་ནི་བཙུན་པ་ཆོས་སྐྱོབ་ཀྱི་སྟེ། དེ་ནི་ཆོས་རྣམས་དུས་ཀྱི་འཇིག་པར་གྱུར་པ་ན་དངོས་པོ་གཞན་དུ་གྱུར་བ་ཉིད་ནི་ཡིན་གྱི་རྫས་གཞན་དུ་གྱུར་པ་ཉིད་ནི་མ་ཡིན་ཏེ། གསེར་གྱི་སྣོད་བཅོམ་ནས ་གཞན་དུ་བྱས་པ་ནི་དབྱིབས་གཞན་དུ་གྱུར་པ་ཡིན་གྱི། རྫས་གཞན་དུ་གྱུར་པ་ནི་མ་ཡིན་པ་བཞིན་ནོ། །ཇི་ལྟར་འོ་མ་ལས་ཞོར་གྱུར་པ་ན་རོ་དང་ནུས་པ་དང། སྨིན་པ་གཞན་དུ་གྱུར་པ་ལས་ཁ་དོག་ནི་མ་ཡིན་པ་དེ་བཞིན་དུ་ཆོས་རྣམས་ཀྱང་འདས ་བའི་དུས་ནས་དེ་ལྟར་གྱི་དུས་སུ་བྱུང་བ་ན་འདས་པའི་དུས་ཀྱི་དངོས་པོ་ཉམས་པ་ཡིན་གྱིས་རྫས་ནི་མ་ཡིན་ནོ། །དེ་བཞིན་དུ་ད་ལྟར་གྱི་དུས་ནས་མ་འོངས་པར་འབྱུང་བ་ན་ཡང་ད་ལྟར་གྱི་དངོས་པོ་ཉམས་པ་ཡིན་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ཞེས་ཟེར་རོ།། ་མཚན་ཉིད་གཞན་དུ་གྱུར་པ་ནི་བཙུན་པ་དབྱངས་སྒྲོག་གིས་ཏེ། དེ་ན་རེ་ཆོས་རྣམས་དུས་ཀྱི་འཇུག་པར་གྱུར་པ་ན་འདས་པའི་མཚན་ཉིད་དང་ལྡན་པ་ནི་མ་འོངས་པ་དང་ད་ལྟར་གྱི་མཚན་ཉིད་དག་དང་མི་ལྡན་པ་ཡང་མ་ཡིན་ལ་མ་འོངས་པ་ཡང་མ་ཡིན་གི?་མཚན ་ཉིད་དང་ལྡན་པ་ན་འདས་པ་དང་ད་ལྟར་དག་གི་དང་མི་ལྡན་པ་ནི་མ་ཡིན་ཏེ། དཔེར་ན་སྐྱེས་བུ་བུད་མེད་ཅིག་ལ་ཆགས་པར་གྱུར་པ་ན་ལྷག་མ་རྣམས་ལ་ཡང་ཆགས་པ་དང་བྲལ་བ་ནི་མ་ཡིན་པ་བཞིན་ནོ་ཞེས་ཟེར་རོ། །གནས་སྐབས་གཞན་དུ་གྱུར་པ་ནི་བཙུན ་པ་དབྱིག་བ་ཤེས་ཀྱིས་ཏེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན་གཞན་དང་གཞན་དུ་རྗོད་པར་བྱེད་པ་ནི་གནས་སྐབས་གཞན་དུ་གྱུར་པ་ཡིན་གྱིས་རྫས་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། དཔེར་ན་སྡོང་པོ་གཅིག་པུ་བགྲང་བའི་ཚེ་ན་གཅིག་ཅེས་བརྗོད་པར་བྱ་ལ། གྲངS ་བརྒྱར་གཏོགས་པའི་ཚེ་ན་བརྒྱ་ཞེས་བྱ། གྲངས་སྟོང་དུ་བགྲང་བའི་ཚེ་ནི་སྟོང་ཞེས་བྱ་བ་དང་འདྲའོ་ཞེས་ཟེར་རོ། །གཞན་གཞན་དུ་གྱུར་པ་ནི་བཙུན་པ་སངས་རྒྱས་ལྷའི་སྟེ། དེ་ནི་ཆོས་རྣམས་དུས་ཀྱིས་འཇུག་པར་གྱུར་པ་ན་སྔོན་དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་དུ་བརྗོད ་པར་བྱ་སྟེ། དཔེར་ན་བུད་མེད་གཅིག་ལམ་ཞེས་ཀྱང་བརྗོད་བུ་མོ་ཞེས་ཀྱང་བརྗོད་པ་བཞིན་ནོ། །བཞི་པོ་དེ་དག་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡོད་དོ་ཞེས་བྱ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བའོ། །དེ་བཞིན་དུ་ཁ་ཅིག་ནི་རྐྱེན་བདུན་ཏེ། རྒྱུ་དང་དམིགས་པ་དང་དེ་མ ་ཐག་དང། བདག་པོ་དང་ལས་དང་ཟས་དང་རྟེན་ཞེས་བྱ་བའོ། །དེ་བཞིན་དུ་ལ་ལ་ནི་རྟོགས་པའི་སེམས་བཞི་སྟེ། བདེན་པ་སོ་སོ་བའོ། །གཞན་རྣམས་ནི་ཆོས་ཤེས་པ་དང། རྗེས་སུ་ཤེས་པ་བརྒྱད་ཡིན་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ནི་མ་ཡིན་ནོ། །ཞེས་ཟེར ་གཞན་རྣམས་ནི་བཅུ་གཉིས་སུ་འདོད་དོ། །དེ་ལས་ཀྱང་གཞན་པ་རྣམས་ནི་བཅུ་དྲུག་ཏུ་འདོད་དོ། །དེ་བཞིན་དུ་སེམས་མེད་བའི་གཉིད་ལ་ན་སེམས་མ་ཡིན་ནོ། །མཚུངས་པར་ལྡན་པ་ལྷག་མ་རྣམས་ལ་ནི་ཡོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་འདུ་ཤེས ་དང་ཆོར་བ་བཀག་པ་ནི་ཡོད་དོ། །ལྷག་མ་རྣམས་ལ་ནི་མཚུངས་པར་ལྡན་པ་ཡོད་དོ། །ཇི་ལྟར་ཡིད་གཉིས་ཀྱི་སྐྱོ་བར་གྱུར་པ་ནི་སྦྱོད་པ་མེད་པའི་བསམ་གཏན་ལ་སྙོམས་པར་འཇུག་ལ། དགའ་བས་སྐྱོ་བར་གྱུར་བ་ནི་དགའ་བ་མེད་པའི་བསམ་གཏན་ལ་སྙོམས ་བར་འཇུག་།དེ་བཞིན་དུ་འདུ་ཤེས་དང་ཚོར་བས་སྐྱོ་བར་གྱུར་པ་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་ལ། དེ་བཞིན་དུ་ཁ་ཅིག་ན་རེ་སེམས་ཀྱིས་ཡུལ་གྱི་ཁྱད་པར་ཐོབ་པ་ནི་མྱ་ངན་ལས་འདས་བ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ན་རེ་ཕུང་པོ་མེད་པར་གྱུར་བ ་མྱ་ངན་ལས་འདས་པ་ཡིན་གྱི་དངོས་པོའི་དོན་ནི་མ་ཡིན་ནོ། །ཞེས་ཟེར་ཁ་ཅིག་ན་རེ་རང་བཞིན་གྱིས་ལུང་དུ་བསྟན་དུ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བརྗོད་དོ། །དེ་བཞིན་དུ་ལ་ལ་ན་རེ་ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག ་ཡིན་ནོ་ཡང་ཟེར། ཁ་ཅིག་ན་རེ་འབྲས་བུ་ཆེ་བ་ནི་གསུམ་སྟེ། གཞན་གྱི་སེམས་ནི་འབྲས་བུ་དང་འབྲས་བུ་ཆེ་བ་དང་ཚད་མེད་པའི་འབྲས་བུ་ཞེས་བྱའོ། །དེ་བཞིན་དུ་ཉོན་མོངས་པའི་དབང་གིས་འགྲོ་བར་འགྲོ་བ་ནི་གྲོགས་སུ་གྱུར་པ་ནི་ལས་ཡིན་ནོ། དེ?་བཞིན་དུ་དེ་སྤངས ་པར་གྱུར་པ་ནི་འགྲོ་བ་དེ་དག་ཏུ་འགྲོ་བར་མི་འགྱུར་རོ། །ཡང་ལ་ལ་ན་རེ་སྔར་བྱས་པའི་ལས་རྣམས་ཀྱི་དབང་གིས་དང་པོར་འགྲོ་བར་འདོད་དོ། །ཁ་ཅིག་ནི་ཇི་ལྟར་གོམས་པའི་ལས་རྣམས་ཀྱི་ཡིན་པར་འདོད་དོ། །ལ་ལ་ན་རེ་ནི་རྣམ་པ་ལྔ་གོམས་པ་སྟེ་སྔ་མ་བཞི་དང ་རྐྱེན་གྱིས་ཁྱད་པར་གོམས་པས་སོ། །ཁ་ཅིག་ན་རེ་འདས་པའི་ཉེ་བར་ལེན་པ་ལས་མེ་འབར་རོ་ཞེས་ཟེར། ཁ་ཅིག་ན་རེ་ད་ལྟར་གྱི་ལས་ཞེས་ཟེར། །ཁ་ཅིག་ན་རེ་སྒྲིབ་པ་ལྔ་པོ་རྣམས་ལས་གང་ཡང་རུང་བ་ལ་མི་མཐུན་པར་སེམས་པ་ལས་སོ་ཞེས་ཟེར། ཁ་ཅིག་ནི ་གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་བར་འདོད་དོ། །གཞན་དག་ནི་ཁ་དོག་གཅིག་པར་འདོད་དོ། །དེ་བཞིན་དུ་གཞན་དག་ནི་གང་ཟག་ཡོད་དེ་དེ་ཡང་ཕུང་པོ་ལས་གཞན་ཡིན་ནོ་ཞེས་ཟེར། ཕུང་པོ་ཙམ་ཡང་མ་ཡིན་ཏེ། ཕུང་པོ་ཉེ་བར་ལེན་པའི་ཉེ་བར་བླངས ་པ་དང་ལྡན་བར་བཏགས་པའོ། །ཉེ་བར་ལེན་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་པས་སོ། །འདི་ལྟར་འཕགས་པའི་བདེན་པ་བཞི་ལ་རིམ་གྱིས་བཏགས་ནས་མངོན་པར་རྟོགས་པར་འགྱུར་ཏེ། བར་མ་དོར་མི་མཐུན་པའི་སེམས་འབྱུང་བ་ནི་མེད་དོ། །སྡུག་བསྔལ ་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་གིས་སྐྱོན་མེད་པར་འཇུག་གོ་།འདོད་པར་གཏོགས་པའི་འདུ་བྱེད་མི་རྟག་པར་ཡིད་ལ་བྱེད་པ་ལ་བརྟེན་པའི་སེམས་བཅུ་གསུམ་གྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བར་འགྱུར་ཏེ་ཆོས་དེ་ལ་གནས་པ་ལས་ཉམས་པ་ནི ་མེད་དོ། །དེ་བཞིན་དུ་ཞུགས་པ་ཡང་ངོ། །དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཡོད་དོ། །སྲིད་པ་བར་མ་དོ་ཡང་ཡོད་དོ། །འདས་པ་དང་མ་འོངས་པ་ཡང་ཡོད་དོ། །གཅིག་ཏུ་དགེ་བའི་ཆོས་ཀྱི་དོན་མྱ་ངན་ལས་འདས་པ་ནི་ཡོད་དོ། །ཕུང་པོ་འགགས་པ་ནི་དུས་ལས་རྣམ ་པར་གྲོལ་བ་ཡིན་ནོ། །ལྷ་ལ་ཡང་ཚངས་པར་སྤྱོད་པ་ལ་གནས་པ་ཡོད་དོ། །འདོད་པའི་ཁམས་ནས་སྐྱོན་མེད་བ་ལ་འཇུག་པར་འགྱུར་རོ། །སོ་སོའི་སྐྱེ་བོས་ཀྱང་འདོད་པའི་འདོད་ཆགས་དང་གནོད་སེམས་སྤོང་ངོ། །རྣམ་པར་ཤེས་པའི་ཚོགས་ལྔ་ནི་འདོད་ཆགས་དང་བཅས ་པ་འམ་བྲལ་བ་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དྲུག་པ་ནི་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཡང་ཡིན་ནོ། །དགྲ་བཅོམ་པ་ནི་ཟག་པ་དང་བཅས་པའི་གཟུགས་དང། སེམས་ཀྱི་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་ལ ་དམིགས་པ་ཡིན་ནོ། །སེམས་ཀྱི་ཡུལ་གཞན་དུ་བྱིན་པ་ནི་མ་ཡིན་གྱི། འདི་ན་གནས་བཞིན་དུ་ཐག་རིང་པོ་ན་གནས་པ་ལ་དམིགས་པར་བྱེད་དོ། །གཟུགས་མེད་པའི་ཁམས་ལ་གཟུགས་མེད་དོ། །དགྲ་བཅོམ་པ་ཡང་ཉམས་པའི་ཆོས་ཡོད་དོ། །དུས་མ ་ཡིན་པར་འཆི་བ་ཡོད་དོ། །སྐྱེས་བུས་བྱེད་པ་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡོད་དོ། །ཕྱི་རོལ་བལ་ཡང་མངོན་པར་ཤེས་པ་ལྔ་ཡོད་དོ། །དགྲ་བཅོམ་པ་ལ་གཞན་གྱིས་བསྟན་ཅིང་སྒྲུབ་པར་མེད་དོ། །མི་ཤེས་པ་མེད་དོ། །ཡིད་གཉིས་མེད་དོ།། ་གཞན་གྱི་ལ་བརྟགས་པ་མེད་དོ། །དག་འཇུག་པའི་སྨྲ་བ་མེད་དོ། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་བསྐྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་བྱང་གི་སྒྲ་མི་སྙན་དང། བདུད་རིས?་དང་དུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་ནི་མེད ་དོ། །རྒྱུན་དུ་ཞུགས་པས་བསམ་གཏན་རྣམས་ཐོབ་པ་མ་ཡིན་ནོ། །མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ། །མཚུངས་པར་མི་ལྡན་པའི་བག་ལ་ཉལ་དང་སེམས་ལས་བྱུང་བའི་བག་ལ་ཉལ་ཡང་ཡོད་དོ། །འདུས་བྱས་ནི་སྐད་ཅིག་མ་དང་སྐད་ཅིག་མ ་མ་ཡིན་པ་ཡང་ཡོད་དོ། །འགག་པར་འགྱུར་བའི་ཉེ་བར་ལེན་པ་ལས་མེ་འབར་བར་འགྱུར་རོ། །སེམས་གཅིག་གཅིག་འཆི་ཞིང་སྐྱེ་བ་མི་ཤེས་པའི་གཞི་ལས་འཆི་བའི་མཐར་ཐུག་པའི་བར་དུའོ། །འཆི་བའི་རྐྱེན་བྱེད་པའི་སེམས་གཅིག་པོ་དེ་ཉིད་ཡང་དག ་པར་ཞི་བར་བྱའོ། །ཚད་མེད་པ་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་ནོ། །སྙོམས་པར་འཇུག་པ་དྲུག་ཅུ་རྩ་བདུན་གྲུབ་པར་བྱས་ནས་སྙོམས་པར་འཇུག་པ་བཅུ་དགུ་དང། དབང་པོ་དང་སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་སེམས་དཔས་ཡང་དག་པར ་སྦྱོང་བར་བྱེད་དོ། །ཀུན་ཏུ་སྦྱོད་བ་རྣམས་མ་གཏོགས་པ་ཉིད་ནི་བར་ཆད་མེད་པའི་ལམ་གྱི་སྤང་བར་བྱ་བ་རྣམས་སོ། །འགྲོ་བ་དང་བཅས་པའི་ལམ་ནི་ངེས་པར་གཉིས་ཡིན་ནོ། །དགེ་སྦྱོང་གི་འབྲས་བུ་ནི་རིམ་གྱིས་ཐོབ་པ་མ་ཡིན་ནོ། །འཇིག་རྟེན་པའི་ལམ་གྱིས་ཀྱང་ལན ་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་དོ། །འཁོར་བ་གཞན་དུ་འགྱུར་བ་ཡང་ཡོད་དོ། །ཆོས་ཅུང་ཞིག་ཀྱང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མེད་དོ། །ཕུང་པོ་ཉེ་བར་བླངས་ནས་སེམས་ཅན་ནི་འཕོ་བར་འགྱུར་རོ། ། ་གཟུགས་ཀྱི་ཁམས་ནི་ཁ་དོག་བཞི་ཡིན་ནོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཁ་དོག་བཅུ་འམ་ཉ་ལྕིབས་ཀྱི་མདོག་འདྲ་བའོ། །དེ་བཞིན་དུ་སྲིད་པ་བར་མ་ནི་ཞག་ལྔ་འམ་བདུན་དུ་གནས་པའོ། །ཡུན་རིང་པོར་ཡང་ངོ། །དེ་བཞིན་དུ་ལས་ནི་ནམ་ཡང་མེད་པར ་མི་འགྱུར་རོ། །ཉམས་པར་མི་འགྱུར་རོ། །ཕྲོག་པར་མི་འགྱུར་རོ། ། ལས་ཀྱི་རྣམ་པར་སྨིན་པ་ཉམས་པར་འགྱུར་བ་ནི་མེད་དོ། །སྲིད་པ་ཇི་སྲིད་ཀྱི་བར་དུ་རིགས་ཀྱི་ངོ་བོ་དང་ལྷན་ཅིག་ཏུ་གནས་སོ། །སྔར་ཉེ་བར་བསགས་པ་དང་ཕྱིས་ཉེ་བར་བསགས་པའི་ལS ་ཀྱི་རྐྱེན་རྙེད་པར་གྱུར་ནས་འགྲོ་བ་རྣམས་སུ་འགྲོ་བར་བྱེད་དོ། །ངེས་པའི་ལས་ནི་བཟློག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ནི་སྐྱེས་བུའི་གཟུགས་ཀྱིས་ལྷུམས་སུ་ཞུགས་པ་ཡིན་ནོ། །ཡུམ་གྱི་སྐུ་ནས་གླང་པོ་ཆེར་གྱུར་ནས་ཞུགས་པ་ནི་མ ་ཡིན་ཏེ། དེ་ནི་དེའི་རྨི་ལམ་གྱི་རྣམ་རྟོག་ཡིན་ནོ། །ནུར་ནུར་པོ་དང། མེར་མེར་པོ་དང་ལྟར་ལྟར་པོ་ངོ་བོར་ཡང་འགྱུར་རོ། །སྐྱེ་གནས་ནས་སྐྱེས་ན་ཡང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ནུས་པ་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ལོངས ་སྤྱོད་ལ་འཇུག་པར་འགྱུར་རོ། །སོ་སོའི་སྐྱེ་བོ་ཉིད་ཀྱང་སེམS་གཅིག་གིས་འགོག་གོ། སེམS་གཅིག་གིས་སྒྲིབ་པ་ཐམས་ཅད་སྤོང་ངོ། །སེམས་གཅིག་གིས་ཐིང་མཁྱེན་པའི་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡང་རབ་ཏུ་འཐོབ་བོ། །སེམས་གཅིག་གིས་ཞུགས་པའི་ཆོས་རྣམས་འགག་པར་བྱེད་ཅིག་འབྲས་བུ ་ལ་གནས་པ་རྣམས་སྐྱེད་པར་བྱེད་དོ། །རྐྱེན་གཞི་ཉིད་ཀྱིས་རྐྱེན་ཐམས་ཅད་བསྡུས་སོ། །སྡུག་བསྔལ་གྱི་སྤང་བར་བྱ་བའི་ཀུན་ནས་ལྡང་བ་ལ་གནས་པ་ནི་མཆམས་མེད་པ་དག་བྱེད་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །མཐོང་བར་སྤང་བར་བྱ་བའི་བག་ལ ་ཉལ་བཞིས་སྡུས་པས་ཐམས་ཅད་བསྡུས་བདེས། དགེ་བའི་རྩ་བ་ཐམས་ཅད་གཅོད་པར་བྱེད་ཀྱི་བསྒོམས་པས་སྤང་བར་བྱ་བ་ནི་མ་ཡིན་ནོ། །བསྒོམ་པའི་རང་བཞིན་ཐམས་ཅད་ལ་ཇི་སྲིད་གནས་ཀྱི་བར་དུ་གཞན་གྱིས་གནོད་པར་བྱེད་པའི་འབད་པས ་གནོད་པར་མི་འགྱུར་གྱི། བདག་ཉིད་ཀྱི་ཚེ་ཟད་པས་དུས་བྱེད་པར་འགྱུར་རོ། །དགྲ་བཅོམ་པ་ཐམས་ཅད་ནི་འབྲལ་བས་འཆི་བར་འགྱུར་གྱི། འཕོ་བས་ནི་འཆི་བ་མེད་དེ་ཇི་སྐད་དུ་ལུས་དང་བྲལ་བས་དུས་བྱེད་པར་འགྱུར་ཏེ། དགྲ་བཅོམ་པ་ནི་ལུས་ཐ་མ་དང་བྲལ ་བས་འབྲལ་བའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུ་སྟེ། ལུས་ནི་འདིར་དབང་པོའི་ལུས་ལ་བྱ་བར་བཞེད་དོ། །འབྱུང་བར་འགྱུར་བ་དང་འབྱུང་བ་དང། འགག་པར་འགྱུར་བ་དང། འགག་པ་དང། སྐྱེ་བར་འགྱུར་བ་དང་སྐྱེས་པ་དང། འཆི་བར་འགྱུར་བ་དང་འཆི་པ་དང ་བྱེད་པར་འགྱུར་བ་དང་བྱེད་པ་དང། ཆད་པར་འགྱུར་བ་དང་ཆད་པ་དང། འགྲོ་བར་འགྱུར་བ་དང་འགྲོ་བ་དང། རྣམ་པར་ཤེས་པར་འགྱུར་བ་དང་རྣམ་པར་ཤེས་པའོ། །ཕུང་པོ་གསུམ་གྱི་སེམས་ཅན་ཐམས་ཅད་བསྡུས་ཀྱི་ཆོས་ཐམས་ཅད་ནི་མ་ཡིན་ནོ། །ཚོར་བ ་ཐམས་ཅད་ནི་ལས་ལས་བྱུང་བ་ཡིན་ནོ། །སྔར་བྱས་བའི་བསྒོམ་པས་སྤང་བར་བྱ་བའི་ལས་ཐམས་ཅད་ནི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བའི་བར་ཏེ། དེ་ལྟ་བུའི་སྡེ་པའི་དབྱེ་བ་དག་ལ་སྡེ་པ་གཅིག་གི་ཁོངས་སུ་ཐེག་པ་ཆེན ་པོ་འདི་གཏོགས་བར་གྱུར་ན་ཡང་སངས་རྒྱས་ཀྱི་གསུང་ཡིན་པར་ཏོག་?་ཐེག་པ་ཆེན་པོ་ནི་སྡེ་བ་གཅིག་གཅིག་གི་གསུང་རབ་ཀྱི་ནང་དུ་ཡང་མ་བསྟན་པས་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །འདིའི་ཕྱིར་ཡང་འདི་ནི་སྡེ་བ ་བཅོ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཉིད་ནི་རྩ་བའི་ཡང་དག་པར་སྡུས་པར་བྱེད་པས་མ་བསྡུས་པའི་ཕྱིར་དང། ཕྱིས་བྱེ་བར་བྱུང་བ་ན་ཡང་སྡུད་པར་བྱེད་པ་རྣམས་ཀྱིས་མ་བསྡུས་པའི་ཕྱིར་རོ། །དེ ་བཞིན་གཤེགས་པ་རྟག་པ་ཉིད་དུ་སྟོན་པར་བྱེད་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱ་བ་དང་འགལ་བའི་ཡང་ཕྱིར་རོ། །དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པ་ཉིད་དང་ལེན་པའི་རྣམ་པར་ཤེས་པ་སྟོན་པར་བྱེད་པས་བདག་ཏུ་འཛིན་པ་མ ་སྤངས་པའི་ཡང་ཕྱིར་རོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ་ཞེས་སྟོན་པར་བྱེད་པས་དེ་ལ་ཞི་བ་ཉིད་མེད་པར་བསྟན་པས་ཆོས་ཀྱི་ཕྱག་རྒྱ་གསུམ་དང་འགལ་བའི་ཕྱིར་དང། ཉན་ཐོས་ཆེན་པོ་རྣམས་ལུང་བསྟན་པ་དང་དགྲ་བཅོམ་པ་རྣམས་ལ ་ཤིན་ཏུ་མོང་བ་དང། ཁྱིམ་པ་ལ་ཕྱག་བྱ་བ་སྟོན་པ་དང། དེ་བཞིན་གཤེགས་པ་ལས་ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ལ་བསྔགས་པར་བྱེད་པའི་ཕྱིར་དང། ནམ་མཁའ་མཛོད་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་རྣམས་ཀྱང་ཚིག་ཙམ ་ཡིན་པའི་ཕྱིར་དང། ཤཱཀྱ་ཐུབ་པ་སྤྲུལ་པ་ཡིན་པར་སྨྲ་བས་བསྟན་པ་ཐམས་ཅད་ཀྱང་ལོག་པ་ཡིན་པའི་ཕྱིར་དང། རྟག་ཏུ་མཉམ་པར་བཞག་པ་ཡིན་ཞེས་བྱ་བར་ཡང་མི་རིགས་བའི་ཕྱིར་དང། མདོ་སྡེ་དང་པོ་ལས་འབྲས་བུ་མེད་པའི་བསྡགས? ་པ་སྟོན་པའི་ཕྱིར་ཏེ། ཤིན་ཏུ་སྡིག་པ་ཆེན་པོ་ཡང་རྩ་བ་ནས་འབྱིན་པར་སྨྲ་བས་ལས་ལ་འབྲས་བུ་མེད་པར་སྟོན་པའི་ཕྱིར་དང། ཤིན་ཏུ་རྒྱས་པ་ཡང་གཞན་ཉིད་སྟོན་པ་དང་ཀྲི་ཀིའི་རྨི་ལམ་གྱི་དབྱེ་བ་ཡང་མ་བསྟན་པས་དེའི་ཕྱིར་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱིས་གསུངས་པ་མ ་ཡིན་ཏེ། འདི་ནི་ངེས་པར་བདུད་ཀྱི་སྐྱེ་བོ་བློ་གྲོས་དན་པ་དང། རྨོངས་པ་རྣམས་བསླུ་བར་བྱ་བའི་ཕྱིར་སྣ་ཚོགས་པ་མང་པོ་བརྩམས་པ་མ་ཡིན་ནོ། །ཐེག་པ་ཆེན་པོའི་ལྟ་བ་འདི་མངོན་སུམ་ལ་སོགས་པ་དང་ཤིན་ཏུ་འགལ་བར་སྟོན་པ། གཟུགས་ལ་སོགས་ལ་དམིགས ་པའི་བློ། །རང་རིག་ཉིད་དུ་ཡོད་པས་ཀྱང། མངོན་སུམ་གནོད་པ་གང་ཡིན་དེས། །སྐྱེ་མེད་སྨྲ་བ་དེ་ལ་གནོད། །གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དམིགས་པ་འདི་ལ་ཡོད་པས་དེ་ནི་གཟུགས་ལ་སོགས་པ་ལ་དམིགས་པའི་བློའོ། །ཡུལ་ལ་རྣམ་པར་ཤེས་པ ་རྣམས་ཏེ། དེ་ནི་དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་ཤེས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །རང་གི་རྒྱུད་ཀྱིས་ཉམས་སུ་མྱོང་བར་བྱ་བ་ཡིན་པས་རང་རིག་གོ། ཀྱང་ཞེས་བྱ་བའི་སྒྲ་ནི་འགྲོ་བ་མ་ལུས་པ་ཡང་ཡང་དག་པར་རིག་པས་སོ། །བླ་དེ?་ན ་ཡུལ་དང་བཅས་པ་ཡིན་པའི་ཕྱིར་ལ་མ་སྐྱེས་པ་ཉིད་དུ་བཏགས་པ་ལ་ནི་རིགས་པ་མེད་པའི་ཕྱིར་མངོན་སུམ་གྱིས་ཀྱང་གནོད་ལ། འཇིག་རྟེན་གྱི་ཡང་དག་པར་རིག་པ་བཀག་པས་ན། གྲགས་པས་གནོད་པ་ཡང་སྐྱེ་བ་མེད་པར་སྨྲ་བ་ལ་ཡོད་དོ། །སྲིད་པ་རྣམས་ནི་དེ་ཉིད ་དུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དང། གནོད་པ་འདི་ལ་མེད་ཅེ་ན། །གལ་ཏེ་དབུ་མ་བ་དང། སྨྲ་བ། མིག་མེད་གཟུཌ་ལ་ཡོད་མ་ཡིན། །བར་དང་གཉི་ག་ལ་མི་གནས། །གང་དུ་དེ་ནི་གནས་གྱུར་པ། །ཡོད་པ་མ་ཡིན་མེད་པའི་གཞེས་པ་ལ་སོར་ལ་ཤེས་པ་དམིགས་སུ་མང་བའི་ཕྱིར ་མངོན་སུམ་ཡང་འགྱུར་བ་ཡོད་པ་མ་ཡིན་ལ། འཇིག་རྟེན་ནི་མི་ཤེས་པའི་རབ་རིབ་གྱིས་བསྒྲིབས་པའི་ཕྱིར་འཇིག་རྟེན་གྱི་གྲགས་པ་དང། མངོན་སུམ་གྱི་གནོད་པ་ཡང་བདག་གི་དོན་དམ་པ་ཉིད་ལ་མི་འབྱུང་ངོ་ཞེ་ན། དེ་ཉིད་བཞད་གང་ཡིན་པར་ལན་གདབ་པར་བྱ་བའི་ཕྱིར། བགྲོས ་མིན་ལ་ཡང་ཡང་དག་ཏུ། །བགྲོད་བར་བྱ་སྟེ་བུད་མེད་ཕྱིར། །བུད་མེད་གཞན་བཞིན་ཟེར་བ་ཡི། །སྐྱོན་བཅས་ཚིག་ཀྱང་སྐྱོན་མེད་འགྱུར། །བུད་མེད་གང་བགྲོད་པར་བྱ་བ་མ་ཡིན་པར་འདོད་པ་དེ་ཡང་དོན་དམ་བར་བགྲོད་པར་བྱ་བ་ཡིན་ཏེ་ཞེས་བྱ ་བ་ནི་བསྒྲུབ་པར་བྱ་བའོ། །གཏན་ཚིགས་ཅི་ཡོད་བུད་མེད་ཡིན་པའི་ཕྱིར་རོ། །གང་དང་གང་བུད་མེད་ཡིན་པ་དེ་ནི་བགྲོད་པར་བྱ་བ་ཡིན་ཏེ་།ཇི་ལྟར་ཞེ་ན། བུད་མེད་གཞན་བཞིན་ཏེ། རང་གི་ཆུང་མ་བཞིན་ཞེས་བྱ་བའི་ཐ་ཚིག་གོ་།འཇིག་རྟེན་པའི་དང་ལུད་ངག་དང ་འགལ་བའི་ཕྱིར་རོ་ཞེ་ན། དོན་དམ་པར་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་སྐྱོན་མེད་དོ། །འདི་ནི་རིག་པ་དང་འགལ་བ་ཡང་ཡིན་ཏེ་།ཇི་ལྟར་གདུང་བའི་དབང་གིས་བུད་མེད་ལ་འཇུག་པར་གྱུར་པ་ན་བགྲོད་པར་བྱ་བ་དང་བགྲོད་པར་བྱ་བ་མ་ཡིན་པ་དག་གིས་གདུང ་བཞི་བར་བྱེད་པར་མཉམ་པ་ཉིད་དོ་ཞེས་དེ་སྐད་དུ་སྨྲ་བ་དེ་དག་ནི་བློ་གྲོས་ངན་པས་སྨྲ་བ་སྟེ་།དེ་ལ་ཡང་སྐྱོན་མེད་པར་འགྱུར་ལ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པ་ཁྱེད་ཀྱི་ཚིག་ཀྱང་དེ་དང་འདྲའོ། །སྐྱོན་ཆེན་པོ་གཞན་ཡང་ཡོད་དེ། ་བདེན་པ་མཐོང་བ་དེ་ཉིད་མིན། །དེ་ཉིད་མེད་པར་ཐལ་བར་འགྱུར། །ནམ་མཁའ་ཨི་ལྷ་ཡི་བསྟན་པ་ལྟར། །དེ་ཉིད་ཡིན་པར་མི་འདོད་དོ། །ཐེག་པ་ཆེན་པོ་ལ་ཡང་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མ་ཡིན་ལ་།སྡུག་བསྔལ་ལ་སོགས ་པ་ཤེས་པས་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ། །ཞེས་སྟོན་པའི་ཚིག་ཡོད་པར་གྲགས་ཏེ། བདེན་པ་མཐོང་བ་དེ་ཁོ་ན་ཉིད་མ་ཡིན་ན་དེ་མ་ཡིན་པའི་དེ་ཁོ་ན་ཉིད་གཞན་གང་ཡིན་ཞེས་བརྗོད་དོ། །ཐེག་པ་ཆེན་པོ་ལས་བསྟན་པའི་དེ་ཁོ་ན་ཉིད་ཡོད་དོ་ཞེ་ན། དེ ་ནི་རིགས་བ་མ་ཡིན་ཏེ་བདེན་པ་མཐོང་བ་ལས་གཞན་ཡིན་པའི་ཕྱིར་ནམ་མཁའ་ཨི་ལྷས་བསྟན་པ་བཞིན་ནོ། །དེ་དག་ནི་འདི་ལྟ་བུའི་དེ་ཁོ་ན་ཉིད་སྟོན་ཏེ། གསེར་གྱི་སྣོད་དུ་གསེར་གྱི་ཁབ་ཀྱི་གྲོག་མ་ཕུག་ནས་བསད་ན་འཁོར་བ་ལས་གྲོལ་བར་འགྱུར་ལ། དེ་གསོད་པ ་བོ་ཡང་ཐར་པའི་ས་བོན་བསགས་བར་འདོད་པ་དང། པ་ལང་ལ་སོགས་པ་བསང་བ་དང་བསྐྱེད་བར་བྱེད་པ་ལ་ཉལ་པོ་བྱས་པས་མཐོ་རིས་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་བྱ་བའི་མདོའི་དོན་ཡང ་གཞན་དུ་བཏགས་ནས་ཕྱི་རོལ་གྱི་སྐྱེ་མཆད་ལ་སོགས་པ་དགག་པའི་ཕྱིར་སྟོན་པར་བྱེད་པ་ཡང་རིགས་པ་འདིས་ན་མི་རིགས་ཏེ། ཕྱི་རོལ་སྐྱེ་མཆེད་ཡོད་པ་ལས། །དེར་སྣང་བ་ཡེ་བློ་འབྱུང་བས། །ཡོད་པར་རིགས་ཏེ་སེམས་ཉིད་ནི། །ཡོད་ལ་དགའ་བས་ཇི་བཞིན་གྱིས། །ཕྱིའི་སྐྱེ་མཆེད ་ནི་ཆོས་ཅན་ནོ། །དེ་རྣམས་ཀྱི་ཆོས་ཡོད་པར་གྱུར་པ་ནི་དེའི་ཆོས་སུ་གཏོགས་པའོ། །ཕྱིའི་སྐྱེ་མཆེད་དེ་རྣམས་ཀྱི་སྣང་བ་ནི་དམིགས་པའི་རྣམ་པའི་རང་གི་ངོ་བོའི་ཁྱད་པར་རོ། །དེ་སྣང་བ་འབྱུང་བ་ནི་དེར་སྣང་བས་འབྱུང་བའོ། །སྣང་བ་འབྱུང་བ་དེ་གང་ལ་ཞེ་ན། བློ་ལ་སྟེ་དབང ་པོ་དྲུག་གི་རྣམ་པར་ཤེས་པའོ། །ཡུལ་མེད་པར་རྣམ་པར་ཤེས་པ་འབྱུང་བ་མི་འགྲུབ་པས། །ཁྱོད་རང་གི་གཞུང་ལ་རབ་ཏུ་གྲགས་པའི་སེམས་ཡོད་པར་འདོད་པ་ལ་དགའ་བ་ཇི་ལྟར་སྐྱེ་བ་དེ་དཔེར་བྱས་ནས་དེ་བཞིན་དུ་ཕྱིའི་སྐྱེ་མཆེད་ཡོད་པར་འདོད་པ་ལ་ཡང་དགའ་? ་བ་ཉིད་དུ་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་སེམས་ཡོད་མི་འདོད་ན། །ཁྱོད་ཀྱིས་འགྲོ་བ་སེམས་ཙམ་མིན། །འགྲོ་བ་ཕྱོགས་སུ་བྱ་བ་དང། །གཏན་ཚིགས་སྒྲུབ་པ་ཁྱོད་ལ་མེད། །ཡང་སེམས་ཙམ་དུ་ཉེ་བར་དམིགས་ན་ནི་ཕྱིའི་སྐྱེ་མཆེད་ལ་སོགས་པ་ཉེ་བར ་དམིགས་པས་མི་འགྱུར་ལ། ཕྱིའི་སྐྱེ་མཆེད་ལ་སོགས་པ་མ་དམིགས་ན་ཡང་སེམས་ཙམ་དུ་ཡང་དམིགས་པར་མི་འགྱུར་བར་འདོད་ན་ནི་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བྱ་བའི་ལུད་ཡང་ཉམས་པར་འགྱུར་རོ། །གཞན་ཡང་འགྲོ་བ་སེམས ་ཙམ་མོ། །ཞེས་བྱ་བ་འདི་ལ་གཏན་ཚིགས་ནི་གང་ཡིན། འདི་ལ་དཔེ་ནི་གང་ཡོད་གཏན་ཚིགས་དང་དཔེ་སྐྱོན་མེད་པ་འདི་ལ་ཡོད་པ་མ་ཡིན་པས་འདི་དམ་བཅའ་བ་ཙམ་དུ་ཟད་དེ། དམ་བཅའ་བ་ཙམ་གྱིས་ནི་འདོད་བའི་དོན་གང་ཡང་གྲུབ་པ་ཡོད་པ་མ་ཡིན་ནོ ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་བས་ཉེ་བར་སྦྱང་བའི་ཕྱོགས་སྔ་མ་ཡིན་ནོ། །དེ་ལ་སྔར་སྨྲས་རིགས་པ་ནི། །རང་གི་ཕྱོགས་ཉམས་དོགས་པས་གཞན། །མི་འདོད་གྱུར་པ་གང་སྨྲ་བ། །དེ་ནི་རིགས་པ་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཕྱོགS ་ཕྱི་མ་ཉེ་བར་དགོད་པའི་ཐ་ཚིག་གོ་།ས་ལ་སོགས་པ་ནི་འབྱུང་བ་རང་གི་ངོ་བོར་མི་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པའི་སྔར་གྱི་རིག་པ་དང་།རང་གི་སྔ་སྣང་གསུམ་གྱི་ལུགས་ཉམས་པར་འདོགས་པས་གཞན་ཏེ་ཉན་ཐོས་ཀྱི་ཐེག་པ་པའོ། །མི་འདོད ་གྱུར་པ་ནི་མི་བཟོད་པར་གྱུར་པའོ། །གང་སྨྲ་བ་སྟེ། སྐྱོན་ཉེ་བར་སྟོན་པར་གྱུར་པའོ། །དེ་ནི་རིགས་པ་མ་ཡིན་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ལན་དག་གིས་སྐྱོན་དང་བཅས་པར་སྟོན་པ་ཡིན་ནོ་ཞེས་བྱ་བའི་བསམ་པས་སོ། །ཕྱོགས་སྔ་མས་དོན་གྱིས་ཚད་མས། ་འདི་སྨྲས་སོ། །སྟོན་པ་ནི་རྣམ་པར་མི་རྟོགས་པའི་བློ་མངའ་བ་སྟེ། འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ཕྱིར། རང་སངས་རྒྱས་ལ་སོགས་པའི་བློ་བཞིན་ནོ། །ཞེས་བྱ་བ་འདིའི་ལན་སྟོན་པ་རྣམ་པར་མི་རྟོག་བློ། །བདག་མེད་པ་ལ་དམིགས་པར་འདོད། ། ་ཡུལ་ཅན་གྱི་ནི་བློ་ཡིན་ཕྱིར། །གང་ཟག་བདག་མེད་པ་བཞིན་ནོ། །ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་གང་ཟག་ལ་བདག་མེད་པ་ཡོངས་སུ་མཁྱེན་པས་གང་ཟག་གི་རྣམ་པར་རྟོག་པ་མི་འཇུག་བ་དེ་བཞིན་དུ་ཆོས་ལ་བདག་མེད་པ་ཡོངས་སུ་མཁྱེན་པས ་ཀྱང་ཆོས་ལ་ཡང་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་རོ། །ཆོས་དང་གང་ཟག་ལས་མ་གཏོགས་པ་གཞན་ནི་ཅུང་ཞིག་ཀྱང་མེད་ན་གང་ལ་རྣམ་པར་རྟོག་པར་བྱེད་པས་རྣམ་པར་མི་རྟོག་པ་ཉམས་པར་འགྱུར། །དེ་ལྟ་ན་སྒྲུབ་པར་བྱེད་པའི་ཚིག་འདིས་ནི ་སྔར་སྨྲས་པའི་སྒྲུབ་པར་བྱེད་བ་ལ་གནོད་པ་ཡིན་ཏེ། དེ་དང་འགལ་བ་ནི་ཡང་ཞུགས་པའི་ཕྱིར་རོ། །སྦྱོར་ལས་བྱུང་སོགས་བློ་དག་ནི། །འབྱུང་བ་གལ་ཏེ་འགོག་བྱེད་ན། །འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པར་སྦྱོར་པ ་ལས་བྱུང་བའི་བློ་རྣམས་ལ། །དག་པའི་འཇིག་རྟེན་པའི་ཡེ་ཤེས་བརྗོད་པ་ནི་དབུ་མ་པ་ཡིས་ཀྱང་འབྱུང་བར་འདོད་པ་ཉིད་ཡིན་ཏེ། གང་བཅོམ་ལྡན་འདས་ཀྱི་ལོ་བཞི་བཅུར་ཆོས་བསྟན་པ་ལ་སོགས་པའི་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་གང་ཡིན་པ་དེ། །བདག ་ཅག་གི་ལྟ་བ་ལས་མེད་པར་རྣམ་པར་བརྟགས་ནས་སྦྱོར་བ་ལས་བྱུང་བ་ལ་སོགས་པའི་བློ་དེ་རྣམས་འབྱུང་བ་ལ་གཞན་དག་གིས་འགོག་པར་བྱེད་པ་ནི་མི་རིགས་ཏེ་།སྐྱོན་མ་ཡིན་པ་ལ་སྒྲོ་འདོགས་པའི་ཕྱིར་རོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་བློའི་དབང་དུ་བྱས ་ནས་རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་བསྒྲུབ་པ་དེ་ནི་མི་རིགས་པར་རིགས་པ་ཉིད་ཀྱིས་བདག་གིས་བསྒྲུབ་པར་བྱ་བ་ཉིད་དེ། འདིར་རིགས་པ་ནི་འདི་ཡིན་ནོ། །ཤེས་བྱ་ཀུན་ཏུ་མ་གྲུབ་པས། །བློ་གང་གང་གི་རྗེས་འབྱུང་བ། །དེ་ནི་རྟོག་མེད་སྔོན་བྱང་ཆུབ། །ཤེS ་བྱ་དེ་ཉིད་མ་ལོག་ཕྱིར། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཆན་ཉིད་ཅན་གྱི་ཤེས་བྱ་རྣམས་ངོ་བོ་མེད་པ་ཉིད་དུ་བདག་གི་སྔར་བསྒྲུབས་སོ། །ཐམས་ཅད་དུ་རང་རང་གི་ངོ་བོ་གྲུབ་པ་མེད་བར་ཤེས་བྱ་མེད་པའི་ཤེས་པ་ཡང་ཇི་ལྟར་འབྱུང་བར་འགྱུར། །གང ་ཉིད་ལ་དེའི་རྗེས་སུ་བློ་འབྱུང་བར་འགྱུར་བ་དེ་ཡང་རྟོག་པ་མེད་པ་ཉིད་ནི་མངོན་པར་བྱང་ཆུབ་པའོ། །ཞེས་བྱས་ནས་མངོན་པར་བྱང་ཆུབ་པ་ཉིད་དུ་འདོད་དེ་།ཡོངས་སུ་མ་སྒྲུབ་པའི་ངོ་བོ་ཉིད་ཀྱི་ཤེས་བྱའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོག་པའི་ཕྱིར་རོ། །དེའི ་ཡོངས་སུ་གྲུབ་པ་ནི་སྐད་ཅིག་མ་དང་སྒྱུ་མ་དང་རྨི་ལམ་དང་འདྲ་བའི་ཕྱིར་ཕྱིན་ཅི་མ་ལོག་པ་ག་ལ་ཡོད། །དེ་ཡི་ངོ་བོ་རྣམ་རྟོག་སོགས། །བྲལ་བའི་བློས་ནི་མངོན་འདོད་པས། །དེ་ཡི་རྟེན་ནི་འགོག་བྱེད་ན། །གྲུབ་པ་ཉིད་ནི་རབ་སྒྲུབ་བྱེད། །གང་ཡང་རྟོག་པ་མེད་པར ་མངོན་པར་བྱང་ཆུབ་པ་གང་ཡིན་པ་དེ་ཉིད་ནི་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་ངེས་པར་རྟོགས་པར་བྱེད་པ་ན་དེའི་རྗེས་སུ་དྲན་པའི་རྣམ་པར་རྟོགས་པ་དང་གལ?་བ་མངོན་སུམ་གྱི་མཚན་ཉིད་ཅན་ནི་སྟོན་པ་ཉིད་ཡིན་པར་འདོད་དོ། །གལ་ཏེ་དེ་ལ་ཤཱཀྱ་ཐུབ ་བ་ཞེས་བྱ་བའི་མཚན་ཉིད་ཅན་གྱི་སྤྲུལ་པའི་སྐུ་རྟེན་ཉི་མ་ཡིན་ནོ?་ནས་རབ་ཏུ་སྒྲུབ་པར་བྱེད་ན་སྒྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འོག་མིན་ན་བཞུགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་རྟེན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུ་ཡིན་ན་ཞི་བ་དང ་སྟོང་པ་དང། གཉིས་སུ་མེད་པ་ལ་སོགས་པར་སྟོན་པར་བྱེད་པ་ཇི་ལྟར་ཡིན་ཞེ་ན། བརྗོད་པར་བྱ་སྟེ་།དེ་ནི་ཞི་ཉིད་སོགས་བསྟན་པ། །རྟོག་པ་རྣམས་ཀྱི་སྒྲོ་བཏགས་པའོ། །དག་པ་དང་རང་བཞིན་གྱིས་འོད་གསལ་བ་དང། དབུལ་བ་དང། ནད་ཉེ་བར་ཞི་བར་ ་བྱེད་པ་ལ་སོགས་པར་བསྟན་པ་ནི་ཡིད་བཞིན་ནོར་བུ་བཞིན་དུ་རང་གི་རྣམ་པར་རྟོག་པས་སྦྱར་བ་ཡིན་ནོ། །ཡང་གལ་ཏེ་གསུང་རབ་ལས་རབ་ཏུ་གྲགས་པའི་ཡང་དག་པའི་ལྟ་བ་ལ་སོགས་པའི་ལས་རྣམས་ཀྱི། ཡང་དག་པར་རྫོགས་པའི་བྱང་ཆུབ ་ཐོབ་པར་བསྟན་ཏོ་ཞེ་ན་།བདེན་ཏེ་ལམ་འདི་ཉིད་མི་དམིགས་པའི་ཚུལ་གྱིས་གོམས་པར་བྱས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་ཀྱི་།དངོས་པོ་ལ་མངོན་པར་ཞེན་པས་ནི་མ་ཡིན་ནོ། །མི་དམིགས་པར་བསྒོམ་པ་དེ་གང་ཡིན་ཞེ་ན། མཐོང་བ ་མེད་པ་རྟོག་མེད་པ། །བརྗོད་པ་མེད་པ་བྱེད་མེད་པ། །འཚོ་བ་མེད་པ་རྩོམ་མེད་པ། །དེ་བཞིན་དགའ་མེད་གནས་མེད་པ། །ཆོས་ཐམས་ཅད་རང་གི་ངོ་བོ་ཡོངས་སུ་གྲུབ་པ་མེད་པས་མཐོང་བ་མེད་པ་ཉིད་ནི་ཡང་དག་པའི་ལྟ་བའོ། །འདས་པ་དང་མ ་འོངས་པ་དག་གི་སེམས་དག་ནི་ཉམས་ཤིང་མ་སྐྱེས་པའི་ཕྱིར་དང། ད་ལྟར་བྱུང་བ་ལ་ཡང་གནས་པ་མེད་པས་རྟོག་པ་མེད་པ་ཉིད་ནི་ཡང་དག་པའི་རྟོག་པའོ། །གནས་དང་བྱེད་པ་དང་རྩོལ་བ་རྣམས་རེ་རེ་ལ་འམ། འདུས་པར་གྱུར་པ་ལ་འམ། ་ཡི་གེ་སོ་སོ་ཡང་དག་ཉེ་བར་མི་དམིགས་པས་དག་བརྗོད་པ་མེད་པ་ནི་ཡང་དག་པའི་དག་གོ། ལུས་དང་དབང་པོ་དང་བློའི་ཚོགས་དག་བདག་མེད་པ་ཡིན་པའི་ཕྱིར་དང་དེའི་དགེ་བའི་ལས་བྱེད་པར་སེམས་དཔའ་ནི་བྱུང་མ་ཐག་ཏུ་འཇིག་པའི་ཕྱིར་ལས ་ཉེ་བར་ལེན་པ་ནི་དོན་དམ་པར་འབྱུང་བར་མི་འགྱུར་བས་བྱ་བ་མེད་པ་ནི་ཡང་དག་པའི་ལས་ཀྱི་མཛའ་ཨོ། །ཐོག་མ་མེད་པའི་དུས་ནས་གོམས་པར་བྱས་པའི་ཟང་ཟིང་ལ་མངོན་པར་ཞེན་པ་འཕེལ་བར་བྱས་པའི་ལུས་ཀྱི་བཟའ་བ་དང་བགོ་བ་ལ་སོགས་པ་ལུས་འཕེལ་བར་བྱེད ་པ་ལ་དབུ་བའི་གོང་བུ་དང། ཆུ་བུར་དང། སྨིག་རྒྱུ་དང། ཆུ་ཤིང་གི་སྡོང་པོ་དང། སྒྱུ་མ་དང་འདྲ་བར་གང་གིས་གང་ཞིག་ལ་ཕན་འདོགས་པར་བྱེད་ཅེས་ཕུང་པོ་དག་ལ་ཡོངས་སུ་བཏགས་པ་ཉིད་ན་འཆོ་བ་མེད་པ་ཉིད་ནི་ཡང་དག་པའི་འཚོ་བའོ། །ལུས་ནི་རྩ་དང་ཤིང ་དང་འདྲ་བར་བེམ་པོ་སེམས་པ་མེད་པ་བྱེད་པ་མེད་པ་ཡིན་ལ། སེམས་ཀྱང་སྒྱུ་མ་དང་འདྲ་བས་དེ་དག་གིས་ཡང་དག་པར་བརྩམས་པ་ཡང་སྐད་ཅིག་མ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་དུ་ན་ཡང་དག་པའི་བརྩོམ་པ་མེད་ན་ཡང་ཐ་སྙད་དུ་དགེ་བའི་ཆོས་ལ་མངོན་པར ་སྦྱོར་བ་ནི་ཡང་དག་པའི་རྩོལ་བའོ་ཞེས་ཐ་སྙད་དུ་བྱེད་དོ། །དོན་དམ་པར་ན་དབང་པོ་རྣམས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་ཉམས་སུ་མྱང་བ་ཅི་ཡང་མེད་པས་དེའི་རྗེས་ལས་སྐྱེས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཀྱང་ཅི་ཞིག་ལ་རྗེས་སུ་བརྟག་པར་བྱ་སྟེ། བརྟག ་པར་བྱ་བའི་ཉམས་སུ་མྱོང་བ་ནི་མེད་པས་ཅི་ཞིག་དྲན་ནས་དྲན་པ་ཞེས་བྱ། འོན་ཀྱང་མི་བརྗོད་པ་ཉིད་ལ་ཀུན་རྫོབ་ཏུ་ཡང་དག་པའི་དྲན་པ་ཞེས་གདགས་སོ། །སེམས་འདས་པ་ནི་ཉམས་པར་གྱུར་པ་ཡིན། མ་འོངས་པ་ནི་མ་སྐྱེས་པ་ཡིན། །ད་ལྟར་བྱུང་བ་ཡང ་འགག་པ་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར། །སེམས་སྐད་ཅིག་ཙམ་ཡང་མཉམ་པར་གནས་པ་ནི་ཡོད་པ་མ་ཡིན་ནོ། །དམིགས་པ་ཡང་རིམ་པ་འདི་ཉིད་ཀྱིས་དམིགས་པར་མི་འགྱུར་བས་སེམས་གནས་པ་མེད་པར་ཉིད་ལ་ཐ་སྙད་དུ་ཡང་དག་པའི་ཏིང་ངེ་འཛིན་ཞེས ་འདོགས་སོ། །གང་གི་ཆེ་བྱང་ཆུབ་སེམས་དཔས་འདི་ཉིད་ཤིན་ཏུ་གོམས་པར་བྱས་ན། དེ་ཚ་ལམ་ནི་དེ་ཉིད་ཀྱིས་སངས་རྒྱས་བྱང་ཆུབ་འདོད་ཕྱིར་བདག། གྲུབ་པ་སྒྲུབ་པའི་སྒྱོན་ཡང་ཡིན། །བསྒོམ་ཉིད་ལ་ཡང་བརྟག་པར་བྱ། །ཡང་དག་པའི་ལྟ་བ་ལ་སོགས ་པའི་ལམ་གྱིས་བྱང་ཆུབ་འཐོབ་བོ་ཞེས་བྱ་བ་ནི་གྲུབ་པ་སྒྲུབ་པ་ཡིན་ཏེ། གཞན་དག་ཁས་མི་ལེན་པ་ཉིད་ལ་ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་འདི་དག་ངེས་པར་བཟུང་ནས་བདག་གིས་བརྗོད་པ་བྱ་བ་ཡིན་གང་ལམ་གོམས་པར་བྱེད་པ་དེ་དག ་ལ་ནི་འདི་རིག་པས་བརྟག་པར་བྱ་བ་ནི་མ་ཡིན་ནོ། །ཅི་ལམ་དེ་དང་ལྡན་ན་རིག་པ་དང་ལྡན་པའི་བསྒོམ་པ་ཡིན་ནམ་འོན་ཏེ་མ་ཡིན་ཇི་ལྟར་ན་འདི་རིགས་པ་དང་ལྡན་པར་འགྱུར་ཞེ་ན་།གང་གི་ཆེ་རྗེས་སུ་དཔག་པའི་རྗེས་སུ་འབྲངས་ནས་ལུང་དང་མི་འགལ་བར་གྱུར ་བས་དེ་ཁོ་ན་ཉིད་གང་ལ་དམིགས་པར་ནའོ། །གལ་ཏེ་ཁྱོད་ཀྱིས་རྗེས་སུ་དཔག་པའི་རྗེས་སུ་འབྲངས་ན་ནི་ལུང་དང་འགལ་བར་འགྱུར་རོ་ཞེ་ན། སྨྲས་པ་།ཇི་ལྟར་ལུད་དང་མི་འགལ་བར། །རྗེས་སུ་དཔག་པའི་རྗེས་འབྲངས་པ། །འདི་ལྟར་དེ་ཉིད་བསྒོམ་པ ་སྟེ། །དེ་ནི་དེ་བཞིན་མཁས་པས་འདོད། །དེ་ཉིད་ཤེས་པ་འཚོལ་བ་ལ་འཇུག་པ་ཞི་བ་དང། སྟོང་པ་དང། གཉིས་སུ་མེད་པ་དང་གཞན་ལ་རག་མ་ལས་པ་དང། མི་དམིགས་པ་ལ་སོགས་པའི་མཚན་ཉིད་ཅན་ལུང་དང། རིག་པ་དང་མི་འགལ ་པར་བསྟན་པ་ནི་དེ་ཁོ་ན་ཉིད་དོ། །ཞེས་བདག་གིས་བསྒྲུབས་པ་ཟིན་པ་ནི་དེ་ཉིད་དོ། །བསྒོམ་པའི་རིགས་པ་ཡང་བརྗོད་མ་ཐག་པ་ཉིད་དོ། །འདིའི་ལུང་ནི་འཇམ་དཔལ་གང་ཡང་ཆོས་ཐམས་ཅད་མི་མཉམ་པ་མེད་པ་དང། གཉིས་སུ་མེད་པ་དང། གཉིས་སུ ་བྱར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་རྟོགས་པ་མེད་པ་དང་རྣམ་པར་རྟོག་པ་དང། ཀུན་ཏུ་རྟོག་པ་མེད་པར་མཐོང་བ་མེད་པའི་སྦྱོར་བས་མཐོང་བ་དེ་ནི་ཡང་དག་པའི་རྟོག་པའོ། །གང་གིས་ཆོས་ཐམས་ཅད་བརྗོད་པ་མེད ་པར་མཐོང་བས་བརྗོད་པ་མེད་པ་མཉམ་པ་ཉིད་དུ་ཤིན་ཏུ་རིགས་པ་ཉིད་ནི་ཡང་དག་པའི་དག་གོ། གང་གི་ཆོས་ཐམས་ཅད་བྱ་བ་དང་བྱེད་པ་མེད་པར་མཐོང་བ་འདི་ནི་བྱེད་པ་པོ་མི་དམིགས་པའི་ཕྱིར་ཡང་དག་པའི་ལས་ཀྱི་མཛའ་ཨོ། །གང་གིས་ཆོས་ཐམས་ཅད་འཕེལ ་པ་ཡང་མ་ཡིན། འགྲིབ་པ་ཡང་མ་ཡིན་པ་དེ་ནི་འཚོ་བ་མེད་པ་མཉམ་པ་ཉིད་ལ་རབ་ཏུ་གནས་པའི་ཕྱིར་ཡང་དག་པའི་འཚོ་བའོ། །གང་གི་ཆོས་ཐམས་ཅད་སློང་བར་མི་བྱེད། །བརྩོམ་པ་མི་བྱེད། ཕ་རོལ་གནོན་པའི་སྦྱོར་བ་ཡང་མི་བྱེད་པ་འདི་ནི་ཡང་དག་པའི་རྩོལ ་བའོ། །གང་གིས་ཆོས་ཐམས་ཅད་ལ་དྲན་པར་བྱ་བའི་ལམ་གྱིས་དབེན་པའི་ཕྱིར་དྲན་པ་བྱུང་བ་མེད་པ་ནི་ཡང་དག་པའི་དྲན་པའོ།། །།དབུ་མའི་སྙིང་པོའི་འབྲེལ་པ་རྟོག་གེ་འབར་བ། །བམ་པོ་བཅུ་བཞི་པ། །འཇམ་དཔལ་གང་གིས་ཆོས ་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པ་མཐོང་བ་དེ་ནི་རྩོམ་པའི་རྣམ་པར་གཡེང?་བ་མི་དམིགས་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་ནི་དེ་ལྟ་བུར་བལྟ་བར་བྱའོ། །དེ་ལྟར་ལམ་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི་རྒལ ་བ་དང། ཕ་རོལ་ཏུ་ཕྱིན་པ་དང། ཐང་ལ་ཕྱིན་པ་དང། ཞི་བ་ཐོབ་པ་དང། འཇིགས་པ་མེད་པ་ཐོབ་པ་དང། ཉོན་མོངས་པ་མེད་པ་དང། དག་བཅོམ་པ་དང་དགེ་སྦྱོང་དང་ཚངས་པ་ཡིན་ནོ་ཞེས་སྨྲའོ། །ཞེས་བྱ་བ་ལ་སོགས་པ་ཆོས་ཐམས་ཅད་ལ་འཇུག་པར་བསྟན་པའི ་མོད་ལས་འབྱུང་ངོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་དབེན་པ་དང་འདོད་ཆགས་དང་བྲལ་བ་དང། འགོག་པ་ལ་བརྟེན་པའི་ཡང་དག་པའི་ལྟོ་བ་མི་དམིགས་པའི་ཚུལ་གྱིས་སྒོམ་པར་བྱེད་དོ་ཞེས་འབྱུང་ངོ། །དེ་ལྟར་ན་མཐོང་བ་མེད་པའི་རྣམ་པར་བསྒོམ་པ་འདི་ནི་ལམ ་གཞན་ཡིན་པར་བརྗོད་པར་མི་བྱའོ། །ལམ་འདི་ཉིད་ཀྱིས་འགྲུབ་པར་བརྗོད་པར་བྱ་སྟེ། ཇི་ལྟར་ཞེ་ན་སྨྲས་པ་ཐར་པའི་མི་མཐུན་པར་གྱུར་པ་མི་དགེ་བའི་ཆོས་ལྟ་བ་ལོག་པ་ལ་སོགས་པ་སྤོང་བར་བྱེད་པའི་གཉེན་པོར?་ཡང་དག་པའི་ལྟ་བ་ལ་སོགས་པ་དངོས་པོ་ཇི་ལྟ་བ ་བཞིན་དུ་སྒོམ་པར་བྱེད་དེ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཇི་སྐད་དུ་ཡང་དག་པའི་ལྟ་བ་གང་ཞེ་ན། འཕགས་པ་འཇིག་རྟེན་ལས་འདས་པའི་འཕགས་པའི་བདག་དང། སེམས་ཅན་དང་སྲོག་དང། གསོ་བ་དང། སྐྱེས་བུ་དན། གང་ཟག་དང ་ཆད་པ་དང། རྟག་པ་དང། སྲིད་པ་དང། སྲིད་པ་མ་ཡིན་པའི་དང། དགེ་བ་དང་།མི་དགེ་བ་དང། ལུང་དུ་མ་བསྟན་པ་དང་།འཁོར་བ་དང་།མྱ་ངན་ལས་འདས་པར་བལྟ་བས་ཀུན་ནས་མ་བསླང་བ་གང་ཡིན་པ་དེ་ནི་ཡང་དག་པའི་ལྟ་བའོ། །དེ ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། གང་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་ཀུན་ཏུ་རྟོག་པ་མངོན་དུ་འབྱུང་བ་ངག་གིས་ཀུན་ཏུ་རྟོག་པར་མི་བྱེད་ཅིང། གང་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་ཀུན་ནས་བསླང་བའི་ཀུན་ཏུ་རྟོག་པ་དག་གིས་ཀུན་ཏུ་རྟོག་པ་ནི་ཡང་དག་པའི་རྟོག་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ན་དངོས་པོ་འཛིན་པ་ལ་མངོན་པར་ཞེན་པ་རབ་ཏུ་སྤང་པའི་ཕྱིར་མཐོང་བ་མེད་པ་ལ་སོགས ་པའི་བསྒོམ་པ་གོམས་པར་བྱའོ། །དེ་ལྟར་བྱས་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོག་པའི་རང་བྱུང་གི་ཕྱིན་ཅི་མ་ལོག་པ་སྐད་ཅིག་གཅིག་གིས་བག་ཆགས་དང་བཅས་པའི་རྒྱུན་རབ་ཏུ་སྤོང་ངོ། །ཤེས་བྱའི་དངོས་པོ་དང་རབ་ཏུ་འབྲེལ་པ་ནི ་བག་ཆགས་ཡིན་ནམ། ཤེས་བྱ་མི་དམིགས་པར་གྱུར་ན་གང་ལ་བརྟེན་ནས་བག་ཆགས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་ཐེག་པ་ཆེན་པོ་ལ་གོ་རིམ་ཡིན་ནོ། །ཇི་ལྟར་བསྟན་པའི་ལམ་འདི་ཉིད་མཐར་གྱིས་བསྒོམས་པ་ལས་དེ་ཁོ་ན་ཉིད་ཐོབ་པར་འགྱུར་བར ་བསྟན་པ། གང་གིས་དེ་རྟོགས་དེ་སངས་རྒྱས། །གཞན་ནི་མ་ཡི་ལ་དུ་མཚུངས། །ཇི་སྐད་བསྟན་པ་ཉིད་ཀྱི་ལུང་དང་རིག་པ་དང་ལྡན་པའི་བསྒོམ་པ་གང་གིས་དེ་ཁོ་ན་ཉིད་རྟོགས་པར་གྱུར་པ་དེ་ནི་སངས་རྒྱས་ཞེས་བརྗོད་པར་རིགས་ཏེ། ཡེ་ཤེས་ཕྱིན་ཅི ་མ་ལོག་པ་དང་ལྡན་པའི་ཕྱིར་རོ། །རིག་པ་དང་འགྲལ་བའི་ལུང་ཙམ་གྱིས་རྗེས་སུ་འབྲང་བའི་དེ་ཁོ་ན་ཉིད་དུ་བསྒྲུབ་པ་ནི་རྟག་མི་བཟོད་པའི་ཕྱིར་བེམ་བོའི་བློ་དང་ལྡན་པ་རྣམས་ལ་མས་བྱིན་པའི་ལ་དུ་བཞིན་ཏེ། བུད་མེད་འགའ་ཞིག་ཞི་གིས་བུ་བྱིས་པ་ཆུ་ངུ་ལ ་སྨན་ཞུ་བའི་དུས་འདས་ཀྱི་བར་དུ་བྲིང་པའི་ཕྱིར་བུ་རམ་གྱིས་བསྐུས་པའི་རྡེའུ་དག་འདི་ལ་དུ་ཡིན་གྱི་ཟོ་ཞིག་ཅེས་བྱས་ནས་བྱིན་ལ་།དེ་ཡང་མ་འདི་ནི་བདག་ལན་མ་ཡང་ལོག་པར་བྱེད་པ་མ་ཡིན་ནོ་སྙམ་ནས་དྲག་ཏུ་སོ་བཏབ་ཅིང་བཅའ་བར་བརྩམས་པ་དང་སོ་དག་ཀྱང་ཆག ་པར་འགྱུར་རོ། །དེ་བཞིན་དུ་ལ་ལ་དག་སྨན་པའི་རྒྱལ་པོས་ཉེ་བར་བསྟན་པའི་སྨན་ཕྱིན་ཅི་མ་ལོག་པ་ཉེ་བར་སྤྱོད་པ་ལྟར། བདེ་བར་གཤེགས་པའི་བསྟན་པ་བརྔ་དང་བཅས་པ་དང། དགོངས་པ་དང་བཅས་པ་དག་ཇི་ལྟ་བ་བཞིན་དུ་མ་རྟོགS་ནས། ཐུབ་པས་ནི་འདི་ལྟར ་བསྟན་པ་ཡིན་ནོ། །ཞེས་སྒྲ་ཇི་ལྟ་བ་བཞིན་དུ་བཟུང་ནས་མངོན་པར་ཞེན་པ་བསྟན་པར་བྱེད་པ་དེ་དག་ནི་མས་བྱིན་པའི་ལ་དུ་ཟ་བའི་ཁྱེའུ་བཞིན་དུ་མཁས་པ་རྣམས་ཀྱི་བཞད་གང་དུ་བྱ་བ་ཡིན་ནོ། །དེས་ན་ལུང་གི་རྗེས་སུ་འབྲང་བ་ཙམ་དུ་མི་བྱའི། རིག་པས་རྗེས་སུ ་དཔག་པར་བྱའོ། །དེ་ལ་རིགས་པ་ནི་འདི་ཡིན་ཏེ། འཕགས་པ་ཉན་ཐོས་རྣམས་ནི་ཆོས་ཙམ་མཐོང་བའི་མངོན་པར་རྟོག་པ་ཅན་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་ཤེས་པ་ནི་རང་སངས་རྒྱས་རྣམས་སོ། །དེ་དག་ནི་ཇི་ལྟར་བསྟན་པའི་ལམ་གྱི་དངོས་པོ་དག ་བསྒོམ་པས་ཡིན་ལ། བཅོམ་ལྡན་འདས་ཀྱིས་ནི་མི་དམིགས་པ་ལ་སྙོམས་པར་ཞུགས་པས་བྱང་ཆུབ་རྟོགS་པ་ཡིན་ནོ། །དེ་ཡང་དངོས་པོར་འཛིན་པ་རྩ་བ་ནས་མ་སྤངས་ཀྱི་བར་དུ་མ་ཡིན་པས་དེ་ལྟ་བས་ནི་མི་དམིགས་པར་བསྒོམ་པས་ནི་ཡང་དག་བར་རྫོགས་པའི ་བྱང་ཆུབ་ཀྱི་རྒྱུར་གྱུར་བ་ཁྱད་པར་དུ་འཕགས་བའི་ལམ་ཡིན་གྱི་།ཉི་ཚེ་བ་ནི་མ་ཡིན་ནོ། །ཐེག་ཆེན་སངས་རྒྱས་གསུང་མིན་ཞེས་ཟེར་བ་འདི་ཡང་གཏན་ལ་དབབ། ངེས་པ་བསྐྱེད་པས་ཁྲིད་ནས་དོན་རྟོགས་པར་བྱེད་པ་ནི་གཏན་ལ་དབབ་པའོ། །དེ་གང་ཡིན་ཞེ་ན། རིགས ་པའི་རྗེས་སུ་འབྲང་པའི་ལུང་དང་མི་འགལ་བའི་ཕྱིར་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །རྗེས་སུ་དཔག་པ་དང་འགལ་བ་དེ་ནི་སངས་རྒྱས་ཀྱི་གསུངས་པ་མ་ཡིན་ཏེ། དཔེར་ན་ཆད་པར་ལྟ་བ་བཞིན་ནོ། །ཐེག་པ་ཆེན་པོ་ནི་རིག་པས་གནོད་པ་མ་ཡིན་ཏེ། རིགས་བ ་ནི་འོག་ནས་བསྟན་པར་བྱའོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་བ་ཁོ་ན་ཡིན་ཏེ། རང་སངས་རྒྱས་ཀྱི་ཐེག་པ་བཞིན་ནོ། །གཞན་ཡང། སྔར་བསྟན་པ་ཡི་ལམ་འདི་ཡིས་།སངས་རྒྱས་བྱང་ཆུབ་ཐོབ་མི་ནུས་བསྡུག་བསྔལ་རྣམ་པ ་རྟོགས་བྱེད་ཕྱིར། །རང་སངས་རྒྱས་ཀྱི་ཐེག་པ་བཞིན། །མཐོང་བ་མེད་པར་བསྒོམ་པར་བྱེད་པ་ལ་སོགས་པ་མ་གཏོགས་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྡུག་བསྔལ་ལ་སོགས་པའི་རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་སྟེ། མི་རྟག་པ་སྡུག་བསྔལ་བ་སྟོང་པ་བདག་མེད ་པ་ཞེས་བྱ་བ་སྡུག་བསྔལ་གྱི་རྣམ་པ་བཞིའོ། །དེ་བཟིན་དུ་ཀུན་འབྱུང་བ་དང་འགོག་པ་དང། ལམ་རྣམས་ཀྱི་རྣམ་པ་རྣམས་ཀྱང་མདོ་ལས་བསྟན་པ་བཞིན་དུ་སོ་སོར་རྟོཌ་པར་བྱའོ། །ཡང་ན་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་བ་དང། ལམ་རྣམས་དང། ་ཡོངས་སུ་ཤེས་པར་བྱ་བ་དང། རབ་ཏུ་སྤངས་པ་དང། མངོན་དུ་བྱ་བ་དང། བསྒོམ་པར་བྱ་བ་རྣམས་དང། ཡོངས་སུ་ཤེས་པ་དང། རབ་ཏུ་སྤངས་པ་དང། མངོན་དུ་བྱས་པ་དང། བསྒོམ་པ་ཞེས་བྱ་བ་རྣམ་པ་བཅུ་གཉིས་རྟོགས་པ་ཡིན་ཏེ་།རང་སངས ་རྒྱས་ཀྱི་ལམ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ནི་སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་མི་དམིགས་པར་མཉམ་པ་ཉིད་དུ་རྟོགས་སོ་ཞེས་བསམས་པའོ། །རྗེས་སུ་དཔག་པས་གནོད་པ་ཡང། །གཞན་གྱི་ཕྱོགས་ལ་འབྱུང་པར་འགྱུར། །དཔེ་ནི་མ ་གྲུབ་པ་ཉིད་ཀྱང། །དེ་ལ་ཞུགས་པ་བཟློག་པར་དཀའ་། །གང་དག་གིས་དེ་དག་ཏུ་ལམ་འདི་དག་ཉིད་ཀྱིས་ཤེས་བྱའི་སྒྲིབ་པ་ཟད་པར་བྱེད་དོ། །ཞེས་ཟེར་པ་འདི་ཡང་བསྒོམ་པ་ཁྱད་པར་ཅན་མེད་པར་ཤེས་བྱའི་སྒྲིབ་པ་སྤོང་བ་མི་སྲིད་དོ། །བཅོམ་ལྡན ་འདས་ཀྱང་ལ་མ་འདིས་ཤེས་བྱའི་སྒྲིབ་པ་ཟད་པར་མཛད་པ་མ་ཡིན་ཏེ། བསྒོམ་པའི་ཁྱད་པའི་ཁྱད་པར་གཞན་གྱིས་སྤྲངས་བའི་ཕྱིར་རོ། །གལ་ཏེ་ཡོད་ལཾ་འདི་ལ་ཤེས་བྱའི་སྒྲིབ་པ་སྤོང་བའི་ནུས་པ་ཡོད་པར་གྱུར་ན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང ་སྒྲིབ་པ་གཉིས་ཟད་པར་བྱས་ནས་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པར་སྤོང་བར་འགྱུར་ཞིག་ན་དེ་ལྟ་བུ་ནི་མི་སྲིད་དོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་ལས་བསྟན་པའི་ལམ་བསྒོམ་པའི་ཁྱད་པར་ཁོ་ནས་ཤེས་བྱའི་སྒྲིབ་པ་རབ་ཏུ་སྤོང་བ་ཡིན་ནོ། །གཞན་ཡང་མི་སྐྱེ ་སྲད་པར་ཤེས་པ་ནི། །ཇི་བཞིན་དོན་གྱི་དོན་དམ་མིན། །འཁྲུལ་བཞིན་རྣམ་རྟོག་བཅས་པའི་ཕྱིར། །དེ་རྟོག་ཇི་ལྟར་དེ་ཉིད་ཡིན། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་པ་ཆོས་ཤེས་པ་དང། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང། ་ལྡུག?་བསྔལ་རྗེས་སུ་ཤེས་པ་དང།། དེ་བཞིན་དུ་ཀུན་འབྱུང་བ་དང། འགོག་པ་དང། ལམ་རྣམས་ལ་ཆོས་དང། རྗེས་སུ་ཤེས་པའི་བཟོད་པ་དང། ཤེས་པ་ཞེས་བྱ་བ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་མཐར་ཕྱིན་པས་ཕུང་པོ་མི་སྐྱེ་བར་ཤེས་པ་དང། ཉོན་མོངS ་པ་ཟད་པར་ཤེས་པ་འབྱུང་བར་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་ཟད་པ་དང་།མི་སྐྱེ་བ་ཤེས་པའི་བྱང་ཆུབ་པོ་ཞེས་གཞན་གྱི་འདོད་པ་དེ་རྗེས་སུ་མཐུན་པ་མ་ཡིན་པས་དགག་པར་བྱ་བའི་ཕྱིར། སྨྲས་པ། དེ་དག་ནི་དོན་དམ་པར་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། ། ་གཏན་ཚིགས་ཅི་ཡོད་ཅེ་ན། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་འཁྲུལ་པ་དང་བཅས་པའི་ཤེས་པ་བཞིན་ནོ། །འདིས་ནི་ཟད་པ་དང་མི་སྐྱེ་བཤེས་པ་ད་དག་འཁྲུལ་པའི་ཤེས་པ་དང་འདྲ་བའི་ཕྱིར་དང། །ཕྱིན་ཅི་ལོག་ལ་དམིགས་པའི་ཕྱིར་ཡོངས་སུ་ཤེས་པ ་གང་ཞིག་རིག་པ་དང་ལྡན་པ་ཡིན་ཞེས་བསྟན་ཏོ། །ཐེག་པ་གཞན་ཉིད་རྒྱུ་ཡིན་ཞེས། །ཟེར་བ་དེའི་ལན་ཡང་བཏབ། །ཉན་ཐོས་ཀྱི་ཐེག་པར་བསྟན་པའི་ལམ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་མ་ཡིན་ཏེ། བསྒོམ་པ་དང། བྲལ་པས་ངེས ་ནི་ཤེས་བྱའི་སྒྲིབ་པ་སྤོང་པར་མི་ནུས་པའི་ཕྱིར་རང་སངས་རྒྱས་ཀྱི་ཐོག་པར་བསྟན་པའི་ལས་བཞིན། །ཞེས་བ་བར་འགྲེལ་ཏོ། །ཇི་ལྟར་སྒྲིབ་པ་ཡོད་བཞིན་དུ། །དགྲ་བཅོམ་མྱ་ངན་འདའ་བར་རིགས། །སྒྲིབ་པ་ཡང་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང། ཤེས ་བྱའི་སྒྲིབ་པ་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་ཡང་རྣམ་པ་གཉིས་ཏེ། འཆིང་བར་བྱེད་པ་དང་བག་ཆགས་ཀྱི་ངོ་བོའོ། །ཡང་ཤེས་བྱའི་སྒྲིབ་པ་ནི་འཆིང་བར་བྱེད་པའི་བདག་ཉིད་ཁོ་ནའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་དག་གིས ་ནི་ཉོན་མོངས་པའི་འཆིང་བ་ཙམ་སྤངས་ཀྱི་ཉོན་མོངས་པའི་བག་ཆགས་ཀྱང་མ་ཡིན་ལ། ཤེས་བྱའི་སྒྲིབ་པ་གཉི་གའི་ངོ་བོ་ཉིད་ཀྱང་མ་ཡིན་པས་དེའི་ཕྱིར་དགྲ་བཅོམ་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་མ་ཡིན་ཏེ་།སྒྲིབ་པ་ཡོད་པའི་ཕྱིར་རྒྱུན་ཏུ་ཞུགས ་པ་ལ་སོགས་པ་བཞིན་ནོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་བག་ཆགས་ཀྱི་དྲི་མ་དག་པར་བྱས་ཏེ། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟ་ན་ཡང་མི་ཤེས་པ་ཡང་རྣམ་པ ་གཉིས་ཏེ། ཉོན་མོངས་པ་དང། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཉོན་མོངས་པ་ཅན་ནི་བདག་ཏུ་ང་རྒྱལ་བ་དང། རྟག་ཏུ་རྨོངས་པ་དང། བདག་ལ་ཆགས་པ་ལ་སོགས་པའོ། །ཉོན་མོངས་པ་ཅན་མ་ཡིན་པ་དེ་ནི་བག་ཆགས་ཀྱི་ངོ་བོ་སྟེ། ཇི་སྐད ་དུ་མཆོག་འདོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བསྟན་པ་ལས། མ་རིག་འདི་ནི་རྣམ་གཉིས་ཏེ། །འཇིག་རྟེན་པ་ཡི་འཕགས་པར་ཤེས། །འཇིག་རྟེན་པས་ནི་འདུ་བྱེད་བསྐྱེད། །རིང་དུ་གྱུར་པ་འཕགས་པ་ཡི། །སློབ་མ་འགོག་ལ་གནས་པ་ལ། །གང་ཚེ ་ཡིད་ནི་བཞག་གྱུར་པ། །དེ་ཚེ་འདིའི་ཉེར་ལེན་མེད། །སྲིད་པར་འཇུག་པ་ཡང་མི་འགྱུར། །དེ་ནི་འགོག་བྲལ་ལ་གནས་པ། །མ་རིག་པ་ཡི་འཕགས་དེ་རྨོངས། །རྣམ་ཤེས་ཉེར་ལེན་དང་བྲལ་ན། །གྲོལ་བ་ཡིན་ཞེས་བརྗོད་པར་བྱེད། །རྨོངས་འདི་གྲོལ་བ་ག་ལ ་ཡིན། །ཡང་དག་ཏུ་ན་ཀུན་ལ་རྨོངས། །ཆོས་ཀྱི་སྐྱེ་མཆེད་ཕུག་དག་ཏུ། །འདི་ཡི་རྣམ་ཤེས་རབ་ཏུ་སྦས། །ཡང་སྲིད་འཇུག་པ་འང་མ་ཡིན་ས?། །མཐར་ཐུག་སངས་པའང་འདི་མ་ཡིན། །སངས་རྒྱས་ཆོས་ཀྱི་སྐུ་ཉིད་དུ། །གྱུར་ན་འདི་བཟོད་མྱ་ངན་འདས། །སངས ་རྒྱས་ཆོས་ཀྱི་སྐུ་འདི་ནི། །མྱ་ངན་འདས་ཡིན་དེ་ཉིད་ནི། །སངས་རྒྱས་ཁོ་ནས་མངོན་པར་མཁྱེན། །དེ་ཕྱིར་བྱིན་གྱིས་བརླབས་ནས་བཞུགས། །ཞེས་བསྟན་པ་ལྟ་བུའོ། །དེ་ལ་ཉོན་མོངས་པ་ཅན་གྱི་མི་ཤེས་པ་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་ལྷག་མ་མ་ལུས་པར ་རབ་ཏུ་སྤངས་ཏེ། གང་ཟག་ལ་བདག་མེད་པ་རྟོགས་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་གྲོལ་བ་ལ་སྒྲིབ་པར་བྱེད་པ་མ་ཡིན་པས་ཡོད་བཞིན་དུ་ཡང་འདིར་ཟད་པ་དང། མི་སྐྱེ་བ་ཤེས་པ་ཐོབ་པར་འགྱུར་ཞེས་བྱའོ། །མ་རིག་ཉོན་མོངས་ཅན་སྤངས ་པས། །དེ་ནི་གྲོལ་འགྱུར་སངས་རྒྱས་བཞིན། །དེ་ནི་མི་བདེན་མེད་པའི་ཕྱིར། །དངོས་དང་སྤྲུལ་པའི་སངས་རྒྱས་ལ། །བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ནས་སངས་རྒྱས་བཅོམ་ལྡན་འདས་དེས་སྒྲའི་རྗེས་སུ་འཇུག་པའི་ལུགས་སུ་འབྱུང་བ་སྐྱེ་པ་མེད་པའི་ཆོས་ལ ་བཟོད་པ་རྟོགས་པས་ཉོན་མོངས་པ་ཅན་གྱི་མི་ཤེས་པ་སྤངས་པར་གྱུར་པ་ཡིན་གྱི། གཙོ་བོ་ཆོས་ཀྱི་སྐུ་དང། སྤྲུལ་པའི་སྐུ་དག་གིས་ནི་ཡང་ཉོན་མོངས་པ་ཅན་གྱི་མི་ཤེས་པ་སྤོང་བར་མི་སྲིད་པས་སངས་རྒྱས་ཀྱི་དང། དེའི་ཐར་པ་ནི་འདྲ་བར་རིགས་པ་མ ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོའི་ལུགས་འདི་ལ་ནི་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་ལམ་བསྒོམ་པ་དང། མངོན་པར་རྟོགས་པ་བསྟན་པ་ཡིན་གྱི། །དོན་དམ་པར་ནི་མ་ཡིན་ནོ། །ཞེས་བསྟན་པར་ཡང་དག་ཏུ་ན་ཐེག་ཆེན་གྱི། །ལམ་གྱིས་སངས་རྒྱས ་བྱང་ཆུབ་དག་།སྒྲུབ་མིན་རྟག་བཅས་མཚན་བཅས་མིན། །འཇིག་རྟེན་པ་ཡི་ལམ་བཞིན་ནོ། །འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ནི་ཡོད་དོ། །ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་མཚན་མ་དང་ལྡན་པའི་ཕྱིར་ལམ་ནི་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། ལྷ ་དང་མིའི་འགྲོ་བར་འཇུག་པར་བྱེད་པའི་དགེ་བའི་ལས་བྱེད་པའི་ལམ་བཞིན་ནོ། །གལ་ཏེ་ཡང་ལམ་གོམས་པར་བྱེད་པ་ནི་ཉོན་མོངས་པ་ཟད་པར་བྱ་བའི་དོན་དུ་ཡིན་ན་གང་གི་ཚེ་དེ་ཉིད་མི་བདེན་པར་གྱུར་ནས་གང་གིས་ཉོན་མོངས་པ་ཟད་པར་བྱེད་སྡོང་དུ་མ་ལ ་མ་ཡིན་པར་ཉམས་སུ་མྱོང་བར་གྱུར་པས་ཐེ་ཚོམ་མེད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིས་བསམ་པ་སྨྲས་པ་ཡིན་ནོ། །དེ་ལྟར་ན་ཇི་ལྟ་བ་བཞིན་མ་ཡིན་པའི་ལམ་གྱིས་ཉོན་མོངས་པ་ཟད་པར་བྱེད་པ་ཡང་མེད་དོ། །ཡང་དག་པ ་མ་ཡིན་པའི་ཕྱིར་སྡོང་དུ་མ་ལ་མིང་ཤེས་པར་དེ་དང་མི་འབྲལ་བས་རང་གི་བསམ་པ་སྨྲས་པ། ཇི་སྲིད་འགའ་ཞིག་སྐྲག་པ་ཡིས། །ཐེག་པ་ལ་ནི་སྦྲུལ་ཞེས་འཁྲུལ་འཁྲི་ཤིང་བསྡོགས་བར་ཤེས་པ་ནི། །གཉེན་པོའི?་ཕྱོགས་ཀྱི་ཤེས་པར་འབྱུང། །འཁྲུལ་པར ་གྱུར་པས་དང་པོར་ནི་ཐག་པ་ལ་སྦྲུལ་ཡིན་གྱི། ཐག་པ་ཡིན་པར་མ་ཤེས་པར་འགྱུར་ལ། ཡང་དེ་ཉིད་ལ་འདི་འཁྲི་ཤིང་བསྒྲིལ་བ་ཡིན་གྱི། ཐག་པ་ཡང་མ་ཡིན་པ་ལ་ཡང་མ་ཡིན་ནོ། །ཞེས་ཡང་དག་པ་མ་ཡིན་པའི་འཁྲི་ཤིང་བསྡོགས་པར་ཤེས ་པས་ཀྱང་སྦྲུལ་དུ་འཁྲུལ་པའི་གཉེན་པོར་གྱུར་བ་དེ་བཞིན་དུ་གཟུགས་ལ་སོགས་པ་ལ་དང་པོ་ནི་འཁྲུལ་པས་ལྟ་བ་ངན་པ་རྟོག་པ་ངན་པས་ཞེན་པ་འབྱུང་ལ། ཡང་དག་དེ་དག་ལ་འཁྲུལྤ་ཉིད་ཤེས་པས་ཡང་དག་པའི་ལྟ་བ་ལ་སོགས་པའི་གཉེན་པོའི ་ལྟ་བསྐྱེས་པ་ན་དེ་དག་གཉི་ག་ཡང་དངོས་པོར་འཛིན་པས་ཡང་དག་པ་མ་ཡིན་པར་ཤེས་ཀྱི། མཐོང་པ་མེད་པ་ནི་ཡང་དག་པ་ཉིད་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ལས་གཞན་མེད་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ་དེ་བཞིན་གཤེགས་པའི ་མཛད་ཀྱི་མདེ?་ལས་འོད་སྲུངས་འདི་ལྟ་སྟེ། སྐྱེས་བུ་འགའ་ཞིག་མ་བདེན་པའི་ཐེ་ཚོམ་གྱི་དག་གིས་གདུངས་པར་གྱུར་ཅིང་བདག་གིས་དུག་ཟོས་སོ། །བདག་གིས་དུག་ཟོས་སོ་ཞེས་ཟེར་ཞིང་དུ་བར་བྱེད་བྲང་རྡུང་བར་བྱེད་པ་དེ་ལ་སྨན་པ་ཐབས་ལ་མཁས་པས་ཡང ་དག་པ་མ་ཡིན་པའི་དུག་འབྱིན་པ་ལྟར་བྱས་པས་ངེས་དེའི་ཐེ་ཚོམ་གྱི་དུག་གིས་འདུ་ཤེས་དེ་ལྡོག་པར་འགྱུར་ཏེ། ངེས་དེ་ཡོངས་སུ་གདུང་པ་ལས་གྲོལ་བར་འགྱུར་རོ། །འོད་སྲུངས་དེ་ཇི་སྙམ་དུ་སོམས?། དེ་ལ་སྨན་པ་གང་གིས་ཡང་དག་པ་མ་ཡིན་པའི་དུག ་གཞན་འབྱིན་པ་ལྟར་ན་བྱས་ན་སྐྱེས་བུ་དེ་འཚོ་བར་འགྱུར་རམ་གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །ཇི་ལྟར་ཡང་དག་པ་མ་ལགས་པའི་དུག་གིས་སོམ་ཉིས་གདུངས་པར་གྱུར་པ་ལ་དེ་བཞིན་དུ་ཡང་དག་པ་མ་ལགས་པའི་དུག་གཞན་གསལ་པར་བགྱིའོ། །བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཉོན་མོངས་པས་ཉོན་མོངས་པར་གྱུར་པ་རྣམས་ལ་ཡང་དག་པ་མ་ཡིན་པའི་ཚུལ་གྱིས་ཆོས་སྟོན་པར་མཛད་དོ། །གསོལ་པ་བཅོམ་ལྡན་འདས་ནི་བདེན་པ་གསུངས་པ་མ་ལགས་སམ ་དེ་བཞིན་གཤེགས་པ་ཇི་ལྟར་ན་བདེན་པ་མ་ལགས་པ་གསུང་བ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་ཇི་སྙམ་དུ་སེམས་ཁྱོད་བདེན་པས་རྣམ་པར་གྲོལ་ལམ། བདེན་པ་མ་ཡིན་བས་ཡིན། གསོལ་པ་བདག་ནི་བདེན་པ་མ་ལགས་པས ་གྲོལ་གྱི། བདེན་པས་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མི་བདེན་བ་ཞེS་བྱ་བ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དག་གོ། བཅོམ་ལྡན་འདས་གལ་ཏེ་འདོད་ཆགས་བདེན་པ་ཞིག་ཏུ་འགྱུར་ན་ནི་མི་སྡུག་བས་ཀྱང་འདོད་ཆགས་དང་བྲལ ་བར་མི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་ཞེ་སྡང་ཡང་དག་པ་ཞིག་ཏུ་གྱུར་ན་ནི་བྱམས་པས་ཀྱང་ཞེ་སྡང་དང་བྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་གཏི་མུག་ཡང་དག་པ་ཞིག་ཏུ་གྱུར་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་ཀྱང་གཏི་མུག་དང་བྲལ་བར ་མི་འགྱུར་རོ། །བཅོམ་ལྡན་འདས་གང་གི་སླད་དུ་འདོད་ཆཌ་དང་ཞེ་སྡང་དང། གཏི་མུག་ཡང་དག་པ་མ་ལགས་པ་དེའི་སླད་དུ་མི་སྡུག་པ་དང། བྱམས་པ་དང། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་འབྲལ་བར་འགྱུར་པ་ལགས་སོ་།བཅོམ་ལྡན་འདས་ཉོན་མོངས ་པ་ཐམས་ཅད་ཀྱང་ཡང་དག་པ་མ་ལགས་པས་ན་ཡང་དག་པ་མ་ལགས་པའི་ཡོངས་སུ་ཤེས་པས་ཡོངས་སུ་སྤོང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལ་ཉོན་མོངས་པ་གང་གང་གིས་ཡང་དག་པར་སྤོད?་བར་འགྱུར་བ་དེ་གཉི་ག་ཡང་ཡང་དག་པ་མ་ལགས་པ་བདེན་ ་བམ་ལགས་པའི་སླང་དུ་ཡང་དག་པ་མ་ལགས་པའི་ཉོན་མོངས་པ་ཡང་དག་པ་མ་ལགས་པའི་ཡོངས་སུ་ཤེས་པས་འབྲལ་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ན་གཏན་ཚིག་མ་ངེས་བཅས། །རྒོལ་པའི་སྨྲ་བ་སྤངS ་པ་ཡིན། །གང་དག་ཡང་དག་པ་མ་ཡིན་པའི་ཕྱིར་སྡོང་དུམ?་ལ་མིར་ཤེས་པ་བཞིན་ནོ། །ཞེས་ཟེར་བའི་ཡང་དག་པ་མ་ཡིན་པས་ཡང་དག་པ་མ་ཡིན་པའི་འཁྲུལ་པ་སྤོང་བར་འགྱུར་རོ། །ཞེས་བྱ་བ་ལ་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་ཅི་ཐག་པ་ལ་འཁྲོ་ཤིང ་བསྡོགས་པར་ཤེས་པ་སྦྲུལ་དུ་འཁྲུལ་བ་སྤོང་བར་འགྱུར་བ་ཉིད་ཡིན་ནམ། འོན་ཏེ་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་སྡོང་དུམ་ལ་མིར་འཁྲུལ་པ་བྲལ་བར་མི་འགྱུར་བ་ཞེས་བྱ་བ་ནི་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་ཡང་གཞན་གྱི་ཁས་བླངས་པའི ་ཡང་དག་པའི་ལམ་གྱིས་ཡང་དག་པའི་ཉོན་མོངས་པ་བསགས་པ་ཟད་པར་འགྱུར་རོ། །ཞེས་བྱ་བ་དེ་ཡང་དཔེ་འདིས་ཡང་དག་པ་མ་ཡིན་པའི་འདི་གཉིས་བྲལ་བ་བྱེད་པས་ཉན་ཐོས་ཀྱི་ཐེག་པར་སྨྲས་པ་དེ་སྤོང་པ་ཡིན་ནོ། །གཞན་ཡང་ཀུན་ནས་ཉོན་མོངས ་གཉེན་པོའི་ཕྱིར། །འདིས་ནི་ལན་ཡང་བཏབ་པར་བྱས། །ཡང་གལ་ཏེ་གཞན་དག་ན་རེ་ལམ་ནི་ཡང་དག་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་མུན་པའི་གཉེན་པོའི་སྣང་བ་བཞིན་ནོ་ཟེར་ན། དེ་ལ་ཡང་ཡང་དག་པ་མ་ཡིན་པའི་ཀུན་ནས ་ཉོན་མོངས་པ་ཡང་དག་པ་མ་ཡིན་པའི་གཉེན་པོའི་སྤོང་བར་བྱེད་དོ་ཞེས་བྱ་བ་ཐག་པ་དང་སྦྲུལ་དང་འཁྲི་ཤིང་བསྡོགས་པའི་དཔེ་འདི་དག་ཉིད་ཀྱིས་ལན་བཏབ་པ་ཡིན་པར་རིག་པར་བྱའོ། །གཏན་ཚིགས་ངེས་པ་ཉིད་དུ་རྒོལ་བ་ཡང་སྤངས་པ་ཡིན་ནོ། །འདིར ་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ་ཞེས་སྔར་བདག་ཅག་གིས་བསྒྲུབ་ཟིན་པས་དེའི་ཕྱིར་ན་ལུང་མེད་པའི་ཐེག་པ་ཆེན་པོར་བསྟན་པ་ནི་རིགས་པ་མ་ཡིན་ཏེ། ཚད་མའི་རྟོག་གེ་སྐམ་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་བའི་ལན་གདབ་པར་བྱ་བའི ་ཕྱིར་ཕྱོགས་སྔ་མ་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་བརྗོད་པ། ཐེག་ཆེན་སངས་རྒྱས་གསུང་ཡིན་ཏེ། །བདག་མེད་ལ་སོགས་སྟོན་པ་དང། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆ། །སྟོན་ཕྱིར་སློབ་མའི་ཐེག་པ་བཞིན། །འབྲས་བུ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ ་དྲུག་ཅེས་བྱ་བའི་ལམ་དང། དེ་སྟོན་པར་བྱེད་པའི་གཙུག་ལག་ཀྱང་ཐེག་པ་ཆེན་པོ་ཞེས་བྱ་སྟེ། འདི་ནི་ཆོས་ཅན་ནོ། །དེ་སངས་རྒྱས་ཀྱི་གསུངས་པའི་གསུང་ཡིན་པས་སངས་རྒྱས་ཀྱི་ཞེས་བྱ་བ་ནི་ཆོས་ཡིན་པར་བསྒྲུབ་པར་བྱའོ། །ཆོས་ཅན་དང་ཆོས་བསྡོམས་པ་ནི ་ཕྱོགས་སོ། །མུ་སྟེགས་བྱེད་གཞན་དག་གིས་བདག་ལ་སོགས་པར་བཏགས་པ་དག་ལས་འདས་པས་བདག་མེད་པ་སྟེ། བདག་མེད་པའི་ངོ་བོ་ནི་བདག་མེད་པ་ཉིད་དོ། །གང་དག་ལ་བདག་མེད་པ་ལ་སོགས་པ་སྟེ། སྟོང་པ་དང་མི་རྟག་པ་ལ་སོགས་པ་ཡོད་པ་དེ་ནི་བདག ་མེད་པ་ལ་སོགས་སོ། །དེ་རྣམས་སྟོན་པར་བྱེད་པ་ནི་བདག་མེད་པ་ལ་སོགས་པ་སྟོན་པའོ། །རྙེད་པར་དཀའ་བའི་དོན་དང་དགའ་བར་བྱེད་པའི་དོན་གྱིས་ན་དཀོན་མཆོག་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ནོ། །དཀོན་མཆོག་རྣམས་ནི་གསུམ་ཡིན་པས་དཀོན་མཆོག ་གསུམ་མོ། །དེ་ཆེ་བའི་བདག་ཉིད་ཀྱིས་ངོ་བོ་ཉིད་ནི་ཆེ་བའི་བདག་ཉིད་དེ་དཀོན་མཆོག་གསུམ་གྱི་བདག་ཉིད་ཆེའོ། །དེ་སྟོན་པར་བྱེད་པ་ནི་དཀོན་མཆོག་གསུཾ་གྱི་ཆེ་བའི་བདག་ཉིད་སྒྲོགས་པའོ། གང་དང་གང་བདག་མེད་པ་ལ་སོགས་པ་རྣམས་སྟོན་པ་དང། དཀོན་མཆོག ་གསུམ་གྱི་ཆེ་བའི་བདག་ཉིད་སྒྲོགས་པ་དེ་ནི་སངས་རྒྱས་ཀྱི་གསུང་ཡིན་ཏེ། དཔེར་ན་སློབ་མའི་ཐེག་པ་བཞིན་ནོ། །སློབ་མིར?་ཐེག་པ་དང་འདྲ་པས་སློབ་མའི་ཐེག་པ་བཞིན་ཏེ། ངེས་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །མ་ཡིན་ཏེ་སྡེ ་སྣོད་གསུམ་པོ་ཉིད་ཐོབ་པའི་རྒྱུ་ཡིན་གྱི། ཐེག་པ་ཆེན་པོ་ཡང་བདག་ཅག་ལ་མ་གྲགས་ལ། དེ་སངས་རྒྱས་ཀྱི་གསུང་ཡིན་པར་ཡང་མ་གྲུབ་པས་ཕྱོགས་གཉིས་ཀ་ལམ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི ་མི་ཤེས་པ་རང་བྱུང་ཕྱིན་ཅི་མ་ལོག་པར་སྐད་ཅིག་མ་གཅིག་གས་ཆོས་ཐམས་ཅད་མངོན་པར་རྟོགས་པའི་ཡེ་ཤེས་ཀྱིས་རབ་ཏུ་སྤངས་ཤིང་མི་དམིགས་པ་ལ་གོམས་པར་བྱམས་པས་ཤིན་ཏུ་བྲལ་བར་གྱུར་པ་ནི་ཐེག་པ་གཞན ་ཉིད་དུ་འདི་སངས་རྒྱས་ཀྱི་གསུངས་པ་ཡིན་པས་གཉི་ག་ལ་མ་གྲུབ་པ་མ་ཡིན་ནོ། །ཕྱིར་རྟོལ་ཚད་མ་གནོད་པའི་ཕྱིར། །དེའི་གཏན་ཚིགས་མ་གྲུབ་ཉིད། །གང་དག་གི་ཕྱོགས་སྔ་མར། ཐེག་ཆེན་སངས་རྒྱས་གསུངས་མ་ཡིན། །མདོ་སྡེ་སོགས ་སུ་མ་བསྡུས་ཕྱིར། །རིགས་བྱེད་མཛའ་པའི་ལྟ་བ་བཞིན། ཞེས་གང་སྨྲས་པའི་ཚད་མ་དེ་ལ་ཡང་ལན་བཏབ་པའི་ཕྱིར་གང་གིས་འདི་ལ་གནོད་པར་འགྱུར་བ་བསྒྲུབ་ཅིང་བརྗོད་པར་བྱའོ། །གང་གིས་མདོ་སྡེ་ལ་སོགས་པར་མ་བསྡུས་པའི་ཕྱིར་ཞེས་བྱ་བའི ་གཏན་ཚིགས་དེ་ནི་མ་གྲུབ་པ་ཉིད་དེ། ཇི་ལྟར་ཞེ་ན། ཐེག་པ་ཆེན་པོར་བསྟན་པའི་བདེན་པ་ལ་སོགས་པ་ནི་འདུལ་བ་ལ་སོགས་པའི་ནང་དུ་བསྡུས་པའི་ཕྱིར་ཏེ། གང་འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང། ལམ་གྱི་བདེན་པ ་དང། དབང་པོ་དང་སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་དང་སྟོབས་བཅུ་དང་མི་འཇིགས་པ་དང། སོ་སོ་ཡང་དག་པར་རིག་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཐེག་པ་ཆེན་པོར་བསྟན་པ་དེ་དག་ཉིད་འདུལ་བ་དང། མདོ་སྡེ་དང ་ཆོས་མངོན་པ་རྣམས་སུ་ཡི་གེ་དེ་དང་ཚིག་དེ་དག་དང་།གསལ་བྱེད་དེ་དག་ཉིད་ཀྱིས་བསྟན་ཏེ། དེ་རྣམས་བསྒོམ་པས་ཉོན་མོངས་པ་སྤོང་བར་ཀུན་ཀྱང་མཚུངས་སོ། །ཁྱད་བར་ནི་ཐེག་པ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་བྱའི་སྒྲིབ་པ་སྤངས་པ ་ནི་བཅོམ་ལྡན་འདས་འབའ་ཞིག་ཡིན་ནོ། །འདིས་ནི་འདུལ་མ་ལ་སོགས་པར་བསྟན་པའི་བདེན་པ་ལ་སོགས་པར་ནི་ཐེག་པ་ཆེན་པོ་ཐམས་ཅད་དུ་བསྟན་པ་ཡིན་པས་མདོ་སྡེ་ལ་སོགས་པ་དང། ཐེག་པ་ཆེན་པོ་ཕན་ཚུན་བསྡུས་བ་ཡིན་ཏེ། དོན ་གྱིས་ན་མདོ་སྡེ་ལ་སོགས་པའི་ནང་དུ་ཐེག་པ་ཆེན་པོ་བསྡུས་པ་ཡིན་པས་གཞན་གྱིས་གཏན་ཚིགས་མ་གྲུབ་པར་སྟོན་ཏོ། །ཡང་འདིར་འཕགས་པའི་བདེན་པ་ལ་སོགས་པ་ཁ་ཅིག་དང་ཐེག་པ་ཆེན་པོ་ལྡན་དུ་ཟིན་ཀྱང་སྡེ་པ་ཐ་དད་ཀྱི་གཙུག་ལག་མང་པོས ་ཕྱོགས་སྔ་མང་བདག་ཅག་གི་བཀོད་བ་གང་ཡིན་པ་དེ་དག་དང་འགལ་ལོ་ཞེ་ན། བརྗོད་པར་བྱ་སྟེ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་བློ་སྒོས་པ་ཁྱོད་ཀྱིས་ཐེག་པ་ཆེན་པོའི་གཙུག་ལག་གི་དོན་ངེས་པར་མ་བཟུང་བར་སྨྲ་བར་བྱེད་པ་དེ་ལ ་བདག་གིས་བརྗོད་པར་བྱའོ། །ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་པ་ཉིད་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་པའི་ཕྱིར་དང་གང་འཕགས་པའི་བདེན་པའི་མདོ་སྡེ་ལ་ཡང་འཇུག་།ཉོན་མོངས་པ་འདུལ་བ་ལ་ཡང་ཡང་དག་པར་མཐོང། རྟེན་ཅིང ་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་ཡང་མི་འགལ་བ་ཉིད་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ། །ཞེས་བྱ་བ་དེ་ཐམས་ཅད་ཐེག་པ་ཆེན་པོ་ལ་འགྲུབ་པའི་ཕྱིར་རོ། །ཡང་ན་སྡེ་པ་བཅོ་བརྒྱད་པོ་རྣམས་ཀུན་གྱི་ཡང་རང་རང་གི་མདོ་སྡེ་ལ་སོགས་པ་ལ་འཇུག ་པ་ཡིན་གྱི། ཕན་ཚུན་ནི་འགལ་བ་ཆེར་ཡོད་པ་ཡིན་ནོ། །ཐེག་པ་ཆེན་པོ་ཡང་གཞན་ལ་ཕན་པའི་དབང་དུ་བྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱིས་ཉན་ཐོས་ཀྱི་མདོ་སྡེ་ལ་སོགས་པའི་སྡེ་སྣོད་ལ་འགའ་ཞིག་མི་འཇུག་ཏུ་ཟིན་ཀྱང། ཐེག་པ་ཆེན ་པོའི་མདོ་སྡེ་ལ་ཡང་འཇུག། བྱང་ཆུབ་སེམས་དཔའ་ཨི་བསླབ་པའི་གནས་བདུན་བརྒྱ་ལ་ཡང་སྣང། སྟོང་པ་ཉིད་དུ་བསྟན་པའི་ཆོས་ཉིད་དང་ཡང་མི་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཆོས་ཀྱི་ཕྱག་རྒྱ་དང་འགལ་བ་མེད་དོ། །འདིའི་ཕྱིར་ཡང་ཐེག་པ་ཆེན ་པོ་སངས་རྒྱས་ཀྱི་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་།འཇམ་དཔལ་དང་གསང་བའི་བདག་པོ་དང། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་བསྡུས་པར་བྱེད་པ་ཉན་ཐོས་ནི་མ་ཡིན ་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་ཤིང་ཤ་པའི་ཚལ་གྱི་མདོ་ལས་ཀུན་དགའ་པོ་ཤིང་ཤི་པའི་ཚུལ་འདི་ལ་འདབ་མ་ཇི་སྙེད་ཡོད་པ་བས་ལྷག་པར་མང་བའི་ཆོས་ངས་རྟོགས་པར ་གྱུར་ན་ཡང་ཁྱེད་ལ་ནི་ངས་མ་བསྟན་ཏེ། དེ་སྙེད་ཉིད་ཀྱིས་ངན་བྱ་བ་བྱས་པའི་ཕྱིར་དེ་དག་ཉིད་ཀྱིས་ནི་ཁྱེད་སྐྱོ་བར་ཡང་མི་འགྱུར། འདོད་ཆགས་དང་བྲལ་བར་ཡང་མི་འགྱུར་རོ། །ཞེས་བྱ་བ་དང་།དེ་བཞིན་དུ་བླ་མ་ཀུན་དགའ་པ་ཏ་ལི། །སྡུག་བསྔལ ་ཕུང་པོ་ས་པོ་དང། འཆར་བྱེད་སྟོང་པ་འཆར་པ་དང། །གང་པོ་སྤངས་པ་རཾ་པ་དང། །མྱ་ངན་འདས་དད་ཡུལ་འཁོར་སྐྱོང། །ཞེས་བྱ་གཞན་ཡང་འགྲོ་བའི་མདོ། །རྩ་པའི་སྡུད་པར་མ་ཚངས་བས། །རྒྱས་པ་མིན་པར་རྟོགས་པར་བྱ། །འདི་ལྟར་བླ་མའི ་མདོ་སྡེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་བླ་མ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཇི་སྙེད་ཅིག་འཛམ་བུའི་གླིང་ན་རབ་ཏུ་གནས་པ་ཐམས་ཅད་ཀྱི་སེམས་ལ་བལྟས་ན་ཆོས་ཀྱི་རྣམ་གྲངས་འདིའི་འཛིན་པར་བྱེད་པ་ནི་བཙུན་པ་བླ་མ་ཁྱོད ་མ་གཏོགས་པ་དགེ་སློང་གཅིག་ཀྱང་མེད་ཀྱིས། བཙུན་པ་བླ་མ་ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཡིན་གྱིས། །ཁྱོད་ཀྱིས་གཟུང་ཞིག་ཅེས་བྱ་བ་སྟེ། འདིའི་རྗེས་སུ་དཔགས་ནས་གཞན་དག ་ཀྱང་དེའི་དུས་ན་མེད་པར་ཤེས་པར་བྱའོ། །གང་ཡང་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་དང། འཕགས་པ་ཀུན་དགའ་པོ་ཡང་ཡོད་བཞིན་དུ་སངས་རྒྱས་ཀྱི་གསུང་རབ་རབ་ཏུ་ཤེས་པ་དང་ཤེས་པར་གྱུར་པ་མེད་ན་ད་ལྟར ་ལྟ་ག་ལ་ཡོད། གཞན་ཀུན་དགའ་བོའི་མདོ་ལས། བཅོམ་ལྡན་འདས་བསྒྲེས་པར་གྱུར་པའི་གནས་སྐབས་ན་འཕགས་པ་ཀུན་དགའ་བོ་ལ་བསྙེན་བཀུར་བར་བཀའ་སྩལ་ཏེ། དས་བསྟན་པའི་ཆོས་རྣམས་ཀྱང་འཛིན་པར་ནུས་ཞེས་བྱ་བ་ནས་དེས་གསོལ ་བ། བདག་ལོ་ཉི་ཤུ་ལྷག་ཙམ་ཞིག་བཅོམ་ལྡན་འདས་ཀྱི་ཐད་དུ་གནས་པར་བགྱི་ལགས་སོ། །ཞེས་བྱ་བ་དང་དེ་ཉིད་ལས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཞིག་བཅོམ་ལྡན་འདས་ཀྱི་ཐད་ནས་བདག་གིས་གཟུང་ངོ། །གཉིས་ནི་དགེ་སློང་དག་ལས་སོ་ཞེས་བྱ་བ་སྟེ་།འདིས་ནི་འདི ་ལྟར་རྟོགས་བར་བྱ་སྟེ། གང་བཅོམ་ལྡན་འདས་ཀྱིས་སྔར་བསྟན་པ་དེ་དག་དེ་མ་གཟུང་བ་ཉིད་ཡིན་ལ། དེ་ཉིད་དེ་ལ་ཡང་བསྟན་ཏོ་ཞེས་བྱ་བ་ཡང་མི་རིགས་ཏེ། གང་དགེ་སློང་དག་ལ་གཟུང་བས་སོ། །ལོ་བཞི་བཅུའི་བར་གྱི་དུས་དེ་སྲིད་ཅིག་ཆོས་ཉུང་ཟད་ཅིག་བསྟན ་བར་ཡང་མི་རིགས་སོ། །གལ་ཏེ་འཕགས་པ་ཀུན་དགའ་བོས་ཐམས་ཅད་རྟོགས་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་བླ་མའི་མདོ་ལས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བྱེད་པའི་དགེ་སློང་ནི་གཅིག་ཀྱང་མེད་དོ་ཞེས་སྨྲ་བར་མི་འགྱུར་རོ། །དེ་ལྟ ་བས་ན་ཀུན་དགའ་པོས་ཐམས་ཅད་གཟུང་བ་མ་ཡིན་ནོ། །དེའི་ཕྱིར་ངེས་བསྟན་ཅིང་ཡང་དག་པར་སྡུད་པས་ཡང་དག་པར་བསྡུས་པ་དེར་ནི་སངས་རྒྱས་ཀྱི་བཀའ་རྒྱས་པར་མཐོང་བ་མ་ཡིན་ནོ། །པ་ད་ལིའི་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།པ་ད ་ལི་གང་གིས་ཚོ་འཁོར་ཉུང་ཟད་དང་ལྷགས་པར་གྱུར་པ་དེའི་ཚེ་གང་ནས་དགེ་སློང་གི་དགེ་འདུན་ལ་རྟ་ཅང་ཤེས་བཟང་པོའི་རྟེའུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ་།མོད་དེ་ཡང་མཐོངངོ། །གཞན་ཡང་སྡུག་བསྔལ ་གྱི་ཕུང་པོའི་མདོ་ལས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལས་བརྩམས་ནས། ད་དུས་གཅིག་གི་ཚེ་ན་རྒྱལ་པོའི་ཁབ་ན་གནས་པ་ལས། རིའི་ལམ་ནས་ད་རི་ངོས་བཟང་ལ་གཤེགས་པ་ན་དེར་དས་གཅེར་བུ་བ་མགོ་འཐུར་དུ་བསྟན་པ་ངས་མཐོང ་སྟེ། དེ་ལ་ངས་འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའི་མདོ་སྡེ་དེ་ལྟ་བུ་ཡང་མ་མཐོང་ངོ། །ས་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གཅིག་ན་ང་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་རིལ་འགྲོ་བའི་ལམ ་དུ་གཞན་མུ་སྟེགས་བྱེད་ཀུན་ཏུ་རྒྱུ་མང་པོ་ཞིག་དའི་ཐད་དུ་ལྷགས་སོ། །ལྷགས་ནས་ད་ལ་དོན་འདི་དག་འདྲི་བར་སེམས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བའི་མདོ་སྡེ་དེ་ཡང་མ་མཐོང་ངོ། །ཡང་འཆར་བྱེད་ཀྱི་མདོ་ལས། ་རྣམ་གྲངས་ཀྱང་ཡོད་དེ། གང་ངས་ཚེར་བ་བཞི་བསྟན་པའོ། །ཞེས་བྱ་བའི་མདོ་དེ་ཡང་མ་མཐོང་ངོ། །སྟོང་པ་ཉིད་ཀྱི་མདོ་ལས་ཀྱང་།འཕགས་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ཆོང་འདུས་ན་བཞུགས་སོ། །དེར་བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་ཀུན་ཤེས་ཏེ། ཞེས་བྱ་བ་ནས་ཀུན་དགའ་བོ་ད་ནི་སྟོང་པ་ཉིད་ལ་མང་དུ་གནས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། མདོ་དེ་ཡང་མ་མཐོང་ངོ་འཆར་བའི་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ ་ཆེན་པོ་ངེས་དྲན་ཏེ་དུས་གཅིག་ཏུ་ཐམས་ཅད་ཤེས་པ་དང་ཐམས་ཅད་མཐོང་བའི་དགེ་སྤྱོད་ངམ། བྲམ་ཟེ་འགའ་ཡང་མ་བྱུང་འབྱུང་བར་མི་འགྱུར། ད་ལྟར་མི་འབྱུང་སྟེ། དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་སྟེ། མདོ་དེ་ཡང་མ་མཐོང་ངོ། །གང་པོའི་མདོ ་ལས་གནས་བརྟན་ཀུན་དགའ་བོས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཞེས་བྱ་བ་དགེ་སློང་གནས་བརྟན་བྱམས་མ་ཞེས་བྱ་བའི་བུ་སྔོན་གསར་བུར་གྱུར་པ་ན་འདི་ལྟ་བུར་ཟབ་པ་ཟབ་པའི་ངོ་བོའི་ཆོས་ཀྱི་གཏམ་བརྗོད་པ་དང་ལྡན་པ་ནི་ཞེས་བྱ་བ་རྒྱས ་པར་འབྱུང་བའི་མདོ་སྡེ་དེ་ཡང་མ་མཐོང་ངོ། །སྦས་པའི་ལས། ལོ་བྱེད་ཀྱི་སྨྲས་པ། དགེ་སྦྱོང་གཽ་ཏ་མ་ནི་ཏ་ཀ་ན་བཞུགས་པའི་དུས་གཅིག་ན་གུ་འཛི་ཀའི་བསྟི་གནས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ན་དེར་ཇི་སྐད་དུ། བཅོམ་ལྡན་འདས་གཽ་ཏ་མས ་ཐམས་ཅད་ལ་བསམ་གཏན་བསྔགས་པར་མཛད་དོ་ཞེས་བྱ་བ་ལ་སོགས་པའི་མདོ་དེ་ཡང་མ་མཐོང་ངོ། །རམ་པ་ཀའི་མེད་པས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྟེ་ལས་བརྟམས་ཏེ་བཀའ་སྩལ་པ། ང་སྔོན་རབ་ཏུ་མ་བྱུང་ཞིང་ཁྱིམ་པར་གྱུར ་ཕན་འདི་ལྟར་བསམས་ཤིང་བསླབས་ཏེ། ཁྱིམ་ན་གནས་པ་ནི་གནོད་པ་དང་བཅས་པར་གྱུར་པའོ། །ཞེས་རྒྱས་པར་འབྱུང་པའི་མདོ་དེ་ཡང་མ་མཐོང་ངོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གནས་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་མ་འགགས་པ་ལ ་སྨྲས་པ། ངས་བཅོམ་ལྡན་འདས་ཀྱི་ཐད་ནས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་གཟུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཤིང་གཡོ་བ་མེད་པའི་ཞི་བ?་རྟོགས་ནས་མིག་དང་ལྡན་པ། ཡོངས་སུ ་མྱ་ངན་ལས་འདའ་ཨོ་ཞེས་འབྱུང་བ་མདོ་དེ་ཡང་མ་མཐོང་ངོ། །འཕགས་པ་ཡུལ་འཁོར་སྐྱོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཡང་དག་བར་མཁྱེན་ཅིང་གཟིགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཀྱིས་སྐྱོ་བར་འགྱུར་བའི་ལམ་བཞི་བོ་འདི་གསུངས་ཏེ། ཇི་སྲིད་སྨྲ་བར་གྱུར་བ་སྟེ། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་དོམས་པ་མེད་པ་སྲེད་པའི་ཁོལ་པོའོ་ཞེས་བྱ་བའི་བར་དུ་སྟེ། མདོ་དེ་ཡང་མ་མཐོང་ངོ། །འགྲོ་པའི་མདོ་ལས་ཀྱང། མགོན་མེད་ཟས་སྦྱིན ་གྱིས་སྨྲས་པ། བདག་གིས་བཅོམ་ལྡན་འདས་ཀྱི་ཐད་ནས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་སྟེ། ཀུན་དགའ་ར་བ་བྱས་ནས་སྔོ་བར་བྱེད་པའི་སེམས་ཅན་ཡང་ཡོད་དོ། ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ?་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམS ་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་བྱ་བ་རྒྱས་པར་འབྱུང་ནས་ས་ཕན་ཡོན་སྟོན་ཅིང་སྦྱིན་རབས་བརྗོད་པའི་རྒྱུས་སྐྱེ་པ་ཡང་ཡོད་དོ་ཞེས་བྱ་བའི་བར་དུ་འབྱུང་བའི་མདོ་དེ་ཡང་མ་མཐོང་ངོ། །དེ་བཞིན་དུ་མདོ་གཞན་དག་ཀྱང་ཤེས་པར་བྱ་སྟེ། མི་སྨྲ་པའི་དངོས ་པོའི་མདོ་ལས། མཽངྒལ་གྱི་བུ་ལ་སངས་རྒྱས་ཀྱི་གསུང་གིས་སྔར་བཀའ་སྩལ་བ་བཞིན་དུ་མཽངྒལ་གྱི་བུ་ཁྱོད་ཀྱིས་འཕགས་པའི་མི་སྨྲ་བ་སྒོམས་ཤིག་།བག་མེད་པར་མ་བྱེད་ཅིག་ཅེས་བྱ་བ་དང། གནས་པར་བྱ་བའི་མདོ་ལས། འཕགས་པའི་གནས་པ་འདི་ལ་ ་བག་མེད་པར་མ་བྱེད་ཅིག། ཅེས་བྱ་བ་འབྱུང་བའི་མདོ་དེ་དག་ཀྱང་མ་མཐོང་ངོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མདོ་དེ་ལྟར་ཡོད་པའི་མདོ་མང་པོ་རྣམས་ཀྱང་མོད་ཐ་དད་ཀྱི་ནང་ནས་ཚིག་སོ་སོར་འབྱུང་ངོ། །དེ ་ལྟ་བས་ན་དེ་དག་དང་བཞན་ཡང་མདོ་མང་པོ་དག་ཉན་ཐོས་ཀྱི་ཐེག་པ་ལ་ད་ལྟར་སངས་རྒྱས་ཀྱིས་གསུངས་པ་རྒྱས་པར་མི་སྣང་བ་ཡིན་པས་ཤེས་པར་བྱའོ། །གང་ཡང་རྩ་བའི་སྡུད་པར་བྱེད་པ་པོ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པས ་བྱས་པ་དེ་ནི་ད་ལྟར་ཉམས་ཏེ། སྡེ་པ་ཐ་དད་ཀྱི་ལུང་ལས་ཚིག་གི་མདོ་རྣམས་རྣམ་པར་བཞག་པ་ཐ་དད་པའི་ཕྱིར་རོ། །ལུང་གི་ཚིག་དེ་དག་གི་ཁྱད་པར་བསྡུས་པའི་མདོ་དེ་དག་གི་ཚིག་གི་དོན་བསྡུས་པ་རྣམས་ཀྱང་ཡང་ཐ་དད་དུ་འདོན་པའི་ཕྱིར་དང། ། ་?་གཞན་ཡང་མ་གཏོགས་ཤིང་མི་འགལ་བ་མངལ་དུ་འཇུག་པ་དང། དགའ་བ་ཅན་དང་ཚའི་མཐར་ཐུག་པ་ཞེས་བྱ་བའི་མིང་ཅན་རྣམས་ཉེ་བར་མཐོང་སྟེ། དེ་ལྟར་ན་སྡུད་པར་བྱེད་པ་ཡང་འཆོལ་བར་གྱུར་པས་དེ་ལྟ་བུ་དག་ལ་སངས་རྒྱས་ཀྱི ་བཀའ་རྒྱས་པར་བཞུགས་པར་ཇི་ལྟར་ཡིད་ཆེས་པར་ནུས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཐོས་པ་གཅིག་ལས་འགོས་པ་ཡང་བརྒྱའི་བར་བུ་ཡང་ཡོད་དོ་ཞེས་ཐོས་སོ། །གཞན་ཡང་ཐེག་པ་ཆེན་པོ་ལ་ཡང་གསུང་རབ་གཞན་ཉིད ་ཡིན་ན་ཐ་དད་ཀྱི་སྡུད་པར་བྱེད་བས་ག་ལ་སྡང་པར་འགྱུར་ཏེ། ཕན་ཚུན་འགལ་བ་ན་སྡུད་པར་བྱེད་པ་ཐ་དད་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ལྟར་དོན་དམ་པར་སྟོང་པ་ཉིད་ལ་སོགས་པ་བདག་མེད་པ་དང་ལྡན་པའི་མདོ་ནི་འཕགས་པ་མང་པོས་བཀུར ་པ་ནམ་མཁས་མི་ལེན་ཏོ། བར་མ་དེའི་སྲིད་པ་སྲིད་པ་བདུན་པ་དང་ལྡན་པ་ལ་སོགས་པ་ནི་ས་སྟོན་སྡེ་པ་ལ་སོགས་པ་ཁས་མ་ལེན་ཏོ། །དེ་བཞིན་དུ་འདུལ་བ་ལས་ཀྱང་གནས་མ་བུ་པ་རྣམས་ཀྱི་ལས་ནི་དུས་མ་ཡིན་པར་བུ་རམ་བཟའ་བ་ལ་སོགས་པ ་དཀག་གོ་།ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་ལས་ནི་བཟའ་ཞིང་ལོངས་སྤྱོད་པར་སྣང་ངོ། །དེ་དག་གི་མདོ་ལས་ནི་བདག་ཡོད་པ་ཉིད་དུ་རྗེས་སུ་བསྔགས་སོ། །ཐམས་ཅད་ཡོད་པར་སྨ་བ་རྣམས་ཀྱིས་ནི་སྤོང་ངོ། །དེ་བཞིན་དུ་ཁ་ཅིག་ནི་བདག་མེད་པར་སྨྲ་བའོ། །ཁ་ཅིག ་ནི་གང་ཟག་ཏུ་སྨྲ་བའོ། །ཁ་ཅིག་ནི་འདུས་བྱས་ཐམས་ཅད་སྐད་ཅིག་མར་འདོད་དོ། །ལ་ལ་ནི་སྐད་ཅིག་མ་གཉིས་སུ་འདོད་དོ། །ལ་ལ་ནི་ས་འདི་བསྐལ་པའི་མཐར་གནས་པར་འདོད་དོ། །ལ་ལ་ནི་མྱ་ངན་ལས་འདས་པ་རྫས་སུ་ཡོད་པར་འདོད་དོ། །ཁ་ཅིག་ནི་མིང་ཙམ་བུའོ།། ་ཁ་ཅིག་ནི་སྲིད་པ་བར་མ་འདོད་དོ། །གཞན་དག་ནི་མི་འདོད་དོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཏུ་འདོད་དོ། །གཞན་དག་ནི་སྐད་ཅིག་མ་བཅུ་དྲུས་ཉིད་དུ་འདོད་དེ། །དེ་ལྟར་ན་སྔ་མ་བཞིན་དུ་འགལ་བར་གྱུར་པས་སྡེ་པ ་ཐ་དད་ཀྱི་གསུང་རབ་རྣམས་སྣ་ཚོགས་སུ་གྱུར་པས་ན་གཙུག་ལག་ཉིད་ཀྱང་རེ་ཞིག་བསྒྲུབ་པར་བཀའ་བས་སྡུད་པར་བྱེད་པ་ཐ་དད་ཀྱིས་མ་བསྡུས་པས་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་བཀའ་མ་ཡིན། །གཞན་ཡང་གང་དག་དེ་བཞིན་གཤེགས་པ་ནི ་མངོན་པར་རྟོགས་པ་ཇི་ལྟ་བ་བཞིན་ཡིན་གྱི་དེ་ལས་གཞན་དུ་མ་ཡིན་པས་མངོན་པར་རྟོགས་པ་རྟག་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་རྟག་པ་ཞེས་བསྟན་གྱི་མི་འགྱུར་བ་ནི་མ་ཡིན་ནོ། །ཁྱད་པར་དུ་ཤེས་པར་འདོད་ན་ལང་ཀར་གཤེགས ་བའི་མདོ་ལས་བལྟ་བར་བྱའོ། །རྒྱུན་གྱི་རྗེས་སུ་འཇུག་པ་སྐད་ཅིག་གིས་འཇིག་པའི་ངོ་བོ་ལ་ཡང་རྟག་པ་ཞེས་བྱ་པའི་སྒྲ་ཡོད་དེ། ཇི་ལྟར་ཆུ་ཀླུང་ནི་རྟག་ཏུ་འབབ་པོ། །མེ་ནི་རྟག་ཏུ་འབར་རོ་ཞེས་བྱ་བ་སྟེ་།དེ་ལྟར་ན་འདུས་བྱས་ཐམས་ཅད་མི་རྟག་གོ་ཞེས་བྱ་བ ་དང་མི་འགལ་ལོ། །དེ་བཞིན་གཤེགས་པ་ནི་ཁྱབ་པའོ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཤེས་བྱ་མ་ལུས་པ་ལ་ཁྱབ་པས་ཡིན་གྱི། ཁྱབ་འཇུག་དང་འདྲ་བར་ཐམས་ཅད་དུ་གནས་པ་ཉིད་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བྱ་བ་ཡང་སྟོང་པ་ཉིད ་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཕྱིར་ཡིན་གྱི། ནང་གི་བྱེད་པའི་སྐྱེས་བུ་རྟག་པ་ཐམས་ཅད་དུ་ཁྱབ་པ་ལྟ་བུ་ནི་མ་ཡིན་ཏེ། ཇི་སྐད་དུ་ཆོས་ཐམས་ཅད་ནི་སྟོང ་བ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ངོ་བོ་གང་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་བ་མེད་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །ལེན་པའི་རྣམ་པར་ཤེས་པ་ཡང་འཁོར་བར་འཇུག་པ་དང་ལྡོག ་བའི་གྱུར་གྱུར་པ། ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་འབབ་པས་འཇུག་ཏུ་ཟིན་ཀྱང། སྐད་ཅིག་མ་ཉིད་ཀྱི་རྒྱུན་གྱི་འཇུག་པ་ཡིན་གྱི། བདག་དང་འདྲ་བར་ནི་མ་ཡིན་པའི་ཕྱིར། བདག་མེད་པའི་ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་ལོ། །སངས་རྒྱས་མྱ་ངན་ཡོངས་མི ་འདའ་ཞེས་བྱ་བ་དང། ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་སྤངས་སུ་ཟིན་ཀྱང་གདུལ་བའི་སྐྱེ་བོ་ལ་བལྟོས་ནས་ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་བ་ཁ་ཅིག་ཏུ་ནི་འབར་བར་མཛད་ལ། ཡང་གང་དག་ཏུ་གདུལ་བའི་སྐྱེ་བོའི་ཞིང་མེད་པར་གྱུར་པ ་དེ་དག་ཏུ་ནི་མྱ་ངན་ལས་འདས་པར་ཡང་སྟོན་ཏེ། འགྲོ་བ་གཞན་དག་ཏུ་ཤིང་མེད་པའི་མེ་བཞིན་ནོ། །ཡང་གཞན་དག་ཏུ་ཇི་ལྟར་བཞེད་པས་སངས་རྒྱས་ཀྱི་མཛད་པ་དང། མྱ་ངན་ལས་འདས་པ་ཡང་སྟོན་པ་ཡིན་གྱི། གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་ ་བ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་མ་ལུས་པ་མཐར་ཐུག་པར་བསྒྲུབ་པར་བྱའོ། །ཞེས་སྨོན་ལམ་བཏབ་པ་ཡོད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་མྱ་ངན་ལས་འདའ་བ་བསྟན་པས་འདུལ་བ ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་རོ། །རྣམ་གྲངས་ཀྱི་མྱ་ངན་ལས་འདས་པ་ཡང་ཡོད་པའི་ཕྱིར་རམ། འཁོར་བ་དང་ཞི་བ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཡང་ཡོད་པའི་ཕྱིར་ཏེ། དངོས་པོས་མྱ་ངན་ང་མི་འདའ་། མཛད་པ་ཉིད་དང་མཚན་གྱིས ་མིན་བཤེས་དང་ཤེས་བྱའི་རྣམ་རྟོག་ལས། །འདས་བས་ང་ནི་མྱ་ངན་འདའ་། །ཞེས་བྱ་བས་རྣམ་པར་རྟོག་པ་སྤངས་པའི་མྱ་ངན་ལས་འདས་པ་ཁས་བླངས་པའི་ཕྱིར་མྱ་ངན་ལས་འདས་པ་ཞི་བ་དང་འགལ་བ་ཡང་མ་ཡིན་ནོ། །ཉན་ཐོས་ཆེན་པོ་རྣམས་ལུང་བསྟན་པ་ཡང ་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། ཉན་ཐོས་གང་དག་གི་རིག་ལ་དགོངས་ནས་ལུང་བསྟན་པ་ཡིན་ཏེ་།སེམས་ཅན་གྱི་རིགས་གང་དབང་པོ་རྣོ་བ་གང་ཡིན་པ་དེ་ལྟ་བུས་གཞན་གྱིས་དོན་རབ་ཏུ་སྒྲུབ་པའི་ཐབས་ལ་མཁས་པ་བླ་ན་མེད་པའི་འབྲས་བུ་ཁྱད་པར་ཅན ་ཐོབ་པར་འདོད་པས་འབྲས་བུའི་མཆོག་འདོད་པ་ཉིད་ཀྱིས་མཆོག་ཉིད་དུ་གྱུར་པ་ཡང་ཡོད་དེ། བྱང་ཆུབ་སེམས་དཔའ་བཞིན་ནོ། །སེམས་ཅན་གྱི་རིགས་གང་དབང་པོ་བརྟུལ་བ་བདག་གི་དོན་སྒྲུབ་པར་བྱེད་པས་གང་ཟག་ལ་བདག་མེད་པ་ཙམ་གོམས་པར ་བྱས་པས་འབྲས་བུ་དམན་པ་ཉིད་ཀྱིས་དམན་པའི་ཁྱད་པར་ཉིད་ཐོབ་པར་གྱུར་པ་ཡང་ཡོད་དེ་ཉན་ཐོས་དང་།རང་སངས་རྒྱས་བཞིན་ནོ། །སེམས་ཅན་གྱི་རིགས་གང་དག་ཁྱད་པར་ཅན་ལ་འདོད་པ་བསྐྱེད་པ་ན་ཡང་འབྲས་བུ་དམན་པ་ཐོབ་པ་ཡང་ཡོད་དེ། ཇི་ལྟར ་རང་སངས་རྒྱས་བསེ་རུ་ལྟར་སྤྱོད་པ་དག་གིས་བྱང་ཆུབ་ཀྱི་ཚོགས་བསྐལ་པ་བརྒྱའི་བར་དུ་བསགས་ནས་རྐྱེན་འགའ་ཞིག་གིས་བྱང་ཆུབ་ཆེན་པོ་ལས་ཕྱིར་ལོག་པར་འགྱུར་བ་ལྟ་བུའོ། །སེམས་ཅན་གྱི་རིགས་གང་དག་དབང་པོ་རྣོན་པོ་དང་ལྡན་དུ་ཟིན་ན ་ཡང་དམན་པའི་ཁྱད་པར་འདོད་ཅིང་ཐབས་ལ་མི་མཁས་པར་གྱུར་པས་དང་པོར་ཉོན་མོངས་པ་སྤོང་པར་བྱེད་པ་ལ་གང་གིས་ཚེ་བྱང་ཆུབ་ཆེན་པོའི་བསྐལ་པ་ཡོད་པར་མཐོང་བ་ན་དེ་བཞིན་གཤེགས་པས་ལུང་ནོད་པར་མཛད་དོ། །དེ་དེའི་རྗེས་ལ་ལས་དང ་ཉོན་མོངས་པ་སྤངས་པ་ནས་ཡིན་པ་ཡང་ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་བས་བྱང་ཆུབ་ཆེན་པོའི་ཚོགས་ཁྱད་པར་ཅན་ཉིད་བསགས་ནས་ཁྱད་པར་ཅན་གྱི་རྟོགས་པ་ཐོབ་པར་འགྱུར་ཏེ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་ལ་སོགས་པ་བཞིན་ཏེ། དེ་དག་ནི་ཆོས་བཅུ་པའི་མདོ ་ལས་བསྟན་ཏོ། །ཡང་ན་སྔར་ཉོན་མོངས་པའི་སྒྲིབ་པ་སྤང་བར་བྱས་ནས་ཕྱིས་ཤེས་བྱའི་སྒྲིབ་པ་སྤོང་བས་ཡོངས་སུ་སྦྱང་བ་བྱས་ནས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་རོ། །གང་ཡང་ས་བོན་མེས་ཚིག་པ་ལ་མྱུ་གུ་འབྱུང་བར་མི་འགྱུར་པ ་བཞིན་ནོ་ཞེས་ཟེར་བ་ཡང་མི་རིགས་ཏེ། བདག་ཅག་ཀྱང་ཡང་དེ་ཉོན་མོངས་པའི་སྐྱེ་བའི་མྱུ་གུས་ཡང་འབྱུང་བར་མི་འདོད་དོ། །དེ་ལྟར་ན་ཡང་ཉོན་མོངས་པ་མེད་པའི་ཤེས་བྱའི་སྒྲིབ་པ་སྤང་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྐུལ་པ་ན ་རབ་ཏུ་སྦྱོར་བར་བྱེད་དེ། དེས་དང་པོར་ནི་ལྷག་པའི་བསམ་པ་དག་པའི་ས་ནས་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཉོན་མོངས་པ་ཅན་ལྟར་སྤྱོད་ན་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡིན་པར་བལྟ་བར་བྱའོ། ་གང་འདི་སྐད་དུ་ས་བདུན་པ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན། །ཉོན་མོངས་པ་མེད་པ་ཡང་མ་ཡིན་ཞེས་ཟེར་བ་ནི་ཉོན་མོངས་པའི་ཀུན་ཏུ་རྒྱུ་བ་མེད་པས་ཉོན་མོངས་པ་དངབཅས་པ་དང་མ་ཡིན་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་འདོད་པའི་བསམ ་པ་རྫོགས་པར་མ་གྱུར་པས་ཉོན་མོངས་པ་མེད་པ་ཡང་མ་ཡིན་ཞེས་བརྗོད་པར་བྱའོ། །བསྐལ་པ་གྲངས་མེད་པ་གཉིས་པས་ཡོངས་སུ་རྫོགས་པའི་ས་བརྒྱད་པ་ལ་ནི་སྦྱོར་བ་ལས་བྱུང་བའི་སྤྱོད་པ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་རྫོགས་པར་འགྱུར་རོ།། ་ཉོན་མོངས་པ་དང་བཅས་པའི་སྤྱོད་པ་ཡོངས་སུ་རྫོགས་མ་ཐག་ཉིད་དུ་བྱང་ཆུབ་སེམས་དཔའ་ངེས་བྱང་ཆུབ་སེམས་དཔའ་ཨི་གནས་པ་ཟབ་མོ་དབེན་པ་ལ་གནས་པ་ཐོབ་པར་འགྱུར་རོ། །དེ་ནི་འགོག་པ་ལ་སྙོམས་པར་ཞུགས་པའི་དགྲ་བཅོམ་པ་བཞིན་དུ ་གང་གི་ཆེ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ལ་གནས་པ་དེའི་ཚེ་དེ་ལ་སངས་རྒྱས་བཅོཾ་ལྡན་འདས་རྣཾས་ཀྱི་བསླང་བར་མ་མཛད་ན་དེ་ཉིད་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ། །སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་དེའི་ཉོན་མོངས ་པའི་སྒྲིབ་པ་སྤངས་པ་ནི་དགྲ་བཅོམ་པ་དང་འདྲ་བས་བསིལ་བར་གྱུར་ཅིང། འཁོར་བར་འཇུག་པ་དང་བྲལ་བའི་ཚེ་ལ་དབང་བ་ལ་སོགས་པ་དབང་བཅུ་རབ་ཏུ་ཐོབ་བ་དེ་ལ་དབང་བར་གྱུར་ཅིང། རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་གོམས་པས་བདུད་བཞི་ལས་རྣམ་གྲང ་རྒྱལ་ཞིང་སེམས་ཅན་གྱི་དོན་ལ་རོ་གཅིག་པར་གྱུར་པ་ལ་སྒྲིབ་པ་མེད་པའི་བྱམས་པ་ལ་གནས་པ་ཡིད་བཞིན་གྱི་ནོར་བུ་དང། སྨན་གྱི་སྡོང་བུ་དང་དཔག་བསམ་གྱི་ལྗོན་པ་དང་འདྲ་བའི་ལུས་ཀྱིས་གང་དང་གང་སེམས་ཅན་ལ་མངོན་པར་བསྒྲུབ་པ་ད་དང་དེ ་སེམས་ཅན་གྱི་རྒྱུ་ལ་བསམས་པ་བཞིན་དུ་འབྲས་བུ་སྩོལ་བར་འགྱུར་ཏེ་མིག་དུག་ཅན་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་དོན་འདི་ཉིད་བསྟན་ཏེ། ལྷའི་བུ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དབང ་པོ་རྣོན་པོ་ལ་སོགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་དག་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནུས་པ་ཡོད་པ ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་འཁོར་བར་འཇུག་པའི་མཚམས་བཅད་པའི་ཕྱིར་རོ། །གང་ཡང་བསེ་རུ་དང་དམན་པའི་རིགས་ཀྱི་འབྲས་བུ་ཅན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ན། དེ་དག་ལ་ཡང ་རྗེས་སུ་ཡི་རང་ངོ། །གང་ཡང་ཁྱད་པར་ཅན་གྱི་རིགས་དག་ཐབས་ལ་མི་མཁས་པ་ཉིད་ཀྱིས་ཉོན་མོངས་པ་སྤངས་པར་གྱུར་ན། ཡང་དམན་པ་ལས་ཁྱད་པར་ཅན་གྱིས་རྟོགས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པའི་ཆོས་ལས་ཁྱད་པར ་དུ་འཕགས་ཤིང་འཇིག་རྟེན་ལས་ཤིན་ཏུ་འདས་ཤིང་ཁྱད་པར་འཕགས་པའི་མཆོག་།རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་ལ་དམིགས་པར་བྱེད་པས་སོ། །དེ་ལྟར་ན་ཉན་ཐོས་ལ་སོགས་པ་ལུང་བསྟན་པ་མི་རིགས་པ་མ་ཡིན་ནོ། །ཡང་ན་གཟུགས་ནི་གང་དང་ཡང? ་རྣམས་ཀྱིས་ལུས་ཅན་རྣམས་ནི་འདུལ་གྱུར་པ། སྙིང་རྗེའི་དབང་གིས་དེ་དང་དེར། །དེ་བཞིན་གཤེགས་པ་སྟོན་པར་མཛད། །གང་གི་ཕྱིར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཁོ་ན་ཉོན་མོངས་པ་དང་བྲལ་བ་དགྲ་བཅོམ་པ་དང་འདྲན་ཡང་ཐབས ་ཀྱིས་འདོད་པའི་ཡོན་ཏན་ལྔ་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་རྣམས་དང་གྲོས་སུ་མཛད་དེ། རྒྱ་ཆེ་ཞིང་རྣམ་པར་མང་བའི་ཉོན་མོངས་པ་ཅན་ལྟ་བུའི་སྤྱོད་པ་ཡང་སྟོན་པར་མཛད་དེ། སེམས་ཅན་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་གླིང་བཞི་པ་དག ་ཀྱང་གཏོང་སྟེ་།ཅི་སྐད་དུ་འབར་ར་རུ་ཙེས་སངས་རྒྱས་ཀྱི་མཛད་པ་ལས་།བདག་ཉིད་གཅིག་ལས་མང་པོ་ཉིད། །མཆོག་ཏུ་ལེགས་པར་མཛད་པས་སྤྲུལ། །ཐ་དད་མ་གྱུར་བདེན་དངོས་ལས། །བདག་དང་ལྷན་ཅིག་དགའ་བོ་ཞེས། །མྱོས་པ་རྣམས་དང་ལྷན ་ཅིག་དེ། །རྒྱགས་ཤིང་མྱོས་པས་མྱོས་མ་དང། །འདོད་པའི་རྒྱགས་པ་ལས་བརྒལ་ཀྱང། །འདོད་པས་མྱོས་མ་རྣམས་དང་བརྩེ། །རྣལ་འབྱོར་ཡེ་ཤེས་མེ་ཡིས་ནི། །འདོད་པའི་འདོད་ཆགས་བསྲེགས་གྱུར་ཀྱང། །དེ་ཡི་སེམས་ལ་འདོད་པ་ནི། །འབྱུང་བ་ལྟ་བུ ་ཉིད་དུ་སྟོན། །དེ་ལྟར་ད་ནི་སྤྱོད་པ་དང་བཅས་རྨི་ལམ་སྒྱུ་མ་ལྟར། །མྱོས་པའི་དབང་གྱུར་དེ་དག་འདུན་ཕྱིར་བརྩེ་བ་ཉིད་དུ་བྱེད། །མི་གཡོ་བརྟན་པའི་སེམས་ཅན་སེམས་ཅན་ཀུན་གྱི་སེམས་ཅན་ཅིག་།ལེགས་པར་སྤྱང་བས་གཉིད་སྤངས་གཉིད་ཅེས ་བྱ་བའི་གཉིད་ཀྱིས་ལོག་ཅེས་འབྱུང་བས། དེ་ལྟ་བས་ན་འདོད་ཆགས་དང་བྲལ་བར་གྱུར་ན་ཡང་སྙིང་རྗེའི་དབང་གིས་ཉོན་མོངས་པའི་སྤྱོད་པ་སྤྲུལ་པའི་གར་སྟབས་སྟོན་པར་མཛད་དོ། །གང་དག་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བ་ལ་གནས་པ ་ནི་འདོད་པ་ལ་དགའ་བ་བསྟན་པར་གྱུར་ནས་སྲས་ཀྱང་བལྟམ་པར་གྱུར་ཏོ། །ཞེས་ཟེར་བ་དེ་དག་གིས་ལྟར་ན་ནི་སངས་རྒྱས་ཉིད་ཀྱང་མེད་དེ། ཚུལ་ཁྲིམས་འཆལ་པར་གྱུར་པས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་གྱུར་ན་ནི་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱང་མེད་དེ། གང་གི་ཕྱིར་ཚུལ་ཁྲིམས་འཆལ་པ་ནི་སྦྱིན་པ་མེད་དོ། །བཟོད་པ་ཡང་མེད་དོ། །བརྩོན་འགྲུས་ཀྱང་མེད་དོ། །བསམ་གཏན་ཡང་མེད་དོ། །ཤེས་རབ་ཀྱང་མེད་དོ་ཞེས་གསུངས་པ་སྟེ། དེ་ལྟར་ན ་ཕ་རོལ་ཏུ་ཕྱིན་པ་མེད་པས་སངས་རྒྱས་ཀྱང་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་མི་རིགས་པ་མང་དུ་ཡོད་དེ། ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་ཅིང་མཐུ་ཕུན་སུམ་ཚོགས་པར་གྱུར་པ་གང་གིས་ཡུམ་གྱི་ལྷུམས་སུ་འཇུག་ཅིང་འབྱུང་བ་དེ་དག་གི ་ཚེ་འཇིག་རྟེན་ཐམས་ཅད་དུ་སྣང་བ་རྒྱ་ཆེན་པོས་གསལ་པར་གྱུར་ན་ཡང་ཐོས་པ་དང་ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་ལ་དབང་ཐོབ་པ་མ་ཡིན་ཞིང་ཉོན་མོངས་པའི་ཀུན་ཏུ་རྒྱུ་ཐམས་ཅད་མ་སྤངས་པ་ཡང་མི་རིགས་སོ། །དེ་ལྟར་གྱུར་ན་ཡང་ཉོན ་མོངས་པའི་དབང་གིས་འདོད་པའི་ཁམས་སུ་སྐྱེ་བ་བཞེས་ཤིང་ལྷུམས་སུ་འཇུག་པ་དང་དེ་ནས་གནས་པ་ཡང་རིགས་པ་མ་ཡིན་ནོ། །བལྟམས་ནས་རིང་པོ་མ་ལོན་པ་ན་བྱང་ཆུབ་སེམས་དཔའ་སུས་ཀྱང་མ་བརྟེན་པར་གོམས་པ་བདུན་དུ་གཤེགས་པ་དང། ཕྱོགས ་བཞིར་གཟིགས་ནས་བདག་གི་སྐྱེ་བ་ཐ་མ་འདི་ཡིན་ནོ། །ཞེས་གསུངས་པ་ཡང་བརྗོད་པར་མཛད་པ་དེ་ཕྱིས་སྐུ་རྒྱས་པར་གྱུར་ཅིང་དབང་པོ་ཡང་ཡོངས་སུ་སྨིན་པ་ན་འདོད་པའི་དགའ་བ་ལ་ལོངས་སྤྱོད་ཅིང་བག་མེད་པར་གྱུར་ཏོ། །ཞེས་བྱ་བ་ཡང་མི་རིགས་སོ།། ་རང་བཞིན་གྱིས་སྐྱེ་བ་དུ་མ་རྗེས་སུ་དྲན་པས། བཅོམ་ལྡན་འདས་འོད་སྲུངས་ལས་ཚངས་པར་སྤྱད་པར་བྱས་ཤིང་བྱང་ཆུབ་ཀྱི་ལམ་གོམས་པར་བྱས་ནས་དགའ་ལྡན་དུ་ལྷའི་རིགས་དྲུག་ལ་བོས་ནས་འདིར་བྱོན་པ་དང་བདག་དང། གཞན་གྱི་རྒ་བ་དང། ན་བ ་དང། འཆི་བའི་ཆོས་ཀྱི་དེ་ཉིད་མི་མཁྱེན་པ་དང། མུ་སྟེགས་བྱེད་གཞན་ལས་བྱང་ཆུབ་ཀྱི་ལམ་བཙལ་བ་བྱས་པ་དང། བདག་ཉིད་གདུང་བ་ལ་རྗེས་སུ་སྦྱོར་བས་གནས་པ་ལ་ལམ་གྱི་འདུ་ཤེས་བྱས་ནས་དཀའ་ཐུབ་ཀྱི་སྡུག་བསྔལ་གྱིས་གདུང་བར་བྱེད་པ ་ཡང་མི་རིགས་སོ་།།དབུ་མའི་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བ། །བམ་པོ་བཅོ་ལྔ་པ། །ཡང་སྐྱེ་བ་དྲན་པ་ཡང་མ་ཡིན་ཏེ། བསྐལ་པ་མི་ཉུང་བར་བསོད་ནམས་ཀྱི་ཚོགས་བསགས ་པ་དང་ལྡན་ཞིང། དྲན་པ་དང་བློ་དང་སྟོབས་ཆེན་པོ་ཡང་ཐོབ་ནས། ལྷུམས་སུ་ཞུགས་པ་དྲན་པ་བསྙེལ་ཅིང་འཁྲུངས་པ་ཙམ་གྱིས་དེ་ལྟ་བུའི་གསུང་བརྗོད་པ་ཡང་མི་རིགས་སོ། །བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ནི་བསམ་གཏན་དང་གཟུགས་མེད ་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཉམས་པར་གྱུར་པའོ། །ཞེས་བྱ་བ་ཡང་མི་རིགས་བ་འམ། ཉམས་པར་མ་གྱུར་ན་ཡང་དཀའ་ཐུབ་སྤྱད་པས་དག་པར་འགྱུར་བར་འདོད་ཅིང། འདོད་པ་ན་སྤྱོད་ཅིང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག ་ཏུ་འཛིན་པའི་ལྟ་བ་མཆོག་ཏུ་འཛིན་པ་ཡང་མི་རིགས། །གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ནི་བློ་སྔོན་དུ་བཏང་ནས་སེམས་ཅན་གདུལ་བའི་ཐབས་ཀྱི་བྱེ་བྲག་བཟུང་བའི་དོན་གྱིས་ཇི་སྐད་སྨྲས་པ་དེ་དག་ཐམས་ཅད་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟ་བུ ་ཐམས་ཅད་ནི་སྤྲུལ་པ་ཉིད་ཀྱིས་ཀྱང་མཛད་པར་སྦྱོད་དོ། །དེ་ལྟ་བས་ན་གློ་བུར་དུ་སྐྱེ་བ་ཡོངས་སུ་འཛིན་ཡང་མི་རིགས་ལ་འདོད་པའི་བསོད་ནམས་ཀྱི་མཛའ་ལ་སྦྱོར་བ་དང། བདག་ཉིད་དུབ་པའི་མཛའ་ལ་སྦྱོར་བ་ཡང་མི་རིགས་པས་བརྗོད་པར་མི་བྱའོ། །གལ ་ཏེ་འདི་དག་ཐམས་ཅད་སྤྲུལ་པ་ཡིན་ན་དཀའ་བའི་སྤྱད་པའི་དུས་ན་ལས་ཀྱི་འབྲས་བུ་ཡིན་ཏེ། ད་སྔོན་བྲམ་ཟེ་བླ་མ་ཞེས་བྱ་བར་གྱུར་བའི་དུས་སུ་ཡང་དག་པར་རྫོགས་བའི་སངས་རྒྱས་འོད་སྲུངས་ལ་དགེ་སྦྱོང་མགོ་རེག?་ལ་བྱང་ཆུབ་ག ་ལ་ཡོད། བྱང་ཆུབ་ནི་ཤིན་ཏུ་དཀའ་བས་སྒྲུབ་པར་བྱ་བ་ཡིན་ནོ། །ཞེས་ངག་ཏུ་བརྗོད་བའི་ལས་དེའི་རྣམ་པར་སྨིན་པས་ངས་ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཡིན་ནོ་ཞེས་ཅིའི་ཕྱིར་གསུང་བར་གྱུར་ཅེ་ན། ད་ནི་དེ་ལྟར་ཤིན་ཏུ་མུན་པར་གྱུར་བའི་རིགས ་དག་བསལ་བར་བྱའོ། །ཇི་ལྟར་ན་དེ་ལྟ་བུའི་དགོངས་པ་ཅན་དག་ལ་དྲང་ཐད་དུ་དད་པར་གྱུར་ནས་སྤྲོ་བར་བྱེད། གང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔན་མ་ཐས་པ་ཐོས་པ་ན་བ་སྦུ་ཐམས་ཅད་ལངས་པར་གྱུར་ཅིང་མཆོག་ཏུ ་དགའ་བ་དང་བདེ་བ་སྐྱེས་ཏེ། ཤིན་ཏུ་མཐོང་བར་འདོད་བར་གྱུར་ཏོ། །ཞེས་བྱ་བ་དང། ཡང་བྲམ་ཟེ་བླ་མ་སངས་རྒྱས་ལ་སྐུར་བ་བཏབ་པ་ཡང་གཞན་དུ་མ་ཡིན་ལ་སྐྱེ་བ་གསུམ་པ་ལ་སངས་རྒྱས་སུ་གྱུར་ཏེ་ཞེས་བྱ་བ་དང་མྱ་ངན་ལས་འདའ་བའ་ཨི་སྒྲ་ཡང ་ཀུན་ཏུ་སྒྲོགས་ཤིང། །བདུད་ཀྱི་སྒྲའི་རྒྱལ་པོ་དེ་བཞིན་གཤེགས་པས་དྲིལ་ཆེན་གྱི་སྒྲས་བདུད་བཞི་ལས་རྒྱལ་བར་གྱུར་ཅིང། འཆི་བདག་ཀྱང་ཤིན་ཏུ་ཕམ་པར་བྱས་ན། ཅི་ཞིག་བྱེད་ན་མཐར་བྱེད་པའི་སྒྲ་བོའི་གནོད་པ་དང་འབྲེལ་བར་གྱུར་ཡང་བཅོམ ་ལྡན་འདས་བེ་སྐུ་ཚེ་ཐུང་དུན་དུ་འཇུག་པའི་ཕྲིན་ལས་ཅི་ཞིག་མཛད་ནས་མི་རྣམས་ཀྱི་ཆེ?་ཆེད་ཙམ་དུ་ཡང་འདི་མ་གྱུར་ཅིང་འཆི་བདག་གི་དབང་དུ་གྱུར་པ་དང། སོ་སོ་སྐྱེ་བོ་བཞིན་དུ་གསུང་བར་མཛད་དེ། ཀུན་དགའ་བོ་འཛམ་བུའི་གླིང་འདི་ནི་དགའ་ ་བར་བྱ་བའོ། རིའི་ལམ་གྱི་རི་འདི་ནི་དགའ་བར་བྱ་བའོ། །འདོད་པ་ཐམས་ཅད་དང་ཡིད་དུ་འོང་བ་དང། མཇེས?་པ་དང། ཡིད་དང་འཐད་པའི་དངོས་པོ་སྣ་ཚོགས་ཀྱང་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་ཐར་དུ་འགྱུར་པའོ། །ཞེས་གསུང་བསྒྲགས་པ་དང ་དགེ་སློང་དག་ངའི་མདུན་དུ་མ་འདུག་ཅིག་ཅེས་སྙུང་བ་ན་ཚོར་བས་ཉིན་པའི་ཐུགས་སྐྱོ་བའི་ཚིག་གསུང་བ་དང། ཀུན་དགའ་བོ་ལ་ཆུ་བླངས་པ་ལ་ནི་རིང་དུ་འགོར་རོ། །ཞེས་མ་དགྱེས་པར་བྱུང་པར་གསུང་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དག ་གིས་ཉམས་པར་གྱུར་ཅིང་ནོན་ནས། །བ་རླངས་ཀྱི་དུ་བས་མུན་བར་གྱུར་ཅིང་གདོང་གཡོགས་པར་གྱུར་པའི་དགྲ་བཅོམ་པ་སྟོང་སྙེད་ཀྱི་བུ་དག་སྨྲེ་སྔགས་སྣ་ཚོགས་འདོན་ཅིང་དུ་བ་དང། སོ་སོ་སྐྱེ་བོའི་དགེ་སློང་གི་ཆགས?་བརྒྱ་སྟོང་སྙེད་དུ་དུ་བ་དང། ་བཅས་པ་དང། ཀུན་ནས་མཛའ་ཡས་པའི་དགེ་སློང་གི་དགེ་འདུན་ལས་ལུང་འབོར་བ་དང། དགེ་བསྙེན་དང་དགེ་བསྙེན་མའི་ཚོགས་སྟོང་ཕྲག་སྙེད་ཀྱི་སྟོད་གཡོགས་དང་རྒྱན་རྣམས་འབོར་བར་བྱེད་ཅིང་མདོ?་དང་ལུས་རྡུལ་གྱི་གཡོག་པར ་གྱུར་ཅིང་མཆི་མས?་གདོང་གི་པད་མ་བངས་པར་གྱུར་པ་དང། སྒྲ་འབལ?་བ་དང། སྤྱི་གཙུག་ཏུ་བརྡེབས་ཤིང་སྙིང་རྗེ་རྗེ་ལྟར་དུ་བར་བྱེད་ཅིང་བཞིན་མི་སྡུག་པས་སྨྲེ་བ་དང། ལྷའི་བུ་བརྒྱ་སྟོང་རྒྱན་དང་ཕྲེང་བ་དང། ལུས་ཀྱི་རྒྱན་དང། ཅོད་པན་དང། ་གདུབ་འཁོར་དང་གོས་དང། མགོ་རྒྱན་དག་སྐྱུར་བར་བྱེད་ཅིང་ལག་པ་དབྱུག་པ་ལྟར་བསྒྲེང་བ་ཀུན་དུ་གཡོབ་པར་བྱེད་པས། བདག་ཉིད་ལ་མགོན་སྐྱབས་མེད་པར་སེམས་ཤིང་མྱ་ངན་བྱེད་པ་དང། ཤིན་ཏུ་གཡོ་བའི་མར་མེའི་རྩེ་མོ་ལ་རླུང་གི ་ཤུགས་ཀྱིས་རྒྱབ་པ་ལྟར་མི་རྟག་པའི་རླུང་གི་ཤུགས་ཀྱིས་རྒྱབ་པའི་ཚེའི་མཛའ་མི་རྟག་པ་ཉིད་ཀྱི་ཆུ་སྲིན་གྱི་ལྟོར་ཞུགས་པ་ནི་གང་འདི་སྐད་བསྟན་པ་དང་འགལ་བ་ཡིན་ཏེ། སྐྱེས་བུ་གང་ཟག་འགའ་ཞིག་སྲོག་གཅོད་པ་རབ་ཏུ་སྤངས་ནས། གང ་གི་ཚེ་སྦྱིན་པ་སྦྱིན་པར་བྱེད་པ་དེའི་ཚེ་ཕུན་སུམ་ཚོགས་པ་གཉིས་འཛིན་པ་ཡིན་ཏེ། ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་བསྒྲུབ་པ་དང། ཚེ་རིང་བ་ཕུན་སུམ་ཚོཌ་པ་བསྒྲུབ་པའོ། །འདིར་བཅོམ་ལྡན་འདས་ནི་ཐམས་ཅད་དུ་སྲོག་གཅོད་པ་ལས ་ཤིན་ཏུ་ལོག་ཅིང་སྤངས་པར་གྱུར་པས་དག་པར་བྱས་ནས་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་གྲངས་མེད་པ་ཡོངས་སུ་བཏང་བས་མཆོད་སྦྱིན་ཆེན་པོ་རྩོམ་པ་མཛད་པའི་སྐུ་ཚེ་རིང་པོའི་ལས་བསགས་པའི་རྣམ་པར་སྨིན་པར་ཅུང་ཞིག་ཀྱང་མཐོང ་བར་མ་གྱུར་པ་དེ་གང་དུ་ཟད་པར་གྱུར། གྲངས་མེད་པ་གསུམ་དུ་བསགས་པ་ལས་ལོ་བཞི་བཅུ་རྩ་ལྔས་འབྲས་བུ་བྱུང་བར་མ་གྱུར་པ་ཡང་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཀྱི་དབང་གིས་ཡིན་ནོ་ཞེ་ན། བཅོམ་ལྡན་འདས་ནི་འཇིག ་པ་ཐམས་ཅད་ལས་བྲོལ་བར་གྱུར་པ་ཡིན་ན་འཕྲིན་ལས་ཀྱི་དབང་གིས་འཇིགས་པ་མངའ་བའོ་ཞེས་བྱ་བ་འདི་མི་རིགས་སོ། །རྒྱུན་མི་འཆད་པར་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པའི་སྐུ་ཚེ་རིང་བར་འཇུག་པའི་ལས་རྣམས་མི་དགེ་བའི་ལས་འགའ་ཞིག་གིས་ཟིལ་གྱིས ་མནན་ནས་སྐུ་ཚེ་ཐུང་བའི་ལས་ཀྱི་རྗེས་སུ་རྣམ་པར་སྨིན་པར་འགྱུར་རོ། །ཞེས་བྱ་བ་ནི་གཞན་དག་ཟིལ་གྱིས་མནན་ནས་དེ་གཅིག་པུ་སྨིན་པར་འགྱུར་ཞེས་བྱ་བ་འདི་ལྟ་བུ་ནི་ཤིན་ཏུ་རྨོངས་པར་གྱུར་པ་རྣམས་ཀྱིས་གཟུང་བར་བྱ་བ་ཡིན་ནོ། །རྡོ་རྗེ་ལྟར་མི་ཕྱེད་པར ་གྱུར་བའི་བཅོམ་ལྡན་འདས་ཀྱི་སྐུ། མི་དགེ་བའི་ཆོས་ཐམས་ཅད་སྤངས་པར་གྱུར་པ་ལ་སྙུན་མངའ་བར་གྱུར་ནས་མོའུ་འགལ་གྱི་བུ་འཚོ་བྱེད་ལ་རྨེད་དུ་བཏང་བ་ན། དེས་གནས་བརྟན་ཞུན་མར་རོ། །ཞེས་བྱ་བའི་བར་གྱིས་ཐམས་ཅད་མཁྱེན་པས་འཚོ་བྱེད ་ལ་རྨེད་པར་བྱེད་པ་ཡང་རིགས་པ་མ་ཡིན་ནོ། །འདི་ལྟར་ཡང་གྲགས་ཏེ་གནས་བརྟན་ཀུ་ལས་ཚངས་པ་མཚུངས་པ་སྤྱོད་པ་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བདག་གིས་བསྙེན་བར་རྫོགས་ནས་ལོ་བརྒྱད་ཅུ་ལྷག་གཅིག་ལོན་ན་མགོན་བ་ཙམ ་ཡང་ནམ་ཡང་བྱུང་བར་མ་དྲན་ཏེ། ཞེས་སྨྲས་པ་དང། དེ་ནི་སྨན་ཨ་རུ་ར་གཅིག་ནད་པ་ལ་སྦྱིན་པ་བྱས་པས་རྣམ་པ་དེ་ལྟ་བུར་གྱུར་ཏོ་ཞེས་སེང་གེའི་སྒྲ་བསྒྲགས་བར་གྱུར་ཏོ། །ནད་པ་ལ་ཨ་རུ་ར་གཅིག་ཙམ་བྱིན་པའི་རྣམ་པར་སྨིན་པ་ཡང་དེ་དང ་འདྲན། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ལྟ་སྨོས་ཀྱང་ཅི་དགོས་ཏེ་འགལ་ལོ། །དེ་ལྟ་བས་ན་འདི་དག་ཐམས་ཅད་ནི་སེམས་ཅན་གྱི་དོན་གྱི་ཆེད་དུ་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཡིན་ཏེ། དེ་ལྟར་ན་བདག་ཉིད་ཉན ་ཐོས་སུ་སྤྲུལ་པ་ལུང་བསྟན་པ་ཡིན་པ་འམ། ཉན་ཐོས་ཀྱི་ཆ་བྱད་འཛིན་པ་ཤཱ་རིའི་བུ་ལ་སོགས་པའི་མིང་གིས་བརྗོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ་གཅིག་ནི་ངེས་པར་བཞུགས་པ་དང། གཞན་དག་ངེས་པར ་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཅེས་འབྱུང་བ་བཞིན་ནོ། །ཡང་གཞན་དག་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པར་སྤངས་པས་གྲོལ་བ་ནི་དེ་བཞིན་གཤེགས་པ་གཅིག ་པུ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མ་ཡིན་ཏེ། དེ་དག་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པའི་ཕྱིར་རོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་བྱའི་སྒྲིབ་པ་སྤངས་པས་བག་ཆགས་དང་བྲལ་བར་གྱུར ་ནས། དེ་བཞིན་གཤེགས་པའི་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེ་དག་གིས་ཡེ་ཤེས་རྣམ་པར་མི་རྟོག་པ་ངེས་འབད་བ་མེད་ན་ཡང་སྔོན་མངོན་པར་བསྒྲུབས་པའི་སྨོན་ལམ་གྱི་མཐུས་འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ལ་ཕན་པ་བསྒྲུབ་ཅིང་གནས་སོ ་ཞེས་ཟེར་ཏོ། །རྟག་པ་ཉིད་དང་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཉིད་དང། ཡོངས་སུ་མྱ་ངན་ལས་མི་འདའ་པའི་ཕྱིར་ཉན་ཐོས་ལ་སོགས་པ་ལུང་བསྟན་པ་ཉིད་ནི་ཡང་འཚམ་ཞིང་རིགས་པ་ཡིན་ཞེས་རྗོད་པར་བྱེད་དོ། །ཐེག་པ་གཅིག་སྟེ་གཉིས་དང་གསུམ་དུ་མེད་དོ་ཞེས ་བྱ་བ་ལ་སོགས་པ་མ་ལུས་པའི་ལུང་དུ་དམ་པའི་ཆོས་པདྨ་དཀར་པོའི་མདོ་སྟོན་པར་བྱེད་དོ། །འདི་ལྟ་སྟེ་ཡི་གེ་ཞེས་བྱ་བ་ནི་གང་ཇི་ལྟར་ཐེག་པ་རྣམ་པར་བཞག་པ་སྟོན་པར་བྱེད་པ་ཡིན་ནོ། །དོན་ཞེས་བྱ་བ་ནི་གང་ཆོས་ཀྱི་དབྱིངས་དབྱེར་མེད་པ་ལ་འཇུག་པའི་ཡེ་ཤེས ་ཀྱི་ཚུལ་གཅིག་པུའོ། ཞེས་བློ་གྲོས་མི་བཟང་བས་བསྟན་པའི་མདོ་ལS་འབྱུང་ངོ། །དེ་བཞིན་དུ་ཐེག་པ་ཐམས་ཅད་ཐེག་པ་གཅིག་ཏུ་འདུ་བར་འགྱུར་རོ། །ཞེས་བློ་གྲོས་རྒྱ་མཚོའི་མདོ་ལ་སོགས་པ་རྣམས་ལས་ཀྱང་འདོན་པར་བྱེད་དོ། །ཡང་ཐེག་པ་ཆེན་པོ་འགའ་ལས ་ཀྱང་དགྲ་བཅོམ་པ་རྣམས་ལ་དམོད་པའི་བྱེད་པ་ནི་མེད་དེ། གང་ཡང་བུ་མོ་བློ་གྲོས་བཟང་མོའི་མདོ་ལས་ཡུངས་ཀར་དང་རི་རབ་དང། མེ?་ཁྱེར་དང། ཉི་མ་དང། ཝ་དང་སེང་གེ་དང། ཨེ་རན?་ད་དང། ཙན་དན་བཞིན་དུ་ཉན་ཐོས་དང། བྱང་ཆུབ་སེམས་དཔའ་ཨི་ཁྱད་པར་བསྟན་པ ་དེ་ཡང་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་གནས་པ་ཙམ་སྨྲས་པ་བྱས་པ་ཡིན་གྱི། གང་ལ་ཡང་དམད་པར་འམ་བསྟོད་པར་བྱས་པ་མེད་དེ། གང་ཡང་ནོར་བུ་མཆིང་བུའི་འོད་པས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་ཤིན་ཏུ་ཆེན་པོར་འབྱུང་བ་ཡིན་ནོ་ཞེས་ཟེར་ན ་ཅི་དེས་ནོར་བུ་མཆིང་བུ་ལ་དམད་པའམ། ཡིད་བཞིན་གྱི་ནོར་བུ་ལ་བསྟོད་པ་ཡིན་ནམ། ཡང་རྨོངས་པ་གང་དག་རྒྱ་མཚོ་ཆེན་པོ་དང་བ་ལན་གི་རྨིག་རྗེས་ཀྱི་ཆུ་སྙོམས་པར་བྱེད་ཅིང། བ་ལང་གི་རྨིག་རྗེས་ཀྱི་ཆུ་ལ་འདི་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ་ཞེས་སྨྲ་བར ་བྱེད་ན་ཅེ་དེ་བཞད་གང་དུ་བྱ་བ་མ་ཡིན་ནམ། དེ་ལ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་པ་དག་ནི་དོན་ཉུང་བ་དང། བྱ་བ་ཉུང་བ་དང། གཞན་ལ་ཕན་པ་ལ་རྒྱབ་ཀྱིས་ཕྱོགས་པ་བདག་ཉིད་དུལ་བ་དང། ཞི་བ་ལ་མངོན་པར་སྦྱོར་བ་དང། ཐར་པའི་ས་བོན་ཅུང ་ཞིག་ལ་བརྟེན་ནས་ཡུངས་ཀར་གྱི་ནང་སྲིན་བུས་ཟོས་པའི་ནམ་མཁའ་ཨི་ཚད་ཙམ་གྱིས་ཟག་པ་མེད་པའི་ཡེ་ཤེས་ཐོབ་པ་དེ་རྣམས་སུ་ཞིག་གིས་དམད་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་བྱེ་བ་བརྒྱ་སྟོང་དཔག་ཏུ་མེད་པ་རྣམས་སུ་དགེ་བའི་རྩ་བ་ཉེ་བར ་བསགས་པ། གཞན་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པ་སེམས་ཅན་མ་ལུས་པ་གྲོལ་བར་བྱ་བའི་ཕྱིར་དད་པ་དང་ལྡན་པའི་བློ་ཅན་ནམ་མཁའ་ཨི་ཁམས་མ་ལུས་པ་དང་མཉམ་པའི་ཟག་པ་མེད་པའི་ཡེ་ཤེས་ཀུན་ནས་སྒྲུབ་པའི་ཕྱིར་བརྩོན་པ་དང་ལྡན་པ་རྣམས ་ནི་བདག་ཉིད་མཐུ་ཆེན་པོ་མཛའ་མེད་པ་དང་ལྡན་པར་གྱུར་པ་དེ་རྣམས་ནི་སུ་ཞིག་གིས་བསྟོད་པ་ཡིན་ཏེ། ཇི་སྐད་དུ་ཀུན་ཀྱང་ས་བོན་ཆུང་ངུ་ལས། །འབྲས་བུ་ཤིན་ཏུ་ཡངས་པ་འབྱུང། །སངས་རྒྱས་རྒྱུ་ནི་དཔག་མེད་ལས། །འབྲས་བུ་དཔག་མེད་བསམ་ཅི་དགོས། །ཞེས་ཀྱང ་འབྱུང་ངོ། །ཁྱིམ་པ་ལ་ཕྱག་བྱེད་པ་འབྱུང་བས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ན་ཞེས་བྱ་བ་ཡང་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཁྱིམ་པ་མ་ཡིན་དེ། ཆགས་པ་ཐམས་ཅད་ཡོངས་སུ་སྤངས་པ་རུང? ་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡོམ་པས་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བསྡམས་པའི་ཕྱིར་རོ། །གང་ཡང་དེ་དག་ཁྱིམ་པ་ལ་སོགས་པའི་གཟུགས་སུ་གནས་པ་ནི་སྤྲུལ་པ་སྟོན་པ་ཡིན་ཏེ། དེ་དག ་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡིན་པས་དེ་དག་ནི་ཁྱིམ་པ་ཡང་མ་ཡིན་ལ་ཕྱག་མི་བྱ་བར་གྱུར་པ་ཡང་མ་ཡིན་ཏེ། ཇི་ལྟར་རྒྱལ་པོ་ཀ་པ་ནི་གདུལ་བར་བྱ་བའི་ཕྱིར་ཐུབ་པས་འཁོར་ལོས་སྒྱུར་བར་སྤྲུལ་ན་ཡང་ཁྱིམ་པ་ཡང་མ་ཡིན་ཞིང་ཕྱག ་མི་བྱ་བ་ཡང་མ་ཡིན་པར་ཡང་འདོད་པ་བཞིན་ཏེ། གང་གི་ཕྱིར་དེར་འཁོར་ལོས་སྒྱུར་བའི་གཟུགས་སུ་བཅོམ་ལྡན་འདས་རྒྱན་རྣམས་ཀྱང་བཟུང་ཞིང། དེ་ན་རེ་ཁྱོད་ཀྱི་མདའའཕོངས་དང་ཞེས་ཟེར་བ་ན་མདའ་དང་བཅས་པའི་གཞུ་བླངས་ནས་བཀང་བ་དང། འཁོར་དེར ་ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་བློན་པོའི་གཟུགས་འཛིན་པར་གྱུར་ཅིང་རྒྱན་རྣམ་པ་སྣ་ཚོགས་རབ་ཏུ་བྱུང་བ་ལ་མ་གནང་བ་ཐོགས་པར་གྱུར་པ་ཉིད་དང། མཉན་ཡོད་དེ་ཉིད་དུ་བྲམ་ཟེ་རྒྱུ་ཅན་ཞེས་བྱ་བ་འདུལ་བའི་དུས་སུ་བཅོམ་ལྡན་འདས་ཚངས་པའི ་གཟུགས་ཞལ་བཞི་པ་རལ་པའི་ཅོད་པན་འཆང་བ་ཞིག་ཏུ་གྱུར་ཏེ་ཞེས་ཀྱང་འབྱུང་བ་དང་བ་ཤི་ཏའི་རིགས་ཀྱི་བྲམ་ཟེ་མོ་གདུལ་བའི་ཕྱིར་མཉན་ཡོད་དེ་ཉིད་དུ། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་གཟུགས་སུ་མཛད་ནས་བུད་མེད་ཤི་བའི་རོ་གཅིག ་བཟུང་སྟེ། འདི་ནི་བདག་གི་ཆུང་མའོ། །ཞེས་གསུངས་པ་དང། ཀེ་ས་ལར་གར་མཁན་གདུལ་བའི་དོན་དུ་བཅོམ་ལྡན་འདས་གར་མཁན་གྱི་གཟུགས་སུ་མཛད་ནས་རྫ་རྔ་བརྡུངས་སོ་ཞེས་འབྱུང་བ་དང་རྩེ་ལྔའི་དྲི་ཟ་གདུལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དྲི་ཟའི་གཟུགས་ཐ ་མལ་པ་བཟུང་ནས་པི་ཝང་བླངས་ཤིང་བརྡུངས་པ་དང། དེ་བཞིན་དུ་རབ་ཏུ་བྱུང་བ་དང། འགལ་བ་འདུལ་བ་ལས་བཀག་པ། གཞན་དང་གཞན་རྫ་མཁན་གྱི་གཟུགས་དང། ལྕགས་མགར་གྱི་གཟུགས་དང། སྟོབས་འགྱེད་པའི་གཟུགས་དང། རྔོན་པ་གཟུགས ་མི་སྡུག་པ་ལ་སོགས་པ་ཁྱིམ་པ་ཐ་མལ་པའི་གཟུགས་དང་སྤྱོད་པ་དང། སྨྲ་བ་ལྟར་མཛད་ན་ཡང་བཅོམ་ལྡན་འདས་དང་ཉན་ཐོས་དེ་དག་ནི་ཕྱག་མི་བྱ་བར་འོས་པ་མ་ཡིན་ཏེ། ཇི་སྐད་དུ། རྒྱན་གྱིས་བརྒྱན་པར་གྱུར་ཀྱང་ཆོས་སྤྱོད་དེ། །ཞི་དང་དུལ་དང་ཡང་དག་སྡོམ་ཚངས་སྤྱོད། །སེམས ་ཅན་ཀུན་ལ་ཆད་པ་སྤངས་པ་ནི། །དེ་དེ་བྲམ་ཟེ་དགེ་སྦྱོང་དེ་དག་སློང། ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་ཁྱིམ་པའི་གཟུགས་ལ་ནི་ཁྱིམ་པ་ཁོ་ནས་ཕྱག་བྱ་བ་ཡིན་གྱིས། རབ་ཏུ་བྱུང་བ་ནི་མ་ཡིན་ནོ་ཞེ་ན། ཡོན་ཏན་གཙོ་བོར་གྱུར་པའི་ཕྱིར་ཕྱག་བྱ་བར་འོས་པ་ཡིན་པས ་རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་ཕྱག་བྱ་བ་ཁོ་ན་སྟེ་།ཡོན་ཏན་གཙོ་བོར་གྱུར་པ་ལ་ཕྱག་བྱའི་རྟགས་ལ་ནི་མ་ཡིན་ཏེ། ཡོན་ཏན་དང་བྲལ་བར་གྱུར་པའི་རྟགས་ནི་ཤིན་ཏུ་དམང་པ་ཡིན་ཏེ། ཇི་སྐད་དུ། གང་དག་རབ་ཏུ་བྱུང་ཡང་དངོས་པོ་ཀུན་ལས་ངེས་མ་བྱུང། །གང ་དག་ངུར་སྨིག་བགོས་ཀྱང་སེམས་ཀྱི་སྐྱོན་མ་སྤངས། །གང་དག་ལྷུང་བཟེད་ཐོགས་ཀྱང་ཡོན་ཏན་སྣོད་མ་གྱུར། །རྟགས་འཛིན་བྱེད་ཀྱང་ཁྱིམ་བ་མ་ཡིན་དགེ་སློང་མིན། །ཆད་བ་མེད་པ་མེད་པའི་སྤྲིན་བཞིན་ཆུ་མེད་ཁྲོན་པ་བཞིན་དུ་དང། །ལོ་རྟོག་ཉམས་པ་བཞིན་དང་མྱུ་གུ་མི ་འབྱུང་ས་བོན་བཞིན། དགེ་སློང་ཉམས་པའི་དགེ་སློང་དེ་འདྲ་བདེ་གཤེགས་གསུང། །རི་མོའི་མར་མེ་བཞིན་དུ་དེ་ནི་ཡོད་མིན་མེད་མ་ཡིན། ཞེས་བྱ་བས་གང་དག་རྟགས་བླངས་པ་ཙམ་གྱིས་དྲེགས་པར་ཅིའི་ཕྱིར་བྱ་སྟེ། རབ་ཏུ་བྱུང་བའི་རྟགས་བླངས་པའི་དོན་ཚུལ ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་པའི་ཉན་ཐོས་དང་?་སངས་རྒྱས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་དང། ཤིན་ཏུ་དབུལ་པོར་གྱུར་པ་དང། ནོར་ཆེན་པོ་དང་ལྡན་པ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་བ་སྟེ། དེ་དག་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ ་ནས་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བའི་རྩ་བ་བསགས་པས་ལེགས་པར་གདམས་པ་དང། ཐེག་པ་ཆེན་པོའི་གཞིར་གྱུར་པའི་བཞོན་པ་ཆེན་པོ་ཅན་གྱི་དེང་དཔོན?་ཆེན་པོ་བཞིན་དུ་སྐྱེ་བོའི་ཚོགས་མང་པོ་དང་ཐུན་མོང་དུ་གྱུར་པའི་ནོར?་ཅན་ནི་སྐྱེས་བུ་དབུལ་པོ ་ལེ་ལོ་ཅན་ལྟ་བུའི་ཉན་ཐོས་རྣམས་དང་ཡང་མཆུངས་པ་མ་ཡིན་ན་རྟགས་ཙམ་དང་ལྡན་པའི་རྨོངས་པ་གཞན་དག་དང་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་ཡོན་ཏན་དང་ལྡན་པའི་ཁྱིམ་པ་རྣམས་ནི་ཡོན་ཏན་གྱིས་དབུལ་བར་གྱུར་པའི་རབ? ་ཏུ་བྱུང་བ་དག་གི་ཕྱག་བྱ་བ་ཁོ་ན་ཡིན་ཏེ། སྡེ་པ་བཅོ་བརྒྱད་ཕལ་ཆེན་གྱི་གཞུང་ལས་ཀྱང། བྱང་ཆུབ་སེམས་དཔའ་ལ་ཕྱག་བྱ་བར་རབ་ཏུ་གྲགས་ཏེ། ཅི་ལྟར་དགེ་སློང་ཕལ་ཆེན་སྡེའི་ནང་ཚན་དོན་གྲུབ་པ་རྣམས་རིག་པ་འཛིན་པའི་སྡེ་སྣོད་འདོན་བ་ན་དགེ་སློང་དག ་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ནི་བྱམས་པ་འདི་ལ་དད་བས་གང་བྱམས་པ་ལ་མངོན་པར་ཕྱག་བྱེད་པ་དེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ལ་ཕྱག་བྱས་པ་དང་མཆོད་པ་བྱས་བར་འགྱུར་རོ། །ང་གང་དག་གི ་སྟོན་པ་ཡིན་པ་དང། གང་དག་གི་མཆོད་གནས་བླ་ན་མེད་པ་ཡིན་བ་དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ལ་ཡང་ཕྱག་བྱ་བ་དང་མཆོད་པ་བྱ་བ་ཡང་ཡིན་ནོ། །དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་དང། ་འཁོར་བཞི་པོ་ཐམས་ཅད་ཀྱིས་ཀྱང་རྒྱལ་ཚབ་བྱམས་པ་འདི་ལ་ཡང་ཕྱག་བྱའོ། །ཞེས་བྱ་བའི་བཅོམ་ལྡན་འདས་ཀྱིས་བཀའ་ཐོས་ནས་དགྲ་བཅོམ་པ་སྟོང་ཉིས་བརྒྱ་ལྔ་བཅུས་དུས་གཅིག་དང་དབྱངས་གཅིག་གིས་འདི་སྐད་ཅེས་རྒྱལ་ཚབ་དུ ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཅག་སོ་སོ་ནས་ཕྱག་བགྱིའོ། །ལྷ་སྦས་དང་ལམ་སྦས་ན་གནས་པ་དེ་དག་ལ་ཡང་ཕྱག་བགྱིའོ་ཞེས་བྱ་བ་དང། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་རབ་འབྱོར་ལ་འདི ་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་གང་དེ་བཞིན་གཤེགས་པས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཞིག་མཁྱེན་བ་དེ་ཁྱོད་ཀྱིས་ཤེས་སམ་རྟོགས་སམ། མཐོང་དམ་དེ་དག་དང་མཐུན་པར་གཏམ་བརྗོད་པར་བྱེད་ནུས་སམ་སྨྲས་པ། ་འཇམ་དཔལ་དེ་ནི་མ་ཡིན་ནོ། །གནས་བརྟན་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ཤིང་གནས་ན་སེམས་ཅན་ཐམས་ཅད་ལྟ་བ་དང། སེམས་ཅན་གི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལྟ་བར་བྱེད་པ་དང། ཤེས་པར་གྱུར་ནས་ཇི་ལྟར་འོས་པ་བཞིན་དུ་ཆོས་སྟོན་པར་འགྱུར་བའི་ཏིང་ངེ ་འཛིན་དེ་ལ་ཁྱོད་མཉམ་བར་འཇོག་ནུས་སམ་སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །དེ་ནས་ཡང་གནས་བརྟན་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཡང་བྱང་ཆུབ་སེམས་དཔའ་འགའ་ཞིག་སེམས་ཅན་གྱི་སྤྱོད་པ ་བརྒྱད་ཁྲི་བཞི་སྟོང་ཤེས་པ་དང། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་རྗེས་སུ་མཐུན་པར་ཆོས་སྟོན་པར་བྱེད་པ་འགའ་ཞིག་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། གནས་བརྟན་རབ་འབྱོར་བཅོམ་ལྡན་འདས་ལ་ཞུས་ཤིག་།བཅོམ་ལྡན་འདས་ཀྱིས་སྟོན ་བར་འགྱུར་རོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡང་དག་པར་འཚལ་ཞིང། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་མཐུན་པར་ཆོས ་སྟོན་བར་བགྱིད་པ་འགའ་ཞིག་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མཉམ་པར་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིན་དེ་ཐོབ་པར་གྱུར ་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ནི་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡང་དག་པར་ཤེས་ཤིང་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་མཐུན་པར་ཆོས་སྟོན་པར་ཡང་བྱེད། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མ་ཡིན་པ་ཐམས་ཅད་ཀྱང ་ཤེས་པར་གྱུར་བ་ཡང་ཡོད་དོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་མཚར་དུ་བགྱི་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་རྨད་དུ ་བྱུང་བའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ལགས་པ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལགས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མ་མཆིས་པའི་རྫུ་འཕྲུལ་བྱང་ཆུབ་སེམས་དཔའ་ ་རྣམས་ལ་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བགྱིའོ། །ཞེས་འཕགས་པ་དགེ་འདུན་ཕལ?་ཆེན་སྡེའི་ཤར་གྱི་རི་བོ་ལ་གནས་པ་གང་དག་ལ་ལས་ཀྱི་ཡུལ་འཁོར་ན་གནས་པ་ཞེས་ཀྱང་བྱ་བ་རྣམས་ཀྱི་བྱང་ཆུབ་སེམS ་དཔའ་ཨི་སྡེ་སྣོད་ལས་འབྱུང་ངོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུ་ཅིའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་ ་དྲ་བ་ཅན་གྱི་འོག་ཁ་དོག་གཅིག་པ་སྟེ། དེའི་འཁོར་ཡང་འདི་ལྟར་གསེར་གྱི་ཁ་དོག་ཏུ་འགྱུར་རོ། །དེའི་འཁོར་རྣམས་ཀྱི་མོས་པ་དང་གཅིག་ཏུ་འགྱུར་ཏེ། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་མོས་པར་འགྱུར་རོ། །དེར་ཉན་ཐོས་དང་རང་སངས་རྒྱས་ནི་མིང་ཡང་མེད་པར ་འགྱུར་གྱི། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཆེན་པོ་དང་ལྡན་པའི་སངས་རྒྱས་སུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་མཚར་དུ་བགྱི ་བའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་རྨད་དུ་བྱུང་བའོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ལགས་པ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ལགས་སོ། །ཉན་ཐོས་དང་རང་སངས ་རྒྱས་ལ་མ་མཆིས་པའི་རྫུ་འཕྲུལ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བགྱིའོ། །ཞེས་བྱ་བ་འཕགས་པ་དགེ་འདུན་ཕལ་ཆེན་སྡེའི་ནུབ་ཀྱི་རི་བོ་ལ་གནས ་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་འདོན་ཏོ། །སྟོབས་དང་མངོན་ཤེས་དབང་ཐོབ་པ། །ཐུབ་བ་ཉིད་མ་རྣལ་འབྱོར་བ། །ཀུན་ཏུ་བཟང་ལ་སོགས་པ་ནི། །ས་བཅུ་པོ་ལ་གནས་བཅས་ནས། །ཁམས་གསུམ་སྨྲ་བའི་རྟག་གྱུར་པ། །སྨྲ་བ་ཐམས་ཅད་ཕམ་མཛད་བ། །གང་དག ་ཉན་ཐོས་རང་སངས་རྒྱས། །རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། །ཆོས་དེ་སེམས་ཅན་རྣམས་ལ་ནི། །ཆོས་གསུང་ལྡན་པ་སྟོན་པར་མཛད། །ཅེས་བཅོམ་ལྡན་འདས་ལ་གསོལ་བ་དང། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ་སངས་རྒྱས་སྐྱོབ་པ་གང་རྣམས་ཀྱི། །ཆོས་ལྟ་བཅོམ་ལྡན་ཤིན་ཏུ་རིང། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང། །བདག་གིར་གྱུར་པ་མ་ལགས་སོ། །བཅོམ་ལྡན་དེ་སླད་བདག་ཅག་ནི། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །ཀུན་ལ་ཐལ་སྦྱོར་དངོས་ཀུན་གྱིས། །ལེགས ་བར་བཏུད་ནས་ཕྱག་བགྱིའོ། །ཞེས་དགེ་འདུན་ཕལ་ཆེན་སྡེ་པའི་བཟང་པོའི་ལམ་པ་ཕོ་བྲང་དཔལ་ཡོན་ཅན་ནི་གནས་པ་རྣམས་ཀྱིས་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་འདོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུའི་གསང་བ་གང་དག་ཡིན་པ་དང། གསུང་གི ་གསང་བ་གང་དག་ཡིན་པ་དང། ཐུགས་ཀྱི་གསང་བ་གང་དག་ཡིན་པ་དེ་དག་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དྲུག་པ་མ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ལྔ་བརྒྱ་ཙམ་ཡང་ཉན་ཐོས་དང་རང་སངས་རྒྱས ་རྣམས་ཀྱི་ཡོངས་སུ་ཤེས་པར་མི་ནུས་སོ། །གང་ཡང་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མེད་དེ། ཀུན་དགའ་བོ་དང་མིང་འཛིན་པ་ཙམ་ཞིག་བྱེད་པའི་སེམས་ཅན་དེ་ཐམས་ཅད་ཀྱང་འཇིཌ ་པ་དེ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་དཔའ་བོ་ནི། །མི་འཛིགས་སྙིང་རྗེའི་བདག་ཉིད་ཅན། །སྤྱན་རས་གཟིགས་ཀྱི་དབང ་ཕྱུག་ནི། །ཐུབ་པ་ཆེ་ལ་རབ་ཏུ་འདུད། ཅེས་དགེ་འདུན་ཕལ་ཆེན་སྡེའི་གངས་ཀྱི་རིལ་གནས་པ་རྣམས་ཀྱིས་སྐྱེས་པ་རབ་ཀྱི་སྡེ་སྣོད་ལས་འདོན་ཏོ། །འོད་སྲུངས་ཆེན་པོས་གསོལ་བ། འགྲོ་བའི་མགོན་ཁྱོད་གང་གི་ཚེ། །སེམས་ཅན་ཀུན་ལ་སྨན ་བཞེད་ནས། །སྤྱན་ནི་ཕྱུང་ནས་སྦྱིན་མཛད་པ། །དེ་ཚེའི་ཕྱག་འོས་དེ་ཕྱག་བགྱིད། །གང་གི་འཕྲིན་ལས་རྟོགས་བརྗོད་པ། །སྐུ་ཚེ་སྔ་མའི་ཐོས་གྱུར་གང། །མགོན་པོ་ཐུབ་པ་ཆེན་པོ་ཡི། །སྐྱེས་པའི་རབས་ལ་ཕྱག་བགྱིའོ། །གང་ཚེ་དགའ་ལྡན་གཙོར་གྱུར་དང། །ཤཱཀྱའི ་རིགས་སུ་འཁྲུངས་པ་དང། །གང་ཚེ་ཁྱོད་ནི་རྫོགས་སངས་རྒྱས། །ཐུབ་པ་ཁྱོད་ཀྱི་དེ་དག་འདུད། །ཅེས་འཕགས་པ་དགེ་འདུན་ཕལ་ཆེན་གྱི་མདོ་སྡེའི་སྡེ་སྣོད་ལས་འདོན་ཏོ། །འཇིག་རྟེན་འདས་བ་ཞི་བ་དང། །དོན་གྲུབ་པ་དང་རི་གཉིས་གནས། །བཟང་པོའི་ལམ་པའི་གངS? ་རི?་པ། །དགེ་འདུན་ཕལ་ཆེན་རྩ་བའི་དྲུག་།དེ་རྣམས་ཀྱི་ཡིན་ནོ། །སངས་རྒྱས་སྲས་པོ་བྱང་ཆུབ་སེམས་།འཇིག་རྟེན་ཀུན་གྱིས་ཕྱག་བགྱིའོ། །ཤེས་རབ་དཔག་ཏུ་མེད་པ་དང། །ཚུལ་ཁྲིམས་ཤེས་རབ་རྣམ་གྲོལ་བ་དག་།གོ་ཆ་ཆེན་པའི་གོ་བགོས་ནས། །བསམ་གྱིས ་མི་ཁྱབ་དབང་ཐོབ་ཅིང། །ཕ་རོལ་ཕྱིན་བཅུ་རྫོགས་གྱུར་ནས། །སངས་རྒྱས་ཆོས་རྣམས་མངོན་གྱུར་པ། །འཇིག་རྟེན་ཀུན་གྱི་མཆོད་རྟེན་ལ། །འཇིག་རྟེན་ཀུན་གྱི་ཕྱག་བགྱིའོ། །ཤེས་རབ་ཚུལ་ཁྲིམས་ཏིང་འཛིན་གྱིས། །དེ་དང་མཉམ་པའི་དགེ་འདུན་མེད། །འཇིག ་རྟེན་ཀུན་གྱིས་ཕྱག་བགྱིས་པ། །སངས་རྒྱས་ཀུན་མཁྱེན་མ་རྟོགས་པའི། །ལྷ་དང་བཅས་པའི་འཇིག་རྟེན་ནི། །འགས་ཀྱང་ཕྱག་མི་བྱ་བ་མིན། །ཞེས་འཕགས་པ་གནས་བརྟན་པ་འཇིགས་མེད་རི་ལ་གནས་པ་རྣམས་ཀྱི་སངས་རྒྱས་ཀྱི་རིགས་ཁྲི་ཉིས་སྟོང ་ལས་འདོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་མཐོང་བས། །བཅོམ་ལྡན་འདས་ལ་སེམས་ཤིན་ཏུ་དང་བར་གྱུར་ནས། །བཅོམ་ལྡན་འདས་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་ཕྱག་འཚལ་ཏེ། ཚིགས་སུ ་བཅད་པས་མངོན་པར་བསྟོད་པ། །བག་ཆགས་བཅས་པའི་སྐྱོན་ལས་རྒྱལ། །མུ་སྟེགས་མ་ལུས་ཀུན་ལས་རྒྱལ། །ཆོ་འཕྲུལ་བསྟན་པས་ལྷ་རྣམས་ཀྱི། །འཇིག་རྟེན་འོག་མིན་མཐར་ཐུགས་མཛེས། །འཇིག་རྟེན་ཕྲ་རབ་རྡུལ་སྙེད་ཀྱིས། །དཔའ་བོ་ཆེ་ལ་ཕྱག་འཚལ་ལོ། །བྱང་ཆུབ ་སེམས་བསྐྱེད་ལས་བརྩམས་ནས། །དྲང་སྲོང་ཆེ་ལ་བདག་ཕྱག་འཚལ། །བྱང་ཆུབ་ཀྱི་སེམས་བསྐྱེད་པར་མཛད་པ་དེ་ལ་ཡང་ཕྱག་འཚལ་ལོ། །མངོན་པར་རྫོགས་པར་སངས་རྒྱས་དེ་ལ་ཡང་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལ་བསྐོར་བར་མཛད་པ་དེ་ལ་ཡང་ཕྱག་བགྱིད་དོ། ་བསིལ་བར་གྱུར་བ་ལ་ཡང་ཕྱག་འཚལ་ལོ། །ཞེས་རྟག་པར་སྨྲ་བའི་མང་དུ་ཐོས་པ་པ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདོན་ཏོ། །དེ་ནས་ཚེ་དང་ལྡན་པ་གང་པོས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དེ་མཐོང་བས་བཅོམ་ལྡན་འདས་ལ་སེམས་ཤིན་ཏུ་དད་པ ་གྱུར་ནས་འདི་སྐད་ཅེས་གསོལ་ཏེ། །མགོན་པོ་ཁྱོད་ནི་བྱང་ཆུབ་སེམས་དཔར་གྱུར་པས་ཆོ་འཕྲུལ་བརྒྱ་སྟོང་མཛད་པ་དེ་ལ་ཡང་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔར་གྱུར་པའི་སྐྱེ་བ་རྣམས་ཆོ་འཕྲུལ་བརྒྱ་སྟོང་གི་འབྱུང་གནས་སུ་གྱུར་པ་ལ་ཡང་ཕྱག་འཚལ་ལོ། །མགོན་པོ ་ཁྱོད་གཤེགས་པ་ན་ཡང་ཕྱག་འཚལ་ལོ། །མགོན་པོ་ཁྱོད་བཞུགས་པ་ན་ཡང་ཕྱག་འཚལ་ལོ། །མགོན་པོ་ཁྱོད་སྐུ་གཡོ་བ་ན་ཡང་ཕྱག་འཚལ་ལོ། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །སངས་རྒྱས་མཛད་པ་ཐམས་ཅད་ཀྱིས། །སེམས་ཅན་ཀུན་ལ་སྨན་མཛད་པ། །ཕྱག་འོས ་ཕྱག་བགྱི་ཁྱོད་ཕྱག་འཚལ། ཞེས་འཕགས་པ་མཆོད་རྟེན་པའི་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདོན་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུངས་གཞོན་ནུས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་མཐོང་ནས། སེམས་ཤིན་ཏུ་དང་བར་གྱུར་པས། བཅོམ་ལྡན་འདས་ལ་ཐལ་མོ ་སྦྱར་བས་ཕྱག་འཚལ་ནས་།ཚིགས་སུ་བཅད་པས་བཅོམ་ལྡན་འདས་ལ་བསྟོད་པ། དགའ་ལྡན་གནས་ནས་འཕོ་བ་དང། །ལྷུམས་སུ་འཇུག་པར་མཛད་པ་དང། །བལྟམས་དང་བལྟམས་པར་གྱུར་པ་ན། །ཆོ་འཕྲུལ་དག་ནི་སྟོན་མཛད་པ། །ཕྱག་འོས་ཀུན་གྱིས་ཕྱག ་བགྱིས་པ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཟག་མེད་དྲང་སྲོང་གྱུར་པ་ཡི། །ལམ་མཁན་དེད་དཔོན་མཆོག་གྱུར་དང། །སྐྱེ་བ་སྤངས་པ་ཡང་སྲིད་མེད། །རྒལ་ནས་དགོན་པ་ལས་སྒྲོལ་བ། །ཆོ་འཕྲུལ་བཅས་པའི་སྟོན་མཛད་པ། །བྱང་ཆུབ ་སེམས་དཔའ་ལ་ཕྱག་འཚལ། །འོད་སྲུངས་ཆེན་པོས་གསོལ་པ། །དཔའ་བོ་ཞབས་ནི་བརྐྱང་མཛད་ཅིང། །ད་ལྟར་འཇིག་མེད་ཕྱག་འཚལ་ལོ། །མགོན་ཁྱོད་བལྟམས་པ་ལ་ཕྱག་འཚལ། །བླ་མེད་རྫོགས་པར་བྱང་ཆུབ་དང། །ཆོས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཐུབ ་པ་མྱ་ངན་འདས་པ་དང། །སྐྱེས་བའི་རབས་ནི་ཐམས་ཅད་དང། །སྐུ་གདུད་བཞུགས་པ་ཐམས་ཅད་དེ། །མགོན་པོ་ཀུན་ལ་ཕྱག་འཚལ་ལོ། །ཞེས་འཕགས་པ་བ་ལང་གནས་ཆེན་པོ་མཆོད་རྟེན་པ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདོན་ཏོ། །འཕགས ་པ་ཤཱ་རིའི་བུས་གསོལ་པ། གང་ནས་བཟུང་སྟེ་ཐུབ་པ་ཁྱོད། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་པ། །དེ་ནས་བཟུང་སྟེ་སྤྱི་བོས་བདག། མི་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་བདེ་དོན་ཀུན་འདྲེན་པ། །བྱང་ཆུབ་བརྙེས་པའི་མུན་མཁྱེན་ལ། །ལག་གཉིས་སྤྱི ་བོར་ཐལ་སྦྱར་ནས། །བརྒྱ་ཕྲག་མང་པོར་བདག་ཕྱག་འཚལ། །གང་ཚེ་དོན་འདོད་པ་ལ་དོན། །ཉིད་ཀྱི་ཤ་ཡང་སྩལ་བར་མཛད་པ། །དེ་ཚེ་ཉིད་དུ་ཕྱག་འོས་ནི། །ཀུན་གཅོ་མཆོད་ནས་མདའ་བདག་གྱུར། །མངོན་ཤེས་དྲུག་པ་མངོན་ཤེས་ཆེ། །རྐྱེན་རྒྱལ་གཙོ་བོ་རྣམS ་ཀྱིས་ཀྱང། །དེ་ཚེ་གཙོ་བོར་གྱུར་བ་ཁྱོད། །ཕྱག་དང་མཆོད་པ་བྱས་པ་ཡིན། ཞེས་འཕགས་པ་འོད་སྲུངས་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་ལས་འདོན་པར་བྱེད་དོ། །ཚེ་དང་ལྡན་པ་རེ་བ་ཏིས་གསོལ་བ། དཔའ་ཆེན་ཁྱོད་ཀྱི་སྦྱོད་པ་ནི་ཐམས་ཅད་ལ་ཡང་བདག་ཕྱག་འཚལ ་ཁམས་གསུམ་ཕྱག་འོས་ཕྱག་བགྱིས་པའི། །སྐྱེས་བའི་རབས་ལ་བདག་ཕྱག་འཚལ། ཞེས་འཕགས་པ་གོས་དམར་པོའི་སངས་རྒྱས་ཀྱིས་གསུངས་པ་ལ་འདོན་པར་བྱེད་དོ། །སེ་དང་ལྡན་པ་ཀུན་དགའ་བོས་གསོལ་བ། འོད་ཟེར་མཛེས་བའི་ཁ་དོག་གིས ་དགའ་ལྡན་གནས་ནི་སྣང་མཛད་ནས། །བྱང་ཆུབ་སེམས་དཔའ་འདིར་གཤེགས་པ། །ཤཱཀྱ་ཐུབ་ལ་བདག་ཕྱག་འཚལ། །ཤཱཀ་རིགས་གཞོན་ནུར་འཁྲུངས་པ་ལ། །གང་འདི་རྒྱན་གྱིས་བརྒྱན་པའི་གཙོ། །དྲན་དང་ཤེས་བཞིན་གྱིས་བསྡམས་པའི།། ཤཱཀྱ་ཐུབ ་ལ་ཕྱག་འཚལ་ལོ། །གང་ཞིག་ཛམྦུའི་གྲིབ་མ་ལ། །བཞུགས་ཚེ་ཉི་མ་ཡོ་ལ་གྱུར་ཀྱང། །མཉམ་མེད་གྲིབ་མས་མ་བཏང་བ། །ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ། །ཞེས་འཕགས་པ་མང་བོས་བཀུར་བ་ཀུ་རུ་ཀུ་ལའི་གནས་པ་རྣམས་ཀྱིས་འདོན་བར་བྱད་དོ། །ཚེ་དང་ལྡན ་བ་རབ་འབྱོར་གྱིས་གསོལ་བ། ཚོགས་ནི་ཡོངས་སུ་རྫོགས་པ་ལས། །ཤཱཀྱའི་རྒྱལ་རིགས་འཁྲུངས་པ་ལ། །ལྷ་མིའི་ཚོགས་ཀྱི་མཚོད་གྱུར་པ། ཕྱག་འོས་དེ་ལའང་ཕྱག་བགྱིའོ། །བྱང་ཆུབ་ཤིང་གི་རྩར་བཞུགས་ནས། །སྡེར་བཅས་བདུད་ལས་རྒྱལ་བཅས་ཏེ། ་གང་ཆོ་ཀུན་མཁྱེན་ཉིད་གྱུར་བ། །དེའི་ཆེ་ཕྱག་འོས་དེས་ཕྱག་བགྱེ། །བཱ་ར་ནི་སེའི་དྲང་སྲོང་ཚལ། །བདུད་རྩིའི་གོ་འཕང་མཁྱེན་གྱུར་ནས། །བདུད་རྩིའི་འཁོར་ལོ་བསྐོར་མཛད་པ། །དེའི་ཚེ་ཕྱག་འོས་དེ་ཕྱག་བགྱི། །ཞེས་འཕགས་པ་ས་སྟོན་པ་རྣམས་ཀྱི་ཚམས་བརྒྱད ་བ་ལས་འདོན་པར་བྱེད་དོ། །ཚེ་དང་ལྡན་པ་ནག་པོ་འཆར་ཀས་གསོལ་བ། །སེམས་ཅན་ཀུན་ལ་སྨན་སླད་དུ། །སྤྱི་གཙུག་ནོར་ལྡན་པ་ཡི་དབུ། །གང་ཆེ་ཁྱོད་ཀྱི་སྔོན་བཏང་བ། །དེ་ཚེའི་གཙོ་བོ་དེ་ཕྱག་བགྱི། ཞེས་འཕགས་པ་རྣམ་པར་ཕྱེ་སྟེ་སྨྲ་བ་རྣམས་ཀྱི་སངས ་རྒྱས་ཀྱིས་གསུངས་པ་ལས་འདོན་བར་བྱེད་དོ། །གང་ཆེ་མར་མེ་མཛད་ཀྱིས་ནི། །ང་ནི་ལུང་བསྟན་གྱུར་ད་ཚི། །ས་བརྒྱད་པ་ནི་ངས་ཐོབ་ཅིང། །དབང་བཅུ་དག་ཀྱང་ཐོབ་གྱུར་ལ། །འཇི་རྟེན་མགོན་གྱིས་མངོན་སུམ་དུ། །ང་ལུད་བསྟན་པར་གྱུར་ཐོས་ནས། །ལྷ་དང་བཅས ་པའི་འཇིག་རྟེན་གྱིས། །གུས་བཅས་དེ་ལ་ཕྱག་ཀྱང་བགྱིས། །ང་ཡི་རལ་པའི་ཕུང་པོ་ལས། །སངས་རྒྱས་ཞབས་ཀྱི་མནན་མཛད་དེ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས། །ཕྱག་འོས་འདི་ལ་ཕྱག་གྱིས་ཤིག་།སྤུན་ཟླ་ས་གཉིས་གནས་པ་དང། །སངས་རྒྱས་ཀུན ་མཁྱེན་མ་གཏོགས་པ། །འདི་ལ་ཕྱག་བྱེད་རིགས་མིན་པ། །འཇིག་རྟེན་འདི་ན་འགའ་མེད་གསུང་ཞེ་འཕཌ་པ་ཆོས་བས?་པ་རྣཾས་ཀྱི་ཆོས་ཀྱི་རྐང་པ་ལས་འདོན?་པར་བྱེད་དོ། །ཚེ་དང་ལྡན་པ་ཀུན་དགའ་པོས་གསོལ་པ། གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ ་གྱུར་པས་དགའ་ལྡན་གྱི་གནས་ནས་འཕོས་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པ་བཞིན་དུ་ཡུཾ་གྱི་ལྷུམས་སུ་ཞུགས་པ་དེ་ཡང་བཅོམ་ལྡན་འདས་བདག་གིས་ངོ་མཚར་མེད?་དུ་བྱུང་བའི་ཆོས་སུ་འཛིན་ལགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་དགའ་ལྡན་གནས་འཕོས་ནས། ་དྲན་ལྡན་ཤེས་བཞིན་ལྡན་པར་ན། །ཡུམ་གྱི་ལྷུམ་སུ་གཤེགས་པ་དང། །ལྷུམས་གནས་དེ་ལ་བདག་ཕྱག་འཚལ་།གང་གི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་པར་གྱུར་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འོད་ཀྱིས་གསལ་བར ་མཛད་པ་དང་ལྡན་པ་དེ་ཡང་བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སུ་འཛིན་ལགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཡང་བལྟམས་ཚེ་སྟོང་གསུམ་འདི། །འོད་ཀྱིས་གསལ་བར་མཛད་དང་ལྡན། །ཉི་མ་བྱེ་བ་མཚུངས ་པ་ཡི། །བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །གང་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བལྟམས་མ་ཐུག་ཏུ་གོམ་པ་བདུན་དུ་གཤེགས་པ་འདི་ཡང་བདག་གིས་བྱང་ཆུབ་སེམས་དཔའ་ཨི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སུ་འཛིན་ཏོ། །དེ་ལ་འདི་སྐད ་ཅེས་བྱ་སྟེ། བལྟམས་མ་ཐག་ཏུ་གོམ་པ་བདུན། །པདྨ་ལ་ནི་གནས་པ་དང། །བ་ལང་རོལ་པ་ལྟར་གཤེགས་པ། །གཏམ་ལ་ཕྱག་འཚལ། ཞེས་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་ཆོས་རྨད་དུ་བྱུང་བ་ལས་འདོན་ཏོ། །དེ་ལྟར་ན་སྡེ་པ་བཅོ་བརྒྱད་ཀྱི་གཞུང ་ལས་དང་པོ་སེམས་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་བར་གྲུབ་པས་ཐེག་པ་ཆེན་པོ་སྔ་པས་ཅོ་བརྒྱད་ཀྱི་ཁོངས་སུ་གཏོགས་པ་ཡིན་པར་རིག་པར་བྱའོ། །ཅི་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་ཁྱིམ་པ་ཀུན་ལ་རབ ་ཏུ་བྱུང་བས་ཕྱག་བྱ་བ་ཡན་ནམ་ཞེ་ན་ཡིན་པར་བརྗོད་པར་བྱ་སྟེ། གང་དག་ས་ལ་ཞུགས་པ་དང། ལུང་བསྟན་པ་ཐོབ་པ་ཡིན་པར་ཐོས་པ་དེ་དག་ནི་གང་དག་རི་བོང་དང་ངང་བའི་རྒྱལ་པོ་ལ་སོགས་པ་དུད་འགྲོར་གྱུར་པ་ལ་ཡང་ཕྱག་བྱ་བ་ཡིན་ན་མི་ལ་སོགས་པར ་གྱུར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། །གང་ཡང་དག་སློང་གིས་ཕྱག་བྱ་བ་ནི་གཉིས་ཏེ། སངས་རྒྱས་དང་དགེ་སློང་རྒན་པའོ། །ཞེས་བྱ་བ་དེ་ལ་ཡང་སངས་རྒྱས་ཀྱི་ནི་གཉིས་ལ་ཕྱག་བྱ་བ་ཡིན་ཏེ། བསོད་ནམས་ཀྱེ་ཚོགས་ཀྱི་བདག་ཉིད་ཀྱི་ཡོན་ཏན་དང་ཡེ་ཤེས་ཀྱི་ཚོཌ ་ཀྱིས་བདག་ཉིད་ཀྱིས་རྟོགས་པའོ། །གང་དེ་དག་གཉི་གའི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། འཕགས་བ་བློ་གྲོས་མི་ཟད་པས་བསྟན་བའི་མདོ་ལས། དེ་བཞིན་གཤེགས་བའི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་སོགས་པ་དང། སྦྱིན་པ་ལ་སོགས་པ་དེ་རྣམས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་དེ་དག་ནི་མི་ཟད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་བསོད་ནམས་གང། །གལ་ཏེ་དེ་ནི ་གཟུགས་ཅན་གྱུར། །ནམ་མཁའ་ཨི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། ཞེས་བྱ་བ་ལ་སོགས་པ་ཡང་འབྱུང་ངོ། །དེ་ཁོ་ན་ཉིད་རྟོག་པ་མེད་དུ་ཟིན་ཀྱང་དེའི་རྟེན་བྱང་ཆུབ་ཀྱི་སེམས་བརྟན་པར་ཡོད་ན་ཕྱག་བྱ་བ་ཁོ་ན་ཡིན་ནོ། །མངོན་པར་རྟོག་པ་ཡང་ས་དང ་པོ་ལ་ནི་སྒྲའི་རྗེས་སུ་འགྲོ་བའི་བཟོད་པའོ། །དྲུག་པ་ལ་ནི་རྗེས་སུ་མཐུན་པའོ། །བརྒྱད་པ་ལ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཞེས་བྱ་བའོ། །མངོན་པར་རྟོག་པའི་མཐུན་འཇིག་རྟེན་གྱི་ཁམས་བརྒྱ་སྙེད?་རྫུ་འཕྲུལ་གྱིས་གཡོ་བ་དང། སྣང་བ་དང། གཤེགས་པ་དང། ་བསྐལ་པ་བརྒྱར་གནས་པ་དང། སྔོན་གྱི་མཛའ་དང། ཕྱི་མའི་མཛའ་ལ་འཇུག་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པ་དང། ཐུན་མོང་མ་ཡིན་པ་ཡིན་པས་དང་པོ་སེམས་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས ་དཔའ་གང་ཡང་ཕྱག་མི་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དང་འགལ་བཅི་ཡོད་།སངས་རྒྱས་ལ་ཕྱག་བྱེད་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ཕྱག་བྱ་སྟེ། རྒྱུད་ཐ་དད?་པ་མ་ཡིན་པའི་ཕྱིར་ནྱ་གྲོའི་མྱུ་གུ་དང་།ཆེན་པོར་གྱུར་པ་ལྟ་བུ་འམ། འཁོར ་ལོས་སྒྱུར་བའི་བུ་ལ་ཕྱག་བྱེད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ལས་སངས་རྒྱས། །རྫོགས་སངས་རྒྱས་ལས་ཆོས་ཡིན་ཏེ། ཆོས་ལས་འཕགས་པའི་ཚོགས་འབྱུང་ངོ། །དེ་ལས་དཀོན་མཆོག་གསུམ་འབྱུང་ཕྱིར། །བྱང་ཆུབ་སེམས་དཔའ་ལ་གང་སྡད།། ་དེ་ནི་དཀོན་མཆོག་གསུམ་ལ་སྡང། །དཀོན་མཆོག་གསུམ་པོ་གང་སྤོང་བ། །དགེ་སློང་མེད་ཅིང་སྡོམ་པ་མེད། །མ་གོལ་ལ་སོགས་བ་བསྟོད་བ་བྱེད་འཕལ?་ཆེར་གྱིས་ཀྱང། བཅོམ་ལྡན་འདས་ཀྱི་སྐུ་ཆེ་སྔ་མ་རྣམས་ཀྱི་མཛད་སྤྱོད་ལ་མངོན་པར་བསྟོད་བ། ཡང ་དག། རྫོགས་པའི་བྱང་ཆུབ་རྒྱུ། །སེམས་ནི་རིན་ཆེན་དེ་ཉིད་ཀྱང། །དཔའ་བོ་ཁྱོད་ཀྱིས་སྙིང་པོར་མཁྱེན། །དེ་ལས་གཞན་པས་རིང་བར་གྱུར། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཏེ་གང་གི་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས ་མཛད་ཐུགས་རྗེ་ཆེ་ལ་བགྱི། ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་བ་ལས་ཀྱང་དེ་བཞིན་གཤེགས་པའི་སྔོན་གྱི་སྦྱོར་བའི་ཡོན་ཏན་རྗེས་སུ་དྲན་པ་ལས་གསུངས་ཏེ། སྔོན་གྱི་སྦྱར་གཡང་སེམས་དང་པོ་བསྐྱེད་བ ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་ཨི་སྦྱོད་པའོ། །གལ་ཏེ་ཡང་སྔོན་གྱི་སྦྱོར་བ་རྗེས་སུ་དྲན་པས་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་འགྱུར་བ་ཡིན་ན། སངས་རྒྱས་ལ་ཕྱག་བྱ་བ་ཡིན་ཞིང་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱ་བ་མ་ཡིན་པར་ཇི ་ལྟར་འགྱུར། གང་ཡང་ཐེག་པ་ཆེན་པོ་སྡེ་ཁ་ཅིག་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉན་ཐོས་རྣམས་ལ་བཙུན་པ་ཞེས་བྱ་བ་གུས་པའི་ཚིག་གིས་སྦྱོད་པར་བྱེད་ཅིང་ཕྱག་བྱས་པ་དང། ཉན་ཐོས་རྣམས་ཀྱིས་ཀྱང་དེ་དག་ལ་རིགས་ཀྱི་བུ་ཞེས་བྱ ་བའི་ཚིག་གིས་གཏམ་རྗོད་པར་བྱེད་པ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་བ་ཡིན་ནོ། །འདི་ལྟར་བཟོད་པ་རྟོགས་པར་གྱུར་ཅིང། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཐོབ་པ་སངས་རྒྱས་ཀྱི་སྦྱ?་བར་སྟོན་པར་མཛད་པ་དེ་དག་ནི་དགྲ་བཅོམ་པ་ལ་སོགས ་བ་རྣམས་ཀྱིས་ཀྱང་ཕྱག་བྱ་བ་ཡིན་ནོ། །གལ་ཏེ་དེ་དག་ཉན་ཐོས་ལ་སོགས་པའི་ཕྱག་བྱ་བའི་གནས་མ་ཡིན་ན་ནི། དེ་དག་གིས་སངས་རྒྱས་ཀྱི་སྤྲུལ་པ་ཡང་སྟོན་པར་མི་འགྱུར་ལ། དེ་དག་གི་ཕྱག་བྱ་བ་ཡང་བདག་གིར་བྱེད་པར་མི་འགྱུར་ཏེ། འཕགས་པ་ཉེ་སྤས ་ཀྱིས་བདུང?་ལ་སྨྲས་ནས་སངས་རྒྱས་ཀྱི་སྦྲུལ་པ་བྱས་པ་ལྟ་བུའོ། །ཁྱད་པར་རྟོགས་པར་འདོད་པས་ནི་ཐེག་པ་ཆེན་པོའི་གསུང་རབ་ཟབ་མོ་རྣམས་བལྟ་པར་བྱ་བའི་ཕྱིར་རབ་ཏུ་སྡང་བ་ཙམ་དང་འབྲེལ་བའི་ངན་འགྲོར་འགྲོ་བའི་རྒྱུ་ཚིག་དན་པ་མང་པོ་སྨྲ་བར་བྱ་བ་མ ་ཡིན་ནོ། །གང་ཡང་གང་གཱ?་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་བཟུང་བའི་བསོད་ནམས་དང། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བཟུང་བའི་བསོད་ནམས་མཉམ་པར་གསུངས་པ་དང། གང་ཡང ་དཀོན་མཆོག་བརྩེགས་པའི་མདོ་ལས། ཟླ་བ་ཆོས?་པ་དང་ཉ་བའི་དཔེས་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་དུ་བསྔགས་པར་འབྱུང་བ་ཡང་དེ་ལས་འཕགས་པ་འབྱུང་ཞིང་སྟེང་བ་ཡིན་པའི་ཕྱིར་དང། ཕར་གྱུར་བའི་ཕྱིར་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ ་ལ་སོགས་པས་དང་པོའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་ཕྱིར་དང། བྱང་ཆུབ་ཀྱི་ས་བོན་རབ་ཏུ་འབྱུང་བ་ཡིན་པའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །ནམ་མཁའ་མཛོད་ཀྱི་སྨོན་ལམ་ལ་སོགས་པ་ཡང་ཚིག་ཙམ་མ་ཡིན་ཏེ། འབྲས་བུ་མཐོང་བའི ་ཕྱིར་རོ་ད་ལྟར་ཅིའི་ཕྱིར། མཐོང་བར་མ་གྱུར་ཅེ་ན། དགེ་བའི་རྩ་བ་དབུལ་བར་གྱུར་པའི་རྒྱུད་ལ། འབྲས་བུ་ཡོད་བཞིན་དུ་ཡང་བར་དུ་ཉམས་པར་འགྱུར་པའམ་།ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ཏེ་།གངྒཱའི་ཆུ་གླུང་སྐམས་བ་འམ། རྣག་གམ་མེ་མར ་མུར་དུ་མཐོང་བ་བཞིན་ཏེ། ཇི་ལྟར་ཆུ་བོ་གང་གཱའི་འགྲམ་ན་ཡི་དགས་བརྒྱ་སྟོང་མང་པོ་གནས་པ་རྣམས་བདག་ཉིད་ལ་སྐལ་བ་མེད་པར་གྱུར་པའི་དབང་གིས་གང་གཱའི་ཆུ་ཀླུང་ཡོངས་སུ་སྐམས་པ་འམ། རྣག་གམ་མེ་མར་མུར་དུ་འབར་བ་མཐོང ་བ་བཞིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་ལས་ཡོངས་སུ་བྱུང་བའི་ནོར་གྱི་ཆར་ཕབ་བར་གྱུར་ཀྱང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་གྱི་ཁམས་རྣམས་ལ་འབབ་པར་མི་འགྱུར་ཏེ། ནམ་མཁའ་ཉིད་དུ་མེད་པར་འགྱུར་བ་འམ་།ཐོག་ལ ་སོགས་བའི་ངོ་བོར་གྱུར་ནས་འབབ་པར་འགྱུར་ཏེ། ཇི་ལྟར་ཆུ་འཛིན་དང་བྲལ་བར་གྱུར་བའི་ནམ་མཁའ་ཨི་དཀྱིལ་དུ་འོད་ཟེར་སྟོང་འགྱེད་པའི་ཉི་མ་ཤར་བར་གྱུར་ཀྱང་དམུས་ལོང་གིས་སྔོན་གྱིས་ལས་ཀྱི་དབང་གིས་འོད་ཟེར་གཅིག་ཙམ་ཡང་མཐོང་བར་མི་འགྱུར ་བ་བཞིན་ནོ། དེ་བཞིན་དུ་ནམ་མཁའ་ཨི་དཀྱིལ་ནས་རིན་པོ་ཆེའི་ཕུང་པོ་འབབ་པར་གྱུར་ཀྱང་སྐྱེ་བོ་བསོད་ནམས་ཆུང་བ་དག་གི་སྔོན་གྱི་ལས་ཀྱི་ཉེས་བས་ཅུང་ཟད་ཅིག་ཀྱང་དེའི་ཉེ་བར་ལོང་སྤྱོད་བར་འགྱུར་བ་མ་ཡིན་ནོ། །གལ་ཏེ་རང་གི་ལས་ཀྱི་མཐུ་ཉིད་ཀྱིས ་འབྱོར་པ་དང་རྒུད་བ་དག་ཏུ་འགྱུར་བ་ཡིན་ན་ནི་དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་དག་ལ་ནུས་པ་མེད་པར་གྱུར་པ་ཡིན་ནོ་ཞེ་ན། གཞན་ལ་ཕན་པ་འབྱུང་བ་ནི། །ཚོགས་པ་ལས་འབྱུང་བ་ཡིན་པའི་ཕྱིར་ནུས་པ་མེད་པ་མ་ཡིན་ཏེ། ཇི་ལྟར ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་ཚོགས་པ་ལས་མྱུ་གུ་འབྱུང་གི་རྟེན་ཅིག་མ་ཚང་ན་ཡང་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་གཏོང་བ་དང། སེར་སྣ་སྤངས་པ་དང། འདོད་པ་མེད་པ་མང་དུ་གོམས་པ་དང། མཉམ་པའི་སེམས་དང། འདོད་བ་ལ་སྦྱིན ་པ་རྫོགས་པར་བྱེད་པ་དང། ལན་དུ་ཕན་འདོགས་བ་ལ་རེ་བ་མེད་པ་དང། འབྲས་བུ་ལ་འདོད་པ་མི་བསྐྱེད་པ་དང། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་པའི་སྦྱིན་བས་ནི་ནོར་གྱི་ཆར་པ་འབབ་པ་ལ་སོགས་པ་ཐོབ་པར་འགྱུར་བའི་འབྲས་བུ་རྣམ་པར ་སྨིན་པར་ཡོངས་སུ་འཛིན་ཅིང་གསལ་བར་བྱེད་པ་ཡིན་གྱིས། དེ་ལས་རྐྱེན་གང་ཡང་རུང་གཞིག?་མ་ཚད་ན་འབྱུང་བར་མི་འགྱུར་རོ། །དེ་ལྟ་བས་ན་ནམ་མཁའ་མཛོད་ལ་སོགས་པའི་སྨོན་ལམ་ནི་འབྲས་བུ་དང་བཅས་པ་ཁོ་ན་ཡིན་ནོ། །ཤཱཀྱ་ཐུབ་པ་ཡང་སྤྲུལ་པ་ཁོ་ན་ཡིན་པར་རིགས ་ཏེ། འོག་མིན་གྱི་སྤྱོད་ཡུལ་ཅན་ཆོས་ཀྱི་སྐུ་ལ་བརྟེན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལས་རབ་ཏུ་བྱུང་བ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆོས་དང་ལོང་སྤྱོད་རྫོགས་པའི་སྐུ་དག་ནི་རྣམ་པར་རྟོག་པ་མི་མངའ་བ་ཡིན་ལ། དེ་དག་ལ་རྣམ་པར་རྟོག་པ་མི་མངའ་ན་ཡང་སྤྲུལ་བའི ་སྐུ་ག་ལས་འབྱུང་བར་འགྱུར་ཏེ། མ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན་སྨོན་ལམ་བཏབ་པ་ཡིན་ཏེ། བདག་གིས་རྣམ་པར་མི་རྟོག་པའི་ཆོས་ཉིད་ཐོབ་ནས་སྤྱོད་པ་གང་དག་དང་སྐད་ཀྱི་རྣམ་པ་གང་དག་གིས་སེཾས་ཅན ་རྣམས་འདུལ་བར་འགྱུར་བའི་སྦྱོང་བ་དེ་དག་དང། ཆ་བྱས་དེ་ལྟ་བུ་དང། སྐད་ཀྱི་རྣམ་པ་དེ་དག་གིས་རྣམ་པར་རྟོག་པའི་རྩོལ་བ་མེད་བཞིན་དུ་ཡང་འཇུག་པར་གྱུར་ཅིག་ཅེས་བྱ་བའི་སྔོན་གྱི་སྨོན་ལཾ་གྱི་ཤུག་ཀྱིས། རྩ་བའི་དེ་བཞིན་གཤེགས་པའི་སྐུ་ལས་དགའ་ལྡན་གྱི་གནས ་ན་བཞུགས་པ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་གྱི་སེམས་ཅན་ལ་ཕན་པའི་ཐབས་སུ་གྱུར་པ་རྣམ་འཇིག་བར་འགྱུར་བ་ཡིན་ཏེ། སྤྲུལ་པའི་སྐུ་མེད་པར་ནི་ཛམྦུའི་གླིང་བྱེ་བ་ཕྲག་བརྒྱ་རྣམས་སུ་འཕོ་བ་དང། འཇུག་པ་དང་བལྟམས་པ་དང། བཟོའི་གནས ་བསླབ་པ་བསྟན་པ་དང། བཙུན་མོའི་འཁོར་ན་གནས་བ་དང། མངོན་པར་འབྱུང་བ་དང། བདུད་འདུལ་བ་དང། མངོན་པར་བྱང་ཆུབ་པ་དང་།ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཡོངས་སུ་མྱ་ངན་ལས་འདས་བར་སྟོན་བས་འདུལ་བའི་སེཾས་ཅན་རྣམས་འདུལ་བར་ནུས་པ་མ ་ཡིན་ནོ། །སྡེ་པ་ཐ་དད་ཀྱི་གཞུང་ལས་ཀྱང། སངས་རྒྱས་ཀྱི་སྤྲུལ་པ་སྟོན་བ་ཡོད་དེ། ཇི་ལྟར་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་རྔོན?་པ་གདུལ་བའི་ཕྱིར་རྔོན་པའི་གཟུགས་སུ་སྤྲུལ་པ་དང། མི་དབང་པདྨ་སྐྱེས་བུ་གདུལ་བའི་ཕྱིར་རྒན་པོའི་གཟུགས་སུ་སྤྲུལ་པ་དང། ལྷའི ་མིག་གིས་ཅི་ཞིག་མཐོང་ཞེས་དྲིས་པ་ན་འཕགས་པ་མ་འགགས་བས་སྨྲས་པ་དེ་བཞིན་གཤེགས་པའི་སྤྲུལ་པ་དང་།སྲིད་བ་བར་མའི་སེམས་ཅན་གྲངས་མེད་པ་དག་མཐོང་ངོ་ཞེས་བྱ་བ་ནི་ཇི་ལྟར་སྤྲུལ་པ་དེ་དག་གིས་སེམས་ཅན་རྣམས་འདུལ་བར ་འགྱུར་བ་དེ་ལྟར་སྤྲུལ་ནས་འཇུག་པ་ཡིན་ནོ། །དེ་བཞིན་དུ་ཤཱཀྱ་ཐུབ་པའི་སྤྲུལ་པ་ཡང་འཇུག་བ་ཡིན་ལ། ཡང་དག་བ་ཇི་ལྟ་བ་བཞིན་མ་ཡིན་པའི་སྒྱུ་མ་དང་འདྲ་བ་ཡང་མ་ཡིན་ཞིང། གནས་གཙང་མ་ན་གནས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས ་བྱིན་གྱིས་བརླབས་ཀྱིས་བསྟན་པ་ཡང་མ་ཡིན་ལ། སྤྲུལ་པའི་སངས་རྒྱས་དེ་རྣམས་ཐ་དད་པའི་སངས་རྒྱས་ཀྱང་མ་ཡིན་ཏེ། རྟེན་གཅིག་བའི་ཕྱིར་ཉི་མའི་དཀྱིལ་འཁོར་ལས་རབ་ཏུ་བཀྱེ་བའི་འོད་ཟེར་ལྟ་བུ་འམ། མིའི་བདག་པོ་ལ་བརྟེན་པའི་བྱ་བ་བྱེད་པའི་སྐྱེས ་བུ་མང་པོ་བཞིན་དུ་སྤྲུལ་པ་རྣམས་མང་པོ་ཉིད་ཡིན་ན་ཡང་མཛད་པ་གཅིག་པའི་ཕྱིར་དེ་བཞིན་གཤེགས་པ་ནེ་མང་པོ་ཉིད་མ་ཡིན་པར་འདོད་དེ། ངེས་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་མང་པོ་འབྱུང་བ་ནི་གནས་མེད་ཅིང་སྐབས་མེད་དོ་ཞེས་བྱ་བ ་ངང་ཡང་མི་འགལ་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་དུ་བྱས་ནས་བསྟན་པ་ཡིན་གྱི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནི་མ་ཡིན་པས་སོ། །ཇི་ལྟར་ཆོས་སྦས་པ་རྣམས་ཀྱང། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས ་རྒྱས་རྣམས་ཀྱི་ཉན་ཐོས་དང། །རྫོགས་བའི་སངས་རྒྱས་གྲགས་ལྡན་པའི། །སྐུ་ཀུན་ལ་ཡང་དེ་བཞིན་ཏེ། །རྫོགས་སངས་གང་དུ་བལྟམས་བ་དང། །གང་དུ་བྱང་ཆུབ་ལ་རེག་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།གང་དུ་ཟག་མེད་མྱ་ངན་འདས།། ་གང་དུ་གནས་དང་འཆག་པ་དང། །དེ་བཞིན་གཤེགས་བ་བཞུགས་པ་དང། །སེང་གེ་ལྟ་བུར་གཟིམས་བཤམས་བའི། །གནས་དེ་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ན་བཞུགས་པ་ཡི། །རྒྱལ་པ་བརྟེན་དཀའ་ ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་ཏེ། གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་ལ་བསྟོང་བྱེད་པ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་འདོན་པར་བྱེད་དོ། །ཡང་གནས་བརྟན་ཤཱ་རིའི་བུས་གཞག་པའི་སྐ་རཌ ་གནས་བརྟན་མཽངྒལ་གྱི་བུས་རྫུ་འཕྲུལ་གྱིས་བཏེག་པར་མ་ནུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། མཽངྒལ་གྱི་བུ་ཁྱོད་ནི་རྫུ་འཕྲུལ་ལས་ཉམས་པ་མ་ཡིན་གྱི། འོན་ཀྱང་དགེ་སློང་ཤཱ་རིའི་བུས་རང་གི་ཤེས་རབ་ཀྱི་སྟོབས་བསྐྱེད་བས་དེ་བཞིན་གཤེགས་བ་རྟེན ་བར་དཀའ་བའི་སེང་གེའི་ཁྲི་ལ་སྐ་རགས་ཀྱི་སྣ་བཏགས་ཤིང་བརྟེན་བ་ཡིན་ནོ་ཞེས་གསུངས་བ་དང། གསེར་མགར་དང་ཤིང་མཁན་གྱི་གཏམ་རྒྱུད་ཀྱིས་སངས་རྒྱས་དང་བཅས་པ་དང། སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་ཉེ་བར་བསྟན་པར་ཤེས་པར ་བྱའོ། །ཡང་གསུངས་པ། གང་དག་འདས་པའི་རྫོགས་སངས་རྒྱས། །གང་དག་མ་བྱོན་སངས་རྒྱས་དང། །གང་ཡང་ད་ལྟར་རྫོགས་སངས་རྒྱས། །མྱ་ངན་སེལ་མཛད་མང་པོ་རྣམས། །ཀུན་ཀྱང་ཆོས་ལ་རིམ་གྲོ་ཡིས། །གནས་པར་གྱུར་ཅིང་གནས་མཛད་ལ།། ་ད་དུང་དུ་ཡང་གནས་མཛད་དེ། །འདི་ནི་རྫོགས་སངས་ཆོས་ཉིད་དོ། །ཞེས་ཀྱང་འབྱུང་བས། གང་དག་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་གཅིག་ཅིག་བཞུགས་སོ་སྙམ་སེམས་པ་དེ་དག་གིས་ནི་གསུང་རབ་ཀྱི་དོན་མི་ཤེས་པ་ཡིན་ཏེ། ཇི ་སྐད་དུ་མར་མེ་མཛད་དང་།རིན་ཆེན་གཙུག་ཏོར་ཅན་ལ་སོགས་པ་སངས་རྒྱས་མང་པོ་ཞིག་ནི་འདས་བར་གྱུར། སེང་གེ་དང་།རྒྱལ་ལ་སོགས་པ་མང་བོ་ཞིག་ནི་འབྱུང་བར་འགྱུར། ཞེས་ཀྱང་འདོན་པ་དང་ལུང་གི་མདོ་ལས་ཀྱང་འདོན་བར་བྱེད་དེ། ཇི་ལྟར ་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ཅེ་ན་།གངྒཱའི་ཀླུང་གི་བྱེ་མ་སྙིང། །མ་བྱོན་པ་ཇི་སྙེད་ཅིག་ཅེ་ན། གངྒཱའི་ཀླུང་གི་བྱེ་མ་སྙེད་དོ?་ཞེས་བྱ་བ་ལ་སོགས་པ་འབྱུང་བས་འཇིག་རྟེན་གྱི་ཁཾས་མང་བོ་དག་ཏུ་མང་པོ་འབྱུང་བར་རིགས་བ་ཉིད་ཡིན་གྱིས་གཅིག ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་ཉིད་ཡིན་ན་ཡང། དུས་གསུམ་དུ་གཟིགས་པས་གཟིགས་པར་མཛད་པ་ཉིད་དོ། །ཞེས་གསུངས་པ་ནི་འཇིག་རྟེན་གྱི་རྗེས་སུ་མཐུན་པར་ཞུགས་པ་ཡིན་ཏེ། མཉམ་པར་བཞག་པ་ཉིད ་ན་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་མཛད་པ་འདི་དག་ཐམས་ཅད་འཇུག་པར་འགྱུར་བ་ཡིན་གྱིས། །རྣམ་པར་རྟོག་པ་མཛད་པ་ནི་མ་ཡིན་ཏེ། ཆུའི་ཡུར་བ་རྐ་སྣ་ཚོགས་སུ་དང་བོ་བཀྱེ་ཞིང། འདོད་པའི་ཕྱོགས་སུ་བཏང་བ་བྱས་ནས་ཕྱིས་བྱ་བ་མེད་པར་སྡོད་པར་བྱེད་པའི་ཆུན ་པའི་སྐྱེས་བུ་བཞིན་ནོ། ཞེས་བྱ་བ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་མ་ཡིན་ནོ། །གང་ཡང་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཕན་ཡོན་མང་དུ་འབྱུང་བར་བསྔགས་པར་ཡང་ཕལ་ཆེར་ནི་ཕྱི་མའི་འབྲས་བུ་ཡིན་ལ། གང་དག་མཐོང་བའི་ཆོས་ཀྱི་ཕན་ཡོན་ཁ་ཅིག་འབྱུང་བ ་དེ་ཡང་དད་པ་དང་ལྷག་པའི་བསམ་པ་ཉམས་བས་དེག་བ་སྡངས་ཤིང་མི་དགེ་བ་སྤྱོད་པར་གྱུར་པ་དང། མཐོང་བའི་ཆོས་ཉིད་ལ་སྡིག་བ་བུན་དུ་སྦྱོད་བ་ཤིན་ཏུ་སྟོབས་དང་ལྡན་པར་གྱུར་བས་གནོད་པར་གྱུར་ཅིང་ཟིལ་གྱིས་མནན་པས་གང་དག་གི་ངང་པ་ཡང་ཆུང་བར་གྱུར་ལ། ་ལྷག་པའི་བསམ་པ་ཡང་སྤངས་པར་གྱུར་པས་དེ་དག་གི་ཕན་ཡོན་ཡང་ཉིད་མ་འོད་ཟེར་བརྒྱ་སྟོང་འགྱེད་པ་ཤར་བར་གྱུར་པ་ན་སྐར་མ་རྣམས་མཐོང་བར་མི་འགྱུར་བ་བཞིན་ནོ། །ཡང་ཁ་ཅིག་དམ་པའི་ཆོས་སྤངས་པ་དང། འཕགས་པ་བསྐུར་བ་བཏབ་པ་དངང ་དཀོན་མཆོག་གསུམ་ལ་གནོད་པ་བྱས་པ་རྣམས་ཀྱིས་དགེ་བའི་རྩ་བ་བཟང་པོ་ཡང་མང་དུ་བསགས་ན་ཡང་ཐལ་བས་བཀབ་པ་ལྟར་གྱུར་པས་དེ་རྣམས་ནི་ངན་སོང་གསུམ་གྱི་ལམ་ལ་གནས་པར་གྱུར་པ་ལ་ཕན་ཡོན་ཡང་ཇི་ལྟར་ག་ལ་འབྱུང་བར་འགྱུར། གང ་དག་སྡིག་པ་ཤིན་ཏུ་ཆུང་བ་ལ་ཡང་འཇིགས་པར་བལྟ་ཞིང་གཅིག་ཏུ་དགེ་བའི་ཕྱོར་ལ་སྤྱོད་པར་གྱུར་པས་ཐེག་པ་ཆེན་པོའི་ཡི་གེ་བྲི་བ་དང། འཛིན་པ་དང་ཀློག་པ་དང། །བ་ཏོན་བྱེད་པ་དང། སེམས་པ་དང། སྒོམ་པ་དང། ཉན་པ་དང། སྦྱིན་པ་དང། རབ ་ཏུ་སྟོན་པ་ངང། མཆོད་བཞེས་བྱ་བ་རྣམ་པ་བཅུ་རབ་ཏུ་སྒྲུབ་པས་ནན་ཏན་བྱེད་པ་དེ་ནི་གཉེན་པོའི་ཕྱོགས་ཟིལ་གྱིས་ནོན་པར་མི་འགྱུར་བས་ཇི་སྐད་བསྟན་པའི་ཕན་ཡོན་རྣམས་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ། ཇི་ལྟར་གཙུག་ལག་རྣམ་པ་གསུམ་ལ་བརྟེན་ནས་གོམS ་པར་བྱས་པས། སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བའི་གནོད་པ་དང་བྲལ་བའི་བདུད་རྩིའི་གོ་འཕང་ཐོབ་པ་ངེས་པ་བཞིན་ནོ། །གལ་ཏེ་དེ་ནི་བདེན་ན་འདྲ་བ་ཉིད་མ་ཡིན་ཏེ། གང་གི་ཕྱིར་སྡེ་སྣོད་གསུམ་དུ་བྱང་ཆུབ་ཀྱི་ཕྱོགས་གྱི་ཆོས་སུམ་ཅུ་རྩ་བདུན་བསྟན་པ ་བརྟེན་དུ་གྱུར་བ་དེ་གོམས་པར་བྱས་པ་ལས་ནི་བྱང་ཆུབ་ཀྱང་རྟོགས་པར་འགྱུར་ཞིང། ཉོན་མོངས་པ་ཟད་པ་ཡང་རྙེད་པར་དཀའ་བ་མ་ཡིན་ནོ། །ཐེག་པ་ཆེན་པོ་ལས་ཡི་གེ་དང་དོན་ཤེས་པར་མི་རུང་བའི་གཟུངས་སྔགས་དང། གསང་སྔགས་དང། རིག་སྔགས ་ལ་སོགས་པ་ཕན་ཡོན་མང་པོ་ཅན་བྱས་པའི་སྐྱེ་བོ་སླུ་བར་བྱེད་པ་བསྟན་པ་དེ་རྣམས་ནི་གཞན་གྱི་རིགས་བྱེད་དང་འདྲའོ། །བསྒོམ་པ་མེད་པ་ནི་སྐྱོན་ཕྲ་རབ་ཅམ་ཡང་ཟད་པར་བྱང་ནུས་པ་མ་ཡིན་ཏེ། ཉོན་མོངས་པ་བསགས་བ་དང་དེའི་རྩ་བ་ཡོད་ན་སྡིག ་པ་ཟད་པ་ག་ལ་འབྱུང་བར་འགྱུར། གཟུངས་སྔགས་ཀྱིས་ཀྱང་སྡིག་བ་ཞི་བར་བྱེད་པ་མ་ཡིན་ཏེ། དེའི་རྒྱད་དང་མི་འགལ་བ་ཉིད་ཀྱི་ཕྱིར་བ་ཆེ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱིས་ཀྱང་སྡིག་པ་ཟད་པར་བྱེད་བ་མ་ཡིན་ཏེ། སྐད་གཞན་གྱིས ་བརྗོད་པའི་ཕྱིར་ཀླ་ཀློ་ལ་སོགས་པའི་སྐད་བཞིན་ནོ་ཞེས་ཀྱང་སྨྲ་བར་ནུས་སོ་ཞེ་ན། གང་ཡང་ཐེག་པ་ཆེན་པོ་ཉིའི་གཟུངས་སྔགས་ལ་སོགས་པ་ཡི་གེ་སྦྱར་བ་ཙམ་དུ་འདོད་པ་འདི་ལ་བརྗོད་པར་བྱའོ། །རེ་ཞིག་གཟུངས་སྔགས་ནི་བསྒོམ་པའི་རྣམ་པ་ཉིད་ཡིན་ཏེ། ་ཇི་སྐད་དུ་སྒོ་མཛའ་ཡས་པ་སྒྲུབ་པའི་གཟུངས་ལས། གཟུངས་འདི་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྟོགས་པར་ཡང་མི་བྱེད། ལེན་པར་ཡང་མི་བྱེད། གནས་པར་མི་བྱེད། མངོན་པར་ཞེན་པར་མི ་བྱེད། ཐ་སྙད་འདོགས་པར་ཡང་མི་བྱེད་།སངས་རྒྱས་རྗེས་སུ་དྲན་པ་འབའ་ཞིག་སྒོམ་པར་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང།། །།དབུ་མིའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་པ། །བམ ་བོ་བཅུ་དྲུག་པོ། །དེ་བཞིན་དུ་ཀླུའི་རྒྱལ་པོ་རྒྱ་མཐོས་ཞུས་པའི་མདོ་ལས་ཀྱང། ཀླུའི་རྒྱལ་པོ་གང་ཡང་བསྟན་པ་ཐམས་ཅད་ནི་མི་ཟད་པ་སྟེ། འདི་ནི་མ་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡིན་ནོ། །སོ་སོ་ཡང་དག་པར་རིགས་པ་དང། ཡེ་ཤེས་དང། ་ཤེས་རབ་དང། སྦོབས་པ་བཞི་ཡང་མི་ཟད་པར་རྗེས་སུ་འབྱུང་བ་དང། དེ་བཞིན་དུ་ཤིན་ཏུ་རྟོག་པར་དཀའ་བ་དང། ངོམས་པ་མེད་པའི་བརྩོན་འགྲུས་འབར་བ་དང་མཐར་ཐུག་པ་མེད་པ་དང། མཐོང་བ་མེད་པ་དང། རྟོན་པ་མེད་པ་དང། དམོད་པ་མེད་པ་དང། ་འཇིགས་བ་མེད་པ་བཞི་པོ་རྣམས་དང། སྙིང་པོ་དང། ངེས་པར་འབྱེད་པ་དང། སྣང་བ་དང། སྟོབས་ཀྱི་གཏེར་བཞི་འབྱུང་བ་དང། དེ་བཞིན་དུ་གང་ཡི་གེའི་ལུགས་དང། མིང་དང། བརྡ་དང། ཆོས་ཀྱི་བརྡའི་རྗེས་སུ་འཇུག་པ་དེ་དག་ཐམས་ཅད་ཀྱང་མི་ཟད ་པའི་ཟ་མ་ཏོག་གི་གཟུངས་འདིའི་རྗེས་སུ་ཞུགས་པའི་བྱང་ཆུབ་སེམས་དཔས་ཤེས་ཏེ་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་གདོད་མ་ནས་དག་པའོ་ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ་གཟུངས་སྔགས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཡི་གེ་ཁོ་ན་ལས་བྱང་ཆུབ ་འཚོལ་བར་བྱེད། རྗེས་སུ་འཇུག་པར་བྱེད་དེ། ཡི་གེ་ནི་སྟོབས་སོ། །དགོད་པ་ནི་ལུས་སོ། །ཆོས་ཀྱི་སྒོ་ལ་འཛུད་པའི་མགོ་པོ་བལྟ་བ་ནི་དཔྲལ་པའོ། །ཤེས་རབ་ནི་མིག་གོ་ཞེས་བྱ་བ་ལ་སོགས་སྒོམ་པའི་རྩ་བ་ནི་ཤེས་རབ་ཡིན་ལ། ཤེས་རབ་ཡོད་པའི་ཕྱིར ་གཏི་མུག་མེད་པར་འགྱུར་རོ། །རྩ་བ་མེད་ན་འདོད་ཆགས་དང་ཞེ་སྡང་འབྱུང་བར་མི་འགྱུར་ཏེ། རྩ་བ་དང་འགལ་བ་ཡོད་པའི་ཕྱིར་རོ། །དེས་ན་རྩ་བ་དང་འགལ་བ་མེད་པའི་ཕྱིར་ཞེས་བྱ་བའི་དོན་མ་གྲུབ་པ་ཡིན་ནོ། །ཕྱིར་རྒོལ་བའི་རྟོག་གེས་ཀྱང་སྒྲུབ་པར་བྱ་བ་ལ? ་གནོད་པ་ཉིད་དེ། གཟུངས་སྔགས་ཀྱིས་ནི་སྡིག་པ་ཞི་བར་འགྱུར་བ་ཉིད་ཡིན་ཏེ། བསྒོམ་པའི་རྣམ་པ་ཡོད་པ་ཉིད་ཀྱི་ཕྱིར་དེའི་རྩ་བ་དང་འགལ་བར་གྱུར་པ་ཉིད་ཀྱི་མི་སྡུག་པ་ལ་སོགས་པ་བསྒོམ་པ་བཞིན་ནོ། །དེ་བཞིན་དུ་གསང་སྔགས་ཀྱང་དེ་བཞིན་གཤེགས་པའི ་ཡེ་ཤེས་ཀྱི་གསང་བ་སྟོན་པར་བྱེད་པའི་སྦྲས་པའི་ཡི་གེ་སྦྱར་བ་གནོ་བོས་བསྒོམ་པ་ལ་རབ་ཏུ་འཇུག་པ་རྒྱུད་ལ་གནས་པས་ཇི་ལྟར་འདོད་པའི་བསམ་པ་ཡང་དག་པར་སྒྲུབ་པར་ནུས་པ་ཡིན་ཏེ། མཐུ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་དཔག་བསམ་གྱི་ཤིང་བཞིན ་ནོ། །རིགས་སྔགས་ཀྱང་ཕལ་ཆར་ཕ་རོལ་ཏུ་ཕྱིན་པ་དྲུག་དང། འཕགས་པའི་བདེན་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་པའི་ཡི་གེ་དང་དོན་གྱིས་ཉོན་མོངས་པ་ཟད་པར་བྱེད་པ་སྟོན་པར་བྱེད་པ་ཉིད་ཡིན་ཏེ། ཇི་ལྟར་ཤ་མ་ཡ་ཤམ་ཡ། །དྷ་ན་ཏེ ་ཤིན་ཏེ་དར་མ་རཱ་ཛ། །བྷ་ཥི་ཏེ་མ་ཏེ་མ་དྷ་བིང་ཏྱ། །སརྦ་ངཐ?་སྤ་ད་ནི་ན། ཞེས་བྱ་བ་ལྟ་བུ་དང། དེ་བཞིན་དུ་ཆོས་ཀྱི་མཆོག་ལས་བྱུང་བ་ནི་ཏཱ་རེ། དང་པོའི་ཆོས་ལས་བྱུང་བ་ནི་ཏུ་ད་ཏཱ་རེ། བརྗོད་དུ་མེད་པའི་ཆོས་ལས་བྱུང་བ་ནི་ཏུ་རེ་ཞེས་བྱ་བ་ལྟ་བུ་ནི་མངོན་པར ་རྟོགས་པ་གསལ་བར་བྱེད་པ་སྟེ། བདག་མ་རིགས་པ་དང་བྲལ་བར་གྱུར་པས་གཞན་དག་གི་རིག་པ་ཡང་བསྐྱེད་པར་ནུས་པ་ཡིན་ན་དེ་སྟེན་བར་གྱུར་ན་ཅིའི་ཕྱིར་སྡིག་པ་གཞི་དང་བ་ཅས་པ་ཞི་བར་མི་འགྱུར་ཏེ། དེའི་ནུས་པ་དང་ལྡན་པའི་ཕྱིར་བྱམས་པ་ལ་སོགས་པ ་བཞིན་ནོ། །རིག་བའི་ཚིག་གང་དག་གི་དོན་རྟོགས་པར་མ་གྱུར་པ་ནི་དེ་དག་འཇིག་རྟེན་ལས་འདས་པའི་སྐད་ཀྱིས་བསྟན་པའི་ཕྱིར་དང། ལྷ་དང། ཀླུ་དང། གནོད་སྦྱིན་ལ་སོགས་པའི་སྐད་ཀྱིས་བསྟན་པའི་ཕྱིར་རོ། །ཆོས་ཉིད་སྟོན་པར་མི་བྱེད་པ་ཡང་མ་ཡིན ་པས་དམ་ཚིག་རིག་པ་དང་གཟུངས་ཐོབ་པར་གྱུར་པ་རྣམས་ཀྱི་སྦྱོང་ཡུལ་ཡང་ཡིན་ཏེ། ཇི་སྐད་དུ། གསང་བ་བློ་གྲོས་ཀྱི་མདོ་ལས། གང་འདི་ནི་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་ཞེས་བྱ་བ་རྣམས་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣཾས ་ཀྱི་ནི་ཨེ་ནེ་དང། མེ་ནེ་དང། དམ་པོ་དང། ད་དམ་པོ་ཞེས་བྱ་བ་ལ་སོགས་པར་བརྗོད་དོ་ཞེས་འབྱུང་བས་འཇིག་རྟེན་པའི་དོན་སྟོན་པར་བྱེད་པ་བཟོད་པར་དཀའ་བའི་ཉོན་མོངས་པ་བདོ་བས་འཁྲིགས་པ་ཙ་མུན་ད་ལ་སོགས་པའི་རིགས་པ་དག ་དང། སྒྲོལ་པ་མེད་ལ་སོགས་པའི་དོན་དམ་པའི་རིག་པ་རྣམས་འདྲ་བ་ལྟ་ག་ལ་ཡིན། དེས་ན་དཔེ་མ་གྲུབ་པ་ཡིན་ཏེ། སྒྲུབ་པར་བྱ་བའི་ཆོས་དང་མི་ལྡན་པའི་ཕྱིར་རོ། །འདི་སྐད་བརྗོད་པར་ཡང་ནུས་ཏེ། གཟུངས་སྔགས་དང་གསང་སྔགས་དང། རིག་སྔགས་རྣམས ་དེ་བཞིན་གཤེགས་པའི་མན་ངག་བཞིན་དུ་ངག་ཏུ་བརྗོད་བ་དང། བསམས་པ་དང་བསྒོམས་པས་སྡིག་པ་རྒྱུ་དང་བཅས་པ་ཞི་བར་བྱེད་པ་ཡིན་ཏེ། ལམ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་མདོ་སྔེ་ལ་སོགས་པའི་གསུང་རབ་བཞིན་ནོ། །སྡིག་པ་ཤིན་ཏུ་ཆེན་པོ ་ཡང་རྩ་བ་ནས་འབྱིན་པ་ཞེས་བྱ་བ་ཡང་མི་རིགས་པ་མ་ཡིན་ཏེ། འདི་ལྟར། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཞེས་བྱ་བ་ཡི། བསྐལ་པ་བརྒྱར་ཡང་ཞེས་བྱ་བ་དང། འང་གི་སྒྲ་གཉིས་པས་ནི་ཉམས་པར་འགྱུར་བ་ཡང ་སྟོན་པ་ཡིན་ཏེ། གང་གིས་ཞེ་ན་སྔོམ་པར་བྱེད་པ་དང། གཉེན་པོའི་ཕྱོགས་རྙེད་བ་དང། སྡིག་པ་བཤགས་པ་དང། རྟེན་གྱི་སྟོབས་ཀྱིས་རབ་ཏུ་འཐོབ་པ་ཡིན་ཏེ། ཇི་སྐད་དུ། བྱམས་པ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོས་ནི་སྡིག་པ་བྱས་ཤིང་བསགས་པ་ཡང་ཟིལ་གྱིས་གནོན་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟར་སྟེ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་གད་བྱས་པ་དེ་ལ་འགྱོད་པ་རབ་ཏུ་མང་བ་ཡིན་ནོ། །གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ ་བའི་ལས་གད་བྱས་པ་དེ་དག་ཆེས་ཤིན་ཏུ་མང་བའི་དགེ་བའི་ལས་ལ་སྦྱོར་པའོ། །ཕྱིར་མི་ལྡོག་པའི་སྟོབས་ནི་སྔོམ་བ་བླངས་པས་མི་བྱེད་པའི་སྔོམ་པ་ཐོབ་པའོ། །རྟེན་གྱིས་སྟོབས་ནི་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ ་ཀྱི་སེམས་མི་འདོར་བ་སྟེ། ཆོས་བཞི་པོ་དི་རྣམས་དང་ལྡན་པའི་བྱང་ཆུབ་སེམས་དཔས་ནི་སྡིག་པ་ལྷག་མ་མ་ལུས་པར་བྲལ་བར་འགྱུར་ཞིང་འབྲས་བུ་འབྱུང་པར་མི་འགྱུར་རོ། །ཞེས་གསུངས་སོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། ཚོགས་དང་དུ་ནི་རྙེད ་གྱུར་ནས། ཞེས་བྱ་བ་ནི་ཇི་ལྟར་ས་བོན་མཐུ་མཉམས་པ་དང་ལྡན་པ་ལ་ས་དང་ཆུ་དང། །མེ་དང་རླུང་དང། ནམ་མཁའ་ཨི་རྐྱེན་རྣམས་ཚོགས་ན་དུས་ཇི་ལྟ་བ་བཞིན་དུ་མྱུ་གུ་མངོན་པར་སྒྲུབ་པར་བྱེད་དོ། །རྐྱེན་ཉེ་བར་གནས་སུ་ཟིན་ཀྱང་ས་བོན་ཚིག་གམ་རུལ་ལམ་གནང ་གྱུར་ནས། ཞེས་བྱ་བ་ནི་ཇི་ལྟར་ས་བོན་མཐུ་མ་ཉམས་པ་དང་ལྡན་པ་ལ་ས་དང་ཆུ་དང་།མེ་དང་རླུང་དང། ནམ་མཁའ་ཨི་རྐྱེན་རྣམས་ཚོགས་ན་དུས་ཇི་ལྟ་བ་བཞིན་དུ་མྱུ་གུ་མངོན་པར་སྒྲུབ་པར་བྱེད་དོ། །རྐྱེན་ཉེ་བར་གནས་སུ་ཟིན་ཀྱང་ས་བོན་ཚིག་གམ་རུལ་ལམ་གནང ་གྱུར་ནས། ཞེས་བྱ་བ་ནི་ཇི་ལྟར་ས་བོན་མཐུ་མ་ཉམས་པ་དང་ལྡན་པ་ལ་ས་དང་ཆུ་དང། མེ་དང་རླུང་དང། ནམ་མཁའ་ཨི་རྐྱེན་རྣམས་ཚོགས་ན་དུས་ཇི་ལྟ་བ་བཞིན་དུ་མྱུ་གུ་མངོན་པར་སྒྲུབ་པར་བྱེད་དོ། །རྐྱེན་ཉེ་བར་གནས་སུ་ཟིན་ཀྱང་ས་བོན་ཚིག་གམ་རུལ་ལམ་གནང ་པ་ལས་ཀྱང་མ་ཡིན་ལ། རྐྱེན་གང་ཡང་རུང་བ་ཞིག་མ་ཚང་བ་ན་ཡང་མྱུ་གུ་མངོན་པར་འགྱུར་བར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་དགེ་བ་དང། མི་དགེ་བའི་ལས་མཐུ་མཉམས་པ་དང་ཕན་པ་བྱེད་པ་དང། གནོད་བ་བྱེད་པའི་སེམས་ཅན་གྱི་འགྲོ་བ་དང། ཡུལ་དང། ་ལུས་ཀྱི་རྐྱེན་རྙེད་ནས་མཐོང་བའི་ཆོས་དང། རྣམ་གྲངས་གཞན་དང། སྐྱེས་ནས་མྱོང་བར་ངེས་པའི་དུས་ཐོབ་པར་གྱུར་ན་གང་ཡང་རུང་བ་ཞིག་གིས་འབྲས་བུ་མངོན་པར་སྒྲུབ་པར་བྱེད་ཀྱི། གང་གི་ཚེ་དགེ་བ་ཡང་ལྟ་བ་ལོག་པར་དང། གནོད་སེམས་ཀྱི་ཉམས་བར ་གྱུར་བའམ་མི་དགེ་བ་ཡང་དམོད་པ་དང་སྡོམ་པ་དང་འཆགས་པ་ལ་སོགས་པའི་གཉེན་པོས་སྟོནབས་ཉམས་བར་གྱུར་བ་དེ་དག་ནི་རྐྱེན་ཚོགས་པ་ཡོད་དུ་ཟིན་ཀྱང་དགེ་བ་དང། མི་དགེ་བའི་ས་བོན་གྱི་ནུས་པ་ཉམས་པ་གང་ལས་འབྲས་བུ་གང་ཞིག་འབྱུང་བར་འགྱུར། ་རྐྱེན་ཚོགས་པ་མེད་པས་དུས་གང་གཞན་དུ་གྱུར་ན། ཇི་ལྟར་ན་རྩ་བ་ནས་ཤིན་ཏུ་འབྱིན་པ་ཡང་མ་ཡིན་ཏེ། ཇི་སྐད་དུ་དམ་པའི་ཆོས་འཛིན་པར་བྱེད་པ་དེའི་མྱོང་བར་ངེས་པའི་སྡིག་པ་ཡང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ་ཞེས་བྱ་བ་དང། གཞན་ཡང་གང ་ཡང་ངན་འགྲོར་འགྲོ་བའི་ལས་རྣམས་དེ། འདིར་ནི་མགོ་བོ་ཚ་བ་ཅན་དུ་འགྱུར་ཞེས་ཀྱང་འབྱུང་ངོ། །གལ་ཏེ་མགོ་བོ་ཚམ?་ཙམ་དུ་འགྱུར་པའི་འབྲས་བུ་ཡོད་ན་རྩ་བ་ནས་ཕྱུང་བ་ཇི་ལྟར་ཡིན་ཞེ་ན། སྡིག་པའི་ལས་རྣམས་ཀྱི་འབྲས་བུ་མ་ལུས་པར་རྫོགས་པ་དམ་ཨལ ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་པ་ལས་གང་དག་གིས་དམྱལ་བའི་སྡུག་བསྔལ་ཕྲ་མོ་ཅེས་ཡང་ཉམས་སུ་མྱོང་བར་མ་གྱུར་པ་དེ་ཉིད་ཤིན་ཏུ་རྩ་བ་ནས་ཕྱུང་བ་ཇི་ལྟར་མ་ཡིན། མགོ་པོ་ཚ་བ་ལ་སོགས་པ་འདི་ལ ་འབྱུང་བས་འབྲས་བུ་ཡེ་མེད་པར་འབྱུང་བ་ཡང་ཇི་ལྟར་ཡིན། གལ་ཏེ་སྡིག་པ་ཤིན་ཏུ་ཟད་པར་འགྱུར་བ་ཡིན་ན་ཅིའི་ཕྱིར་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པར་ནི་མ་གཏོགས་སོ་ཞེས་བསྟན་ཅེ་ན། དམུས་ལོད་དང་མིག་གཅིག་པ་དང། ཞ་བོ་དང། འཐེང ་པོ་དང་ལྐུག་པ་དང། འོན་པ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པའི་རྒྱུད་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ལས་དགོངས་ནས་བསྟན་པ་ཡིན་ཏེ། གང་གི་ཕྱིར་རྣམ་པར་སྨིན་པའི་གནས་སྐབས་ཀྱི་ངོ་བོར་གྱུར་པའི་ལས་རྣམས་ཀྱི་འབྲས་བུ་ནི་ཡོངས་སུ་ཟད་པར ་ནུས་པ་ཡོད་པ་མ་ཡིན་ནོ། །རྒྱུར་གྱུར་པའི་སེམས་པས་མངོན་པར་འདུས་བྱས་པ་ནི་སེམས་པའི་ཁྱད་པར་གཞན་ཐོབ་པ་ནི་ཡོངས་སུ་ཟད་པར་འགྱུར་པ་ཡིན་ཏེ། ཇི་ལྟར་སོར་མོའི་ཕྲེང་བ་དང། མ་སྐྱེས་དགྲ་དང། སྭ་ཀ་དང། ཕག་གསོང་པ་དང། མྱ་ངན་མེད ་པ་ལ་སོགས་པ་དག་ལ་བརྟེན་པ་བཞིན་ནོ། །གལ་ཏེ་མ་སྐྱེས་དགྲ་དང། མ་གསོད་པ་དག་ལ་དགེ་པའི་སེམས་པ་གཞན་སྐྱེས་པ་ཡོད་བཞིན་དུ་ཅིའི་ཕྱིར་ལས་ཟད་པར་མ་གྱུར་ནས་མནར་མེད་པ་དག་ཏུ་སྐྱེས་ཤེ་ན་དེའི་ལས་དང། འབྲས་བུ་ཡིད་ཆེས་པ ་བསྐྱེད་པའི་ཕྱིར་མནར་མེད་པ་ལ་སོགས་པར་སྐྱེ་བ་ཡིན་གྱི། ལས་རྣམས་ལྷག་མ་མ་ལུས་པར་མ་ཟད་པ་ནི་མ་ཡིན་ཏེ། དར་གྱི་ཕོ་ལོང་བརྡབས་པ་ལས་འཕར་པ་བཞིན་དུ་དེར་སྐྱེས་ཤིང་ཐར་པ་ཡིན་ལ། དམྱལ་བའི་མེའི་ཕྲེང་བ་ལ་སོགས ་པས་ཀྱང་རེག་པ་མ་ཡིན་ཏེ། དེ་ལྟར་སྡིག་པ་ཤིན་ཏུ་རྩ་བ་ནས་འབྱིན་པར་ཡང་གྲུབ་ལ། ལས་ལ་འབྲས་བུ་མེད་པ་ཡང་མ་ཡིན་ནོ། །ཐེག་པ་ཆེན་པོ་རིག་པ་རྣམས་འདི་སྙམ་དུ་སེམས་ཏེ། གཉེན་པོ་ཐོབ་པར་གྱུར་ན་ནི་ལས་རྣམས་ཤིན་ཏུ་རྩ་བ་ནས ་འབྱིན་ཏེ། གཉེན་པོས་ཟིལ་གྱིས་མ་མནན་པ་ནི་ཉམས་པར་མི་འགྱུར་རོ་སྙམ་སྟེ། ཇི་ལྟར་ཐབས་ལ་མཁས་པ་དང་མི་ལྡན་པ་ལ་ནི་སྡིག་པ་ཚུངས་དུ་ཡང་རྣམ་པར་སྨིན་པར་འགྱུར་བར་མཐོང་སྟེ་མཽངྒལ་གྱི་བུ་ཆེན་པོ་ལ་སོགས་པ་བཞིན་ནོ། །དགེ་བའི་རྩ་བ་ཆེན་པོ་བསཌ ་སུ་ཟིན་ན་ཡང་ཡིད་ཀྱི་ཉེ་བས་ཐལ་བ་བཞིན་དུ་བྱེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་བསྟན་པ་ལ་ཞལ་ལྟ་བྱེད་པའི་དགེ་སློང་བཞིན་ནོ། །དེས་ནི་སྔོན་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱི་བསྙེན་བཀུར་དང་པོ་བྱས་པ་ལས་ཕྱིས ་འདོད་པ་མི་བཟད་པས་ཟིལ་གྱིས་མནན་ཏེ། ཆོས་ཀྱི་དཀོར་བཏུས་ཤིང་སྡང་བར་གྱུར་པའི་ཡིད་ཀྱིས་ཁྲོས་པའི་ཏྪིག་དག་གིས་ཀྱང་ཤེས་ཏེ། དེ་ལས་དེ་མི་གཙང་བ་ཟ་བའི་སྲིན་བུ་ཤིན་ཏུ་གདོན་པར་དཀའ་བའི་གནས་སུ་སྐྱེས་ཤིང་དགེ་བའི་རྩ་བ་ཡང་ཅུང་ཟད ་ཙམ་ཡང་མ་ལུས་པར་གྱུར་ཏོ། །རྟོགས་པ་བརྗོད་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་ཐབས་ལ་མཁས་པའི་སྟོབས་དང་ལྡན་པ་རྣམས་ཀྱིས་ནི་མི་དགེ་བའི་ཕུང་པོ་ཆེན་པོ་ཡང་ཤིན་ཏུ་ཟད་པར་བྱེད་ཅིང། དགེ་བའི་རྩ་བ་ཆུ་དུ་ཐོབ་པ་ཡང་ཉམS ་པར་མི་འགྱུར་རོ་ཞེས་གསུངས་པ་དང། མདོ་སྡེ་ལས་ཀྱང་ཇི་སྐད་དུ་དགེ་སློང་དག་འདི་ལྟ་སྟེ། སྐྱེས་བུ་ཞིག་གིས་ཆུ་ཉུང་དུ་ཞིག་ཏུ་ལན་ཚྭ་སྲང?་གཅིག་བླུགས་ན་དེ་ནི་བཏུང་དུ་མི་རུང་བར་འགྱུར་རོ། །དེ་ནས་སྐྱེས་བུ་གཞན་ཞིག་གིས་ཆུ་ཤིན་ཏུ་ཆེན་པོའི་ནང ་དུ་ལན་ཆཝ་སྲང་གཅིག་བླུགས་ན་དེ་ནི་ཤེས་པར་ཡང་མི་འགྱུར་ན་ཡང་དེ་བཏུང་དུ་མི་རུང་བར་ག་ལ་འགྱུར། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཆུ་ཤིན་ཏུ་མར་པོའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་གང་འདི་ལྟར་སྐྱེས་བུ་གང་ཟག་འགའ་ཞིག་སྡིག་པའི་ལས་བྱེད་པ ་དེ་ཉིད?་ཕྱོགས་གཉིས་པོ་འདི་ལ་གནས་པ་ཡོད་པ་ཡིན་ནོ། །དེ་བཞིན་དུ་རྫིང་ཆེན་ནང་དུ་ཚྭ་ནི་སྲད་གཅིག་བླུགས། །ཇི་ལྟར་ཆུ་དེ་བཏུང་དུ་མི་འདོད་མིན། །ཁྱོར་གང་ཆུལ་ཚྭ་ནི་སྲད་གཅིག་བླུགས། །ཁྱོད་གང་ཆུ་དེ་བཏུང་ཏུ་འདོད་མི་འགྱུར། །དེ་བཞིན་གང་གིས ་བསོད་ནམས་རྒྱ་ཆེན་བསགས། །མི་དེ་སྡིག་པའི་དུག་ནི་ཆུང་གྱུར་པས། །གང་ཕྱིར་ངན་འགྲོ་དག་ཏུ་འཁྲིད་མི་ནུས། །སྒོ་དེ་ནས་ནི་འབྲས་བུ་འགའ་ཞིག་ཡིན། །གང་དག་བསོད་ནམས་ཆུ་དུམ་བསགས་ཤིང། །མི་དགེ་མང་དུ་ཡང་ཡང ་བསགས་པའི་མི། །ཐེ་ཚོམ་མེད་པར་ཤིན་ཏུ་ཆུང་བས་ཀྱང། །ཉོན་མོངས་དེ་ནི་འོག་ཏུ་འཁྲིད་པར་བྱེད། ཅེས་གསུངས་ཏེ། མི་འཕྲོད་པའི་ཟས་ཉུང་ཟད་ཅིག་ཟོས་པ་བཞིན་དུ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་ཀྱང་ལས་ཐམས་ཅད ་ཟད་པར་འགྱུར་བ་ཡིན་ན། མངོན་པར་རྫོགས་པར་བྱང་ཆུབ་པའི་བཅོམ་ལྡན་འདས་ལ་སེང་ལྡེང་གི་ཚལ་པས་ཟུག་པ་དང་།མཛེས་མ་བསད་པ་དང་དྲེག་མེས་སྐུར་བ་བཏབ་པ་དང། ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་ཕྱིར་གཤེགས་པ་དང། ? ་བ་གསུམ་དུ་ནས་ཀྱི་ཆོས་སྟོན་མཛད་པ་དང། པར་དྭ་ཙ་ཁྲོས་པས་ངན་དུ་སྨྲ་བ་དང། སྙུང་བར་གྱུར་པ་དང། ལྷས་བྱིན་གྱིས་རྡོའི་སྒྱོགས་འཕངས་པ་ལ་སོགས་པའི་ལས་ཀྱི་རྣམ་པར་སྨིན་པའི་ཆ་མདའ་བར་གྱུར་པ་ཇི་ལྟ་བུ་ཞེ་ན། འདི་དག་ཐམས་ཅད་ནི་ཐབས ་ལ་མཁས་པས་སེམས་ཅན་གདུལ་པར་མཛད་པའི་ཕྱིར་བསྟན་པ་ཡིན་གྱི། བཅོམ་ལྡན་འདས་ལ་ནི་འཕྲིན་ལས་ཀྱི་ཆ་ཤིན་ཏུ་ཕྲ་བ་ཡང་མི་མངའ་སྟེ། ཇི་ལྟར་ཐབས་ལ་མཁས་པའི་མདོ་དང་འཇིག་རྟེན་ལས་འདས་པའི་ལེའུ་ལས། རིགས་ཀྱི་བུ་དེ ་བཞིན་གཤེགས་པས་ལས་ཀྱི་རྣམ་པར་སྨིན་པ་བཅུ་བསྟན་པ་འདི་དག་ནི་ཐབས་ལ་མཁས་པ་དང་ལྡེམ་དགོངས་ཀྱི་བཀའ་ཡིན་པར་རྟོགས་པར་བྱའོ། །འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ་ཇི་སྲིད་སྐྲའི་རྩེ་མོས་གཟུགས་པའི་ཚད་ཀྱིས་བསྟན་པ ་ཙམ་གྱི་མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་པ་ནི་གནས་མ་ཡིན་པར་ཤེས་ཏེ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་གྱུར་པའི་དེ་བཞིན་གཤེགས་པ་མི་དགེ་པ་ཐམས་ཅད ་སྤངས་བར་གྱུར་པ། །བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་བ་ཡང་སྤངས་བའི་དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པའི་སྐྱོན་ལྟ་འབྱུང་བར་གལ་འགྱུར། འོན་ཀྱང་སེམས་ཅན་ཕལ་ཆེར་ལས་ཀྱི་རྣམ་པར་སྨིན་པ་ཆུང་སོན་པ་དང། ལས་ཀྱི་རྣམ་པར་སྨིན ་བ་ལ་ཡིད་མི་ཆེས་པ་དེ་རྣམས་ལ་ལས་ཀྱི་རྣམ་པར་སྨིན་པ་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་ཕྲིན་ལས་ཀྱི་རྣམ་པར་སྨིན་པ་བསྟན་ཏེ། ཆོས་ཀྱི་རྒྱལ་པོ་ངལ་ཡང་རེ་ཞིག་ལས་ཀྱི་རྣམ་པར་སྨིན་པ་འབྱུང་ན། ཁྱེད་རྣམས་ལ་ལྟ་ལས་ཀྱི་རྣམ་པར་སྨིན ་བ་ཅིའི་ཕྱིར་མི་འབྱུང་ཞེས་བསྟན་པ་ཡིན་གྱིས། དེ་བཞིན་གཤེགས་པ་ལ་ལས་ཀྱི་སྒྲིབ་པ་ནི་ཅུང་ཞིག་ཀྱང་མི་མངའ་སྟེ། འདི་ལྟར་ལེགས་པར་བསླབས་པའི་སྨན་པ་བདག་ཉིད་ལ་ནད་མེད་བཞིན་དུ་ཡང་ན་བ?་ལྟར་བསྟན་ནས་སྨན་ཁ་བ་དང་ཚ་བ་དག་བསྟེན་པར ་བྱས་པས་དེའི་རྗེས་སུ་སློབ་པའི་ནད་པ་དག་ཡོངས་སུ་སོས་པར་བྱེད་པ་དེ་བཞིན་དུ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་གནོད་པ་ཐམས་ཅད་ཞི་བར་མཛད་པས་ཀྱང་སྒྲིབ་པ་མི་མངའ་ན་ཡང་ངའི?་ལས་འདིའི་རྣམ་པར་སྨིན་པ་ནི་འདིའོ་ཞེས་ཕྲིན་ལས་སྟོན་པར་མཛད་དེ། ་ཇི་ལྟར་ན་སེམས་ཅན་རྣམས་ལས་ཀྱིས་འཇིགས་ཤིང་སྐྲག་པར་གྱུར་ན། ལུས་དང་ངག་དང་ཡིད་རྣམས་ཡོངས་སུ་དག་པར་འགྱུར་ཞེས་ཀྱང་གསུངས་སོ། །ཐབས་ལ་མཁས་པའི་མདོ་ལ་སོགས་པ་འཁོར་བ་གྲོལ་པར་བྱེད་པ་དང་འདྲ་བ་ཡང་མ་ཡིན་ཏེ། ་སེམས་གཏི་མུག་མེད་པས་ལ་སོགས་པས་ཀུན་ནས་བསླང་བའི་ཕྱིར་རོ། །གང་གཞན་དག་མཚམས་མེད་པ་བྱེད་པ་ལ་མངོན་པར་ཕྱོགས་པ་མཐོང་ནས་དེ་ནི་ལས་དེས་ཡུན་རིང་དུ་སྡུག་བསྔལ་པར་འགྱུར་རོ་སྙོམ་ནས་སྙིང་རྗེའི་དབང་གིས་དེ་གསོད ་པར་བྱེད་པ་ནི་བདག་ཉིད་དམྱལ་པར་སྐྱེ་བར་ངེས་པར་ཤེས་ཀྱང་དེ་སྐྱབ་པའི་ཕྱིར་དགེ་བ་འམ། ལུང་དུ་མ་བསྟན་པའི་སེམས་ལ་གནས་པར་བྱས་ནས་གསོད་པར་བྱེད་དེ། བདག་ཉིད་དམྱལ་བར་སྐྱེ་བ་ནི་འདོད་ཀྱི། འདི་སྡུག་བསྔལ་ཆེན་པོ་དང་ཡུན་རིང་དུ་ལྡན ་བར་མ་གྱུར་ཅིག་ཅེས་བྱ་བ་དེ་ལྟ་བུ་དགེ་བའི་སེམས་ཀྱི་ཀུན་ནས་བསླང་བ་ཉིད་ནི་དགེ་བ་ཡིན་ཏེ། གང་གི་ཕྱིར་མ་ཆགས་པ་ལ་སོགས་པའི་སེམས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གལ་ཏེ་མ་ཆགས་པ་ལ་སོགས་པས་ཀུན་ནས ་བསླང་པའི་སྲོག་གཅོད་པ་ཡང་སྨདཔ་ཞིག་ཡིན་ན་ནི་གཤེ་བ་དང། མཛའ་བ་དབྱེ་བ་ལ་སོགས་པ་ཡང་བཀག་པར་འགྱུར་བ་ཞིག་ན་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་འཆར་ཀ་དང་ཀིམ་པ་ལ་སོགས་པའི་མདོ་ལས་གཤེ་བ་མ་བཀག་སྟེ། ཇི་སྐད་དུ ་རྨོངས་བ་ལྷས་བྱིན་ཞེས་བྱ་བ་དང། བདུང་སྡིག་ཅན་དེ་ཞེས་གསུངས་པས་སོ། །ཡང་སྙིང་རྗེའི་དབང་གིས་བྱང་ཆུབ་སེམས་དཔས་སྲོག་གཅོད་བ་ནི་དམད་པར་བྱ་བ་མ་ཡིན་ཏེ། ཞེ་སྡང་གི་བསམ་པས་བསྐྱེད་པ་མ་ཡིན་པའི་ཕྱིར། དེ་བཞིན་གཤེགཌ ་བས་གསུངས་བའི་ཚིག་བཞིན་ནོ། ཞེས་ཀྱང་སྨྲ་བར་ནུས་སོ། །རིན་ཆེན་ཏོག་དང་ཟླ་བའི་སྒྲོན་མ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་ལས་ཀྱང་སྡིག་བ་ཤིན་ཏུ་ཆེན་པོ་ཡང་རྩ་བ་ནས་འབྱིན་བར་བསྟན་ལ། མདོ་ལས་སྡེ་བ་གཞན་དག་གིས ་མདོ་ལས་ཀྱང་ཕྱི་མའི་དུས་ན་དགེ་སློང་རྣམས་བསམ་པ་ཇི་ལྟ་བུས་འདིར་ནི་དེ་བཞིན་གཤེགས་པ་བལྟམས་པར་གྱུར་པའོ། །འདི་ནི་དེ་བཞིན་གཤེགས་པ་མངོན་པར་བྱང་ཆུབ་པའོ། །འདིར་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར ་གྱུར་བའོ། །འདིར་ནི་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཞེས་མཆོད་རྟེན་རྣམས་ལ་ཕྱག་བྱེད་ཅིང་རྒྱུ་བར་འགྱུར་བ་དེ་དག་ནི་བར་མ་དོར་དུས་བྱས་བར་གྱུར་ན་ཡང་ཁུར་ལྕེ་བ་བོར་བ་བཞིན་དུ་བདེ་འགྲོ་མཐོ་རིས ་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྲིད་པ་ཐ་མ་པ་མ་རྟོགས་པ་གཞན་མཆོམས་མེད་པ་བྱས་པ་ཡང་བསལ་ཅིང་བོར་བ་མེད་དོ། །གཞན་ཡང་ཁྱོད་ཉིད་ཀྱི་ལྟ་བའི་འདུལ་བ་ལས་ལྟུང་བ་ལས་ལྡང་བར་བསྟན་པ་ངག་དང ་ཡང་འགལ་ཏེ། དེ་ལས་ནི་གང་ཟག་རྣམ་པ་གཉིས་ནི་ལྟུང་བ་མེད་པར་དུས་བྱས་པར་འགྱུར་ཏེ། གང་ལྟུང་བ་ཡ་མི་འབྱིན་པ་དང་ལྟུང་བ་བྱུང་བ་རྣམ་པ་ཆོས་ཇི་ལྟ་བུ་བཞིན་དུ་འཆགས་པར་བྱེད་པའོ། ཞེས་གསུངས་པས་སོ། །རིག་པ་ཡང་ཡོད་དེ། གང་དང་གང་ཅུང་ཟད་ཟད་བར ་འགྱུར་བ་དེ་དང་དེ་ནི་རིམ་གྱིས་ཤིན་ཏུ་ཟད་བར་འགྱུར་བ་མཐོང་སྟེ། སྟོབས་དང་ལྡན་པའི་ཐབས་རྙེད་པར་གྱུར་པའི་ཕྱིར། དཔེར་ན་ཆུའི་ནང་དུ་བཞག་པའི་ལན་ཚ་བཞིན་དཱུམ། མེའི་ནང་དུ་བཞག་པའི་མར་སར་བཞིན་ནོ། །གཞན་ཡང་དེ་ལྟ་བས་ན་གང ་ཐབས་ཤེས་བར་གྱུར་པ་དེས་ནི་བསྐལ་པ་དཔག་ཏུ་མེད་པ་སྟོང་དུ་བསགས་པར་གྱུར་པའི་སྡིག་པ་ཡང་ལྷག་མ་མ་ལུས་པར་ཟད་པར་བྱེད་དེ། གཉེན་པོའི་ཕྱོགས་སྟོབས་དང་ལྡན་པའི་ཕྱིར། ལེགས་པར་རབ་ཏུ་འབར་བའི་མར་མེ་བྱུང་མ་ཐག་ཏུ་ཤིན་ཏུ་མུན ་ནག་དུ་གྱུར་པའི་གནས་ཀྱི་མུན་པའི་སྒྲིབ་པ་མེད་པར་འགྱུར་བ་བཞིན་ནོ། །ཐབས་དང་བྲལ་བར་གྱུར་པའི་དགེ་བ་ཡང་ཤིན་ཏུ་ཟད་པར་འགྱུར་ཏེ། མཚན་མོ་ཉི་མའི་སྣང་བ་མེད་པ་བཞིན་ནོ། །ཡང་གང་དང་གང་ཉིན་རེ་ཞིང་སོགས་པ་ཡོད་པ་དེ་དང་དེ་ནི་འཕེལ ་བར་འགྱུར་བ་ཉིད་ཡིན་གྱིས་ཉམས་བར་མི་འགྱུར་ཏེ། ཇི་ལྟར་སྦྲང་རྩི་བྱེད་པའི་སྦྲེང་མོའི་སྦྲང་རྩི་བཞིན་དཱུམ་།ཡར་གྱི་དེའི་ཟླ་བའི་གཟུགས་བཞིན་ཏེ། ལས་ཀྱི་ཉམས་པར་འབྱུང་བ་དང། ཉམས་བར་མི་འགྱུར་བ་ཡང་རྒྱུ་ལ་ལྟོས་པ་ཡིན་གྱི། ངོ་བོ་ཉིད ་ཀྱི་གྲུབ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་སྡིག་བ་ཤིན་ཏུ་མི་བཟད་པ་བྱས་པ་ཡང་བདག་ཉིད་ཀྱིས་འགྱོད་ཅིང་དམད་བ་དང། བཤགས་ཤིང་བསྒྲགས་པ་དང། ཕྱིན་བཅད་བསྡམ་པ་བྱས་པས་བསྲབས་པར་འགྱུར་ཞིང་རྩ་བ་ནས་འབྱིན་པར་འགྱུར་བ་འདི ་ནི་གྲུབ་པ་ཡིན་ནོ། །གང་ཡང་ཤིན་ཏུ་རྒྱས་པ་ཡང་གཞན་ཉིད་སྟོན་པའི་ཕྱིར་ཞེས་ཟེར་བ་ཡང་དོན་གྱི་རྗེས་སུ་ཞུགས་པའི་མིང་གིས་ཤིན་ཏུ་རྒྱས་པའི་ངོ་བོ་ཉིད་ནི་ཤིན་ཏུ་རྒྱས་བཞེས་བྱ་བ་ཡིན་པས་ཐེག་པ་ཆེན་པོ་ལྷག་པར་ཤིན་ཏུ་རྒྱས་པ་ཞེས་བྱ་བ་ཡིན ་བས་ཐེག་པ་ཆེན་པོ་ལྟག་བར་ཤིན་ཏུ་རྒྱས་པ་ཡིན་པ་དེ་བཞིན་དུ་ཉན་ཐོས་ཀྱིས་ཐེག་པ་ལ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁྱོད་ཤིན་ཏུ་རྒྱས་པ་གཞན་ཞིག་འདོད་ན་ནི་མིང་ཙམ་དུ་འདོད་ལ་རག་གོ། བདག་ཅག་ནི་ཐེག་པ ་ཆེན་པོའི་གསུང་རབ་མ་ལུས་པ་རྣམས་ནི་གཞུང་དང་དོན་ཤིན་ཏུ་རྒྱས་པའི་ཕྱིར་ཤིན་ཏུ་རྒྱས་བ་ཞེས་བྱ་བ་འདོད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ནི་ཤིན་ཏུ་རྒྱས་པའོ། །འདི་ནི་མ་ཡིན་ནོ་ཞེས་ངེས་པར་དབྱེ་བ་མཛད་པ་ནི་མི་མངའ་བས ་ཐེག་བ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་རབ་ཏུ་སྔར་བར་གྱུར་པ་ཁྱེད་ཀྱི་གང་སྨྲ་བ་དེ་ནི་ཁོ་བོ་ཅག་ལ་ཚད་མར་གྱུར་པ་མ་ཡིན་པས་ངེས་ན་ཐེག་པ་ཆེན་པོ་འདི་ནི་ཤིན་ཏུ་རྒྱས་བ་ཉིད་ཡིན་པར་གྲུབ་བོ། །གལ་ཏེ་བཅོམ ་ལྡན་འདས་འོད་སྲུངས་ལ་རྒྱལ་བོ་ཀི་ཀིས་རྨི་ལམ་གསོལ་བ་ན། བཀའ་སྩལ་པ་སྐྱེ་དགུའི་ཆེ་ལོ་བརྒྱ་ཐུབ་བ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འབྱུང་བ་དེའི་བསྟན་པ་ལ་སྡེ་བ་བཅོ་བརྒྱད་དུ་གྱེས་པར་འགྱུར་རོ། །ཞེས་བསྟན་པའི་དབྱེ་བར ་ཐེག་བ་ཆེན་པོ་མ་བསྟན་ཏོ་ཞེ་ན། ཐེག་པ་ཆེན་པོ་ནི་ངེས་བར་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པའི་སེམས་ཅན་གྱི་བསམ་བ་དང་ལྷག་པའི་བསམ་པའི་དབང་དུ་བྱས་ནས་སྡེ་བ་བཅོ་བརྒྱད་ལ་ཐུན་མོངས་དུ་བསྟན་པ་ཡིན་ཏེ། གཙུག་ལག་གི་གསུང་རབ ་རྣམས་ལས་སྐྱེ་བ་དང། ན་ཚོད་དང། མདོག་དང་ཡུལ་དང། དུས་ཐ་དད་པ་མེད་བར་བསྟན་པ་བཞིན་ནོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་ཉན་ཐས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཐེག་བ་ཆེན་པོའི་དབྱེ་བ་ནི་ཡོད་པ་ཁོ ་ན་ཡིན་ལ། བསྟན་པ་ཐ་དང་ཀྱི་དབྱེ་བ་ནི་ཤཱཀྱ་ཐུབ་བ་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ཞིང། ལོག་བར་དད་སེལ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཐེག་པ་ཐ་དང་དུ་དབྱེ་བ་མཛད་པ་ནི་ཡོད་པ་ཡིན་པས་ཡང་འོད་སྲུངས་ཀྱིས ་མ་བསྟན་པ་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་གསུང་མ་ཡིན་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་ཉན་ཐོས་ལ་སོགས་པ་རང་རང་ལ་གསུངས་བ་ལ་ཡོངས་སུ་ཞེན་ཅིང་།དེ་ཆེད་དུ་ཕྱེད་བའི ་སྡུད་པ་པོ་ཡིས་ཇི་ལྟར་དབང་བ་བཞིན་དུ་ཡང་དག་པར་བསྡུས་བན་ཐེག་པ་ཆེན་པོའི་གསུང་རབ་ནི་གནོད་དུ་གྱུར་བ་སུ་ཡང་མེད་པས་གང་གིས་ཀྱང་མ་བསྡུས་ཏེ། བདེ་བར་གཤེགས་པ་ལ་མངོན་བར་འགའ་བའ་ཨི་ཀླུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ ་བསྡུས་ནས་ཀླུའི་འཇིག་རྟེན་ལ་སོགས་པར་བཞུགས་སུ་གསོལ་པ་ལས་དེའི་སྣོད་དུ་གྱུར་པས་སངས་རྒྱས་ཀྱི་ལུང་བསྟན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ནས་བསྡུས་ནས་མིའི་འཇིག་རྟེན་དུ་རབ་ཏུ་རྒྱས་བར་མཛད་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཐོབ་པར་འགྱུར་བ་དང་རྗེས་སུ་མཐུན་པའི་ཐེག་པ་ཆེན་པོའི་བསྟན་པ་ནི་བདུང་ཀྱི་སྤྱོད་ཡུལ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་རིང་དུ་སྤོང་བར་བྱེད་ཅིང་སུན་འབྱིན་པ་ནི་རིགས་བ་མ་ཡིན་ནོ། །བློས་དཔྱོད་པར་ནུས་པ་ཡོད་ན་རིགས་པ་དང་རིགས་པས་དེ་བརྟག ་པར་གྱིས་ཤིག་ཤིན་ཏུ་སྤྲོས་པས་ཆོག་གོ། སྐབས་སུ་བབ་པ་ཉིད་ཀྱི་དབང་དུ་བྱས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ལམ། ཡང་དག་ལྟ་བ་སྔོན་འགྲོ་བ། །གང་ཕྱིར་ཐེག་ཆེན་ལས་གསུངས་པ། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དང། བློ་གྲོས་མི་བཟང་པ་དང། བློ་གྲོས་རྒྱ་མཚོ་དང། ནམ་མཁའ་མཛོད་དང། གཟུངས་ཀྱི་དབང་ཕྱག་རྒྱལ་པོ་དང། གཙུག་ན་རིན་ཆེན་དང། རྒྱ་མཆོས་ཞས་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཕལ ་ཆེ་བ་ལས་ཡང་དག་པའི་ལྟ་བ་ལ་སོགས་པ་ལམ་འདི་དག་ཉིད་ཡང་དག་པར་རྫགས་པའི་བྱང་ཆུབ་ཀྱི་རྒྱུར་བསྟན་གྱི། ལམ་གཞན་ཉིད་བསྟན་པ་ནི་མེད་པས་དེའི་ཕྱིར་ལམ་གཞན་ཉིད་ཉེ་བར་སྟོན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་བ་ཉིད ་ཡིན་ནོ། །འདིར་གང་གཱ་ལ་སོགས་པའི་འབབ་སྟེགས་སུ་ཁྲུས་བྱས་པ་དང། སྙུད་བར་གནས་པ་ལ་སོགས་པའམ། གཞན་བསྟན་པ་མ་ཡིན་ནམ་ཞེ་ན་བདེན་ཏེ། གང་གཱ་དང། སིན་དྷུ་དང་བཀྵུ་དང་སཱི་ཏ་ཞེས་བྱ་བ་ཆུ་པོ་བཞི་རྣམས་ཀྱི་ཚུལ ་བཀྲུས་པ་དང། འཐུངས་པ་དང། དེའི་ནང་དུ་ཞུགས་པ་དང། དེའི་ནང་དུ་གནས་པ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་གི་དབང་གིས་གསུངས་པ་ཡིན་གྱི། ཆུལ་སྡིག་པ་ལ་སོགས་པ་ཟད་པར་བྱེད་པའི་ནུས་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་མ ་དྲོས་པའི་མདོ་ལས། ཀླུའི་རྒྱལ་པོ་མ་དྲོས་པས་ལས་དང་སྐྱེ་བ་ལ་དབང་ཐོབ་པ་ཡོངས་སུ་བཟུང་ནས། པ་ནས་ཞེས་བྱ་བའི་མཚེའུ་ཆེན་པོའི་ནང་དུ་སྐྱེ་བ་བླངས་བར་གྱུར་ཏེ། དེའི་སྨོན་ལམ་ནི་གང་སྲོག་ཆགས་གང་གང་དག་གྱིས་བདག་གིས་མཚེའུ?་འདི ་ལས་འབབ་པར་གྱུར་པའི་ཆུ་ཀླུང་རྣམས་ལ་བཀྲུས་པ་དང།འཐུངས་པ་དང། ཞུགས་ནས་གནས་པར་བྱེད་པ་དེ་རྣམས་ལ་དེ་དག་ཉིད་དེ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུར་གྱུར་ལ། དེ་དག་ཐམས་ཅད་ཀྱང་རིམ་གྱིས་བདག་གིས་སངས་རྒྱས་ཉིད་ལ་འགོད་པར ་གྱུར་ཅིག་།ཅེས་གསུངས་པ་ཡིན་པས། དེ་དག་ཉིད་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ནས་སངས་རྒྱས་སུ་འགྱུར་བ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །སྙུང་བ་ལ་སོགས་པ་ཡང་རིག་སྔགས་སྤྱོད་པའི་ལུས་ལ་སོགས་པ་ཡོངས་སུ་སྦྱངས་ནས། རིག ་སྔགས་བསྒྲུབ་པར་བྱ་བའི་ཕྱིར་གསུངས་བ་ཡིན་གྱིས་གྲལ་པར་འདོད་པའི་ཕྱིར་ནི་མ་ཡིན་ནོ། །ཅི་ལྟར་དེ་ལམ་གཞན་ཡིན། དེས་ན་གཏན་སིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་བཟློག་པར་དཀའ་བ་ཡིན་ནོ། །དེ་ལྟར་ནི་བདན་ན་ཡང་ཐེག་པ་ཆེན་པོར་ལམ ་དེ་དག་ཉིད་བསྟན་ཀྱང་འབྲས་བུ་མེད་པ་ཡིན་ཏེ། སྡུག་བསྔལ་ཤེས་པས་མྱ་ངན་ལས་མི་འདའ་བས་སྡུག་ལ་སོགས་པའི་བདེན་བ་མཐོང་བ་དང་འགལ་བ་ལ་སོགས་པ་ཡོད་པའི་ཕྱིར་ཞེ་ན། དེ་ལྟ་ན་ནི་དང་པོར་ཁྱོད་ཀྱིས་སྟོན་པའི་བཀའ་འདི་བལྟ་བར་བྱ ་བཞིན་ཏེ། དེ་ཡང་གང་འཕགས་པའི་བདེན་པ་བཞིའི་མཉམ་པ་ཉིད་གང་ཡིན་པ་དེ་རྣམ་པར་བྱང་བ་ཡིན་ནོ། ཞེས་གསུངས་པའོ། །ཡང་མཉམ་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །སྡུག་བསྔལ ་ལ་སོགས་པ་རྣམས་ཀྱི་སྟོང་བ་ཉིད་དཔྱད་པ་ནི་འདི་ཡིན་ཏེ། སྡུག་བསྔལ་སྐྱེ་བ་བཀག་བསྟན་པས། །མ་སྐྱེས་སྡུག་བསྔལ་ཡིན་མི་འདོད། །སྐྱེས་པ་སྡུག་བསྔལ་ངོ་བོ་ན། །དེ་སྟོང་ཅིའི་ཕྱིར་ཁས་མི་ལེན། །བདག་དང་གཞན་དང་གཉི་ག་དང། །རྒྱུ་མེད་པ་ལས ་སྐྱེ་བ་བཀག་པས་མ་སྐྱེས་པ་ལ་སྡུག་བསྔལ་གྱི་བདེན་པ་ཇི་ལྟར་བཟུང་བར་བྱ། རྒྱུ་དང་རྐྱེན་ལས་ཀུན་ཏུ་བྱུང་ཞིན་སྐྱེས་པར་མཐོང་བའི་ཕུང་པོ་ལྔ་པོའི་རྣམས་བ་འདི་དག་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་ཅིའི་ཕྱིར་ངེས་པར་གཟུང་བར་མི་བྱ་ཞེས་བྱ་བ་འདི་ལྟ་བུ་ནི ་ཕྱོགས་ཡིན་ནོ། །ཡང་གཏན་ཚིགས་དང་བེ?་ནི། འདུས་བྱས་ཡིན་ཕྱིར་སྒྱུ་མའམ། ཟག་མེད་ཕུང་པོ་ཇི་བཞིན་ནོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་བྱ་བ་ནི་ཚིག་ལྷག་མའོ?། །དེ་ལྟ་བས་ན་འདི་དག་ནི་ངོ་བོ་ཉིད་ཀྱིས་།ཁྱོད་ཀྱི ་སྡུག་བསྔལ་བདེན་འདོད་པ། །ཡང་དག་ལྟ་བའི་བློས་འདོད་པ། །བསླུ་བ་མེད་པ་ནི་བདེན་པ་ཡིན་པར་རིགས་ཀྱི་སྡུག་བསྔལ་གྱི་ངོ་བོ་ཅུང་ཞིག་ཡོད་པ་ནི་མ་ཡིན་ནོ། །འདི་ནི་ངོ་བོ་ཉིད་ཀྱིས་བསླུ་བ་མེད་པ་ཡིན་པས། འདི་ནི་སྡུག་བསྔལ་གྱི་བདེན་པ་ཉིད་དོ། ཞེས་ཡང ་དག་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་བློ་གང་ལ་ཡོད་པ་དེ་ནི་ཡང་དག་ལྟ་བའི་བློ་ཡིན། དེ་གང་གི་ཕྱིར་བསླུ་བ་མེད་པ་ཡིན་པར་འདོད་གཞན་ཡང། ཚོར་བ་སྡུག་བསྔལ་སྡུག་བསྔལ་ཡིན། །སྐྱེ་སོགས་སྡུག་བསྔལ་ཉིད་ཅི་ལྟར། །གང་སྐྱེས་པ་ན་བྲལ་བར ་འདུན་པ་འབྱུང་བའི་ཉམས་སུ་མྱོང་བའི་སྡུག་བསྔལ་འདི་མ་ཡིན་པ་ཉམས་སུ་མྱོང་བ་གཞན་སྐྱེ་བ་དང། རྒ་བ་དང། ན་པ་དང་།འཆི་བ་དང། མྱ་ངན་ལ་སོགས་པ་རྣམས་ཅིའི་ཕྱིར་སྡུག་བསྔལ་ཡིན་།མི་རྟག་ཕྱིར་ན་སྡུག་བསྔལ་ན། །རྒྱུ་དང་ལམ་ཡང་སྡུག་བསྔལ་ཉིད།། ་གང་དང་གང་མི་རྟག་པ་དེ་དང་དེ་སྡུག་བསྔལ་ཡིན་ན་ཀུན་འབྱུང་བ་དང་ལམ་ཡང་སྡུག་བསྔལ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ནི་སྡུག་བསྔལ་དང་འགོག་པ་ཞེས་བྱ་བ་བདེན་པ་གཉིས་སུ་འགྱུར་རོ། །སྡུག་བསྔལ་རྒྱུ་ཡིན་ཕྱིར་ཞེ་ན། །ཀུན་འབྱུང ་སྡུག་བསྔལ་ཉིད་དུ་འགྱུར། །གང་གི་ཕྱིར་སྐྱེ་བ་ལ་སོགས་པ་རྣམས་སྡུག་བསྔལ་ཉམས་སུ་མྱོང་པའི་རྒྱུ་གྱུར་པ་རྣམས་ཀྱང་སྡུག་བསྔལ་ཉིད་ཡིན་པར་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ནས་སྐྱེ་བ་ལ་སོགས་པ་ཡང་སྡུག་བསྔལ་ཉིད་དུ་འདོད་དོ་ཞེ་ན་།གང་དང་གང ་སྡུག་བསྔལ་ཉམས་སུ་མྱོང་བའི་རྒྱུར་གྱུར་བ་དེ་དང་དེ་སྡུག་བསྔལ་ཞེས་བྱ་བ་ནི་མ་རིག་པ་དང་སྲེད་པ་དང་ལས་རྣམས་ལ་ཀུན་འབྱུང་ཞེས་བྱ་བའི་སྡུག་བསྔལ་ཉམས་སུ་མྱོང་བའི་རྒྱུར་གྱུར་པ་རྣམས་ཀྱང་སྡུག་བསྔལ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་གྱུར་ན་ནི ་སྡུག་བསྔལ་ཉིད་དང་།འགོག་པ་དང། ལམ་ཞེས་བྱ་བ་བདེན་པ་གསུམ་དུ་འགྱུར། །གཞན་ཡང་སྡུག་བསྔལ་ཉིད་ནི་ཚིག་ཙམ་ཕྱིར་རོ། །དེ་ཤེས་ཇི་ལྟར་སྡུག་བསྔལ་ཤེས། །བཏགས་པ་དང་ཚིགས་ཙམ་དང་ཀུན་རྫོབ་དང་ཉེ་བར་བཏགས་པ་ཞེས་བྱ་སྟེ། ་ཚིག་ཙམ་དུ་ཉེ་བར་བཏགས་པ་ཉིད་ནི་ཚིག་ཙམ་ཞེས་བྱ་བའི་ཐ་ཚིག་གོ་།སྐྱེ་བ་ལ་སོགས་བ་རྣམས་ངོ་བོ་ཉིད་ཀྱི་སྡུག་བསྔལ་མ་ཡིན་ཡང་ཚིག་ཙམ་དུ་ཐ་སྙད་ཀྱིས་ཉེ་བར་བཏགས་ནས་སྡུག་བསྔལ་ཞེས་བརྗོད་པར་བྱེད་ན་ནི་གང་དང་གང་སྐྱེ་ ་བ་ལ་སོགས་པ་སྡུག་བསྔལ་ཤེས་དེ་དང་དེ་ཡང་ཉེ་བར་བཏགས་པ་པ་ཡིན་གྱི། ཡང་དག་པ་པ་མ་ཡིན་པས་དེ་བདེན་པ་ཉིད་དུ་ཇི་ལྟར་འགྱུར། དེ་ལྟ་བུའི་སྡུག་བསྔལ་ལ་སོགས་བ་ཤེས་པ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཚད་མས་ཀྱང ་བསྒྲུབ་པར་བྱ་སྟེ། སྡུག་བསྔལ་ཡུལ་ཅན་ཤེས་པ་དེ། །དེ་ཉིད་དུ་ན་བདེན་པ་མིན། །སྡུག་བསྔལ་ཉིད་དུ་དེ་ཤེས་ཕྱིར། །ཕུག་སོགས་སྡུག་བསྔལ་བློ་བཞིན་ནོ། །འདི་ནི་སྡུག་བསྔལ་ལོ་ཞེས་གང་ཤེས་པ་སྐྱེ་བར་འགྱུར་བ་དེ་ནི་ཡང་དག་པ་ཉིད་དུ་བདེན ་པ་མ་ཡིན་ཏེ། དེས་སྡུག་བསྔལ་གྱི་རྣམ་པར་ཡོངས་སུ་ཤེས་པའི་ཕྱིར་དཔེར་ན་དམྱལ་བའམ། གང་གཡུལ་དུ་ཞུགས་པ་རྣམས་མདའ་དང། མདུང་དང། རལ་གྲི་རྣོན་པོས་ཕུག་ཅིང་བཅད་པ་དང། སྒྱོགས་ལ་སོགས་པས་གནོད་པར་བྱས་པ་ལ་སོགས་པའི་བདེ ་བའི་མི་མཐུན་པར་གྱུར་པའི་སྡུག་བསྔལ་དེ་ལྟ་བུ་དང་ལྡན་པའི་བློ་བཞིན་ནོ། །དེ་ལྟར་སྡུག་བསྔལ་གྱི་བདེན་པ་བཀག་ནས་ཀུན་འབྱུང་གི་བདེན་པ་དགག་པར་བརྩམས་པར་བྱ་སྟེ་།རྒྱུ་ནི་སྡུག་བསྔལ་རྒྱུ་ཉིད་དུ། །མི་རིགས་ཀུན་འབྱུང་བདག་ཉིད་ཕྱིར། །རལ་གྲིས ་བཤགས་སོགས་བཞིན་དུ་འམ། །སེམས་འབྱུང་ཡིན་ཕྱིར་ལམ་བཞིན་ནོ། །མ་རིག་པ་དང་སྲེད་པ་དང། ལུས་ཞེས་བྱ་བ་གང་རྣམས་སྡུག་བསྔལ་གྱི་རྒྱུར་འདོད་པ་དེ་རྣམས་ནི་འདི་དག་ཀུན་ཏུ་འབྱུང་བའི་ཕྱིར་ཀུན་འབྱུང་ཡིན་ནོ་ཞེས་བྱ་བར་མི་རིགས་ཏེ། སྡུག་བསྔལ ་གྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར། །རལ་གྲིས་བཤེགས་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུར་གྱུར་པ་བཞིན་ནོ། །ཡང་ན་ཀུན་འབྱུང་ཡང་སེམས་ལས་བྱུང་བ་ཡིན་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་འབྱུང་བའི་རྒྱུ་མ་ཡིན་པ ་བཞིན་ནོ། །དེ་བཞིན་དུ་སྡུག་བསྔལ་རྒྱུ་ཡི་ཡུལ་ཅན་གྱི། །བློ་དེ་རྫུན་པ་ཉིད་དུ་འདོད། །རྒྱུ་སོགས་རྣམ་པར་རྟོགས་པའི་ཕྱིར། །སྡུག་བསྔལ་རྒྱུ་ཡི་བློ་ཅན་བཞིན། །གང་དང་གང་སྡུག་བསྔལ་གྱི་རྒྱུའི་ཡུལ་ཅན་གྱི་བློ་ཡིན་པ་དེ་དང་དེ་ནི་ཡང་དག་པར་བདེན་པ ་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱས་སྡུག་བསྔལ་རབ་ཏུ་འབྱུང་བ་ཡིན་ནོ་ཞེས་དེས་རྟོགས་པའི་ཕྱིར་དཔེར?་ན་རལ་གྲིས་བཤགས་པ་ལ་སོགས་པ་ལ་འདི་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེས་རྟོག་པའི་བློ་བཞིན་ནོ། །ཀུན་འབྱུང་བ་རབ་ཏུ་བཀག་ནས་འགོག་པའི་བདེན་པ ་དགག་བར་བྱ་བའི་ཕྱིར། །སྐྱེ་མེད་འགག་པ་ཡོད་མིན་ཏེ། །སྔར་སྨྲས་པ་ཡི་དགག་པ་ཉིད། །ཅེས་བྱ་བ་སྨྲས་ཏེ། སྔར་བསྟན་བཅོས་འདི་ཉིད་དུ་སྐྱེ་བ་ཐམས་ཅད་རེ་ཞིག་བཀག་པས་དེའི་ཕྱིར་མ་སྐྱེས་པ་ལ་འགག་པ་ཡང་མེད་པར་རབ་ཏུ་བསྒྲུབ་པ་ཡིན ་ཏེ། དེ་མེད་ན་ཡང་དག་བར་ནི་འགོག་བ་ཉིད་ཀྱང་ཡོད་པ་མ་ཡིན་ན་དེ་བ་དེན་པའི་དོན་ཡིན་བ་བལྟ་ག་ལ་འགྱུར། །དེ་ལྟ་བས་ན། སྐྱེས་པ་འགག་ན་མ་སྐྱེས་ལ། །ནམ་མཁའ་ཨི་མེ་ཏོག་བཞིན་མི་རིགས། །སྐྱེས་པ་ཉིད་ནི་ཀུན་རྫོབ་ཏུ་འགག་པའི་རྒྱུར ་གྱུར་བ་ཡིན་ཏེ། ཀོང་བུ་དང་སྣུམ་དང་སྡོང་བུ་ལ་སོགས་པ་ཚོགས་པ་ལས་མར་མེ་འབྱུང་ལ། རྐྱེན་དང་བྲལ་བར་གྱུར་བ་ལས་འགོག་པར་མཐོང་བ་བཞིན་ནོ། །ཡང་ན་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་རྣམས་ནི་སྐྱེ་བ་མེད་བས་འགག་བ་ཡང་མེད་པ་ཉིད་དུ་བསྟན་པ་ཡིན ་ཏེ། དེའི་ཕྱིར་ནམ་སྐྱེས་བ་ལ་འགག་པ་ཡོད་པར་ག་ལ་འགྱུར། གཞན་ཡང་གང་ཚེ་སྐྱེ་བས་དེ་མ་སྐྱེས། །འགོག་བ་ཉིད་ཀྱིས་འགོག་ཡིན་བར། །མི་འདོད་དེ་ཚེ་མཁས་པ་ཁྱོད། །ཅི་ཞིག་བདེན་བར་ཡོད་བ་སྨྲོས། །སྐྱེས་པར་གྱུར་བའི་དངོས་པོའི་འགག་པར ་འགྱུར་བ་ལ་འགག་པ་ཞེས་བྱ་བ་ཡིན་པས་དངོས་པོ་ཉམས་པར་འགྱུར་བ་འགག་པ་ཞེས་བྱ་བའི་ཚིག་ཏུ་བརྗོད་པར་འགྱུར་ན། གང་དེ་སྐྱེ་བ་ཉིད་དུ་མ་སྐྱེས་པར་བདག་གིས་བསྒྲུབ་ཟིན་པ་དེ་།ཀྱེ་མཁས་པར་ང་རྒྱལ་བྱེད་པ་ཁྱོད་དེ་ལ་ཅི་ཞིག་ཡང་དག་པར ་བདེན་བ་ཉིད་དུ་ཡོད་པ་དེ་སྨྲ་དགོས་སོ། །ཡང་ན་སྐྱེ་བ་མེད་ཀྱང་དེ་ཁོ་ན་ཉིད་དུ་འགོག་པ་ཁྱོད་འདོད་ན་དེ་ལྟ་བུ་དེ་འགེགས་པར་བྱེད་པའི་རྗེས་སུ་དཔག་པར་བྱེད་བ་བྱ་བ་ཉིད་དེ། མ་སྐྱེས་པ་ཡི་འགོག་བ་ཡང། །ཡང་དག་ཏུ་ན་འགོག་པ་མིན། །མ་སྐྱེས་བ་ཡི ་འགོག་ཡིན་ཕྱིར། །སོ་སོར་རྟགས་མིན་འགོག་བ་བཞིན། །གང་འགོག་ལ་མི་འབྲལ་བ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཡིན་ལ་དེ་ནི་བདེན་པ་མ་ཡིན་ཏེ། ཤེས་རབ་ཀྱི་སྔོན་དུ་མ་བྱས་ན་ཡང་ངོ་བོ་ཉིད་ཀྱིས་སྐད་ཅིག་མའི་འཇིག་པས ་འཇིག་བའི་འདུས་བྱས་ཐམས་ཅད་ཀྱི་འགོག་པ་ཡོད་པས་སོ། །གང་ཤེས་རབ་ཀྱི་སོ་སོར་བརྟགས་ནས་འགོག་པ་ཐོབ་བ་ཐོབ་བ་དེ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། དེས་ནི་འབྲལ་བར་བྱེད་པ་ཡིན་པས་ཡང་དག་པ་ཡིན་ཏེ། ཤེས་རབ་སྔོན་དུ ་སོང་བའི་ཕྱིར་རོ། །དེ་དག་གཉི་ག་ཡང་སྐྱེ་བ་མེད་བའི་ངོ་བོ་ཉིད་ལ་འགོག་པ་ཡིན་པར་བརྟགས་བ་ཡིན་དེ་ལ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བཞིན་དུ་སོ་སོར་བརྟགས་པའི་འགོག་པ་ཡང་དོན་དམ་པ་པ་མ་ཡིན་ནོ་ཞེས་རིག་པར་བྱ་བ་ཡིན་ནོ། །དེ་ལྟར་འགོག་པའི ་བདེན་བ་བཀག་ནས་ལམ་གྱི་བདེན་བ་ཡང་དགག་བར་བྱ་བའི་ཕྱིར། །འགོག་པ་ངོ་བོ་ཉིད་མེད་ན། །ཁྱོད་ཀྱིས་ལམ་གྱིས་ཅི་ཞིག་ལེན། །མ་སྐྱེས་ལམ་ཡང་ཇི་ལྟར་ཡིན། །གང་གིས་ཅི་ཞིག་ཐོབ་བར་བྱེད། །འགོག་པ་ཐོབ་བར་བྱེད་བའི་རྒྱུ་ནི་ལམ་ཡིན་པར་འདོད་ན་གང ་གི་ཚེ་དེ་ལྟར་བརྟགས་པར་བྱས་པ་ན་འགོག་པའི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་པ་དེའི་ཚེ་།ཅི་ཞིག་འཚོལ་ཞིང་ཐོབ་པར་བྱེད་ན་ལམ་ཞེས་བྱ་བའི་སྒྲ་བརྗོད་པར་བྱེད། །ལམ་འདི་ཡང་རང་གི་ངོ་བོར་མ་སྐྱེས་བས་མ་སྐྱེས་པའི་རྣལ་འབྱོར་གང་གིས་མ་སྐྱེས་པའི ་འགོག་པའི་བདེན་པ་གང་ཞིག་འཐོབ་པར་འགྱུར་ཚད་མས་ཀྱང་འདི་ལྟར་བསྒྲུབས་ཏེ། ལམ་གྱི་ངན་གྲོལ་ཐོབ་མིན་ཏེ། །འདུས་བྱས་ཡིན་ཕྱིར་གཞན་བཞིན་ནམ། འགོག་པ་ལ་ནི་དམིགས་བའི་ཕྱིར། །དེ་ལས་གཞན་པའི་འགོག་པ་བཞིན། །ངན་པ་ཞེས ་བྱ་བ་ནི་དམད་པ་སྟེ། །འདོད་པ་དང་གཟུགས་དང། གཟུགས་མེད་པའི་ཁམས་ལ་བརྟེན་པའི་སེམས་སོ། །སྤངས་པའི་ཕྱིར་ངན་གྲོལ་ཏེ་ཐར་བའོ། །དེ་ཐོབ་བར་འགྱུར་བའི་རྒྱུ་ནི་ལམ་མ་ཡིན་ཏེ། །འདུས་བྱས་ཡིན་པའི་ཕྱིར་དགེ་བ་བཅུ་ཞེས་བྱ་བ་མཐོ་རིས་ཀྱི་ལམ ་བཞིན་ནམ། འགོག་བ་མངོན་དུ་བྱ་བའི་ཕྱིར་གོམས་པར་བྱེད་པའི་ལམ་འདི་ནི་འགོག་པ་ལ་དམིགས་བར་བྱེད་པ་ཉིད་ཡིན་པས་འགོག་པ་ལ་དམིགས་པ་ཡིན་པའི་ཕྱིར་སོ་སོར་བརྟགས་བ་མ་ཡིན་པའི་འགོག་པའི་བློ་བཞིན་ནོ། །ཡང་དག་པའི་ལྟ་བ་ལ ་སོགས་པའི་ལམ་རྣམས་སོ་སོར་དགའ་བར་བྱ་བའི་ཕྱིར། སྤྱི་ལ་དམིགས་པ་ཡིན་ཕྱིར་རམ། །འདུས་བྱས་ཡིན་ཕྱིར་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་མཐོང་བ་བརྫུན། །བརྫུན་པའི་ཤེས་བ་བཞིན་དུ་འདོད། ཅེས་བྱ་བ་སྨྲས་ཏེ་།གང་སྡུག ་བསྔལ་ཡང་སྡུག་བསྔལ་ཉིད་དུ། །ཀུན་འབྱུང་ཡང་ཀུན་འབྱུང་ཉིད་དུ། འགོག་པ་ཡང་འགོག་བ་ཉིད་དུ་ཤེས་པ་ནི་ཡང་དག་བའི་ལྟ་བ་ཡིན་ནོ། །དེ་ལ་སྡུག་བསྔལ་ལ་སོགས་པ་མཐོང་བ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེའི་ཆོས་བརྫུན་པ་ཉིད་ནི ་བསྒྲུབ་བར་བྱ་བའོ། །མི་རྟག་པ་དང་བདག་མེད་པ་དང། སྟོང་བ་ལ་སོགས་པ་སྤྱི་ལ་དམིགས་པའི་ཕྱིར་རམ་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །བརྫུན་པའི་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ནོ། །འདིས་ནི ་གང་དག་རྟོག་པ་དང། །རྩོལ་བ་སོགས་ཀྱང་བརྫུན་ཉིད་ཕྱིར། །ལམ་གྱི་བདེན་པ་དོན་དམ་དུ། །མི་བདེན་པར་ནི་གྲུབ་པ་ཡིན། །ཡང་དག་པ་ཡི་རྟོག་པ་དང། ཡང་དག་པ་ཡི་རྩོལ་བ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་ལས་ཀྱི་མཛའ་དང ་ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ལ་སོགས་པ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པར་ནི་བརྫུན་པ་ཡིན་ཏེ། སྤྱི་ལ་དམིགས་པ་ཡིན་པའི་ཕྱིར་རམ་།འདུས་བྱས་ཡིན་པའི་ཕྱིར་ཕྱིན་ཅི་ལོག་གི་རྟོག་པ་བཞིན་ནོ། །དེ་ལྟར་བྱས་ན་ལམ་གྱི ་བདེན་པ་ནི་དོན་དམ་པར་བདེན་པ་མ་ཡིན་ནོ། ཞེས་བྱ་བར་གྲུབ་པོ། །དེ་ལྟར་ཇི་ལྟར་བྱས་ན་ལམ་བདེན་པ་ཉིད་དུ་རིག་པ་ཡིན། དེས་ན་བསྒོམ་དེ་མི་རིགས་ལ། །སྡུག་བསྔལ་ལ་སོགས་མ་མཐོང་རིགས། །མཐོང་བ་རྣམས་ཀྱི་མ་མཐོང་གཟུགས། །ཐམས ་ཅད་དུ་ཡང་དེ་བཞིན་གནས། །དངོས་པོ་ལ་མངོན་པར་ཞེན་པ་ཁྱེད་ཀྱི་ཉན་ཐོས་ཀྱི་ཐག་པར་ལམ་བསྒོམ་པ་ཇི་ལྟར་བསྟན་པ་དེ་བདག་གིས་བརྟག་པའི་རིམ་བ་འདིས་དེ་དག་ཡང་དག་པའི་ལྟ་བ་ལ་སོགས་པའི་རྣམ་པ་དེས་ཐེག་པ་ཆེན་པོར་རིགས་པ་མ་ཡིན་ནོ།། ་སྡུག་བསྔལ་ལ་སོགས་པ་རྣམས་མཐོང་བ་མེད་པའི་བསྒོམ་པ་ནི་རིག་པ་ཡིན་པའི་ཕྱིར། །ཅི་ལྟར་ཞེ་ན། མཐོང་བ་སྟེ། སྡུག་བསྔལ་ལ་སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་རྫོགས་པ་རྣམས་ཀྱིའོ། །མ་མཐོང་གཟུགས་ཞེས་བྱ་བ་ནི་དངོས་པོ་མེད་པའི ་ངོ་བོ་ཉིད་དོ། །དེ་ནི་ཐམས་ཅད་དུ་སྟེ་།དུས་ཀུན་དུ་དེའི་རྣམས་བ་དེ་བཞིན་དུ་རབ་ཏུ་གནས་པ་ཡིན་ཏེ། གཞན་གྱི་བསམ་པ་བླངས་ནས་ཕྱོགས་སྔ་མ་ཉེ་བར་འགོད་པར་བྱེད་པ་ནི། གལ་ཏེ་བློ་ངན་འགའ་ཞིག་ནི། །བདེན་པ་མཐོང་བ་མི་འདོད་ཕྱིར། །ཁྱོད་ནི་ཐར་བར་རིཌ ་མིན་ཏེ། །བྱིས་པའི་སྐྱེ་བོ་བཞིན་ཞེ་ན། ཞེས་བྱ་བ་སྨྲས་ཏེ་།སྡུག་བསྔལ་ལ་སོགས་པའི་བདེན་བ་མཐོང་བ་ལ་སྡང་བའི་ཐེག་པ་ཆེན་པོ་པ་རྣམས་ནི་ཐར་བར་རིགས་པ་མ་ཡིན་ཏེ། བདེན་བ་མཐོང་བ་མེད་པའི་ཕྱིར་བྱིས་པ་སོ་སོའི་སྐྱེ་པོ་བཞིན་ནོ། །ཉན་ཐོས་ཀྱི་ཐེག ་པ་པ་གང་དག་?་གཏོད་བའི་བསམ་པས་དེ་སྐད་དུ་སྨྲ་བར་བྱེད་པ་དེ་དག་ལ་ལེན་བརྗོད་པར་བྱ་བའི་ཕྱིར། སྡུག་བསྔལ་དེས་སྡུག་མ་སྐྱེས་ཕྱིར། །སུ་ཞིག་ཐར་པ་གང་ལ་འདོད། །གྲོལ་བ་འང་སྒྱུ་མ་བྱས་པ་བཞིན། །འཁྲུལ་པའི་དབང་གིས་བསྟན་པ་ཡིན། །སྔར ་བསྟན་པའི་རིགས་པས་སྡུག་བསྔལ་སྐྱེ་བ་མེད་པ་ཡིན་པའི་ཕྱིར། སྡུག་བསྔལ་དེས་སྡུག་བསྔལ་བར་གྱུར་པ་ཡིན་སྐྱེ་བ་མེད་པ་ཡིན་ལ་སུ་ཞིག་སྐྱེ་བ་མེད་པའི་འཁོར་བ་ན་བསྡམས་པ་ཡོད་ནས་སྐྱེ་བ་མེད་པའི་ངེས་པར་འབྱུང་བ་གང་ཞིག་ཡོད་པ་ལ་འདོད་པ ་སྐྱེས་པར་བྱེད། འོན་ཀྱང་རྒྱུ་དང་རྐྱེན་གཞན་གྱི་དབང་ལ་བརྫུན་པའི་བདག་ཉིད་མི་བདེན་པའི་ཀུན་ཏུ་རྟོག་པའི་འཆིང་བས་བཅིངས་བ་དག་སྒྱུ་མ་བྱས་པ་བཞིན་དུ་འཁྲུལ་པའི་དབང་གིས་གོལ་བར་བརྗོད་པར་བྱའི། །དོན་དམ་པ་ནི་སུ་ཡང་བཅིངས་བ་འམ་ཐར་བ་ཡོད་བ་མ ་ཡིན་ནོ། །དེ་བཞིན་དུ་ཡང་།སྡུག་བསྔལ་ལ་སོགས་གང་དག་རྣམས། །གཏན་དུ་མ་མཐོང་གྲོལ་བར་འདོད། །དེ་ཕྱིར་དཔེ་ཡང་ཡོད་མིན་ལ། །དེ་བཞིན་གཏན་ཚིགས་མ་གྲུབ་ཉིད། །སྡུག་བསྔལ་ལ་སོགས་པ་རྣམས་རྣམ་པ་གང་གིས་ཀྱང་གཏན་དུ་མ་མཐོང་བ་ནི ་གྲོལ་བ་ཡིན་ནོ། །ཞེས་བྱ་བ་ཐེག་པ་ཆེན་པོའི་ཕྱོགས་འདི་ལ་བསྟན་པ་ཡིན་ཏེ། དེའི་མཐོང་བ་མེད་པ་དེ་ནི་ཆོས་ཙམ་མཐོང་བའི་ཉན་ཐོས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་གང་ཕྱོགས་སྔ་མར་སློབ་མའི་བྱང་ཆུབ་བཞིན་ཞེས་བྱ་བའི་དཔེ་ཉེ་བར་བསྟན ་པའི་དཔེ་ཡང་ཡོད་པ་མ་ཡིན་ལ། དེ་བཞིན་དུ་ལམ་བསྒོམ་པ་ཕུལ་དུ་བྱུང་བས་སྟོན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བྱུང་བ་ཡིན་གྱི། དབང་པོ་ཁྱད་པར་དུ་འཕགས་པས་ནི་མ་ཡིན་ཏེ། དེས་ན་དབང་པོ་ཁྱད་པར་དུ་འཕཊ ་པ་ཞེས་བྱ་བའི་གཏན་ཚིགས་བདག་ཅག་ལ་སྨྲས་པ་འདི་མ་གྲུབ་པ་ཡིན་ནོ། །ལམ་གྱི་ཁྱད་པར་གཞན་བསྟན་པ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ཀྱང་འདི་ལྟར་མ་གྲུབ་པ་ཡིན་ཏེ། ཇི་ལྟར་ཞེ་ན། ཡང་དག་ལྟ་བ་སྔོན་འགྲོ་བའི། །ཇི་ལྟར་འབྱུང ་བའི་ལམ་འདི་ཉིད། །ཐེག་ཆེན་དུ་ཡང་ཉེ་བར་བསྟན་པས། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །ཡང་དག་པའི་ལྟ་བ་ལ་སོགས་པའི་རྣམ་པའི་མཚན་ཉིད་ཇི་ལྟ་བ་ཉིད་ཀྱི་ཀུན་རྫོབ་ཏུ་བསྒོམ་པར་བྱ་བ་ཡིན་ལ། དེ་ཁོ་ན་ཉིད་རྟོགS་པའི་དུས་སུ་ནི་མཐོང ་བ་མེད་བ་ལ་སོགས་པའི་རྣམ་པར་བསྒོམ་པར་བྱ་བ་ཡིན་པས་དེས་ན་ཐེག་པ་ཆེན་པོ་འདིར་བསྒོམ་བ་བྱེ་བྲག་ཏུ་བསྟན་པ་ཡིན་གྱི། ཡང་ལམ་གཞན་ནི་མ་ཡིན་བས་དེའི་ཕྱིར་ལམ་གཞན་ཉེ་བར་བསྟན་པས་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས ་མ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་བདེན་པ་གཉིས་ལ་ཉེར་བརྟེན་ནས། །སངས་རྒྱས་རྣམས་ཀྱི་ཆོས་བསྟན་ཏེ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང། །དོན་དམ་ཉིད་ཀྱི་བདེན་པའོ། །བཅོམ་ལྡན་འདས་ཀྱི་རྩོམ་པ་ནི་འཇིག་རྟེན་ལ་ཕན་པའི་ཕྱིར ་ཡིན་པས་དེ་ཁོ་ན་ཉིད་མཆོག་ཏུ་འཛིན་པར་མི་མཛད་ཀྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་བྲལ་བ་དང་རྗེས་སུ་མཐུན་བ་ཉིད་དང། སེམས་ཅན་གཡེང་བའི་བསམ་བ་ཅན་ལ་བལྟོས་ནས་དོན་ཁ་ཅིག་ཡང་དག་པར་མ་ཡིན་དུ་ཟིན་ཀྱང་དོན་དམ་པ ་ཉིད་དུ་རྣམ་པར་བྱང་བ་དང་རྗེས་སུ་མཐུན་པར་རྗེས་སུ་སྟོན་པར་མཛད་དེ། དེ་ལྟ་བུ་ཞེ་ན། གསུངས་བ་དགེ་སློང་རྣམས་ཁྱེད་རྣམས་ཀྱི་འདི་ལྟར་བུད་མེད་མ་དང་འདྲ་བར་མཐོང་ན་ནི་མའི་འདུ་ཤེས་བསྐྱེད་བར་བྱའོ། །དེ་བཞིན་དུ་སྲིང་མོ་དང་འདྲ་བའི་བུད་མེད་དམ་བུ་མོ ་དང་འདྲ་བའི་བུད་མེད་མཐོང་བ་ན་བུ་མོའི་འདུ་ཤེས་ཉེ་བར་བཞག་བར་བྱའོ། །ཞེས་བྱ་བ་དང་དེ་བཞིན་དུ་སེམས་ཅན་བརྫུས་ཏེ། སྐྱེ་བ་ཡོད་དོ་ཞེས་བྱ་བ་དང། གང་ཟག་གཅིག་འཇིག་རྟེན་དུ་བྱུང་བར་གྱུར་ཅིང་བྱུང་ན་ཞེས་བྱ་བ་དང། སེམས་ཅན་ཐམས་ཅད་ནི་ཟས ་ཀྱི་གནས་སོ་ཞེས་བྱ་བ་དང་།ད་ནི་རྒས་ཤིང་འཁོགས་སོ་ཞེས་བྱ་བ་ལྟ་བུ་དག་གོ་།ཇི་ལྟར་དྲི་མ་ཁ་ཅིག་ནི་ས་དང་ཐལ་བ་དང་ལྕི་བ་ལ་སོགས་པའི་དྲི་མས་དག་པར་བྱེད་པར་ནུས་ལ། དུ་བ་དང་སྣུམ་དང་འདམ་ལ་སོགས་པའི་དྲི་མ་ཁ་ཅིག་ནི་ཉེ་བར་སོགས་པར་བྱེད ་པ་ཡིན་པ་དེ་བཞིན་དུ་རྣམ་པར་རྟོག་པ་ཡང་ཕན་པ་དང་མི་ཕན་པའི་རྒྱུ་ཉིད་དུ་འགྱུར་བ་ཡིན་ཏེ། འདི་ལྟར་བླ་མའི་ཆུང་མ་ལ་མ་དང་སྲིང་མོ་ལྟར་རྣམ་པར་རྟོག་པ་ནི་ཕན་པའི་རྒྱུ་ཡིན་ལ་།དེ་ཉིད་ལ་ཆུང་མར་མི་བདེན་པར་བཏགས་པ་ནི་མི་འདོད་པ་དང་རྗེས་སུ ་འབྲེལ་པ་ཡིན་ནོ། །འདིར་གསུངས་པ། མཁས་པས་དྲི་མ་དང་བྲལ་ན། །གོས་ནི་ཤིན་ཏུ་དག་པར་འགྱུར། །དེ་བཞིན་དངོས་པོ་ཀུན་རྫོབ་ཏུ། །ཀུན་རྫོབ་མཆོག་ཏུ་དབྲལ་བ་ཡིན། །ཞེས་ཀྱང་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པ་ཉིད་རྣམ་པ་སྣ་ཚོཌ ་སྤྲུལ་པའི་སྦྱོར་བས་ལེགས་པར་གསུངས་པ་འཇིག་རྟེན་དུ་གྲགས་པར་མཛད་པ་ཡིན་ནོ། །ཞེས་བྱ་བར་རིགས་བྱེད་མཛའ་ཡང་ལེགས་བསྟན་གང། །དེ་ཀུན་སངས་རྒྱས་གསུངས་པ་ཡིན། །དེ་ཕྱིར་དཔེ་ནི་མ་གྲུབ་སྟེ། །ཐེ་ཚོམ་ཟན་བརྟག་པར་གྱིས། ། ་ཞེས་བྱ་བ་སྨྲས་ཏེ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། རིག་བྱེད་མཛའ་བའི་ལྟ་བ་བཞིན་ནོ་ཞེས་སྔར་གང་སྨྲས་པ་དེ་ལ་རིག་བྱེད་ཀྱི་མཛའ་དབེར་བརྗོད་པ་ནི་བསྒྲུབ་བྱའི་ནང་དུ་འདུས་པས་བསྒྲུབ་བྱ་དཔེ་མ་གྲུབ་པའི་སྐྱོན་ཡོད་དོ། ། ་མ་ཡིན་ཏེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པ་ངན་པར་སྨྲས་པ་མང་པོ་སྨྲ་བར་བྱེད་བའི་རིགས་བྱེད་ཀྱི་ཡན་ལག་དེ་དག་དཔེར་འགྱུར་རོ་ཞེ་ན་།ཐེག་པ་ཆེན་པོར་དེ་ལྟ་བུ་མ་བསྟན་པས་སྐྱོན་ཡོད་པ་མ་ཡིན་ནོ། །ཐེག་པ་ཆེན་པོ་ནི་གཙུག་ལག ་གསུམ་གྱི་གསུང་རབ་དང་ཡང་འགལ་བ་ཡང་མ་ཡིན་ལ་ཆོས་ཉིད་དང་འགལ་བར་བསྟན་པ་ཡང་མེད་དེ། ཇི་ལྟར་སྔར་བསྒྲུབ་པ་བཞིན་ནོ། །གང་སངས་རྒྱས་ཀྱི་བཀའ་དང་མི་འགལ་བའི་ལེགས་པར་སྨྲས་པའི་རིག་བྱེད་ནི་གཟུང་བར ་བྱ་བ་ཡིན་ལ་ཉེ་བར་སྨྲས་པ་ནི་གཟུང་བར་བྱ་བ་མ་ཡིན་ཏེ། ཐེ་ཚོམ་ཟན་ཡོངས་སུ་དཔྱོད་ཅིང་དེ་ལྟ་བས་ན་རིགས་པ་ནི་གཟུང་བར་བྱ་ལ་།མི་རིགས་པ་ནི་གཟུང་བར་བྱ་བ་མ་ཡིན་ནོ། །གང་ཡང་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པས་ཐེག་པ་ཆེན་པོ་བ་ནི ་མེད་པར་ལྟ་བ་དང་འདྲའོ་ཞེས་ཟེར་བ་དེ་ལ་ལན་གདབ་པར་བྱ། ཡོད་དང་མེད་པའི་རྟོག་བྲལ་ཞིང། །ཤེས་རབ་སྤྱོད་པས་གནས་པ་ལ། །རྒྱུ་དང་འབྲས་བུ་སྐུར་འདེབས་པའི། །ལྟ་བ་གང་ཡོད་འདོད་པ་གང། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་བདག་ཅག་ཡོད ་པའི་ཕྱོགས་སྤངས་ཏེ་མེད་པའི་ཕྱོགས་ལེན་པར་བྱེད་ན་ནི་མེད་པ་བ་ཉིད་ཡིན་ན་འདི་ལྟར་བདག་ཅག་ཡོད་པ་དང་མེད་པའི་མཛའ་གཉི་ག་བཏང་ནས་དབུ་མར་བསྒྲུབ་པར་བཟུང་བ་ལ་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན ་ན་དེ་ལ་ཇི་ལྟར་ན་བདག་ཅག་མེད་པར་ལྟ་བ་པ་ཡིན་ནོ་ཞེས་སྒྲོ་འདོགས་པར་བྱེད། གང་གི་ཕྱིར་ཤེS་རབ་ལ་སྤྱོད་པས་ཡོད་པ་དང་མེད་པའི་རྟོག་པ་དང་བྲལ་བར་བྱེད་པ་དེ་ནི་ཡོད་དང་མེད་པའི་རྟོག་པ་དང་བྲལ་ཞིང་ཤེས་རབ་སྤྱོད་པ་སྟེ། གང་དག་ལ་ངང་ཚུལ་འདི་རྣམས་ཡོད ་པ་དེ་ནི་ཡོད་པའི་རྟོག་པ་དང་བྲལ་ཞིང་ཤེས་རབ་སྤྱོད་པས་གནས་པ་ལའོ། །དེ་དག་ནི་ཡོད་པ་དང་མེད་པ་དང་གཉི་གའི་མཛའ་སྤངས་པས་ལྟ་བ་ལ་མངོན་པར་ཞེན་ཅིང་དངོས་པོ་ཅི་ཞིག་མངོན་པར་འཛིན་པ་སྐྱེ་བར་འགྱུར་ཏེ་།སྒྲོ་འདོགས་པ་དང་སྐུར ་བ་འདེབས་པའི་མཛའ་མངོན་པར་སྤངས་པ་ལ་དོན་དམ་བ་ཉིད་དུ་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པའི་ལྟ་བ་འདི་ལྟ་བུ་ཡོད་བ་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི། རྒྱུ་དང་འབྲས་བུ་འབྲེལ་བ་དག་།འཇིག་རྟེན་གྲགས་པ་ཇི་ལྟ་བར། །དེ་བཞིན་དེ་ནི་འགོག་པ་མིན། །དེ་ཕྱིར ་གཏན་ཚིགས་མ་གྲུབ་ཉིད། །འཇིག་རྟེན་འདི་ཡང་མེད། །འཇིག་རྟེན་ཕ་རོལ་ཡང་མེད། ལེགས་བར་བྱས་པ་དང་ཉེS་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་ཅེས་བྱ་བའི་ལོག་པར་ལྟ་བ་སྤངས་ནས་འཇིག་རྟེན་འདི་ཡང་ཡོད་།ལེགས་པར་བྱས ་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་བར་སྨིན་པ་ཡང་ཡོད་དོ་ཞེས་བྱ་བ་རང་གིས་ཉེ་བར་བསགས་པའི་ལས་རྣམས་ཡོངས་སུ་སྨིན་པར་གྱུར་བ་ཐོབ་ནས་དུས་གཞན་འབྲས་བུ་ཉམས་སུ་མྱོང་ངོ་ཞེས་འཇིག་རྟེན་ལ་ཇི་ལྟར་གྲགས་པ་དེ་ནི་བདག་ཅག་གིས ་ཀྱང་མི་འགོག་པས་དེའི་ཕྱིར་ན་བདག་ཅག་ལ་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་གཏན་ཚིགས་སྨྲས་བ་དེ་མ་གྲུབ་པ་ཉིད་དོ། །མེད་བར་ལྟ་བ་མདོར་བསྡུས་ན་འབྲས་བུ་མེད་དེ་དེ་བཞིན་ལས། །བསོད་ནམས་མེད་པ་ངན་འགྲོ་བ། །ལོག་པར་ལྟ་བ་ཞེས་བརྗོད་དོ།། ་ཡོད་བར་ལྟ་བ་མདོར་བསྡུ་ན། །འབྲས་བུ་ཡོད་དོ་ལས་རྣམས་ཀྱི། །བསོད་ནམས་བདེ་འགྲོའི་རྒྱུ་མཐུན་པ། །ཡང་དག་ལྟ་བས་འདི་དྲན་བྱ། །མེད་པ་པ་ནི་ངན་འགྲོར་འགྲོ། །མེད་ལས་གཞན་པ་བཟང་འགྲོ་སྟེ། །གཉི་ག་ཡོངས་སུ་སྤངས་པ་ཡི། །གཉིས་མེད་བརྟེན ་བ་ཐར་བར་འགྱུར། །ཞེས་ཀྱང་གསུངས་པས་དེས་ན་གཉིས་སུ་མེད་པར་སྨྲ་བ་བདག་ཅག་ནི་མེད་བ་པ་མ་ཡིན་ནོ། །འདི་དག་ཉིད་སྒྲུབ་པར་བྱེད་པ་དབུ་མའི་རྩ་པ་ལས་ཀྱང་བསྟན་ཏེ། དབུ་མར་སྨྲ་བར་རྣམས་མེད་པ་པ་དང་འདྲའོ། །ཞེས་བྱ་བ་དེ་ཐ་སྙད་ཀྱི་དུས ་སམ་དེ་ཁོ་ན་ཉིད་མཐོང་བའི་གང་ལ་བརྟག་པར་བྱ་།དེ་ལ་རེ་ཞིག་མེད་པ་པོ་ནི་ཐ་སྙད་ཀྱིས་དུས་ཀྱི་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པ་ལ་མངོན་བར་ཞེན་ཞིང་དཀར་པོའི་ཕྱོགས་མ་ལུས་བ་དྲུངས་ནས་ཕྱུང་ཞིང་མི་དགེ་བའི་ལམ་ཐམས་ཅད་ལ་ཞུགས་ནས་ཡང ་དག་པའི་ཐ་སྙད་ཀྱི་བདེན་པ་ལ་གནོད་པ་ཡིན་ན་བདག་ཅག་ནི་སྒྱུ་མ་དང་སྨིག་རྒྱུ་ཙམ་དུ་བཏགས་པའི་རྒྱུ་དང་འབྲས་བུ་འབྲེལ་པ་ལ་སྐུར་བ་ཡང་མི་འདེབས་པས་མི་དགེ་བའི་ལམ་ལ་ཞུགས་པ་ཡང་མ་ཡིན་ཅིང། ཟག་པ་དང་བཅས་པའི་ཕུང་པོ་འདི་ལས་ཡང ་སྲིད་བའི་ཕུང་པོ་འབྱུང་བར་མི་འདོད་པ་ཡང་མ་ཡིན་པས་ཕུང་པོ་རྣམS་ནི་ཕུང་པོ་གཞན་འགག་བ་སྔོན་དུ་སོང་བ་ལས་ང་ལྟར་གྱི་དང་མ་འོངས་བའི་འབྱུང་བར་མི་སྒྲུབ་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་སྒྱུ་མ་དང་རྨི་ལམ་བཞིན་དུ་འདོད ་བས་ཐ་སྙད་ཀྱི་དུས་ན་མེད་པ་དང་བདག་ཅག་འདྲ་བ་མ་ཡིན་ནོ་དེ་ཁོ་ན་ཉིད་མཐོང་བའི་དུས་ན་ཡང་མ་ཡིན་ཏེ། འདི་ལྟར་ཡང་མེད་བ་པ་རྣམས་ཀྱི་མེད་པ་ནི་མེད་པའི་ཡུལ་ཙམ་གྱི་རྣམ་པར་ཤེས་པ་སྐྱེད་བར་བྱེད་ཅིང་དངོས་པོའི་དོན་ཐམས་ཅད་ལ་སྐུར་བ་འདེབས་བར ་བྱེད་པའི་ཕྱིར་ཕྱིན་ཅི་ལོག་གི་ཤེས་བས་དེ་ཚུལ་ཁྲིམས་འཆལ་པའི་དྲི་མས་བགོས་པར་གྱུར་བས་སྡུག་བསྔལ་ཞི་བར་མི་འགྱུར་རོ། །བདག་ཅག་གི་དེ་ཁོ་ན་ཉིད་མཐོང་བའི་དུས་ན་ནི་གང་གིས་ཕྱིར་གཟུགས་ལ་སོགས་པའི་དངོས་པོའི་ཡུལ་ལ་སྔར་བདེན་པའི ་བློ?་སྐྱེས་བར་གྱུར་བ་དེ་གཟུགས་ལ་སོགས་པའི་དངོས་པོ་དེ་དག་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་འདི་ནི་གཟུགས་ལ་སོགས་པའི་དངོས་པོ་བདེན་པའོ་སྙམ་པ་དེ་ལྡོག་པར་འགྱུར་རོ། །དོན་གྱི་ཤུགས་ཀྱིས་བྱུང་བའི་བློ་མེད་བའི་བློ་ཡང་འཇུག་པར་མི་འགྱུར་ཏེ། ་གཟུགས་ལ་སོགས་པའི་ཡུལ་འདི་ནི་མེད་བ་ཡིན་ནོ་ཞེས་བྱ་བའི་བླ་དེ་ཡང་དོན་དམ་པ་ཇི་ལྟ་བ་བཞིན་གྱི་དོན་དམ་པ་མ་ཡིན་ཏེ་།བློ་ཡིན་པའི་ཕྱིར་ཡོད་པའི་གློ་བཞིན་ནོ། །ཞེས་བྱ་བ་ནི་སུན་དབྱུང་བ་ཡིན་ཡང་ན་སྲིད་པར་སྣང་བ་གང་ལ་བློ་སྐྱེ་བར་འགྱུར་བ་དགག ་བར་བྱ། དེ་ལ་མེད་བའི་བློ་འབྱུང་བའི་སྐབས་ཡོད་པར་འགྱུར་བ་འདི་ལྟར་དགག་པར་བྱ་བའི་ངོ་བོ་མེད་པའི་ཕྱིར་མི་བདེན་པར་རྟོགས་པའི་སྒོ་ནས་མེད་པའི་བློ་ཡང་ལྡོག་པར་འགྱུར་རོ། །འཕྲོག་པ་མེད་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་དང། རབ་ཏུ ་དབེན་བར་གྱུར་པ་ལ་མེད་དོ། །ཞེས་བྱ་བ་བློ་ཡང་སྐྱེ་བར་མི་འགྱུར་པས་མེད་པ་ཞེས་བྱ་བའི་སྒྲ་ཙམ་ཡང་མཐུན་པ་ཡང་མེད་པ་པ་དང། དབུ་མར་སྨྲ་བ་ལ་ཡོད་པ་མ་ཡིན་ནོ། །སྟོན་པའི་དུས་ན་ཡང་ཡོད་པ་ཉིད་དགག་པ་ཙམ་བྱེད་གྱི་མེད་པ་ཉིད་སྒྲུབ་བ ་ནི་མ་ཡིན་བས་ཡུངས་ཀར་དང་རི་རབ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེ་བར་ཡོད་པ་ཡིན་ཏེ། ཇི་སྐད་དུ་འདི་ནི་ཡོད་ཉིད་འགོག་པ་སྟེ། མེད་ཉིད་ཡོངས་སུ་འཛིན་པ་མིན། །སྔོན་པོ་མིན་ཞེས་བརྗོད་བ་ཡིས། །དཀར་པོ་ཡིན་ཞེས་བརྗོད་དམ་ཅི། །ཞེས་གསུངས་པས་དེའི ་ཕྱིར་ན་ལྟ་བ་རྣམ་པ་གཉི་ག་ཡང་སྦྲོས་པ་མ་ལུས་པ་སྤངས་པས་ཞི་བའི་བདེ་བ་འདོད་པའི་མཁས་པ་རྣམས་ལ་སྡུག་བསྔལ་དུ་འགྱུར་བ་ཡིན་ནོ། །ཅི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང། འཇིག་རྟེན་ལས་འདས་པར་དགེ་བ་དང་མི་དགེ་བ་དང ་ལུང་དུ་མ་བསྟན་བ་རབ་ཏུ་ཐོབ་པའི་བདག་ཉིད་ཀྱི་དངོས་པོ་གང་དག་གིས་ཐ་སྙད་དུ་བྱ་བར་འོས་པ་དེ་དག་གལ་ཏེ་འདིར་རང་རང་གི་ངོ་བོ་དོན་དམ་པར་ཡོད་པར་གྱུར་ན་ནི་དགེ་བ་དང་མི་དགེ་བའི་ཆོS་བསྐྱེད་བ་དང་མ་བསྐྱེད་པའི་ཕྱིར་འབད་བ་དོན་མེད་པར་འགྱུར་ཏེ། བདེན ་པར་ཡོད་པའི་ཕྱིར་ཡོད་པར་གྱུར་བའི་བུམ་པ་དང་།རས་ཡུག་བཞིན་ཏེ་བདེ་བ་ཅན་ཡང་བདེ་བའི་ཁྱད་པར་ལས་ཉམས་པར་མི་འགྱུར་ལ། སྡུག་བསྔལ་ཅན་ཡང་སྡུག་བསྔལ་ལས་ཉམས་བར་མི་འགྱུར་ཏེ། རྩིག་ངོས་ལ་བྲིས་བའི་རི་མོ་བཞིན་དུ་སྐྱེ ་བ་དང་ན་ཚོད་དང་ཚད་དང་སྤྱོད་ལམ་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་སྲོག་ཆགས་རྣམས་ལ་རྗེས་སུ་འབྲེལ་བར་འགྱུར་རོ། །འོན་ཏེ་མེད་བའི་ངོ་བོ་ཉིད་ཡིན་ན་ཡང་ཁམས་གསུམ་པ་དང། འཇིག་རྟེན་ལས་འདས་པའི་དགེ་བ་དང་།མི་དགེ་བའི་ཆོས་རྣམས ་བསྐྱེད་པ་དང་མི་བསྐྱེད་པའི་ཕྱིར་འབད་པ་དོན་མེད་པ་ཡང་དེ་བཞིན་ཏེ་།སེམས་ཅན་མེད་པའི་ཕྱིར་ཇི་ལྟར་རི་བོང་གིར་རྣོ་བར་སྒྲུབ་པ་བཞིན་ཏེ་ངེས་ནི་ཐ་སྙད་ཆད་པར་ཐལ་བར་འགྱུར་རོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་འབར་བ།། ་བམ་བེ་བཅུ་བདུན་པ། །གང་གི་ཕྱིར་ལྟ་བ་ཛིན?་པའི་རབ་རིབ་ཀྱི་བློ་གྲོས་ཀྱི་མིག་ཉམས་པར་གྱུར་བ་ལ་འདི་སྐད་ཅེས་།གང་གིས་སྲིད་རྣམས་ཡོད་ཉིད་དང། །མེད་པ་ཉིད་མཐོང་བློ་དམན་པ། །དེས་ནི་མཐོང་བའི་ཉེར་ཞི་དང། །ཞི་བ་མཐོང་བ་མ་ཡིན ་ནོ། །ཞེས་བརྗོད་པ་དང། མདོ་སྡེ་ལས་ཀྱང་འདི་སྐད་དུ་གསུངས་ཏེ། གང་གིས་ཡོད་ཉིད་བསྒྲུབ་པ་ཡི། །རྐྱེན་ཉིད་གང་ཕྱིར་མེད་བ་ལ། །ལྟ་ངན་ཡོད་པར་སྨྲ་བ་ཡིས། །མེད་དང་ཡོད་པར་རབ་ཏུ་བསྟན། །དེ་བཞིན་ཡོད་མེད་ཡོད་མེད་མིན། །གང་ཚེའི? ་འདི་མཐོང་བ། །དེ་ཚེ་སེམས་ནི་ལྡོག་གྱུར་ནས། །བདག་མེད་པར་ནི་རྟོག་པར་འགྱུར། །ཞེས་གསུངས་པ་དང། དེ་བཞིན་དུ་འོང་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཛའ་གཅིག་སྟེ་མེད་ཅེས་བྱ་བ་འདི་ནི་མཛའ་གཅིག་སྟེ་མེད་ཅེས་བྱ་བ་འདི་ནི་མཛའ་གཉིས་པའོ། །གང་མཛའ་འདི་གཉིས་ཀྱི་དབུས་དེ་ནི་གཟུགས ་མེད་པ། བལྟར་མེད་པ། ཕྲད་པ་མེད་པ་།སྣང་བ་མེད་པ། དམ་པས་ཤེས་པར་བྱ་བ་མ་ཡིན་པ་།གནས་བ་མེད་པ་རྟེན་མེད་པ་འདི་ནི་དབུ་མར་སྒྲུབ་པ་ཆོས་རྣམས་ཀྱི་ཡང་དག་པ་ལ་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་བྱ་བ་དང་།དེ་བཞིན་དུ་ཀ་ཏ་ཡན་གང ་འཇིག་རྟེན་འདི་ནི་ཁྱད་པར་ལས་ཀྱང་ཁྱད་པར་ཅན་དུ་འབྱུང་བར་འདོད་པ་ཉེ་བར་གཟུང་བས་འདི་ལྟ་སྟེ། ཡོད་བ་དང་མེད་པ་ལ་རྟེན་པར་བྱེད་པ་ཆོས་འདི་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་གསུངས་པ་དང། དེ་བཞིན་དུ་ཀུན་དགའ་བོ ་ཡོད་ཅེས་ཟེར་བ་ནི་རྟག་པ་ཉིད་དུ་ལྟང་བར་འགྱུར་རོ། །མེད་པ་ནི་ཆད་པར་རོ། །གང་མཛའ་འདི་གཉིས་སྤངས་ནས་དབུ་མའི་བསྒྲུབ་པས་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་དེ་།འདི་ལྟ་སྟེ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པ ་གསུངས་པས། དབུ་མར་སྒྲུབ་པ་ལ་རྟེན་པའི་ཐེག་པ་ཆེན་པོ་པ་དབུ་མར་སྨྲ་བ་རྣམས་ནི་མེད་པ་པ་མ་ཡིན་ནོ། །དེ་ལྟར་ན་དཔེ་མ་གྲུབ་པས་བསྒྲུབ་པར་བྱ་བ་རྗེས་སུ་འཇུག་བ་མ་ཡིན་ནོ་གང་ཡང་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ་།མངོན་སུམ ་ལ་སོགས་པ་དང་འགལ་བའི་ཕྱིར་རོ་ཞེས་ཟེར་བ་དེ་ཡང་རིགས་བ་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་མངོན་སུམ་སྤྱོད་ཡུལ་གྱི། །ཀུན་རྫོབ་བྱིས་པས་བཟུང་བ་འདི། །འདིར་ནི་ལན་ཡང་སྔ་མ་བཞིན། །དེ་ཡི་གནོད་པས་མི་གནོད་དོ། །མངོན་སུམ ་གྱི་གནོད་པ་བསྐྱེད་པར་འདོད་པ་གང་གིས་ཀྱང་མངོན་སུམ་མངོན་སུམ་ཞེས་བྱ་བ་ཉིད་ཉེ་བར་བཏགས་ནས་གདོང་བརྩད་པར་རིགས་པ་ཡིན་ནོ། །དོན་དམ་པ་ཉིད་དུ་ན་དབང་པོ་ནི་སེམས་པ་མེད་པ་ཡིན་པ་དང། འདུ་བྱེད་རྣམས་ཀྱང་བེམ་པོ་ཡིན་པའི་ཕྱིར་དང། སྐད ་ཅིག་མ་ཡིན་པའི་ཕྱིར་དབང་པོ་རྣམས་ཀྱི་རྣམས་ཀྱི་རྣམ་པར་ཤེས་པ་རྣམས་ལ་ཡུལ་ལ་ཉེ་བར་དམིགས་པའི་ནུས་པ་ཡོད་པ་མ་ཡིན་ནོ། །འོན་ཀྱང་ཀུན་རྫོབ་དུ་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་འབྱུང་བ་དང། ཡུལ་ཡང་ཀུན་རྫོབ་ཁོ ་ན་སྟེ་བྱིས་བའི་བློས་བཟུང་བ་ལ་མངོན་སུམ་ཞེས་ཉེ་བར་གདགས་སོ། །དོན་དམ་པར་ནི་མཐོང་བ་མེད་པ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། ཇི་ལྟར་སྔར་མིག་གི་དབང་པོའི་གཟུང་བ་ནི། །དོན་དམ་ཉིད་དུ་གཟུགས་མིན་ཏེ། །བསགས་པའི་ཕྱིར་ན་སྒྲ་བཞིན ་ནམ། །ཡང་ན་འབྱུང་ལས་གྱུར་པ་བཞིན། །ཞེས་བྱ་བ་ལ་སོགས་པས་བསྒྲུབས་པ་ཡིན་ནོ། །ཇི་ལྟར་འཇིག་རྟེན་དང་འགལ་བ་ཡང་མེད་པ་དེ་ལྟར་བརྗོད་པར་བྱ་སྟེ། མཁས་པའི་ལུགས་ཀྱི་བརྟགས་པ་ལ། །གྲགས་པས་གནོད་པ་མ་ཡིན་ཏེ། །ཇི་ལྟར ་ཆོས་བདག་མེད་པ་དང། །སྐད་ཅིག་མ་ཞེས་བརྗོད་པ་བཞིན། །གལ་ཏེ་བདག་ཅིག་གིས་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས་པར་སྨྲས་པ་ལ་གྲགས་པས་གནོད་པར་གྱུར་ན་ནི། དེ་ལྟ་ན་སྡེ་བ་གཞན་གྱིས་སྨྲས་པའི་ཆོས་ཐམས་ཅད ་བདག་མེད་པ་དང་།སྐད་ཅིག་མའོ་ཞེས་བྱ་བ་ལ་ཡང་གྲགས་པས་གནོད་པར་འགྱུར་རོ། །གལ་ཏེ་དེ་ལ་གྲགས་པ་དང་འགལ་བས་གནོད་པར་མི་འགྱུར་རོ། ཞེ་ན་ནི་བདག་ཅག་གིས་ཆོས་རྣམས་སྐྱེ་བ་མེད་པའོ་ཞེས་སྨྲ་བ་ལ་ཡང་འཇིག་རྟེན་གྱི་གྲགས་པ ་དང་འགལ་བ་ཅི་ཞིག་ཡོད། རྗེས་སུ་དཔག་པས་ཀྱང་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་ཡོད་པར་མ་ཡིན་པར་བསྟན་ཏེ་།གང་གི་ཕྱིར་།གཟུགས་ཀྱི་དེ་ཉིད་བྱིས་རྣམས་ཀྱིས། །ཡུལ་ཉིད་འགྱུར་བ་མ་ཡིན་ཏེ། །ནང་ལ་རིག་པ་མ་སྦྱངས་ཕྱིར། །བདག་སོགས ་སྟོང་པ་ཇི་བཞིན་ནོ། །གང་གཟུགས་ལ་སོགས་པའི་དོན་དམ་པ་དེ་ནི་བྱིས་པ་རྣམས་ཀྱི་ཡུལ་དུ་འགྱུར་བ་མ་ཡིན་ཏེ། ལུས་ཀྱི་དབང་པོ་དང་བློ་ནི་བདག་གོ་།བདག་གིས་དབང་དུ་བྱས་པས་ནང་སྟེ། །ནང་གི་བདག་ཉིད་ལ་རིག་པ་གང ་ཡིན་པའོ། །དེ་གོམས་པར་མ་བྱས་པས་ན་མ་སྦྱངས་པ་སྟེ་།ནང་ལ་རིག་པ་མ་སྦྱངས་པ་དེའི་ཕྱིར་ན་ནང་ལ་རིག་པ་མ་སྤྱངས་པ་ཞེས་བྱ་སྟེ་།གང་དང་གང་ནང་ལ་རིག་པ་སྦྱངས་པ་མེད་པའི་བྱིས་པ་དེ་དང་དེ་དག་གི་ཡུལ་དུ་འགྱུར་བ་མ་ཡིན་ཏེ། དཔེར་དེ་བདག ་ལ་སོགས་པའི་སྟོང་པ་བཞིན་ནོ། །བྱིས་པ་རྣམས་བདག་ཏུ་ང་རྒྱལ་བ་དང། བདག་ཏུ་རྨོངས་པ་དང། བདག་ལ་ཆགས་པའི་དབང་དུ་གྱུར་པ་རྣམས་འཇིག་ཚོགས་ཀྱི་ལྟ་བ་ལ་མངོན་པར་ཞེན་བས་བདག་ཏུ་འཛིན་པ་དམ་དུ་འཇུག་པར་གྱུར་པ་དེ་དག་ལ་ཁ ་བདག་ལ་སོགས་པའི་སྟོང་པ་ཉིད་ཡུལ་དུ་བྱས་པའི་བློ་ལྟ་ག་ལ་འབྱུང་བར་འགྱུར། དེ་བཞིན་དུ་གྱིས་རྣམས་བློ་ལ་ཡང་དག་ཏུ། །གཟུགས་ཀྱི་དེ་ཉིད་ལྡན་པ་མིན། །མ་རིག་རབ་རིབ་ཀྱིས་བསྒྲིབས་ཕྱིར། །མྱ་ངན་འདས་པའི་སྤྱོད་ཡུལ་བཞིན། །གཟུགས་ཀྱི་དེ་ཁོ ་ན་ཉིད་དོན་དམ་པར་བྱིས་པ་རྣམས་ཀྱི་བློའི་ཡུལ་དུ་ལྡན་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་ཡིན་ནོ། །ལས་དང་འབྲས་བུ་དང། བདེན་པ་དང་།དཀོན་མཆོག་རྣམས་མི་ཤེས་བ་ནི་མ་རིག་པའོ། །དེ་ཉིད་ནི་རབ་རིབ་སྟེ་།མི་མཐང་བར་བྱེད་བའི་ཕྱིར་རོ། །ངེས་བསྒྲིབས ་པ་ནི་མ་རིག་རབ་རིབ་ཀྱིས་བསྒྲིབས་པ་སྟེ། དེའི་ངོ་བོ་ནི་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པ་ཉིད་དོ། །དེའི་ཕྱིར་མ་རིག་པ་རབ་རིབ་ཀྱིས་བསྒྲིབས་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཡིན་ནོ། །མྱ་ངན་ལས་འདས་པའི་སྤྱོད་ཡུལ་བཞིན་ཞེས་བྱ་བ་ནི་དད་ཡིན ་ཏེ། ཇི་ལྟར་མྱ་ངན་ལས་འདས་པའི་སྤྱོད་ཡུལ་ཅན་གྱི་བློ་བྱིས་པ་རྣམས་ལ་མི་ལྡན་པ་དེ་བཞིན་དུ་གཟུགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་གྱི་བློ་དང་ཡང་དེ་རྣམས་ལྡན་པ་མ་ཡིན་ཏེ། གང་གི་ཕྱིར་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པའི་ཕྱིར་ཞེས་བྱ ་བས་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་ཡང་མེད་དོ། །དེས་ན་འདི་ལྟར་།སྲིད་པ་རྣམས་ནི་ཡང་དག་ཏུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དག་།གནོད་པར་བསྟན་པས་གནོད་པ་མེད། །འདི་དག་ནི་སྔར་ཡང་ལན་བཏབ་པ ་ཉིད་ཡིན་ཏེ། ཡང་དག་པར་ཞེས་བྱ་བའི་དམ་བཅའ་བ་ཁྱད་པར་ཅན་ལ་མངོན་སུམ་དུ་གྲགས་པས་གནོད་པ་འབྱུང་བ་མེད་བཞིན་དུ་མི་བདེན་པའི་སྐྱོན་གྱིས་སྒྲོ་འདོགས་པ་ལ་མངོན་པར་ཞེན་པ་དག་ཡང་དང་ཡང་དུ་བརྟགས་ནས་གནོད་པར་སྨྲ་བ་དེས་ནི་བདག ་ཅག་ལ་གནོད་བ་མ་ཡིན་ཏེ་།སྔར་སུན་འབྱིན་པ་བསྟན་པའི་ཤུགས་ཀྱིས་སོ། །ཞེས་བྱ་བའི་བསམས་པས་སོ། །གང་ཡང་སྒྲོད་མིན་ལ་ཡང་ཡང་དག་ཏུ། །བགྲོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲ་པའི་ལན། །ཡང་དག་པར་ན་ཆོས་རྣམས་ནི། །ཞི་ཞིང་མཁའ་ ་དང་མཉམ་པ་ལ། །བུད་མེད་ཉིད་ཀྱང་མ་གྲུབ་ན། །དཔེ་ཡིས་གནོད་པ་ཇི་ལྟར་འདོད། །འདིའི་མངལ་དུ་འཛིན་པར་བྱེད་པས་བུད་མེད་དེ། །དེ་ནི་དོན་དམ་པར་བྱེད་པ་པོ?་དང་ལས་དང་དབང་དུ་བྱ་བར་མ་གྲུབ་པས་བྱ་བ་ཐམས་ཅད་ལྡོག་པར་གྱུར་པའི་ནམ་མཁའ་དང ་མཉམ་པར་གྱུར་པའི་ཆོས་རྣམས་ལ་མི་འགྲུབ་པོ། །དེ་མ་འགྲུབ་ན་དོན་དམ་པར་དཔེ་གང་གིས་གང་ཞིག་ཇི་ལྟར་རྗེས་སུ་དཔག་པ་ད་འདོད་དེ་ལྟ་ན་ཡང། བགྲོད་བྱ་བགྲོད་པ་བགྲོད་པོ་དང། །གསུམ་པོ་ཇི་ལྟར་ཡོད་བཞིན་དུ། །བགྲོད་མིན་བགྲོད་བར་སྒྲུབ ་བྱེད་པ། །དེ་བཞིན་སྐྱོན་ཞིག་འདོགས་པར་འདོད། །བགྲོད་བྱ་ནི་ཡང་དག་པར་མཐུན་པར་བྱ་བའི་བུད་མེད་དོ། །རེ་ལ་འཇུག་པ་ནི་དེ་ལ་བགྲོད་པ་སྟེ། །གཉིས་གཉིས་སྤྲོད་པའོ། །བགྲོད་པོ་ནི་འདོད་པ་སྟེ། དེ་ལྟར་གསུམ་པོ་འདི་དག་ཡོད་པ་ཅིང་དུ་འཇིག ་རྟེན་དུ་གྲགས་སོ། །ད་ལྟ་ན་ཡང་བགྲོད་པར་བྱ་བ་མ་ཡིན་པ་སྐྱེད་བྱེད་ལ་སོགས་པ་ལ་ཡང་བགྲོད་པར་བྱ་བར་འགྱུར་རོ། །ཞེས་བྱ་བའི་ཚིག་གིས་ཁྱོད་ཀྱིས་བདག་ལ་སྐྱོན་སྦྱིན་པར་འདོད་ཅིང་གྲུབ་པ་ཇི་ལྟ་བུ་ཡིན། གྲགས་པས་གནོད་པ ་ཉིད་ནི་བདེན། །ཁྱད་པར་ཅན་ལ་མ་གྲུབ་ཕྱིར། །དེས་ན་མི་མཐུན་ཕྱོགས་འདི་ལ། །བདག་གིས་ཕྱོགས་གནོད་ནུས་པ་མེད། །གང་བགྲོད་པར་བྱ་བ་མ་ཡིན་པའི་བུད་མེད་ལ་ཡང་བགྲོད་པར་བྱ་སྟེ། ཕུང་མེད་ཡིན་པའི་ཕྱིར་བུད་མེད ་གཞན་བཞིན་ནོ། །ཞེས་སྨྲས་པ་ནི་བདེན་ཏེ། འདི་ལྟ་བུ་ནི་གྲགས་པས་གནོད་པ་ཡིན་ནོ། །གང་དག་དོན་དམ་པར་ཞེས་ཁྱད་པར་ཅན་དུ་བྱས་པ་ལ་ནི་དེ་མ་གྲུབ་སྟེ། དོན་དམ་པར་བུད་མེད་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཁྱོད་ཀྱིས་རྗེས་སུ ་དཔག་པ་ལྟར་སྣང་བ་བསྟན་པ་དེ་ལ། བདག་ལ་གཏང་ནས་གྲགས་པ་དང་འགལ་བ་སྒྲུབ་པར་འདོད་པའི་ནུས་པ་མེད་ཅིང་མཐུ་མེད་དོ། །གང་ཡང་འདི་སྐད་དུ་།བདེན་པ་མཐོང་བ་དེ་ཉིད་མིན། །དེ་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ ་དེ་ལ་ཡང། །སྤྲོས་པ་མེད་ཅིང་རང་རིག་པ། །རྣམ་རྟོག་དྲི་མ་དང་བྲལ་བ། །དུ་མ་ཉིད་དང་གཅིག་ཉིད་བྱ་ལ། །ཞི་བ་དེ་ཉིད་མཁས་རིག་པ། །དག་གི་བརྗོད་པ་ཐམས་ཅད་ཀྱི། །སྤྲོ་པར་མི་ནུས་པས་སྤྲོས་པ་མེད་པའོ། །མངོན་སུམ་གྱི་ཤེས་པས་རྟོག ་པར་བྱ་བའི་ཕྱིར། རང་རིག་པའོ། །དེ་ཉིད་ཀྱི་ཕྱིར་ངེས་པར་རྟོག་པར་བྱེད་པ་དང། རྗེས་སུ་དྲན་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་པའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་པའི་ཕྱིར་དུ་མ་ཉིད་དང་བྲལ་པའོ། །དངོས་པོ་མེད ་པའི་ངོ་བོ་ཉིད་ཀྱང་ཅི་ཡང་མ་ཡིན་པའི་ཕྱིར་གཅིག་ཉིད་དང་བྲལ་པའོ། །སྐྱེ་བ་དང་འགག་པ་དང། འགྲོ་བ་དང་འོད་བ་ལ་སོགས་པའི་བྱ་བ་དང་མངོན་པར་བྲལ་བས་ཞི་པའོ། །དེ་ལྟ་བུའི་རྣམ་པ་ནི་དེ་ཁོ་ན་ཉིད་དེ་དོན་དམ་པའོ། །མཁས་པས་ཁྱད་པར ་དུ་ཤེས་པ་དང་ལྡན་པའོ། །རིག་པ་ནི་དེ་བཞིན་གཤེགས་པ་འམ། དེའི་མན་ངག་བསྟན་པ་ལས་སྐྱེས་པ་ཡང་ཡིན་ནོ། །མཚན་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པ་མཛད་པའི་འཕགས་པའི་བདེན་པ་ལས་མ་གཏོགས་པའི་བདེན་པ་གཞན་ཞིག ་ནི་བདག་ཅག་ལ་མེད་དོ། །འོ་ན་ཀྱང་ཉན་ཐོས་དང་རང་སངས་རྒྱས་དག་གིས་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་རང་གི་ངོ་བོ་ཙམ་ཡོངས་སུ་ཤེས་པ་ཡིན་ལ། དེ་བཞིན་གཤེགས་པས་ནི་སྡུག་བསྔལ་ལ་སོགས་པའི་མཉམ་པ་ཉིད་རྟོག་སོ། །ཞེས་བྱ་བ་ནི་ཁྱད ་པར་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་གྱི་མྱ་ངན་ལས་འདའ་བ་མ་ཡིན་གྱི། འོན་ཀྱང་འཕགས་པའི་བདེན་པ་བཞི་པོ་འདི་དག་ཉིད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་མི་ངས་མྱ་ངན་ལས ་འདས་པའོ། ཞེས་བསྟན་ཏོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ནམ་མཁའ་ཨི་ལྷའི་བསྟན་པ་ཉིད། །དེ་ཉིད་ཡིན་པར་མི་རིགས་ཀྱང། །ཚངས་པ་དང་པོའི་ལྷ་ལས་བྱུང། །ལྷ་དེ་ལ་གུས་དེ་སྐད་སྨྲ། ནམ་མཁའ་ཨི་ལྷ་ལ་གུས་པས་དེ་དག་འདི་སྐད་སྨྲ་སྟེ་།ཚངས་པ་ཞེས ་བྱ་བའི་ལྷ་ནི་དང་པོའི་ལྷ་ཡིན་ལ་ཚངས་པ་དེའི་མཐུས་བསྐྱེད་པ་ནི་ནམ་མཁའ་ཨི་ལྷ་ཡིན་ཏེ། དེས་ནི་པ་ལང་གསོད་པ་ལ་སོགས་པ་དེ་ཁོ་ན་ཉིད་དུ་བསྟན་ཏོ། །ཚངས་པ་ཡང་མཆོག་ཏུ་འཛིན་པའི་ལྟ་བ་ལ་མངོན་པར་ཞེན་པས་འགྲོ་བ་རྣམས་བདག་གིས་བསྐྱེད་དོ་སྙམ་དུ ་སེམས་ཀྱང་རང་ཉིད་ཀྱིS་ཀྱང་དེ་ཁོ་ན་ཉིད་རྟོགས་པ་མེད་ན་དེའི་ལྟ་བའི་རྗེས་སུ་འབྲང་བ་ནམ་མཁའ་ཨི་ལྷ་དེ་ཁོ་ན་ཉིད་ཇི་ལྟར་རིག་པར་འགྱུར། དེ་ལྟ་བས་ན་ཇི་སྐད་བསྟན་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ལས་བསྟན་པ་དང་།ནམ་མཁའ་ཨི་ལྷའི་བསྟན་པ ་འདྲ་བ་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི་གཟུགས་སོགས་སྐྱེ་མཆེད་སྣང་བ་ཉིད། །བློ་ཡི་ཡུལ་དུ་འདོད་པ་ཡིན། །དེ་ཡི་ཡོད་པ་ཐུན་མོང་ཉིད། །བསྒྲུབ་བྱ་ཞེ་ན་ད་ཡང་འདོད། །གཟུགས་ལ་སོགས་པ་རྣམས་ཀྱི་སྐྱེ་མཆེད་རྣམས་ཀྱི་སྣང་བ་ནི་གཟུགས་ལ་སོགས ་པའི་སྐྱེ་མཆེད་ཀྱི་སྣང་པའོ། །དེའི་ངོ་བོ་ནི་གཟུགས་ལ་སོགས་སྐྱེ་མཆེད་སྣང་བ་ཉིད་དོ། །དེ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཡུལ་ཡིན་པར་བདག་ཅག་ཀྱང་འདོད་དེ། དེ་ལྟར་ན་རྫས་སུ་བདེན་པར་འདོད་པ་ལ་སོགས་པའི་ཁྱད་པར་དང་བྲལ་བའི། ་གཟུགས་ལ་སོགས་པའི་སྐྱེ་མཆེད་ཐུན་མོང་པ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་ཁྱོད་འདོད་ན་བདག་ཅག་ཀྱང་འདོད་པ་ཁོ་ན་ཡིན་ཏེ། གྲུབ་པ་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་ཡང་ཁྱད་པར་ཅན་དུ་འདོད་ན་ནི། འབྱུང་ལས་གྱུར ་སོགས་ངོ་བོ་ཡིས། །གཟུགས་སོགས་སྐྱེ་མཆེད་ཡོད་ཉིད་ནི། །བསྒྲུབ་བྱའོ་ཞེ་ན་དཔེ་ཡང་མེད། །ཕྱིར་རྒོལ་རྟོག་གིས་གནོད་པའང་ཡོད། །འབྱུང་བ་ལས་འགྱུར་པ་ལ་སོགས་པའི་ངོ་བོ་གཟུགས་ལ་སོགས་པའི་སྐྱེ་མཆེད་ནི་ཡོད་དེ། རྫས་ཡིན་པའི་ཕྱིར་དང། ་ཤེས་བྱ་ཡིན་པའི་ཕྱིར་དང། བརྗོད་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་སོ། །དཔེ་ནི་མེད་དེ་ཐམས་ཅད་བསྒྲུབ་པར་བྱ་བའི་ཁོངས་སུ་འདུས་པའི་ཕྱིར་རོ། །གལ་ཏེ་གཞན་དག་ན་རེ་གཞན་དུ་བསྟན་པའི་ལས་ཀྱང་དཔེ་རྙེད་པ་སྲིད ་པས་ཆོས་མི་མཐུན་པ་ཉིད་ཅན་གྱིས་བསྒྲུབ་པར་འགྱུར་པ་ཉིད་མིན་ཏེ། གང་དང་གང་འབྱུང་བ་ལས་གྱུར་པའི་ངོ་བོ་མ་ཡིན་པ་དེ་དང་དེ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་?་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་བཞིན་ནོ།།ཞེས་བྱ་བས་བསྒྲུབ་བྱ་གྲུབ་པ ་ཡིན་ནོ་ཞེས་སྨྲ་ན། དེ་ལྟ་ན་ཡང་བདག་ཅག་གིས་ལན་གྱི་རྟོག་གེ་བསྟན་པས་གནོད་པར་འགྱུར་པ་ནི། གཟུགས་སོགས་སྐྱེ་མཆེད་འབྱུང་བ་དང། །འབྱུང་བ་ལས་གྱུར་མཚན་ཉིད་མིན། །རང་བདག་རྣམ་པར་སྣང་བའི་བློ། །བསྐྱེད་པའི་རྒྱུ་ཕྱིར ་ཡིད་བཞིན་ནོ། །གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ནི་ཆོས་ཅན་ནོ། །དེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་མཚན་ཉིད་མ་ཡིན་ཞེས་བྱ་བ་ནི་ཆོས་ཏེ་བསྒྲུབ་པར་བྱ་པའོ། །ཆ?་གི་བདག་ཉིད་ནི་རང་གི་བདག་ཉིད་དེ་ཁ་དོག་དང་དབྱིབས་ལ་སོགས་པ་གཟུགས་ཀྱི་རིང་གི ་ངོ་བོའོ། །ཟིན་པ་དང་མ་ཟིན་པ་ལ་སོགས་པ་ནི་སྒྲའིའོ། །རང་གི་བདག་ཉིད་ཀྱེ་དྲི་ཞིམ་པ་དང་མི་ཞིམ་པ་ལ་སོགས་པ་ནི་དྲིའི་སྟེ། དེ་ལྟ་བུ་ལ་སོགས་པ་རང་གི་བདག་ཉིད་ཀྱི་རྣམ་པའི་བྱེད་པར་མངོན་པར་འཇུག་པའི་བློ་ནི་རང་བདག་རྣམ་པར ་སྣང་བའི་བློའོ། །རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་གང་བསྐྱེད་པ་དེ་ཅི་རང་བདག་རྣམ་པར་སྣང་བའི་བློ་བསྐྱེད་པའོ། །རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་བསྐྱེད་པའི་རྒྱུ་གཟུགས་ཀྱི་སྐྱེ་མཆེད་རྣམས་ནི་རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི ་བློ་བསྐྱེད་པའི་རྒྱུའོ། །དེའི་ངོ་བོ་ནི་རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་བསྐྱེད་པའི་རྒྱུ་ཉིད་དེ་དེའི་ཕྱིར་ན་ངང?་བདག་རྣམ་པར་སྣང་བའི་བློ་བསྐྱེད་པའི་རྒྱུ་ཕྱིར་ཞེས་བྱ་སྟེ་གང་དང་གང་རང་གི་བདག་ཉིད་ཀྱི་རྣམ་པར་སྣང་བའི་བློ་བསྐྱེད་པའི་རྒྱུ་ཡིན་པ་དེ་ནི་འབྱུང ་བ་དང་འབྱུང་བ་ལས་གྱུར་པའི་མཚན་ཉིད་མ་ཡིན་ཏེ། དཔེར་ན་ཡིད་ཀྱི་སྐྱེ་མཆེད་བཞིན་ཏེ། དོན་དམ་པ་ཉིད་དུ་སྐྱོན་དང་བྲལ་པའི་ཕྱོགས་དང། གཏན་ཚིགས་དང་དཔེ་ཡོད་པར་གྱུར་པའི་རྟོག་གེས་གནོད་པ་ཡིན་ནོ། །གང་ཡང་ཁམས་གསུམ་པ་འདི་དག ་ནི་སེམས་ཙམ་མོ་ཞེས་བྱ་བ་འགྲོ་བ་ཕྱོགས་སུ་བྱ་བ་འདི་ལ་གཏན་ཚིགས་དང་དཔེ་ཡོད་པ་མ་ཡིན་པས་ཞེས་གང་སྨྲ་བ་དེ་ལ་རེ་ཟིག་ཀུན་རྫོབ་ཏུ་ཡིན་པར་སེམས་དང་སེམས་བྱུང་ངོ་བོ་ཉིད། སེམས་དང་སེམས་བྱུང་རབ་ཏུ་གྲགས། །ཡང་དོན་དམ་པར་ནི། ་གཏན་ཚིགས་དང་ནི་དཔེ་ཡང་མེད། །ཕྱོགས་ཀྱང་རྣལ་འབྱོར་པ་ལ་མེད། །བདག་ཅག་གི་དོན་དམ་པར་ནི་དག་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པར་གྱུར་པ་ཡིན་པས་ཡོད་པ་དང། མེད་པ་དང། གཉི་གའི་ཕྱོགས་ལ་དམིགས་པ་མེད་པའི་ཕྱིར་དེ ་ཁོ་ན་ཉིད་དུ་ཕྱོགས་ཀྱང་མེད་པ་ཡིན་ནོ། །ཕྱོགས་མེད་ན་དོན་དམ་པ་རིག་པའི་རྣལ་འབྱོར་པ་ལ་གཏན་ཚིགས་དང་དཔེ་ལྟ་ཡོད་པར་གལ་འགྱུར། གལ་ཏེ་དེ་ནི་མ་ཡིན་ཏེ་། ཀུན་རྫོབ་ནི་འཇིག་རྟེན་པ་དང་ཐུན་མོང་བའི་ཤེས་པས་རྟོགས་པར་བྱ་བ་ཡིན ་པའི་ཕྱིར་ཚད་མ་མ་ཡིན་ལ། རྣལ་འབྱོར་པས་རྟོགས་པར་བྱ་བའི་དོན་དམ་པ་ནི་དག་གིས་བརྗོད་པར་བྱ་བ་ལས་འདས་པ་ཡིན་པས་དེས་ན་གང་ཁྱོད་ཀྱིས་གཞན་གྱིས་ཀུན་ཏུ་བཏགས་པའི་དངོས་པོའི་དོན་དགག་པའི་ཕྱིར་རྗེས་སུ་དཔག་པ་བསྟན་པ་དེ ་ལ། བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཡོད་པར་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། བདག་གི་དོན་དམ་པ་ནི་རྣམ་པ་གཉིས་ཡོད་དེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ། འཇིག་རྟེན་ལས་འདས་པ་ཟབ་པ་མེད་པ་སྤྲོས་པ་དང ་བྲལ་བའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ། ཟག་པ་དང་བཅས་པ་སྤྲོས་པ་དང་བཅས་པའོ། །དེ་ཉིད་ནི་ཐམས་ཅད་དུ་དམ་བཅའ་ཁྱད་པར་ཅན་ཉིད་དུ་ཉེ་བར་བཟུང་བས་བསྒྲུབ་བྱ ་གྲུབ་པ་ཡིན་ནོ། །གཞན་ཡང་རྣམ་ཤེས་ཙམ་ཞེས་བྱ་བ་འདིར། །ཕ་རོལ་དོན་ནི་བཟློག་པའི་ཕྱིར། །ཚིག་དོན་འདི་ནི་དེ་སྤོང་ཟེར། །བདག་གི་ཕྱོགས་ཉམས་ཇི་ལྟར་འདོད། །ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པ་འདི་དག་ཐམས་ཅད་ནི་སེཾས ་ཙམ་ཡིན་ནོ་ཞེས་གསུངས་པ་དེ་ལ་ཁ་ཅིག་ན་རེ་འདིར་ཚིག་གི་དོན་ཕྱི་རོལ་གྱི་དོན་བཟློག་པའི་ཕྱིར་རོ་ཞེས་སྒྲུབ་པར་བྱེད་དོ། །བདག་ཅག་ནི་བྱེད་པ་པོ་དང་རྟོག་པ་པོ་ལ་སོགས་པ་འགེགས་པར་བྱེད་པ་ནི་ཚིག་གི་དོན་ཡིན་པར་འདོད་དོ། །དེ་ལ་ཕྱིའི ་དོན་སྤོང་བ་ནི་ཚིག་གི་དོན་ཡིན་ནོ་ཞེས་ཟེར་བ་ནི་བདག་གིས་ཀྱང་སྤངས་བས་ཕྱོགས་མ་གྲུབ་པར་གལ་འགྱུར་ཏེ། བདག་གིས་ཀྱང་ཕྱི་རོལ་གྱི་སྐྱེ་མཆེད་ཡོད་པར་ཁས་ལེན་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཕྱོགས་སྔ་མ་དང་པོ་དག་གི་ཉེ་བར ་བཀོད་པ་ནི་ཇི་ལྟ་བ་བཞིན་མ་ཡིན་པས་དེ་བཞིན་དུ། །འགའ་ཡི་ཚིག་གི་སྨྲར་མེད་པར། །བྱ་བར་མི་ནུས་ཞི་བའི་བློ་ཞེས་བྱ་བ་སྨྲས་ཏེ། ལུང་དང་བཅས་པའི་རིགས་པའི་རྗེས་སུ་འབྲང་བས་མཆོག་ཏུ་རྩོད་པ་མེད་པ་ཡིན་ན་ཡང་ཡང་དག་པ་ཇི ་ལྟ་བ་བཞིན་གྱི་རིགས་པ་སྨྲ་བ་ཡིན་ནོ། །གང་བདག་གིས་ལན་དེ་སྐད་དུ་སྨྲས་པ་ན་ཡང་ཁྱོད་ཀྱི་སེམས་དགའ་བར་མ་གྱུར་ན་གང་དག་ཕྱོགས་སུ་མ་ལྷུང་པའི་སེམས་དང་ལྡན་པས། སྙིང་པོ་ཡོད་དམ་སྙིང་པོ་མེད། །མཁས་པས་དེ་ལ་དཔྱད་པར་གྱིས། ་དུས་རིང་པོར་གོམས་པར་བྱས་པས་རང་གི་ཕྱོགས་སུ་ཞེན་ཅིང་ལྷུང་བར་སྡང་བའི་བསམ་པ་ཅན་བདེན་པ་དང་ཕན་པ་བརྗོད་དུ་ཟིན་ཀྱང་གཞན་དག་ལ་ཡིད་མི་ཆེས་པ་དེ་དག་ནི་ཡིད་གཏེད་ཀྱང་རུང་མི་གཏོད་ཀྱང་རུང་ལ་གཟུ་པོར་གནས་པ། རྒོལ་པ་དང་ཕྱིར་རྒོལ་བཱི ་ཕྱོགས་ཀྱི་དོན་རིགས་པའི་མཁས་པ་རྣམས་ཀྱི་བློས་གལ་ཏེ་རྟོག་ན་ནི་ཚིག་འདི་ནི་སྙིང་པོ་དང་བཅས་པའོ། །འདི་ནི་སྙིང་པོ་མེད་པའོ་ཞེས་དཔྱོད་པར་བྱེད་པས་དེའི་དན་དུ་ཚིག་ཏུ་བརྗོད་པར་བྱས་པ་ཡིན་ནོ། །དེ་ནི་མི་སྨྲ་བར་འོས་པ་ཡིན་པས་བདག་ཅག་གི་དག་སྲུང ་བར་བྱེད་པ་འདི་བཞག་པར་བྱའོ། །རིག་པ་འདིས་མཁས་པ་རྣམས་ཀྱིས་ནི་རྩེད་མོའི་ཕྱིར་ཡང་ཁྱེད་ཀྱི་ཚིག་དང་ཁོ་བོའི་ཚིག་ལ་འདི་ནི་སྙིང་པོ་དང་བཅས་པའོ། །འདི་ནི་སྙིང་པོ་མེད་པའོ་ཞེས་དབྱེད་པར་འགྱུར་རོ། །སྙིང་རྗེའི་བསམ་པ་དང་ལྡན་པའི་ཐེག ་ཆེན་པ་ནི་ཚུལ་ཁྲིམས་ཉམས་ཀྱང་མཆོག་ཡིན་གྱི། སྔ་མ་ཉན་ཐོས་ཐེག་པ་པ་ནི་ཚུལ་ཁྲིམས་ལྡན་ཡང་བསམ་པ་དམན་པས་དེ་ལྟ་མིན། །ཕྱི་སའི་ནང་ན་འདུག་ཀྱང་མདངས་ཆེན་འབད་པའི་ཡིད་བཞིན་ནོར་བུ་མཆོག་འགྱུར་གསེར་གྱི་གནོད་ན་འདུག ་པའི་ནོར་བུ་འཆིང་བུ་དམན་པའི་འོད་ཅན་དེ་ལྟ་མིན། །ལས་དང་ཉོན་མོངས་དྲི་མར་བཅས་ཀྱང་ཐེག་པ་བཟང་པོ་ཞོན་པའི་ཡོན་ཏན་ཅན། །ཐེག་པ་གཞན་ལ་བརྟེན་པའི་དྲི་མ་སངས་པས་ཀྱང་དེ་ནི་ལས་རྒྱལ་ནི་ནུས། །ཉི་མའི་འོད་ཟེར་བླ་ན་མེད་པ་ཆུ་འཛིན ་བཀོད་པས་བཀབ་གྱུར་གང་ཡིན་ལྟར། །ཆུ་འཛིན་དེ་ཉམས་པ་ཡི་མཁའ་ལ་མེ་ཁྱེར་རྒྱུ་བས་ནུས་པར་ག་ལ་འགྱུད། །དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལS། ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ་སྟེ་བཞི་པའོ། །།དེ་ནས ་ད་ནི་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་ལྔ་པ་བརྩམ་པར་བྱ་སྟེ། རང་གི་ལུགས་ཀྱི་ང་རྒྱལ་གྱིས། །མཁས་པར་རློམ་གཞན་འདི་སྐད་སྨྲ། །དེ་ཉིད་བདུད་རྩིར་འཇུག་པ་ཡང། །རྣལ་འབྱོར་སྤྱོད་པར་ལེགས་པར་བསྟན། །ཐེག ་པ་ཆེན་པོ་པ་ཉིད་ཀྱི་སློབ་དཔོན་ཐོག་མེད་དང། དབྱིགས་བ་ཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི ་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པ་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་བདག་འདི་སྐད་སྨྲ་སྟེ་།དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག ་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ་དངོས་པོ་གཉིས་པོ་མེད་པའི་ཕྱིར། །གཉིས་དངོས་མེད་པའི་ཡོད་པ་ནི། །ཡོད་ལ་སོགས་པ་བློ་ཡི་ཡུལ། །དམ་པའི་དོན ་དུ་འདོད་དོ་ལོ། །གཉིས་ནི་གཟུགས་ལ་སོགས་པ་གཟུང་བ་དང། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འཛིན་པའོ། །དེ་གཉིས་ཀྱི་མེད་པའི་ངོ་བོ་ཉིད་མེད་པའོ། །མེད་པའི་དངོས་པོ་དེའི་ངོ་བོ་ཉིད་དུ་རྟག་ཏུ་ཡོད་པ་ཉིད་ཀྱི་ཕྱིར་དང། གཟུང་བ་དང ་འཛིན་པ་ཞེས་བྱ་བ་གཉིས་སུ་ནི་མེད་པ་ཉིད་ཀྱི་ཕྱིར་ན་།ཇི་ལྟར་གཉིས་ཀྱི་དངོས་པོར་མེད་པའི་ངོ་བོ་ཡིན་པ་དེའི་ཕྱིར་ནི་ཡོད་པའི་བློ་ཡུལ་ཡིན་ལ། གང་གི་ཕྱིར་དངོས་པོར་མེད་པ་ཡིན་པ་དེའི་ཕྱིར་ནི་མེད་པའི་བློའི་ཡུལ་ཡིན་ཏེ། རྣམ་པ་དེ་ལྟ་བུ་དོན ་དམ་པ་ནི་བདག་ཅག་རྣལ་འབྱོར་སྤྱོད་པ་བ་རྣམས་འདོད་དོ་ཞེས་བྱ་བ་ནི་དེའི་བསམ་པ་བསྟན་པ་ཡིན་ནོ། །ལོ་ཞེས་བྱ་བའི་སྒྲ་ནི་བསྟན་བཅོས་བྱེད་པ་བདག་ཉིད་ཀྱིས་མི་འདོད་པ་བསྟན་པ་ཡིན་ཏེ། དེ་ལྟ་བུའི་དོན་དམ་པ་ནི་ཕྱིས་འབྱུང་བའི ་དཔྱད་པ་དག་གིས་བསྒྲུབ་པར་དཀའ་བ་ཡིན་པའི་ཕྱིར་རོ། །དེ་དག་གི་དོན་དམ་པ་དེའི་གྲངས་ཀྱི་ཚིག་ནི་འདི་ཡིན་ཏེ། མེད་པའི་དངོས་པོ་བདག་མེད་པ། །དེ་བཞིན་ཉིད་དང་ཆོས་གནས་དང། །རྣམ་པར་མ་རྟོག་བློ་གཟུང་དེ། །དེ་ཤེས་པར ་མི་བྱ་བ་ཡང། །ཞེས་བྱ་བ་ལ་མེད་པའི་དངོས་པོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པར་བཏགས་པ་གཉིས་ཀྱི་དངོས་པོའོ། བདག་མེད་པར་ཞེས་བྱ་བ་ནི་ཆོས་དང་གང་ཟག་བདག་མེད་པ་ཉིད་དོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཉིད་དོ། །རྣམ ་པར་མི་རྟོག་པའི་བློའི་གཟུང་བ་སྟེ། ཞེས་བྱ་བ་ནི་གཉིས་མེད་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྣམ་པར་མི་རྟོག་པའི་བློ་གྲོས་ཀྱིས་གཟུངས་བ་ཡིན་ཏེ། དེ་ཉིད་དོན་དམ་པའོ། །དེ་ཤེས་པར་མི་བྱ་བ་ཡང་ཞེས་བྱ་བ་ནི། དམིགས ་པ་ལ་ནི་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་བྱ་བ་སྟེ། འདི་ལ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་ཐོག་མ་མེད་པའི་དུས་ནས་ཞུགས་པ། ཐོག་མ་མེད ་པའི་དུས་ཀྱི་སྤྲོས་པའི་བག་ཆགས་ཀྱི་གཞིར་གྱུར་པ། དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཡོངས་སུ་འཛིན་པ། རྒྱུན་མ་ཆད་པ་དང་རྫས་དཔག་ཏུ་མེད་པ། རིགས་དུ་མ་དང་ལྷན་ཅིག་སྐྱེ་ཞིང་འགག་པ་དང་ལྡན་པ། ནུས་པའི་བྱེ་བྲག ་མཐར་ཐུག་པ་མེད་པ་ཐོབ་བ། སྔོན་པོ་ལ་སོགས་པའི་ཡུལ་དཔག་ཏུ་མེད་པ་སྣང་བའི་ཆ་དང་འབྲེལ་པའི་རྣམ་པར་ཤེས་པའི་ཆོ་གས་དྲུག་བསྐྱེད་ནུས་པའི་མཐུ་དང་ལྡན་པ་།ཉོན་མོངས་པ་ཅན་གྱི་ཡིད་ཀྱི་སྐྱེ་བ་དང་འཇིག་པ་དང་བྲལ་བའི་གནས་པའི ་རྣམ་པས་བདག་ཏུ་ཡོངས་སུ་བཏགས་པ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང། མི་གཡོ་བའི་ས་བོན་ཡོད་པའི་ཕྱིར་ཁམས་དང་འགྲོ་བ་དང། སྐྱེ་གནས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ། རྣམ་པར་སྨིན་པ་དང། དེར?་སེམས་པ ་དང།?་རྣམ་པར་རིག་པ་གསུམ་ཡོངས་སུ་འགྱུར་པའི་རྗེས་སུ་འགྲོ་བ་དེ་ལ་དངོས་པོ་སྐྱེ་བ་དང་ལྡན་པ་རྣམས་འབྲས་བུའི་དངོས་པོར་ཀུན་ཏུ་སྦྱོར་བར་བྱེད་པ་སྟེ། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ཏེ། རེག་པ་དང་ཡིད་ལ་བྱེད་པ་དང། ་ཚོར་བ་དང། སེམས་པ་དང། འདུ་ཤེས་བཏང་སྙོམས་ཀྱི་རྣམ་པ་དང་ལྡན་པ་འདིའི་ཞའམ?། འདི་ནའོ་ཞེས་འཇིག་རྟེན་པའི་མཁས་པ་རྣམས་ཀྱི་ཡུལ་ཡང་མ་ཡིན་པས་རྣམ་པ་ཡང་དག་པར་མི་རིག་པའོ། །དེ་ཡང་རྣམ་པ་གཉིས་ཏེ། འཕེན ་པ་དང་འབྲས་བུར་གྱུར་པའོ། །ད་ལ་འཕེན་པ་ནི་རྣམ་པར་ཤེས་པའི་དབང་གི་འཕེན་པའོ། །འབྲས་བུར་གྱུར་པ་ནི་རྣམ་པར་སྨིན་པའི་འབྲས་བུར་མངོན་པར་གྲུབ་པ་སྟེ། དཔེར་ན་ཆུའི་ཡན་ལག་གཞན་དང་གཞན་གྱི་རྒྱུན་ལས་ཆུ་པོའི་ཀླུང་འབབ་པ་དེ ་བཞིན་དུ་བསོད་ནམས་དང། བསོད་ནམས་མ་ཡིན་པ་དང་།མི་གཡོ་བའི་བག་ཆགས་ཀྱིས་བགོས་པའི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་ཀྱང་འཁོར་བ་ཇི་སྲིད་པའི་བར་དུ་འཇུག་པར་འགྱུར་རོ། །དེ་ལ་གནས་པའི་ལས་ཀྱི་བག་ཆགས་དང་།གཟུང་བ ་དང་འཛིན་པའི་བག་ཆགས་དང། ལྷ་དང་གཅིག་ཏུ་ལྷ་དང་མིའི་ལུས་ལ་སོགས་པའི་རྣམ་པར་སྨིན་པ་ཅི་རིགས་པ་དག་སྐྱེས་པར་བྱེད་པའོ། །ལེན་པའི་རྣམ་པར་ཤེས་པའི་ཞེས་བྱ་སྟེ་བདག་དང་བདག་གི་ཞེས་བྱ་བར་དམིགས་པའི་ཕྱིར་རོ། །རྟག་ཏུ་བདག ་ཏུ་རྨོངས་པ་དང། བདག་ཏུ་ལྟ་བ་དང། བདག་ཏུ་ང་རྒྱལ་བ་དང། བདག་ལ་ཆགས་པའི་རྒྱུན་དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན་ཉོན་མོངས་པའི་ས་བོན་ཐམས་ཅད་སྤངས་པས་ལྡོག་པར་འགྱུར་ཏེ། དེ་ལྟར་དེ་ནི་རེ་ཞིག་རྣམ་པར་སྨིན་པ་ཞེས་བྱ་བ ་དང། དེའི་ཕྱོགས་སུ་འགྱུར་བ་སྟེ་གཅིག་གོ་།གཞན་ཡང་སེམས་ཅན་རྣམས་དེ་ལ་བདག་ཏུ་སྦྱོར་བར་བྱེད་པས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་སྟེ། བདག་དང་བདག་གི་ཞེས་བྱ་བར་དམིགས་པའི་ཕྱིར་རོ། །རྟག་ཏུ་བདག་ཏུ་རྨོངས་པ་དང། བདག་ཏུ ་ལྟ་བ་དང། བདག་ཏུ་ང་རྒྱལ་བ་དང། བདག་ལ་ཆགས་པ་ཞེས་བྱ་བ་ཉོན་མོངས་པ་བཞི་པོ་དག་དང། རང་གིས་ནས་སྐྱེས་པའི་རེག་པ་དང་ཡིད་?་བྱེད་པ་ལ་སོགས་པ་དག་དང་ལྡན་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་དེ་དེ་ཡང་དགྲ་བཅོམ་པ་ལ་མེད་དེ། ་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ལྟར་དེ་ནི་ངར་སེམས་དང་ཞེས་བྱ་བ་དང། དེ་ཡོངས་སུ་འགྱུར་བ་སྟེ། གཉིས་པའོ། །གཞན་ཡང་དེ་ནི་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ནུས་པ་འདུན་པ་དང་མོས་པ་ལ་སོགས་པ་སེམས་ལས་བྱུང་བ་ཐམས ་ཅད་དང་བཅས་པ་ཀུན་གཞི་ཡིན་པས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་སྟེ་།རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་དེ་ཉིད་ཡིན་ནོ། །དེ་ལས་མིག་དང། གཟུགས་དང་སྣང་བ་དང། ནམ་མཁའ་དང། ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་ཇི་ལྟར་ཉེ་བར་གྱུར ་པ་ན། འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འབྱུང་སྟེ། དཔེར་ན་རྒྱ་མཚོ་ལས་ཆུའི་རླབས་དག་རླུང་དང་ཆུ་སྲིན་གྱིས་བསྐྱོད་པ་ལ་སོགས་པའི་རྐྱེན་གྱིས་འབྱུང་བ་བཞིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་དོ?་ཡང་འཇུག་པའི་རྣམ་པར་ཤེས་པ་དེ ་དག་དང་གཅིག་པ་ཉིད་ཀྱང་མ་ཡིན་ལ། ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། རྒྱ་མཚོ་དང་ཆུ་རླབས་བཞིན་ནོ། །ཡུལ་ལ་ཉེ་བར་དམིགས་པ་དེ་དག་ཀྱང་འདུ་ཤེས་མེད་པ་དང། འདུ་ཤེས་མེད་པ་པ་དང། འགོག་པའི་སྙོམས་པར་འཇུག་པ་དང། གཉིད་ལོག་པ ་དང། མྱོས་བ་དང། བརྒྱལ་བདག་གི་གནས་སྐབས་ན་ནི་མེད་དོ། །དེ་ལྟར་དེ་ནི་རྣམ་པར་རིག་པ་ཞེས་བྱ་བ་དང། དེའི་ཡོངས་སུ་འགྱུར་བ་སྟེ། གསུམ་པའོ། །སེམས་དེ་ཉིད་རྣལ་འབྱོར་པ་དེ་ལ་རབ་ཏུ་སྣང་བ་འཛིན་པའི་རྣམ་པ་དང། ཡུལ་དུ་སྣང་བ་གཟུང ་པའི་རྣམ་པར་ཡོངས་སུ་གྱུར་ཅིང་སྣང་བ་སྟེ། ཕྱི་རོལ་གྱི་དོན་མེད་པས་སེམས་ཙམ་དུ་དམིགས་པ་ལ་བརྟེན་ནས་ཡུལ་མི་དམིགས་པ་རབ་ཏུ་སྐྱེ་ལ། གཟུང་བ་མེད་ན་འཛིན་པ་དག་ཀྱང་མེད་པས་གཟུང་བ་མི་དམིགས?་པ་ལ་བརྟེན་ནས། འཛིན་པའི་རྣམ་པར་ཤེS ་པ་རྣམ་པ་དྲུག་པོ་དག་མི་དམིགས་པ་རབ་ཏུ་སྐྱེ་སྟེ་།ཇི་སྲིད་དུ་ཀུན་གཞི་རྣམ་པར་ཤེས་པ་རང་གི་སེམས་ཀྱི་ཆོས་ཉིད་རྣམ་པར་རིག་པ་ཞེས་བྱ་བ་ཉིད་ལ་མི་གནས་ཤིང་དམིགས་པ་ལ་གནས་པ་དེ་སྲིད་དུ་གཟུང་བའི་ས་བོན་མི་ལྡོག་ཅིང། མཆན ་མར་ལྟ་བའི་ས་བོན་མ་སྤངས་པའི་ཕྱིར་གཉིས་ཀྱི་བག་ཆགས་མི་སྤོང་ངོ། །གང་གི་ཚེ་གཟུགས་ལ་སོགས་པ་དམིགས་པ་དག་སེམས་ལས་ཕྱི་རོལ་ཏུ་མི་དམིགས་པ་དེའི་ཚེ་ན། རང་གི་ཆོས་ཉིད་ལ་ངེས་པར་གནས་པ་ཡིན་ཏེ། གནས་གྱུར་པས ་སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར་དང། ཆོས་ཐམས་ཅད་?་དབང་སྒྱུར་བ་ཉིད་ཀྱི་རྣམ་པར་མི་རྟོག་པའི་ཆོས་ཉིད་འཐོབ་བོ། །རྣམ་པར་རིག་པ་ཙམ་ཉིད་ཅེས་བྱ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་བོན་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ད་ནི་ངོ་བོ་ཉིད་གསུམ ་ཡོངས་སུ་མི་ཤེས་ན་མི་རྟོག་པ་དེའི་ཕྱིར་བརྟགས་པ་ཉེ་བར་མི་དམིགས་ཤིང། །གཞན་གྱི་དབང་ཡང་གཟུ་མེད་པས། །དེ་ཉིད་མཐོང་བ་ཡོངས་གྲུབ་པའི། །ངོ་བོ་ཉིད་ལ་ལ་བ་ཡིན་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཀུན་བཏགས་པ་དང་གཞན་གྱི་དབང་དང། ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་པོ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཀྱི་ཁོངས་སུ་འདུས་ཏེ། དེ་ལ་ནང་ཕྱི་རོལ་གྱི་དབྱེ་བས་ཐ་དད་པའི་རྣམ་པར་རྟོག་པ་གང་དད་གང་གིས་གཟུགས་དང་བྱང་ཆུབ་ཀྱི་བར་གྱི་དངོས་པོ་གང་དང་གང་རྣམ་པར་བརྟག་པར ་བྱ་བ་དེ་ནི་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་པར་སྒྲོ་འདོགས་པས་བཏགས་པ་ཡིན་པའི་ཕྱིར་ཏེ། དེ་ནི་ཀུན་བཏགས་པའི་ངོ་བོ་ཉིད་དོ། །ཁམས་གསུམ་ནས་སྐྱེས་སེམས་དང་སེམས་ལས་བྱུང་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་དགེ་བ ་ལ་སོགས་པའི་དབྱེ་བས་ཐ་དད་པ་ནི་གཞན་གྱིས་བསྐྱེད་ཅིང་དབང་བྱ་བ་ཡིན་པའི་ཕྱིར་གཞན་གྱི་དབང་ངོ། །ཡང་ན་གཞན་སྐྱེས་པ་ལ་དབང་བྱེད་པས་གཞན་གྱིས་དབང་སྟེ། ཀུན་བཏགས་པ་དང་།ཡོངས་སུ་གྲུབ་པ་གཉིས་དེའི་གཞི་ལས་ཀུན་བཏགས་པ་དང། ་ཡོངས་སུ་གྲུབ་པར་འགྱུར་པའི་ཕྱིར་ཏེ། དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཞན་གྱི་བང་དེ་ཉིད་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་ཀུན་བཏགས་པ་དང། བྲལ་བ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་བའི་ངོ་བོ་ཉིད་དོ། །དེ་ཡང་གཞན་གྱི་དབང་གཅིག ་པ་ཉིད་ཀྱང་མ་ཡིན་ལ་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ་།གལ་ཏེ་ཐ་དད་པར་གྱུར་ན་ནི་ཆོས་ཉིད་ཐ་དད་པར་འགྱུར་རོ། །ཅི་སྟེ་གཅིག་པ་ཉིད་ཡིན་པར་གྱུར་ན་ནི་དེས་ན་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་གྱུར་པས་རྣམ་པར་བྱང་བའི་རྒྱུར་མི་འགྱུར་རོ། །གལ་ཏེ་ངོ ་བོ་ཉིད་གསུམ་པོ་དག་ཡོད་ན་ཇི་ལྟར་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེ་ན། ཀུན་བཏགས་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པས་ཉེ་བར་མི་དམིགས་ཤིང་གཞན་གྱི་དབང་ཡང་དེ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་མེད་པའི ་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་པས་གཟུང་དུ་མེད་དོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཀུན་བཏགས་པའི་ཆོས་རྣམས་ཀྱི་དོན་དམ་པ་ཡང་ཡིན་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་ཏེ། འཕགས་པ་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་ཡིན་པས་དོན་དམ་པ་ངོ་བོ ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ཉིད་མཐོང་བ་དོན་དམ་པར་ཤེས་པ་དག་ཡོངས་སུ་གྲུབ་བའི་ངོ་བོ་ཉིད་དེ་ལ་དམིགས་པར་བྱ་བ་དང། དམིགས་པའི་དངོས་པོ་མཉམ་པ་ཉིད་ཀྱི་ལྟ་བ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས ་རྣམ་པར་མི་རྟོག་པ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །གནས་གྱུར་པའི་མཚན་ཉིད་དེ་ཡང་ཉན་ཐོས་རྣམས་ཀྱི་ནི་རྣམ་པར་གྲོལ་བའི་ལུས་ཡིན་ཏེ། ཟག་པ་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེ་ཉིད་དེ་བཞིན་གཤེཌ ་པའི་ནི་ཆོས་ཀྱི་སྐུ་ཡིན་ཏེ། ལས་དང་གཟུང་བ་དང་འཛིན་པའི་བག་ཆགས་ཐམས་ཅད་དང་བྲལ་ཞིང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །གལ་ཏེ་ཁ་ཅིག་འདི་སྐད་ཅེས་ཀུན་བཏགས་པའི་ངོ་བོ་ཉིད་ནི་འཇིག་རྟེན་དང་ཐུན་མོང་པའི་ཤེས་པའི་ཡུལ་ཡིན ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་སོ་སོ་རང་རིག་པ་སྟེ། ཐུབ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ན་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཤེས་པ་གང་གི་ཡུལ་ཡིན་ཞིང་ཡོད་པར་ཇི་ལྟར་ཤེས་ཞེས་ཟེར་ན་དེའི་ཕྱིར། བཏགས་པ་རྒྱུ་མཚན་བཅས་ཕྱིར ་དང། གཞན་དུ་གཉིས་པོ་མེད་ཕྱིར་དང། །ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར། །གཞན་དབང་ཡོད་པ་ཉིད་དུ་འདོད། །ཅེས་བྱ་བ་སྨྲས་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བ་དག་ཡོད་པ་ཉིད་དུ་བཏགས་པ་གང་ཡིན ་དེ་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་དང་བཅས་པ་སྣང་བའི་ཕྱིར་ཏེ། མཚན་ཉིད་དེས་གཞན་གྱི་དབང་ཡོད་པ་ཉིད་དུ་རྗེས་སུ་དཔག་གོ། གཞན་དུ་གལ་ཏེ་གཞན་གྱི་དབང་མེད་པར་གྱུར་ན་བཏགས་པ་དང་རྒྱུ་མཚན་ནམ་ཀུན་བཏགས་དང་ཡོངས་སུ་གྲུབ་པ་གཉིས་བོ ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་གཉིས་ནི་གཞན་གྱི་དབང་ལ་རག་ལུས་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པར་གྱུར་ན་ཀུན་ནས་ཉོན་མོངས་པ་དམིགས་པར་མི་འགྱུར་བ་ཞིག་ན་དེ་དམིགས་པའི་ཕྱིར་ཏེ། ཀུན ་ནས་ཉོན་མོངས་པ་ནི་སེམས་དང་སེམས་ལས་བྱུང་བ་དག་ལ་བརྟེན་པ་ཡིན་ལ། དེ་དང་བྲལ་བ་ཉིད་ནི་ཐར་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཞན་གྱི་དབང་ཡོད་པ་ཉིད་དུ་འདོད་དོ། །དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་པ་རྣམ་པར་མི་རྟོག་པའི་ཡུལ ་ཡིན་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མངོན་སུམ་བུ་བྱས་ནོས་མཐོང་སྟེ་།གཞན་གྱི་དབང་ནི་དེའི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྟོག་པར་བྱ་བ་ཡིན་པའི་ཕྱིར་རོ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་འདི། །ཐམས་ཅད་མཁྱེན ་ཉིད་ཐོབ་པ་ཡིན། །སྐྱེ་དང་འགག་ལ་སོགས་པ་དག། དགག་པ་ལྷུར་ལེན་མ་ཡིན་ནོ། །ཞེས་བྱ་བ་ནི་ཆོས་འདི་དག་ཉིད་ཀྱིས་ཆོས་རྣམས་མངོན་པར་རླན་པར་བྱེད། ཡོངས་སུ་རྫོགས་པར་བྱེད། ཡོངས་སུ་གསལ་བར་བྱེད། ཡོངས་སུ་དཔྱོད་པར་བྱེད ་ཀྱིས་འདི་ལ་བདག་གམ་བདག་གིར་བྱ་བ་མེད་དོ་ཞེས་གསུངས་པ་དེས་ནི་བདག་དང་བདག་གི་རྣམ་པར་འཛིན་པ་དང། དེ་ལ་མངོན་པར་ཞེན་པ་མེད་པའི་སྒོ་ནས་ཀུན་གཤི་རྣམ་པར་ཤེས་པའི་ཡོངས་སུ་འགྱུར་བ་བསྟན་ཏོ། །སེམས་དེ་ནི་སེམས་མ་ཡིན་ནོ་ཞེས ་གསུངས་པ་དེས་ནི་གཟུང་བ་དང་འཛིན་པ་མེད་པར་བསྟན་ཏོ། །སེམས་མེད་པ་ཉིད་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པ་དེས་ནི་རྣམ་པར་རིག་པ་ཙམ་ཉིད་བསྟན་ཏོ། །དེ་བཞིན་དུ་གཟུགས་ནི་མཚན་མའོ། །བྱང་ཆུབ་ཀྱི་བར་དུ་ཡང་མཚན ་མའོ། ?་ཞེས་གསུངས་བ་ངེས་ནི་མིང་དང་བརྡར་བཏགས་པས་ཀུན་བཏགས་པའི་ངོ་བོ་ཉིད་བསྟན་ཏོ། །སྐུར་བ་གདབ་པ་དང། ཉེ་བར་བླང་བ་དང། གདགས་པའི་ཆོས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྟན་པས་ནི་གཞན་གྱི་དབང་བསྟན་ཏོ། །དེ་བཞིན ་ཉིད་དང། ཡང་དག་པའི་མཛའ་དང། དབེན་པ་དང། འབྲས་བུ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་བརྗོད་པས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བསྟན་ཏོ། །དེ་ལྟར་ཁོ་བོ་ཅག་གི་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ནི ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཐབས་ཡིན་གྱི། དབུ་མ་སྨྲ་བ་རྣམས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་དག་དགག་པ་ལྷུར་ལེན་པ་ནི་མེད་པ་ཉིད་དུ་ལྟ་བ་དང་མཐུན་པ་ཉིད་དུ་འགྱུར་བས་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་ཐབས་མ་ཡིན་ནོ ་ཞེས་ཟེར་ཏེ། དེ་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་སྦྱོར་བའི་ཕྱོགས་སྔ་མ་ཡིན་ནོ། །འདིར་བཤད་དེ་བཞིན་གཤེགས་བཀའ་ཀུན། །ཁོ་བོ་ཅག་གི་ཚད་མ་ཡིན། །ཚད་མ་ཡིད་ཆེས་ལུང་ཡིན་ཕྱིར། །བཟང་པོ་དག་ནི་སྒྲུབ་པར་བྱེད། །ཅེས་བྱ་བ ་ནི་བདེ་བར་གཤེགས་པའི་བཀའ་ཐམས་ཅད་ནི་ཁོ་བོ་ཅག་གི་ཚད་མ་ཡིན་ཏེ་།དེ་དག་ནི་དེ་ཉིད་གཟིགས་པ་རྣམས་ཀྱིས་གསུངས་པ་ཡིན་པའི་ཕྱིར་རོ། །དགེ་ལེགས་ཀྱི་བསམ་པ་ཅན་ཉིད་དག་ནི་དེ་སྒྲུབ་པར་བྱེད་ཅིང་མི་མཐུན་པར་མི་བྱེད་དོ། །ལུང་གཞན་དག ་གི་ཐེ་ཚོམ་དང་ལོག་པའི་བློ་ཅན་གཞན་མི་བྱེད་།དེ་ཕྱིར་དེ་དག་སྒྲུབ་གཞུག་ཕྱིར། །རིགས་པ་ལྡན་པའི་ཚུལ་བཙལ་བྱ། །ཞེས་བྱ་བ་ལ་ལུང་ལས་གཞན་པའི་ལུང་ནི་ལུང་གཞན་དག་གོ། དེ་དག་གི་ཐེ་ཚོམ་དུ་གྱུར་པ་ནི་དེ་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་ཐེ ་ཚོམ་ཟ་བར་གྱུར་པའོ། །ལོག་པ་ཞེས་པ་ནི་གྲུབ་པའི་མཛའ་འདི་ལས་གཞན་པ་དག་ལ་རྣམ་པར་གཡེངས་ཤིང་འདི་ལ་མི་བལྟོས་པས་དེ་ནི་འདི་ལྟ་བུ་ཉིད་མ་ཡིན་ནོ་ཞེས་ལོག་པར་ཞུགས་པའོ། །གང་དག་ལ་དེ་ལྟ་བུའི་བློ་ཡོད ་པ་དེ་དག་ནི་ལུང་གཞན་དག་གིས་ཐེ་ཚོམ་དང་ལོག་པའི་བློ་ཅན་དག་སྟེ། སུན་འབྱིན་པར་བྱེད་བ་བྱུང་རྒྱལ་དུ་སྨྲ་བ་གཞན་དག་གོ་།དེ་དག་གིས་ཚད་མ་དེ་གྲུབ་པར་མི་བྱེད་པས་དེའི་ཕྱིར་དེ་དག་སྒྲུབ་ཏུ་གཞུག་པའི་ཕྱིར། སྨྲ་བ་པོ་རིག་པ་དང་ལྡན་པའི་ཚུལ ་ཕྱོགས་དང། གཏན་ཚིགས་དང། དཔེའི་སྐྱོན་མེད་པ་གཞན་གྱིས་སྨྲས་པའི་ཉེས་པའི་གནས་སུ་མ་གྱུར་པའི་མཛའ་ཨི་རིཌ་པའི་ལཾ་བཙལ་བར་བྱའོ། །ཁྱེད་ཀྱིས་བཏགས་པའི་གསུང་རབ་དང། སྐུར་བ་འདེབས་པ་ཇི་སྐད་སྨྲས་པ་དག་གིས་ནི་རིགས་པ་མི་བཟོད་པས ་དེའི་ཕྱིར། གཉིས་མེད་པ་ཡི་དངོས་པོ་ནི། །རིགས་པ་མ་ཡིན་འགལ་བའི་ཕྱིར། །ནམ་མཁའ་ཨི་མེ་ཏོག་མེད་དངོས་སམ། །དེ་དངོས་ཡིན་པར་བརྟག་མི་བྱ། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རེ་ཞིག་གཉིས་མེད་པ་དངོས་པོ་ཡིན་ན་ནི་ཇི་ལྟར་མེད་པ་ཡིན། ཅི ་སྟེ་མེད་པ་ཡིན་ན་ནི་དངོས་པོ་མ་ཡིན་ནོ། །དེའི་ཕྱིར་གཉིས་མེད་པའི་དངོས་པོ་ནི་རིགས་པ་མ་ཡིན་ཏེ་།རང་གི་ཚིག་དང་འགལ་བའི་ཕྱིར་རོ། །གལ་ཏེ་གཉིས་མེད་པའི་ཚུལ་ཁོ་ནར་རྟག་ཏུ་ངེས་པར་གནས་པའི་ཕྱིར་མེད་པ་ཉིད་དངོས་པོ་ཡིན་ནོ་ཞེ་ན། དེ ་ལྟ་ན་ནམ་མཁའ་ཨི་མེ་ཏོག་མེད་པ་ཡང་དངོས་པོ་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་ནམ་མཁའ་ཨི་མེ་ཏོག་མེད་པ་དངོས་པོ་ཡིན་པར་མི་འདོད་ན་ནི་གཉིས་མེད་པ་དེ་ཡང་དངོས་པོ་ཡིན་པར་བརྟག་པར་མི་བྱའོ། །ཅི་སྟེ་འདི་སྙམ་དུ་ཁོ་བོ་ཅག་གི་ཚུལ་ནི། ་རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བཏགས་པ། །དེ་ནི་ཀུན་བཏགས་ཁོ་ན་སྟེ། །ངོ་བོ་ཉིད་ནི་ཡོད་མ་ཡིན། །གཞན་གྱི་དབང་པོ་དངོས་ཉིད་ནི། །རྣམ་རྟོག་རྐྱེན་ལས་བྱུང་བ་ཡིན། །དེ་ལ་རྟག་ཏུ་སྔ་མ་ཤོས། །བྲལ་བ་ཉིད ་གང་ཡོངས་གྲུབ་ཡིན། །ཞེས་བྱ་བ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་དེ་ལ་རྟག་ཏུ་སྔ་མ་ཤོས་ཞེས་བྱ་བ་ཀུན་བཏགས་པའི་ངོ་བོ་ཉིད་ཀྱི་གཟུང་བ་དང་འཛིན་པར་རྣམ་པར་བཏགས་པའི་དངོས་པོ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན ་ཀུན་བཏགས་པ་དང་གཞན་གྱི་དབང་ལ་བལྟོས་ནས་མེད་པ་གང་ཡིན་པ་དེ་ཉིད་ཡོངས་སུ་གྲུབ་པ་ལ་བལྟོས་ནས་དངོས་པོ་ཡིན་པས་དེ་ལྟར་ན་མེད་པ་དང་དངོས་པོ་ཞེས་བྱ་བ་གཉིས་དབྱེར་མེད་པའི་ཕྱིར་ཐ་དད་པ་ཉིད་མ་ཡིན་པས་དེའི་ཕྱིར་འགལ་བ་མེད་དོ ་སྙམ་དུ་ཕ་རོལ་དག་སེམས་པ་ལ་བརྟགས་ནས་དེ་དགག་པའི་ལན་ཡང་གདབ་པའི་ཕྱིར་ཏེ། གལ་ཏེ་ཡང་དག་བརྟག་མེད་ཕྱིར། །དེ་ལ་དབྱེ་བ་མེད་སྙམ་ན། །མཚན་གཞི་མཚན་ཉིད་རྣམ་བཞག་ལ། །དེ་ནི་མཚུངས་ཕྱིར་ལན་མ་ཡིན། །ཞེས ་བྱ་བ་སྨྲས་ཏེ། ཀུན་བཏགས་པ་དང་གཞན་གྱི་དབང་དག་མེད་པ་ཉིད་ཀྱིས་ཡོངས་སུ་གྲུབ་པ་ལ་དབྱེར་མེད་དུ་ཟིན་ཀྱང་གང་གི་ཚེ་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་རྣམ་པར་བཞག་པ་བྱེད་པ་ན་མཚན་ཉིད་ཀྱི་གཞི་དེ་ཉིད་ཅེས་བྱ་བ་དེའི་མཚན ་ཉིད་ནི་གཉིས་མེད་པའི་དངོས་པོ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ་ན། གལ་ཏེ་རེ་ཞིག་གཉིས་མེད་པའི་དངོས་པོ་ཡིན་ན་ནི་ཇི་ལྟར་མེད་པ་ཡིན་།ཅི་སྟེ་མེད་པ་ཡིན་ན་ནི་འོ་ན་དེ་ལྟ་ན་དངོས་པོ་མ་ཡིན་ནོ་ཞེས་འགལ་བར་སྔར་བསྟན་པ་དེ་མཚུངས་པའི་ཕྱིར ་ཕ་རོལ་པོ་དག་གིས་སྨྲས་པའི་ལན་དེ་ནི་བཟང་པོ་མ་ཡིན་ནོ། །གཞན་ཡང། གལ་ཏེ་དེའི་དངོས་མ་བཏང་གང། །དེ་ནི་དེ་དངོས་ཡིན་འདོད་ན། །དེ་ལྟར་དངོས་ཉིད་མི་གཏོང་བ། །དེ་ཕྱིར་དེ་ནི་དངོས་མ་ཡིན། །ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ ་དག་འདི་སྐད་ཅེས་གཉིས་མེད་པའི་དངོས་པོ་ཉིད་ཡོངས་སུ་མི་གཏོང་བ་གང་ཡིན་པ་དེ་ཉིད་དངོས་པོ་ཞེས་བྱའི་ངོ་བོ་ཉིད་གཉིས་པ་ནི་མེད་དོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་དེ་ལྟར་ངོ་བོ་ཉིད་མི་གཏོང་ན་དེའི་ཕྱིར་དངོས་པོ་དེ་ནི་མེད་པ་ཁོ་ན་ ་ཡིན་པས་དེ་ལ་དངོས་པོར་བརྟག་པར་མི་བྱའོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར། དེས་ན་དེ་ཉིད་གཟིགས་རྣམས་ཀྱི། །མཁྱེན་པ་དངོས་མེད་དམིགས་པར་འགྱུར། །དེ་ཡང་ཆོས་བདག་མེད་མིན་ཏེ། །མེད་པའི་བློ་ཡི་རྒྱུ་ཕྱིར་རོ། །ཞེས ་བྱ་བ་ནི་ཐེག་པ་ཆེན་པོའི་གྲུབ་པའི་ཚུལ་གྱིས་ན་སངས་རྒྱས་ཀྱི་ཡེ་ཤེ་སྣི་དངོས་པོ་ཡོད་པ་དང་མེད་པའི་མཛའ་གཉིས་ལས་རྣམ་པར་གྲོལ་བ་ཡིན་པར་བཞེད་ན། ཁྱེད་འདོད་པ་ལྟར་ན་དེ་དངོས་པོ་མེད་པ་ལ་དམིགས་པ་ཡིན་པར་འགྱུར་བས་ལུང་དང་འགལ་ལོ།། ་གལ་ཏེ་མི་འགལ་ཏེ་གང་གི་ཕྱིར་ཞེ་ན། ཀུན་བཏགས་པའི་ཆོས་རྣམས་ཀྱི་བདག་མེད་པའི་དངོས་པོ་ནི་བདག་མེད་པ་ཉིད་ཡིན་ལ། དེ་ཡང་དམིགས་པ་ཉིད་ཡིན་པར་ཁྱེད་ཀྱང་འདོད་པའི་ཕྱིར་རོ་ཞེ་ན། ཆོས་བདག་མེད་པ་ནི་མཚན་མ་ཐམས་ཅད་དང་བྲལ ་བ་ཡིན་པར་འདོད་ན་དེ་ཡང་མེད་པ་ཉིད་ཁོ་ནས་མེད་པའི་བློའི་ཡུལ་ཡིན་པའི་ཕྱིར་ཆོས་བདག་མེད་པ་ཉིད་དུ་མི་རུང་ངོ། །བདག་གི་སྒྲ་ནི་ངོ་བོ་ཉིད་དུ་སྨྲ་བའི་ཕྱིར་དང། བདག་མེད་པ་ནི་དངོས་པོའི་ངོ་བོ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་གཉི་གའི་ངོ་བོ་ཉིད ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་ཕ་རོལ་པོ་དག་རྣམ་པར་རྟོགས་པ་ནི་འཆིང་བ་ཡིན་པར་གསུངས་པས་དེ་དང་བྲལ་ན་གྲོལ་བར་སེམས་ཤིང། གལ་ཏེ་དངོས་མེད་དམིགས་པའི་བློ། །རྣམ་པར་མི་རྟོག་ཡིན་འདོད་ན། །ཞེས་བྱ་བ་ནི་འདི་སྐད ་ཅེས་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་པའི་ཕྱིར་དངོས་པོ་མེད་པ་ལ་དམིགས་པའི་བློས་ཅི་ཞིག་ལ་རྟོག་པར་བྱེད་ན་རྣམ་པར་རྟོག་པ་དང་བཅས་པར་འགྱུར། རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་ནི་དོན་ཇི་ལྟ་བ་བཞིན་ཡིན་ནོ་ཞེས ་ཟེར་ནའོ། །སློབ་དཔོན་གྱིས་བཤད་པ། དེས་ན་གཟུང་བློ་མི་རྟོག་པའང། །དམ་པ་ཡིན་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་རྣམ་པར་མི་རྟོག་པ་ཉིད་ཀྱི་བློ་དོན་ཇི་ལྟ་བ་ཉིད་ཡིན་པར་འགྱུར་ན་ནི། དེ་ལྟ་ན་འཇིག་རྟེན་པའི་བློ་གཟུགས་ལ་སོགས ་པ་རྐྱེན་ལས་བྱུང་བ་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་བྲལ་བ་ཡང་དོན་ཇི་ལྟ་བ་བཞིན་ཉིད་འཐོབ་པར་འགྱུར་རོ། །འདིར་སྨྲས་པ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་བློ་གང་ཡིན་པ་ནི་ཡང་དག་པར་ན་དོན་ཇི་ལྟ་བ་བཞིན་ཡིན་པར་འདོད་ཀྱི ་གཟུགས་ལ་སོགས་པའི་བློ་ནི་རྣམ་པར་མི་རྟོག་པ་ཡིན་དུ་ཟིན་ཀྱང་ཡང་དག་པ་མ་ཡིན་ཏེ། གཟུང་བར་སྣང་བའི་ཕྱིར་ཟླ་བ་གཉིས་ལ་སོགས་པ་མཐོང་བའི་བློ་བཞིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་གཟུང་བར་སྣང་འདོད་པས། །གཟུགས་བློ་ཡང་དག་མ། ་ཡིན་ན། །དེས་ན་གཏན་ཚིག་འཁྲུལ་འགྱུར་ཞིང། །དམ་བཅས་པ་ཡང་ཉམས་པར་འགྱུར། །ཞེས་བྱ་བ་ལ་འཁྲུལ་ཞེས་བྱ་བ་ནི་འགལ་ཞེས་བྱ་བའི་ཐ་ཚིག་སྟེ་། འདི་ལྟར་གཟུགས་ཀྱི་བློ་ནི་གཟུང་བར་སྣང་བ་ཉིད་མ་གཏོགས་པར་ལོགས་ཤིག་ན་ངོ་བོ ་ཉིད་མེད་པས་གཟུང་བར་སྣང་བ་ཉིད་དུ་རྗེས་སུ་དཔག་པ་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་ཡང་དག་པ་བསལ་བའི་ཕྱིར་ཆོས་ཅན་གྱི་ངོ་བོ་ཉིད་ལོག་པར་བསྒྲུབ་པས་འགལ་ལོ། །འདིར་དམ་བཅས་པ་ནི་གཟུགས་ཀྱི་བློ་ཡང་དག་པར་མ་ཡིན་པའོ། །འདི་ལ ་གཟུགས་ཀྱི་བློ་གང་ཡིན་པ་དེ་ཇི་ལྟར་ན་ཡང་དག་པ་མ་ཡིན་པར་འགྱུར་ཏེ། མངོན་སུམ་དང། ལུང་དང། འཇིག་རྟེན་ལ་གྲགས་པས་གཟུགས་ཀྱི་བློ་ཡང་དག་པ་ཉིད་མ་ཡིན་པ་བསལ་བའི་ཕྱིར་རྗེས་སུ་དཔག་པ་དང་འགལ་ལོ། །དེ་ཉིད་མཐོང་བ་ཡོངས་གྲུབ ་པའི། །ངོ་བོ་ཉིད་ལ་ལྟ་བ་ཡིན། །ཞེས་ཇི་སྐད་སྨྲས་པ་དེ་ལ་ཡང་སྐྱོན་འདི་ཡོད་དེ། ངོ་བོ་ཉིད་ལ་དམིགས་ཡིན་ན། །སྟོན་པའི་བྱང་ཆུབ་རྟོག་ཅན་དང། །དམིགས་པ་ཅན་དུ་འགྱུར་པ་དང། །རྣམ་པར་མི་རྟོག་བློར་མི་འགྱུར། །ཞེས་བྱ་བ་ནི་དེ་བཞིན་གཤེཌ ་པས་སོ་སོ་རང་རིག་པར་བྱ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དམིགས་པ་སྒྲ་ཇི་བཞིན་མ་ཡིན་པའི་ངོ་བོ་ཉིད་གང་ཡིན་པ་དེ་ལྟ་བུ་ཅུང་ཞིག་ཡོད་ཅིང། ངོ་བོ་ཉིད་དེ་ལ་དམིགས་པ་ཡིན་ན་སྟོན་པ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས ་རྟོག་བ་ཅན་དུ་འགྱུར་ཏེ། བྱང་ཆུབ་ནི་རྟོག་པ་མི་མངའ་བར་བཞེད་དོ། །དམིགས་པ་དེ་ལ་དམིགས་པར་བྱེད་པ་ཡིན་ན་དམིགས་པ་ཅན་དུ་ཡང་འགྱུར་བས་དམིགས་པ་མེད་པ་ཉིད་དུ་ཡང་མི་འགྲུབ་སྟེ། བྱང་ཆུབ་ནི་དམིགས་པ་མེད་པ་ཉིད ་དུ་བཞེད་དོ། །དེ་ཉིད་ལ་ངོ་བོ་ཉིད་མེད་པ་ཉིད་དུ་རྣམ་པར་རྟོག་པར་བྱེད་ན་རྣམ་པར་མི་རྟོག་པའི་བློར་ཡང་མི་འགྱུར་རོ། །ཞེས་བྱ་བའི་ཚིག་སྦྱར་རོ། །འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། ཕྱི་རོལ་གྱི་དོན་མེད་དོ་ཞེས་དམ་བཅས་པ་གང ་ཡིན་པ་དེ་ལ་ཡང། སེམས་ཙམ་དུ་ནི་དམིགས་པ་དང། །གཟུགས་ལ་སོགས་པ་མི་འཛིན་ན། །ཁས་བླངས་པ་དང་གྲགས་པ་ཡིས། །དམ་བཅས་པ་ལ་གནོད་པར་འགྱུར། །ཞེས་བྱ་བ་ལ་ཁས་བླངས་པས་གནོད་པར་འགྱུར་བ་ནི་མིག་དང་གཟུགས་རྣམས ་ལ་བརྟེན་ནས་མི་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་གསུངས་པའི་ལུང་དང་འགལ་བའོ། །གྲགས་པས་གནོད་པར་འགྱུར་བ་ནི་འཇིག་རྟེན་ན་གཟུགས་ལ་སོགས་པའི་དོན་དམ་པར་མིག་ལ་སོགས་པའི་རྣམ་པར་ཤེས་པ་མི་སྐྱེ་བར་གྲགས་པས་གནོད་པར ་འགྱུར་བའོ། །འདིར་སྨྲས་པ། གཟུགས་ལ་སོགས་པའི་དོན་མེད་པར་ཡང་རྣམ་པར་ཤེས་པ་སྐྱེ་བར་མཐོང་སྟེ། དེ་ལྟ་བུར་སྣང་བ་འབྱུང་བའི་ཕྱིར་དཔེར་ན་རྨི་ལམ་ན་གཟུགས་ལ་སོགས་པའི་བློ་སྐྱེ་བ་བཞིན་ནོ་ཞེ་ན། དེ་དགག་པའི་ཕྱིར་བཤད་པ། དེ ་ལྟར་སྣང་བ་སྐྱེ་བའི་ཕྱིར། །རྨི་ལམ་གཟུགས་སོགས་བློ་བཞིན་དུ། །གཟུགས་ལ་སོགས་པ་དོན་མེད་པར། །རྣམ་པར་ཤེས་ཞེས་བྱར་མི་རུང། །ཞེས་བྱ་བ་ནི་དེའི་ཕྱིར་ཕ་རོལ་པོ་དག་གིས་སྨྲས་པའི་རྗེས་སུ་དཔག་པ་དེ་བཟང་པོ་མ་ཡིན་ནོ། །ཅིའི ་ཕྱིར་ཞེ་ན། གང་ཕྱིར་རྨི་ལམ་ལ་སོགས་པའི། །རྣམ་ཤེས་ཆོས་ལ་དམིགས་པའི་ཕྱིར། །དེ་ཕྱིར་དཔེ་ཡང་མེད་པ་དང། །ཡུལ་ལ་སྐུར་བ་འདེབས་པར་འགྱུར་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་གཟུང་བ་དང་འཛིན་བའི་བག་ཆགས་ཀྱིས ་བགོས་པའི་ཤེས་པ་དང་ལྡན་པའི་མིག་གིས་རྨི་ལམ་ན་མཐོང་བ་ཉིད་ཀྱི་གཟུགས་ལ་སོགས་པ་དག་མཐོང་པ་ཡིན་གྱི་མ་མཐོང་བ་མ་ཡིན་ཏེ། རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་དག་ནི་དམིགས་པ་དང་བཅས་པ་ཉིད་ཡིན་ཏེ་།སྔོན་མཐོང་བ་ལ་སོགས་པའི ་མངོན?་པར་བརྗོད་པའི་ཕྱིར་དྲན་པ་ལ་སོགས་པ་བཞིན་ནོ། །དམུས་ལོང་གི་མིག་གི་མཐུ་གཏན་ཉམས་པ་ལ་ཡང་ཚེ་རབས་གཞན་ན་མཐོང་བའི་བག་ཆགས་ཀྱི་ཤུགས་ཀྱི་རྨི་ལམ་ན་ཁ་དོག་དང་དབྱིབས་ཐ་དད་པའི་གཟུགས་དུ་མ་དག་སྣང་བར་འགྱུར་བས་།དེའི ་ཤེས་པ་དེ་ལ་ཡང་དམིགས་པ་མེད་པ་མ་ཡིན་ཏེ། འདི་ལྟར་བཟང་སྐྱོད་དམུས་ལོང་ངེས་རྨི་ལམ་ན་ཤེས་བ་དང་ལྡན་པའི་མིག་གིས་གཟུགས་དེ་དག་མཐོང་སྟེ། ཤའི་མིག་གིས་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཤེས་པའི་མིག་གིས་ནི་ཆོས་ལ ་དམིགས་པའི་ཕྱིར་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་དམིགས་པ་དང་བཅས་པ་ཉིད་ཡིན་པས་ཁྱེད་ཅག་གིས་སྒྲུབ་པ་ལ་དཔེ་མེད་པའི་སྐྱོན་ཉིད་དུ་འགྱུར་རོ། །གཟུགས་ལ་སོགས་པའི་དོན་གྱི་དངོས་པོ་སེལ་བར་བྱེད་པའི་ཕྱིར་ཡུལ་ལ ་སྐུར་པ་འདེབས་པ་ཉིད་ཀྱང་ཡིན་ནོ། །ཁྱེད་འདི་སྐད་ཅེས་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བར་སྐྱེ་སྟེ། རང་དུ་སྣང་བ་དང་རྣམ་པར་ཤས་པ་ཡུལ་དུ་སྣང་བའི་ཕྱི་རོལ་གྱི་ཡུལ་གྱི་རྣམ་པར་ཡོངས་སུ་གྱུར་པ་དེ་རྣམ་པར་ཤེས་པ་རང་དུ་སྣང་བའི་ཡུལ་ཉིད ་ཡིན་ནོ་ཞེས་ཟེར་ན་དེའི་ཕྱིར་བཤད་པ། གལ་ཏེ་ཡུལ་དུ་སྣང་བ་ཉིད། །སེམས་ཀྱི་དམིགས་པ་ཡིན་འདོད་ན། །ཡུལ་དུ་སྣང་བ་མ་གཏོགས་པར། །སེམས་ཀྱི་བདག་ཉིད་གཞན་ཅི་ཡོད། །ཅེས་བྱ་བ་ནི་འདི་ལྟར་ཁོ་བོ་ཅག་གིས་ནི་གཟུགས་ལ་སོགས ་པའི་ཡུལ་དུ་སྣང་བར་སྐྱེས་པ་ཉིད་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པར་མཐོང་གི་ཡུལ་དུ་སྣང་བ་མ་གཏོགས་པར་རང་དུ་སྣང་བ་གཞན་མ་མཐོང་ངོ། །གལ་ཏེ་ཡུལ་དུ་སྣང་བ་ཉིད་ལས་གཞན་པ་རྣམ་པར་ཤེས་པའི་ངོ་བོ་ཉིད་གཉིས་པ་ཞིག་ཡོད་ན ་དེ་གང་ཡིན་སྟོན་ཅིག་གལ་ཏེ་དེ་བསྟན་པའི་ཕྱིར་འདི་སྐད་ཅེས་རྣམ་པར་ཤེས་པ་ལ་རང་དུ་སྣང་བ་དང། ཡུལ་དུ་སྣང་བ་ཞེས་བྱ་བའི་ངོ་བོ་ཉིད་གཉིས་ཡོད་དེ། རང་གི་ངོ་བོར་གནས་པའི་ཕྱིར་དང། གཞན་ལྟ་པུར་སྐྱེས་པའི་ཕྱིར་ཤེལ ་གྱི་ནོར་བུ་བཞིན་ཏེ། དཔེར་ན་ཤེལ་གྱི་ནོར་བུའི་ངོ་བོ་ཉིད་ལས་ནི་རང་གསལ་ལ། སྔོན་པོ་ལ་སོགས་པའི་ཉེ་བར་བཞག་པའི་ཁྱད་པར་ལས་ནི་སྔོན་པོ་ལ་སོགས་པ་སྣང་བ་མཚོན་དུ་རུང་ངོ། །དེ་བཞིན་དུ་སེམས་རང་དུ་སྣང་བའི་ཡུལ་གྱི་རྣམ་པར ་ཡོངས་སུ་གྱུར་པ་ལས་ཡུལ་དུ་སྣང་བ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་བསྒྲུབ་པར་བྱ་བ་དང་དཔེ་ཉེ་བར་བཞག་པ་མི་མཐུན་ཏེ། གང་གི་ཕྱིར་ཞེ་ན། གཞན་ལྟར་སྐྱེས་ཕྱིར་དེ་གཉིས་སྣང། །ཤེལ་དང་འདྲ་བར་མི་འདོད་དེ། །ཉེ་བར་བཞག་ལས ་དེར་སྐྱེ་བ། །ཤེལ་གྱི་སྐད་ཅིག་མིན་ཕྱིར་རོ། །ཞེས་བྱ་བ་ནི་ཤེལ་གྱི་ནོར་བུ་སྔོན་པོ་ལ་སོགས་པ་ཉེ་བར་བཞག་པའི་ཁྱད་པར་གྱི་རང་གི་ངོ་བོར་གསལ་པ་ཉིད་ཡོངས་སུ་བཏང་བས་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངས་སུ་འགྱུར་བ་ནི་བདེན ་མོད་ཀྱི་ཤེལ་གསལ་བའི་སྐད་ཅིག་མ་སྔ་མ་གང་ཡིན་པ་དེ་ནི་འགགས་པར་གྱུར་པས་སྔོན་པོ་ལ་སོགས་པར་གྱུར་པ་མ་ཡིན་ནོ། །དེ་འགགས་གཞན་ནི་སྐྱེས་པ་ལ། །དེ་ཡི་བློ་ནི་འཁྲུལ་པར་འདོད། །ཅེས་བྱ་བ་ནི་ཤེལ་གསལ་བའི་སྐད་ཅིག་མ་དེ ་འགགས་པས་ན་ཉེ་བར་བཞག་པའི་ཁྱད་པར་གྱིས་སྔོན་པོ་ལ་སོགས་པའི་ངོ་བོ་ཉིད་སྐྱེས་པ་ལ་ཤེལ་ཡིན་པར་དམིགས་པའི་བློ་ནི་འཁྲུལ་པ་ཉིད་ཡིན་ནོ། །ངོ་བོ་ཉིད་གཉིས་ནི་མེད་དེ། གང་གི་ཕྱིར་ཞེ་ན། ཤེལ་ཉེ་བར་བཞག་པ་དང་བྲལ་བ་ན་སྔ་མའི ་ངོ་བོ་ཉིད་ཁོ་ནར་སྣང་བ་ལྟར་ཤེས་པའི་རྣམ་པར་ཤེས་བྱའི་རྣམ་པ་དང་བྲལ་པ་ཤེལ་གྱི་རྣམ་པ་ཉེ་བར་བཞག་པ་དང་བྲལ་བ་ལྟ་བུ་ནི་ནམ་ཡང་གཟུང་དུ་མེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་རང་དུ་སྣང་བའི་བདག་ཉིད་ཉམས་སུ་མྱོང་བ་མེད་ཀྱང་དེ་ཡུལ ་གྱི་རྣམ་བས་ཁ་བསྒྱུར་བའི་དམིགས་བར་སྣང་བའི་ཡུལ་དུ་སྣང་བ་ཉིད་ཡིན་པར་རིག་པ་དང་ལྡན་པ་མ་ཡིན་ནོ། །དཔེར་ན་ཤེལ་གྱི་ནོར་བུ་ཉེ་བར་བཞག་པའི་ཚེ་ན་དང་ཕྲད་པ་ན་དེ་ལྟ་བུར་སྙེད?་བར་མཚོན?་དུ་རུང་ཡང་ཤེལ་གྱི་ནོར་བུ་ཡང་ཉེ་བར་བཞག་བའི་ངོ ་བོ་ཉིད་དུ་མི་འགྱུར་ལ་ཉེ་བར་བཞག་བའི་ངོ་བོ་ཉིད་ཀྱང་ཤེལ་གྱི་ནོར་བུའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། ཤེལ་གྱི་ནོར་བུ་ཚོན་ཡིན་པ་འམ། ཆོན་ཀྱང་ཤེལ་གྱི་ནོར་བུ་ཉིད་ཡིན་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཡང་རྐྱེན་ཇི ་ལྟ་ཉེ་བར་གྱུར་པའི་ཡུལ་དུ་སྣང་བར་སྐྱེ་ཡང། རྣམ་པར་ཤེས་པ་ཡང་རྣམ་པ་ཐམས་ཅད་དུ་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་མི་འགྱུར་ལ། གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་རྣམ་པར་ཤེས་པའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། ས?་ལ་སོགས་པའི་སེམས ་དང་བཅས་པ་ཉིད་དམ། སེམས་ཀྱི་ས་ལ་སོགས་པ་བཞིན་དུ་སེམས་མེད་པ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར། རྣམ་པར་ཤེས་པ་ཉིད་གཟུང་བ་དང་འཛིན་པ་ཉིད་ཡིན་ནོ་ཞེས་བྱ་བར་རང་ལ་བྱེད་པ་འགལ་བའི་ཕྱིར་དེ་ཤེལ་བཞིན་དུ་གཉིས་སུ་སྣང་བ་ཉིད་དུ ་མི་རིགས་སོ། །འདིར་སྨྲས་པ། ཡུལ་དུ་སྣང་བ་དེས་རང་དང་རྗེས་སུ་མཐུན་པའི་འབྲས་བུ་བསྐྱེད་པར་བྱ་བའི་ཕྱིར་རིམ་གྱིས་རྣམ་པར་ཤེས་པའི་རྒྱུན་ནུས་པ་དང་ལྡན་པར་བྱེད་ཅིང་ལན་འགའ་ནི་དེའི་རྣམ་པའི་ནུས་པར་གནས་སོ། །ལན་འགའ་ནི་ནུས ་པ་ཡོངས་སུ་སྨིན་པ་ལས་རྣམ་པར་ཤེས་པ་ཡུལ་དུ་སྣང་བའི་རྣམ་པར་སྐྱེའོ། །རྣམ་པར་ཤེས་པ་ནི་ནུས་པ་དང་ཡུལ་དུ་སྣང་བ་དེ་གཉིས་ལས་གཅིག་པ་ཉིད་དང་ཐ་དད་པ་ཉིད་བརྗོད་པར་མི་འདོད་དེ། རྣམ་པར་ཤེས་པ་ཉིད་ནུས་པ་དང་ཡུལ་གྱི་ངོ་བོ་ཉིད ་གཉིས་སུ་སྣང་བ་ཡིན་ནོ་ཞེ་ན་འདིར་བཤད་པ། གཉིས་སུ་སྣང་བ་མེད་ནུས་པ་ནི། །ཐ་དད་མིན་ཕྱིར་ཡུལ་སྣང་བཞིན། །ཞེས་བྱ་བ་ལ་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བ་མ་ཡིན་ཞེས་བྱ་བ་ནི་ཕྱོགས་ཡིན་ལ། ནུས་པ་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ ་ནི་གཏན་ཚིགས་ཡིན། ཡུལ་དུ་སྣང་བའི་རྣམ་པར་ཤེས་པའི་བདག་ཉིད་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ཏེ། རང་དུ་སྣང་བའི་རྣམ་པར་ཤེས་པ་གཞན་ཡིན་ཞེས་བྱར་ཡང་དེ་སྐྱེ་བན་ཡུལ་དུ་སྣང་བ་ཁོ་ནའི་རྣམ་པར་ཤེས་པ ་སྐྱེ་སྟེ། ཡུལ་གྱི་རྣམ་པ་ཐ་དད་པར་སྣང་བའི་ཕྱིར་དང། ཡུལ་དུ་སྣང་བ་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་འགག་པ་ན་ཡང་རྣམ་པར་ཤེས་པའི་རྒྱུན་དང་ལྡན་པའི་ནུས་པ་ཡུལ་དུ་སྣང་བ་ཉིད་ཀྱི་རྣམ་པར་ཤེས་པ་བསྐྱེད་པའི་མཐུ་དང་ལྡན་པ་བཞག ་ནས་འགག་ཅིང་དེ་ཡོངས་སུ་སྨིན་པར་གྱུར་པ་ལས་ཡང་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཉིད་སྐྱེ་བར་ཟད་ཀྱི། རང་དུ་སྣང་བའི་རྣམ་པར་ཤེས་པའི་ནུས་པ་གང་གིས་དེ་བསྐྱེད་པར་འགྱུར་བ་བཞག་པ་ནི་འགའ་ཡང་མེད་པས་ཡུལ་དུ་སྣང་བ ་ཉིད་ཀྱི་རྣམ་པར་ཤེས་པ་ལ་རང་དུ་སྣང་བ་ཉིད་བཏགས་པས་ཅི་བྱ་།ཅི་སྟེ་ཡང་འདི་སྙམ་དུ་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བ་ཡིན་ཏོ། ལྷན་ཅིག་ཏུ་འདྲ་བར་འབྱུང་བའི་ཕྱིར་གཟུགས་དང་གཟུགས་བརྙན་བཞིན་ཏེ་།གང་ལ་ལྷན་ཅིག་འབྱུང་བཱི ་ངང་ཚུལ་ཡོད་པ་དེ་ནི་ལྷན་ཅིག་ཏུ་འབྱུང་བ་སྟེ། ཅིག་ཅར་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ་།གང་ལྷན་ཅིག་འབྱུང་བ་དང་འདྲ་བའི་དང་ཚུལ་ཡོད་པ་དེ་ནི་འདྲ་བར་འབྱུང་བ་སྟེ། ལྷན་ཅིག་ཏུ་འདྲ་བར་འབྱུང་བའོ། །དཔེར་ན་གཟུགས་དང་ལྷན་ཅིག་ཏུ་གཟུཌ ་བརྙན་འདྲ་བར་འབྱུང་བ་བཞིན་ནོ་ཏེ། དེ་ལ་གཟུགས་ལྟ་བུ་ནི་རང་དུ་སྣང་བ་ཉིད་ཡིན་ལ་གཟུཌ་བརྙན་ལྟ་བུ་ནི་ཡུལ་དུ་སྣང་བ་ཉིད་ཡིན་པར་སེཾས?་ཅན་འདིར་བཤད་པ་སེཾས་ཅན་ནི?་རང་དང་གཞན་སྣང་བ་ལྷན་ཅིག་འདྲ་བར་འབྱུང་བའི་ཕྱིར། །གཟུགས་བརྙན་བཞིན་དུ་མི་འདོད་དེ། ་དེ་ཕྱིར་གཉིས་སུ་སྣང་བ་མ་ཡིན། །ཞེས་བྱ་བ་ནི་ལྷན་ཅིག་ཏུ་འདྲ་བར་འབྱུང་བ་ཉིད་ཡིན་དུ་ཟིན་ཀྱང་གཉིས་སུ་སྣང་བ་ཉིད་དུ་མི་འགྲུབ་པ་ཁོ་ན་ཡིན་ཏེ་གཟུགས་བརྙན་ནི་དངོས་པོ་མེད་པའི་ཕྱིར་དང་དེའི་བློ་ཡང་འཁྲུལ་པ་ཡིན་པའི་ཕྱིར་རོ། །འདིར ་སྨྲས་པ། རྣམ་པར་ཤེས་པ་ནི་གཉིས་སུ་སྣང་བ་ཁོ་ན་ཡིན་ཏེ་ཚད་མ་དང་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལ་ཚད་མ་ནི་འདིས་རྗེས་སུ་དཔོག་པའི་ཕྱིར་ཚད་མ་སྟེ། རང་དུ་སྣང་བའི་རྣམ་པར་ཤེས་པའོ། །འབྲས་བུ་ནི་དེའི་ཡུལ་སོ་སོར་རྟོག་པ་སྟེ་།ཡུལ་དུ་སྣང་བ ་ཉིད་དོ། །ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་འབའ་ཞིག་ལ་ནི་ཚད་མ་དང་འབྲས་བུ་དག་འཐད་པར་དཀའ་ཨོ་ཞེ་ན། འདིར་བཤད་པ། གལ་ཏེ་ཚད་མ་འབྲས་ཡོད་ཕྱིར། །གཉིས་སུ་སྣང་བར་འདོད་ཅེ་ན། །གཞན་དུ་དེ་དག་འགྲུབ་བའི་ཕྱིར། །བརྟག་པ་དེ་ཡང ་མི་འདོད་དོ། །ཞེས་བྱ་བ་ནི་གཉིས་སུ་སྣང་བ་ཉིད་མ་ཡིན་པར་གཞན་དུ་ཡང་ཚད་མ་དང་འབྲས་བུ་དེ་དག་འགྲུབ་པའི་ཕྱིར་བརྟག་པ་དེ་ཡང་མི་འདོད་དོ། །དེ་ཇི་ལྟར་ན་གཞན་དུ་ཚད་མ་དང་འབྲས་བུ་དག་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར། ཡུལ་དུ་སྣང་བ་འཛིན ་པ་ཡི། །རྣམ་པར་ཤེས་པ་སྐྱེ་བཞིན་པས། གཞལ་བྱ་གང་ཡིན་འཇལ་བྱེད་པ། །དེས་ན་དེ་ནི་ཚད་མར་འདོད། །ཅེས་བྱ་བ་སྨྲས་ཏེ། འདི་ལ་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་པར་འཛིན་པར་སྐྱེ་བཞིན་པ་ཉིད་ཀྱིས་ཡུལ་རྣམ་པར་རྟོགས ་པར་བྱེད་པའི་ཕྱིར། ཤེས་པ་སྐྱེ་བཞིན་པ་ཉིད་གང་ཡིན་པ་དེ་ཚད་མ་ཡིན་པར་འདོད་དོ། །དེ་སྐྱེས་པ་ན་མཐོང་བའི་ཕྱིར། །དེ་གྲུབ་པ་ནི་འབྲས་བུར་འདོད། །ཅེས་བྱ་བ་ནི་རྣམ་པར་ཤེས་པ་དེ་སྐྱེས་པ་ན་ཡུལ་མཐོང་བའི་ཕྱིར་ཤེས་པ་དེས་མངོན་པར་གྲུབ ་པ་ནི་འབྲས་བུ་ཡིན་པས་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་ཉིད་ལ་ཚད་མ་དང་འབྲས་བུ་གཉིས་ཡོད་པར་འདོད་དེ། དཔེར་ན་ཤིང་ལ་སྟ་རིས་གཟས་པ་དང། བཏབ་པའི་རྐྱེན་གྱི་གཉིས་སུ་གཅོད་པར་བྱེད་པ་ཉིད་དང། དེ་དུམ་བུ་གཉིས་སུ་ཆད་པར་གྱུར་པ ་ཉིད་བཞིན་ནོ། །བསྟན་བུ་མེད་པའི་ངོ་བོ་ཉིད། །དེ་བཞིན་རྟོག་པ་གང་ཐོབ་པ། །ཞེས་བྱ་བ་ནི་མངོན་སུམ་གྱི་ཤེས་པ་དངོས་པོའི་རང་གི་མཚན་ཉིད་ཙམ་ལ་དམིགས་པ་རྟོགས་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་བྲལ་བས། གཟུགས་ལ་སོགས་པ ་སྔོན་བོ་ལ་སོགས་བའི་བདག་ཉིད་དུ་བསྟན་དུ་མེད་པའི་ངོ་བོ་ཉིད་ལ། དེ་བཞིན་དུ་མེད་པའི་ངོ་བོ་ཉིད་ཁོ་ན་བཞིན་དུ་རང་རིག་པའི་རྣམ་པས་རྟོགས་པར་བྱེད་པ་གང་གི་ཕྱིར་དེའི་ཕྱིར་ཡུལ་ཉིད་དུ་སྣང་བའི་རྣམ་པར་ཤེས་པ་གཅིག་བུ་ཁོ་ན་ལ ་ཚད་མ་དང་འབྲས་བུ་གཉི་ག་ཡོད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པས་རྣམ་པར་ཤེས་པ་ཉིད་གཉིས་སུ་སྣང་བར་རྟོག་པ་ནི་དགོས་པ་མེད་དོ། །ཡང་ཕ་རོལ་པོ་དག་གི་བསམ་པ་གཞན་བསལ་བའི་ཕྱིར་བཤད་པ། གལ་ཏེ་སྨྲ་འདོད་བསྒྲུབ་བྱ་བ། ཕྱི་དོན ་སེམས་ཀྱི་དངོས་ཉིད་དེ། །རྣམ་པར་ཤེས་པའི་ཡུལ་ཡིན་ཕྱིར། །དཔེར་ན་དེ་མ་ཐག་བཞིན་ནོ། །ཞེས་བྱ་བ་འདི་ལ་ཕྱི་རོལ་གྱི་དོན་ནི་ཆོས་ཅན་ནོ། །དེ་སེམས་ཀྱི་ངོ་བོ་ཉིད་ཡིན་པར་བསྒྲུབ་པ་ནི་དེའི་ཆོས་སོ། །རྣམ་པར་ཤེས་པའི་ཡུལ་ཡིན་ཕྱིར་ཞེས་བྱ་བ ་ནི་གཏན་ཚིགས་ཀྱི་དོན་དུ་ཕྱིར་ཞེས་སྨོས་སོ། །དཔེར་ན་དེ་མ་ཐག་པའི་རྐྱེན་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ་སེམས་དང་སེམས་ལས་བྱུང་བ་མཚུངས་པ་དེ་མ་ཐག་ཏུ་འགགས་པ་རྣམས་ནི་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི ་རྐྱེན་གྱིས་དངོས་པོར་འགྱུར་བས་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །གལ་ཏེ་དེ་ཡང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ཡིན ་ནོ་ཞེ་ན། དེས་ན་སེམས་བྱུང་སོ་སོ་ཡི། །གཏན་ཚིགས་འཁྲུལ་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་དེས་རེ་ཞིག་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དེ་མ་ཐག་པའི་རྐྱེན་བཞིན་དུ་ཕྱི་རོལ་གྱི་ཡུལ་ཡང་སེམས་ཀྱི་ངོ་བོ་ཉིད་ཡིན་པར་འགྱུར་རམ། འོན ་ཏེ་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཆོར་བ་ལ་སོགས་པ་སེམས་ལས་བྱུང་བ་སོ་སོ་དག་སེམས་ཀྱི་ངོ་བོ་ཉིད་མ་ཡིན་པ་བཞིན་དུ་ཕྱི་རོལ་གྱི་ཡུལ་ཡང་སེམས་ཀྱི་ངོ་བོ་ཉིད་མ་ཡིན་པར་འགྱུར་བའི་གཏན་ཚིགས་མ་ངེས་པ་ཉིད་དོ། །ཅི་སྟེ་ཡང་འདི ་སྙམ་དུ་དེ་ནི་ལུང་གིས་འགྲུབ་སྟེ། འདི་ལྟ་སྟེ། ཁམས་གསུམ་པོ་ནི་སེམས་ཙམ་མོ་ཞེས་གསུངས་པར་སེམས་ན། འདིར་བཤད་པ་དེ་ནི་རིགས་པ་མ་ཡིན་ཏེ། ལུང་གི་དོན་ཡོངས་སུ་མ་ཤེས་པའི་ཕྱིར་རོ། །གང་གི་ཕྱིར་ཞེ་ན། མདོ་ལས་སེམས་ཙམ་གསུངས་པ་ནི། ། ་བྱེད་པོ་གླ?་པོ་དགག་ཕྱིར་རོ་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་དག་གིས་རྣམ་པར་ཤེས་པ་ལས་གཞན་གྱི་བྱེད་པ་པོ་དང་ཟ་བ་པོ་ཡོད་པར་བཏགས་པ་སེལ་བར་མཛད་པའི་ཕྱིར་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཙམ་ཞེས་བསྟན་པ་མཛད ་པ་ཡིན་གྱི། ཕྱི་རོལ་གྱི་ཡུལ་བསལ་བའི་ཕྱིར་ནི་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། ས་བཅུ་པའི་མདོ་སྡེ་ལས། བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང། ལུགས་སུ་འབྱུང་བ་མ་ཡིན་པ་ལ་རྣམ ་པར་བལྟ་བ་འདི་སྙམ་དུ་སེམས་ཏེ། མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་པས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་བྱེད་པ་པོ་དང། ཚོར་བ་པོ་དང་བྲལ་བ་འདི་འབྱུང་ཞིང་སྡུག་བསྔལ་གྱི་ཤིང་ལྗོན་པ་མངོན་པར་འགྲུབ་པར་འགྱུར་རོ་སྙམ་དུ་དེ་ལྟར་ངེས ་པས་།ཀྱེ?་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། སེམས་ཀྱི་མངོན་པར་འདུས་བྱས་པ་དང། སེམས་ཀྱིས་བྲིས་པ་ཡིན་གྱིས་།སེམས་ལས་གཞན་པའི་བྱེད་པ་པོ་དང། ཟ་བ་པོ་ནི་འགའ་ཡང་མེད་དོ། །ཞེས་གསུངས་པས ་ཕྱི་རོལ་གྱི་ཡུལ་མེད་པ་ཉིད་དུ་མི་འགྲུབ་བོ། །འདིར་སྨྲས་པ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་བྱེ་བྲག་གདགས་པ་ནི་རྣམ་པ་གསུམ་གྱི་ཁོང་དུ་ཆུད་པར་བྱ་སྟེ་།འདི་ལྟ་སྟེ། འདི ་ནི་ཀུན་བཏགས་པའི་གཟུགས་སོ། །འདི་ནི་རྣམ་པར་བཏགས་པའི་གཟུགས་སོ་།འདི་ནི་ཆོས་ཉིད་ཀྱི་གཟུགས་སོ་ཞེས་བྱ་བས་སོ། །ད་ལ་ཀུན་བཏགས་པའི་གཟུགས་གང་ཞེ་ན་།གཟུགས་ཞེས་བྱ་བ་ནི་མིང་དང་འདུ་ཤེས་དང། གདགས་པ་དང། ཐ་སྙད་ལ་བརྟེན་ནས ་གཟུགས་ཀྱི་ངོ་བོ་ཉིད་དུ་རྟོག་པ་གང་ཡིན་པ་དེ་།དེ་ནི་རྫས་སུ་མེད་དོ་དེ་ལ་རྣམ་པར་བཏགས་པའི་གཟུགས་གང་ཞེ་ན། རྣམ་པར་རྟོག་པ་ལ་བརྟེན་ནས་གང་ལ་མིང་དང། འདུ་ཤེས་དང། གདགས་པ་དང། ཐ་སྙད་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པར ་མངོན་པར་བརྗོད་པ་ཉིད་དེ། འདི་ནི་རྣམ་པར་རྟོག་པ་རྫས་སུ་ཡོད་པ་ཉིད་ལ་བརྟེན་ནས་རྫས་སུ་ཡོད་པ་ཡིན་གྱི་།རང་དབང་དུ་འཇུག་པ་ལས་ནི་མ་ཡིན་ནོ། །དེ་ལ་ཆོས་ཉིད་ཀྱི་གཟུགས་གང་ཞེ་ན། ཀུན་བཏགས་པའི་གཟུགས་དེས་རྣམ་པར་བཏགས་པའི་གཟུགས ་དེ་ལ་རྟག་ཏུ་ངོ་བོ་ཉིད་མེད་པ་ཉིད་དང། ཆོས་བདག་མེད་པ་ཉིད་དང། ཡང་དག་པའི་མཛའ་ལ་སོགས་པ་གང་ཡིན་པ་སྟེ། དེ་ལ་རྫས་སུ་ཡོད་པ་ཡོང་མ་ཡིན་ལ། རྫས་སུ་མེད་པ་ཡང་མ་ཡིན་ཏེ། རྣམ་པར་བཏགས་པའི་དོན་གྱིས་སྟོང་པ་ཉིད་དང། རྣམ ་པར་ཤེས་པ་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ་ཞེས་ན་བཤད་པ། གལ་ཏེ་རྣམ་བཏགས་དོན་སྟོང་པས། །རྣམ་པར་ཤེས་པ་སྒྲུབ་བྱེད་ན། །བཏགས་པ་མ་ཡིན་དོན་ཡོད་ཕྱིར། །ཡུལ་མེད་པར་ནི་མི་འགྱུར་རོ། །ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་རྣམ ་པར་བཏགས་པའི་དོན་གྱིས་སྟོང་པ་ཉིད་ཡིན་ཡང་དེ་བཞིན་གཤེགས་པས་སོ་སོ་རང་རིག་པར་བྱ་བའི་ཆོས་ཉིད་ཀྱི་གཟུགས་ཀྱི་དོན་ཡོད་པའི་ཕྱིར། སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་གང་ཡིན་པ་དེ་ཡོད་པས་བཏཌ?་པ་མ་ཡིན་པའི་དོན་ཡོད་པའི་ཕྱིར་ཡུལ ་ཡོད་པ་ཁོ་ན་ཡིན་པར་རྣམ་པར་ཤེས་པ་ཐམས་ཅད་དུ་ཡུལ་གྱིས་སྟོང་པ་ཡིན་པར་མི་རིགས་སོ།། །།བམ་པོ?་བཅོ་བརྒྱད་པ། །གཞན་ཡང་རྨི་ལམ་ལ་ཡང་བརྟགས་མིན་བའི། །ངོ་བོ་ཉིད་གློས་མ་ངེས་འགྱུར། ་ཞེས་བྱ་བ་ནི་ཁམས་གསུམ་པ་ནི་སེམས་ཙམ་སྟེ། གཟུགས་ལ་སོགས་པའི་དོན་གྱིས་སྟོང་པའི་ཕྱིར། རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། །ཞེས་བྱ་བ་དེ་ལ་འདི་ལྟར་རྨི་ལམ་ལ་ཡང་བཏགས་པ་མ་ཡིན་པའི་ངོ་བོ་ཉིད་ཀྱི་བློའི་ཆ ་ཡོད་པའི་ཕྱིར་ངེས་ན་ཅི་རེ་ཞིག་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་རྨི་ལམ་གྱི་རྣམ་པར་ཤེས་པ་བཏགས་པའི་ངོ་བོ་ཉིད་ཀྱི་སྐྱེས་བུ་ལ་སོགས་པའི་དོན་གྱིས་སྟོང་པར་འཕྱུར?་རམ། འོན་ཏེ་གང་གི་ཆ་ལ་དམིགས་པ་བཏགས་པ་མ་ཡིན ་པའི་དོན་གྱིས་མི་སྟོང་པར་འགྱུར་བའི་གཏན་ཚིགས་མ་ངེས་པ་ཉིད་དུ་འགྱུར་རོ། །དམིགས་པ་མེད་པར་མི་འདོད་དེ། །དཔེ་ནི་རབ་ཏུ་མ་གྲུབ་ཕྱིར། །ཞེས་བྱ་བ་ནི་བཏགས་པའི་དོན་གྱིས་སྟོང་པའི་ཕྱིར་རོ། །ཞེས་བྱ་བའི་དཔེ་རྨི་ལམ་བླངས་པ་དེར་ཡང་བཏགས ་པའི་དོན་སེལ་བར་བྱེད་ཀྱི་བཏགས་པ་མ་ཡིན་པའི་དོན་གྱི་ཆ་སེལ་བར་མི་བྱེད་པས་དེས་ཀྱང་སེམས་ཙམ་ཉིད་དུ་མི་འགྲུབ་པའི་ཕྱིར། དམིགས་པ་མེད་པར་མི་འདོད་དེ། དཔེ་བསྒྲུབ་པར་བྱ་བའི་ཕྱོགས་གཅིག་དང་མི་ལྡན་པར་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །རྨི་ལམ ་གྱི་ཤེས་པའི་ཆོས་ཉིད་ཀྱི་གཟུགས་ཀྱི་དོན་ལ་དམིགས་པའི་ཕྱིར་དམིགས་པ་མེད་པ་ཉིད་མ་ཡིན་ནོ། །འདི་ལྟར་རྨི་ལམ་ནི་ཡང་དག་པ་མ་ཡིན་པའི་ཕྱིར་གཏན་ལ་དབབ་པར་ན་དེ་དཔེ་ཉིད་དུ་མི་རུང་ངོ་ཞེས་བྱ་བར་བསམས་སོ། །འདིར་སྨྲས་པ། ཅི་སྟེ་བློ་ཡུལ ་རྣམ་པ་གཉིས། །གཅིག་དང་འདུས་པ་ཡིན་སྙམ་ན། །རིགས་པས་ཡོངས་སུ་བརྟགས་པ་ན། །དེ་ནི་གཉི་གར་མི་རིགས་སོ། །ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཅི་སྟེ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་དག་བློའི་ཡུལ་རྡམ་པ་གཉིས་སུ་འདོད་དེ། རྡུལ་ཕྲ་རབ་གཅིག་པུ ་འབའ་ཞིག་ཡུལ་དུ་འདོད་དམ། འོན་ཏེ་རྡུལ་ཕྲ་རབ་འདུས་པ་ཡུལ་དུ་འདོད་དོ་སྙམས?། །གཉི་ག་ཡང་རིགས་པས་ཡོངས་སུ་བརྟགས་པ་ན་འགལ་བའི་ཕྱིར་དེ་ནི་གཉི་གར་མི་རིགས་ཏེ། བཟང་པོ་མ་ཡིན་ནོ་ཞེས་ཟེར་རོ། །རིགས་པ་དེ་ཡང་གང་ཞེ་ན། དེའི་ཕྱིར ་སྨྲས་པ། དེ་ལ་གཟུགས་རྡུལ་གཅིག་པུ་ནི། །གཟུགས་བློའི་སྤྱོད་ཡུལ་མ་ཡིན་ཏེ། དེ་སྣང་ཉིད་དུ་མི་འགྱུར་ཕྱིར། །དབང་གཟུགས་སྤྱོད་ཡུལ་མ་ཡིན་བཞིན། །ཞེས་བྱ་བ་ལ་གཟུགས་ཀྱི་ཕྲ་བ་ཉིད་ཀྱི་མཐར་ཐུག་པ་ནི་རྡུལ་ཕྲ་རབ་པོ། །གཅིག་པུ་ཞེས་བྱ་བ་ནི་འབའ་ཞིག ་ཞེས་བྱ་བའི་ཐ་ཚིག་གོ་།གཟུགས་ཀྱི་རྡུལ་གཅིག་བུ་ནི་ཞེS་བྱ་བ་ནི་ཆོས་ཅན་ཡིན་ལ། དེ་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ། ཞེས་བྱ་བ་ནི་དེའི་ཆོས་ཏེ། ཆོས་ཅན་དང་ཆོས་བསྡུས?་པ་ནི་ཕྱོགས་ཡིན་ནོ། །དེ་སྣང?་ཉིད་དུ་མི་འགྱུར་ཕྱིར་ཞེས ་བྱ་བ་ནི་གཏན་ཚིགས་ཏེ། དེ་སྣང་ཉིད་དུ་ཞེས་བྱ་བ་ནི་ཡུལ་གྱི་དངོས་པོ་ཉིད་དུ་སྣང་བ་ཞེས་བྱ་བའི་ཐ་ཚིག་གོ་།དེ་སྣང་བ་ཉིད་དུ་མི་འགྱུར་ཞེས་བྱ་བ་ནི་དེ་བློ་ལ་སྣང་བ་ཉིད་དུ་མི་འགྱུར་ཞིང། ཡུལ་གྱི་དངོས་པོ་ཉིད་དུ་མི་འགྱུར་བ་སྟེ། གཏན་ཚིགས་ཀྱི་དོན་གྱི ་ཕྱིར་ཞེས་བྱ་བ་སྨོས་སོ། །དབང་གཟུགས་སྤྱོད་ཡུལ་མ་ཡིན་ཞེས་བྱ་བ་ནི་དཔེ་སྟེ། དབང་པོ་ཞེས་བྱ་བ་ནི་དབང་པོ་ལྔ་རྣམས་ཏེ། དེ་རྣམས་ཀྱི་ངོ་བོ་ཉིད་ཡུལ་ཁ་དོག་གཟུགས་དང་བ་ཉིད་དུ་ཡོད་པ་ཡིན་ཡང་དེ་སྣང་བ་ཉིད་དུ་མི་འགྱུར་བའི་ཕྱིར། དཔེར ་ན་དེ་གཟུགས་ཀྱི་བློའི་ཡུལ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱང་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ནོ། །ཕྲ་རབ་གཟུགས་ནི་དུ་མ་སྟེ། །སེམས་ཀྱི་སྤྱོད་ཡུལ་ཡིན་མི་འདོད། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །དཔེར་ན་ཟླ་བ་གཉིས་བཞིན་ནོ། །ཞེས ་བྱ་བ་ནི་རྡུལ?་ཕྲ་རབ་ཀྱི་གཟུགས་དུ་མ་དེ་དག་འདུས་པ་དེ་ཡང་སེམས་ཀྱི་སྤྱོད་ཡུལ་ཡིན་པར་མི་འདོད་དེ། ཅིའི་ཕྱིར་ཞེ་ན། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་རྡུལ་ཕྲ་རབ་ཀྱི་གཟུགས་འབའ་ཞིག་ནི་རྫས་སུ་འདོད་ལ། དེ་དག་འདུས ་ད་ནི་དམག?་དང་ནགས་ཚལ་ལ་སོགས་པ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པས་དེ་སྣང་བར་འགྱུར་དུ་ཟིན་ཀྱང་སེམས་ཀྱི་སྤྱོད་ཡུལ་ཡིན་པར་མི་རིགས་ཏེ། དཔེར་ན་རབ་རིབ་ཅན་གྱི་མིག་སྐྱོན་གྱིས་སེམས་ཀྱི་སྤྱོད་ཡུལ་ཡིན་པར་མི་རིགས་ཏེ་དཔེར ་ན་རབ་རིབ་ཅན་གྱི་མིག་སྐྱོན་གྱིས་ཉམས་པས་ཟླ་བ་གཉིས་པ་ལ་སོགས་པ་ཡང་དག་པ་མ་ཡིན་པར་མཐོང་བ་བཞིན་ནོ་ཞེ་ན། འདིར་བཤད་པ། དེ་ལ་གལ་ཏེ་ཕ་རོལ་པོ། །བསགས་པ་མིན་པའི་གཟུགས་སེམས་ཀྱི། །སྤྱོད་ཡུལ་མིན་པར་སྒྲུབ་བྱེད ་ན། །དེར་ནི་གྲུབ་པ་ཉིད་གྲུབ་འགྱུར། །ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་བསགས་ལ་མ་ཡིན་པའི་གཟུགས་རྡུལ་ཕྲ་རབ་གཅིག་པུ་སེམས་ཀྱི་སྤྱོད་ཡུལ་ཉིད་མ་ཡིན་པར་སྒྲུབ་པར་བྱེད་ན་ཕྱོགས་སྔ་མ་དེར་གྲུབ་པ་ཉིད་ལ་སྒྲུབ་པར་འགྱུར་ཏེ། ཁོ་བོ་ཅག་ཀྱང ་དེ་ལྟར་འདོད་པའི་ཕྱིར་རོ། །ཅི་སྟེ་བསགས་པའི་གཟུགས་ལ་ནི། །གཏན་ཚིགས་མ་གྲུབ་ཉིད་འགྱུར་ཏེ། །གཟུགས་གཞན་དག་གི་བསམས་པ་ནི། དེར་སྣང་བློ་ནི?་སྐྱེ་ཕྱིར་རོ། །ཞེས་བྱ་བ་ནི་ཅི་སྟེ་རྡུལ་ཕྲ་རབ་ཀྱི་རིགས་མཐུན་པ་བསགས་པའི་གཟུགས་ཕྱོཌ ་སུ་བྱས་ནས་དེ་ལ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་གཏན་ཚིགས་སུ་བརྗོད་ན་ནི། དེ་ལྟ་ན་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་དུ་འགྱུར་ཏེ་།ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་རིགས་མཐུན་པའི་གཟུགས་གཞན་དག་གིས་དེ་ལ་བསགས ་ཤིང་ཀུན་ནས་སྦྱར་བ་ན་དེ་ཡུལ་གྱི་དངོས་པོར་ཁས་བླངས་ཤིང་དེར་སྣང་བའི་བློ་རྡུལ་ཕྲ་རབ་འདུས་པའི་རྣམ་པར་སྐྱེ་བའི་ཕྱིར་རོ། །ཁོ་བོ་ཅག་ནི་རྡུལ་ཕྲ་རབ་རིགས་མཐུན་པའི་བསགས་པ་བུམ་པ་ལ་སོགས་པ་ཉིད་དང་ཕྲ་རབ་ཀྱང་ཀུན་རྫོབ་པའི་རྫས་སུ ་འདོད་དེ། འདི་ལྟར་རྡུལ་ཕྲ་རབ་ནི་རྫས་བརྒྱད་འདུས་པའི་བདག་ཉིད་ཡིན་པས། དེ་ཡང་རྫས་ཉིད་ཡིན་པར་འདོད་ལ། དེ་བཞིན་དུ་བུམ་པ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱང་རྫས་ཉིད་ཡིན་ཏེ། འབའ་ཞིག་པ་ནི་རྫས་སུ་མི་འགྲུབ་པའི་ཕྱིར་རོ། །དེ་ནི ་དམིགས་ཉིད་ཡིན་འདོད་དེ། །དེར་སྣང་བློ་ཡི་རྒྱུ་འགྱུར་ཕྱིར། །འདོད་ཆགས་བཞིན་ཏེ་དེ་ཡི་ཕྱིར། །ཁྱོད་དམ་བཅས་ལ་རྗེས་དཔག་གནོད། །ཅེས་བྱ་བ་ནི་རྡུལ་ཕྲ་རབ་རིགས་མཐུན་པ་བསགས་པའི་གཟུགས་དེ་ནི་དམིགས་བ་ཉིད་ཡིན་བར་འདོད་དེ། ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྡུལ་ཕྲ་རབ་བསགས་པ་དེ་ནི་བསགས་པའི་གཟུགས་དེར་སྣང་བའི་བློའི་རྒྱུའི་དངོས་པོ་ཉིད་དུ་འགྱུར་བའི་ཕྱིར་ཏེ་།གང་དང་གང་དེར་སྣང་བའི་བློའི་རྒྱུར་འགྱུར་བ་དེ་དང་དེ་ནི་བསགས་པ་ལ་དམིགས་པ་ཡིན་ཏེ། དཔེར་ན་འདོད་ཆགས ་ཡུལ་ལ་ཆགས་པའི་མཚན་ཉིད་ནི་བུད་མེད་ཀྱི་གཟུཌ་ལ་སོཌ་པ་བསཌ་པ་ཉིད་ལ་དམིགས་པར་འདོད་པ་བཞིན་ཏེ། དེའི་ཕྱིར་ཁྱོད་ཀྱིས་བསགས་པའི་གཟུགས་ནི་དམིགས་པ་མ་ཡིན་ནོ་ཞེས་དམ་བཅས་པ་དེ་ལ་རྗེས་སུ་དཔག་པ་འདིས་གནོད ་པར་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་ལྔའི་གནས་དང། དམིགས་པ་ནི་བསགས་པ་ཡིན་ནོ་ཞེས་གསུངས་པའི་ལུང་དང་ཡང་འགལ་ལོ། །འདིར་སྨྲས་པ། བློ་ནི་དམིགས་པ་མེད་པ་ཁོ་ནར་སྐྱེ་སྟེ། རང་དུ་སྣང་བའི་རྣམ་པར་ཤེས་པའི་ས་བོན་ལས ་སྐྱེས་པའི་ཕྱིར་ཡིད་ཀྱི་བློ་བཞིན་ནོ། །ཞེ་ན་འདིར་བཤད་པ། གལ་ཏེ་རང་བློ་དམིགས་མེད་དེ། །རང་གི་ས་བོན་ལས་སྐྱེའི་ཕྱིར། །ཡིད་བློ་བཞིན་འདོད་བཏགས་མིན་ཕྱིར། །ཁྱོད་ཀྱིས་དམིགས་བཅས་ཉིད་དུ་འགྱུར། །ཞེས་བྱ་བ་ནི་ཡིད་ཀྱི ་རྣམ་པར་ཤེས་པ་ལའང་བཏགས་པ་མ་ཡིན་པའི་རང་གི་དོན་དུ་སྣང་བའི་ཆ་ཡོད་པའི་ཕྱིར་ཁྱོད་ཀྱི་བློ་དམིགས་པ་དང་བཅས་པ་ཉིད་དུ་འགྱུར་རོ་གཞན་ཡང་དམིགས་པ་མེད་པ་རྗེས་དཔག་པས། །དེ་ནི་བློ་ཉིད་མ་ཡིན་འགྱུར། །འདུས་པ་དམ ་ནི་མ་བཅས་པས། །དེ་འགོག་པ་ནི་གནོད་པ་མེད། །ཅེས་བྱ་བ་ནི་དམིགས་པ་རྟོགས་པར་བྱེད་པས་བློ་ཞེས་བྱ་བ་ཡིན་ན་དམིགས་པ་མེད་པ་ཉིད་རྗེས་སུ་དཔོག་པས་བློར་འདོད་པ་དེ་བློ་མ་ཡིན་པ་ཉིད་དུ་གྱུར་པས་བློ་དེ་ནི་བློ་ཉིད་མ་ཡིན་པར ་བསལ་བའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་ལོག་པར་བསྒྲུབས་བས་དམ་བཅས་པ་ཉམས་པར་འགྱུར་རོ། །ཁྱོད་ཀྱིས་འདུས་པ་ནི་དམིགས་པ་མ་ཡིན་ནོ། །ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་ཁོ་བོས་ཀྱང་འདུས་པ་དམིགས་པ་ཡིན་པར་དམ ་མ་བཅས་ཏེ། འོ་ན་ཇི་ལྟར་དམ་བཅས་ཤེན། རྡུལ་ཕྲ་རབ?་བསགས་པ་ནི་དམིགས་པ་ཡིན་པར་དམ་བཅས་པས་ཁྱོད་ཀྱིས་འདུས་པ་དམིགས་པ་མ་ཡིན་པར་དེ་འགོག་པ་ནི་ཁོ་བོ་ལ་གནོད་པ་མེད་དོ། །བསགས་པ་དང་འདུས་པ་ཞེས་བྱ་བ་གཉིས ་ལ་ཁྱད་པར་ཅི་ཡོད་ཅེ་ན། རྡུལ་ཕྲ་རབ་རིགས་མཐུན་པ་དག་གཞི་གཅིག་ལ་བརྟེན་པ་ནི་ཚོགས་པ་ཞེས་བྱའོ། །གླང་པོ་ཆེ་དང། རྟ་ལ་སོགས་པ་དང། སྐྱེར་བ་དང། སེང་ལྡེང་ལ་སོགས་པའི་རྫས་རིགས་མི་མཐུན་པ་གཞི་ཐ་དད་པ་འདུས་པ་ལ་དམག ་དང་ནགས་ཚལ་ལ་སོགས་པར་གདགས་པ་ནི་འདུས་པ་ཞེས་བྱའོ། །འདིར་སྨྲས་པ། འོ་ན་ཁོ་བོ་ཅིག་དམིགས་པ་བརྟགས་པའི་སྐབས་སུ། ཕྱི་རོལ་དོན་ནི་མེད་པར་ཡང། །ནུས་པ་དང་ནི་ཡུལ་གྱི་དངོས། །གཉིས་པོ་ཕན་ཚུན་རྒྱུར་འགྱུར་པས། །ཐོག ་མ་མེད་པའི་དུས་ནས་འཇུག། ཅེས་བྱ་བས་ཕྱོགས་འདི་བསྟན་པོར་བཞག་ཟིན་ཏོ་ཞེ་ན་བཤད་པ། ཚིག་ལེའུར་བྱས་པ་དེའི་རྩ་བ་བཞི་པ་ཇི་ལྟར་དེ་ནི་ལྡོག་པར་འདོད། ཅེས་བྱ་བ་འདིས་རྗེས་ནས་བརྒལ་ཞིང་བརྟག་པར་བྱ་སྟེ། ཕྱི་རོལ་གྱི་དོན་ཡོད་པ་ལ་ནི ་ཡུལ་དུ་སྣང་བའི་རྣམ་པར་ཤེས་པ་སྐྱེ་བ་དེའི་དག་པ་འཚོལ་བའི་རྣལ་འབྱོར་པས་ཡུལ་ངོ་བོ་ཉིད་མེད་པ་ཉིད་དུ་རྟོག་པར་བཟུང་བ་དང། འཛིན་པ་ལྡོག་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བ་རིག་པ་ཁོ་ནར་འགྱུར་གྱི། ་ཁྱེད་ཡུལ་མེད་པ་ལ་ནི་དང་པོ་ནས་ཀྱང་ཕྱི་རོལ་གྱི་དོན་མེད་ལ། ཕྱིས་ཀྱང་མེད་པ་བཞིན་དུ་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་འཇུག་པར་འགྱུར་བ་དེའི་ཕྱིས་རྒྱུ་གང་གིས་ལྡོག་ཅིང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་བ་སྐྱེ་བར ་འགྱུར་བའི་ཐབས་ཅི་ཡང་མེད་དོ། །ཡུལ་མེད་པར་སྨྲ་བ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་སྐྱེ་བའི་ཐབས་མེད་པས་ནུས་པ་དང་ཡུལ་གྱིས་ངོ་བོ་ཉིད་ཀྱི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ནས་འཇུག་པ་དེ་ཇི་ལྟར་ལྡོག་པའི་རིགས་པ ་བརྗོད་པར་བྱ་དགོས་སོ། །གལ་ཏེ་ཁྱོད་འདི་སྙམ་དུ། མི་རྟོག་བློ་ནི་སྤང་མིན་ཏེ། །འཕགས་ཕྱིར་རྣམ་པར་མི་རྟོག་ཕྱིར། །ཞེས་བྱ་བར་སེམས་ན་ཞེས་བྱ་བ་ནི་གལ་ཏེ་འཁོར་བར་འཇུག་པའི་རྒྱུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་སྤངས་སུ ་ཟིན་ཀྱང་རྣམ་པར་མི་རྟོག་པའི་བློ་ནི་སྤང་པ་མ་ཡིན་ཏེ། འཕགས་པའི་ཕྱིར་དང་རྣམ་པར་མི་རྟོག་པའི་ཕྱིར་སྐྱེ་བར་འགྱུར་བ་ཉིད་ཡིན་ཏེ། ལྡོག་པར་མི་འགྱུར་བར་སེམས་ནའོ། །དེ་ལྟ་ན་དེ་སྐྱེ་ཐར་པ་གལ་ཡོད། །དེ་ཡི་ས་བོན་མ་བཅོམ ་ཕྱིར། །ཞེས་བྱ་བ་ནི་འདི་ལྟར་རྣམ་པར་ཤེས་ངའི་ས་བོན་འདྲུག་པས་ནི་འཁོར་བར་འདོད་ལ་།དེ་བཅོམ་པས་ནི་ཐར་པར་འདོད་པ་ཡིན་ན་ཇི་སྲིད་དུ་རྣམ་པར་རྟོག་པ་དང་བཅས་པ་འམ་རྣམ་པར་མི་རྟོག་པའི་ཤེས་པ་དེ་སྐྱེ་བ་ཡོད་པ་དེ་སྲིད་དུ་ཐར་པ་གལ་ཡོང ་དེའི་ཕྱིར་སེམས་ཙམ་དུ་སྨྲ་བ་ཁྱོད་ལ་ཐར་པ་ཡང་མི་འཐད་བར་འགྱུར་རོ། །ཅི་སྟེ་འདི་སྙམ་དུ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་སྐྱེ་བ་ནི་འཆིང་བ་ཡིན་ལ། རྣམ་པར་མི་རྟོག་པའི་ཤེས་པ་སྐྱེ་བ་ནི་ཐར་པ་ཡིན་པར་སེམས་ཏེ། ཅིའི་ཕྱིར་ཞེ་ན། ་འདི་ལྟར་།གཉིས་ཀྱི་འདུ་ཤེས་འཇུག་པ་ན། །སྣ་ཚོགས་སྣང་བ་རབ་ཏུ་སྐྱེ། །དེ་ཡི་སྣ་ཚོགས་སྣང་གང་དང། །དེ་རང་ས་བོན་ལས་སྐྱེའི་ཕྱིར་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་ཤེས་པ་འཇུག་པ་ན། གཟུགས་ལ་སོགས་པ ་ཡུལ་སྣ་ཚོགས་ཀྱི་རྣམ་པར་སྣང་བ་རབ་ཏུ་སྐྱེ་སྟེ་།དེའི་རྣམ་པ་སྣ་ཚོགས་སྣང་བ་དེ་ཡང་གང་ཞེ་ན། རྣམ་པར་ཤེས་པ་ཡུལ་གྱི་རྣམ་པར་ཡོངས་སུ་འགྱུར་བ་གང་ཡིན་པའོ། །དེ་དང་རང་དུ་སྣང་བའི་རྣམ་པར་ཤེས་པ་དེ་ཡང་རང་གི་ས་བོན་ཡུལ་དུ ་སྣང་བའི་རྣམ་པ་དེ་ལས་སྐྱེ་བའི་ཕྱིར་རོ། །ཞ་བ་དེ་ལ་ནུས་ཕུལ་དང། །རང་བདག་ཉིད་དང་གཞན་ལས་སོ། །ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དེ་དག་འགག་ཅིང་བག་ལ་ཞ་བ་ན་ཡང་རྩ་བའི་རྣམ་པར་ཤེས་པ་དེ་ལ་འཇུག་པར་འགྱུར ་ཏེ། གང་གི་ནུས་པ་ཕུལ་བའི་ངོ་བོ་ཉིད་དུ་གནས་པ་ཡིན་ནོ། །རང་གི་ཆ་ལ་དམིགས་པ་རང་གི་བདག་ཉིད་དང། ཡུལ་དུ་སྣང་པའི་རྣམ་པར་ཤེས་པ་གཞན་འགག་པ་ལས་ཀྱང་དེ་ལ་ཞ་བར་འགྱུར་རོ། །ཞེས་བྱ་བར་སྦྱར་བར་སེམས་ན་།འདིར་བཤད་པ། ་དེ་ནི་འཇིག་རྟེན་ཡིད་ཆེས་པར་བྱ་བ་ཙམ་ལ་བདེན་མོད་ཀྱི་།སྐྱོན་འདི་ཡོད་དེ་རྣམ་པར་ཤེས་པའི་མིང་གིS་ནི། །དེ་ལ་བདག་ཏུ་བཏགས་པར་འགྱུར། །ཅེས་བྱ་བ་ནི་བདག་ཏུ་སྨྲ་བ་དག་ཀྱང་ཡུལ་སྣ་ཚོགས་འབྱིན་པའི་བདག་གཅིག་པུ་ལ་ཐམས་ཅད་ཀྱི་ནུས་པ་རང། ་ཏུ་བསགས་པར་སེམས་དཔས་ཁྱོད་ཀྱིས་ཀྱང་རྣམ་པར་ཤེས་པ་ཞེས་བྱ་བའི་མིང་ཙམ་གྱི་རྒྱུ་ཐབས་ཀྱིས་དེ་ཉིད་ལ་བདག་ཏུ་བཏགས་པར་འགྱུར་ཏེ། དེས་ན་བདག་མེད་པ་ཉིད་དུ་སྨྲ་བ་ཡང་ཉམས་སོ། །ཁྱེད་ཀྱི་རྣམ་པར་གྲོལ་བར་བཏགས་པ་ཡང་འཁོར ་བ་ལས་ཁྱད་པར་མེད་པ་ཉིད་དུ་འགྱུར་ཏེ། ཇི་ལྟར་ཞེ་ན། འདི་ལ་སེམས་ཙམ་དུ་སྨྲ་བའི་རྣལ་འབྱོར་པ་འཁོར་བ་དང་ཐར་པའི་སེམས་ཚུལ་ལ་སེམས་པ་ན། གཉིས་ཡོད་སྒྱུ་མ་ལྟ་བུ་དང། །ཟད་ཅན་མ་ཞི་ལྟ་བུ་དང། །གཉིས་མེད་མི་ཟད་ཡང་ཡང་དང། ་འཆི་མེད་གོ་འཕང་མཆོག་རྟོགས་ནས། །དེ་ལ་འདྲ་བར་མེད་པའི་ཕྱིར། །རྣམ་པར་རྟོག་པ་རྣམ་ལྡོག་པས། །མི་རྟོག་བློས་ནི་དམིགས་བྱེད་བའི། །གྲོལ་བ་ཁྱད་པར་མེད་པར་འགྱུར། །ཞེས་བྱ་བ་སྟེ། གཉིས་ཡོད་ཅེས་བྱ་བ་ནི་གཟུང་བ་དང། ་འཛིན་པ་རྣམ་པ་གཉིས་ཀྱི་དངོས་པོར་གནས་པ་སྟེ་།དེ་ནི་སྒྱུ་མ་ལྟ་བུ་དང། ཟད་པ་ཅན་དང། མ་ཞི་བ་དང་།བདག་མེད་པར་རྟོགས་སོ་ཞེས་བྱ་བར་སྦྱར་རོ། །སྒྱུར?་མ་ལྟ་བུ་ཞེས་བྱ་བ་ནི་ཡང་དག་བ་མ་ཡིན་པའི་རྣམ་པར་རྟོག་པས་བསྐྱེད་པའི་ཕྱིར་རོ། །ཟད ་ཅན་ཞེས་བྱ་བ་ནི་དེ་ལ་ཟད་པ་ཡོད་པས་ཟད་ཅན་ནོ། །མ་ཞི་ཞེས་བྱ་བ་ནི་སྐྱེ་བ་དང་འཆི་བ་ལ་སོགས་པའི་བྱ་བས་འཕངས་པའི་ཕྱིར་རོ། །བདག་མེད་ཅས་བྱ་བ་ནི་གཞན་མུ་སྟེགས་བྱེད་པ་དག་གིས་ཡོངས་སུ་བཏགས་པའི་བདག་མེད་པའི་ཕྱིར་དང། ་ནང?་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཉིས་མེད་ཅེས་བྱ་བ་ནི་གང་གི་ཆ?་གཟུགས་ལ་སོགས་པ་དམིགས་པ་རྣམས་སེམས་ལས་ཕྱི་རོལ་ལས་མི་སྣང་བ་དེའི་ཚེ་ན། རང་གི་སེམས་ཀྱི་ཆོས་ཉིད་ལ་ངེས་པར་གནས་པའི་སེམས་ནི་གཉིས་མེད་ཅེས ་བྱ་སྟེ། དེ་ནི་མི་ཟད་པ་དང། ཡང་དག་པ་དང། འཆི་བ་མེད་པ་དང། གོ་འཕང་མཆོག་ཡིན་པར་རྟོགས་ནས་ཞེས་བྱ་བར་སྦྱར་རོ། །མི་ཟད་ཅེས་བྱ་བ་ནི་དེ་ལ་ཟད་པ་ཡོད་པ་ལ་ཡིན་པའོ། །ཡང་དག་ཅེས་བྱ་བ་ནི་མི་བསླུ?་བའོ། །འཆི་མེད ་ཅེས་བྱ་བ་ནི་སྐྱེ་བ་དང་འཆི་བ་ལ་སོགས་པ་དང་བྲལ་བའོ། །གོ་འཕངས་མཆོག་ཅེས་བྱ་བ་ནི་མཐར་ཐུག་པའི་གནས་སོ། །རྟོགས་ནས་ཞེས་བྱ་བ་ནི་གཉིས་ཡོད་པ་དང། གཉིས་མེད་པ་དག་ཚུལ་དེ་ལྟར་རྟོགས་ནས་སོ། །དེ་ལ་འདྲ་བར་མེད་པའི་ཕྱིར་ཞེས་བྱ་བ་ནི ་གཉིས་མེད་པ་དེ་ལ་གཟུང་བ་དང་འཛིན་པ་དག་ཇི་ལྟར་འཁོར་བའི་གནས་སྐབས་ན་མེད་པ་བཞིན་དུ་ཐར་པའི་གནས་སྐབས་ན་ཡང་དེ་དང་འདྲ་བར་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་རྣམ་ལྡོག་པས་ཞེས་བྱ་བ་ནི་དེ་ལ་གཉིས་པོ་འདྲ་བར་མེད་པར ་རྟོག་པའི་ཕྱིར་རྣམ་པར་རྟོག་པ་རྣམ་པར་ལྡོག་པས་སོ། །མི་ལྡོག་བློས་ནི་དམིགས་བཅས་པའི། །ཞེས་བྱ་བ་མངོན་སུམ་གྱི་ཤེས་པས་སྒྲ་ཇི་བཞིན་གྱི་ངོ་བོ་ཉིད་མ་ཡིན་པ་དང། རྣམ་པར་མི་རྟོག་པའི་བློས་ཀྱང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དམིཌ ་པར་བྱས་པའི་རྣལ་འབྱོར་པ་ལའོ། །དེ་ལ་གྲོལ་བ་ཁྱད་པར་མེད་པར་འགྱུར་ཞེས་བྱ་བའི་སྐྱོན་འདིར་འགྱུར་ཏེ་།དེ་ལ་སྐྱེ་བ་དང་དམིགས་པ་དང་བཅས་པ་ཉིད་སྔོན་དང་འདྲ་བར་ཡོད་པའི་ཕྱིར་སྔོན་གྱི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་ལས ་ཐར་པར་ཁྱད་པར་མེད་པས་བཅིངས་པ་དང། །ཐར་པ་གཉིས་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང། ཡང་ན་སེམས་ཙམ་བསྒྲུབ་པའི་ཕྱིར། །སེམས་ལས་བྱུང་རྣམས་སེམས་ལས་ནི། །ཐ་དད་མེད་པར་ཁས་བླང་བྱ། །ཡང་ན་རྣཾ་རིཌ ་ཙམ་མི་འགྲུབ། །ཅེས་བྱ་བ་ནི་ཡང་ན་ཁྱེད་སེམས་ཙམ་ཉིད་དུ་འདོད་པས་སེམས་ཙམ་ཉིད་སྒྲུབ་པའི་ཕྱིར་སེམས་ལས་བྱུང་བ་དམིཌ་པ་རྣཾ་པ་སྣ་ཚོཌ་ཐ་དད་རྣཾས་ཀྱང་སེམས་ལS་ཐ་དད་པ་མེད་པར་ཁས་བླངས་པར་བྱའོ། །ཡང་ན་སེམས་ལས་བྱུང་བ་རྣམས་སེམས་ལས་ཐ ་དད་པར་རྟོག་ན་ནི་སེམས་ལས་བྱུང་བ་རྣམས་མང་བའི་ཕྱིར་རྣམ་པར་རིག་པ་ཙམ་ཉིད་དུ་མི་འགྲུབ་བོ། །ཡང་ན་ཚོར་སོགས་འདུས་པ་ལ། །སེམས་སུ་གདགས་པར་འདོད་པར་གྱིས། །དེས་ན་གཞན་གྱི་སྨྲ་དང། །རང་གི་གཞུང་ཡང་བཏང་བར་འགྱུར། ། ་ཞེས་བྱ་བ་ནི་ཡང་ན་ཁྱེད་ཀྱིས་ཚོར་བ་དང། སེམས་པ་དང་རེག་པ་དང། ཡིད་ལ་བྱེད་པ་ལ་སོགས་པ་འདུས་པ་མདུང་ཁྱིམ་ལྟ་བུ་དང། ས་དང་ཆུ་དང་མེ་དང་རླུང་དང་འདུས་པ་ལ་སོགས་པ་ལྟ་བུ་དང། གཟུགས་དང་དྲི་དང་རོ་དང་རེག་པ་དང་ལྡན ་པའི་བུམ་པ་ལ་སོགས་པ་ལྟ་བུ་ལ་སེམས་སུ་གདགས་པར་ཁས་བླང་བར་བྱའོ། །གལ་ཏེ་དེ་ལྟ་བུ་ཡིན་ནོ་ཞེ་ན། དེས་ན་ཁྱེད་གཞན་དབུ་མར་སྨྲ་བའི་རྗེས་སུ་སྨྲ་བ་དང། རང་གི་གཞུང་ཡང་བཏང་བར་འགྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པ་གཅིག་པུ ་ཁོ་ན་ལས་རྐྱེན་ཇི་ལྟ་བ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་འབྱུང་བ་དང། སེམས་ལས་བྱུང་བ་རྣམས་ཀྱི་ཡོངས་སུ་འགྱུར་བ་ཡང་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་འདི་ལ་ཚོར་བ་ལ་སོགས་པ་འདུས་པ་ཉིད་ལ་སེམས་སུ་བརྟགས་ན ་སེམས་རྫས་སུ་ཡོད་པ་ཉིད་རྫས་སུ་ཡོད་པ་ཉིད་མ་ཡིན་པར་འགྱུར་ཞིང་དེས་ན་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དག་གི་གཞི་ཅི་ཡང་མེད་པར་འགྱུར་བས་ཚོར་བ་ལ་སོགས་པ་ཐ་དད་པ་དག་ལ་ནི་རེ་རེ་ལས་དེ་རྫས་སུ་ཡོད་པ་ཉིད་ཡིན་པས་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་གི་གནས་ཉིད་དུ་རིགས་ཏེ། ཇི་སྐད་དུ་ཐོག་མ་མེད་པའི་དུས་ལྡན་ཁམས། །ས་བོན་ཀུན་གྱི་གནས་གྱུར་པ། །དེ་ཡོད་པས་ན་འགྲོ་ཀུན་དང། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། ། ་ཞེ་ན་འདིར་བཤད་པ་།ཀུན་ནས་ཉོན་མོངས་རྣམས་བྱེད་ལས། །གལ་ཏེ་སེམས་ནི་རྫས་འདོད་ན། །ཚོར་སོགས་དེ་བཞིན་སྐྱེ་བཱི་ཕྱིར། །དེ་གྲུབ་པས་ན་གནོད་པ་མེད། །ཅེས་བྱ་བ་ནི་འདི་ལྟར་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པའི་ཡིད་ལ ་བྱེད་པ་དང་བཅས་པ་དག་སེམས་དང་ལྷན་ཅིག་འབྱུང་བ་ཉིད་ན་བཅིངས་པ་ཡིན་པར་འདོད་ལ། ཉོན་མོངས་པ་དང་བྲལ་བ་ན་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་སེམས་དང་ལྷན་ཅིག་ཉིད་དུ་གྲོལ་བར་འདོད་པས་སེམས་ཉིད ་ཀྱི་གནས་སྐབས་གཞན་དང། གཞན་དག་ལ་སེམས་ལས་བྱུང་བ་དག་ཏུ་རབ་གདགས་པ་ཡིན་གྱི། གང་གི་སེམས་འབའ་ཞིག་པ་ཡིན་ན་རྫས་སུ་ཡོད་པ་ཉིད་དུ་འགྱུར་བའི་སེམས་དང་སེམས་ལས་བྱུང་བ་ཕན་ཚུན་ཐ་དད་པར་གནས་པ་ནི ་མེད་དོ། །དེའི་ཕྱིར་ཚོར་བ་ལ་སོགས་པ་དག་ཉིད་བཅིངས་པའི་རྣམ་པ་དང། ཐར་པའི་རྣམ་པར་དེ་བཞིན་སྐྱེ་བའི་ཕྱིར་ཚོགས་པ་ལས་འབྱུང་བས་སེམས་དང་སེམས་བྱུང་བདག་འདུས་པའི་ངོ་བོ་ཉིད་དུ་ཡོད་པ་དེ་རབ་ཏུ་གྲུབ་པས་ན་ཁྱེད་སེམS ་རྫས་སུ་ཡོད་པ་ཉིད་དུ་རྟོག་པ་དེས་ཁོ་པོ་ཅག་ལ་གནོད་པ་མེད་དོ། །གལ་ཏེ་དེ་ལྟར་སེམས་འདུས་པའི་བདག་ཉིད་ཡིན་པས་རྫས་སུ་ཡོད་ཕ་ཉིད་མ་ཡིན་ན། ཇི་ལྟར་དེ་ལས་སྲིད་པའི་རྒྱུན་དང་ཐར་པ་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་བཤད་པ། ་ཨུཏཔལ་རྩ་བ་ནུས་མང་ལས། །ལོ་མ་ལ་སོགས་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ལས། །རྒྱུན་རྣམས་སྣ་ཚོགས་འབྱུང་པར་འགྱུར། །ཞེས་བྱ་བ་ལ་ཨུཏཔལ་རྩ་བ་ཞེས་བྱ་བ་ནི། ཨུད་པ་ལའི་རྩ་བ་ལ་སྟེ། དེ་ལ་རྩ་བའི ་འབྲེལ་པ་གཞན་མེད་པར་ཡང་ནུས་པ་མང་པོ་དང་ལྡན་པ་ལས་མཚོ་ཇི་ཙམ་དུ་རྒྱ་ཆེ་བ་དག་ལོ་མ་དང་མེ་ཏོག་ལ་སོགས་པའི་རྒྱུན་གྱིས་ཀུན་ཏུ་ཁྱབ་པ་འབྱུང་བར་འགྱུར་བ་ལྟར་དེ་བཞིན་དུ་སེམས་རྗེས་སུ་མེད་པ་ལས་ཀྱང་སེམས་ཅན་རྣམས་ཀྱི་འཁོར ་བའི་རྒྱུན་གྱི་བྱེ་བྲག་ཁམས་དང། འགྲོ་བ་སྣ་ཚོགས་ཀྱི་རྣམ་པ་ཐ་དད་པས་ཐ་དད་པ་དག་འབྱུང་བར་འགྱུར་རོ། །རྒྱུན་གྱི་བྱེ་བྲག་དེ་དག་ཀྱང། །གཉེན་པོས་སྐྱེ་བར་མི་འགྱུར་ཞིང། །བྱེད་རྒྱུ་ཡོད་ན་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་གཉེན་པོ་ཞེས་བྱ ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་སྐྱེས་པ་ན་རྒྱུན་རྣམས་སྐྱེ་བར་མི་འགྱུར་ཞིང། བྱེད་རྒྱུ་ཟག་པ་ཞེས་བྱ་བ་དག་ཡོད་ན་སྐྱེ་བར་འགྱུར་རོ། །ཡང་ན་ལྔ་པོའི་རྩ་བའི་རྣམ་ཤེས་ལས། །རྒྱུན་བཞིན་དུ་ནི་འབྱུང་བར་འགྱུར། །ཞེས་ཁྱོད་ཀྱིས ་གང་སྨྲས་པ་དེ་ལ་རྩ་བའི་རྣམ་པར་ཤེས་པ་མེད་པར་ཡང་སེམས་འདུས་པའི་བདག་ཉིད་ཀྱི་རྐྱེན་གྱིས་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡོད་པས་ནི་སྐྱེ་བར་མི་འགྱུར་ལ། བྱེད་རྒྱུ་གཟུགས་དང་།སྣང་བ་དང། ནམ་མཁའ་དང། ཡེད?་ལ་བྱེད་པ་ལ་སོགས ་པའི་རྐྱེན་ཡོད་ན་ནི་སྐྱེ་བར་འགྱུར་རོ། །འདི་ལ་སྣ་ཚོགས་སྐྱེས་ལ་སོགས། །བཏགས་པ་མི་འདོད་རྫས་མེད་ཕྱིར། །ཞེས་བྱ་བ་ནི་ཁྱེད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་འདི་ལས་རྣམ་པར་སྨིན་པ་དང། ངར་སེམས་པ་དང། རྣམ་པར་རིག་པ་ཞེས ་བྱ་བ་གསུམ་པོ་དག་གི་སྣ་ཚོགས་སྐྱེ་བ་ལ་སོགས་པར་བཏགས་པ་ལྟར་ནི་ཁོ་བོ་ཅག་མི་འདོད་དེ། །གང་གི་ཕྱིར་ཞེ་ན། སེམས་རྫས་སུ་མེད་པའི་ཕྱིར་རོ། །འདི་ལྟར་སེམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལས་དེ་དག་ཏུ་གདགས་པ་ནི་མི་འདོད་དོ། །གཞན ་ཡང་དེ་ལ་དམིགས་པས་མི་འགྲོལ་ཏེ། བློ་འགའ་མེད་པ་འང་མ་ཡིན་པས། །དེ་ཕྱིར་ཀུན་རྫོབ་དོན་དམ་དཱུང། །བདག་དུ་སྨྲ་དང་འདྲ་མི་འགྱུར། །ཞེས་པ་ལ་དེ་ལ་དམིགས་པ་ཞེས་བྱ་བ་ནི་རང་གི་སེམས་སྣང་བ་ཙམ་ཉིད་དུ་རྟོག་པས་སོ། །མི་འགྲོལ ་ཏེ་ཞེས་བྱ་བ་ནི་སྲིད་པའི་རྒྱུན་ལས་སོ། །བློ་འགག་པ་མེད་པའང་མ་ཡིན་པས་ཞེས་བྱ་བ་ལ། འོ་ན་ཅི་ཞེ་ན། བློ་འགག་པར་འགྱུར་བ་འང་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོའི་རང་གི་ངོ་བོ་ཡོངས་སུ་མ་གྲུབ་པ་ཉིད་དུ་རྟོགས་པའི་ཕྱིར་དང། ཀུན་གཞི་རྣམ ་པར་ཤེས་པ་ལ་མི་རྟོག་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་སེམས་རྫས་སུ་ཡོད་པ་མ་ཡིན་ཞིང་འདུས་པའི་བདག་ཉིད་ཡིན་པར་སྨྲ་བ་ནི་ཀུན་རྫོབ་དང། དོན་དམ་པར་ཡང་བདག་ཏུ་སྨྲ་བ་དང་འདྲ་བ་ཉིད་དུ་མི་འགྱུར་གྱི། དེ་ལས་བཟློག་པས་ཁྱེད་ཅམ་དུ་སྨྲ་པ་དག ་ལ་ནི་སྐྱོན་དེ་དག་འབྱུང་བ་ཉིད་དུ་འགྱུར་རོ། །ཁྱེད་ཀྱི་དམིགས་པ་ལ་ནི་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གང་སྨྲས་པ་དེ་ལ་ཡང་ཁོ་པོ ་ཅག་མི་དམིགས་པ་གོམས་པར་ཕྱེ་བ་ཉིད་གཞན་དུ་མི་འདོད་དོ། །ཇི་ལྟར་ཞེ་ན། གཟུགས་ལ་སོགས་པ་སྟོང་པ་སྟེ། །ངོ་བོ་ཉིད་ཀྱི་མ་སྐྱེས་ཕྱིར། །རྫས་སུ་མིང་ཕྱིར་འཇིག་པའི་ཕྱིར། །སྒྱུ་མ་བཞིན་གོམས་ཆགས་མེད་འགྱུར། །ཞེས་བྱ་བ་སྟེ། ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྒྱུ་དང་རྐྱེན་དུ་སྣང་བ་ལས་བྱུང་བ་ཡོད་པ་ཁོ་ན་ཡིན་པ་རྣམས་ནི་སྟོང་པ་སྟེ། རྒྱུ་དང་རྐྱེན་གྱི་ཚོགས་ཐ་དད་པ་དག་ལ་ཡོད་པ་མ་ཡིན་པས་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་འདུས་པའི་བདག་ཉིད་ཡིན་པས ་རྫས་སུ་མེད་པའི་ཕྱིར་དང་ཡུན་རིང་དུ་མི་གནས་པས་འཇིག་པའི་ཕྱིར་དང། དཔེར་ན་སྒྱུ་མ་བཞིན་དུ་དམིགས་སུ་མེད་པར་གོམས་པར་བྱས་པས་ཆགས་པ་མེད་པ་ཉིད་དུ་མི་འགྱུར་བ་ཡིན་གྱི་།ཕྱི་རོལ་གྱི་ཡུལ་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ ་ཡིན་ནོ། །གཞན་ཡང་གཟུགས་ལ་སོགས་པ་ཡོད་ཀྱང་ནི། །ཡང་དག་ཇི་བཞིན་རྟོགས་གྱུར་པ། །དེ་ཡོད་མ་ཡིན་དེ་ཡི་ཚེ། །ལོག་འཛིན་ཅི་ཕྱིར་མི་ལྡོག་འགྱུར། །ཞེས་བྱ་བ་ནི་དཔེར་ན་སྔར་སྒྱུ་མ་བྱུང་བ་ལ་སྐྱེས་བུའི་ངོ་བོ་ཉིད་ཡོད་པར་བཏགས ་པ་ལ་ཕྱིས་འདི་ནི་སྒྱུ་མ་བྱས་པ་ཡིན་ཏེ། འདི་ལ་ངོ་བོ་ཉིད་ཅི་ཡང་མེད་དོ་ཞེས་བྱ་བར་རྟོགས་པའི་ཚེ་ན། སྐྱེས་བུའི་བློ་ལྡོག་པར་རིགས་ཀྱི་རི་བོང་གི་རྭ་སྔོན་དང་ཕྱིས་ཀྱང་གཏན་མེད་པ་ལ་ནི་དེ་ལྟ་བུར་འགྱུར་བ་ནི་མི་རིགས་སོ། །དེ་བཞིན་དུ ་གཟུགས་ལ་སོགས་པ་ཡོད་ཀྱང་ཀུན་རྫོབ་ཀྱི་ཤེས་པས་གཟུགས་ལ་སོགས་པ་འདི་དག་ནི་ངོ་བོ་ཉིད་ཡོད་པ་ཡིན་ནོ་སྙམ་དུ་བཏགས་པ་ལ། ཕྱིས་ཡང་དག་པའི་ངོ་བོ་ཉིད་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པར་གྱུར་པས་ངོ་བོ་ཉིད་དེ་ཡོད་པ་མ ་ཡིན་པར་ཤེས་པ་དེའི་ཚེ་ལོག་པར་འཛིན་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཏེ། ལྡོག་པ་ཁོ་ནར་འགྱུར་བ་ཡིན་པས་ཁྱེད་ཀྱི་སོ་སོ་སྐྱེ་བོ་དེ་ཉིད་ཤེས་པ་མ་སྐྱེས་པ་དག་ལ་དང་པོ་ཁོ་ནར་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་མེད་པར་བཏགས་པས་དོན་ཅི ་ཞིག་འགྲུབ་པར་འགྱུར་དེ་བཞིན་དུ་གཉིས་སུ་རྣམ་པར་རྟོག་པ་དག་།སེམས་དང་སེམས་བྱུང་སྤྱོད་ཡུལ་ནི། །གཟུགས་ལ་སོགས་པ་དགག་བྱས་ཀྱང། །འཇུག་པར་མི་འགྱུར་མི་རིགས་སོ། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་སུ་རྣམ་པར་རྟོག་པ་གང ་དག་ཡིན་པ་དེ་དག་ཁྱེད་སེམས་དང་སེམས་ལས་བྱུང་བའི་སྤྱོད་ཡུལ་ཡིན་པར་འདོད་ཅིང་གཟུགས་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་རྣམས་དང་འབྲེལ་པ་ཡིན་པར་མི་འདོད་ན། དེ་ལ་ཁྱེད་ཀྱི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་རྣམ་པ་ཐམས་ཅད ་དུ་དགག་པ་བྱས་ཀྱང་གཉིས་སུ་རྣམ་པར་རྟོག་པ་དེ་དག་འཇུག་པར་མི་འགྱུར་བར་མི་རིགས་སོ། །འོ་ན་ཇི་ལྟར་ཞེ་ན། འཇུག་པར་འགྱུར་བ་ཁོ་ནར་རིགས་ཏེ། སྔོན་དང་ཕྱིས་ཀྱང་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མི་བལྟོས་པར་ཁྱད་པར་མེད་པའི ་ཕྱིར་རོ། །གལ་ཏེ་འདི་སྐད་ཅེས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་དང་མ་འབྲེལ་བའི་རྣམ་པར་རྟོག་པ་གཉིས་པོ་དག་སྤང་བ་ཁོ་ནའི་ཕྱིར་ཁོ་བོ་ཅག་གིས་རྣམ་གྲངས་གཞན་གྱིས་ཕྱི་རོལ་གྱི་ཡུལ་རྣམས་རྣམ་པར་ཤེས་པའི་ཆ་ཉིད་ཡིན་པར་རྣམ་པར་བཞག ་སྟེ། །དེའི་འོག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ན་རང་དང་གཞན་དུ་སྣང་བའི་ཆ་བསལ་བས་ཡུལ་དེ་དང་དེ་ལ་འཛིན་པ་དག་འགག་པར་འགྱུར་རོ་ཞེ་ན་འདིར་བཤད་པ། གལ་ཏེ་དེ་ནི་དགག་པའི་ཕྱིར། །སྒྲུབ་གཞན་ཡོངས་སུ་འཛིན་འདོད་ན། ། ་འདམ་རྫབ་འཁྲུ་བར་བྱེད་པ་བས། །མ་རེག་པར་ནི་བསྲིངས་ན་བཟང། །ཞེས་བྱ་བ་ནི་གལ་ཏེ་ཁྱེད་སྙིང་ནས་ཕྱི་རོལ་གྱི་ཡུལ་མེད་པར་འདོད་ན་ནི། །དེ་རྣམ་པར་ཤེས་པའི་ཆ་ཉིད་ཡིན་པར་བཏགས་པས་ཀྱང་ཅི་བྱ་སྟེ་།གལ་ཏེ་རྣམ་པར་ཤེས་པའི་ཆ་ཉིད ་ཡིན་པར་རྣམ་པར་བཞག་ནས་ཕྱིས་དེ་དགག་པའི་ཕྱིར་རྣམ་པར་ཤེས་པའི་ཆ་ཉིད་ཡིན་པར་བསྒྲུབ་པ་གཞན་ཡོངས་སུ་འཛིན་པར་འདོད་ན་ནི་དེས་ན་འདམ་རྫབ་འཁྲུ་བར་བྱེད་པ་བས། མ་རེག?་པར་ནི་བསྲིངས་པ་བཟང། །ཞེས་བྱ་བའི་དེར? ་འདེ་དོན་མཐུན་པ་ཉིད་དུ་འགྱུར་ཏེ། མི་སྨྱོན་པ་བླུན་པོ་འགའ་ཞིག་གིས་ལམ་གཙང་མ་བོར་ཏེ། མི་གཙང་བའི་འདམ་རྫབ་ཀྱི་ཀླུང་དུ་ཞུགས་པ་ན་གཞན་དག་གིས་དེ་ལ་དྲིས་པ། ཅིའི་ཕྱིར་ཁྱོད་ལམ་བོར་ཏེ་འདམ་རྫབ་ཏུ་ཞུགས་པ་དེས་སྨྲས་པ་ཡང ་བཀྲུ་བར་བྱའོ། །གཞན་གྱིས་སྨྲས་པ། གླེན་པ་གལ་ཏེ་གདོན་མི་ཟ་བར་བཀྲུ་བར་བྱ་དགོས་ན་སྔ་ནས་འདམ་རྫབ་ཀྱིས་མ་རེག་པར་ཐག་བསྲིངས་ནས་ཆེས་བཟང་ངོ་ཞེས་བྱ་བ་ལྟ་བུར་འགྱུར་རོ། །གཞན་ཡང་ཁྱེད་ཀུན་བཏགས་པའི་ངོ་བོ་ཉིད་ནི་མཚན ་ཉིད་ངོ་བོ་ཉིད་དུ་སྨྲ་ཞིང་འདི་སྐད་ཅེས་ཀུན་བཏགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏེ། ཀུན་བཏགས་པ་ཡིན་པའི་ཕྱིར་ཐག་པ་ལ་སྤྲུལ་གྱི་ངོ་བོ་ཉིད་དུ་བཏགས་པ་བཞིན་ཞེས་གང་སྨྲས་པ་དེ་ལ་ཡང། ཀུན་བཏགས་ཡོད་པ་མ ་ཡིན་ཏེ། །བཏགས་ཕྱིར་སྦྲུལ་དང་འདྲར་མི་འདོང། །ཐག་པའི་དངོས་པོར་མ་ངེས་ཕྱིར། །ཡང་ན་གྲགས་པས་གནོད་པར་འགྱུར། །ཞེས་བྱ་བ་ནི་བཏགས་པ་ཡིན་པའི་ཕྱིར་ཞེས་བྱ་བས་ཅི་རེ་ཞིག་སྤྲུལ?་བཞིན་དུ་ཀུན་བཏགས་པའི་ངོ་བོ་ཉིད་མཚན ་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་འགྱུར་རམ་།འོན་ཏེ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཐག་པཱི་དངོས་པོ་བཞིན་དུ་ཀུན་བཏགས་པའི་ངོ་བོ་ཉིད་མཚན་ཉིད་ཡོད་པར་འགྱུར་བ་མ་ངེས་པའི་ཕྱིར་རོ། །གལ་ཏེ་ཐག་པར་ཡང ་རང་གི་ང?་བོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་གྲགས་པས་གནོད་པར་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་ཆུ་དང་ཐེག་པ་དང་རྒྱུ་དང་ལག་པ་དང། མིའི་རྩོལ་བས་བཀལ་པའི་ཐག་པ་ཡོད་པ་ཉིད་དུ་གྲགས་པའི་ཕྱིར་རོ། །དོན་དེ་ཉིད་བསྣན་ཏེ་སྒྲུབ་པའི་ཕྱིར། །དེ་ནི ་འཁྲུལ་མིན་གང་གིས་ཕྱིར། །དུ་མའི་ཆ་དེ་མཐོང་ཕྱིར་རོ། །ཞེས་བྱ་བ་ནི་ཀུན་བཏགས་པའི་ངོ་བོ་ཉིད་དེ་ནི་ཕ་རོལ་པོ་དག་གིས་བཏགས་པ་ལྟར་གཅིག་ཏུ་འཁྲུལ་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། ཐག་པ་ལ་སྤྲུལ་དུ་མཐོང་བ་བཞིན་ནོ། །ཞེས་བྱ་བའི་དཔེ་དེ་ལ ་དུ་མའི་ཆ་ཡོད་པ་དེ་མཐོང་བའི་ཕྱིར་ཏེ། སྔོན་འཁྲུལ་པས་ཐག་པ་ལ་འདི་ནི་སྤྲུལ་ཡིན་ནོ་སྙམ་དུ་ངེས་པ་ལ་ལེགས་བར་བརྟགས་ན་འདི་ནི་ཐག་པ་ཡིན་གྱིས་སྦྲུལ?་མ་ཡིན་སྙམ་དུ་ཐག་པའི་རང་གི་ངོ་བོ་ཡང་དག་པ་ཉིད་ལ་དམིགས་པའི་བློ་སྐྱེས་པ་ན་དེས་སྤྲུལ་གྱི་ཆ ་བཏང་སྟེ། ཐག་པའི་རང་གི་ངོ་བོའི་ཆེ་མཐོང་བའི་ཕྱིར་དཔེ་ལ་འཁྲུལ་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་ཉིད་ཀྱི་ཆ་གཉི་ག་ཡོད་པས་གཅིག་ཏུ་འཁྲུལ་པ་ཉིད་མ་ཡིན་པའི་ཕྱིར། དེས་མཚོན་པའི་དོན་ཀུན་བཏགས་པའི་ངོ་བོ་ཉིད་ཀྱང་གཅིག་ཏུ་འཁྲུལ་པ་ཉིད་ཡིན ་པར་མི་འགྱུར་ལ། ཁྱེད་ནི་ཀུན་བཏགས་པའི་དོན་རྣམ་པ་ཐམས་ཅད་དུ་འཁྲུལ་པ་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །སྐྱོན་ཆེན་པོ་འདིར་ཡང་འགྱུར་ཏེ། ཁྱོད་ནི་དངོས་ལ་སྐུར་འདེབས་འགྱུར། །རྣམ་པ་ཀུན་ཏུ་ཡུལ་འགོག་ཕྱིར། །གལ་ཏེ་སྒྲ་ཇི་བཞིན ་གྱི་ངོ་བོ་ཉིད་མ་ཡིན་པའི་དངོས་པོ་སོ་སོ་རང་རིག་པར་བྱ་བ་དེ་ལྟ་བུ་ཅུང་ཞིག་ཡོད་དོ་ཞེ་ན་།དེ་ལྟ་ན་ཡང་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པ་དང་འགལ་ཏེ། མདོ་སྡེ་ལས་ཀུན་རྫོབ་ཀྱི་ཆོས་མེད་པར་དོན་དམ་པ་རྟོགས་པར་མི་ནུས་སོ་ཞེས་གསུངས་པའི་ཕྱིར ་རོ། །ཅི་སྟེ་འདི་སྙམ་དུ་ཕྱི་རོལ་གྱི་ཡུལ་མེད་པ་ཡིན་ཡང་མིང་དང་བརྡ་ལས་དོན་གྱི་མཚན་མ་ལ་རྟོག་པ་ལས་ཀུན་ནས་ཉོན་མོངས་པ་སྐྱེ་བར་སེམས་ན་།འདིར་བཤད་པ། མིང་མེད་པར་ཡང་ཀུན་ཉོན་མོངས། །མིང་ལ་དོན་འཇུག་ལས་བྱུང་མིན། །ཅིའི ་ཕྱིར་ཞེ་ན། སྨྲ་མི་ཤེས་པའི་དུད་འགྲོ་ཡང། །ཉོན་མོངས་སྐྱེ་བ་མཐོང་ཕྱིར་རོ། །ཞེས་བྱ་བ་ནི་ཡི་གེ་དང་ངེས་པའི་ཚིག་དང། མིང་དང་བརྡའ་སྨྲ?་མི་ཤེས་པའི་དུད་འགྲོ་རི་དགས་དང་བྱ་ལ་སོགས་པ་དག་ལ་ཡང་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ལ་སོཌ ་པའི་ཉོན་མོངས་པ་ཤས་ཆེན་པོ་སྐྱེ་བ་མཐོང་བའི་ཕྱིར། གང་དག་ལ་བརྟེན་ནས་ཉོན་མོངས་པ་སྐྱེ་བར་འགྱུར་བའི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་དག་ཡོད་པ་ཁོ་ནར་ཤེས་པར་བྱའོ། །འདིར་སྨྲས་པ། གཟུགས་ལ་དམིགས་པའི་བློ ་སྐྱེ་བ་གང་ཡིན་པ་དེ་ནི་ཡུལ་ཡང་དག་པར་ཡོད་དོ་སྙམ་དུ་རྣམ་པར་བརྟག་ནས། གཟུགས་ཞེས་མངོན་པར་བརྗོད་པ་ལ་བལྟོས་པ་དང་བཅས་པར་སྐྱེའི། མངོན་པར་བརྗོད་པ་མེད་པར་མི་སྐྱེ་བས། དེའི་ཕྱིར་གཟུགས་ལ་སོགས་པའི་ངོ་བོ་ཉིད་ནི་སྟོང་ལ ་མངོན་པར་བརྗོད་པ་ཙམ་ལ་ནི་གཟུགས་ལ་སོགས་པ་ཞེས་བྱའོ་ཞེ་ན། འདིར་བཤད་པ། གཟུགས་ནི་གཟུགས་ཀྱིས་ངོ་བོས་སྟོང། །གཟུགས་ཞེས་བརྗོད་ལ་བལྟོས་བཅས་པར། །གཟུགས་བློ་སྐྱེ་བར་འགྱུར་ཕྱིར་ཞེས། །བརྟག་པར་བཟོད་པར་མི ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་སྨྲ་མི་ཤེས་པའི་དུང་འགྲོ་དག་ལ་ཡང་ཟས་ལ་སོགས་པའི་བློ་སྐྱེ་བར་མཐོང་བའི་ཕྱིར་རོ། །གཞན་ཡང། གཟུགས་ནི་སྟོད་ཉིད་མི་རིགས་ཏེ། །གཟུགས་མིན་བདག་ཉིད་རྣམ་བཅས་པའི། །དངོས་པོར་སྣང་བློ་སྤྱོད་ཡུལ་གྱི།། ་གཟུགས་ཀྱི་བདག་ཉིད་དེ་ཡོང་ཕྱིར། །ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཙམ་ལ་གཟུགས་ཞེས་བྱ་ཞིང། །གཟུགས་ནི་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཅེས་བྱ་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་མ་ཡིན་པའི་བད་ཉིད་རྣམ་པར ་བཅད་པའི་དངོས་པོར་སྣང་བའི་བློའི་སྤྱོད་ཡུལ་གྱི་གཟུགས་ཀྱི་བདག་ཉིད་དེ་ཡོད་པའི་ཕྱིར་རོ། །དེ་ལ་གཟུགས་མ་ཡིན་ཞེས་བྱ་བ་ནི་གཟུགས་ལས་གཞན་པ་སྟེ། སྒྲ་དང་དྲི་དང། རོ་དང། རེག་པ་དག་གོ་།གཟུགས་མ་ཡིན་པའི་བདག་ཉིད ་ཅེས་བྱ་བ་ནི་གཟུགས་མ་ཡིན་པ་དེ་དག་གི་བདག་ཉིད་དེ་།རྣ་བ་ལ་སོགས་པའི་ཡུལ་ཟིན་པ་དང་ཟིན་པ་མ་ཡིན་པ་ལ་སོགས་པ་དག་གོ་།རྣམ་པར་བཅས་པའི་ཞེས་བྱ་བ་ནི་གཟུགས་མ་ཡིན་པའི་བདག་ཉིད་དེ་དག་ལས་རྣམ་པར་བཅད་པ་སྟེ། ་མཚན་འདི་ཐ་དད་པའོ?། །དེའི་དངོས་པོ་ཞེས་བྱ་བ་ནི་མིག་གི་ཡུལ་ཏེ། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དོ། །དེར་སྣང་བ་ཞེས་བྱ་བ་ནི་དེའི་རྣམ་པར་སྣང་བའོ། །བློའི་ཞེས་བྱ་བ་ནི་དེར་སྣང་བའི་བློ་དེའིའོ། །སྤྱོད་ཡུལ་ཞེས་བྱ་བ་ནི་གཟུགས་ཏེ། སྤྱོད་པ་ཞེS ་བྱ་བ་དབང་པོ་དེ་ཡུལ་ཞེས་བྱ་བ་གཟུགས་དེ་ལ་སྤྱོད་ཅིང་འཇུག་པས་སྤྱོད་ཡུལ་ལོ། །དེ་ལྟ་བུའི་གཟུགས་ཀྱི་བདག་ཉིད་མངོན་སུམ་གྱི་བློ་ལ་སྣང་བ་བརྗོད་དུ་མེད་པ་དེ་ཀུན་རྫོབ་ཏུ་ཡོད་དེ། དེ་ཡོད་པའི་ཕྱིར་ཇི་ལྟར་མངོན་པར་བརྗོད་པ་ཙམ་དུ་ཟད་དེ། ་རྣམ་པ་ཐམས་ཅད་དུ་གཟུགས་སྟོང་ངོ་ཞེས་བྱ་བར་རིགས་པར་འགྱུར། གལ་ཏེ་དངོས་པོའི་སྤྱི་ནི་མངོན་པར་བརྗོད་པའི་ཡུལ་ཡིན་ལ། དེ་ལ་ཡང་མངོན་པར་བརྗོད་པ་དེ་ཉིད་ཀྱིས་སྟོང་ངོ་ཞེ་ན། འདིར་བཤད་པ། མངོན་པར་བརྗོད་བྱ་སྤྱི་ཡིན་ན ་སྤྱི་ནི་ཅི་ཡང་ཡོད་མིན་པས། །དེས་ན་མངོན་བརྗོད་བདག་ཉིད་ཀྱིས། །སྟོང་པ་འཐད་པར་མི་འགྱུར་རོ། །ཞེས་བྱ་བ་ལ་ཁྱེད་ཅག་མངོན་པར་བརྗོད་པར་བྱ་བ་ནི་སྤྱི་ཡིན་ལ། སྤྱི་ནི་དཔེར་ན་བ་ལང་མ་ཡིན་པ་རྟ་ལ་སོགས་པ་གཞན་དག་གིས་བ་ལང་སེལ ་བ་ནི་བ་ལང་གི་སྤྱི་ཡིན་ནོ་ཞེས་བྱ་བ་ལྟ་བུར་འདོད་ན། གཞན་སེལ་བའི་སྤྱི་ནི་ཅི་ཡང་ཡོད་པ་མ་ཡིན་པས་དེ་ནི་དངོས་པོར་གྱུར་པ་མ་ཡིན་ནོ། །དངོས་པོ་མེད་ན་ཅི་ཞིག་མངོན་པར་བརྗོད་པར་བྱ་བ་མེད་ན་མངོན་པར་བརྗོད་པར་བྱར་མེད་བརྗོད་པར་བྱར་མེད ་ཕས་དེས་ན་མངོན་པར་བརྗོད་པའི་བདག་ཉིད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་དེ་འཐད་པར་མི་འགྱུར་རོ། །འོ་ན་སྤྱི་གང་ཞིག་མངོན་པར་བརྗོད་པར་བྱ་བ་ཉིད་ཡིན་པར་རིགས་ཤེ་ན། དེའི་ཕྱིར། བརྗོད་བྱ་སྤྱི་ལྡན་དངོས་པོ་སྟེ། །དེར་སྣང་བློ་ཡི་རྒྱུ་ཡིན་ཕྱིར། །དེ ་ནི་དེའི་བདག་ཉིད་ཡོད་པས་བརྗོད་མེད་དེ་ཉིད་དུ་མི་རིགས་སོ། །ཞེས་བྱ་བ་སྨོས་ཏེ། མངོན་པར་བརྗོད་པར་བྱ་བའི་སྤྱི་དང་ལྡན་པའི་དངོས་པོ་སྟེ། གང་ལ་སྔོན་པོ་ལ་སོགས་པའི་ཁྱད་པར་ལ་མ་བལྟོས་པར་གཟུགས་ཉིད་ཀྱི་སྤྱི་ཡོད་པ་དེ་ནི་སྤྱི་དང་ལྡན་པའི་དངོས ་བོ་སྟེ། སྔོན་པོ་ལ་སོགས་པ་དང། རིང་པོ་ལ་སོགས་པའོ། །ཇི་ལྟར་ཞེ་ན་བེར་སྣང་བའི་བློའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ནི་སྤྱི་དང་ལྡན་པའི་གཟུགས་དེའི་བདག་ཉིད་དུ་ཡོད་པས་མངོན་པར་བརྗོད་པའི་ཡུལ་ཡིན་པའི་ཕྱིར་ཇི་ལྟར་བརྗོད་དུ་མེད ་པ་ཉིད་དུ་རིགས་ཏེ། བརྗོད་དུ་མེད་པ་ཉིད་དུ་མི་རིགས་སོ། །གལ་ཏེ་སྤྱི་ཞེས་བྱ་བ་དེ་གཞན་སེལ་བ་མ་ཡིན་ན། འོ་ན་སྤྱི་ཞེས་བྱ་བ་གང་ཡིན་ཞེ་ན། དེའི་ཕྱིར། རིགས་མི་མཐུན་པས་སྟོང་ཉིད་དེ། །བློ་མཐུན་འཇུག་པའི་རྒྱུ་ཡིན་ཕྱིར། །རིགས་མཐུན་བ ་ལ་མཐུན་པས་ན་སྤྱི་ཞེས་བྱ་བར་ངེས་པ་ཡིན། ཞེས་བྱ་བ་སྨྲས་ཏེ། སྤྱི་ཞེས་བྱ་བ་ནི་དཔེར་ན་རྟ་ལ་སོགས་པ་རིགས་མི་མཐུན་པས་སྟོང་པ་ཉིད་ནི་བ་ལང་གི་སྤྱི་ཡིན་པ་ལྟ་བུའོ། །ཅིའི་ཕྱིར་ཞེ་ན། དེ་ནི་བ་ལང་དུ་བློ་མཐུན་པར་འཇུག་པའི་རྒྱུ་ཡིན ་པའི་ཕྱིར་།དེ་ཡང་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། རིགས་མཐུན་པ་ལྐོག་ཤལ་དང་།མཇུག་མ་དང། ནོག་དང། རྨིག་པ་དང། རྭ་དང་ལྡན་པ་འདུས་པ་ལ་ཐ་དད་པ་འམ། སྔོན་པོ་དང། སེར་པོ་ལ་སོགས་པར་བཅད་པས་ཐ ་དད་པ་ལ་ཡང་སྤྱི་མཐུན་པའི་རྣམ་པ་མཐུན་པས་ན་།དབུ་མ་སྨྲ་བ་དག་གིས་སྤྱི་ཞེས་བྱ་བ་ཡིན་པར་ངེས་པར་བཟུང་བ་ཡིན་ནོ། །གལ་ཏེ་བ་ལང་མ་ཡིན་པ་རྟ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལ་།ལྐོག་ཤལ་ལ་སོགས་པ་འདུས ་པའི་ཆོས་སུ་བཏགས་ན་ནི། དེས་ནི་ལྐོག་ཤལ་ལ་སོགས་པ་མ་བཟུང་བར་ཡང་བ་ལང་དུ་གཟུང་བ་ཡོད་པར་འགྱུར་ཏེ། དཔེར་ན་གཟུགས་ལ་སོགས་པ་མ་བཟུང་བར་བུམ་པར་བཟུང་བ་ཡོད་པར་འགྱུར་བ་ལྟ་བུར་ཐལ་བར་འགྱུར་རོ།། ་དབུ་མ་པ་ལ་རྟ་ལ་སོགས་པ་རིགས་མི་མཐུན་པ་སྟོང་པ་ཉིད་ཀྱི་བ་ལང་གི་ངོ་བོ་ཉིད་ལ་སྤྱིར་འདོད་བ་ལ་ནི། གཞི་མ་བཟུང་ན་བཟུང་མེད་དེ། །དེ་གཟུང་བཟུང་དུ་ཡོད་པའི་ཕྱིར། །གྲངས་བཞིན་བརྟེན་ན་དངོས་དེ་ནི། །བརྟག་བྱ་བརྗོད་པར་འདོད ་གཞན་མིན། །ཞེས་བྱ་བར་འགྱུར་ཏེ། རིགས་མི་མཐུན་པས་སྟོང་པ་ཉིད་ཅེས་བྱ་བའི་དོན་ནི་རྟ་ལ་སོགས་པ་རིགས་མི་མཐུན་པས་སྟོང་པ་ཉིད་ཀྱི་བ་ལང་གི་ངོ་བོ་ཉིད་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཡོད་བ་ཉིད་དོ། །དེ་ནི་ལྐོག་ཤལ་ལ་སོགས་པ ་འདུས་པའི་གཞི་མ་བཟུང་ན་གཟུང་དུ་མེད་དེ། །འོ་ན་ཇི་ལྟ་བུ་ཞེ་ན། གཞི་གཟུང་ན་ཡོ་གཟུང་དུ་ཡོད་པ་ཁོ་ན་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་ཞེ་ན། གཞི་དེ་གཟུང་ན་བ་ལང་ཉིད་ལ་སོགས་པའི་སྤྱི་དེ་ཡང་གཟུང?་དུ་ཡོད་པའི་ཕྱིར་རོ། །དཔེར་ན ་ཇི་ལྟ་བུ་བཞིན་ཏེ། གྲངས་བཞིན་ཏེ། དཔེར་ན་གྲངས་གཅིག་ཉིད་དར། གཉིས་ཉིད་དང། མང་པོ་ཉིད་ཅེས་བྱ་བ་དག་བུམ་པ་ལ་སོགས་པའི་དངོས་པོ་དེ་གཟུང་ན། བུམ་པ་གཅིག་དང། བུམ་པ་གཉིས་དང། བུམ་པ་མང་པོ་ཞེས་གཟུང་དུ་ཡོད་པ ་ཉིད་ཡིན་ཏེ། གཅིག་ལ་སོགས་པའི་གྲངས་དག་དངོས་པོ་ལས་ཐ་དད་པ་ཡང་མ་ཡིན་ལ་དངོས་པོ་མ་བཟུང་བར་ཡང་བཟུང་དུ་མེད་པ་དེ་བཞིན་དུ་འདིར་ཡང་ལྐོག་ཤལ་ལ་སོགས་པ་འདུས་པ་དང་འདུས་པ་བཟུང་ན་བ་ལང་ཉིད་ཀྱང་གཟུང་དུ་ཡོད་པ་ཁོ ་ནར་འགྱུར་རོ། །དེས་ན་སྤྱི་ཞེས་བྱ་བའི་དངོས་པོ་དེ་ནི་བློའི་ཡུལ་ཡིན་པའི་ཕྱིར་བརྟག་པར་བྱ་བ་ཡང་ཡིན་ལ། བློས་ངེས་པར་བཟུང་བའི་དངོས་པོ་ལ་ཚིག་འཇུག་པའི་ཕྱིར་དེ་ཉིད་བརྗོད་པར་བྱ་བ་ཡང་ཡིན་པར་འདོད་ཀྱི། བ་ལང་ཉིད་ཅེས་བྱ་བ་དེ ་ལྐོག་ཤལ་ལ་སོགས་པ་དག་ལས་གཞན་པ་ནི་མ་ཡིན་ཏེ་།འོན་ཇི་ལྟ་བུ་ཞེ་ན། དངོས་པོའི་རང་གི་ངོ་བོ་ཉིད་ལས་ཐ་མི?་དད་པ་ཡིན་ནོ། །ཡང་གཞན་ཡང་།དབྱེར་མེད་ཕྱིར་ན་གཅིག་པ་དང། །རྫས་མེད་ཕྱིར་ན་དུ་མར་འཇུག། དེ་ཉམས་ན་ཡང ་མི་ཉམས་ཕྱིར། །གཞན་ལའང་དེ་འདོད་མ་ཡིན་མིན། །ཞེས་བྱ་བ་ནི་རིགས་མི་མཐུན་པས་སྟོང་པ་ཉིད་དེ་ནི་རྣམ་པ་རྣམས་ཀྱི་སྤྱི་ཡིན་པས་དབྱེར་མེད་པའི་ཕྱིར་ན་གཅིག་པ་ཡིན་ནོ། །རྫས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པས་རྫས་སུ་མེད་པའི་ཕྱིར ་ན་དུ་མར་འཇུག་པ་ཡིན་ནོ། །དུས་གསུམ་དུ་འཇུག་པའི་རྫས་ཐམས་ཅད་ལ་རྣམ་པར་གནས་པས་རྫས་དེ་ཉམས་དེ་མི་ཉམས་པའི་ཕྱིར་དེས་ན་རྫས་གཅིག་ཉམས་པ་ན་རྫས་གཞན་ལ་ཡང་དེའི་བློ་དེ་འཇུག་པར་འདོད་པ་མ་ཡིན ་པ་མིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། གཞན་ལ་ཡང་དེའི་བློ་དེ་འཇུག་པར་འདོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་གཅིག་པུ་ཉིད་མིན་ན་ཇི་ལྟར་གཞི་དུ་མ་དག་ལ་སྤྱི་ཉིད་ཡིན་པར་འགྱུར་ཞེ་ན། དེའི་ཕྱིར། སྔོན་མིན་ཨུད་པལ་མ་ཡིན་པར། ་མེད་པའི་དངོས་པོས་མ་བསལ་བས། །གཞི་མཐུན་ལྡན་པ་ཉིད་ཡིན་ཏེ། །གཉི་ག་དོན་ཅིག་འཇུག་ཕྱིར་རོ། །ཞེས་བྱ་བ་སྨྲས་ཏེ་།སྔོན་མིན་ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའོ། །ུད་པ་ལ་མ་ཡིན་པ་ཞེས་བྱ་བ་ནི་པདྨ་ལ་སོགས་པའོ། །སྔོན་པོ ་མ་ཡིན་པ་དཀར་པོ་ལ་སོགས་པ་མེད་པའི་དངོས་པོས་སྔོན་པོས་ཉིད་ཡོད་པ་ཡིན་ལ། ཨུད་པ་ལ་མ་ཡིན་པ་པདྨ་ལ་སོགས་པ་མེད་པའི་དངོས་པོས་ནི་ཨུད་པ་ལ་ཉིད་ཡོད་པར་གཟུང་ངོ། །དེ་བཞིན་དུ་འདིར་ཡང་གཟུགས་མ་ཡིན་པ་སྒྲ་ལ ་སོགས་པ་མད་པའི་དངོས་པོས་ནི་གཟུགས་ཉིད་ཡོད་པ་མ་ཡིན་ལ། པ་ལང་མ་ཡིན་པ་རྟ་ལ་སོགས་པ་མེད་པའི་དངོས་པོས་ནི་བ་ལང་ཉིད་ཡིན་པར་བཟུང་སྟེ། དཔེར་ན་སྔོན་པོས་ཀྱང་ཨུད་པ་ལ་མ་གསལ་ལ་ཨུད་པ་ལས་ཀྱང་སྔོན ་པོ་མ་གསལ་ཏེ། དེ་གཉིས་ཡོན་ཏན་དང། ཡོན་ཏན་གྱི་ངོ་བོ་ཉིད་དུ་རྫས་གཅིག་ལ་གཅིག་གིས་མ་གསལ་བར་བརྟེན་པས་གཞི་མཐུན་པ་དང་ལྡན་པ་ཉིད་ཡིན་ཏེ། གང་ལ་གཞི་མཐུན་པ་དང་ཐ་མི་དད་པ་དང། ཐུན་མོང་པ་ཡོད་པ་དེ་ནི ་གཞི་མཐུན་པ་དང་ལྡན་པའོ། །དེའི་དངོས་པོ་ནི་གཞི་མཐུན་པ་དང་ལྡན་པ་ཉིད་དོ། །འདི་ལྟར་སྔོན་པོ་ནི་སྤྲིན་དང་མིག་སྨན་ལ་སོགས་པ་ཡང་ཡོད་ལ། ཨུད་པ་ལ་ནི་དམར་པོ་ལ་སོགས་པ་ཡང་ཡོད་པས་དེ་གཉིས་ནི་གཞི་མཐུན་པ་དང་ལྡན ་པ་ཉིད་མ་ཡིན་གྱི། འདི་ལ་ནི་སྔོན་པོ་དང་ཨུད་པ་ལ་ཞེས་བྱ་བ་གཉིས་རྫས་ཀྱི་དོན་ཅིག་ལ་འཇུག་པའི་ཕྱིར་ངེས་ན་གཞི་མཐུན་པ་དང་ལྡན་པ་ཉིད་ཡིན་ནོ། །དེ་བཞིན་དུ་གཟུགས་མ་ཡིན་པའི་བདག་ཉིད་རྣམ་པར་བཅད་པ་ནི་གཟུགས་ལ་སོགས་པའི་སྤྱི་ཡིན་ནོ ་ཞེས་བྱ་བར་བསམས་ཏེ། དངོས་པོ་སྣང་བའི་བློའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རིགས་མི་མཐུན་པས་སྟོང་པ་ཉིད་ནི་སྤྱི་ཡིན་པར་བསྒྲུབ་བོ། །གཞན་སེལ་བ་ནི་སྤྱི་ཉིད་ཡིན་པར་མི་འཐད་པ་ཁོ་ན་སྟེ། ཇི་ལྟར་ཞེ་ན། གཞན་སེལ་གཞན ་གྱི་སྤྱི་མ་ཡིན། །ཆོས་གཞན་ཡིན་ཕྱིར་ཁྱད་པར་བཞིན། །ལྐོག་ཤལ་ལ་སོགས་བློ་དབྱེ་མེད། །མེད་ལ་ཁྱད་པར་མེད་ཕྱིར་རོ། །ཞེས་བྱ་བ་ལ་གཞན་སེལ་བ་ཞེས་བྱ་བ་ནི་གཞན་དག་གིས་སེལ་བར་བྱེད་ཅད་ཐ་དད་པ་བྱེད་པ་སྟེ་།རྟ་ལ་སོགས་པ ་གཞན་དག་གི་བ་ལང་ཉིད་སེལ་བ་བཞིན་ནོ། །དེ་ནི་གཞན་གྱི་སྤྱི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་གཞན་ཡིན་པའི་ཕྱིར་རོ། །དཔེར་ན་ཇི་ལྟ་བུ་ཞེ་ན། །བྱད་པར་བཞིན་ཏེ། དཔེར་ན་བ་ལང་གི་རྭ་ལ་སོགས་བའི་ཁྱད་པར་གཞན་གྱིས ་རྟའི་རྡོག?་མ་ལ་སོགས་པའི་ཁྱད་པར་སེལ་བར་བྱེད་ཀྱང་དེ་དག་དེའི་སྤྱི་མ་ཡིན་པ་དེ་བཞིན་དུ་བ་ལང་མ་ཡིན་པ་རྟ་ལ་སོགས་པ་གཞན་དག་གིས་བ་ལང་ཉིད་སེལ་པར་བྱེད་ཀྱང་དེ་དག་བ་ལང་གི་སྤྱི་མ་ཡིན་ནོ། །གཞན་སེལ་བ་དེ་ལྐོག་ཤལ ་དང། མཇུག་མ་དང། ནོག་དང། རྨིག་པ་ལ་སོགས་པ་དག་ལ་བློ་ཐ་དད་པར་དབྱེ་བ་མེད་པར་ཡང་འགྱུར་ཏེ་།ཅིའི་ཕྱིར་ཞེ་ན་།གཞན་སེལ་བ་ནི་ངོ་བོ་ཉིད་མེད་པ་ཡིན་པས་མེད་པ་ལ་ནི་ཁྱད་པར་མེད་པའི་མེད་པ་ཁོ་ནའི་ཕྱིར། དངོས་མ་བཟུང ་བར་དང་འཛིན་ཕྱིར། །བརྟག་བྱ་བརྗོད་མིན་ཡིན་མི་འདོད། །ཅེས་བྱ་བ་ནི་འདི་ལྟར་གལ་ཏེ་གཞན་སེལ་བའི་བདག་ཉིད་སྤྱི་གང་ཡིན་པ་དེ་དངོས་པོའི་རང་གི་ངོ་བོ་ཉིད་ཡིན་པར་བརྗོད་ཅིང་དངོས་པོ་མེད་པར་མི་བརྗོད་ན་ནི་དེས་ན་བློ་ངེས་བརྟག་པར་བྱ་བ་ཉིད་དང། ཚིག ་གིས་བརྗོད་པར་བྱ་བ་ཉིད་ཡིན་པར་རིགས་པར་འགྱུར་བ་ཞིག་ན། ཁྱེད་ཅག་དངོས་བོ་མ་བཟུང་བར་ཡང་གཞན་སེལ་བའི་དེ་འཛིན་པའི་ཕྱིར་གཞན་སེལ་བ་དེ་དངོས་པོ་ལས་གཞན་སེལ་བར་རྟོགས་པས། བརྟག་པར་བྱ་བ་དང ་བརྗེད་པར་བྱ་བ་ཡིན་པར་མི་འདོད་དེ། དེ་དག་ཡིན་པར་བསྒྲུབ་པར་དཀའ་ཨོ། །འདིར་ཁ་ཅིག་འདི་སྐད་ཅེས་གཞན་སེལ་བ་དེའི་སྒོ་ནས་དངོས་པོ་བརྟག་པར་བྱ་བ་དང། བརྗོད་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེ་ལ་བཤད་པ། དེ་ཡི་སྒོ་ནས ་གཞན་བརྗོད་ན། །དེ་ནི་བརྗོད་བྱ་ཉིད་སོགས་ཉམས། །ཞེས་བྱ་བ་ནི་གཞན་སེལ་བ་དེའི་སྒོ་ནས་སྤྱི་དང་ལྡན་པའི་དངོས་པོ་ཅིག་ཅར་འཛིན་ན་དངོས་པོ་ཉིད་བརྟག་པར་བྱ་བ་དང། བརྗོད་པར་བྱ་བ་ཉིད་ཡིན་པར་འགྱུར་གྱི། གཞན་སེལ་བའི་སྤྱི་དེ ་ནི་བརྗོད་པར་བྱ་བ་ཉིད་དང། རྟག་པར་བྱ་པ་ཉིད་ཡིན་པ་ཉམས་པས་ཁྱེད་ཀྱི་རྗེས་སུ་དཔག་པའི་དམ་བཅས་པ་མ་གྲུབ་པོ། །གཞན་ཡང། དེ་ནི་གཞན་གྱི་ངོ་བོ་ནི། །དེས་ན་བརྗོད་མེད་ཉིད་མི་རིགས། །དེ་ཕྱིར་རྣལ་འབྱོར་སྤྱོད་པ་ཡི། །ཚུལ ་གྱིས་སྨྲ་བ་མི་རིགས་སོ། །ཞེས་བྱ་བ་ནི་གཞན་སེལ་བ་དེ་དངོས་པོ་ལས་གཞན་པའི་ངོ་བོ་ཉིད་ཡིན་ན་གང་དངོས་པོ་ལས་གཞན་པ་དེ་ལ་ནི་དེ་བཞིན་དུ་བློ་ཡང་ཐ་དད་པ་ལ་མངོན་པར་བརྗོད་པ་ཡང་ཐ་དད་པར་འགྱུར་བས་ངེས་ན་གཞན་སོལ་བ་དེ་བརྗོད ་དུ་མེད་པ་ཉིད་ཡིན་པར་མི་རིགས་སོ། །དེ་ལྟར་ཇི་སྐད་བསྟན་པའི་རིགས་པ་དག་གིས་ཡོངས་སུ་བཏགས་པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ཚུལ་གྱིས་སྨྲས་པའི་གཞན་སེལ་བ་སྤྱི་ཡིན་པར་འདོད་པ་ལ་སོགས་པ་དག་མ་གྲུབ་པའི་མཐས་བཏགས ་པ་དེ་དག་ནི་རིགས་པ་དང་ལྡན་པ་མ་ཡིན་པས་མི་རིགས་སོ།། །།བམ་པོ་བཅུ་དགུ་པ། །འདིར་སྨྲས་པ་ཁོ་བོ་ཅག་གི་ཚུལ་ནི་མི་རིགས་པ་མ་ཡིན་ཏེ། རིགས་པ་དང་མི་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཁོ་བོ་ཅག་ནི ་དངོས་པོ་རྣམས་ངོ་བོ་ཉིད་མེད་དེ། མིང་དུ་མངོན་པར་བརྗོད་པའི་བདག་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བར་འདོད་ན། མངོན་པར་བརྗོད་བའི་བདག་ཉིད་དེ་ཉིད་མ་སྐྱེས་པ་ཡིན་ལ། སྐྱེ་བ་མེད་པ་ཁོ་ནའི་ཕྱིར་མ་འགགས་པ་ཡང་ཡིན་ནོ། །མངོན་པར་བརྗོད་བ་དང་ལྡན ་པའི་དངོས་པོ་གང་ཡིན་པ་དེ་ཡང་རྣམས་གང་གིས་མངོན་པར་བརྗོད་པའི་རྣམ་པ་དེ་ལྟར་ཡོད་པ་མ་ཡིན་ཏེ། བརྡ་ཙམ་དུ་ཟད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དངོས་པོ་དེ་མངོན་པར་བརྗོད་པའི་སྤྱོད་དུ་འགྱུར་དུ་ཟིན་ན་མེས་ཞེས་བརྗོད་པ་ཁ་ཚིག་པའི་སྐྱོན་དུ་འགྱུར་རོ། དེ ་བཞིན་དུ་ཀུན་བརྟགས་དངོས་པོ་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་པ་ཡིན། །ཞེས་བྱ་བས་གཞན་གྱི་དབང་ཡོད་པ་ཉིད་དུ་ཁས་བླངས་བའི་ཕྱིར་རོ། །འདིར་བཤད་པ། དངོས་རྣམས་ངོ་བོ་ཉིད་མེད་དེ། །མངོན་བརྗོད་བདག་ཉིད་སྟོང་ཕྱིར་རོ། །དེ་ཉིད ་ཀྱིས་དེ་སྐྱེ་མེད་ཕྱིར། །མ་སྐྱེས་པ་དང་མ་འགགས་ཉིད། །གང་ཕྱིར་མངོན་བརྗོད་ལྡན་དངོས་ནི། །ཇི་ལྟར་བརྗོད་པ་དེ་ལྟར་མེད། །དེ་ཕྱིར་ཆོས་རྣམས་དངོས་མེད་ཉིད། །ཅེས་བྱ་ལ་སོགས་མང་སྨྲས་དང། །གཞན་དབང་ཡོད་པ་ཉིད་སྨྲས ་པ། །ཀུན་རྫོབ་ཏུ་ནི་གྲུབ་པ་སྒྲུབ། །གལ་ཏེ་དོན་དམ་དཔེ་མེད་ཅིང། །གཏན་ཚིགས་འགལ་བ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀུན་རྫོབ་ཏུ་བསྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ཀྱང་དེ་དག ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་འདོད་པའི་ཕྱིར་རོ། །གལ་ཏེ་དེ་དོན་དམ་པར་བསྒྲུབ་ན་ནི་དོན་དམ་པར་གཞན་གྱི་དབང་ཡོད་པ་ཉིད་དུ་བསྒྲུབ་པ་ལ་དབེ་མེད་དེ། དེ་ཡང་ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་མངོན་པར་བརྗོད་པའི་བདག་ཉིད ་ཀྱི་སྟོང་བའི་ཕྱིར་ཞེས་བྱ་པའི་གཏན་ཚིགས་འགལ་བ་ཉིད་དུ་ཡང་འགྱུར་ཏེ་།མངོན་པར་བརྗོད་པའི་བདག་ཉིད་ཀྱི་སྟོང་པ་ཉིད་དུ་རྗེས་སུ་དཔོག་པས་བརྗོད་དུ་མེད་པའི་དངོས་པོ་ཡོད་པ་ཉིད་ཀྱིས་དངོས་བོ་རྣམས་ངོ་བོ་ཉིད་མེད་པ་ཉིད་བསལ་བའི་ཕྱིར་ཆོས་ཅན་གྱི་རང ་གི་ངོ་བོ་ལོག་པར་བསྒྲུབས་པའི་ཕྱིར་རོ། །ཅི་སྟེ་ཡང་འདི་སྙམ་དུ་ཁོ་བོ་ཅག་གི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ཏེ། ཡོད་པར་གྱུར་པ་ལས་མ་སྐྱེས་པའི་ཕྱིར་སྒྱུ་མ་བཞིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་གཏན ་ཚིགས་ཀྱི་དོན་འགལ་བ་ཉིད་དུ་མི་འགྱུར་བར་སེམས་ན། འདིར་བཤད་པ། གལ་ཏེ་གཞན་དབང་ངོ་བོ་ཉིད། །སྐྱེ་བ་ངོ་བོ་ཉིད་མེད?་དེ། །ཡོད་པར་གྱུར་ལས་མ་སྐྱེས་ན། །སྐྱེ་འགག་ལ་སོགས་འགལ་སྒྲུབ་ཡིན། །ཞེས་བྱ་བ་ནི་དེ་ལྟ་ན་ཁོ་བོ་ཅག་གི་འདོད་པ ་ཉིད་བསྒྲུབས་པ་ཡིན་ཏེ་ཁོ་བོ་ཅག་ཀྱང་རྒྱུ་དང་རྐྱེན་རིགས་མཐུན་པའི་བདག་ཉིད་ལས་སྐྱེས་པ་རྣམས་ནི་རང་གི་བདག་ཉིད་ལས་མ་སྐྱེས་པས་ངོ་བོ་ཉིད་ཀྱིས་སྟོང་པ་དང། སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པར་འདོད་པའི་ཕྱིར་རོ། །ཚུལ་འདི་ནི ་ལུང་དང་ཡང་མི་འགལ་ཏེ། ཇི་ལྟར་ཞེ་ན། རྐྱེན་རྣམས་ལས་ནི་གང་སྐྱེས་པ། དེ་སྐྱེ་མེད་པར་ཐུབ་པས་གསུངས། །ཞེས་བྱ་བའི་ཕྱིར་རོ། །རིགས་པ་གང་གིས་ཞེ་ན། དོན་དམ་དུ་ན་དངོས་ཉིད་ལས། །དེ་ཡི་སྐྱེ་བ་དགག་ཕྱིར་རོ། །ཞེས་བྱ ་བ་སྟེ། གང་རྐྱེན་རྣམས་ལས་སྐྱེས་པ་དེ་ནི་དོན་དམ་པར་ན་སྐྱེ་བ་མེད་པ་ཉིད་ཡིན་པར་ཐུབ་པས་གསུངས་ཏེ། རྒྱུ་དང་རྐྱེན་གྱིས་ཚོགས་ཐ་དད་པའི་དངོས་པོ་དག་ལ་དེའི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་འདི་སྐད ་དུ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་ངོ་བོ་ཉིད་མེད་དེ། གང་ཞིག་རྐྱེན་ལས་བལྟོས་པ་དེས་སྟོང་གསུངས། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་ལྟ་བུ་གཞན་ཡང། ཆོས ་རྣམས་ཡང་དག་ཉིད་མིན་ཕྱིར། །དེ་དག་ཀུན་རྫོབ་བློ་དང་འདྲ། །སྣ་ཚོགས་རང་སྤྱིའི་སྤྱོད་ཡུལ་དུ། །འགྱུར་བ་ལ་ནི་འགལ་བ་མེད། །ཅེས་བྱ་བ་ནི་གང་ཁོ་ནའི་ཕྱིར་ཆོས་རྣམས་ཡང་དག་པ་ཉིད་མ་ཡིན་པ་དེ་ཁོ་ནའི་ཕྱིར། དེ་དག ་ཀུན་རྫོབ་ཏུ་བློ་དང་སྒྲ་སྣ་ཚོགས་ཀྱི་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་དང། སྤྱིའི་མཚན་ཉིད་ཀྱི་སྤྱོད་ཡུལ་སྔོན་པོ་ལ་སོགས་པ་དང། གཟུགས་ལ་སོགས་པ་དང། བུམ་པ་དང། སྣམ་བུ་ཞེས་བྱ་བ་ལ་སོགས་པ་དག་ཏུ་འགྱུར་བ་ལ་འགལ་བ་མེད་དོ། ། ་གལ་ཏེ་དངོས་པོ་རྣམས་ཡང་དག་པ་ཉིད་ཡིན་པར་གྱུར་ན་ནི་ངེས་ན་ནམ་མཁའ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་གཅིག་པ་ཁོ་ནར་གྱུར་པས་བློ་སྣ་ཚོགས་དང། སྒྲ་སྣ་ཚོགས་ཀྱི་ཡུལ་དུ་མི་འགྱུར་པ་ཞིག་ན་དེ་ལྟ་མ་ཡིན་ནོ། །དེ་ལ་གཞུང་ལུགས་གཉི་ག་ལ ་གྲགས་པའི་ལུང་ཡང་ཡོད་དེ། གང་ཞེ་ན་།མིང་ནི་གང་དང་གང་དག་གི་།ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མིན་པ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་ཡིན་ཏེ། མིང་ནི་གང་དང་གང་དག་གིས། །ཞེས་བྱ་བ་ནི་རང ་དང་སྤྱིའི་བརྗོད་པའི་མིང་དང། ཡི་གེ་སྣ་ཚོགས་ཀྱི་ངོ་བོ་ཉིད་དག་གིས་སོ། །ཆོས་རྣམས་གང་དང་གང་བརྗོད་པ་།ཞེས་བྱ་བ་གཟུགས་ལ་སོགས་པ་མངོན་པར་བརྗོད་པར་བྱ་བ་དག་གིས་ཚིག་གི་བརྗོད་པའོ། །དེ་ལ་དེ་ནི་ཡོད་མིན་པ་ཞེས་བྱ་བ་ནི ་ཆོས་དེ་ལ་མིང་དུ་མངོན་པར་བརྗོད་པ་དེ་ཡིད་པ་མ་ཡིན་པ་སྟེ། ཆོས་རྣམས་ནི་ཡི་གེ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཡུལ་གྱི་སྐད་དང། ངེས་པའི་ཚིག་སྣ་ཚོགས་དག་གིས་དངོས་པོ་གཅིག་ཁོ་ན་ལ་རྣམ་པ་དུ་མར་མངོན་པར་བརྗོད ་པ་དཔེར་ན་ཆུ་ལ་པ་ནི་ཡ་དང། ཨ་པ་དང། ས་ནི་ལ་དང། ནིར་ཞེས་བྱ་བ་ལ་སོགས་པ་དག་ཏུ་བརྗོད་པ་དེ་ལ་གལ་ཏེ་དེ་སྒྲ་གཅིག་གིས་མངོན་པར་བརྗོད་པའི་ངོ་བོ་ཉིད་ཡིན་པར་གྱུར་ན་ནི་དེ་ལ་སྒྲ་གཞན་དག་འཇུག་པར་མི་འགྱུར་ཞིང། སྒྲ་དེ་དག་གིས ་མངོན་པར་བརྗོད་པར་ཡང་མི་ནུས་པ་ཞིག་ན་དེ་ལྟ་མ་ཡིན་ནོ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ་ཞེས་བྱ་བ་ནི་མངོན་པར་བརྗོད་དུ་མེད་པ་དེ་ནི་ཆོས་རྣམས་ཀྱི་དོན་དམ་པ་ཉིད་ཡིན་པའོ། །ཀུན་རྫོབ་ཏུ་ནི་ངོ་ཤེས་པར་བྱ་བའི་ཕྱིར་མིང་དུ་འདོགས་པ་དང། བརྡ་དག་བྱེད་དེ ་དེ་དག་གིས་ཀྱང་དངོས་པོ་དེའི་ཁྱད་པར་ལས་འདི་ནི་བ་ལང་ཡིན་གྱིས། རྟ་དང་མི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་ཡོངས་སུ་ཤེས་པར་བྱེད་དོ། །ངོ་བོ་ཉིད་དེ་ནི་བློའི་ཡུལ་ཡིན་ཏེ། གང་གི་ཕྱིར་ཞེ་ན། ལྐུག་པ་དང། འོན་པ་ལ ་སོགས་བ་ཡི་གེ་དང་བརྡ་མི་ཤེས་བ་དེ་དག་གིས་ཀྱང་བུམ་པ་ལ་སོགས་པའི་དངོས་པོ་ངོ་ཤེས་པ་དང་བ་ལང་ལ་སོགས་པས་ཀྱང་དྲི་དང་མིག་གིས་རང་དང་གཞན་གྱི་བེའུ་ལ་སོགས་པ་ངོ་ཤེས་པའི་ཕྱིར་རོ། །དེ་ལྟ་བས་ན་དོན་ནི་རྣམ་པ་ཐམས་ཅད་དུ་མིང་གི ་སྟོང་པ་ཉིད་ཡིན་པས་ངེས་དངོས་པོའི་ངོ་བོ་ཉིད་མངོན་པར་བརྗོད་པར་མི་བྱེད་པའི་ཡུ་བུ་ཅག་གཉིས་ག་ལ་ཡང་འདྲའོ། །ཅི་སྟེ་རྐྱེན་བྱུང་ངོ་བོ་ཡི། །གཞན་གྱི་དབང་ལས་སྐྱེ་འདོད་ན། །སྒྱུ་བཞིན་ཡང་དག་ཉིད་མིན་པས། །འདོད་པ་སྒྲུབ་པར་བྱེད ་པ་ཡིན། །ཞེས་བྱ་བ་ནི་ཅི་སྟེ་གཞན་གྱི་དབང་གི་རྐྱེན་འདུས་བ་ལས་བྱུང་བའི་ངོ་བོས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་ནི་གཞན་གྱི་དབང་ལས་སྐྱེ་བ་ཡིན་པས་དོན་དམ་པ་ནི་མ་ཡིན་པར་འདོད་ན། འདིར་བཤད་པ། འོ་ན་དེ་ལྟར་དེ་གཞན་གྱི ་དབང་ལས་སྐྱེ་བར་འདོད་ན་སྒྱུ་མ་བཞིན་ཡང་དག་བ་ཉིད་མ་ཡིན་པས་དེ་ལ་ངོ་བོ་ཉིད་ག་ལ་ཡོད་དེ་།དེ་ལྟར་ན། ཁྱེད་ཁོ་བོ་ཅག་གི་འདོད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་སྒྲུབ་པ་ཇི་སྐད་བསྟན་པ་དེས་ན། གཞན་གྱི་དབང་ཡང་གཟུང? ་མེད་པ། །ངོ་བོ་ཉིད་ཀྱི་མ་སྐྱེས་འདོད། །ཇི་ལྟར་ཞེ་ན། འདི་ལྟར་དོན་དམ་དུ་ནི་སྐྱེས་པ་ལ། །ལོག་པར་སྣང་བ་མི་རིགས་ཕྱིར། །ཞེས་བྱ་བ་ནི་ཁྱོད་ཀྱིས་གཞན་གྱི་དབང་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་གཟུང་དུ་མེད ་པར་སྨྲས་པ་དེ་ཡང་གལ་ཏེ་ངོ་བོ་ཉིད་ཀྱིས་སྐྱེས་བར་གྱུར་ན་ནི་ལོག་པར་སྣང་བར་འགྱུར་བ་མི་རིགས་པའི་ཕྱིར་ཏེ། །གང་གི་ཕྱིར་དེའི་ངོ་བོ་ཉིད་ཀྱི་མ་སྐྱེས་པ་དེ་ཁོ་ནའི་ཕྱིར་ཏེ། དེ་ལོག་པར་སྣང་བར་འགྱུར་རོ། །གཞན་ཡང་གལ་ཏེ་ཇི་ལྟར་སྣང ་བ་ལྟར། །དེར་སྣང་བདག་ཉིད་ཡོད་གྱུར་ན། །ཇི་ལྟར་སྣང་བ་དེ་ཡོད་སྦྱོད། །ཆོས་རྣམས་ཇི་ལྟར་སྒྱུ་མ་བཞིན། །ཞེས་བྱ་བ་ནི་གལ་ཏེ་དངོས་པོ་འདི་དག་རྒྱུ་དང་རྐྱེན་གཞན་གྱི་དབང་གི་བདག་ཉིད་ལས་ཇི་ལྟར་དབང་པོའི་ཡུལ་ཉིད་དུ་སྣང་བ་ལྟར་དེར་སྣང ་བའི་བདག་ཉིད་ཡོད་པར་གྱུར་ན་ཇི་ལྟར་སྣང་བ་དེར་ཡོད་པའི་ཕྱིར་ཆོས་རྣམས་ཇི་ལྟར་སྒྱུ་མ་ལྟ་བུ་ཉིད་ཡིན་པར་འགྱུར་ཏེ། འདི་ལྟར་སྒྱུ་མ་ནི་སྐྱེས་བུ་ལ་སོགས་པའི་བདག་ཉིད་དུ་སྣང་ཡང་དེའི་ངོ་བོ་ཉིད་དམིགས་སུ་མེད་དེ། སྒྱུ་མ་ནི་སྐྱེས་བུ་ལ་སོགས་བའི་ངོ་བོ ་ཉིད་ཀྱི་སྟོང་པའི་ཕྱིར་རོ། །དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་རྟོག་པ་ཡང་རིག་པ་དང་ལྡན་པ་མ་ཡིན་ནོ། །དེ་ཉིད་ཀྱིས་དེ་སྐྱེ་མེད་ཕྱིར། །མ་སྐྱེས་པ་དང་མ་འགགས་ཉིད། །ཅེས་གང་སྨྲས་པ་དེ་ཡང་འདི་ལྟར་ཆོས་རིགས་པར་སྣང་སྟེ། མ ་སྐྱེས་པ་དང་མ་འགགས་དང། །དངོས་མེད་ངོ་བོ་ཉིད་མེད་པའང། །ཡོད་བ་ཉིད་ལས་མ་སྐྱེས་དང། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །ཞེས་བྱ་བ་ནི་དངོས་པོ་འདི་དག་ནི་རྒྱུ་དང་རྐྱེན་རིགས་མཐུན་པའི་བདག་ཉིད་ལས་སྐྱེ་བ་ཡིན་གྱི། ཡོད་པ་ཉིད་ལས་སྐྱེ ་བ་ནི་མ་ཡིན་ཏེ། རྒྱུ་དང་རྐྱེན་ཀྱི་ཆོ་གས་ཐ་དད་པའི་དངོས་པོ་གནས་པའི་དུས་ན་ངོ་བོ་ཉིད་རྡུལ་ཕྲན་ཙམ་ཡང་དམིགས་སུ་མེད་པའི་ཕྱིར་རོ། །དེའི་ཕྱིར་མ་སྐྱེས་པ་དང། མ་འགགས་པ་ཉིད་དང། དངོས་པོ་མེད་བ་ཉིད་དང། ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡོད་པ ་ཉིད་ལས་མ་སྐྱེས་པའི་ཕྱིར་རོ། །དངོས་པོ་འདི་དག་གི་ངོ་བོ་ཉིད་དང། རྒྱུ་དང་རྐྱེན་རིགས་མཐུན་པའི་བདག་ཉིད་ལས་སྣང་བར་དམིགས་པར་སྣང་བ་གང་ཡིན་པ་དེ་ཡང་ས་དང་ཆུ་དང། མེ་དང། རླུང་དང། གཟུགས་དང། དྲི་དང། རོ་དང། རེག་པ་ཞེས ་བྱ་བའི་རྫས་བརྒྱད་འདུས་པ་ཡིན་ཏེ། དེ་ཡང་དམག་དང། ནགས་ཚལ་ལ་སོགས་པ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་མ་སྐྱེས་པ་དང། མ་འགགས་པ་ཉིད་དང། དངོས་པོ་མེད་པ་ཉིད་དང། ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་པར་ཁོང་དུ་ཆུད་པར ་བྱའོ། །ཞེས་བྱ་བའི་ཚིག་གི་དོན་ཏོ། །འདིར་གལ་ཏེ་འདི་སྙམ་དུ་ཁྱེད་ལ་དངོས་པོ་མེད་པའི་ཕྱིར་ཆོS་གདགས་བ་དང་འགལ་བར་འགྱུར་རོ། །ཞེས་བྱ་པར་སེམས་ན་འདིར་བཤད་པ། གདགས་ལ་སྐྱོན་ཆགས?་ཉིད་མེད་དེ། །རྣམ་རིག་ཙམ་དུ་མཚུངས ་ཕྱིར་རོ། །ཞེས་བྱ་བ་ནི་བདག་དང་བདག་གི་རྟོག་བ་དང་བྲལ་བའི་རྣམ་པར་རིག་པ་ཙམ་དུ་ཡང་ཁོ་བོ་ཅག་དང་ཁྱེད་དུ་མཚུངས་པ་ཡིན་ལ། ཕྱི་རོལ་གྱི་དོན་རྣམ་པར་ཤེས་པས་བསྐྱེད་པའི་ལས་ཀྱི་མངོན་པར་འདུས་བྱས་པ་རྫས་སུ་མེད་པ་ལ་ཡང་ཕྱི་ནང་གི་ཆོས ་འདོགས་བའི་ཕྱིར་ཁོ་བོ་ཅག་གིས་ཕྱོགས་ལ་ཉེས་བ་མེད་དོ། །ཁྱོད་ཀྱི་ཕྱོགས་ལ་ནི་སྤང་བ་དང་སྤོང་བྱད་ཡོད་པའི་ཕྱིར། ཡོངས་ཤེས་སོགས་ཡོད་གང་གིར་འདོད། །ཅེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་ལ་སོགས་པ་སྤང་བ་དང། སྤོང་བར་བྱེད ་པ་ལམ་སྐྱེས་པ་བསྒོམ་བ་གོམས་པར་བྱེད་བའི་འདུ་བྱེད་ཀྱི་ཆོགས་དག་རྣམ་པར་ཤེས་པའི་ཆ་ཉིད་གཞན་གྱི་དབང་གི་ཆ་ཉིད་དུ་ཡོད་པ་ཉིད་ཡིན་ན། ངོ་བོ་ཉིད་ལ་ནི་གཞན་དུ་འགྱུར་པ་མེད་པའི་ཕྱིར་དང། གནས་འགྱུར་བ་མེད་པའི་ཕྱིར་སྡུག ་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་རྐྱེན་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་འདོད་བ་དེ་གང་གི་ཡིན་པར་འདོད་དེ། འཇིག་རྟེན་བ་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་ལ་འགྱུར་བ་མེད་པའི་ཕྱིར་གང་ལ་ཇི་ལྟར་འབྱུང ་བར་འགྱུར་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ། །གལ་ཏེ་འདི་སྐད་ཅེས་འོ་ན་ཁྱེད་ལ་ཡང་རྫས་སུ་མེད་བའི་ཕྱིར་ཐར་པ་མེད་པར་མི་འགྱུར་རམ་ཞེ་ན། དེའི་ཕྱིར་བཤད་པ། དེ་ནི་གང་ཕྱིར་རྫས་མེད་ཀྱང། །རྣམ་རྟོག་བྲལ་བས་ཐར་བར་འགྱུར། །རྫས ་ཡོད་ཉིད་ནའང་སྐྱེ་མེད་ཕྱིར། །འདི་ལས་གཞན་དུ་རྟག་མི་འདོད། །ཅེས་བྱ་བ་ནི་དངོས་པོ་རྣམས་རྫས་སུ་ཡོད་པ་མ་ཡིན་པ་ཁོ་ན་ཡིན་པས་འཇིག་རྟེན་པའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་བའི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི ་ཡེ་ཤེས་རྣམ་པར་མི་རྟོག་བ་འཕགས་པ་སྐྱེ་བས་ཐར་བར་རིགས་ཀྱི། རྫས་སུ་ཡོད་པ་ངོ་བོ་ཉིད་མི་འགྱུར་བ་རྣམས་ལ་མི་རིགས་བས་ཐར་པ་དེ་ནི་གང་གི་ཕྱིར་དངོས་པོ་རྣམས་རྫས་སུ་མེད་ཀྱང། རྣམ་བར་རྟོག་པ་དང་བྲལ་པས་ཐར་པར་འགྱུར་བ་ཉིད་དོ། །གལ ་ཏེ་རྣམ་པ་འགའ་ཞིག་གིས་དེ་དག་རྫས་སུ་ཡོད་པ་ཉིད་དུ་ཡང་འགྱུར་ཡང། དེ་ལྟ་ནའང་ངོ་བོ་ཉིད་ཀྱི་སྐྱེ་བ་མེད་པའི་ཕྱིར་རྣམ་པར་རྟོག་པ་དང་བྲལ་བ་ཁོ་ནས་ཐར་པར་རིགས་སོ། །དེའི་ཕྱིར་ཚུལ་འདི་ལས་གཞན་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དམིཌ ་པའི་ཡེ་ཤེས་ཡོད་པར་རྟག་པས་ཅི་བྱ་སྟེ། སྔར་ཡང་ངོ་བོ་ཉིད་ལ་དམིགས་ཡིན་ན། །སྟོན་པའི་བྱང་ཆུབ་རྟོག་ཅན་དང། །དམིགས་པ་ཅན་དུ་འགྱུར་པ་དང། །རྣམ་པར་མི་རྟོག་བློར་མི་འགྱུར། །ཞེས་བསྟན་ཟིན་པས་དེ་ནི་མི་འདོད་དོ། །འདིར? ་ཕ་རོལ་པོས་རང་གི་ཚུལ་ཉེས་བར་སྨྲས་བའི་གནད་དུ་བསྣུན་བས་ཤིན་ཏུ་ཁམས་ནས་གཏུམ་ཚིག་རྩུབ་མོ་སྨྲས་བ། དངོས་རྣམས་ངོ་བོ་ཉིད་མེད་ན། །གདགས་པའང་ཡོད་པར་མི་འགྱུར་བས། །དེ་ནི་མེད་པར་བལྟ་བ་དག་།མི་གླེང་བརྟན་པར ་བྱ་མིན་དང། །རང་ཡང་ངན་སོང་གཞོལ་བ་དང། །གཞན་ཡང་ཕུང་བར་བྱེད་པ་ཡིན། །ཞེས་བྱ་བ་ནི་རེ་དག་ན་རེ་ཁོ་བོ་ཅག་རྣལ་འབྱོར་སྤྱོད་པ་བ་ལ་ནི་ཕྱི་རོལ་གྱི་ཡུལ་མེད་དུ་ཟིན་ཀྱང། རྣམ་པར་ཤེས་པ་ཙམ་ནི་རེ་ཞིག་ཡོད་པས་རྣམ ་པར་ཤེས་པ་ཡོངས་སུ་གྱུར་པའི་རྣམ་པར་ཕྱི་རོལ་གྱི་ཡུལ་ཡང་དམིགས་སུ་ཡོད་ལ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་དེ་བཞིན་གཤེགས་པས་སོ་སོ་རང་རིག་པར་བྱ་བ་ཡང་ཡོད་ཀྱི། དབུ་མ་སྨྲ་བ་ལ་ནི་རེ་ཞིག་ཀུན་རྫོབ་ཏུ་ཡང་སྒྱུ་མ་ལྟ་བུ ་ཉིད་དུ་འདོགས་པས་འཇིག་རྟེན་པའི་ཆོས་རྣམས་ལ་སྐུར་བ་འདེབས་པ་དང། དོན་དམ་པར་ཡང་རྣམ་པར་ཤེས་པ་ཡང་མེད་ལ། རྣམ་པར་ཤེས་པ་བྱ་བ་ཡང་མེད་པས་ཅི་ཡང་མེད་དེ། དངོས་པོ་རྣམས་ངོ་བོ་ཉིད་མེད་པར་སྐུར་པ་འདེབས་བའི་ཕྱིར ་ཆོས་གདགས་པ་ཡང་ཡོད་པར་མི་འགྱུར་བས་དེ་མེད་པའི་ཕྱིར་དེ་མེད་པར་ལྟ་བ་ཉིད་དང་མཐུན་པ་དང། སུས་ཀྱང་མི་གླེང་མི་བརྗོད་པ་དང། ལྷན་ཅིག་འགྲོགས་པའི་དངོས་པོས་བརྟེན་པར་མི་བྱ་བ་ཡིན་ཏེ། དེའི་ཕྱིར། བཅོམ ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཁྱེད་ཀྱིས་དེང་ཕྱིན་ཆད་འཇིག་རྟེན་རྒྱད་པན་བ་གསང་ཚིག་སྣ་ཚོགས་ཀྱི་སྤོབས་པ་ཅན་དང་བསྟེན་པར་མི་བྱ་བསྙན་བར་མི་བྱ། བསྙེན་བཀུར་མི་བྱའོ། །ཞེས་གསུངས་པས་ཁྱེད་ནི་དམ་པ་མ་ཡིན་པ་ཡོངས་སུ ་སྤང་བར་བྱ་བ་དེའི་གནས་སུ་ཤིན་ཏུ་གྱུར་པ་དང། དམ་པའི་ཆོས་སྤོང་བའི་ཕྱིར་རང་ཡང་ངན་སོང་ལ་གཞོལ་བ་དང། ལྟ་བ་འཛིན་པའི་ཆུ་སྲིན་འཛིན་ཁྲི་ལ་མངོན་པར་ཞེན་པ་ལ་མེས་པར་བྱེད་པའི་ཕྱིར་གཞན་ཡང་འཕུང་བར་བྱེད་པ་ཡིན་ནོ། ། ་ཞེས་ཟེར་རོ་དེ་ལ་སློབ་དཔོན་གྱི་བཤད་པ། ཞེ་སྡང་ཤ་རུལ་སྒྲགས་པ་དེ། །ང་རྒྱལ་མ་ཞུ་སྟོན་པ་ཡིན། །ཞེས་བྱ་བ་ནི་ཁྱོད་ཀྱི་ཁྲོ་ཚིག་དེ་ནི་དཔེར་ན་ཤ་རུལ་གྱི་སྒྲེགས་པས་མ་ཞུ་བ་ཉིད་སྟོན་པར་བྱེད་པ་དེ་བཞིན་དུ་ཞེ་སྡང་གི་ཚིག་གིས་མངོན ་པའི་ང་རྒྱལ་ཅན་ཉིད་དུ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཞེ་སྡང་ཉིད་ཤ་རུལ་ཡིན་ཏེ། དེའི་སྒྲོགས་པ་ལྟ་བུ་ནི་ཁྱེད་ཀྱི་ཚིག་དེ་ཡིན་ནོ། །མངོན་པའི་ང་རྒྱལ་ཅན་ཉིད་མ་ཞུ་བ་ལྟ་བུ་ཡིན་ཏེ། ཤ་རུལ་གྱིས་སྒྲེགས་པས་མ་ཞུ་བ ་ཉིད་དུ་སྟོན་པར་བྱེད་པ་དེ་བཞིན་དུ་ཞེ་སྡང་གི་ཆིག་ཀྱང་ཁྱོད་ཉིད་མངོན་པའི་ང་རྒྱལ་ཅན་ཉིད་དུ་སྟོན་པ་ཡིན་གྱི་ཁོ་བོའི་ལྟ་བ་ནི་སྐྱོན་ཅི་ཡང་མེད་པ་ཁོ་ན་ཡིན་ནོ། །ཞེ་སྡང་གི་ཤ་རུལ་གྱི་སྒྲེགས་པ་དེས་བདག་ཉིད་མངོན་པའི་ང་རྒྱལ་མ་ཞུ་བ་ཉིད་དུ་སྟོན ་པར་ཟད་ཀྱི། དབུ་མ་པ་ལ་དེ་ལྟ་བུའི་སྐྱོན་ཡང་དག་པ་མེད་པ་ཇི་ལྟར་ངེས་པར་བྱ་ཞེན་དེའི་ཕྱིར། ཆོས་རྣམས་སྒྱུ་མ་བཞིན་འདོད་དེ། ངོ་བོ་ཉིད་ནི་མེད་ཕྱིར་དང། །བྱིས་པ་རྨོངས་པའི་རྒྱུ་ཕྱིར་དང། །མ་བྱུང་བ་ལས་འབྱུང་ཕྱིར་རོ། །ཞེས་བྱ་བ་ནི?་ཁོ?་བོས ་དངོས་པོ་རྣམས་རྣམ་པ་ཐམས་ཅད་དུ་མེད་པ་ཉིད་ཡིན་ནོ་ཞེས་མ་སྨྲས་ཏེ། འདི་ལྟར་ཁོ་བོ་ཅག་ནི་ཀུན་རྫོབ་ཏུ་ཆོས་རྣམས་རྒྱུ་དང་རྐྱེན་རིགས་མཐུན་པ་ལས་བྱུང་བ་སྒྱུ་མ་བཞིན་དུ་ཡོད་པ་ཉིད་དུ་འདོད་དེ་ངོ་བོ་ཉིད་མེད་པའི་ཕྱིར་དང། སྐྱེ་བོ་བྱིས་མ་ལྟ་བུར་རྨོངས ་པའི་རྒྱུ་ཡིན་པའི་ཕྱིར་དང། སྔོན་མ་བྱུང་བ་ལས་བྱུང་བའི་ཕྱིར་རོ་ཞེས་སྨྲས་པ་དེའི་ཚེ་ཇི་ལྟར་གདགས་པ་ཡོད་པར་མི་འགྱུར་ཏེ། གདགས་པ་ཡོད་པ་ཁོ་ནའི་ཕྱིར་ཁོ་བོ་ལ་ཁྱོད་ཀྱིས་སྨྲས་བའི་སྐྱོན་གྱིས་གནས་མ་ཐོད་དོ། །ཆོས་རྣམས་ངོ་བོ་ཉིད་མེད་པ་གང ་ཡིན་པ་དེ་ཉིད་དོན་དམ་པ་ཡིན་པར་འདོད་པ་དང། མེད་པའི་མཛའ་གཉིས་སྤངས་པའི་ཕྱིར་ཁོ་བོ་ཅག་མེད་པར་ལྟ་བ་ཉིད་དང་མཐུན་པར་ག་ལ་འགྱུར་ཏེ། དེའི་ཕྱིར་ཁྱོད་ཀྱིས་ཚིག་དེ་ནི་ཞེ་སྡང་གི་ཤ་རུལ་གྱི་སྒྲེགས་པ་ཉིད་ཡིན་ནོ། །ཁྱེད་ཆོས་ཀྱི་དེ་ཉིད་ནི་ནམ ་མཁའ་དང་མཚུངས་པ་ཉིད་ཀྱི་རྣམ་པར་མི་རྟོག་པ་ཉིད་དུ་འདོད་པ་དེ་ཡང་མི་རིགས་ཏེ། ཇི་ལྟར་ཞེ་ན། རྣམ་པ་མི་རྟོག་དངོས་པོ་ནི། །མཁའ་དང་མཚུངས་པ་ཉིད་མི་རིགས། །རྣམ་རྟོག་འདུ་ཤེས་སྣ་ཚོགས་ཀྱི། །གོ་སྐབས་རབ་ཏུ་འབྱོད?་ཕྱིར་རོ། །ཞེས་བྱ་བ ་ནི་ནམ་མཁའ་ནི་རྣམ་པར་མི་རྟོགས་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་སྔོན་པོ་དང་ཡངས་པ་དང་། དག་པ་དང་མ་དག་པ་ལ་སོགས་པར་རྣམ་པར་རྟོག་པའི་འདུ་ཤེས་སྣ་ཚོགས་ཀྱི་གོ་སྐབས་རབ་ཏུ་འབྱེད་པར་བྱེད་དོ། །གལ་ཏེ་ཆོས་རྣམས་ཀྱི་དེ་ཉིད་ཀྱང་དེ་དང ་འདྲ་བར་གྱུར་ན་ནི་དེ་ཡང་དག་པ་དང་མ་དག་བ་ལ་སོགས་པར་རྣམ་པར་རྟོག་པའི་འདུ་ཤེས་སྣ་ཚོགས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པ་ཉིད་ཉམས་པར་འགྱུར་རོ། །གཞན་ཡང་ཁྱེད་ཅག་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བརྗོད་དུ་མེད་པ་ཉིད་ཡིན་བར ་འདོད་ཅེས་གྲག་པ་དེ་ལ་ཡང་།སྐྱེས་པ་བརྗོད་མེད་ཉིད་མི་རིགས། །དགག་པ་གོང་དུ་བསྟན་ཕྱིར་རོ། །བརྗོད་དུ་མེད་ཉིད་ཡིན་གྱུར་ནའང། །ཀུན་རྫོབ་ལ་ནི་དེ་ཉིད་ནོར། །ཅེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་སྐྱེས་པ་ལ་ནི་བརྗོད་དུ་མེད་པ་ཉིད་མི་རིག?་ཏེ ་དེའི་དགག་པ་ནི་བརྗོད་བྱ་སྤྱི་ལྡན་དངོས་པོ་སྟེ། དེར་སྣང་བློ་ཡི་རྒྱུ་ཡིན་ཕྱིར། །དེ་ནི་དེའི་བདག་ཉིད་ཡོད་པས། །བརྗོད་མེད་ཉིད་དུ་མི་རིགས་སོ། །ཞེས་བྱ་བ་ལ་སོགས་པ་གོང་དུ་བསྟན་པའི་ཕྱིར་རོ། །ཅི་སྟེ་ཡང་རྣམ་པ་འགའ་ཞིག ་གིས་བརྗོད་དུ་མེད་པ་ཉིད་ཡིན་པར་གྱུར་ན་ཡང་དེ་ལྟ་ན་ཡང་དེ་ཀུན་རྫོབ་པ་ཡིན་པས་ཀུན་རྫོབ་པ་དེ་ལ་དེ་ཉིད་ཡིན་པར་ནོར་བུ་མི་བྱའོ། །གཞན་ཡང། དེ་ལ་དེ་ཉིད་གཞན་མེད་ཕྱིར། གལ་ཏེ་དེ་ཉིད་མཐོང་འདོད་ན། །བུམ་ལའང་བུམ་པ་གཞན་མེད་པས། །ཅི་ཕྱིར་དེ་ཉིད ་མཐོང་མི་འདོད། ཅེས་བྱ་བ་ནི་གལ་ཏེ་དོན་དཾ་པ་དེ་ལ་དོན་དམ་པའི་དེ་ཉིད་གཉིས་པ་གཞན་མེད་པའི་ཕྱིར་གལ་ཏེ་དོན་དམ་པ་སྟོང་པ་ཉིད་དེས་དེ་ཉིད་མཐོང་བར་འདོད་ན་དེ་ལྟ་ན་བུམ་པ་ལའང་བུམ་པ་གཉིས་པ་གཞན་མེད་པས་དེ་མཐོང་བས་ཀྱང་ཅིའི་ཕྱིར ་དོན་དམ་པའི་དེ་ཉིད་མཐོང་བར་བརྟག་པར་མི་འདོད་དེ་ཅི་སྟེ། ཡང་འདི་སྙམ་དུ་རྣམ་པར་མི་རྟོག་པ་ནི་བརྗོད་དུ་མེད་པ་ཉིད་ཡིན་ཡང་ཆོས་ཀྱི་དབྱིངས་ནི་ཆུའི་ཁམས་དང། གསེར་དང་ནམ་མཁའ་དག་བ་བཞིན་དུ་དག་པར་འདོད་བས ་དེ་དག་པས་སེམས་ལ་ཡང་དག་བ་ཡོད་པ་ཁོ་ནར་སེམས་ན་དེ་ལ་ཁོ་བོས་དགག་པ་བཤད་པར་བྱ་སྟེ། ཁྱོད་ཀྱིས་ཚུལ་སྐྱེན་སྦ་ཕྱིར་ཏེ། དེ་ནི་ཉོན་མོངས་བྱང་མི་འགྱུར། །གསེར་ལ་སོགས་པ་རྐྱེན་རྣམས་ཀྱི། །རྗེས་སུ་འགྱུར་བ་ཡིན ་ཕྱིར་རོ། །ཞེས་བྱ་བ་ནི་ཆུའི་ཁམས་དང། གསེར་དང་ནམ་མཁའ་དག་ལས་རྡུལ་དང་གཡང་དང་སྤྲིན་ལ་སོགས་པ་རྐྱེན་དག་ཡོད་ན་དྲི་མ་དང་བཅས་པ་དག་ཏུ་སྣང་ལ། རྐྱེན་དེ་དག་མེད་ན་དག་པ་དག་ཏུ་སྣང་ཞིང་ཡང་དྲི་མ་ཅན་དུ ་འགྱུར་བ་དང། དེ་ནས་ཡང་དག་པ་དག་ཏུ་འགྱུར་བ་བཞིན་དུ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་དེ་ཁོ་ན་བཞིན་ན་ལན་འགའ་རྣམ་པར་དག་པ་དང། ལན་འགའ་དྲི་མ་དང་བཅས་པར་འགྱུར་པས་དེ་ནི་ཁྱོད་ཀྱིས་ཚུལ་གྱི་སྐྱོན་དེ་སྦ་བ་ཙམ་དེ ་ཁོ་བའི་ཕྱིར་སྨྲས་པར་ཟད་ཀྱི་ཆོས་ཀྱི་དབྱིངས་དེ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མི་འགྱུར་ལ། གསེར་ལ་སོགས་པ་ནི་རྐྱེན་རྣམས་ཀྱི་རྗེས་སུ་འགྱུར་བ་ཡིན་པའི་ཕྱིར། གསེར་ལ་སོགས་པའི་དཔེ་དེ་དག་གིས་ཆོས་ཀྱི་དབྱིངས་མཚོན་པའི ་དོན་མི་འགྲུབ་པོ། །འདི་ལྟར་ན་ནི་རིགས་པ་དང་ལྡན་པ་ཉིད་དུ་འགྱུར་ཏེ། ནམ་མཁའ་རྟག་ཏུ་རྣམ་དག་སྟེ། །མིག་ནི་དག་དང་མ་དག་པས། །དྲི་བཅས་དྲི་མེད་མཁའ་འདོད་དང། །ཆོས་རྣམས་ཆོས་ཉིད་དེ་བཞིན་ནོ། །ཞེས་བྱ་བ་ནི་ཇི་ལྟར་རབ་རིབ་ཅན ་དབང་པོ་ཉམས་པས་ནམ་མཁའ་ཀུན་ཏུ་སྐྲ་བཤད་དང། སྦྲང་མ་དང། སྦྲང་བུ་ཡང་དག་པ་མ་ཡིན་པའི་དྲ་བ་དག་གིས་དཀྲིགས་པ་མཐོང་ཞིང། དེ་ཉིད་ཀྱིས་ཀྱང་རབ་རིབ་སེལ་བའི་མིག་སྨན་བསྟེན་པས་མིག་དག་པ་ན་ནམ་མཁའ་སྐྲ་བཤད་དང། སྦྲང ་མ་དང། སྦྲང་བུ་དང་བྲལ་བས་ཀུན་ཏུ་མཐོང་ཡང་དབང་པོ་ཉམས་པ་དང་མ་ཉམས་པས་ནམ་མཁའ་དེ་མ་དག་པ་དང་དག་པར་མཐོང་བའི་ཚེ་ནམ་མཁའ་ལ་ནི་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་ཡང་བྱིས་བ་བློ་གྲོས་ཀྱི ་མིག་ཡོངས་སུ་མ་དག་པ་རྣམས་ཀྱི་དྲི་མ་དང་བཅས་པར་མཐོང་ཞིང། འཕགས་པ་སྟོང་པ་ཉིད་ལ་བལྟ་བའི་མིག་སྨན་བསྟེན་པ་བློ་གྲོས་ཀྱི་མིག་རྣམ་པར་དག་པ་རྣམས་ཀྱིས་ནི་དྲི་མ་མེད་པ་ཉིད་དུ་རྟོགས་ཀྱང་བློ་དྲི་མ་དང་བཅས་པ་དང། དྲི་མ་མེད་པས་ཆོས ་ཉིད་མ་དག་པ་དང་དག་པར་མཐོང་བའི་ཆེ་ན་ཆོས་ཉིད་ལ་ནི་འགྱུར་བ་འགའ་ཡང་མེད་དོ་ཞེ་ན། དེའི་ཕྱིར་བཤད་པ། མ་དག་ལ་སོགས་བློ་འཁྲུལ་ཏེ། །བྱེད་པའི་ཆོས་ཡིན་ལས་ཀྱི་མིན། །ཞེས་བྱ་བ་ནི་དཔེར་ན་ནམ་མཁའ་མ་དག་པ་དང། དག་པར་སྣང་བས་གློ ་འཁྲུལ་པ་དེ་ནི་བྱེད་པ་པོ་ལུས་དང་དབང་པོ་རྣམ་པར་ཤེས་པ་དང་བཅས་པའི་བློའི་ཚོགས་ཀྱི་ཆོས་ཡིན་གྱི། ནམ་མཁའ་ལ་སོགས་པ་རྣམ་པར་ཤེས་པར་བྱ་བའི་ལས་ཀྱི་ཆོས་མ་ཡིན་པ་དེ་བཞིན་དུ་ཆོས་ཀྱི་དབྱིངས་མ་དག་པ་དང་དག་པ་ཞེས་བྱ་བ་ནི་ཡང་བྱེད ་པ་པོ་ལོག་བའི་ཤེས་པ་དང། ཡང་དག་པའི་ཤེས་པ་དང་ལྡན་པའི་ཆོས་ཡིན་གྱི། ཆོས་ཀྱི་དབྱིངས་རྣམ་པར་ཤེས་པར་བྱ་པའི་ཆོས་མ་ཡིན་པས་ཁྱེད་ཀྱིས་དེ་ནི་དྲི་བཅས་དྲི་མ་མེད་ཅེས་སྨྲས་པ་དེ་ནི་མི་རིགས་སོ། །གཞན ་ཡང། དེ་ལ་དམིགས་པ་དག་མ་ཡིན། །དེ་ཉིད་དམིགས་བྱར་མི་འདོད་དོ། །ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་དེ་ལ་དམིགས་པའི་ཡེ་ཤེས་ནི་དག་པ་ཡིན་པར་མི་རིགས་ཏེ། དེ་ལ་དམིགས་ན་ཡེ་ཤེས་དེ་རྣམ་པར་མི་རྟོག་པ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། ་ཆོས་ཀྱི་དབྱིངས་དེ་ཉིད་ཀྱང་དམིགས་པར་བྱ་བ་ཡིན་པར་མི་འདོད་དེ། དོན་དམ་པར་ཆོས་ཀྱི་དབྱིང་ཞེས་བྱ་བ་དེ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །གཞན་ཡང། དེ་ཉིད་རྫས་སུ་ཡོད་ཡིན་ན། །སྐྱོན་ནི་སྔ་མ་བཞིན་དུ་འགྱུར། །འཇིག་རྟེན་འདས་པ་རྣམ ་མི་རྟོག་།དེ་བློར་མི་འདོད་འཇིག་ཕྱིར་རོ། །ཞས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་ཉིད་རྫས་སུ་ཡོད་པ་ཉིད་དུ་རྟོག་ན་དེ་ལ་སྐྱོན། ཀུན་ནས་ཉོན་མོངས་རྣམ་བྱང་ལས། །གལ་ཏེ་སེམས་ནི་རྫས་འདོད་ན། །ཚོར་སོགས་དེ་བཞིན་སྐྱེ་བྱའི་ཕྱིར། །དེ་གྲུབ ་པས་ན་གནོད་བ་མེད། །ཅེས་བྱ་བ་དག་འདིར་ཡང་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆེ་ན་ཡང་གང་ཆོས་ཉིད་ལ་དམིགས་པ་རྣམ་པར་མི་རྟོག་པ་དེ་སྐྱེའོ་ཞེ་ན། དེ་ལྟ་བུའི་བློ་སྐྱེ་བོ་ཡོད་པར་མི་འདོད ་དེ། དེ་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་རོ། །དེས་ན་འཇིག་རྟེན་ལས་འདས་པའི་བློ་དེ་ཇི་ལྟར་འཇིག་པར་མི་འགྱུར་ཞེས་བྱ་བར་ཤེས་པར་བྱའོ། །གཞན་ཡང། ཇི་སྲིད་ཤེས་བྱའི་རྗེས་འཇུག་པ། །དེ་སྲིད་བློ་ནི་རབ་རིབ་ཅན། །གལ་ཏེ་དེས ་སྐྱོན་ཅིར་འགྱུར་ཞེ་ན། ཇི་སྲིད་ཤེས་པ་དམིགས་ཡོད་པ། །དེ་སྲིད་ཤེས་བྱའི་རྗེས་འཇུག་ཉིད། །ཅེས་བྱ་བར་འགྱུར་ཏེ། དེས་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་དམིགས་པ་འཇིག་རྟེན་ལས་འདས་པའི་བློ་ཡང་རབ་རིབ་ཅེ་ན་ཉིད་དུ་ཡིན་པར་འགྱུར ་ཏེ། ཤེས་བྱའི་རྣམ་པར་ཤེས་པའི་རྗེས་སུ་འཇུག་པའི་ཕྱིར་རོ། །འོ་ན་ཇི་ལྟར་རིགས་པར་འགྱུར་ཞེ་ན། བློ་རབ་རིབ་དང་བཅས་པ་དེ་ཉིད་ཤེས་བྱའི་རྣམ་པའི་རྗེས་སུ་འཇུག་པས་ནི་འཁོར་བ་འབྱུང་བར་འགྱུར་ལ། དེས་གང་གི་ཆེ་ཤེས་བྱའི་ངོ་བོ་ཉིད་ཡོངས་སུ ་མ་གྲུབ་པར་ཤེས་བས་དམིགས་པ་མེད་པ་དེའི་ཆེ་ན་ནི། འཁོར་བར་མི་འགྱུར་བས་དེ་ནི་ཆོས་རྣམས་ཀྱི་དེ་ཉིད་ཡིན་པར་སེམས་སོ། །ཁྱེད་རང་བྱུང་གི་ཡེ་ཤེས་སྐད་ཅིག་གཅིག་དང་ལྡན་པ་ཉིད་དུ་འདོད་པ་གང་ཡིན་པ་དེ་ཡང་འཇི་ལྟར་མི་འཐད་དེ། ་ཐམས་ཅད་མཁྱེན་ཉིད་གཅིག་ཅར་མིན། །ཤེས་པ་རང་ལ་འཇུག་པ་ནི། །མེད་ཕྱིར་རལ་གྲི་སོ་བཞིན་དང།།རང་རིག་འགོག་པར་བྱད་ཕྱིར་རོ། །ཞེས་བྱ་བ་ནི་འདི་ལྟར་ཤེས་བྱ་རྣམ་པ་ཐ་དད་པ་དུ་མས་ཐ་དད་པ་ཡིན་ཡང་ཆོས་ཉིད་ངོ་བོ་ཉིད་གཅིག་པའི ་ཕྱིར་ཐམས་ཅད་མཁྱེན་པ་དེས་སྐད་ཅིག་གཅིག་གིས་དབྱེར་མེད་པའི་སྒོ་ནས་མཁྱེན་པར་རུང་གི་།གང་ལ་ཡེ་ཤེས་སྐད་ཅིག་མ་ཡིན་པ་དེ་ལ་ནི་ཐམས་ཅད་མཁྱེན་པ་ཉིད་དེས་ཤེས་བྱ་རྣམ་པ་ཐ་དད་པ་དག་གཅིག་ཅར་ཡོངས་སུ་མཁྱེན་པར་མི་རུང་སྟེ་། ་ཤེས་པ་རང་ལ་འཇུག་པ་འགལ་བའི་སྐྱོན་དུ་འགྱུར་བས་དེ་ལྟ་བུ་མེད་པའི་ཕྱིར་ཏེ། དཔེར་ན་རལ་གྲི་རང་གི་སོ་གང་ཡིན་པ་དེ་ཉིད་ཀྱིས་དེ་ཉིད་ལ་གཅོད་པར་མི་བྱེད་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་གལ་ཏེ་དེ་ཡེ་ཤེས་སྐད་ཅིག་མ་དོན་དམ་པར ་ཡོད་པ་ཉིད་ཡིན་ན་ཤེས་པའི་སྐད་ཅིག་མ་སྔ་མ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཤེས་པའི་སྐད་ཅིག་མ་གཉིས་པ་ལ་བལྟོས་དགོས་སོ། །གཞན་ཡང་ཆོས་ཉིད་ནི་ཅི་ཡང་མ་ཡིན་པའི་ཕྱིར་དངོས་པོའི་རང་གི་ངོ་བོ་ངེས་པར་མི་འཛིན་པས་རང་རིག་པ་ཡང ་འགོག་པར་བྱེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་སྐད་ཅིག་གཅིག་དང་ལྡན་པ་ཉིད་དུ་མི་འགྲུབ་པོ་ཞེ་ན། །བོ་བོ་ཅག་འདོད་པ་ལྟར་ན་དེ་ཡང་འགྲུབ་སྟེ། ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་འཕགས་བློའི་གཟུང། །རྣམ་པ་ཀུན་ཏུ་བརྗོད་མེད་ཉིད། །སྔར ་བཞིན་སྐྱེ་བ་བཀག་པའི་ཕྱིར། །སྐྱེ་མེད་རྫས་སུ་ཡོད་མིན་ཕྱིར། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་འཕགས་པའི་བློའི་གཟུང་བ་ནི་འཛིན་པ་མེད་པའི་ཚུལ་གྱིས་གཟུང་བ་ཡིན་ཏེ། སྔར་དེ་ཉིད་ཤེས་པ་འཚོ་བ་པའི་རབ་ཏུ་བྱེད་པར་བསྟན་པ ་བཞིན་སྐྱེ་བཀག་པའི་ཕྱིར་སྐྱེ་བ་མེད་པའི་ཕྱིར་དང། ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་རིཌ་མཐུན་པ་ལས་འབྱུང་བའི་ཕྱིར་བདག་ཉིད་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་རྣམ་པ་ཀུན་ཏུ་བརྗོད་དུ་མེད་པ་ཉིད་ཀྱང་ཡིན་ཏེ། ངོ་བོ་ཉིད་སྟོང་པའི་ཕྱིར་རོ། །དེ་ལྟ ་བུའི་ངོ་བོ་ཉིད་ནི་དོན་དམ་པ་པ་ཡིན་པར་སྦྱར་རོ། །གཞན་ཡང་ཁྱད?་འདོད་པ་ལྟར། །ཡོད་དང་མེད་པའི་དངོས་ཉིད་ཀྱི། །ངོ་བོ་དོན་དམ་ཉིད་ཡིན་ན། །སྒྲོ་འདོགས་པ་དང་སྐུར་མཛའ་ལས། །གྲོལ་བ་ཁྱོད་ལ་ཇི་ལྟར་ཡོད། །ཅེས་བྱ་བ་ནི་འདི་ལྟར་སྒྲོ ་འདོགས་པ་དང། སྐུར་པ་འདེབས་པའི་མཛའ་གཉིས་ལས་། གྲོལ་བར་འདོད་པས་ནི་ཡོད་པ་དང་མེད་པའི་མཛའ་གཉིས་ཡོངས་སུ་སྤང་བར་བྱ་བ་ཡིན་ན་ཁྱོད་ནི་ཡོད་པ་དང་མེད་པའི་དངོས་པོ་ཉིད་ཀྱི་ངོ་བོ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དོན་དམ་པ་ཉིད་ཡིན ་པར་འདོད་པས་དེ་ལ་ཡོད་པ་ཉིད་ཡིན་ན་སྒྲོ་འདོགས་པའི་མཛའ་ལས་མི་གྲོལ་ལ། མེད་པ་ཉིད་ཡིན་ན་སྐུར་པ་འདེབས་པའི་མཛའ་ལས་མི་འགྲོལ་བས་མཛའ་འདྲ་སྤངས་པའི་ཕྱིར། གྲོལ་བ་ཁྱོད་ལ་ཇི་ལྟར་ཡོད། །ཁོ་བོ་འདོད་པ་ལྟར། ཡོད་མིན ་དེ་ཉིད་སྐྱེ་མེད་ཕྱིར། །མེད་མིན་དེ་ཡོང་མ་ཡིན་ཕྱིར། །ཡོད་དང་མེད་པ་གཉིས་སྤངས་པས། །དེར་འདོད་དེ་ཕྱིར་གཉིས་སུ་མེད། །ཅེས་བྱ་བ་ནི་ཡོད་པ་མ་ཡིན་ཏེ། དོན་དམ་པའི་དེ་ཉིད་དུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །མེད་པ་མ་ཡིན ་ཏེ། ཡོད་པ་དེ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ཡོད་པ་ཡོད་ན་དེ་ལས་བཟློད་པས་མེད་པར་འགྱུར་བ་ཡིན་ན་ཡོད་པ་དེ་ཡོད་མ་ཡིན་པའི་ཕྱིར་མེད་པར་ཡང་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡོད་པ་དང་མེད་པ་གཉིས་སྤངས་པས་གཉིས་པས་གཉིས་སུ་མེད་པ ་ནི་དེ་ཉིད་ཡིན་པར་འདོད་པས་དེའི་ཕྱིར་གཉིས་སུ་མེད་པ་དེ་ནི་རིགས་པ་དང་མི་འགལ་བ་ཡིན་ནོ། །ཁྱོད་འདོད་པ་ལྟར་ན་སྐྱོན་ཆེན་པོ་གཞན་འདིར་ཡང་འགྱུར་ཏེ། སྟོན་པ་དམིགས་མེད་མི་འགྱུར་ཏེ། །དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། བྱང་ཆུབ་མཉམ་ཉིད་མི ་འགྱུར་ཏེ། །དེ་ཉིད་རང་སྣང་ཐ་དད་ཕྱིར། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་དམིགས་པ་ཡོད་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དམིགས་པ་མེད་པ་ཉིད་དུ་མི་འགྱུར་ཏེ། དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། ། ་དེས་ན་ལུང་ལས་སངས་རྒྱས་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །མཚན་གཞི་མཚན་ཉིད་ངེས་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལ་སོགས་པ་དང་འགལ་ལོ། །སྟོན་པ་དེའི་བྱང་ཆུབ་ཀྱང་མཉམ ་པ་ཉིད་དུ་མི་འགྱུར་ཏེ། གང་གི་ཕྱིར་ཞེ་ན། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི་དེ་ཉིད་གཅིག་དང། རབ་སྣང་བའི་ཡེ་ཤེས་གཉིས་ཐ་དད་པའི་ཕྱིར་ཏེ། དེ་ལྟར་གཉིས་ཡོད་ན་ངོ་བོ་ཉིད་གཉིས་མངོན་པར་རྟོཌ་པ་དེ་ཇི་ལྟར་མཉམ་པ་ཉིད་དུ་འགྱུར།། ་གཞན་ཡང། དེ་བཞིན་ཉིད་ལ་དམིགས་པའི་བློ། །ནུས་པ་མ་བཞག་ག་ལས་འབྱུང། །ནམ་མཁའ་ཨི་མེ་ཏོག་སྣང་བའི་བློ། །ནུས་པ་མ་བཞག་མི་རགས་བཞིན། །ཞེས་བྱ་བ་ནི་ཁྱེད་ཅག་ཀུན་གཞི་རྣམ་པར་ཤེས་པ་ནི་ཐོག་མ་མེད་པའི་དུས་དང་ལྡན ་པ་ཡིན་པའི་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་སྐྱེ་བ་དང་འགག་པ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་ནས་ཡང་དུ་རང་རང་གི་ནུས་པ་འཇོག་པར་བྱེད་ཅིང། ནུས་པ་དེ་དག་ཡུལ་དར་དབང་པོ་དང་རྣམ་པར་ཤེས་པ་སྣ་ཚོཌ ་པས་ཡོངས་སུ་སྨིན་པར་གྱུར་པ་ནི་འཁོར་བ་ཇི་སྲིད་པའི་བར་དུ་ཀུན་གཞི་རྣམ་པར་ཤེས་པ་ལས་མངོན་པར་གྲུབ་པར་འདོད་ཅེས་གྲགས་པས་དེས་ན་སོ་སོའི་སྐྱེ་བོ་དེ་ཉིད་མཐོང་པ་ལ་དེ་བཞིན་ཉིད་ལ་དམིགས་པའི་བློ་ནམ་ཡང་མ་སྐྱེས་པ་ལ་ད་ཡང་སྐྱེ ་བ་མེད་པའི་ཕྱིར། མ་སྐྱེས་པ་ལ་འགག་པ་ཡང་མེད་ན། མི་འགག་པ་གང་གིས་ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་གང་བཞག་པ་ཡོངས་སུ་སྨིན་པར་གྱུར་པས་དེ་བཞིན་ཉིད་མཐོང་བའི་བློར་འགྱུར་བའི་ནུས་པ་གཞོག་པ་ཡང་མེད་དོ། །དཻ ་ལྟར་ནུས་པ་མ་བཞག་པར་དེ་བཞིན་ཉིད་ལ་དམིགས་པའི་བློ་རྒྱུ་མེད་པ་དེ་དག་ག་ལས་འབྱུང་པར་འགྱུར་ཏེ་། དཔེར་ན་ནམ་མཁའ་ཨི་མེ་ཏོག་བཞིན་དུ་སྣང་བའི་བློ་ལ་ནུས་པ་སྐྱེས་པ་མེད་པའི་ཕྱིར་སྔོན་ནམ་ཡང་ཀུན་གཞི་རྣམ་པར་ཤེས་པ་ལ་ནུས་པ་མ་བཞག་པ་དེས ་ཕྱིས་ཀྱང་ནམ་མཁའ་ཨི་མེ་ཏོག་མཐོང་བའི་བློ་སྐྱེ་བར་མི་རིགས་པ་བཞིན་ནོ། །གཞན་ཡང་རང་ཚུལ་སྦེད་པས་ཁྱོད་ཀྱིས་ནི། དེ་ཉིད་གཅིག་ཉིད་གཞན་མི་འགྲོལ། །ཞེས་བྱ་བ་ནི་ཁྱོད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང། གཞན་གྱི་དབང་གི་ངོ་བོ་ཉིད་ཡོད ་པར་འདོད་ཅིང་། དེ་གཉིས་གཅིག་པ་ཉིད་ཀྱང་མ་ཡིན་ལ། ཐ་དད་པ་ཉིད་ཀྱང་མ་ཡིན་པར་བརྗོད་པ་ཡང་རང་གི་ཚུལ་སྦེད་པ་ཙམ་དུ་ཟད་པས་དེས་ཀྱང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དེ་ཉིད་ཅེས་བྱ་བ་དེ་གཅིག་པ་ཉིད་དང་གཞན་ཉིད་ལས་མི་འགྲོ་ལོ།། ་དབུ་མ་ཤེས་པའི་ཚུལ་གྱི་རྗེས་སུ་འབྲེང་བ་ལ་ནི་། རྫས་མེད་དམིགས་སུ་མེད་པའི་ཕྱིར། །དེད་ལ་ཇི་སྐད་སྨྲས་དེ་རིགས། །ཞེས་བྱ་བ་ནི་རྫས་སུ་མེད་པ་ཁོ་ནས་ངོ་བོ་ཉིད་ལས་དམིགས་སུ་མེད་པའི་ཕྱིར་ངེད་ལ་ནི་སྔར་ཇི་སྐད་སྨྲས་པའི་གཅིག་པ ་ཉིད་ཀྱང་མ་ཡིན་ལ་། ཐ་དད་པ་ཉིད་ཀྱང་མ་ཡིན་པར་དེ་རིགས་པ་ཁོ་ནའོ། །ཁོ་བོ་ཅག་འདོད་པ་ལྟར་ནམ་མཁའ་ལ་སོགས་པའི་དཔེ་ཡང་འཐད་དེ། ཇི་ལྟར་ཞེ་ན། ནམ་མཁའ་འདྲ་བའང་སྐྱེ་མེད་པས། །ཁྱད་པར་མེད་ཕྱིར་མ་གོས་ཕྱིར། །ཤིན་ཏུ་བརྗོད ་དུ་མེད་ཉིད་ཀྱང། །བློས་ནི་རྣམ་ཀུན་གཟུང་མེད་ཕྱིར། །ཞེས་བྱ་བའི་དོན་དམ་པའི་དེ་ཉིད་ནི་ནམ་མཁའ་དང་འདྲ་སྟེ། དེའང་འདི་ལྟར་དངོས་པོ་སྐྱེས་པ་ལ་ནི་རྣམ་པའི་ཁྱད་པར་ལས་སྣ་ཚོགས་ཉིད་དུ་དམིགས་པར་འགྱུར་གྱི། དངོས་པོ་མ་སྐྱེས་པ་ལ་ནི་སྐྱེ ་བ་མེད་པས་ཁྱད་པར་མེད་པའི་ཕྱིར་དང། །སྤྲོས་པའི་རྟོག་པ་ཐམས་ཅད་ཀྱིས་གོས་པ་མེད་པས་མ་གོས་པའི་ཕྱིར་ནམ་མཁའ་དང་འདྲའོ། །དེ་ནི་ཤིན་ཏུ་བརྗོད་དུ་མེད་པ་ཉིད་ཀྱང་ཡིན་ཏེ་། འདི་ལྟར་བློས་གཟུང་བའི་དངོས་པོ་ལ་ནི་མངོན་པར་བརྗོད་པ་འཇུག ་པར་འགྱུར་གྱིས་། དེ་ནི་བློས་རྣམ་པ་ཀུན་ཏུ་གཟུང་དུ་མེད་པའི་ཕྱིར་ཤིན་ཏུ་བརྗོད་དུ་མེད་པ་ཉིད་དུ་རིགས་སོ། །གལ་ཏེ་དེ་ཤིན་ཏུ་གཅིག་ཏུ་མ་སྐྱེས་པ་ཉིད་ཡིན་ན་དེ་ཇི་ལྟར་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དུ་འགྱུར་ཞེ་ན། དེའི་ཕྱིར ་བཤད་པ་། སྐྱེ་བ་རབ་རིབ་བྲལ་པའི་བློ། །འཇིག་རྟེན་འདས་པ་ཡིན་པར་འདོད། །འཇིག་རྟེན་ལས་སྒྲོལ་དོན་ཕྱིར་དང། །འཇིག་རྟེན་ལས་ཤིན་ཏུ་འདའ་ཕྱིར་རོ། །ཞེས་བྱ་བ་ནི་སྐྱེ་བ་ཉིད་རབ་རིབ་སྟེ། དེ་དང་བྲལ་བློ་གང་ལ་ཡོད་པ་དེ་ནི་སྐྱེ་བ་རབ་རིབ་དང ་བྲལ་བའི་བློ་འཇིག་རྟེན་ལས་འདས་པ་ཡིན་པར་འདོད་དེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་སྒྲོལ་བའི་དོན་གྱི་ཕྱིར་དང། འཇིག་རྟེན་ལས་ཤིན་ཏུ་འདའ་བའ་ཨི་ཕྱིར་དང་།ཇི་སྐད་དུ་དེ་ནི་འཇིག་རྟེན་ལ་གཡོ་བ་དང་བསྐྱོད་པ་དང་འདའ་བའ་ཨི་ཕྱིར་འཇིག ་རྟེན་ལས་འདས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་དེ་ནི་མི་རྟོག་དམིགས་མེད་དང། །མཚན་མ་མེད་ཅིང་དེ་ཡིས་ནི། །རང་གཞན་ཆོས་ཉིད་ཅིག་ཅར་དུ། །རྟོག་མེད་ཚུལ་གྱི་མཉམ་ཉིད་རྟོགས། །ཞེས་བྱ་བ་ལ་བློ་དེ་ནི་རྣམ་པར་མི ་རྟོགས་པ་ཡིན་ཏེ་། མ་སྐྱེས་པ་ཁོ་ནས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དམིགས་པ་མེད་པ་ཡང་ཡིན་ཏེ་། དངོས་པོ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །མཚན་མ་མེད་པ་ཡང་ཡིན་ཏེ། །ཡུལ་ལ་མཚན་མར་མི་འཛིན་པའི ་ཕྱིར་རོ། །བློ་དེའི་ཤེས་པ་རང་གི་ཆོས་ཉིད་དང་ཤེས་བྱ་གཞན་གྱི་ཆོས་ཉིད་གཅིག་ཅར་དུ་རྟོགས་པ་མེད་པའི་ཚུལ་གྱིས་མཉམ་པ་ཉིད་དུ་རྟོགས་པ་ཡང་ཡིན་ཏེ། ཁོ་བོ་ཅག་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་རྣམ་པར ་འཇོག་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཤེས་བྱ་བརྟག་པའི་ཕྱིར། །ཆོས་རྣམས་སྐྱེ་བ་མེད་པ་ནི། །ཆོས་བདག་མེད་པ་ཉིད་ཅེས་བྱ། །དེ་ལ་རྟོག་དྲིའི་མཚན་མ་དག་།འབྱུང་བ་མེད་པ་སྔ་མ་བཞིན། ། ་ཞེས་བྱ་བ་སྨྲས་ཏེ་། ཆོས་རྣམས་སྐྱེ་བ་མེད་པ་ཉིད་གང་ཡིན་པ་དེ་ཉིད་ཆོས་བདག་མེད་པ་ཉིད་ཅེས་བྱ་སྟེ་། དེ་ལ་རྟོག་པའི་དྲི་མའི་མཚན་མ་དག་འབྱུང་བ་མེད་པ་ནི་དེ་ཉིད་ཤེས་པ་འཚོལ་བའི་ལེའུར་བསྟན་པ་སྔ་མ་བཞིན་ཏེ། རྟོག་པ་ཉིད་དེ་མ ་ཡིན་ཏེ་སྣང་བའོ། །དེ་ཉིད་མཚན་མ་སྟེ་མངོན་རྟགས་སོ། །དེ་ལ་དེ་དག་རྣམ་པ་ཐམས་ཅད་དུ་འབྱུང་བ་མེད་དོ། །འདིར་སྨྲས་པ། མདོ་སྡེ་ལས་དོན་དམ་པ་ནི་རྟག་ཏུ་མེད་པ་དང། རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་གསུངས་པས་མངོན་སུམ་གྱི ་ཡུལ་ཡིན་པར་གསུངས་པ་ཡིན་ན་ཁྱོད་ཀྱིས་ནི་དོན་དམ་པར་རྟོགས་པར་བྱ་བ་མ་ཡིན་པར་བསྟེན་པས་རྟོག་གེའི་སྤྱོད་ཡུལ་ཡིན་ཏེ། མཐོ་རིས་ལ་སོགས་པ་བཞིན་ནོ་ཞེས་སྨྲས་པས་ལུང་དང་འགལ་ལོ་ཞེ་ན། ཕ་རོལ་པོ་དེ་དག་གི་བསམ་པ་དེ ་བཟློག་པའི་ཕྱིར་བཤད་པ། གལ་ཏེ་དེ་ཉིད་རྟོག་གེ་ཡི། །སྤྱོད་ཡུལ་མིན་ཕྱིར་རྗེས་དཔག་པས། །དེ་མི་རྟོག་པ་དེ་ཡི་ཕྱིར། །ཆོས་རྣམས་ཆོས་ཉིད་བརྟག་མིན་ན། །ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་དེ་ལྟར་སེམས་ནའོ། །འདི་ལ་རྗེས ་དཔག་སྐྱོན་མེད་པའོ། །ལུང་གི་རྗེས་སུ་སྒྲུབ་བྱེད་པས། །བརྟག་པའི་རྣམ་རྟོག་ཆུ་བོ་དག། སྣ་ཚོགས་མ་ལུས་བསལ་མཛད་ནས། །ཞེས་བྱ་བ་ནི་འདི་ལ་བཅོམ་ལྡན་འདས་ཀྱིས་དང་པོར་རྗེས་སུ་དཔག་པའི་ཤེས་པ་སྐྱོན་མེད་པ་ལུང་གི་རྗེས་སུ་སྒྲུབ་པར ་བྱེད་པས་རང་དང་གཞན་གྱི་གཞུང་ལུགས་ཀྱིས་ཡོངས་སུ་བརྟག་པའི་རྣམ་པར་རྟོག་པའི་ཆུ་བོ་སྣ་ཚོགས་མ་ལུས་པ་ངག་བསལ་བ་མཛད་ནས་དེའི་འོག་ཏུ་།སངས་རྒྱས་རྣམ་རྟོག་མི་མངའ་བ། །དགོངས་པ་མཁའ་མཉམ་ཡེ་ཤེས་ཀྱིས། །ཤེས་བྱ ་མཛའ་དག་ཇི་བཞིན་དུ། །ཆོས་རྣམས་བཞག་པ་ཉིད་རྟོགས་ཤིང། །མིང་ལ་སོགས་པ་ཐོབ་པ་ཉིད། །འདས་པ་དང་མ་འོངས་པ་དང། ད་ལྟར་བྱུང་བ་དང། བརྗོད་པར་བྱ་བ་མ་ཡིན་པ་དང་།འདུས་མ་བྱས་ཞེས་བྱ་བ་ཤེས་བྱ་རྣམ་པ་ལྔ་པོ་མི་དམིགས་པ་ནི་ནམ ་མཁའ་མཉམ་པའི་སེམས་སོ། །རྣམ་པར་མི་རྟོག་པའི་མངོན་སུམ་གྱི་ཡེ་ཤེས་ཀྱི་སྐད་ཅིག་མའོ། །ཉེ་བར་བརྟགས་ནས་གཟིགས་པ་ཞེས་བྱ་སྟེ་། གཟིགས་པ་མེད་པའི་ཚུལ་གྱིས་སོ། །དེས་ན་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་སྒྲུབ་མི་ནུས། །དེ་ཉིད་ཤེས ་པའི་མི་མཐུན་ཕྱོགས། །གང་ཡིན་དེ་ནི་ངེས་བཟློག་བྱེད། །རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་ཀྱི་ཤེས་པའི་མི་མཐུན་པའི་ཕྱོགས་བཏགས་པ་ཞེས་བྱ་བ་དེ་ནི་རྗེས་སུ་དཔག་པའི་ཤེས་པ་འདིས་བཟློག་པར་བྱེད་པ་ཡིན་གྱི། རྗེས་སུ་དཔག་པའི་སྤྱོད་ཡུལ་དུ་དེ་ཁོ ་ན་ཉིད་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །ཡང་གལ་ཏེ་རྗེས་སུ་དཔག་པས་མི་མཐུན་པའི་ཕྱོགས་ཇི་ལྟར་བཟློག་པར་བྱ་ཞེ་ན། སྨྲས་པ། ལུང་གི་ཁྱད་པར་ཐ་དད་པས་། ཐ་དད་གྱུར་པའི་བློ་ལ་ཅི། །ལུང་གི་དབྱེ་བ་མེད་པ་ལ། །རྟོགས་པར ་གྱུར་པས་གཞན་ཅི་ཡོད། །ལུང་ལས་གཞན་པའི་ལུང་ནི་ལུང་གི་ཁྱད་པར་སྟེ་། དེ་ནི་རྒོལ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་གྱི་དབྱེ་བས་ཤེས་པའི་བྱེ་བྲག་སྐྱེ་བར་འགྱུར་པའོ། །གང་དག་ཐ་མི་དད་པར་འདོད་པ་དེ་དག་ལ་ནི་ཐབས་གཞན་གྱིས ་བརྟག་པར་རིག་པ་མ་ཡིན་གྱི། གཞན་དུ་ཕྱོགས་དང་གཏན་ཆིགས་དང་དཔེ་དང་ལྡན་པའི་རྗེས་སུ་དཔག་པས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། མི་མཐུན་ཕྱོགས་ནི་སྤང་བྱ་བ། །དམ་བཅས་ཙམ་གྱིས་ཇི་ལྟར་འདོད། །རྣམ་པར་རྟོག་པ ་མ་སྤངས་པར། །རྣམ་པར་མི་རྟོག་བློ་ཇི་ལྟར། །རྣམ་པར་རྟོག་པ་ཐམས་ཅད་འགེགས་པར་བྱེད་པ་ན་དམ་བཅའ་བ་འབའ་ཞིག་གིས་བྱེད་པར་ནུས་པ་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་བཏགས་པ་ཞེས་བྱ་བ་མ་སྤངས་ཀྱི་བར་དུ་རྣམ་པར་མི་རྟོག་པའི་བློ ་འབྱུང་བར་འགྱུར་བ་མ་ཡིན་པས་དམ་བཅའ་བ་སྨྲས་ནས། གཏན་ཚིགས་བརྗོད་པར་བྱའོ། །དཔེ་ཡང་བརྗོད་པར་བྱའོ། །མངོན་པར་འདོད་པའི་དོན་སྒྲུབ་པ་ནི་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་ཚང་བ་ཡིན་པས་སོ། །ཐུབ ་པ་བདེན་པ་གཟིགས་པ་ཡིས། །འདི་ལྟར་བདེན་པ་གཉིས་སུ་གསུངས། །ཐ་སྙད་ལ་ནི་བརྟེན་ནས་སུ། །དེ་ཉིད་དོན་ནི་རྟོགས་འགྱུར་ཕྱིར། །རྗེས་སུ་དཔག་པ་གང་གིས་རྣམ་པར་བཏགས་པ་འགོག་པར་བྱེད་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཐ ་སྙད་ཀྱི་བདེན་པ་དེ་ལ་བརྟེན་ཅེས་ནི་རིམ་གྱིས་རྣམ་པར་མི་རྟོག་པ་བརྗོད་དུ་མེད་པའི་དོན་དམ་པ་རྟོགས་པར་འགྱུར་ཏེ། ཇི་ལྟར་ཀུན་རྫོབ་ཀྱི་ཆོས་ལ་མ་བརྟེན་པར་དོན་དམ་པ་རྟོགས་པར་མི་ནུས་སོ། །ཞེས་གསུངས་པ་ལྟ་བུའོ། །དབུ་མ་པའི་ལུགས ་ལ་རབ་ཏུ་གྲགས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་ཅིང་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ཉིད་ལ་སྐྱོན་དང་བཅས་པ་ཉིད་དུ་སྨྲས་པ། དེ་བཞིན་ཉིད་ལ་དམིགས་པའི་བློ། །དམིགས་དང་བཅས་ཕྱིར་བརྫུན་ཡིན་ཏེ། །རྨི་ལམ་སོགས་ཡིན་དེ་ཤེས ་བྱ་?་དེས་ན་དེ་ཉིད་ཡིན་མི་རིཌ། དེ་ཁོ་ན་ཉིད་ལ་དམིཌ་པའི་བློ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ནི་བརྫུན་པ་ཡིན་ཏེ་ཞེས་བྱ་བ་ནི་དེའི་ཆོས་ཏེ་བསྒྲུབ་པར་བྱ་བའོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །དམིགས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་ནི་གཏན ་ཚིགས་ཏེ། གང་དང་གང་དམིགས་པ་དང་བཅས་པ་ཡིན་པ་དེ་དང་དེ་ནི་བརྫུན་པ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན་ཞེས་བྱ་བ་ནི་དཔེའོ། །གང་གི་ཕྱིར་དེ་བརྫུན་ཡིན་པ་དེའི་ཕྱིར་དེས་བཟུང་བ་དེ་ནི་དེ་ཁོ་ན་ཉིད་དོ་ཞེས་བྱ་བར་རིགས ་པ་མ་ཡིན་ཏེ། དེ་ཡང་བརྫུན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གཟུང་དུ་མེད་པ་བརྗོད་མེད་པ། །ཤེས་པའི་སྤྱོད་པ་རྣམ་སྤངས་པ། །ཐུབ་པའི་དབང་པོས་གསུངས་པའི་ཆོས། །དེ་ཡིས་འདི་ལྟར་འདི་ལ་གནོད། །བློ་ཡི་ཡུལ་ཉིད ་ཡིན་པའི་ཕྱིར་གཟུང་དུ་མེད་པ་ཉིད་དང། བརྗོད་དུ་མེད་པ་ཉིད་ཡིན་པར་མི་རིགས་ཏེ་། འདི་ལྟར་ཆོས་དེ་ནི་གཟུང་དུ་མེད་པ་དང་བརྗོད་དུ་མེད་པའོ། ཞེས་བྱ་བ་དང། དེ་བཞིན་དུ་དོན་དམ་པའི་བདེན་པ་ནི་གང་ལ་ཤེས་པ་འཇུག་པ་མེད་པའོ། ཞེས་བྱ་བ ་ལ་སོགས་པ་གསུངས་པ་དང་འགལ་བའི་ཕྱིར་རོ། །རབ་ཏུ་བྱེད་པ་ཡོངས་སུ་རྫོགས་ནས་ཤིན་ཏུ་སྤངས་པའི་དོན་དང་རེག་པར་བྱ་བའི་ཕྱིར། །དེ་ལྟར་ལུང་རིགས་ལྡན་པ་ཡི། །དེ་ཉིད་གང་ཞིག་སྔར་བསྟན་པ། །རིགས་པས་ཡོངས་སུ་བརྟག་ན་ཡང། ། ་དེ་ལས་ཉམས་པ་མེད་པར་གནས། །གང་རྣལ་འབྱོར་སྤྱེད་པ་པས་ཡོངས་སུ་བརྟགས་པའི་དེ་ཁོ་ན་ཉིད་ནི་རྣམ་པར་བརྟགས་པ་ན་དཔྱད་བཟོད་པ་མ་ཡིན་ནོ། །ཁ་ཅིག་ཕུང་པོའི་ལྗོན་ཤིང་ཆགས། །ཁ་ཅིག་རྣམས་ཤེས་རྒྱལ་ཐོགས། །ཡང་དག ་མཛའ་ཡི་གེ་ཡང་སར་ཡང། །མ་ལྷུང་རྒྱལ་བའི་ཐུགས་སྲས་རོལ། །དེ་ལྟར་ན། དེ་ཁོ་ན་ཉིད་གང་དེ་ཉིད་ཤེས་པ་འཚོལ་བའི་རབ་ཏུ་བྱེད་པར་ལུང་རིགས་པ་དང་ལྡན་པར་བདག་གིས་འདི་སྐད་དུ། ཤེས་བྱ་རྣམ་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ ་པར་མི་རྟོགས་པའི། །བློ་ཡང་སྐྱེ་བར་མི་འགྱུར་ལ། །ད་ཉིད་མཉམ་མེད་མཁྱེན་གསུང། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས། བདག་དང་གཞན་གྱི་རྟོག་གེ་པ་རྣམས་ཀྱིས་རྗེས་སུ་དཔག་པས་ཀྱང་བསྐྱེད་པར་ནུས་པ་མ་ཡིན་པར་ཡང་དག ་པར་རབ་ཏུ་གནས་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། རྣལ་འབྱོར་དཔྱོད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་ལྔ་པའོ།། །།དེ་ནས་ད་ནི་གྲངས་ཅན ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་རབ་ཏུ་བྱེད་པ་དྲུག་པ་བརྩམ་པར་བྱའོ། །དེ་ལ་ཐུབ་པ་སེར་སྐྱས་བསྟན་པའི་དོན་དམ་པའི་དབང་དུ་བྱས་ནས། རང་བཞིན་གང་ཞིག་རྟོགས་པ་མེད། །ཡོན་ཏན་གསུམ་དང་བསྐྱེད་བདག་ཉིད། །དེ་ལས ་བཟློག་པས་སྐྱེས་བུ་ཉིད། །འདི་དག་རྟག་ཏུ་གོམས་པར་བྱ། །རང་བཞིན་ནི་ཡོད་དེ་སེམས་དང་ལྡན་པ་མ་ཡིན་པའོ། །དེ་ཡང་མ་སྐྱེས་པ་རྟག་པ་བྱེད་པ་པོས་ལོངས་སྤྱད་པར་བྱ་བ་གཅིག་པུ་ཁྱབ་པ་ཡོན་ཏན་གསུམ་ལ་སོགས་པ་དང ་ལྡན་པའོ། །དེ་ཉིད་ནི་མི་གསལ་བ་སྟེ། ཁ་དོག་དང་ཚད་དང། དབྱིབས་ལ་སོགས་པའི་བྱེ་བྲག་གིས་ལྷ་དང། ལྷ་མ་ཡིན་དང་། མི་ལ་སོགས་པ་འགའ་ཞིག་གི་ཡང་མངོན་སུམ་དུ་མ་གྱུར་པའི་ཕྱིར་རོ། །དེ་ཡང་རྩ་བའི་རང་གཞིན་མི ་འགྱུར་བ་།ཆེན་པོ་ལ་སོགས་རྣམ་པ་བདུན། །རང་བཞིན་འགྱུར་བ་བདུན་ཉིད་དོ། །འགྱུར་བ་རྣམ་པ་བཅུ་དྲུག་ཀྱང། །རང་བཞིན་འགྱུར་བ་མིན་སྐྱེས་བུ། །འདི་ནི་གྲུབ་པའི་མཛའ་ཡིན་ཏེ། །རྩ་བའི་རང་བཞིན་ནི་འགྱུར་བ་མེད་པའི་ཆོས ་ཅན་ཡིན་པའི་ཕྱིར་མི་འགྱུར་བའོ། །གང་གི་ཕྱིར་བློ་རབ་ཏུ་བསྐྱེད་པ་དེའི་ཕྱིར་ན་རང་བཞིན་ནོ། །བློ་ཉིད་ནི་ཆེན་པོའོ། །བློ་ཡིད་ན་ཡང་གང་གི་ཕྱིར་ངར་འཛིན་པ་རབ་ཏུ་སྐྱེས་པར་བྱེད་པའི་རང་བཞིན་ནོ། །གང་གི་ཕྱིར་རྩ་བའི་རང་བཞིན་ལས ་ཡང་དག་པར་བྱུང་བ་ཡིན་པའི་ཕྱིར་ཡོངས་སུ་འགྱུར་པའོ། །དེ་བཞིན་དུ་ངར་འཛིན་པ་ཡང་དེ་ཙམ་ལྔ་རབ་ཏུ་སྐྱེད་པའི་ཕྱིར་རང་བཞིན་ཡིན་ལ། བློས་བྱས་པ་ཡིན་པའི་ཕྱིར་ཡོངས་སུ་འགྱུར་པ་ཡིན་ནོ། །དེ་ཙམ་རྣམས་ཀྱང་ཆེན་པོར་གྱུར ་པ་དབང་པོ་རྣམས་བསྐྱེད་པའི་ཕྱིར་རང་བཞིན་ཡིན་ནོ། །ངར་འཛིན་པ་ལས་བྱུང་བའི་ཕྱིར་ཡོངས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་དེ་དག་གི་ཆེན་པོ་དང། ང་རྒྱལ་དང་།དེ་ཙམ་ལྔ་ཞེས་བྱེ་བས་རང་བཞིན་ཡོངས་སུ་འགྱུར་བ་ཉིད་ཅེས་བྱ་བ་རྣམ་པ ་འདུན་དང། རྩ་བའི་རང་བཞིན་ནི་བརྒྱད་པའོ། །དེ་ཙམ་གྱིས་བསྐྱེད་པ་ནི་འགྱུར་བ་བཅུ་དྲུག་སྟེ་།འདི་ལྟ་སྟེ་ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་དང། རྣ་བ་དང། པགས་པ་དང། མིག་དང། ལྕེ་དང། སྣ་དང། ལག་པ་དང། རྐང་པ་དང ་འཕོངས་དང་། འདོམས་དང། ངག་དང་།བཅུ་དྲུག་པོ་འདི་དག་ནི་རྣམ་པར་ཉམས་པར་འགྱུར་བ་ཡང་སྲེད་པས་འགྱུར་པའོ། །སྐྱེས་བུ་ནི་རང་བཞིན་མ་ཡིན་ཏེ། མི་བསྐྱེད་པའི་ཕྱིར་རོ། །འགྱུར་པ་ཡང་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། །ཡང་ན་འདི་རྣམས་ཀྱི་མཚན་ཉིད ་ལ་ཡོན་ཏན་ཆ་མཉམ་པའི་མཚན་ཉིད་ནི་མི་གསལ་བའོ། །ཆེན་པོ་ནི་རྟོག་པའི་མཚན་ཉིད་དང། དོན་ཐམས་ཅད་ལ་ཁྱད་པར་ཐམས་ཅད་ཀྱི་མཚན་ཉིད་དོ། །ངར་འཛིན་པའི་མཚན་ཉིད་ནི་ཤིན་ཏུ་ང་རྒྱལ་གྱི་མཚན་ཉིད་དོ། །བློ་དང་ཡིད་དང་ངར་འཛིན་པ་ཞེས་བྱ་བ ་རྣམ་པ་གསུམ་ནི་ནང་གི་བྱེད་པ་པོའོ། །ཞི་བ་དང་དྲག་པོ་དང་རྨོངས་པ་ལ་སོགས་པའི་སྒྲའི་ཁྱད་པར་ལས་གྲོལ་བ་ནི་སྒྲའི་སྤྱི་སྟེ་སྒྲའི་དེ་ཙམ་ཉིད་དོ། །འཇམ་པ་དང་རྩུབ་པ་ལ་སོགས་པ་དང། དཀར་བ་དང་ནག་པ་ལ་སོགས་པ་དང། མངར་བ་དང་སྒྱུར་བ་ལ་སོགས ་བ་དང་།དྲི་ཞིམ་པ་དང། དྲི་མི་ཞིམ་པ་ལ་སོགས་པའི་ཁྱད་པར་འདུས་པ་ནི། སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲིའི་དེ་ཙམ་མོ། །སྒྲའི་མཚན་ཉིད་ནི་ནམ་མཁའ་ཨོ། །རེག་པའི་མཚན་ཉིད་མི་རླུང་གནོ།།གཟུགས་ཀྱི་མཚན་ཉིད་ནི་མེའོ། །རོའི་མཚོན་ཉིད་ནི་ཆུའོ།། ་དྲིའི་མཚན་ཉིད་ནི་སའོ། །རྣ་བ་དང། པགས་པ་དང། མིག་དང། ལྕེ་དང། སྣ་ཞེས་བྱ་བ་ལྔ་ནི་བློའི་དབང་པོ་སྟེ་།རང་དབང་གི་དོན་རྟོགས་པའི་ཕྱིར་རམ། བློ་སྔོན་དུ་བཏང་ནས་འཇུག་པའི་ཕྱིར་རམ། སྒོར་གྱུར་པ་དེ་ནས་སྐྱེས་བུས་དོན་རྟོགས་པར་འགྱུར ་བའི་ཕྱིར་བློའི་དབང་པོ་ཞེས་བྱའོ། །ངག་དང་ལག་པ་དང་རྐང་པ་དང་འཕོངས་དང། འདོམས་ཞེས་བྱ་བ་ནི་བྱ་བ་སྔོན་དུ་སེང་ནས་འཇུག་པ་ཡིན་ཏེ། སྐྱེས་བུའི་བྱ་བ་ལ་ཉེ་བར་གནས་པའི་ཕྱིར་ལས་ཀྱི་དབང་པོ་ཞེས་བྱའོ། །ཡིད་ནི་གཉི་གའི་བདག་ཉིད ་ཅན་ཏེ། སེམས་དང་མཚུངས་པར་ལྡན་པའི་ཕྱིར། བློའི་དབང་པོ་ཡིན་ལ། བྱ་བ་དང་མཚུངས་པར་ལྡན་པའི་ཕྱིར་ལས་ཀྱི་དབང་པོའོ། །ས་ལ་སོགས་པ་ནི་ཞི་བ་དང་དྲག་པོ་ལ་སོགས་པའི་ངོ་བོས་དེ་ཙམ་དག་ལས་ཁྱད་པར་དུ་གྱུར་པའི་ཕྱིར ་ཁྱད་པར་རོ། །དེ་བཞིན་དུ་རང་བཞིན་འགྱུར་བ་ལས་བྱུང་བའི་མཚན་ཉིད་ནི་ལྔ་བཅུ་སྟེ། འདི་ལྟ་སྟེ་མགུ་བ་ནི་དགུའོ། །གྲུབ་པ་ནི་བརྒྱད་དོ། །ནུས་པ་ནི་ཉི་ཤུ་རྩ་བརྒྱད་དོ། །ཕྱིན་ཅི་ལོག་པ་ནི་ལྔ་སྟེ། དེ་ལྟར་ན་ལྔ་བཅུའོ། །དེ་ལ་ཆུ་དང། ཆུ ་རྒྱུན་དང། ཆུ་བོ་དང། ཆར་འབབ་པ་དང། ལེགས་པར་རྒལ་བ་དང། གཞན་མ་ཡིན་པ་དང། མིག་བཟང་བ་དང། འོད་ཅན་དང། ལུས་མཆོག་ཅེས་བྱ་བ་ནི་མགུ་བ་དགུ་ཡིན་ཏེ། ཡོངས་སུ་མཉེས་པ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་རང་བཞིན་ལས་འབྲས ་བུ་ཐོབ་པ་ཡིན་གྱི། སྐྱེས་བུས་བྱས་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་གང་གིས་མཐོང་བ་དེ་ནི་ཡོངས་སུ་དགའ་བ་ཐར་པ་ལ་སོགས་པའི་ཡུལ་ལ་སྐྱེ་བར་འགྱུར་བ་ནི་ཆུ་ཞེས་བྱའོ། །ཉེ་བར་ལེན་པ་ལས་འབྲས་བུ་འཐོབ་ཀྱི། སྐྱེས་བུས་བྱས་པ་ནི་མ་ཡིན་ནོ ་ཞེས་བྱ་བ་ནི་ཆུ་རྒྱུན་ནོ་དུས་ཀྱི་འབྲས་བུ་འཐོབ་ཀྱི་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆུ་བོའོ། །སྐལ་པས་འབྲས་བུ་འཐོབ་པ་ཡིན་ཞེས་བྱ་བ་ནི་ཆར་འབབ་པའོ། །ཡུལ་ལ་སོགས་པ་ཉེ་བར་སྒྲུབ་པའི་སྐྱོན་མཐོང་ནས་གང་ཐར་པ་ལ་སོགས་པ ་ལ་ཡོངས་སུ་དགའ་བ་དེ་ནི་ལེགས་པར་རྒལ་བའོ། །ཀུན་ཏུ་བསྲུང་བའི་སྐྱོན་མཐོང་བ་ནི་གཞན་མ་ཡིན་པའོ། །ཐར་པ་མཐོང་བ་ནི་མིག་བཟང་བའོ། །དབང་པོ་མཐོང་བ་ནི་མིག་ཅན་ནོ། །རྣམ་པར་འཚེ་བ་མཐོང་བ་ནི་འོད་ཅན་ནོ། །རྣམ་པར ་འཆེ་བ་མཐོང་ན་ཐར་པ་ལ་སོགས་པ་ཡོངས་སུ་དགའ་བ་དེ་ནི་ལུས་མཆོག་ཅེས་བྱ་སྟེ། དེ་དག་ནི་མགུ་བ་རྣམ་པ་དགུ་ཡིན་ནོ། །དེ་བཞིན་དུ་ཡེ་ཤེས་ལས་སྐྱེ་པའི་གྲུབ་པ་ནི་བརྒྱད་དེ། འདི་ལྟ་སྟེ། སྒྲོལ་བ་པོ་དང་ལེགས་པར་སྒྲོལ་བ་པོ་དང། ་སྒྲོལ་བའི་མཐར་ཕྱིན་པ་དང། དགའ་བ་དང། རབ་ཏུ་དགའ་བ་དང། མགུ་བར་གྱུར་པ་དང། ཉམས་དགའ་བ་དང། མཆོག་ཏུ་དགའ་བ་ཞེས་བྱ་བ་སྟེ་།གྲུབ་པའི་ཕྱིར་དང་སྒྲུབ་པའི་ཕྱིར་ན་གྲུབ་པའོ། །དེ་ལ་ཤེས་པ་གང་དཔྱད་པ ་བྱས་ནས་སྐྱེ་བ་དེ་ནི་སྒྲོལ་བ་པོ་ཞེས་བྱའོ། །ཐོས་པ་ལ་སོགས་པ་དག་གི་ཤེས་པ་ནི་ལེགས་པར་སྒྲོལ་བ་པོ་ཞེས་བྱའོ། །བརྗོད་བྱ་དང་རྗོད་བྱེད་སྔོན་དུ་སོང་བའི་བླ་མས་བསྟན་པ་ལས་སྐྱེས་པའི་ཤེས་པ་དེ་ནི་སྒྲོལ་བའི་མཐར་ཕྱིན་པ་ཞེས་བྱའོ། །གྲང་བ་དང ་ཚ་བ་བཟློག་པའི་ཐབས་ཤེས་པ་ནི་དགའ་བའོ། །རི་དགས་དང། སྦྲུལ་ལ་སོགས་པའི་རྒྱུ་མཚན་ལས་བྱུང་ཞིང་སྐྱེས་པས་འཇིགས་པ་དང། །ནང་གི་བདག་ཉིད་ནི་རླུང་དང་ཁྲིས་པ་དང། བད་ཀན་ལ་སོགས་པའི་ནང་གང་བདག་ཉིད་དམ་བླ་མ་ལས་སྐྱེས ་བའི་བཟློག་པའི་ཐབས་ཤེས་པ་གྲུབ་པ་དེ་ནི་རབ་ཏུ་དགའ་བ་ཞེས་བྱའོ། །དེ་བཞིན་དུ་གང་དང་པོ་འབྱུང་བ་ལས་གྱུར་པ་མི་དང་། བྱོལ་སོང་དང། རི་དགས་དང། སྦྲུལ་ལ་སོགས་པའི་རྒྱུ་མཚན་ལས་བྱུང་ཞིང་སྐྱེས་པས་འཇིགས་པ་དང། ་འཐབ་རྩོད་དང། རྡེག་པ་ལ་སོགས་སྡུག་བསྔལ་རྣམས་བླ་མ་འམ། བདག་ཉིད་ལ་སྐྱེས་པ་ན་།བཅོས་པའི་ཐབས་བྱས་པ་ལས་ཤེས་པ་གྲུབ་པ་དེ་ནི་མགུ་བར་གྱུར་པ་ཞེས་བྱའོ། །དེ་བཞིན་གཡས་ཕྱོགས་སུ་འཇུག་པའི་རྒྱུས་སམ་།སྐལ་པ ་དང་ལྡན་པའི་རྒྱུ་ཅན་གྱི་བདེ་བ་ལ་དམིགས་པ་ལ་སོགས་པས་ཚངས་པར་སྤྱོད་པ་དེ་ནི་ཉམས་དགའ་བ་ཞེས་བྱའོ། །དེ་བཞིན་དུ་གང་ལྡང་བ་དང། ཕྱག་འཚལ་བ་དང། སྐྲ་དང། ཁ་སྤུ་བྲེགས་པ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཤེས་པ་དེ་ནི ་རྟག་ཏུ་དགའ་བ་ཞེས་བྱ་བ་སྟེ་། འདི་དག་ནི་གྲུབ་པ་བརྒྱད་ཡིན་ནོ། །ཡང་དབང་པོ་ལ་གནོད་པས་འོན་པ་དང། མཛེ་ནད་དང། དམུས་ལོང་གི་ངོ་བོ་དང། བེམ་པོ་ཉིད་དང་།དྲི་མི་ཞིམ་པ་ཉིད་དང་། གྲུམ་པ་ཉིད་དང། རྟུག་སྐམ་ཅན་ཉིད་དང ་མ་ནིང་དང་། ལག་པ་ཉམས་པ་དང། ལྐུག་པ་དང། ཤེས་པ་ཉམས་བ་ཞེས་བྱ་བ་འདི་དག་གིས་གྲངས་ཇི་ལྟ་བ་བཞིན་དུ་པགས་པ་དང། མིག་དང་ལྕེ་དང། སྣ་ལ་སོགས་པ་དང། ངག་དང། ལག་པ་དང་།རྐང་པ་དང། པོངས་དང། འདོམས་ཞེས ་བྱ་བའི་དབང་པོ་ལ་གནོད་པ་འདི་དག་ནི་ནུས་པ་བཅུ་གཅིག་གོ་།དེ་བཞིན་དུ་འདི་དག་ནི་ཆུ་མ་ཡིན་པ་དང། ཆུ་རྒྱུན་མ་ཡིན་པ་དང། ཆུ་བོ་མ་ཡིན་པ་དང། ཆར་པ་འབབ་པ་མ་ཡིན་པ་དང། ལེགས་པར་རྒལ་བ་མ་ཡིན་པ་དང། ་གཞན་མ་ཡིན་པ་མ་ཡིན་པ་དང། བཟང་པོ་མ་ཡིན་པ་དང་། འོད་ཅན་མ་ཡིན་པ་དང། ལུས་མཆོག་མ་ཡིན་པ་ཞེས་བྱ་བའོ། །དེ་ལ་རང་བཞིན་རྟག་ཏུ་ཡོད་དུ་ཟིན་ཀྱང་ཐར་པ་ལ་སོགས་པ་ལ་དགའ་བ་མི་སྐྱེ་བ་ནི་ཆུ་མ་ཡིན་པ་ཞེས་བྱ་བ ་ནས་འཚེ་བ་མཐོང་ཡང་ཐར་པ་ལ་སོགས་པ་དགའ་བ་མི་སྐྱེ་བ་ནི་ལུས་མཆོག་མ་ཡིན་པ་ཞེས་བྱ་བའི་བར་དུའོ་།དེ་བཞིན་དུ་སྒྲོལ་བ་པོ་མ་ཡིན་པ་དང། ལེགས་པར་སྒྲོལ་བ་པོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གྲུབ་པ་བརྒྱད་ལ་གནད་པ ་སྟེ། ཤེས་པ་གང་དཔྱད་པ་བྱས་ནས་། སྐྱེ་བ་མ་ཡིན་པ་དེ་ནི་སྒྲོལ་པ་པོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནས། ཇི་སྲིད་གཡོ་རྒྱུ་དང་ལས་སུ་རུང་བ་དང་། སེར་སྣ་ལ་སོགས་པའི་དོན་མི་དམིགས་པ་ན་རྟག་ཏུ་དགའ་བ་མ་ཡིན་ལ་ཞེས ་བྱའོ། ཞེས་བྱ་བའི་བར་དུ་སྟེ། འདི་དག་ནི་ནུས་པ་མ་ཡིན་པ་ཞེས་བྱའོ། །ཕྱིན་ཅི་ལོག་རྣམ་པ་ལྔ་ནི་འདི་ལྟ་སྟེ། མུན་པ་དང། རྨོངས་པ་དང། རྨོངས་པ་ཆེན་པོ་དང་། ཤིན་ཏུ་མུན་པར་གྱུར་པ་དང། ་ཤིན་ཏུ་སྨག་ཏུ་གྱུར་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཅེས་བྱ་བ་སྟེ་།ཕྱིན་ཅི་ལོག་གི་དོན་སྟོན་པར་བྱེད་པ་འདི་ལྟ་སྟེ། གཞན་མ་ཡིན་པ་ལ་གཞན་གྱི་བློ་དང། ལེགས་པ་མ་ཡིན་པ་ལ་ལེགས་པར་ཡང་དག་པར་སྒྲུབ་པ་དང ་བདེ་བ་མ་ཡིན་པ་ལ་བདེ་བར་མངོན་པར་ང་རྒྱལ་བ་དང། མི་ནུས་པ་ལ་ནུས་པར་མངོན་པར་ང་རྒྱལ་བ་དང་།མི་བཟོད་པ་ལ་བཟོད་པར་ཡིད་ཆེས་པ་ཞེས་བྱའོ། །འདི་དག་ནི་ཕྱིན་ཅི་ལོག་ལྔ་ཡིན་པར་མཚན་ཉིད་ལྔ་བཅུ་པ་ལས ་བསྟན་ཏེ། རང་བཞིན་འགྱུར་བ་ལས་བྱུང་བ་འདི་དག་ཐམས་ཅད་ཀྱང་འགྱུར་བ་ཡིན་པས་ཞིང་ཞེས་བྱ་བ་ལ་ཞིང་དེ་ཤེས་པའི་ཕྱིར་སྐྱེས་བུ་ནི་ཞིང་ཤེས་པ་ཞེས་བྱ་སྟེ། རང་བཞིན་དང་འགྱུར་བའི་མཚན་ཉིད་དང་བྲལ་བའོ། །དེ་ནི་བདག་སྟེ་ཤེས་པ་ཡོད ་པ་ལས་ཐ་དད་དུ་མ་གྱུར་པ་།མ་སྐྱེས་པ། རྟག་པ་མ་བྱས་པ། ཟ་བ་པོ། གཙོ་བོ་ཁྱབ་པ་བྱེད་པ་མེད་པ། ཡོན་ཏན་གསུམ་ལས་བཟློག་པ་མི་བསྐྱེད་པའི་ཆོས་ཅན་རྐྱེན་ཉེ་བར་རྙེད་ནས་ཤེས་པ་བསྐྱེད་པ་སྙིང་སྟོབས་ལ་སོགས་པའི་མཚན་ཉིད ་ཅན་མ་ཡིན་པའི་ཕྱིར། ཡོན་ཏན་མ་ཡིན་པ་བརྩོམ་པ་མེད་པ་ཡིན་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་སྤྱོད་པའི་ཕྱིར་ན་ཡུལ་ཅན་ནོ། །སྐྱེ་བ་དང་ཉམས་པ་མེད་པའི་ཕྱིར་རྟག་པའོ། །རང་བཞིན་དང། འགྱུར་བ་ལས་གཞན་ཡིན་པའི་ཕྱིར་རྟགས ་མེད་པ། གཅིག་ཡིན་པའི་ཕྱིར་ཆ་ཤས་དང་བྲལ་བ་དང་པོ་དང་ཐ་མ་མེད་པའི་ཕྱིར་མཛའ་མེད་པ་སྟེ། འདི་དག་ནི་སྐྱེས་བུའི་མཚན་ཉིད་ཡིན་ནོ། །ཡང་སྒྲུབ་པའི་མཛའ་ཨི་མཚན་ཉིད་རྣ་བ་ལ་སོགས་པ་འཇུག་པ་ནི་མངོན་སུམ་མོ། །ཐོབ་པར་བྱེད་པ་ནི་དབང ་བའོ། །མཐོང་བ་ནི་ཡུལ་ཅན་ནོ། །བལྟ་བ་པོ་ནི་སྐྱེས་བུའོ། །གཟུགས་ལ་སོགས་པ་ནི་རྫས་ལས་གཞན་མ་ཡིན་ནོ། །ཆ་ཤས་དང། ཆ་ཤས་ཅན་དང། རྒྱུ་དང་འབྲས་བུ་ངག་དང། མཚན་ཉིད་དང། མཚན་ཉིད་ཅན་དག་ནི་གཅིག་གོ་།བྱེད་པ ་ལ་ནི་བྱ་བ་ཡང་ཡོད་དེ། ཞེས་བྱ་བ་ལ་སོགས་པ་ཇི་སྐད་སྨྲས་པའི་དེ་ཁོ་ན་ཉིད་འདི་དག་རིམ་གྱིས་གོམས་པར་བྱས་པ་ལས། ཡིད་ལ་སྙིང་སྟོབས་སྐྱེས་པ་ཅན། །སྐྱེས་བུའི་གཟུགས་བརྙན་འབྱུང་པའམ། །དེ་བཞིན་ཡོངས་སུ་གྱུར་ནས་ནི། །བློ ་འཇུག་པ་ཡི་རྗེས་སུ་བྱེད། །སྙིང་སྟོབས་ནི་གསལ་བའི་བདག་ཉིད་ཅན་དུ་བསྟན་པའོ། །སྐྱེས་པ་ནི་ལྷག་པར་འཇུག་པ་སྟེ། གང་ལ་སྙིང་སྟོབས་དེ་སྐྱེས་པ་ཡོད་པ་དེ་ནི་ཡིད་ལས་སྙིང་སྟོབས་སྐྱེས་པ་ཅན་ནོ། །ཡིད་ཀྱི་དོན་རྟོགས་པར་འཇུག་པར་རྟགས ་པའི་གཟུགས་བརྙན་སྐྱེས་བུ་ལ་འབྱུང་བར་འགྱུར་བ་ནི་ཇི་ལྟར་ཆུ་མིག་ཡོ་བ་ལ་ཟླ་བའི་གཟུགས་བརྙན་མཐོང་བར་གྱུར་ཀྱང། འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྐྱེས་བུ་ལས་འགྱུར་པ་མེད་ཀྱང་བློས་ཡོངས་སུ ་ཤེས་པའི་དོན་གྱི་གཟུགས་བརྙན་ཡང་འབྱུང་བར་འགྱུར་ལ། གྱུར་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཡང་ན་བློས་དོན་རྟོགས་པའི་རྗེས་སུ་ཡང་བྱེད་པས་མེ་ལོང་གི་གཟུགས་བརྙན་བཞིན་དུ་ཡོངས་སུ་འགྱུར་བ་ཡིན་གྱི་འགྱུར་བ་ནི་མ་ཡིན་།བློ་ངེས ་ཅི་ཞིག་རྟགས་ནས་སྐྱེས་བུ་གང་ཞིག་ཟླ་བའི་གཟུགས་བརྙན་གྱི་རྗེས་སུ་མཐུན་པ་འབྱུང་བར་འགྱུར་བའམ། གང་གིས་རྗེས་སུ་བྱེད་པར་སྐྱེས་བུ་ཡོངས་སུ་འགྱུར་བ་ཡིན་ཞེ་ན། སྨྲས་པ། བདག་ཀྱང་གཞན་ཞིང་རང་བཞིན་གཞན། །འདི་ལྟར་དེ་ཉིད ་མཐང་བ་ཡིས། །བྱེད་དང་བྱ་བ་ལྡོག་པ་ཡི། །སྐྱེས་བུ་གྲོལ་བ་ཡིན་ཞེས་བརྗོད། །སྐྱེས་བུ་བཅིང་པ་གསུམ་གྱིས་བཅིངས་པ་ལས་ཐར་པ་རྣམ་པ་གསུམ་འབྱུང་བ་ནི་ཐར་པ་ཞེས་བྱ་སྟེ། མདོར ་བསྡུས་པའི་ཚིག་གི་དོན་ནོ། །འཆིང་བ་རྣམ་པ་གསུམ་ནི། །རང་བཞིན་གྱི་འཆིང་བ་དང། འགྱུར་བའི་འཆིང་བ་དང། ནོར་གྱི་འཆིང་བའོ། །དེ་ལ་རེ་ཞིག་ནོར་གྱི་འཆིང་བ་ཞེས་བྱ་བ་ནི་ཁྱིམ་པ་འམ། ཚངས་བར་སྤྱོད་པ་འམ། ནགས་ལ ་གནས་པ་ལ་སོགས་པ་རྣམས་ནོར་རྙེད་པས་འཆིང་བ་ཡིན་ཏེ། ནོར་བརྒྱ་རྙེད་དམ་སྟོང་རྙེད་ཅེས་བྱ་བ་ལ་སོགས་པས་སོ། །འགྱུར་བའི་འཆིང་བ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་རྣམས་བལྟ་བར་འདོད་པས་སྒྲ་དང། རེག་བྱ་དང། རོ་དང། གཟུགས ་དང། དྲིས་རྣམས་ཀྱིས་དཔང་པོའི་འགྱུར་བར་བྱེད་པའི་ཕྱིར་འཆིང་བ་ཞེས་བྱའོ། །རང་བཞིན་གྱི་འཆིད་བ་ཞེས་བྱ་བ་ནི་ལྷ་དང་། ལྷ་མ་ཡིན་ངང། མི་དང། དུད་འགྲོ་ལ་སོགས་པ་རྣམས་ཀྱི་ལུས་གང་དག་གཞན་དང་གཞན་རྣམ་པ་སྣ་ཚོགས ་ཀྱི་རང་བཞིན་དུ་འགྱུར་བའི་བདག་ཉིད་དུ་འབྱུང་བ་སྟེ། བདེ་བ་དང། སྡུག་བསྔལ་བ་དང། རྨོངས་པའི་བདག་ཉིད་ཀྱི་ཕྱིར་དང། ངར་འཛིན་པ་དང། དེ་ཙམ་དང། དབང་པོའི་ཁྱད་པར་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འཁོར་བ་ན་ཡུལ་ལོ ་སྲེད་པ་ཉིད་ཀྱིས་སྐྱེས་བུ་དང་རང་བཞིན་ལ་གཅིག་པ་ཉིད་དུ་རྨོངས་པ་ཡོད་ལ། ཤེས་པ་ལྷག་པར་སྐྱེས་པར་གྱུར་པ་ན་དོན་ཐམས་ཅད་ལ་ཡོངས་སུ་ངོམས་པར་གྱུར་པའི་ཕྱིར་རང་བཞིན་ཡང་གཞན་ལ་བདག་ཀྱང་གཞན་ནོ་ཞེས་དེ་ཁོ་ན་ཉིད་མཐོང་བ་ན་ས་ལ་སོགས ་པའི་བྱ་བ་དང། མིག་ལ་སོགས་པའི་བྱེད་པ་རྣམས་ལྡོག་པར་འགྱུར་བས་རང་བཞིན་ལ་སོགས་པའི་འཆིང་བ་ལས་ཐར་པ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཅན་པ་ཁ་ཅིག་གི་ཡིན་ནོ། །ཡང་ཁ་ཅིག་ནི་རང་གི་གྲུབ་པའི་མཛའ་ཨི་དབྱ་བས། བདག་དང ་བདག་གི་མེད་རྟོགས་པ་འམ། དོན་བྱས་པ་ན་རྗེས་བཟུང་པ། །རང་བཞིན་གྱིས་ནི་གྲོལ་ཡིན་ཕྱིར། །དེ་ཉིད་ཡིན་པར་གྲངས་ཅན་སྨྲ། །འདི་ལས་དང་པོ་སྲེད་པ་ན། རང་བཞིན་གཅིག་ལས་སྐྱེས་བུས་སྤྱད་པར་བྱ་བའི་དོན་རྣམ་པ་སྣ་ཚོགས་པ ་གཞན་མ་ཡིན་པ་ཉིད་དུ་འཇུག་པར་འགྱུར་རོ། །གྲོལ་བའི་དུས་ན་ནི་བདག་ཀྱང་སྐྱེས་བུ་འདིའི་མ་ཡིན་ལ་། །སྐྱེས་བུ་འདི་ཡང་བདག་གི་མ་ཡིན་ནོ་ཞེས་འདིའི་དེ་ཁོ་ན་ཉིད་མཐོང་བ་སྐྱེས་པ་ན་ཡུལ་གྱི་ལོངས་སྤྱོད་ཇི་སྙེད་སྐྱེས ་བུ་ལ་སྦྱིན་པར་བྱ་བ་ད་བདག་གིས་བྱིན་པས་དེས་ན་བདག་གི་དོན་བྱས་པ་ཡིན་ཞིང། སྐྱེས་བུ་ལ་ཐམས་ཅད་ཀྱིས་རྗེས་སུ་བཟུང་བའི་ཕྱིར་སྐྱེས་བུ་ལས་རང་བཞིན་གྲོལ་བ་ཡིན་ནོ། །གྲངས་ཀྱི་འཇུག་པ་འམ། གྲངས་ཡོངས་སུ་ཤེས་པས་གྲོལ ་བར་འདོད་པས་གྲངས་ཅན་ཏེ། འདི་ལྟ་བུའི་རྣམ་པ་དག་དོན་དམ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟ་བུ་ནི་འདིར་དེ་དག་གིས་ཉེ་བར་སྦྱར་བའི་ཕྱོགས་སྔ་མ་ཡིན་ནོ། །དེ་ནས་གཞན་གྱིས་ལན་འདེབས་པའི་ཕྱོགས་བརྗོད་པར་བྱ་སྟེ། དེ་ལ་གཙོ་བོ ་སྐྱེས་བུ་ནི་ཅི་ལྟར་མེ་རིགས་ལས་སྔར་བསྟན། །དེ་ཡང་ཡང་འདིར་བརྟགས་བྱ་སྟེ། །བདག་ནི་རྟོགས་པ་མ་ཡིན་ནོ། །དེ་ཉིད་ཤེས་པ་འཚོལ་བའི་རབ་ཏུ་བྱེད་པར་དབང་ཕྱུག་དགག་པའི་དབང་དུ་བྱས་པ་དང། མངོན་པར ་བརྟག་པའི་དབང་དུ་བྱས་ནས། གཙོ་པོ་དང་སྐྱེས་བུ་དག་མདོར་བསྡུས་ནས་མི་རིགས་པར་རབ་ཏུ་བསྒྲུབས་པ་ཡིན་ལ། རབ་ཏུ་བྱེད་པ་འདིར་ནི་དེ་དག་མི་རིགས་པར་རྒྱས་པར་དཔྱད་པའོ། །གྲངས་ཅན་གྱི་གྲུབ་པའི་མཛའ་ནི་འདི་ཡིན་ཏེ་།རྟོགས ་པ་ནི་སྐྱེས་བུའི་རང་གི་ངོ་བོ་ཡིན་ཏེ། ཅི་ལྟར་མའི་ཚ་བ་བཞིན་ནོ། །རྟོགས་པ་ཞེས་བྱ་བ་ཅི་ཞིག་ཡིན་ཞེ་ན། ཤེས་བྱ་རྟོགས་པ་རྟོགས་པ་ཡིན། གང་དེ་ལྟར་ཡིན་ན་སྐྱེས་བུ་ནི་རྟོགས་པ་ཞེས་བྱ་པར་མི་རིགས་སོ། །རིགས་པ་གང་གིས་ཤེ ་ན། བརྗོད་པར་བྱ་སྟེ། ཤེས་བྱ་རྟོགས་པས་རྟོགས་ཡིན་ན། །ཤེས་བྱ་མེད་པས་དེ་ཡང་མེད། །རྟོགས་པ་ཅན་ནམ་རྟོགས་མེད་པ། །འདིར་ནི་བདག་ཏུ་གང་གིས་འགྱུར། །གལ་ཏེ་བྱ་བ་དང་བྱེད་པ་ལ་བརྟེན་པའི་བློ་འཇུག་པར་འགྱུར ་བ་ལ་བལྟོས་ནས་ཡུལ་གྱི་རང་གི་ངོ་བོ་མངོན་པར་རྟགས་པ་ཡིན་པས་དེའི་བྱ་བ་དང། བྱེད་པ་ལྡོག་པ་ཡོད་པར་འགྱུར་ན། བློའི་འཇུག་པ་མེད་པས་ཅི་ཞིག་རྟོགས་ན་རྟོགས་པ་ཞེས་བྱ། ངེས་ན་ཐར་པའི་དུས་ན་རྟོགས་པ་དང་བཅས་པ་ཞིག ་གམ། རྟོགས་པ་མེད་པའི་སྐྱེས་བུ་ཞིག་ཡིན་གལ་ཏེ་དེ་རྟོགས་པ་ཅན་ཞིག་ཡིན་ན་ནི་ཅིའི་ཕྱིར་ཤེས་བྱ་མི་རྟོགས་། འོན་ཏེ་རྟོགས་པ་མེད་པ་ཞིག་ཡིན་ན་ནི་གྲུབ་པའི་མཛའ་ཡང་གཞན་དུ་འགྱུར་ལ། རང་གི་ངོ་བོ་ཡང་ཉམས་པར་འགྱུར་རོ།། ་གལ་ཏེ་ཡང་ཅི་ལྔར་མེས་ཤིང་བསྲེགས་ནས། འབར་བ་ཟད་ཅིང་སོལ་བར་གྱུར་པའི་གནས་སྐབས་ན་ཡང་མེའི་རང་བཞིན་མི་འདོར་བ་ལྟར། དེ་བཞིན་དུ་སྐྱེས་བུ་ཡང་བྱ་བ་དང་བྱེད་པ་ལོག་ཏུ་ཟིན་ཀྱང་རྟོགས་པའི་རང་གི་ངོ་བོ་མི་འདོར་རོ་ཞེ་ན། མི ་འདྲ་བ་ཉེ་བར་བཀོད་པ་ཡིན་ཏེ། མ་བསྲེགས་སྲེག་པར་མི་རིགས་ཏེ། །བསྲེགས་པ་མེད་ཕྱིར་དེ་སྔོན་བཞིན། །དེས་ན་སྲེག་བྱེད་དཔེ་ཡིས་ནི། །རྟོགས་པའི་བདག་ཉིད་གྲུབ་མ་ཡིན། །ཅི་ལྟར་དུ་བ་དང་འབར་བ་དང་བྲལ་དུ་ཟིན་ཀྱང་མེས་ཤིང་གི་ཆ་ཉིད་ཀྱི་སོལ? ་པ་ལ་སྲེག་པར་བྱེད་ཀྱི་ཕྱིས་ཐལ་བར་གྱུར་པའི་དུས་ན་ནི་སྲེག་པ་ཞེས་བྱ་བའི་མིང་ཡང་མི་འཐོབ་པ་ལྟར། དེ་བཞིན་དུ་སྐྱེས་བུ་ཡང་ཇི་སྲིད་དུ་ཤེས་པ་ཡོད་པ་དེ་སྲིད་དུ་རྟོགས་པ་ཅན་དུ་རིགས་ཀྱི་འདིར་བྱ་བ་དང་བྱེད་པ་གཏན་ལོག་པར་གྱུར་པ་ན་མེ་ནམ་ཐལ་བར ་གྱུར་པའི་གནས་སྐབས་བཞིན་དུ་རྟོགས་པ་ཉིད་མ་ཡིན་པས། དེས་ན་དཔེ་ཡི་སྒོ་ནས་དཔེས་བསྟན་པའི་དོན་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་རེ་ཞིག་གྲོལ་བའི་དུས་ན་ནི་སྐྱེས་བུ་རྟོགས་པ་པས། །ཤེས་ལ་རྟོགས་པ་ཞེས་འདོད་དེ། །དངོས་པོ་བྱེད་པ་ལ་ནོ། །འཁོར ་བའི་དུས་ན་ནི། །ཤེས་བྱའི་རྣམ་པར་འཛིན་བྱེད་པས། །ཤེས་ལ་རྟོགས་པ་ཞེས་འདོད་དེ། །དངོས་པོ་བྱེད་པ་ལ་བརྟེན་ཕྱིར། །དེ་ཡང་སྐྱེས་བུ་འདི་ལ་བརྟེན། །གྲངས་ཅན་གྱི་བསྒྲུབ་པའི་མཛའ་ནི་འདི་ཡིན་ཏེ། དབང་པོ་ཡུལ་དང ་ལྷན་ཅིག་མཆུངས་པར་ལྡན་པ་ལས་དབང་པོས་དོན་རྟོགས་པའི་རྗེས་སུ་ཡིད་ཀྱིས་ཀྱང་རྟོགས་ལ། ཡིད་ཀྱིས་རྟོགས་པའི་དོན་ནི་བློས་ཀྱང་ངེས་པར་རྟོགས་པ་ཡིན་ཏེ། དེ་ཤེས་བྱའི་རྣམ་པར་རྗེས་སུ་འབྲང་བ་ལ་རྟོགས་པ་ཞེས་བརྗོད་པར་བྱེད ་པ་ཡིན་ནོ། །རྟགས་པའི་དངོས་པོ་ནི་བློ་ཞེས་བྱ་བའི་རྫས་ལ་བརྟེན་པ་ཡིན་ཏེ། ཇི་ལྟར་གོས་ལ་ཚོན་བཞིན་ནོ། །དེས་ན་དེ་ནི་ཉེ་བར་གནས་པ་ཙམ་ལས་ཕན་པ་བྱེད་པའི་སྐྱེས་བུ་ལ་བསྟེན་པ་ཡིན་པར་བཏགས་པ་ཡིན་ནོ། །བཏགས་པ་བྱས་པ་ཡིན ་ན་ནི། །སྐྱེས་བུ་འགྱུར་མེད་རང་གི་ཡུལ། །དེ་དང་དེ་ནི་ལུགས་འདིས་འགལ། །ཤེས་ལས་རྟོགས་པ་གཞན་མིན་པས། །ཅི་ཞིག་གཞན་དུ་བརྟགས་པར་བྱ། །ཡོངས་སུ་གྱུར་པའི་ཆོས་ཅན་གཞན་གྱི་གཟུགས་ཀྱི་རྗེས་སུ་བྱེད་པ་ལ་འདིར་ཤེས་པ་ཞེས་བྱ་བར་རིག ་ཀྱི། སྐྱེས་བུ་ནི་རྟག་པ་ཡོངས་སུ་འགྱུར་བ་མེད་པ་ཡིན་པས་གཞན་གྱི་གཟུགས་སུ་འབྱུང་བ་མ་ཡིན་ཏེ། ཤེས་པའི་མཚན་ཉིད་ཅན་ཡིན་པའི་ཚུལ་འདི་འགྲུབ་པ་མ་ཡིན་ནོ། །དེས་ན་ཤེས་པ་ཞེས་བྱ་བའི་མིང་ཅན་ལས་གཞན་པའི་རྟོཌ ་པ་ཞེས་བྱ་བ་མེད་པས་ཤེས་པ་ལས་མ་གཏོགས་པའི་གཞན་པ་སྐྱེས་བུའི་རྟོགས་པ་ཞེས་བྱ་པ་བཏགས་པས་ཅི་ཞིག་བྱ། གཞན་གྱི་བསམ་པ་ཉེ་བར་བཀོད་ཅིང་དགག་པར་བྱ་བའི་ཕྱིར། རྟོགས་པ་བློ་གྲོས་མ་ཡིན་ཏེ། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། ། ་ངེས་ན་རྟོག་པ་ཤེས་པ་མིན། །གལ་ཏེ་བློ་ལ་དེ་སྙམ་ན། ཞེས་བྱ་བ་སྨྲས་ཏེ། སྐྱེས་བུ་ནི་མ་སྐྱེས་པ་ཡིན་པའི་ཕྱིར་རྟོགས་པ་ནི་ཐུན་མོང་མ་ཡིན་པར་རིགས་སོ། །ཤེས་པ་ནི་རྒྱུ་དང་ལྡན་པའི་ཕྱིར་བྱས་པ་ཉིད་ལ་སོགས་པའི་ཆོས་ཐུན་མོང་པ ་ཡིན་པས་ཤེས་པས་ནི་རྟོག་པ་མ་ཡིན་ཏེ། བུམ་པ་ལ་སོགས་པ་ཡང་རྟོགས་པར་ཐལ་བར་འགྱུར་བས་སོ་ཞེས་བྱ་ཞེས་གལ་ཏེ་གཞན་དེ་སྙམ་དུ་སེམས་པར་གྱུར་ན་དེ་ལ་འདི་སྐད་དུ། རྟོགས་ལས་ཤེས་པ་གཞན་ཡིན་པར། །སྒྲུབ་བྱེད་ཅེ་ན་དཔེ ་ཡང་མེད། །ཤེས་པའང་དེ་དངོས་མེད་ཅེ་ན། །ཁས་བླངས་པ་ཡིས་གནོད་པ་ཡིན། ཞེས་བྱ་བ་སྨྲས་ཏེ། སྐྱེས་བུའི་རང་གི་ངོ་བོ་ཞེས་བྱ་བའི་རྟོགས་པ་ཤེས་པ་ལས་གཞན་ཡིན་ཏེ། རྒྱུ་མེད་པའི་ཕྱིར་ཞེ་ན་།དཔེ་ཅི་ལྟ་བུ་ཞིག་ཡོང། ་དབེ་མེད་པའི་ཕྱིར་གཞན་ཡིན་པར་མི་འགྲུབ་པོ། །གལ་ཏེ་ཤེས་པ་ལ་རྟོགས་པ་ཡོད་པ་མ་ཡིན་ནོ། །ཞེ་ན་རང་གི་གྲུབ་པའི་མཛའ་དང་འགལ་པ་ཡིན་ཏེ། སྐྱེས་བུ་ནི་རྟོགས་པ་མེད་པར་ཐལ་བར་འགྱུར་ཏེ། སྐྱེས་བུའི་རྟོགས་པ་ཤེས་པ་ལ ་མ་བལྟོས་པའི་ཕྱིར་རོ། །གཞན་ཡང་མ་སྐྱེས་བ་ནི་རྟོགས་མིན་ཏེ། །མ་སྐྱེས་ཕྱིར་ན་རིགས་ལྡན་མིན། །སྐྱེས་བུ་ནི་རྟོགས་པ་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱི་ཕྱིར་རི་བོང་གི་རྭ་བཞིན་ནོ། །སྐྱེས་བུ་ལ་ནི་རེ་ཞིག་རྟོགས་པ་ཡོད་པ་མ་ཡིན་ལ། ་རྟོགས་བ་ནི་འདི་ལྟར་ཡོད་པར་སྣང་ངོ། །དེའི་ཕྱིར་ཡུལ་གྱི་རྗེས་སུ་མཐུན་པར་སྐྱེས་པའི་ཤེས་པ་ཉིད་ནི་དེ་ཡིན་པར་རིགས་ཀྱི་མ་སྐྱེས་པའི་སྐྱེས་བུའི་ནི་མ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། །བམ་པོ་ཉི་ཤུ ་པ། །གལ་ཏེ་འདི་སྙམ་དུ་འཇུག་པར་བྱ་བའི་རྣམ་པའི་རྗེས་སུ་བྱེད་པར་ཡོངས་སུ་འགྱུར་པའི་ཤེས་པ་འཇུག་པའི་དབྱེ་བ་མེད་པར་སྤྱོད་པ་ལ་ཉེ་བར་བརྟགས་ནས་རྟོགས་པ་ཡོད་དོ་ཞེས་བརྗོད་པར་བྱའོ་ཞེ་ན། བློའི་འཇུག་པའི་ཁྱད་པར་ནི། །གང ་ཕྱིར་ཤེས་པ་འཇུག་འདོད་ནའང། །ཐ་དང?་ཁྱད་ཅན་ཉིད་འགྱུར་གྱི། །དེ་མེད་པས་ན་དེ་ཡང་མེད། །རང་གི་མཚན་ཉིད་ཀྱི་དབྱེ་བས་ཐ་དད་པའི་རྫས་དག་ལ་ནི་འདི་ཅི་འདྲ་བ་དེ་ཡང་འདི་འདྲའོ། །ཞེས་ཁྱད་པར་མེད་པ་ཉིད་དུ་སྒྲུབ་ཏུ་རུང་གི་ཡང ་ཤེས་པ་གཅིག་ཅིག་ལ་བློ་དེ་ནི་དངོས་ཡིན་ལ། སྐྱེས་བུ་ནི་ཉེ་བར་བཏགས་པ་ཡིན་ནོ། ཞེས་བྱ་བ་ཤེས་པ་གཅིག་ལ་ཁྱད་པར་ཡོད་པར་གང་ལས་ཇི་ལྟར་འགྱུར། གལ་ཏེ་བདག་གི་བློ་གང་ཡང། །ལ་ལར་ཇི་བཞིན་དོན་དུ་འདོད། །ལ་ལར་དེ ་ལས་བཟློག་ཉིད་དེ། །མཐོ་ལ་མཐོ་ཡི་གློ་བཞིན་ནོ། །ཇི་ལྟར་མཐོ་ཡོར་རྡོ་དང་ཤིང་ལ་སོགས་པ་ལས་འཁྲུལ་པས་ཕྱིན་ཅི་ལོག་ཏུ་སྐྱེས་བུའི་བློ་འབྱུང་བར་འགྱུར་ལ། འཁྲུལ་པ་དང་བྲལ་བར་གྱུར་པ་ན་མཐོ་ཡོད་ཉིད་ཡིན་གྱི་འདི་ནི་སྐྱེས་བུ་མ ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་རོ། །དེ་བཞིན་དུ་བློ་ལ་སོགས་པ་ལ་འཁྲུལ་པས་ཤེས་པ་ལ་སོགས་པ་ཉིད་དུ་རྟོག་པར་བྱེད་ལ། དེ་ཁོ་ན་ཉིད་མཐོང་ན་ནི་སྐྱེས་བུ་ཇི་ལྟ་བ་བཞིན་གྱི་དོན་ནི་རྟོགས་པ་ལ་སོགས ་པ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། ལ་ལར་ཇི་ལྟར་ཇི་བཞིན་ནོ། །ཞེ་ན་ཀུན་རྫོབ་གྲུབ་པ་སྒྲུབ། །ཇི་བཞིན་དོན་གྱི་སེམས་ཀྱི་ཡུལ། །བདག་ཅེས་བྱ་བར་བདག་ཅག་འདོད། །སེམས་ཀྱི་ཡུལ་གྱི་བློ་ལ་བདག་ཅེས་བྱ་བའི་སྒྲར་ཐ་སྙད་ཀྱི་བདེན ་པའི་ཚུལ་དུ་ཁོ་བོ་ཅག་གིས་ཀྱང་འདོད་པ་ཡིན་ཏེ། ཁྱད་པར་མེད་པའི་བློས་དོན་ཇི་ལྟ་བ་བཞིན་དུ་རབ་ཏུ་སྒྲུབ་ན་ནི་གྲུབ་པ་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཀུན་ལ་ཁྱབ་སོགས་ཀྱི། །མཚན་ཉིད་ཅན་བློ་དོན་བཞིན་ནོ?། །དེ་ཉིད་ཏུ་འམ་ཀུན་རྫོབ ་ཏཱུང། །དཔེ་ནེ་ཡོད་པ་མ་ཡིན་ནོ། །བློ་གང་ལ་རྟག་པ་ཁྱབ་པ་བྱད་པ་དང་བྲལ་བའི་བདག་ཉིད་ཅེས་བྱ་བ་དེ་དོན་དམ་པའི་དོན་ཇི་ལྟ་བ་བཞིན་ཏེ། བློ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དཔེར་ན་ཇི་ལྟ་བུ་ཞིག་ཅེས་བྱས་ན། དཔེ་མེད་པའི་ཕྱིར་དེ། དུ? ་ན་ཉིད་དམ་ཀུན་རྫོབ་ཏུ་ཡང་སེམས་ལས་མ་རྟོགས་པའི་བདག་སྒྲུབ་ཏུ་མེད་པས་བློ་དེའི་སྒྲུབ་པར་བྱེད་པའི་དཔེ་ནི་ཡོད་པ་མ་ཡིན་ཏེ། ངེས་ན་རྣམ་པ་གཉི་ག་ལྟར་ཡང་བདག་གི་བློ་གྲུབ་པ་མེད་པས་རང་གི་ངོ་བོ་ཉམས་པ་ཡིན་ནོ། །གང་ཡང་རང་བཞིན ་དང་སྐྱེས་བུ་ཐ་དད་དུ་མཐོང་ན་ཐར་པ་མེད་པ་ཡིན་ནོ་ཞེས་འདོད་པ་དེ་ལ་ཡང། རྟོག་པ་མེད་པས་རྟོགས་པ་ནི། །རང་བཞིན་རྟོག་པ་མེད་པའམ། །གང་གིས་དེ་ཉིད་ཤེས་སྐྱེ་བས། །གང་ཞིག་གྲོལ་བར་འགྱུར་བ་ཡིན། །རེ་ཞིག་རང་བཞིན་ནི ་རྟོགས་པ་མེད་པ་ཡིན་པའི་ཕྱིར་གཞན་མཐོང་བ་མེད་པ་ཡིན་ནོ། །སྐྱེས་བུ་ཡང་མི་འགྱུར་བའི་ཆོས་ཅན་ཡིན་པ་ལ་སྔར་གཅིག་ཉིད་དུ་མངོན་པར་ཞེན་པ་ལས་ཐ་དད་ཉིད་དུ་མཐེད?་བར་གྱུར་ན། འགྱུར་བ་འབྱུང་བ་ཡིན་པས་བློ་གཞན་ཡང ་འབྱུང་བ་མ་ཡིན་པའི་ཕྱིར་།སྐྱེས་བུ་ལས་མ་གཏོགས་པའི་གཞན་དུ་བརྗོད་པའི་དེ་ཁོ་ན་ཉིད་འགའ་ཞིག་ལ་ཤེས་པ་སྐྱེ་བར་འགྱུར་བ་གང་ལ་ཐར་པ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་དོན་ཡིན་ནོ། །འདི་ལྟར་སྐྱེས ་བུ་ནི་རྟོག་པའི་ངོ་བོ་ཡིན་པའི་ཕྱིར་བློ་གཞན་དག་ཇི་ལྟ་བ་དེ་ལྟར་འབྱུང་བ་ཡོད་པ་ཡིན་ནོ། །རང་བཞིན་ནི་རྟགས་པ་མེད་པའི་ཕྱིར་གཞན་པའི་བློ་ཡེ་མེད་པ་ཡིན་ནོ་ཞེས་བྱ་བར་སྨྲས་པ། རྟོགས་པས་འཛིན་པར་བྱེད་པ་ན། བདག་ནི་འདི ་ལྟར་ཞེས་སོགས་ངེས། །རྟོགས་པ་མེད་ཕྱིར་གཞན་མི་རིགས། །དེ་མེད་གྱུར་ན་ཡང་ཅི་ཞིག་།གང་ཡང་རེ་ཞིག་རང་བཞིན་དང། །སྐྱེས་བུ་དག་ལོངས་སྤྱོད་དང་སྤྱོད་པ་པོའི་ངོ་བོར་གཅིག་པ་ཉིད་དུ་ཡོད་པ་དེའི་ཚེ་ཡང་རང་བཞིན་ནི་བདག་གོ་ཞེས་བྱ་བའི་ཤེས ་པར་སྐྱེ་བར་མི་རིགས་ཏེ། ཤིན་ཏུ་རྟོགས་པ་མེད་པའི་ཕྱིར་རོ། །ཡང་ཐ་དད་དུ་མཐོང་བ་ནི་སྐྱེས་བུས་འཛིན་པ་ལྡོག་པ་ཡིན་ཏེ། བདག་ཀྱང་སྐྱེས་བུའི་མ་ཡིན་ལ་སྐྱེས་བུ་ཡང་བདག་གི་མ་ཡིན་ནོ། ཞེས་བྱ་བའི་ཤེས་པ་ཅི་ཞིག་འབྱུང་བར་འགྱུར་།དེས ་ན་འདི་ནི་ཤིན་ཏུ་མི་རིགས་པ་ཡིན་ནོ། །འདིའི་ལྡོག་པའང་རིགས་མིན་ཏེ། །མང་པོ་དག་དང་ཐུན་མོང་ཕྱིར། །ཇི་ལྟར་རྗེ་གཅིག་ཤི་གྱུར་ཀྱང། །ཆོ་གས་བ་དག་གི་བྲན་བཞིན་འདོད། །ལོངས་སྤྱོད་ཉིད་ཡིན་ནོ་ཞེས་ཟེར་པའི་རང་བཞིན་ནི་དང་པོ ་སྲིད་པའི་ཚུ་རོལ་དུ་སྐྱེས་བུས་ཉེ་བར་སྤྱད་པས་བདག་གིས་དོན་བྱས་ཟིན་ཏོ། ཞེས་ལྡོག་པར་འགྱུར་པ་ན་རང་བཞིན་ནི་གཅིག་ཅིག་ཡིན་ལ། སྐྱེས་བུ་ནི་མང་པོ་ཡིན་པས་ངེས་ན་འདིར་སྐྱེས་བུ་གཅིག་ལས་གྲོལ་དུ་ཟིན་ཀྱང་ཐམས་ཅད་དུ་གྲོལ་བ་མ ་ཡིན་ཏེ། སྐྱེས་བུ་མང་པོས་ཐུན་མོང་དུ་བཅིངས་པ་ཡིན་པའི་ཕྱིར་རོ། །སྐྱེས་བུ་གཅིག་ཤི་བས་དེ་ལ་བརྩེ་བ་དང་བྲལ་དུ་ཟིན་ཀྱང་དེ་ལས་གཞན་པ་འཚོ་བའི་སྐྱེས་བུ་དག་ལས་གྲོལ་བ་མེད་དོ། །སྐྱེས་བུ་གྲོལ་བ་ལ་ཡང་སྐྱོན་འདི་ཡོད་དེ། ཐ་དད་ཡུལ་ལ ་མ་བསྒྲིབས་ཕྱིར། །ཇི་ལྟར་བདག་གི་དབྱེ་བ་ལས། །སྐྱེས་བུའི་ཡིད་ལ་སྙིང་སྟོབས་དག། ལྷག་པས་དེ་ཉིད་མཐོང་བར་འདོད། །གྲངས་ཅན་པའི་གྲུབ་པའི་མཛའ་འདི་ཡིན་ཏེ། ལྷ་དང་ལྷ་མ་ཡིན་དང། མི་དང་དུད་འགྲོའི་འགྲོ་བ་རྣམས་ཀྱི་སོ་སོའི་ལུས ་རེ་རེ་ལ་ཡང་སྐྱེས་བུ་གནས་ཤིང་སྐྱེས་བུ་དེ་ཐམས་ཅད་ཀྱང་ཐམས་ཅད་ལ་ཁྱབ་པ་ཡིན་ན་ཞེས་ཟེར་ལ། སྐྱེས་བུ་དེ་དག་གྲོལ་བར་འགྱུར་བ་ན་ཕྱོགས་གཅིག་ཙམ་ལས་ཇི་ལྟར་ཡིན་ཏེ། གང་གི་ཕྱིར་སྙིང་སྟོབས་ལྷག་པར་གྱུར་པའི་ཡིད་སྒྲིབ་པ་དང་བྲལ་བར་གྱུར ་ནས་དེ་དག་ལས་སྐྱེས་བུ་གཅིག་གྲོལ་བར་གྱུར་པ་ན་སྐྱེས་བུ་ཐམས་ཅད་གྲོལ་བར་ཐལ་བར་འགྱུར་ཏེ། སྐྱེས་བུ་གཞན་ཐམས་ཅད་ནི་བཅིངས་ནས་གནས་ལ། གཅིག་ཅིག་གྲོལ་བར་ཇི་ལྟར་འགྱུར་ཏེ། ཡུལ་ཐ་མི་དད ་པར་གྱུར་པའི་ཕྱིར་རོ། །སྐྱེས་བུ་གྲོལ་བར་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་།སྒྲ་ལ་སགས་པ་རྟོགས?་པ་དང། །དེ་བཞིན་ཆོས་དང་ཆོས་མིན་ངག་།སྐྱོན་ནི་རྗེས་སུ་མཚུངས་པའི་ཕྱིར། །མ་མཐོང་ངས་པ་མེད་པའང་ཡིན།། ་སྒྲ་ལ་སོགས་པ་ལ་རྣ་བ་ལ་སོགས་པ་འཇུག་པ་དེ་དག་ཀྱང་སྐྱེས་བུ་ཐམས་ཅད་ཀྱི་གཅིག་པ་ཉིད་ཐོབ་པར་འགྱུར་ལ། གཅིག་གིས་ཆོས་སྤྱད་པར་གྱུར་པ་ན་སྐྱེས་བུ་ཐམས་ཅད་ཀྱང་ཆོས་ལ་གནས་པར་འགྱུར་ཞིང་།གཅིག་ཆོས་མ་ཡིན ་པ་ལ་ཞུགས་པ་ན་ཐམས་ཅད་ཀྱང་ཆོས་མ་ཡིན་པ་དང་ལྡན་པར་འགྱུར་རོ། །དེས་ན་མཐོང་པའི་ཐར་པ་ལ་ཡང་ངེས་པ་མེད་པ་ཡིན་ཏེ་།ཅིའི་ཕྱིར་ཞེ་ན། ཡུལ་ལ་དབྱེ་བ་མེད་པའི་ཕྱིར་རོ། །ནམ་མཁའ་ཨི་ཕྱོགས་གཅིག་ལ་མུན་པ་དང་སྣང་བ ་གཉིས་སམ། ཆར?་འབབ་པ་དང་ཚ་བ་གཉིས་མི་རིགས་པ་བཞིན་ནོ། །སྐྱེས་བུས་ཐམས་ཅད་དུ་ཁྱབ་པ་ཡིན་ན། སྐྱོན་འདི་ཡང་འབྱུང་བར་འགྱུར་ཏེ། ཐམས་ཅད་དུ་ཁྱབ་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱང་འགྲོ་བ་ཐམས་ཅད་ཀྱི་ངོ་བོར ་གནས་པར་འགྱུར་ལ། བདག་རྣམས་ཀྱང་འདྲེས་པར་འགྱུར་རོ། །ལུས་དང་དབང་པོ་དང། བློ་རྣམས་ཀྱི་ཐུན་མོང་དུ་འགྱུར་རོ། །གཅིག་གིས་བྱ་བ་བྱས་པ་དེ་གཞན་གྱིས་ཀྱང་བྱས་བར་འགྱུར་རོ། །གཅིག་གིས་བྱ་བ་ཐམས་ཅད་སྤངས་པ་ན་ཐམས་ཅད ་ཀྱིས་ཀྱང་བྱ་བ་སྤངས་པར་འགྱུར་རོ། །བྲམ་ཟེ་རྣམས་ཀྱི་ལས་ནི་འདིའོ། །དམངས་རིགས་ཀྱི་ལས་ནི་འདིའོ་ཞེས་བྱ་བ་ཡང་མེད་པར་འགྱུར་རོ། །རིགས་བཞི་རྣམ་པར་བཞག་པ་ཡང་མེད་པར་འགྱུར་རོ། །ཕ་དང་བུ་དང། དགྲ་དང། ཕ་མར་གནས་པ་ཉིད?་ཀྱང ་མེད་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པའི་སྐྱོན་ཡོད་དོ། །གང་ཡང་སྐྱེས་བུ་ནི་བློ་འཇུག་པའི་རྗེས་སུ་བྱེད་པ་ཡིན་ནོ་ཞེས་བྱ་བར་འདོད་པ་དེ་ཡང་མི་འགྲུབ་སྟེ། གང་གི་ཕྱིར་གལ་ཏེ་སྐྱེས་བུ་འགྱུར་ཞེ་ན། སྐྱེས་བུ་རྟོག་པ་མེད་པ་དང། །རྒྱུ་མེད་ཁྱབ་པ་མ་ཡིན་ཏེ། ། ་སྐྱེས་བུ་འགྱུར་ཕྱིར་འོ་མ་བཞིན། །སྐྱེས་བུ་ནི་རྟོག་པ་ཅན་མ་ཡིན་ཏེ། ཡོངས་སུ་འགྱུར་བའི་ཕྱིར་འོ་མ་བཞིན་ནོ། །སྐྱེས་བུ་ནི་རྒྱུ་མེད་མ་ཡིན་ཏེ། འོ་མ་བཞིན་ནོ། །སྐྱེས་བུ་ནི་ཐམས་ཅད་ལ་ཁྱབ་པ་མ་ཡིན་ཏེ། འོ་མ་བཞིན་ཞེས་བྱ་བའོ། །གང་རྣམས་སྐྱེས་བུའི ་གཟུགས་བརྙན་འབྱུང་བར་གྲོལ་བར་འདོད་པ་དེ་ལ་ཡང་སེམས་ནི་འགྱུར་བ་མེད་ན་ཡང། གཟུགས་བརྙན་གྱི་ནི་རྒྱུ་ཡིན་ཕྱིར། །ཇི་སྐད་སྨྲས་པའི་སྐྱོན་ལྡན་པར། །འབྱུང་སྟེ་གདོང་གི་གཟུགས་བརྙན་བཞིན། །ཇི་ལྟར་གདོང་གི་གཟུགས་ཆུ་ལ་སོགས་པ་ལ ་གཟུགས་བརྙན་འབྱུང་བའི་རྒྱུར་ཉེ་བར་གནས་ཀྱང་ཡོངས་སུ་འགྱུར་བ་མེད་པ་དེ་བཞིན་དུ། སེམས་ཀྱི་རྟོགས་པ་ཡང་ཤེས་པས་བལྟས་པའི་དོན་གྱི་གཟུགས་བརྙན་ཉེ་བར་གནས་པ་ཙམ་ཕན་པ་བྱེད་པ་ཉིད་ཀྱི་རྒྱུའི་ངོ་བོར་ཉེ་བར་གནས་པ་ཙམ་ཕན་པ་བྱེད ་པ་ཉིད་ཀྱི་རྒྱུའི་ངོ་བོར་ཉེ་བར་གནས་ན་ཡང་ཡོངས་སུ་འགྱུར་བ་མེད་པ་ཡིན་ནོ། ཞེས་བྱ་བ་འདི་ནི་ཕ་རོལ་པོའི་འདོད་པ་ཡིན་ནོ། །འདིར་ཡང་གཟུགས་བརྙན་བཞིན་དུ་རྒྱུའི་ངོ་བོར་གྱུར་པ་ཉིད་ཀྱི་སྐྱེས་བུ་ནི་གདོང་གི་གཟུགས་བརྙན་བཞིན་དུ་རྟོགས ་པ་མེད་པ་ཉིད་དང། རྒྱུ་མེད་པ་ཉིད་དང། ཁྱབ་པ་མ་ཡིན་པས་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་ཡིན་པའི་ཕྱིར་གཟུགས་བརྙན་འབྱུང་བའི་རྒྱུ་དང་འགལ་བའི་དོན་དུ་གནས་པ་ཉིད་ཡིན་ནོ། །འདི་ལྟར་ཡང། སྐྱེས་བུ་རྟོག་པ་མེད་པའི ་ཕྱིར། ?་བདག་དང་གཞན་ཞེས་མི་རིགས་སོ། །བརྟགས་ན་སྐྱོན་མེད་ཅེ་ན་ཡང། །གྲོལ་བ་བཏགས་པ་ཉིད་དུ་འགྱུར། །བྱ་བ་དང་བྱེད་པ་ལོག་པ་ཡིན་པས་འདིའི་ཡུལ་ཉེ་བར་གནས་པ་མ་ཡིན་ན། ཅི་ཞིག་ལ་རྟོག་པར་བྱེད་པར་འགྱུར། རྟོག་པ་མེད ་བའི་སྐྱེས་བུ་ཡང་ཇི་ལྟར་ན་བདག་དང་གཞན་ཞེས་རྟོག་པ་འཇུག་པ་ཉིད་ཡིན། གལ་ཏེ་རྣམ་པར་རྟོག་བ་མེད་དུ་ཟིན་ན་ཡང་བློ་ལ་རྣམ་པར་རྟོག་པས་བདག་ཏུ་བཏགས་པ་ཉིད་ཀྱི་ཉེ་བར་བཏགས་པ་དང། བཏགས་པ་ཡིན་ནོ་ཞེ་ན། ་གྲོལ་བ་ཡང་ཉེ་བར་བཏགས་པ་ཉིད་དུ་འགྱུར་ན། གྲོལ་བ་ནི་དངོས་ཉིད་དུ་འདོད་ཀྱི་ཉེ་བར་བཏགས་པ་ནི་མ་ཡིན་ནོ། །དེ་ལྟར་ན་རང་བཞིན་ཡང་མ་ཡིན་ལ་སྐྱེས་བུ་ཡང་མ་ཡིན་པས་གྲོལ་བར་བཏགས་པ་ནི་ལེགས་པ་མ་ཡིན་ནོ། །ཁོ་བོ་ནི་རང་བཞིན་ཡོད ་པ?་ཉིད་དུ་ཡང་མི་འདོད་པས་རེ་ཞིག་དེ་བརྟགས་བར་བྱ་བ་ཡིན་ན་བཅིངས་པ་དང་ཐར་བ་ལྟག་ལ་ཡོད་ཅེས་བརྗོད་པ་ན་གཞན་གྱི་དེ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ཉེ་བར་བཀོད་པ་ནི། །གཙོ་བོ་ཡོད་དེ་སྣ་ཚོགས་ཀྱི། །རྗེས་སུ་འགྲོ་ཕྱིར་ཡོངས ་གྱུར་ཕྱིར། །བྱ་དང་བྱེད་བའི་ངོ་བོའི་ཕྱིར། །ནུས་ཕྱིར་སྣ་ཚོགས་ངོ་བོའི་ཕྱིར། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། །སྣོད་ཆགས་པ་ཡི་དུ་མ་སོགས་ལྟར། །དེ་བཞིན་དབྱེ་བ་དེ་དང་ལྡན། །དེས་ན་དབྱེ་བ་རྒྱུ་དང་བཅས། །སྙིང་སྟོབས་དང། རྡུལ་དང། མུན་པ ་རྣམས་ཆ་མཉམ་པ་མི་གསལ་བ་ནི་གཙོ་བོ་སྟེ་ཆོས་ཅན་ནོ། །དེ་ཡོད་པ་ཞེས་བྱ་བ་ནི་དེའི་ཆོས་སྟེ་བསྒྲུབ་བར་བྱ་བའོ། །ཆོས་དང་ཆོས་ཅན་བསྡོམས་བ་ནི་ཕྱོགས་སོ། །སྣ་ཚོགས་ཀྱི་རྗེས་སུ་འགྲོ་བ་ལ་སོགས་པ་ལྔ་ནི་གཏན་ཚིགས་ཏེ། ཨ་པ་ཏི་ཞེས་བྱ ་བའི་མིང་ཅན་ནོ། །དེ་ལ་སྣ་ཚོགས་ཐམས་ཅད་ལ་རང་བཞིན་གྱིས་རྗེས་སུ་ཁྱབ་པ་ནི་རྗེས་སུ་འགྲོ་བ་སྟེ། སྣ་ཚོགས་ཀུན་ཀྱང་བདེ་བ་དང། སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ཡོངས་སུ་འགྱུར་བ་ནི་མི་འགྱུར་བའི་ཆོས ་ཅན་ཡིན་ན་ཡང་རང་བཞིན་ལས་འབྱུང་བར་འགྱུར་ལ། ཆེན་པོ་ལས་ངར་འཛིན་པའི་ངོ་བོར་འགྱུར་རོ། །ངར?་འཛིན་པ་ལས་དེ་ཙམ?་གྱི་རྣམ་པར་རོ། །དེ་ཙོམ་ལས་དབང་པོའི་རྣམ་པར་རོ། །དབང་པོ་ལས་འབྱུང་བ་ཆེན་པོའི་བདག་ཉིད་དུ ་འགྱུར་རོ། །གཙོ་བོ་ནི་རྩ་བའི་བྱེད་པའོ། །ཆེན་པོ་དང་ངར་འཛིན་པ་ལ་སོཌ་པ་ནི་བྱ་བ་ཡང་ཡིན་བྱེད་པ་ཡང་ཡིན་ཏེ། ཡོངས་སུ་འགྱུར་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་ནུས་པ་ནི་རང་བཞིན་ནི་སྐྱེས་པའི་ཆོས་ཅན་ཡིན་པའི་ཕྱིར་སྣ་ཚོགས་ཐམས་ཅད་བསྐྱེད་པར་ནུས་པ་ཡིན ་ལ། ཆེན་པོ་ལ་སོགས་པ་རྣམས་ལ་མི་སོ་སོའི་བྱ་བ་བསྐྱེད་པར་བྱེད་པའི་ནུས་པ་ཡོད་པས་ཡིན་ནོ། །སྣ་ཚོགས་ཀྱི་ངོ་བོ་ཉིད་ནི་ཆེན་པོ་དང། ངར་འཛིན་པ་དང། དེ་ཙམ་དང་དབང་པོ་དང། འབྱུང་བ་ཆེན་པོའི་ཁྱད་པར་རྣམ་པ་དུ་མ་ཉིད་དོ། །ཇི་ལྟར་ས་བོན་ལས་མྱུ ་གུ་དང་སྡོང་བུ་དང། ཡལ་ག་དང། ཡལ་ག་ཕྲེའུ་དང། ལོ་མ་དང། །མེ་ཏོག་ལ་སོགས་པ་དུ་མ་ཞིག་ཀུན་ཏུ་འབྱུང་ལ། དེ་རྣམས་ཀྱི་བྱེད་པ་པོ་ནི་ས་བོན་གཅིག་ཡིན་ནོ། །དེ་བཞིན་དུ་གཙོ་བོ་མི་གསལ་བ་གཅིག་ལ་དབྱེ་བ་དུ་མ་ཡིན་བས་དེས་ན་བྱེད་པ་པོ་གཅིག? ་ཡོད་བར་ཤེས་པར་བྱའོ། །ཇི་སྐད་སྨྲས་པ་ཞེས་པ་ལ་སོགས་པ་ནི་ཁྱབ་པ་ངེས་པ་སྟོན་པའི་ཚིག་ཡིན་ཏེ་གང་དང་གང་རྗེས་སུ་འགྲོ་བ་དང། ཡོངས་སུ་འགྱུར་བ་དང། བྱ་བ་དང་བྱེད་པའི་ངོ་བོ་དང། ནུས་པ་དང། སྣ་ཚོགས་ཀྱི་ངོ་བོ་ཡོད་པ་དེ་དང ་དེ་ནི་རྒྱུ་དང་བཅས་པ་ཡིན་ཏེ། དཔེར་ན་སྣོད་ཆག་བའི་དུམ་བུ་བཞིན་ནོ། །བུམ་པ་ཆག་བའི་དུམ་བུ་ཐམས་ཅད་ཀྱི་རྗེས་སུ་ས་ཉིད་འགྲོ་བ་ཡོད་ལ། ཙན་དན་གྱི་དུམ་བུ་ལའང་དྲི་ཉིད་རྗེས་སུ་འགྲོ་བལྟ་བུ་ནི་རྗེས་སུ་འགྲོ་བ་ངེས་པའོ། །ཡོངས་སུ་འགྱུར་བ་ནི་བུམ་པ ་གྱོ་དུམ་གྱི་བདག་ཉིད་དུ་གྱུར་པ་ཉིད་དང། ཙན་དན་དུམ་བུར་གྱུར་པ་ལྟ་བུའོ། །བྱ་བ་དང་བྱེད་པའི་ངོ་བོ་ནི་བུམ་པ་ནི་གྱོ་དུམ་གྱི་བྱེད་པ་པོ་ཡིན་ལ་ཙན་དན་ཡང་དུམ་བུའི་ཡིན་ནོ། །ནུས་པ་ཡང་བུམ་པས་གྱོ་དུམ་སྐྱེད་པ་དང། ཙན་དན་གྱི་དུམ་བུ ་མངོན་པར་སྒྲུབ་པར་ནུས་པའོ། །ཡང་སྣ་ཚོགས་ཀྱི་ངོ་བོ་ནི་བུམ་པའམ། ཙན་དན་གྱི་སྡོང་པོ་གཅིག་ལས་དུམ་དང་དུ་མའི་རྣམ་པ་ཅན་གྱི་གྱོ་དུམ་དང། ཙན་དང་གྱི་དུམ་བུ་ལ་སོགས་བར་འབྱུང་བར་འགྱུར་བ་ཞེས་བྱ་བ་བཞིན་དུ་བསྒྲུབ་བྱ་རྗེས་སུ་འགྲོ་བ་ངེས ་བ་ཡིན་ནོ། །དེ་བཞིན་དུ་དབྱེ་བ་དེ་དང་ལྡན་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་འགྲོ་བ་ལ་སོགས་ཏེ། འདི་ནི་ཉེ་བར་སྦྱོར་ངའི་ཚིག་ཡིན་ནོ། །དེ་ལྟ་བསན་དབྱེ་བ་ནི་རྒྱུ་དང་བཅས་པ་ཡིན་ཏེ། འདི་ནི་མཇུག་བསྡུ་བ་ཡིན་ཏེ། འདི་ལྟ་བུའི་སྒྲུབ ་པར་བྱེད་པའི་ཚིག་གི་ཆ་ལྔ་པོ་འདི་ནི་གྲངས་ཅན་གྱིས་ཉེ་བར་བཀོད་པ་ཡིན་ལ། འདི་དག་སུན་དབྱུང་བ་སྨྲས་?་ནི། དབྱེ་རྣམས་རྒྱུ་དང་བཅས་ཉིད་དུ། །སྒྲུབ་བྱེད་ཅེན་གྲུབ་བ་བསྒྲུབ། །འདི་ཡི་གཏན་ཚིགས་མ་གྲུབ་ཕྱིར། །གལ་ཏེ་ཁྱོད་ཀྱིས་བསམ་པ ་ཆེན་པོ་ལ་སོགས་པ་དབྱེ་པ་ནི་རྒྱུ་དང་བཅས་པ་ཡིན་ཏེ། གང་རྒྱུ་འགའ་ཞིག་ལས་ཡིན་ནོ་ཞེན་གྲུབ་པ་སྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་ཀྱང་དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལས་ཡང་དག་པར་འབྱུང་བ་ཡིན་གྱི་དངོས་པོ་རྒྱུ་མེད་པར་ནི་མ་ཡིན་ནོ། །རྗེས་སུ ་འགྲོ་བ་ལ་སོགས་པའི་གཏན་ཚིགས་ནི་ཡང་སངས་རྒྱས་པ་ལ་གྲུབ་པ་མ་ཡིན་ཏེ། རང་བཞིན་གཅིག་གྲུབ་པར་གྱུར་ན་ནི་དེ་དང་ལྡན་པ་ཡང་འགྲུབ་པར་གྱུར་ན། ཁོ་བོ་ཅག་ལ་ནི་རང་བཞིན་དེ་མ་གྲུབ་པར་ཤེས་ཏེ། མི་གསལ་བའི་ཕྱིར་རི ་བོང་གི་རྭ་ལ་སོགས་པ་བཞིན་ཏེ། གང་ཞིག་གང་དང་ཇི་ལྟར་ལྡན་པར་འགྱུར་ཞེས་གཞན་ལ་མ་གྲུབ་པ་ཉིད་ཡིན་ནོ། །ཡོངས་སུ་འགྱུར་བ་ལ་སོགས་པའི་གཏན་ཚིགས་ལ་ཡང་སྐྱོན་འདི་ཉིད་ཀྱིས་གནོད་པ་ཡིན་ནོ། །དེ་ནས་ཡང་གལ་ཏེ་སྤྱི?་སྔོན་དུ་སོང ་བ་ཡོད་པ་ལ་རྗེས་སུ་འཇུག་པའི་དབྱེ་བ་ཡོད་བ་ཡིན་ཏེ། སྤྱི་དང་ལྡན་པ་ཡིན་པའི་ཕྱིར་རམ་།སྤྱི་ལ་ཁྱད་པར་མེད་པའི་ཕྱིར་སྔར་གྱི་གཙོ་བོའི་གནས་སྐབས་བཞིན་ནོ། ཞེས་བྱ་བའི་དོན་གང་ཡིན་པའོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། སྦྱིན་སྔོན་དུ་སོང ་འདོད་དེ། །སྤྱི་དང་ལྡན་པའི་ཕྱིར་ཞེ་ན། །སྤྱི་ཉིད་དམ་ནི་ཁྱད་པར་ལ། །སྔ་མ་བཞིན་དུ་དཔེ་ཡང་མེད། །འདིར་ཁྱོད་ཀྱི་སྒྲུབ་པ་འདི་བ་དཔེ་མེད་དེ། གཙོ་བོ་བོ་དེ་བལ་སོགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་རྣམ་པར་གནས་པ་གཞན་པ་ཉིད་ཀྱི ་རྗེས་སུ་འགྲོ་བ་སྒྲུབ་བ་ལ་དཔེ་བསྟན་པར་མེ་ནུས་པ་ཉིད་དམ། གཞན་མ་གྲུབ་པ་ཉིད་ཀྱི་ཕྱིར་རབ་ཏུ་བྱེད་པའི་ཕྱེད་ཕྱོགས་སྔ་མར་བྱས་ནས། ཕྱེད་ཕྱི་མས་ལན་རྗོད་པར་བྱེད་པ་ཡིན་ནོ། །ཐུན་མོང་ལ་ཐུན་མོང་ཞེས་བྱ་བའི་ཁྱད་པར་གྱི་དབྱེ་བ་མེད་པས་སྔ་མ་བཞིན ་ཏེ། གཙོ་བོ་བཞིན་དུ་རྗེས་སུ་འགྲོ་བ་ལ་སོགས་པ་མེད་པ་ཡིན་ཏེ། གང་ཁྱོད་ཅི་སྔོན་དུ་སོང་བའི་སྒྲུབ་པར་ནུས་པའི་དཔེ་ཡང་ཅུང་ཞིག་ཀྱང་མེད་དོ། །སྣོད་ཆག་བའི་དུམ་བུ་ལ་སོགས་པ་རྣམས་ཀྱང་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་པས་ན་ཁྱད ་པར་མེད་པའི་ཕྱིར་འདིར་སྨྲས་པ། ཁྱོད་དཔེ་མེད་དོ་ཞེས་བྱ་བའི་འདི་ལྟ་བུ་ཚིག་མ་སྨྲ་ཞིག་།བདག་ཅག་གི་ཕྱོགས་ལ་གཉི་ག་ལ་གྲུབ་པའི་དཔེ་ཡོད་དེ། །ཇི་ལྟ་བུ་ཞིག་ཅེན་བདེ་བ་དང། སྡུག་བསྔལ་བ་དང་།གཏི་མུག་གི་ངོ་བོའི་ཕུང་པོ་སྟེ། ཕུང་པོ་ཡིན ་པའི་ཕྱིར་ཚོར་བའི་ཕུང་པ་བཞིན་ནོ་ཞེ་ན། འདི་ལ་ཡང་བརྗོད་པར་བྱ་བའི་ཕྱིར། བདེ་ལ་སོགས་པའི་ངོ་བོའི་ཕྱིར། ཚོར་བའི་ཕུང་པོ་བཞིན་མི་འདོད། །ཕུང་པོ་ཡིན་ཕྱིར་བདེ་སྡུག་སོགས། །སོ་སོར་མ་ངེས་བ་ཉིད་ཡིན། །བདེ་བའི་ཕུང་པོ་ནི ་ཕུང་པོ་ཡིན་པའི་ཕྱིར་ཆར་བའི་ཕུང་པོ་བཞིན་ནོ་ཞེས་བྱ་བའི་འདི་ལ་ཡང་བརྗོད་པར་བྱ་བའི་ཕྱིར། བདེ་བ་ལ་སོགས་པའི་གཏན་ཚིགས་འདི་མོ་ངེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚོར་བ་ནི་གསུམ་སྟེ་།དེ་ལ་ཕུང་པོ་ཡིན་པའི་ཕྱིར་ཅི་ཆར་བ ་བདེ་བ་བཞིན་དུ་ཕུང་པོ་བདེ་བའི་ངོ་བོ་ཞིག་ཡིན་པར་འགྱུར་རམ། འོན་ཏེ་ཡང་ཕུང་པོ་ཡིན་པའི་ཕྱིར་ཚོར་བ་སྡུག་བསྔལ་བཞིན་དུ་སྡུག་བསྔལ་གྱི་ངོ་བོ་ཞིག་ཏུ་འགྱུར་རམ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ཉིད་གཅིག་ཏུ ་འགྱུར་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །སྡུག་བསྔལ་གྱི་ངོ་བོ་ཉིད་དུ་སྒྲུབ་ན་ཡང་ཐལ་བར་འགྱུར་བ་འདི་ཉིད་ཡིན་ཏེ། ཕུང་པོ་ནི་གཏི་མུག་གི་རང་བཞིན་ཡིན་ཏེ། ཕུང་པོ་ཡིན་པའི་ཕྱིར་ཚོར་བའི་ཕུང་པོ་བཞིན་ནོ་ཞེས་བྱ་བསོ?། །ཚོར་བ་ནི་གཏིག? ་མུག་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་བསྒྲུབ་བྱས་སྟོང་པ་ཉིད་ཡིན་པས་ན་དཔེའི་སྐྱོན་ཡིན་ནོ། །གལ་ཏེ་ཡང་འདི་སྐད་དུ། གཏི་མུག་ཀྱང་ཚོར་བའི་ངོ་བོ་ཉིད་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་ཚོར་བ་བདེ་བ་དང་སྡུག་བསྔལ་བཞིན་ནོ ་ཞེ་ན། མ་ངེས་པ་ཡི་སྤངས་པས་ན། །དེ་ལྟར་དེ་ན་བྱོད་བདག་ཉིད་ཡིན། །རྒྱུ་དང་ལྡན་པ་ཡིན་པའི་ཕྱིར། །ཅི་གཏི་མུག་ཆོད་བའི་ངོ་བོ་ཉིད་ཅིག་ཏུ་འགྱུར་ངམ། འོན་ཏེ་རྒྱུ་དང་ལྡན་པ་ཡིན་བའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་པའི ་ངོ་བོ་མ་ཡིན་བ་ཞིག་ཏུ་འགྱུར། དེས་འདི་ལྟར་མ་ངེས་པ་ཉིད་ཀྱིས་ཡོངས་སུ་སྤངས་པ་ཉིད་མིན་པS་ན་ཡང་ཇི་ལྟར་མངོན་པར་འདོད་པའི་དོན་མ་གྲུབ་པ་ཉིད་ཡིན་ནོ། །གཞན་ཡང་རྗེས་འགྲོ་སོགས་ཀྱི་རྗེས་དཔག་གི། དམ་བཅས་སྐྱོན་གྱིས་གནོད་པ་ཡིན།། ་གཙོ་བོ་ནི་ཡོད་དོ་ཞེས་བྱ་བ་ནི་དམ་བཅའ་བ་ཡིན་ལ། རྗེས་སུ་དཔོག་པར་བྱེད་པས་རྗེས་སུ་འགྲོ་བ་ལ་སོགས་པ་དང་འགལ་བ་ཡིན་ཏེ། ཇི་ལྟར་ཞེ་ན། རྗེས་སུ་འགྲོ་བ་ལ་སོགས་པས་ནི་རྟག་པ་མ་ཡིན་པ་དང། ཁྱབ་པ་མ་ཡིན་པ་ལ་སོགས ་པར་རྗེས་སུ་དཔོག་པས་རྟག་པ་དད་ཀུན་ལ་ཁྱབ་པ་ལ་སོགས་པ་སྤངས་པ་ཡིན་པའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་ཡང་སྤངས་པ་ཡིན་ནོ། །གཞན་ཡང། སྐྱེ་མེད་མཛའ་མེད་ཉིད་སོགས་ཀྱི། །དེ་ཡི་ཁྱད་པར་གནས་པ་ན། །གཙོ་བོའི་ཡོན་ཏན་འདོད་པ་ཡི། ། ་གཏན་ཚིགས་མ་ངེས་པ་ཉིད་ཡིན། །རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་ཀྱིས་ཀྱང་ཇི་ལྟར་རྗེས་སུ་འགྲོ་བ་དང་ཡོངས་སུ་འགྱུར་བ་ལ་སོགས་བ་ཡོད་པའི་སྣོད་ཆག་པའི་དུམ་བུ་ལ་སོགས་པ་ཡོད་པ་བཞིན་གཙོ་བོ་ཡང་སྒྲུབ་པར་བྱེད་པ་ཡིན་ལ། ་དེ་བཞིན་དུ་སྐྱེས་པ་ཉིད་དང། མཛའ་དང་ལྡན་པ་ཉིད་དུ་ཡང་སྒྲུབ་པར་བྱེད་པས་གཙོ་བོ་ནི་མ་སྐྱེས་པ་དང། མཛའ་མེད་པ་ཡིན་ནོ། ཞེས་ཟེར་བ་དེས་ན་དེའི་ཁྱད་པར་སྤངས་པས་ཆོས་ཅན་གྱི་ཁྱད་པར་ཡང་སྤངས་པ་ཡིན་པའི་ཕྱིར་དོན་དང་འགའ་ ་བ་ཉིད་ཡིན་ནོ། །གཙོ་བོའི་ངོ་བོ་ནི་གཙོ་བོའོ། །ཡོན་ཏན་ནི་སྙིང་སྟོབས་དང་རྡུལ་དང་མུན་བ་རྣམས་ཏེ། གཙོ་བོའི་ཡོན་ཏན་དེ་རྣམས་ནི་བྱེད་པ་རྒྱུ་མེད་པའི་ཕྱིར་བྱེད་པ་མེད་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ཡོངས་སུ་འགྱུར་བ་ལ་སོགས་པ་འདི་རྣམས་ཀྱང ་དབྱེ་བ་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་འདིར་བརྟག་དགོས་པ་ཡིན་ཏེ། ཅི་རྗེས་སུ་འགྲོ་བ་འདི་སྣོད་ཆག་པའི་དུམ་བུ་ལ་སོགས་བ་བཞིན་དུ་དབྱེ་བ་རྒྱུ་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་ཡང་རྗེས་སུ་འགྲོ་བ་འདི་གཙོ་བོའི་ཡོན་ཏན་བཞིན་དུ་བྱེད་པ་མེད་པ ་ཞིག་ཡིན་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །ཡོངས་སུ་འགྱུར་བ་ལ་སོགས་པའི་གཏན་ཚིགས་རྣམས་ལ་ཡང་ཚུལ་འདི་ཉིད་སྦྱར་བར་བྱའོ། །གཞན་ཡང་གཙོ་བོ་ནི་ཡོད་དོ་ཞེས་བྱ་བར་དམ་བཅའ་བའི་དོན་ཅི་ཞིག་ཡིན། ཅི་ཆེན་པོ་ལ་སོགས ་བ་ཐམས་ཅད་ཀྱི་རྒྱུ་གཙོ་བོ་གཅིག་བུ་ཡིན་ནམ་འོན་ཏེ་ཙོ?་བོ་ནི་ཆེན་བའི་རྒྱུ་ཡིན་ལ་ཆེན་པོ་ནི་ངང་འཛིན་པའི་རྒྱུ་ཡིན་ངར་འཛིན་པ་མེད་ཙམ་གྱིའོ། ཞེས་བྱ་བ་ལ་སོགས་བས་སོ་སོའི་རྒྱུ་ཉིད་ཡིན། དེ་ལ་རེ་ཞིག་རྒྱུ་གཅིག་སྔོན་དུ་སོང་བ་ལས་ཡིན་ན་ནི་རྒྱུ་རྣམས་དང་འགའ་ ་བ་ཡིན་ཏེ། ཇི་ལྟར་རོ་ཞེ་ན། འདི་ལ་གང་ཡོད་པ་དེ་དག་ནི་རྒྱུ་ཐ་དད་པར་མཐོང་སྟེ། ཇི་ལྟར་ས་ནི་བུམ་པའི་རྒྱུ་ཡིན་ལ། བུམ་པ་ནི་གྱོ་དུམ་ལ་སོགས་པ་རྣམས་ཀྱི་ཡིན་ནོ། །དེ་བཞིན་དུ་ཙན་དན་གྱི་ལྗོན་པ་ནི་སྡོང་བོའི་རྒྱུ་ཡིན་ལ་སྡོང་པོ་ནི་དུམ་བུའི་རྒྱུ་ཡིན ་རྒྱུ་གཅིག་སྔོན་དུ་སོང་བ་ལས་གྲུབ་པའི་ངོ་བོ་ནི་མེད་དོ། །དེས་ན་རྒྱུ་གཅིག་སྔོན་དུ་སོང་བ་ལས་ཡོད་པ་ཉིད་མི་འབྱུང་བར་རྗེས་སུ་དཔག་པས་ན་མེད་པ་ཉིད་རབ་ཏུ་བསྒྲུབས་པ་ཡིན་པས་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་བསྒྲུབས་པ་ཡིན་ནོ། །དེ་བཞིན་ཐ་དད ་རྒྱུ་ལས་ཀྱང་འབྱུང་བར་འདོད་པའི་དཔེ་ཡོད་མིན། གཙོ་བོ་ནི་ཆེན་པོའི་རྒྱུ་ཡིན་ཏེ་།རྗེས་སུ་འགྲོ་བའི་ཕྱིར་དཔེར་ན་ཇི་ལྟ་བུ་ཞིག། ཅེས་བྱ་བའི་རིགས་གཅིག་པ་ནི་དངོས་བོའི་དོན་རྟོག་པར་གནས་པའི་ངོ་བོ་ནི་མེད་པས་དཔེ་མ་གྲུབ་པ་ཉིད་ཡིན་ནོ། །གལ་ཏེ ་ཡང་འདིར་བདག་གི་སྣོད་ཆག་པའི་དུམ་བུ་ལ་སོགས་པའི་དཔེ་སྨྲས་པ་ཉིད་མ་ཡིན་ནམ། སྣོད་ཆག་པའི་དུམ་བུ་ལ་སོགས་པ་ནི་མི་རྟག་པ་ཡིན་ལ། གཙོ་བོ་ཉིད་ནི་རྟག་པའི་ཆོས་ཅན་ཡིན་ན་ཇི་ལྟར་དེ་དག་འདྲ་བ་ཡིན་ཞེ་ན་།དེ་ཅི་ལྟར་རྟག་པ ་ཡིན་པར་སྒྲུབ་པའི་ཕྱིར་གཞན་དག་གིས་ཚད་མ་སྨྲས་པ། ཙན་དན་དུམ་བུར་གྱུར་པ་ན། །ཉམས་པ་མིན་པར་རྟོགས་བྱ་སྟེ། །སྟོབས་དང་གཟུགས་དང་ཚད་ལ་སོགས། །ཉེ་བར་གནས་ཏེ་བདག་ཉིད་བཞིན། །ཙན་དན་ཞེས་བྱ་བའི་རྫས་བསྟན་པར ་གནས་བཞིན་དུ། དུམ་བུ་ཞེས་བྱ་བའི་ཆོས་ཀྱི་ཁྱད་པར་སོ་སོར་འབྱུང་བར་གྱུར་པ་ན་སྡོང་པོ་ཞེས་བྱ་བའི་ཆོས་ཀྱི་ཁྱད་པར་མི་མངོན་པར་གྱུར་ལ། དུམ་བུ་མངོན་པར་གྱུར་པ་དེའི་དུས་ན་ཡང་ཙན་དན་ལ་ནི་ཉམས་པ་མེད་དོ་ཞེས་བྱ་བ་ནི་ཕྱོགས་ཡིན་ནོ། ། ་སྟོབས་ཉེ་བར་གནས་པ་དང། གཟུགས་ཉེ་བར་གནས་པ་དང་ཚད་ཉེ་བར་གནས་པའི་ཕྱིར་ཞེས་བྱ་བ་རྣམས་ནི་གཏན་ཚིགས་ཏེ། ཉེ་བར་གནས་པ་ཉིད་དེ་རིགས་གཅིག་པའི་རྒྱུའི་རང་གི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའོ། །དེ་ལ་སྟོབས་ཉེ་བར་གནས ་བ་ནི་ཙན་དན་དུམ་བུ་ལ་སོགས་པར་བྱས་སུ་ཟིན་ཀྱང། སྨན་ལ་སོགས་པའི་དགོས་པ་ལ་དྲི་དང་རོ་ཐ་མི་དད་པས་དེ་ལྟར་ཕན་པར་འགྱུར་བའི་ནུས་པ་གང་ཡིན་པའོ། །གཟུགས་ཉེ་བར་གནས་པ་ནི་དཀར་པོ་ལ་སོགས་པར་མཐུན་པའི་གཟུགས་ཉིད་དོ། ་ཚད་ཉེ་བར་གནས་པ་ནི་ཙན་དན་གྱི་སྡོང་པོ་ཆེན་པོ་ལ་དུམ་བུ་མང་པོ་ཉིད་ཡོད་པ་ཡིན་ལ། ཆུང་དུ་ལ་ནི་དུམ་བུ་ཡང་ཉུང་ངུ་འབྱུང་བར་འགྱུར་ཏེ། གང་དང་གང་ཉེ་བར་གནས་པ་ཡོད་པ་དེ་དང་དེ་ནི་མེད་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་དུམ་བུར་མ་བྱས ་བའི་ཙན་དན་དེའི་རང་གི་ངོ་བོ་བཞིན་ནོ། །དེས་ན་རྒྱུ་ཐ་དད་པ་ཉིད་ལ་ཡང་བདག་ལ་དཔེ་ཡོད་པ་བཞིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ་།ནུས་པའི་བདག་ཉིད་ཉིད་དུ་དེ། །ཡོད་ན་སྔར་བཞིན་དཔེ་མི་འགྲུབ། །གཙོ་བོའི་ནུས་པ་ཆེན་པོ་ལ་སོཌ ་པའི་དབྱེ་བ་ལ་ཡང་ཡོད་ན་རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་ཡོད་པར་གྱུར་ཀྱང་དངོས་པོའི་དོན་མི་གསལ་བ་གཞན་མེད་པ་བསྒྲུབ་བྱ་རྗེས་སུ་འགྲོ་བ་མ་ཡིན་ཏེ། དཔེ་མེད་པའི་ཕྱིར་རོ། །གསལ་བའི་ངོ་བོར་དེ་ཡོད་ནའང། གྲུབ་པའི་མཛའ་ནི་སྤངས་བར ་འགྱུར། ཅི་སྟེ་ཡང་གསལ་བའི་ངོ་བོས་གཙོ་བོ་དེ་བྱེ་བྲག་རྗེས་སུ་འགྲོ་བར་ཡོད་དོ་ཞེ་ན། གྲུབ་པའི་མཛའ་དང་འགལ་བ་ཡིན་ཏེ་།ལུང་ལས་གཙོ་བོ་ནི་མི་གསལ་བའོ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་ཙན་དན་དང་དུམ་བུ་གཅིག་པ་ཉིད་ཡིན་ན་དེ་བཞིན་དུ་བྱ་བ་དང་བྱེད ་པ་དག་ཉིད་ཀྱང་བྱ་བ་དང་བྱེད་པ་གཅིག་པ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེ་ན་།དེ་ལ་ཡང་བྱ་དང་བྱེད་པ་གཅིག་ཉིད་དུ། །བསྒྲུབ་ནའང་སྨྲས་པའི་ཚུལ་ཉིད་ཡིན། །རིགས་མཐུན་ཉིད་དང་གཅིག་ཉིད་དུ། །བསྒྲུབ་ནའང་གྲུབ་པ་བསྒྲུབ་པ་ཡིན། །གལ་ཏེ་རིགས་མཐུན་པ ་ཉིད་བྱ་བ་དང་བྱེད་པ་གཅིག་པ་ཉིད་དུ་སྒྲུབ་པར་བྱེད་ན་ནི་གྲུབ་པ་བསྒྲུབ་པ་ཡིན་ཏེ། དེ་ཡང་འདི་ལྟར་ནས་ཀྱི་ས་བོན་ལས་བྱུང་བའི་མྱུ་གུ་དང་སྡོང་བུ་དང། སྦུབས་དང། འདབ་མ་དང། སྙེ་མ་དང་།འབྲས་བུ་ལ་སོགས་པ་ནི་ཐ་མི་དད་པའི་ཕྱིར་གཅིག ་ཉིད་ཡིན་པ་བཞིན་ནོ། །དེ་ལས་དོན་གཞན་རྟོགས་ན་ཡང། །སྔ་མ་བཞིན་དུ་སྐྱོན་ཀུན་འབྱུང། །འདི་ནི་སྔར་ཉིད་དུ་དེ་ཁོ་ན་ཉིད་ཀྱི་ཤེས་པ་འཚོལ་བའི་རབ་ཏུ་བྱེད་པར་བྱ་བ་དང། བྱེད་པ་དག་གཅིག་ཉིད་དུ་གྱུར་ན་ཕ་དང་བུའི་རྣམ་པར་བཞག་པ ་ཡང་ཉམས་པར་འགྱུར་ལ། རྒྱུ་དང་འབྲས་བུ་དང། བྱེད་པ་པོ་དང། ལས་བསྟན་པ་ཡང་མེད་པར་འགྱུར་རོ་ཞེས་སྨྲས་པ་ཡིན་ནོ། །གང་ཡང་གྲངས་ཅན་གང་དག་བློ་སྔ་མ་དག་ནི་འགག་པ་མ་ཡིན་པ་ཉིད་ཡིན་ཏེ། །དེ་ལྟར་ཡོད་དོ་ཞེས་ཟེར་བ་དེ་ལ་ཡང ་རིམ་པ་འདི་ཉིད་ཀྱིས་དཔྱད་པར་བྱ་བ་ཡིན་ཏེ། གང་རིགས་གཅིག་པ་ཉིད་དུ་རྒྱུད་རྣམ་པར་གནས་པས་བློ་སྔ་མ་རྣམས་ད་ལྟར་ཡོད་བ་ཉིད་དུ་བསྒྲུབ་ན་ནི་གྲུབ་པ་བསྒྲུབ་པ་ཉིད་ཡིན་ནོ། །གལ་ཏེ་མི་འགལ་བ་ཉིད་ཡིན་ལ་ཡོངས་སུ་གྱུར་ནས་གཅིག། ་པ་ཉིད་དུ་འདོད་དོ་ཞེན་ནི་ཡུལ་གཞན་ལ་འབྱུང་བར་འགྱུར་རོ། །ཅི་སྟེ་འབྱུང་ན་ནི་འགག་པ་ཡིན་པས་གཅིག་ཉིད་མ་ཡིན་ནོ། །གལ་ཏེ་ཡང་གཞན་དག་ན་རེ་འདིར་ཁྱད་པར་སྨྲས་པས་ཅི་ཞིག་བྱ། དངོས་པོ་ཐམས་ཅད་གཅིག ་ཉིད་ཡིན་ཏེ། བདེ་བ་དང་སྡུག་བསྔལ་དང། གཏི་མུག་གི་བདག་ཉིད་དུ་རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་བདག་གིས་རབ་ཏུ་བསྒྲུབས་པ་ཡིན་ནོ་ཞེ་ན་དེ་ལ་ཡང། བདེ་དང་སྡུག་བསྔལ་ལ་སོགས་ཀུན། །གཏན་ཚིགས་མ་ངེས ་པ་ཉིད་ཡིན། ཞེས་བྱ་བ་སྨྲས་ཏེ། སྔར་བསྟན་པའི་རྗེས་སུ་འགྲོ་བ་ལ་སོགས་པ་དེ་དག་ལ་རེ་ཞིག་སོ་སོར་ཚོར་བ་བདེ་བའི་ངོ་བོའི་རྗེས་སུ་འགྲོ་བ་ནི་ཚོར་བ་བདེ་བ་བཞིན་ཞེས་སྨྲས་པ་དེ་ལ་ཅི་རྗེས་སུ་འགྲོ་པ་འདི་ཚོར་བ་བདེ་བ་བཞིན་དུ་བདེ་བའི་ངོ་བོ་ཞིག་ཏུ ་འགྱུར་རམ། །འོན་ཏེ་འདིར་རྗེས་སུ་འགྲོ་བ་འདི་ཚོར་བ་སྡུག་བསྔལ་བཞིན་དུ་སྡུག་བསྔལ་གྱི་ངོ་བོ་ཞིག་ཏུ་འགྱུར་བ་ཡིན་ཞེས་ཐེ་ཚོམ་སྐྱེ་བ་ཉིད་ཡིན་ཏེ། སྡུག་བསྔལ་གྱི་ངོ་བོ་ཉིད་དུ་སྒྲུབ་པ་ན་ནི་ཚོར་བ་བདེ་བ་ཉིད་ཀྱིས་མ་ངེས་པ་ཉིད་ཡིན་ལ་།ཀུན་ལ ་ཡང་སྒྲུབ་པར་བྱེད་པ་ན་བདེ་བ་དང། སྡུག་བསྔལ་བ་དང། གཏི་མུག་གི་བདག་ཉིད་ཀྱི་ངོ་བོའི་རྗེས་སུ་འགྲོ་བས་དཔེ་ཇི་ལྟ་བུ་ཞིག་ཡོད། ཕྱོགས་གཉི་ག་ལ་གྲགས་པའི་རིགས་མཐུན་པའི་དངོས་པོའི་དོན་གྱི་ངོ་བོ་མེད་པས་དེ་ལ་འཇུག་པ་ཡང་མ་ཡིན་ལ། ་གཏན་ཚིགས་ཐམས་ཅད་ཀྱང་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །བྱ་བ་དང་བྱེད་པ་གཞན་མ་ཡིན་པ་ཉིད་དོ་ཞེས་ཟེར་བ་དེ་ལ་ཡང་གལ་ཏེ་གང་བྱེད་པ་པོ་ཡིན་པ་དེ་ལས་བྱ་བ་གཞན་མ་ཡིན་ནོ་ཞེ་ན། གྲུབ་པ་སྒྲུབ་པ་ཡིན་ཏེ། དེ་ཡང་འདི་ལྟར་ཞོ་ནི ་སྲུབ་མ་ལ་སོགས་པའི་རྐྱེན་རྣམས་ཀྱི་ནི་བྱེད་པ་པོའི་ངོ་བོ་ཡིན་ལ། འོ་མ་ཡི་ནི་བྱ་བ་མ་ཡིན་ཡང་རང་གི་ངོ་བོ་གཞན་མ་ཡིན་པ་ཉིད་ཡིན་ནོ། །ཅི་སྟེ་རང་གི་བྱེད་པ་མ་སྤངས་པའི་རང་གི་ངོ་བོ་ཡིན་བར་བྱ་བ་གཞན་མ་ཡིན་པ་ཉིད་ཡིན་ན་ནི་དཔེ་ཡོང ་པ་མ་ཡིན་ཏེ། འོ་མ་ནི་རང་གི་བྱེད་པ་པོའི་དངོས་པོ་ལས་གཞན་མ་ཡིན་པ་མ་ཡིན་ནོ། །དུས་དབྱེར་མེད་པས་གཞན་མིན་ནའང། །གྲགས་དང་ལུང་དང་འགལ་བ་ཉིད། །བྱེད་པ་པོ་དང་བྱ་བ་ནི་གཞན་མ་ཡིན་ཏེ། དུས་ཉེ་བར་གནས་པའི་ཕྱིར་བྱེད་པ་པོ་དང་དུས་མཉམ་པ་ཉིད་དུ ་བྱ་བ་འབྱུང་བ་ཉིད་ཡིན་ནོ་ཞེ་ན། འདིར་རེ་ཞིག་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་ཡིན་ཏེ། འཇིག་རྟེན་པ་ལ་ནི་ས་བོན་གྱི་དུས་ཀྱང་གཞན་ཡིན་ལ། མྱུ་གུའི་དུས་ཀྱང་གཞན་ཡིན་ཞིང་།དེ་བཞིན་དུ་མངལ་ན་གནས་པའི་དུས་ཀྱང་གཞན་ཡིན་ལ། སྐྱེ་ ་བའི་དུས་ཀྱང་གཞན་ཡིན་ནོ་ཞེས་བྱ་བ་ཉིད་དུ་གྲགས་པ་ཉིད་ཡིན་ནོ། །འདིར་སྨྲས་པ། ཙན་དན་མི་མངོན་པས་མེད་པར་གྱུར་པ་མ་ཡིན་ཏེ། ཙན་དན་གྱི་ངོ་བོ་ཞེས་དྲུག་བའི་དབྱེ་བ་བསྟན་པ་ཡོད་ལ། འདས་པ་ལ་སོགས་པའི་དུས་སྟོན་པར་བྱེད་པ་ཡིན་ན་ཡང། ་ད་ལྟར་སྐད་ཅིག་མ་ལ་སོགས་པ་བཞིན་ནོ་ཞེ་ན། འདི་ལ་ཡང་བརྗོད་པར་བྱ་སྟེ། ཙན་དན་ངོ་བོ་མི་མངོན་པས། །མེད་པར་གྲུབ་པ་མ་ཡིན་ཏེ། །དུས་དང་དྲུག་པས་བསྟན་པའི་ཕྱིར། ད་ལྟར་སྐད་ཅིག་བཞིན་ཞེ་ན། །དེ་ལྟར་ན་ཡང་སྤྲོ་གྱུར་ནས། །རང་གི་ལུགས ་ཀྱི་སྐྱོན་སྤང་ཀྱང། །སྨྲས་པའི་སྐྱོན་རྣམས་མེད་མིན་ཏེ། །གྱེན་དུ་སྐྲ་འགྲེང་བུམ་འདྲ་བཞིན། །འདི་ལྟར་གྲགས་ཏེ་དབང་པོས་ཀརྣ་ལ་དགྲ་བོ་གསོད་པར་བྱེད་པའི་མཚོན་ཆ་འཕང་མདུང་བྱིན་པ་དང། དེས་དེ་སྲིད་སྒྲུབ་གསོད་པའི་ཕྱིར་སྦས་ནས་བཟུང་ངོ། །ཡང་ཀརྣས? ་འཇིགས་བྱེད་སྡེའི་བུ་ནགས་ཀྱི་སྲིན་མོ་ལས་སྐྱེས་པ་སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་ཞེས་བྱ་བ་དང། ལན་གསུམ་གྱི་བར་དུ་འཐབས་པ་ན་ཇི་སྲིད་དུ་ངེས་ཀརྣ་ཕམ་པར་བྱས་པ་ལས། ཀརྣས་འཕང་མ་དུང་དེ་སྐྲ་གྱེན་དུ་འགྲེང་པ་བུམ་པ་ལྟ་བུ་དེ་གསང་པའི་ཕྱིར ་འཕངས་པ་དང། སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་སྦྲུལ་གྱི་གཟུགས་སུ་བསྒྱུར་ནས་གནས་པ་ན་འཕང་མདུང་དེ་ཡང་ནམ་མཁའ་ལྡིང་གི་གཟུགས་སུ་བསྒྱུར་ནས་གནས་སོ། །ཡང་སྐྲ་གྱེན་དུ་འགྲོད་བ་བུམ་པ་ལྟ་བུ་བྱི་ལའི་གཟུགས་སུ་བསྒྱུར་ནས་གནས་པ་ན་འཕང་མདུད་དེ? ་འུག་བའི་གཟུགས་སུ་གྱུར་ནས་ཉེ་བར་གནས་སོ། །སྐྲ་གྱེན་དུ་འགྲེང་བ་བུཾ?་བ་ལྟ་བུ་མེར་བསྒྱུར་ན་འཕང་མདུང་ཡང་ཆུའི་བདག་ཉིད་དུ་གྱུར་ནས་རྗེས་སུ་འབྲེང་སྟེ། དེ་བཞིན་དུ་དེས་གང་དང་གང་གི་གཟུགས་སུ་བསྒྱུར་ནས་ཉེ་བར་གནས་པ་ན། འཕང ་མདུད་དེ་ཡང་དེའི་གཤེད་པོ་གང་ཡིན་པ་དེ་དང་དེའི་གཟུགས་སུ་བསྒྱུར་ནས་རྗེས་སུ་འབྲེལ་ཏེ་།ཆུང་མའི་གཟུགས་སུ་གྱུར་ནས་ངེས་སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་བསད་པར་གྱུར་པའི་བར་དུ་འབྱུང་བ་བཞིན་དུ་དེ་བཞིན་དུ་ཁྱོད་ཀྱང་རྣམ་གྲངས་གཞན་ཉེ་བར་བཟུང ་ནས་ཉེ་བར་གནས་བ་ན་དེ་དག་ལ་ཡང། སྔར་སྨྲས་པའི་སྐྱོན་དག་བཟློག་པར་དཀའ་བ་ཡིན་གྱི་མེད་པ་མ་ཡིན་ཏེ། འདི་ལྟར་སྐྲ་གྱེན་དུ་འགྲེང་བ་བུམ་པ་ལྟ་བུ་ལ་འཕང་མདུད་རྗེས་སུ་འབྲེལ་པར་འབྱུང་བ་བཞིན་དུ་།ཇི་སྲིད་ཁྱོད་གཞན་རྣམ་བར་མནན ་པའི་ཕྱིར་སྤྲོ་བ་ཡོད་བ་དེ་སྲིད་དུ། །ཡང་སྐྱོན་དེ་དང་བཅས་པ་ཡིན་ཏེ། སྐྱོན་ཅི་ཞིག་ཅེ་ན། གལ་ཏེ་ནུས་པའི་ངོ་བོར་དེ་ཡོད་པ་ཉིད་ཡིན་ན་ནི་དཔེ་མེད་པ་ཡིན་ལ། །གསལ་བའི་ངོ་བོར་ཡོད་པ་དེ་ཉིད་ཡིན་ན་ནི་གྲུབ་པའི་མཛའ་དང་འགལ་ལོ། །ཞེས་བྱ་བ ་ལ་སོགས་པ་ཡོད་དོ་ཉེ་བར་གནས་པ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཡང་འདིར་ཅི་ཞིག་ཡིན། ཅི་དེའི་གཟུགས་ཉིད་དུ་ཉེ་བར་གནས་བ་ཞིག་ཡིན་ནམ། འོན་ཏེ་འདིར་དེ་དང་ཐ་མི་དད་པའི་གཟུགས་གཅིག་ཡིན། །དེས་གཟུགས་ཞེ་ན་གཏན་ཚིཌ ་དོན། །རྣམ་པར་རྟོག་པ་མ་ངེས་ཉིད། །དབྱེར་མེད་ངོ་བོ་ཉིད་ཡིན་ན་ཡང། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །དེའི་གཟུགས་ཞེས་བྱ་བ་ཅི་ནགས་ཚལ་གྱི་རང་གི་ངོ་བོ་བཞིན་དུ་གཅིག་པར་གྱུར་བ་ཞིག་ཡིན་ནམ། འོན་ཏེ་དུམ་བུ་བཞིན་དུ་གཞན ་ཉིད་དུ་གྱུར་པ་?་ཡིན་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །ཐ་མི་དད་པ་ཞིག་ཡིན་ན་ཡང་གང་ཞིག་གང་དང་འདྲ་བར་གྱུར་པ་ཡིན། མི་དེ་ཉིད་དང་མི་དེ་ཉིད་འདྲ་ཞེས་བྱ་བར་མི་རུང་བ་སྟེ། བདག་དང་གཞན་ལ་གཏན་ཚིགས་མ་གྲུབ་པ་ཉིད ་ཡིན་ནོ། །གཞན་ཡང། རྣ་སོགས་སྤྱད་བྱ་མ་ཡིན་ཏེ། །རྟོགས་པ་མེད་ཕྱིར་གལ་ཏེ་འདོད། །ཁྱད་པར་དག་ནི་མ་བསྟན་བར། །སྤྱད་བྱའོ་ཞེ་ན་གྲུབ་པ་སྒྲུབ། །གལ་ཏེ་ཕ་རོལ་པོ་ན་རེ་རྣ་བ་ལ་སོགས་པ་འདི་དག་ནི་རྟོགས་པ་མེད་པའི་ཕྱིར་སྤྱད་བར་བྱ་བ་ཡིན་ལ། གང ་རྟོགས་པ་དང་བཅས་བ་དེ་ནི་སྤྱོད་པ་པོ་ཡིན་ནོ་ཞེ་ན། གལ་ཏེ་རྟོག་པ་ཐམས་ཅད་དུ་ཁྱབ་པ་ལ་སོགས་པའི་ཁྱད་པར་ཁས་ལེན་པར་མི་བྱེད་པར་སྤྱད་པ་པོ་བཅས་པ་ཉིད་དུ་སྒྲུབ་ན་ནི་གྲུབ་བ་སྒྲུབ་པ་ཡིན་ཏེ། །བདག་ཀྱང་དེ་བཞིན་དུ་རྣ་བ་ལ་སོགས་པའི་དབང ་པོ་དང་ཡུལ་ཚོགས་པ་ལས་རབ་ཏུ་བྱུང་བའི་སེམས་སྤྱོད་པ་པོ་ཉིད་དུ་མངོན་པར་འདོད་པ་ཡིན་ནོ། །ཅི་སྟེ་གཡོ་བ་མེད་སོགས་ཀྱི། །ཁྱད་པར་ཅན་ན་རྗེས་འགྲོ་གང། །རྟོགས་བར་བདེན་ཡང་རྩོལ་མེད་ཕྱིར། །སྤྱོད་པ་པོར་ནི་མི་འདོད་དེ། །ཀུན་ལ་ཁྱབ་པ་རྟག་པ ་བཏང་སྙོམས་སུ་གནས་པའི་སྤྱོད་པ་པོའི་སྐྱེས་བུ་ནི་ཡོད་དེ། སྤྱོད་བ་པོ་ཡིན་པའི་ཕྱིར་ཇི་ལྟར་བུ་ཞིག་ཅེ་ན་།རིགས་མཐུན་པའི་དངོས་པོའི་དོན་གཞན་མེད་པར་རྗེས་སུ་འགྲོ་བ་མ་གྲུབ་པ་ཡིན་ནོ། །གཞན་ཡང་རྟོགས་པ་ཡིན་པ་བདེན་དུ་ཟིན་ཀྱང་སྤྱོད་པ་པོ་ཉིད ་ཡིན་བར་མི་རིགས་ཏེ། བྱ་བ་ལ་འཇུག་བ་མེད་པའི་ཕྱིར་ཡན་ལག་ཐམས་ཅད་བཅིངས་པའི་སྐྱེས་བུ་བཞིན་ནམ། གཉིད་ལོག་པ་འམ། མྱོས་པ་བཞིན་ནོ། །གལ་ཏེ་ཡང་འདིར་བདག་ཅག་ནི་རྡུལ་ནི་སྐྱོད་བར་བྱེད་པའི་བདག་ཉིད་ཡིན་པར་འདོད་ལ། དེ ་ལྷག་པར་འཇུག་པར་གྱུར་པ་ན། དངོས་པོ་ཐམས་ཅད་བྱ་བ་དང་བཅས་པར་འགྱུར་རོ། །དེས་ན་དེ་ཉེ་བར་གནས་བ་ཙམ་གྱི་ཕན་བཏགས་པས་སྐྱེས་བུ་དང་བྱ་བ་དང་བཅས་བ་ཉིད་དུ་ཉེ་བར་སྤྱོད་པ་ཡིན་ནོ་ཞེ་ན། སྨྲས་པ། དངོས་རྣམས་བྱ་བ་མེད་ཉིད་དུ།། ་རབ་ཏུ་རྟོགས་ཏེ་གཞལ་བྱའི་ཕྱིར། །སྨྲས་པ་ཅི་ལྟར་དེ་དེ་ལྟར། །རྟོགས་ཏེ་བླང?་དང་གཏི་མུག་བཞིན། །དངོས་པོ་ཉིད་ནི་བྱ་བ་དང་བྲལ་བ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་རོ། །གང་དང་གང་གཞལ་བྱ་ཡིན་པ་དེ་ནི་བྱ་བ་མེད་པ་ཡིན་ཏེ། དཔེར་ན་བདེ་བ ་དང། གཏི་མུག་བཞིན་ནོ། །གལ་ཏེ་སྡུག་བསྔལ་ཞེས་བྱ་བ་ཡང་རྡུལ་གྱིས་ཡིན་པས་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། བྱ་བ་མེད་པར་སྡུག་བསྔལ་ཡང་ཤེས་བར་བྱ་སྟེ། །རྟོགS་པ་མེད་ཕྱིར་བརྗོད་བྱའི་ཕྱིར། །གཞལ་བྱ་ཡིན་ཕྱིར་གཏི་མུག ་བཞིན། །རྡུལ་གྱི་རང་བཞིན་གྱི་སྡུག་བསྔལ་ནི་འདིར་ཆོས་ཅན་ནོ། །བྱ་བ་དང་བྲལ་བ་ཞེས་བྱ་བ་ནི་དེའི་ཆོས་ཏེ། བསྒྲུབ་པར་བྱ་བའི་གང་དང་གང་རྒྱུད་དང་ལྡན་པ་དང་རྟོགས་པ་མེད་པ་དང། བརྗོད་བྱ་ཡིན་པ། གཞལ་བྱ་ཡིན་པ་དེ་ནི་བྱ་བ་མེད་པ་ཡིན་ཏེ། དཔེར་ན་གཏི་མུག ་བཞིན་ནོ་ཞེས་བྱ་བ་ནི་སྒྲུབ་བྱའི་རྗེས་སུ་འགྲོ་བ་ཡིན་ནོ། །གལ་ཏེ་ཡང་འདིར་གང་ཁྱོད་ཀྱིས་སྔར་འདི་སྐད་དུ་རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་གཙོ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱི་གཙོ་བོ་ལ་སོགས་པའི་ཡོན་ཏན་མ་ངེས་པ ་བཞིན་ནོ་ཞེས་པ་དེ་མི་རིགས་ཏེ་།རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱི་ཐ་དད་པ་ཉིད་དུ་ཁྱད་པར་ཅན་དུ་བརྗོད་པ་ཡིན་པའི་ཕྱིར་གཙོ་བོའི་ཡོན་ཏན་རྣམས་ཀྱང་ཐ་མི་དད་པ་ཉིད་དུ་གྱུར་པ་མེད་པར་གཙོ་བོ་ལ་གནས་པ་ཡིན་ནོ་ཞེ་ན། འདི་ལ ་རྗེས་འགྲོ་ལ་སོགས་གཏན་ཚིགས་རྣམས། །ཐ་དད་ཉིད་དུ་འདོད་པས་ན། །གཙོ་བོའི་ཡོན་ཏན་ལ་དེ་རྣམས། །མ་ངེས་མ་ཡིན་པ་དེ་བདེན། །འོན་ཀྱང་སྐྱོན་ཆེན་པོ་འདི་འབྱུང་བར་འགྱུར་ཏེ། བྱ་དང་བྱེད་པ་བསྒྲུབ་བྱས་ཕྱིར། །རྒྱུ་དང་ལྡན་པར་རྗེས ་དཔག་ཉིད། །གཏན་ཚིགས་རྣམས་ཀྱང་ཁྱད་བཅས་པས། །དེ་ལྟར་འགལ་བ་ཉིད་དུ་འགྱུར། །གཙོ་བོ་ནི་ཡོད་དེ། རྗེས་སུ་འགྲོ་བ་ལ་སོགས་པའི་དབྱེ་བ་ཡོད་པའི་ཕྱིར་རོ། །གང་ལ་དབྱེ་བ་མེད་པ་དེ་ལ་རྗེས་སུ་འགྲོ་བ་ལ་སོགས་པ་མེད་ཡང་པ་ཉིད་དུ་བསྒྲུབས? ་པ་ན་གཙོ་བོ་མེད་པ་ཉིད་དེ་ཞེས་བསྒྲུབས་པར་འགྱུར་ཏེ། དེ་ལ་དབྱེ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་གཙོ་བོ་ལ་ཡང་དབྱེ་བ་ཡོད་པས་རྗེས་སུ་འགྲོ་བ་ལ་སོགས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཇི་ལྟར་དབྱེ་བ་བསལ་བ་ཉིད་དུ་ཡོད་པ་དང་།བྱེད་བ? ་པོ་ཡིན་པ་དང་བྱ་བ་ཡིན་པ་དང་།རྒྱུ་དང་ལྡན་པ་ཡིན་པ་ལྟར་དེ་བཞིན་དུ་གཙོ་བོ་ཡང་གསལ་བ་ཉིད་དང་ཡང་བྱེད་པ་པོ་ཉིད་དང། བྱ་བ་ཉིད་དང། རྒྱུ་དང་ལྡན་པ་ཉིད་དུ་འགྱུར་ལ་དེས་ན་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་བསྒྲུབ་པའི་ཕྱིར་འགལ་བའི་དོན ་ཉིད་ཡིན་ནོ། །གང་ཙན་དན་མི་མངོན་པར་གྱུར་པས་མེད་པར་གྱུར་པ་ནི་མ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་འདི་ལྟར་ཙན་དན་ལས་དུམ་བུ་ལ་སོགས་པ་གཞན་ཡང་མ་ཡིན་ལ། ཙན་དན་དེ་ཉིད་འདི་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། ཇི་ལྟར་ཞེ་ན། དེ་མ་གཟུང ་བར་མི་འཛིན་པས། གཟུགས་སོགས་གཞན་མིན་དེ་དངོས་བཞིན། །ཐ་དད་དངོས་ཕྱིར་གཞན་མིན་མིན། །གང་དེ་རྟོགས་བྱ་རྟོགས་བྱེད་ཕྱིར། །གང་དུམ་བུ་ལ་སོགས་པ་ལ་གཟུགས་ལ་སོགས་པ་ཡོད་པ་ནི་ཙན་དན་ལ་མ་བལྟོས་པར་མ་ཡིན་པའི་ཕྱིར ་གཟུགས་ལ་སོགས་པ་དེ་རྣམས་མ་བཟུང་བ་ཉིད་ཀྱི་དུམ་བུ་ལ་སོགས་པ་གཟུང་བ་ནི་ཡོད་པ་མ་ཡིན་ཏེ། ཙན་དན་གྱི་སྡོད་པའི་རང་གི་ངོ་བོ་བཞིན་ནོ། །མི་མངོན་པར་གྱུར་པའི་ཙན་དན་ལས་ཙན་དན་གཞན་མ་ཡིན་པ་ཡང་མ་ཡིན་ཏེ། ཇི་ལྟར་ཞེ་ན། ་གང་ཙན་དན་ནི་གཅིག་ཡིན་ལ་དུམ་བུ་ནི་མང་པོ་ཉིད་དུ་འདི་ལྟར་བགྲང་བ་བཞིན་དུ་རྟོགས་པར་བྱ་བ་ནི་རྣམ་པ་ཉི་ཤུ་རྩ་བཞི་ཡིན་ལ། རྟོགས་པ་ལོ་ནི་གཅིག་ཡིན་ཏེ། དེས་ན་དེ་དག་གཞན་མ་ཡིན་པ་མ་ཡིན་ནོ། །དེས་ན་མི་མངོན་མ་ཡིན་ལ། །བྱ་བ་ཡོད ་པའང་མི་འདོད་དོ། །གང་གི་ཕྱིར་དུམ་བུ་སྐྱེད་པར་བྱེད་པ་ཡིན་པས་དེས་ན་མི་མངོན་པ་ཡང་མ་ཡིན་ལ། གང་གི་ཕྱིར་ཙན་དན་གྱི་སྡོང་པོའི་རང་གི་ངོ་བོ་དང་བྲལ་བ་དེས་ན་བྱེད་བ་ཉིད་ཡིན་གྱི་བྱ་བ་མ་ཡིན་ནོ། །དཔེ་མེད་པའི་ཕྱིར་ན་ཡང་ད་ལྟར་གྱི་ནི་སྐད ་ཅིག་ཀྱང། །རྫས་སུ་ཡོད་པར་མ་གྲགས་ཉིད། །ཅེས་བྱ་བ་སྨྲས་ཏེ། །དེ་ལྟར་གྱི་སྐད་ཅིག་རྫས་སུ་ཡོད་པར་འགའ་ཞིག་གིས་འདོད་དུ་ཟིན་ཀྱང་དབུ་མར་སྨྲ་བ་རྣམས་ལ་ནི་དེ་རྗེས་སུ་ཡོད་པར་མ་གྲགས་ཏོ། །གང་གི་ཕྱིར་སྐད་ཅིག་དེ་ཉིད་ཀྱི་ཐོག་མའི་དུས ་ཀྱང་གཞན། བར་གྱི་དུས་ཀྱང་གཞན། །ཐ་མའི་དུས་ཀྱང་གཞན་ཉིད་ཡིན་ནོ། །དེས་ན་འདུས་པའི་ངོ་བོ་ཡིན་པའི་ཕྱིར་རྫས་སུ་མེད་པ་ཉིད་ཡིན་ནོ། །གལ་ཏེ་འདིར་སྨྲས་པ། སྤྱོད་དང་བཅས་པའི་སྤྱད་བྱ་འདི། །སྤྱད་བྱ་ཡིན་ཕྱིར་མ་ལ་སོཌ ་བཞིན། །རྟོགས་པ་པོ་ནི་སྤྱོད་པ་ཉིད། །ཅེས་དེ་ལྟར་གཞན་གྱིས་སྨྲས་པ་ལ། རབ་ཏུ་བྱེད་བ་བཞི་ཆེས་ལན་སྨྲས་པ། དེའི་སྒྲུབ་པར་བྱེད་པ་མིན། །ཞེས་བྱ་བ་སྟེ། ཇི་ལྟར་ཞེ་ན། །འདུས་པའི་བདག་ཉིད་ཀྱི་སྤྱོད་པ་པོ?་མལ་ཆ་དང་སྟན་ལ་སོགས་པ་ལ ་ལྟོས་པ་བཞིན་དུ་རྟོགས་པ་ཡང་འདུས་པའི་ངོ་བོ་ཉིད་དུ་གྲུབ་པས་ཆོས་ཅན་གྱི་ཁྱད་པར་ལས་བཟློག་པ་སྒྲུབ་པའི་ཕྱིར་འགལ་བའི་དོན་ཉིད་ཡིན་ནོ། །དེ་ནས་ཡང་རྟག་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་དྲིས་པ་ན། གལ་ཏེ་ཕ་རོལ་པོ་གང་ཤེས ་བྱ་ངེས་པར་རྟོགས་པ་དེ་ནི་རྟོགས་པ་ཡིན་ནོ། །ཞེས་སྨྲ་ན་དེ་ལ་འདི་སྐད་བརྗོད་པར་བྱ་སྟེ། རྟོགས་པ་ངེས་པར་རྟོགས་ཡིན་ན། །དེ་ནི་གང་གིས་ཡིན་པ་སྨྲོས། །དངོས་པོ་བྱེད་བ་ལ་བརྟེན་ཏེ། །གོས་སོགས་ཆོན་དུ་བཙོས་པ་བཞིན། །རྟོགས ་པ་ཞེས་བྱ་བ་ནི་བློ་ཡིན་ཏེ། འདི་ལྟར་དངོས་པོའི་རྐྱེན་ཡིན་ལ་དངོས་པོ་ནི་ངེས་པར་རྫས་ལ་བརྟེན་པར་བྱ་བ་ཡིན་ཏེ། ཇི་ལྟར་ཚོན་དུ་གོས་བཙོས་བ་བཞིན་ནོ། །བསྒྱུར་བ་ནི་བཙོས་པ་སྟེ། འབྲས་ཆན་ལ་སོགས་བ་བཞིན་ནོ། །?་ཡང་རྟོཌ་པ་ལམ་རྟོཌ? ་པའི་རྫས་ནི་མི་དམིགས་ན་འདི་གང་གིS་རྟོཌ་པ་ཡིན་པ་སྨྲོས་ཤིག་།གཞན་ཡང་སྒྲ་སོགས་ཤེས་པར་མི་འགྱུར་པ། །ཡིན་ཡང་ཤེས་པ་ཇི་ལྟར་ཡིན། །སྒྲ་སོགས་ཤེས་པར་འགྱུར་བ་ནི། །ཡིན་ནའང་ཤེས་པ་ཇི་ལྟར་ཡིན། །རེ་ཞིག་གལ་ཏེ ་བློས་ངེས་བར་བྱ་བའི་རྗེས་སུ་བྱེད་པར་ཡོངས་སུ་འགྱུར་བ་ཡང་འདི་ལ་མེད་པས་ཇི་ལྟར་ན་འདི་ཤེས་པ་པོར་འགྱུར་བ་ཡིན། །མི་འགྱུར་བའི་བདག་ཉིད་ཡིན་པའི་ཕྱིར་རི་མོ་ལ་བྲིས་པའམ་ཤིན་ཏུ་གཉིད་ཀྱིས་ལོག་པའི་གནས་སྐབས་བཞིན་ནོ།། ་ཡང་གལ་ཏེ་སྒྲ་ལ་སོགས་པ་ཤེས་པར་གྱུར་བ་འདི་འགའ་ཞིག་ཡོངས་སུ་འགྱུར་བ་འབྱུང་བ་ཡིན་ན་ནི་ངེས་ན་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གདོང་ལ་སོགས་པའི་གཟུགས་བརྙན་བཞིན་དུ་རྟག་པ་ལ་སོགས་པའི་སྐྱོན་དང་ལྡན་བར་ཐལ་བར་? ་བས་རང་གི་ངོ་བོ་ཉམས་པ་ཡིན་ན་འདི་ཇི་ལྟར་ཤེས་པ་ཡིན་པར་འགྱུར། །འདི་ནི་བྱེད་པ་མེད་པ་ཡིན་ན་ཇི་ལྟར་ན་བྱེད་པ་པོ་ཉིད་དུ་འགྱུར། གལ་ལྟེ་བློས་ངེས་པར་བྱས་པའི་རྗེས་སུ་བྱེད་ཅིང་རྗེས་སུ་སྤྱོད་པའི་ཕྱིར་འདི་ལ་བྱེད་པ་པོ་ཞེས་བྱའོ་ཞེ་ན། བྱེད་བ་མེད་པ་མ་སྐྱེས་ཕྱིར། །བྱེད་པོ ་ཉིད་དུ་ཇི་ལྟར་འདོད། །མ་སྐྱེས་པ་ལ་འདོགས་ན་ཡང། །སྐྱེས་བུ་བཏགས་པ་པ་རུ་འགྱུར། །ཉེ་བར་འདོགས་པར་བྱེད་ན་ཡང་བྱེད་པ་པོ་ཉིད་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་བཞིན་དུ་རིགས་བ་མ་ཡིན་ཏེ་།མ་སྐྱེས་པའི་ཕྱིར། འདིའི་ཉེ་བར་གདགས་པ་ཡང ་ཇི་ལྟར་འགྲུབ་པར་འགྱུར་ཏེ་།སྐྱེས་པ་ཞིག་ཡིན་ན་ཉེ་བར་གདགས་པར་འགྱུར་གྱི། །ཇི་ལྟར་ན་ཤེས་པ་འདི་ཉེ་བར་གདགས་པར་འགྱུར་ཞེས་བྱ་བའི་བསམ་པའོ། །གལ་ཏེ་ཡང་མེའི་སྲེག་པ་ཉེ་བར་གདགས་པ་བཞིན་དུ་འདིར་ཡང་ཉེ་བར་གདགས་བར ་བྱ་སྟེ། ཇི་ལྟར་རྐུན་མོས་གྲོང་བསྲེགས་ཞེས་མེ་ལ་ཡོད་པའི་སྲེག་པ་རྐུན་མོ་ལ་ཉེ་བར་འདོགས་པར་བྱེད་པ་བཞིན་དུ་བློ་ལ་ཡོད་པའི་ཤེས་པ་ཡང་སྐྱེས་བུ་ལ་ཉེ་བར་འདོགས་པར་བྱེད་དོ། །ཞེས་འདིར་སྨྲར་ནུས་ཏེ་།སྐྱེས་བུ་ནི་བྱ་བ་དང་བྲལ་བ་ཡིན ་ན་ཡང་བྱེད་པ་པོ་ཉིད་ཉེ་བར་འདོགས་ཏེ། ལུགས་ཡོད་པའི་མོའི་སྲེག་པ་ཉེ་བར་འདོགས་པར་བྱེད་པ་བཞིན་ནོ་ཞེ་ན། དེ་ལ་ཡང། བྱེད་པོའི་སྒྲ་ཡི་བརྗོད་བྱའི་ཕྱིར། །མེ་བཞིན་ཁྱོད་ཀྱི་སྐྱེས་བུ་ཡང། །རྒྱུ་བཅས་བྱ་བཅས་སྤྱད་བྱ་དང། བྱ་བར་རབ་ཏུ ་བསྐྱེད་པའང་ཡིན། །མེ་དང་ཆོས་འདྲ་བར་བྱེད་པ་པོ་ཞེས་ཐ་སྙད་དུ་འདི་ལ་ཉེ་བར་འདོགས་པར་བྱེད་ན་རྒྱུ་དང་བཅས་པ་ཉིད་དང་།བྱ་བ་དང་བཅས་པ་ཉིད་དང། སྤྱད་པར་བྱ་བ་ཡིན་པ་ཉིད་དང། །བྱ་བ་ཡིན་པ་ཉིད་དང། སྐྱེས་པར་བྱེད་པའི་ཆོས་ཅན ་ཡིན་པ་ཉིད་དོ། །ཞེས་བྱ་བ་མེ་ཇི་ལྟ་བ་བཞིན་དུ་འབྱུང་བར་ཡང་འགྱུར་ན་དེ་ལྟ་བུར་མི་ཁྱོད?་མི་འདོད་དོ། །གཞན་ཡང། ཀུན་ཁྱབ་མ་ཡིན་རང་བཞིན་ལས། །གཞན་བ་མ་ཡིན་སྐྱེས་བུ་མིན། །དེ་ཡི་རང་དངོས་ཁྱད་པར་ནི། །དེ ་ཡིས་འདི་ལྟར་སྤོང་བར་འགྱུར། །འདི་ནི་ཀུན་ལ་ཁྱབ་པ་མ་ཡིན་ཏེ། ཕྱོགས་གཅིག་གི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་མེའི་བཞིན་ནོ། །རང་བཞིན་ལས་གཞན་བ་ཡང་མ་ཡིན་ཏེ། རང་བཞིན་གྱི་འགྱུར་བ་ཡིན་པའི་ཕྱིར་མེ་བཞིན་ནོ། །སྐྱེས་བུ་ཡིན ་པར་ཡང་མི་འགྱུར་ཏེ། རྟོགས་པ་ལས་གཞན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་མེ་བཞིན་ནོ། །དེ་ལྟ་བས་ན་ཁྱོད་རང་ཉིད་ཀྱིས་སྐྱེས་བུ་ཆོས་ཅན་རང་གི་ངོ་བོ་སྤངས་པ་དང། ཆོས་ཀྱི་ཁྱད་པར་སྤངས་པར་སྒྲུབ་པ་ཡིན་ནོ། །ངེས་ན་ཁས་བླངས་པ་དེ ་ལ། གནོད་ཕྱིར་དམ་བཅས་སྐྱོན་མེད་ཕྱིར། ཞེས་བྱ་བ་སྟེ། ངེས་ན་འདིར་སྐྱོན་དང་བཅས་པ་ཡིན་ཏེ། ཇི་ལྟ་བུར་ཞེ་ན། ཇི་ལྟར་དབང་ཕྱུག་རྒྱུར་སྨྲ་བཞིན། །རྟོགས་པ་ལ་སོགས་སྤངས་པ་ཡིན། །ཁྱོད་ཀྱིས་ཀྱང་བསྒྲུབ་པ་ཡིན་ནོ། །ཞེས་བྱ ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་དབང་ཕྱུག་རྒྱུར་སྨྲ་བ་དག་དབང་ཕྱུག་གཅིག་པུ་རྟག་པ། མ་སྐྱེས་པ་ནི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པར་སྨྲས་ཉིད་ཡིན་ལ། མ་སྐྱེས་པ་ཉིད་ཀྱི་རྗེས་སུ་དཔག་པས་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ ་ཡོད་པ་མ་ཡིན་པས་དེའི་རང་གི་ངོ་བོའི་ཁྱད་པར་སྤངས་པ་བསྒྲུབ་པ་ཡིན་པའི་ཕྱིར། །རང་གི་ཚིགས་དང་འགའ་བ་ཟློག་?་དགའ་བོ་ཡིན་ནོ། །དེ་བཞིན་དུ་ཁྱོད་ཀྱིས་རྟོགས་པ་གསལ་བ་ཡིན་པའི་ཕྱིར་དམ་བཅས་པ་ལ་རང་གི་ཚིག་གིས ་གནོད་པ་བཟློག་པར་དཀའ་བ་ཡིན་ནོ། །གཞན་ཡང་ཅུང་ཞིག་།བདག་དང་བདག་གི་མིན་རྟོགས་པ། །བློ་ཡི་རྗེས་སུ་རྟོགས་པ་ཡི། །ལྟ་བ་ལོག་པས་གྲོལ་བར་ནི། །ཁྱོད་ཀྱི་སྐྱེས་བུར་འགྱུར་མི་རིགས། །བློས་བཏགས་པའི་རྗེས་སུ་བྱེད་པའི་སྐྱེས་བུས་བདག་ཀྱང ་འདིའི་མ་ཡིན་ལ། །འདི་ལ་ཡང་དག་གི་མ་ཡིན་ན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ན་ཐོར་བ་སྐྱེས་བར་གྱུར་པ་ཡིན་ནོ་ཞེས་གྲགས་ལ་།བདག་ཅག་གི་ལུགས་ནི་འདི་ལ་རེ་ཞིག་མི་བདེན་བའི་དེ་ཁོ་ན་ཉིད་མཐོང་བ་དེ་ལས་གཞན་ཡིན་བས་རིགས་པ་མ་ཡིན་ནོ། །སྐྱེས ་བུ་ཐ་དད?་མཐོང་བ་ཡིས། །ཐར་པ་འཐོབ་བ་མ་ཡིན་ཏེ། །བློ་བཞན?་ཡིན་ཕྱིར་སྦྱར་བྱང་བ?། །སྐྱེས་བུ་གཞན་ཉིད་མཐོང་བ་བཞིན། །སྤྱད་པར་བྱ་བ་གཙོ་བོ་དང་སྤྱོད་པ་པོ་སྐྱེས་བུ་དག་གང་གི་ཚེ། ཐ་དད་ཉིད་དུ་མཐོང་བ་ངེས་ཐར་བ་འཐོབ་བར་འགྱུར་བ་མ་ཡིན ་ཏེ། གཏན་ཚིགས་ཅི་ཡོད་ཅི་ན། བློ་གཞན་ཡིན་པའི་ཕྱིར་ཇི་ལྟར་སྤྱད་པར་བྱ་བའི་བུད་མེད་དང་བདག་པོ་གཉིས་གཞན་ཉིད་དུ་མཐོང་བ་བཞིན་ནོ། །དབུ་མའི་སྙིང་པོའི་འགྲེལ་བ་རྟོག་གེ་འབང་བ།། །།བམ་བོ་ཉི་ཤུ་གཅིག་པ། ། ་གཞན་ཡང་ཇི་ལྟར་བཅས་པའི་ཕྱིར། །མི་ནི་ཐ་དད་མཐོང་བ་ལྟར། །སྐྱེས་བུ་ཐ་དད་མཐོང་བ་ཡིས། །དེ་བཞིན་གྲོལ་བར་མི་འདོད་དོ། །ཇི་ལྟར་ན་འཇིག་རྟེན་ན་བུད་མེད་དང། སྐྱེས་བུ་ཐ་དད་མཐོང་བ་ཡང་ཐར་པ་མ་ཡིན་པར་གྲགས་ཏེ་།ཅིའི་ཕྱིར་ཞེ་ན། ་རྣམ་པར་རྟོག་པའི་རྒྱུ་མཚན་དང་བཅས་པའི་ཕྱིར། དེ་བཞིན་དུ་རང་བཞིན་དང་སྐྱེས་བུ་ཡང་ཐ་དད་པར་མཐོང་དུ་ཟིན་ཀྱང་ཐར་པ་མ་ཡིན་ཏེ། །རྣམ་པར་རྟོག་བ་དང་བཅས་པའི་ཕྱིར་རོ། །ཞེས་བ་བའི་བསམ་པས་སོ། །མ་ལུས་ཟད་བར་གྱུར་པ ་ནི་ཐར་བའི་ཞེས་བསྟན་པའི་ཕྱིར་བྱ་བ་དང་བྲལ་བའི་འདིའི་ཐ་དད་དུ་མཐོང་བ་ཇི་ལྟར་རིགས་པ་ཡིན། དེས་ན་རབ་ཏུ་བྱེད་པ་ཡོངས་སུ་རྫོགས་བར་སྔར་བསྟན་པའི་སྐྱོན་རྣམས་བསྡུས་པ་ཉིད་ཀྱི་ཤིན་ཏུ་མི་རིགས་བ་ཡིན་པས་ས་གཞན་གྱི་གཞན ་ཡོངས་སུ་སྤང་པའི་ཕྱིར་སྨྲས་པ། དེ་ལྟར་གྲངས་ཅན་དེ་ཉིད་ནི། སྔོན་དང་ཕྱི་མར་འགལ་བ་དང། །རིགས་པ་དང་ནི་མི་ལྡན་ལ། །མཁས་བ་རྣམས་ཀྱི་བླ་མི་འཇུག་།གང་གི་ཕྱིར་སྐྱོན་མེད་པའི་སྒྲུབ་པ་ནི་རིགས་བ་ཡིན་ལ། གྲངས་ཅན་གྱིས་མངོན་པར་འདོད་ ་པའི་དོན་དམ་པ་དེ་ནི་ཤིན་ཏུ་རིགས་པ་དང་བྲལ་ཞིང་སྔོན་དང་ཕྱི་མར་འགལ་བ་ཡིན་ནོ། །ཇི་སྐད་སྨྲས་པའི་ལུགས་དེ་ལ་མཁས་པ་རྣམས་གཞོལ་བར་མི་འགྱུར་རོ། །ཞེས་བྱ་བར་སྨྲས་པ། ནྱ་གྲོ་དའི་ས་བོན་གྱི། །ནང་ན་ཡོད་པའི་ནྱ ་གྲོ་དང། །བུད་མེད་སྐྱེས་པ་འགྲོགས་ལ་བུ། །རྔ་ཡི་ནང་ན་སྒྲ་གནས་དང། །ཟས་ཀྱི་ནང་ན་ཕྱི་ས་སོགས། །ཤིང་ལ་འབར་ཡོད་མི་མཐོང་ཞེས། །གང་ཞིག་མངོན་སུམ་སྤོང་བྱེད་པ། །དེ་ནི་བདེན་སྨྲ་ཇི་ལྟར་ཡིན་ནོ། །དེ་ནི་ཡོད་ཀྱང་མི་གསལ་བས། །དེས་ན་བྱ་བ ་མངོན་མ་མཐོང། །ཞེན་མི་གསལ་མེད་མིན་པས། །ེ་མའོ་བསྟན་བཅོས་ཤིན་ཏུ་ལེགས། །དེ་ལྟ་བས་ན་ཁོ་བོས་སྔར་སྨྲས་པའི་ཁོ་བོ་ཅག་གི་དེ་ཁོ་ན་ཉིད་ནི་རིགས་པ་དང་བཅས་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་འབར ་བ་ལས། །གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ། ལེའུ་དྲུག་པའོ།། །།དེ་ནས་ད་ནི་བྱེ་བྲག་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་རབ་ཏུ་བྱེད་པ་བདུན་པ་བརྩམ་པར་བྱའོ། །དེ་ལ་བྱེ་བྲག་པས་རང་གི་གྲུབ? ་པའི་མཛའ་ཉིད་འདི་ལྟར་མང་དུ་འགོད་བར་བྱེད་དེ། གཞན་དག་ལ་བརྟེན་ནས་གོམས་པ་ལས་ཐར་པ་ནི་གཅིག་ཉིད་ཡིན་པས་བདག་ཅག་གིས་སྐྱེས་བུ་ནི་བྱེད་པ་མེད་པ་མ་ཡིན་ཏེ་།ཅི་ཞིག་ཡིན་ཞེ་ན། བྱེད་པ་པོ་དང་ཟ་བ་པོ་ཡིན་ཏེ་།གང་གི ་ཕྱིར་རྟོགས་པ་ལ་སོགས་པ་ཡོན་ཏན་ལས་གཞན་པོའི?་བདག་ནི་ཡོད་དེ། དེ་ནི་མ་སྐྱེས་པ་རྟག་པ་བྱེད་པ་པོ་ཟབ་པོ་ཁྱབ་པ་བྱ་བ་མེད་པའོ། །དེ་བཞིན་དུ་ས་དང་།ཆུ་དང་མེ་དང། རླུང་རྣམས་ཀྱི་རྡུལ་ཕྲ་རབ་དེ་དག་ཀྱང་རྟག་པ་སྟེ། གྲང་ས་ཇི་ལྟ་བ ་བཞིན་དུ་ཡོན་ཏན་བཞི་དང། ཡོན་ཏན་གསུམ་དང། ཡོན་ཏན་གཉིས་དང། ཡོན་ཏན་གཅིག་དང་ལྡན་པ་ནི་རེག་བྱ་དང། རོ་དང་གཟུགས་དང་།དྲི་དང་མཚུངས་བར་ལྡན་ནོ། །དེ་དག་ནི་མི་རེག་པར་རིགས་མཐུན་པ་ལ་བལྟོས་ནས་རང་དང་མཐུན ་བ་དང། མཐུན་པ་མ་ཡིན་པའི་བྱ་བ་རྩོམ་པར་བྱེད་དོ། །ཕྱོགས་དང་ནམ་མཁའ་དང་།དུས་ཀྱང་མ་སྐྱེས་པ་ཁྱབ་པ་རྟག་པ་བྱ་བ་མེད་པ་ཡིན་ནོ། །ཡིད་ནི་རྟག་པ་བྱ་བ་དང་བཅས་པ་ཡོངས་སུ་ཆད་པའོ། །སྤྱི་དང་ཁྱད་པར་དང་འདུ་བ་ཡང་མ་སྐྱེས་པ། ཁྱབ་པ། རྟག་པ་ཆ ་མེད་པ། བྱ་བ་མེད་པ་།རྫས་དང་ཡོན་ཏན་དང། ལས་ལ་བརྟེན་པ་ཡིན་ནོ། །ཡོན་ཏན་ཡང་ཁ་ཅིག་ནི་རྟག། ཁ་ཅིག་ནི་མི་རྟག་པའོ། །ལས་ནི་མི་རྟག་པ་ཉིད་ཡིན་ནོ། །དེ་བཞིན་དུ་ཆ་དང་ཆ་ཅན་དང། ཡོན་ཏན་དང་ཡོན་ཏན་ཅན་དང། བྱ་བ་དང་བྱེད་པ་དང། ་མཚན་ཉིད་དང། མཚན་ཉིད་ཅན་དག་ནི་གཞན་དང་གཞན་ཡིན་ནོ། །དེ་བཞིན་དུ་དབང་པོ་དང་དོན་དང་ཡིད་འདུས་པའི་ཤེས་པ་ནི་མངོན་སུམ་གྱི་ཚད་མའོ། །གཞན་དག་ན་རེ་བྱེད་པ་པོ་ནི་ཡོད་བྱ་བ་ནི་མེད་ཅེས་ཟེར་རོ། །དེ་བཞིན་དུ་ཚིག་གི་དོན་དྲུག་གིས་ཐམས་ཅད ་བསྡུས་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྫས་དང་ཡོན་ཏན་དང། ལས་དང། སྤྱི་དང། ཁྱད་པར་དང་།འདུ་བ་ཞེས་བྱ་བའོ། །དེ་ལ་རྫས་ཞེས་བྱ་བའི་ཚིག་གི་དོན་རྣམ་པ་དགུ་ནི་འདི་ལྟ་སྟེ། ས་དང་ཆུ་དང། མེ་དང་།རླུང་དང་།ནམ་མཁའ་དང། དུས་དང། ་ཕྱོགས་དང། བདག་དང། ཡིད་ཅེས་བྱ་བའི་རྫས་རྣམས་སོ། །འདི་ལྟ་སྟེ། ཡོན་ཏན་ཉི་ཤུ་རྩ་བཞི་ནི་ཡོན་ཏན་གྱི་ཚིག་གི་དོན་ཡིན་ལ་དེ་ནི་འདི་ལྟ་སྟེ། གཟུགས་དང། རོ་དང་།དྲི་དང་།རེག་བྱ་དང་།གྲངས་དང། བོང་ཚོད་དང་།སོ་སོ་དང། འདུ་བ་དང། ་གཞན་ཉིད་དང། གཞན་མ་ཡིན་བ་ཉིད་དང། བློ་རྣམས་དང། བདེ་བ་དང་།སྡུག་བསྔལ་དང། འདོད་པ་དང། ཞེ་སྡང་དང། འབད་པ་ཞེས?་བྱ་བ་རྣམས་ནི་ཡོན་ཏན་ནོ། །དེ་བཞིན་དུ་ལས་ནི་རྣམ་པ་ལྔ་སྟེ། སྟེང་དུ་འབྱིན་པ་དང། འོག་ཏུ་གནོན་པ་དང། བསྐུམ་པ ་དང། བརྐྱད་བ་དང། འགྲོ་བ་ཞེས་བྱ་བའི་ལས་རྣམས་སོ། །དེ་བཞིན་དུ་གང་གི་ཕྱིར་རྫས་དང། ཡོན་ཏན་དང། ལས་རྣམས་ལ་ཡོད་པ་ཡིན་ནོ། །ཞེས་འབྱུང་བའི་རྗེས་དང་ཡོན་ཏན་དང་།ལས་རྣམས་ཀྱི་དོན་ལས་གཞན་ཞིག་ཡོད་པ་དེ་ནི་སྤྱི་ཞེས་བྱ ་བར་བརྗོད་དོ། །ཁྱད་ཞུགས་པ་ཡོད་བ་ནི་ཁྱད་པར་སྟེ། ཇི་ལྟར་དཀར་པོ་དང། ནག་པོ་ཞེས་བྱ་བའི་ཁྱད་པར་ལྟར་དེ་བཞིན་དུ་རྫས་དང་ཡོན་ཏན་ཞེས་བྱ་བའི་ཁྱད་པར་ཡང་ཡིན་ནོ། །ཡང་འདུ་བ་ནི་ཇི་ལྟར་འདི་ལ་ཡོད་དོ་ཞེས་ཡང ་དག་པར་སློས་རྟོག་པར་འགྱུར་བའི་དོན་ཏེ། འདི་དག་ནི་ཚིག་གི་དོན་དྲུག་ཡིན་ནོ་དེ་བཞིན་དུ་ཁྱད་པར་མེད་པ་དང། ལྡན་པའི་རྟག་པ་ནི་ཡོད་དེ་རྫས་དང་ལྡན་པ་བྱ་བ་དང་བྱེད་པ་དང་སྤྱི་དང་ཁྱད་པར་དང་ལྡན་པ་ཞེས་བྱ་བ་ནི་རྫས་དང་ཡོན་ཏན་དང་ལས་རྣམས ་ཀྱི་ཁྱད་པར་མེད་པའོ། །དེ་བཞིན་དུ་རྫས་ཀྱིས་ནི་རྫས་གཞན་རྩོམ་བར་བྱེད་ལ་ཡོན་ཏན་གྱིས་ཀྱང་ཡོན་ཏན་གཞན་རྩོམ་པར་བྱེད་དོ། །ཡང་ལས་ལ་ནི་སྤྱི་མེད་དོ། །ཡང་རྫས་ནི་བྱེད་པ་པོར་ཡང་མི་འགལ་ལ་བྱ་བར་ཡང་མི་འགལ་ལོ། །ཡོན་ཏན་ནི་གཉི་གའི ་རྫས་ཀྱི་མཚན་ཉིད་སྤྱི་ནི་བྱ་བ་དང་ལྡན་པ་ཡོན་ཏན་དང་ལྡན་པ་འདུ་བའི་རྒྱུར་གྱུར་པ་ཏེ་རྫས་ཀྱི་མཚན་ཉིད་དོ། །རྫས་ལ་རྟེན་བ་ཡོན་ཏན་གཞན་དང་མི་ལྡན་པ་འདུ་བ་དང་བྲལ་བ་ན་ཡང་རྒྱུ་མེད་པ་བལྟོས་བ་མེད་པ་ནི་ཡོན་ཏན་གྱི་མཚན་ཉིད་དོ། ། ་ཡང་ལས་ཀྱི་མཚན་ཉིད་ནི་རྫས་གཅིག་བུ་ཡོན་ཏན་མེད་པ་འདུ་བ་དང་འབྲལ་བ་ན་ཡང་བལྟོས་པ་མེད་པའི་བྱེད་པ་པོ་ནི་ལས་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་རྫས་ནི་སྤྱིའི?་བྱེད་པ་པའོ། །དེ་བཞིན་དུ་ཡོན་ཏན་ནི་འདུ་བ་དང་འབྲལ་བའི་བྱེད་པ ་པོར་འཇུག་པའོ། །རྫས་རྣམས་ནི་རྫས་ཀྱི་བྱ་བ་སྟེ། ཇི་ལྟར་སོར་མོ་གཉིས་བཞིན་ནོ། །ཡོན་ཏན་ལས་ཡོན་ཏན་འབྱུང་སྟེ། ཇི་ལྟར་གཟུགས་ལས་གཟུགས་བཞིན་ནོ། །དེ་བཞིན་དུ་རྫས་སོ་སོའི་མཚན་ཉིད་བརྗོད་པར་བྱ་སྟེ། གཟུགས་དང། ་རོ་དང། དྲི་དང། རེག་བྱ་དང་ལྡན་པ་ནི་སའི་རྫས་སོ། །གཟུགས་དང། རོ་དང་།རེག་བྱ་དང་ལྡན་པའི་ཆུ་སྟེ། གཤེར་བ་དང་ལྡན་པ་ཉིད་དོ། །མེ་ནི་གཟུགས་དང་།རེག་བྱ་དང་ལྡན་པའོ། །རླུང་ནི་རེག་པ་དང་ལྡན་པ་སྟེ་རྟགས་མི་མཐོང་བའོ། །ནམ་མཁའ་ ་ནི་ཡོན་ཏན་སྒྲ་དང་ལྡན་པའོ། །གཞན་དང་གཞན་མ་ཡིན་པ་དང། ལྷན་གཅིག་དང་ལྷན་ཅིག་མ་ཡིན་པ་དང། དུས་རིང་བ་དང་ཐུང་བ་ཞེས་བྱ་བ་ནི་དུས་ཀྱི་རྟགས་སོ། །གང་འདི་དང་འདི་ཞེས་བྱ་བ་དེ་ནི་ཕྱོགས་ཀྱི་རྟགས་ཏེ། སྔར་ཉི་མ་དང་ལྡན་པར་གྱུར་པ་དང། ཕྱིས ་ལྡན་པར་འགྱུར་པ་ལས་ཤར་དང། །དེ་བཞིན་དུ་ལྷོ་དང་།ནུབ་དང་།བྱང་ཞེས་བྱ་བས་ཕྱོགས་ཀྱི་ཁྱད་པར་བསྟན་པ་ཡིན་ནོ། །དབང་པོ་དང་དོན་དང། ལྷན་ཅིག་གནས་པ་ནི་བདག་ཡིན། །ཤེས་པའི་ངོ་བོ་ཉིད་མེད་པ་དང་ངོ་བོ་ཡོད་པ་ནི་ཡིད་ཀྱི་རྟགས་སོ། ། ་གཞན་ཡང་འདིར་ཐར་པ་འདོད་པ་དག་བླ་མ་དང་ཉེ་བར་སོང་ནས་ཕྱི་དང་ནང་དག་ལ་ཕུན་སུམ་ཚོགས་པར་བྱ་སྟེ། ཁྲུས་དང་དབང་བསྐུར་བ་དང། བསྙུང་བར་གནས་པ་དང་།ཚངས་པར་སྤྱོད་པས་བླ་མའི་ཁྱིམ་དུ་གནས་པ་དང་།ནགས་སུ་གནས་པ་དང། ་མཆོད་སྦྱིན་དང། སྦྱིན་པ་ལ་ཕྱོགས་པ་དང། རྒྱུ་སྐར་དང། དུས་ངེས་པ་ལ་མཐོང་བར་སྤྱོད་པར་བྱེད་པའི་མི་མཐོང་བ་ནི་ཆོས་ཞེས་བརྗོད་ལ། དེའི་དོན་དུ་སྟེན་བར་བྱེད་པ་ལ་ཡང་ཆོས་ཞེས་བྱའོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པ་ཞེས་བྱ་སྟེ། ་དེ་ལྟ་བུའི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ལ་འཇུག་པ་ལས་བདེ་བ་དང་སྡུག་བསྔལ་ཡིན་ལ། དེ་དག་ལ་ཆགས་པ་དང་སྡང་བའོ། །དེས་བྱས་པས་འདི་ལྟར་ཡང་སྐྱེ་ཞིང་འཁོར་བར་འགྱུར་ཏེ། འདི་ལྟར་ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པའི ་མཚན་ཉིད་ཀྱིས་ཐོག་མ་མེད་པའི་དུས་ནས་བཅིངས་ཞེས་བརྗོད་དོ། །ཇི་ལྟར་འཁོར་བ་ཐོག་མ་མེད་པ་དེ་བཞིན་དུ་ཅི་ཐ་མ་ཡང་མེད་པའི་བདག་ཉིད་གཅིག་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཐར་པ་ཡོད་པ་སྟེ་དེ་ཁོ་ན་ཉིད་ཤེས་པ་ལས་ཐ་མ་ཐར་པར་འགྱུར་རོ། ། ་ཡང་དེ་ནི་གང་ཆོས་དང་ཆོས་མ་ཡིན་པ་དག་སྤྱད་པས་ཡང་དང་ཡང་འཁོར་ཞིང་བཟོ་ཆུན་རྒྱུད་མོའི་འཁྲུལ་འཁོར་གྱི་གནས་ལྟ་བུའི་འཁོར་བར་འཇུག་པར་འགྱུར་ལ། དེ་མེད་པས་ཡང་འབྱུང་པ་ཉིད་མཚམས་སྦྱོར་བ་ཡང་མེད་པའི་ཕྱིར་ཐར་པ་ཡིན ་ཏེ། མེད་མེ་ཤི་བར་གྱུར་པའི་སྣང་བ་བཞིན་ནོ། །ལུས་དང་བཅས་པའི་བདག་ཡིད་དང་ལྡན་བར་གྱུར་པ་ནི་འཚོ་བ་ཡིན་ལ། དེའི་མ་མཐོང་བ་མི་འབྱུང་བས་མེད་པར་གྱུར་པ་ནི་ཀུན་ཏུ་སྦྱོར་བ་མེད་པ་སྟེ། ཡང་འབྱུང་པར་མི་འགྱུར་བའི ་ཕྱིར་དང་པོའི་ལུས་ལ་སོགས་པ་གཏན་མི་འབྱུང་བར་འགྱུར་རོ། །གལ་ཏེ་ཆོས་དང་ཆོས་མ་ཡིན་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། མ་འོངས་པ་མི་འབྱུང་ཞིང་བསགས་པ་འགོག་པ་སྟེ། དེ་ལ་ལུས་དང། དབང་པོ་དང། ཡིད་ལས་ཐ་དད་པའི་བདག ་མཐོང་བ་ན་དགེ་བ་སྐྱེ་བར་མི་འགྱུར་ལ། དེ་སྒྲུབ་པར་བྱེད་པ་ཡོངས་སུ་སྤངས་པས་མ་འོངས་པ་ཡང་མི་སྐྱེ་བའོ། །བསགས་པ་འགོག་པ་ཡང་ལུས་ཀྱི་དེ་ཁོ་ན་ཉིད་ལ་རྟོག་བར་བྱེད་བ་ན་ཆགས་པར་མི་རྩོམ་པའོ། །དོན་དམ་པའི་བདག་ངེས་བར་རྟོགས ་ཤིང་ཚིག་གི་དོན་དྲུག་གི་དེ་ཁོ་ན་ཉིད་ངེས་པར་ཤེས་པ་ན་ཆོས་ཀྱང་མེད་པར་འགྱུར་བ་ཡིན་ཏེ། འདིར་ལུས་དང་ཡིད་གྱི་རྣམ་རྟོག་ནི། །ཐམས་ཅད་སྤངས་ནས་དྲི་མེད་པའི། །ཡོངས་སུ་འདའ་བར་དེ་འགྲོ་སྟེ། །ཤིང་ཟད་པ་ཡི་མེ་བཞིན་ནོ། །ཞེས་དམ་ལ་བསྟན ་པ་ཡིན་ནོ། །ཇི་ལྟར་ཁྱབ་པའི་བདག་ནི་བྱེད་པ་མེད་པ་ཡིན་དུ་ཟིན་ཀྱང། འོན་ཀྱང་ཡིད་ཀྱི་བདག་ཅེས་འཛིན་བར་བྱེད་པས་ཡིད་དང་ཀུན་ཏུ་སྦྱོར་བ་མེད་པ་ནི་ཡང་འབྱུང་བར་མི་འགྱུར་རོ། །ཞེས་ཉེ་བར་འདོགས་སོ། །ཞེས་བྱ་བ་འདི་ལྟ་བུ་ནི་བྱེ་དག་པའི ་གྲུབ་པའི་མཛའ་ཡིན་ནོ། །དེ་ལ་སློབ་དཔོན་གྱིས་མདོར་བསྡུས་ནས་ངེས་འདོད་པའི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་བླ་སོགས་བདག་གི་ཡོན་ཏན་བཅད། །དྲུང་ནས་ཕྱུང་བའི་རྣལ་འབྱོར་ལ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡིས་ཐར་པར ་ཤེས་ཞེས་གསུངས་ཏེ། བློ་དང། བདེ་བ་དང། སྡུག་བསྔལ་བ་དང། འདོད་པ་དང། ཞེ་སྡང་དང། འབད་པ་དང། ཆོས་དང། ཆོས་མ་ཡིན་བ་དང། ཤེས་པ་དང་།འདུས་བྱས་ཞེས་བྱ་བ་ནི་བདག་གི་ཡོན་ཏན་དགུའོ། །དེ་དག་གི་བཅད་པ་ནི? ་འོངས་བ་ནི་མི་འབྱུང་བ་དང། བསགས་པ་འགོག་པའོ། །དྲུངས་ནས་ཕྱུང་བ་ན་ཆོས་དང་།ཆོས་མ་ཡིན་བ་དེ་དག་གཏན་སྤངས་བ་ནི་དྲུངས་ནས་ཕྱུང་བ་སྟེ། ཐམས་ཅད་དུ་ལོགས་པའོ། །དེ་ལྟར་གྱུར་པ་ན་ཡིད་ལ་བྱེད་པ་ལ་འཇུག་པ་ལས་ལྡོག་པ ་གང་གི་ཕྱིར་བཏགས་པ་ཡིན་པས་རབ་ཉིད་ལ་བདག་ཅེས་བྱ་བའི་ཡུལ་དུ་རྣམ་པར་མི་རྟོག་པའི་གནས་སྐབས་སུ་གྱུར་པ་ན་ཐར་པ་ཡིན་ནོ་ཞེས་འུག་པ་བས་ཤེས་པ་ཡིན་ནོ་ཞེ་ན་འོད་ལ་བརྗོད་པར་བྱ་སྟེ། རྒྱས་པར་སྔར་བསྟན་རིམ་པ་ཡིས། །མི་བདེན་སྐྱེ ་བ་བཀག་པ་འམ། །དངོས་པོ་ཡོངས་སུ་བཀག་པས་ན། །འདོད་དང་སྡང་སོགས་ཡོན་ཏན་མེད། །སྔར་བསྟན་པའི་རིམ་པ་གང་ཡིན་ཞེ་ན། འདི་ལྟ་སྟེ། མ་སྐྱེས་བྱེད་པོར་མི་རུང་སྟེ། བྱ་བ་ངེས་པར་བྱ་བ་ལ། བྱེད་པ་ཡིན་ཕིར་སྦྲང་རྩིའི་རྒྱུ། །ནམ་མཁའ་ཨི་མེ་ཏོག ་མིན་པ་བཞིན། །ཞེས་བསྟན་པ་དང། མ་སྐྱེས་སྐྱེས་པ་མ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་མ་སྐྱེས་བཞིན། །ཞེས་བྱ་བ་ལ་སོགས་པས་བྱ་བ་མེད་པའི་འདུག་པ་པས་ཡོངས་སུ་བཏགས་པའི་སྐྱེ་བ་བཀག་པས་འདོད་པ་དང། ཞེ་སྡང་ལ་སོགས་པའི་རང་གི་ངོ་བོ་ཡོངS ་སུ་མ་གྲུབ་ན་བདག་གི་ཡོན་ཏན་ཇི་ལྟར་འབྱུང་བར་འགྱུར་ཡང་ན་དེ་ལ། འབྱུང་བའི་ངོ་བོ་ལ་སོགས་ཀྱི། །དོན་དམ་བར་ན་ཡོད་མིན་ཏེ། ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རབ་ཏུ་བཀག་པས་དེ་ཁོ་ན་ཉིད་དུ་ཡོན་ཏན་ཞེས་བྱ་བའི ་ཚིག་གི་དོན་གྱི་དངོས་པོ་མེད་པ་ཡིན་པས་བདག་དང་དེར་སྦྱོར་བ་ཉིད་ཀྱང་མེད་ན་ཆད་པ་ལྟ་ག་ལ་ཡོད་པར་འགྱུར། ཡང་རྒྱུ་དང་རྐྱེན་ལ་བལྟོས་ནས་བརྟེན་ཏེ་འབྱུང་བའི་སྤྱི་ཉིད་ལ་དེ་ཡོད་པར་ཁས་བླངས་པ་ཡང་དཔྱད་པར་བྱ་བ་ཡིན་པས། རྟག་པའི་བདག ་ལ་ཤེས?་མི་སྟེན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །གང་རེ་ཞིག་དབང་པོ་དང། དོན་དང་ཡིད་ཕྲད་པ་ལས་སྐྱེས་པའི་མངོན་སུམ་གྱི་ཤེས་པ་དེ་ཡང་དོན་དམ་བར་བདག་རྟག་བ་ལ་བརྟན་བར་མི་རིགས་ཏེ། རྒྱུ་དང་ལྡན་པ་ལ་སོགས་པ་སྤྱི་ཡོད་པའི ་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །ཡང་ན་བློ་ནི་བདག་གི་ཡོན་ཏན་དུ། །མི་རིགས་སྐྱེས་དང་ལྡན་པའི་ཕྱིར། །ཇི་ལྟར་དེ་ཡི་ཡོན་ཏན་དུ། །གཟུགས་ལ་སོགས་པ་མི་འདོད་བཞིན། །བློ་ནི་བདག་གི་ཡོན་ཏན་ཉིད་ཡིན་པར་མི་རིགས ་ཏེ། ཅིའི་ཕྱིར་ཞེ་ན་།གང་དང་གང་སྐྱེ་བ་དང་ལྡན་པ་དེ་ནི་བདག་གི་ཡོན་ཏན་ཡིན་པར་མ་མཐོང་སྟེ། དཔེར་ན་གཟུགས་བཞིན་ནོ། །ཡང་ན་འདུ་བ་ཡིན་ཕྱིར་བདག་མེད་པས། །རིགས་དེ་མི་རྟག་པ་ཡི་ཕྱིར། །ཇི་ལྟར་གཟུགས་སྔར་ཡོད་པ་མ་ཡིན ་པ་དེ་ལྟ་ན་ཡང། བདག་དང་ཉེ་བར་གནས་པ་ལས་བློ་ལ་བདག་ཡོན་ཏན་ཉིད་དོ་ཞེས་ཟེར་བ་ཐོས་ཏེ་དེ་བདག་དང། རྟག་ཏུ་འདུ་བར་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་སོ། །གང་གི་ཕྱིར་ཞེ་ན། མི་རྟག་པའི་ཕྱིར་རམ། སྔར་དབང་པོ་དང་།ཡུལ ་ཕྲད་ནས་གནས་པའི་དུས་ན་མེད་པའི་ཕྱིར་ཏེ། དཔེར་ན་གཟུགས་ནི་བདག་དང་འདུ་བ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་བློ་ནི་འདིའི་ཡོན་ཏན་ཡང་མ་ཡིན་པ་ཉིད་ཡིན་ནོ། །དེ་ལྟར་བ་དེ་བ་དང་སྡུག་བསྔལ་སོགས། །དགག་པ་མཐར་ཐུག་ཤེས་པར ་བྱ། །བདེ་བ་འབྱུང་བ་ཉིད་ཀྱང་བདག་གི་ཡོན་ཏན་མ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ། །བདེ་བ་ནི་བདག་དང་འདུ་བ་མ་ཡིན་ཏེ། མི་རྟག་བའི་ཕྱིར་རམ་།སྔ་ན་མེད་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ། །དེ་བཞིན་དུ ་སྡུག་བསྔལ་དང། འདོད་པ་དང། ཞེ་སྡང་ལ་སོགས་པ་རྣམས་ཀྱང་དགག་པར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ་།གཞན་ཡང་ཡིད་ནི་བརྟག་པ་མིན་པར་འདོད། །བརྗོད་བྱ་ཡིན་ཕྱིར་བུམ་པ་བཞིན། །གལ་ཏེ་གང་བློ་ལ་སོགས་པ་ནི་མི ་རྟག་པ་ཡན་བའི་ཕྱིར་བདག་དང?་འདུ་བ་མ་ཡིན་གྱི། ཡིད་ནི་འདིར་རྟག་པ་ཡིན་པས་དེ་དང་འདུ་བ་ཡིན་ནོ་ཞེ་ན། ཡིད་ཀྱང་རྟག་པ་མ་ཡིན་ཏེ། ཚིག་གིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །རྟག་པ་ཉིད་མ་ཡིན་ན་ཇི་ལྟར ་དེ་དང་འདུ་བར་གྱུར་བ་ཡིན་ཞེས་བྱ་བར་བསམ་པའོ། །གཞན་ཡང་འདི་ནི་བདག་གི་བྱེད་པ་མིན། །དངོས་པོ་ཡིན་ཕྱིར་བདེ་བ་བཞིན། །གང་དང་གང་དངོས་བོ་ཉིད་ཡིན་ན་དེ་ནི་བདག་གི་བྱེད་པ་མ་ཡིན་ཏེ། དཔེར་ན་བདེ་བ་བཞིན་ནོ། །ཡིད་ནི་བྱེད་བ་ཉིད་དུ་མ ་སྐྱེས་པས་འདུ་བ་ཡིན་པར་བདེན་དུ་ཟིན་ཀྱང་དོན་མཐོང་བར་གྲུབ་པ་མ་ཡིན་ནོ། །ཡང་ན་རྟེན་མེད་པར་བརྟེན་པ་ཡང་མི་འགྲུབ་བས་དེས་ན་རྟེན་ཉིད་བཟློག་བར་བྱ་བའི་ཕྱིར། བདག་ཡོད་པ་ན་བཀག་ཟིན་ཀྱང། །འདི་ཡང་བརྟག་པར་བྱ་བ་སྟེ། བརྟེན་ནས་བྱུང་བ ་མ་ཡིན་ཕྱིར། བདག་མེད་ནམ་མཁའ་མེ་ཏོག་བཞིན། །དབང་ཕྱུག་བཀག་པ་དང་འདྲ་བ་བདག་ཀྱང་བཀག་པ་ཡིན་ཡང། ཡང་ཚུལ་གཞན་གྱི་དགག་པར་བྱ་སྟེ། བདག་ནི་མེད་དོ་ཞེས་བྱ་བ་ནི་དམ་བཅའ་བའོ། །གཏན་ཚིགས་ཅི་ཡོང་སོ་སོ་འམ་བསྡུས ་པས་ཀྱང་སྐྱེ་བར་འགྱུར་བའི་རྐྱེན་ཡོངས་སུ་མ་བཟུང་བས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འདིར་གང་མེད་པ་དེ་ནི་སོ་སོ་འམ་བསྡུས་པའི་རྐྱེན་བཟུང་ནས་འབྱུང་བར་འགྱུར་བ་མ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་བཞིན་ནོ། །གང་ཡོད་པ་དེ་ནི ་སོ་སོ་འམ་བསྡུས་པས་རྒྱུ་དང་རྐྱེན་ཡོངས་སུ་བཟུང་ནས་འབྱུང་བར་འགྱུར་ཏེ་།དཔེར་ན་གཟུགས་དང། སྣང་བ་དང་།ནམ་མཁའ་དང། ཡིད་ལ་བྱེད་པ་དང། དབང་པོ་ལ་སོགས་པའི་རྐྱེན་ཡོངས་སུ་བཟུང་ནས་སེམས་སྐྱེ་བར་འགྱུར་བ་བཞིན་ནོ། །ཡང་ན ་བདག་ནི་མེད་དེ། གཟུགས་སུ་རུང་བ་དང། ཉམས་སུ་མྱོང་བ་དང། མཚན་མར་འཛིན་པ་དང། མངོན་པར་འདུ་བྱེད་བ་དང། སོ་སོར་རྣམ་པར་ཤེས་པའི་མཚན་ཉིད་དང་བྲལ་བའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །གཞན་ཡང་སྤྱི་ཡི་སྤྱི་ནི་ཡོད་པར་ཡང། ། ་ཁས་ལེན་པ་ཡང་བརྟག་པར་བྱ། །ཕུང་པོ་འདུས་པའི་རྒྱུན་བཞིར་!བྱས་ནས་ཀུན་རྫོབ་ཏུ་བདག་ཡོད་པས་བདག་གི་སྤྱི་ཡོད་པ་མཁས་ལེན་པ་དེ་ཡང་ཁོ་བོས་འདིར་དཔྱད་པར་བྱའོ། །འདི་ནི་ཁྱབ་མིན་རྟག་པ་མིན། །རྟོགས་བྱ་ཡིན་ཕྱིར་བུམ་པ་བཞིན། །རྣལ་ ་འབྱོར་པ་དག་གི་བསམ་གཏན་གྱི་མིག་གིས་འདི་རྟོགས་པར་བྱ་བ་ཡིན་པས། རྟོག་བྱ་ཡིན་པའི་ཕྱིར་བུམ་པའི་སྤྱི་བཞིན་ནོ། །དེས་ན་འདི་ནི་ཁྱབ་པ་ཡང་མ་ཡིན་ལ། རྟག་པ་ཉིད་ཀྱང་མ་ཡིན་ནོ། །བདག་ནི་ཁྱབ་པ་ཉིད་དུ་ཡོད་པ་ཡིན་ཏེ། ་ཀུན་ལ་ཁྱབ་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེ་ན། དེ་ནི་མ་རིགས་ཏེ། དཔེ་ཉིད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་དངོས་པོའི་དོན་གང་རང་ཉིད་ཀྱང་བསྒྲུབ་པར་བྱ་དགོས་པ་དེས་གཞན་ཇི་ལྟར་སྒྲུབ་པར་བྱེད་ནུས་ཞེས་བྱའོ། །གལ་ཏེ་ནམ་མཁའ་ཐམས་ཅད་ལ ་ཁྱབ་པ་ཡིན་ན་རྡུལ་ཕྲ་རབ་ཀྱི་ནང་ན་ནམ་མཁའ་ཡོད་དམ་མེད། ཕྱོགས་དེ་གཉི་ག་ཡང་འཆིང་བའི་ཞགས་པ་དང་བཅས་པ་སྟེ་།གལ་ཏེ་ནམ་མཁའ་ཕྲ་རབ་གཉིས་གཅིག་ན་ནི་ཕྲ་རབ་ཀྱི་ཆ་དང་ནམ་མཁའ་ཨི་ཆའོ། །ཞེས་ཕན་ཚུན་ཐ་དད་པས་གཉི་ག་ཡང་ཆ ་ཤས་དང་བཅས་པ་ཡིན་པའི་ཕྱིར་མི་རྟག་པ་ཉེད་དུ་འགྱུར་ཏེ། དབྱེ་བར་ནུས་པའི་ཕྱིར་བུམ་པ་བཞིན་ནོ། །འོན་ཏེ་ཕྲ་རབ་ཀྱི་ནང་ན་ནམ་མཁའ་མེད་དོ་ཞེ་ན་ནི་ཕྲ་རབ་ཀྱང་མི་རྟག་པ་ཉིད་དུ་འགྱུར་ལ། ནམ་མཁའ་ཡང་ཀུན་ལ་ཁྱབ་པ་ཡིན་པར་འགྱུར་ཏེ། དེ་ལྟ་བས་ན ་ནམ་མཁའ་ཀུན་ལ་ཁྱབ་པ་མ་ཡིན་པའམ། ཕྲ་རབ་ལ་དབྱེ་བ་ཡོད་པར་ཁས་བླངས་དགོས་བས་།དེས་ན་ཕྱོགས་གཉི་ག་ཡང་སྐྱོན་དང་བཅས་པ་ཡིན་ནོ། །གཞན་ཡང་གལ་ཏེ་ཀུན་ལ་ཁྱབ་པའི་ཕྱིར་ནམ་མཁའ་དང་འདྲ་བ་ཡིན་ལ། འདིས་ལུས་ལ་སྦྱོར ་བར་བྱེད་པ་ན་ཅི་ཕྱོགས་གཅིག་གིས་སྦྱོར་བར་བྱེད་དམ། འོན་ཏེ་ཐམས་ཅད་ཀྱིས་ཡིན་ཏེ། དེ་ལ་གལ་ཏེ་ཕྱོགས་གཅིག་གིས་སྦྱོར་རོ་ཞེ་ན་ནི། ཕྱོགས་ཆ་དང་ལྡན་པའི་ཕྱིར་བདག་མི་རྟག་པ་ཉིད་དང་ཆ་ཤས་དང་བཅས་པ་ཉིད་དུ་འགྱུར་ཏེ། བུམ ་པ་བཞིན་ནོ་འོན་ཏེ་བདག་ཉིད་ཐམས་ཅད་ཀྱི་སྦྱོར་བ་ཡིན་ན་ཡང་དེ་ལྟ་ན་ལུས་གཅིག་དང་སྦྱོར་ཅིང་ཕྲད་པ་ན་ལུས་གཞན་ཐོབ་པར་འགྱུར་བ་མེད་ལ། ཀུན་ལ་ཁྱབ་པ་ཡིན་པའི་ཕྱིར་འགྲོ་བ་ཐམས་ཅད་ཀྱིས་དུས་གཅིག་ཏུ་བདེ་བ་དང། སྡུག་བསྔལ ་ཉམས་སུ་མྱོང་བར་ཐལ་བར་འགྱུར་ཏེ། དེ་ཡང་འདི་ལྟར་དམྱལ་བའི་འགྲོ་བ་རྣམས་ཀྱིས་ཀྱང་མཐོ་རིས་ཀྱི་བདེ་བ་མྱོང་བར་འགྱུར་ལ། མཐོ་རིས་ཀྱི་འགྲོ་བ་རྣམས་ཀྱིས་ཀྱང་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ཞིང། གཅིག་བཅིངས་པ་ན་ཡང་ཀུན་བཅིངས་བར ་འགྱུར་ལ། གཅིག་གྲོལ་བ་ན་ཡང་འགྲོ་བ་ཐམས་ཅད་གྲོལ་བར་ཐར་བར་འགྱུར་རོ་ཞེས་བྱ་བའོ། །སྐྱོན་གཞན་ཡང། བློ་སྐྱེ་འགྱུར་དང་བཅས་ཤེ་ན། །ཁྱོད་ཀྱི་བདག་ཉིད་ཉམས་པར་འགྱུར། །འོན་ཏེ་འགྱུར་བ་མེད་ཤེས་པ་མིན། །ཤེས་དང་ཤེས་མིན་ཇི་ལྟར་རུང། ། ་གང་ཡང་བདག་དང་བློ་འདུ་བར་གྱུར་པ་ན། ཅི་དེའི་ཚེ་ཡོངས་སུ་འགྱུར་པ་འབྱུང་བཞིག་ཡིན་ནམ། འོན་ཏེ་མ་ཡིན་གལ་ཏེ་ར་ཞིག་བློ་འདི་འབྱུང་བར་གྱུར་པ་ན་ཡོངས་སུ་འགྱུར་བ་ཡིན་ན་ནི། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་འབར་བ་ལ་སོགས་པ ་བཞིན་དུ་མི་རྟག་པ་ཉིད་ཡིན་ནོ། །འོན་ཏེ་འགྱུར་བ་བསྟེན་པ་མ་ཡིན་ནོ་ཞེ་ན། ཡང་འདི་ཇི་ལྟར་རྟོགས་པ་ཡིན་པར་འགྱུར་ཏེ། འགྱུར་བ་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །སྔར་རྟོག་པ་མེད་པའི་ངོ་བོ་ཡིན་ལ་།ཕྱིས་རྟོག་པའི་ངོ་བོར་འབྱུང་བར་འགྱུར་ན་ནི། ་སྔར་གྱི་རང་གི་ངོ་བོ་ཡོངས་སུ་བཏང་བའི་ཕྱིར་མི་རྟག་པ་ཉིད་དུ་ཡོངས་སུ་འགྱུར་བ་ཡིན་ནོ། །རྟག་ཏུ་རྟག་པ་ཞིག་ཡིན་ན་ཡང་རྟོག་པ་ཡང་ཡིན། མི་རྟོག་པ་ཡང་ཡིན་ཞེས་བྱ་བ་ཇི་ལྟར་འགྱུར། འདི་བློ་དང་འདུ་བར་འགྱུར་བ་ཞིག་ཡིན་ན་ཡང་ཅི་བློའི་ངོ་བོ་ཞིག་ཏུ་འགྱུར ་བ་ཡིན་ནམ། འོན་ཏེ་མ་ཡིན་།དེ་ལ་གལ་ཏེ་རྟག་པ་ཉིད་ཡིན་པའི་ཕྱིར་འདི་བློའི་ངོ་བོར་གྱུར་པ་མ་ཡིན་ནོ་ཞེ་ན། བློ་དང་འདུས་པ་ཞེས་བྱ་བའི་ཤེས་པ་སྐྱེ་བར་འགྱུར་བ་ན་ཡང་བདག་ནི་མི་ཤེས་པ་ཉིད་ཡིན་ཏེ། སྔར་གྱི་ངོ་བོ་ལས་གཞན་དུ་མི་འགྱུར་བའི ་ཕྱིར་རོ། །གལ་ཏེ་བློ་དང་འདུས་པར་གྱུར་པ་ན། ངོ་བོ་ཉིད་དུ་འདི་ཡང་འགྱུར་ན་ནི། བདེ་བ་དང་སྡུག་བསྔལ་གྱི་ངོ་བོ་ལ་ཐ་དད་པའི་ཕྱིར་ཡོན་ཏན་བཞིན་དུ་འདི་ལ་ཡང་མི་རྟག་པ་ལ་སོགས་པའི་སྐྱོན་འབྱུང་བར་འགྱུར། །གལ་ཏེ་བདག་དང་བླ?་འདུས་པ་ནི་ཡོད་དེ། ་བློ་དང་བཅས་པ་ཡིན་པའི་ཕྱིར། དཔེར་ན་དབྱུག་པ་དང་དབྱུག་པ་ཅན་བཞིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། འདུ་བ་དགག་པ་བྱས་པས་ན་།དེ་དང་འབྲེལ་པའང་རིགས་པ་མིན། །བདག་གིས་རབ་ཏུ་བྱེད་པ་འདིར་འདུ་བ་དགག་པ་བྱས་པས་འདུ་བ ་མེད་པར་གྱུར་ན། དེ་དག་གི་འབྲེལ་པ་ཡང་ཡོད་པར་མི་འགྱུར་རོ། །ཇི་ལྟར་ཞེ་ན། བདག་ནི་རྟག་པ་ཡིན་ལ་བློ་ནི་མི་རྟག་པ་ཡོན་པས་རྟག་པ་དང་མི་རྟག་པ་དག་མི་འདྲ་བ་ཉིད་ཡིན་པའི་ཕྱིར་མེ་དང་གྲང་བ་བཞིན་དུ་འབྲེལ་པ་མེད་པ་ཡིན་ནོ། །བློ་དང་འདུ་བ་ཇི་ལྟར་བཀག ་པ་བཞིན་དུ་ཡོན་ཏན་གྱི་ཚིག་གི་དོན་རྣམས་ཀྱང་དགག་པར་འདོད་ནས་སྨྲས་པ། བདེ་དང་སྡུག་བསྔལ་འབད་དང་འདོད། །ལྡང་ལ་སོགས་ཀྱང་ཚུལ་འདི་ཡིན། །ཇི་ལྟར་ཞེ་ན། རྟག་པའི་བདག་ལ་བདེ་མི་བརྟེན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །ཡང་ན་བདག་གི ་ཡོན་ཏན་ནི། །བདེ་བ་ཡིན་པར་མི་རྟོགས་ཏེ། །སྐྱེ་དང་ལྡན་ཕྱིར་གཟུགས་ལ་སོགས། །དེ་ཡི་ཡོན་ཏན་མི་འདོད་བཞིན། །ཡང་ན་འདི་དག་འདུ་བ་ནི། །བདག་ལ་ཡོད་པར་མ་རྟོགས་ཉིད། །ཅེས་བྱ་བ་ལ་སོགས་པས་སྡུག་བསྔལ་ལ་སོགས་པ་ལ་སྦྱར ་བར་བྱའོ། །དེ་བཞིན་དུ་བདག་ཡོད་དེ་ཞེས་བྱ་བའི་བློ་གང་དག་ཡོད་པར་གྲགས་པ་དེ། སྤྱི?་ཆེན་པོ་དང་འབྲེལ་ཏེ། འབྱུང་བར་འགྱུར་རོ་ཞེས་གྲག་ན་།སྤྱི་ཆེན་པོ་དང་འབྲེལ་པ་དེ་ཅི་བདག་རང་གི་ངོ་བོ་ཡོད་པ་ཞིག་ཡིན་ནམ། རང་གི་ངོ་བོ་མེད་པ་ཞིག ་ཡིན། དེ་ལ་ལྷན་ཅིག་ཡོད་ཆེན་དང་འབྲེལ་པར། །ཡོད་དང་མེད་པ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཡོད་ནའང་དེ་སྦྱོར་དོན་མེད་ལ། །མེད་ན་དེ་ཡང་མེད་པར་འགྱུར། །ཡོད་པ་ཞེས་བྱ་བའི་བློ་མེད་པ་ཞིག་ཡིན་ན་ནི་སྤྱི་ཡོད་པ་ཆེན་པོ་དང་འབྲེལ་པ ་ཡོད་པར་གྱུར་ན། རང་གི་ངོ་བོ་ཡོད་པར་གྱུར་ན། རང་གི་ངོ་བོ་ཡོད་པར་གྱུར་པའི་ཕྱིར་བདག་ལ་ནི་ཡོད་པ་ཆེན་པོ་དང་འབྲེལ་པ་མེད་དེ། ཇི་ལྟར་གྲུབ་ཟིན་པའི་བུམ་པ་ལ་ཡང་བསྒྲུབ་མི་དགོས་པ་བཞིན་ནོ། །མེད་ན་ཡང་ཡོད་པ་ཆེན་པོ་དང་འབྲེལ ་པ་ཡོད་པ་མ་ཡིན་ཏེ། ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་མོ་གཤམ་གྱི་བུ་བཞིན་ནོ། །གལ་ཏེ་བདག་ཡོད་པ་ཉིད་ལ་ཡོད་པ་ཆེན་པོས་གསལ་བར་བྱེད་པ་ཉིད་ཡིན་གྱི་ཡོད་བའི་ངོ་བོ་ཞིག་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། གས་བར་བྱེད་པས་ཆོས་གཞན ་ཕྱིར། དེ་ནི་གསལ་བྱེད་ཇི་ལྟར་ཡིན། །ཁྱོད་ཀྱི་བདག་ནི་མི་གསལ་བ་ཉིད་ཡིན་ཏེ། བྱས་པ་མ་ཡིན་པ་ཉིད་ཡིན་ན་དེ་ཇི་ལྟར་ཡོད་པ་ཆེན་པོས་གསལ་བར་བྱེད་པ་ཡིན། །འདིར་འདི་སྐད་དུ་སྨྲ་བར་ཡང་ནུས་ཏེ། གསལ་པ་མ་ཡིན་པ་ནི་གསལ་བར་བྱ་བར་མི ་ནུས་ཏེ། མེ་གསལ་བ་ཉིད་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་ཨི་མ་ཏོག་བཞིན་ནོ། །མངོན་པར་གསལ་བ་ཉིད་ནི་རྐྱེན་རྙེད་ནས་གསལ་བར་འགྱུར་ཏེ། དཔེར་ན་འཇིམ་པའི་གོང་བུ་དང། དབྱུག་པ་དང་འཁོར་ལོ་དང། རྫ་མཁན་གྱི་འདོད་པ་ལ་སོག་པ་ལ ་རྐྱེན་ཚོགས་པ་ལས་མངོན་པར་གྲུབ་པའི་བུམ་པ་ནི། མར་མས་གསལ་བར་བྱེད་པ་བཞིན་ཏེ། བྱས་པ་ཉིད་ལ་མངོན་པར་གསལ་བ་མཐོང་བས་ཆོས་མི་མཐུན་པ་ཉིད་ལ་མངོན་པར་གསལ་བ་གྲུབ་པའི་ཕྱིར། ཡོད་པ་ཆེན་པོ་ནི་བདག་གསལ་བས ་བྱེད་པ་མ་ཡིན་ནོ་།གྲངས་ལ་སོགས་དང་འབྲེལ་པ་ཡང། །འདི་ཉིད་ཀྱིས་ནི་ལན་བཏབ་གོ་།ཇི་སྐད་སྨྲས་པའི་དཔྱང་པའི་རིམ་པ་འདི་ཉིད་ཀྱིས་གཅིག་ལ་སོགས་པའི་གྲངས་ལ་སོགས་པ་དང་སྐྱེས་བུ་སྦྱོར་བར་སྒྲུབ་པར་དཀའ་ཨོ། །ཇི་ལྟར་ཞེ་ན་།ཡོད་པའི ་གཅིག་ཉིད་དང་སྦྱོར་རམ། འོན་ཏེ་མེད་པ་ཞིག་ཡིན་།དེ་ལ་གལ་ཏེ་ཡོད་པའི་གཅིག་ཉིད་གྲངས་ཉིད་ཀྱིས་གཅིག་ཉིད་དང་སྦྱོར་བ་ཡིན་ན་ནི། ཡང་སྦྱོར་བ་དོན་མེད་པར་འགྱུར་ཏེ། །འོན་ཏེ་མེད་པ་ཞིག་ཡིན་ན་ནི་མེད་པ་ཉིད་ཡིན་ཏེ། མངོན ་པར་གསླ་བར་བྱེད་པ་དང་སྦྱོར་བ་མ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར་རོ་ཡོད་པ་ཆེན་པོ་དང་གྲངས་དག་སྦྱོར་བ་མེད་བས?་བའ?་ཞིག་མ་ཡིན་གྱི་།གཞན་ཆིག་གི་དོན་གྱི་ཚོགས་ལྷག་མ་རྣམས་ལ་ཡང་ཇི་ལྟར་རིགས་པར་སོ་སོ་ཚུལ་འདི་ཉིད་ཀྱིས་ལན་བར? ་པ་ཡིན་ནོ། །ཞེས་བྱ་བའི་ཚིག་གི་ལྷག་མའོ?། །ཚིག་གི་དོན་གང་ཡིན་ཞེ་ན། འདི་ལྟ་སྟེ་རྫས་དང་ཡོན་ཏན་དང། ལས་དང། སྤྱི་དང་འདུ་བ་དང། ཁྱད་པར་ལ་སོགས་པ་ཐམས་ཅད་ལ་ཡོད་པར་གྱུར་པ་ཞིག་ཡོད་པ་ཆེན་པོ་དང ་འབྲེལ་བར་འགྱུར་རམ། མེད་པ་ཞིག་འགྱུར། ཡོད་པ་ཞིག་ཡིན་ནོ་ཞེ་ན་ཡང་སྦྱོར་བ་དོན་མེད་པར་འགྱུར་རོ། །མེད་པ་ཞིག་གོ་ཞེ་ན་ནི་མེད་པ་ཡིན་པའི་ཕྱིར། ལན་སྨྲས་མ་ཐག་པ་ཡིན་ནོ། །གཞན་གྱི་བསམ་པ་བླངས་ནས་སྨྲས་པ་ནི། གལ་ཏེ་སྤྱི ་སོགས་དང་འབྲེལ་པས་།སྐྱེས་བུ་སྤྱི་དང་གཅིག་རྟོགས་པར། དེ་སོགས་རྐྱེན་དང་ཕྲད་ཙམ་གྱིས། །སྐྱེས་བུ་འབྱུང་བར་འདོད་ན་ནི། སྐྱེས་བུ་སྤྱི་དང་འབྲོལ་པ་ཙམ་གྱིས་སྤྱི་ཡིན་པར་རྟོགས་ལ། གྲངས་དང་འབྲེལ་པས་གཅིག་ཉིད་དང། བློ་དང ་འབྲེལ་པས་རྟོག་པ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་བློ་སྐྱེ་བའི་རྒྱུ་ཙམ་སྐྱེས་བུ་ཡིན་ནོ་ཞེས་བྱ་བ་ནི་ཁྱོད་ཀྱིས་ཡང་དག་པའི་ཐ་སྙད་ཀྱི་དོན་དུ་མངོན་པར་འདོད་པ་ཡིན་ལ། གྲོལ་བའི་དུས་ན་ནི། ཡོད་མིན་མེད་མིན་དུས་མ་ཡིན། ་གཅིག་མིན་ཕྲ་མིན་ཆེན་པོ་མིན། །འདི་ནི་རྟག་མིན་མི་རྟག་མིན། །གཞན་མིན་གྷན་མིན་མིན་དེ་ཉིད། །ཇི་ལྟར་བདག་བཞིན་ཚིག་གི་དོན། །གཞན་ཡང་འདི་ལྟར་སོང་བ་སྟེ། །འབད་ནས་གསངས་སུ་ཟིན་ཀྱང་ནི། །གཟེགས་ཟན་པ་ཡིས ་གསལ་བར་བྱས། །བློ་ལ་སོགས་པ་བདག་གི་ཡོན་ཏན་བདེན་པའི་ངོ་བོ་ཞིག་ཡིན་ན་ནི། །ཡོད་པ་ལ་སོགས་པ་རྟག་པར་འགྱུར་ན་བདག་ཡོན་ཏན་དང་མི་ལྡན་པར་གྱུར་པ་དེ་ལ་ནི་ཡོད་པ་དང་མེད་པ་དང། གཅིག་དང་དུ་མ་དང། ཕྲ་རབ ་དང་ཆེན་པོ་དང། རྟག་པ་དང། མི་རྟག་པ་ལ་སོགས་པར་དོན་དམ་པར་ཞི་བ་ཡིན་ནོ། །བདག་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་རྫས་དང། ཡོན་ཏན་དང། ལས་ལ་སོགས་པའི་ཚིགི་དོན་རྣམས་ཀྱང་དེ་བཞིན་ཏེ། ཡོད་པ་ཡང་མ་ཡིན་ལ། ་མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན་།མི་རྟག་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་དག་བདག་དང་ལྡན་པ་ཞིག་ཡིན་ན་ནི་རང་གི་མཚན་ཉིད་དུ་གྲུབ་པར་འགྱུར་ན། བདག་དང་བྲལ་བར་གྱུར་པས་རང་གི་ངོ་བོ་གསུང? ་དུ་མེད་པར་གྱུར་པ་ལ། ཡོད་པ་དང། མེད་པ་དང། གཅིག་དང། དུ་མ་དང། རྟག་པ་དང། མི་རྟག་པ་ལ་སོགས་པ་ལྟ་ཡོད་པར་ག་ལ་འགྱུར་ཞེས་བྱ་བ་འབད་ནས་གསངས་ཤིང་སྤས་ཀྱང། གཟེགས་ཟན་པའི་འདོད་པ་ལ་ལུགས་འདི་ལྟར་སྨྲས་པ ་འདིས་བདག་ཅག་གི་ལུགས་ཀྱི་རྗེས་སུ་འབྲངས་ནས། སྟོང་པ་ཉིད་དུ་ཤིན་ཏུ་བསྟན་པར་བྱས་པ་ཡིན་ནོ། །བདག་ཅག་གི་ལུང་ལས་ནི་འདི་ལྟར་འབྱུང་སྟེ། གཟུགས་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ ་ཡང་མ་ཡིན། བདག་ཀྱང་མ་ཡིན། བདག་མེད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་ཉིད་ཀྱང་མེད་ན། ཡང་རྟག་པ་དང་མི་རྟག་པར་ལྟ་ག་ལ་འགྱུར། དེས་ན་རང་གི་མཚན་ཉིད་སྟོད་པ་ཉིད་ཀྱི་ཕྱིར། ཁྱོད་ཀྱི་སྣ་ཚོགས་མང་པོ་ཞིག་བརྗོད་དུ ་ཟིན་ཀྱང་སྟོང་པ་ཉིད་དེ་ཉིད་རབ་ཏུ་སྟོན་པར་བྱད་པ་ཡིན་པས་ཁོ་བོ་ཅིག་འདོད་པ་ཁོ་ན། བསྒྲུབས་པ་ཡིན་ནོ། །གལ་ཏེ་གྲུབ་པའི་མཛའ་གཅིག་པ་ཉིད་ཡིན་པའི་ཕྱིར་བྱེ་བྲག་པ་ལ་རབ་ཏུ་གྲུབ་པ་སྟེ། དེ་ཁོ་ན་ཉིད་མཐོང་བ་ཡིན་པར་གྲུབ་པོ་ཞེ ་ན། འདི་དག་མཚན་མར་འཛིན་པའི་ཕྱིར། །དེ་ཉིད་མཐོང་བར་མི་རིགས་སོ། །མཚན་མ་མི་བདེན་པར་སྐྱེས་པའི། །ངོ་བོ་རྟག་པར་མི་བདེན་འདོད། །བློ་ལ་སིགས?་པ་དེ་རྣམས་མི་བདེན་པར་སྐྱེས་པ་ནི་མི་རྟག་པ་ཡིན་པའི་ཕྱིར་ཆད་པ་ཡིན་ལ། ས་ལ ་སོགས་པ་ནི་རྟག་པའི་རྡུལ་ཕྲ་རབ་དང་ལྡན་པས་འབྱུང་བས་རྟག་པར་འཛིན་པ་ཡིན་ཏེ། དེས་ན་རྣམ་པ་འདི་གཉི་ག་ཡང་མཚན་མར་ལྟ་བས་ལེགས་པ་མ་ཡིན་ཏེ། མཐར་ལྟ་བ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་འདིའི་དོན་ནི་བརྗོད་པར་བྱ་བ་མ་ཡིན ་ན་ཡང་སྤྱི་ཞེས་བྱ་བའི་དངོས་པོ་ངོན་དང་འབྲེལ་པར་གྱུར་པ་ལ་སྤྱི་ཞེས་བརྗོད་པར་བྱ་བ་ཡིན་གྱི་དེ་ཡོད་པ་ལ་སོགས་པའི་ངོ་བོར་གྱུར་པ་ནི་མ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། བདག་ལས་ཐ་དད་གྱུར་པའི་དོན། །དེ་དང་འབྲེལ་བར་མི ་འདོད་དེ། །ཡོད་པའི་བློ་ཕྱིར་བློ་སྤྱི་ལ་།སྤྱི་ཞེས་བྱ་བར་འདོད་པ་བཞིན། །བདག་ལས་ཐ་དད་པའི་སྤྱི་ཞེས་བྱ་བ་དང་འབྲེལ་བས་བདག་ཡོད་དོ་ཞེས་བྱ་བའི་བློ་མི་འབྱུང་ངོ་ཞེས་བྱ་བ་ནི་ཕྱོགས་སོ། །བདེན་པའི་བློ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། ་གང་དང་གང་བདེན་པའི་བློ་འབྱུང་བ་དེ་ལ། དེ་ལས་གཞན་པའི་དོན་དང་འབྲེལ་པ་མ་མཐོང་སྟེ། ཇི་ལྟར་ཡོད་པ་ཆེན་པོ་དེ་ཉིད་ལ་སྤྱི་ཞེས་བྱ་བའི་བློ་འབྱུང་བ་དེ་བཞིན་ནོ། །དེ་བཞིན་གྲངས་སོགས་འབྲེལ་པ་ཡང། །བདག་གམ་གཞན་པ་ལ་ལ་ལ། །མཁས ་པས་ཇི་ལྟར་རིགས་པ་བཞིན། །བློ་དེ་མིན་པར་རྟོགས་པར་བྱ། །གང་ཡང་གྲངས་གཅིག་དང་ལྡན་པ་ལས་བདག་ཀྱང་གཅིག་ཅེས་རྗོད་པར་བྱེད་ཀྱི་ཡང་དེ་ཉིད་ནི་གཅིག་ཀྱང་མ་ཡིན་དུ་མ་ཡང་མ་ཡིན་ནོ། །དེ་བཞིན་དུ་བློ་དང་ཡང་དག་བར་ལྡན་པ་ལས ་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་གཞན་ས་ལ་སོགས་པ་ཡང་གྲངས་དང་མཆུངས་པར་ལྡན་པ་ལས་གཅིག་ལ་སོགས་པའི་སྒྲས་བརྗོད་པ་ཡིན་གྱི་དེ་རང་ཉིད་ཀྱིས་ནི་གཅིག་གི་ངོ་བོ་ཡང་མ་ཡིན་ལ། དུ་མའི་ངོ་བོ་ཡང་མ་ཡིན་ན། །ཐཾས་ཅད ་དུ་ཡང་ཚུལ་འདི་ཉིད་ཀྱིས་མཁས་པས་དགག་པར་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། གྲངས་དང་མཚུངས་པར་ལྡན་པ་ལས། །བདག་དང་ས་ལ་སོགས་པ་ལས་གཅིག་ལ་སོགས་པའི་བློ་འབྱུང་བར་མི་རིགས་ཏེ། བློ་ཡིན་པའི་ཕྱིར། དཔེར་ན ་གྲངས་དེ་ཉིད་ལ་གྲངས་དང་མཚུངས་པར་ལྡན་པས་གཅིག་ལ་སོགས་པའི་བློ་འབྱུང་བ་ཡིན་པ་བཞི་མོ། །གཞན་ཡང་བདག་ནི་བློ་དང་སྡུག་བསྔལ་དང། བདེ་སོགས་ཡོན་ཏན་དང་མི་འབྲལ། །ཡོན་ཏན་ཡིན་ཕྱིར་གྲངས་བཞིན་ནོ། །དེ་ཕྱིར་ཡོན་ཏན། ་མེད་བདག་མིན། །བློ་ངང་བདེ་བ་དང། སྡུག་བསྔལ་དང། འདོད་པ་དང་།ཞེ་སྡང་དང། འབད་པ་དང། ཆོས་མ་ཡིན་པ་དང། ཆོས་དང་ཤེས་པ་དང་བྱས་པའི་ཤུགས་ཞེས་བྱ་བ་བདག་གི་ཡོན་ཏན་ཀུན་ནི་ཆོས་ཅན་ནོ། །དེ་དོན་དམ་པར་བདག་དང་མི་འབྲལ་ཏེ་ཞེས་བྱ་བ ་ནི་ཆོས་སོ། །ཡན?་ཏན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་དང་གང་ཡོན་ཏན་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དུ་བདག་དང་མི་འབྲལ་ཏེ། དཔེར་ན་གྲངས་བཞིན་ནོ། །གྲོལ་བར་གྱུར་པ་ན་ཡང་བདག་ཉིད་ཡིན་པས་གྲངས་ཀྱི་གཅིག་ལས་གྲོལ་བར་མི་འགྱུར་བ་བཞིན ་དུ། །བློ་ལ་སོགས་པ་ལས་ཀྱང་ཐམས་ཅད་དུ་གྲལ་བར་མི་འགྱུར་བ་བཞིན་དུ་།བློ་ལ་སོགས་པ་ལས་ཀྱང་ཐམས་ཅད་དུ་གྲོལ་བར་འགྱུར་བ་མ་ཡིན་ཏེ། བདག་ཡོན་ཏན་དང་བྲལ་བ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །གང་ཡང་ཡིད་རང་གི་བདག་ལ་གནས་པ་ན་ཐར་པ ་ཡིན་ནོ་ཞེས་ཟེར་བ་དེ་ལ་ཡང། ཡུལ་དང་ངོ་བོ་དབྱེར་མེད་ཀྱང། །གང་ཞིག་རང་གི་བདག་ཉིད་འགྱུར། །བདག་དང་སྦྱོར་བར་འདོད་པ་ལས། །དྲན་ནས་ཤེས་པ་ཀུན་ཏུ་འབྱུང། །བདག་གཟུགས་དང་ལྡན་པར་གྱུར་ན་མི་ཕྱོགས་དང་ཡང་ལྡན་པར་འགྱུར་ལ། །ཕྱོགས ་དང་ལྡན་པའི་བདག་རང་ཉིད་ཡིད་རང་ཉིད་གནས་པར་གྱུར་ན། ཕྱོགས་དང་མི་ལྡན་པའི་བདག་ལ་ཅི་ལྟར་ཡིད་རང་ཉིད་ལ་གནས་པར་འགྱུར་།གང་གི་ཚེ་བདག་ཉིད་ཕྱོགས་ཀྱི་རང་གི་གནས་ལ་ཡིད་སྦྱོར་བར་གྱུར་ན་ནི་འཁོར་བའི་དུས་ན་ནི་དྲན་པ་དང། ་ཤེས་པ་འབྱུང་བར་འདོད་ལ། ཐར་པའི་དུས་ན་ནི་རྣམ་པར་མི་རྟོགས་པའི་ཡེ་ཤེས་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་འདོད་པ་ཉམས་པ་ཡིན་ནོ། །ཕྱོགས་ཆ་དབྱེར་མེད་པ་ཡིན་པའི་ཕྱིར་ན་ཡང། མ་མཐོང་ངེས་པའང་སྔར་བཞིན་དུ། །ཐལ་འགྱུར་ལན ་ཡང་འདི་ལ་ཡིན། །མེད་པའི་སྐྱེ་བ་བཀག་པས་ན། །ང་ཡི་སྦྱོར་བའང་མི་འདོད་དོ། །མ་མཐོང་བའི་ངས་པ་ནི་ཆོས་ལ་མངོན་བར་སྦྱོར་བ་ན་ཆོས་མ་ཡིན་པ་སྤངས་པའོ་།དེ་ནི་ཕྱོགས་ཆ་མེད་པའི་བདག་ལ་མི་རིགས། །ཆོས་དང་བདག་གཉིས་སྦྱོར་བ ་འགྱུར་ན་ཡང། ཅི་ཕྱོགས་གཅིག་གིས་སྦྱོར་རམ། འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཡིན་།དེ་ལ་ཕྱོགས་གཅིག་གིས་སྦྱོར་རོ་ཞེ་ན་ནི། ཕྱོགས་གཅིག་པ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་མི་རྟག་པ་ཉིད་ཡིན་ནོ། །བདག ་ཉིད་ཐམས་ཅད་ཀྱིས་སྦྱོར་བ་ཡིན་ན་ནི་གཅིག་ཆོས་དང་ལྡན་པར་གྱུར་པ་ན་ཀུན་ཀྱང་ཆོས་དང་ལྡན་པར་འགྱུར་ལ། གཅིག་ཆོས་མ་ཡིན་པ་དང་ལྡན་པར་གྱུར་པ་ན་ཐམས་ཅད་ཀྱང་ཆོས་དང་མི་ལྡན་པར་འགྱུར་བ་ལ་སོགས་པ་ཇི་ལྟར་གྲངས་ཅན་གྱི་དེ་ཁོ་ན ་ཉིད་ལ་འཇུག་པར་སྨྲས་པ་དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །མེད་པ་ལ་ནི་སྐྱེ་བ་ཡང་མེད་པར་བདག་གིས་སྔར་བསྒྲུབས་ཟིན་པས་སྐྱེ་བ་མེད་པའི་ཕྱིར་ཡིད་དམ་མ་མཐོང་བའི་སྐྱོན་མེད་པ་ཇི་ལྟར་བདག་དང་སྦྱོར་བར་འགྱུར། གཞན་ཡང། ཡིད ་དང་བདག་གི་མེད་པ་ལ་རྟེན་དང་བརྟེན་པར་མི་འདོད་དོ། །བདག་དང་ཡིད་ནི་ཡོད་ནའང། །རྟེན་དང་བརྟེན་པར་མི་འདོད་དོ། །རེ་ཞིག་བདག་མེད་ནི་མེད་དེ། །དམིགས་པར་མ་གྱུར་པའི་ཕྱིར་རོ། །ཡིད་ཀྱང་མེད་དེ། མ་སྐྱེས་པའི་ཕྱིར་རོ། །ཡོད་པ་མ ་ཡིན་པའི་བདག་དང་ཡིད་དག་རྟེན་དང་བརྟེན་པར་ཇི་ལྟར་འགྱུར། ཡང་གལ་ཏེ་བདག་དང་ཡིད་ནི་ཡོད་དོ་ཞེ་ན་།དེ་ལྟ་ན་ཡང་འདི་དག་རྟག་པར་མི་འགྱུར་བའི་ཆོས་ཅན་ཡིན་པས། རྟེན་དང་བརྟེན་པའི་ངོ་པོར་ཇི་ལྟར་འགྱུར། དེས་ན་ཐར་པ་རྒྱུ ་མེད་པར་བསྟན་པ་ཡིན་ཏེ། རྣམ་རྟོག་རྒྱུ་མཚན་བཅས་པའི་ཕྱིར། །རྫས་སོགས་མཐོང་བས་གྲོལ་བར་ནི། །ཇི་ལྟར་འུག་པ་མི་འདོད་པ། །རྣམ་རྟོག་ཐམས་ཅད་དང་བྲལ་བ་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་འདའ་བར་འདོད་པ་ནི་ཁྱོད ་ཀྱིས་འདོད་པ་ཡིན་ནོ་།རྣམ་པར་མི་རྟོག་པ་དེ་ཡང་རྫས་ལ་སོགས་པ་ཚིག་གི་དོན་འཛིན་པར་བྱེད་པས་ཡོད་པ་མ་ཡིན་ནོ། །དེས་ན་གང་ཐམས་ཅད་མཐོང་བར་འདོད་པའི་ཐུག་པ་འུག་པ་ཡང་རེ་ཞིག་གྲོལ་བར་གྱུར་པ་མ་ཡིན་ཏེ། རྫས་ལ་སོགས་པ ་རྟོགས་པས་རྣམ་པར་རྟོག་བའི་རྒྱུ་མཚན་དང་བཅས་པའི་ཕྱིར་ན། ཡང་དེའི་གཞུང་གི་རྗེས་སུ་འབྲང་བ་འུག་པ་རྣམས་རྫས་ལ་སོགས་པའི་ཚིག་གི་དོན་དེ་ཁོ་ན་ཉིད་དུ་གོམས་པར་བྱས་པས་ཐར་པ་གྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་སྲིད་པ་མ་ཡིན་ནོ་ཞེས་བྱ་བར་བསེམས་པ ་ཡིན་ནོ། །གཞན་ཡང་།ས་སོགས་དེ་ཉིད་འབྱུང་བའི་བློ། །ཐར་པ་མིན་པར་གཟེགས་ཟན་འདོད། །ཁྱད་པར་ངག་ནི་མི་འཛིན་ཕྱིར། །འཚོ་བའི་དེ་ཉིད་བློ་བཞིན་ནོ། །ས་ལ་སོགས་པའི་དེ་ཁོ་ན་ཉིད་ནི་ས་ལ་སོགས་པའི་དེ་ཉིད་དེ། རྫས་དང། ཡོན་ཏན་དང་ལས ་དང་?་འདུ་པ་དང། སྤྱི་དང་།ཁྱད་པར་ཞེས་བྱ་བའོ། །ས་ལ་སོགས་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་བློ་ནི་ས་ལ་སོགས་པའི་དེ་ཉིད་འབྱུང་བའི་བློ་ཞེས་བྱ་བ་སྟེ་།ཆོས་ཅན་ནོ། །དེ་ནི་གྲོལ་བའི་ཡུལ་མ་ཡིན་པས་གཟེགས་ཟན་ལ་སོགས་པའི་དེ་ཁོ་ན་ཉིད་ནི་བློ་ཉིད་དུ ་མི་རིགས་པ་དེ་ནི་དེའི་ཆོས་སོ། །ཀུན་ཏུ་འཛིན་པ་ནི་ཉེ་བར་ལེན་པའི་ཁྱད་པར་གང་ལ་ཡོད་པ་དེ་ནི་ཀུན་ཏུ་འཛིན་པའི་ཁྱད་པར་ཏེ། དེའི་ངོ་བོ་ནི་ཀུན་ཏུ་འཛིན་པའི་ཁྱད་པར་ཉིད་དེ། །དེའི་ཕྱིར་ཀུན་ཏུ་འཛིན་པའི་ཁྱད་པར་ཉིད་ཅེས་བྱའོ། །གང་དང་གང་ཀུན་ཏུ་འཛིན་པའི ་ཁྱད་པར་ཡིན་པ་དེ་ནི་གཟེགས་ཟན་ལ་སོགས་པའི་གྲོལ་བཱི་སྟེ། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟ་སྟེ་།དཔེར་ན་འཚོ་བ་དང་།ཟག་པ་དང་།སྡོམ་པ་དང། རྒས་པ་མེད་པ་དང་།འཆི་བ་དང། ལས་དང། སྡིག་པ་དང། བསོད་ནམས་དང། ཐར་པ་ཞེས་བྱ ་བའི་ཚིག་གི་དོན་དགུ་ལ་དམིགས་པ་གཅིར་པུར་སྤྱོད་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་བློ་བཞིན་ནོ། །རབ་ཏུ་བྱེད་པ་ཡོངས་སུ་རྫོགས་པའི་མདོར་བསྡུས་པས་གཟེགས་ཟན་ལ་སོགས་པའི་མཛའ་སྤང་བའི་ཕྱིར། སྨྲས་པ། བྱེ་བྲག་པ་ཡི་དེ་ཉིད་ལའང། །ལྟ་ངན་རབ་རིབ ་སྐྱེས་པས་ན། །དེས་ན་རིགས་པ་དང་བྲལ་ཕྱིར། །བློ་ནི་དགའ་བར་མི་བྱའོ། །ལྟ་བ་ངན་པ་ཉིད་རབ་རིབ་ཡིན་པས་ལྟ་ངན་རབ་རིབ་སྟེ་།མུན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ལ་འདིར་ལྟ་བ་ངན་པའི་རབ་རིབ་ཀྱི་ངང་ཚུལ་ཡོད་པ་དེ་ནི་བྱ་བྲག་པའི་མངོན་པར་འདོད ་པའི་དེ་ཁོ་ན་ཉིད་དེ། ཇི་སྐད་སྨྲས་པའི་དབྱད་པའི་རིམ་པས་རིགས་པ་དང་བྲལ་བ་ཡིན་པའི་ཕྱིར། ཁོ་བོ་ཅག་བདེ་བར་གཤེགས་པའི་བསྟན་པ་ལ་དམིགས་པ་རྣམས་ཀྱི་བློ་ནི་དེ་ལ་དགའ་བར་མི་འགྱུར་རོ། །དེས་ན་ཇི་སྐད་དུ་།ས་ལས། ་གཞན་པའི་གཟུགས་ལ་སོགས། །གང་དག་མ་མཐོང་བ་དེག་ཅེས། །མངོན་སུམ་ལ་ཡང་སླུ་བྱེད་ན། །ལྐོག་ཏུ་གྱུར་ལ་དེ་ཅི་ལྟར། །ཇི་ལྟར་དཀར་པོ་ངེས་པ་ལ། །ཅི་ཡིན་ཞེས་ནི་རྟོག་བྱེད་ཅིང། །ལྐོག་ཏུ་གྱུར་པའི་རྫས་གཞན་ཅིག་།ཡོད་ཅེས་རྟོག་པར ་བྱེད་པ་གྲག་།རྨོངས་པ་འདི་ནི་མི་ཤེས་པས། །ཇི་སྲིད་གཟུགས་ཀྱི་བསགས་པ་ལ། །བསགས་ཞེས་འདུ་ཤེས་རྒྱས་འབྱུང་བ། །མཐོང་ལ་དེ་དག་ཐེ་ཚོམ་ཟ། །སོར་མོ་གཉིས་ལས་གཞན་གྱུར་པའི། །སོར་གཉིས་ཞེས་བྱ་གཞན་ཡོད་ན། །ངོས་ན་གནས ་པ་གཅིག་ཉིད་ལས། །གཞན་པའི་སོར་མོ་གཉིས་མི་དམིགས། །དེ་ཡི་ཕྱེད?་ནི་དེང?་ཡོད་པ། །མ་ཡིན་ཡིན་ན་ཕྱེད་གཉིས་འགྱུར། །སོར་མོ་དེ་ཉིད་ཀྱི་ཕྱེད་པས། །དེས་ན་ཕྱེད་པོར་འཇུག་མ་ཡིན། །བརྟེན་ནི་བཟུང་བ་མེད་པས་ན། །རྫས་བཟུང་བར་མི་འདོ? ་ཅེ་ན། །རྡུལ་གཅིག་རྡུལ་གཉིས་ཀྱིས་བརྩམས་པས། །འཛིན་པ་མེད་པ་མ་ཡིན་ནམ། གཟུགས་དང་རིགས་ཀྱི་ཁྱད་འཕགས་པའི། །རྐེད་པ་ལས་ནི་གོས་བྱས་པས། །དེ་ལས་གཞན་པའི་སྣ་ཚོགས་ཅན། །གཟུགས་དང་རིགས་སུ་རྟོགས་པར ་བྱེད། །དེ་བཞིན་མུད་དགའ་ཆུ་དང་ཚ། །སོགས་ལས་གཞན་པའི་ཆོང་མ་ཡེད། །མཚོན་ཆ་ལས་གཞན་མདུང་ཡང་མིན། །གསེང་དང་ཤིང་ལས་གཞན་ཁྱི་མེད། །སྟེང་འོག་འབྱུང་དང་གནས་བ་དག་།ཕྱགས་གཅིག་གོས་ལ་གནས་པ་ཡིན། །ལུས ་ལས་གཞན་པའི་འགྲོ་བ་དང། །གནས་པ་ཞེས་བྱ་བ་འགའ་ཡང་མེད། །གང་ཕྱིར་ཡུལ་ཀུན་བསྟེན་པ་ཡི། །ཡུལ་ཅན་ཉམས་པའང་མི་འདོད་དོ། །ཡུལ་རྣམས་འགྲོ་ལས་བཟློག་པའི་ཕྱིར། །བརྒྱང་བསྐུམ་སོགས་ཀྱང་མ་ཡིན་ནོ། །བྱ་བ་བྱེད་པའི་རྩོམ་པ་དང ་སྲད་ལས་གཞན་པའི་སྨྲ་བ་ནི། །མིག་འཁྲུལ་མཁན་ལས་གཞན་པ་ཡི། །རབ་ཏུ་གྲགས་པ་མི་འགྲུབ་པོ། །མི་རྩོམ་ཞེན་གང་ཇི་ལྟར། །འདུ་བའི་བྱ་བ་དག་དང་རྒྱུར། །བྱེད་པར་གནས་པར་མི་རིགས་ཏེ། །དེ་ལྟར་ཡོན་ཏན་ལས་ཡང་ངོ། །རྩོམ་པའི་རྒྱུ་ཕྱིར་མ་ཉམས ་ལ། །ཆ་ཤས་ཀྱིས་ནི་གནས་ན་ཡང། །བྱ་བ་དང་ནི་མི་འགལ་ཉིད། །གོས་ཀྱི་ཕྱེད་དང་ཉེ་བར་གནས། །དེ་བཞིན་མར་མེ་དང་སྦྱོར་བས་།གཟུགས་གཞན་ཉིད་དུ་འགྱུར་འདོད་ལྟར། །རྫས་གཞན་ངག་གི་ཁྱད་པར་གྱིས། །གསལ་བར་བྱེད་པ་ཡོད་མིན་ནོ། །དེ་ལྟར་མིག་གིས ་མཐོང་དོན་ལའང། །རྟོག་གེ་ངན་པས་ཉམས་པའི་སེམས། །ཇི་བཞིན་དོན་དུ་མི་མཐོང་ན། །རང་ལ་ཇི་ལྟར་སེམས་པར་བྱད་ཅེས་བྱ་བ་ལྟ་བུ་སྟེ། དེ་ལྟ་བས་ན་སྔར་བསྟན་པའི་དེ་ཁོ་ན་ཉིད་ནི་།རིགས་པ་དང་མི་འགལ་བ་ཡིན་པའི་ཕྱིར་དགའ་བ་སྐྱེད་པར་བྱེད་པ་ཡིན་ནོ།། །། ་དབུ་མའི་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བ་ལས། །བྱེ་བྲག་པའི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ་ལེའུ་བདུན་པའོ། །།དེ་ནས་ད་ནི་རིག་བྱེད་ཀྱི་མཛའ་སྨྲ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་བརྒྱད་པ་བརྩམ ་པར་བྱའོ། །དེ་ལ་རིག་བྱེད་མཐར་སྨྲས་སྨྲས་པ་ནི། །འདུས་བྱས་སྟོང་པར་སྨྲ་བ་ཡི། །ཕྱི་རོལ་པ་ལ་བདག་རིག་དཀོན། །བདག་སྡང་ཐར་པ་ག་ལ་ཡོད། །རིག་པའི་མཐར་ཕྱིན་པ་ནི་རིག་བྱེད་མཛའ་པ་སྟེ་།ཆགས་པ་མེད་པར་ངེས་པར་རིག་པའོ། །དེ་སྨྲས་པའི་དང ་ཚུལ་ག་ལ་ཡོད་པ་འམ་།ཚིག་དེ་གང་ལ་ཡོད་པ་ནི་རིག་བྱེད་ཀྱི་མཐར་སྨྲ་བའོ། །དེ་དག་ནི་འདི་སྐད་སྨྲད་སྟེ། རིག་བྱེད་ཀྱི་མཐར་ལྟ་བ་ལས་གཞན་པ་ཕྱི་རོལ་གྱི་བསྟན་བཅོས་ལ་བདག་རིག་པ་ཡང་ཤིན་ཏུ་དཀོན། །བདག་ལ་སྣང་བའི་སངས་རྒྱས་པ་རྣམས ་གང་ལ་བརྟེན་ནས་ཐར་པ་ཐོབ་པར་འགྱུར། །གང་གི་ཕྱིར་དེ་དག་ནི་འདུས་བྱས་ཐམས་ཅད་སྟོང་པའོ་སྙམ་དུ་སེམས་ཤིང་འདུས་བྱས་སྟོང་པ་ངོ་བོ་ཉིད་དང། བྲལ་བ་ནི་སྐད་ཅིག་སྐད་ཅིག་ལ་འཇིག་པ་ཡིན་པས་སུ་ཞིག་བཅིངས་ཤིང་གྲོལ་བར་འགྱུར། །བདག་རྟག ་རྟག་པའི་ངོ་བོ་ནི་དེའི་རྟེན་ཡིན་པའི་ཕྱིར་བཅིངས་པ་དང་གྲོལ་བར་རིག་པའི་ངོ་བོ་ཡིན་པས་དེས་ན་རིག་བྱེད་ལས་གྲགས་བའི་སྐྱེས་བུ་ནི་ཉེ་བར་བསྔགས་པར་བྱ་བ་ཡིན་པས། །མུན་བ་ལས་གཞན་སྐྱེས་བུ་ན། །རྒྱན?་པར་གྱུར་པ་ཉི་མའི ་འོད། །དབང་ཕྱུག་ཆེན་པོ་བདག་དེ་ཉིད། །མཁས་བས་ཤེས་ན་འཆི་མེད་འགྱུར། །མི་བདེ་བར་གྱུར་ཅིང་མི་བདེ་བར་བྱེད་པས་ན་མུན་པ་སྟ། །རྒྱུ་དང་འབྲས་བུའི་ཆ་བསགས་པ་ཉིད་ཀྱི་ཁམས་གསུམ་དུ་སྲིད་པའོ། །ཁམས་གསུམ་ཞེས་བྱ་བར་གྲགས་པའི ་མུན་པ་དེ་ལས་གཞན་བ་ནི་ཁམས་གསུམ་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ་།སའི་དཀྱིལ་འཁོར་ལས་ཤིན་ཏུ་འདས་པ་ན་མུན་པའི་དཀྱིལ་འཁོར་རོ། །མུན་པའི་དཀྱིལ་འཁོར་ལས་ཤིན་ཏུ་འདས་པ་ན། སྐྱེས་བུ་གནས་པ་ཡིན་ཏེ། ་།སྐྱེས་བུ་དྲང་སྲོང་ཆེན་བོ་ཉི་མའི་མདོག་།མུན་བ་ལས་གཞན་གྱུར་པ་དེ་རིག་ན། །འཆི་བ་མེད་བར་འགྱུར་ཏེ་བདག་གིས་རྟོགས། །སྐྱེ་མེད་གནས་འགྲོ་བ་ལ་ལམ་གཞན་མེད་ཞེས་བྱ་བའོ། །འཇིག་པའི་སྔོན་རོལ་ནས་ཡོད་པ་འམ། ་གཉིད་ལོག་བ་ལས་གཞན་ཡིན་བའི་ཕྱིར་སྐྱེས་བུ་འམ། སྐྱོང་བར་བྱེད་པ་འམ། འགེངས་པར་བྱེད་བས་ན་སྐྱེས་བུའོ། །ཆེན་པོར་གྱུར་པ་ནི་ཐམས་ཅད་ལས་ལྷག་པ་ཡིན་པའི་ཕྱིར་རོ། །ཁ་དོག་སྣ་ཚོགས་ཅན་ཡིན་པའི་ཕྱིར་ཉི་མའི་འོད ་དོ། །ཉི་མ་ནི་འོད་སྣ་ཚོགས་ཅན་ཡིན་ཏེ། འདི་ལྟར་དཀར་པོ་དང། སྔོན་པོ་དང། དམར་པོ་དང། བ་བླ་དང། ཡུང་བ་དང། ཕུག་རོན?་དང། བཙོང་དང། ག་བི་ཙ་ལའི་ཁ་དོག་འཛིན་པའོ། །ཅིའི་ཕྱིར་ཉི་མའི་འོད་ཟེར་འདི་དང། དང་ལྡན ་ཅེ་ན། ལྷ་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་འམ། དབང་ཕྱུག་ཆེན་པོའི་ངོ་བོ་ཡང་འདི་ཡིན་པའི་ཕྱིར་རོ། །གང་འདིར་ཉི་མའི་དཀར་པོའི་ངོ་བོར་འདུག་པའི་ནི་ཟླ་བའི་བདག་ཉིད་ཡིན་ནོ། །གང་མེ་ལྷ་དང་ཟླ་བ་གཉིས་ལས་ནི་ཆུའི་མདོག་གོ་།གང་ནོར? ་ལྷ་དག་གིས་བརྟེན་བ་ལས་ནི་དེ་དམར་བོའོ། །གང་རུ་ཏྲ་བདེ་བྱེད་དག་གི་བདག་ཉིད་ཡིན་བས་ནི་དཀར་ལ་དམར་བའོ། །གང་དབང་པོ་ཡིན་པ་ལས་ནི་དུ་བ་ལྟ་བུའོ། །གང་བཤེས་གཉེན་ཡིན་པ་ལས་ནི་ཡུང་གི་མདོག་གོ་།གང་བཤེས་གཉེན་དང་ཆུ་ལྷ་ཡིན་པའི་བདག ་ཉིད་ལས་ནི་རྡུལ་དང་ཡུད་གི་མདོག་གོ་།གང་དགར་ཀ་ཉིད་ཀྱི་ནི་སྨུག་པོར་རོ། །གང་སྣ་ཚོགས་ཀྱི་ལྷ་ཡིན་པས་ནི་མྱུར་བའོ། །གང་དབང་ཕྱུག་ཡིན་པ་དེ་ལས་ནི་ཚངས་པའི་མདོག་གོ་། ཏ་ཞེས་བྱ་བ་རྟག་ཏུ་འགྲོ་བ་སྟེ། འབྱུང་པོ་ཐམས་ཅད་རྟག་ཏུ་འདིར་འགྲོ ་བ་འམ། འབྱུང་པོ་ཐམས་ཅད་ལ་རྟག་ཏུ་འདིར་འགྲོ་བས་བདག་གོ་།དེ་ཉིད་ནི་ཀུན་ལ་ཁྱབ་པ་ཡིན་པའི་ཕྱིར་ཆེན་པོའོ། །དབང་ཕྱུག་ནི་འཇིག་རྟེན་ཐམས་ཅད་ལས་འདས་པའོ། །དེ་ལྟ་བུའི་རྣམ་པ་ཅན་ཉིད་ཀྱི་སྐྱེས་བུ། རྣལ་འབྱོར་པ་གང་གིས་ལྷའི་མིག ་གིས་མཐོད་བ་དེ་ནི་འཆིང་བ་ལས་ཤིན་ཏུ་འདས་ནས་རྒ་བ་དང། འཆི་བ་མེད་པ་ཐོབ་པར་འགྱུར་རོ། །སྐྱེས་བུ་ནི་ཁ་དོག་སྣ་ཚོགས་ཅན་ཡིན་ན་ཡང་དེ་ལྟ་ན་ཡང་གྲོལ་བར་གྱུར་པའི་དུས་ན་རྣལ་འབྱོར་པའི་མཚན་མ་འདི་ཡིན་ཏེ། བྱེད་པོ་དབང་ཕྱུག ་གསེར་མདོག་ཏུ། །གང་ཞིག་མཐོང་ཞིང་ལྟ་བ་དེ། །སྡིག་དང་བསོད་ནམས་ལས་འདས་ནས། །མཆོག་ཏུ་ཞི་བ་ཐོབ་པར་འགྱུར། །གསེར་ནི་ས་ལེ་སྦྲམ་སྟེ། དེ་དང་འདྲ་བའི་མདོག་ཅན་གྱི་བདག་གང་ཡིན་པ་དེ་ཡང་དག་པར་བརྟགས་ནས་བསམ་གཏན་གྱི ་མིག་གིས་མཐོང་བར་གྱུར་བ་ན་བདག་གིས་དབང་ཕྱུག་ཆེན་པོ་མཐོང་ངོ་ཞེས་འདི་ལྟར་ངེས་བར་བྱའོ། །དེ་ལྟ་བུར་མཐོང་བ་ན་སྡིག་བ་དང་བསོད་ནམས་ཀྱི་བདག་ཉིད་དང། གཉི་གའི་ངོ་བོའི་འཆིང་བ་རྣམས་བཅང་ནS་མཆོག་སྟེ། ཁྱད་པར་ཅན་ནི་ཞི་བ ་སྟེ་ཞི་བའི་ངོ་བོ་ཉིད་བྱ་བ་ཐམས་ཅད་ལས་ལོག་པ་རྣམ་པར་མི་རྟོག་བ་ཉིད་ཐོབ་པར་འགྱུར་རོ། །འདི་འཇིག་རྟེན་གསུམ་ལས་ཤིན་ཏུ་འདས་པ་ཡིན་ན་བྱེད་པ་པོ་ཇི་ལྟར་ཡིན། རིང་ནས་གནས་པ་ཡིན་ན་གང་གི་དབང་ཕྱུག་ཡིན་ཞེ་ནས་རིད་ན་གནས་སུ ་ཟིན་ཀྱང་ཀུན་ལ་ཁྱབ་པ་ཉིད་དུ་སྨྲས་པ། བྱུང་གྱུར་བྱུང་དང་བྱུང་བ་དག་།ཐམས་ཅད་སྐྱེས་བུ་ཡིན་འདོད་དེ། །དེ་ནི་ཕྱི་ནང་རིང་བ་དང། །དེ་ནི་ཉེ་དང་དེ་ལས་བྱེད། །གང་མི་ལ་སོགས་པ་འདས་པར་གྱུར་པ་དང། ད་ལྟར་བྱུང་བ་མཐོང་བར་གྱུར ་བའི་གཟུགས་དང། གང་ཕྱིས་འབྱུང་བར་འགྱུར་བ་དེ་ཐམས་ཅད་སྐྱེས་བུས་བྱིན་གྱིས་བརླབས་ནས་གནས་པ་འམ། ཁམས་གསུམ་ཐམས་ཅད་ལ་འདིས་ཁྱབ་པ་ཡིན་ཏེ། གང་གི་ཕྱིར་སྟེང་གི་ཕྱོགས་ནི་འདིའི་མགོ་བོའོ། །འོག་གི་ཕྱོགས་ནི་རྐང་པའོ། ། ་ནམ་མཁའ་ནི་ལྟོའོ། །ཕྱོགས་རྣམས་ནི་ལག་པའོ། །གཟའ་དང་རྒྱུ་སྐར་རྣམས་སྐྲའོ། །རི་བོ་རྣམས་ནི་བྲང་ངོ། །རིའི་ཕྲེང་བ་ནི་རུས་པའོ། །ཆུ་ཀླུང་རྣམས་ནི་རྩའི་དྲ་བའོ། །ནགས་ཚལ་རྣམས་ནི་སྤུ་དང་སེན་མོའོ། །རྒྱབ་ནི་མཐོ་རིས་ཀྱི་འཇིག་རྟེན་ནོ། །དཔྲལ ་བ་ནི་ཚངས་བའོ། །ཆོས་དང་ཆོས་མ་ཡིན་པ་ནི་སྨིན་མ་གཉིས་སོ། །ཁྲོ་གཉེར་ནི་འཆི་བདག་གོ་།ཉི་ཟླ་ནི་མིག་གཉིས་སོ། །དབུགས་དབྱུང་བ་དང་རྡུབ་བ་ནི་རླུང་ངོ། །རི་བྲན་རྣམས་ནི་སོའོ། །ལྕེ་ནི་དབྱངས་ཅན་མའོ། །ོཾ་ཞེས་བྱ་བའི་ཡི་གེ་དང། ་བ་ཤ་ཐ་ཞེས་བྱ་བའི་ཡི་གེ་ནི་ཆུ་གཉིས་སོ། །མིག་ཕྱེ་བ་དང་བཙུམས་པ་ནི་དུས་སོ། །གཡོན་པའི་ཕྱོགས་ནི་བུད་མེད་དོ། །གཡས་པའི་ཕྱོགས་ནི་སྐྱེས་པའོ། །འཇིག་རྟེན་དང་འཇིག་རྟེན་མ་ཡིན་བ་ནི་ནུ་མའི་བར་རོ། །སོར་མོ་རྣམས་ནི་རིའི་བར་རོ། ། ་པུས་མོ་གཉིས་ནི་གསེར་འདབ་གཉིས་སོ། །རྗེ་ངར་གཉིས་ནི་ཐ་སྐར་གྱི་བུ་གཉིས་སོ། །རྐེད་སྨད་ནི་ཉིན་ཞག་གོ་།མཇེ་རླིག་ནི་དབང་པོའོ། །དགའ་བའི་རང་བཞིན་ནི་སྐྱེ་དགུའི་བདག་པོའོ། །རྐང་པ་གཉིས་ནི་ཁྱབ་འཇུག་གོ། །ཁ་དོག་རྣམས་ནི་ཁྲག་གོ་།དེ་ནི་ཕྱི ་དང་ནང་དང་རིང་བ་དང་ཉེ་བ་ན་གནས་པ་ཡིན་པས་དུས་ཐམས་ཅད་དུ་འགྲོ་བ་དང། འོང་བ་དང་སྨིན་པར་བྱ་བ་ལ་སོགས་པ་རྣམས་ལ་འཇུག་བ་ཉིད་ཡིན་ནོ། །གལ་ཏེ་གཅིག་ཉིད་ཡིན་ན་བྱ་བ་དུ་མ་རྣམས་ལ་འཇུག་པ་དང། མི་ཟད་པར་འགྱུར་བ་ཉིད ་ཇི་ལྟ་བུ་ཡིན་ཞེ་ན། དཔེའི་སྒོ་ནས་སྒྲུབ་པར་བྱེད་དེ། སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །ཇི་ལྟར་སྲིན་བལ་བྱེད་པའི་སྲིན་བུ་སྲིན་བལ་གྱི་སྣལ་མ་མང་པོ་སྐྱེད་པར་བྱེད་ཀྱང་འགྱུར་བ་ཡང་མེད་ལ། ཟད་བ་ཡང་མེད་པ་དེ་བཞིན་དུ་སྐྱེས་བུས ་ཁམས་གསུམ་དུ་སྐྱེད་པར་བྱེད་དུ་ཟིན་ཀྱང་འགྱུར་བ་ཡང་མེད་ལ་།ཟད་པ་ཡང་མེད་པ་ཡིན་ནོ། །འདི་ནི་སྲིད་པ་འབའ་ཞིག་གི་རྒྱུར་མ་ཟད་ཀྱི། སྲིད་པ་དང་བྲལ་བའི་ཡང་བྱེད་པ་པོ་ཡིན་ནོ་ཞེས་སྨྲས་པ། མཁས་པ་དེའི་ཆར་ཐིམ་པ། །ཡང་སྲིད་ལེན་པར་མི ་འགྱུར་རོ། །གང་གི་ཚེ་མཁས་པ་བསམ་གཏན་ལ་རྣལ་འབྱོར་པས་བློ་གྲོས་ཀྱི་མིག་གིས་དེ་མཐོང་བར་གྱུར་པ་ན། དེ་ཉིད་དུ་ཐིམ་པར་འགྱུར་གྱི། དེ་ནི་སྡིག་པ་ཐམས་ཅད་སྤངས་པ་ཡིན་པས་ཡང་སྲིད་ཀྱི་འགྲོ་བར་སྐྱེ་ཞིང་སྡུག་བསྔལ་གྱི་སྣོད་དུ་འགྱུར་བ་མ ་ཡིན་ནོ། །ཡང་གང་གི་ཕྱིར་རྣལ་འབྱོར་པས་སྐྱེས་བུ་མ་མཐོང་ན་བདུད་རྩི་འཐོབ་པ་མ་ཡིན་པས་།འདིའི་རྒྱུ་སྨྲས་པ། འཆི་བཅས་རྣམས་ལ་བདུད་རྩི་མེད། །མེ་ལ་གྲངས་པ་ཇི་བཞིན་ནོ། །དེས་ནི་འདུད་རྩི་སྐྱེས་བུ་ཉིད། །མ་རྟོགས་བདུད་རྩི་ཡོད་མི་རིགས ་འཆི་བར་འོས་པ་འམ། འཆི་བ་ཡིན་པས་ན་འཆི་བཅས་ཏེ་འཇིག་རྟེན་ཐམས་ཅད་དོ། །དེ་ནི་ངོ་བོ་ཉིད་ཀྱིས་རྟག་ཏུ་འཆི་བ་ཡིན་བས་བདུད་རྩི་ཉིད་ཡིན་པར་མི་རིགས་ཏེ། དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་མེའི་རང་བཞིན་ཚ་བ་ཉིད་གྲང་བའི་ངོ་བོ་མ་ཡིན ་པ་བཞིན་ནོ། །དེའི་ཕྱིར་ན་འཆི་བདག་གི་ཡུལ་ལས་འདས་པའི་སྐྱེས་བུ་རྟོག་པར་མ་གྱུར་པ་འཆི་བ་དང་བཅས་པ་རྣམས་ཀྱི་བདུད་རྩི་འཐོབ་པར་མི་རིགས་སོ། །འདི་ནི་མཐུ་ཆེ་བ་ཉིད་བསྔགས་བར་བྱ་བའི་ཕྱིར། གང་ལས་མཆོག་གྱུར་གཞན་མེད་ཕྱིར། ་གང་ལས་དམ་པ་གཞན་མེད་ལ། །འདི་ལས་ཕྲ་གྱུར་གཞན་མེད་པས། །སྣ་ཚོགས་འདི་དག་རྒྱུ་གཅིག་ཉིད། །གང་གི་ཕྱིར་མཆོག་ཏུ་གྱུར་པ་ཉིད་དང། དམ་པར་གྱུར་པ་ཉིད་དང་གཙོ་བོར་གྱུར་པ་ཉིད་དང། ཕྲ་བར་གྱུར་པ་ཉིད་འདི་ལས་གཞན་མེད་དོ ་དེ་ལྟ་བུའི་ཡོན་ཏན་བརྒྱད་དང་ལྡན་པས་ཕྱུག་པར་གྱུར་པའི་རྣལ་འབྱོར་པ་ཉིད་བསྟན་པ། དེ་ནི་ཕྲ་དང་རགས་དང་ལྡན། །ཡང་ལྡན་གཙོ་བོ་དབང་སྒྱུར་བ། །རབ་ཕྱེ་འདོད་པའི་མཐར་ཐུག་གང། །རྣལ་འབྱོར་ཇི་ལྟར་འདོད ་པར་འགྲོ། དེ་ནི་གཅིག་ཉིད་ཡིན་ཡང་ཁམས་གསུམ་སྣ་ཚོགས་བསྡུས་པའི་བདག་ཉིད་ཡིན་ནོ། །དེར་ནི་འབྱུང་བ་ཐམས་ཅད་ཀྱང། །བདག་ཉིད་དུ་ནི་འདུས་པར་མ་ཐོང། །གཡོལ་དང་མི་གཡོ་བའི་འབྱུང་བ་ཐམས་ཅད་ཀྱང་བདག་དེ་ཉིད ་ཀྱི་ཁོངས་སུ་འདུས་པར་གྱུར་པ་ཡིན་ནོ། །གཞན་ཡང་བདག་དེ་ཉིད་མཐོང་བ་ན། །བྱིས་དང་མཁས་པ་དང་གདོལ་པ་དང། །བྲམ་ཟེ་སོགས་རྣམས་མཉམ་བ་ཉིད། །སྡིག་དང་བསོད་ནམས་ཁྱད་པར་མེད་པར་གྱུར་པས་མཉམ་པ་ཡིན་ནོ་ཞེས་བྱ ་བར་སྦྱར་རོ། །གལ་ཏེ་འབའ་ཞིག་འདི་སྐད་དུ། གང་སྐྱེས་བུ་ནི་ཐམས་ཅད་དུ་ཁྱབ་པ། །གཅིག་ཉིད་ཡིན་ལ་དེ་ལས་ལྷ་དང་མི་ལ་སོགས་པ་འགྲོ་བ་རྣམ་པ་སྣ་ཚོགས་ཀྱི་ལུས་རྣམས་འབྱུང་བར་འགྱུར་བ་ཡིན་ན། ཇི་ལྟར་ལུས་ཅན ་བཞིན་དུ་མི་རྟག་པ་དང། ཐམས་ཅད་དུ་མ་ཁྱབ་པའི་ངོ་བོར་མི་འགྱུར་ཞེ་ན། དེ་ལ་ལན་གདབ་བར་བྱ་བའི་ཕྱིར་སྨྲས་པ། བུམ་པ་འབྱུང་ཞིང་འཇིག་པ་ལྟར། །ནམ་མཁའ་དེ་ཡི་བདག་ཉིད་མིན། །ལུས་ཅན་འབྱུང་ཞིང་འཇིག་པ་ལྟར། །དེ ་བདག་ཡིན་པས་བདག་མི་འདོད། །ཇི་ལྟར་བུམ་པ་དང་རྫ་བོ་ལ་སོགས་པ་འབྱུང་ཞིང་འཇིག་པར་འགྱུར་བ་ན་ནམ་མཁའ་ནི་བུམ་བའི་རང་བཞིན་དུ་འགྱུར་བ་མ་ཡིན་པ་ལྟར་དེ་བཞིན་དུ་སྐྱེས་བུ་ཡང་ལུས་ཅན་རྣམ་བ་སྣ་ཚོགས་ཀྱི་དབྱེ་བ་སྐྱེ་ཞིང་འཇིགS ་པ་ཉམས་སུ་མྱོང་དུ་ཟིན་ཀྱང་ལུས་ཅན་གྱི་ངོ་བོ་ཉིད་དུ་ནི་གྱུར་པ་མ་ཡིན་ནོ། །གཞན་ཐེ་ཚོམ་ཟ་བ་བཟློག་པར་བྱ་བའི་ཕྱིར་ནམ་མཁའ་ཨི་དཔེ་གྲུབ་པར་སྟོན་པ། བུཾ་པའི་ནམ་མཁའ་ཨི་བཞིན་དུ་གཅིག། དུ་མའོ། ཞེན་བུཾ་པ་དག། ཆག་ན་དབྱེར་མེད་གཅིག་ཉིད་དུ། ཐཾ་ཅད་མཉམ་པར ་འགྱུར་བར་འདོད། །གང་ཁྱོད་ཀྱི་ནམ་མཁའ་གཅིག་ཉིད་ཡིན་ཡང་བུམ་པ་ཆེ་ཆུང་ལ་སོགས་པའི་དབྱེ་བས་ཐ་དད་པ་ཉིད་དུ་འགྱུར་བ་ལྟར་བདག་ཀྱང་དེ་དང་འདྲའོ་ཞེ་ན། དེ་ནི་མི་རིགས་ཏེ། བུམ་པ་ཐམས་ཅད་ཀྱི་ནམ་མཁའ་ལ་ཁྱད་པར་མེད་པ་ཉིད་ཡིན་ཏེ། བུམ་པ ་གཅིག་ཆག་པར་གྱུར་པའི་ནམ་མཁའ་དང་བུམ་པ་གཞན་ཆག་པའི་ནམ་མཁའ་ཁྱད་པར་མེད་པ་དེ་བཞིན་དུ་བུམ་པ་ཐམས་ཅད་ཀྱི་ནམ་མཁའ་ཡང་ཡིན་ལ། དེ་བཞིན་དུ་བདག་ཀྱང་ལུས་ཅན་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་པས་ལུས་ཐ་དང་ན་ཡང་བདག་ནི ་ཐམས་ཅད་ལ་མཉམ་པར་ཡོད་པའི་ཕྱིར་བུམ་པའི་ནམ་མཁའ་ཨི་དཔེ་མ་གྲུབ་བ་མ་ཡིན་ནོ། །ཡང་ཚུལ་གཞན་གྱིས་བདག་གཅིག་པ་ཉིད་དུ་སྒྲུབ་པའི་ཕྱིར། །ཇི་ལྟར་བུམ་སོགས་ཐ་དད་ཀྱང། །ས་ལ་ཐ་དད་འགའ་ཡང་མེད། །དེ་བཞིན་ལུས་ནི་ཐ་དད་ཀྱང ་བདག་ལ་ཐ་དང་འགའ་ཡང་མེད། །ཇི་ལྟར་བུམ་པ་དང་ཁམ་ཕོར་ལ་སོགས་པ་རྫས་ཐ་དད་དུ་ཡོད་དུ་ཟིན་ཀྱང། དེའི་རྒྱུར་གྱུར་པས་ཡིན་པ་ལ་དབྱེ་བ་འགའ་ཡང་མེད་པ་དེ་བཞིན་དུ་ལྷ་ལ་སོགས་པའི་ལུས་ཀྱི་དབྱེ་བ་ཡོད་དུ་ཟིན་ཀྱང་བདག་ལ་ནི་དབྱེ་བ ་འགའ་ཡང་མེད་དོ། གཞན་ཡང། ཇི་ལྟར་བུམ་པའི་ནམ་མཁའ་གཅིག། རྡུལ་དང་དུ་བས་བསྒྲིབས་པན། །ཐམས་ཅད་དེ་བཞིན་མ་ཡིན་ལྟར། །བདེ་སོགས་དེ་བཞིན་བདག་ལ་མིན། །གང་སངས་རྒྱས་ལས་བདག་ཏུ་སྨྲ་བ་རྣམས་ལ་སྔར་སྨྲས་པའི་སྐྱོན་བདག ་ཐམས་ཅད་དུ་ཁྱབ་པ་ཡིན་ན། གཅིག་བདེ་བར་གྱུར་པ་ན་ཐམས་ཅད་ཀྱང་བདེ་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་འདིར་སྤང་བར་བྱ་བའི་ཕྱིར་སྨྲས་པ། ནམ་མཁའ་ནི་ཀུན་ལ་ཁྱབ་པ་ཡིན་ཡང་བུམ་པ་གཅིག་གི་ནང་གི་ནམ་མཁའ་རྡུལ་དང་དུ་བ ་ལ་སོགས་པས་བསྒྲིབས་པ་ན་བུམ་པ་ཐམས་ཅད་ཀྱི་ནམ་མཁའ་བསྒྲིབས་བར་གྱུར་པ་མ་ཡིན་ཞིང། གཅིག་བསྒྲིབས་པ་དང་བྲལ་བར་གྱུར་པས་ཐམས་ཅད་བསྒྲིབས་པ་དང་བྲལ་བ་མ་ཡིན་པ་དེ་བཞིན་དུ། འདིར་སྐྱེས་བུ་གཅིག་བདེ་བ་དང་ལྡན་པར་གྱུར ་པ་ན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་པ་མ་ཡིན་ཞིང། །གཅིག་སྡུག་བསྔལ་བར་གྱུར་པ་ན་ཐམས་ཅད་ཀྱང་སྡུག་བསྔལ་པར་གྱུར་པ་མ་ཡིན་པ་བཞིན་ནོ། །ཡང་ཇི་ལྟར་འདི་དག་སོ་སོའི་རྒྱུད་ལ་བདེ་བ་དང། སྡུག་བསྔལ་འབྱུང ་བར་འགྱུར་བ་ཡིན་ཞེ་ན། སྨྲས་པ། བདག་མ་ཤེས་ཤིང་མ་རྟོགས་པས། །རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ལས་རྣམས་སོགས་ཤིང་དགེ་བ་དང། །མི་དགེའི་འབྲས་བུ་སྤྱོད་པ་ཡིན། །ཇི་སྲིད་དུ་འདིས་བདག་མཐོང་བར་མ་གྱུར་ཅིང་བདག་མ་ཤེས ་པ་དེ་སྲིད་དུ། རྨི་ལམ་གྱི་ནང་དུ་མི་བདེན་བའི་གཟུགས་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པར་ང་རྒྱལ་བྱེད་པ་དེ་བཞིན་དུ། བདག་ཀུན་ནས་མི་ཤེས་པ་ཉིད་ཀྱང་དགེ་བ་དང་མི་དགེ་བའི་ལས་བསགས་ནས། དགེ་བ་དང་མི་དགེ་བ་དེའི་འབྲས་བུ་ཉེ ་བར་ལོངས་སྤྱོད་བར་བྱེད་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འབྲེལ་པ་རྟོག་གེ་འབར་བ། །བམ་པོ་ཉི་ཤུ་གཉིས་པ། །སྐྱེ་སྦུ་ནི་བྱེད་པ་བོ་དང་སྤྱོད་བ་པོ་ཉིད་ཡིན་ཏེ། སྡིག་པ་དང་བསོད་ནམས་ཉེ་བར་སོགས་པར་བྱེད་པ་དང། ་ཉེ་བར་སྤྱོད་པར་བྱེད་པ་ཡིན་པའི་ཕྱིར། སྡིག་པ་ལ་སོགས་པའི་བྱེད་བ་པོ་ཡོད་པའི་སྐྱོན་ཡོད་པར་འགྱུར་རོ་ཞེ་ན། ལུས་ལ་གནས་ཀྱང་མ་ཆགས་དང་།སྤྱོད་པར་བྱེད་ཀྱང་མི་དགོས་ཏེ། འདོད་བཞིན་སྤྱོད་ཀྱང་རྒྱལ་པོ་བཞིན། །སྡིག་པས ་གནོད་པར་མི་འགྱུར་རོ། །ཇི་ལྟར་འདིས་ལུས་ཐམས་ཅད་ལ་གནས་པ་ཡིན་དུ་ཟིན་ཀྱང་དེ་ལྟ་ན་ཡང་མ་ཆགས་པ་ཉིད་ཡིན་པ་དང། ཡུལ་རྣམས་ལ་སྤྱོད་དུ་ཟིན་ཀྱང་ཡུལ་གྱིས་ཀྱང་གོས་པ་མེད་དེ། ཇི་ལྟར་རྒྱལ་པོ་འདོད་པ་བཞིན ་དུ་སྤྱོད་དུ་ཟིན་ཀྱང་ཕྱིར་གནོད་པ་བྱེད་བ་མེད་པ་དེ་བཞིན་ནོ། །འདི་ཡང་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་སྡིག་པ་སྤྱོད་དུ་ཟིན་ཀྱང་སྡིག་པའི་འབྲས་བུའི་སྣོད་དུ་ནི་མི་འགྱུར་རོ། །དེ་བཞིན་དུ་ཇི་སྐད་བསྟན་བའི་རིམ་བས། གཅིག་བུ ་ཀུན་ཁྱབ་རྟགས་སྟེ། །ཚངས་མཆོག་འཆི་བ་མེད་པའི་གནས། །རྣལ་འབྱོར་པ་ཡི་གོམས་བྱས་ནས། །དེ་ནི་ཡང་སྲིད་ལེན་མི་འགྱུར། །ལུས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པའི་ཕྱིར་གཅིག་པའོ། །འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་པའི་ཕྱིར་ཀུན་ཁྱབ་པོ། ། ་ཉམས་པ་མེད་པའི་ཕྱིར་རྟག་པའོ། །མྱ་ངན་ལས་འདས་པའི་བདག་ཉིད་ཡིན་པའི་ཕྱིར་ཚངས་པའོ། །ཕུལ་དུ་བྱུང་བ་ཡིན་པས་མཆོག་གོ་།ཐོག་མ་དང་ཐ་མ་མེད་པའི་ཕྱིར་འཆི་བ་མེད་པའོ། །དམིགས་པའི་གནས་ཡིན་པའི་ཕྱིར་གནས་སོ། །རྣལ་འབྱོར་བ་ནི་བསམ ་གཏན་གྱི་སྦྱོར་བས་དམིགས་པར་བྱེད་པ་སྟེ། འདི་ལྟར་ངེས་པར་གོམས་པར་བྱས་པ་ན་འདི་ལྟ་བུའི་ཚངས་པ་ཀུན་ཏུ་རྟོགས་པ་ཡིན་ཏེ། དེས་ན་དེའི་ཡང་སྲིད་ལྡོག་པར་འགྱུར་རོ། །དགེ་བ་དང་མི་དགེ་བ་སོགས་པ་དང་ཉེ་བར་སྤྱོད་པ་ལོག་པར་གྱུར་པའི ་བདག་དེའི་མཚན་ཉིད་ཉེ་བར་བསྡགས་པ་ནི། དེ་ནི་རྟག་པར་རྟོག་མེད་པ། །གང་གི་སྤྱོད་ཡུལ་གང་མ་གྱུར། །བློ་ནི་དབྱེ་བས་ཕྲོག་རྣམས་ཀྱིས། །དེ་ལ་ཚིག་ཏུ་སྦྱོར་བར་བྱེད། །ཚངས་པ་དེ་ནི་དུས་ཐམས་ཅད་དུ་རྣལ་འབྱོར་པ་རྣམས་ཀྱིས་དམིགས་པར ་བྱ་བ་ཡིན་པའི་ཕྱིར་རྟག་པའོ། །དབང་པོ་དང་རྣམ་པར་ཤེས་པ་ལས་གཞན་ཉིད་ཡིན་པའི་ཕྱིར་རྟོག་པ་མེད་པའོ། །བློ་དག་གི་སྤྱོད་ཡུལ་དུ་གྱུར་པ་ནི་ཚིག་བརྗོད་པ་རྣམས་ཀྱི་ཡང་ཡུལ་ཡིན་པར་འགྱུར་ལ། བློའི་སྤྱོད་ཡུལ་དུ་མ་གྱུར་བ་ང་ཉིད་དེ་ནི ་ཚིག་གི་སྦྱོར་ཡུལ་ཡང་མ་ཡིན་ནོ། །འོན་ཀྱང་དབྱེ་བས་ཕྲོགས་པ་ནི་དབྱེ་བ་ལ་ཉེ་བར་སོང་བའི་བློ་སྟེ་།དེ་གང་ལ་ཡོད་པ་ནི་བློ་ནི་དབྱེ་བས་ཕྲོགས་པའོ། །དེས་དེ་ལ་ཚངས་པའོ། །ཞེས་ཚུག་སྦྱོར་བར་བྱེད་དེ། འདི་ལྟ་སྟེ། བདག་དང། སྐྱེས་བུ ་དང། དབང་ཕྱུག་དང། ཀུན་ལ་ཁྱབ་པ་དང། རྟག་པ་ཞེས་བྱ་བ་ལ་སོགས་པའི་བར་རོ། །ཅིའི་ཕྱིར་ཞེ་ན་།ཀུན་ཏུ་ཐ་སྙད་དུ་བྱ་བའི་ཕྱིར་ཏེ། གཞན་དག་གི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞེས་བྱ་བར་རོ། །འདིའི་ངོ་བོ་ནི་བརྗོད་པར ་བྱ་བ་མ་ཡིན་པ་ཉིད་ཡིན་ཏེ། རིག་བྱེད་ལས་རང་བྱུང་བྱེད་པ་མེད་པ་བོང་ཚད་མེད་པ་སྟེ། མུན་པ་ལས་གཞན་པའི་སྐྱེས་བུ་ནི་།སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག་།མུན་པ་ལས་གཞན་གྱུར་པ་དེ་རིགས་ན། །འཆི་བ ་མེད་པར་འགྱུར་ཏེ་བདག་གིས་རྟོགས། །སྐྱེ་མེད་གནས་འགྲོ་བ་ལ་ལམ་གཞན་མེད། ཅེས་བྱ་བ་དང་དེ་བཞིན་དུ། དེ་ནི་ཕྲ་གྱུར་སྐྱེ་གནས་རྣམས་ན་གཅིག་པུ་གནས། །དེ་ནི་རྒྱས་པ་འདི་དག་ཡང་དག་བསགས་པ་ཡིན། །དེ་ནི་གཙོ་བོ་མཆོག་དང ་ལྷ་དང་བསྟོད་བྱ་སྟེ། །བདག་ངེས་བཟུང་ནས་ཤིན་ཏུ་ཞི་བར་འགྲོ་བར་འགྱུར། །གང་ལས་མཆོག་ཏུ་གྱུར་བ་གཞན་པ་འགའ་ཡང་མེད། །གང་ལས་ཕྲ་དང་གཙོ་བོར་གྱུར་པ་གཞན་པ་འགའ་ཡང་མེད། །མ་བཀག་བསྒྲིབས་པ་མེད་པར ་རྒྱས། །ཕྲ་བ་ལས་ཀྱང་ཕྲ་ཞིང་ཆེ་བས་ཆེ། །འགྲོ་རྣམས་རྒྱས། །ཕྲ་བ་ལས་ཀྱང་ཕྲ་ཞིང་ཆེ་བས་ཆེ། །འགྲོ་རྣམས་བདག་གིས་ཡོན་ཏན་ཁྱབ་ནས་གནས། །མྱ་ངན་བྲལ་བས་མཆོད་སྦྱིན་མེད་པར་མཐོང། །ཁམས་རྣམས་དང་བ ་གཙོ་བོའི་ཆེ་བ་ཉིད། །དེ་བཞིན་དུ། ལུས་མེད་པ་ཡི་ལུས་ལ་ནི། །ཀུན་ཏུ་གནས་མེད་གནས་པ་ནི། །ཆེན་པོ་གཙོ་བོའི་བདག་ཉིད་དེ། །ཤེས་ནས་མཁས་པ་མྱ་ངན་མེད། །དེ་བཞིན་དུ། གཡོ་བ་དེ་ཡིན་མི་གཡོ་དེ། །རིང་བ ་དེ་ཡིན་ཉེ་བ་དེ། །ནང་ཡང་དེ་ཡིན་ཐམས་ཅད་ཀྱིས། །གཉི་ག་དེ་ཡིན་ཕྱི་རོལ་ཉིད། །དེ་བཞིན་དུ། དར་གྱི་སྲིན་བུའི་སྣལ་མ་བཞིན། །ཆུ་ཤེལ་ནོར་བུའི་ཆུ་བཞིན་དུ། །ནྱ་གྲོ་ཡན་ལག་དྲུག་རྒྱུ་བཞིན། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ།། ་ཞེས་བྱ་བ་ལ་སོགས་པ་རིགས་བྱེད་ཀྱི་ལུང་ལས་མཐོང་བའི་ཚད་མས་སྐྱེས་བུ་མཐོང་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཡིན་ཏེ། གཞན་གྱིས་ཉམས་པར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་རིག་བྱེད་ཀྱི་མཛའ་སྨྲ་བ་རྣམས་ཀྱི་བཀོད་པའི་ཕྱོགས་སྔ་མ་ཡིན་ནོ།། ་དེ་ལ་ལན་བརྗོད་པར་བྱ་བའི་ཕྱིར་བསྟན་བཅོས་བྱེད་པས་སྨྲས་པ། ཕྱོགས་སུ་ལྷུང་བ་མ་ཡིན་པས། །འདིར་ནི་འདི་ཡང་འདི་ལྟར་དཔྱད། །ཕྱོགས་ལ་ཆགས་པས་བསྒྲིབས་པའི་བློས། །ཇི་ལྟར་བདེན་པའང་རྟོགས་མི་འགྱུར། །འདིར་ནི་ཞེས་བྱ་བ་ནི་རིག་བྱེད་ཀྱི་མཛའ་ ་སྨྲ་བ་རྣམས་ཀྱི་བཀོད་པའི་ཕྱོགས་སྔ་མར་རོ། །འདི་ཡང་ཞེས་བྱ་བའི་སྒྲ་ནི་སྔར་བསྟན་པའི་རབ་ཏུ་བྱེད་པར་དཔྱད་པར་བྱས་པ་ཡང་ཉེ་བར་བསྡུ་པའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་འདི་ལྟར་བརྟགས་པར་བྱ། འདི་ལྟར་བརྟགས་པར་བྱ། ་འདི་ལྟར་དཔྱད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། སུ་ཞིག་དཔྱོད་པར་བྱེད་ཅེ་ན། གང་དག་རང་དང་གཞན་གྱི་ཕྱོགས་ལ་རིགས་སམ་མི་རིགས་པ་དཔྱད་པ་བྱས་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཕྱོགས་སུ ་ལྷུང་བས་དྲི་མ་ཅན་དུ་བྱས་པའི་སེམས་ཀྱིས་ནི་སྐྱོན་མེད་པའི་ཚིག་དག་ལ་ཡང་ཡིད་ཆེས་པར་མི་འགྱུར་ཏེ། རང་གི་ཕྱོགས་ལ་ཆགས་པ་དང་བཅས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་ཤེས་པ་འཚོ་ལ་བའི་རབ་ཏུ་བྱེད་པ་དང། གྲངས་ཅན་དང་བྱེ ་བྲག་པའི་དེ་ཁོ་ན་ཉིད་བརྟག་པའི་དབང་དུ་བྱས་ནས། བདག་ཡོད་པ་ནི་བཀག་པས་ནི། །འགྲོ་བའི་རྒྱུ་ཡང་དེ་བཞིན་ཏོ། །དེས་ན་དེ་མཐོང་གྲོལ་བ་ནི། །མི་བདེན་པར་ནི་རབ་བརྟགས་ཉིད། །བདག་ཡོད་པ་ཉིད་དུ་ཡང་བསྒྲུབ་པར་ཤིན་ཏུ་དཀའ་སྟེ། ་ཇི་སྐད་དུ་སྡང་བསྟན་པའི་རིག་པས་ཡོད་པར་ཡང་མ་གྲུབ་ན། བདེན་པ་མ་ཡིན་པ་དེ་མཐོང་བS་ཡང་དག་པར་གྲོལ་བར་ལྟ་ཇི་ལྟར་འགྱུར། ཡོད་པ་མ་ཡིན་པའི་རི་བོང་གི་རྭ་ནི་དམིགས་པར་འགྱུར་བ་མ་ཡིན་པ་བཞིན་དུ་དེ་མཐོང་བས་ཀྱང་གྲོལ་བར་འགྱུར ་བ་མ་ཡིན་ནོ། །སྐྱེས་བུར་བལྟ་བ་ལ་སྐྱོན་ཆེན་པོ་འདི་ཡང་ཡོད་དེ། བྱོལ་སོང་རྣམས་ལ་འཇིགས་ཚོགས་ལྟ། ལྷན་ཅིག་སྐྱེས་ཡོད་ཞི་མ་གྱུར། །ཀུན་ཉོན་མོངས་ཀུན་རྩ་བའི་ཕྱིར། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྦེལ། །སྡུག་བསྔལ་བར་འགྱུར་བས་ན ་འཇིགས་པ་ཡིན་ལ་བསགས་པ་ན་ཚོགས་ཏེ། དེ་ནི་འཇིགས་པ་ཡང་ཡིན་ལ་།ཚོགས་པ་ཡང་ཡིན་པས་འཇིགས་ཚོགས་སོ། །དེ་ལ་གང་མངོན་པར་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ ་པོ་ལ་བདག་དང་བདག་གིར་འཛིན་པའོ། །དེ་ནི་ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པའི་བག་ཆགས་ཀྱིས་བགོས་བའི་བ་ལང་ལ་སོགས་པ་དུད་འགྲོ་རྣམས་ཀྱི་སེམས་ངག་གི་སྤྱོད་པ་དང་བྲལ་བ་དེར་རྟོག་པར་མི་བྱེད་པ་རྣམས་ལ་ཡང ་ཞི་བ་སྒྲུབ་པར་མི་བྱེད་པ་མ་ཡིན་ན། ཡང་བློའི་བརྗོད་པ་དང་ལྡན་པའི་མི་རྣམས་བདག་ཏུ་ལྟ་བ་དུ་མའི་རྣམ་པར་རྟོག་པ་ཡོད་པ་ཆིག་ཏུ་བརྗོད་པ་དང་བཅས་པས་གཞན་དག་ཀྱང་འཛིན་དུ་འཇུག་པ་རྣམས་ལ་ཇི་ལྟ་ཇི་ལྟར་ཞི་བ་སྒྲུབ ་པར་འགྱུར་ཏེ། དེས་ན་འདི་ནི་རིག་པའི་ཚུལ་མ་ཡིན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཏེ། བདག་ཏུ་ང་རྒྱལ་བ་དང། བདག་ཏུ་རྨོངས་པ་དང། བདག་ཏུ་ལྟ་བ་དང། བདག་ལ་ཆགས་པ་ལ་སོགས་པས ་ཉོན་མོངས་པ་ཅན་དུ་བྱས་པ་ཡོད་པ་ལས་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ནི་ཁྱོད་ཀྱིས་ཤིན་ཏུ་འཕེལ་བར་བྱས་པ་ཡིན་ན་དེ་ལ་ཇི་ལྟར་ཐར་པ་ཡོད་པར་འགྱུར། །འཇིག་ཚོགས་ལྟ་བ་ཞེན་པ་ཡི། །བདག་འཛིན་བདག་གིར ་འཛིན་པ་དེ། །གང་ལས་འཁོར་བ་འབྱུང་བར་འགྱུར། །དེ་ཉིད་གྲོལ་བ་ཡིན་པར་སྨྲ། །བདག་གཟུགས་ཡིན་བདག་གཟུགས་དང་ལྡན། །གཟུགས་བདག་གི་ཡིན་།གཟུགས་ལ་བདག་གནས། བདག་ཚོར་བ་ཡིན། བདག་ཚོར་བ་དང་ལྡན། ཚོར་བ ་བདག་གི་ཡིན། ཚོར་བ་ལ་བདག་གནས་ཞེས་བྱ་བ་ལ་སོགས་པ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མ་ཐོབ་རྣམ་པར་བཅོམ་ནས་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ་ཞེས་ཐམས་ཅད་རིག་པ་ཉིད་ཀྱིས་གསུངས་པ་ཕྱིན་ཅི་ལོག་གི་ལྟ་བ ་ཅན་བདག་དང་བདག་གིར་འཛིན་པའི་གདོན་གྱིས་ཟིན་པས་སེམས་བརླམས་པར་གྱུར་བ་ཁྱོད་ཀྱིས་ནི། གང་ལས་འཁོར་བ་མངོན་པར་འཕེལ་བར་འགྱུར་བ་དེ་ཉིད་གྲོལ་བའི་རྒྱུ་ཡིན་ནོ། །ཞེས་ཟེར་ཏེ། དེ་ནི་འདི་ལྟར་རབ་ཏུ་འབར་བར་གྱུར་པའི་མེ་ལ་ཞི་བར་བྱ་བའི་ཕྱིར་བུད ་ཤིང་ཤིན་ཏུ་མང་བ་བསྣན་པར་གྱུར་པ་བཞིན་ནོ། །འདིར་གཞན་གྱི་སྲས་པ། གང་གང་གི་ཞི་བའི་རྒྱུར་གྱུར་པ་མ་ཡིན་པ་དེ་ཡང་ཚུལ་འགའ་ཞིག་གིས་ཞི་བའི་རྒྱུར་ཡང་འགྱུར་ཏེ། ཇི་ལྟར་ཆང་ཤིན་ཏུ་བསྟེན་པས་མྱོས་པར་གྱུར་པ་ལ་ཡང་མྱོས་པར་འགྱུར་བ་ཉིད ་བསྟེན་ན། ཕན་པར་འགྱུར་བ་དེ་བཞིན་དུ། ཐབས་ལ་མི་མཁས་པས་བདག་ཏུ་ལྟ་བ་བསྟེན་པས་ཀུན་ནས་ཉོན་མོངས་པ་སྐྱེ་བར་འགྱུར་ལ། རྣལ་འབྱོར་གྱི་ལུགས་འབའ་ཞིག་གིས་བདག་ཏུ་ལྟ་བ་དེ་ཉིད་གོམས་པར་བྱས་པ་ལས། ཉོན་མོངས་བཞི་པར་འགྱུར ་རོ། ཞེ་ན་དེ་ལ་བརྗོད་པར་བྱ་སྟེ། མྱོས་པར་གྱུར་པ་མྱོས་འགྱུར་བཞིན། །དེ་ལྟ་བ་ཡིས་ཞི་འགྱུར་ན། །ཤིན་ཏུ་མ་ཞུའི་ནད་ལྡན་ལ། །ཁ་ཟས་ཟོས་པས་ཕན་པར་འགྱུར། །གང་ལ་གང་གིས་གནོད་པར་གྱུར་པ་དེས། དེ་ཉིད་ཞི་བར་གྱུར་རོ། །ཞེས་བྱ ་བ་ནི་གཅིག་ཏུ་མ་ངེས་པ་ཡིན་ནོ། །གལ་ཏེ་ངེས་པར་གྱུར་ན་ནི་ཤིན་ཏུ་མ་ཞུ་བའི་སྐྱོན་དང་བཅས་པར་གྱུར་པ་དེ་ལ་ཡང་ཁ་ངེས་པ་ཡིན་པ་བཞིན་དུ་ལམ་གོམས་པར་བྱས་ན་ལེགས་པ་ཡིན་གྱི་པར་གྱུར་པ་མ་ཡིན་ནམ་ཞེ་ན། དུག་གིས་དུག་ཞི་བར ་འགྱུར་རོ། །ཞེས་བྱ་བ་དེ་ཡང་མ་ངེས་པ་ཉིད་ཡིན་ན་ནོར་བུ་དང་།སྔགས་དང་སྨན་ལ་སོགས་པའི་སྦྱོར་བ་དང་ལྡན་ན་། ངེས་པ་ཡིན་པ་བཞིན་དུ་ལམ་གོམས་པར་བྱས་ན་ལེགས་པ་ཡིན་གྱི་བདག་ཏུ་ལྟ་བས་ནི་མ་ཡིན་ནོ། །གཞན་ཡང་རིག་བྱེད ་སྨྲ་བས་བདག་དེ་ནི། །རྣམ་པ་གཉིས་སུ་འདོད་བྱེད་དེ། །ལུས་ཞེས་བྱ་བ་བཅིངས་བདག་དང། །མཆོག་ན་གནས་པ་གྲོལ་བའི་བདག། མཆོག་ཏུ་འཛིན་པ་བདག་གི་ཡུལ། །བདག་བློ་ཇི་བཞིན་དོན་མ་ཡིན། །བདག་ནི་འདི་ཞེས་མཆོག་འཛིན་ཕྱིར། །ལུས ་ལ་བདག་གི་བློ་བཞིན་ནོ། །མཆོག་གི་གནས་ན་གནས་པས་མཆོག་ན་གནས་པའོ། །གང་ཞེ་ན་བདག་གོ་།ཡུལ་དེ་གང་ལ་ཡོད་པ་དེ་ནི་དེའི་ཡུལ་ཅན་ཏེ་གང་ཞེ་ན་བློའོ་།དེ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་ནོ། །ཞེས་སྒྲུབ་པར་བྱའོ། །ཅིའི ་ཕྱིར་ཞེ་ན། བདག་ནི་འདི་ལྟ་བུའོ་ཞེས་དེ་ལ་རྒྱུ་བ་འབྱུང་བའི་ཕྱིར་རོ། །ཅི་ལྟ་བུ་ཞེ་ན། ལུས་དང་དབང་པོ་དང་ཡུལ་ལ་བདག་གི་བློ་བྱུང་བ་བཞིན་ནོ། །ལུས་དང་ཡུལ་གྱི་བློ་ཉིད་ནི་ཀུན་རྫོབ་ཏུ་དོན་ཇི་ལྟ་བ་བཞིན་དུ་ཡང་དག་པར་འབྱུང་བར ་འགྱུར་ཏེ། མངོན་སུམ་ཉིད་ཀྱིས་ཉེ་བར་དམིགས་པ་ཡིན་པའི་ཕྱིར་རོ། །མཆོག་ན་གནས་པ་ནི་མ་ཡིན་ཏེ། ཉེ་བར་མ་དམིགས་པའི་ཕྱིར་རོ། །གལ་ཏེ་ཡང་དུས་རིང་པོར་བདག་ཏུ་མངོན་པར་ཞེན་པའི་བག་ཆགས་ཀྱི་སྟོབས་ཀྱི་འདི་ལ་བདག་ཅེས ་ཡོངས་སུ་རྟོག་གོ་ཞེ་ན། ཡོངས་སུ་བརྟགས་པ་ཞེས་བྱ་བ་ནི་དོན་ཅི་ཡང་སྒྲུབ་པ་མ་ཡིན་པས་དེས་ན་སྨྲས་པ། ཡོངས་སུ་བརྟགས་པས་ཡོད་ན་ཡང། །ཁྱོད་ཀྱིས་བདག་གིས་ཅི་ཞིག་བྱེད། །གཟུགས་དང་སྒྲ་སོགས་ཡུལ་རྣམས་ལ། །བློའོ་ཞེ་ན? ་དེ་མི་རིགས། །རྒྱུ་ཅིའི་ཕྱིར་ཞེ་ན། ལུས་ཐམས་ཅད་ཀྱི་དབང་ཕྱུག་གི་སྐྱེས་བུ་ཡོངས་སུ་བརྟགས་པ་དེ་མེད་དུ་ཟིན་ཀྱང་།གཟུགས་སོགས་ཡུལ་ལ་བློ་དག་ནི། །བྱེད་པོ་བདག་ནི་མེད་ཀྱང་སྐྱེ། །རྐྱེན་ལ་བལྟོས་པའི་སྐྱེ་ཡིན་ཕྱིར། །མེ་ཤེལ ་གྱིས་ནི་མེ་བཞིན་ནོ། །གཟུགས་ལ་སོགས་པ་ཡུལ་ལ་བློ་སྟེ་།གང་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །དེ་ནི་བྱེད་པ་པོ་བདག་གིས་བསྐྱེད་པ་མ་ཡིན་ཏེ། ཞེས་བྱ་བ་ནི་བསྒྲུབ་པར་བྱེ་བའོ། །རྐྱེན་ལ་བལྟོས་པ་ནི་རྐྱེན་ལ་བལྟོས ་པའི་བློ་སྟེ་།འདིའི་སྐྱེ་བ་ནི་རྐྱེན་ལ་བལྟོས་པའི་སྐྱེ་བ་ཡིན་ནོ། །དེའི་ངོ་བོ་ནི་རྐྱེན་ལ་བརྟོས་པའི་སྐྱེ་བ་ཉིད་དོ། །དེས་ན་རྐྱན་ལ་བལྟོས་པའི་སྐྱེ་བ་ཡིན་པའི་ཕྱིར་ཏེ། དཔེར་ན་ནོར་བུ་མེ་ཤེལ་ནི་ཉིན་མོར་བྱེད་པའི་འོད་ཀྱིས་རེག་པ་དང། བ ་ལང་གི་ལྕི་བ་སྐམ་པོའི་ཕྱེ་མའི་རྐྱེན་ཉེ་བར་གནས་པ་ལ་བརྟེན་ནས་བྱེད་པ་པོ་བདག་གིས་མ་བྱས་ཀྱང་བཟོད་པར་དཀའ་བའི་མེའི་ཕུང་པོ་བསྐྱེད་ནས་རྩཝ་དང་ཤིང་དང་འཁྲི་ཤིང་མང་པོ་རབ་ཏུ་རྒྱས་པ་སྲེག་པ་དང། གསལ་བར་བྱེད་པ་ལ་སོགས་པའི་བྱ་བ ་རྣམས་བྱེད་དོ། །དེ་བཞིན་དུ་ཡུལ་དང། དབང་པོ་དང་།རྣམ་པར་ཤེས་པ་དང། ཡིད་ལ་བྱེད་པའི་ཚོཌ་པ་ལ་བརྟེན་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་བྱེད་པ་པོ་བདག་གིས་མ་བསྐྱེད་ཀྱང། ལྟ་བ་དང། མཉན་པ་དང། བསྣམ་པ ་དང། མྱང་བ་དང། རག་པ་དང། ཡིད་ལ་བྱེད་པལ་སོགས་པའི་བྱ་བ་རྣམས་བྱེད་ན་ཡུལ་དང། དབང་པོ་དང། །རྣམ་པར་ཤེས་པ་ལ་མ་གཏོགས་པའི་བདག་བཏགས་པས་ཅི་ཟིག་བྱ། གཞན་ཡང་གང་ཡང་ཡེ་གེའི་བདག་ཉིད་སྒྲ། །དེ་ཡི་བྱེད་པོ་བདག ་མི་འདོད། །མཉན་བྱའི་ཕྱིར་དང་སྒྲ་ཡིན་ཕྱིར། །དཔེར་ན་བྲག་ཆ་ཇི་བཞིན་ནོ། །གང་ཡང་གནས་དང་བྱེད་པ་དང། །རྩོལ་བ་ལས་ཀུན་ཏུ་བྱུང་བའི་ཡི་གེའི་བདག་ཉིད་ཅན་གྱི་སྒྲ་ཁའི་སྒོ་ནས་བརྗོད་པ་དེ་ཡང་བདག་གིས་བྱས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ་རྣ་བའི་དབང་པོས་བཟུང་བྱ་ཡིན་པའམ། སྒྲ་ཡིན་པའི་ཕྱིར་དཔེར་ན་ནགས་བསྲེཌ་པའི་མེའི་སྒྲ་དང། རླུང་ཆེན་པོས་བསྐྱོང་བའི་ནགས་ཚལ་གྱི་སྒྲའམ། རྒྱ་མཚོ་འཁྲུགས་པའམ། རེའི་འབབ་ཆུ་དྲག་པོས་རྔོ་ཆེན་པོ་བསྐྱོད་པའི་སྒྲ་ལ་སོགས་པ་རི་ངོས ་སམ། བྲག་སྐྱིབས་དང་ཉེ་བ་ལ་བརྟེན་ནས་ཀུན་ཏུ་བྱུང་བའི་སྒྲ་བརྙན་ནི་བདག་གིས་བྱས་པ་མ་ཡིན་པ་བཞིན་ནོ། །འདིས་ནི་ལུས་ཀྱི་བྱ་བ་གཞན། །འོང་བ་དང་ནི་འགྲོ་བ་དང། །ལག་པ་རྐང་པ་གཡོ་བ་ནི། །མཚན་ཉིད་ལྷག་མ་རྣམས་ཀྱང་བཀག། གང་ཅུང་ཞིག ་ལུས་ལས་ཡང་དག་པར་འབྱུང་བའི་འོང་བ་དང། འགྲོ་བ་དང་ལག་པ་དང། རྐང་པའི་གཡོ་བ་དང། བཙོ་ལག་དང། འདུག་པ་དང། ཉལ་བ་ལ་སོགས་པའི་བྱ་བ་དེ་དག་ཐམས་ཅད་རིམ་པ་འདི་ཉིད་ཀྱིས་བརྟག་པ་བྱས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་ལྟར་རི་དང ་བྲག་གི་གསེབ་ནས་ཆུ་བོའི་རྒྱུན་བྱུང་ནས་ཡུལ་དུ་མ་ཁྱབ་པར་བྱེད་ཅིང་རྒྱས་པར་འབྱུང་བ་ན། བདག་མེད་དུ་ཟིན་ཀྱང་ཆུ་འོང་པོ་ཞེས་ཚིག་ཏུ་རྗོད་པར་བྱེད་པ་དང། རྩཝ་ཁྱོན་ཆེན་པོར་གནས་པའི་ཕྱོགས་གཅིག་ནས་མེ་མཆེད་པ་?།། ་མེ་བྱུང་ངོ་ཞེས་ཚིག་ཏུ་བརྗོད་པར་ཉམས་སུ་མྱོང་བ་ལྟར་དེ་བཞིན་དུ་འདུན་པའི་རྒྱུ་ཅན་གྱིས་འབད་པས་བསྐྱེད་པའི་རྐང་པ་འདེབས་པ་དང་འཇོག་པའི་མཚན་ཉིད་ཅན་གྱི་བྱ་བ་དང་ལྡན་པའི་འབྱུང་བ་དང། འབྱུང་བ་ལས་གྱུར་པའི་འདུས་པ་ལ་སྣ་ཚོཌ ་ཀྱི་བུ་དང། བྱམ་མའི་བུ་ལ་སོགས་པ་འགྲོ་ཞིང་འོང་ངོ། །ཞེས་བྱ་བའི་བརྗོད་པ་འཐོབ་བོ། །ཡང་བདག་མེད་དུ་ཟིན་ཀྱང་ཤིང་གི་འཁྲུལ་འཁོར་གྱི་གཟུགས་ལག་པ་གཉིས་ལ་མདའ་དང་གཞུ་ཐོགས་ན་འཕེན་བ་དང། ཆུའི་རྒྱུ་མཚན་ཕན་བརྡབས ་པའི་དབང་གིས་བལ་བ་ཛ་ཐག་བ་ལྟར་བསྒྲིལ་བར་གྱུར་པ་དང། རྫ་བོའི་ནང་དུ་ཆུ་དང་འབྲས་བླུགས་ཤིང་མེ་བཏང་ནས་སྐྱབས་དཀྲུགས་པ་ལས་འབྲས་ཆན་ཆོས་པར་འགྱུར་རོ། །ཞེས་བྱ་བ་ཡང་བྲག་ཅ་ལ་སོགས་པ་བཞིན་ནོ། །དེས་ན་ལུས ་དང་དབང་པོ་ལས་མ་གཏོགས་པའི་བདག་ནི་ཡོད་པ་མ་ཡིན་ཏེ། རྣམ་པར་བཅད་ནས་ཀུན་ཤེས་ལས། །ཀུན་ཤེས་དྲན་པ་ཉིད་ལས་དྲན། །སོ་སོར་རྣམ་པར་རབ་ཤེས་ལས། །ཤེས་རབ་ཉམས་སུ་མྱོང་ལས་ཚོར། །ཡུལ་དང་དབང་པོ་དང ་Fརྣམ་པར་ཤེས་པ་དང། ཡིད་ལ་བྱེད་པའི་རྐྱེན་ཆོགས་པ་ལས་རབ་ཏུ་བྱུང་བ་ཉིད་ཀྱི་ལྗོན་ཤིང་དང། གྲོང་ཁྱེར་དང། རི་དང། སྐྱེས་བུ་དང། རི་དགས་ལ་སོགས་པའི་རྣམ་པར་ཡོངས་སུ་གཅོད་པའི་འདུ་ཤེས་ལས་འདུ་ཤེས་འབྱུང་ལ་རྣམ་པར་ཤེས ་པའི་ཚོགས་དྲུག་གིས་ཉམས་སུ་མྱོང་བའི་ཡུལ་དྲན་པ་ལས་ནི་དྲན་པའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སོ་སོའི་ཆར་རབ་ཏུ་འབྱེད་པའི་རྣམ་པ་རབ་ཀྱི་མཐར་ཕྱིན་པ་ཉིད་ཀྱིས་ཤེས་རབ་ལས་ཤེས་རབ་པོ། །བདེ་བ་དང། སྡུག ་བསྔལ་དང། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་ཡུལ་ཉམས་སུ་མྱོང་བ་ལས་ནི་ཚོར་བ་སྟེ། འདུ་ཤེས་དང་དྲན་པ་དང། ཤེས་རབ་དང། ཚོར་བ་ལ་སོགས་པ་ལས་མ་གཏོགས་པའི་བདག་གི་བྱ་བ་གཞན་ཞིག་ངོ་བོ་ཉིད་ངས་པར་གཟུང ་བར་མི་ནུས་ཏེ། ནམ་མཁའ་ཨི་མེ་ཏོག་བཞིན་དུ་དེ་ནི་ཡོད་པ་མ་ཡིན་པར་གཟུང་བར་བྱའོ་།དངོས་པོའི་ངོ་བོ་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་སེམས་དང། དངོས་པོའི་ཁྱད་པར་སོ་སོར་རྣམ་པར་ཤེས་པའི་མཚན་ཉིད་ཅན་གྱི་སེམས་ལས་བྱུང་བ ་ཚོར་བ་དང། འདུནཔ་དང། རེག་པ་དང། ཏིང་ངེ་འཛིན་ལ་སོགས་པ་དང། མོས་པ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་བསྟན་པར་མ་གཏོགས་པའི་སྐྱེས་བུའི་བྱ་བ་ནི་ཕྲ་མོ་ཙམ་ཡང་དམིགས་པར་མི་འགྱུར་ལ། འདི་དག་ལས་མ་གཏོཌ ་པའི་རང་གི་ངོ་བོ་ཡང་འགའ་ཡང་ཉེ་བར་མི་དམིགས་པས་དེས་ན་གང་གི་ཕྱིར་འདི་དག་གི་ཡོད་པར་སྒྲུབ་པ་ཉིད་ནི་འགྲུབ་པ་མ་ཡིན་ནོ། །འདི་སྐད་སྨྲ་པར་ཡང་ནུས་ཏེ། བདག་ནི་བདེན་པར་ཡོདཔ་མ་ཡིན་ཏེ། བྱ་བའི་མཚན་ཉིད་མེད་པའི་ཕྱིར་ནམ ་མཁའ་ཨི་མེ་ཏོག་བཞིན་ནོ། །གལ་ཏེ་འདིར་སྨྲས་པ། སྐྱེས་བུ་ཁོ་ནས་མཐོང་བ་དང། ཐོས་པ་དང། སྣོམ་པ་དང། མྱང་བ་དང། སྙམ་སེམས་པ་དང། ཀུན་ཏུ་ཤེས་པ་དང། དྲན་པ་དང། ཀུན་ནས་ཚོར་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཤེས་པ་ལ་སོག ་པ་རྣམས་ནི་བྱེད་པར་བསྟན་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྒྲའི་བསྟན་བཅོས་ཀྱི་མཚན་ཉིད་ནི་འདི་ཡིན་ཏེ་།བྱེད་པ་པོ་དང། ལས་དང། བྱེད་པ་དང། ཡང་དག་པར་སྦྱིན་པ་དང། གང་ལས་འོངས་པ་དང། དབང་དུ་བྱ་པའི་ངོ་བོ་ཞེས་བྱ་བའི་བྱེད ་བ་མ་ལུས་པའི་སྔོན་དུ་འགྲོ་བ་ནི་རང་དབང་ཅན་གྱི་བྱེད་པ་པོ་སྟེ། བྱེད་པ་པོ་དེ་ཡོད་པ་ལས་དེ་ལས་གཞན་པའི་བྱེད་པའི་ཁྱད་པར་རྣམས་ཡིན་ཏོ་དེས་ན་སྐྱེས་བུ་ནི་བྱེད་པ་པོ་ཡིན་ལ། དེའི་མིག་ལ་སོགས་པ་ནི་བྱེད་པར་གྱུར་པ་ཡིན་ཏེ་།དེ་ནི་དེ་དག ་ནས་དཀར་ཁུང་མང་པོ་བཏོད་པའི་ཁང་པ་ན་གནས་པའི་སྐྱེས་བུ་བཞིན་དུ་སྒོ་ཁང་དང། ཉེ་བར་གནས་པའི་ཡུལ་ལ་རྗེས་སུ་མཚོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཟོར་བས་གཅོད་པར་བྱེད་དོ་ཞེས་བྱ་བ་ཡང་ཟོར་བ་ཁོ་ནས་གཅོད ་པ་ནི་མ་ཡིན་གྱི། འོན་ཀྱང་བྱེད་པ་ཟོར་བས་ལྷས་བྱིན་གྱིས་གཅོད་པར་བྱེད་དོ། །ཞེས་བྱ་བ་བཞིན་དུ། །མིག་གིས་མཐོང་ངོ་ཞེས་བྱ་བ་ཡང་མིག་ཁོ་ནས་མཐོང་བ་ནི་མ་ཡིན་ཏེ། འོན་ཀྱང་བྱེད་པ་དེས་སྐྱེས་བུས་མཐོང་བ་ཡིན་ནོ། །དེ་བཞིན་དུ་རྣ ་བ་ཐོས་པའི་སྒོར་གྱུར་པས་ན་སྐྱེས་བུས་ཐོས་པ་ཡིན་གྱི། རྣ་བ་ཁོ་ན་ནི་མ་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་ན་ཚུལ་འདི་ལྟར་བྱ་བ་འགྲུབ་པ་ཡིན་ཏེ། འདིས་མཐོང་བས་ན་མིག་གོ་།འདིས་ཐོས་པས་ན་རྣ་བའོ། །ཞེས་བྱ་བ་ནས ་ཇི་སྲིད་དུ་འདིས་མྱོང་བས་ན། ཚོར་བའོ་ཞེས་བྱ་བའི་བར་དུའོ། །ཞེ་ན་དེ་ལ་བརྗོད་པར་བྱ་སྟེ། ཤེས་སོགས་བྱེད་པར་སྨྲ་ཞེ་ན། །བྱེད་པ་ཉིད་དུ་སྒྲུབ་པ་འམ། །དེ་ལས་གཞན་པའི་བྱེད་པོ་ཉིད། །གཅོད་བྱེད་བཞིན་དུ་རིགས་ལྡན་མིན། །ཅི་ལྟར་རིཌ ་པ་དང་མི་ལྡན་ཞེ་ན། བྱེད་པ་བོ་ནི་རྐྱེན་ལྡན་གྱི། །གང་ཕྱིར་བྱེད་པ་ལ་མིན་པས། །དེས་ན་གཏན་ཚིགས་མ་གྲུབ་པ་འམ། །མ་ངེས་པ་ཉིད་ཡིན་པར་འགྱུར། །མིག་ནི་རང་ཉིད་ཀྱིས་བལྟ་བ་ཡིན་གྱི། ཡང་གཞན་གྱིས་བྱེད་པ་ནི་མ་ཡིན་ནོ། ། ་ཉན་བས་ན་རྣ་བ། སྣོམ་པས་ན་སྣ། མྱང་བས་ན་ལྕེ། རེག་པར་བྱེད་པས་ན་རེག་པ། སྙམ་དུ་སེམས་པས་ན་ཡིད་ཀུན་ཤེས་པས་ན་འདུ་ཤེས་།དྲན་པར་བྱེད་པས་ན་དྲན་པ། སོ་སོར་ཤེས་པས་ཤེས་རབ་ཡིན་ཏེ། དེའི་ཕྱིར་ན་ཤེས ་པ་ལ་སོགས་པ་བྱེད་པར་བསྟན་པ་ལ་སོགས་པའི་གཏན་ཚིགས་འདི་དག་གི་དོན་མ་གྲུབ་པ་ཉིད་ཡིན་ནོ། །ཡང་ན་མི་མཐུན་པ་ལ་ཡང་ཞུགས་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །མིག་ཁོ་ནས་མཐོང་བ་ཡིན་གྱི། འོན་ཀྱང་བྱེད་པ་དེས་བདག་གིས་མཐོང ་པ་ཡིན་ཏེ། ཤེས་པ་ལ་སོགས་པ་བྱེད་པར་བསྟན་པའི་ཕྱིར་ཇི་ལྟར་ཟོར་བས་གཅོད་ཅེས་བྱ་བ་ལྟ་བུའོ། །ཞེས་གཞན་གྱི་སྨྲས་པ་དེ་ལ་ཁོ་བོས་ལན་བརྗོད་པར་བྱ་སྟེ། མིག་ཁོ་ནས་མཐོང་བ་ཡིན་གྱི་བདག་གིས་ནི་མ་ཡིན་ཏེ། བྱེད་པ་པོར་བསྟན་པ་ཡིན ་པའི་ཕྱིར་ཇི་ལྟར་ལྷས་བྱིན་གྱིས་གཅོད་ཅེས་བྱ་བ་ལྟ་བུའོ། །དེས་ན་སྨྲས་པ། ཤེས་ལ་སོགས་པ་བྱེད་པོ་ཉིད། །བྱེད་པོའི་སྒྲ་ཡིས་བརྗོད་པའི་ཕྱིར། །ལྷས་བྱིན་གྱིས་ནི་གཅོད་དོ་ཞེས། །ཇི་ལྟར་བྱེད་པོར་མཐོང་བ་བཞིན། །གལ་ཏེ་ལྷས་བྱིན་གྱིས་གཅོད་པ ་མ་ཡིན་གྱི་རལ་གྲིས་གཅོད་པ་ཡིན་ཏེ། དེས་ན་འདི་ནི་རིགས་པ་མ་ཡིན་ནོ་ཞེས་ན། མི་རིགས་པ་མ་ཡིན་ཏེ། བདག་གི་ཕྱིར་བྱེད་པ་པོ་དང་ལས་དང་ཆོ་གས་པ་ལས་འདིར་བྱ་བ་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལ་རེས་འགའ་ནི་བྱེད་པ་པོར་གཙོ་བོར ་སྟོན་པར་བྱེད་དེ། ལྷས་བྱིན་གྱིས་བཅད་དོ་ཞེས་བྱ་བ་ལྟ་བུའོ། །རེས་འགའ་ནི་བྱེད་པ་གཙོ་བོར་སྟོན་པར་བྱེད་དེ། རལ་གྲིས་བཅད་དོ་ཞེས་བྱ་བ་ལྟ་བུ་སྟེ། གཅོད་པའི་བྱ་བ་ནི་གཉི་ག་ལ་བལྟོས་པ་ཡིན་ཏེ། བྱེད་བ་པོ་མེད་པར་བྱེད་པས ་ཀྱང་མ་ཡིན་ལ། བྱེད་པ་མེད་པའི་བྱེད་པ་པོས་ཀྱང་མ་ཡིན་པས། འདི་དག་གཉི་ག་ཡང་ལམ་བལྟོས་པར་བྱེད་པ་པོ་དང། བྱེད་པ་ཞེས་བྱ་བར་བསྟན་པ་འཐོབ་པ་མ་ཡིན་ནོ། །དེ་ལྟ་བས་ན་རྐྱེན་ཚོགས་པ་ལས་དངོས་པོ་མངོན་པར་འགྲུབ་པ་ཡོད་པ ་ཡིན་གྱིས། འདི་ལ་གཙོ་བོ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་ཉེ་བར་བཏགས་པ་ཉིད་ཡིན་ནོ། །སྐྱེས་བུ་ནི་ཉེ་བར་མི་དམིགས་པ་ཉིད་ཡིན་པའི་ཕྱིར་ཚོགས་པར་གཏོགས་པ་མ་ཡིན་པར་བྱེད་པ་པོར་བསྟན་དུ་ཡོད་པ་མ་ཡིན་ནོ། །ཞེས ་བྱ་བར་སྨྲས་པ། འདུས་བྱས་ཕུང་པོ་བྱེ་བྲལ་ཉིད། །འདི་ལ་བྱེད་པོར་བརྗོད་བྱ་སྟེ། །བྱེད་པ་ཡིན་ཕྱིར་མར་མེ་ཡིས། །གསལ་བར་བྱེད་པ་ཡིན་པ་བཞིན། །འདུས་བྱས་ཀྱི་ཆའི་ཚོགས་པ་ནི་བྱ་བ་དང་བྲལ་བ་ཡིན་དུ་ཟིན་ཀྱང་བྱེད་པ་པོ་ཉིད་དུ ་ཡང་ངོ། །བྱ་བ་ཡིན་པའི་ཕྱིར་དཔེར་ན་མར་མེ་བྱེད་པ་པོར་མཐོང་བ་བཞིན་ནོ། །ཇི་ལྟར་སྣུམ་དང། སྡོང་བུ་དང། སྣོད་དང། མེའི་རྐྱེན་ལས་མངོན་པར་གྲུབ་པའི་མར་མེ་ནི་བྱ་བ་དང་བྲལ་དུ་ཟིན་ཀྱང་གསལ་བར་བྱེད་པས་ན་བྱེད ་པ་པོ་ཞས་བྱ་བར་བརྟན་པ་ཡང་འཐོབ་བོ། །དེ་བཞིན་དུ་ལུས་དང། དག་དང། ཡིད་འདུས་པའི་ཆ་འདི་དག་ཀྱང་བྱ་བ་དང་བྲལ་དུ་ཟིན་ཀྱང་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་རྐྱེན་ཚོགས་པའི་དབང་གིས་བྱེད་པོ་ཞེས་བསྟན་པ་ཉམས་སུ་མྱོང ་པ་ཡིན་ནོ། །འདིར་གཞན་གྱིས་སྨྲས་པ། བདག་ཉིད་ནི་མཆོག་ཡིན་ཏེ། གཙོ་བོའི་བྱེད་པ་པོ་ད་ལ་བལྟོས་པ་ཉིད་ཀྱིས་བྱ་བ་ཐམས་ཅད་ལ་འཇུག་པ་ཉིད་ཡིན་གྱི། མར་མེ་ལ་སོགས་པ་ནི་ཉེ་བར་བཏགས་པ་ཉིད་ཡིན་ཏེ། ཇི་ལྟར་རྫ་མཁན་གྱི་ས་ལ ་སོགས་བ་རྐྱེན་མང་པོ་ཉེ་བར་གནས་ཀྱང་རྫ་མཁན་ཉིད་བྱེད་པ་པོར་གྱུར་པ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། ཡང་དག་གཙོ་གཅིག་བྱེད་པོ་མིན། །གང་ཕྱིར་གཅིག་གིས་བུམ་མི་བྱེད། །དེས་ན་མར་མེ་སོགས་བྱེད་པོ། །གདགས་པ་བར་ནི་མི་འདོད་དོ།། ་ཀུན་རྫོབ་ཉིད་དུ་ནི་རྐྱེན་རྣམས་ཆོགས་པར་བྱེད་པ་པོ་ཡིན་པར་སྟོན་པ། དཔྱད་པས་ཀྱང་རྟོགས་ཤིང་དེ་ལྟར་སྨྲས་པ་ཡང་ཡིན་ནོ། །དོན་དམ་པར་ནི་གཙོ་བོའི་བྱེད་པ་པོ་ཉིད་ཡིན་པར་འགའ་ཡང་མི་འགྲུབ་སྟེ། གང་གི་ཕྱིར་རྒྱུ་གཅིག་གིས ་བུམ་པ་མངོན་པར་སྒྲུབ་པར་ནུས་པ་མ་ཡིན་གྱི་།འཇིམ་པའི་གོང་བུ་དང། དབྱུག་པ་དང། འཁོར་ལོ་དང། སྐུད་པ་དང། ཆུ་དང། རྫ་མཁན་གྱི་འདོད་པ་ལ་སོགས་པའི་རྐྱེན་མང་པོ་ཚོགས་པ་ལས་བུམ་པ་རབ་ཏུ་འགྲུབ་པ་ཉིད་ཡིན་ནོ།། ་དེ་བཞིན་དུ་བདག་གཅིག་པུ་བྱ་བ་དང། བརྩོམ་པ་ཐམས་ཅད་མངོན་པར་འགྲུབ་པའི་རྒྱུ་མ་ཡིན་ཏེ། རྒྱུ་ཚོགས་པ་དུ་མ་ལ་བལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་ཏེ། དངོས་པོ་ཐམས་ཅད་ཅེས་བྱ་བར་སྦྱར་རོ། །མར་མེ་ལ་སོགས་པ་དང། ་མིག་ལ་སོགས་པ་ནི་བརྟགས་པ?་བའི་བྱེད་པོ་ཉིད་མ་ཡིན་གྱི། འོན་ཅི་ཞེ་ན། གཙོ་བོ་ཉིད་ཡིན་ཏེ། དེ་ལས་གཞན་པའི་གཙོ་བོའི་བྱེད་པ་པོ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ཡང་འདི་སྐད་དུ་།འདི་ནི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་པ་ཡིན་པས་།སྐད ་ཅིག་མ་ཉིད་ཀྱིས་འཇིག་པ་ནི་བྱེད་པ་མེད་པ་ཡིན་པའི་ཕྱིར་བྱས་པའི་ཤུགས་ཀྱིས་རྒྱུན་ལ་བཅིངས་པ་དང་གྲོལ་བ་མི་འཐང་པས་བདག་ཁོ་ན་བཅིངས་པ་དང། གྲོལ་བ་དང་གནས་པའི་རྟེན་ཡིན་པར་ཤེས་པར་བྱའོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། སྐད་ཅིག་ན། ་རེ་རེ་སོ་སོར་འཇིག་ཅིང་དང་དབང་མེད་པ་ཡིན་ན་ཡང་རང་གི་ངོ་བོ་དང་བྲལ་བ་ཐོག་མ་མེད་པའི་དུས་ནས་ཆུ་པོའི་རྒྱུན་བཞིན་དུ་གནས་པའོ། འདོད་ཆགས་སོགས་ཀྱི་དབང་ཕྱུག་སེམས། །གཟུགས་སོགས་ཡུལ་ལ་མངོན་པར་ཞེན་པའི། །ཐར་པ་མི་མཐུན་ཕྱོགས་ཀྱིས ་ཕྲོགས། །འཁོར་བའི་བཙན་རར་བཅིངས་པ་ཡིན། །ཁྱོད་ཀྱིས་བཏགས་པའི་བདག་ནི་མེད་དུ་ཟིན་ཀྱང། སེམས་ཉིད་ཡུལ་ཡིད་དུ་འོང་བ་དང། ཡུལ་ཡིད་དུ་མི་འོང་བ་ལ་ཕྲད་པ་དང། འབྲལ་བར་འདུན་པའི་ཡོངས་སུ་གདུང་བའི་ཉོན་མོངས་པའི་ལྕགས་སྒྲོག་གིས ་སྲིད་པ་གསུམ་གྱི་བཙོན་རར་ཡང་དག་པར་བསྡམས་པས་རང་དབང་མེད་པར་གྱུར་པ། ཤེས་རབ་ཀྱི་སྣང་བ་མེད་པས་ཐར་པའི་ལམ་མི་ཤེས་པ་ནི་བཅིངས་པ་ཞེས་བརྗོད་པར་བྱའོ། །ཀུན་རྫོབ་ཏུ་ནི་སེམས་ལས་བྱུང་བས་བསླང་བ་ལ། །ལག་པ་ལ་སོཌ ་ཚོགས་བ་ཅི། །སེམས་བཅས་སེམས་ཅན་ཞེས་བྱ་སྟེ། །གཏོང་བ་ལ་སོགས་སེམས་འབྱུང་བ། །ཡོད་པ་གཏོང་པོར་ལ་སོགས་བརྗོད། །མགོ་དང་མིག་དང། ཁ་དང། ལག་པ་དང། རྐང་པ་ལ་སོགས་པ་འདུས་པ་ཉིད་མངོན་སུམ་དུ་མཐོང་བར་གྱུར་པ་ཉིད་འདོད ་པ་དང། སེར་སྣ་དང། ཕྲག་དོག་གི་འཆིང་བ་ལས་གྲོལ་བར་གྱུར་བ་ཕྱི་དང་ནང་གི་བདག་ཉིད་ཀྱིས་དངོས་པོ་གཏོང་བའི་སེམས་པ་འབྱུང་བར་གྱུར་པ་ལ་སྦྱིན་བདག་ཅེས་བརྗོད་པར་བྱེད་ལ། ཆགས་པའི་སེམས་ཀྱིས་བཅིངས་པའི་བློ་ཅན་འབྱུང་བ་དང ་འབྱུང་བ་ལས་གྱུར་པ་འདུས་པ་ལ་ནི་འཛིན་ཆགས་ཞེས་ཟེར་རོ། །དེ་བཞིན་དུ་གཞན་དག་གིས་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་ལ་སོགས་པ་ལས་ལྡོག་པ་ལ་སོགས་པས་ལེགས་པར་བསྡམས་པའི་ལུས་དང། ངག་དང། ་ཡིད?་ཀྱི་ཚོགས་ཀྱི་ཕུང་པོའི་རྒྱུན་ནི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །སེམས་ལས་བྱུང་བ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་གཏོང་བ་ལ་སོགས་པའི་སྦྱོར་བ་དང། གཏོང་བ་དང། མངོན་པར་ལྡན་པ་ལ་ཡང་ངོ། །རིགས ་པ་སྐྱེས་པས་མ་རིག་སོགས། །ཀུན་སྦྱོར་ལྡོག་པར་གྱུར་པའི་ཕྱིར། །ཆགས་སོགས་འཆིང་བ་ལས་གྲོལ་བ། །གྲོལ་བ་ཞེས་ནི་བརྗོད་པ་ཡིན། །ཕུང་པོའི་རྒྱུན་ཉིད་ཐོས་པ་དང་བསམས་པ་དང། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྣང་བས་གྲོལ་བའི ་ལམ་བསྒྲུབས་ནས་འདོད་ཆགས་དང། ཁོང་ཁྲོ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་ཞེས་བྱ་བ་ཀུན་ཏུ་སྦྱོར་བ་རྣམས་བཅད་པ་ནི་གྲོལ་བ་ཞེས་བྱ་བའི་སྒྲས་བསྟན་པར་རིགས་པ་ཡིན་ལ། གང་སྐྱེ་བ་དང་འགག་པའི་ཆོས་ཅན་ཉིད་ཀྱི ་སེམས་དང་སེམས་ལས་བྱུང་བའི་ཚོགས་སྐད་ཅིག་མ་སྔ་མ་ལས་ཁྱད་པར་ཅན་དུ་གྱུར་པའི་སེམས་ཀྱི་སྐད་ཅིག་མ་ཕྱི་མ་འབྱུང་བར་འགྱུར་བ་ནི་ཐར་པ་ཞེས་བྱ་བར་བརྗོད་པར་རིགས་སོ། །ཡང་མུ་སྟེགས་ཅན་གཞན་གྱིས་ཡོངས་སུ་བཏགས་པའི། ་ནམ་མཁའ་འདྲ་བའི་བདག་ལ་ནི། །འདི་དག་ཐམས་ཅད་བརྗོད་པར་དཀའ་། །གལ་ཏེ་བདག་ལ་ལྷག་ཆགས་ན། །ནམ་མཁའ་ཨི་མེ་ཏོག་བདག་འདོང?་ཀྱིས། །ཁ་བ་དང། བ་མེ་འབབ་པ་དང། རླུང་ཤིན་ཏུ་དྲག་པོ་ལངས་པ་དང། མེ་ཆེན་པོ་འབར་བར་གྱུར་པ་དང། ་ཉི་མའི་འོད་ཟེར་ཚ་བ་ཤིན་ཏུ་ཚ་བ་འབབ་པ་དང། ཕྱོགས་བཞིན་ས་ལངས་པའི་རླུང་ཆེན་པོས་དཀྲུགས་པའི་སྤྲིན་གྱིས་ཕུང་པོ་ཆེན་པོ་ཁེབས་པར་གྱུར་ཅིང་འཇིགས་སུ་རུང་བའི་འབྲུག་གི་སྒྲ་ཆེན་པོ་སྒྲོགས་པ་དང། གློག་གི་ཚོགས་ཀྱི་ཕྲེང་བ ་འབྱུང་བར་གྱུར་ཡང་ནམ་མཁའ་ལ་གནོད་པ་དང། ཀུན་ནས་ཉོན་མོངས་པ་བསྐྱེད་པ་མ་ཡིན་ལ་།ཇི་སྐད་བསྟན་པའི་གནོད་པ་དེ་དག་དང་བྲལ་བར་གྱུར་པ་ཡང་སྔར་གྱི་མཚན་ཉིད་ལས་མཚན་ཉིད་གཞན་དུ་གྱུར་པ་ཡང་མེད་དོ། །དེ་བཞིན་དུ་བདག་ཀྱང་སྔོན་དང་ཕྱི ་མའི་དུས་སུ་ཁྱད་པར་ཡོད་པར་མི་སྐྱེས་བས་།འདོད་ཆགས་དང། ཁོང་ཁྲོ་དང། ང་རྒྱལ་སྐྱེ་བར་གྱུར་པན?་ཡང་འགྱུར་པ་ཡོད་པ་མ་ཡིན་ལ། ཉོན་མོངས་པ་ཞི་བར་གྱུར་པ་ན་ཡང་སྐད་ཅིག་མ་སྔ་མ་ལས་རང་བཞིན་གཞན་དུ་གྱུར་པ་མེད་པས་བཅིངས་པ་དང། ་གྲོལ་བ་ལ་སོགས་པ་ཤིན་ཏུ་སྡུག་བསྔལ་དང་བཅས་པས་ཀྱང་བརྗོད་པར་མི་ནུས་པ་ཡིན་ནོ། །དེས་ན་བཅིངས་པ་དང། ཐར་པ་ལ་སོགས་པའི་རྟེན་དུ་ཡང་འདི་ནི་དམིགས་པ་མ་ཡིན་ནོ། །གལ་ཏེ་ཐོག་མ་མེད་པའི་དུས་ནས་བདག་ཏུ་འཛིན་པའི་བག་ཆགས ་ཀྱི་མངོན་པར་ཞེན་པའི་དབང་གིས་ཁྱོད་བདག་ལ་ཤིན་ཏུ་ཆགས་པར་བྱེད་ན་ནམ་མཁའ་ཨི་མེ་ཏོག་ཀྱང་འདི་ལྟ་བུའི་མཚན་ཉིད་ཅན་ཡིན་པས་དེ་ཡང་བདག་ཡིན་པར་འགྱུར་ཏེ། བསྒྲུབ་པར་བྱ་བའི་ཚས?་དང། དཔེའི་ཆོས་མཚུངས་པའི་མཚན་ཉིད་ཅན་ཡིན ་པའི་ཕྱིར་རོ། །ཞེས་བྱ་བར་བསམས་པའོ། །གཞན་ཡང་གང་ཕྱིར་བདག་ནི་རང་བཞིན་གྱིས། །ཤེས་པའི་ངོ་བོར་འདོད་ན་ནི། །བྱེད་པ་ལ་སོགས་བལྟོས་པའི་ཕྱིར། །དེ་ནི་གཅིག་ཏུ་མི་རིགས་སོ། །གལ་ཏེ་བདག་འདི་སྔ་ནས་ཤེས་པའི་ངོ་བོ་ཞིག་ཡིན་ན། ་ཅིའི་ཕྱིར་མིག་ལ་སོགས་པ་བྱེད་པ་རྣམས་ལ་བལྟོས་པ་ཡིན། །ཡང་གལ་ཏེ་མིག་ལ་སོགས་པ་མེད་པར་འདི་ཤེས་པ་ཉིད་མི་དམིགས་སོ། །ཞེན་བྱེད་པ་ལ་སོགས་པ་ལས་གཞན་པ་ཉིད་མི་དམིགས་པའི་ཕྱིར་གཅིག་ཉམས་པར་འགྱུར་ཏེ། གྲུབ་པའི ་མཛའ་དང་འགལ་བ་ཡིན་ནོ། །འདི་ལྟར་གཞན་ཡང། བདག་སོགས་ཤེས་བྱ་ཡོད་པས་ན། །ཤེས་པ་ལྡོག་པར་མི་འགྱུར་ཏེ། །དོན་བྱས་ཟིན་པའི་མར་མེ་ཡང། །རང་གི་རྒྱུ་ལས་སྐྱེ་བར་མཐོང། །གལ་ཏེ་དོན་བྱ་བ་བྱས་ཟིན་ནས་རྣམ་པར་ཤེས་པ ་ཡུལ་ལ་འཇུག་པར་མི་འགྱུར་ཏེ། ཇི་ལྟར་མཐོང་བར་འདོད་པའི་དོན་གསལ་བར་བྱ་བའི་ཕྱིར་བཟུང་བའི་མར་མེས་དངོས་པོ་མཐོང་བར་གྱུར་ཟིན་ནས་ཕྱིས་འཇུག་པ་མེད་པ་བཞིན་ནོ་ཞེས་ན་།འདི་ནི་མི་འདྲ་བ་ཉེ་བར་བཀོད་པ་ཡིན་ཏེ་།ཇི ་ལྟར་མར་མེ་ནི་དོན་བྱ་བ་བྱས་ཟིན་ནས། སྣམ་དང། སྙིང་པོ་ལ་སོགས་པ་རང་གི་རྒྱུ་རྒྱུན་མ་ཆད་པར་འབྱུང་བ་ཉིད་ཡོད་ན་ལྡོག་པར་མི་འགྱུར་རོ། །དེ་བཞིན་དུ་དོན་བྱ་བ་བྱས་སུ་ཟིན་ཀྱང་བདག་རྣམ་པར་ཤེས་པའི་འགྲོ་བ་ཐམས་ཅད་ལ་ཁྱབ་པར་མཐོང་བས ་ལྡོག?་པར་མི་འགྱུར་ཏེ། འདི་ནི་མར་མེ་བཞིན་དུ་གྲོལ་བའི་དུས་ན་ཡང་འཇུག་པ་མེད་པར་རིག་པ་མ་ཡིན་ནོ། །དེས་ན་ཤེས་པའི་མིག་གིས་སྐྱེས་བུ་མཐོང་བར་གྱུར་ན་ཡང་གྲོལ་བ་བསྐྱེད་བ་མ་ཡིན་ཏེ་གང་གི་ཕྱིར། ཅི་སྲིད་ཡིད་ལ་ཤེས་འབྱུང་བ། ། ་དེ་སྲིད་ས་བོན་སོགས་འགྱུར་ཏེ། །ཅི་སྲིད་སྒྲ་ནི་ཡོད་གྱུར་པ། །དེ་སྲིད་སྒྲ་བརྙན་འབྱུང་བ་བཞིན། །བྱེད་པ་མེད་པར་ཤེས་པ་ནི། །འཁོར་བ་ཇི་ལྟར་ཤེས་པ་ཡིན། །ཀུན་ཏུ་ཁྱབ་མེད་ཡིན་པའི་ཕྱིར། །གང་ལས་ཇི་ལྟར་བཅིངས་དང་གྲོལ། །ཇི་ལྟར་ཇི ་སྲིད་དུ་སྒྲ་འཇུག་པར་ཡོང་བདེ་སྲིད་དུ་སྒྲ་བརྙན་ཡང་འབྱུང་བར་འགྱུར་ལ་།སྒྲ་འཇུག་པར་གྱུར་པ་མེད་ན་ནི། །སྒྲ་བརྙན་ཡང་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་ཤེས་བྱ་མེད་པར་གྱུར་ན་ཤེས་པ་ཡང་འབྱུང་བར་མི་འགྱུར་ཏེ། དུས་ཇི་སྲིད་དུ ་སེམས་དང་སེམས་ལས་བྱུང་བ་བདག་ལ་དམིགས་ནས་འཇུག་པར་གྱུར་པ་དེ་སྲིད་དུ་ས་བོན་ཡང་སོགས་པར་འགྱུར་ཏེ། གང་གི་ཕྱིར་ཞེ་ན། འཁོར་བའི་ཞེས་བྱ་བར་འབྲེལ་ཏོ། །གཞན་ཡང་སྐྱེས་བུ་གྲོལ?་པའི་དུས་ན་ནི་བྱེད་པ་ལ་བལྟོས་པ ་དང་བྲལ་བའི་ཕྱིར། ཅི་ལྟར་ཤེས་པ་སྐྱེ་བར་འགྱུར། །གཞན་ཡང་སྐྱེས་བུ་འདི་ནི་དུས་ཐམས་ཅད་དུ་རྟག་པ། གཅིག་པུ་ཉིད་ཡིན་པའི་ཕྱིར་ནམ་མཁའ་དང་འདྲ་བ་འདི་ལ་ཇི་ལྟར་བཅིངས་པ་དང་གྲོལ་བར་རིགས་པར་འགྱུར། གཞན་ཡང་སྐྱེས་བུ ་ནི་དངོས་པོའི་དོན་ཐམས་ཅད་ལས་ཐ་མི་དད་པ་ཡིན་པའི་ཕྱིར། སྡུག་བསྔལ་ལས་ཀྱང་ཐར་མིན་ཏེ། །ཐར་དང་གཅིག་ཏུ་སྨྲ་བའི་ཕྱིར། །བདག་ལས་དེ་ནི་གཞན་མིན་ཕྱིར། །ཇི་ལྟར་མེ་དང་ཚ་བ་བཞིན། །ཇི་ལྟར་མེ་དང་ལྷན་ཅིག་སྤྱོད?་པའི་ཚ་བ་ནི། །མི? ་མེད་པར་ནམ་ཡང་ཡོད་མ་མྱོང་བ་དེ་བཞིན་དུ་སྡུག་བསྔལ་དང། ལྷན་ཅིག་སྤྱོད་པའི་སྐྱེས་བུ་ཡང་ཐར་པའི་དུས་ན་ཡང་ཐར་པར་རིགས་པ་མ་ཡིན་ནོ། །གཞན་ཡང་ཉམས་དང་མ་སྐྱེས་པ་ཡི་བློ། །བྱེད་པ་མེད་པ་ཇི་ལྟར་ཡིན་ནོ། །གང་པོས་གཅོད ་པར་བྱེད་པ་ཡང། །སྟ་རེ་མེད་པར་ཇི་ལྟར་རིགས། །གང་གི་ཕྱིར་འདིའི་མིག་ལ་སོགས་པའི་བློ་དངོས་པོ་མ་མཐོང་བས་མ་སྐྱེས་པར་གྱུར་པ་དང། སྐྱེས་པ་ཡང་ཉམས་པར་གྱུར་པ་དེའི་ཚེ་འདི་ཤེས་པ་ཉིད་དུ་མི་རིགས་ཏེ། ཇི་ལྟར་གང་པོ་ཞེས་བྱ་བས ་ཤིང་གཅོད་པ་ན། བྱེད་པ་སྟ་རེ་ལ་མ་བལྟོས་པར་གཅོད་པ་པོ་ཞེས་བསྟན་པར་མི་རིགས་པ་བཞིན་ནོ། །ཡང་གལ་ཏེ་ཇི་ལྟར་མེས་སྲེག་པ་ཡིན་ན་ཡང་སྐྱེས་བུས་མེས་སྲེག་ཅེས་སྟོན་པར་བྱེད་པ་དེ་བཞིན་དུ་ཤེས་པས་ཤེས་པ་ཡིན་ན་ཡང་སྐྱེས ་བུས་ཤེས་སོ་ཞེས་ཟེར་གྱི་ཤེས་པས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ་གང་གི་ཕྱིར། མེ་ཡིས་སྲེག་བྱེད་སྨྲས་པ་ན། །མེ་ཡིས་བསྲེགས་ཀྱི་བྱེད་པས་མིན། །དེ་བཞིན་བློ་ཡི་རིག་སྨྲས་པས། །ཤེས་པས་རིག་གི་སྐྱེས་བུས་མིན། །འདི་ལྟར ་ངེས་པར་དཔྱད་པར་བྱ་སྟེ། མེས་བསྲེགས་ཞེས་བྱ་བ་འདིར་མེ་ཉིད་ཀྱིས་ཡིན་ནམ། འོན་ཏེ་ལྷ་བྱིན་གྱིས་ཡིན། དེ་ལ་སྲེག་པ་ཞེས་བྱ་བ་འདི་ནི་མེ་ལ་ཡོད་པ་ཡིན་གྱི་སྲེག་བ་བོ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་བློས་རིག་ཅེས་སྨྲས་པས་བློ་ཉིད་ཀྱིས ་རིག་བ་ཡིན་གྱིས། སྐྱེས་བུས་ནི་མ་ཡིན་ནོ། །ངེས་ན་དཔེ་མེ་ཡིས་དཔེས་བསྟན་པའི་དོན་སྒྲུབ་པ་མ་ཡིན་ནོ། །གལ་ཏེ་འདིར་སྨྲས་པ། ཇི་ལྟར་རྫ་མཁན་ལ་རྫ་མ་མི་བྱེད་བའི་དུས་ན་ཡང་རྫ་མཁན་ཞེས་བརྗོད་པར་བྱེད་ལ། ཇི་ལྟར་མེའི་ཤིང་མི་སྲེག་པའི ་དུས་ན་ཡང་སྲེག་ཅེས་རྗོད་པར་བྱེད་པ་དེ་བཞིན་དུ་སྐྱེས་བུ་ཡང་བྱེད་པ་ལ་མི་བལྟོས་ཀྱང། ཤེས་པའི་ངོ་བོ་ཡིན་ནོ་ཞེ་བརྗོད་པར་བྱའོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། རྫ་མཁན་བཞིན་དུ་དེ་མི་འགྲུབ་།དེ་ཡི་ངོ་བོ་མེད་པའི ་ཕྱིར་?་སྲེག་བྱེད་བཞིན་དཱུང་འགྲུབ་མི་འདོད། །བསྲེག་བྱ་མེད་པས་མེ་མེད་ཕྱིར། །དུས་གང་གི་ཚེ་འདིས་རྫ་མའི་བྱ་བ་ལ་ཞུགས་བར་གྱུར་པ་དེའི་ཚེ་རྫ་མཁན་ཞེས་བྱ་བར་རིགས་ཀྱི། འདིས་རྫམ་བྱེད་པར་འགྱུར་གྱི། །འདིས་རྫ་མ་བྱས་པའི ་གྱིར་རྫ་མཁན་ཞེས་བྱ་བ་ཉིད་ནི་ཉེ་བར་བཏགས་པ་ཡིན་ཀྱི། རྫ་མཁན་གྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་མེས་ཤིང་སྲེག་པར་བྱེད་པ་ཡོད་པ་དེའི་ཚེ?་སྲེག་པར་བྱེད་ཅེས་བཏགས་པ་ལེགས་པ་ཡིན་གྱི་།སྲེག་པར་བྱ་བ་ཐལ ་བའི་གནས་སྐབས་སུ་གྱུར་པ་ན། མེའི་རང་གི་ངོ་བོ་ཡང་མེད་པས་སྲེག་བྱེད་ཡིན་པར་མི་འགྲུབ་པ་ལྟར་།དེ་བཞིན་དུ་སྐྱེས་བུ་ཡང་གང་གི་ཚེ་བྱེད་པའི་སྒོ་ནས་འདྲུག་པ་ཡོད་པ་དེ་ཚེ་ཤེས་པའི་རང་གི་ངོ་བོ་ཡིན་པར་རིགས་ཀྱིས། དེ་ལས་གཞན ་པ་ནི་མི་ཤེས་པའི་ངོ་བོ་ཉིད་ལ་ཤེས་པ་ཉིད་དུ་བཏགས་པ་ཙམ་ཡིན་ནོ། །ཤེས་པ་མ་ཡིན་པ་ལ་བསྟན་པ་ཙམ་གྱིས་ཤེས་པར་འགྲུབ་པ་མ་ཡིན་པས་།གལ་ཏེ་མི་ཤེས་བྱེད་པོ་དང། །ཟ་པོ་ཁྱོད་ཀྱིས་ཤེས་ཅི་ལྟར། །མཁའ་འདྲ་རྟོག་པ ་མེད་བ་ཡང། །ལུང་འབའ་ཞིག་གིས་བཏགས་ཅི་བྱ། །གལ་ཏེ་ཡང་མི་ཤེས་བའི་ངོ་བོ་ཉིད་ཡིན་ན་ཡང་འདིའི་བྱེད་པ་ཉེ་བར་གནས་པ་ན་ཤེས་པའི་ངོ་བོ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་དང་པོ་སྲིད་པའི་སྔོན་རོལ་ན་བྱེད་བ་སྐྱེས་པ་མེད་པས་མི་ཤེས ་བའི་ངོ་བོ་ཉིད་ཡིན་ཏེ། རྡོ་ལས་བརྐོས་པའི་གཟུགས་སམ། རི་མོར་བྲིས་པ་བཞིན་དུ་སེམས་པ་མེད་པ་ཡིན་པས་སྲིད་པ་རྣམ་བ་དུ་མའི་ངོ་བོའི་བྱེ་བྲག་ཐ་དང་བརྣམས?་སྐྱེད་བའི་བྱེད་པ་པོ་ཇི་ལྟར་ཡིན། སེམས་པ་མེད་པ་ཡིན་པའི་ཕྱིར ་ཟ་བ་པོ་ཉིད་ཡིན་པར་ཡང་མི་རིགས་ཏེ། ཡུལ་ཐམས་ཅད་ནི་རྣམ་པར་ཤེས་པས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་ནམ་མཁའ་དང་མཉམ་པ་ཡིན་པ་དང། རྣམ་པར་རྟོག་པ་མེད་པ་ཡིན་པར་ཁྱོད་ཀྱིས་སྨྲས་པས་ཕྱེད་པ་པོ་དང་ཟ་བ་པོ ་ཉིད་བསལ་བ་ཡིན་ནོ། །གལ་ཏེ་བདག་གི་ལུང་ལས་གྲགས་པ་ཡིན་ནོ་ཞེ་ན། རིགས་པ་དང་བྲལ་བའི་ལུང་འབའ་ཞིག་ཙམ་ནི་ཚད་མ་མ་ཡིན་ཏེ། ལུང་ཙམ་གྱིས་མངོན་པར་འདོད་པའི་དོན་འགྲུབ་པ་མ་ཡིན་ནོ་མི་ཤེས་པ་འམ་ཤེས་དངོས་མིན།། ་འདི་ནི་དངོས་པོ་མེད་པར་འགྱུར། །དངོས་མེད་བདག་དུ་མི་འགྱུར་ཏེ། །འདི་ནི་མོ་གཤམ་བུ་བཞིན་ནོ། །གལ་ཏེ་འདི་མི་ཤེས་པ་ཡང་མ་ཡིན། ཤེས་པའི་ངོ་བོ་ཡང་མ་ཡིན་ནོ། ཞེ་ན་འོ་ན་འདི་དངོས་པོ་མེད་པ་ཉིད་དུ་འགྱུར་རོ། །དེས་ན་གང་དངོས་པོ་མེད་དེ ་བདག་ཏུ་འགྱུར་བ་མ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ཏེ་།དཔེར་ན་མོ་གཤམ་གྱི་བུ་ནི་མི་ཤེས་པའི་ངོ་བོ་འམ། ཤེས་པའི་ངོ་བོར་ཡང་དམིགས་པར་མི་འགྱུར་བ་ཉིད་དོ། །གཞན་ཡང་ལུས་ཐམས་ཅད་ལ་ཁྱབ་པ་ཡིན་པའི་ཕྱིར་དེ་ནི་ཐམས་ཅད་ཀྱི ་བདག་གཅིག་པུ་ཡིན་ནོ་ཞེས་གང་འདོད་པ་ཡང། གང་ལ་གནོད་པ་ཕན་པ་ལས། གང་ལ་གནོད་པ་བདེ་མི་འབྱུང། །དེ་དེའི་བདག་ཏུ་མི་རིགས་ཏེ། །ནམ་མཁའ་དེ་བ་ཤར་མ་བཞིན། །གལ་ཏེ་དམྱལ་བ་ལ་སོགས་པར་སྡུག་བསྔལ་གྱིས་ལུས་ལ་གནོད ་པར་གྱུར་བ་ན་བདག་ལ་ཡང་གནོད་པ་སྐྱེ་བར་འགྱུར་ལ། མཐོ་རིས་ལ་སོགས་པར་བདེ་བ་ཉམས་སུ་མྱོང་བ་ན་ཡང་འདི་ལ་ཕན་པར་འགྱུར་བ་ཞིག་ཡིན་ན་ནི། འདི་ཐམས་ཅད་ཀྱི་བདག་ཡིན་ནོ་ཞེས་བྱ་བར་རིགས་ན་།གང་གི་ཕྱིར་འདི་ནི་རྟག་པ་མི ་འགྱུར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདེ་བ་དང། སྡུག་བསྔལ་གྱིས་གནོད་པ་མ་ཡིན་ན། འདི་ཇི་ལྟར་ན་བདག་གིས་བདག་ཡིན་ཞེས་བརྗོད་པར་རུང། ཇི་ལྟར་ནམ་མཁའ་ནི་དེ་བ་ཤར་མའི་བདག་ཡིན་བར་མི་རིགས་པ་བཞིན་ནོ། །ཉི་ཚེའི་བདག་གང ་གྲོལ་བར་ནི། །བསམ་གཏན་ཤེས་སོགས་ཀྱིས་འདོད་ན། །བདག་མེད་དོན་ལ་འབད་པ་ཡིས། །ཤི་བ་མི?་འཆི་ཇི་ལྟར་འགྱུར། །སྔར་ནས་ཉི་ཚེའི་བདག་འདི་འཆི་བའི་ངོ་བོ་ཉིད་ཡིན་ན་དེས་ན་འཆི་བ་མེད་པར་ཐོབ་པར་བྱ་བའི་ཕྱིར་བསམ ་གཏན་གྱི་ཤེས་པ་ལ་མངོན་པར་སྦྱོར་བར་བྱེད་ཅིང། །བདག་མཆོག་གི་དོན་དུ་ཉང་དབ་བྱས་ཀྱང་མི་འགྲུབ་སྟེ། འཆི་བའི་ངོ་བོ་ལས་འགྱུར་བ་མེད་པ་ཡིན་པའི་ཕྱིར་ཇི་ལྟར་འཆི་བ་མེད་པ་ཉིད་དུ་འགྱུར་ཏེ། རང་གི་ངོ་བོ་ལས་ཉམས་པ་མེད་པའི་ཕྱིར་རོ། ། ་གལ་ཏེ་འཆི་བའི་ངོ་བོ་ཉིད་བཏང་ནས་འཆི་བ་མེད་པ་ཉིད་དུ་འགྲོ་བར་འགྱུར་རོ་ཞེ་ན་།དེ་ལྟ་ན་ནི་མི་རྟག་པ་སོགས་པའི་སྐྱོན་རྣམས་འབྱུང་བར་འགྱུར་རོ། །གལ་ཏེ་འདི་ལྟར་ཉི་ཚེ་བའི་བདག་དང། བདག་དམ་པ་གཉིས་གཞན་དང་གཞན་མ་ཡིན་པ ་ཡིན་ནོ་ཞེ་ན། འདིར་འདི་ལྟར་དཔྱད་པར་བྱ་སྟེ། ཉི་ཚེའི་བདག་ནི་བདག་ལས་གཞན། །ཞེ་ན་ཐམས་ཅད་སྐྱེས་བུ་ཡིན། །དེ་ནི་ཉི་ཚེ་གཉིས་བདག་དང། །ཕྱི་ཞེས་དམ་བཅས་ཉམས་པ་ཡིན་བདག་ལས་ཉི་ཚེའི་བདག་དེ་ནི། །གཞན་མིན་ཞེ་ནའང་དམ ་བཅས་ཉམས་།གང་ཡང་བདག་གིས་བདེ་སྡུག་སོགས། །འགྲོ་བས་མི་ཤེས་གཙོ་བོ་མིན། །ཞེས་བྱ་བ་ལ་སོགས་པས་གཞན་མ་ཡིན་པ་ཉིད་ཡིན་ན་དེ་ཉིད་ཀྱིས་ཇི་ལྟར་སྐུལ་བར་བྱེད། །ཕ་རོལ་པོ་ལ་འདི་ལྟར་ཡང་བརྗོད་པར་བྱ་སྟེ་།གལ་ཏེ་ཕྲ་ཡིན་འདི་ཆེ ་མིན། །ཆེན་པོ་ཡིན་ན་ཕྲ་བ་མིན། །གཅིག་ཀྱང་མ་ཡིན་གཟུགས་ཀྱི་ཆོས། །ཇི་ལྟར་གཟུགས་མེད་བདག་གི་ཡིན། །གཟུགས་དང་ལྡན་པ་ཞིག་ཡིན་ན་འདིར་ཕྲ་བ་དང། ཆེན་པོ་དང། གཅིག་དང་དུ་མ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་འབྱུང་བ ་ཡིན་ན་ཡང་ངོ་བོ་མེད་པའི་སྐྱེས་བུ་ལ་ནི། འདི་ལྟར་གལ་ཏེ་ཕྲ་བ་ཡིན་ན་ནི་ཆེན་པོ་ཇི་ལྟར་ཡིན་འོན་ཏེ་ཆེན་པོ་ཡིན་ན་ཡང་ཕྲ་བ་ཇི་ལྟར་ཡིན། གལ་ཏེ་གཅིག་ཡིན་ན་ནི་དུ་མར་ཇི་ལྟར་འགྱུར། འོན་ཏེ་དུ་མ་ཡིན་ན་ཡང་གཅིག་ཏུ་ཇི་ལྟར་འགྱུར། ་དེས་ན་རང་གི་ཚིག་དང་འགལ་བ་ཡིན་ནོ། །འདིར་ཕ་རོལ་པོས་གླང་པོ་ཆེ་དཔེར་ཞེ?་བར་འགོད་པར་བྱེད་དེ་།དམུས་ཁོང་མང་པོ་ཞིག་གླང་པོ་ཆེ་རང་གི་ངོ་བོས་ཤེས་པར་འདོད་ནས་འདུས་པ་ལས་གང་སྣ་ལ་རེག་པ་དེ་དག་གིས་ནི་གླང་པོ་ཆེའི་གཤོལ་མདའའདྲ་བ ་ཞིག་གོ་ཞེས་བྱ་བར་ཤེས་སོ། །གང་རྐང་པ་ལ་རེག་པ་དོ་དག་གིས་ན་གཏུན་ཤིང་འདྲ་བཞིག་ཏུའོ། །གང་རྣ་བ་ལ་རེག་པ་དེ་དག་གིས་ནི་ཞིབ་མ་དང་འདྲ་བར་རོ། །གང་དང་གང་གིས་ཕྱོགས་གང་ལ་རེག་པར་གྱུར་པ་ངེས་དེ་ལྟ་བུའི་རྣམ་པ་ཞིག་ཏུ་གླང་པོ་ཆེ་རྟོགས་སོ། །དེ ་བཞིན་དུ་བདག་ལ་ཡང་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱི་རྣམ་པ་དུ་མ་ཞིག་ཏུ་ལྟ་བར་བྱེད་དེ། ཁ་གཅིག་གིས་ནི་ཀུན་ལ་ཁྱབ་པར་རོ། །གཞན་དག་གིས་ནི་ལུས་ཀྱི་ཚད་ཙམ་དུའོ། །ཡང་གཞན་དག་གིས་ཕྲ་རབ་ཀྱི་ངོ་བོ་ཙམ་ཡིན་ནོ་སྙམ་དུ་སེམས་ཏེ། གླང་པོའི་རང ་གི་ངོ་བོ་བཞིན་དུ་གཅིག་ཉིད་ཀྱང་ཡིན་ལ་ཡན་ལག་དང་ཉིད་ལག་བཞིན་དུ་དུ་མ་ཉིད་ཀྱང་ཡིན་ནོ་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། གཅིག་ཉིད་དུ་མའི་ངོ་བོ་རུ། །གླང་པོའི་དཔེ་འདི་མི་རིགས་ཏེ། །སྣ་ནི་གླང་དུ་མི་འདོད་ཕྱིར། །སྣ་ཚོགས་རྣམས་ཀྱང ་གཅིག་ཉིད་མིན། །གང་གླང་པོ་དེའི་སྣ་ནི་སྣ་ཉིད་ཡིན། རྐང་པ་ནི་རྐང་པ་ཉིད་ཡིན། རྣ་བ་ནི་རྣ་བ་ཉིད་ཡིན་པས་གླང་པོ་ཉིད་མེད་པ་ཡིན་པའི་ཕྱིར། གཅིག་གི་ངོ་བོ་ཉིད་མེད་དེ་སྣ་ལ་སོགས་པ་དུ་མ་ཉིད་ལ་གཅིག་གི་ངོ་བོ་ཉིད་མེད་པ་ཡིན་ནོ། །གཞན་ཡང ་གང་ཡང་བདག་ནི་ཉི་སོགས་མདོག་།ཡིན་ན་མདོག་བྲལ་ཇི་ལྟར་ཡིན། །བདག་དེ་དུ་མའི་ངོ་བོ་ཡིས། །དཔེར་ན་པ་ལ་ཤ་མི་འདོད། །གཟུགས་མེད་པ་ཡིན་པའི་ཕྱིར་འདི་ཁ་དོག་མེད་པ་ཞིག་ཡིན་ན་ཉི་མ་བཞིན་དུ་ཁ་དོག་དུ་མ་ཅན་དུ་ཇི་ལྟར་འགྱུར ་གལ་ཏེ་ཡང་ཤིང་པ་ལ་ཤ་བཞིན་དུ་གཅིག་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ། ཇི་ལྟར་པ་ལ་ཤ་རྩ་བ་དང། སྡོང་པོ་དང། ཡལ་ག་དང། ཡལ་ག་ཕྲ་མོ་དང། དེའི་ཡལ་ག་ལ་སོགས་པ་ཡོད་པ་བཞིན་དུ་དེ་ཡང་དུ་མའི་ངོ་བོ་ཉིད་ཡིན་ཏེ ་རྒྱུ་མང་པོ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་མི་བདེན་ཏེ་།གང་གི་ཕྱིར་གཅིག་པུ་པ་ལ་ཤ་མེད་དེ། ཀུན་ཏུ་འགྱུར་པའི་བདག་ཉིད་དང། །ཇི་ལྟར་རྩ་བ་སོཌ་སུ་མར། །རྐྱེན་ལ་སོགས་པས་འབྱེད་པའི་ཕྱིར། པ་ལ་ཤའི་ལྗོན་ཤིང ་ནི་གཞོན་ནུ་དང། བར་མ་དང། ཐ་མའི་གནས་སྐབས་སུ་འགྱུར་བའི་བདག་ཉིད་ཅན་ཡིན་པ་དང། མེ་དང་རླུང་དང་སྟ་རེ་ལ་སོགས་པའི་རྐྱེན་རྣམས་ཀྱིས་ཀྱང་ཐ་དད་དུ་བྱེད་པར་ནུས་པ་ཡིན་ལ། བདག་ནི་མི་འགྱུར་བའི་ཆོས་ཅན་ཡིན་པ་དང། ་རྐྱེན་རྣམས་ཀྱིས་ཀྱང་དབྱེ་བར་མི་ནུས་པ་ཡིན་པས་དེས་ན་པ་ལ་ཤའི་དཔེས་།དཔེ་བསྟན་པའི་དོན་འགྲུབ་པར་འགྱུར་བ་མ་ཡིན་ནོ། །སྐྱོན་མང་པོ་གཞན་འདི་ཡང་ཡོད་དེ། གཙོ་བོ་ཉིད་དང་དམ་པ་ཉིད། དེ་ལས་གཞན་ལ་བལྟོས་ནས་འདོད། །གཅིག ་ཉིད་ཡིན་ན་ཚུལ་འདི་ཉིད། །ཡོད་པར་ཇི་ལྟར་འདོད་པར་བྱ། །འདི་ནི་གཙོ་བོ་ཡིན། འདི་ཡང་གཙོ་བོ་ཡིན་ལ། འདི་དག་གམ། འདི་རྣམས་གཙོ་བོར་མ་གྱུར་པ་དག་ལས་ཤིན་ཏུ་གཙོ་བོར་གྱུར་པ་ཡིན་ནོ་ཞེས་བརྗོད་པར་རིགས་པ་ཡིན་ལ་དེ ་བཞིན་དུ་དམན་པར་གྱུར་པ་མང་པོ་དག་ལས་མཆོག་ཏུ་གྱུར་པ་ལ་དམ་པ་ཞེས་བྱ་སྟེ་། གཞན་དག་གཙོ་བོ་མ་ཡིན་པ་དང། དམ་པ་མ་ཡིན་པ་ལ་བལྟོས་ནས། བདག་དེ་གཙོ་བོ་འམ། དམ་པར་འགྲུབ་པར་འགྱུར་བ་དངོས་པོ་ཐམས་ཅད་དང་ཐ ་མི་དད་པར་གྱུར་པ་ཉིད་ཀྱི་ཕྱིར། འདི་གཞན་གང་ལ་བལྟོས་ནས་གཙོ་བོ་ཉིད་དང་དམ་པ་ཉིད་ཡིན་པར་འགྱུར། ཡང་འདི་རྫས་ཉིད་དང་ཐམས་ཅད་ལ་ཁྱབ་པ་ཉིད་ཡིན་པར་ཡང་ཇི་ལྟར་རིགས་ཏེ། གལ་ཏེ་བདག་དེ་རྫས་ཡིན་ན། །རྫས་ཡིན་ཕྱིར ་ན་ཀུན་ཁྱབ་མིན། །བུམ་པ་བཞིན་དུ་རྟག་མི་འགྱུར། །དེས་ན་འགྲོ་བ་རྒྱས་ཅི་ལྟར། །བགྲེད་པར་བྱ་བས་ན་རྫས་ཡིན་ཏེ། ཅི་སྲིད་ཕྱིན་བར་བྱ་བར་རོ། །རྫས་ཀྱི་མཚན་ཉིད་ནི་འདི་ཡིན་ལ། དེ་ནི་བུམ་པ་ལ་སོགས་པ་མི་རྟག་པ་ཉིད་དང། ཀུན་ལ་ཁྱབ་པ ་ལ་ཡང་མཐོང་ལ། དེས་ན་གལ་ཏེ་བདག་རྫས་ཡིན་ན་མི་རྟག་པ་ཉིད་དང། ཀུན་ལ་ཁྱབ་པ་མ་ཡིན་པ་ཉིད་ཡིན་ཏེ། རྫས་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །གང་ཡང་བྱུང་བར་གྱུར་པ་དང་བྱུང་བ་དང། འབྱུང་བར་འགྱུར་པ་ཐམས་ཅད་སྐྱེས་བུ་ཡིན་ནོ ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་ཡང། རྫས་ནི་རྟེན་དུ་རིགས་འགྱུར་ན། །བདག་ནི་རྫས་སུ་མི་རིགས་ཏེ། །ནམ་མཁའ་ཨི་མེ་ཏོག་ཇི་ལྟ་བར། །དེ་བཞིན་མ་སྐྱེས་ཕྱིར་རྫས་མེད། །རྫས་ཉིད་ཡོད་ན་རྟེན་དང་བརྟེན་པའི་ངོ་བོར་གནས་པ་ཡིན་ཏེ། ཇི་ལྟར་ཆུང ་སྟེང་ལ་ཤིང་ཐོག་ལ་ཤིང་ལ་བྱ་ཚང་ཞེས་བྱ་བ་བཞིན་ནོ། །བདག་ནི་རྫས་སུ་ཡོད་པར་མི་འགྲུབ་སྟེ། མ་སྐྱེས་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་བཞིན་ནོ། །གང་གི་ཕྱིར་བདག་རྫས་ཉིད་དུ་མ་གྲུབ་པས་དེས་ན་འདིར་། ཐམས་ཅད་བྱུང་གྱུར་བྱུང་བ་དང། །འབྱུང་འགྱུར ་བདག་མེད་ཇི་ལྟར་མཐོང། །རྟེན་མ་གྲུབ་ན་བརྟན་པ་གང་ལ་སྦྱོར་བར་འགྱུར་ཞེས་བྱ་བར་བསམས་པའོ། །རྫས་སུ་མེད་པ་ཉིད་ཡིན་པའི་ཕྱིར། བདག་མེད་བདག་ཏུ་མི་རིགས་ཏེ། །ཇི་ལྟར་དངོས་མེད་ངོ་བོ་བཞིན། །བདག་མེད་པའི་རྫས་བདག་གི་བདག་ཉིད་དུ་རིགས ་པ་མ་ཡིན་ཏེ། ཇི་ལྟར་ནམ་མཁའ་ཨི་མེ་ཏོག་ལ་སོགས་པའི་དངོས་པོ་མེད་པའི་ངོ་བོ་ཉིད་བཞིན་ནོ། །བྱིས་སོགས་ཁྱད་པར་མེད་མ་ཡིན། །རྟེན་མེད་པ་དང་དཔེ་མེད་ཕྱིར། །བདག་གཅིག་ཡིན་ན་དུ་མ་ཡི། །སྐྱོན་རྣམས་འབྱུང་བར་འགྱུར་མ་ཡིན། །གང་སྨྲས་པ ་བྱིས་པ་དང། མཁས་པ་དང། གདོལ་པ་དང། བྲམ་ཟེ་ལ་སོགས་པ་རྣམས་མཉམ་པ་ཉིད་དོ་ཞེས་ཟེར་བ་དེ་ཡང་དམ་པའི་བདག་ཉིད་མ་གྲུབ་ན་གང་ཕྱིས་པ་ལ་སོགས་པ་རྣམས་ཁྱད་པར་མེད་པ་དེའི་རྟེན་གང་ཞིག་ཡིན། རྟག་པ་ཀུན་ལ་ཁྱབ་པ་གཅིག་པུ ་ལས་རིགས་མཐུན་པའི་དངོས་པོའི་དོན་གཞན་མེད་པས། འདི་ལ་དཔེ་མེད་པ་ཡིན་པའི་ཕྱིར་བྱིས་པ་ལ་སོགས་པ་ཁྱད་པར་མེད་པ་ཉིད་མི་འགྲུབ་པོ་ཞེས་བྱ་བར་བསམས་པའོ། །བདག་གཅིག་བུ་ཉིད་དུ་ཡོད་པ་ཡིན་ན་སྐྱོན་མང་པོ་དང་ལྡན་པར་འགྱུར ་ཏེ། སྐྱོན་དེ་དག་ཀྱང་གང་ཞི་ན། ཙཻ་ཏྲའི་བདག་དེ་མཻ་ཏྲའི་བྱེད། །མཻ་ཏྲའི་བདག་གིའང་དེ་བཞིན་ཏེ། །ཙཻ་ཏྲ་ཐ་དད་མིན་དངོས་ཕྱིར། །ཡང་ན་ཡུལ་ལ་དབྱེ་མེད་ཕྱིར། །ཙཻ་ཏྭའི?་ལུས་ཀྱི་ནང་ན་ཡོད་པའི་བདག་དེ་ནི་དེ་ཉིད་ཀྱི་ལུང་ལ་ཡོད་པའི ་མིག་ལ་སོགས་པ་དེ་ཉིད་ནས་ལྟ་བར་བྱེད་པ་ཡིན་གྱི་གཞན་གྱི་ལུས་ལ་ཡོད་པ་ནས་ནི་མ་ཡིན་ནོ། །ཞེས་ཕ་རོལ་པོའི་འདོད་པ་ཡིན་ལ། བདག་ནི་གཅིག་ཉིད་ཡིན་པའི་ཕྱིར་ཇི་ལྟར་ཙཻ་ཏྲའི་རང་གི་བྱེད་པ་རྣམས་ནས་མཐོང་བ་དེ་བཞིན་དུ། མཻ་ཏྲའི་བྱེད་པ་རྣཾས ་ནས་ཀྱང་མཐོང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ངོ་བོ་ཐ་མ་དད་པ་ཡིན་པའི་ཕྱིར་ཏེ། གཟུགས་ལ་དབྱེ་བ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་།བདག་གི་ཡུལ་ལ་དབྱེ་བ་མེད་པ་ཡིན་པས་མཻ་ཏྲའི་བདག་གི་ཡུལ་གྱི་ཕྱོགས་ན་ཡང་ཅི་ཏྲའི་བདག་ཀྱང་གནས ་པ་ཡིན་ལ། ཇི་ལྟར་དེ་རང་གི་བྱེད་པ་ནས་མཐོང་བ་དེ་བཞིན་དུ། གཞན་གྱི་བྱེད་པ་ནས་ཀྱང་མཐོང་བར་འགྱུར་བར་རིགས་ན་ད་ལྟར་མཐོང་བ་ནི་མེད་པས་ངེས་ན་འདི་དག་གཅིག་པ་ཉིད་མ་ཡིན་ནོ། །གཞན་ཡང་བདེ་བ་དང་སྡུག་བསྔལ་སྤྱོད ་པ་དང། །དེ་གྲོལ་བས་ཀྱང་གྲོལ་བ་དང། །དེ་བཅིངས་པས་ཀྱང་བཅིངས་པ་དང། །དེ་སྡུག་པས་ཀྱང་སྡུག་ཉིད་འགྱུར། །བདག་གཅིག་པ་ཉིད་ཡིན་པའི་ཕྱིར་ཙཻ་ཏྲའི་བདག་བདེ་བར་གྱུར་པ་ན་མཻ་ཏྲའི་བདག་ཀྱང་བདེ་བར་འགྱུར་ཞིང། ཙཻ་ཏྲའི་བདག ་གྲོལ་བ་ན་མཻ་ཏྲའི་བདག་ཀྱང་གྲེལ་བར་འགྱུར། མཻ་ཏྲའི་བདག་བཅིངས་པར་གྱུར་པ་ན་ཙཻ་ཏྲའི་བདག་ཀྱང་བཅིངས་པ་ཐོབ་པར་འགྱུར་ཞིང། ཙཻ་ཏྲའི་བདག་སྡུག་བསྔལ་བར་གྱུར་པ་ན་མཻ་ཏྲའི་བདག་ཀྱང་སྡུག་བསྔལ་བ་ཉིད་དུ་འགྱུར་རོ། །གལ་ཏེ་འབྱུང ་བ་ལ་སོགས་པའི་རྟེན་ཉིད་དང། བྱིས་པ་ལ་སོགས་པའི་ཁྱད་པར་མེད་པ་གཅིག་པ་ཉིད་དུ་བདག་གིས་བཏགས་སུ་ཟིན་ཀྱང་གནོད་པ་ནི་ཅི་ཡང་མེད་དེ། ཇི་ལྟར་བདག་གིས་ཕྱོགས་གཉི་ག་ལ་གྲཌ་པའི་བུམ་པའི་ནམ་མཁའ་དཔེར་བསྟན་པ་བཞིན་ནོ་ཞེ་ན། ་དེ་ལ་བརྗོད་པར་བྱ་སྟེ། བུམ་པའི་ནམ་མཁའ་དཔེར་བསྟན་པ། །ཀུན་ལ་དེ་ནི་འབྱུང་བ་མ་ཡིན། །བདེ་བ་དང་སྡུག་བསྔལ་ལ་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་ལྟར་ཞེ་ན། གང་ཕྱིར་ནམ་མཁའ་གཅིག་ཉིད་དུ། །ཁྱོད་ཀྱིས་དེ་ནི་མ་གྲུབ་སྟེ། །ནམ་མཁའ་ཨི་དཔེ་བསྟན ་པ་དེ་ནི་ཤིན་ཏུ་མ་སྒྲུབ་པ་ཡིན་ནོ། །གང་གི་ཕྱིར། །རྫས་ཀྱིས་ངོ་བོས་གང་སྟོང་པ། །དེ་ནི་ཀུན་རྫོབ་ནམ་མཁའ་ཡིན། །དེ་ལ་འགྲོ་ལྡན་འགྲོ་བ་དང། །དེ་ནི་སྐབས་འདོད་སྐབས་ཅན་ནོ། །མདོ་སྡེ་པའི་ལྟ་བའི་རྗེས་སུ་འབྲངས་ནས་ཐོགས་བ་དང་བཅས་པའི་རྫས་ཀྱི ་དངོས་པོ་མེད་པ་ཙམ་ནམ་མཁའ་ཨོ་ཞེས་བདག་གཅིག་ཀུན་རྫོབ་ཏུ་ཁས་བླངས་པ་ཡིན་པས་གང་གི་ཕྱིར་དེ་ནི་རྫས་ཀྱང་མ་ཡིན། རྟག་པ་ཡང་མ་ཡིན་པས་དེའི་ཕྱིར་འགྲོ་བ་དང་ལྡན་པ་རྣམས་དེ་ལ་འགྲོ་བ་དང་འོད་བ་ལ་སོགས་པའི་བྱ་བ་ཡང་འཇུག་པར་བྱེད ་ལ། དེ་ཉིད་ལ་སྐབས་འདོད་པ་རྣམས་ཀྱིས་ཀྱང་སྐབས་ཐོབ་པར་འགྱུར་བས་དེས་ན་ནམ་མཁའ་ཞེས་བརྗོད་པ་ཡིན་ཏེ། ཡང་འདིའི་མདོའི་དོན་ནི་འདི་ཡིན་ཏེ། ཐོགས་པ་དང་བཅས་པ་པའི་རྫས་ཀྱི་དངོས་པོ་རི་དང་ཤིང་ལ་སོགས་པར་གནས་པ་དེ ་ལ་ནི་ནམ་མཁའ་ཞེས་འདོགས་པར་མི་བྱེད་ལ། གནས་གང་ཐོགས་པ་དང་བཅས་པའི་རྫས་མེད་པར་གྱུར་པ་དེ་ནི་ནམ་མཁའ་ཞེས་བྱ་བ་རྫས་མེད་པ་ཙམ་ཡིན་གྱི། དེ་ལ་དངོས་པོ་ནི་ཕྲ་མོ་ཙམ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ནི་རྫས་མེད་པར ་གྱུར་པ་ལ་བལྟོས་པ་དང་བཅས་པ་ཡིན་པས་བལྟོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ན་ཡང་ཐུང་དུ་དང་རིང་པོ་བཞིན་དུ་འདི་ལ་ངེས་པ་མེད་པ་ཡིན་པའི་ཕྱིར་མི་རྟག་པ་ཉིད་ཡིན་ནོ། །དེའི་ཕྱིར་བཏགས་པར་ཡོད་པ་ཡིན་པས་ནམ་མཁའ་ནི་མེད ་པའི་བདག་ཉིད་ཡིན་པའི་ཕྱིར་རང་གི་ངོ་བོ་ཡོད་པ་ཞིག་རྫས་སུ་ཡོད་ཅིང་གནས་པ་ནི་རྟེན་དུ་གྱུར་པ་ཡིན་ལ། དེ་ལས་གཞན་པའི་ངོ་བོ་ནི་བརྟེན་པར་གྱུར་པའོ། །ཞེས་བྱ་བ་ནི་མེད་དོ། །གལ་ཏེ་འདི་ལྟར་ནམ་མཁའ་ཤིན་ཏུ་མེད་པ་ཞིག་ཡིན་ན། ཅིའི ་ཕྱིར་ཁྱོད་ཀྱི་སྟོན་པ་སངས་རྒྱས་ཀྱིས་དེ་རླུང་གི་བརྟེན་ཡིན་པར་བསྟན། ཅི་ལྟར་ཞེ་ན། གཽ་ཏ་མས་ཅི་ལ་བརྟེན་ཏེ། གནས་ཞེས་གསོལ་པ་དང། བྲམ་ཟེ་ས་ནི་ཆུ་ལ་བརྟེན་ཏེ་གནས་སོ། །ཆུ་ཅི་ལ་བརྟེན་ཆུ་ནི་རླུང་ལ་རྟེན་ཏོ། །རླུང་ཅི་ལ་བརྟེན་རླུང་ནི་ནམ ་མཁའ་ལ་བརྟེན་ཏོ། །ཞེས་འབྱུང་བ་མ་ཡིན་ནམ་ཞེ་ན། མདོ་དེ་ཉིད་ལས་ངེས་པར་བྱས་ནས་བསྟན་པ་ཡིན་ཏེ། གཽ་ཏ་མ་ནམ་མཁའ་ཅི་ལ་བརྟེན་ཞེས་གསོལ་པ་དང། བྲམ་ཟེ་ཤིན་ཏུ་འདའ་བར་བྱེད་དེ་དྲིས་པའི་མཛའ་རྟོཌ་པར་ནུས་པར་དཀའ་ཨོ། །ནམ་མཁའ་ཨི་ནི་གཟུགས ་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་ཡིན་ན་དེ་ཅི་ཞིག་ལ་བརྟེན་པར་འགྱུར། འོན་ཀྱང་སྣང་བ་ལ་བརྟེན་ནས་ནམ་མཁའ་ཞེས་འདོགས་པར་བྱེད་དེ། དེའི་ཕྱིར་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་ཉིད་དང། རྟེན་མེད་པ་ཉིད་ཡིན ་པའི་ཕྱིར་ནམ་མཁའ་ནི་རྫས་མེད་པ་ཉིད་དུ་བསྟན་པ་ཡིན་ཏེ། སྣང་བ་ལ་བརྟེན་ནས་བཏགས་པ་ཉིད་ཡིན་པས་བཏགས་པ་ཙམ་ཉིད་ནི་ཀུན་རྫོས་ཀྱི་བདེན་པ་ཡིན་ནོ། །དེས་ན་ནམ་མཁའ་ཞེས་བྱ་བའི་རྫས་ནི་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ་གང་གི་ཕྱིར་འདི ་ནི་རྟག་པ་དང་ཐམས་ཅད་ལ་ཁྱབ་པ་དང། གཅིག་པུ་ཉིད་དོ་ཞེས་བྱ་བའི་བདག་གི་དཔེར་བསྟན་པ་དང་ཆོས་མཐུན་པ་ཉིད་དུ་འགྱུར་བ་མ་ཡིན་པས་འདི་ལྟར་གཞན་པ་མ་གྲུབ་པ་ཉིད་ཡིན་ནོ། །ངས་ན་ནམ་མཁའ་སྒྲིབ་མེད་ཡིན། །སྐབས་སྦྱིན་པ་ཡང་མ་ཡིན ་ཏེ། །དེ་ཡོད་གཏན་ཚིགས་སྨྲས་པ་ཡིས། །གཏན་ཚིགས་འདི་ཡང་མ་གྲུབ་ཉིད། །ནམ་མཁའ་ནི་སྒྲིབ་པ་མེད་པའི་མཚན་ཉིད་ཅན་ཡིན་ལ། སྐབས་སྦྱིན་པར་བྱེད་པ་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བས་འདོད། ང་ལ་དེ་ཡང ་ཡོད་པ་མ་ཡིན་ཏེ། ནམ་མཁའ་ནི་རྫས་ཡོད་པ་དང་ལྡན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་ནམ་མཁའ་ནི་ཡོད་དེ། སྒྲིབ་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རམ། སྐབས་སྦྱིན་པར་བྱེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་པའི ་རི་བོང་གི་རྭ་ལ་སོགས་པ་ལ་ནི་སྒྲིབ་པ་མེད་པའི་མཚན་ཉིད་དང། སྐབས་སྦྱིན་པར་བྱེད་པ་མེད་དོ། །ནམ་མཁའ་ལ་ནི་སྦྱིན་པར་བྱེད་པ་མེད་པའི་མཚན་ཉིད་དང། སྐབས་སྦྱིན་པར་བྱེད་པའི་འབྲས་བུ་ཡོད་པའི་ཕྱིར་ཡོད་པ་ཡིན་ནོ། །དེ་སྐད་སྨྲས་པའི་གཏན་ཚིགས་འདི་དག ་ནི་གཞན་ལམ་གྲུབ་པ་ཉིད་ཡིན་ཏེ། ནམ་མཁའ་ནི་རྫས་ཀྱི་དངོས་པོ་དང་བྲལ་བ་ཙམ་ཉིད་ཡིན་པར་ཁོ་བོས་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་དངོས་པོ་རྟག་པ་ཐམས་ཅད་ལ་ཁྱབ་པའི་བདག་དངོས་པོ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ནམ་མཁའ་འདྲ་བ་ཡིན་ནོ་ཞེས ་སྨྲས་པ་དེ་ལ། དེ་ལས་གཞན་དུ་རྟོག་གའི་གནོད་པ་ཉེ་བར་དགོས་པའི་སྒོ་ནས་སློབ་དཔོན་གྱིས་སྨྲས་པ། རྒྱུ་ལས་ཉེ་བར་མ་བྱུང་བ། །ནམ་མཁའ་དངོས་པོར་མི་འདོད་དོ། །དེ་ནི་གཅིག་ཀྱང་མ་ཡིན་ཏེ། །མོ་གཤམ་གྱི་ནི་བུ་བཞིན་ནོ། །ནམ་མཁའ་ཞེས་བྱ་བ་ནི་ཆོས་ཅན་ནོ། ་དེ་ནི་དངོས་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་དེའི་ཆོས་སོ། །རྒྱུ་ལས་ཉེ་བར་མ་བྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །འབྱུང་བར་འགྱུར་བས་ན་དངོས་པོ་སྟེ། །རྒྱུ་དང་རྐྱེན་ལས་བསྐྱེད་ནས་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། ནམ་མཁའ་ནི་སྐྱེད་པར་བྱེད་པའི་རྒྱུ་འགའ་ལས་ཀྱང ་བྱུང་བ་མ་ཡིན་པས་། རྒྱུ་དང་ལྡན་པ་མ་ཡིན་པ་འདི་དངོས་པོར་ལྟ་ག་ལ་འགྱུར་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེ་ནི་ཕ་དང་མའི་ཁུ་བ་དང་ཁྲག་ལ་སོགས་པའི་རྒྱུ་ལས་བྱུང་བ་མ་ཡིན་པས་ཇི་ལྟར་མེད་པ་ཉིད་ཡིན་པ་ལྟར་ནམ་མཁའ་ཡང་དེ་བཞིན་ཏེ། དེ་ནི ་ཀུན་ལ་ཁྱབ་པའོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་རིགས་པ་མ་ཡིན་ནོ། །གང་ཡང་ཇི་ལྟར་བུམ་པ་ལ་སོགས་པ་ལ་དབྱེ་བ་ཡོང་དུ་ཟིན་ཀྱང་ས་ཉིད་ཡིན་པའི་?་དབྱེ་བ་འགའ་ཡང་མེད་དོ། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་དེ་ལ་ལན་འདི་ཡིན་ཏེ། བུམ ་སོགས་གཟུགས་ཀྱིས་རྣམས་ནི། །ས་ཡི་རིགས་སུ་གཅིག་ན་ཡང། །ས་སོག་གཞན་དང་གཞན་ཡིན་ལྟར། །ངེས་ན་བདག་ནི་གཅིག་མ་ཡིན། །སའི་རིགས་སུ་གཅིག་པ་ཉིད་ཡིན་ན་ཡང། །དེ་ལྟ་ན་ཡང་བུམ་པ་དང་རྫ་པོ་ལ་སོགས་པའི་བྱ་བ་བྱས་པའི་བྱེ ་བྲག་གི་དབྱེ་བ་ཡོད་པ་ཡིན་ཡང་སར་གཅིག་པ་བཞིན་དུ་འདི་ཡང་གཅིག་ཉིད་ཡིན་ན་ཡང་འགྱུར་པའི་ཆོས་ཅན་ཡིན་པ་དང། གཟུགས་དུ་མ་ཅན་དུ་འགྱུར་བ་ཡིན་ཏེ། དེ་ལྟར་ན་བདག་ནི་གཅིག་པ་ཉིད་དུ་མ་གྲུབ་པོ་གང་ཡང། བདག་? ་ཤེས་ཤིང་མ་གཏོགས་པས། རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ཤེས་པའི་ངོ་བོ་ཞིག་ཡིན་པས་མངོན་པའོ་ང་རྒྱལ་བྱེད་པར་འགྱུར་རམ། མི་ཤེས་བའི་དེ་བོ་ཞིག་ཡིན་པས་འགྱུར་ཞེས་དེ་ལ་ཡང། ཤེས་ཉིད་ཕྱིན་ཅི ་མ་ལོགས་པས། །ཤེས་འདི་ང་རྒྱལ་མི་རིགས་སོ། །མི་ཤེས་ཉིད་ནའང་ལོག་མེད་པས། །མི་ཤེས་ང་རྒྱལ་མི་འདོད་དོ། །ཞེས་བྱ་བ་སྨྲས་ཏེ། རེ་ཞིག་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི་མིང་གང་སྐྱེས་བུ་བཞིན་དུ། དོན་ཇི་ལྟ་བ་བཞིན་དུ་རིགས་པ་ཡིན་པས ་ཕྱིན་ཅི་ལོག་མེད་པ་ཡིན་ནོ། །མི་ཤེས་པ་གཅིག་ཡིན་ན་ཡང་དམུས་ལོང་བཞིན་དུ་ཅི་ཡང་ཤེས་པ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་མིང་པ་ཡིན་ན་ཅི་ལྟར་ལོངས་སྤྱོད་པར་མངོན་པའི་ང་རྒྱལ་བྱེད་པར་འགྱུར། གང་ཡང་འདི་སྐད་དུ་།ལུས་ལ་གནས ་ཀྱང་མ་ཆགས་དང། སྤྱོད་པ་བྱེད་ཀྱང་མི་གོས་ཏེ། ཞེས་བྱ་བ་ལ་སོགས་པ་སྨྲ་བར་བྱེད་པ་དེ་ལ་ཡང། ནམ་མཁའ་བཞིན་དུ་འགྱུར་མེད་ཕྱིར། །དེ་བཞིན་ཆགས་པ་མེད་པའི་ཕྱིར། །བདག་ནི་བྱེད་པར་མི་རིགས་ལ། །ཟ་པ་པོ་ཡང་མི་རིགས་སོ། །འགྱུར་བའི ་ཆོས་ཅན་ཞིག་ཡིན་ན་ནི་བྱེད་པ་པོ་དང་ཟབ་པོར་རིགས་ཏེ། ཚུན་པ་ལ་སོགས་པ་རྟག་ཏུ་བྱ་བ་དེ་ལ་ཞུགས་ཤིང་བྱེད་པ་པོ་ཉིད་ཡིན་པས་འབྲས་བུ་སྨིན་པའི?་དུས་ན་ཡང་། ཟས་ལ་སོགས་པ་ལ་ཆགས་པས་ཟ་པ་པོ་ཉིད་ཡིན་པ་བཞིན་ནོ། །ཡང ་དག་སྔོན་དང་ཕྱི་མའི་དུས་ན་ངོ་བོ་གཅིག་ཏུ་གྱུར་ཅིང་རང་གི་བྱ་བ་ལ་འཇུག་པར་ཡང་མི?་བྱེད་ལ། ཡུལ་རྣམས་ལ་ཆགས་པ་མེད་པ་དེ་ནི་བྱེད་པ་པོ་དང། ཟ་བ་པོ་ཡིན་ནོ་ཞེས་བྱ་བའི་ཚིག་དེ་ལ་བློ་ཡིད་ཆེས་པ་སྐྱེ་བར་མི་འགྱུར་རོ།། །། ་དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་གསུམ་པ། །གཞན་ཡང། བྱེད་པོ་བདག་ཡིན་མི་གོས་བ། །བྱེད་པོའི་འབྲས་བུ་འདོད་ཇི་ལྟར། །མི་དབང་སྡིག་དང་བཅས་པའི་ཕྱིར། །རྒྱལ་པོའི་དབེ་ནི་མི་རིགས་སོ། །སྐྱེད་པ་པོའི་བྱེད་པ་པོ་ཡིན་པའི་མཚན ་མ་ནི་འདི་ཡིན་ནོ། །གང་འདི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུས་གོས་པར་འགྱུར་བའོ། །འབྲས་བུ་རྗེས་སུ་སྤྱོད་པར་འགྱུར་བ་མེད་ན། བྱེད་པ་པོའི་བྱ་བ་ཐམས་ཅད་དོན་མེད་པར་འགྱུར་ཏེ། ངེས་ན་ཟ་བ་པོ་ཉིད་དང་ཡང་ལྡན་པར་མི་འགྱུར་བས་བྱེད་པ་པོ་ཉིད ་སྒྲུབ་པར་ཤིན་ཏུ་དཀའ་ཨོ། །འདིའི་དཔེ་རྒྱལ་བོས་བསྟན་པ་ཡང་རིགས་པ་མ་ཡིན་ཏེ། སྡིག་པ་རྗེས་སུ་གོས་པ་ཉིད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང། ཆོས་མི་མཐུན་པ་ཡིན་ཏེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། བརྫུན་དུ་སྨྲ་བ་ལ་སོགས ་པ་མི་དགེ་བ་བྱས་པས་རྒྱལ་པོ་པར་སྡིག་པའི་སྐལ་པ་དང་ལྡན་པར་འགྱུར་བ་བཞིན་ནོ། །གང་གི་ཕྱིར་དམྱལ་བ་ལ་སོགས་པར་ལྟུང་བས་འཇིགས་པ་ཡོད་པས་འདི་ནི་ཆོས་ལ་མཐུན་པར་སྤྱད་པ་ལ་སོགས་པ་ཡང་བསྟན་པ་ཡིན་གྱི་ཡར?་གལ་ཏེ་འདི་ལ་སྡིག་པ ་ལ་སོགས་པས་མི་གོས་པ་གཅིག་ཡིན་ན་ནི་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་ཀྱང་འགལ་བར་འགྱུར་བ་མ་ཡིན་བ་ཞིག་ཡིན་ན་དེ་ལྟར་ན་ནི་མི་འགྱུར་ཏེ། དེས་ནི་མའི་བདག་པོ་ཡང་སྡིག་དང་བཅས་པར་འགྱུར་བ་བཞིན་དུ་སྐྱེས་བུ་ཡང་དགེ་བ་དང་མི་དགེ་བའི་འབྲས ་བུ་མི་མྱོང་བར་མི་རིགས་ཏེ། དགེ་བ་དང། མི་དགེ་བའི་འབྲས་བུ་རྣམས་བདག་གིས་མྱོང་བར་འགྱུར་རོ། །ངེས་ན་མི་རྟག་པ་དང་ཀུན་ལ་ཁྱབ་པ་མ་ཡིན་པའི་སྐྱོན་ཡོད་པར་འགྱུར་ཏེ། ཞིང་པ་ལ?་རྐུན་མོ་ལ་སོགས་པ་འབྱུང་པ་བཞི་ནོ། །གང་ཡང་ཁྱོད་ཀྱིས ་འདི་སྐད་དུ་།གཅིག་པུ་ཀུན་ཁྱབ་རྟག་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་མི་བདེན་ཏེ། གང་གི་ཕྱིར། ཕྱི་རོལ་ལ་ནི་མ་བལྟོས་པར། །གཅིག་ཉིད་ངོ་བོ་ཉིད་མི་རིགས། །གཅིག་ཉིད་དང་ལྡན་པས་ཤེན། དེ་ནི་དེ་དང་ལྡན་མ་ཡིན། །གཉིས་མེ ་པའི་གཅིག་པུ་ཞེས་བྱ་བ་ནི་ཇི་ལྟར་སྐྱེ་བོ་དབུལ་པོ་མང་པོའི་ནང་ན་མིའི་བདག་པོ་ནི་གཅིག་བུའོ་ཞེས་ཕྱི་རོལ་གྱི་སྐྱེ་བོ་མང་པོ་ལ་བལྟོས་ནས་།མིའི་བདག་པོ་གཅིག་པུ་ཡིན་པར་རྗོད་པར་བྱེད་ལ། ཡང་བདག་ནི་ནང་དང་ཕྱི་རོལ་ཐམS ་ཅད་དུ་དེ་ཉིད་གནས་པ་ཡིན་པས་གང་ལ་བལྟོས་ནས་གཅིག་ཉིད་དུ་འགྱུར། གལ་ཏེ་ཡང་གྲངས་གཅིག་ཉིད་དང་ལྡན་པས་གཅིག་ཉིད་ཡིན་ནོ་ཞེ་ན། བདག་ལས་གཞན་པའི་གཅིག་ཅེས་བྱ་བ་ནི་ཡོད་པ་མ་ཡིན་ན། ངེས་ན་ཇི་ལྟར་དེ་དེ་དང་ལྡན་པར ་འགྱུར་ཏེ། སོར་མོ་དེ་ཉིད་ཀྱིས་སོར་མོ་དེ་ཉིད་ཀྱི་རྩེ་མོ་ལ་རེག་པར་མི་ནུས་པ་བཞིན་ནོ། །འོན་ཏེ་ཡང་ཡུལ་དང་ཡུལ་ཅན་གྱི་ངོ་བོ་དུ་མ་ཉིད་དུ་བཏགས་པ་ཡིན་ལ་དེ་གསལ་བའི་སྒོ་ནས་བདག་གཅིག་པུ་ཉིད་དུ་བརྗོད་པར་བྱའོ་ཞེ་ན་།དེ་ཡང་འདི་ལྟར ་མི་རིགས་ཏེ། དུ་མ་ཉིད་དུ་བཏགས་པ་དག། གསལ་བ་གཅིག་ཉིད་ཡིན་ཞེ་ན། །ཇི་ལྟར་བཏགས་པ་ཀུན་རྫོབ་ཕྱིར། །དེས་ན་གཅིག་དེ་དོན་དམ་མིན། །གཅིག་ཉིད་ཀྱི་རང་བཞིན་ནི་མེད་པས་གཅིག་ཅེས་བྱ་བ་དེ་བཏགས་པ་ཡིན་པར་འགྱུར་ལ། ་གང་བཏགས་པ་ཡིན་པ་དེ་ནི་དོན་དམ་པར་གཅིག་མ་ཡིན་ཏེ། བཏགས་པ་ནི་ཀུན་རྫོབ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང། རྟག་དང་གཅིག་སོགས་ངོ་བོ་ཡིས། །དོན་དམ་དེ་ཡོད་ཡིན་ཞེ་ན། །གཅིག་སོགས་སྒྲ་དང་བློ་འཇུག་པ། །དོན་ཡོད ་ན་ནི་སྐྱོན་མེད་འགྱུར། །སྒྲ་གང་དག་གིས་རྟག་པ་ཉིད་དང། །གཅིག་པ་ཉིད་ལ་སོགས་པར་རྗོད་པར་བྱེད་པ་ལ་བློ་གང་དང་གང་གིས་རྟག་པ་ཉིད་དང། གཅིག་པ་ཉིད་དུ་རྟོགས་པར་འགྱུར་བའི་སྒྲ་དེ་དག་དང་བློ་དེ་དག་འཇུག་པ་ནི་དེ་དག་མེད་པར་འགྱུར་ན། ་དེ་ལས་གཞན་པའི་དངོས་པོ་ནི་མེད་པས་མ་ངེས་པ་མ་ཡིན་པ་མ་ཡིན་ཏེ། བློ་དང་རྟོགས་པར་བྱ་བ་གཉིས་གཅིག་ཉིད་ཡིན་པའི་ཕྱིར། ལུགས་འདི་ནི་སྐྱོན་དང་བཅས་པ་ཡིན་ནོ། །གཅིག་ལ་སོགས་པར་རྣམ་པར་རྟོག་པ། །འདི་ནི་ཅི་ལྟར་མི་རྟོག ་ཉིད། །རྣམ་པར་རྟོག་པའི་ཡུལ་དོན་ལ། །ཚིག་འཇུག་པ་ནི་མ་བཀག་གོ་།གལ་ཏེ་བློས་འདི་རྟག་པ་ཞེས་བྱ་བ་ལ་སོགས་པའི་ངོ་བོར་རྣམ་པར་རྟོག་པར་བྱེད་ཀྱི། །ཡང་འདི་ཉིད་ཞི་གང་ལ་ཡང་རྣམ་པར་རྟོག་པ་མེད་དོ། །དེས་ན་འདི་རྣམ་པར་རྟོག་པ་མེད་པ་ཉིད ་ཡིན་ནོ་ཞེས་ན། ད་ནི་མི་བདེན་ཏེ་བློ་དང་བདག་ལ་ཐ་དད་བ་ཡོད་མ་ཡིན་པའི་ཕྱིར་རོ། །གང་ལ་རྣམ་པར་རྟོག་པ་འཇུག་པ་ཡོད་པ་དེ་ལ་དག་ཀྱང་འཇུག་པ་ཡོད་པས་དེས་ན། འདི་ལྟར་བློའི་ཡུལ་མིན་དང། །དག་གི་སྤྱོད་ཡུལ་མིན་ཇི་ལྟར། །བརྗོད་མེད་རྟོགས་པ ་མེད་པ་ཡང། །སྔར་བསྟན་རིགས་པས་བརྫུན་པ་ཉིད། །བློས་ཉེ་བར་མཚོན་པ་ཉིད་ཀྱི་ཤའི་གོང་བུ་ལ་ལྷས་བྱིན་ཞེས་ངག་བརྗོད་པ་ཡང་འཇུག་པར་འགྱུར་བ་ལྟར་དེ་བཞིན་དུ་གཅིག་ལ་སོགས་པའི་བློའི་ཡུལ་དུ་གྱུར་པ་ཉིད་ནི་གཅིག་ལ་སོགས་པའི ་དག་འཇུག་པའི་ཡུལ་ཡང་ཡིན་ནོ། །དེས་ན་བརྗོད་པ་མེད་པ་དང་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བར་འགྲུབ་པ་མ་ཡིན་ཏེ། འདི་ནི་སྔར་སྨྲས་པའི་རིགས་པས་མི་བདེན་པ་ཉིད་ཡིན་བས་རི་བོང་གི་རྭ་བཞིན་ཡོད་པ་མ་ཡིན་ནོ། །གལ་ཏེ་སངས་རྒྱས་པ་རྣམས ་ཀྱང་ངག་དང་བློའི་སྤྱོད་ཡུལ་ལས་འདས་པ་ནི་དོན་དམ་པའོ་ཞེས་འདོད་པ་མ་ཡིན་ནམ་ཞེ་ན། དེ་ནི་བདེན་ན་འོན་ཀྱང་རིགས་པ་ནི་འདི་ཡིན་ཏེ། ཤེས་བྱ་ཡེ་ནས་མ་གྲུབ་པས། །བློ་ཡི་ཡུལ་དུ་མི་རིགས་སོ། །བློ་ཡི་ཡུལ་ལས་ལོག་པས་ན། །ངག་གི་ཡུལ་ལས ་ལོག་པའང་ཡིན། །ཀུན་རྫོབ་ཏུ་རྣམ་པར་ཤེས་པ་དྲུག་གི་ཡུལ་གྱི་ཤེས་བྱ་ཡོངས་སུ་བཏགས་པ་ཡིན་ལ། དེ་ཁོ་ན་ཉིད་དུ་ནི་ཡོངས་སུ་བཏགས་པ་ནི་རྣམ་པ་ཐམས་ཅད་དུ་གྲུབ་པར་གྱུར་པ་མེད་པས་ཡུལ་དེ་ལ་བློ་ཡང་སྐྱེ་བར་མི་འགྱུར་བའི་ཕྱིར་བློའི ་སྤྱོད་ཡུལ་དུ་གྱུར་བ་ཡང་མ་ཡིན་ལ། བློའི་སྤྱོད་ཡུལ་ལས་ལོག་པར་གྱུར་པས་རྟེན་མེད་པའི་ཕྱིར་དག་ཀྱང་འཇུག་པར་མི་འགྱུར་ཏེ། དེས་འདི་ལྟར་དོན་དམ་པ་ཉིད་དུ་དག་གི་སྤྱོད་ཡུལ་དུ་གྱུར་བ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པའི་མི་བརྫུན ་པའི། །ལུགས་འདི་དགེ་བར་ཤེས་ནས་ནི། །དེ་ཕྱིར་མུ་སྟེགས་འདོད་སྐྱེས་ཏེ། །དེ་ལ་བདག་གིར་བྱས་པ་ཡིན། །བརྒྱ་ལ་རེས་འགའ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བར་གྱུར་ཅིང། དེས་བརྫུན་པ་མ་ཡིན་པའི་གསུང་རབ ་ཀྱི་ལུགས་ཀྱང་རབ་ཏུ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཡང་བསྟན་པ་ན་དེའི་ལུགས་དེ་ལ་མུ་སྟེགས་པ་རྣམས་འདོད་པ་སྐྱེས་པར་གྱུར་ནས་རང་གི་གྲུབ་པའི་མཛའ་ཨི་ནང་དུ་བསྲེས་ཤིང་ལུགས་འདི་ནི་ཁོ་བོ་ཅག་གི་ཡིན་ནོ་ཞེས་བདག་གིར་ཡང་བྱེད ་དོ། །དེ་ནི་སྟོན་དང་ཕྱི་མར་ཡང་འགལ་བའི་སྐྱོན་དང་བཅས་པའི་གྲུབ་པའི་མཐས་འདྲེས་པས་རྣམ་པར་རྟོག་པ་ཡིན་པར་མཚོན་པར་བྱ་བ་ཡིན་ཏེ། དེས་ནི་སྔོན་དང་ཕྱི་མའི་འགལ་བ་ཡི། །དེ་ཡི་ལུགས་ལ་སུ་ཞག་དང། །ཤིན་ཏུ་རིགས་མི་གཅིག་པའི ་ཕྱིར། །ལྕགས་ལས་ནོར་བུ་རིན་ཆེན་བཞིན། །ཇི་ལྟར་འགའ་ཞིག་ལྕགས་ཀྱིས་རང་བཞིན་གྱི་ནོར་བུ་ལ་རིན་པོ་ཆེ་དང་འདྲ་བར་བྱའོ། །ཞེས་ཤིན་ཏུ་ཕྱི་བ་དང་བྱས་ཀྱང་དེ་ནི་བསྲེགས་པ་དང་ཕྱི་བ་དང་བདར་བ་ལ་སོགས་པ་བཟོད་པ་མ་ཡིན་པའི་ཕྱིར། ཤིན ་ཏུ་མི་འདྲ་བར་གྱུར་པ་ཡིན་པས་ནོར་བུ་རིན་པོ་ཆེ་རྟོག་པ་ལ་མཁས་པ་སུ་ཞིག་དེ་ལ་རིན་པོ་ཆེའི་འདུ་ཤེས་བསྐྱེད་པར་འགྱུར། དེ་བཞིན་དུ། བདག་དང་རྟག་པ་དང། ཀུན་ལ་ཁྱབ་པ་དང། གཅིག་པུ་ལས་བཟློག་པ་བདག་མེད་པ་མི་རྟག་པ་ཀུན་ལམ ་ཁྱབ་པ་དུ་མའི་ངོ་བོ་ཉིད་འགལ་བ་ཡིན་པའི་ཕྱིར་ཤིན་ཏུ་མི་འདྲ་བའི་རྣམ་པར་གྱུར་པ་ཡིན་པས་དེ་ཁོ་ན་ཉིད་རྟོག་པ་ལ་མཁས་པ་སུ་ཞིག་དེ་ལ་དེ་ཁོ་ན་ཉིད་ཀྱིས་འདུ་ཤེས་སྐྱེད་པར་བྱེད། དེས་ན་འདི་ནི་རི་དགས་ཀྱི་རྔ་མ་བསྟན་ནས་རྟའི་ཤ ་འཚོང་བར་བྱེད་པ་དང་འདྲའོ། །གལ་ཏེ་ཡང་དབུ་མར་སྨྲ་བ་རྣམས་ལ་ཡང་བཅས་པ་ཉིད་དང། བདག་མེད་པ་ཉིད་དང། སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། སྐྱེ་བ་དང། སྐྱེ་བ་མེད་པ་དང། དངོས་པོ་དང། དངོས་པོ་མེད་པར་སྨྲས་པས་འགལ་བ་ཆེན ་པོ་འབྱུང་བར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ལ་ལན་བརྗོད་པ། འདི་ལྟར་འདི་ནི་ལུགས་འདི་ལ། ཁ་ཅིག་དག་ནི་དྲང་ཕྱིར་དང། །ལྷག་མ་འཛིན་ལ་བཟློག་པའི་ཕྱིར། །སྣ་ཚོགས་དག་ཏུ་བསྟན་པ་ཡིན། །རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བས་སེམས ་ཉམས་པར་བྱས་པ་མེད་པར་སྨྲ་བ། ཡོད་པ་མ་ཡིན་པར་འཛིན་བ་རྣམས་བཟློག་པར་བྱ་བའི་ཕྱིར། བདག་ཡོད་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། དེ་དག་འདྲེན་པར་མཛད་པ་དང། བདག་ཏུ་སྨྲ་བ་རྣམས་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་ཅིང་འཇིག ་པ་རྣམས་བཟློག་པར་བྱ་བའི་ཕྱིར་བདག་མེད་དོ་ཞེས་སྟོན་པར་མཛད་པ་ཡིན་ཏེ་།ཀུན་རྫོབ་ཏུ་དེ་དག་ཏུ་འཛིན་པ་སྤང་བར་བསྟན་པ་ཡིན་ནོ། །དོན་དམ་པར་ནི་བདག་ཀྱང་མ་ཡིན་བདག་མེད་པ་ཡང་མ་ཡིན་ནོ་ཞེས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་བཟོད་པ་དང་ལྡན་པ ་རྣམས་ལ་བསྟན་པ་ཡིན་ཏེ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་གསུང་རབ་རྣམས་དུ་མར་བསྟན་པ་ཉིད་ནི་ཀུན་རྫོབ་དང་དོན་དམ་པའི་རྗེས་སུ་འབྲངས་ནས་བསྟན་པ་ཡིན་ཏེ། འགལ་བ་མེད་དོ། །དེ་ཇི་ལྟ་བུ་ཞེ་ན། དངོས་པོ་རྣམས་ནི་མ་སྐྱེས་ཉིད། །རང་བཞིན་བཅོས ་མ་མེད་པའི་ཕྱིར། །འདི་ལ་ཉམས་བ་མེད་པས་ན། །བདག་ཅེས་ཀྱང་ནི་བརྗོད་པ་ཡིན། །བདག་དང་གཞན་དང་གཉི་ག་དང། །རྒྱུ་མེད་པ་ལས་ཡོད་པ་དང་མེད་པ་སྐྱེས་པ་མ་ཡིན་པས་དངོས་པོ་རྣམས་མ་སྐྱེས་པ་ཉིད་དུ་བདག་གིས་སྔར་བསྒྲུབས་ཟིན་པ་དེ་ཉིད ་དངོས་པོ་རྣམས་ཀྱི་རང་བཞིན་བཅོས་མ་མ་ཡིན་པ་ཉམས་པ་མེད་པ་ཡིན་པས་དེ་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཡིན་པར་འགྱུར་རོ། །ཐ་དད་དངོས་ཀྱང་དབྱེར་མེད་ཕྱིར། །ངོ་བོ་གཅིག་ཕྱིར་གཅིག་ཉིད་ཡིན། །ཀུན་ཁྱབ་ཆོས་རྣམས་ཐམས་ཅད་ཕྱིར། །རྟག ་པ་དེ་ཡིན་མི་ཉམས་ཕྱིར། །དེ་ནི་མ་སྐྱེས་པའི་ངོ་བོ་ཉིད་ཡིན་པས་བདག་ཡིན་ནོ། །ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཐ་དད་དུ་ཟིན་ཀྱང་དབྱེ་བ་མེད་པའི་ཕྱིར་གཅིག་ཉིད་ཡིན་ནོ། །དངོས་པོ་ཐམས་ཅད་མཚན་ཉིད་མེད་པའི་རང་གི་མཚན་ཉིད་འཛིན ་པའི་ཆོས་ཅན་ཡིན་པས་ཀུན་ལ་ཁྱབ་པའོ། །འདི་ནི་མ་སྐྱེས་པས་ཉམས་པ་མེད་པ་ཡིན་པའི་ཕྱིར་རྟག་པའོ། །མ་སྐྱེས་ཕྱིར་ན་སྐྱེ་མེད་ཉིད། །དེ་ཉིད་ཕྱིར་ན་རྒ་ཤི་མེད། །འཕོ་བ་མེད་ཕྱིར་འདི་འཕོ་མེད། །རབ་མཐར ་ཐུག་ཕྱིར་མཆོག་ཉིད་ཡིན། །མ་སྐྱེས་པ་ཉིད་ཀྱི་ཕྱིར་ན་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ཉིད་ཀྱི་ངོ་བོ་ལ་རྒ་བ་དང་འཆི་བ་མེད་པས་རྒ་ཤི་མེད་པའོ། །མ་སྐྱེས་པ་ནི་འཕོ་བ་མེད་པ་ཡིན་པས་ངེས་ན་འཕོ་བ་མེད་པའོ། །དེ་ལས་གཞན་པའི་ངོ་བོ་ཉིད་མཆོག་ཏུ ་གྱུར་པའི་ངོ་བོ་ཡོད་པ་མ་ཡིན་པས་མཆོག་ཅེས་བྱ་བར་འདོད་དོ། །གཟུགས་དང་སྒྲ་དང་དྲི་སོགས་མིན། །ས་དང་མེ་དང་ཆུ་རླུང་མིན། །ནམ་མཁའ་ཟླ་བ་ཉི་མ་མིན། །ཡིད་དང་ཤེས་པའི་མཚན་ཉིད་མིན། །དངོས་པོ་ཐམས་ཅད་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ཡུལ་གྱི་བདག་ཉིད་དུ་གྱུར་པ་ཡང་མ་ཡིན་ནོ། །སྲ་བ་དང་གཤེར་བ་དང་ཆེ་བ་དང་གཡོ་བ་ཞེས་བྱ་བ་འབྱུང་བའི་མཚན་ཉིད་དུ་གྱུར་པ་ཡང་མ་ཡིན་པས་དའི་ངོ་བོ་ཉིད་མ་ཡིན་ནོ། །རྫས་སུ་མེད་པ་ཉིད་ཡིན་པའི ་ཕྱིར་འགལ་ལ་ཡང་གོ་འབྱེད་པ་མེད་པ་དང། སྣང་བའི་རང་བཞིན་ཡང་མ་ཡིན་པས་ནམ་མཁའ་དང་རི་བོང་ཅན་དང་ཉི་མ་ལ་སོགས་པ་ཡང་མ་ཡིན་ནོ། །སེམས་པར་བྱེད་པས་ན་ཡིད་དང་དངོས་པོ་རབ་ཏུ་ཤེས་པའི་མཚན་ཉིད་ཅན་ཡིན་པས་ན་ཤེས ་པ་སྟེ། འདས་པ་དང་མ་འོངས་པའི་མཐོ་རིས་དང། བྱང་གྲོལ་ལ་སོགས་པའི་ཡུལ་ཅན་ནོ། །ཡང་དེ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོར་ཡོད་པར་གྱུར་པ་མ་ཡིན་ནོ། །ཐམས་ཅད་འདི་ཡིན་རང་བཞིན་ཕྱིར། །ཉམས་པ་མེད་ཕྱིར་ཐམས་ཅད་མིན། །དེ་ལ་ཉོན་མོངས་པ ་སྐྱེ་མེད་ཕྱིར། །དག་པ་འདི་ཡིན་ཞི་ཉིད་འདི། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་གཅིག་ཉིད་ཡིན་པའི་ཕྱིར་འདི་ནི་ཐམས་ཅད་ཡིན་ནོ། །ཀུན་ཀྱང་ཉམས་པར་འགྱུར་བའི་བདག་ཉིད་ཅན་ཡིན་ལ། ཡང་དེ་ནི་ཉམས་པར་འགྱུར་བ་མ་ཡིན་པས་ཐམས་ཅད་མ་ཡིན ་ནོ། །རྫས་སྐྱེས་པ་མེད་པས་རྟེན་མེད་པའི་ཕྱིར་ཉོན་མོངས་པས་ཡང་སྐྱེ་བར་འགྱུར་བ་མ་ཡིན་པས་འདི་ནི་དག་པ་སྟེ་དྲི་མ་མེད་པའོ། །དེ་ཉིད་ནི་ཞི་བ་སྟེ་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་ནི་བཏགས་པས་སྒྲོ་བཏགས་ནས། །བརྗོད་བྱ་ཡང་དག ་བརྗོད་བྱ་མིན། །ཡེ་ནས་བརྗོད་བྱ་མ་ཡིན་ཕྱིར། །འདི་ནི་དྲི་མ་མེད་ཅེས་བསྟན། །ཡང་དེ་ནི་དེ་ཁོ་ན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ན་ཡང་བཏགས་པས་སྒྲོ་བཏགས་ནས་དེ་ལ་སྐྱེ་བ་མེད་པ་དང། དངོས་པོ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཡི ་གེ་ཀུན་རྫོབ་ཏུ་གཞན་དག་གིས་རྟོགས་པར་བྱ་བའི་དོན་ཏུ་ཆིག་ཏུ་རྗོད་པར་བྱེད་དོ། །གསལ་པོར་གྱུར་པ་མེད་པའི་ཕྱིར་རྣམ་པ་ཀུན་གྱིས་བརྗོད་པར་བྱ་བ་མ་ཡིན་པས་དྲི་མ་མེད་པ་ཞེས་བརྗོད་དོ། །གང་ཞིག་འདི་ལྟར་མངོན་འདོད་པ། །ཁྱོད་ཀྱིས་བདག་ཀྱང་ཡིན་ན ་ནི། །མིང་སོགས་ཆོས་མང་འདྲ་བ་ལ། །སྐྱོན་མེད་རིགས་པ་དང་བཅས་ཡིན། །གང་སྐྱེ་བ་མེད་པར་སྤྱིའི་མཚན་ཉིད་ཇི་སྐད་བསྟན་པའི་རིགས་པ་དང་བཅས་པ་ཡིན་པ་བཞིན་དུ་སྐྱོན་དང་བྲལ་བ་ཉིད་དུ་ཁྱོད་ཀྱི་བདག་ཀྱང་འདོད་ན་ནི་མིང་ཙམ་ལ་བརྩོད་པར་ཟད་དེ། ་ཁྱོད་ནི་བདག་མཆོག་ཅེས་ཟེར་ལ་ཁོ་བོ་ཅག་ནི་སྐྱེ་བ་མེད་པ་ཞེས་ཟེར་བས་འདི་ལ་འགལ་བ་ཅི་ཞིག་ཡོད། །དེས་ན་བདག་མེད་ཉིད་ཀྱིས་འཇིགས་པ་རྣམས། །འཇིགས་ཀྱང་དེ་ཉིད་ལ་གནས་ཏེ། ནམ་མཁས་འཇིགས་པར་གྱུར་པ་དག། གཞན་པའི་གནས ་འགའ་མེད་པ་བཞིན། །ཇི་ལྟར་བླུན་པོ་འགའ་ཞིག་ནམ་མཁས་འཇིགས་ཤིང་སྒྲག་ན་ཡང། དེ་ལས་གཞན་པའི་གནས་མ་མཐོང་བས་ནམ་མཁའ་དེ་ཉིད་ལ་གནས་པར་བྱེད་དོ། །དེ་བཞིན་དུ་ཁྱོད་ཀྱང་བདག་མེད་པས་འཇིགས་ཤིང་སྒྲག་ན་ཡང་བདག་མེད་པ་དེ་ཉིད་ལ ་བརྟེན་ཅིང་གནས་ཏེ། དེ་ལས་གཞན་པའི་རྟེན་མེད་པའི་ཕྱིར་རོ། །སངས་རྒྱས་འཇིག་རྟེན་གཉེན་རྣམས་ཀྱིས། །དེ་ཉིད་བདུད་རྩི་མཆོག་འདི་ལ། །འདི་ནི་འགའ་ཡང་བཀག་མེད་པས། །ལེགས་པར་འོངས་སོ་ངོམས་པར་གྱིས། །དེ་བཞིན་གཤེགས་པའི ་གསུང་རབ་ཀྱི་རོ་མྱང་བའི་ཕྱིར་འདིར་འོངས་པ་ལེགས་ཀྱིས་།ཆོས་བདུད་རྩིའི་རོས་ཚིམ་པར་གྱིས་ཤིག། སྐྱེ་གནས་དང། ན་ཚོང?་དང། རིགས་དང། ཡུལ་དང། དུས་ཀྱི་སྐྱོན་ཐུགས་རྗེ་ཆེན་པོས་སྤངས་པར་མཛད་པའི་ཐུགས ་ཅན་ཡང་དག་པའི་ལྟ་བ་བཞིན་གྱི་དོན་རིགས་པའི་སངས་རྒྱས་རྣམས་ཀྱི་གསུང་རབ་འདི་ལ་བཀག་པ་མེད་དོ། །དེ་ཁོ་ན་ཉིད་ནི་བདུད་རྩི་སྟེ། ངོམས་པར་བྱེད་པའི་ཕྱིར་རོ། །དེ་དང་འདྲ་བའི་དེ་ཁོ་ན་ཉིད་གཞན་མེད་པས་མཆོག་།སྟེ་དམ་པའོ། །ཡང་དག ་ལྟ་ལ་སྒྲིབ་མེད་པའི། །བདག་ནི་བྱེད་པོ་ཟ་བོ་སོགས། །རྟེན་མེད་བརྫུན་པའི་འཛིན་པ་ནི། །དེས་ན་སྤང་པ་ཁོ་ནར་གྱིས། །གལ་ཏེ་ཁྱོད་དེ་ཁོ་ན་ཉིད་ཀྱི་བདུད་རྩི་འདི་ལ་དགའ་བར་བྱེད་ན་དེ་ལྟ་ན་ཡོད་པ་མ་ཡིན་པའི་བདག་བྱེད་པ་པོ་དང། ཟ་བ་པོ་ཉིད་དུ་རྟེན ་མེད་པར་བརྫུན་པའི་འཛིན་པ་ཡང་དག་པའི་ལྟ་བའི་བར་དུ་གཅོད་པར་བྱེད་པ་འདི་ངེས་པར་མཐོང་ཞིག་།གལ་ཏེ་ཁོ་བོ་ཅག་གི་བདག་དང་ཁྱེད་ཀྱི་བདག་མེད་པ་གཉིས་འདྲ་བར་གྱུར་ན་དེས་ཁྱེད་དང་བདག་ཅག་གི་གྲུབ་པའི་མཛའ་མཚུངས་པར་འགྱུར་རོ་ཞེ་ན ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར། དངོས་རྣམས་རང་བཞིན་སྐྱེ་མེད་ཕྱིར། །དེ་ཉིད་དུ་ན་སྐྱེ་མེད་འདོད། །ངོ་བོ་ཉིད་ཀྱིས་སྐྱེས་མེད་ཉིད། །འདི་ཡི་ངོ་བོ་ཉིད་དུ་བསྟན། །དངོས་མེད་ཉིད་ནི་བདག་མེད་པ། །དེ་ནི་བདག་མིན་དགལ་བ་ཉིད། །བདག་མེད་བདག ་ཏུ་འགྱུར་ཞེ་ན། །བ་ལང་མིན་པའང་བ་ལང་འགྱུར། །རྒྱུ་དང་རྐྱེན་དང་མཐུན་པར་སྐྱེས་པ་ཡིན་ན་ཡང། དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་པར་ཁས་བླངས་ནས་མ་སྐྱེས་པའོ་ཞེས་བརྗོད་པར་བྱའོ། །དེ་ཉིད་ནི་རང་བཞིན་མེད་པ་ཡིན་པས ་རང་བཞིན་གྱིས་མ་སྐྱེས་པ་ཉིད་དོ། །བདག་ནི་རང་བཞིན་དང་དོན་ཐ་དད་པ་མ་ཡིན་པའོ། །གང་གི་ཕྱིར་དེ་དང་བྲལ་བར་གྱུར་པ་དེ་ནི་བདག་མེད་པའོ། །བདག་མེད་པའི་ངོ་བོ་ནི་བདག་མེད་པ་ཉིད་དོ། །དེ་ནི་བདག་མེད་པ་ཡིན་པས་བདག་མ་ཡིན་ཏེ། དེ་ཅིའི ་ཕྱིར་ཞེ་ན། འགལ་བའི་ཕྱིར་ཏེ་གང་བདག་ཡིན་ན་ནི་བདག་མེད་པ་ཇི་ལྟར་ཡིན་འོན་ཏེ་བདག་མེད་པ་ཡིན་ན་ཡང་བདག་ཇི་ལྟར་ཡིན་ཏེ། ཇི་ལྟར་རྟའི་ངོ་བོ་བ་ལང་གི་ངོ་བོ་མ་ཡིན་པ་ལྟར། དེ་བཞིན་དུ་བདག་མེད་པ་འདི་བདག་ཏུ་འགྱུར་བ་མ་ཡིན་ནོ། །གང་གི ་ཕྱིར། དངོས་པོའི་ངོ་བོ་མེད་འདི་ནི། །ཇི་ལྟར་བྱེད་པོ་ཟ་བོར་རིགས། །གང་ཕྱིར་མོ་གཤམ་དག་གི་བུ། །བྱེད་པོ་ཟ་པོར་མ་ཡིན་བཞིན། །བྱེད་པ་པོ་དང། ཟ་བ་པོ་ཡང་དེ་མི་རིགས་ཏེ། རང་བཞིན་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ ་བཞིན་ནོ། །དེ་ལྟར་གྱུར་ལ་སྐྱེ་ཇི་ལྟར། །དེ་ལ་ཉམས་པར་འགྱུར་ཇི་ལྟར། །མཁའ་ལ་མེ་ཏོག་མེད་པ་ལ། །ཇི་ལྟར་སྐྱེ་འཇིག་བཏགས་པ་བཞིན། །རྣམ་པ་དེ་ལྟ་བུར་བདག་མེད་པའི་བདག་ལ་འགྲོ་པ་མ་ལུས་པ་སྐྱེ་ཞིང་འགག་པ་ཇི་ལྟར་འགྱུར། །དངོས་པོ ་མེད་པའི་ངོ་བོ་ཉིད་ནི་ཇི་ལྟར་ནམ་མཁའ་ཨི་མེ་ཏོག་བཞིན། སྐྱེ་བ་དང། འགག་པར་རིགས་པ་མ་ཡིན་ནོ། །དངོས་པོ་མེད་པའི་ཡུལ་དག་ལ། །ཇི་སྲིད་བློ་ནི་འཇུག་གྱུར་པ། །བློ་ཡིས་བཏགས་པས་སྒྲོ་བཏགས་ཕྱིར། །དེ་སྲིད་གཅིག་ལ་སོགས་པར་འདོད། །དངོས་པོ ་ཉིད་མེད་པར་གྱུར་པ་ནི་དངོས་པོ་མེད་པ་སྟེ། ཡུལ་དེ་ལ་དུས་ཇི་སྲིད་དུ་བློ་འཇུག་པར་གྱུར་པ་དེ་སྲིད་དུ་གཅིག་ལ་སོགས་པའི་རྟོག་པ་འབྱུང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གཅིག་ཉིད་མེད་དུ་ཟིན་ཀྱང་བློས་བཏགས་པས་སྒྲོ་བཏགས་ནས་གཅིག་ཅེས ་བྱ་བ་ལ་སོགས་པར་བརྗོད་པའི་ཕྱིར་རོ། །རྟོག་བཅས་རྟོག་པ་མེད་པ་ལས། །གང་ཚེ་བློ་ནི་ལོག་གྱུར་པ། །དེ་ཚེ་བློ་ནི་ཡུལ་མེད་ཕྱིར། །སྤྲོས་པ་ཉེར་ཞི་ཞི་བ་ཉིད། །ངོ་བོ་དང་བཅས་པའི་ངོ་བོ་མེད་པར་རྣམ་པར་བཏགས་པའི་རྣམ་པར་རྟོག་པ་དེ་དག་གཉི་ག་ཡང ་མེད་པའི་བདག་མེད་པ་ལ་དམིགས་པའི་རྣམ་པར་མི་རྟོག་པ་ལས་གང་གི་ཚེ་བློ་ལོག་པར་གྱུར་ཅིང། །བློའི་ཡུལ་ཐམས་ཅད་མེད་པར་གྱུར་པ་དེའི་ཚེ་དངོས་པོ་ཐམས་ཅད་ཡོངས་སུ་མ་གྲུབ་པའི་ངོ་བོ་དོན་དེ་ཁོ་ན་ཉིད་དེ། ཐམས་ཅད་དུ་གང་གིས་བརྗོད་པར་བྱ་བ ་མ་ཡིན་པས་ཉེ་བར་ཞི་བར་གྱུར་པ་ཡིན་ནོ། །དེ་བཞིན་དུ་ངག་དང་བློ་ལས་ཤིན་ཏུ་འདས་པའི་དེ་ཁོ་ན་ཉིད་ནི་དེ་ཁོ་ན་ཡིན་པར་རིགས་ཀྱིས། ཁྱོད་ཀྱིས་ཀུན་ཏུ་བཏགས་པའི་བདག་ཏུ་ལྟ་བ་ནི་མ་ཡིན་ཏེ། སྔར་བསྟན་པའི་སྐྱོན་རྣམས་ཡོད ་པར་འགྱུར་བ་དང། གཞན་ཡང་རྔན་པ་བྱིན་ནས་ཉལ་བའི་བུད་མེད་བཞིན་ནམ། བླུན་པོ་ཐ་མར་གྱུར་པ་ཞིག། བ་ལང་གི་ཤེན་པས་དབང་པོ་བཅོལ་བ་བཞིན་ནོ། །དེ་ལྟ་བས་ན། ཇི་སྐད་བསྟན་པའི་དེ་ཁོ་ན་ཉིད་ནི་གནོད་པ་མེད་པར་གནས་པ་ཡིན་ནོ། །དབུ་མའི་སྙིང ་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། །རིག་བྱེད་ཀྱི་མཛའ་རྒྱུར་སྨྲ་བའི་དེ་ཁོ་ན་ཉིད་ལ་འཇུག་བ་སྟེ་ལེའུ་བརྒྱད་པའོ།། །།དེ་ནས། ད་ནི་དཔྱོད་པ་ཅན་གྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པས་ལེའུ་དགུ་པའི་རབ་ཏུ ་བྱེད་པ་བརྩམ་པར་བྱ་སྟེ། ངོ་ཚ་མེད་པ་ཁ་ཅིག་ནི། །བྱང་གྲོལ་ལེགས་ལམ་བསམ་གཏན་དང། །ཞེས་ལ་སྐུར་འདེབས་བྱ་བ་ཙམ། །བདག་གིས་དེ་ནི་ཐོབ་པར་སེམས། རིགས་བྱེད་ཀྱི་མཛའ་སྨྲ་བ་ཉིད་ལས་གཞན་པར་དཔྱོད་པ་ཅན་ཞེས་བྱ་བས་རིག་བྱེད ་ལ་གང་སྣང་བ་ནི་རང་བྱུང་ཡིན་ཏེ། དེ་ནི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བཏགས་ནས་ཐར་པ་ཐོབ་པའི་ལམ་བཟང་པོ་གང་ཡིན་པ་དང། བསམ་གཏན་དང། ཤེས་པ་དང། གྲུབ་པའི་མཛའ་ཐམས་ཅད་ལ་འགལ་བས་སྐུར་བ་འདེབས་ཤིང་མཆོད་སྦྱིན་ལ ་སོགས་པ་བྱ་བ་འབའ་ཞིག་གིས་བྱང་གྲོལ་འཐོབ་པར་འགྱུར་རོ་སྙམ་དུ་སེམས་ཤིང་སླུས་བྱེད་པ་དང་འདྲ་བས་མཁས་པ་རྣམས་ལ་ངོ་ཚ་དང་བྲལ་བར་བྱས་ནས་བྱས་པའི་ཤུགས་བཞི་བཅུ་རྩ་བརྒྱད་ཀྱིས་བྲམ་ཟེར་བྱེད་པ་ཡིན་ནོ། །ཞེས་རྒྱས་པར་བརྗོད་དོ།། ་དེ་ལ་དང་པོ་མངལ་ཉེ་བར་བླངས་པའི་དུས་སུ་མངལ་གྱི་ཟླ་བ་དང་པོ་ལ་ཨོཾ་ཁྱབ་འཇུག་མངལ་ཡིན་ནོ། །ཏྭ་སྟས་གཟུགས་སྦྱངས་སོ། །ཚངས་པས་ས་གཅོད་པར་བྱེད་དོ། །སྐྱེ་དགུའི་བདག་བོས་ནི་མངལ་སྦེངས་བར་བྱེད་དོ། །དེ་རྣམས་ཀུན་གྱིས་མངལ་དུ་འགོད་པར ་བྱེད་ཅིང། དེ་རྣམས་ཉིད་ཀྱིས་སྐྱོང་ཞིང་འཚོ་བར་བྱེད་དོ། །དེ་རྣམས་དང་ལྷ་ཐ་སྐར་གྱིས་མངལ་རྫོགས་པར་སྟེར་བར་བྱེད་དོ། །ཟླ་བ་གཉིས་པ་དང་གསུམ་པ་ལ་ནི་སྐྱེས་བུའི་ཆ་བྱད་དུ་བྱས་པས་སོ། །ཟླ་བ་དྲུག་པ་ལ་ནི་གཙུག་ཏོར་བྱེ་བ་བྱའོ། །སྐྱེ་པའི་དུས་ན་ཆོག་བཞིན་དུ་བསྲུངས་པ་དང། སྐྱེས་མ་ཐད ་ཏུ་མང?་དང་སྦྲང་རྩི་མྱངས་པ་དང། ཉི་མ་བཅུ་པ་ལ་མིང་བཏགས་པ་དང། ཟླ་བ་བཞི་པ་ལ་ཉི་མ་བསྟན་པ་དང། དྲུག་པ་ལ་ཟས་བྱིན་པ་དང། ལོ་གཅིག་གམ་ཟླ་བ་གསུམ་ནས་གཙུག་ཕུད་བཅིངས་པ་དང། མངལ་དུ་ཞུགས་པ་ནས་བཟུང་སྟེ། ལོ་བརྒྱད་ན་སྟེ་གོན ་དུ་གནས་ཤིང་བརྟུལ་ཞུགས་ལྔ་དང་ཉེ་བར་བརྟུལ་ཞུགས་ལྔ་བླངས་པ་དང། །དེ་ལས་གཞན་པའི་བརྟུལ་ཞུགས་ལྔ་མ་ཉན་པ་དང། ། པོ་ཧི་སྠ་དང། མ་ལ་བྱ་བ་རྣམས་དང། བཟའ་བ་རྣམས་དང། བླ་མ་རྣམས་ལ་བསྙེན་བཀུར་བྱས་པ་དང། དུས་གསུམ་དུ ་འཐོར་འཐུང་བྱ་བ་དང། བཟླས་པ་དང། མཆོད་སྦྱིན་དང། ཉེར་རེག་དང། རླུང་འབྱུང་བ་དང། གཞུག་པ་དང། རིག་བྱེད་རྫོགས་པར་བཀླགས་པ་དང། བག་མ་བླངས་པ་དང། བཞི་པ་བྱས་པ་དང། སྦྱིན་སྲེག་དང། མེ་བསྲུངས་པ་དང། མེ་ལ་སྦྱིན ་སྲེག་བྱེད་པ་བསྟན་པ་དང། ཟླ་བ་གཅིག་ལོན་ནས་མཆོད་སྦྱིན་བྱས་པ་དང། བྱོལ་སོང་བཅིངས་པ་དང། ཟླ་བ་བཞི་པའི་ང་ཉི་མ་ལྡོག་པའི་དང་པོ་ལ་ཉེར་གནས་ཀྱིས་ལས་དང། བརྒྱད་པ་གསུམ་པ་བྱས་པ་སྟེ། ལོ་མ་དང། འོ་མ་དང། ཤ་དང། ་འཁུར་བས་མཆོད་སྦྱིན་བྱས་པ་ཞེས་བྱ་བ་དེ་ལྟ་བུ་བྲམ་ཟེའི་དབང་དུ་བྱས་པའི་ཤུགས་བཞི་བཅུ་རྩ་བརྒྱད་པོ་འདི་དག་དང། བསྟན་བཅོས་ལས་འབྱུང་བ་བཞིན་དུ་འབྲུ་དང། བྱོལ་སོང་དང། མར་དང། ཆུང་མ་དང་འབྲེལ་པའི་ལས་རྣམས་བྱས ་པའི་ཡོན་ཏན་གྱི་ལམ་ལས་གཞན་གྱིས་གྲོལ་བར་འཐོབ་པར་རིགས་པ་མ་ཡིན་ནོ། ཞེས་ལུང་ལས་འབྱུང་ངོ། །རིག་བྱེད་ལས་བསྟན་པའི་སོ་བ་དང། བྱོལ་སོང་དང། མར་ལ་སོགས་པས་མཆོད་སྦྱིན་བྱ་བ་དང། སྟེགས་བུའི་དཀྱིལ་དུ་ཆུང་མ་བླད་ཞིང? ་འབྲེལ་པའི་བྱ་བ་ལས་གཞན་པའི་ཐར་པ་འཐོབ་པའི་ཐབས་ནི་མེད་དོ། །ཇི་ལྟར་ཤེས་ཞེ་ན། རིག་བྱེད་ཀྱི་ལུང་གི་ལུགས་ཚད་མར་བྱེད་པ་ཡིན་ཏེ། རིག་བྱེད་ལས་ནི་དཀར་མོ་དང་འབུ་རྣམས་ཀྱིས་མཆོད་སྦྱིན་བྱས་པར་འགྱུར་རོ། །དེ་བཞིན ་དུ་གང་ལ་ལོ་གསུམ་ཐུབ་པའི་སོ་བ་ཁྱིམ་ན་སྦས་ནས་ཡོད་པའམ། དེ་བས་ལྷག་པར་ཡོད་པ་ནི་ལས་བྱེད་རྣམས་ཀྱི་འཚོ་བ་དང་བཅས་པ་ཡིན་པས་དེ་ནི་ཉི་མའི་མཆོད་སྦྱིན་བྱེད་པས་འོས་པ་ཡིན་ནོ་ཞེས་འདོན་ཏོ། །བྱོལ་སོང་བཅིངས་པ་ཡང་བསྟན་ཏེ། ་བར་གྱི་ཆུས་ལ་བབ་པ་ན། བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡིས་གཙད་མའི་ཆིག་ཡིན་ནོ། །ཉུང་ལ་བྱོལ་སོང་གསུམ་གྱིས་སོ། །རེ་རེ་ལ་ཡང་གྲོང་གི་མི། བྱོལ་སོང་བཅུ་དྲུག་བཅུ་དྲུག་སྦྱིན། །ཆོ་ག་བཞིན་དུ་མཆོད་སྡོད་གཟུགས། །བར་དུ་བཅུ ་དང་བདུན་སྦྱིན་བྱ། ཞེས་བསྟན་ཏོ། །དེ་བཞིན་དུ་དཔྱིད་ནི་ཀ་པི་འཛ་ལ་གསད་པར་བྱ་ཞིང། སོ་ག་ཀར་གསད་པར་བྱ། །དབྱར་ནི་ཏི་ཏི་རི་ཞེས་བྱ་བ་ལ་སོགས་པ་དང། སྐྱེས་བུ་ཡང་བྱོལ་སོང་ཉིད་ཡིན་ནོ་སྙམ་དུ་སེམས་ཤིང་སྨྲས་པ། བྲམ་ཟེ་ལ་ནི་བྲམ ་ཟེ་བསད། །རྒྱལ་རིགས་ཀྱི་ལ་རྒྱལ་རིགས་བསད། །མ་རུ་དག་ལ་རྗེ་རིགས་ཏེ། །དཀའ་ཐུབ་དག་ལ་དམངས་རིགས་སོ། །ཞེས་བྱ་བ་ལ་སོགས་པ་དང། ལོ་གསུམ་ལོན་པའི་མར་དག་ནི། །མཆོད་སྦྱིན་བྱ་བར་འོས་པ་ཡིན། །ཞེས་བྱ་བ་དང། དེ་ནི་རྙེད་པར་མ ་གྱུར་ན། །བ་དཀར་མར་ཀྱི་དོན་དུ་བཞོ། །ཞེས་བྱ་བ་ལ་སོགས་པ་དང། ཆུང་མ་བླངས་པའི་འབྲེལ་སྨྲས་པ། གཽ་ཏ་མ་བུད་མེད་མེ་ཉིད་ཡིན། །དེ་ཡི་ཉེར་གནས་ཐབ་ཁུང་ཡིན། །དེར་སྐྱེས་སྦུ་ན་དུ་བ་ཡིན། །དེའི་ནང་ཞུགས་པ་སོལ་བའོ། །དེ་ཡི་ཁུ་བ་མེ ་སྟག་ཡིན། །དེ་ལྟ་བུ་ཡི་མེ་འདི་ལ། །སྐྱེས་བུ་ལྷ་ཡི་ས་བོན་བསྲེག་།སྦྱིན་སྲེག་དེ་ལས་སྐྱེས་བུ་འབྱུང། །དེ་སྐྱེས་འཚོ་བར་འགྱུར་བ་ཡིན། ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ་བཀྲ་ཤིས་བྱེད་པའི་དུས་སུ། ཁྱོས་ཆུང་མ་ལ་འདི་སྐད་སྨྲ་བར ་བྱ་སྟེ། ཁྱོད་ཀྱི་ཉེར་གནས་སྦྲང་རྩིས་བྱུག་པར་བྱ། །འདི་ནི་སྐྱེ་དགུའི་བདག་པོ་ཁ་གཉིས་པ། །གང་ཕྱིར་སྐྱེས་བུ་རྣམས་ནི་འབྱུང་འགྱུར་ཕྱིར། །ཀུན་གྱིས་མཐོང་བྱ་མིན་ནོ་ལྷ་མོ་ཁྱོད་སྭཱ་ཧཱ། དེ་བཞིན་དུ་བུ་མོའི་ཉེར་གནས་སྦྲང་རྩིས་བྱུགས་ནས། དེ་ནི་ལྕེ་ཡིས་བླངས ་བར་བྱ་སྟེ། སྐྱེ་དགུའི་བདག་པོའི་ཞལ་གཉིས་པ་ཡིན་པའི་ཕྱིར་རོ། །རང་གི་ཕོ་མཚན་དབང་ཕྱུག་ཆེན་པོས་དེའི་ནང་དུ་བསྲུབས་པ་ལས་བདུད་རྩིས་འབྱུང་བར་བྱ་སྟེ། དེ་ནི་མཐོ་རིས་ཀྱི་ལམ་ཡིན་པས་སྐྱེ་དགུའི་བདག་པོའི་བྱ་བ་ཡིན་ནོ། །གང་གི་ཕྱིར་འདི་ནི་བདུད ་རྩིའི་ཆུ་ཡིན་ཏེ། འདི་ལྟ་བུ་ལས་སྐྱེས་པ་དེ་བྲམ་ཟེ་ཡིན་ན། །དེ་བྲམ་ཟེ་ཡིན་ནོ། །དེ་བྲམ་ཟེ་ཡིན་ནོ། །གང་དེ་ལྟར་མ་ཡིན་པར་སྐྱེས་པ་དེ་ནི་དམངས་རིགས་སོ། །དེ་ནི་དམངས་རིགས་སོ། །དེ་ནི་དམང་རིགས་སོ་ཞེས་བྱ་བ་དང། དེ་བཞིན་དུ་དུང་གི་མེ་ཏོག་ཅེས་བྱ་བའི་སྨན ་རྣའི་རྩེ་མོའི་བླ་ན་ཞིང། རུས་སྤལ་གྱི་མཁྲིས་པས་མོ་མཚན་གྱི་སྒོ་བཀུས་ལ། དེ་ནས་འཁྲེག་པ་སྤྱོད་པའི་མལ་དུ་ཁྲིད་ལ་གན་རྐྱལ་དུ་བསྙལ་ཏེ། བསད་པ་ལ?་སོགས་པའི་བྱ་བ་བྱའོ། །དེ་ན་ཕན་ཚུན་འཁྲིག་པའི་དུས་སུ་འདི་སྐད་སྨྲ་སྟེ། མེ་ནི་བསྲེག་བྱ ་སྟེ་འཇིགས་པས་སྐྱབས་སུ་འགྲོ་ཞིང་གསོལ་བ་འདེབས་སོ། །སྲེག་པར་བྱེད་པས་སྣ་ཚོགས་རིག་པར་བྱེད་པའི་མཆོད་སྦྱིན་འདི་ནི་མཛེས་པར་བྱས་སོ་ཞེས་བྱ་བ་སྟེ། རྩེ་མོ་ཁྱེར་བར་བྱེད་པས་མ་འམ་།ཕུང་ལ་སྤྱོད་པ་ཡིན་པས་མེའོ། །སྐྱབས་སུ་འགྲོ་ཞིང་གསོལ ་བ་འདེབས་པ་ནི་ལེགས་པའི་དོན་དུ་ལྷའི་དྲང་སྲོང་ལའོ། །མི་རྣམས་ནི་རིགས་པར་བྱེད་པ་མེ་ལ་མཆོད་པར་བྱེད་པ་ཡིན་ལ་མེ་ནི་སྲེག་པར་བྱ་བ་ཡིན་ཏེ། ལོ་སྟོང་གི་བར་དུ་ཀྭ་དུའི་མཆོད་སྦྱིན་བྱས་པ་ཡང་བསྡུས་པ་ཡིན་ནོ། །སྲེག་པར་བྱེད་པས་ན་སྲེག་པར ་བྱེད་པའོ། །སྣ་ཚོགས་དེ་ནི་དགེ་བའོ། །རྣམ་པར་རིག་ཅིང་ཤེས་པའི་ཕྱིར་ཐམས་ཅད་ཀུན་ཏུ་རིག་པ་འབྱུང་བར་འགྱུར་བས་སྣ་ཚོགས་རིག་པར་བྱེད་དོ། །དེ་ནི་སྣ་ཚོགས་རེག་པར་བྱེད་པ་སྟེ་།སྲེག་པར་བྱེད་པའི་མེ་ཡིན་ལ་དེ་ལ་སྐྱབས་སུ་འགྲོ་བར་བྱ་བའོ། །ཅིའི་ཕྱིར ་ཞེ་ན། མཆོད་སྦྱིན་འདི་ནི་མཆོད་སྦྱིན་རྣམ་པ་ཉི་ཤུ་རྩ་གཅིག་གི་དོན་དུའོ། །དེ་ལ་སྨིན་པའི་མིང་ཅན་ནི་བདུན་ཏེ། དེ་ཡང་ཕྱི་དྲོ་ཐ་མ་དང། སྔ་དྲོ་དང་པོ་ལ་སྦྱིན་བསྲེག་བྱ་བ་དང། ཕྱི་དྲོ་ཐ་མ་དང་སྔ་གྲོ་དང་པོ་ལ་གཏོར་མ་བཏང་བ་དང། ་སྣོད་ཀྱི་ནང་དུ་བཅོ་བ་དང། བརྒྱད་པ་ལ་གནོད་པ་དང་སྲེག་རྫས་བདུན་མཆོད་སྦྱིན་གྱི་དུས་སུ་བཞག་པ་དང། མེ་ལ་སོགས་པ་གང་མེར་བསྲེག་པར་བྱ་བ་རྣམས་དང། ཉི་ཤུའི་དུས་སུ་མཆོད་སྦྱིན་དང། ཟླ་བ་བཞི་པ་འདས་པའི་དུས་ཀྱི་ཉི་མ་ལྡོག་པའི་དུས་ཀྱི ་བྱ་བ་དང། བྱོལ་སོང་བཅིང་བའི་བར་དང། སྐུད་པ་ལ་བརྒྱས་པའི་ནོར་བུ་དང། ཟླ་བ་ལ་གནས་པ་བདུན་དང། མེ་ལ་བསྲེག་པར་བྱ་བ་དང། མེ་ལ་བསྲེགས་པ་ལས་ལྡང་བ་དང། འབའ་ཙ་དཔེ་ལ་དགོས་པ་བཅུ་དྲུག་དང། ནུབ་མོའི་ཐུན་གསུཾ་ཀྱི་བྱ? ་བཞེS་བྱ་བ་མཆོད་སྦྱིན་རྣམ་པ་ཉི་ཤུ་རྩ་གཅིག་པ་འདིའི་དོན་དུའོ། །མཛེས་པར་བྱེད་པ་ཞེས་བྱ་བ་ལ་མཛེས་པ་ནི་བསྔགས་པར་བྱ་བ་སྟེ། མཛེས་པར་བྱེད་པའོ། །ཀྲ་དུང་གི་བྱེད་པ་པོ་ནི་མེའི་ལྷ་ཡིན་པས་དེའི་བདག་པོ་ལ་སྐྱབས་སུ་འགྲོ་བར་བྱ་བ་ཡིན་པས ་མཆོད་སྦྱིན་འདི་ནི་ལེགས་བྱའི་ཕྱིར་ཞེས་བྱ་བའོ། །ཡང་དེ་བཞིན་དུ་སྨྲས་པར་ནི་བཞིའོ། །འདིའི་རྐང་པ་ནི་གསུམ་མོ། །མགོ་བོ་ནི་གཉིས་སོ། །ལག་པ་ནི་བདུན་ནོ། །དེ་འདིར་གསུམ་ནས་བཅིངས་ལ་ཁྱུ་མཆོག་འདི་ནི་ད་རོ་འདོན་ཏོ་ཞེས་བྱ་བ་སྟེ། རྭ ་བཞིའི་ནི་རིག་བྱེད་བཞི་སྟེ། སྙན་དངགས་དང། མཆོད་སྦྱིན་དང། སྲིད་བསྲུང་དང། ངེས་བརྗོད་ཅེས་བྱའོ། །དེ་ལ་རྭ་དང་པོ་ལ་ཞུགས་པ་ནི་འདི་ལྟར་སྙན་དངགས་མང་པོས་མེ་ལ་བསྟོད་པ་དང་པོར་མཆོད་སྦྱིན་ལ་ཕན་ནོ། །ལྷའི་ནང་ན་མཆོག་ཏུ ་གྱུར་པ་བསྲེག་སྦྱིན་གྱི་གནས་རིན་པོ་ཆེའི་སྦྱིན་པར་བྱེད་པའོ། ཞེས་བྱ་བ་ལ་སོགས་པ་སྟེ། གསུང་རབ་འདི་དག་གི་བྱེད་པ་པོ་ནི་ལོ་མ་ཅན་དང་ཤིང་ཤུན་ཅན་ལ་སོགས་པ་ཡིན་ནོ། །དེ་བཞིན་དུ་མཆོད་སྦྱིན་གྱི་རིག་བྱེད་རྣམས་ལ་མངོན་པར ་ཞུགས་པ་ནི་གཙོ་བོ་ཉིད་དུ་འགྱུར་བའི་ལས་ཏེ། དེ་ནི་འདི་སྐད་དུ་མཆོད་སྦྱིན་ལ་ཁྱོད་འདོད་དོ། །ཁྱོད་འཕེལ་བར་བྱའོ། །འབྱུང་བ་ལ་གནས་ཤིང་འཇུག་པ་པོ་ལ་གནས་པའི་རིག་བྱེད་ཀྱིས་ཁྱོད་ཀྱི་ཉི་མ་འཐོབ་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། ཛམྦྷི་ལ ་དང་ཀན་ན་དང། ཉི་མ་ཕྱེད་པ་དང། ཀ་ཋ་དང་ཀ་ལ་པ་དང་ཏི་ཏི་རི་ལ་སོགས་པ་གསུང་རབ་འདིའི་བྱེད་པ་པོ་ཡིན་ནོ། །མཆོད་སྦྱིན་འདུས་བྱས་པའི་རྒྱུ་མཚན་གྱི་རྭ་གསུམ་པ་ལ་མངོན་པར་འཇུག་པར་བྱེད་པ་ནི་སྡེབ་སྦྱོར་གླུར་ལེན་པ་སྟེ། རིམས་ལ་སོགས ་པ་མེད་བྱའི་ཕྱིར་མེ་ཚུར་སྤྱོན་སྲེག་རྫས་རྣམས་བྱིན་པ་གསོལ་ཅིག། སྲེག་པར་བྱེད་པའི་འདོད་པ་རྣམས་སྒྲུབ་པའི་ཕྱིར་རོ། ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་ལས་ལ་དང་སདྡཡ་ཡ་ནི་དང་ཀོ་ཐུ་མ་དང། ན་ར་ཡ་ནི་ལ་སོགས་པ་གསུང་རབ་འདིའི ་བྱེད་པ་པོ་ཡིན་ནོ། །ལས་བསྒྲུབ་པར་བྱ་བའི་ཕྱིར་རོ་བཞི་པ་ལ་མངོན་པར་འཇུག་པར་བྱེད་དོ། །ངེས་བརྗོད་ཀྱི་མཁན་པོ་ན་རེ་ལྷ་མོ་མཛེས་མ་བདག་ལ་མངོན་པར་བརྩེ་བར་གྱིས། ཆུའི་ལྷ་ཡིས་འཇིགས་པ་མེད་པར་གྱིས། །བདག་གི་ཕུན་སུམ་ཚོགས་པ་རབ ་ཏུ་སྒྲུབས?་ཞེས་བྱ་བ་ལ་སོགས་པའོ། །དེ་རྣམས་ཀྱི་མེའི་ལས་ཞི་བར་བྱེད་པ་དང། རྒྱས་པར་བྱེད་པ་དང། མངོན་སྤྱོད་ལ་སོགས་པའི་ལས་རྣམས་ནི་གཅིག་ཡིན་ནོ། །འདིའི་རྐང་པ་གསུམ་ནི་དུས་གསུམ་ཡིན་ཏེ། དེ་ལ་ནོར་ལྷ་ནི་བརྒྱད་དེ་ཡི་གེ་བརྒྱད་དེ་ཡི་གེ་བརྒྱད ་གླུར་ལེན་པར་བྱེད་པའི་དབྱངས་ཀྱིས་ཐོ་རངས་དུས་སུ་ཐོད་པ་བརྒྱད་དུ་ཁུར་བ་བརྒྱད་བརྒྱད་བཞག་པ་དང། མཆོད་པ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། དྲག་པོ་ནི་བཅུ་གཅིག་སྟེ་ཡི་གེ་བཅུ་གཅིག་པའི་གསུམ་སྔགས་ཀྱི་སྡེབ་སྦྱོར་དང། གསུམ་སྔགས་ཀྱི་དབྱངས་དང། ་ཐོད་པ་བཅུ་གཅིག་གིས་ཉིན་ཕྱེད་ཀྱི་དུས་སུ་མཆོད་དོ། །ཉི་མ་བཅུ་གཉིས་ཏེ་ཛ?་ག་ཏི་ཞེས་བྱ་བའི་སྡེབ་སྦྱོར་ཡི་གེ་བཅུ་གཉིས་པའི་ཛ་ག་ཏའི་དབྱངས་དང། ཐོད་པ་བཅུ་གཉིས་དང་བཅས་པས་ཐུན་གསུམ་པའི་དུས་སུ་མཆོད་དོ། །ཡང་ན་སྦྱིན་བསྲེག་བྱས་པའི ་མེའམ། གྲོང་བའི་མེ་འམ། ལྷོ་ཕྱོགས་ཀྱི་མེ་ནི་རྐང་པ་གསུམ་ཞེས་བྱའོ། །མགོ་བོ་གཉིས་ནི་མཆོད་སྦྱིན་བྱེད་པ་དང་དེའི་ཆུང་མའོ། །མཆོད་སྦྱིན་མེད་པ་ནི་གང་ཆུང་མ་མེད་པའོ། །རྫའུ་རིགས་ཀྱི་བྱ་བ་བཅུ་དྲུག་ནི་མེ་དང་ཟླ་བ་ལ་ཡིན་ལ། ་དེའི་ཆུང་མས་ཀྱང་དེའི་རྗེས་ལ་སྦྱིན་པར་བྱའོ། །ཡང་ན་མགོ་བོ་གཉིས་ནི་ཡི་གེ་ཨོཾ་དང་དབྱངས་གྱི་སྡེབ་སྦྱོར་ཞེས་བྱའོ། །ལག་པ་བདུན་གྱི་སྡེབ་སྦྱོར་བདུན་ཏེ། དེ་ལ་ཡི་གེ་དྲུག་པའི་དབྱངས་ཀྱི་སྡེབ་སྦྱོར་ནི་དུས་དྲུག་གོ། །ུ་སྣིག?་ཞེས་བྱ་བའི་སྡེབ་སྦྱོར་ཡི་གེ་བདུན ་བ་ནི་དྲང་སྲོང་བདུན་ཡིན་ནོ། །ཡི་གེ་བརྒྱད་པ་ནི་རྗེས་སུ་སྔགས་པ་ཞེས་བྱ་བའི་སྡེབ་སྦྱོར་ཏེ་ནོར་ལྷ་བརྒྱད་ཡིན་ནོ། །ཡི་གེ་དགུ་པའི་སྡེབ་སྦྱོར་བྲི་ཧ་ཏི་ཞེས་བྱ་བའི་ནི་གཟའ་དགུ་ཡིན་ནོ། །ཡི་གེ་བཅུ་པའི་སྡེབ་སྦྱོར་ཕྲེང་བ་ཞེས་བྱ་བ་ནི་ཕྱོགས་བཅུ་ཡིན་ནོ། །ཡི ་གེ་བཅུ་གཅིག་པའི་སྡེབ་སྦྱོར་གསུམ་སྔགས་ཞེས་བྱ་བ་ནི་དྲག་པོ་བཅུ་གཅིག་ཡིན་ནོ། །ཡི་གེ་བཅུ་གཉིས་པའི་སྡེབ་སྦྱོར་ཛ་ག་ཏི་ཞེས་བྱ་བ་ནི་ཉི་མ་བཅུ་གཉིས་ཡིན་ཏེ། དེ་དག་ནི་རིག་བྱེད་ཀྱི་ལག་པའོ། །གསུམ་ནས་བཅིངས་ཞེས་བྱ་བ་ནི། སྙིང་ག ་དང་།མགྲིན་པ་དང། མགོ་བོ་ནས་ཏེ། གང་ཁྱུ་མཆོག་ཡི་གེ་ཨོཾ་འདིའོ། །འཇིག་རྟེན་པ་རྣམས་ཀྱི་མཆོག་ཡིན་པས་ཁྱུ་མཆོག་གོ་།ང་རོ་འདོན་ཞེས་བྱ་བ་ནི་ནང་དུ་སྒྲ་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཆེན་པོ་ཞེས་བྱ་བ་ནི་ཁྱབ་འཇུག་དང་བདེ་བྱེད་དང། ་ཚངས་པ་ལ་སོགས་པ་རྣམས་ནི་དབང་ཕྱུག་ཡིན་ལ། དེ་དག་པས་ཀྱང་ལྷག་པར་གྱུར་པས་མཆོག?་པོའོ། །གཙོ་བོར་གྱུར་པ་དང་མངའ་བདག་ཏུ་གྱུར་པས་ལྷ་ཆེན་པོའོ། །འཇིག་རྟེན་འདིའི་འཆི་བར་འགྱུར་རོ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་ནས ་གནས་པའི་མཐར་ཐུག་པ་སྟེ། དེ་ནི་ཐམས་ཅད་ལ་ཁྱབ་ན་གནས་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་བུའི་རིག་བྱེད་ལས་བསྟན་པའི་འབྲུ་དང་བྱོལ་སོང་དང། མར་དང་ཆུང་མ་དང་འབྲེལ་བའི་བྱ་བ་དག་གིས་འབྲས་བུ་ནི་འཆི་བ་ལས་ཐར་པ་དང། སྡིག་པ ་ལས་ཐར་པ་དང། བྲམ་ཟེ་བསད་པ་ལས་ཐར་པ་སྟེ། གང་རྟ་ཡི་དག་པའི་མཆོད་སྦྱིན་བྱས་པའོ། །དེ་ལས་གཞན་པ་བྱོལ་སོང་བཅིངས་པ་ལ་སོགས་པས་ནི་འཇིག་རྟེན་མངོན་པར་རྒྱལ་བར་འགྱུར་བའོ། །དེ་ལས་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་གི་མཆོད་སྤྱི? ་བྱའོ་ཞེས་འབྱུང་སྟེ་།མེ་ལ་སྦྱིན་སྲེག་ཅེས་སྨོས་པས་ནི་འབྲུ་དང་མར་གྱིས་མཆོད་པ་དང། ཆུང་མ་དང་འབྲེལ་བའི་བྱ་བ་བསྟན་པ་ཡིན་ནོ། །བྱོལ་སོང་བཅིངས་པས་ནི་སྐྱེས་བུས་དག་པ་དང། རྟ་ཡིས་དག་པ་དང། བ་ལང་གི་ཆ་བྱད་དང། མེ་ལ་མཆོད་པ་དང། ་རྒྱལ་པོས་འོས་པ་དང། རླུང་ཟ་བ་དང། པདྨ་དཀར་པོ་ལ་སོགས་པའི་མཆོད་སྦྱིན་བྱ་བར་བསྟན་པ་ཡིན་ནོ། །གཞན་ཡང་དིར་སྨྲས་པ། མེ་ཁྱོད་ཀྱི་ཟས་ནི་བདུན་ནོ། །ལྕེ་ནི་བདུན་ནོ། །དྲང་སྲོང་ནི་བདུན་ནོ། །ཁྱིམ་ནི་བདུན་ནོ། །ཉིན་ཞག་བདུན་དུ་ལན་བདུན་དུ་ཁྱོད་མཆོད་དོ།། ་སྐྱེ་གནས་བདུན་དུ་ཁྱོད་མར་གྱིས་ཚིམ་པར་བྱའོ་སྭཱཧཱ། ཞེས་བྱ་བ་སྟེ། མེ་ཁྱོད་ཀྱི་ཟས་ནི་བདུན་ནོ་ཞེས་བྱ་བ་ནི་བིལ་བ་དང། བ་ལ་ཤ་དང། ཨ་ཤྭད་ཐ་དང། ཨུ་དུམ་ཝ་ར་དང། ཨརྐ་དང། ཤ་མི་དང། སེང་ལྡེང་ཞེས་བྱ་བ་སྲེག་རྫས་བདུན་བསྟན ་པའོ། །ལྕེ་བདུན་ཞེས་བྱ་བ་ནི་སྡེབ་སྦྱོར་བདུན་ཏེ། ག་ཡ་ཏྲི་དང། ཨ་ཤིག་ན་དང། ཨ་ནུ་ཤཐུ་དང། བྲི་ཧི་ཏ་དང། སངྒ་ཏི་དང། ཏྲི་ཤཱུ་བ་དང། ཇ་ག་ཏི་ཞེས་བྱ་བའོ། །དྲང་སྲོང་བདུན་ནི་དབང་པོ་དང། གསལ་བ་དང། སྡེ་ཅན་དང། བདེན་ལྡན་མ་དང། གསེར་ཅན ་དང་།ཕྱོགས་ཅན་དང། ཀ་ཤུ་ན་དང། ས་ལ་ག་ཞེས་བྱ་བའོ། །ཡང་ན་བྲི་ཀུ་དང་།ཾ་གི་ས་ར་དང། པུ་ལ་སྟྱ?་དང་པུ་ལ་ཧ་ཞེས་བྱ་བ་ལ་སོགས་པའོ། །ཉིན་ཞག་བདུན་ཞེས་བྱ་བ་ནི་ཨང་དྷ་རྫུ་དང། སྦྱིན་སྲེག་དང། མེ་བསྟན་པ་དང། བྱམས ་པ་རླུང་ལྷ་དང། མཉམ་སྒྲོལ་དང། ཚངས་བ་དང། མཐོང་སྟོན་ཞེས་བྱ་བའོ། །ལན་བདུན་དུ་ཁྱོད་མཆོད་པར་བྱའོ། ཞེས་བྱ་བའི་ཕྱི་དྲེ་དང་སྔ་དྲོ་སྦྱིན་བསྲེག་བྱ་བ་དང། སྣོད་ཀྱི་ནང་དུ་བཅོ་བ་དང། འདོད་པ་བརྒྱད་དང། དབང་དུ་བྱེད་པ་ཞེས་བྱ་བས ་ལན་བདུན་དུ་མཆོད་པའོ། །སྐྱེས་གནས་བདུན་ནི། ས་དང། རྡོ་དང། ཤིང་དང། ལྕགས་དང། བླུགས་གཟར་དང། ཆུ་དང་པདྨའི་འདབ་མ་ཞེས་བྱ་བའོ། །ཁྱོད་མར་གྱིས་ཚིམ་པར་བྱའོ། །ཞེས་བྱ་བ་ལ་མར་ཞེས་བྱ་བའི་ཆུ་སྟེ། མཆོད་སྦྱིན་གྱི་མེ ་ལ་ཆུ་དང་རེག་པར་བྱེད་པ་སྟེ། བདེན་པས་ཁྱོད་ལ་དབང་བསྐུར་བའོ། །རོ་རྣམས་ཀྱིས་ཁྱོད་ལ་བླུགས་སོ་ཞེས་བྱ་བ་ནི་སྐྱེ་གནས་བདུན་དུ་ཁྱོད་མར་གྱིས་ཚིམ་པར་བྱའོ་ཞེས་རིག་བྱེད་ཀྱི་ལུང་ལས་རབ་ཏུ་གྲགས་སོ། །དེ་ཡང་ཇི་ལྟར་བསངས་སོགས་བྱས་ནས་དུར་ཁྲོད ་པར། །སྔགས་ལས་བསྟན་པའི་ཆོ་ག་ཅན། །ད་ནི་བསྟན་བཅོས་འདིར་དབང་བར། །ཤེས་པར་བྱ་ཡི་གཞན་འགའ་ཨང་མིན། ཞེས་བསྟན་པས་གང་གྲངས་ཅན་པ་དང། བྱེ་བྲག་པ་དང་།གཅེར་པུ་པ་དང། མེད་པར་སྨྲ་བ་པ་དང། སངས་རྒྱས་པ་ལ་སོགས ་པ་རྣམས་ཀྱི་སེར་སྐྱ་དང། གཟེགས་ཟན་དང། གཅེར་པུ་དང། འཇིག་རྟེན་འདི་པ་དང། སངས་རྒྱས་ལ་སོགས་པ་རྣམས་ནི་ཚང་མར་གྱུར་པའི་སྐྱེས་བུ་ཉིད་ཡིན་ནོ་ཞེས་བསྟན་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར། ཆགས་སོགས་སྐྱོན་གྱིས་ཉམས ་པའི་ཕྱིར། །སྐྱེས་བུའི་ཚིག་ནི་བརྫུན་ཉིད་ཡིན། །རིག་བྱེད་སྐྱེས་བུས་མ་བྱས་ཕྱིར། །དེས་ན་ཚད་མར་བཟུང་བར་བྱ། །སྐྱེས་བུ་རྣམས་ནི་འདོད་ཆགས་ལ་སོགས་པ་དག་དང། མ་རིག་པའི་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར། དོན་གཞན་དུ་རྣམ་པར་གནS ་ལ་གཞན་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་ཆུ་ཀླུང་འདིའི་འགྲམ་ན་འབྲས་བུ་གནས་སོ་ཞེས་བྱ་བ་ནི་བརྒྱ་ལ་མི་བདེན་པར་ཡང་འགྱུར་ལ་བརྒྱ་ལ་ནི་མི་བདེན་པར་ཡང་འགྱུར་རོ་ཞེས་བྱ་བའི་ལུང་བཞིན་ནོ། །གལ་ཏེ་སྐྱེས་བུའི་ཚིག་ཚད་མ་མ་ཡིན ་ན། ཚད་མར་གྱུར་པ་གང་ཞིག་ཡིན་ཞེ་ན། རང་བྱུང་བའི་རིག་བྱེད་ཚད་མར་གྱུར་པ་ཡིན་ཏེ་།སྐྱེས་བུས་མ་བྱས་པའི་ཕྱིར་རོ། །འདི་སྐྱེས་བུས་མ་བྱས་པ་ཉིད་ཇི་ལྟ་བུ་ཡིན་ཞེ་ན་།བྱེད་པ་པོ་མི་དྲན་པར་འདོད་ཕྱིར། །རིག་བྱེད་སྐྱེས་བུས་མ་བྱས་ལ། ། ་བརྒྱུད་ནས་འོངས་པ་མ་ཆད་ཕྱིར། །དེས་ན་ལུང་ཡིན་དེ་མེད་ན། །མ་ནུ་དང་ཛ་ག་ཉ་པ་ལ་ཀ་ལ་དད་བྱ་ས་དང། ཨ་ཤཐ་ལ་སོགས་པའི་ཐུབ་པ་རྣམས་ཀྱིས་ཀྱང་རིག་བྱེད་རྗེས་སུ་བསྟན་པ་ཡིན་གྱི་བྱས་པ་ནི་མ་ཡིན་ཏེ། རིག་བྱེད་ཀྱི་ཡི་གེ་དང་ལུགས་མཐར་གྱིས་ཐུབ་པ་ཕྱི ་མའི་རྒྱུད་ལ། རྗེས་སུ་བསྒྲུབས་ཤིང་།བརྒྱུད་ནས་འོངས་པ་རྒྱུན་མ་ཆད་པར་བྱུང་བ་ཡིན་པའི་ཕྱིར་ལུང་ཞེས་བྱ་བར་བསྟན་པ་ཡིན་ནོ། །དེ་འདས་ཤིང་མེད་པར་གྱུར་པ་ནི་མེད་པ་སྟེ། རིག་བྱེད་ཅེས་བྱ་བའི་ལུང་དེ་ལྐོག་ཏུ་གྱུར་པ་ཡིན་ན་ཡང་མཐོ་རིས་ནི་ཡོད་དོ། ། ་ཐར་པ་ནི་ཡོད་དོ་ཞེས་ལུང་ལས་རྣམ་པར་ཤེས་སོ། །སྔོན་མེད་པའི་ཆོས་ཀྱང་རྟགས་དང་འབྲེལ་པ་མེད་པའི་ཕྱིར་དང། དབང་པོའི་ཡུལ་ལས་འདས་པ་ཡིན་པའི་ཕྱིར་མཐོང་བར་གྱུར་པ་མ་ཡིན་ན་ཡང། རིག་བྱེད་ཀྱི་ལུང་ཉིད་ཀྱིས་ཆོས་ནི་ཡོད་དོ་ཞེས་རྣམ་པར ་ཤེས་པར་བྱ་བ་ཡིན་གྱི། རིག་བྱེད་ལས་གཞན་དུ་ནི་དམིགས་པར་མི་འགྱུར་རོ། །དེའི་ཕྱིར་རིག་བྱེད་ཁོ་ན་ཚད་མ་ཡིན་ནོ། །གང་སངས་རྒྱས་པ་དང་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱིས་སྒྲ་ནི་མི་རྟག་པ་ཉིད་དོ་ཞེས་བསྟན་པ་དེ་ནི་ཡོངས་སུ་མི་ཤེས་པ་ཉིད་ཡིན་ཏེ། ་གང་གི་ཕྱིར་སྒྲ་རྟག་དབྱངས་ཀྱིས་གསལ་བར་བྱེད། །དོན་དང་འབྲེལ་པ་རྟག་པ་ཉིད། །དོན་ལ་རྟོགས་པ་དང་ལྡན་ལ། །རྟོགས་པ་རབ་ཏུ་སྐྱེ་བར་འགྱུར། །སྒྲ་ནི་རབ་ཏུ་སྐྱེ་བར་འགྱུར། །སྒ?་ནི་རྟག་ཏུ་གནས་ཡིན་ལ། །དེ་ཡང་གནས་དང་བྱེད་པ་དང། །འབད་པ ་ལས་ཡང་དག་པར་འབྱུང་བའི་དབྱངས་ཀྱི་གསལ་བར་བྱེད་པ་ཡིན་གྱི་བྱས་པ་ནི་མ་ཡིན་ཏེ། ཇི་ལྟར་སྒྲ་ནི་བརྗོད་མ་ཐག་ཏུ་ཉམས་པར་འགྱུར་བ་ཡིན་ན་ཡང། །དེ་ལྟ་ན་ཡང་གང་དོན་དང་ནི་དུས་ཐམས་ཅད་དུ་མངོན་པར་འབྱོར་པ་ཡིན་པས་དེ་རྟག་པ་ཉིད ་ཆིན?་ཏེ། ཇི་ལྟར་བ་ལང་ཞེས་བྱ་བའི་སྒྲ་ནི་ནོག་དང། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་དོན་དང་རྟག་ཏུ་འབྲལ་པ་ཡིན་ཏེ། གང་ལ་དོན་དུ་ངེས་པར་གཟུང་བར་བྱ་བ་དེ་ནི་སྒྲ་ཉིད་ལས་དོན་དུ་ངེས་པར་འཛིན་པ་འབྱུང་བར་འགྱུར་གྱི་སྒྲ་མེད་པར་ནི་མ་ཡིན་ནོ།། ་དེའི་ཕྱིར་ན་སྒྲ་ནི་རྟག་པ་ཡིན་ནོ། །དེའི་ཕྱིར་ན་རིགས་པ་ཉིད་དང་ཚད་མས་ཀྱང་ཡིན་ཏེ། ལན་ཅིག་འཇུག་ཕྱིར་གོམས་པའི་ཕྱིར། །ཕྱིས་ཀྱང་ཤེས་ཕྱིར་དེ་བཞིན་དུ། །མཉན་བྱ་ཡིན་ཕྱིར་སྒྲ་ཉིད་བཞིན། །སྒྲ་ནི་རྟག་པར་ཤེས་པར་བྱ། །ལྐོག ་ཤལ་དང་རྔ་མ་དང་ནོག་དང་རྨིག་པ་དང། རྭ་དང་ལྡན་པའི་རིལ་པོ་ལ་ལན་ཅིག་པ་ལང་ཞེས་བརྗོད་པ་ན་ཡིད་ཆེས་པ་སྐྱེ་བར་འགྱུར་བ་ཡིན་གྱི་བརྗོད་པ་གཉིས་པ་ལ་བལྟོས་པ་མ་ཡིན་པའི་ཕྱིར་དང། གང་གི་ཕྱིར་རིག་བྱེད་ལ་སོགས་པ་ཡང་དང་ཡང་དུ ་གོམས་པར་བྱས་ཤིང། འདྲིས་པར་བྱས་པ་ལས་བརྗེད་པ་མེད་པ་འབྱོར་པས་དོན་དང་བཅས་པར་རྟག་ཏུ་སེམས་ལ་གནས་པའི་ཕྱིར་དང། སྔོན་མིང་དང་འབྲེལ་པར་ཡོངས་སུ་ཤེས་པ་དེ་ཡང་ཕྲད་ཅིང་མཐོང་བར་གྱུར་པ་ན། ལྷས་བྱིན་དེ་ཉིད་འདི ་ཡིན་ནོ་ཞེས་ཤེས་པ་འབྱུང་བའི་ཕྱིར་དང། རྟག་ཏུ་རྣ་བའི་དབང་པོས་གཟུང་བར་བྱ་བ་ཡིན་གྱི། དབང་པོ་གཞན་གྱིས་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་ཏེ། དེ་ལ་སྒྲ་ནི་ཆོས་ཅན་ནོ། །རྟག་པ་ཉིད་ནི་དེའི་ཆོས་སོ། །ཆོས་དང་ཆོས་ཅན་བསྡོམས ་པ་ནི་ཕྱོགས་སོ། །ལན་ཅིག་གིས་འཇུག་པ་དང་གོམས་པ་དང། ཡང་ཤེས་པ་འབྱུང་བ་དང། མཉན་པར་བྱ་བ་ཉིད་ཅེས་བྱ་བ་བཞི་ནི་གཏན་ཚིགས་སོ། །སྒྲ་ཉིད་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ། ཇི་ལྟར་ཐ་དད་དུ་ཆད་ཅིང་གནས་པའི་བ་ལང་སྔོན ་པོ་དང། སོ་སོར་ལ་སོགས་པར་དབྱེ་བ་ཡིད་ཀྱང་བ་ལང་ཉིད་ཅེས་བྱ་བ་ནི་རྫས་ཐམས་ཅད་ལ་ཐུན་མོང་དུ་ཞུགས་པར་གྱུར་པ་ཡིན་ལ། བ་ལང་གི་རྫས་ནི་ཐ་དད་དུ་ཡོད་པ་དེ་བཞིན་དུ་སྒྲ་ཉིད་ཅེས་བྱ་བ་ཡང་རྟོག་པ་ཉིད་ཡིན་ལ། རྟག ་ཏུ་སྒྲ་དང་འབྲེལ་པ་ཡིན་པས་དེ་བཞིན་དུ་སྒྲ་ཡང་རྟག་པ་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་འདི་ལྟ་བུ་རིག་བྱེད་ཀྱི་ལུང་ཉིད་ལས་ཤེས་པར་བྱའོ། །གང་ཡང་སངས་རྒྱས་པས་ལུང་གིས་རྗེས་སུ་དཔག་པའི་ཁོངས་སུ་གཏོགས་སོ་ཞེས་བཏགས་པ་དེ ་དེ་ནི་བདེན་པ་མ་ཡིན་ཏེ། གང་གི་ཕྱིར། །མངོན་སུམ་རྗེས་སུ་དཔག་པ་དང། །སྒྲ་ལས་བྱུང་དང་ཉེར་འཇལ་བཅས། །དོན་གྱིས་གོ་དང་དངོས་མེད་པའི། །གཏན་ཚིགས་སྒྲུབ་བྱ་སྒྲུབ་པར་བྱེད། །ཅེས་བྱ་བ་དང། འདི་སྐད་ཀྱང་སྨྲ་བར་ནུས་ཏེ། འདི་ནི་རྗེས་དཔག་ལས་ཐ ་དང། །ཚད་མ་ཡིན་ཕྱིར་གཞན་དེ་བཞིན། །ཡང་ན་གཅིག་དང་དུ་མའི་ཡུལ། །རྟོགས་པར་གྱུར་པ་ཇི་བཞིན་ནོ། །ལུང་ནི་རྗེས་སུ་དཔག་པ་ལས་གཞན་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་མངོན་སུམ་གྱི་ཚད་མ་བཞིན་ནོ། །ཡང་ན་མངོན་སུམ་ནི་དངོས་པོའི་རང་གི་མཚན ་ཉིད་ལ་དམིགས་པའི་ཕྱིར་ཡུལ་གཅིག་གི་དོན་རྟོགས་པ་ཡིན་ལ། རྗེས་སུ་དཔག་པ་ནི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཡུལ་དུ་མའི་དོན་རྟོགས་པ་ཡིན་པ་དེ་བཞིན་དུ་ལུང་ཡང་ཐར་པ་ཞེས་བྱ་བ་གཅིག་གི་དོན་དང་།མཐོ་རིས་ལ་སོགས་པ་དུ་མའི ་དོན་ཡང་རྟོགས་པར་འགྱུར་བ་ཡིན་པས་དེའི་ཕྱིར། ལུང་ནི་རྗེས་སུ་དཔག་པ་ལས་དོན་གཞན་དུ་གྱུར་པ་ཡིན་ཏེ། མངོན་སུམ་བཞིན་དུ་ཡུལ་གཅིག་གི་དོན་རྟོགས་པ་ཡང་ཡིན་ལ་།རྗེས་སུ་དཔག་པ་བཞིན་དུ་ཡུལ་དུ་མའི་དོན་རྟོགས་པ་ཡང་ཡིན་ནོ།། ་གཞན་ཡང། རྟགས་པ་དང་འབྲེལ་པ་མ་མཐོང་བའི། །དངོས་དོན་བློ་ཡི་རྒྱུ་ཕྱིར་རམ། ཡང་ན་ཐ་དད་བློ་བསྐྱེད་པའི། །རྒྱུར་གྱུར་པ་ཉིད་ཡིན་ཕྱིར་རོ། །མ་མཐོང་བ་ཡང་དེ་ཡིན་ལ། །རྟགས་ཀྱང་དེ་ཡིན་རྟགས་མ་མཐོང་བའོ། །དེ་དང་འབྲེལ་པ་གང་ལ་མཐོང་བ་དེ ་ནི་རྟགས་དང་འབྲེལ་པ་མ་མཐོང་བ་སྟེ། གང་གི་ཞེ་ན་།མཐོ་རིས་ལ་སོགས་པའི་དངོས་པོའི་དོན་གྱིའོ། །གང་ལ་རྟགས་དང་འབྲེལ་བའི་དངོས་པོའི་དོན་མ་མཐོང་བའི་བློ་ཡོད་པ་དེ་ནི་རྟགས་དང་འབྲེལ་པའི་དངོས་པོའི་དོན་མ་མཐོང་བའི་བློ་ཅན་ནོ། །དེའི་རྒྱུའི ་ངོ་བོར་གྱུར་པ་ཡིན་པའི་ཕྱིར། རྟགས་དང་འབྲེལ་པ་མ་མཐོང་བའི། །དངོས་དོན་བློའི་རྒྱུ་ཕྱིར་རོ་ཞེས་བྱ་བའོ། །བློ་གང་ལ་ཐ་དད་པའི་སྤྱོད་ཡུལ་ཡོད་པ་དེ་ནི་ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་ཡིན་ནོ། །ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་དག་སྐྱེ་བའི་རྒྱུར་གྱུར་པ ་ནི་ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་དག་སྐྱེ་བའི་རྒྱུར་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་སྐྱེ་བའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་ལུང་ནི་རྗེས་སུ་དཔོག་པ་ལས་གཞན་ཡིན་པར་ཤེས་པར་བྱའོ། །སྔོན་མེད་པ་ཡང་བྱ་བས ་གསལ། །ཐར་པ་འང་བྱ་བས་སྒྲུབ་པར་བྱེད། །མཁས་གང་ཟླ་བའི་བཏུང?་སོགས་ཀྱིས། །མཐར་བྱེད་པ་ལས་ངེས་པར་རྒྱལ། །སྔོན་མེད་པ་ཞེས་བྱ་བ་ནི་ཆོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་མཆོད་སྦྱིན་ལ་སོགས་པའི་བྱ་བས་གསལ་བར་བྱེད་དོ། །མངོན ་མེད་པ་གསལ་བར་བྱེད་པའི་བྱ་བ་དེ་ནི་ཐར་པ་སྒྲུབ་པར་གྱུར་པ་ཡང་ཡིན་ནོ། །གང་གི་ཕྱིར་ཟླ་བ་བཏུང་བ་ལ་སོགས་པས་ཉེ་བར་མཚོན་པའི་བྱ་བ་དེ་དག་ཉིད་ཀྱིས་རྣལ་འབྱོར་པ་དེ་མཐར་བྱད་པ་ལས་རྣམ་པར་རྒྱལ་ཞིང་འཆི་བ་མེད་པར་འགྱུར་ཏེ། ་ཇི་ལྟར་ཟླ་བ་འཐུངས་སོ་འཆི་བ་མེད་པར་གྱུར་ཏོ། །སྐྱེ་བ་མེད་པའི་ཡེ་ཤེས་སུ་གྱུར་ཏོ། །དེ་ལྟ་བུ་ནི་རིག་བྱེད་ཤེས་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་ལྟ་བུའོ། །ཡང་དེ་ལྟ་བུར་རིག་བྱེད་ལ་སྨྲས་པ་རྣམས་མི་འདི་ཡིན་ཏེ། དྲང་སྲོང ་ལྷ་རྟེན་དམ་པས་འདོད། །ལམ་སྙིང་བཟང་པོ་རིགས་དོན་འདི། །ཕྱི་རོལ་དམངས་རིགས་བུད་མེད་གཟུགས། །འཛིན་པར་རིགས་ལྡན་གསུམ་འདི་སྤངས། །ལྷ་ཚངས་པ་ལ་སོགས་པ་རྣམས་དང། གརྒ་དང། བ་ཤི་སྠི་ལ་སོགས་པ་ཐུབ་པ ་རྣམས་ཀྱིས་བསྟེན་པ་དང། དམ་པ་སྟེ་མཁས་པ་རྣམས་ཀྱིས་འདོད་པར་གྱུར་པ་འདི་ནི། དུས་རིང་པོ་ནས་འཇུག་པ་ཡིན་པས་སྙིང་པོའོ། །བགྲོད་པར་བྱ་བས་ན་ལམ་མོ། །དགའ་བ་བསྐྱེད་པས་ན་བཟང་པོའོ། །རིགས་པས་འཐད་པས་ན་རིགས ་པ་དང་ལྡན་པའི་རིག་བྱེད་ཀྱི་དོན་ནི་ཕྱི་རོལ་ཏུ་གྱུར་པ་བུད་མེད་ཀྱི་གཟུགས་འཛིན་པ་དམངས་རིགས་སངས་རྒྱས་པ་ཞེས་བྱ་བས་ལམ་གསུམ་པོ་དེ་སྤོང་བར་བྱེད་དོ། །སྙན་དངགས?་དང། མཆོད་སྦྱིན་དང། སྲིད་བསྲུང་ཞེས་བྱ་བ་གསུམ་པོ ་དེ་ཉིད་གསུམ་ཡིན་ལ། དེ་རྣམས་ཀྱིས་ནི་སེམས་ཅན་གྱི་དོན་ཡང་བསྡུས་ཤིང་གྲུབ་པའི་མཛའ་ཐམས་ཅད་ཀྱི་ཡང་རྩ་བ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལ་གང་ཡོད་གཞན་ལ་ཡོད། །འདི་ལ་གང་མེད་འགའ་ལའང་མེད། །ཆོས་ལ་སོགས་པ་བཞི་པོ་ཡང།། ་དེ་ཉིད་གཞན་ནའང་མཐོང་བ་མིན། །གང་ཅུང་ཞིག་ཆོས་དང་འདོད་པ་དང། དོན་དང་ཐར་པ་ཞེས་བྱ་བ་བཞི་པོར་བརྗོད་པར་རིག་བྱེད་འདི་ལ་ཡོད་པ་དེ་དག་ཉིད་གྲུབ་པའི་མཛའ་ཐམས་ཅད་ལ་ཡང་ཡོད་པ་ཡིན་གྱི། གང་ཡང་རིག་བྱེད་ལ་མེད་པ་དེ་ནི་མུ་སྟེགས ་གཞན་གང་ལ་ཡང་ཡོད་པ་མ་ཡིན་ནོ། །དེ་པས་ན་ཆོས་དང། འདོད་པ་དང། དོན་དང་།ཐར་པ་ཞེས་བྱ་བ་བཞི་པོའི་རྟེན་དུ་གྱུར་པ་ནི་རིག་བྱེད་འབའ་ཞིག་ཁོ་ན་ཡིན་ནོ། །གཞན་ཡང། གཏན་ཚིགས་སྨྲས་པས་གཏན་ཚིགས་ཀྱིས། །ལམ་གསུམ ་པོ་ནི་སུན་འབྱིན་ཏེ། །རྗེས་སུ་དཔག་པ་གཙོ་གྱུར་ཕྱིར། །རང་གི་ལུགས་ནི་གསལ་བྱེད་གང། །ལམ་གསུམ་ཞེས་བྱ་བར་གྲགས་པ་སྟེ་།གཏན་ཚིགས་ཀྱིས་སུན་དབྱུང་བར་མི་བྱ་སྟེ། ཇི་ལྟར་ཞེ་ན། སྙིང་དང་ཤེས་པ་ཅན་གྱི་ཆོས། །ཡན་ལག་དང་བཅས་རིཌ ་གསོ་བ། །གནང་བས་གྲུབ་པ་བཞི་པོ་ནི། །གཏན་ཚིགས་དག་གིས་གཞིག་མི་བྱ། ཞེས་བསྟན་པའི་ཕྱིར་ཏེ། གཞན་དག་ལུགས་འདི་ལས་ཤིན་ཏུ་འདས་ནས་ལམ་གསུམ་པོ་དེ་སུན་འདོན་པར་བྱེད་པ་ཉིད་ཀྱིས་རང་གི་གྲུབ་པའི་མཛའ་གསལ ་བར་བྱེད་པ་གང་ཡིན་པ་དེ་དག་གིས་ནི་མངོན་སུམ་དུ་མཐོང་བ་མ་ཡིན་ནོ། །ལོང་བ་རྐང་པའི་ཚོད་དཔགས་ཀྱིས། །ཉམ་ངའི་ལམ་དུ་རྒྱུགས་པ་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་རྣམས། །ལྟུང་བར་དཀའ་བ་མ་ཡིན་ནོ། །མིག་དང་བྲལ་བར་གྱུར་པ ་རྣམས་རྐང་པ་ཉིད་ཀྱིས་ནོན་ཞིང་གཡང་སའི་ལམ་ནས་འགྲོ་བར་བྱེད་པ་ལྟར་གཏན་ཚིགས་སྨ་བ་རྣམས་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཏེ། དེ་དག་ནི་ངན་འགྲོར་ལྟུང་བ་ལས་བཟློག་པར་དཀའ་བ་ཡིན་ནོ། །དེའི་ཕྱིར་ན་ཁོ་བོ་ཅག་ནི་གཏན་ཚིཌ ་སྨྲ་བར་ཚད་མར་མི་བྱེད་དོ། །གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གཏན་ཚིགས་སྨྲ་བ་ཚད་མར་བསྟན་བ་ཡིན་ནོ་ཞེ་ན། འདི་ན་འགའ་ཡང་ཀུན་མཁྱེན་མེད། །གང་ཕྱིར་འདི་ནི་མ་མཐོང་ཕྱིར། །ཐམས་ཅད་མཁྱེན་པར ་སངས་རྒྱས་ལ། །བཏགས་པ་འཇིག་རྟེན་གུས་བྱའི་ཕྱིར། །དང་སང་འདི་ན་ཐམས་ཅད་མཁྱེན་པ་མེད་དེ། དམིགས་བར་མ་གྱུར་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །གང་ཡང་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་ཡིན་ནོ། ཞེས་བཏགས་པ་ནི ་དྲང་པོར་བསྟན་པ་མ་ཡིན་ཏེ། དེ་ནི་འཇིག་རྟེན་པ་རྣམས་ཡིད་ཆེས་པ་བསྐྱེད་པའི་དོན་དུ་ཡིན་ནོ། །འཇིག་རྟེན་པ་རྣམས་ཀྱིས་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་པར་ཤེས་ན་བདག་ལ་དད་པར་གྱུར་ནས་བསྙེན་བཀུར་བྱེད་པར ་འགྱུར་རོ་སྙམ་ནས་བསྟན་པ་ཡིན་ནོ། །དེ་བཞིན་དུ། སངས་རྒྱས་གསུང་ཡང་ཚད་མ་ཡིན། །བྱས་པའི་ཕྱིར་ན་གཞན་བཞིན་ནོ། །རྫོགས་པའི་སངས་རྒྱས་ཀུན་མཁྱེན་མིན། །སྐྱེས་བུ་ཡིན་ཕྱིར་གཞན་བཞིན་ནོ། །བྱས་པ་ཉིད་ཡིན་པར ་མཚུངས་པའི་ཕྱིར་ཚང་པར་སྨྲ་བ་ལ་སོགས་པའི་ཚིག་བཞིན་དུ་སངས་རྒྱས་ཀྱིས་གསུང་ཡང་ཚད་མ་མ་ཡིན་པ་ཉིད་དོ། །སྐྱེས་བུ་ཉིད་ཡིན་པར་མཚུངས་པའི་ཕྱིར་རྒྱལ་པོའི་བུ་གཞན་དག་བཞིན་དུ་སངས་རྒྱས་ནི་ཐམས་ཅད་མཁྱེན་པ ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་དོན་ཏོ། །གཞན་ཡང། སངས་རྒྱས་གསུང་ནི་ཚད་མ་མིན། །ལྟ་བ་གསུམ་པོ་སུན་འབྱིན་ཕྱིར། །ཇི་ལྟར་གང་སྨྲས་དེ་དེ་ལྟར། གཅེར་བུར་གྱུར་པའི་ལྟ་བ་བཞིན། །སངས་རྒྱས་ཀྱི་གསུང་ཞེས་བྱ་བ་ནི་ཆོས ་ཅན་ནོ། །དེ་ཚད་མ་མ་ཡིན་ཞེས་བྱ་བ་ནི་དེའི་ཆོས་སོ། །ཆོས་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །ལྟ་བ་གསུམ་སུན་འབྱིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གསུམ་ལ་ལྟ་བ་ནི་ལྟ་བ་གསུམ་སྟེ། གྲུབ་པའི་མཛའ་གསུམ་མོ། །དེ་སུན་འབྱིན ་བར་བྱེད་པ་ནི་ལྟ་བ་གསུམ་སུན་འབྱིན་པའོ། །གང་དང་གང་ལ་ལྟ་བ་རྣམ་པ་གསུམ་སུན་འབྱིན་པ་ཡོད་པ་དེ་དང་དེ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་གཅེར་བུར་རྒྱུ་བའི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ཏེ། རྨོངས་པ་འཛིན་པ་མེད་པ་ཡང་མི་མཐུན་པར་ཞུགས ་པ་ཡིན་ཏེ། དེ་ཡང་འདི་སྐད་གྲག་གོ་།མཆོད་འོས་ཀྱིས་རང་གི་འཁོར་འདུས་ཤིང་ཚོགས་པ་ན་གྲངས་ཅན་ལ་སོགས་པ་མུ་སྟེགས་བྱེད་རྣམས་ལ་རང་གི་བློས་བཏགས་པའི་གྲུབ་པའི་མཛའ་ཐམས་ཅད་བྱིན་ཟིན་པ་དང། དེ་ནས་ཕྱིར་ཚངས་པར་ཡང ་བྱིན་པར་འགྱུར་བ་ན་དེས་དེ་ལ་སྨྲས་པ་ཚངས་པ་ཆེན་པོ་བདེ་བར་བྱོན། །ཤིན་ཏུ་འཆི་བར་འདིར་འོངས་སོ། །བསྟན་བཅོས་ཐམས་ཅད་བྱིན་ཟིན་པས། །ཁྱོད་ནི་རིག་བྱེད་འདི་ལོང་ཞིག་།ཅེས་བྱ་བ་དང། ཕྱིན་ཅི་ལོག་གི་ལྟ་བས་ཉམས་པར་གྱུར་བའི ་བློ་ཅན་གང་དག་སྦྱིན་བདག་རྣམས་ཀྱང་འདི་ལྟར་ཕྱིན་ཅི་ལོག་ལ་དགོད་པར་བྱེད་དེ། བྲམ་ཟེ་ལ་ནི་སྦྱིན་མི་བྱ། །ར་གསོད་མི་བཟད་ལས་བྱེད་ཅིང། །ཁྲུས་བྱས་བྱུགས་ནས་ཁྱིམ་བཞིན་དུ། །དེ་ཡིས་ཟས་ཀྱིས་རྒྱགས་གྱུར་ནས། །སྡིག་པ་མང་པོ་དག་བྱས ་པས། །སྦྱིན་བདག་སྡིག་དེས་གོས་པར་བྱེད། །ཇི་ལྟར་རྐུན་མ་ཟིན་བྱིན་པས། །དེས་མ་བརྐུས་ཀྱང་འཆིང་བ་ལྟར། །དེ་བཞིན་སྦྱིན་བདག་འཆིང་བ་སྟེ། །སྡིག་པ་བྱེད་པ་ཟན་བྱིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་འབྲེལ་པ་མེད་པ་སྨྲ་བར་བྱེད་ཅིང། ལྟ་བ་གསུཾ ་ལ་འཇུག་པར་མི་བྱེད་དེ། །དེ་ལྟ་བུ་ནི་ཕྱོགས་གཉི་ག་ལ་གྲགས་པའི་བསྟན་པ་ཡིན་ནོ། །ཞེས་བྱ་བ་ནི་འདི་ལྟ་བུ་ནི་དཔྱོད་པ་ཅན་གྱིས་ཉེ་བར་བཀོད་པའི་ཕྱོགས་སྔ་མ་བཞིན་ནོ། །འདིའི་ལན་བརྗོད་པར་བྱ་བའི་ཕྱིར་སྨྲས་པ། །སྒྲ་དོན་རིག་པ་ཤེས་པ་ཡིས།། ་ཕྱོགས་སུ་ལྷུར་བའི་དུག་སྤངས་ནས། །ཡང་དག་ཅི་བཞིན་འཆོལ་བྱེད་ན། །འདི་ལ་འདི་ལྟར་དཔྱད་པར་བྱ། །གང་གི་ཕྱིར་རང་གི་ལྟ་བ་ལ་མངོན་པར་ཞེན་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་ངེས་པར་འཛིན་པར་མི་ནུས་པས་དེས་ན་ཕྱོགས་སུ་ལྷུང་བའོ ་དུག་མེད་པར་བྱས་ལ་སྒྲའི་དོན་ཤེས་པ་དང། རིགས་པ་ཤེས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་དཔྱད་པར་བྱའོ། །ཞེས་བྱ་བ་ནི་བསྟན་བཅོས་བྱེད་པས་བདག་ཉིད་ལ་ཉེ་བར་བསྟན་པ་ཡིན་ནོ། །འདིའི་དཔྱད་པར་བྱ་བ་ཇི་ལྟ་བུ ་ཞེ་ན། བརྒྱུད་ནས་འོངས་པ་མ་ཆད་པ། །ལུང་ཉིད་ཡིན་པས་ལུང་ཞེ་ན། ཀུན་གྱི་ལུང་ཡང་འགྲུབ་འགྱུར་བས། །ངེས་པར་གང་གི་དེ་ཉིད་བཟུང། །ཕྲད་ནས་རབ་ཏུ་བྱིན་པ་ཡིན་པས་ན་བརྒྱུས་ནས་འོངས་པ་སྟེ། རང་གི་སྟོན་པའི་ཚིག་རྣམས་སྔ་མའི་རྒྱུད་ལས་ཕྱི ་མའི་བརྒྱུད་ལ་སྤེལ་བའོ། །དེ་མ་ཆུད་པ་ནི་བར་དུ་མེད་པར་མ་གྱུར་པ་སྟེ། ལུང་ཞེས་བྱ་བ་ནི་དེ་ལྟ་བུའི་ཡིན་པར་འདོད་དོ། །དེ་ཡང་རྩ་བའི་རྩ་བ་བརྒྱད་ཅུར་འགྱུར་ལ། །དེའི་ཐ་དད་ཀྱི་དབྱེ་བ་ནི་སངས་རྒྱས་པ་དང། འཛིན་པ་མེད་པ་དང། འཚོ་བ་པ་དང། ལོ ་མ་ཅན་དང། གཙང་སྦྲང་ཅན་དང། ཁྱབ་འཇུག་པ་དང། ཁྱད་འཇུག་སེམས་པ་པ་དང། དབྱི་གུ་གསུམ་པ་དང། ཀོ་ལྤགས་དུམ་བུ་ཅན་དང། མཉམ་པར་དཔྱོད་པ་དང། ལྷ་མཆོག་པ་དང། ཆོས་ཀྱི་མཆོག་སྦྱིན་ཅན་དང། གདུང་བ་ཅན་དང། ལག ་པ་གདུང་བ་ཅན་དང། རྒྱལ་པོར་སྨྲ་བ་དང། རྒན་པོར་སྨྲ་བ་དང། མེ་ཡོ་ཨ་ཏི་རི་དང། རིགས་དང་རྗེས་སུ་མཐུན་པ་དང། བཅིངས་ནས་འདུག་པ་དང། འཁོར་ལོ་སྦྱོང་བ་དང། རིལ་གནས་པ་དང། རྒྱལ་པོའི་བསོད་སྙོམས་ཅན་དང། གླང་པོའི་རྒྱལ ་མཚན་ཅན་དང། ཀློག་ཅན་དང། ནང་ཅན་དང། རྟ་འདུལ་བ་དང། ཀ་ལན་ཏ་ཀ་པ་དང། སྣོད་གཙང་མ་ཅན་དང། སློབས་མོས་རྒྱུ་བ་དང། ཡན་ལག་ཐམས་ཅད་རལ་ཀའི་ནང་དུ་བཏུམ་པ་དང། སྒྲོན་མ་ལྷག་པ་ཅན་དང། གསེར་ཅན་དང། གྲུབ་པར ་སྨྲ་བ་དང། དབང་པོ་ཆེན་པོ་དང། ཞ་ཉི་ཅན་དང། ནམ་མཁའ་འབྱུང་བ་དང། ཤིང་རྟ་མང་པོ་ཅན་དང། དོན་ཐམས་ཅད་པ་དང། བསམ་གཏན་ལ་དགའ་བ་དང། ཆོས་ཅན་པ་དང། ཟས་གྲང་མོ་ཅན་དང། ཕྲག?་པའི་གོས་ཅན་དང། ཕྲུ་བ་གཅིག ་པ་དང། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ་དང། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ་དང་།དུང་གི་སྒྲ་ཅན་དང། ལྷ་རྟེན་སྦྱིན་མའི་བུ་དང། ལུས་ལ་གནོད་པ་མེད་པ་དང། ཀུན་ཏུ་གནོད་པ་མེད་པ་དང། སྣ་ཚོགས་ལྟ་བ་དང། ཀ་ཀན་འདའ་བ་དང། གཅོད་པ་ལ ་དང། ལྷའི་གྲོང་པ་དང། གོས་མེད་པ་དང། ས་ཁུང་ན་གནས་པ་པ་དང། ཟླ་བ་ཕྱེད་པ་པ་དང། ཆོས་སེམས་པ་དང། མ་ལ་གུས་པ་པ་དང། ཕ་ལ་གུས་པ་པ་དང། ཟླ་བ་ཤར་བ་པ་དང། ཉི་མ་ཤར་བ་པ་དང། ལག་པར་ཟ་བ་པ་དང། སྙིང་གིས་འཚོ་བ་དང། འདས ་པར་གྱུར་པ་པ་དང། ཕུང་པོ་གསུམ་པ་དང། གཉིས་པ་དང། གསུམ་གྱིས་འཚོ་བ་དང། འཇུག་པ་པ་དང། གྲངས་ཅན་གྱི་རྣལ་འབྱོར་ཅན་དང། འུག་པ་པ་དང། ནགས་ན་གནས་པ་དང། བེའི་ཁ་ནས་པ་དང། བ་ལང་ཁྱི་ལྱ་དང། ཚངས་པར་སྤྱོད་པ་དང། སྤྱོད ་པ་པོ་དང། ཕྱུགས་བདག་པ་དང། གཽ་ཏ་མ་པ་དང། ཞིབ་མ་ཅན་དང། ཤིན་ཏུ་ཁྲུས་བྱས་པ་དང། འཚེའུ་ཡི་འགྲམ་ན་གནས་པ་དང། འཚོ་བ་པ་དང། འཁོར་བ་ལས་གྲོལ་བ་དང། ཐོག་མ་པ་དང། འཐོར་བྱེད་པ་དང། བར་དྭ་ཙ་པ་དང། བ ་ཤའི་གྲངས་ཅན་པ་དང། བ་དན་འཇའ་བ་པ་དང། ལྷ་མཆོད་པ་པ་དང། གཞན་ལ་མི་འདུད་པ་དང། གོས་ཀྱི་དུམ་བུ་ཅན་དང། འུག་པའི་གཤོག་པ་ཅན་དང། ལན་གསུམ་དུ་ཆུར་འཇུག་པ་དང། འགལ་བར་མི་བྱེད་པ་དང། མེས་པོ་ཅན་དང ་མཁའ་ལྡིང་བ་དང། ཁྱིམ་གྱིར་བན་གནས་པ་པ་དང། མཆོག་གིས་མཆོག་པ་དང། གཅེར་བུ་གཉེན་གྱི་བུ་པ་དང། འགེངས་བྱེད་པ་དང་།དགེ་སྦྱོང་བ་དང། ཀ་ཏ་ཡའི་བུ་དང། ལྷག་སྤྱོད་ཀྱི་བུ་དང། བ་ལང་གི་བརྟུལ་ཞུགས་ཅན་དང། རི ་དགས་ཀྱི་བརྟུལ་ཞུགས་ཅན་དང། རྟའི་བརྟུལ་ཞུགས་ཅན་དང། ཁྱིའི་བརྟུལ་ཞུགས་ཅན་དང། གསོལ་བ་མི་འདེབས་པའི་བརྟུལ་ཞུགས་ཅན་དང། ཞིབ་པོའི་བརྟུལ་ཞུགས་ཅན་དང། མོའི་བརྟུལ་ཞུགས་ཅན་དང། གཞོན་ནུའི་བརྟུལ་ཞུགས་ཅན། ་དང། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དང། ཆུ་ལས་སྐྱེས་པའི་ཕྲེང་བ་ཅན་དང། སོའི་རྟུན་བརྡུངས་ཅན་དང། རྡོ་འཐག་པ་པ་དང། ཡང་དག་པར་ཁྲུས་བྱེད་པ་དང། ཆུས་ཡང་དག་པར་ལྟ་བ་དང་།སྐྱེད་གནས་དག ་བ་པ་དང། ལས་ཀྱིས་དག་པ་པ་དང། ཆུ་ལ་བྱི་འཛུལ་བྱེད་པ་དང། དགོན་པ་པ་དང། ས་དང་ཆུ་དང། མེ་དང་རླུང་དང། ནམ་མཁའ་ལ་སེམས་ཡོད་པར་ལྟ་བ་ལ་སོགས་པ་ལྟ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་པོ་ཐམས་ཅད་ཀྱང་བརྒྱུད་ན་འོངས་པ་རྒྱུན་ཆད ་པ་མེད་པས་ཐམས་ཅད་ཀྱང་རང་གི་དམ་ཚིག་ལས་གྲགས་པའི་ལུང་གི་བསྔགས་པ་བརྗོད་པ་ལ་ཤིན་ཏུ་དཔའ་བས་རྒོལ་བར་བྱེད་དོ། །དེ་ལྟར་གྱུར་ན་ལུང་ཐམས་ཅད་ཀྱང་གྲུབ་པར་ཐལ་བར་འགྱུར་རོ། །གལ་ཏེ་འདི་དག་ཐམས་ཅད་གྲུབ་ཏུ་ཟད་མོད། ་སེར་སྣས་ཅི་ཞིག་བྱ་ཞེ་ན། དེ་ནི་འགལ་བ་ཡང་མེད་དོ། །འོན་ཀྱང་གང་ཐམས་ཅད་གྲུབ་པར་གྱུར་ན་དེ་འགྲུབ་པར་མི་འགྱུར་རོ། །དེ་ལུང་གཞན་ཐོས་པར་གྱུར་པས་བློ་གཞན་བསྐྱེད་པར་གྱུར་པའི་རྒོལ་བ་རྣམས་འདི་ནི་རིགས་པའོ། །འདི་ནི་མི་རིགས ་པའོ་ཞེས་རྩོད་པ་འབྱུང་བར་འགྱུར་བས། གལ་ཏེ་རིགས་པས་བརྟག་བཟོད་པའི། །ཚིག་གང་ཡིན་པ་དེ་ལུང་ཡིན། །རེ་ཞིག་དེ་ཉིད་དཔྱད་པར་བྱ། །ཕྱི་ནང་དེ་ཡིས་གང་བསྟན་པའོ། །བརྒྱུད་ནས་འོངས་པ་རྒྱུན་ཆད་མེད་པ་བདེན་དུ་ཟིན ་ཀྱང་སྟོན་པ་རང་གི་ཚིགས་རིགས་པས་བརྟག་བཟོད་པ་ཡིན་པར་འདོད་པའི་ཚིག་དེ་ཉིད་རེ་ཞིག་འདི་ལྟར་སྟོན་པ་ཇི་ལྟ་བུ་ཞིག་གིས་རིགས་པ་གང་གིས་འདི་ལྟ་བུ་བསྟན་པ་ཡིན་ཞེས་བརྟག་པར་བྱ་བ་ཡིན་ལ། ཕྱི་ནས་ནི་དེའི་ཚིག་དོན་ཅུང་ཞིག ་དང་བཅས་པར་བསྟན་པ་དེ་རྣམས་ཀྱང་།ཅི་རྟག་བཟོད་པ་ཞིག་ཡིན་ནམ་མ་ཡིན་ཞེས་དབྱད་པར་བྱ་བ་ཡིན་ནོ། །ཇི་ལྟར་མི་མཁས་པ་འགའ་ཞིག་ནོར་བུ་འཆིང་བུ་ལ། ཡང་དག་པའི་རིན་པོ་ཆེ་ཡིན་ནོ་སྙམ?་དུ་སེམས་པ་ལ་།དེ་ནི་རིན་པོ་ཆེ་ལྟར ་སྣང་བ་ཡིན་ཏེ་།བསྲེག་པ་དང་བདར་བ་ལ་སོགས་པ་མི་བཟོད་པའི་ཕྱིར་།འཆིང་བུ་ཡིན་ནོ་ཞེས་བསྟན་པ་བཞིན་ཞེས་བསྒྲུབས་པ་ན་དེ་ཉིད་ཡང་ཡིན་ནོ་ཞེས་སྒྲུབ་པར་བྱེད་ཅིང་རྟོག་པ་ནི་རིགས་པ་མ་ཡིན་གྱི། ཡང་གང་ཞིག་བསྲེག་པ་དང་བདར་བ་བཟོད ་པའི་གསེར་བཟང་པོ་བཞིན་དུ་རྣམ་པར་འགྱུར་བ་མེད་པ་དེ་ནི་ལུང་ཡིན་ནོ། །ཞེས་བྱ་པའོ། །འདིར་རིགས་པ་གང་ཡིན་ཞེ་ན། དེ་ལ་དེ་ཡི་གཉེན་པོའི་ཕྱིར། །ཡེ་ཤེས་གྲོལ་བ་ཞེས་འདོད་དེ། །ནད་ཀྱི་གཉེན་པོ་ཡིན་པའི་ཕྱིར། །སྨན་གྱིས་ནད་ལས་གྲོལ ་བ་ཉིད། །ཡེ་ཤེས་ནི་གྲོལ་བ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཀུན་ལ་རབ་ཏུ་གྲགས་པའི་ཕྱོགས་ཡིན་ནོ། །དེ་ནི་མི་ཤེས་པའི་མི་མཐུན་པར་གྱུར་པ་གཉེན་པོ་ཡིན་པའི་ཕྱིར། ཞེས་བྱ་བ་ནི་གཏན་ཚིགས་སོ། །ཇི་ལྟ་བུར་ཞེ་ན། ནད་ཀྱི་གཉེན་པོ་ཉིད་ཀྱི ་སྨན་གྱིས་ནད་ལས་གྲོལ་བར་བྱེད་པ་བཞིན་ནོ། ཞེས་བྱ་བ་ལྟ་བུའོ། །གཞན་ཡང། བྱ་བས་གྲོལ་བ་འཐོབ་པ་མིན། །བྱ་བ་ཡིན་ཕྱིར་ཞིང་ལས་བཞིན། །བློ་མ་ཡིན་ཕྱིར་བརྗོད་བྱའི་ཕྱིར། །ཅུང་ཟད་དུས་ཅན་ཡིན་ཕྱིར་ཡང། །འབྲུ་དང། བྱོལ་སོང་དང། ་མར་དང། ཆུང་མའི་འབྲེལ་བའི་བྱེ་བ་རྣམས་ཀྱིས་གྲོལ་བ་འཐོབ་པར་འགྱུར་བ་མ་ཡིན་ཏེ་།བྱ་བ་ཡིན་པའི་ཕྱིར་ཐོང་གཤོལ་གྱི་ལས་ཀྱི་བྱ་བ་ལ་སོགས་པ་བཞིན་ནོ། །གཞན་ཡང། །སྐྱེས་བུའི་ཚིག་གི་སྐྱོན་བཅས་ཕྱིར། །ཚད་མ་མིན་པར་འདོད་ཅེ་ན། ་གསེར་རྟོག་ཤེས་སོགས་ཚིག་རྣམས་ཀྱིས། །གཏན་ཚིགས་ཉིད་ནི་མ་ངེས་འགྱུར། །འཇིག་རྟེན་ན་སྐྱེས་བུ་གང་དག་གི་ཚིག་ལ་ཐེ་ཚོམ་ཟ་བར་འགྱུར་བ་ཡང་ཡོད་དེ། ཇི་ལྟར་ཆུ་དེགས་འདི་ན་འབྲས་བུ་ཡོད་དོ་ཞེས་ཟེར་ལ། བརྒྱ་ལ་ནི་ཡོད་ཀྱང ་སྲིད། བརྒྱ་ལ་ནི་མེད་ཀྱང་སྲིད་པ་ལྟ་བུའོ། །ཡང་གང་དག་གི་ཚིག་ལ་ཐེ་ཚོམ་ཟ་བར་མི་འགྱུར་བ་ཡང་ཡོད་དེ། འཇིག་རྟེན་ཐམས་ཅད་ལ་ཚད་མར་གྱུར་པ་ཡིན་པའི་ཕྱིར་ཇི་ལྟར་གསེར་ལ་སོགས་པ་རྟོག་ཤེས་པ་ལ་སོགས་པ་བཞིན་ནོ། །དེས ་ན་གཏན་ཚིགས་མ་ངེས་པ་ཉིད་ཡིན་པར་ངེས་པར་གཟུང་བར་བྱ་སྟེ། སྐྱེས་བུ་ཡིན་པའི་ཕྱིར། །ཅི་ཆུ་ཀླུང་གི་འགྲམ་ན་འབྲས་བུ་ཡོད་དོ། ཞེས་སྨྲ་བར་བྱེད་པའི་སྐྱེས་བུའི་ཚིག་ཚད་མ་མ་ཡིན་པ་ལྟ་བུ་ཞིག་ཡིན་ནམ། འོན་ཏེ ་གསེར་རྟོག་ཤེས་པའི་སྐྱེས་བུ་ལ་སོགས་པའི་ཚིག་བཞིན་དུ་འདིའི་ཚིག་ཚད་མར་གྱུར་པ་ཉིད་གཅིག་ཡིན་ཞེས་བྱ་བ་དེ་ལྟ་བུ་ནི་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་སྐྱེས་བུ་སྐྱོན་གྱིས་ཉམས་པར་གྱུར་པ་ཡིན་པའི་ཕྱིར། སྐྱེས་བུའི་ཚིག་བརྫུན་པ ་ཡིན་ནོ་ཞེས་ནི་བདག་མི་སྨྲའི། འོན་ཀྱང་བྱས་པ་ཉིད་ཀྱི་ཕྱིར་ནའོ། །རིག་བྱེད་ནི་འདིར་བྱས་པ་མ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ་།འོན་ཏེ་བྱས་པ་མིན་པའི་ཕྱིར། རིག་བྱེད་ཚད་མར་སྒྲུབ་བྱེད་ན། །གཏན་ཚིགས་ཐུན་མོང་མིན ་ཉིད་དང། མ་གྲུབ་པ་ཡི་དོན་ཡང་ཡིན། །རིག་བྱེད་ནི་བྱས་པ་མ་ཡིན་ཏེ། བྱེད་པ་པོ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེས་དྲིས་ན་དཔེ་ཡོད་པ་མ་ཡིན་པས་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་ཡིན་ནོ། །སངས་རྒྱས་པ་ལ་ནི་བྱས་པ་མ་ཡིན་པ ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་པར་གྲགས་པས་དེ་གཞན་ལ་མ་གྲུབ་པ་ཉིད་ཀྱང་ཡིན་ནོ། །གཞན་ཡང་ཁྱོད་ཉིད་ཀྱི་ལུང་ལས་ཀྱང། སྙན་དངགས་རིལ་སྙན་རིག་བྱས། །སྲིད་སྲུང་རི་ལ་སྲིད་རིག་བྱས། །སྐལ་ལྡན་གྱིས་ནི་ཕུག་རོན་ཅན། ། ་ངེས་བརྗོད་ཡང་གི་ར་པ་བྱས། ཞེས་འབྱུང་བ་མ་ཡིན་ནམ། གལ་ཏེ་རྗེས་སུ་བསྟན་ཡིན་སྐྱོན་མེད་དོ། ཞེས་ན་སངས་རྒྱས་ཀྱི་འང་མ་བྱས། །སྔོན་གྱི་སངས་རྒྱས་རྫོགས་སངས་རྒྱས། །ཇི་ལྟར་རྟོགས་དེ་གསལ་བྱས་ཡིན། །གལ་ཏེ་རྗེས་སུ་བསྟན ་པས་རིག་བྱེད་བྱས་པ་མ་ཡིན་པ་ཉིད་ཡིན་ནོ་ཞེས་བྱེད་འདོད་སངས་རྒྱས་ཀྱི་གསུང་འདི་ཡང་བྱས་པ་མ་ཡིན་པ་ཉིད་ཡིན་ཏེ། སྔོན་གྱི་སངས་རྒྱས་ཀྱིས་རྫོགས་པར་སངས་རྒྱས་ནས། བསྟན་པ་དེ་དག་ཉིད་ཡི་གེ་མང་ཉུང་མེད་པས་བཅོམ་ལྡན་འདས ་གྱིས་བསྟན་པ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་གསུངས་ཡང་རྗེས་སུ་བསྟན་པ་ཡིན་གྱི། བྱས་པ་ནི་མ་ཡིན་པས་ཚད་མ་ཉིད་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་བཞི་པ། །བྱས་པ་ཉིད་དུ ་རྗེས་དཔག་པས། །ཕྱོགས་ལ་རྗེས་སུ་དཔག་པས་གནོད། །བྱེད་པོ་མི་དྲན་མ་གྲུབ་པས། །གཏན་ཚིགས་འདི་ནི་མ་གྲུབ་ཉིད། །རིག་བྱེད་བྱས་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་ནི་མི་ནུས་པ་མ་ཡིན་ནོ། །འདི་སྐད་སྨྲ་བར་ཡང་མི་ནུས་ཏེ། རིག་བྱེད་ནི་ཚད་མ་མ ་ཡིན་ཏེ་།བྱས་པ་མ་ཡིན་པའི་ཕྱིར་།གྲངས་ཅན་ལ་སོགས་པའི་ཚིག་བཞིན་ནོ། །གང་ཡང་རིག་བྱེད་མ་བྱས་པ་ཡིན་ཏེ། བྱེད་པ་པོ་མི་དྲན་པའི་ཕྱིར་།ཞེས་ཟེར་བ་དེ་ལ་ཡང་དགོན་པ་སྟོང་པ་ནི་ཡོད་པའི་ཁྲོན་པ་བཞིན་དུ། བྱེད་པ་པོ་མི་དྲན་དུ་ཟིན་ཀྱང ་བྱེད་པ་པོ་ཡོད་པ་ཉིད་ཡིན་པས་བདག་དང་གཞན་ལ་དོན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཞན་ཡང། གལ་ཏེ་སྔགས་ཀྱི་བྱེད་པོ་སྔོན། །སྔགས་དང་བཅས་པར་འབྱུང་གྱུར་པས། །བྱེད་པོས་བྱས་ཀྱང་མ་བྱས་པར། །ཁྱོད་ཀྱི་བསྟན་བཅོS ་སྔོན་འདོད་པ། །གལ་ཏེ་ཁོ་བོ་ཅན་གི་སྔགས་ཀྱི་བྱེད་པ་པོ་ནི་སྐྱེ་དགུའི་བདག་པོ་ཡིན་ལ་དེ་ནི་སྔགས་དང་ལྷན་ཅིག་ཏུ་བྱུང་བ་ཡིན་པས་དེའི་ཕྱིར་དེས་བྱས་སུ་ཟིན་ཀྱང་མ་བྱས་པ་ཡིན་ནོ་ཞེ་ན་དེ་དང་ལྷན་ཅིག་བྱུང་བཅས་ཕྱིར། །སྐྱེ་བ་དྲན་པས་སྨྲས་པ ་བཞིན། །བསྟན་བཅོས་བྱེད་པོ་དང་བཅས་ན། །འདི་ལྟར་ཅི་ཕྱིར་སྨྲ་མི་བྱེད། །སྔགས་བཟློག་པ་དང་བཅས་བཞིན་དུ་སྐྱེ་དགུའི་བདག་པོ་སྐྱེས་པ་ཡིན་ནོ། །ཅིའི་ཕྱིར་འདི་འདིའི་བྱེད་པ་པོར་མི་འགྱུར། ཇི་ལྟར་སྐྱེ་བ་དྲན་པ་ཅུང་ཞིག་སྨྲ་བ་དང་བཅས ་བཞིན་དུ་སྐྱེ་བར་གྱུར་པ་ན་དེ་ལ་སྐྱེ་བ་དྲན་པས་བྱས་པ་ཞེས་རྗོད་པར་བྱེད་དོ། །དེ་བཞིན་དུ་གལ་ཏེ་སྐྱེ་དགུའི་བདག་པོ་སྔགས་བརྗོད་པ་དང་བཅས་པར་སྐྱེ་བར་གྱུར་པས་དེ་བྱས་པ་ཡིན་བཞིན་དུ་མ་བྱས་པ་ཞེས་ཇི་ལྟར་བརྗོད་པ་དེ་བཞིན་དུ་།རྟོགས ་དང་རྗེས་སུ་མཐུན་ཕྱིར་རམ། དེ་བཞིན་ཡི་གེའི་ལུགས་ལྡན་ཕྱིར། །རིག་བྱེད་ཚིག་རྣམས་གཟུང་བྱ་བའི། །བྱེད་པོ་སྐྱེས་བུ་མིན་ནམ་ཅི། །རིག་བྱེད་ཁྱི་ཚིག་ནི་སྐྱེས་བུས་བྱས་པ་ཉིད་ཡིན་ཏེ། ཡི་གེས་རྟོགས་པར་བྱ ་བ་ཡིན་པའི་ཕྱིར་དང། ཡི་གེས་རྗེས་སུ་ཕན་འདོགས་པའི་ཕྱིར་དང། ཡི་གེའི་ལུགས་དང་ལྡན་པའི་ཕྱིར་གྲངས་ཅན་ལ་སོགས་པ་བཞིན་ཏེ། ཇི་ལྟར་འདིར། ལྟེ་བའི་ཕྱོགས་ན་གནས་པའི་སྲོག་གི་རླུང་སྟེང་དུ་འབྱུང་བར་བྱེད་པ་ན་སྙིང ་ག་དང། མགྲིན་པ་དང། མགོ་བོ་དང། མཆོག་མ་དང། སྣའི་རྩེ་མོ་དང། སོ་དང། མཆུ་ལ་སོགས་པའི་གནས་རྣམས་ལ་ཐུག་པར་གྱུར་པ་དང། བྱེད་པ་དང། འབད་པའི་རྐྱེན་ཚོགས་པར་གྱུར་པས་ཀ་ལ་སོགས་པའི་ཡི་གེ་རྣམས་བསྐྱེད ་ནས། བདག་དང་གཞན་རྣམས་ཀྱིས་ཡི་གེའི་ཆ་རྟོགས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ་རིག་ཀྱི་ཚིག་ཀྱང་འབད་པས་བསྐྱེད་ནས་ཡི་གེའི་ཆ་རྟོགས་པ་སྐྱེ་བར་འགྱུར་བ་ཡིན་ནོ། །ཇི་ལྟར་སྐྱེས་བུའི་ཚིག་ཡི་གེ་བསྒྲུབ་པ་ལ་རྗེས་སུ་མཐུན་པ ་ཡིན་པ་དེ་བཞིན་དུ་རིགས་བྱེད་ཀྱི་ཚིག་ཀྱང་ཡི་གེ་མངོན་པར་བསྒྲུབ་པ་ལ་རྗེས་སུ་མཐུན་པ་ཡིན་ནོ། །ཡང་ཇི་ལྟར་གྲངས་ཅན་ལ་སོགས་པའི་ཚིག་རྣམས་ཡི་གེ་བརྗོད་པའི་རིམ་གྱིས་འདོན་པར་བྱེད་པ་དེ་བཞིན་དུ་རིག་བྱེད་ཀྱི་ཚིག་ཀྱང ་ཡིན་ནོ། །དེས་ན་འདི་སྐྱེས་བུས་བྱས་མ་ཡིན་པ་ཡིན་ཞེས་བྱ་བ་ཇི་ལྟར་བུ་ཡིན། གནས་དང་བྱེད་པ་དང། འབད་པ་ལ་སོགས་པ་གང་དག་གིས་ཡི་གེ་མངོན་པར་བསྒྲུབས་པ་ལས་རྗེས་སུ་དཔགས་ནས་མ་བསྐྱེད་པའི་ཡི་གེ་ནི་ཡོད་པ་མ ་ཡིན་པས། རིག་བྱེད་ནི་སྐྱེས་བུས་བྱས་པ་མ་ཡིན་ནོ། ཞེས་བྱ་བ་མ་གྲུབ་ལ། རྗེས་སུ་དཔག་པ་དང་འགལ་བ་དང། གྲགས་པས་ཀྱང་གནོད་པ་ཡང་ཡིན་ཏེ། འཇིག་རྟེན་ན་ནི་སྐྱེས་བུའི་འབད་པ་ལ་བལྟོས་ནས་ཡི་གེ་མངོན་པར་འགྲུབ་པ་མཐོང ་གི། གློ་བུར་དུ་ནམ་མཁའ་འམ་རི་ལ་སོགས་པ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་ན། རིག་བྱེད་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་ཙམ་ཁོ་ན་ཡིན་ནོ། །འདིས་ཀྱང་རིག་བྱེད་ཚིག་རྣམས་ནི། །སྐྱེས་བུས་བྱས་པ་ཡིན་པར་འདོད། །བརྗོད་འདོད་དོན་གྱི་བློ ་སྐྱེ་བའི། །རྒྱུ་ཕྱིར་འདོད་པ་སྤྱོད་པ་བཞིན། །བརྗོད་པར་འདོད་པ་ནི་བརྗོད་པར་འདོད་པའི་དོན་ཏོ། །དེ་ལ་བརྗོད་པར་འདོད་པའི་དོན་གྱི་བློ་སྐྱེ་བའི་རྒྱུ་ནི་བརྗོད་འདོད་དོན་གྱི་བློ་སྐྱེ་བའི་རྒྱུའོ། །དེའི་ཕྱིར་དངོས་པོ་ནི་བརྗོད་པར་འདོད་པའི་དོན་གྱི་བློ་སྐྱེ་བའི་རྒྱུ་ཉིད་དོ།། ་དེའི་ཕྱིར་ན་བརྗོད་འདོད་དོན་གྱི་བློ་སྐྱེ་བའི་རྒྱུ་ཕྱིར་ཞེས་བྱ་བ་སྟེ་།དཔེར་ན་འདོད་པ་དང། བརྗོད་པ་དང། འགྲོ་བ་དང། འོང་བ་ལ་སོགས་པ་བསམས་ཤིང་འདོད་པ་ནི་དོན་ཞེས་བྱ་སྟེ། དེ་ལྟ་བུའི་གཏན་ཚིགས་ཡོད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན ་དུ། ཆུ་ས་མཁའ་ཞེས་བྱ་བ་ནི་ཆུ་དང། ས་དང། ནམ་མཁའ་ཨི་དོན་མངོན་པར་བརྗོད་པ་ཅན་གྱི་ཚིག་ཡིན་ལ། དེ་ལྟ་བུ་ལ་སོགས་པའི་རིག་བྱེད་ཀྱང་བརྗོད་པའི་དོན་གྱི་བློ་སྐྱེ་བའི་རྒྱུ་ཡིན་པས་ཇི་ལྟར་ན་འདི་སྐྱེས་བུས་བྱས་པ་མ་ཡིན། ཡང་བསྟན་བཅོས ་ཕལ་ཆེར་ནི་སྐྱེས་བུ་དམ་པས་བྱས་བ་ཡིན་ཏེ། དགེ་བའི་ཆོས་ཀུན་ཏུ་སྡུད་པའི་ཕྱིར་ཁྱད་པར་དུ། སྐྱེས་བུ་མི་བཟང་བས་བྱས་པ། །རིག་བྱེད་འདི་ནི་གཞལ་བྱ་སྟེ། །འབྱུང་པོ་འཚེ་དང་ཆང་འཐུང་བརྫུན། །སྨྲ་ཕྱིར་མ་གའི་བསྟན་བཅོས་བཞིན། །མ་ག་ལ ་སོགས་པ་ཕྱིན་ཅི་ལོག་གི་བརྟུལ་ཞུགས་ཅན། བར་སིག་ལ་སོགས་པ་ཀླ་ཀློའི་གནས་ན་གནས་པ་དེ་དག་གི་གྲུབ་པའི་མཛའ་ནི་འདི་ལྟར་གྲག་སྟེ། ས་ལ་གནོད་པ་བྱེད་པ་ཡིན་པའི་ཕྱིར། གྲོགས་མ་ལ་སོགས་པ་བསད་ལ་ནི་ཆོས་མ་ཡིན་པ་མ་ཡིན ་ནོ། །བ་ལང་བསད་ན་རྭ་བརྩེགས་པ་ལ་བརྟེན་ནས་མཐོ་རིས་སུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཕྱུགས་ཀྱི་སྙིང་བསྲེགས་པས་བདུགས?་ན་གནས་མཐོན་པོ་གོང་མའི་ནམ་མཁར་སྐྱེ་བར་འགྱུར་རོ། ཞེས་བྱ་བ་ལྟ་བུ་དང། དེ་བཞིན་དུ་བུད་མེད་ཐམས་ཅད ་ནི་གཏུན་དང། མེ་ཏོག་དང་འབྲས་བུ་དང་གཡོས་ཟིན་པའི་ཟས་དང། ཁྲུས་བྱ་བའི་འབབ་སྟེགས་དང། ལམ་ཞེས་བྱ་བ་ལ་སོགས་པ་དང་འདྲ་བ་ཡིན་པས་མ་དང། སྲིང་མོ་དང། བུ་མོ་ལ་སོགས་པ་ལ་བགྲེད་པར་བྱ་བ་མ་ཡིན་ནོ། །ཞེས་ཟེར་བ་ནི་ལེགས་པ་མ་ཡིན་ནོ ་ཞེས་སྨྲ་བར་བྱེད་པའི་མ་གའི་གྲུབ་པའི་མཛའ་དེ་དང་།རིག་བྱེད་ལ་ཁྱད་པར་ཅི་ཞིག་ཡོད་དེ། གང་གི་ཕྱིར་རིག་བྱེད་པས་སྨྲས་པ། རིག་བྱེད་འཚོ་བ་གང་བསྟན་པ། །བསྟན་བཅོས་གཞན་དུ་སྨད་གྱུར་ཀྱང། །དེས་ནི་སྡིག་བྱས་མི་འགྱུར་བར། །གཞན ་དུ་སྐྱེ་བདག་གིས་བསྟན་ཏོ། ཞེས་བྱ་བ་ལ་སོགས་པ་དང། སྦྲང་རྩིར། བསྡུས་པར་བྱའོ་ཞེས་བྱ་བ་དང། བ་ལང་ཡང་གསད་པར་བྱའོ་ཞེས་བྱ་བ་དང། དེ་བཞིན་དུ་མེ་ལ་སྐྱེས་བུ་དང། རྟ་དང། བ་ལང་དང། ར་རྣམས་བསྲེག་ཅིང་བསད་པར་བྱའོ། །ཡང ་འདི་དག་དབུགས་བསྲུབས་ལ་བསད་པར་བྱ་སྟེ། སེམས་པ་མེད་པར་བྱའོ། །ཡང་ན་མེས་བསྐོར་བའི་དཀྱིལ་དུ་ཚ་བ་གདུང་བར་བྱའི་ཞེས་བྱ་བ་དང། ཡང་ན་རྟས་དག་གི་མཆོད་སྦྱིན་ལ་རྟ་རེ་རེ་ཁབ་ལྔ་བརྒྱ་ལྔ་བརྒྱ་བཙུགས་ལ་ཤིན་ཏུ་ཟུག་ཟེར ་དང་ལྡན་པར་བྱས་ནས་སྦྱིན་བསྲེག་བྱའོ་ཞེས་རྗེས་སུ་གནང་བ་ཡོད་པ་དང། བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པར་བྱ་བ་ཡང་རྗེས་སུ་གནང?་ངོ། །ཞེས་བ་ལང་གི་བརྟུལ་ཞུགས་ཅན་གྱི་མཆོད་སྦྱིན་ལས་བསྟན་ཏེ། བྲམ་ཟེས་བ་ལང་གི་མཆོད ་སྦྱིན་བྱས་ནས་ལོ་གཅིག་གི་བར་དུ་བ་ལང་གི་བརྟུལ་ཞུགས་ལ་གནས་པར་བྱ་སྟེ། བ་ལང་བཞིན་དུ་ཆུ་བཏུང་ཞིང་རྩཝ་ཡ་བཅས་པར་བྱ་ལ། མ་ལ་ཡང་གཞན་པར་བྱད་མའི་སྤུན་ཟླ་ཡང་གཞོན་པར་བྱ། །རང་གི་རིགས་ལ་ཡང་གཞོན་པར་བྱ་སྟེ ་གར་དང་གང་དུ་ཞུགས་ཤིང་འདུག་པ་དར་རྙེད་པ་དེ་དང་དེ་ལ་སྤྱད་ཅིང་བ་ལང་བཞིན་དུ་སྤྱོད་ན་འཇིག་རྟེན་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། ཞེས་བྱ་བ་དང། དེ་བཞིན་དུ་རྟགས་པ་ལ་ཕན་པའི་ཡལ་ག་ལས་ཀྱང་བ་ལང་གི་ཆོས ་བཞིན་དུ་རྐང་ལག་བཞི་བཅུགས་ཤིང་གདེང་ཐུར་དུ་བལྟར་བཅུགས་ལ་།དེའི་མེ་མཚན་ལ་བསྣམས་ལ། བྲམ་ཟེའི་གདོང་གི་ནམ་མཁའ་ལ་བལྟ་བར་བྱའོ། །ཅིའི་ཕྱིར་འདི་སྐད་དུ་བསྟན་ཅེ་ན། ལམ་ཡངས་པ་འདི་ནི་ལྷར་འགྲོ་བའི་ལམ་སྟེ། གང་བུ་དང་ལྡན་པ་དེ་འདེ? ་ནས་སོང་ནས་མྱ་ངན་མེད་པར་འགྲོ་བའི་ཕྱིར་རོ། །བྱལ་སོང་ནི་ལོ་རྒན་གཞོན་མི་བལྟའོ། །དེ?་བཞིན་དུམ་ལ་ཡང་འཁྲིག་པ་སྤྱད་པར་བྱའོ་ཞེས་བསྟན་པས་འདོད་པ་དང་མཚུངས་པར་ལྡན་པ་ལ་ནི་བདེན་པའི་ཚིག་ཀྱང་ཡོད་པ་མ་ཡིན་ལ། ངོ་ཚ་དང་ཡང་ཤིན་ཏུ ་བྲལ་བར་གྱུར་པ་ཉིད་ཡིན་ནོ། །དེ་ལ་ཡང་མཆེད་སྦྱིན་བྱེད་པས་འཁྲིག་པ་མངོན་པར་འདོད་ན་གཞོན་ནུ་མ་དང་བསྲུབ་པར་བྱ་སྟེ། མྱུར་དུ་ཤུགས་ཀྱིས་སྤྱད་ཅིང་མཉམ་དུ་བསྲུབས་ལ་དེ་ཉིད་དུ་བཞག་གོ་།དྲག་ཏུ་ཁྱུ་མཆོག་བཞིན་དུ་བྱའོ། །གང་བུད་མེད ་རྒན་པ་ལ་སྤྱད་ན་ནི་དེ་ནས་གཞོན་ནུ་མ་ལ་མཆོད་སྦྱིན་བྱེད་པས་འཁྲིག་པར་བྱ་སྟེ། ཇི་ལྟར་ས་ཀུ་ནི་ལ་གནོད་པ་བྱས་ན་ཀུ་ཅོ་འདོན་ཅིང་རྒོལ་བར་བྱེད་པ་ལྟར་དེ་ཡང་ཀུ་ཅོ་འདོན་པར་བྱེད་བརྡག་པར་བྱེད་ཀྱང་དེ་ཉིད་ཀྱི་ནང་དུ་སྔར་ཇི་ལྟར་བསྟན་པ་ལྟར་ས ་བོན་བླུག་པར་བྱའོ། །དེ་ལ་བདག་པོས་ཡང་སྨྲས་པ། གང་ལས་སྐྱེས་བུའི་ས་བོན་འབྱུང་བ་འདི་ལ་ཁྱོད་དགའ་བར་གྱིས་ཤིག་།འདི་ནི་ཁྱོད་ཀྱི་ཡིན་ནོ། །གང་བརླ་གཉིས་ཀྱི་བར་ན་གནས་པའི་ཁྱོད་ཀྱི་ཉེར་གནས་ཞེས་བྱ་བའི་འདིའི་ནང་དུ་ངའི་ཕོ་མཚན ་འདིས་?་པར་བྱའོ། །ཞེས་བྱ་བ་བསྟན་པ་དང། ཆང་བཏུང་བར་ཡང་བསྟན་ཏེ། ནོར་བུ་སྐུད་པ་ལ་བསྐུས་པའི་མཆོད་སྦྱིན་པར་ཏ་ཀའི་དུམ་བུ་ལས་འཆང་འདི་འཐུངས་ཀྱང་ཉམས་པར་མི་འགྱུར་ཏེ། འདི་ནི་སྐྱེ་དགུའི་བདག་པོས་སྟོབས་བསྐྱེད་པ་ཡིན་ནོ། ། ་ཞེས་འདི་ལྟ་བུར་རིག་ནས་ཆང་འཐུང་བ་ནི་སྐྱེ་དགུའི་བདག་པོས་སྟོབས་བསྐྱེད་པར་བྱས་པ་ཉིད་ཡིན་ནོ། །ཞེས་བསྟན་པ་དང་བསྐུར་བར་ཡང་འབྱུང་སྟེ་།དྲན་པར་བྱེད་པའི་བརླབ་པའི་འཁོར་ལོ་ལས། ཉི་མ་བདུན་དུ་ལྟོགས་ན་དམངས་རིགས་ཀྱི། ཉི་མ་བཅུ་གཉིས ་པ་ལ་རྗེའུ་རིགས་ཀྱི། ཟླ་ཕྱྡ་ཡིན་ན་རྒྱལ་རིགས་དག་གིའོ། །སྲོག་ལ་ཐུག་ན་ལན་གཉིས་སྐྱེས་པའོ། །གང་དག་སྲོག་ནི་གཟུང་བའི་ཕྱིར། །སྡིག་པའི་ལས་དག་བྱེད་པ་དེ། །དེ་ནི་ཆོས་འདོད་མིན་ཞེས་བྱ། །རྒུ་དུས་ཆོས་འདི་ཤེས་པར་བྱ། ་ཞེས་བྱ་བ་དང། དེ་བཞིན་དུ་འདི་དག་ཐམས་ཅད་ནི་ཚངས་པས་བྲམ་ཟེའི་དོན་དུ་བསྐྱེད་པ་ཡིན་པར་འདོད་ལ། བླ་མ་ཟེའི་སྟོབས་དང་བྲལ་བར་གྱུར་པས་དམང་རིགས་ཀྱིས་ཀྱང་ཡོངས་སུ་སྤྱོད་པ་ཡིན་ནོ། །དེ་ལྟ་བས་ན་བྲམ་ཟེ་རང་གི་རྫས་རང་གིས ་སྤྱོད་ཅིང་འཛིན་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དང། བརྫུན་དུ་སྨྲ་བ་ཡང་འདི་ལྟར་འབྱུང་སྟེ། ཁྱོད་ཀྱི་མས་ཀྱང་རྗེས་སུ་གནང། མས་ཀྱང་རྗེས་སུ་གནང། སྤུན་ཟླས་ཀྱང་རྗེས་སུ་གནང། མངལ་གཅིག་པས་ཀྱང་རྗེས་སུ་གནང། རིགས་གཅིག ་པས་ཀྱང་རྗེས་སུ་གནང་ཞིང། དེ་དག་གིས་འདི་ལྟར་འདོད་པ་ཡིན་པས་ཁྱོད་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་སྨྲ་བར་བྱེད་ཀྱང། བྱོལ་སོང་རྣམས་ནི་སེམས་ཀུན་ཏུ་སྨོངས་པ་ཡིན་པས་གནང་བ་སྟེར་བ་ཡང་རིགས་པ་མ་ཡིན་ལ། རང་གིས་དགེ ་བའི་ལས་བྱས་པ་མེད་པར་མཐོ་རིས་སུ་འགྲོ་པ་ཡང་མེད་དོ། །མཆོད་སྦྱིན་དེ་ཉིད་དུ་བྱོལ་སོང་ལ་འདི་སྐད་ཀྱང་རྗོད་པར་བྱེད་དེ། ཁྱོད་ཀྱིས་སྲོག་ནི་རླུང་དུ་འགྱུར་པ་ཡིན། ཁྲག་ཆུར་ཡིན། རུས་པ་ནི་སར་ཡིན། ཡིད་ནི་ཟླ་བར་ཡིན། མིག ་ནི་ཉི་མར་ཡིན། ལྷ་གང་ཡིན་པ་དེ་ནི་ནམ་མཁར་ཡིན་ནོ། །ནམ་མཁར་ཡིན་ནོ་ཞེས་སྨྲ་བར་བྱེད་པ་དང། དེ་བཞིན་དུ་སྦྱིན་སྲེག་མཁན་པོས་རྟ་གསོད་པར་བྱེད་པ་ན་འདི་ལྟ་བུའི་སྔགས་བརྗོད་ཅིང་སྨྲ་བར་བྱེད་དོ། །ཁྱོད་འདིར་གོད་ཅིང་འཆིང་བ ་མ་ཡིན་གྱི། འདི་ལྟ་བུར་སྤྱོད་པ་དང་བྲལ་བ་ལྷའི་གནས་སུ་སྡེན་བྱས་པའི་ལས་བཟང་པོས་སྙིང་དུ་སྡུག་པ་དང་གྲོགས་རྣམས་དང་ལྷན་ཅིག་ཏུ་མཆོད་སྦྱིན་ལ་སོགསྤའི་གནས་ཉི་མས་སྦྱིན་པར་བྱེད་དོ། །ཞེས་རྣམ་པར་འཚེ་བར་བྱེད ་བཞིན་དུ་ཡང་ཁྱོད་འཆི་བར་མི་འགྱུར་རོ་ཞེས་བརྫུན་དུ་སྨྲ་བར་བྱེད་དོ། །བྱོལ་སོང་ཉོན་མོངས་དེས་དེའི་དོན་ཡང་གོ་བར་མི་འགྱུར་རོ། །དེ་བཞིན་དུ་མཆོད་སྦྱིན་གྱི་ཆོ་ག་ལས་འདི་སྐད་སྨྲས་ཏེ། འདིར?་བདག་གིས་མེ་ལ་མཆོད་སྤྱིན་བྱས་སོ། །སྲོག་གི་མཐར་ཐུག་པ་རྣམ ་འདོད་འཇོའི་བ་འམ་ལྷའི་བུ་མོར་འགྱུར་རོ། །བཅིངས་པ་མཐར་ཐུག་པ་རྣམས་གཅིག་གམ། བཅཱུམ། བརྒྱ་འམ། སྟོང་ང། ཁྲི་འམ། འབུམ་འམ། བྱེ་བ་འམ། དུང་ཕྱུར་རམ། ས་འདི་འམ། མཐོ་རིས་ལ་དབང་བར་འགྱུར་རོ་ཞེས་སྨྲ་ཡང་སྲེག་སྦྱིན་བྱས ་པའི་སྲོག་མཐར་ཐུག་པ་དེ་རྣམས་འདོད་འཇོའི་བར་འགྱུར་བ་འམ། ལྷའི་བུ་མོར་འགྱུར་བ་མ་ཡིན་ཏེ། སེམས་པ་དང་བྲལ་བའི་ཕྱིར་རོ། །ཡང་དེ་ལས་འཁྲི་ཤིང་ཉི་མ་ཞེས་བྱ་བ་རྡོས་བརྡུང་བ་ནི་རིག་བྱེད་བཀླགས་ན་དེ་ཉན་པར་བྱེད་དོ་ཞེས་སྨྲ་བར་བྱེད་ལ། །རྡོ་ལ་ནི ་རྣ་བའི་དབང་པོ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྤྲང་རྩི་མྱང་བར་བྱེད་པ་དང། བག་སྣ་བྱེད་པ་དང། མངལ་ཉེ་བར་ལེན་པ་དང། བུ་བཙས་པ་དང། མཆོད་སྤྱིན་གྱི་དུས་སུ་བརྗོད་པ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་གྱི་འབྲས་བུ་ཡོད་པ་མ་ཡིན་གྱི། ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ནི་རྫུན་དུ་སྨྲས་པ་ཡིན་ནོ། །རིག་བྱེད་ལས་སྨྲས་པ་བལ་ཆེར་ནི་འབྲེལ་པ་མེད་པའི་དག་བཀྱལ་པ་མང་དུ་བརྗོད་པ་ཡང་ཡིན་ཏེ། འདི་ལྟར་ལྷ་ཚངས་པས་ནི་ཁྱོད་བསྐྱེད་དོ། །ཐ་སྐར་གྱི་?་ནི་དཔུང་པ་ཡིན་ནོ། །རྒྱལ་ནི ་ལག་པ་དག་གོ་།ེ་ལྷ་མཆོད་པའི་ཁས་ནི་ཁྱོད་བླངས་སོ། ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་བུའི་སྦྱིན་བདག་བསླུ་བ་འབའ་ཞིག་གི་ཕྱིར་བཅོས་མ་བྱས་པ་ཡིན་ཏེ། ལྷ་ཚངས་པས་ཅི་ལྟར་དེའི་ཕྱིར་གསོལ་བ་འདེབས་པའི་བྱ་བ་བྱེད་ཅིང། ཅི་ལྟར་དེ་དང་ཉེ ་བར་འོང་བར་འགྱུར། །དེ་བཞིན་དུ་བདག་དང་གཞན་གཉིས་ཀྱིས་མཉམ་དུ་གླུར་ལེན་པར་བྱེད་དེ། འདི་ལྟར་ཚངས་པ་དེ་ནི་རྒྱ་ཆེར་གཙང་བར་བྱེད། སྭ་ཏེ། ཧེ་ཧེ་ཧེ། ཧོ་ཧོ་ཧོ། ཧཱ་ཧཱ་ཧཱ། ཨི་ཧི་ཨའི། གཙོ་བོ་མིན་པ་ལུས་ཀུན་ཏུ་སྣ་ཚོགས་ལྷ་དེ། ཧཱོ་ཧཱོ་ཧཱོ། ་ཨཱ་ཧཱ་།ཱ་ཧཱ། ཨཱ་ཧཱ། ཧཱ་ཧཱ་ཧཱ། ཨཱ་ཨཱ། ཧཱ་ཧཱ་ཧཱ། ཞེས་བྱ་བ་ལ་སོགས་པ་དོན་མེད་པའི་ཚིག་ཉི་ཚེ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་རྟ་དག་གི་མཆོད་སྦྱིན་ལས། མཆོད་སྦྱིན་བྱེད་པས་ཆུང་མ་ལ་འདི་སྐད་དུ། སྐྱེས་བུ ་གཞན་ལེ་པར་ཞོན་ཞིང་འགྲོ་བ་ཁྱོད་ཅེས་གཤེ་བར་བྱེད་ཅིང་ཁྲོས་ནས་རྟའི་ཕོ་མཚན་དེའི་མཚན་མར་འཛུགས་ཤིང་སུན་འབྱིན་པར་བྱེད་དོ། །གཞན་ཡང་བདག་གིས་འདི་ལྟར་ཐོས་ཏེ། མཆེད་སྦྱིན་ཤིང་ཤུན་ཞེས་བྱ་བ་སུ་ལ་ཡང་རིག་བྱེད་སྨྲ་བར་བྱེད་པའི ་བྲམ་ཟེ་མོ་དང་རྩོད་པ་ལས་དེ་རྒྱལ་བར་གྱུར་ཏོ། །དེ་ནས་དེས་དེ་དང་འཁྲིག་པ་སྤྱད་པ་ལས། ཨ་ཤྭད་ཐའི་འབྲས་བུ་ཟ་བ་སྐྱེས་ཏེ། དེ་རིག་བྱེད་ཀྱི་སློབ་དཔོན་ཡིན་ཞེས་གྲག་གོ་།དེ་བཞིན་དུ་ཡ་མུ་ནའི་ཆུ་བོའི་གླིང་གི་བར་དུ་དྲང་སྲེང་པ ་ར་ཤ་དེ་ཚུལ་ཁྲིམས་ཉམས་ནས་ཉ་པའི་བུ་མོ་ལྟོབས་ཀྱིས་བླང་ནས་འདོད་པ་སྤྱད་པ་ལས་དྲང་སྲོང་བྱས་སྐྱེས་སོ། །དེ་རིམ་གྱིས་ཀཽ་ཤི?་ཞེས་བྱ་བའི་ཚོགས་ཅན་མ་དང་འདོད་པ་སྤྱད་པ་ལ་དྲང་སྲོང་ནེ་ཙོ་ཞེས་བྱ་བར་སྐྱེས་སོ། །དེའི་རྐང་པའི་རྟིང ་པས་དེའི་མགོ་ལ་རྒྱབ་པ་དང། དེས་སྨྲས་པ། མཛེས་ཁྱོད་ཕྲག་དོག་གིས་བསྔམས་ནས། རོ་སྨད་ལྕིད་ཁུར་རྐང་པ་ཡིས། །བདག་གི་མགོ་བོར་བརྒྱབ་པ་ནི། །ེ་མའོ་བདག་ནི་རྗེས་སུ་གཟུང། །གང་བདག་འདོད་པས་སྐེམ་གྱུར་ནས། །སྨད་མཛེས ་མདངས་ལྡན་མ་ཁྱོད་ལ། །གཞོལ་ནས་རྐང་པས་བརྒྱ་བ་གྱུར་པས། །བདག་གི་ཅི་ཞིག་ཐོབ་མ་གྱུར། ཞེས་བྱ་བ་ལ་སོགས་པ་གྲག་པར་ཐོས་ཏེ་།དེ་ལྟར་ཚངས་པར་སྤྱོད་པ་མ་ཡིན་པ་འདོད་པ་ལ་ཞེ་ན་ཅིང་ཆགས་པ་འཆུམས་པས། རིག ་བྱེད་གཅིག་དུམ་བུ་བཞིར་བྱས་པ་ཡིན་ནོ་ཞེས་གྲག་གོ་།དེའི་ཕྱིར་ན་ཇི་ལྟར་ན་རིག་བྱེད་སྐྱེས་བུ་དམ་པ་མ་ཡིན་པས་བྱས་པ་མ་ཡིན། འདི་ལྟར་བརྗོད་པར་ཡང་བྱ་སྟེ། རིག་བྱེད་ནི་ཆོས་རྟོགས་པ་ལ་ཚད་མར་གྱུར་པ་མ་ཡིན་ཏེ། འཚེ་བ་དང ་ཚངས་པར་སྤྱོད་པ་མ་ཡིན་པ་དང། ཆང་འཐུང་བ་ལ་སོགས་པ་གསལ་བར་བྱེད་པ་དང། རྗེས་སུ་མཐུན་པའི་ཚིག་བརྗོད་པའི་ཕྱིར་རྔོན?་པ་དང། པར་སིག་པ་ལ་སོགས་པ་འཚེ་བ་ཆོས་སུ་སྨྲ་བའི་ཚིག་བཞིན་ནོ། །དབུས་ཀྱི་མཆོད་སྦྱིན་གྱིས་ལ་སོགས ་པར་བྱོལ་སོང་བསང་པས་ཆོས་སྒྲུབ་པ་མ་ཡིན་ཏེ། གནོད་སེམས་སྔོན་དུ་སོང་བ་ཡིན་པའི་ཕྱིར་བསྐྱེད་ནས་གསོད་པར་བྱེད་པའི་སེམས་བཞིན་ནོ། །རིག་བྱེད་ནི་ཆོས་རྟོགས་པ་ལ་ཚད་མར་གྱུར་པ་མ་ཡིན་ཏེ། གང་གི་ཕྱིར་བགྲོད་པར་བྱ་བ་མ་ཡིན་པ་ལ་ཡང ་བགྲོད་པར་བྱ་བར་ཉེ་བར་སྟོན་པའི་ཕྱིར་མེད་པ་པ་དང། པར་སིག་གི་བསྟན་བཅོས་བཞིན་ནོ། །ཡང་ན་འདོད་པ་དང་གནོད་སེམས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་སླུས་བྱེད་པའི་བསྟན་བཅོས་བཞིན་ནོ། །གལ་ཏེ་ཡང་རིག་བྱེད་ལས་བསྟན་པའི་འཚེ ་པ་ནི་མི་འདོད་པའི་འབྲས་བུ་འབྱུང་བ་མ་ཡིན་ཏེ། སྔགས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར། དུག་ཉེ་བར་ལོངས་སྤྱོད་པར་བྱེད་པ་བཞིན་ནམ། བསྟན་བཅོས་ལས་འབྱུང་བ་ཡིན་པའི་ཕྱིར་སྦྱིན་པ་བཞིན་ནོ་ཞེས། ཚད་མ་གཉིས་ཉེ་བར་དགོད་པར ་བྱས་པ་དེ་ལ་སློབ་དཔོན་གྱིས་ལན་སྨྲས་པ། གལ་ཏེ་གནོད་སེམས་མི་འདོད་པའི། །འབྲས་བུ་མི་འབྱིན་འདོད་པའི་འབྱིན། །སྔགས་ཀྱིས་གཟུང་ཕྱིན་དུག་སྤྱོད་བཞིན། །བསྟན་བཅོས་ལས་འབྱུང་བ་ཡིན་འབྱུང་ཕྱིར་སྦྱིན་པ་བཞིན། ཞེས་བྱ་བ་སྟེ། གལ་ཏེ་སྡིག ་པའི་བདག་ཉིད་ཅན་ཡིན་ན་ཡང་སྔགས་ཀྱིས་ཡོངས་སུ་བཟུང་བའི་དུག་ཐོས་པ་ན་ནད་ལ་ཕན་པར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་གང་དང་གང་བསྟན་བཅོས་ལས་འབྱུང་བ་དེ་ནི་འདོད་པའི་འབྲས་བུ་སྟེར་བ་ཡིན་ཏེ། དཔེར་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས ་པ་བཞིན་ཏེ། ལོངས་སྤྱོད་དང་མཐོ་རིས་ལ་སོགས་པ་འཐོབ་པར་བྱེད་བ་ཡིན་ནོ་ཞེ་ན། དེ་ལ་འདི་ཡང་སྐྱོན་དང་བཅས་པ་ཡིན་ཏེ། སྔགས་སོགས་ཕྱེ་མས་བཀུག་པ་ཡིས། །བགྲོད་མིན་ལ་ཡང་བགྲོད་བྱ་གང། །སྔགས་བསྟན་ཆང་བཏུང་ཕྱི་མ་ཡང། །དེ ་ནས་མ་ངེས་པ་ཉིད་ཡིན། ཚད་མའི་སྦྱོར་བ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྔགས་ཀྱིས་ཡོངས་སུ་བཟུང་བ་ཡིན་པའི་ཕྱིར་དྲུག་ལ་ཉེ་བར་ལོངས་སྤྱོད་པ་བཞིན་དུ་ཅི་འཚེ་བ་འདི་འདོད་པའི་འབྲས་བུ་འབྱུང་བ་ཞིག་ཡིན་ནམ ་འོན་ཏེ་འདིར་སྔགས་དང་ཕྱེ་མ་ལ་སོགས་པས་བཀུག་པའི་མ་དང་སྲིང་མོ་ལ་སོགས་པ་བཀུག་པ་ལ་འཁྲིག་པ་སྤྱད་པ་བཞིན་དུ། འཚེ་བ་འདི་མི་འདོད་པའི་འབྲས་བུ་འབྱིན་པ་ཅིག་ཡིན་ཞེས་བྱ་བ་དང། དེ་བཞིན་དུ་བསྟན་བཅོས་ལས་འབྱུང་བ ་ཡིན་པའི་ཕྱིར་འཚེ་བ་འདི་སྦྱིན་པ་བཞིན་དུ་འདོད་པའི་འབྲས་བུ་སྟེར་བ་ཞིག་ཡིན་ནམ། འོན་ཏེ་འདིར་ཆང་འཐུང་པ་བཞིན་དུ་མི་འདོད་པའི་འབྲས་བུ་སྟེར་བ་ཞིག་ཡིན་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ཏེ་།མཆོད་སྦྱིན་གྱི་དུས་སུ་ནི་ཆང་བཏུང ་བར་རྗེས་སུ་གནང་ལ། ཡང་དེ་ཉིད་ཤིན་ཏུ་དགག་པ་བྱས་པ་ཡང་ཡིན་ནོ། །དེ་ལྟ་བས་ན། བློ་སྔོན་མ་སོང་བྱ་བ་ཡིས། །དུག་ཟོས་ན་ཡང་འཆི་བྱེད་ལ། །ལས་ནི་བློ་སྔོན་མ་སོང་ལ། །འབྲས་བུ་འབྱིན་པར་མ་བསྟན་ཏོ། །དུག་ནི་ཟོས་པ་ཙམ་ཉིད་ཀྱིས།། ་བྱ་བ་མེད་ཀྱང་འཆི་བ་བྱེད་པ་ཡིན་གྱི་སྦྱོར་བ་དང་བཅས་པ་འབའ་ཞིག་གིས་ནི་མ་ཡིན་ནོ། །ལས་ནི་དེ་ལྟ་བུ་ཉིད་ཡིན་པར་མི་འགྱུར་རོ། །དེ་ཉིད་ཕྱིར་ན་དུག་གི་དཔེ་།མཐུན་པ་མིན་པས་རིགས་ལྡན་མིན། །དེས་ན་སྔགས་ཀྱིས་ཕྱུགས་གསོད་པ། །རིགས་པ ་མིན་པར་རྟོགས་པར་བྱ། གཞན་ཡང། ཚེ་ཡི་བར་དུ་གཅོད་བྱེད་ཕྱིར། །སྔགས་ཀྱིས་བཟུང་བར་འདོད་པ་ཡི། །འབྲས་བུ་འབྱིན་པར་མི་འདོད་དོ། །དུག་མཚོན?་བསྟན་བཅོས་སྦྱོར་བ་བཞིན། །སྔགས་ཀྱིས་ཡོངས་སུ་བཟུང་བ་ཡང་མི་འདོད་པའི ་འབྲས་བུ་འབྱིན་པར་ཁོ་བོ་ཅག་འདོད་དེ། ཚེའི་བར་དུ་གཙད་པ་ཡིན་པའི་ཕྱིར་རོ། །གང་དང་གང་ཚེའི་བར་དུ་གཅོད་པར་བྱེད་པ་དེ་དང་དེ་ནི་མི་འདོད་པའི་འབྲས་བུ་འབྱིན་པ་ཡིན་ཏེ། དཔེར་ནི་དུག་དང་མཚོན་གྱི་སྤྱོད?་པས་འཚོ་བ་བྱས་པ་བཞིན་ནོ། །གཞན ་ཡང་རང་རང་གི་ལུགས་ལས་བསྟན་ཅེ་ན། འཁོར་བ་སྒྲོལ་བྱེད་པའི་ཡང་འགྲུབ། །ཐུན་མོང་གཏན་ཚིགས་སྨྲ་ཞེ་ན། །གཞན་ལ་མ་གྲུབ་པ་ཉིད་ཡིན། །བསྟན་བཅོས་ལས་འབྱུང་ཞེས་བྱ་བ་ཡང་འདིར་དཔྱད་པར་བྱ་བ་ཡིན་ཏེ། ཅི་རང་གི་བསྟན་བཅོས་ལས་བསྟན ་པ་ལ་བྱ་འམ། འོན་ཏེ་འདིར་བསྟན་བཅོས་སྤྱི་ལ་འབྱུང་བ་ཡིན། དེ་ལ་རང་གི་བསྟན་བཅོས་ཚད་མར་བྱས་ནས་ཡིན་ན་ནི་འཁོར་བ་གྲོལ་བར་གྲོལ་བར་བྱེད་པ་པའི་གྲུབ་པའི་མཛའ་དང་རིག་མཚུངས་པར་འགྱུར་ཏེ། འཁོར་བ་གྲོལ་བར་བྱེད་པ་པ་ཡང ་མཛའ་འཁོབ་དབེན་པར་སོང་ནས་འབུ་དང། གྲོག་སྦུར་དང། ཕྱེ་མ་ལེབ?་ལ་སོགས་པ་མང་པོ་གསོད་ཅིང། འདི་ལྟར་ཆོ་ག་འདིས་འཁོར་བ་ལས་གྲོལ་བར་འགྱུར་རོ་ཞེས་སྨྲ་བར་གྲག་གོ་།བསྟན་བཅོས་ཐུན་མོངས་དུ་བྱས་ནས་འབྱུང་བ་ཡིན་པར་རྟོགས ་བར་བྱེད་ན་ནི་སངས་རྒྱས་པ་ལ་གཏན་ཚིགས་ཀྱི་དོན་འདི་མ་གྲུབ་སྟེ། ཁོ་བོ་ཅག་གི་བསྟན་བཅོས་ལས་ནི་རྣམ་པ་འགའ་ཞིག་གིས་ཀྱང་འཚ་བ་དང་མཚུངསྤར་ལྡན་པ་ལས་ནི་རྣམ་པ་འགའ་ཞིག་གིས་ཀྱན་འདོད་པའི་འབྲས་བུ་འབྱིན་པར་བྱེད་པ ་བསྟོན་པ་མེད་དོ། །ཇི་ལྟར་གཞན་དག་གིས་སྨྲས་པ། གང་ཡན་སྔགས་ཀྱིས་མ་བཟུང་བའི། །བསོད་ནམས་ཅུང་ཞིག་ཅི་བྱས་པ། །དེ་ཀུན་འབྲས་བུ་མེད་འགྱུར་བ་འམ། །མི་འདོད་པ་ཡི་འབྲས་ཞེ་ན། །སྔགས་ཀྱིས་གཞན་ནི་གསོད་པ་གང། །དེ་ཡང ་སྐྱོན་མེད་ཐལ་བར་འགྱུར། །དབང་དུ་བྱེད་པའི་སྔགས་གང་གིས། །གཞན་གྱི་བུད་མེད་བསྟེན་པ་དང། །སྔགས་ཀྱི་སྟོབས་ཀྱིས་འཚེ་འགྱུར་གང། །གལ་ཏེ་གསོད་པར་མི་འདོད་ན། །གཞན་གྱི་ནོར་ནི་རྐུ་བྱེད་པ། །དེ་ཡང་སྐྱོན་བཅས་མ་ཡིན་འགྱུར།། ་གལ་ཏེ་སྔགས་སྔོན་སོང་བའི་ལས། །དེར་ནི་དགེར་འདྲོད་གཞན་མ་ཡིན། །ཞེ་ན་ལུང་ནི་འདྲ་བ་ལ། །གཏན་ཚིགས་ཁྱད་པར་སྨྲ་དགོས་སོ། །གལ་ཏེ་སྲོག་ཆགས་སྔགས་བཏབ་པས། །གང་ཡང་བཅིང་བ་མ་བྱས་ལ། །གཡོ་བ་མེད་པར་བྱ་ཞེ་ན། །དེ་ ་ལྟ་ན་ཡང་ཁྱད་པར་མེད། །གང་ཕྱིར་སྒོ་ཀུན་བསྲུབས་ནས་ནི། །བཟུང་ནས་ནུས་མེད་བྱོལ་སོང་དག་།མཚོན་ཆ་རྔོན་པོས་གསོད་པ་ལ། །དེ་ལ་སྔགས་ཀྱིས་ཅི་ཞིག་བྱ། །གལ་ཏེ་ཡང་འདི་སྐད་དུ་།རང་ཉིད་རང་བྱུང་གྱུར་པ་ཡིས། །མཆོད ་སྤྱིན་དོན་དུ་བྱོལ་སོང་བསྐྱེད། །དེས་ན་དེ་ལས་དགོས་པའི་ཕྱིར། །མཆོད་སྤྱིན་ཆོས་ཡིན་འདི་ལྟར་དཔེར། །བྲམ་ཟེའི་དོན་དུ་འཚེ་བྱེད་པ། །འདི་ལྟར་ཆོས་མིན་མིན་པ་བཞིན་ཞེ་ན། འདི་ལྟར་བརྗོད་པར་བྱ་སྟེ་།མཆོད་སྦྱིན་བྱོལ་སོང་རྣམ་བཅོས་ཀྱང། །འབྲས ་བུ་མི་འདོད་མིན་དེ་ཡི། །དོན་ཕྱིར་ཞེ་ན་བྲམ་ཟེའི་ཕྱིར། །ཅི་ལྟར་འདོད་པས་འཚེ་བྱེད་བཞིན། །མཆོད་སྦྱིན་དེའི་དོན་གང་ཡིན་པ་དེ་ནི་དེའི་དོན་ཏེ། དེའི་དོན་གྱི་ངོ་བོ་ནི་དེའི་དོན་ཉིད་དོ། །དེ་ལྟ་བས་ན་དེའི་དོན་དུ་ཞེས་བྱ་བ་ནི་རྒྱུའི་དོན་དུའོ། །དེ་ལྟར་ཕ ་རོལ་པོས་སྨྲས་པའི་ཚད་མ་ལ་རྒོལ་བའི་རྟོག་གེས་གནོད་པ་བསྟན་པའི་ཕྱིར་སྨྲས་པ། བྱོལ་སོང་སྤྱད་པའི་ཕྱིར་བསྐྱེད་དེ་།སྦྱང་བྱ་ཡིན་ཕྱིར་བུད་མེད་བཞིན། །དེ་ཕྱིར་མཆོད་སྦྱིན་ཕྱིན་མ་གྲུབ། །བྱོལ་སོང་གཏན་ཚིགས་མ་གྲུབ་ཕྱིར། །བྱོལ་སོང ་རྣམས་ནི་མཆོད་སྦྱིན་གྱི་ཕྱིར་བསྐྱེད་པ་མ་ཡིན་གྱི། འོན་ཀྱང་འདིར་དགེ་བའི་ལས་བྱས་པའི་སྤྱོད་པ་པོ་རྣམས་ཀྱི་ལས་ཉེ་བར་བསགས་པའི་དབང་གིའོ་མ་དང། མར་དང། བལ་ལ་སོགས་པ་ཉེ་བར་སྤྱོད་པའི་དོན་དུ་འབྱུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན ་སྤྱད་པར་བྱ་བ་ཡིན་པས་ན་སྤྱད་བྱ་སྟེ། དེའི་ངོ་བོ་ནི་སྤྱད་བྱ་ཉིད་དོ། །དེའི་ཕྱིར་ན་སྤྱད་པར་བྱ་བའི་ཕྱིར་ཞེས་བྱ་སྟེ། དཔེར་ན་བུད་མེད་ལ་འབྱུང་པ་དག། རྩེ་བ་དང། རེག་པ་ལ་སོགས་པ་ནི་ཉེ་བར་ལོངས་སྤྱད་པར་བྱ་བའི་ཕྱིར་ཡིན་གྱི། གསང་པའི་ཕྱིར ་ནི?་མ་ཡིན་པ་དེ་བཞིན་དུ་བྱོལ་སོང་རྣམས་ཀྱང་ཡིན་ནོ། །དེའི་ཕྱིར་ན་མཆོད་སྦྱིན་གྱི་དོན་དུ་ཡིན་པར་མ་གྲུབ་པས་དེའི་དོན་དུ་ཞེས་བྱ་བའི་གཏན་ཚིགས་གཞན་ལ་མ་གྲུབ་པ་ཉིད་ཡིན་ནོ་།དབུས་ཀྱི་མཆོད་སྦྱིན་གྱི་གནས་སུ་བསད་ན་མི་འདོད ་པའི་འབྲས་བུ་མི་འབྱུང་ངོ་ཞེས་བྱ་བ་དང། སྔགས་ཀྱིས་ཡོངས་སུ་བཟུང་ནས་བསྟན་བཅོས་ལས་འབྱུང་བའི་ཆོ་ག་བཞིན་དུ་བྱས་ན་ཡང་ཞེས་བྱ་བ་འདི་ལ་ཡང་ལན། དབུས་ཀྱི་མཆོད་སྦྱིན་གནས་བསད་ན་འང། །མ་འཁྲུལ་བསམ་བཞིན་བསད་པའི་ཕྱིར། ། ་ཕྱི་མར་བྱེད་པ་མི་འདོད་པའི། །འབྲས་བུར་འགྱུར་ཏེ་གཞན་བཞིན་ནོ། །དབུས་ཀྱི་མཆོད་སྦྱིན་གྱི་གནས་སུ་གང་བསད་པ་དེ་མ་བསད་པ་ཡིན་ནོ། ཞེས་འདོད་པ་དེ་ལ་ཡང་བྱེད་པ་པོ་ལ་མི་འདོད་པའི་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སོ།། ་བསམས་བཞིན་དུ་མ་འཁྲུལ་པར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། མ་བསམས་པར་ཡེངས་པས་བསང་ཀྱང་སྲོག་བཅད་པར་མི་འགྱུར་ལ། བྱོལ་སོང་བསད་པར་འདོད་པ་ལས་མི་བསད་པར་གྱུར་ན་འཁྲུལ་པ་ཡིན་པའི་ཕྱིར་མི་བསད་པར་མི་འགྱུར་རོ་ཏེ། དོན་དེའི་ཕྱིར་ཁྱད་པར ་གཉིས་བརྗོད་པ་ཡིན་ནོ། །དབུས་ཀྱི་མཆོད་སྦྱིན་གྱི་གནས་སུ་ཡང་སྤང་བར་བྱ་བའི་ཕྱིར་བྱ་གསོད་པ་དང། ལུག་གསོད་པ་ལ་སོགས་པ་བྱས་པའི་མི་འདོད་པའི་འབྲས་བུ་ནི་དཔེ་སྟེ། སྐྱེ་བ་གཞན་ལ་མི་འདོད་པའི་འབྲས་བུ་འབྱིན་པར་བྱེད་པ་བཞིན་ནོ། །དེ ་ཡང་ཇི་ལྟར་ངེས་རྗོད་བྱེད་པ་དགོན་པ་ན་འདི་ལྟར་འདོན་པར་བྱེད་དེ། །མ་མཐོང་པའི་མཆོད་སྦྱིན་བཅོ་བརྒྱད་བསྟན་པ་ནི་ཉམས་པ་ཡིན་ནོ་ཞེས་བྱ་བ་དང། །གཞན་ཡང་གང་ལས་འདི་ལ་རྟེན་ཅིང་མངོན་པར་དགའ་བ་དེ་ནི་རྒ་བ་དང་འཆི་བ་ཡང་འབྱུང་ཞིང་ལྟུང ་བར་འགྱུར་རོ། །གཞན་ཡང་གསུམ་ལྡན་གྱི་དུས་ན་སྣ་ཚོགས་བཟང་ཞེས་བྱ་བའི་མཆོད་སྦྱིན་ལ་དྲང་སྲོང་རྣམས་རྩོད་པར་གྱུར་པ་ན། དེར་ཨ་ཤྭད་ཐའི་འབྲས་བུ་ཟ་བ་ལ་སོགས་པས་སྨྲས་པ། བྱོལ་སོང་རྣམས་ཀྱི་མཆོད་སྦྱིན་བྱའོ་ཞེས་ཟེར་རོ།། ་སྐྲ་ཡོགས་ལ་སོགས་པས་སྨྲས་པ། བྱོལ་སོང་བསད་པར་མི་བྱའོ་ཞེས་ཟར་ཏེ། འདིར་སྨྲས་པ། གོ་བའི་མཆོད་སྦྱིན་ཤིང་ཤུན་ཅན། །འདེ?་ཤམ་པ་ན་ཞེས་བྱེ་དག་།སྔོན་འདིར་བྱོལ་སོང་བསད་བྱ་བར། །འདི་དག་གིས་ནི་ཉེ་བར་བཏགས། །དེར་ནི་གཉིས ་སྐྱེས་མང་ཐོས་ཀྱིས། །འདི་སྐད་ཟེར་བ་ཆོས་མིན་ཞེས། །དེ་ཡི་གཞུང་དེ་རབ་ཏུ་བཀག་།དེ་ལྟར་ཤིན་ཏུ་རྩོད་པར་གྱུར། །དེ་ན་ཨེ?་ལྷ་དང་སྲོང་རྒྱལ། །གཅིག་དེ་ཉིད་ཀྱིས་དབང་པོ་བྱས། །དེ་ཡིས་བདེན་པར་སྨྲས་པ་དང། །ཤ་ཟ་འདོད ་རྣམས་ཁྲོས་གྱུར་ཏེ། །གཉིས་སྐྱེས་པ་དེ་བསད་ནས་ཟོས། །ད་དུང་ས་ཀེ་ཏའི་ཡུལ་ན། །ེ་ལྷ་གཏུམས་པ་ཞོས་བྱར་སྒྲོགས། །གཉིས་སྐྱེས་གང་གིས་ཨེ་ལྷའི་ཤ་།མ་ཟོས་པ་དེ་སྤངས་གྱུར་ན། །གྲུལ་དུ་བསྙེན་པར་མ་གྱུར་ཏེ། །ད་དུང་གྲལ་མེད་པ ་ཞེས་བརྗོད། །དེ་ལས་གཞན་ཡང་དབང་པོ་ནི། །རྒྱལ་པོའི་དྲང་སྲོང་འབའ་སུ་དྲིས། །ེ་ལྷ་བསད་པས་འཇིགས་སྐྲག་ནས། །དེ་ཡི་རྫུན་གྱི་ཚིག་གཅིག་སྨྲས། །དེ་ནི་ལུས་དེས་གས་པར། །མཇུག་ཏུ་ཆོས་སྨྲ་བ་དག་གིས། །སྨྲས་པ་འདིར་ནི་བདེན་པར ་སྨྲོས། །ངན་འགྲོར་འགྲོ་བར་གྱུར་ཏ་རེ། །ཆོས་ཀྱི་ཕྱོགས་ནི་ཉམས་བྱེད་ཅིང། །ཆོས་མིན་ཕྱོགས་དག་རྒྱལ་བྱེད་པའི། །རྫུན་གྱི་ཚིག་དེས་སྨྲས་པས་ན། །རྒྱལ་དེས་གས་ནང་དུ་སོང། །རྫུན་གྱི་དབང་པོའི་བྲམ་ཟེ་ལ། །ཕན་གདགས་པར་ནི་བྱ་བའི ་ཕྱིར། །ཀུན་གྱིས་ངེས་པར་མཆོད་སྦྱིན་དུས། །ས་ལ་རྒྱུན་དག་སྒྲེད་བར་བྱེད། །ཅེས་བྱ་བ་འབྱུང་སྟེ། །དེའི་ཕྱིར་ན། མཆོད་སྦྱིན་ལ་ནི་བསོར་པ་ཡང། །མི་འདོད་པ་ཡི་འབྲས་བུ་འབྱུང། །བསམས་བཞིན་བུ་ནི་སྲོག་འཆད་པའི། །སྡུག་བསྔལ ་བསྐྱེད་ཕྱིར་གཞན་བཞིན་ནོ། །བསད་པར་བྱའོ་ཞེས་ངེས་པར་བསམ་པ་བྱས་ནས། སྲོག་འཆད་པའི་སྡུག་བསྔལ་འདི་ལ་ཡོད་པས་སྲོག་འཆད་པའི་སྡུག་བསྔལ་ལོ། །དེ་བསྐྱེད་པ་ནི་རྒྱུ་སྟེ་སྲོག་འཆད་པའི་སྡུག་བསྔལ་བསྐྱེད་པའི་འོ། །དཔེར ་ན་འཐབ་མོ་དང། གཡུལ་ངོར་མཚོན་གྱིས་བརྒྱབ་ནས་བསད་པ་མི་འདོད་པའི་འབྲས་བུ་བསྐྱེད་པ་ཡིན་པ་ལྟར་མཆོད་སྦྱིན་ལ་བསད་པ་ཡང་དེ་བཞིན་ནོ། །ཡང་ཅིའི་ཕྱིར་མི་འདོད་པའི་འབྲས་བུ་ཅན་ཡིན་པར་འདོད་ཅེ་ན། སྨྲས་པ། བྱ་བ ་ཇི་ལྟར་བྱས་པ་ལས། །དེ་འདྲའི་འབྲས་བུ་ལུས་ལ་མཐོང། །བྱེད་པོ་དེ་འདྲའི་མ་མཐོང་ཡང། །བསང་བ་ཡིན་ཕྱིར་གཞན་བཞིན་ནོ། །གང་ལ་སྲོག་དང་བྲལ་བའི་སྡུག་བསྔལ་ལུས་འདི་ཉིད་ལ་སྡུག་བསྔལ་དུ་གྱུར་པ་མཐོང་བ་དེ་བཞིན་དུ་ཇི་ལྟར་མཆོད་སྦྱིན ་ལ་བྱས་པ་ཡིན་ཡང་མི་དགེ་བའི་ལས་ཉེ་བར་བསགས་པ་ཡོངས་སུ་སྨིན་པར་ཐོབ་པར་གྱུར་པ་ལས་དེ་དང་འདྲ་བའི་སྲོག་དང་བྲལ་བའི་སྡུག་བསྔལ་གྱི་བདག་ཉིད་ཀྱི་འབྲས་བུ་སྐྱེ་བ་གཞན་བརྒྱ་སྟོང་མང་པོར་མངོན་པར་འགྲུབ་པར་འགྱུར་ཏེ། དཔེར་ན་བྲམ ་ཟེའི་སྲོག་བཅད་ཅིང་བསད་པ་ལ་སོགས་པ་བཞིན་ནོ། །འདིར་བྲམ་ཟེ་སྐྱེད་བྱེད་ཀྱི་ཡལ་ག་ལས་སྨྲས་པ་།སྔོན་དུས་གཉིས་ལྡན་འཇིག་རྟེན་འདི། །ཐམས་ཅད་འཚེ་བ་མེད་པར་གནས། །དེས་ན་དོན་ལ་བསྡུ་གྱུར་བས། །བྱོལ་སོང་དག་ནི་བསད་པ་ཉིད།། ་ཆོས་ལྡན་ཨེ་ལྷ་བསད་བྱས་ཤིང། །སྔོན་གྱི་རིག་བྱེད་པོར་ནས་ནི། །རྫས་ཀྱི་དོན་དུ་རིག་བྱེད་ཀྱང། །རིགས་ལས་གཞན་དུ་སྒྲུབ་པར་བྱེད། །འཇིག་རྟེན་འཇུག་པར་བྱ་བའི་ཕྱིར། །མ་ཁྱབ་རིགས་པ་མི་ལྡན་པ། །ཁྱིམ་པའི་དངོས་པོ་ལ་དགའ་བས།། ་ཆགས་དང་འདོད་པའི་དབང་དུ་གྱུར། །བསམ་གཏན་བྱེད་པ་མི་ནུས་ཕྱིར། །དགོན་པར་གནས་པའི་ཆོ་ག་སྤངས། །དེ་ལས་འགའ་ཞིག་དཀའ་ཐུབ་སྟེ། །དེ་བཞིན་འགའ་ཞིག་མེ་ལ་བརྟེན། །གཞན་པ་དག་ནི་མཚོན་སྦྱིན་བརྩོམ། །བདག ་ཀྱང་མཆོད་ཅིང་གཞན་ལ་བསྐུལ། །སྡིག་ཅན་རྨོངས་པ་འབྲས་བུ་འདོད། །ཐོས་མང་དག་ལ་སྨོས་བྱེད་ཅིང། །ཆགས་པས་རྨོངས་པ་དག་ལ་བརྟེན། །ལས་ངན་ཆོས་སུ་འདུ་ཤེས་ཤིང། །དེ་དག་རྣམས་ཀྱི་བྱ་བ་བརྩོམ། །རྒྱལ་པོ་དེ་ནི་བདག ་མི་འདོད། །ཚངས་པ་ནས་བརྩམ་དམྱལ་པའི་བར། །སྲོག་ཆགས་ཀུན་ལ་སྲོག་འཕངས་ན། །གཞན་གྱི་དེ་ནི་བཅད་བྱས་པས། །ཇི་ལྟ་བུར་ན་བདེ་བར་གྱུར། །འབྱུང་པོ་རྣམས་ནི་བདེ་འདོད་ལ། །འཇིག་རྟེན་ཀུན་ནི་སྡུག་བསྔལ་ལྡན། །གང ་ལ་མང་དུ་གནོད་བྱས་ན། །དེ་བདེའི་སྣོད་དུ་ཇི་ལྟར་འགྱུར། །ཞེས་པ་སྨྲས་བ་འབྱུང་བ་དང། མྱོས་འགྱུར་བརྡུང་སོགས་ཀྱང་བཤད་པ། །ཇི་ལྟར་བསྟན་བཞིན་སྤང་བྱ་སྟེ། །ངེས་ན་མྱོས་འགྱུར་བསྟེན་མི་བྱ། །མྱོས་པར་འགྱུར ་ཕྱིར་མྱོས་སོགས་བཞིན། །མཆོད་སྦྱིན་ལ་ཆང་འཐུང་བ་ཡང་མི་འདོད་བའི་འབྲས་བུ་འབྱུང་བ་ཡིན་ཏེ། མྱོས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རྨོངས་པ་མྱོས་ཆད་ལ་དགའ་བ་བཞིན་ནོ། །དེའི་ཕྱིར་མཆོད་སྦྱིན་ནམ། གཞན་དུ་ཡང་རུང་ཐམས ་ཅད་དུ་མྱོས་པར་འགྱུར་བ་བསྟེན་པར་བྱ་བ་མ་ཡིན་ཏེ། མྱོས་པར་འགྱུར་བ་བསྐྱེད་པ་ཡིན་པའི་ཕྱིར། །ད་རུ་རའི་ཨ་ག་ཏའི་མེ་ཏོག་ལ་སོགས་པ་བཞིན་ནོ། །གལ་ཏེ་སྔགས་ཀྱིས་ཡོངས་སུ་བཟུང་བའི་མྱོས་པར་འགྱུར་བ་ནི་མཆོད་སྤྱིན་གྱི ་དུས་སུ་སྐྱོན་མེད་པ་ཡིན་ཞེ་ན། མཆོད་སྦྱིན་སྔགས་ཀྱིས་ལོངས་བཟུང་བའི། །མྱོས་འགྱུར་སྐྱོན་མེད་མ་ཡིན་ཏེ། །མྱོས་ཕྱིར་དཔེར་ན་གཞན་བཞིན་ཏེ། །སྔགས་ཀྱིས་བཏབ་པས་མཐོང་བ་བཞིན། །མཆོད་སྦྱིན་གྱི་དུས་ཀྱི་སྔགས ་ཀྱིས་ཡོངས་སུ་བཟུང་བའི་ཡང་མྱོས་པར་འགྱུར་བ་ཡང་སྐྱོན་མེད་པ་མ་ཡིན་པ་ཉིད་ཡིན་ཏེ་།མྱོས་པར་འགྱུར་བའི་ནུས་པ་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་ལ་དེའི་དྲི་དང་རོ་དང་མྱོས་པར་འགྱུར་བ་མེད་པར་གྱུར་ན་ནི་འཐུང་བར་ཡོང ་སུ་ཡང་འདོད་པར་མི་འགྱུར་བ་ཞིག་ན། དྲི་དང་རོལ་མངོན་པར་ཆགས་བ་ཉིད་ཀྱིས་དེར་དེ་དག་འཐུང་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་ན་ཆང་ལ་དགའ་བ་ལ་སོགས་པ་རྣམས་སྔགས་བཟླས་ནས་མྱོས་པར་འགྱུར་བ་འཐུང་བ་བཞིན་དུ་སྐྱོན་དང ་བཅས་པ་ཉིད་ཡིན་ཏེ། །མྱོས་པར་བྱེད་པ་དང་མ་བྲལ་བའི་ཕྱིར་རོ། །གང་ཡང་འདི་སྐད་དུ། རིག་བྱེད་ཀྱི་ལུང་མེད་ན་སྔོན་མེད་བ་ལ་སོགས་པ་རྟགས་མ་མཐོང་བ་རྣམས་རྟགས་པར་མི་འགྱུར་རོ། ཞེས་ཟེར་བ་དེ་ལ་ཡང་འདོད?་ནད? ་ནི་མཐོང་བ་མེད་ཅེས་ཏེ། །གལ་ཏེ་མཐོ་རིས་སོགས་མི་ངེས། །ཞེ་ན་རྟགས་ལས་རྗེས་དཔག་དེ། །ངེས་བས་ངེས་བ་མིན་ནམ་ཅི། །འདི་ན་ལ་ལ་ནི་རྟགས་དང་འབྲེལ་བ་ངེས་པར་མཐོང་བ་གཟུང་བར་བྱ་བ་ཡིན་ཏེ། ཇི་ལྟར་གཟུགས་དང། སྒྲ་དང། དི་དང། ་རོ་དང། རེག་བ་ལ་སོགས་པའོ། །ལ་ལ་ནི་རྗེས་སུ་དཔག་པས་ཡིན་ཏེ། ཇི་ལྟར་དུ་བ་ལས་མེ་ཡོད་པ་ཉིད་ལྟ་བུའོ། །དེ་བཞིན་དུ་ཟླ་བ་དང། ཉི་མ་དང། སྐར་མ་ལ་སོགས་པ་མཐོང་བ་ལས་དེ་ལས་གཞན་པའི་མཐོ་རིས་ཀྱང་ཡོད་པར་ཤེས་ལ། བདེ་བ་ཉིད ་དང། སྡུག་བསྔལ་ཉིད་དང། རིགས་དམན་པ་དང། རིགས་མཆོག་དང། ཕྱུག་པོ་དང། དབུལ་པོ་ལ་སོགས་པའི་སྐྱེ་བོ་མཐོང་བ་ལས་སྔོན་མེད་བ་ཡོད་པ་ཉིད་དུ་ཤེས་ཏེ། ཡུལ་ལ་ཆགས་པ་སྤངས་པ་ལས་འདི་ཉིད་དུ་ཡང་ཡོན་ཏན་དང་ལྡན་པ ་མཐོང་ལ་ཡུལ་ལ་ཆགས་པ་དང་བཅས་པར་གྱུར་པའི་ཕྱེ་མ་ལེབ་དང། སྤྲང་མ་དང། གླང་པོ་དང། འདོད་པ་དང་ལྡན་ངའི?་སྐྱེས་བུ་རྣམས་ཀྱིས་སྐྱོན་མཐོང་བ་ལས་ངན་འགྲོ་ཡང་ཡོད་པ་ཉིད་དུ་རྗེས་སུ་དཔག་ཅིང་ངེས་པར་གཟུང་བར་བྱའོ།། ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་གསུངས་པ་བདེན་པར་མཐོང་བ་ཉིད་ཀྱིས་དེ་ལས་རྗེས་སུ་དཔགས་ན་མཐོ་རིས་དང་ཐར་པ་ཡང་ཡོད་པ་ཉིད་དོ་ཞེས་བསྟན་པ་ཡང་བདེན་པར་འགྱུར་བས་རྗེས་སུ་དཔག་པ ་དང་བྲལ་བའི་ལུང་འབའ་ཞིག་གིས་ནི་མཐོ་རིས་དང་སྔོན་མེད་པ་ལ་སོགས་པའི་དངོས་པོ་གཏན་ལ་དབབ་པར་མི་ནུས་སོ། །ངེས་ན་འདི་ལྟར་རྗེས་སུ་དཔག་པ་ཉིད་ཀྱིས་མཐོ་རིས་ལ་སོགས་པ་གཏན་ལ་ཕེབས་པར་ཅིའི་ཕྱིར་མི་འགྱུར་ནས། །རིག་བྱེད ་བཏགས་པས་ཅི་ཞིག་བྱ། །གང་ཡང་སྔར་སྒྲ་རྟག་པ་ཉིད་དུ་བསྒྲུབ?་པར་བྱ་བའི་ཕྱིར་རོ་བསྒྲུབ་པ་བྱ་བ་དེ་སུན་དེ་བྱུང་བའི་ཕྱིར་སྨྲས་པ། ལན་ཅིག་འཇུག་ཕྱིར་ཤེས་བྱ་འདིར། །མར་མེའང་ལན་ཅིག་ཉིད་འཇུག་པས། །གཏན་ཚིགས་མ་ངེས་ཉིད་ཡིན ་ཕྱིར། །སྒྲ་ཡི་རྟག་པ་ཉིད་ཀྱང་བརྫུན། །མར་མེ་ཡང་རབ་ཏུ་འབར་བ་དང་པོ་ཉིད་ཀྱིས་མཐོང་བར་འདོད་པའི་དོན་མཐོང་བར་འགྱུར་གྱི།། །།དེ་ལ་འབར་བ་གཉིས་ག་ལ་བལྟོས་པའམ་ཡིན་ནོ། །དེ་ལ་ལན་ཅིག་འཇུག་པ་ཡིན་པས ་ཅི་མར་མེ་བཞིན་དུ་སྒྲ་འདི་མི་རྟག་པ་ཉིད་དུ་འགྱུར་བ་ཞིག་ཡིན་ནམ། འོན་ཏེ་ལན་ཅིག་འཇུག་པ་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་དུ་རྟག་པ་ཞིག་ཡིན་པར་འགྱུར་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ཏེ། དེས་ན་སྒྲ་ནི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མ ་ངེས་པ་ཉིད་ཡིན་ཏེ། དེས་ན་སྒྲ་ནི་རྟག་བ་འདི་ཡིན་ནོ་ཞེས་བྱ་བ་ཉམས་པ་ཡིན་ནོ། །གཞན་གྱིས་ཉེ་བར་བཀོད་པའི་རྗེས་སུ་དཔག་པ་སུན་དགྱུང?་བ་བྱས་ནས་རང་གི་ཚད་མ་ཉེ་བར་འགོད་པར་བྱེད་པ་ནི། ཡོད་ཕྱིར་སྒྲ་ནི་མི་རྟག་སྟེ། ཅི་ཕྱིར་བྱ་བ་བཞིན ་མི་བཟུང། །ཡང་ན་ལུས་ཀྱི་གཡོ་བ་བཞིན། །བློ་ཡི་རྒྱུ་ཕྱིར་ཉམས་པར་འགྱུར། །སྒྲ་ནི་ཆོས་ཅན་ནོ། །མི་རྟག་པ་ཉིད་ནི་ཆོས་སོ། །ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་དང་གང་ཡོད་པ་དེ་ནི་མི་རྟག་སྟེ་།དཔེར་ན་འགྲོ་བ་དང་བཅོ ་བླག་ལ་སོགས་པའི་བྱ་བ་བཞིན་ནོ། །ཡང་ན་སྒྲ་ནི་ཉམས་པར་འགྱུར་བ་ཡིན་ཏེ། བློའི་རྒྱུ་ཡིན་པའི་ཕྱིར་རོ། །གང་དང་གང་བློའི་རྒྱུར་གྱུར་པ་དེ་དང་དེ་ནི་ཉམས་པར་འགྱུར་བ་ཡིན་ཏེ། ཇི་ལྟར་སྟེང་དུ་འབྱིན་པ་དང། འོག་ཏུ་གནོན་པ་དང། ་བརྐྱང་བ་དང་བསྐུམས་བ་ལ་སོགས་པའི་ལུས་ཀྱི་གཡོ་བ་བཞིན་ནོ། །གཞན་ཡང་སྔར་བསྟན་པ་དག་གི་།གོམས་ཕྱིར་ཕྱིས་ཤེས་ཕྱིར་ཞེས་པའང། །གཏན་ཚིགས་རྗེས་འགྲོ་མེད་པ་ཉིད། །གོམས་དང་ཕྱིས་ཀྱང་ཤེས་པ་ནི། །རྟག་མིན ་མིན་ནམ་ཡང་མ་མཐོང་ཕྱིར། །ཡང་དང་ཡང་གོམས་པར་བྱས་ཀྱང་སྒྲ་ནི་བརྗོད་པ་ཉིད་ན་ཉམས་པར་འགྱུར་བ་ཡིན་ནོ། །དེ་ལ་ཡི་གེ་དང་པོ་བརྗོད་པའི་བློ་འགག་པར་འགྱུར་བ་ན་སྐྱེ་མཆེད་དྲུག་ལ་ནུས་པ་བཞག་ནས་འགག་པར་འགྱུར་རོ།། །། ་ནུས་པ་དེ་ཡོངས་སུ་སྨིན་པ་ཐོས་ནས་ཡི་གེ་གཉིས་པ་བརྗོད་པའི་བློ་མངོན་པར་བསྒྲུབ་པར་བྱེད་དོ། །དེ་བཞིན་དུ་ཇི་སྲིད་དོན་རྫོགས་ཀྱི་བར་དུ་ཡིན་ནོ། །དེའི་ཕྱིར་ཡི་གེ་རྣམས་ལ་ཕན་ཚུན་གྱི་འབྲེལ་བ་མེད?་པ་དང། སྐད་ཅིག་མ་ཡིན་ཉིད་བའི་ཕྱིར་རྟག ་པ་ཉིད་དུ་ག་ལ་འགྱུར་ཡི་གེ་རེ་རེ་ལ་ཡང་ཐོག་མ་དང། བར་དང། ཐ་མ་ལ་སོགས་པའི་དུས་མང་པོ་ཉིད་ཡོད་པ་ཡིན་ལ། རྣ་བའི་དབང་པོ་ནི་སྐད་ཅིག་མ་ཉིད་ཡིན་པས། སྒྲ་མ་ལུས་པ་ངེས་པར་འཛིན་པ་ཡོད་པ་མ་ཡིན་ནོ། །དེས་ན་སྒྲ་ཉིད་ཀྱང་རེ ་ཞིག་བསྒྲུབ་པར་དཀའ་ན་སྒྲ་དེ་ལ་གོམས་པ་ལྟ་ག་ལ་ཡོད་པར་འགྱུར། །ཕྱིས་ཤེས་པའི་ཤེས་པ་ཡང་བློ་སྔ་མ་འགགས་པར་གྱུར་པ་དང་།བློ་ཕྱི་མ་སྐྱེས་བར་འགྱུར་བ་དེ་ལ་འབྲེལ་བ་མེད་པའི་ཕྱིར་ཕྱིས་ཤས་པ་ཡང་རྟག་པ་མ་ཡིན་ནོ། །གཞན་ཡང ་སྒྲ་ཉིད་རྟག་པ་ཉིད་མ་གྲུབ། །སྒྲ་ཉིད་དཔེ་ཡང་མ་ཡིན་ལ། །མངོན་པར་གསལ་བྱེད་པ་ཡང་བཀག་།འདི་ནི་ངག་གི་གསལ་བྱེད་མིན། །སྒྲའི་རྟག་པ་ཉིད་གྲུབ་ན་ནི་སྒྲ་ཉིད་རྟག་པར་འགྱུར་ན་གང་གི་ཕྱིར་སྒྲ་མི་རྟག་པ་ཉིད་དུ་བསྒྲུབས་པ་ཉིད་ཀྱིས་དེ ་བཞིན་དུ་སྒྲ་ཉིད་ཀྱང་མི་རྟག་པ་ཡིན་ན། ཇི་ལྟར་ན་དཔེ་ཉིད་དུ་ཉེ་བར་དགོད་པར་བྱ། རྐན་དང། མཆུ་སྦྱར་བ་ལ་སོགས་པ་དང། གནས་དང། བྱེད་པ་དང། འབད་པ་ལ་སོགས་པའི་ཚོགས་པས་སྒྲ་བྱས་པ་ཡིན་པར་ངེས་པར་གཟུང་བར ་བྱ་བ་ཡིན་པས་སྒྲ་ནི་མངོན་པར་གསལ་བར་བྱ་བ་ཡིན་ནོ། །ཞེས་བྱ་བར་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང། གལ་ཏེ་སྒྲ་དེ་སྙན་བྱ་ན། །ངག་གིས་གསལ་བར་ཇི་ལྟར་འདོད། །རྟོགས་པ་ཞེས་བྱ་འང་བརྡ་ཉིད་པས། །འདི་ཉིད་སྒྲ་རུ་ཐལ་བར ་འགྱུར། །གལ་ཏེ་སྒྲའི་རང་གི་ངོ་བོ་རྣ་བའི་དབང་པོས་གཟུང་བར་བྱ་བ་ཉིད་ཡིན་ན་སྒྲ་ངོ་ཡང་དབྱངས་ཡིན་པས་དེས་ན་དབྱངས་གཞན་གྱིས་ཡང་ཇི་ལྟར་གསལ་བར་བྱེད་པར་འགྱུར། །སྒྲ་རང་དོན་དག་ཏུ་འབྲེལ་པ་ཡོད་པས་སྒྲས་དོན་རྟོག་ ་པར་འགྱུར་པ་ཡིན་ནོ། །ཞེས་བྱ་བ་དེ་ཡང་མི་བདེན་ཏེ། བསྐལ་པ་དང་པོ་ལ་ཤེས་པ་དང་ལྡན་པ་རྣམས་ཚོགས་ནས་འདི་ལ་ནི་བ་ལང་ཞེས་བརྗོད་པར་བྱའོ། །འདི་ལ་ནི་མི་ཞེས་བྱ་བ་ཡིན་ནོ། །ཞེས་བརྡ་བྱས་པ་ཡིན་གྱི། བ་ལང ་ཞེས་བྱ་བའི་སྒྲ་ལ་ལྐོག་ཤལ་དང་དྲི་མ་ལ་སོགས་པས་ཉེ་བར་མཚོན་པའི་རིལ་པོ་ཡོད་པ་མ་ཡིན་ལ། མི་ཞེས་བྱ་བའི་སྒྲ་ལ་ཡང་མགོ་དང་རྐང་པ་དང་ལག་པས་ཉེ་བར་དམིགས་པ་མ་ཡིན་ནོ། །དེས་ན་འདི་ལྟར་སྒྲ་དེའི་དོན་འབྲེལ་པ་ཡོད་ནས་རྟོགས་པ་ནི་མ ་ཡིན་ནོ། །གཞན་དུ་ན་བརྡ་ལས་ཡིན་པས་གང་ལས་དོན་རྟོགས་པར་འགྱུར་བ་དེ་ལ་སྒྲ་ཞེས་བྱ་བ་ཡིན་ན་བརྡ་ཉིད་སྒྲ་ཡིན་ནོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །གལ་ཏེ་འདི་ལྟར་བརྡ་ལས་དོན་རྟོགས་པར་འགྱུར་གྱི་སྒྲ་ལས་མ་ཡིན་ཏེ། དང་པོ་བརྡ་ནི་མེད ་པ་ན། །རྟོག་པ་ཡོད་པར་མི་རིགས་སོ། །བསྐལ་པ་དང་པོ་པའི་སེམས་ཅན་གང་དག་སྐྱེས་པར་གྱུར་པ་ན་བརྡ་ཞེས་པ་ནི་མེད་ན་དེ་རྣམས་ཀྱིས་པ་ལང་ཞེས་བརྗོད་པའི་སྒྲའི་དོན་རྟོགས་པར་ཇི་ལྟར་འགྱུར་ཞེ་ན། འཁོར་བ་ཐོག་མ་མེད་པ་ལྟར། །བརྡ་ཡང ་རྗེས་སུ་འཇུག་པ་ཉིད། །དེ་ལྟ་བུར་རྟོགས་པ་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་འཁོར་བ་ལ་ཐོག་མ་ཡོད་པ་མ་ཡིན་པ་ལྟར་བརྡ་ཡང་དེ་བཞིན་ཏེ། བསྲེག་པའི་བསྐལ་པའི་དུས་ན་མི་རྣམས་འདི་ནས་ཤིང་འཕོས་ནས་ཐམས་ཅད ་འོད་གསལ་གྱི་ལྷའི་ནང་དུ་སྐྱེས་པར་གྱུར་ཏོ། །ཡང་ས་འདི་ཆགས་པར་གྱུར་པ་ན་ལྷ་དེ་དག་འདིར་བབས་ནས་རོ་ལ་ཆགས་ཏེ་གནས་སོ། །དེ་དག་འཕགས་པའི་སྐད་ཀྱིས་སྨྲ་བར་བྱེད་ཅིང། བསྐལ་པ་དང་པོ་ལ་བ་ལང་ཞེས་བྱ་བ་ལ་སོགས་པའི་མིང་དུ ་གྲགས་པ་ཡང་བརྡར་བྱས་པ་ཡིན་པ་མ་ངེས་ན་དང་པོ་བརྡ་མེད་པ་མ་ཡིན་ནོ། །གང་ཡང་འདི་སྐད་དུ། འདི་ནི་རྗེས་དཔག་ལས་ཐ་དད། །ཅེས་བྱ་པ་ལ་སོཌ་པ་སྨྲས་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། རྗེས་སུ་དཔག་པའི་ཚད་མ་ཉིད། །དེ་བདག་ཉིད་ལས་ཐ ་དང་མིན། །དེས་ན་ཚད་མ་ཡིན་ཕྱིར་ཞེས། །བྱ་བའི་གཏན་ཚིགས་འདི་མ་ངེས། །རྗེས་སུ་དཔག་པ་མེད་པར་ལུང་ཙམ་གྱིས་བསྒྲུབ་བྱ་བསྒྲུབ་པ་ནི་མེད་དེ་།རང་གི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་དང། དུ་མ་ཉིད་ཡིན་པའི་ཕྱིར་རོ། །ཚད་མ་ཉིད་ཅེས་བྱ་བ་འདི་ཅི་མངོན་སུམ་གྱི་ཚད ་མ་བཞིན་དུ་རྗེས་སུ་དཔག་པ་ལུང་ལས་ཐ་དད་པར་གྱུར་པ་ཞིག་ཡིན་ནམ། འོན་ཏེ་ཚད་མ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པའི་ཚད་མའི་རང་གི་ངོ་བོ་བཞིན་དུ་ཐ་མི་དད་པར་འགྱུར་པ་ཞིག་ཡིན་ཞེས་བྱ་བའོ། །གཞན་ཡང། ཐ་དད་སྤྱོད་ཡུལ་ཅན་གྱི་བློའི།། ་རྒྱུད་ཉིད་དུ་ནི་ཁྱོད་ཀྱི་དེ། །མ་གྲུབ་ཐ་དད་ཡུལ་ཡིན་ཕྱིར། །གཏན་ཚིགས་མ་གྲུབ་ཉིད་དུ་གྱུར། །རྗེས་སུ་དཔག་པ་ནི་ལུང་ལས་ཐ་དད་པའི་སྤྱོད་ཡུལ་ཅན་གྱི་བློ་སྐྱེ་བའི་རྒྱུར་གྱུར་པ་ཡོད་པ་མ་ཡིན་ཏེ། ལུང་ལས་རྗེས་སུ་དཔག་པ་དང་བཅས་ན་བསྒྲུབ་བྱ་སྒྲུབ་པར ་ནུས་པར་འགྱུར་གྱི་རྗེས་སུ་དཔག་པ་དང་བྲལ་བའི་ལུང་གིས་ཡིན་པར་ནི་མཁས་པ་རྣམས་ཀྱིས་འདོད་པ་ནི་མ་ཡིན་ཏེ། མགོན་པོར་སྨྲ་བ་དང། འདོད་བཞིན་འཇུག་པ་དང། ཐབས་ཀྱིས་རྒྱལ་བར་བསྒྲུབ་པའི་བསྟན་བཅོས་བཞིན་ནོ། །དེས་ན་ལུང་ནི་རྗེས་སུ་དཔག ་པའི་ཁོངས་སུ་གཏོགས་པ་ཡིན་ནོ་ཞེས་ཁོ་བོ་ཅག་ལ་གྲགས་པས་ཐ་དད་པའི་ཡུལ་གྱི་བློ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་ནོ། །གང་ཡང་འདི་སྐད་དུ་གཅིག་དང་དུ་མའི་དོན་གྱི་ཡུལ་རྟོགས་པ་ཡིན ་པའི་ཕྱིར་རྗེས་སུ་དཔག་པ་ནི་ཡུལ་ལས་གཞན་ཡིན་ཏེ། སྒྲ་ལས་བྱུང་བའི་ཚད་མ་བཞིན་ནོ་ཞེས་བྱ་བ་དེ་ལ་ཡང། དུ་མའི་དོན་དངོས་ཐ་དད་ཕྱིར། །དོན་གཅིག་མིན་པ་རྟོགས་པའི་རྒྱུ། །རྗེས་སུ་དཔགས་པར་ཡང་འདོད་པས། །དེ་ཕྱིར་སྒྲ་བྱུང་ལས་གཞན ་མིན། །སྒྲ་གང་གིས་བྱང་གྲོལ་ཞེས་བྱ་བའི་སྒྲ་མངོན་པར་བརྗོད་པར་ནི་དོན་གཅིག་ཡང་དག་པར་རྟོགས་པར་འགྱུར་ལ། མཐོ་རིས་ཞེས་བྱ་བའི་སྒྲ་མངོན་པར་བརྗོད་པ་ན་ནི་དོན་དུ་མ་རྟོགས་པར་འགྱུར་རོ། །དེ་ཡང་རྗེས་སུ་དཔག་པ་མེད་པར་མ་ཡིན་པས་སྒྲ ་ལས་བྱུང་བཞེས་བྱ་བ་ཡང་རྗེས་སུ་དཔག་བའི་ཁོང་སུ་གཏོགས་པ་ཉིད་ཡིན་ནོ། །གཞན་ཡང། རྟགས་དང་འབྲོལ་བ་མ་མཐོང་བས། །མཐོང་བའི་དོན་ལས་རྗེས་དཔག་ཉིད། །གང་ཕྱིར་རྟོགས་བྱ་རྟོགས་པར་བྱེད། །དེ་ཕྱིར་དེ ་མ་ཐག་ཏུ་མིན། །མཐོ་རིས་ལ་སོགས་པའི་རྟགས་མཐོང་བ་མེད་ན་ཡང་མཐོང་བའི་དོན་ལ་རྗེས་སུ་དཔག་པ་ཉིད་ཀྱིས་རྟོགས་བྱ་རྟོགས་པར་འགྱུར་རོ། །གང་ལ་ཞེ་ན། མཐོ་རིས་ནི་ཡོད་དོ། །ཐར་པ་ནི་ཡོད་དོ་ཞེས་དེ་བཞིན་གཤེགས་པས་བསྟན་པའི ་ལུང་གང་ཡིན་པ་ལའོ། །དེ་ལས་འདི་སྐད་དུ་འདུས་བྱས་ཐམས་ཅད་ནི་མི་རྟག་གོ་ཞེས་བརྗོད་ཅིང་གསུངས་པ་ལྟ་བུ་སྟེ། དེས་ན་རྗེས་སུ་དཔག་པ་ཉིད་ཀྱིས་མཐོ་རིས་དང་ཐར་པ་ཡང་ཡོད་པར་རྟོགས་པར་བྱ་བ་ཡིན་གྱི་ལུང་ཙམ་གྱིས་ནི་མ་ཡིན་ནོ། །དེ ་ལྟར་ན་ཡང་ལུང་ནི་རྗེས་སུ་དཔག་པའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །གཞན་ཡང། རྗེས་དཔག་སྒྲ་བྱུང་ཐ་དད་མིན། །ལྐོག་གྱུར་ཤེས་པའི་རྒྱུ་ཉིད་ཡིན། །འབྲེལ་པ་དྲན་པ་བལྟོས་བཅས་ཕྱིར། །ཇི་ལྟར་རྗེས་དཔོག་རང་ཉིད་བཞིན། །སྒྲ་ལས ་བྱུང་བས་ན་སྒྲ་བྱུང་སྟེ། ལུང་ཉིད་དོ། །དེ་ལ་དེ་ཡང་མེ་ཏོག་དང་འབྲས་བུ་དང་ཡལ་ག་དང་བཅས་པའི་ཤིང་ལ་སོགས་པའི་དོན་སྒྲ་ཐོས་པ་ཉིད་ན་རྫོགས་པར་འགྱུར་བ་ནི་གང་ཤིང་ལ་མེ་ཏོག་ལ་སོགས་པ་དང་བཅས་པའི་འབྲེལ་པ་སྔར་མཐོང་བ་ལས ་དྲན་པ་སྐྱེ་བར་འགྱུར་བ་ཡིན་པས་དེ་ནི་སྔར་གྱི་འབྲེལ་པ་ལ་བལྟོས་པ་ཞེས་བྱ་སྟེ། འབྲེལ་པ་དྲན་པ་ལ་བལྟོས་པའི་ཕྱིར་རོ། །དེ་ལྟར་རྗེས་སུ་དཔག་པ་དང་ཉིད་མེ་དང་ཉེ་བར་གནས་སུ་ཟིན་ཀྱང་དུ་བ་དང་མེ་འབྲེལ་བ་མཐོང་བ་དྲན་པ་ལ་བལྟོས་པ ་བཞིན་ནོ། །སྔོན་མེད་བྱ་བས་གསལ་མི་བྱེད། །སྒྲ་ཡི་གསལ་བྱེད་བཀག་པ་བཞིན། །གསལ་བར་བྱས་པའི་བུམ་པ་ལྟར། །སྔོན་མེད་པ་ཡང་མི་རྟག་འདོད། །ཆོས་ཀྱང་མཆོད་སྦྱིན་ལ་སོགས་པའི་བྱ་བས་བསྒྲུབS་པ་ཉིད་ཡིན་གྱི་གསལ་བར ་བྱས་པ་ནི་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་སྒྲ་དང་མེས་གསལ་བར་བྱས་པ་ཡིན་ནོ། །གལ་ཏེ་རྟག་པ་ཉིད་ཡིན་པའི་ཕྱིར་ཆོས་ནི་བྱ་བས་གསལ་བར་བྱེད་པ་ཉིད་ཡིན་གྱི་བྱས་པ་ནི་མ་ཡིན་ཏེ། ཇི་ལྟར་མུན་པའི་ནང་ན་གནས་པའི་བུམ་པ་མར་མེས་གསལ་བར ་བྱེད་པ་བཞིན་ནོ་ཞེ་ན། མངོན་པར་གསལ་བར་བྱེད་པ་ཡིན་དུ་ལྟ་གཞུག་ན་དེ་ལྟ་ན་ཡང་སྔོན་མེད་པ་དེ་བུམ་པ་བཞིན་དུ་མི་རྟག་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འདོད་པ་ཉམས་པ་ཡིན་ནོ། །གཞན་ཡང་ཟླ་བའི་བདུང?་སོགས་བྱ་བའི་འབྲས། །རྟག་པ་མིན་པ ་ཉིད་དུ་འདོད། །བྱ་བའི་འབྲས་བུ་ཡིན་ཕྱིར་དཔེར། །འདོད་པའི་རྒྱུ་བྱུང་འབྲས་བུ་བཞིན། །ཟླ་བའི་བཏུང་བ་ལ་སོགས་པའི་བྱ་བ་གང་དག་ཡིན་པའི་འབྲས་བུ་དེ་ནི་བདུད་རྩི་ཉིད་དང། རྟག་པ་ཉིད་ཡིན་པར་མངོན་པར་འདོད་དུ་ཟིན་ཀྱང་མི་རྟག་པ་ཉིད ་ཡིན་ཏེ། བྱ་བའི་འབྲས་བུ་ཡིན་ཕྱིར་རོ། །གང་དང་གང་བྱ་བའི་འབྲས་བུ་ཡིན་པ་དེ་ནི་མི་རྟག་སྟེ། དཔེར་ན་འདོད་པའི་སེམས་པའི་རྗེས་ཐོགས་ལ་སྐྱེས་པའི་ཡུལ་གྱི་བདེ་བའི་འབྲས་བུ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ། ཟླ་བའི་བཏུང་སོགས་བྱ་བ་ཡིS།། ་ཐར་པ་འཐོབ་པར་མི་རིགས་ཏེ། །བྱ་བ་ཡིན་ཕྱིར་འདོད་པ་ཡི། །རྒྱུ་མཚན་བྱ་བ་མི་འདོད་ལྟར། །ཟླ་བའི་བཏུང་བ་དང་བྱོལ་སོང་གི་མཆོད་སྦྱིན་ལ་སོགས་པའི་བྱ་བ་ནི་འཇིག་རྟེན་ལས་མི་འདའ་བ་ཉིད་ཡིན་པའི་ཕྱིར་ཐར་པ་འཐོབ་པར་བྱེད་པ་རིགས ་པ་མ་ཡིན་ཏེ། བྱ་བ་ཡིན་པར་མཚུངས་པའི་ཕྱིར་ཇི་ལྟར་འདོད་པ་སྤྱོད་པའི་རྒྱུ་ཕེབས་པར་སྨྲ་པ་དང། གཉིས་ཀྱི་གཉིས་སྤྲོད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བྱ་བ་བཞིན་ནོ། །དེ་ཕྱིར་ལམ་འདི་ལ་བརྟེན་ནས། །མཐར་བྱེད་ལས་རྒྱལ ་འགྱུར་མ་ཡིན། །བློ་ཡིས་སྤྱོད་པའི་ནུས་མེད་པ། །གཞན་རྗེས་འབྲང་བས་འདི་ལ་བརྟེན། །རང་ཉིད་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་ཀྱི་ནོན་རྟོགས་པའི་བསམ་གཏན་གྱི་ཤེས་པའི་ལམ་གང་མཐོང་བའི་ལམ་དེ་ལ་བརྟེན་ནས་ངེས་པར་མཐར་བྱེད ་ལས་རྒྱལ་བར་འགྱུར་གྱི། གང་དག་གཞན་གྱི་རྗེས་སུ་འབྲང་ཞིག་བློས་སྤྱོད་པའི་ནུས་པ་མེད་པ་ཡོངས་སུ་བཏགས་པའི་ཡང་དག་པ་མ་ཡིན་པའི་ལམ་དེས་ཇི་ལྟར་མཐར་བྱེད་པ་ལས་རྒྱལ་བར་འགྱུར་བ་ཡིན། དེའི་ཕྱིར་ན་གང་ཟླ་བའི ་བཏུང་བ་ལ་སོགས་པའི་བྱ་བས་མཐར་བྱེད་པ་ལས་རྒྱལ་བར་འགྱུར་རོ་ཞེས་བྱ་བ་གང་སྨྲས་པ་དེ་བདེན་པ་མ་ཡིན་ནོ། །གལ་ཏེ་ཡང། འཆི་མེད་ཉིད་ནི་ཡོད་པའི་ཕྱིར། །ཉེར་ཞི་རིག་བྱེད་ཡོད་ཅེ་ན། །མེད་དེ་འདི་ནི་ཕྱིན་ཅི་ལོག་།མི་རྟག་པ་ལ་རྟག་པར ་བཏགས། །རིགས་ལས་འབྱུང་བའི་དོན་གསུམ་པོ། །ཤིན་བརྗོད་བསྟོང་དང་ཆོ་ག་དག། གང་ཕྱིར་དོན་ནི་གསུམ་པོ་འདིས། །ཐར་པ་ནམ་ཡང་འཐོབ་མ་ཡིན། །གལ་ཏེ་སྙིང་པོ་ཉིད་ཡིན་པས། །རིག་བྱེད་ཚད་མར་འདོད་ཅེ་ན། །མི་ཤེས་ཕྱིན་ཅི་ལོག ་ལྟ་སོགས། །ཅིའི་ཕྱིར་ན་ཚད་མ་མིན། །ཞེས་བྱ་བ་ཡིན་ནོ། །དྲང་སྲོང་ལྷས་བསྟེན་དམ་པས་འདོད། །ཅེས་བྱ་བ་ལ་སོགས་པའི་ཕྱོགས་སྔ་མའི་ལན་བརྗོད་པར་བྱ་བའི་ཕྱིར་སྨྲས་པ། ལྷའི་བླ་མ་ཕུར་བུས་བསྟན་པའི་རྒྱུད་ལས་རིག་བྱེད་སུན་དབྱུང་བ ་ཉིད་ཡིན་ཏེ་།ཅི་ལྟར་ཞེ་ན། སྨྲས་པ། རྫས་ཀྱི་དོན་དུ་ལྷ་གསོལ་མཆོད་བྱེད་པས་སྟ་གོན་ལ་གནས་པ་དང། གཏོར་མ་བཏབ་པ་ལ་སོགས་པ་ཀུན་ཏུ་བཏགས་པ་ཡིན་གྱི། དེ་ལྟར་ལྷ་སྟོན་དུ་ཉེ་བར་གནས་པ་ལ་སོགས་པ་ནི་འགྲུབ་པ་མ་ཡིན ་ཏེ། ཅི་མཐོ་རིས་སུ་མུ་གེ་ཆེན་པོ་བྱུང་པར་གྱུར་ནས་གང་གིས་ཕྱིར་འདིར་གཏོར་མའི་ཆ་ཤས་དང། ཁུར་བའི་ཕྱེ་དུམ་དང། བསང་གཏོར་གྱི་ཆུ་དང། ར་ཤ་དང། འབྲས་མ་ཆགས་པ་ལ་སོགས་པ་ལ་ཁྱིའི་ཚུལ་བཟུང་ནས་ལྷ་རྣམས་འདིར་བབས ་ཤིང་ཟ་བར་འགྱུར་བ་ཡིན་ནམ་ཞེས་བྱ་བ་དང། དེ་བཞིན་དུ་ཡང་སྨྲས་པ། སྐྱོན་ཅན་གཙང་སྦྲ་ཅན་མང་འདུས་ནས་འཚོ་བའི་ཕྱིར། །ལྷའི་སྟ་གོན་ལ་སོགས་འགའ་ཞིག་བརྩམས་གྱུར་ནས། །ཕྱུགས་བསང་སྙིང་པོར་གྱུར་རྣམས་བསྐུས་པ་རྣམས་ཀྱིས ་ཟོས། །མ?་དང་རྨིག་པ་བགས་པ་ཅན་འདི་ག་ལ་སྟེར། །ཁྱིམ་མེད་མ་དང་མཆོད་སྦྱིན་ཤིང་ཤུན་ཅན། །མགྲིན་པར་སྐུད་པས་བཅིངས་དང་འདྲེག་མཁན་དང། །རྗེའུ་རིགས་གཉིས་དང་མཆིལ་ལྷམ་མཁན་པོ་དང། །དྲུག་གི་རིག་བྱེད་འདི་ནི་བཏགས་པ་ཡིན། །གནས ་སྐབས་ཆོས་ཅན་གང་དག་དང། །གཞན་ཡང་རིགས་ཀྱི་ཆོས་ཅན་དག། ནོར་ཅན་རྣམས་ནི་ནོར་ཚོགས་ལ། །བྱ་རྒོད་བཞིན་དུ་དྲུངས་ནས་འབྱིན། །མེ་ལ་སྦྱིན་སྲེག་ལ་སོགས་ལས། །བྱིས་པའི་རྩེད་མོ་བཞིན་མཚོན་བྱ། །མེ་ཡི་སྦྱིན་སྲེག་གསུམ ་རིག་འདོན། །དབྱུག་གུ་གསུམ་ཅན་ཐལ་བས་བསྐུ། །བློ་དང་རྩོལ་བས་དམན་རྣམས་ཀྱིས། །མཚོ་ཕྱིར་བྱས་ཞེས་ཕུར་བུ་སྨྲ། །དེ་བཞིན་དུ་གྲོང་ཁྱེར་གྱི་ནང་ན་ཚུལ་བཅོས་པའི་རྐུན་པོ་རྣམས་ཀྱིས་དེ་དག་གཏན་ཚིགས་ཀྱི་ཐོ་བས་མགོ་ནས ་སླེབ་པར་བྱའོ་ཞེས་ཀྱང་འབྱུང་བས་དེ་ལྟ་བས་ན་ལྷའི་དྲང་སྲོང་གིས་བསྟེན་ཅེས་བྱ་བ་ཡང་རིགས་པ་མ་ཡིན་ནོ། །ལམ་གསུམ་པོ་ནི་སྟོན་བྱེད་པ། །ཚངས་པ་ཁྱབ་འཇུག་བདེ་བྱེད་རྣམས། །ཉོན་མོངས་བདག་ཉིད་སྤྱོད་མཐོང་བས། །གང ་ཕྱིར་གསུམ་འདི་སྡངས་པའི་རིགས། །ཉོན་མོངས་པ་དང་བྲལ་ཉིད་ཀྱིས་། །སྒྲིབ་ལ་མེད་པའི་ཡེ་ཤེས་དང་ལྡན་པའི་གསུང་ནི་དོན་ཇི་ལྟར་བཞིན་ཡིན་པར་འགྱུར་གྱི། གང་ཡང་གདོན་གྱིས་ཟིན་པ་བཞིན་དུ་ཉོན་མོངས་པ་དང ་བཅས་པའི་འདོད་པའི་རྗེས་སུ་ཞུགས་པ་རྣམས་ཀྱི་ཚིག་གི་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། ཉོན་མོངས་དང་བཅས་པས་བྱས་པ་ཡིན་པའི་ཕྱིར་ལྟ་བ་གསུམ་པོ་ཉིད་ནི་སྤང་བར་རིགས་པ་ཁོ་ན་ཡིན་གྱི་མི་རིགས་པ་མ་ཡིན་ནོ། །དེ་ལ་རེ་ཞིག་ཚངས ་བོའི་ཉོན་མོངས་པ་དང་བཅས་པའི་རང་བཞིན་ནི་འདི་ཡིན་ཏེ། རིག་བྱེད་ལས་འདི་ལྟར་འབྱུང་ངོ། །ཇི་ལྟར་སྲིད་པ་གསུམ་པོ་ནི། །མེས་པོས་བསྐྱེད་པ་ཡིན་ཞེས་གྲག། ལེགས་པ་ཐམས་ཅད་རྣམ་སྤངས་ཏེ། །འཕགས་པ་རྣམས་ཀྱིས་མཉན་བྱ་མིན།། ་ལྷ་མོ་འདོད་དགའ་དང་འདུས་ནས། །འདོད་པའི་བདེ་བ་ཉམས་མྱོང་སྟེ། །གཞོན་ནུས་ནད་འདོད་དགའ་ལས། །འཇིག་རྟེན་བྱེད་པ་དེས་བསྐྱེད་དོ། །མེས་པོ་དེས་ནི་དགའ་བྱེད་མ། །དེ་ལ་བྱིན་ནས་འདི་སྐད་སྨྲས། །སྐྱེས་བུ? ་རྣམས་ཀྱིས་བུད་མེད་སྤྱོད། །བུད་མེད་རྣམས་ཀྱང་སྐྱེས་བུ་ལ། །ཞེས་བསྟན་པ་ཡོད་པས་དེའི་ཕྱིར། །འདོད་པ་མེད་ན་ཇི་ལྟར་འདི། །འདོད་དགའ་མ་ལ་སྤྱོད་པར་བྱེད། །དེ་བཞིན་འདོད་བྲལ་ལྷ་མོ་ལ། །འགྲོ་གཙོ་སྟོབས་ཀྱིས་ཅི་ཕྱིར་སྤྱོད། །འདི་ནི་སྐྱེ་དགུའི ་བདག་ལས་སྐྱེས། །དེ་ནི་རང་བྱུང་བུ་ཡིན་ན། །རང་བྱུང་ཚ་མོ་འདོད་ལྡན་ལ། །སྤྱད་པར་གྱུར་པ་མིན་ནམ་ཅི། །དེ་བཞིན་དུ་འདི་ལྟར་གྲག་སྟེ། །སྐྱེ་དགུའི་བདག་པོ་གསལ་བ་ཞེས་བྱ་བ་ཚངས་པའི་ཁ་ནས་སྐྱེས་སོ། །དེས་མཚེད་སྦྲིན་གཅིག ་བྱེད་པའི་དུས་སུ་ཚངས་པ་སྤྱན་དྲངས་པ་དང་དེ་མ་འོངས་སོ། །དེ་ནས་སྐྱེ་དགུའི་བདག་པོས་རང་གི་བུ་མོ་གཞོན་ནུ་རྣམས་ཕོ་ཉར་བཏང་ངོ། །དེ་རྣམས་ཀྱིས་ལ་ལས་ནི་ལག་པ་ནས་དྲངས། །ལ་ལས་ནི་ཅོ་ཏོ་ནS་དྲངས་ཏེ་ཚངས་པ་མཆོད་སྦྱིན་གྱི་གནས་སུ ་ཁྱེར་རོ། །དེ་གཞོན་ནུ་མ་རྣམས་ཀྱི་ལུས་དང་རེག་པར་གྱུར་པ་ན་འདོད་པས་སེམས་མྱོས་པར་གྱུར་ནས་ཁུ་བ་བྱུང་ངོ། །དེ་མཆོད་སྦྱིན་བྱེད་པའི་སྲེག་གཟར་གྱིས་བླངས་ནས་སྲེག་བྱ་བཞིན་དུ་མེའི་ནར་དུ་བླུགས་སོ། །དེ་ནས་འབར་བའི་ཕྲེང་བས་ཀུན ་ནས་འཁོར་བཞིན་དུ་ཐུབ་པ་ངན་སྤོང་དང་ཨང་གིར་ས་སྐྱེས་པར་གྱུར་ཏེ། །དེའི་ལྷག་མ་དུ་པའི་ནང་དུ་ལུས་པ་ལས་ཨ་ཏི་བྱུང་ངོ་ཞེས་ཟེར་ཏེ། དེས་ན་འདིར་ཡང་སྐྱེ་དགུའི་བདག་པོ་ལས་སྐྱེས་པ་རང་གི་ཚ་མོ་ལ་འདོད་པའི་སེམས་སྐྱེས ་ནས་བྱུང་བའི་ཁུ་བ་ལྷ་ཐམས་ཅད་ཀྱི་ཁ་ཡིན་པར་འདོད་པའི་མེའི་ནང་དུ་ཚོགས་ཀྱི་ནང་དུ་སྡུགས་པར་བྱེད་པས་སྨྱོན་པའི་སྤྱོད་པ་དང་འདྲ་བ་ཚངས་པ་ལ་ཡང་ཡོད་པ་ཡིན་ནོ། །གང་གི་ཕྱིར་སྨྲས་པ། རིགས་ལས་དྲང་སྲོང་སྐྱེ་བསྟན་པ། ། ་འདི་ལྟར་བྱུང་འདི་བརྟག་མི་བྱ། །གཉིས་སྐྱེས་རྣམས་ཀྱིས་གསང་བ་གང། །ཀུན་ལ་བརྗོད་པར་བྱ་བ་མིན། །རང་བྱུང་གི་ནི་སྤྱོད་པ་འདི། །འཁྲུལ་བར་གྱུར་པ་འདི་ལ་ལྟོས། །ཚ་མོ་མཐོང་དང་རེག་པ་ལས། །བྱོལ་སོང་བཞིན་དུ་གང་ཆགས་ནས། །ལུས་ནི ་འབྱུང་བར་གྱུར་པ་ལས། །མི་གཙང་ཤོར་བར་གྱུར་པ་འདི། །མི་ནི་སེམས་དང་ལྡན་པ་འགའ་། །མ་སྐྱེས་ཡིན་ན་འདི་བྱེད་དམ། །ཁྱི་དང་བུང་བུ་དག་གི་ནི། །སྤྱོད་པ་འཕགས་པས་སྨད་པ་ལ། །རང་བྱུང་སྤྱོད་པས་དེས་ན་དེ། །དེ་དག་དང་ནི་ཁྱད་ཅི་ཡོད། །དེ ་བཞིན་དུ་ཏ་ལའི་རྐང་པ་དང་ཧ་ཧ་ཞེས་ཟེར་བ་བསད་པར་བྱ་བའི་ཕྱིར་སྐྱེ་བོ་བརྒྱ་སྟོང་དུ་མའི་ཚོགས་གསོད་པར་བྱེད་པའི་གཤིན་རྗེ་བསྐྱེད་པ་དང། འཕེལ་བྱེད་དང། མ་ནུ་ཅི་དང། སྡོམ་པ་དང། མགྲིན་བཅུ་བསད་པའི་ཐབས་ཀྱི་མན་ངག་ཀྱང་རིག་བྱེད ་ལས་བསྟན་པས་ཚངས་པ་ནི་ཉོན་མོངས་པ་དྲག་པོ་དང་ལྡན་པ་ཡིན་ནོ། །ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དག་ནི་ཉོན་མོངས་པའི་བདག་ཉིད་ཅན་ཡིན་པར་ཕྱིས་སྟོན་པར་འགྱུར་པས་འདིར་མ་བསྟན་ཏོ། །ཕ་རོལ་གྱི་བསམ་པ་ཁས་བླངས་ནས ་སྨྲས་པ། ཤེས་ལྡན་ཤེས་པས་སྡིག་པ་དག། སྲེག་སྟེ་མེ་ཡིས་ཤིང་བཞིན་ནོ། །དེས་ན་མཐུ་ཡི་ཁྱད་པར་གྱིས། །ངན་འགྲོ་དེ་ཨི་འགྲོ་ཞེ་ན། ཞེས་བྱ་བ་ལ། གལ་ཏེ་རྨོངས་པ་ལོང་བ་དང་འདྲ་བ་དག་ནི་སྡིག་པ་ཆུང་དུ་ཡིས་ཀྱང་ངན་འགྲོར་འགྲོ་བར ་འགྱུར་བ་ཡིན་གྱི། ཡེ་ཤེས་ཀྱི་སྣང་བ་སྐྱེས་ཤིང་ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་ལྡན་པས་ནི་སྡིག་པ་མ་ལུས་པ་སྲེག་པ་ཡིན་པས་དེས་སྡིག་པས་གོས་པ་མ་ཡིན་ནོ་ཞེ་ན། འདི་ལ་གང་གིས་ཉོན་མོངས་སྲེག་ནུས་པའི། །མཁས་པ་ཤེས་དེ་ཤེ ་ལྡན་ན། །དེ་ནི་སྡིག་པ་བྱེད་མི་འགྱུར། །དེའི་རྒྱུ་ཤེས་ལྡན་ལ་མེད་ཕྱིར། །ཞེས་བརྗོད་པར་བྱ་སྟེ། ཤེས་པ་དང་ལྡན་པ་རྣམས་ཀྱི་ཤེས་པ་དང་ལྡན་པ་ཉིད་ནི་འདི་ཡིན་ཏེ། གང་ཉོན་མོངས་པ་རྣམས་གསོག་པར་མི་བྱེད་ཅིང། ཉོན་མོངས་པ་བསགས་ ་པ་རྣམས་ཀྱང་ཞི་བར་བྱེད་པ་ཡིན་པས་དེའི་ཕྱིར་ཤེས་པ་དང་ལྡན་པ་རྣམས་ནི་སྲོག་གཅོད་པ་ལ་སོགས་པ་སྡིག་པའི་ལས་མི་བྱེད་དེ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཞེས་བྱ་བའི་སྡིག་པའི་རྒྱུ་རྣམས་མེད་པའི་ཕྱིར ་རོ། །འདོད་ཆགས་སམ། ཞེ་སྡང་དམ། གཏི་མུག་གིས་ནི་སྡིག་པའི་ལས་བྱེད་པར་འགྱུར་ཏེ། ཇི་སྐད་དུ། འདོད་ཆགས་ཀྱིས་ནི་ཆོས་མི་མཐོང། ཞེས་བྱ་བ་དང། དེ་བཞིན་དུ་།ཞེ་སྡང་དང། གཏི་མུག་ལ་ཡང་བསྟན་པ་ཡིན་ནོ། །ཡང་ཁྱེད་ནི་གཅིག ་ཏུ་མི་དགེ་བའི་ལམ་ལ་ཞུགས་པ་ཡིན་ཏེ། ལྟུང་བར་བྱེད་པའི་ལས་རྣམས་ཀྱིས། །རྣལ་འབྱོར་གྲུབ་ལ་མི་གོས་ཞེས། སྨྲ་ཞིང་ཡང་དག་ལམ་ཉམས་ལ། །གཞན་དག་གི་ཡང་ཉམས་པར་བྱེད། །གྲུབ་པའི་རྣལ་འབྱོར་བསམ་གཏན་ལ་སོགས་པ་གང་ཡིན ་པ་དེ་ནི་རྣལ་འབྱོར་གྲུབ་པའོ། །དེ་ལ་ནི་མི་དགེ་བའི་ལས་བྲམ་ཟེ་བསད་པ་ལ་སོགས་པ་ལྟུང་བར་བྱེད་ཀྱང་གོས་པར་མི་འགྱུར་རོ། །ཞེས་ཟེར་བ་གྲག་སྟེ། དེ་སྐད་ཟེར་བ་དེ་དག་ནི་ལས་ཀྱི་འབྲས་བུ་ཉམས་པར་མི་འགྱུར་བ་དང། གྲོལ་བའི་ལམ་ཡང་མི ་ཤེས་པར་གྱུར་བ་ཡིན་ལ། གཞན་སེམས་ཅན་མང་པོ་དེའི་གཞུང་གི་རྗེས་སུ་འབྲང་བ་རྣམས་ཀྱང་འཁོར་བའི་དགོན་པ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། ་བམ་པོ་ཉི་ཤུ་ལྔ་པ། །གལ་ཏེ་དེ་རྣམས་ལ་སྡིག་པ་བསྲེག་པའི་ནུས་པ་ཡོད་ན་ཅིའི་ཕྱིར་དབང་ཕྱུག་གིས་ཚངས་པ་བསད་པའི་སྡིག་པ་ཟླ་བ་དང། ཉི་མ་དང་བུད་མེད་དང་ཤིང་ལ་སོགས་པ་རྣམས་ལ་ཆ་དགོད་པར་བྱེད་པ་ཡིན་ཉི་མ་དང། ་ཟླ་བ་ཡང་ཅིའི་ཕྱིར། ནད་ཀྱི་རྒྱལ་པ་ཟད་བྱེད་ལེན་པར་བྱེད། དེས་ན་ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་རྣམས་ནི་ཤེས་པ་དང་ལྡན་པ་མ་ཡིན་ནོ། །ཅི་ལྟར་ཞེ་ན། ཚངས་པ་ལ་སོགས་པས་དེ་ཉིད་དོན། །བློ་ཡིས ་མཐོང་བར་མི་འདོད་དེ། །ཚངས་པ་དང་ནི་རྩེ་གསུམ་ཅན། །ཐིག་ལེ་མཆོག་མར་ཀུན་ཆགས་ཕྱིར། །ཐིག་ལེ་མཆོག་མ་ཞེས་བྱ་བའི་ལྷའི་བུ་མོ་ལ། དབང་ཕྱུག་ཆེན་པོ་ཀུན་ཏུ་ཆགས་ནས་གདོང་བཞི་མངོན་པར་སྤྲུལ་པ་དང། ཚངས་པ་ཡང་ཀུན་ཏུ་ཆགས་པར ་གྱུར་པ་ཉིད་ཀྱིས་གདོང་ལྔ་བསྐྱེད་དེ། གདོང་དེ་དག་གིས་བལྟས་ཀྱང་ངོམས་པར་མ་གྱུར་ཏོ། །ཞེས་གྲག་གོ། གཞན་ཡང་བ་ག་མ་ཐ་ནའི་གཞུང་ལས། ལྷ་ཆེན་པོས་ལོ་བརྒྱ་ཚང་བར་ཨུ་མ་དང་ལྷན་ཅིག་ཏུ་འཁྲིག་པའི་སྦྱོར་བ་ལ་གནས་པར་གྱུར་ཏོ།། ་དེ་བཞིན་དུ་ལྷ་ཤིང་གི་ནགས་ཚལ་དུ་ཞུགས་པ་ན། ཐུབ་པའི་བུ་མོ་མཐོང་བ་ན་འདོད་པས་མྱོས་པ་ཉིད་དུ་གྱུར་ནས་མཚན་མ་འགྲེང་བར་གྱུར་ཏོ། །དྲང་སྲོང་དེ་ཁྲོས་པར་གྱུར་པས་ལྟུང་པར་བྱས་སོ། །འདི་སྐད་ཀྱང་སྨྲས་ཏེ། དུར་ཁྲོད་ན་ནི་གང ་གནས་ཤིང། །འབྱུང་པོའི་ཚོགས་དང་ལྷན་ཅིག་དགའ་། །འདི་འདྲ་བ་ཡང་ལྷ་ཡིན་ན། །ཤ་ཟ་ཅི་འདྲ་བ་ཞིག་ཡོད། །ཚངས་པར་སྤྱོད་དང་འགལ་བ་ཡིན། །གཟུགས་སུ་འདི་ནི་མཐོང་བཞིན་དུ། །སྨོངས་པ་མི་ཤེས་པ་དག་ལ། །ཚངས་པར་སྤྱོད ་པ་ཡིན་ཞེས་སྨྲ། །འཇིག་རྟེན་ཀུན་གྱི་མངོན་སུམ་དུ། །དཀའ་ཐུབ་མཚན་མ་འགྲེང་གྱུར་པ། །མཁས་པ་གཉེན་དང་བཅས་རྣམས་ཀྱིས། །འདི་འདྲ་མཐོང་བ་མིན་འདོད་དོ། །ཉིད་ན་ཚངས་པར་སྤྱོད་མིན་པའི། །ཁྱིམ་པའི་ཆ་ལུགས་ཉིད་རུང ་གི། ཚངས་པར་སྤྱོད་པར་ཁས་འཆི་བའི། །བདེ་བྱེད་མཐོང་བར་མི་འདོད་དོ། །མཚན་མ་ལྟུང་བ་དེ་ལ་ནི། །དྲི་དང་ཕྲེང་སོགས་ལོངས་སྤྱོད་མཆོག། དེ་བཞིན་པ་དེ་བྱེད་ལམ་ཡིན། །འགལ་བ་ཉིད་དུ་མཐོང་བ་ཡིན། །གང་གིས་མིང་ཐོས་སྐྱེ་བོའི ་ཚོགས། །ཤིན་ཏུ་ངོ་མཚར་འགྱུར་བ་ཡིན། །གང་ལས་མི་གཙང་ཚོགས་འབྱུང་བ། །དེ་ནི་ལྷ་ཡིན་ཇི་ལྟར་འདོད། །ཤིན་ཏུ་ངོ་ཚོ?་མེད་གྱུར་པས། །མཚན་མའི་རྩོ་ནས་དབང་བསྐུར་བས། །གང་གིས་བདག་ཉིད་ཅོ་འདྲི་བ། །དེ་ལ་ལྷག་པ་ཅི་ཞིག ་བྱ། །ཞེས་བྱ་བའོ། །འདོད་ཆགས་དྲག་པོ་ཅན་ཡིན་པར་སྨྲས་ནས་ཞེ་སྡང་དྲག་པོ་དང་ལྡན་པ་ཡིན་པ་ཉིད་དུ་སྨྲས་པ། དང་པོར་ཁྲོས་མེས་མ་བསྲེགས་ན། །གྲོང་ཁྱེར་སུམ་བརྩེགས་ཅི་ལྟར་བསྲེགས། །ཉི་རྒྱལ་སོ་ཕྱུང ་ཅི་ལྟ་བུ། །ཉི་སྐལ་མིག་ཕྱུང་ཅི་ལྟ་བུ། །ཁྲོ་བའི་མེས་ནི་དང་པོར་རེ་ཞིག་ཁྲོ་བ་ཅན་ཉིད་སྲེག་པར་བྱེད་དེ། །འདི་ལྟར་དབང་ཕྱུག་ཆེན་པོ་ཐིག་ལེ་མཆོག་མ་ཤོར་བ་ལས་བྱུང་བའི་ཁྲོ་བའི་མེས་བསྲེགས་ཤིང་བསྙེན་པར་དཀའ་པར་གྱུར་ནས་ལྷ ་མ་ཡིན་དུ་འབར་བའི་ཕྲེང་བ་ཅན་དྲུག་གིས་བསྐོར་ནས་གནས་པའི་གྲོང་ཁྱེར་སུམ་རྩེག་གི་སྟེང་དུ་མེའི་མཚོན་འཕངས་ནས་བསྲེགས་པར་གྱུར་ཏོ། །ཡང་སྐྱེ་དགུའི་བདག་པོ་གསལ་བ་མཆོད་སྦྱིན་བྱེད་པའི་དུས་སུ་ལྷ་ཐམས་ཅད་ཚོགས་པ་ན ་དེ་ཐོད་པའི་ཕྲེང་བས་མགོ་བརྒྱན་ཅིང། ཐལ་བས་ལུས་བསྐུས། ལོག་པ་ན་ཐོད་པ་ཐོགས་ཏེ་སྨྱོན་པའི་བརྟུལ་ཞུགས་འཛིན་བཞིན་དུ་ཤིན་ཏུ་འཆི་བ་ན་འོངས་སོ། །དེ་མཐོང་ནས་རྒྱལ་ཞེས་བྱ་བའི་ཉི་མས་གད་མོ་བྱས་སོ། །བཟང་པོ་ཞེས ་བྱ་བའི་ཉི་མས་མིག་ཙུམ་བྱས་སོ། །དེས་ན་བདེ་བྱེད་ཁྲོ་བའི་མེས་ཚིག་ནས་རྒྱལ་གྱི་ནི་སོ་རྣམས་ལྷུང་བར་བྱས་སོ། །བཟང་པོའི་ནི་མིག་ལྷུང་བར་བྱས་སོ་ཞེས་འབྱུང་ངོ། །གཏི་མུག་དྲག་པོ་ཅན་ཡང་ཡིན་ཏེ། །ཚངས་བསད་ཆང་འཐུངས་འདོད་པ ་ཅན། །དབང་ཕྱུག་དེ་ནི་མཐོང་ཞེས་ན། །དེ་ཡིས་ལམ་གྱི་རྗེས་འབྲང་བ། །ཇི་ལྟར་དེ་ཉིད་མི་མཐོང་འགྱུར། །རྨོངས་པ་མ་ཡིན་པ་ལ་ནི་འདོད་ཆགས་དང། ཞེ་སྡང་དང་གཏི་མུག་འབྱུང་བར་མི་འགྱུར་རོ། །དབང་ཕྱུག་ཆེན་པོ་ནི་དེ་ཁོ་ན ་ཉིད་མཐོང་བ་མ་ཡིན་ཏེ། ཚངས་པ་བསད་པ་དང། ཆང་འཐུངས་པ་དང། འདོད་པ་བསྟེན་པ་ཡིན་པའི་ཕྱིར་རྡོན་པ་དང། ཆང་འཚོང་བ་ལ་བརྟན་པ་པ་དང། སྨད་འཆོང་མ་ལ་ཆགས་པའི་སྐྱེས་བུ་བཞིན་ནོ། །དེའི་ཕྱིར་ན་རེ་ཞིག་དེ་ཉིད ་ལ་ཡང་དེ་ཁོ་ན་ཉིད་མཐོང་བ་ཡོད་པ་མ་ཡིན་ན་ཡང་དེའི་ཉེ་བར་བསྟན་པའི་ལམ་ནས། འཇུག་པ་ལ་ལྟ་གྲོལ་བ་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །ཁྱབ་འཇུག་ཡིན་ན་སྒྲ་ཅན་དང། ཙ་རུ་ར་དང་དམྱལ་ལ་སོགས། །སྙིང་རྗེ་མེད་པར་གྱུར་པ་ཡིས། །ནོར ་སྲོག་ཕྲལ་བ་ཇི་ལྟ་བུ། །གལ་ཏེ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཡིན་ན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ལུགས་འདིས་དོན་དམ་པ་རྟོགས་པར་འགྱུར་བ་ཡང་མ་ཡིན་ལ་དོན་དམ་པར་མཐོང་ན་ནི་འདི་ལྟ་བུའི་སྤྱོད་པ་དང་ལྡན་པར་ཡང་རིགས་པ་མ་ཡིན་ནོ།། ་གཞན་ཡང། གཞན་ནོར་ཆུང་མ་མ་བྱིན་ལེན། །ཆང་སྲེད་སྲོག་ནི་གཅོད་པ་དག་།འདི་ཉིད་མཐོང་བར་འོས་གྱུར་ན། །རི་བྲག་རྐུན་མོ་ཤིན་ཏཱུང་ཡིན། །གལ་ཏེ་སྲོག་གཅོད་པར་བྱེད་པ་དང། གཞན་གྱི་ནོར་འཕྲོག་པར་བྱེད་པ་དང། ཆང་ལ་སྲེད ་པ་དང། གཞན་ལ་སླུ་བར་བྱེད་པའི་ཚིག་སྨྲ་བ་དང། གཞན་གྱི་ཆུང་མ་ལ་ཉལ་བར་བྱེད་པ་ལ་སོགས་པ་དག་གིས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་ནི་རི་བྲགས་པ་དང། རྐུན་མོ་ལ་སོགས་པ་གཅིག་ཏུ་སྡིག་པ་ལ་ཞུགས་པ་རྣམས་ཤིན་ཏུ ་གྲོལ་བར་ཡང་འགྱུར་ལ། གཞན་གྱིས་ཀྱང་མཆོད་པར་འགྱུར་བ་ཞིག་ན་དེ་ལྟར་ནི་མི་འདོད་དོ། །གཞན་གྱིས་བསམ་པ་སྨྲས་པ། སྐྱེ་དགུ་བསྐྱང་ལ་གསལ་བའི་ཕྱིར། །ལྷ་མིན་ལྷ་ཡི་ཆེར་མ་དག་།བསད་ཀྱང་སྐྱོན་ནི་ཡོད་མིན་ཏེ། །དེ་ནི་ཆོས་བསྲུང་ཕྱིར་ཞེ ་ནང་ཞེས་བྱ་བ་སྟེ། མི་ཡང་ལྷའི་དབུང་ཡིན་ལ་ལྷས་ཀྱང་མི་རྣམས་དཔལ་དང་སྐལ་བ་བཟང་པོ་དང། ཚེའི་མཐར་ཐུག་པ་ཐོབ་པར་བྱེད་ཅིང་རྗེས་སུ་འཛིན་པར་བྱེད་པ་ཡིན་ནོ། །ལྷ་མ་ཡིན་ནི་ལྷའི་ཕྱོགས་ཀྱི་མི་མཐུན་པར་གྱུར་པ་ཡིན་པས་བསད་ཀྱང་ཆོས ་མ་ཡིན་པར་འགྱུར་བ་མ་ཡིན་ཏེ། ཆོས་བསྲུང་བའི་ཕྱིར་རོ་ཞེ་ན། འདི་ལ། གལ་ཏེ་དེ་ནི་ཆོས་བསྲུང་པར། །འདོད་པ་ཡིན་ན་ཅི་ཡི་ཕྱིར། །གཞན་ནོར་བུར་མེད་བ་རྐུ་བ་དང། གཡོ་སྒྱུ་ལ་འཇུག་སྤོང་མི་བྱེད། །གང་འདི་ལྟར་ལྷ་མ་ཡིན་བསད་པ་ལྟ་ལྷའི? ་ངན་འགྲོར་བོར་གྱུར་ཅིང་སྐྱེ་དགུ་ལ་གནོད་པ་བྱེད་པ་ཡིན་པས་ཆོས་བསྲུང་བའི་ཕྱིར་ཡིན་ན་རྒྱལ་པོ་དམྱལ་བ་པའི་བུད་མེད་སྟོང་ཕྲག་བཅུ་དྲུག་འཕྲོག་པར་བྱེད་པ་དང། རྒྱལ་པོ་བྱིས་པ་བསྐྱོད་གི?་གསེར་མདོག་མ་འཕྲོག་པར ་བྱེད་པ་དང། སྡེ་ཕམ་བྱེད་ཀྱི་ནོར་བུ་ས་མན་ཏ་ཀ་འཕྲོག་པར་བྱེད་པ་དང། གཡོ་དང་སྒྱུ་ཡིས་ཕན་པ་བྱེད་བྱེད་པའི་ལྷ་མ་ཡིན་གྱི་རྒྱལ་པོ་གཏོར་མ་བསླུས་པ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་ཞུགས་པ་འདི་ལྟ་བུ་ཅིའི་ཕྱིར་ཡོངས་སུ་སྤོང་བར་མི ་བྱེད་།དེའི་ཕྱིར་ན་འདི་ནི་ཆོས་འདོད་པ་མ་ཡིན་པ་ཉིད་ཡིན་ནོ། །དེ་ལ་གཞན་གྱི་བུད་མེད་དང་ནོར་ཕྲོག་པར་བྱེད་པའི་ཕྱིར་ཆགས་པས་ཟིལ་གྱིས་མནན་པ་ཉིད་ཀྱང་ཡིན་པར་འགྱུར་རོ། །རྟ་མགྲིན་དང་སུན་འདའ་དང། ཉེ་བའི་སུན་འདའ་དང། ཧི ་ར་ཎུ་ཀ་ཤི་བུ་དང། ཀང་ས་ལ་སོགས་པའི་ལྷ་མ་ཡིན་བསད་པའི་ཕྱིར་ཞེ་སྡང་གིས་ཟིལ་གྱིས་མནན་པ་ཡང་ཡིན་ནོ། །གཏོར་མ་བསླུས་པ་དང། གོས་ངན་གྱི་འགྲོན་དུ་བོས་པ་དང། བསིལ་བྱེད་མ་འཕྲོགས་པ་ལ་སོགས་པ་རིག་བྱེད་པ ་ཉིད་ཀྱི་ཕྱིར་ཀུན་ཏུ་རྨོངས་པ་ཉིད་ཀྱང་ཡིན་ནོ། །འདི་སྐད་སྨྲ་བར་ཡང་ནུས་པ་ཡིན་ཏེ། སྲེད་མེད་ཀྱི་བུ་ནི་འདོད་ཆགས་དང་བཅས་པ་ཡིན་ཏེ། བུད་མེད་སྟོང་ཕྲག་བཅུ་དྲུག་འཕྲོག་པར་བྱེད་པའི་ཕྱིར་རྒྱལ་པོ་ངན་པ་བཞིན་ཞེས་བྱ་བ་འམ། ་ཕྱུགས་རྫི་མོ་དང་ལྷན་ཅིག་ཀུན་ཏུ་ཆགས་ཤིང་འདོད་པས་རྩེ་བ་ཉམས་སུ་མྱོང་བར་བྱེད་པའི་ཕྱིར་བ་ལང་རྫི་གཞན་བཞིན་ནོ། །སྲེད་མེད་ཀྱི་བུ་ནི་ཞེ་སྡང་དང་བཅས་པ་ཡང་ཡིན་ཏེ། རྟག་ཏུ་སྲོག་གཅོད་པ་ལ་ཞུགས་པ་ཡིན་པའི་ཕྱིར། ་རྔོན?་པ་དང། བྱ་བ་ལ་སོགས་པ་བཞིན་ནོ། །སྲེད་མེད་ཀྱི་བུ་ནི་གཏི་མུག་དང་བཅས་པ་ཡིན་ཏེ། ཟླ་བ་བཞིའི་བར་དུ་གཉིད་ལོག་པའི་ཕྱིར་སྦལ་བ་དང་སྦྲུལ་ལ་སོགས་པ་བཞིན་ནོ། །འགྲོ་བའི་དེ་ཉིད་དེ་རང་བཞིན་།རང་བཞིན་ཡིན་ཕྱིར་དོང་ཆེ་བཞིན ་འགྲོ་བ་མི་རྟག་པར་མཐོང་ན། །དེ་ནི་ཇི་ལྟར་རྟག་པར་འདོད། །གལ་ཏེ་འགྲོ་ལས་དེ་བཞིན་ཏེ། །ས་དང་རྫ་མཁན་བཞིན་ཞེ་ན། །རྫ་མཁན་དང་ནི་ས་བཞིན་དུ། །མི་རྟག་པར་ནི་མཚོན་པར་བྱ། །སྲེད་མེད་ཀྱི་བུ་ནི་ཆོས་འདོད་པ་མ་ཡིན་པར་ངེས་པར ་གཟུང་བར་བྱ་བ་ཡིན་ན་ཇི་ལྟར་ན་ཆོས་སྲུང་བར་བྱེད་པར་འགྱུར་།ཅིའི་ཕྱིར་ཞེ་ན། ཆོས་མིན་འདོད་པ་མ་ཡིན་ན། །དེ་བྱེད་པར་ནི་ཇི་ལྟར་འགྱུར། །གང་ལ་ལྐོག་ཏུ་གྱུར་པའི་སྐྱོན། །མི་ཤེས་ཕྱིར་ན་བྱས་པ་ཡིན། །གལ་ཏེ་འདི་ཆོས་འགའ་ཞིག་ཁོ་ན ་ལ་དགའ་བར་གྱུར་པ་ཞིག་ཡིན་ན་ནི། ཆོས་མ་ཡིན་པ་བྱེད་དུ་འཇུག་པར་མི་འགྱུར་ལ། རང་ཡང་ཆོས་མ་ཡིན་པ་བྱེད་བར་མི་འགྱུར་རོ། །ཡང་ན་ཆོས་མ་ཡིན་པའི་འབྲས་བུ་རྣམ་པར་མ་ཞེས་པས་མེ་འགལ ་པའི་སྐྱོན་མ་མཐོང་བའི་ཕྱིར་ཆོས་མ་ཡིན་པ་དེ་བསྐྱེད་པར་བྱས་པ་ཡིན་ཏེ། ཐ་མལ་པའི་སྐྱེས་བུ་བཞིན་དུ་འདི་རྨོངས་པ་ཉིད་དུ་འགྱུར་རོ། །གཞན་ཡང། ཅི་འདི་ཡི་འཇིག་རྟེན་སྐྱོང་བ་ཡང་ཕ་དང། མ་དང། བུ་དང། གྲོགས་ལ་སོགས་པ་ལ ་བརྩེ་བས་བསྐྱེད་པ་ཡིན་ནམ། འོན་ཏེ་སྙིང་རྗེས་ཡིན། །ངེས་ཅིར་འགྱུར། །སྲེད་པས་འཇིག་རྟེན་སྐྱོང་ཞེ་ན། །སྲེད་པའི་བྲན་དུ་ཇི་ལྟར་འོས། །སྙིང་རྗེས་ཞེ་ན་འཇིག་རྟེན་རྣམས། །སྒྱུ་མས་རྨོངས་པར་ཅི་ཕྱིར་བྱེད། །འཇིག་རྟེན་འདི་དག་ཐམས ་ཅད་ནི་སྲེད་པའི་དབང་དུ་སོང་བ་ཡིན་ལ། དེ་ལྟར་སྲེད་པའི་དབང་དུ་སོང་བ་ནི་སྲེད་པའི་དབང་དུ་སོང་བ་ཉིད་ཡིན་པའི་ཕྱིར་བྲན་དུ་གྱུར་པ་དེས། འཇིག་རྟེན་ཐམས་ཅད་བསྐྱོད་ཅིང་བྱས་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །སྙིང་རྗེས་འཇིག་རྟེན་སྐྱོང ་པ་ཡིན་ན་ཡང་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་ལ་སོགས་པའི་སྒྱུ་མས་རྨོངས་པར་བྱེད་པར་རིགས་པ་མ་ཡིན་ནོ། །གཞན་ཡང། སྐྱེ་དང་འཆི་སོགས་སྡུག་བསྔལ་ཅན། །ལྷ་མ་ཡིན་ལའང་ཅིས་མི་བརྩེ། །ཐམས་ཅད་མཉམ་ཡང ་མཐོང་བའི་ཕྱིར། །དགྲ་ཡི་འདུ་ཤེས་མི་རིགས་སོ། །གཞན་གྱི་སྡུག་བསྔལ་གྱི་སྡུག་བསྔལ་བར་གྱུར་པ་ནི་སྙིང་རྗེ་སྟེ། མཉམ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་ལ ་སོགས་པའི་སྡུག་བསྔལ་ཅན་དུ་འདྲ་བར་གྱུར་ལ། ལ་ལ་ནི་བཤེས་ཀྱི་འདུ་ཤེས། ལ་ལ་ནི་དགྲའི་འདུ་ཤེས་མ་ཉམས་པར་སྤྱོད་པ་ཉིད་མཐོང་བས་སྙིང་རྗེ་ཅན་ཉིད་མ་ཡིན་ནོ། །དེས་ན་ཁྱབ་འཇུག་ནི་ཆགས་པ་དང། ཞེ་སྡང་འབའ་ཞིག་ཅན་ཡིན་པར་ཤེས ་པར་བྱའོ་བརྩེ་བ་ཅན་ཡང་མ་ཡིན་ལ། སྙིང་བརྩེ་བ་ཅན་ཡང་མ་ཡིན་ནོ། །དེ་བཞིན་དུ། རང་ཉིད་འགྲོ་བའི་བྱེད་པོ་ཡིན། །སྐྱེ་འཇིག་དག་གི་གཙོ་བོ་ནི། །ཕན་པར་བྱེད་ལ་བརྩེ་བ་ལྟར། །ཕན་བྱེད་ལ་བརྩེ་དེ་ཅི་ལྟར། །གལ་ཏེ་འགྲོ?་གཅེ?་འདི་ཡིན ་པས། །འདི་ལས་ལྷག་པའི་མཆོག་མེད་ན། །ཅི་ཕྱིར་མདངས་ལྡན་མ་བཅས་པས་།ཐུབ་པ་གོས་ངན་ཁུར་བར་བྱེད། །ཡང་ན་དེ་ཡི་སྤྱོད་མཐོང་ནས། སྐྱེ་དགུ་བྱེད་པོ་ཞེས་བྱའི་བློ། །རང་གིས་བྱས་སམ་སློབ་ཡིན་ནའང། །ཁུར་བར་བྱེད་པའི་བློ་ཅི ་ཡིན། །མཆོད་འོས་དཀའ་ཐུབ་ལྷག་ཅེ་ན། །དཀའ་ཐུབ་གཙོ་ཡིན་དེ་མ་ཡིན། །དམོང་པས་འཇིགས་པ་ཡིན་ཞེ་ན། །བྱེད་པོ་ཡིན་པའི་ཡོན་ཏན་ཅི། །འདོད་ཆགས་ཞེ་སྡང་སོགས་འདྲེས་པའི། །འཕྲོག་བྱེད་སྤྱོད་པ་འདི་ཅི་ཡིན། །འཕགས ་མིན་སྤྱོད་པ་འདི་ལྡན་པ། །དེ་ནི་ཅི་ལྟར་སྐྱེས་མཆོག་ཡིན། །ཇི་ལྟར་བསྟན་པའི་རིམ་པས་གང་མ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གིས་དྲེ་མ་ཅན་དུ་བྱས་པའི་སྤྱོད་པ་ཡོད་པ་དེ་ཇི་ལྟར་ན་དེ་ཁོ་ན་ཉིད་རིག་པ་ཡིན། སྐྱེ་བོ་བཟང་པོ་མ ་ཡིན་པའི་རྗེས་སུ་འཇུག་པར་བྱེད་ཅིང་དམན་པའི་ལས་བྱེད་པ་དེ་རྒྱུ་གང་གིས་ན་སྐྱེས་བུའི་མཆོག་ཡིན་པར་འདོད་པར་བྱེད། འགྲོ་བ་མཉམ་མེད་འཕྲོག་བྱེད་ལ། །གལ་ཏེ་དེ་ལ་སྟོབས་ཡོད་ན། །ཅི་ཕྱིར་ཤུགས་ཅན་ནག་པོ་ཡིས། །འཇིཌ ་ནས་ཕུག་ཏུ་ཞུགས་ཞེས་གྲག། ཤུགས་ཅན་ནག་པོས་འཇིགས་སྐྲད་ནས། །རྒྱལ་པོའི་དྲང་སྲོང་མ་ཙུ་ཀུའི། །ཁྲི་ཡི་འོག་ཏུ་ཞུགས་གྱུར་པར། །ནག་པོར་གྱུར་པ་མིན་ནམ་ཅི། །གྲོང་ཁྱེར་མང་པོར་གནས་པ་ན། །ཁུང་ནས་རྐུན་མོ་བཞིན་འབྲོས་པ། །གལ་ཏེ ་སྲིད་གསུམ་དེ་བསྐྱེད་ན། །ལྷ་མ་ཡིན་ལ་ཅི་ཕྱིར་འཇིགས། །གང་ཚེ་རྒས་ཕྱིར་མངས་ཕོག་ནས། །འདི་ནི་འཆི་བར་འགྱུར་བའི་ཚེ། །དེ་ཉིད་མཐོང་བའི་ཤེས་པ་དང། །དེ་ཡི་སྟོབས་ཀྱང་གང་དུ་སོང། །སྒྱུ་དང་གཡོ་ཡིས་རྨོངས་བྱས་ཏེ། །ངན་པའི་ལས་ལ་སྦྱར ་བྱས་ནས། །བླ་མ་གཉེན་བསང་འཇིགས་པ་ཡིས། །སྲིད་སྒྲུབ་ཏུ་གྱུར་ཇི་ལྟ་བུ། །དག་ཚོགས་ཟད་པར་བྱ་བ་ལ། །ངེས་པར་རང་ལ་ནུས་མེད་པས། །གང་ཕྱིར་སྙིང་རྗེ་མེད་པས་གཞན། །བསྐུལ་བའི་དོན་དུ་སོང་བར་གྱུར། །ཅེས་བྱ་བ་དང་གཞན ་ཡང་འདིས་ཐམས་ཅད་བསྐྱེད་པ་ཡིན་ན་བསིལ་བྱེད་མ་འཕྲོག་པར་བྱེད་པའི་མར་ན་ཅིའི་ཕྱིར་སྐྱེད་པར་བྱེད། ཀུན་ལ་ཁྱབ་པ་ཉིད་ཡིན་ན་ཡང་ཅིའི་ཕྱིར་ཁྱབ་འཇུག་བདག་ཉིད་ཀྱིས་ཁྱབ་འཇུག་གསོད་པར་བྱེད། ཐམས་ཅད་མཁྱེན་པ་ཡིན་ན་ཡང་བསིལ ་བྱེད་མ་སའི་ནང་དུ་ཞུགས་པར་གྱུར་པ་འདིས་ཅིའི་ཕྱིར་ཤེས་པར་མ་གྱུར། ཡང་ན་འདི་དག་ཐམས་ཅད་རྩོད་མའི་དོན་དུ་བསྐྱེད་པ་ཡིན་ན་ཡོན་ཏན་གྱི་ཁྱད་པར་མེད་པའི་ཕྱིར་བྱིས་པ་ཆུང་དུའི་རྩེ་མོ་དང་འདྲ་བར་རྩེད་མོ་འདི་མཚོན་པར་བྱའོ། །ལྷ ་ལྷ་མ་ཡིན་གཏོར་མ་ཡང་ཁྱབ་འཇུག་ཉིད་ཡིན། ཁྱབ་འཇུག་ཉིད་སླུ་བར་བྱད་པ་ཡང་ཇི་ལྟ་བུ། དེ་ནི་གཞན་ཡིན་ནོ་ཞེ་ན་སྐྱེ་དགུ་འདི་ཀུན་ཡང་འདི་ཡིན་ནོ། །མཆོད་གནས་མ་ཡིན་པ་ཉིད་ཀྱང་ཡིན་ཏེ། གང་འདི་དང་ཕྲད་ནས་གཏོར་མས ་མཆོན?་པོ་སྦྱིན་པ་བྱས་ལས་བཅིངས་པ་ཐོབ་པར་གྱུར་པས་སོ། །གང་གི་ཚེ་ས་འདི་ཆུའི་ནང་དུ་ནུབ་པར་གྱུར་པ་ན་ཕག་གི་གཟུགས་སུ་གྱུར་ནས་བཏག་པའི་ཚེ་གང་དུ་གནས་ནས་བཏེག་པ་ཡང་སྨྲོས་ཤིག། ས་ལ་བརྟེན་ནས་ཞེ་ན། དེ་ལྟ་ན་ ་ནི་ས་གཏིང་དུ་ནུབ་བ་མ་ཡིན་ནོ། །གཏིང་དུ་ནུབ་པོ་ཞེ་ན་ནི་དེ་ལ་བརྟེན་པར་ཇི་ལྟར་འགྱུར། །དེས་ན་ཚུལ་འདི་ནི་རིགས་བ་མ་ཡིན་ནོ། །དེའི་ཕྱིར་སྒྲ་གཅན་ཡང་འདིས་མ་བསྐྱེད་པ་ཉིད་ཡིན་པར་རིགས་ཀྱི། བསྐྱེད་ནས་མགོ་བཅད ་པ་ལ་ཡོན་ཏན་ཅི་ཡོད། འདིས་བདག་ཅག་གི་བདུད་རྩི་ཕྲོགས་པར་འགྱུར་རོ། །ཞེས་ཀྱང་ཤེས་པར་ཅིའི་ཕྱིར་མ་གྱུར། དགྲས་འཇིགས་ནས་མཚོན་ཆ་འཛིན་པར་བྱེད་པ་གནོད་པར་བྱེད་པ་དེ་ལྟ་བུ་ཡང་བསྐྱེད་ནས་ཅི་ཞིག་བྱ། གང་གི་ཚེ་འཇིཌ? ་བ་མེད་དོ་ཞེ་ན་ཡང་མཚོན་ཆ་བཟུང་ནས་ཅི་ཞིག་བྱ། གཞན་བསད་པའི་ཕྱིར་མཚོན་ཆ་འཛིན་པ་ཡིན་པས་རྔོན་པ་དང་གདོལ་པ་ལ་སོགས་པ་བཞིན་དུ་ཤིན་ཏུ་ཆོས་དང་མི་ལྡན་པར་གྱུར་པ་ཉིད་ཡིན་ནོ། །གལ་ཏེ་རང་གིས་བསྐྱེད་པས་བསད ་ཀྱང་ཆོས་མ་ཡིན་པར་མི་འགྱུར་རོ་ཞེ་ན་།བུ་ལ་སོགས་པ་བསད་པ་ལྟར་མ་ངེས་པ་ཉིད་ཡིན་ན། །དེ་ལ་གུས་པར་གྱུར་པ་ནི་ཉམས་པར་འགྱུར་བ་མ་ཡིན་ནོ། །ཞེས་གང་འདོད་པ་དེ་ཡང་དེའི་ཆུད་མ་དགྲས་ཁྱེར་བར་གྱུར་པ་དང། དེའི ་རྒྱུད་རྒྱུན་ཆད་པར་གྱུར་པ་ཡང་ཇི་ལྟ་བུ་ཡིན། རང་ཡང་མ་ཡིན་རྒས་བྱེད་ཀྱིས་མདས་རྒྱབ་ནས་ཤི་བར་གྱུར་པ་ཡང་ཇི་ལྟ་བུ་ཡིན། དེས་ན། གང་ཡང་ཅུང་ཞིག་དབང་ཕྱུག་ལྡན། །གལ་ཏེ་དེ་ལ་གནས་ཡིན་ན། དེ་ནི་ཀུན་ལ་ཁྱབ ་ཉིད་མིན། །དེས་ན་གཞུང་འདི་དོར་བར་གྱིས། །འོག་ཏུ་ཞུགས་ནས་ས་བཏེག་པ། །ཁྱབ་བ་ཡིན་ན་ཇི་ལྟར་རུང། །འོ་ན་ཏེ་འདི་དེར་མ་གནས་ནའང། །ཁྱབ་པར་སྨྲ་བར་མི་མཛེས་སོ། །འོག་ཏུ་ཞུགས་ནས་ས་འཛིན་པར། །ནུས་ན་དྲང་སྲོང ་དམོང?་པ་ཡིས། །རང་རིགས་ས་འོག་འགྲོ་གྱུར་པ། །འཛིན་པར་མི་བྱེད་ཇི་ལྟ་བུ། །དེ་ལ་གུས་པ་མི་ཉམས་ཞེས། །གང་ལ་དེ་ལྟའི་བློ་ཡོང་ན། །དེ་ལ་གུས་པའི་བུད་མེད་དག་།ཙེ་གཟུང་དགྲས་ཁྱེར་ཇི་ལྟ་བུ། །དེ་འབའ་ཞིག་ཀྱང་མ? ་ཡིན་གྱི། །བཤེས་དང་གཉེན་དང་བུ་རྣམས་དང། །དེ་ལ་གུས་པར་མཐོང་བ་གཞན། །ཀུན་ཀྱང་ཉམས་པར་གྱུར་པ་ཉིད། །ཅེས་བྱ་བ་ཡིན་ནོ། །འདིར་སྨྲས་པ། འདི་ལྟ་བུ་དག་ནི་རིགས་པ་མ་ཡིན་གྱི་གྲུབ་པའི་མཛའ་མི་ཤེས་པ་ཡིན་ནོ། །ཁྱབ་འཇུག་གི ་ངོ་བོ་ཉིད་ནི་གཉིས་ཡིན་ཏེ། ལྷ་རྫས་ཀྱི་ངོ་བོ་དང། ས་སྟེང་གི་ངོ་བོ་ཅན་ནོ། །དེ་ལ་ལྷ་རྫས་ནི་ཞི་བ་གཅིག་པུའོ། །ས་སྟེང་གི་ནི་ཞི་བ་མ་ཡིན་བ་རྣམ་པ་བཅུ་ཡིན་ལ། དེ་འདིར་འདེས?་ནས་གདུག་པ་ཅན་འདུལ་བའི་བྱ་བ་བསྟན་པ་ཉིད་ཡིན་ཏེ། ་གང་ཡང་ཉ་དང་རུས་སྦལ་ཕག་པ་དང། །སེང་མགོ་ཅན་མི་མིའུ་ཐུང་དང། །རང་མོ་ར་མ་ཁྱབ་འཇུག་དང། །སངས་རྒྱས་ཀལ་ཀི་ཅན་འདི་བཅུ། །ཞེས་བྱ་བ་སྨྲས་པ་ཡིན་ནོ། །རབ་ཏུ་བྱེད་པ་གཉིས་ཀྱིས་གཞན་གྱི་བསམ་པ་བསྟན་པ། འཕྲོག ་བྱེད་འདི་ཡི་དངོས་གཞན་ཞིག་།ཞི་བར་གལ་ཏེ་རྟོག་བྱེད་ལ། །གང་མཐོང་དུས་གང་ཡང་སྲིད་དུ། །འབྱུང་བར་མི་འགྱུར་གང་ཡིན་པ། །འདི་ཡི་ཡོད་མིན་མེད་མ་ཡིན། །ཡོད་མིན་མེད་པ་མིན?་པའང་མིན་།དེས་ན་མེད་ཕྱིར་ཡོད་པའི་ཕྱིར། །ཡོད ་མེད་མིན་ཕྱིར་དེ་ནི་མཆོག་།ཅེས་བྱ་བ་སྟེ་།ལྷ་རྫས་ཀྱི་ངོ་བོ་ནི་བསམ་གཏན་གྱི་མིག་གིས་མཐོང་བར་བྱ་བ་ཡིན་ནོ། །རྣལ་འབྱོར་བ་རྣམས་ཀྱིས་དེ་མཐོང་ན་ཡང་འཁོར་བར་ལུས་མངོན་པར་འགྲུབ་པར་མི་འགྱུར་གྱིས་འོན་ཀྱང་འཆི་བ་མེད་པ ་ལ་ཟིམ་པར་འགྱུར་རོ། །འདི་ནི་ཡོད་པ་ཉིད་དམ་མེད་པ་ཉིད་དམ་ཡོད་པ་དང་མེད་པ་ཉིད་དུ་ཡང་བསྟན་པར་མི་ནུས་སོ། །དེའི་ཕྱིར་ན་དེ་ནི་མཆོག་བླ་ན་མེད་པ་དམ་པ་གཙོ་བོ་ཞེས་བྱའོ། །ཞེ་ན། འདི་ལ་འདི་ནི་ཐལ་པར་འགྱུར་བ་སྒྲུབ་པར་བྱ ་སྟེ། ཅི་ཉ་ལ་སོགས་པའི་ངོ་བོ་དང་ལྷ་རྫས་ཀྱི་ངོ་བོ་དེ་གཞན་ཞིག་ཡིན་ནམ། འོན་ཏེ་མ་ཡིན། དེ་ལ་གཞན་ཡིན་པ་ཉིད་དུ་ནི་མི་འགྲུབ་པོ། །ཇི་ལྟར་ཞེ་ན། ཉ་སོགས་ངོ་བོ་ཡོད་པའི་ཕྱིར། །གཞན་ཡིན་ན་ཡང་འཆི་མེད་མིན། །གཞན ་མིན་ཉིད་ན་གཞན་མིན་ཕྱིར། །དེ་ནི་ཞི་མིན་གཞན་བཞིན་ནོ། །ལྷ་རྫས་ཀྱི་ངོ་བོ་ནི་ཡོད་པ་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་ལ། ཉ་ལ་སོགས་པའི་ངོ་བོ་ནི་ཡོད་པའི་གཟུགས་ཡིན་པས་དེའི་ཕྱིར་ན་འདི་ལས ་གཞན་ཉིད་ཡིན་པར་འདོད་དུ་ཟིན་ཀྱང། །དེ་ལྟ་ན་ཡང་འཆི་བ་མེད་པར་བསྟན་པར་བྱ་བ་མ་ཡིན་ཏེ། མཚན་ཉིད་ཐ་དད་པ་ཡིན་པའི་ཕྱིར་དབང་ཕྱུག་ལ་སོགས་བར་བསྟན་པ་མེད་པ་བཞིན་ནོ། །གཞན་མ་ཡིན་པ་ཉིད་དུ་རྟོག་པར་བྱེད་ན་ཡང་ཇི ་ལྟར་ཉ་ལ་སོགས་པའི་ངོ་བོ་ཞི་བ་མ་ཡིན་པ་དང། ཉམས་པར་འགྱུར་བ་མ་ཡིན་པ་བཞིན་དུ་ལྷ་རྫས་ཀྱང་མ་ཞི་བ་ཉིད་དང། མི་རྟག་པ་ལ་སོགས་པ་སྐྱོན་དང་བཅས་པ་ཉིད་དུ་འགྱུར་རོ། །གལ་ཏེ་གཅིག་ནི་ཞི་བདག་ཉིད། །ཡིན་ནའང་གཅིག ་ནི་མ་ཞི་ན། །བུད་མེད་འབྱོན་མའང་བསྔགས་པར་འོས། །ལུས་ཀྱི་ཕྱེད་ནི་འདོད་པའི་ཕྱིར། །གལ་ཏེ་འདི་ལྷ་རྫས་ཀྱི་ངོ་བོ་ནི་ཞི་པ་ཡིན་ལ། ཉ་ལ་སོགས་པའི་ངོ་བོ་ནི་མ་ཞི་བ་ཡིན་ནོ་ཞེས་སྨྲས་ན། འདི་དག་གང་ཞེ་ན། མེད་པ་ཉིད་ཡིན་པས ་དེས་ན་བདག་གི་ལུས་བྱེད་ནི་གཞན་ལ་མི་འགྲོ་བ་ཉིད་ཡིན་ལ། ཕྱེད་ནི་གཞན་ལ་འགྲོ་བ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྨྲ་བའི་བུད་མེད་འབྱོན?་མ་ཡང་བསྔགས་པར་བྱ་པ་ཉིད་དུ་འགྱུར་ལ། འདི་ལྟ་བུའི་ལུགས་ནི་མི་སྲིད་པ་ཡང་ཡིན་ནོ། ། ་སེང་གེའི་མགོ་ཅན་བྱི་མི་ལ་སོགས་པའི་རྗེས་སུ་དཔགས་ན། ལྷ་རྫས་ཀྱི་ངོ་བོ་ཡང་མ་ཞི་བ་ཉིད་ཡིན་པར་འགྱུར་རོ། །དེ་བཞིན་དུ། ཡོད་སོགས་སྒྲ་ཡིས་བརྗོད་མིན་ཕྱིར། །མཆོག་ཅེས་བྱ་བའང་རིགས་པ་མིན། །ཡོད་ན་མཆོག་ཏུ་རིགས ་འགྱུར་ལ། རྒྱུ་ཉེད་དུ་ཡང་རིགས་པ་ཡིན། །དངོས་པོ་ཡོད་པ་ལ་ནི་རྒྱལ་པོ་བཞིན་དུ་གཙོ་བོ་ཉིད་དུ་ཡང་རིཌ་ལ། དེ་ཉིད་ནི་ས་བོན་ལ་སོགས་པ་བཞིན་དུ་རྒྱུ་ཉིད་ཡིན་པར་ཡང་རིགས་ཀྱི། མེད་པར་རི་བོང་གི་རྭ་ལ་སོགས་པ་ནི་མཆོག་ཉིད་དང་རྒྱུ་ཉིད ་ཡིན་པར་རིགས་པ་མ་ཡིན་ནོ། །ཡོད་པ་ལ་སོགས་པའི་སྒྲས་ལྷ་རྫས་ཀྱི་ངོ་བོ་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་བྱ་བ་དང། མཆོག་ཉིད་ཅེས་ཀྱང་བརྗོད་པ་འདི་ལྟར་འགལ་བ་ཉིད་ཀྱང་མ་ཡིན་ནོ། །གཞན་ཡང། རྒྱུ་ཉིད་ཡིན་པ་སྤངས་པ་ཡིན། །གཞན་ཉིད ་ཡིན་པའང་སྔ་མ་བཞིན། །རྒྱུ་ཡང་མ་ཡིན་གཞན་ཡང་མིན། །འཆི་མེད་མ་ཡིན་སྐྱེ་བའང་མིན། །དབང་ཕྱུག་རྒྱུ་ཡིན་པ་སྔར་རབ་ཏུ་བཀག་པ་བཞིན་དུ་ཁྱབ་འཇུག་རྒྱུ་ཡིན་པར་འདོད་པ་ཡང་དགག་པར་བྱས་པ་ཡིན་ནོ། །དེའི་ཕྱིར་ན་གང་གི་ཡང ་རྒྱུ་མ་ཡིན་ནོ། །ཐ་དད་དུ་གྱུར་པ་ཡང་མ་ཡིན་ཏེ། དངོས་པོ་ལ་དབྱེ་བ་མེད་པས་ཐ་དད་དུ་གྱུར་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །འཆི་བ་མེད་པ་ཡང་མ་ཡིན་ཏེ། སྐྱེས་པར་གྱུར་བ་ཉམས་པར་འགྱུར་བ་ལས་འཆི་བ་ཞེས་བྱ་བར་འགྱུར་གྱི། འཆི་བ་མེད ་པ་ནི་ཉམས་པར་འགྱུར་བ་མ་ཡིན་ཏེ། སྐྱེས་པ་ཡོད་པ་མ་ཡིན་པ་འཆི་བ་ཡང་ཡོད་པར་མི་འགྱུར་རོ། །དེས་ན་འདི་ནི་འཆི་བ་མེད་པར་འགྱུར་བ་ཡང་མ་ཡིན་པས་འཆི་བ་མེད་པ་མ་ཡིན་པའོ། །གཞན་ཡང་ཅི་འདི་དངོས་པོ་ཞིག་ཡིན་ནམ། ་དངོས་པོ་མེད་པ་ཞིག་ཡིན། དེ་ལ་གལ་ཏེ་འཆི་མེད་དངོས་ཡིན་ན། །འདི་ནི་ཉམས་འགྱུར་རོ་སོགས་བཞིན། །གལ་ཏེ་འཆི་མེད་དངོས་མིན་ན། །དེ་མེད་ནམ་མཁའ་ཨི་མེ་ཏོག་བཞིན། །འབྱུང་བར་འགྱུར་བས་དངོས་པོ་སྟེ། །སྐྱེ་བར་འགྱུར་བ་ཞེས་བྱ་བའི་ཐ ་ཚིག་གོ་།གང་སྐྱེ་བར་གྱུར་པ་དེ་ནི་ངེས་པར་ཉམས་པར་གྱུར་པ་ཡིན་ཏེ། རོ་དང་།གཟུགས་དང། དྲི་ལ་སོགས་པ་བཞིན་འདི་ཡང་ཉམས་པར་འགྱུར་བ་ཉིད་ཡིན་ནོ། །དངོས་པོ་མ་ཡིན་ཏེ་།དངོས་པོ་མེད་པ་ཡིན་ན་ཡང་འདི་ལྟར་དངོས་པོ་མེད་པ ་ཡིན་པའི་ཕྱིར་ནམ་མཁའ་ཨི་མེ་ཏོག་གམ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་ཤིན་ཏུ་མེད་པར་གྱུར་པ་ཉིད་ཡིན་ནོ། །གལ་ཏེ་འདི་ནི་གཅིག་ཏུ་ཡོད་པ་ཡང་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། །གཅིག་ཏུ་མེད་པ་ཡང་ཡིན་ཏེ། རྣལ་འབྱོར་པའི ་མིག་གིས་མཐོང་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡོད་པ་དང་མེད་པའི་ངོ་བོ་ཡང་ཡིན་ནོ་ཞེ་ན། ཡོད་མིན་མེད་མིན་མི་རིགས་ཏེ། །མེལ་གྲངས་དང་དྲོ་བཞིན་ནོ། །གལ་ཏེ་ཡོད་ན་ཇི་ལྟར་མེད་པ་ཡིན། །གལ་ཏེ་མེད་ནའང་ཇི ་ལྟར་ཡོད་པ་ཡིན། །ཇི་ལྟར་མེ་ནི་གྲང་བ་དང་དྲོ་བ་གཉི་གའི་ངོ་བོ་ཡིན་པར་འགལ་བ་བཞིན་ནོ། །དེ་བཞིན་འཆི་བ་མེད་པ་དེ། །བརྗོད་མེད་ཡིན་པར་ཇི་ལྟར་རིགས། །ཡོད་ན་ཡོད་པ་དང་མེད་པ་ལ་སོགས་པའི་བརྗོད་པ་དང་བྲལ་བ་ཉིད་ཡིན་པའི ་ཕྱིར་རོ། །འདི་ནི་བརྗོད་དུ་མེད་པ་ཡིན་ནོ་ཞེས་བྱ་བ་དང། དེ་ལྟར་ན་ཡང་འཆི་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་བརྗོད་པ་འཇུག་པར་རིགས་པ་མ་ཡིན་ནོ། །གལ་ཏེ་ཡང་འཆི་བ་མེད་པ་ལ་སོགས་པའི་ཆོས་འདི་བརྗོད་པར་བྱ་བ་ཡིན་ན་འདི ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་མ་ཡིན་ནོ། །རྒྱུར་སྨྲ་བ་དག་གིས་སྨྲས་པའི་བདག་ཏུ་སྨྲ་བའི་བརྗོད་དུ་མེད་པ་དང་འདི་འདྲ་བ་ཡིན་ནོ་ཞེ་ན། བརྗོད་དུ་མེད་ཉིད་བདག་དང་ནི། །འདྲན་མེད་ཡིན་བཀག་པ་ཉིད། །རིག་བྱེད་སྨྲ་བའི་དེ་ཁོ་ན་ཉིད ་གཏན་ལ་དབབ་པར་གང་བ་དག་གི་བརྗོད་དུ་མེད་པ་ཉིད་དགག་པར་བྱས་པས་དེ་འདིར་ཡང་རྟོགས་པར་བྱའོ། །དེའི་ཕྱིར་ན་འདིའི་བརྗོད་དུ་མེད་པ་ཉིད་ཀྱང་མ་གྲུབ་པ་ཉིད་ཡིན་ནོ། །གཞན་ཡང་འཆི་བ་མེད་ཕྱིར་འཆི་མེད་ཅེས། །འཆི་མེད་མེད་ཕྱིར ་འཆི་མེད་མིན། །གལ་ཏེ་འདི་སྐད་དུ་འཆི་བ་མེད་པ་ཡིན་པའི་ཕྱིར་འདི་ནི་འཆི་བ་མེད་པ་ཡིན་ནོ་ཞེ་ན། བུམ་པ་འམ་མི་ཡང་རུང་འཆི་བ་དང་བྲལ་བར་གྱུར་པ་ནི་འགའ་ཡང་མེད་བས་ངོ་བོ་མེད་པར་བསྒྲུབ་བྱ་འགྲུབ་པ་མ་ཡིན་ནོ། །གལ་ཏེ ་ཡང་འདི་སྐད་དུ་།ཉ་ལ་སོགས་པའི་ངོ་བོ་འཆི་བ་མཐོང་བས་འཆི་བར་འགྱུར་བ་ཡོད་པའི་ཕྱིར་དེས་ན་དཔེ་མེད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་འཆི་བ་ཉིད་ཡོད་པ་མ་ཡིན་པས་མི་འཆི་བ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འཆི་བ་མེད་པར་བསྟན ་བ་ཡོད་པ་མ་ཡིན་ནོ། །སྐྱོན་རྣམས་སྦ་ཕྱིར་བཏགས་པ་ཡི། །དེའི་དངོས་པོ་གཞན་ཞིག་སྟེ། །དེ་ལ་དམིགས་ད?་ཇི་ལྟར་བུ། །གྲོལ་དོད་གྲོལ་བར་འགྱུར་བ་ཡིན། །གང་ཁྱོད་ཀྱི་ངག་གི་གྲུབ་པའི་མཛའ་ཉམས་པར་འགྱུར་བ་སྔར་བར་བྱ་བའི་ཕྱིར་ལྷ་རྫས ་ཀྱིས་ངོ་བོར་བཏགས་པར་གྱུར་པ་དེ་ཡང་བཤད་མ་ཐག་པའི་རིགས་པས་ཡོད་པ་ཉིད་དུ་སྒྲུབ་པར་དཀའ་ན། ཅི་ལྟར་ན་དེ་ལ་དམིགས་ན་གྲོལ་བར་འདོད་པ་རྣམས་གྲོལ་བར་འགྱུར་བ་ཡིན། དེ་ལ་རྣལ་འབྱོར་གྱི་ཆོ་ག་ཉེ་བར་བསྟན་པ་ཡོད་པས་གྲོལ ་བ་འགྲུབ་པར་འགྱུར་རོ་།ཞེས་ཕ་རོལ་པོས་སྨྲས་པ། ཚངས་པ་དང་ནི་ནོར་ལྷ་ཡིས། །གླུར་བླངས་གསང་བ་ཨོཾ་ཞེས་བྱ། །ཚངས་པའི་ཡི་གེ་དེ་ཉིད་ནི། །ཡོད་དེ་ཀུན་ལ་ཁྱབ་པ་ཡིན། །དེ་ནི་ཚང་གསུམ་གསལ་བ་ཡིན། །དེ་བཞིན་ཤིན་ཏུ་ཕྲ་བར ་བསྟན། །ངང་པོའི་རྒྱུ་ནི་ཡི་གེ་ཨ། །དག་དང་སྙིང་སྟོབས་ས་མེ་བསྡུས། །ལས་དང་ནམ་མཁའ་ཉིད་དག་ཀྱང། །ཡིད་བརྟུལ་སྙིང་སྟོབས་ཨུ་དང་ལྡན། །བྱེད་པོའི་ཡི་གེ་མའི་མིང་ཅན། སྲོག་དང་མུན་བ་གསུམ་ཡིན་ནོ། །འགྲོ་བ་ཐམས་ཅད་སྡུད ་པར་བྱེད། །གཉིད་ཆེན་ཤིན་ཏུ་ལོག་བའི་རྒྱུའོ། །འཕོ་དང་བསམ་གཏན་རླུང་འབྱུང་འཇུག་།གཟུང་བར་བྱ་བ་དང་བརྟག་པ་དང། །ཏིང་འཛིན་ཞེས་བྱ་རྣལ་འབྱོར་གྱི། །ཡན་ལག་དྲུག་ཏུ་བརྗོད་པ་ཡིན། །དབང་པོ་ཀུན་གྱི་ཤེས་པ་ནི། །ཡུལ་ལ ་གཡོ་བར་བྱེད་པ་རྣམས། །ཡང་དག་བསྲུང་ལ་སོགས་ལྡན་ནི། །ཡིད་ལ་བསམ་གཏན་བྱ་བ་སྟེ། །གནས་དག་ཏུ་ནི་སྤོང་ཞིང་བྱ། །ཞེས་བྱ་བའོ། །གཞན་གྱི་བསམ་པ་ཕྱོགས་སྔ་མ་འདི་ལྟ་བུ་ཡང་ཉེ་བར་དགོང་པར་བྱ་སྟེ་།དབང་པོ་དག་དང་དབང་དོན ་དག། རུས་སྦལ་ཡན་ལག་བཞིན་བསྡུས་ལ། །དྲན་པས་ཡི་གེ་ཨོཾ་བརྗོད་ན། །དེ་གུས་སྐྱེས་པུ་གྲོལ་པར་འགྱུར། །ཞེས་བྱ་བ་སྟེ། མིག་ལ་སོཌ་པའི་དབང་པོ་རྣམ་དབང་པོའི་དོན་གཟུགས་ལ་སོགས་པ་ལ་རུས་སྦལ་གྱི་ཡིན་ལག་རྣམས་སྦེད་པར་བྱེད་པ་ལྟར། ་རབ་ཏུ་བཟློག་ཅིང་བསྡུས་ནས་ཇི་ལྟར་བསྟན་པའི་ཡི་གེ་ཨོཾ་ཚད་གསུམ་དང་ལྡན་པ་ཡིད་ལ་བསས་ན་ཁྱབ་འཇུག་ལ་གུས་པ་དེ་གྲོལ་བར་འགྱུར་རོ། །ཞེས་དེ་ལ་འདི་སྐད་དུ། །ཕྲོག་བྱེད་གུས་པས་གྲོལ་བར་ནི། །འཕྲོག་བྱེད་མཐོང་བས ་མ་རིག་ཉིད། །རྣམ་རྟོག་མཚན་མ་དང་བཅས་ཕྱིར། །དཔེར་ན་འཕྲོག་བྱེད་མཐོང་བ་བཞིན། །རྣམ་པར་རྟོག་པ་མེད་ཅིང་མཚན་མ་མེད་པའི་བསམ་གཏན་ནི་སེམས་ཞི་བར་བྱེད་པ་ཡིན་པར་རིགས་ཀྱི། གང་ཡང་རྣམ་པར་རྟོག་པ་དང་བཅས་ཤིང ་མཚན་མ་དང་བཅས་པ་འཇིག་རྟེན་པའི་ཤེས་པ་ལས་ཁྱད་མེད་པ་དེ་གོམས་པར་བྱས་སུ་ཟིན་ཀྱང་ཐར་པ་འཐོབ་པར་འགྱུར་བ་མ་ཡིན་ཏེ། དེས་ན་ཡང་དག་པའི་ཤེས་པ་མ་ཡིན་པའི་རྣལ་འབྱོར་བ་འཕྲོག་བྱེད་ལ་གུས་པ་རྣམས་འཕྲོག་པར ་མཐོང་བས་གྲོལ་བར་རིགས་པ་མ་ཡིན་ཏེ། རྣམ་པར་རྟོག་པའི་མཚན་མ་དང་བཅས་པའི་ཕྱིར། དཔེར་ན་འཕྲོག་བྱེད་དེ་རལ་པ་གཟིངས་ཤིང་བཤིག་པ་དང་ལྡན་པའི་སེང་གེ་མཐོང་བ་བཞིན་ནོ། །རྣམ་པར་རྟོག་པ་དང་བཅས་པའི་བློ་དག་ནི ་བརྫུན་པ་ཉིད་ཡིན་ནོ་ཞེས། །འདིར་སྨྲས་པ་།གྲོལ་ཕྱིར་རྣལ་འབྱོར་ལྡན་པ་ཡི། །མི་རྟོག་བློ་ཡང་མི་འདོད་དེ། །མཚན་མར་འཛིན་ཕྱིར་རྫུན་ཡིན་ན། །ཡོངས་སུ་བཏགས་པ་སྨོས་ཅི་དགོས། །གལ་ཏེ་རྣལ་འབྱོར་པའི་རྣམ་པར་རྟོག ་པའི་བློ་ཡང་ཅི་ཞིག་ལ་དམིགས་པ་ཡིན་པར་རྟོག་ན་ནི་དེ་ཡང་རེ་ཞིག་དམིགས་པའི་མཚན་མ་ལ་རྟོག་པ་ཡིན་པའི་ཕྱིར། །གྲོལ་བར་མི་འགྱུར་ན་གང་ཡང་བློ་གང་ཞིག་དངོས་པོའི་མཚན་མར་འཛིན་པའི་རྟོག་པའི་ངོ་བོ། ཉིད་ཡིན ་པ་དེ་ནི། རྫུན་བ་ཉིད་ཡིན། བདེན་པ་ནི་མ་ཡིན་ཏེ། མཚན་མར་འཛིན་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་ཤས་པ་བཞིན་ནོ། །གཞན་ཡང་ཆགས་སོགས་ཀུན་ཏུ་སྤྱོད་པའི་ཕྱིར་ཚངས་སོགས་རྣམས་ནི་ཕྱུག་རྫུ་བཞིན། །དེ་ཉིད ་རིག་པ་སྤངས་པའི་ཕྱིར། །རྒྱུ་ལ་མཁས་པ་མ་ཡིན་ནོ། །དོན་དམ་པའི་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་རྣམས་ཡོད་པར་གྱུར་པ་གྲོལ་བར་ལྟ་ག་ལ་འགྱུར། དེས་ན་འདོད་ཆགས་ལ་སོགས་པ་ནི་འཁོར་བའི ་རྒྱུ་ཡིན་ལ། །འདོད་ཆགས་ཟད་པ་ལ་སོགས་པ་ནི་ཐར་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་རྒྱུ་ལ་རྨོངས་པ་ནི་ཁྱེད་ཁོ་ན་ཡིན་གྱི་ཁོ་བོ་ཅག་ནི་མ་ཡིན་ནོ། །དེའི་ཕྱིར་འདི་དག་ཉིད་དེ་ཁོ་ན་ཉིད་རིག་པ་ཡིན་ནོ་ཞེས་ཟེར་བ་དེ་དགག་པར་བྱ་བ་ཡིན་ཏེ། ཚངས ་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ནི་དོན་དམ་པ་རིག་པ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཀུན་ཏུ་སྤྱོད་པ་མཐོང་བའི་ཕྱིར། རི་བྲག་པ་དང་རྔོན་པ་ལ་སོགས་པའི་ཚོགས་བཞིན་ནོ། །གཞན་ཡང་བདེན་པའི་ཆོས་ནི་བསྟན་པ་འམ། ་རང་ཉིད་སྒྲུབ་པར་བྱེད་པ་ཡིས། །ཆོས་ནི་བསྲུང་བར་འགྱུར་ཡིན་ན། །དེ་ལ་འདི་ནི་གཉི་ག་མེད། །ཆོས་སྲུང་བ་ནི་རང་ཉིད་ཡང་དག་པར་སྒྲུབ་པར་གྱུར་པ་འམ། ཕྱིན་ཅི་མ་ལོག་པའི་ལམ་ཉེ་བར་བསྟན་པས་ཡིན་ནོ། །དེ་དག་ནི་བདག་ཉིད་ཀྱང་ཕྱིན་ཅི ་ལོག་ཏུ་སྒྲུབ་པ་ལ་གནས་པ་ཡིན་ན། ཇི་ལྟར་གཞན་དག་ཡང་དག་པའི་སྒྲུབ་པ་ལ་དགོད་པར་ནུས་པར་འགྱུར། དེའི་ཕྱིར་ན་ཚངས་པ་ལ་སོགས་པ་འདི་དག་ལ་ནི་ཆོས་བསྲུང་པ་རྣམས་པ་གཉི་ག་ཡང་ཡོད་པ་མ་ཡིན་པས་འདི་དག་ནི་རང་ཉིད་ཀྱང་ཆོས་བདེན ་པ་ལ་ཞུགས་པ་མ་ཡིན་ལ། ཆོས་བདེན་པ་ཉེ་བར་སྟོན་པར་བྱེད་པ་ཡང་མ་ཡིན་ནོ། །ཀུན་ཀྱང་བསྐྱེད་པའི་རྒྱུ་ཉིད་དུ། །སྨྲ་ལ་རང་བདག་ཐ་དད་པ། །གང་གི་ཚིག་ལ་བདེན་པ་འམ། །མི་བདེན་པར་ནི་བརྟག་པར་བྱ། །འདི་ལ་རེ་ཞིག་ཚངས་པ་ནི་འདི་སྙམ ་དུ་སེམས་ཏེ། འཇིག་རྟེན་རྒྱུ་བ་དང་མི་རྒྱུ་བ་འདི་དག་ནི་བདག་གིས་བསྐྱེད་དོ་སྙམ་དུ་སེམས་སོ། །དེའི་གཞུང་གི་རྗེས་སུ་འབྲང་བ་དག་འདི་སྐད་ཀྱང་སྨྲ་སྟེ། འདི་བསྐལ་པ་གཞན་ལ་ནི་།སྐལ་ལྡན་ཞེས་བྱ། དང་པོ་ལ་ནི་རང་བྱུང་ཞེས་བྱ། གཉིས་པ་ལ་ནི་ཚངས་པ ་ཞེས་བྱ། གསུམ་པ་ལ་ནི་སྐྱེ་དགུའི་བདག་པོ་ཞེས་བྱ། བཞི་པ་ལ་ནི་པདྨའི་སྐྱེ་གནས་ཅན་ཞེས་བྱ། ལྔ་པ་ལ་ནི་གདོང་བཞི་པ་ཞེས་བྱ། དྲུག་པ་ལ་ནི་མེས་པོ་ཞེས་བྱ། བདུན་པ་ལ་ནི་གསེར་གྱི་སྙིང་པོ་ཅན་ཞེས་བྱའོ། །སྐྱེ་དགུའི་བདག ་པོ་བྱུང་ནས་ནི། །འཇིག་རྟེན་གྱི་མ་བརྒྱད་བསྐྱེད་དོ། །དེ་ནས་ཉི་མའི་མས་ནི་ལྷ་ཐམས་ཅད་བསྐྱེད་དོ། །སྦྱིན་བྱེད་མའི་མས་ནི་ལྷ་མ་ཡིན་བསྐྱེད་དོ། །མིའི་མས་ནི་མི་རྣམས་སོ། །ཀླུའི་མས་ནི་ཀླུ་རྣམས་སོ། །ནམ་མཁའ་ལྡིང་གི་མས་ནི་ནམ་མཁའ་ལྡིང་རྣམས་སོ། །ཚངས ་པའི་ཁ་ནས་ནི་བྲམ་ཟེ་རྣམས་བསྐྱེད་དོ། །དཔུང་པ་ལས་ནི་རྒྱལ་རིགས་སོ། །བརླ་དག་ལས་ནི་རྗེའུ་རིགས་སོ། །རྐང་པའི་མཐིལ་དག་ལས་ནི་དམངས་རིགས་ཞེས་བྱ་བ་ལ་སོགས་བརྗོད་པར་བྱེད་དོ། །ཁྱབ་འཇུག་པ་དག་ནི་འདི་སྐད་དུ་རྗོད་པར་བྱེད་དེ། ་སྐལ་ལྡན་ནོར་ལྷ་འདི་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ། འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ཐར་པ་སྦྱིན་པར་བྱེད་པ་འདོད་པའི་ལྷ་དང། ཡང་དག་པ་འདྲེན་པར་བྱེད་པ་དང། མི་འགག་པ་དང། ནོར་གྱི་ལྷ་དང་སྟོབས་བཟང་དང། འཆི་མེད་ལ ་སོགས་པའི་ངོ་བོར་ནི་གཙོར་གནས་པར་བྱེད་ལ། ཀུན་གྱི་བདག་ཉིད་དང། ཀུན་ལ་ཞུགས་པ་དང། ཀུན་ལ་ཁྱབ་པ་ལ་སོགས་པ་ཡང་ཡིན་པར་སྨྲ་ལ། དེ་རང་ཉིད་ཀྱང་འདི་སྐད་དུ། ང་ནི་མེ་ཆུ་ཀླུང་ཡང་ཡིན། །བཟའ་བཏུང་སྐྱེ་དགུའི་བདག ་པོའང་ང། །ང་ནི་བྲམ་ཟེའི་ལུས་སུ་གནས། །སྤྱོད་པ་པོ་ཡིན་སྦྱིན་པོ་ཡང་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲའོ། །དབང་ཕྱུག་ཆེན་པོ་བྱེད་པ་པོ་ཡིན་ཞེས་ཀྱང་ཁ་ཅིག་སྨྲ་སྟེ། ས་དང། །ཆུ་དང། རླུང་དང། མེ་དང། མཆོད་སྦྱིན་དང། ་ནམ་མཁའ་དང། ཟླ་བ་དང། ཉི་མ་ཞེས་བྱ་བ་བརྒྱད་པོ་འདི་དག་གི་གཟུགས་ཀྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་བྱས་ནས་གནས་སོ་ཞེས་འདོད་པར་བྱེད་དོ་དེའི་མན་ངག་ཉིད་ལས་འདི་སྐད་ཀྱང་སྨྲ་ཏེ། ཕྲ་ཞིང་རྟག་ལ་ལུས་བྲལ་བྱེད། མེད་ཀུན ་ཁྱབ་བྱེད་པའོ་གོམས་བྱེད་བསམ་གཏན་རྣལ་འབྱོར་གོམས་རྣམས་དྲི་མེད་བློ་ཡི་ཡུལ། །ཟླ་ཉི་མེ་དང་ས་ཆུ་རླུང་དང་མཆོད་སྦྱིན་བདག་པོའི་དངོས། །དབང་ཕྱུག་གྲུབ་པའི་ཞི་བའི་བདེ་བ་འདོད་པ་བསྒོམ་པར་བྱ། ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་དག་གསུམ ་ཆར་ཡང་རང་རང་གི་ནུས་པ་དང་སྐྱེད་པར་བྱེད་པ་ཡིན་ནོ། །ཞེས་མང་དུ་སྨྲ་བར་བྱེད་པ་དེ་དག་ལ་གང་གིས་ནི་བདེན་པ་ཡིན་ཞིང་གང་གི་ནི་མ་ཡིན། །གང་གི་ནི་སྐྱེད་པ་པོ་ཡིན་ཞིང་གང་གི་ནི་མ་ཡིན། ཞེས་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ཅིག་ཕྱིར་སྐྱོན་མེད ་ཅེ་ན། །ཚངས་པ་ཚངས་བསད་ཇི་ལྟ་བུ། །གཅིག་ཉིད་རབ་ཏུ་བཀག་པའི་ཕྱིར། །གཅིག་ཉིད་ཡིན་པར་མི་རིགས་སོ། །འདི་དག་གི་དངོས་པོ་ནི་གཅིག་ཡིན་ལ། ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ཞེས་བྱ་བ་དབྱེ་བ་ནི་གསུམ་ཡིན ་ནོ་ཞེ་ན། གལ་ཏེ་འདིའི་ངོ་བོ་ཐ་དད་པ་མེད་ན་གསལ་བས་མཆོད་སྦྱིན་གྲུབ་པའི་དུས་སུ་དབང་ཕྱུག་ཆེན་པོས་རྒྱལ་གྱི་སོ་ཕྱུང་བ་དང། སྐལ་པ་ཅན་གྱི་མིག་ལྷུང་བར་བྱས་པ་ན་ལྷའི་ཚོགས་ཐམས་ཅད་ཁྲོས་པར་གྱུར་ནས་སྨྲས་པ། རང་བཞིན་ངན་པ ་འདི་གང་ལས་སྐྱེས་པ་ཞིག་ཡིན་ཞེས་སྨྲས་པ་དང། ཚངས་པས་གདོང་གཅིག་སྤྲུལ་ནས་འདིའི་སྐྱེ་བ་ངས་བརྗོད་པར་བྱའོ། །ཞེས་སྨྲས་པ་དང། དབང་ཕྱུག་ཆེན་པོ་ཁྲོས་པར་གྱུར་ནས་ཚངས་པའི་མགོ་དེ་སེན་མོས་བཅད་དོ། །ཞེས་གྲག་པ་ཇི་ལྟར ་ན་ཚངས་བས་ཚངས་པ་གསོད་པར་བྱེད་པ་ཡིན། རང་གི་བདག་ཉིད་བསད་པ་ཡིན་ནོ་ཞེ་ན་ཡང་ཅིའི་ཕྱིར་སྡིག་པ་དག་པའི་ཕྱིར་དུས་རིང་པོར་བརྟུལ་ཞུགས་སྤྱོད་པར་བྱེད། དེ་ན་དེ་ཁོ་ན་ཉིད་ཀྱི་ཤེས་པ་འཚོལ་བའི་རབ་ཏུ་བྱེད་པར་དངོས་པོ་ཐམས་ཅད ་གཅིག་པ་ཉིད་དང་ཐ་དད་པ་ཉིད་དུ་བཀག་པ་ཡིན་པས་ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་རྣམས་གཅིག་པ་ཉིད་དུ་ཡང་རིགས་པ་མ་ཡིན་ནོ། །གཞན་ཡང། བདག་ལས་དབྱེ་བ་མི་རིག་པས། །གསུམ་ཉིད་དུ་ཡང་ཇི་ལྟར ་འགྱུར། །གལ་ཏེ་འདི་རྣམས་ཀྱིས་སྐྱེད་པ་ལ་ཆ་གསུམ་གྱི་དབྱེ་བས་དབྱེ་བ་ཡོད་དེ། འདི་ནི་ཚངས་པས་སྐྱེད་པའོ། །འདི་ནི་ཁྱབ་འཇུག་གིས་བསྐྱེད་པའོ། །འདི་ནི་དབང་ཕྱུག་ཆེན་བོས་བསྐྱེད་པའོ། ཞེས་བྱ་བ་ཡོད་པར་གྱུར་ན་ནི་དེ་རྣམS ་ཀྱི་བདག་གི་ངོ་བོ་ལ་ཡང་དབྱེ་བ་ཡོད་པར་འདོད་པ་ཡིན་ན་དེ་ལྟ་ན་ཡང་བདག་ལ་དབྱེ་བ་མེད་པར་རིགས་པར་མི་འགྱུར་རོ། །གང་ཡང་གསུམ་པོ་འདི་རྣམས་ཉིད་ཀུན་ལ་ཞུགས་པ་དང། འགྲོ་བ་ཐམས་ཅད་ཀྱི་བསྐྱེད་པ་པོ་ཡིན་ན་དེ་ལྟ་ན་ཡང ་དབྱེ་བ་ཡོད་པར་རིག་པ་མ་ཡིན་ཏེ། གཅིག་གི་བདག་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །གཞན་ཡང་སྡུག་བསྔལ་རྒྱུ་ལ་རྨོངས་རྣམས་ལ། །དེ་ཞིའི་གཏམ་ཡང་ག་ལ་ཡོད། །གང་ཡང་འདི་ལྟར་རེ་ཞིག་རང་ཉིད་ཀྱི་སྡུག་བསྔལ་ལོ།། ་འདི་ནི་སྡུག་བསྔལ་འབྱུང་བའི་རྒྱུའོ། །འདི་ནི་སྡུག་བསྔལ་ཉེ་བར་ཞི་བའོ། །འདི་ནི་སྡུག་བསྔལ་ཉེ་པར་ཞི་བའི་ལམ་མོ། །ཞེས་བྱ་བར་ཤེས་པར་གྱུར་ན་དེས་གཞན་དག་ལ་ཡང་ཞི་བའི་རྒྱུ་སྟོན་པར་བྱེད་པ་ནུས་ཀྱི། གང་དག་འདི་ལྟར ་རང་ཉིད་ཀྱང་འཁོར་བར་འཇུག་པ་དང་ལྡོག་པའི་རྒྱུ་མི་ཤེས་པར་གྱུར་པ་དེས་ཇི་ལྟར་གཞན་དག་ལ་གྲོལ་བའི་ལམ་ཉེ་བར་སྟོན་པར་འབྱུང། རང་གི་ལམ་མངོན་པར་ཤེས་པ་ཡིན་པས་གཞན་རྣམས་ལ་ཡང་ལམ་ཉེ་བར་སྟོན་པར་ནུས་པ་མ ་ཡིན་ནོ། །ཡང་ཇི་ལྟར་དེ་རྣམས་རྒྱུ་ལ་རྨོངས་པ་ཡིན་པར་ངེས་པར་གཟུང་བར་བྱ་ཞེ་ན། རིག་ལས་རྣལ་འབྱོར་བསྟན་པ་ནི། །དེ་བསྟན་པ་ལས་ཉམས་པའི་ཕྱིར། །ཆོས་བསྲུང་བར་ནི་ནུས་པ་ཡི། །རེ་ཞིག་ཆོས་བེན་སྨྲ་མི་ནུས། །གང ་རིག་བྱེད་ལས་ཉེ་བར་བསྟན་པའི་རྣལ་འབྱོར་དེ་ནི་ཐར་པའི་རྒྱུ་ཉེ་བར་བསྟན་པ་ལས་ཉམས་པ་ཡིན་ཏེ། ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །དེས་ན་འདི་དག་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་སྨྲ་བར་བྱེད་པ་མ་ཡིན་པས་སྲུང་བར་བྱེད ་ནུས་པ་མ་ཡིན་ཏེ། སྒྲུབ་པ་ལས་ནི་ཉམས་པའི་ཕྱིར། །གཞན་དག་ཞི་བར་འཁྲིད་མི་ནུས། །ཇི་ལྟར་གཡང་སར་རང་ལྟུང་བ། །གཞན་དག་འདྲེན་པར་མི་ནུས་སོ། །སྒྲུབ་པ་ལས་ཉམས་པའི་ཕྱིར་ཞེས་བྱ། བདག་ཉིད་ཀྱི་ལམ་མངོན་པར་མི་ཤེས་པའི་ཕྱིར་ཏེ། ཇི ་ལྟར་འགའ་ཞིག་རང་ཉིད་གཡང་སར་ལྷུང་བར་གྱུར་ན། གཞན་དག་གདོན་པར་མི་ནུས་པ་ལྟར་དེ་བཞིན་དུ་རང་ཉིད་འཁོར་བའི་གཡང་སར་ལྷུང་བར་གྱུར་པ་ཉིད་ཀྱིས་གཞན་དག་གདོན་པར་ནུས་པ་མ་ཡིན་ནོ། །ཇི་སྐད་བཤད་པའི་རིམ་པ་དེ་ཉིད་ཀྱིས ་རྟོག་པའི་དྲ་བ་བཏགས་པ་ཡི། །ལོག་པའི་གཏན་ཚིགས་གསུམ་པོ་ལ། །རིགས་སམ་མི་རིགས་དཔྱད་ནས་ནི། །གསུམ་པོ་འདི་ནི་བཏང་བའི་རིགས། །གྲུབ་པའི་མཛའ་ཀུན་དང་འགལ་བའི་རྟོག་པའི་དྲ་བས་ཉེ་བར་བསགས་པའི་འབྲུ་དང། བྱེལ་སོང ་དང། མར་དང། ཆུང་མའི་འབྲེལ་པའི་ལས་སོགས་པ་ཅན་གསུམ་པོ་ནི་ཐར་པའི་རྒྱུ་ལ་ཕྱིན་ཅི་ལོག་དང་ལྡན་པ་ཡིན་པས། ཇི་སྐད་བསྟན་པའིརིམ་པས་རིགས་བ་དང་འགལ་བ་ཡིན་ནོ། ཟེས་རབ་ཏུ་སྒྲུབ་པའི་ཕྱིར་ལམ་གསུམ་པོ་གང་ཡིན་པ་དེ་ནི ་བཏང་བར་རིགས་སོ་ཞེས་སྨྲས་སོ། །གཞན་ཡན། སྣ་ཚོགས་བྱེད་པ་བདེ་བྱེད་སོགས། །རིགས་པ་མིན་བར་སྔར་སྨྲས་སོ། །བྱེད་པོ་ཡིན་པར་བདེན་ཉིད་ན། །འདི་དག་གིས་ནི་ཅི་ཞིག་བྱས། །དེ་ཁོ་ན་ཉིད་ཀྱི་ཤེས་པ་འཚོལ་བའི་རབ་ཏུ་བྱེད་བར་དབང ་ཕྱུག་ལ་སོགས་པའི་རྒྱུ་རྣམས་ཐམས་ཅད་དགག་པར་བྱས་པར་དེ་ལ་བརྙས་ནས་ཡང་གལ་ཏེ་ཁྱེད་འགྲོ་བ་རྣམས་ཀྱི་བྱེད་པ་པོ་དབང་ཕྱུག་ལ་སོགས་པ་ཡིན་ནོ་སྙམ་དུ་སེམས་ན། དངོས་པོ་ཅི་ཞིག་དེ་དག་གིས་བྱས་པར་སྨྲ་དགོས་ཏེ། །དེ་ལ་རེ་ཞིག ་བདག་ནི་མ་སྐྱེས་ཕྱིར། །དེའི་བྱས་པར་མི་འདོད་དོ། །ཆོས་དང་ཆོས་མིན་དས་མ་སྐྱེད། །དེའི་ཡོན་ཏན་ཕྱིར་དེ་ལྟར་བཞིན། །རེ་ཞིག་བདག་ནི་མ་སྐྱེས་པ་ཡིན་པའི་ཕྱིར་སྐྱེད་པར་མི་ནུས་པས་དེ་ནི་དབང་ཕྱུག་གིས་བྱས་པ་མ་ཡིན་ནོ། །ཆོས་དང ་ཆོས་མ་ཡིན་པ་ཡང་དེའི་ཡོན་ཏན་ཡིན་པར་འདོད་པས་དབང་ཕྱུག་གིས་བསྐྱེད་པ་མ་ཡིན་ཏེ། ཇི་ལྟར་ན་ད་ལྟར་གྱི་ཆོས་དང་ཆོས་མ་ཡིན་པའི་རྒྱུས་མི་ལ་སོགས་པ་ཉིད་བྱས་པ་ཡིན་གྱི། མ་བྱས་པའི་ཆོས་དང་ཆོས་མ་ཡིན་བ་མི་དམིཌ ་པ་ལྟར་སྔོན་ཡང་དེ་བཞིན་ནོ། །ཇི་ལྟར་ཡང། གལ་ཏེ་འདི་དག་བྱེད་པོས་ཡིན། །ལས་ཀྱི་བྱ་བའི་མ་ཡིན་ན། །ལས་དང་བྱ་བ་དེ་དག་གིས། །རྒྱ་དང་འབྲས་བུ་ཇི་ལྟར་འགྱུར། །བདེ་དང་སྡུག་བསྔལ་ཉེར་དམིགས་པའི། །ལུས་ཀྱང་དེ་དག་ལ་འཇུག་པS། ་དེས་ན་ལུས་ཅན་རྣམས་ཀྱི་ལུས། །དབང་ཕྱུག་སོགས་ཀྱིས་བྱས་མི་རིགས། །ལུས་ཅན་རྣམས་ཀྱི་ལུས་ཀྱི་འཇུག་པ་ཡང་ཆོས་དང་ཆོས་མ་ཡིན་པ་དེ་དག་གིས་བྱས་པ་ཡིན་ཏེ། ཅིའི་ཕྱིར་ན་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་རོ། །དེས ་ན་ལུས་ཀྱང་དབང་ཕྱུག་གིས་བྱས་པ་མ་ཡིན་ནོ། །གལ་ཏེ་ཡང་དང་པོ་སྲིད་པའི་དུས་ན་ནི་ཆོས་དང་ཆོས་མ་ཡིན་པ་དབང་ཕྱུག་གིས་བྱས་པ་ཉིད་ཡིན་ལ། དེ་ཕྱིན་ཆད་ཀྱི་འཇུག་པ་ནི་ཆོས་དང་ཆོས་མ་ཡིན་པས་བྱས་པ་ཡིན་ནོ་ཞེ་ན། དེ་ལ་བསྐལ ་བ་དང་པོའི་ལུས་ཅན་ལུས། །སྔོན་བཅས་མ་མཐོང་རྒྱུ་ཅན་ཏེ། །བདེ་སོགས་འབྱུང་བའི་རྒྱུ་ཡིན་ཕྱིར། །དཔེར་ན་ད་ལྟར་ལུས་བཞིན་ནོ། །བསྐལ་པ་དང་པོ་པའི་ལུས་ཅན་རྣམས་ཀྱི་ལུས་བྱུང་བར་གྱུར་པ་ཡང་འཁོར་བ་ཐོག་མ་མེད་པ་ཉིད ་ནས་དེ་དག་གིས་སྔོན་བྱས་པའི་ཆོས་དང་ཆོས་མ་ཡིན་པའི་རྒྱུ་ཅན་ཉིད་ཡིན་ཏེ། བདེ་བ་ལ་སོགས་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་དེ་ལྟར་གྱི་ལུས་ཀྱི་རྒྱུ་ཆོས་དང་ཆོས་མ་ཡིན་པ་ལྟར་བསྐལ་པ་དང་པོ་པའི་ལུས་ཀྱང་དེ་བཞིན ་ཡིན་པས་དབང་ཕྱུག་གིས་བྱས་པ་ནི་མ་ཡིན་ནོ། །གཞན་ཡང། གལ་ཏེ་དབང་ཕྱུག་གི་དབང་ཕྱུག་།དེ་ཡང་བསོད་ནམས་བྱས་ཞེ་ན། །དེ་ཡང་བསོད་ནམས་གཞན་དབང་ཕྱིར། །དབང་ཕྱུག་དབང་ཕྱུག་མིན་པར་འགྱུར། །འཇིག་རྟེན་གྱི་ཕུན་སུམ ་ཚོགས་པ་གང་ཅུང་ཞིག་ཅི་ཡོད་པ་དེ་ཐམས་ཅད་ནི་བསོད་ནམས་ཀྱི་བྱས་པ་ཡིན་ཏེ། ལུང་ལས་སྦྱིན་པ་དང། ཚུལ་ཁྲིམས་དང། བསམ་གཏན་གྱི་ལོངས་སྤྱོད་དང། མཐོ་རིས་དང། བྱང་གྲོལ་ཐོབ་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལག་ཏེ་དབང ་ཕྱུག་།གི་དབང་ཕྱུག་ཀྱང་བསོད་ནམས་ཀྱིས་བྱས་པ་ཡིན་པར་འདོད་ན། བསོད་ནཾས?་ཀྱིས་གཞན་དབང་དུ་གྱུར་པ་ཡིན་པའི་ཕྱིར་དབང་ཕྱུག་ཉིད་ཉམས་པ་ཡིན་ནོ། །གལ་ཏེ་ཡང། གལ་ཏེ་དབང་ཕྱུག་གི་དབང་ཕྱུག་།བློ་བུར་གྱུར་པར་འདོད་ན་ནི། །དེས་ན་གཞན་དང་མཚུངS ་པའི་ཕྱིར། །དབང་ཕྱུག་དབང་ཕྱུག་མིན་པར་འགྱུར། །འདིའི་དབང་ཕྱུག་ཉིད་ནི་རང་བྱུང་བ་ཡིན་གྱི་།བསོད་ནམས་གྱི་བྱས་པ་མ་ཡིན་ནོ་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱང་དབང་ཕྱུག་ཉིད་དུ་འགྱུར་ཏེ། བསོད་ནམས་ལ་བལྟོས་མི་དགོས་པའི་ཕྱིར་རོ། ། ་གཞན་ཡང། དབང་ཕྱུག་ཤེས་དངོས་ཡིན་ཞེ་ན། །དེས་ན་ངེས་བྱས་འགྲོ་བ་རྣམས། །རྒྱུ་ཡི་རྗེས་སུ་བྱེད་པའི་ཕྱིར། །ཀུན་ཀྱང་སེམས་དང་ལྡན་པར་གྱུར། །འཇིག་རྟེན་ན་ནི་འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པར་འབྱུང་བ་མཐོང་སྟེ། སེམས་མེད་པའི་ནས་ལ། ་སོགས་པ་དག་ལས་ནི་སེམས་མེད་པའི་མྱུ་གུ་ལ་སོགས་པ་འབྱུང་ལ། སེམས་དང་བཅས་པའི་མི་ལ་སོགས་པ་དག་ལས་ནི་སེམས་དང་བཅས་པའི་ལུས་ཅན་འབྱུང་ངོ་།དེ་ལ་གལ་ཏེ་དབང་ཕྱུག་ཤེས་པའི་ངོ་བོ་ཞིག་ཡིན་ན་རྒྱུ་དང་འབྲས་བུ་མཐུན ་པ་འབྱུང་བ་ཡིན་པའི་ཕྱིར་ངེས་ན་འགྲོ་བ་ཐམས་ཅད་སེམས་དང་བཅས་པ་ཡིན་པར་ཐོབ་པར་འགྱུར་རོ། །གཞན་ཡན། གལ་ཏེ་དབང་ཕྱུག་རྒྱུ་ཡིན་ན། །འགྲོ་བ་ཕྲ་སོགས་ལྡན་པར་འགྱུར། །གལ་ཏེ་འགྲོ་བ་ཐམས་ཅད་ཀྱི་རྒྱུ་དབང་ཕྱུག་ཡིན་ན། ཇི་ལྟར ་དབང་ཕྱུག་ཕྲ་བ་དང། མཆོད་པར་བྱ་བ་དང། བདག་བློར་གྱུར་པ་དང། དབང་དུ་གྱུར་པ་དང། གང་ཡང་ཕྱིན་པ་དང། འདོད་གུར་ལྡན་པ་དང། དགའ་གུར་ཤེས་པ་དང། ལྡན་པ་ལྟར་དེ་བཞིན་དུ་འགོ་པ་རྣམས་ཀྱང་དབང་ཕྱུག ་གི་ཡོན་ཏན་བརྒྱད་དང་ལྡན་པ་རིགས་ན་འགྲོ་བ་རྣམས་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པ་མ་ཡིན་ནོ། །དེས་ན་འདི་ལྟར་འགོར་བ་རྣམས་ཀྱི་བྱེད་པ་པོ་ནི་དབང་ཕྱུག་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཞན་ཡང་འདི་ལྟར། ་ལས་བྱེད་དབང་ཕྱུག་ཡིན་ཞེ་ན། །དེ་ཡང་དམྱལ་བ་དག་ཏུ་འཆེད། །དེ་མིན་གཞན་དག་འཆོད?་ན་ནི། །བྱས་ཉམས་མ་བྱ་ཕྲད་པར་འགྱུར། །གང་འདི་ལྟར་དགེ་བ་དང་མི་དགེ་བའི་ལས་སྐྱེ་བོ་དག་གིས་བྱེད་པ་དེའི་བྱེད་པ་པོ་དབང་ཕྱུག་ཡིན་ནམ། འོན་ཏེ་མ ་ཡིན། གལ་ཏེ་བྱེད་པ་པོ་ཡིན་ན་ནི་སྡིག་པ་བྱེད་པ་ཡིན་པའི་ཕྱིར། དམྱལ་བའི་མེ་འབར་བའི་ཕྲེང་བ་ལ་སོགས་པ་དག་ཏུ་སྲེག་པར་གྱུར་པ་ནི་ཇི་ལྟར་དབང་ཕྱུག་ལས་ཉམས་པར་གྱུར་པ་མ་ཡིན། འོན་ཏེ་སྡིག་པ་བྱས་སུ་ཟིན་ཀྱང་འབྲས་བུ་མི་འབྱུང ་ངོ་ཞེ་ན། ལས་བྱས་པ་རྣམས་ཆུང་ཟོས་པར་གྱུར་པ་ཡིན་ནོ། །དབང་ཕྱུག་གིས་བྱས་པའི་ལས་རྣམས་ཀྱི་དེ་རྣམས་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པ་ཡིན་ནོ་ཞེ་ན། མ་བྱས་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ཡིན་པས་མ་བྱས་པ་དང ་ཕྲད་པའི་སྐྱོན་དུ་འགྱུར་རོ། །ཐར་པ་མེད་པ་ཡང་ཡིན་ཏེ། རྟག་ཏུ་སྡུག་བསྔལ་རྒྱུ་ལྡན་ཕྱིར། །རྟག་ཏུ་སྡུག་བསྔལ་གལ་ཞི། །མེ་ནི་འབར་བར་གྱུར་པ་ཡི། །ཚེ་བ་མ་ཞི་མཐོང་བ་བཞིན། །སྡུག་བསྔལ་གྱི་བྱེད་པ་པོ་དབང་ཕྱུག་ཡིན་ལ་དེ་ཡང་རྟག་པ ་ཡིན་པས་རྟག་ཏུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །སྡུག་བསྔལ་མེད་པ་ནི་ཐར་པ་ཡིན་ན། དེ་ནི་རྟག་པས་ནམ་ཡང་གཞན་དུ་བྱ་པར་མི་ནུས་པ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་བྱེད་པ་པོ་དབང་ཕྱུག་རྟག་ཏུ་ཡོད་ན་དེ་ཞི་བར་ག་ལ་འགྱུར་ཏེ། ་དཔེར་ན་འབར་བའི་འཕྲེང་བས་ཀུན་ནས་བསྐོར་བའི་མེ་ཡོད་ན་དེའི་ཚ་བ་ཞི་བར་འགྱུར་བ་རིགས་པ་མ་ཡིན་པ་བཞིན་ནོ། །གཅིག་པུ་སྣ་ཚོགས་མིན་ཞེ་ན། །འབྲས་བུ་སྣ་ཚོགས་ཇི་ལྟ་བུ། །འདོད་པས་སྣ་ཚོགས་ཡིན་ཞེ་ནའང། །གཅིག་བུ་སྣ་ཚོགས་མི ་རིགས་སོ། །གལ་ཏེ་དབང་ཕྱུག་ནི་གཅིག་ཉིད་ཡིན་གྱི་སྣ་ཚོགས་མ་ཡིན་ནོ། །ཞེ་ན། འབྲས་བུ་རྣམས་ཀྱང་དངོས་པོ་གཅིག་ཡིན་པར་འགྱུར་གྱི་སྣ་ཚོགས་སུ་མི་འགྱུར་རོ། །གལ་ཏེ་འདོད་པའི་དབང་གི་སྣ་ཚོགས་ཉིད་ཡིན་པར་འདོད་ན་ཡང་སྔར་ནི་གཞན་འདོད་པར ་བྱེད་ལ། ཕྱིས་ཀྱང་གཞན་འདོད་པར་བྱེད་པས་དབང་ཕྱུག་འདིའི་ངོ་བོ་གཅིག་ཉིད་དུ་མི་འགྲུབ་པོ། །གཞན་ཡང། རྟག་པ་ཆ་མེད་ཕྲ་བ་དང། །འགྲོ་བའི་བྱེད་པོ་གཅིག་པོ་ཉིད། །ཀུན་ལ་ཁྱབ་པ་ཡིན་ནོ་ལོ། །འདི་ལས་མཚར་བ་གཞན་ཅི་ཡོད། །རྒྱུ་འགྱུར ་བ་མེད་པའི་འབྲས་བུ་གང་གི་ཡང་རྒྱུ་གྱུར་པ་མ་ཡིན་པས་དེས་ན་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་འདིའི་རྟག་པ་ཉིད་ཉམས་སོ། །ཆ་ཤས་མེད་པ་ཡིན་པའི་ཕྱིར་དང་ཕྲ་བ་ཉིད་ཡིན་པའི་ཕྱིར་ཡོད་པ་ཉིད་ཀྱང་མ་ཡིན་ནོ། །གཅིག་ཡིན་པའི་ཕྱིར་ཀུན་ལ་ཁྱབ་པ་ཡང ་མ་ཡིན་ཏོ། དེས་ན་རིག་པ་དང་མི་ལྡན་པའི་ཚིག་འདི་ལྟ་བུ་ནི་ངོ་མཆོར?་འབའ་ཞིག་ཏུ་བྱ་བ་ཡིན་ནོ། །མི་འགྱུར་བའི་ངོ་བོ་ཉིད་ཡིན་ཡང་རྩེད་མོའི་དོན་དུ་སྣ་ཚོགས་འདི་སྐྱེད་པར་བྱེད་པ་ཡིན་གྱི། ཡང་འགྱུར་བ་ཡོད་པ་ནི་མ་ཡིན་ཏེ་།དེ་བསྐྱེད་པའི་འབྲས ་བུ་ནི་དགའ་བ་ཡིན་ནོ་ཞེས། །གང་འདི་ལྟ་བུའི་དགའ་བའི་གཞན་དབང་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་འདིའི་དབང་ཕྱུག་ཉིད་ཉམས་པ་ཡིན་ནོ། །སྙིང་རྗེ་དང་བྲལ་བ་ཉིད་ཀྱིས་སྐྱེ་བོ་གདུག་པ་ཅན་དང་ཁྱད་པར་མེད་པར་གཟུང་བར་བྱའོ་ཞེས་བྱ་བ་སྨྲས་པ། ཕན་ཚུན ་ཟ་བས་འཇིགས་པ་ཡིས། །བདེ་བ་རྙེད་དཀའ་ཨི་དུད་འགྲོ་དང། །ཞིབ་ཏུ་འཐག་ཅིང་གཅོད་འབིགས་པའི། །སྡུག་བསྔལ་གྱིས་གཟིར་དམྱལ་བ་དང། །མི་རྣམས་སྐྱེ་རྒས་ནད་དག་དང། །སྡུག་བསྔལ་གཟུགས་རྔུའི་རྨ་བཏོང་ནས། །དགའ་འགྱུར་གང་ཡིན ་དྲག་པོ་ཞེས། །མིང་དོན་ལྡན་པར་ཕྱག་འཚལ། །རྩེད་མོ་ཡིན་ཡང་བདག་དང་གཞན་བདེ་བར་བྱེད་པ་དེ་ནི་བྱ་བར་རིགས་ན། རྩེད་མོ་གང་ཞིག་བདག་འབའ་ཞིག་།བདེ་ཡི?་གཞན་རྣམས་ལ་ཤིན་ཏུ་གནོད་པར་གྱུར་པ་སྐྱེ་བོ་སྡིག་པ་ཅན་གྱི་སྤྱོད་པ་དང ་མཐུན་པར་ཞུགས་པ་གང་ཡིན་པ་ཅི་ཞིག་བྱ། དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་ལ་སོགས་པ་བྱེད་པས་སྲོག་གི་ངོར་ཤིན་ཏུ་འཇིགས་ཤིང་སྐྲག་པར་གྱུར་པ་དང་།དམྱལ་བ་རྣམས་ཀྱང་ཞིབ་ཏུ་འཐག་པ་དང། བཅད་པ་དང་དབུག ་བ་དང། བཙོ་བ་དང། བསྲེག་པ་དང། བསད་པ་ལ་སོགས་པ་དང། མི་རྣམས་ཀྱང་སྐྱེ་བ་དང་།རྒ་བ་དང། ན་བ་དང་།འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་ལ་སོགས་པས་སྡུག་བསྔལ་བ་མཐོང ་བ་ན་དགའ་བ་སྐྱེ་བར་འགྱུར་བའི་ཕྱིར་དེས་ན་སྡུག་བསྔལ་བསྐྱེད་པའི་དོན་གྱི་དྲག་པོ་ཞེས་བྱ་བ་སྟེ། དེ་ནི་དོན་དང་རྗེས་སུ་མཐུན་པ་ཉིད་ཀྱི་མིང་དོན་དང་ལྡན་པ་དྲག་པོ་ཞེས་བྱ་བ་སྟེ། སྙིང་རྗེ་མེད་པ་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སྐྱེད་པར་བྱེད་པ་ལ་ཕྱག ་འཚལ་ལོ། །ཞེས་བཏིང་བའོ། །གལ་ཏེ་ཅི་ཁྱོད་ཅི་འདོད་པ་སྨྲོས་ཤིག། འཛིན་པ་ཅན་གང་ནོར་ལྡན་དང། །གཞན་གྱི་འཚོ་བྱས་དགེ་བ་ཅན། །ཆོས་མིང་ཅན་འགའ་མཐོང་གནས་ལྡན། །དབང་ཕྱུག་སྤྱོད་པར་གསལ་བ་ཡིན། །ཡོན་ཏན་ནོར ་ལྡན་ཚེ་ཐུང་དང། །ངན་པར་སྤྱོད་རྣམས་ཚེ་རིང་དང། །གཏོང་ལྡེན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །གཏོང་བ་ལ་གོམས་པའི་དགེ་བ་ཅན་ནི་ནོར་འཐོབ་པར་འགྱུར་ཞིང་ནོར་དང་ལྡན་པར་གྱུར་ནས་ཀྱང་གཏོང་བའི ་དང་ཚུལ་ཅན་དུ་འགྱུར་བ་ཡིན་ན། གཞན་དུ་འཛིན་པ་ཅན་ལ་ནོར་དང་ལྡན་པར་མཐོང་ངོ། །དེ་བཞིན་དུ་དགེ་བ་དང་ལྡན་པ་ནི་གཞན་གྱི་གདོང་ལ་བལྟ་བར་མི་འགྱུར་པར་རིགས་ལ་།དགེ་བ་ཅན་མ་ཡིན་པ་ནི་གོ་འཕང་མཐོན་པོ ་འཐོབ་པར་མི་རིགས་ན། ཆོས་དང་ལྡན་པ་ནི་གཞན་གྱི་སློངས་མོ་ལ་སོགས་པས་འཚོ་བ་མཐོང་ལ། ཆོས་དང་མི་ལྡན་པ་ནི་གོ་འཕང་མཐོན་པོ་ལ་གནས་པ་མཐོང་ངོ། །ཡོན་ཏན་དང་ལྡན་པ་ནི་ཚེ་རིང་ལ། ངན་པར་སྤྱོད་པ་ལ་ཞུགས་པ ་ནི་ཚེ་ཐུང་བ་དང། གཏོང་པ་དང་ལྡན་པ་ནི་འབྱོར་པ་དང་ལྡན་པར་རིགས་ན། འདི་དག་ཐམས་ཅད་ཕྱིན་ཅི་ལོག་ཏུ་མཐོང་སྟེ་།དེའི་ཕྱིར་འདི་ལྟར་ངེས་པ་ཁོ་ནར་འདི་དག་ནི་དབང་ཕྱུག་གིས་བྱས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། ཞེ་ན་འདི་དག་ཐམས་ཅད ་རིགས་པ་དང་ལྡན་པ་མ་ཡིན་ནོ་།སྙམ་དུ་སེམས་ཏེ་གང་གི་ཕྱིར། ཁ་ཅིག་སངས་རྒྱས་པ་ཡང་བདེ། །དེ་ལ་གུས་པ་ཁ་ཅིག་སྡུག། དབང་ཕྱུག་བཀས་ནི་བསོད་ནམས་ཅན། །དག་ཀྱང་ཅི་ཕྱིར་སྡིག་མི་བྱ། །གལ་ཏེ་ཐམས་ཅད་ཀྱི་བྱེད་པ་པོ་དབང ་ཕྱུག་ཡིན་ན། ཅིའི་ཕྱིར་སངས་རྒྱས་བ་ལ་ཡང་བདེ་བ་དང་ལྡན་པ་མཐོང་ལ་དེ་ལ་གུས་པ་ཡང་སྡུག་བསྔལ་དང་ལྡན་པར་འགྱུར་བ་ཡིན། འཇིག་རྟེན་ན་ཁ་ཅིག་སྡིག་པའི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་ལོང་བ་དང། འོན་བ་དང། ནང་པ་ལ་སོཌ ་བ་ཡང་མཐོང་ན་དེ་དག་ཅིའི་ཕྱིར་བསོད་ནམས་ཀྱི་གནོད་དུ་མ་གྱུར། གང་ཡང་གཟུགས་བཟང་བ་དང། སྟོབས་དང་ལྡན་པ་བསོད་ནཾས་ཀྱི་ལྭ?་ཀྱི་འབྲས་བུ་ལ་སྤྱོད་པ་ཡང་སྣང་ན་དེ་དག་ཅིའི་ཕྱིར་དབང་ཕྱུག་གི་བཀའ་བཞིན་དུ་སྡིག་པ་སྤྱོད་པར་མི་འགྱུར ་དེས་ན་འདི་ལྟར་རིགས་པ་ཡིན་ནོ། །སྣ་ཚོགས་ལས་ལས་མི་ཤེས་པས། །དེ་རྒྱུ་ཉིད་དུ་སྨྲ་བ་ཡིན། །འགྲོ་བ་སྣ་ཚོགས་འདི་དག་གི་རྒྱུ་ནི་དགེ་བ་དང། མི་དགེ་བའི་ལས་ཉིད་ཡིན་པས་དེས་ན་སྣ་ཚོགས་འདི་དག་ནི་ལས་ཀྱི་བྱས་པ་ཡིན་ལ་འགྲོ ་པ་རྣམས་ཀྱི་རྒྱུ་ནི་དབང་ཕྱུག་ཡིན་ནོ་ཞེས་མི་ཤེས་པ་དག་གིས་སྒྲོ་འདོགས་ཤིང་རྗོད་པར་བྱེད་ཀྱང་ཇི་སྐད་བསྟན་པའི་རིམ་པས་བསྒྲུབ་པར་ནི་དཀའ་ཨོ། །འདིའི་སྐྱེ?་པ་པོ་འདོད་བྱེད་པ་པོ་ཉིད་དགག་པ་བྱས་པར་ཚངས་པ་དང། ནག་པོ་ཡང་འདྲ་པར་དཔྱད ་པར་བྱ་པ་ཉིད་ཡིན་ནོ། །ཅི་ལྟར་ཞེ་ན། སྣ་ཚོགས་བྱེད་པོར་ཚངས་པ་ནི། །མི་རིགས་སྔོན་དུ་བསྟན་པ་བཞིན། །ཚངས་བ་བྱེད་པོར་བདེན་ན་ཡང། །དེ་ཡི་ཅི་ཞིག་བྱས་པར་འགྱུར། །དེ་བཞིན་དུ་སྣ་ཚོགས་བྱེད་པོ་ཁྱབ་འཇུག་མིན་ཞེས་བྱ་བ་ལ་སོགས ་པ་ཡིན་ནོ། །ཤི་བའི་རྒྱུ་ལས་བསྟན་པའི་བསམ་གཏན་གྱི་རྣལ་འབྱོར་ཡང་མི་རིགས་པ་ཉིད་དུ་བསྒྲུབ་པའི་ཕྱིར་སྨྲས་པ། དང་པོར་སེམས་ནི་མཉམ་གཞག་པས། །བློ་མི་སྒོ་རྣམས་ལེགས་བསྡམས་པ?། །ཡིད་ལ་ཤི་བ་བཞག ་པར་བྱ། །འདི་ལྟར་ཡི་གེ་ཨོཾ་བསྒོམས་ཏེ། སྙིང་ལ་གཟུགས་ཀྱི་གཟུང་བྱས་པ། །ས་སོགས་གཟུགས་ལ་གོམས་པར་བྱ། །བདེ་བྱེད་མཉེས་ན་སྡུག་བསྔལ་ལས། །གྲོལ་འགྱུར་ཟེར་བ་འདི་མི་བདེན། །འདི་ལ་རྣལ་འབྱོར་པས་དང་པོར་མཉམ་པར ་བཞག་པའི་སེམས་སུ་བྱས་ལ། བློའི་སྒོ་དབང་པོ་ཐམས་ཅད་བསྡམས་ཏེ། ཕྲ་བ་རྟག་པ་ཆ་ཤས་མེད་པ་ཞི་བ་ལ་དམིཌ་པར་བྱ་སྟེ་།ཚད་གསུམ་དང་ལྡན་པའི་ཡི་གེ་ཨོཾ་བརྗོད་ཅིང། །ས་ལ་སོགས་པ་བསྟན་བཅོས་ལས་བརྟན་པ་བཞིན་དུ་གཟུང ་པར་བྱ་ཞིང་སེམས་ལ་གཟུང་ན། བསམ་གཏན་གྱི་མིག་གི་དབང་ཕྱུག་ཆེན་པོ་མཐོང་བར་འགྱུར་ཞིང་གྲོལ་བ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་གང་འདོད་པ་དེ་ཡང་རིག་པ་མ་ཡིན་ནོ། །གང་གི་ཕྱིར་ཅི་སྲིད་ཡིད་ཀྱི་ཤེས་འབྱུང་བ། ། ་དེ་སྲིད་གྲོལ་བར་མི་རིགས་ཏེ། །ཡིད་ཤེས་འབྱུང་ཕྱིར་ཇི་ལྟར་སྔར། །གྲོལ་པར་མ་གྱུར་པ་བཞིན་ནོ། །ཇི་སྲིད་ཡིད་ཀྱི་ཤེས་པ་འབྱུང་བ་ཡོད་པ་དེ་ཇི་སྲིད་དུ་དབང་ཕྱུག་མཐོང་དུ་ཟིན་ཀྱང་གྲོལ་བར་མི་འགྱུར་རོ། ཞེས་བྱ་བ་ནི་ཕྱོགས་སོ། །ཡིད་ཀྱི? ་ཤེས་པ་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཇི་ལྟར་སྔར་བསམ་གཏན་གྱི་རྣལ་འབྱོར་མ་སྐྱེས་པ་བཞིན་ནོ། ཞེས་བྱ་བ་ནི་དཔེའོ། །ཇི་ལྟར་ཞེ་ན། དབང་ཕྱུག་ལ་གུས་གྲོལ་འགྱུར་བར། །མི་རིགས་བདེ་བྱེད་མཐོང་བ་ཡང།། ་དམིགས་ལ་གནས་པ་ཡིན་པའི་ཕྱིར། །དཔེར་ན་མཐོ་ཡོར?་མཐོང་བ་བཞིན། །རྟག་པ་ཉིད་ཡིན་པའི་ཕྱིར་དབང་ཕྱུག་ལ་བསྟེན་པ་ཞེས་བྱའོ། །དེ་མཐོང་པས་གྲོལ་བར་འགྱུར་རོ། ཞེས་བྱ་བ་ནི་མི་རིགས་ཏེ། རྣམ་པར་རྟོག་པའི་མཚན་མ ་དང་བཅས་པ་ཡིན་པའི་ཕྱིར་ཇི་ལྟར་ཤིང་དང་རྗེའི་རང་བཞིན་གྱི་མཐོ་ཡོར་མཐོང་བ་བཞིན་ནོ། །གཞན་ཡང། སྡུག་བསྔལ་རྒྱུ་ནི་དབང་ཕྱུག་ན། །དེ་ནི་རྟག་ཕྱིར་བཅོས་སུ་?། །དེས་ན་སྡུས་བསྔལ་མཐར་འགྲོ་བར། །དབང་ཕྱུག་ནམ་ཡང་འགྱུར་མ་ཡིན། །གལ? ་ཏ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་དང། དབང་ཕྱུག་ཡིན་ན་དེ་རྟག་པ་ཡིན་པའི་ཕྱིར་འགྱུར་བ་མེད་པ་ཡིན་པས་རྒྱུ་ཡོད་ཀྱི་བར་དུ་སྡུག་བསྔལ་བཀག་པར་རིག་པ་མ་ཡིན་ནོ། །དེས་ན་དབང་ཕྱུག་མཐོང་དུ་ཟིན་ཀྱང་སྡུག་བསྔལ་གྱི་རྒྱུ་སྤངས་པ ་མེད་པས་དབང་ཕྱུག་རྒྱུར་སྨྲ་བའི་གཞུང་ལ་ནམ་ཡང་སྡུག་བསྔལ་གྱི་མཐར་འགྲོ་བ་ཡོད་པ་མ་ཡིན་ནོ། །འདིས་ནི་ལྷག་མའང་དགག་བྱས་ཕྱིར། །ཚངས་པ་ཁྱབ་འཇུག་བདག་སྨྲ་ལ། །མི་རིགས་ཕྱིར་ན་དབང་ཕྱུག་སོགས། །བཏགས་པ་བློ་ནི་དགའ་མི ་བྱེད། །ཚངས་པ་རྒྱུར་སྨྲ་བས་ཚངས་པ་མཐོང་བས་གྲོལ་བར་འདོད་ལ། ཁྱབ་འཇུག་པས་ནི་ཁྱབ་འཇུག་མཐོང་བས་སོ་།བདག་ཏུ་སྨྲ་བས་སྐྱེས་བུ་མཐོང་བ་སྟེ། ཐམས་ཅད་དབང་ཕྱུག་རབ་ཏུ་བཀག་པ་དང་འདྲ་བར་བཀག་པ་ཡིན་ནོ། །དེས་ན་གྲུབ་བའི ་མཛའ་སྐྱོན་ཅན་ཡིན་པའི་ཕྱིར་ཁོ་བོ་ཅིག་ནི་ཚངས་པ་དང། ཁྱབ་འཇུག་དང། དབང་ཕྱུག་ཆེན་པོ་དག་གིས་ཉེ་བར་བསྟེན་ཅིང་བསྟན་པའི་རིག་བྱེད་ཀྱི་གྲུབ་པའི་མཛའ་ལ་ཡང་དགའ་བར་མི་བྱེད་པ་ཡིན་ནོ། །རིགས་བཞིའི་དབྱེ་བ་ལ་སོགས་པ་ཡང་མི་རིགས་ལ། རྒྱལ་བྱེད་ཀྱི་སྙིང་པོ ་ལ་སོགས་པ་ལས་དེའི་དབྱེ་བའི་ཆིག་འབྱུང་བ་ཡང་མི་རིགས་ཏེ། གང་གི་ཕྱིར་རིགས་གཅིག་ཉིད་ཡིན་ཏེ། སྐྱེ་དགུའི་བདག་པོ་ལས་གཞན་མ་ཡིན་པའི་ཕྱིར། ཁ་དང་དཔུང་པ་དང་བརླ་དང། རྐང་པ་ལས་སྐྱེས་པ་ཡིན་པའི་ཕྱིར། དཔེར་ན་པ་ནས་པའི ་ཤིང་གི་སྡོང་པོ་དང། ཡལ་ག་དང་རྩ་པ་དང་ཡལ་ག་བྲེའུ?་ལ་སོགས་པ་ལས་བྱུང་བའི་པ་ན་སའི་འབྲས་བུ་ནི་གཞན་མ་ཡིན་ཏེ། གཅིག་པ་ཉིད་ཡིན་པ་བཞིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ? ་པོ་ཉི་ཤུ་དྲུག་པ། །གཞན་ཡང་འདི་ལྟར་བྲམ་ཟེ་ཞེས་བྱ་བའི་མིའི་སྐྱེ་བ་ལས་གཞན་ཞིག་ཡིན་ནམ་འོན་ཏེ་གཞན་མ་ཡིན། མིའི་སྐྱེ་བ་ལས་གཞན་ཞིག་ཡིན་ན་ནི་ཁྱི་དང་ཕག་བཞིན་དུ་འགྱུར་རོ། །གཞན་མ་ཡིན་ན་ནི་དམངས་རིཌ ་ཀྱང་བྲམ་ཟེའི་མི་རིགས་ལས་གཞན་མ་ཡིན་པ་ཉིད་ཡིན་ཏེ། བྲམ་ཟེ་བཞིན་ནོ། །བྲམ་ཟེ་ཡང་དམངས་རིགས་ཀྱི་མིའི་རིགས་ལས་གཞན་མ་ཡིན་པས་དམངས་རིགས་སོ་ཞེ་ན། གཞན་ཡང་ཁ་ནི་རྟག་ཏུ་མི་གཙང་བ་འཛག་པ་ཡིན་ལ། ལག་པ་དང་བརླ་དང་རྐང ་པ་ནི་གཙང་བ་ཡིན་ནོ། །དེས་ན་བྲམ་ཟེ་ནི་ཁ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ན་ཡང་མི་གཙང་བ་དང་ལྷན་ཅིག་འཇུག་པ་ཡིན་པའི་ཕྱིར། བྲམ་ཟེའི་རིགས་ནི་གཙོ་བོ་མ་ཡིན་ནོ། །ཡང་བྲམ་ཟེ་མོ་ཡང་ཁ་ན་སྐྱེས་པ་ཡང་ཡིན་ན་ནི་སྲིང་མོ་དང་འཁྲིག་པ་སྤྱོད ་པར་མི་རིགས་སོ། །གལ་ཏེ་ཁ་ནས་སྐྱེས་སོ་ཞེ་ན། མངལ་གཞན་ལས་སྐྱེས་པའི་ཕྱིར། ད་ལྟར་འདི་རག་གི་བྲམ་ཟེ་ཉམས་པ་ཡིན་ནོ། །མངལ་ནས་སྐྱེས་པ་ནི་མཐོང་བའི་ཕྱིར་ལ་ཁ་ནས་སྐྱེས་པ་ནི་མ་མཐོང་བའི་ཕྱིར་བྲམ་ཟེ་ནི་འགའ་ཡང ་ཁ་ནས་སྐྱེས་པ་ཉིད་དུ་མི་རིགས་སོ། །གཞན་ཡང་འཚོ་པ་བྲམ་ཟེ་ཡིན་ནམ། འོན་ཏེ་ལུས་ཡིན། དེ་ལ་འཚོ་བ་བྲམ་ཟེ་ཉིད་ཡིན་ན་ནི་སྲོག་ཆགས་ཀུན་ཡང་བྲམ་ཟེ་ཡིན་པར་ཐལ་བར་འགྱུར་ལ། སྲིད་པ་གཞན་དུ་འཕྲོ་བར་གྱུར་པ་ན་ཡང་བྲམ་ཟེ་ལ ་གཞན་དུ་མི་འགྱུར་བར་ཐལ་བར་འགྱུར་ན། འདི་སྐད་དུ། དམངས་རིགས་ཀྱིས་ནི་ཡོན་བླངས་ན། །བྲམ་ཟེ་བུང་བུར་སྐྱེ་བར་འགྱུར། །བོར་བུའི་སྐྱེ་བ་བཅུ་གཉིས་ལེན། །སྐྱེ་བ་དྲུག་ཅུར་ཕག་ཏུ་འགྱུར། །ཁྱིའི་སྐྱེ་བ་བདུན་ཅུ་ལེན། ཞེས་བྱ་བ་ལ་སོཌ ་བ་དྲང་སྲོང་ཤེད་ཀྱི་བསྟན་པ་དང། དེ་བཞིན་དུ་གྲོང་ཁྱེར་བཅུ་པའི་བྲན་བཅུ་དང། མྱ་ངན་གྱི་ནི་རི་དགས་བཅུ། །མངར་བརྒྱུ་བཙལ་གྱི་ངུར་བ་དག། བྲམ་ཟེས་དེ་མ་བསམས?་སམ་ཅི། ཞེས་བྱ་བ་ལ་སོགས་པ་དང། དུད་འགྲོ་ལ་ཡང་རིགས་བཞི ་ཡོད་པ་ཉིད་དེ། གང་ཡང་ཁྱི་དཀར་པོ་ནི་བྲམ་ཟེའོ། །ནག་པོ་ནི་དམངས་རིགས་སོ། ཞེས་བྱ་བ་ལ་སོགས་པ་འབྱུང་བ་འདི་དག་ནི་མཁས་པ་རྣམས་ཀྱི་བཞད་གད་དུ་བྱ་བ་ཡིན་ནོ། །འོན་ཏེ་རིགས་བྲམ་ཟེ་ཡིན་ནོ་ཞེས་ན། ལས་རྣམས་ཀྱིས་ཀྱང་ལྟུང་པར་མི་འགྱུད?་བ ་ཞིག་ན་གང་ཡང་འདི་སྐད་དུ། གང་གི་བྲམ་ཟེ་ཉིད་ཐོབ་ནས། །རྒྱལ་པོའི་བཀའ་བཞིན་སྒྲུབ་བྱེད་པ། །དེ་ནི་བྲམ་ཟེ་ཉིད་པོར་ནས། །དམངས་རིགས་ཉིད་དུ་གྱུར་པ་ཡིན། ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ་བྲམ་ཟེ་ཤི་བའི་རོ་བསྲེག་པ་ཡང ་བྲམ་ཟེ་གསོད་པ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །ལས་ངན་བྱས་པས་བྲམ་ཟེ་དམངས་རིགས་སུ་འགྱུར་བ་ཉིད་ཡིན་ན་ལས་བཟང་པོ་བྱས་པའི་དམངས་རིགས་ཀྱང་ཅིའི་ཕྱིར་བྲམ་ཟེར་མི་འགྱུར། གལ་ཏེ་ཕ་དང་མ་དག་པ་ཉིད་ཀྱང་བྲམ་ཟེའི་ལས་ལ་གནས་པ ་ཉིད་ནི་དྲམ་ཟེ་ཡིན་པར་འགྱུར་གྱི། དམངས་རིགས་ནི་སྐྱེ་གནས་ངན་པ་ལས་སྐྱེས་པ་ཡིན་པའི་ཕྱིར། བྲམ་ཟེའི་ལས་ལ་གནས་སུ་ཟིན་ཀྱང་བྲམ་ཟེ་ཡིན་པར་མི་འགྱུར་རོ་ཞེ་ན། དུས་ཆེན་ཤིན་ཏུ་མང་པོ་འདས། །བུད་མེད་སེམས་ནི་ཤིན་ཏུ་གཡོ།། ་དེ་ཕྱིར་བྲམ་ཟེ་ཞེས་བྱའི་རིགས། །འགའ་ཡང་གང་ལའང་ཡོད་མ་ཡིན་།ཞེས་བྱ་བས་རིགས་པ་དག་པ་ཉིད་དུ་ཡང་བསྒྲུབ་པར་ཤིན་ཏུ་དཀའ་སྟེ། འདིར་བུད་མེད་རྣམས་ནི་སྐྱེས་བུ་གཞན་དང་ཉལ་ན་ཡང་སྐྱོན་དུ་རྩི་བ་མ་ཡིན་པས་དམངས་རིགས ་དང། རྗེའུ་རིགས་དང། རྒྱལ་རིགས་རྣམས་ཀྱང་སྐྱེས་པ་དང། གཞན་ཡང་བྲམ་ཟེའི་རིགས་ཡིན་ཡང་ཡུལ་འཁོར་འཛིན་པ་སོགས་པ་རྒྱལ་རིགས་ཉིད་དུ་གྱུར་པ་དང། རྒྱས་པ་དང། སྣ་ཚོགས་བཤེས་གཉེན་ལ་སོགས་པ་རྣམས་བྲམ ་ཟེ་མོ་མ་ཡིན་པ་ལས་སྐྱེས་ཀྱང་བྲམ་ཟེའི་གཙོ་བོ་ཉིད་ཡིན་པའི་ཕྱིར་རིགས་ནི་བྲམ་ཟེའི་རྒྱུ་ཉིད་མ་ཡིན་ནོ། །གང་ཡང་སྨྲས་པ་རྩལ་དང་རྩལ་གྱི་སྡེ་དག་དང། །དེ་བཞིན་ཐོས་པའི་རྩོ་ཅན་དག། དྲང་སྲོང་ཆེན་པོ་གོའུ་ཏ་མ། །དྲང་སོང་ཉིལ་བའི་མངལ་ནས ་སྐྱེས། །གཞུང་ནི་རྩོམ་པར་བྱེད་པ་ཡི། །ཀུན་ད་བྲམ་ཟེའི་དྲང་སྲོང་དང། །ཐུབ་པ་ཆེན་པོ་ཀུན་འདའ་ཡིས། །གདོལ་པ་མོ་དང་ཉལ་ལས་སྐྱེས། །ཉ་བ་ཡི་ནི་བུ་མོ་ལ། །ཕ་ནི་མཆོག་འགྲོ་ཞེས་བྱ་བས། ། ཉ་ལས་དྲང་སྲོང་གླིང ་ལམ་སྐྱེས། །དེ་ཡང་བྲམ་ཟེ་ཞེས་བརྗོད་དོ། །བྲམ་ཟེའི་དྲང་སྲོང་འཇིག་རྟེན་གྲགས། །ཐོས་མང་རིགས་བྱེད་འདོན་བྱེད་པ། །དྲང་སྲོང་ར་ཞེས་བྱ་བའི་མ། །དུད་འགྲོར་སྐྱེས་པའི་རི་དགས་ཡིན། །སྦོམ་དང་དེ་བཞིན་རས་བལ་ཅན། །དམངས་རིགས་བུ ་ཡིན་བྲམ་ཟེར་གྲགས། །ཟླ་བའི་བཏུང་བ་མང་འཐུངས་ནས། །འཇིག་རྟེན་དྲང་སྲོང་ཆེན་པོ་གྲགས། །འཇིག་རྟེན་དུ་ནི་གྲགས་གྱུར་པ། །བྲམ་ཟེ་ལུམ་བུ་ཞེས་བྱ་བ། །ཐོས་མང་དེ་ཡང་གདོལ་པའི་རིགས། །ལུང་མ་ཞེས་བྱ་བ་ལས་སྐྱེས། །བུར་ཤིང་བུ་མོ ་ལས་སྐྱེས་པའི། །དྲང་སྲོང་དྲང་སྲོང་ཀ་ན་ཡ། །ཀ་ན་ཡའི་རིགས་བཅས་པ། །སྐྱེས་པ་ཡིན་ཞེས་རྗོད་པར་བྱེད། །དྲང་སྲོང་ཀ་པའི་འཛའ་ལ་ཡང། །དྲང་སྲོང་དབང་བྱེད་ཆེན་པོ་ཡི། །གདོལ་པ་ཕྲེང་བ་མོ་ལ་ནི། །ཉལ་ལས་སྐྱེས་པ་ཡིན་ཞེས་ཐོས། ། ག་ཏ་དང ་དབང་བྱེད་ནི། །བུམ་པའི་ནད་ནས་སྐྱེས་ཞེས་ཐོས། །བུམ་པའང་བུམ་པའི་ནང་ནས་སྐྱེས། །དེ་བཞིན་གཙང་སྐྱེས་ཆུ་ལས་སྐྱེས། །པདྨའི་འདབ་མས་ཤེས་རབ་མྱུར། །ཀ་པད་ཏྱ་ནི་ཐལ་བ་ལས། །མགོ་ལ་ཐོད་པ་ཅན ་ཉིད་ནི། །ཐོད་པ་ལས་ནི་སྐྱེས་ཞེས་ཟེར། །ཞེས་བྱ་བ་སྟེ། གལ་ཏེ་ཡང་དཀའ་ཐུབ་དང། ཐོས་པ་དང། སྐྱེ་གནས་ཉིད་ཀྱིས་བྲམ་ཟེ་ཡིན་ནོ་ཞེ་ན། དཀའ་ཐུབ་དང། ཐོས་པ་ཉམས་པ་རྣམས་བྲམ་ཟེ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅིའི ་ཕྱིར་།དམངས་རིགས་རྣམས་ཀྱི་དཀའ་ཐུབ་དང། །ཐོས་པ་བྱེད་པ་དགག་པར་བྱ། །བྲམ་ཟེ་དང། དམངས་རིགས་ཀྱི་ལུས་དང། དབང་པོ་དང། བློ་ལ་ཁྱད་པར་ནི་ཅུང་ཞིག་ཀྱང་མཐོང་སྟེ། ཇི་ལྟར་གང་གི་ཕྱིར། །རླུང་དང་བད་ཀན་མཁྲིས་པ་དག་ནི་ཞི ་བྱེད་པའི། །སྨན་ནི་རིགས་ཀྱི་ཁྱད་པར་ངེས་པས་མི་བྱེད་ལྟར། །འདོད་ཆགས་ལ་སོགས་ངེས་པར་ཞི་བར་བྱེད་པའི་ཆོས། །རིག་ངེས་པ་ལས་ཁྱད་པར་མེད་པའང་དེ་བཞིན་ནོ། །རིགས་བཞི་པོ་དག་དུག་གིས་མིན?་པས་སྨན་ནི་བསྟེན་པ་ལས། །ཀུན་ལ་དུག་ནི ་ཞི་འགྱུར་འདྲ་སྟེ་ཐམས་ཅད་མཉམ་པ་ཡིན། །དེ་བཞིན་ཉོན་མོངས་དུག་ཟིན་རིགས་བཞིས་ཆོས་ཀྱི་སྨན་བསྟེན་ན། །བཞི་ཆར་དུག་བྲལ་འགྱུར་ཏེ་ཆོས་སྨན་ཀུན་ལ་མཉམ་པ་ཡིན། ཞེས་བྱ་བ་ལ་སོགས་པ་བསྟན་པས་རིགས་བཞི་བརྟག་པ་ནི་རིགས་པ ་མ་ཡིན་ནོ། །གང་ཡང་འདི་སྐད་དུ་།ཕྱི་རོལ་དམངས་རིགས་བུད་མེད་གཟུགས། །འཛིན་པས་རིགས་ལྡན་གསུམ་འདི་སྤངས། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་སྐྱོན་དང་བཅས་པ་ཉིད་ཡིན་པས་སྤོང་བ་ཉིད་ཡིན་གྱི་མ་རྟགས་པ་ནི་མ་ཡིན་ནོ། ཞེས ་བསྟན་པའི་ཕྱིར། ཆུའི་སྡིག་པ་དག་པ་འཁྲུལ། །དགེ་སོགས་ཉོ་ཚོང་བྱེད་པ་དག། ཉེས་བསྟན་གསུམ་ལ་མཐོང་བས་ན། །གང་ཕྱིར་གསུམ་འདི་བཏང་བའི་རིགས། །འབབ་སྟེགས་སུ་ཁྲུས་བྱས་པས་སྡིག་པ་དག་པར་འདོད་པ་དང། བསོད་ནམས་དང་བསོད་ནམས ་མ་ཡིན་པ་ཉོ་ཞིང་འཚོང་བ་ལ་སོགས་པ་ཉེས་པར་བསྟན་པ་གསུམ་པོ་འདི་ལ་མཐོང་བས་ཁོ་བོ་ཅག་གིས་སྤོང་བ་ཡིན་གྱིས་མ་བརྟགས་པར་ནི་མ་ཡིན་ནོ། །གང་དེ་ལ་སྨྲས་པ། ས་སྟེང་ན་མི་ཤི་འབབ་སྟེ། །འོད་ཀྱི་སྣང་དང་པདྨའི་སྙིང། །ཁམས་གསུམ ་དག་ནི་ཐམས་ཅད་ནི། །ཀུ་རུའི་ཞིང་ནི་རབ་ཏུ་བསྔགས། །ཀུ་རུའི་ཞིང་གི་དྲུལ་དག་ནི། །རླུང་གིས་ཁྱེར་བས་རེག་གྱུར་ནའང། །ཉེས་པར་བྱས་པའི་ལས་ཅན་ཡང། །འགྲོ་བ་མཆོག་ཏུ་ཁྱེར་བར་བྱེད། །གང་འགའ་ཟླ་བའི་སྐལ་ཅན་དང། །དེ་བཞིན་དུ་ནི་དབྱངས ་ཅན་དང། །ཕག་ཅན་དང་ནི་འདབ་མ་ཅན། །སིནདྷི?་རྒྱ་མཚོར་འདྲེ་བ་དག་།ཁྲུས་ས་འདི་རྣམས་གང་གི་ཕྱིར། །དག་པར་འདོད་ནས་ཁྲུས་བྱེད་པ། །སྡིག་པ་དག་པའི་བདག་ཉིད་དེ། །ངེས་པར་མཐོ་རིས་འགྲོ་བར་འགྱུར། །རིག་པ་གང་དག་གིས་ཤེ་ན། འདག ་འཆལ་དག་གིས་བགོས་པའི་གོས། །དྲི་མ་མེད་པར་འགྱུར་བ་བཞིན། །ལུས་ཅན་མཆོད་སྦྱིན་གྱིས་བགོས་ནས། །འབབ་སྟེགས་བཀྲུས་པའང་དེ་བཞིན་དག་།ཅེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །ཞེས་ཟེར་བ་དེ་དག་ནི ་རིགས་པ་མ་ཡིན་ཏེ། །འདི་ནི་སྡིག་པ་དག་མི་འགྱུར། །མ་རེག་ཕྱིར་དང་མ་མཐོང་ཕྱིར། །མ་ཐོས་ཕྱིར་དང་བག་ཆགས་ཕྱིར། །དྲན་པའི་ཤེས་དང་དགེ་བ་བཞིན། །སྡིག་པ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཆུ་ཡིས་དག་པར་མི་འགྱུར་ཞེས་བྱ་བ་ནི་དེའི ་ཆུས་སོ། །མི་རེག་པ་དང་མི་མཐོང་བ་དང། བསྒོར་མེད་པ་དང། བག་ཆགས་སུ་གནས་པའི་ཕྱིར་ཞེས་བྱ་བ་བཞི་ནི་གཏན་ཚིགས་ཏེ། གང་རེག་པར་བྱ་བར་ནུས་པ་དང། གང་འདི་ནི་འདི་ནའོ། །ཞེས་བྱ་བ་ལ་སོགས་པར་མཐོང་བ་དང། གང་ལ ་བསྒོ་བར་བྱ་བ་ནུས་པ་དེ་ནི་གོས་ལ་སོགས་པ་བཞིན་དུ་དག་པར་བྱ་བར་རུང་ན་སྡིག་པ་ནི་གཟུང་དུ་མེད་པ་བལྟར་མེད་པར་བསྒོར་མེད་པ་ཡིན་ན་ཇི་ལྟར་ན་དག་པར་འགྱུར་འོན་ཀྱང་མི་དགེ་བའི་སེམས་ཀྱི་བག་ཆགས་བཞག་པ་ལས་སྡིག་པ ་ཡོད་པར་ཤེས་པར་བྱ་སྟེ། ཇི་ལྟར་ལུས་ཅན་གྱི་རྒྱུད་དུ་གཏོགས་པའི་དྲན་པའི་ཤེས་པ་དང། བསོད་ནམས་ཆུས་བཀྲུར་མེད་པ་ལྟར་སྡིག་པ་ཡང་དེ་བཞིན་ནོ། །ཡང་ན་པད་སྙིང་རྐང་བྱུང་རླུང་སོགས་ཀྱི་ཆུས་ནི་སྡིག་པ་དག་མི་འགྱུར། །རེག ་བྱའི་ཕྱིར་རམ་བསྒོམ་བྱའི་ཕྱིར། །ཁྱིམ་གྱི་ངན་སྐྱུགས་ཆུ་བཞིན་ནོ། །པདྨའི་སྙིང་པོའི་འབབ་སྟེགས་ཀྱི་ངོ་བོ་ནི་པདྨའི་སྙིང་པོ་ཉིད་དོ། །རྐང་པ་ལས་བྱུང་བའི་ངོ་བོ་ནི་རྐང་པ་ལས་བྱུང་བ་ཉིད་དེ་ཆུ་ཀླུང་ངོ། །དེས་སྡིག་པ་དག་བར་མི་འགྱུར་ཏེ། ་རེག་ཏུ་ཡོད་པའི་ཕྱིར་རམ། རླན་པར་བྱེད་པའི་ཕྱིར་རོ། །གང་རེག་ཏུ་ཡོད་པ་དང་རླན་པར་བྱེད་པ་དེས་སྡིག་པ་ཡང་དག་པར་བྱེད་ནུས་པ་མ་ཡིན་ཏེ། ཇི་ལྟར་ཁྱིམ་ངན་སྐྱུགས་ཆུ་བཞིན་ནོ། །གཞན་ཡང། རང་བཞིན་བསོད་ནམས་མ་ཡིན ་ལས། །ཆུར?་ཞུགས་སོགས་ཀྱིས་ཟད་གྱུར་ན། །འབབ་སྟེགས་སོགས་སུ་ཁྲུས་བྱས་རྣམས། །སྡུག་བསྔལ་མི་འགྱུར་རྒྱུ་མེད་ཕྱིར། །སྔོན་མི་དགེ་བ་ལ་སོགས་པའི་འབྲས་བུ་ལ་སྤྱོད་པའི་ལོང་བ་དང། འོན་པ་དང་ཞ་བོ་དང། གྲུམ་བོ་ལ་སོགས་པ་རྣམས་གལ་ཏེ ་འབབ་སྟེགས་ཀྱི་ཆུལ་ཁྲུས་བྱས་ཤིང་དབང་བསྐུར་བས་སྡིག་པ་མ་ལུས་བར་ཡོངས་སུ་ཟད་པར་གྱུར་ན་ནི་ཆུའི་ནང་དུ་ཞུགས་པ་ལ་སོགས་པ་ཉིད་ཀྱི་ལོང་བ་དང། འོན་པ་དང། ཞ་བེ་དང། གྲུམ་པོ་ལ་སོགས་པ་རྣམས་ཁྲུས་བྱས་པ་ལ་སོགས་པ་དེ་ཕྱིན་བཅད་རྒྱུ་མེད ་པའི་ཕྱིར་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །ལས་རྣམས་ཟད་པའང་མ་ཡིན་བས། །སྡིག་པ་ཟད་པར་འགའ་ཡང་མེད། །ནང་གི་བདག་ཉིད་མི་འདག་ཅེས། །བསྟན་པ་ཡོད་པས་དེ་ཡང་བརྫུན། །གང་ཡང་འགའ་ཞིག་ཉིན་རེ་སྡིག་པའི་ལས་བྱེད་ཅིང། སྡིག ་ཕ་ལ་སོགས་པ་བྱེད་པ་དེ་རྣམས་འབབ་སྟེགས་ལ་སོགས་པ་དེ་རྣམས་སུ་ཁྲུས་བྱས་ཤིང་དབང་བསྐུར་བས་ཡོངས་སུ་ཟད་པར་འགྱུར་ན་ནི་སྡིག་པ་བྱས་པ་འགའ་ཡང་ཡོད་པར་མི་འགྱུར་ལ། ངེས་ན་འགའ་ཡང་ངན་སོང་དུ་ལྷུང་བར་མི་འགྱུར་བ་ཞིག་ན ་གང་ཡང་འདི་ལྟར་དྲང་སྲོང་རྒྱས་པས། བདག་ནི་ཆུ་བོ་དམ་པ་སྦྱིན་འབབ་སྟེགས། །བདེན་ཆུའི་སྦྱིན་པ་ཆུ་དོགས་དཀའ་ཐུབ་བརླབས། །དེ་བཞིན་བྱེད་དང་བཅས་པས་དེར་ཁྲུས་བྱ། །ནང་གི་བདག་ཉིད་ཆ་ཡིས་དག་མ་ཡིན། ལུས་དང་ངག་དང་ལས ་རྣམས་ནི། །གང་གིས་གསུམ་པོ་མ་དག་པ། །རྒྱ་མཚོ་གསུམ་དུ་ཁྲུས་བྱས་ཀྱང། །དེ་ནི་དྲི་མ་མེད་ཉིད་ཡིན། །དབང་པོའི་སྒོ་ནི་རབ་བསྡམས་ན། །མཉམ་པར་བཞག་པས་གང་གནས་པ། །དེའི་ཀུ་རུའི་ཞིང་དག་དང། །ནེ་མི་ཤ་དང་པད་སྙིང་སྟེ། །འདོད ་ངར?་ཁྲོ་དང་རྨོངས་པ་ལས། །གང་ཞིག་རྒྱལ་བ་དེ་དག་དཔའ་། །འབབ་སྟེགས་གང་སྟེགས་གང་དུ་ཁྲུས་བྱེད་པ། །སྐྱོང་མཛད་དེ་ཡིས་ཅི་ཞིག་བགྱི། །ཆུ་ཡིས་བངས་པར་གྱུར་པ་ལ། །ཁྲུས་བྱས་པ་ཞེས་མི་བྱ་ཡི། །ཕྱི་ནང་བྱས་པས་དག་པ་ཡི། །དགའ་ ་ཐུབ་ཅན་གང་དེ་ཁྲུས་བྱས། །རྡུལ་དང་འདམ་དང་དྲི་མ་སོགས། །ཟག་པ་རྣམས་ནི་ཆུ་ཉིད་ཀྱིས། །དག་པར་བགྱིད་ཀྱི་རྒྱལ་པོ་ལགས། །ཆོས་བྱའི་འབྲས་བུ་ཆུ་ཡིས་མིན། །གང་གཱར་བཀྲུས་ནས་དག་པ་ཡི། །ལུས་དང་ངག་དང་ཡིད ་འཇུག་པ། །ཁྱད་པར་ཕྲ་མོ་ཙམ་ཡང་ནི། །འབྱུང་པོ་རྣམས་ལ་མ་མཐོང་ངོ། །འདོད་པ་མཆོད་སྦྱིན་ཆེན་པོ་མཆོད་བྱས་ནས། །མི་དབང་འབབ་སྟེགས་རྟག་ཏུ་ཁྲུས་བྱས་ཀྱང། །ཁྲོ་དང་འདོད་དག་དེ་བཞིན་མང་འཕེལ་ནས། །གང་ཕྱིར་མི་གསོད་ལ ་སོགས་སྡིག་དག་བྱེད། །དེ་ཕྱིར་དྲི་མའི་རྒྱུ་ནི་ཡོངས་གྱུར་པ། །དེ་ཕྱིར་མཆོད་སྦྱིན་འབབ་སྟེགས་ཆུས་མི་འདག། མར་མེ་སྙིང་པོ་འབར་པ་ཡོད་པ་ན། །འོད་རྣམས་ཆུ་ཡིས་བླུགས་ཀྱང་མི་ཉམས་བཞིན། །ཞེས་བྱ་བ་ལ་སོགས་པ་བསྟན་པ ་ཡོད་པས་ཁྱེད་རང་གི་དམ་ཚིག་ལས་འབབ་སྟེགས་སུ་ཁྲུས་བྱས་པས། །སྡིག་པ་ཡོངས་སུ་ཟད་པ་ཡིན་པར་མ་སྒྲུབ་པའི་ཕྱིར། ཆུས་ཁྲུས་བྱས་པས་སྡིག་པ་ཟད་པར་འགྱུར་རོ། །ཞེས་སྨྲ་བ་འདི་ནི་མཛེས་པ་མ་ཡིན་ནོ། །གང་ཡང་འདི་སྐད ་དུང?་བྲམ་ཟེ་དག་གི་སྡིག་པ་བྱས་པ་དག་གི་སྡིག་པ་བླངས་ནས་བསོད་ནམས་ཀྱི་ཆ་འགེད་པར་བྱེད་དེ་ཞེས་ཟེར་བ་དེ་ཡང་རིགས་པ་འདིས་རིགས་པ་མ་ཡིན་ཏེ། རྒྱུད་གཞན་ལས་ནི་རྒྱུད་གཞན་དུ། །སྡིག་པ་འཕོ་བ་མིན་པར་གཟུང། །ལུས ་ཅན་མིན་ཕྱིར་འདོད་ཆགས་དང། །ཞེ་སྡང་གཏི་མུག་མི་འཕོ་བཞིན་།དངོས་དང་ལྷན་པའི་རྫས་ལ་ནི། །རྒྱུད་གཞན་ལས་རྒྱུད་གཞན་ལ་འཕོ་པ་མཐོང་སྟེ། ཇི་ལྟ་བུ་བཞིན་ནོ། །སྡིག་པ་ནི་གཟུགས་ཅན་མ་ཡིན་པས། །ཇི་ལྟར་གཞན་གྱི ་འདོད་ཆགས་ཀྱི་གཞན་འདོད་ཆགས་ཅང་དུ་མི་འགྱུར་བ་དང། གཞན་གྱི་ཞེ་སྡང་གི་གཞན་ཞེ་སྡང་ཅན་དུ་མི་འགྱུར་བ་དང། གཞན་གྱི་གཏི་མུག་གིས་གཞན་གཏི་མུག་ཅན་དུ་མི་འགྱུར་པ་དང། གཞན་བཀྲེས་ཤིང་སྐོམ་པ་གཞན་ལ་མི ་གནོད་པ་དང། གཞན་ཚིམ་པས་གཞན་ཚིམ་པར་མི་འགྱུར་བ་ལྟར་དེ་བཞིན་དུ་གཞན་གྱིས་བྱས་པའི་སྡིག་པའི་འབྲས་བུ་གཞན་གྱིས་བགོད་པར་མི་འགྱུར་རོ། །གཞན་ཡང། དེ་ཚེ་བསོད་ནཾས་བླངས་པ་ནི། །མི་རིགས་ཞེས་ནི་ངེས་པར་བྱ། །སེམས་དང་མཚུངས ་བར་ལྡན་པ་ཡི། །དཔེར་ན་བདེ་དང་སྡུག་བསྔལ་བཞིན། །གསེར་དང་གོས་ལ་སོགས་པའི་གཟུགས་ཅན་ཉིད་ཀྱི་དངོས་པོ་ནི་སྦྱིན་པ་དང། བླང་པར་རིགས་ཀྱི་བསོད་ནམ་མ་དང་སྡིག་བ་ངག་ནི་མ་ཡིན་ཏེ་སེམས་དང་མཚུངས་བར་ལྡན་པ་མ་ཡིན་པའི་ཕྱིར་དཔེར ་ན་བདེ་བ་དང་སྡུག་བསྔལ་དག་སྦྱིན་པ་དང་བླང་བར་མི་རིགས་པ་བཞིན་ནོ། །གལ་ཏེ་བདེ་བ་དང་སྡུག་བསྔལ་དག་སྦྱིན་པ་དང། །བླང་བར་ནུས་པ་ཞིག་ཡིན་ན་ནི་བདག་པོ་ཐམས་ཅད་སྡུག་བསྔལ་བར་གྱུར་པ་ན་རང་གི་བྲན་ལ་སྡུག་བསྔལ་ལྷག་མ་མ་ལུས་པར ་བྱིན་ནས། དེ་དག་གི་བདེ་བ་ལེན་བར་འགྱུར་ལ། སྙིང་རྗེ་ཅན་དག་ཀྱང་སྐྱེ་དགུ་སྡུག་བསྔལ་ཅན་དག་ལ་རང་གི་བདེ་བ་བྱིན་ནས། དེ་དག་གི་སྡུག་བསྔལ་ལེན་པར་འགྱུར་བ་ཞིག་ན་དེ་ལྟ་བུ་ནི་མེད་དོ། །དེ་བཞིན་དུ་བསོད་ནམས་དང་བསོད་ནམས་མ་ཡིན་པ ་དག་ལེན་པ་དང་སྦྱིན་པ་ཡོད་པ་མ་ཡིན་ནོ། །ལུང་རྒྱས་བྱེད་ལས་འདི་སྐད་དུ། འདིར་ནི་དགེ་དང་མི་དགེ་བའི། །རང་གི་བྱས་པའི་ལས་རྣམས་ནི། །ཆུང་ཟ་བར་ནི་མི་འགྱུར་ཏེ། །དེ་ཕྱིར་སྡིག་སྤོངས་མདུང་གི་བུ། །ཞེས་འབྱུང་བ་ཡིན་ནོ་གཞན་ཡང། འབར་སོགས ་ནང་དུ་མཆོངས་པ་ཉིད། །ཚངས་པའི་འཇིག་རྟེན་སོགས་འགྲོ་བར། །བསྟན་པའི་ལུགས་ངན་གསུམ་ལས་མཐོང། །དེ་ཕྱིར་སྔར་བར་རིགས་པ་ཡིན། །མེར་འཇུག་བ་དང། གཡང་སར་འཕྱོང་བ་དང། སྙུང་བར་གནས་པ་ལ་སོགས་པའི་བྱ་བས་? ་ཚངས་པའི་འཇིག་རྟེན་དང། དབང་ཕྱུག་ཆེན་པོ་དང། ཚོགས་བདག་དང། ཁྱབ་འཇུག་ལ་སོགས་པའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །ཞེས་ཟེར་བ་མི་བདེན་པར་བསྟན་པ་མཐོང་བའི་ཕྱིར། གསུམ་པོ་འདི་ནི་བཏང་བར་རིག་པ་ཁོ་ནའོ། །ཇི་ལྟར་ཞེ་ན།། ་རིགས་པ་དང་མི་ལྡན་པའི་ཕྱིར་ཏེ། མེར་འཆོད་ལ་སོགས་ཚངས་པ་ཡི། །འཇིག་རྟེན་སོགས་ཐོབ་རྒྱུ་མ་ཡིན། །སྲོག་ལ་གནོད་པར་བྱེད་པའི་ཕྱིར། །ཕྱེ་མ་ལེབ་སོགས་མཐོང་བ་བཞིན། །གང་དགེ་བའི་སེམས་དང་བྲལ་བའི ་མེར་འཇུག་པ་དང། གཡང་སར་འཕྱོང་བ་ལ་སོགས་པ་རྣམས་ནི་ཆངས་བའི་འཇིག་རྟེན་ལ་སོགས་པ་འཐོབ་པའི་རྒྱུ་མ་ཡིན་ཏེ། སྲོག་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར། །ཇི་ལྟར་ཕྱེ་མ་ལེབ་དང་བྱི་བྱི་དང། །སྦྲང་མ་ལ་སོགས་པ་མེར་འཆོང་བ་དང། ་ཨེ་ནེ་ཡ་དང་སྤྲེའུ་ལ་སོགས་པ་གཡང་སར་འཕྱོང་བ་དང། རྒྱ་མཚོའི་ནང་དུ་གྲུ་བོ་ཆེ་ཞིག་ནས་སྐྱེ་བོ་ཤི་བར་གྱུར་པ་དང། ལམ་དུ་ལམ་རྒྱགས་མ་ལུས་པར་ཟད་ནས་མགྲོན་པོ་བཀྲེས་པས་ཉེན་པས་སྲོག་དང་བྲལ་བར་གྱུར་བ་རྣམས་མཐོ་རིས ་སུ་འགྲོ་བའི་རྒྱུ་མ་ཡིན་པ་བཞིན་ནོ། །གཞན་ཡང་བཟའ་དང་བཏུང་བ་སྤངས་པ་ཡིས། །མཐོ་རིས་འཐོབ་པར་མི་འདོད་དེ། །བཀྲེས་དང་སྐོམ་པའི་རྒྱུ་ཡིན་ཕྱིར། ཟས་མ་ཟོས་པས་གདུང་པ་བཞིན། །ཟས་དང་སྐོམ་མ་ཟོས་པས་མཐོ ་རིས་ཐོབ་པ་མ་ཡིན་ཏེ། བཀྲེས་པ་དང་སྐོམ་པས་གདུང་བའི་རྒྱུ་ཡིན་པའི་ཕྱིར། ཁྲོས་པ་འམ་ནད་དམ། མ་རྙེད་པའི་དབང་གིས་ཟས་མ་ཐོས་པ་བཞིན་ནོ། །གཞན་ཡང་ཟས་མ་ཟོས་སོགས་བསོད་ནམས་འགྱུར། །སྤངས་ཕྱིར་སྡིག་སྤངས་? ་བཞིན་ཞེ་ན། །བདེན་སྲོག་སྤངས་པས་གཏན་ཚིགས་འདི། །མ་ངེས་པ་ཉིད་ཡིན་པར་འགྱུར། །ཟས་མ་ཟོས་པས་བསོད་ནམས་འཐོབ་པར་འགྱུར་ཏེ་།སྤངས་པ་ཡིན་པའི་ཕྱིར་སྡིག་པ་ལས་ལོག་པ་བཞིན་ནོ། ཞེས་སྨྲ་བ་དེ་ཡང་ཐེ་ཚོམ ་དུ་འགྱུར་བ་ཡིན་ཏེ། ཅི་སྤངས་པ་ཡིན་པའི་ཕྱིར་བདེན་པ་དང་ཚངས་པར་སྤྱོད་པ་སྤངས་པ་བཞིན་དུ་བསོད་ནམས་མ་ཡིན་བ་ཉིད་དུ་འགྱུར་བཞིག་ཡིན་ནམ། འོན་ཏེ་སྤངས་པ་ཡིན་པའི་ཕྱིར། འཆི་པ་ལ་སོགས་པ་སྤངས་པ་བཞིན་དུ་ཟ?་སྤངས ་པ་ཡང་བསོད་ནམས་སུ་འགྱུར་བ་ཞིག་ཡིན་ཞེས་སྤངས་པ་ཞེས་བྱ་བའི་གཏན་ཚིགས་འདི་མ་དེས་པ་ཉིད་ཡིན་ནོ། །གཞན་ཡང་ཟས་སྤངས་བསོད་ནམས་མི་འགྱུར་ཏེ། བྱ་བ་དེ་ལ་སྡིག་མེད་ཕྱིར། །དགེ་བ་ཡིད་ལ་བྱེད་པ་ཡི། །ཡིད་ལ་བྱེད་པ་སྤངས་པ་བཞིན། །བྱ་བ་གང ་ཞིག་སྤྱད་པ་ལས་སྡིག་པ་འབྱུང་བར་འགྱུར་བ་དེ་ལྟ་བུ་སྤངས་པ་ནི་བསོད་ནམས་སུ་འགྱུར་བར་རིགས་ན་ཟས་ལ་སྦྱོད་བའི་བྱ་བ་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་སྲོག་འཛིན་ཅིང་བསོད་ནམས་སྐྱེ་བའི་སྐོར་གྱུར་བ་ཡིན་ལ། གལ་ཏེ་དེ་སྤྱད་པས་ཆོས་མ་ཡིན་པར ་འགྱུར་ན་ནི། །འཇིག་རྟེན་ཐམས་ཅད་ཀྱང་ཆོས་མ་ཡིན་པ་ཁོ་ན་དང་ལྡན་པར་འགྱུར་ན་དེ་ལྟར་ནི་མ་གྲགས་སོ། །དེའི་ཕྱིར་ཟས་ལ་སྤྱོད་པའི་བྱ་བ་ལ་ཡང་སྡིག་པ་ཡོད་པར་མ་མཐོང་ལ། ཟས་ལ་མི་སྤྱོད་པའི་བྱ་བ་ལ་སོགས་པ་ལ་ཡང་བསོད་ནམས་ཡོད་པར་མ་མཐོང ་ངོ། །འདིས་ནི་གདུང་བ་ལྔ་པ་ལ་སོགས་པའི་བརྟུལ་ཞུགས་ཀྱང་ལུས་གདུང་བར་བྱེད་བ་འབའ་ཞིག་ཏུ་ཟད་པའི་ཕྱིར་མཐོ་རིས་དང་བྱང་གྲོལ་ལ་སོགས་པ་འཐོབ་པའི་རྒྱུ་མ་ཡིན་ནོ། །ཞེས་ཀྱང་བསྟན་པ་ཡིན་ནོ། རྒྱས་བྱེད་ལ་སོགས་པའི་ལུང་ལ་འདི་ལྟར་སྔ་ཕྱི་འགལ ་བ་ཡང་ཡོད་པས་རིག་པ་མ་ཡིན་ཏེ་།གང་གི་ཕྱིར། ནུབ་གཅིག་གམ་ནི་ནུབ་གསུམ་མམ་།བདུན་དུ་འམ་ནི་ཉིད་གཅིག་ཉིད། །གང་ཞིག་སྨྱུང་བར་གནས་པ་ཡི། །སྐྱེ་བོ་ནེ་ནི་མཐོ་རིས་འགྲོ། ཞས་བྱ་བ་ལ་སོགས་པ་སྨྲས་ནས་ཡང། །ཟླ་ཕྱེད་དམ་ནི་ཟླ་གཅིག ་ཏུ། །སྨྱུང་བེར་སྤྱད་པར་མི་བྱ་སྟེ། །ལུས་ལ་གནོད་པ་བྱེད་པའི་ཕྱིར་།དཀའ་ཐུབ་མ་ཡིན་ཆོས་ལྡན་མིན། །འགའ་ཞིག་བརྟུལ་ཞུགས་སྨྱུང་བར་གནས། །ལུས་ལ་གནོད་པ་བྱེད་པ་སྟེ། །ནང་གི་བདག་ཉིད་སྡུག་བསྔལ་ཕྱིར། །དེས་ན་མཐོ་རིས་རྟོག་མི་འགྱུར?། ་རྟག་ཏུ?་ལུས་ནི་རྒྱས་པ་དང། །སེམས་དང་དབང་པོ་གསལ་བ་ཡིས། །ཕྲ་བའི་ཆོས་རྣམས་རྟོགས་འགྱུར་གྱི། །རྒོད་ངང?་ཞུམ་པས་མ་ཡིན་ནོ། །ཞེས་བསྟན་པ་དང། དེ་བཞིན་དུ་རྒུན་གྱི་དུས་སུ་ཆུའི་ནང་དུ་གནས། །ཚ་བའི་དུས་སུ་གདུང་བ་ལྔ་བསྟེན་བྱ། །དབྱར ་གྱིས་དུས་སུ་བླ་གབ་མེད་པར་གནས། །བྲམ་ཟེ་དེ་ནི་དཀའ་ཐུབ་དྲག་པོ་སྤྱོད། །ཅེས་བྱ་བ་སྨྲས་ནས། ཡང་བྲམ་ཟེ་མེ་བཞིའི་དཀྱོལ?་ནས་གནས། །ལྔ་པ་ཉམས་གདུང་བ་ཡི། །གདུང་བ་དེ་ནི་གདུང་གི་བྱ། །ལྔ་པའི་དཀའ་ཐུབ་མ་ཡིན་གྱི། ་བཀྲེས?་དང་ཚིགས་པའི་མེ་དག་དང། །ཁྲོ་དང་འདོད་པའི་མྱ་ངན་དག། ལྔ་པོ་འདི་ལས་གང་རྒྱལ་བ། །དེ་ནི་གདུང་བ་ལཱ?་ཅན་འདོད། །རྟག་ཏུ་འདོད་དང་ཁྲོ་ལས་རྒྱལ། །བདེ་ལྡན་དབང་པོ་བསྡམས་པ་དག། འདི་ནི་མཁས་པའི་དཀའ་ཐུབ་ཡིན། །ལུས ་ཀྱི་གདུང་བ་མ་ཡིན་ནོ། །འཚེ་མེད་བདེན་པའི་ཚིག་དང་ལྡན། །ཁྲོ་མེད་དུལ་ལ་དྲང་བ་དག་།འདི་ནི་དཀའ་ཐུབ་མཆོག་ཡིན་གྱི། །ལུས་སྐམ?་བྱེད་པ་མ་ཡིན་ནོ། །སྡུག་བསྔལ་རང་བཞིན་དཀའ་ཐུབ་གང། །སྡུག་བསྔལ་སྡུག་བསྔལ་བརྒྱུད་མར་འཇུག། ་ཤེས་པའི་རང་བཞིན་དཀའ་ཐུབ་གང། །བདེ་བས་བདེ་བ་བརྒྱུད་མར་འཇུག། ཅེས་བྱ་བ་ལ་སོགས་པ་འབྱུང་བས་དེ་ལྟ་བུའི་རང་གི་གྲུབ་པའི་མཛའ་དང་ཡང་འགལ་བར་སྙུང་བར་གནས་པ་ལ་སོགས་པས། ལུས་གདུང་བར་བྱེད་པའི་བདེན་པ ་བཏགས་བས་ཅི་ཞིག་བྱ། །གཞན་ཡང་རྒྱས་བྱེད་ལ་སོགས་པའི་ལུང་ལས་སྔ་ཕྱི་འགལ་བ་མང་དུ་མཐོང་སྟེ། བུད་མེད་པ་ལ་འཇིག་རྟེན་ནི། །བཟང་པོ་ཡ་མེད་རྒྱས་བྱེད་ཀྱི། །ཅི་ལྟར་གླིང་ལམ་ཅན་གྱིས་ནི། རྒས་ཀར་གསུས་ནས་སྨྲས་པ་བཞིན ་ཞེས་བྱ་བ་ལ་སོགས་པ་སྨྲས་ནས་ཡང། །གཞོན་ནུ་ཚངས་པར་སྤྱོད་བྱེད་པ། །དཀའ་ཐུབ་སྤྱོད་པ་སྤངས་པ་སྟེ། །དྲང་སྲོང་དེ་ནི་མཐོ་རིས་གནོན། །ཚངས་སྤྱོད་འབྲས་བུ་དམ་པ་ཡིན། །དེ་བཞིན་དུ། ངེས་པར་རྩེ་མེད་དཔའ་བོ་ཡི། །གཡུལ ་ངོར་འབྲོས་པ་མེད་པར་ནི། །གཡུལ་ལ་མངོན་པར་ཕྱོགས་གྱུར་ན། །ཤི་ན་མཐོ་རིས་འགྲོ་བར་འགྱུར། །ཞེས་བྱ་བ་སྨྲས་ནས་ཡང་སྨྲས་པ། གང་ཡང?་རང་སེམས་གདུག་པ་ཡི། །གཞན་ལ་འཚེ་དེ་རྒྱས་བྱེད་ཀྱི། །དྲག་པོ་དྲག་པོའི་ལས་ཅན་ཏེ། ་ཤིན་ཏུ་སྨད་པའི་དམྱལ་བར་འགྲོ། །རང་ལ་རྫས་སུ་མི་མཐུན་པ། །དེ་ནི་གཞན་ལ་མི་བྱ་སྟེ། །འདིར་ནི་ཆོས་རྣམས་བསྡུས་པ་ཡིན། །གཞན་ནི་འདོད་པས་འཇུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་མ་ཡིན་ནམ། ཞེས་སྨྲས་པ་ན། འདིར་སྨྲས་པ། སངས ་རྒྱས་པ་འདི་ལྟར་བདག་ཉིད་ཆོས་ལ་གནས་པ་ཡིན་ནོ། སྙམ་དུ་སེམས་ཤིང་གཞན་ལ་ཁ་ཟེར་ཞི་བར་མོད་པར་བྱེད་ཀྱང་རང་ཉིད་ཤ་ཟ་བ་ལ་འབད་པ་ཆེར་བྱེད་པར་གྲགས་པ། སེམས་ཅན་སྲོག་མ་བཅད་པས་ནི་ཤ་རྙེད་པར་མི་འགྱུར་པས། དེས་ན་སྙིང་རྗེ ་དང་བྲལ་བ་ཡིན་བའི་ཕྱིར། རི་དགས་ཀྱི་རྔོན?་པ་ལ་སོགས་པ་བཞིན་དུ་སྡིག་པ་བྱེད་པ་ཉིད་ཡིན་ནོ། ཞེ་ན་འདི་ལ་བརྗོད་པར་བྱ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་དགོངས་པ། རུས་པ ་པ་དང་རྐང་པའི་གཏིང་ནས་རྩེ་བ་མངའ་བ་ངེས། ཇི་ལྟར་ན་ཤ་ཟ་བར་རྗེས་སུ་གནང་བ་ཡིན། ཐེག་པ་ཆེན་པོའི་གཞུང་ལས། བཅོམ་ལྡན་འདས་ཀྱིས་མ་གནང་བ་ཁོ་ན་ཡིན་ཏེ། གླང་པོའི་རྩལ་དང། སྤྲིན་ཆེན་པོ་དང། ལང་ཀར་གཤེགས་པ་དང། ་སོར་མོའི་ཕྲེང་བ་ལ་སོགས་པའི་མདོ་ལས། ཤ་ཟ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ཉིད་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པའི་གཞུང་ལས་ནི་མཛའ་གསུམ་དག་པའི་ཤ་གང་དག། ཟོས་ཀྱང་སྡིག་དུ་མི་འགྱུར་ཏེ། །དབས?་མ་སོགས་སུ་འགྱུར་བའི་ཕྱིར། །སློང ་མོའི་ཟས་ལ་སྡིག་མེད་ཕྱིར། །ཅེས་འབྱུང་སྟེ། འདི་ལྟར་བདག་གི་ཆེད་དུ་སྲོག་ཆགས་བསད་པར་རང་གིས་མཐོང་བ་ཡང་མེད་ཐོས་པ་ཡང?་མེད། དགོས་པ་ཡང་མེད་པ་མི་སྡིག་པའི་སེམས་དང་བྲལ་བ་ཡིན་པས་ནད་ལ་སོགས་བཞི་བར་བྱ་བའི་དོན་དུ ་དེ་ལྟ་བུའི་ཤ་ཟོས་ཀྱང་སྡིག་ཏུ་འགྱུར་བར་བརྟག་པར་མི་བྱ་སྟེ། དངས་མ་དང། གཅེན་དང། ངན་སྐྱུགས་ལ་སོགས་པར་འགྱུར་པའི་ཕྱིར། ཇི་ལྟར་སློངས་མོས་རྙེད་པའི་ཟས་ནི་སློངས་མོའི་ཟས་ཏེ། དེ་ཟོས་པས་སྡིག་ཏུ་མི་འགྱུར་བ་བཞིན་ནོ། ། ་གཞན་ཡང་གང་ཡང་ཤ་ནི་ཟོས་པ་ཡིས། །སྡིག་པའི་རྒྱུར་ནི་མི་འགྱུར་ཏེ། །བཀྲེས་པ་བཟློག་པའི་སྒྱུ་ཡིན་ཕྱིར། །མ་བླངས་བྱིན་པའི་ཐས་བཞིན་ནོ། །ཤ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཟོས་བ་སྡིག་པའི་རྒྱུར་མི་འགྱུར་ཞེས ་བྱ་བ་ནི་ཆོས་སོ། །བཀྲེས་བ་བཟློག་པར་བྱེད་པ་སྟེ། །ཞི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། །ཟས་ཀྱི་དུས་སུམ་བླངས་པར་རྙེད་པའི་བས་སྐོམ་བཞིན་ནོ། །ཤ་ནི་མི་བཟའ་བ་ཡིན་ཕྱིར། །མི་ཟ་ཞེ་ན་ལུས་ལ་རྟོགས། །ས་བོན་དང་ནི་བསྟན་བྱེད་པ། །མི་གཙང་མི ་གཙང་སྲིན་བུ་བཞིན། །ཤ་མི་བཟའ་བར་མི་བྱ་བ་ཉིད་དེ། ཕྱིས་ལ་སོགས་པ་བཞིན་ནོ། །ཞེན་རང་གི་ལུས་འདི་ཡང་བརྟག་པར་བྱ་བ་ཉིད་ཡིན་ཏེ། སྐྲ་དང། སེན་མོ་དང། བ་སྤུ་དང། པགས་པ་དང། ཕྱི་ཤུན་དང། ཤ་དང་རྒྱུས་པ་དང། ཁྲག ་དང། རུས་པ་དང། རྐང་དང། མཁལ་མ་དང། སྙིང་དང། གློ་སྲལ་དང། མཆིན་པ་དང། མཆེར་པ་དང། གློ་བ་དང། རྒྱུ་མ་དང། བཞག་དང། ལོང་ཀ་དང། གཅིན་དང། ཕྱིས་དང། མཆི་མ་དང། རྡུལ་དང། ཆིལ་དང་།ལུང ་བ་དང། མཆིལ་མ་དང། རྣག་དང། མཁྲིས་པ་དང། མཆིལ་སྣབས་དང། ཞག་དང། ཆུ་སེར་དང། དྲི་མ་དང། གླང་པ་དང། གླང་རྒྱས་དང། མིག་རྣག་དང། རྣ་ལྤགས་ཞེས་བྱ་བ་ལ་སོགས་པ་མི་གཙང་བའི་རྫས་སུམ་ཅུ་རྩ་བ་དྲུག་གིས་གང ་བའི་རྨའི་སྒོ་དགུ་ནས་རྟག་ཏུ་མི་གཙང་བའི་རྗེས་སུམ་ཅུ་རྩ་དྲུག་ཟག་པ་ཁྲག་དང་ཁུ་བ་མི་གཙང་བའི་ས་བོན་ལས་བྱུང་བ། མི་གཙང་བའི་ཁུ་བས་ཉེ་བར་བསྟན་ཅིང། ཕྱིས་དང་ངན་སྐྱགས་ཀྱིད་ས་མས་གཡོགས་ནས། མངལ་གྱི་ནང་ནས ་བྱུང་བའི་ལུས་འདི་ནི་མི་གཙང་བའི་ནད་ན་གནས་པའི་སྲིན་བུ་དང་འདྲ་བོར་ཤིན་ཏུ་མི་གཙང་བ་ཡིན་ན་ཤ་ཟོས་པས་མི་གཙང་བ་ལྷག་པ་ཅི་ཞིག་ཏུ་འགྱུར། །ངེས་ན་འདི་ནི་ཅི་ཡང་མ་ཡིན་ནོ། །གལ་ཏེ་ཡང་སྐྱེ་བོ་བཟང་པོ་རྣམས་ཀྱིས་འདོད་པ་ཡིན ་དུ་ཟིན་ཀྱང་ཉ་ལ་སོགས་པའི་ཤ་ནི་ཟ་བར་མི་བྱ་སྟེ། ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པའི་ཕྱིར། བ་ལང་དང་བུང་བུའི་ཤ་བཞིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་བ་ནི། །ཁུ་བ་སོགས་ལས་བྱུང་བའི་ཕྱིར། །ཉེ་ཤ་སོགས་ནི་དམང་ཞི་ན། །མར་དང་འོ་སོགས ་རྒྱུ་ཡིན་པས། །འདི་ནི་མ་ངེས་པ་ཉིད་ཡིན། །ཁུ་བ་དང་ཁྲག་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་མར་དང་འོ་མ་ལ་སོགས་པ་བཞིན་དུ་བཟའ་བར་བྱ་བ་ཉིད་ཡིན་ཞེས་ཐེ་ཚོམ་དུ་འགྱུར་བས་གཏན་ཚིག་གི་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་ཡང་ཟ་བ་པོ་མེད ་ན་གསོད་པ་པོ་ཡང་མེད་པར་འགྱུར་བས་ངེས་ན་སྲོག་གཅོད་པ་ནི་ཟ་བ་པོ་ཉིད་ཡིན་ཏེ། འཚེ་བར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་དུ་འཇུག་པ་ལྟ་བུའོ། །ཞེ་ན་དེ་ལ་ཤ་ཟ་སྲོག་གཅོད་ཉིད་ཡིན་ཏེ། །དེའི་རྒྱུ་མཚན་ཕྱིར་ཞེ་ན། །ཕགས ་སོགས་ཐོགས་པས་གཏན་ཚིག་ནི། །མ་ངེས་པ་ཉིད་ཡིན་པར་འགྱུར། །གང་པགས་པ་ལ་སོགས་པ་ཐོགས་པའི་དཀའ་ཐུབ་མེད་ན་ཤ་རབ་ལ་སོགས་པ་བསོད་པར་ཡང་མི་འགྱུར། །དེས་ན་དེ་ནི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་པར་འཇུག ་པ་པོ་བཞིན་དུ་ཤ་ཟ་བ་སྲོག་གཅོད་པ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་དེའི་རྒྱུ་ཡིན་པའི་ཕྱིར་བགས་པ་ལ་སོགས་པ་འཆང་བ་བཞིན་དུ་སྲོག་གཅོད་པ་མ་ཡིན་པ་ཉིད་དུ་འགྱུར་ཞེས་བྱ་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །སྒྱུ་མཚན་ཙམ ་གྱིས་རྟོག་པར་བྱེད་ན། སྐྱོན་མེད་པོ་གཞན་ཡང་ཡོད་པར་ཐལ་བར་འགྱུར་ཏེ། ཇི་ལྟར་འཇལ་དང་སྲོང་ལ་གཡོ་བྱེད་དང། །ཉེ་བར་འདོད་པ་མི་དགེ་མཉམ། །འཚོ་བྱེད་ནོར་ནི་རྙེད་པ་དེའི། །གང་ཡང་པ་དག་ལས་དང་ནི། །སྐྱོན་ནི་གཉིས ་ཀྱིས་ལྷག་པ་རུ། །ཉོ་པ་པོ་ལས་འབྱུང་པར་འདོད། །དེ་བཞིན་བུད་མེད་བདག་པོ་ཡིན་ནོ། །འདོད་པའི་ཁ?་ཟས་སྦྱིན་བྱེད་དང། །སྐལ་པ་ལྡེན་པའི་བུད་མེད་དང། །གང་དག་ཆོས་དེ་སྟོན་པ་དང། །ཚུལ་ཁྲིམས་མེད་ལ་དམོད་པ་དག། སྐྱོན་ཚོགས་འཛོཾས ་ཕྱིར་ཏི་ཏི་རི། །དགྲ་གསོས་ལས་ཀྱང་ངེས་པར་ནི། །ཆོས་མ་ཡིན་པ་ཐོབ་པར་འགྱུར། །ཀུན་དགའ་ར་བ་ཁྲོན་པ་རྫིང། །དེ་ནི་ལུས་ཅན་ཤི་གྱུར་ན། །བྱེད་པའི་སྐྱེ་མཆེད་ཡིན་པའི་ཕྱིར། །དེ་ལ་སྐྱོན་འདི་ཡོད་པར་འགྱུར། ། ་བསད་བྱ་ཡོད་པས་གསོད་ཡོད་ཀྱི། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་བསད་བྱ་གསོད་པ་གཉིས། །སྡིག་པ་མཉམ་པར་འཐོབ་པར་འགྱུར། །མཐོང་དང་ཐོས་དང་བསྡམས་པ་དང། །རེག་དང་དྲན་པ་ཉིད་དང་ནི། །ཤ་ལ་བྱས་ནའང་ཆོས ་མིན་འབྲེལ། །འདི་ལྟ་བུར་ནི་འགྱུར་བ་ཡིན། །གསལ་བར་བྱེད་པའི་ཉི་མ་དང། །སྐྱེ་བའི་རྒྱུའི་ཕ་དག་དང། །སྐྱོང་བར་བྱེད་པའི་མི་བདག་དང། །དེ་རྣམས་སྡིག་པའི་བྱེད་པོ་ཉིད། །གོས་བྱེད་པའི་ལྟར་བྱས་ནས། །ཟས་ཀྱི་བྱ་བའང་མི་རིགས་ཏེ། །གང ་ཕྱིར་སྐྱོན་ནི་གཉིས་འབྱུང་བ། །མ་ཟོས་པ་ལ་མ་ཡིན་ཏེ། །ཟོས་ལས་སྲོག་ཆགས་སྐྱེ་འགྱུར་ཞིང། །དེ་དག་ཐུར་དུ་འབྱུང་བར་འགྱུར། །སྐྱེས་པ་ཉམས་འགྱུར་མ་ཟོས་ན། །མ་སྐྱེས་སྐྱེ་བར་མི་འགྱུར་རོ། །གལ་ཏེ་གཞན་གྱི་རྒྱུ་མཚན་གྱིས། ། ་སྐྱོན་དེ་ཁྱོད་ནི་མི་བསྐྱོད་ན། །གཞན་གྱི་བསད་པར་གྱུར་པ་ཡང། །སྡིག་དེ་སྤྱོད་ལ་གང་ལ་འོང། །གང་ཕྱིར་མི་སྡིག་གནས་མི་སྦྱིན། །དེས་ན་སྡིག་དེ་ཡོད་མ་ཡིན། །དེ་ཕྱིར་ཤ་སོགས་རྫས་གནང་བ། །སྐྱོན་མེད་པ་ནི་གཟུང་བར་བྱ། །གཞན ་ཡང་ཤ་ཟ་བ་ནི་སྐྱོན་བཅས་མིན། །དེ་ཚེ་སྲོག་ཆགས་གནོད་མིན་ཕྱིར། །མུ་གཏིག་རྨ་བྱའི་སྒྲ་སོགས་དང། །འབྲས་དང་ཆུའི་དགོས་པ་བཞིན། །སྲོག་ཆགས་ཀྱི་ལུས་ལ་སྡུག་བསྔལ་བསྐྱེད་ནས། ཤ་ཟོས་ན་སྐྱོན་དང་བཅས་པར་འགྱུར་གྱི། ཤ ་ཟ་བའི་དུས་ན་སྲོག་ཆགས་ཀྱི་ལུས་ཀྱི་ཤ་ལ་སེམས་མེད་པས་སྡུག་བསྔལ་སྐྱེ་བར་མི་འགྱུར་ན། སྡིག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ཉ་ཕྱིས་དང། ཉ་དང་།གླང་པོ་ཆེའི་མུ་ཏིག་གེ་འབྲས་བུ་རྣམས་དང། རྨ་བྱའི་སྒྲོ་དང། གཡག་རྔ་དང། སོ་དང། ་དུས་པ་དང་།པགས་པ་ལ་སོགས་པ་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པའི་དུས་ན། སྲོག་ཆགས་ལ་སྡུག་བསྔལ་ཅུང་ཞིག་ཀྱང་མེད་པ་དང། འབྲས་དང་ཆུ་ལ་སོགས་པ་ལོངས་སྤྱོད་པའི་དུས་ན་གང་ལ་ཡང་གནོད་པ་མེད་པ་ལྟར་དེ་བཞིན་དུ་ཤ་ཟ་བར་བྱེད་ཀྱང ་དེའི་ཚེ་གནོད་པ་མེད་པས་སྐྱོན་མེད་དེ། སྐྱོན་ཡོད་ན་ནི་ཤི་བའི་སྲེག་བ་ཡང་སྡིག་པ་ཡོད་པར་འགྱུར་རོ། །གལ་ཏེ་ཡང་འདིར་དེ་ལྟ་ན་ཡང་ཤ་ནི་བཟའ་བར་བྱ་བ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་སྐྱེ་བར་བྱེད་པ་ཡིན་ཏེ། ཤ་ཟོས་ན་ནི་སྟོབས་སྐྱེ་བར་འགྱུར། ་པ། སྟོབས་ལས་ནི་འདོད་ཆགས་ལ་སོགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ལ་འདོད་ཆགས་ཀུན་རྟོགས་ལས་བྱུང་ཕྱིར། །ཤ་ཟོས་དེ་ཡི་རྒྱུ་མ་ཡིན། །དེ་མ་ཟོས་ལའང་དེ་འབྱུང་སྟེ། །རྩཝ་ཟན་བ་ལང་ལ་སོགས་བཞིན། །ཞེས་བརྗོད་པར་བྱ་སྟེ། འདོད ་ཆགས་དང། ཞེ་སྡང་དང། གཏི་མུག་རྣམས་རྩ་བར་གྱུར་པ་ལས་འབྱུང་གིས་ཤ་ཟོལ་པ་ལས་མ་ཡིན་ཏེ། ཇི་ལྟར་ཀུན་རྟོག་ལས་ནིའ་དོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་གྱིས་ཏེ། །ཁྱེད་ནི་ཀུན་རྟོག་མ་བྱེད་དང། །དེས་ན་ཁྱོད་ལ་འབྱུང་མི་འགྱུར།། ་ཞེས་བྱ་བ་ལ་སོགས་བ་འབྱུང་བ་ལྟ་བུ་སྟེ། ཅི་བ་ལང་དང། བོང་བུ་ལ་སོགས་པ་རྩཝ་ཟ་བ་དེ་དག་དུས་ཐམས་ཅད་དུ་འདོད་ཆགས་ཀྱི་སེམས་ཀྱིས་གནོད་བར་གྱུར་པ་གང་ཡིན་པ་དེ་དག་ཅི། ཤ་ཟ་བ་ཡིན་ནམ། དེས་ན་མཛའ་གསུམ་དག་བའི་ཤ་ཟོས་ནས ་སྐྱོན་དང་ལྡན་པར་འགྱུར་པ་མ་ཡིན་པ་ཉིད་དེ། ཇི་ལྟར་མཐོང་དང་ཐོས་དང་དོགས་པ་ཡིས། །གང་གི་ཆེད་དུ་བྱས་ཤེས་པའི། །ཤ་དེ་དེ་ཡིས་བཟའ་མི་བྱ། །དེ་ལས་གཞན་གང་ཡིན་དེས་བཟའ་། །རོ་ཆགས་འཚོལ་དང་གསོད་པ་དང། ་སྙིང་རྗེ་མེད་པའི་བསམ་སྤངས་ནས། །ཤ་ནི་ཟོས་པར་གྱུར་ན་ཡང། །སྐྱོན་བཅས་མ་ཡིན་ཟས་ཆོག་བཞིན། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །ལམ་གསུམ་དེ?་སྤངས་པའི་རྒྱུ་གཞན་ཡང་སྨྲས་པ། སེམས་མེད་པ་ཡི་བརྟན་པ། ་ལའང། །སེམས་ནི་ཡོད་པར་རྟོགས་བྱེད་པའི། །ཉེས་བསྟན་གསུམ་ལ་མཐོང་བས་ན། །གསུམ་པོ་འདི་ནི་སྤངས་བའི་རིགས། །ཞེས་བྱ་བ་སྟེ། ལྗོན་ཤིང་རྣམས་ནི་སེམས་དང་བཅས་པ་ཡིན་ཏེ་།དབང་པོ་ཡོད་པའི་ཕྱིར་མི་ལ་སོགས་པ ་བཞིན་ནོ། །ཞེས་བྱ་བ་ནི་གསུམ་པོ་དེ་ལས་འདོད་པ་ཡིན་ནོ། །དེ་ཡང་འདི་ལྟར་རྒུན་འབྲུ་དང་ཏྲ་པུ་ཤ་ལ་སོགས་པའི་ཁྲི་ཤིང་རྣམས་ནི་གཞན་ལ་བརྟེན་ཅིང་རྒྱས་པར་འགྱུར?་བ་མཐོང་བ་དང། སྨན་སྦྲལ་མགོ་དང་ཉི་མའི་རྗེས་སུ་འབྲང་བ་ལ་སོགས་པ་རྣམས ་ཉི་མ་ཇི་ལྟར་འགྲོ་བའི་རྗེས་སུ་ཡོངས་སུ་འགྱུར་བས་ན། མིག་གི་དབང་པོ་ཡོད་པ་ཉིད་དུ་རྗེས་སུ་དཔག་པ་ཡིན་ལ། ལྗོན་ཤིང་རྣམས་ཀྱང་སྤྲིན་འཐུག་པོ་ལས་སྒྲ་འབྱུང་བར་གྱུར་པ་ན་ཆུ་ཤིང་ལ་སོགས་པ་རྣམས་ཀྱི་འབྲས་བུ་འབྱུང་བར་རྩོམ་པས་ན། ་རྣ་བའི་དབང་པོ་ཡོད་པ་ཉིད་ཡིན་ལ། མ་ཏུ་ལུང་ཀའི་ཤིང་གི་རྩ་བར་ཁྱི་རོ་རུལ་པ་བཞག་པ་ན་འབྲས་བུ་མང་དུ་འབྱུང་བར་འགྱུར་བས་སྣའི་དབང་པོ་ཡོད་པ་ཉིད་ཡིན་ནོ། །སྐྱ་རུ་རའི་ཤིང་ལ་འོ་མ་བླུགས་པ་ན་འབྲས་བུ་མ་དང་པོར་འགྱུར་བར་ ་འགྱུར་བས་ལྕེའི་དབང་པོ་ཡོད་པ་ཡིན་ནོ། །རེག་ན་འཁུམ་པའི་འོ་མ་ཅན་ལ་གང་གི་ཚེ་རེག་པར་གྱུར་པ་ན་འདི་ལྟར་འཁུམ་པས་ལུས་ཀྱི་དབང་པོ་དང་ལྡན་པ་ཡིན་ནོ། །གང་གི་ཕྱིར་འདོད་པས་སྨྱོས་ཤིང་སྒེག་པར་གྱུར་པའི་ལང་ཚེ་ལ་བབ་པ ་བུད་མེད་ཀྱི་རྐང་པ་རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་ཤིང་རྐང་གདུབ་དང་ལྡན་པས་ཆེད་དུ་བརྩམས་ཏེ། ཤིང་མྱ་ངན་མེད་མེ་ཏོག་དང་འབྲས་བུ་མི་འབྱུང་བ་ལ་རྒྱབ་ནས་འདོད་པ་དང་ལྡན་པའི་བུད་མེད་རིགས་ལས་ཉམས་པ་དང་སྤྱོད་པ་བདེ་བ་དང་ངོ་ཚ ་བ་དུས་གཅིག་སྐྱེ་བ་ལྟར་མྱ་ངན་མེད་ཀྱི་ཤིང་ཡང་དེའི་རྐང་པས་རེག་པ་ན་བདེ་བ་དང་ངོ་ཚ་བ་དང་ལྡན་པ་བཞིན་དུ་མེ་ཏོག་དུར་འབྲས་བུ་རྒྱས་པར་འབྱུང་བ་དང། དེ་བཞིན་དུ་ལང་ཆ?་ལ་བབ་པའི་བུད་མེད་ཀྱི་ཁ་བུར་ཆང་གི་བཀང་ནས་མེ་ཏོག་མི་འབྱུང ་ངའི་བ་ཀུ་ལའི་ཤིང་ལ་གཏོར་ནས་འགད?་ན་མེ་ཏོག་རྣམས་གང་མོ་བྱེད་ཅིང་འབྱུང་སྟེ། ཤིང་རྣམས་ཀྱང་དུས་ཇི་ལྟ་བ་བཞིན་དུ་མེ་ཏོག་དང་འབྲས་བུ་ལ་སོགས་པ་འབྱིན་པར་བྱེད་པས་ཡིད་ཀྱི་དཔའ་པོ་ཡོད་པ་ཡིན་ནོ་ཞེས། །ཟེར་ཏེ། དེ་ལྟ་བུ་སེམས་མེད་པའི་ཤིང་ལ ་སོགས་པ་ལ་ཡང་སེམས་ཡོད་པར་རྟོག་ཅིང་ངེས་པར་འཛིན་པའི་རིག་བྱེད་གསུམ་པོ་འདི་སྦངས་པའི་རིགས་སོ། །ཇི་ལྟར་ཞེ་ན། དབང་པོ་ཡོད་པའི་ཕྱིར་ཞེས་བྱ་བ་འདི་མ་ངེས་པ་ཉིད་ཡིན་ཏེ། དབང་པོ་མེད་པ་རྣམས་ལ་ཡང་སེམས་མེད་བཞིན་དུ་ཡང་ཡུལ་ལ ་ཉེ་བར་དམིགས་པ་ལྟ་བུའི་འཁྲུལ་པ་འབྱུང་སྟེ། ཇི་ལྟར་མིག་མེད་ཀྱང་རྡོ་ཁབ་ལེན་དང། ལྕགས་ཉེ་བར་གྱུར་པ་ལས་ལྕགས་འབྱང་བར་འགྱུར་བ་དང། ཁར་བའི་སྣོད་ལ་རྣ་བ་མེད་བཞིན་དུ་ཡང་སྒྲ་ཆེན་པོ་གཞན་གྲག་པ་ན་དེ་ལས་སྒྲ་བརྙན་འབྱུང་བ་དང། དུག་ལ ་རྣ་དང། ལྕེ་མེད་ཀྱང་ཁྲག་དྲིའི་རྗེས་སུ་རབ་ཏུ་རྒྱས་པར་འགྱུར་ཞིང་ཚ་དང་ཕྲད་པ་ལས་ལྦུ་བ་འབྱུང་བ་དང་དྲི་བུ་ལ་སོགས་པ་ལ་ལུས་ཀྱི་དབང་པོ་མེད་ཀྱང་སྒྲའི་རྒྱུན་འབྱུང་བ་དང། བྱི་བའི་དུག་གིས་དུས་ཆོད་ཤེས་པ་མེད་ཀྱང་ནམ་ཞོང་བྱུང་བའི་ཆ་རྒྱས་ཤིང་ལྡང་བ ་ལྟར། དེ་བཞིན་དུ་རྒུན་འབྲུ་དང་ཏྲ་པུ་ཤ་ལ་སོགས་པ་རྣམས་ལ་མིག་གི་དབང་པོ་མེད་ཀྱང་རླུང་གི་ཁམས་རྒྱས་པར་གྱུར་པ་ལས་འཁྲི་ཤིང་སྟེང་དུ་འབྱུང་བར་འགྱུར་བ་མེ་འབར་བ་བཞིན་ནོ། །སྨན་སྦྲུལ་གོ་དང་སུ་གར་རྩ་ལ་སོགས་པ་ཡང་ཆུའི་ཁམས་ཀྱིས ་རྒྱས་བར་གྱུར་པ་ལ་ཉི་མའི་འོད་ཟེར་གྱིས་ཕོག་པར་གྱུར་པ་ན་ནང་གི་ཆུ་སྐམས་པ་ན་ལུས་དང་འདབ་མ་རྒྱས་པ་དེ་ཉིད་མ་ལ་མངོན་དུ་ཕྱོགས་པར་འགྱུར་བ་མ་ཡིན་ཏེ། པགས་པ་རློན་པ་སྐམས་པ་བཞིན་ནོ། །ཆུ་ཤིང་དང་མ་དུ་ལུང་ག་ལ་སོགས་པའི ་འབྲས་བུ་འབྱུང་བ་དང། མྱ་ངན་མེད་པ་ལ་སོགས་པའི་མེ་ཏོག་ནི་རྐྱེན་དུ་མ་ཉིད་ལས་གྲུབ་པའི་འབྲས་བུ་ཡིན་པས་མཁྱུད་དཔྱད་ཀྱི་སྦྱོར་བ་ཨིན་པར་ཤེས་པར་བྱ་སྟེ། ཇི་ལྟར?་རིམས་ཉིན་གསུམ་པས་བཏབ་པ་ལ་ཐུན་འཆམས་རྣམས་སུ་པག་ཆགས་པའི ་དུམ་བུ་རེ་བྱིན་པ་ཉིན་གསུམ་དུ་བྱས་ན་ཞི་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་རེག་པས་འབུམ་པའི་ལོ་མ་ཅན་དང། ཉི་མར་གྱུར་པའི་རྗེས་སུ་འབྲང་བ་ལ་སོགས་པའི་གཏན་ཚིགས་ཀྱང་མེ་ལ་སོགས་པར་རེག་པའི་པགས་པ་རང། ་སྤུ་དང། མགོས་པ་ཤུང་པའི་བ་ལ་གོས་དང། རྩཝའི་པིར་ལ་བ་ལང་གི་ལྕི་བ་སྐམ་པོའི་ཕྱེ་མ་བཏབ་པས་ཚོན་རྩིས་བསྐུ་བར་བདེ་བ་དང། འཁྲུལ་འཁོར་དང། རྒྱུ་སྐར་དང། འཁོར་ལོ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་ཉིད་ཡིན་ལ་དུས་གཅིག ་དུ་འབྱུང་བའི་ཆུ་བུར་གྱི་ཕྲེང་བ་ལ་སོགས་པས་ཀྱང་མ་ངེས་པ་ཉིད་ཡིན་ཏེ། མེ་ཏོག་འཕྲོག་གི་ལྷ་བསྐྱོད་པར་གྱུར་པ་ལྟ་བུའོ། །སྐྱུ་རུ་རའི་ཤིང་གིས་རོ་མྱང་བ་མེད་ཀྱང། རྟན་ལ་འོ་མས་རྒྱས་པར་གྱུར་ན་འབྲས་བུ་མངར་བོར་འབྱུང་བ་ཡིན་ནོ། ། ་སྣའི་དབང་པོ་མེད་ཀྱང་དྲི་ཞིམ་པོ་འབྱུང་བ་ཡིན་ཏེ། ཆེ་དང་ལ་ལ་ཏི་སྦྱར་བ་ལས་འབྱུང་བ་བཞིན་ནོ། །དེ་བཞིན་ཡིད་ཀྱི་ཤེས་པ་མེད་ཀྱང་དུས་སུ་སྐྱེ་བ་ཉིད་ནི་སེམས་ཅན་རྣམས་ཀྱི་ལས་དགེ་པ་བདག་པོར་གྱུར་པས་ཡིན་ནོ་གཞན་ཡང་ལྗོན ་ཤིང་སེམས་དང་བཅས་པ་མིན། སྐྱོ་གནས་བཞིན་ནི་མ་བསྡུས་ཕྱིར། །དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར། །ཕག་དུམ་བཞིན་དུ་བེམས་པོ་ཡིན། ལྗོན་ཤིང་ནི་ཆོས་ཅན་ནོ། །དེ་ལ་སེམས་ཡོད་པ་མ་ཡིན་ཞེས་བྱ་བ་ནི་ཆོས་སོ། །ཆོས ་དང་ཆོས་ཅན་བསྡོམས་པ་ནི་ཕྱོགས་སོ། །སྐྱེ་གནས་བཞིས་མ་བསྡུས་པའི་ཕྱིར་ཞེས་བྱ་བ་དང། དཀྱིལ་དུ་བཅད་ཀྱང་མི་བཟོད་པ་མེད་བའི་ཕྱིར་ཞེས་བྱ་བ་གཉིས་ནི་གཏན་ཚིགས་ཏེ། སྲོག་ཆགས་རྣམས་ནི་སྐོར་ལས་སྐྱེ་བ་དང། མངལ་ནས ་སྐྱེ་བ་དང། བརྫུས་ཏེ་སྐྱེ་བ་དང། དྲོང་གཤེར་ལས་སྐྱེ་བ་ཞེས་བྱ་བའི་སྐྱེ་གནས་བཞི་ལས་སྐྱེ་ཞིང་འབྱུང་བར་མཐོང་ན་ལྗོན་ཤིང་ནི་སྐྱེ་གནས་འདི་དག་ལས་སྐྱེ་བ་མ་ཡིན་ནོ། །ཡང་གལ་ཏེ་བརྟོལ་ནས་སྟེང་དུ་སྐྱེ་ཞེས་བྱ་བ་སྐྱེ་གནས་ལྔ་པ་ཡིན་ནོ། ་ཞེ་ན་ལྗོན་ཤིང་ལ་སོགས་པ་སེམས་དང་བཅས་པ་ཡིན་ནོ། །ཞེས་ཟེར་བ་བཏགས་པ་ཉིད་ཡིན་ཏེ། །བོ་བོ་ཅག་གི་ཕྱོགས་ལ་མ་གྲུབ་བོ། །བརྟོལ་ནས་སྟེང་དུ་འབྱུང་བའི་སྐྱེ་གནས་ཅན་ཡིན་དུ་ཟིན་ཀྱང། ལྗོན་ཤིང་ལ་སོགས་པ་དག་སེམས་དང་བཅས་པ་ཉིད ་ནི་མ་ཡིན་ནོ།།ཞེས་སྒྲུབ་པར་བྱེད་པ་ཉིད་ནི་གང་སྲོག་དང་བཅས་པ་དེ་ནི་ཚོར་བ་ཡོད་པའི་ཕྱིར་ཤིན་ཏུ་གཡོ་ཞིང་མི་བཟོད་པ་ཡིན་ན་ལྗོན་ཤིང་དེ་དག་ནི་དཀྱིལ་དུ་བཅང་ཀྱང་གཡོ་བ་མེད་དེ། ཚོར་བ་མེད་པའི་ཕྱིར་རོ། །གང་དག་གང་སྐྱེ་གནས་པ་ཞིས་བསྡུས ་ཤིང། གང་དང་དཀྱིལ་དུ་བཅང་ཀྱང་གཡོ་བ་མེད་དེ། ཚོར་བ་མེད་པའི་ཕྱིར་རོ། །གང་དང་གང་སྐྱེ་གནས་བཞིན་བསྡུས་ཤིང། །གང་དང་དཀྱིལ་དུ་བཅད་པ་ན་གཡོ་འགུལ་ཡོད་པ་དེ་ནི་སེམས་དང་བཅས་པ་ཡིན་ཏེ། བེམས་པོ་ཉིད་དུ་མཚུངས་? ་པར་རྗེས་སུ་དཔག་པ་ཡིན་པས་དཔེར་ན་ཕག་དུ་ཚ་བཞིན་ཞས་བྱའོ། །དཀྱིལ་ཞེས་སྨོས་པ་རྟེའུ་སྦྲུལ་དང་ལུང་གིང་ཇུག་མ་དང། ལྷ་དང་ལྷ་མ་ཡིན་གྱི་ལུས་བཅད་པ་སྤང་བའི་ཕྱིར་རོ། །ཡང་ཚུལ་གཞན་གྱིས་གཞན་གྱི་བསམ་པ་ཉེ་བར་དགོད་པ། ་ནི། །གལ་ཏེ་སྲོག་ཆགས་རྐང་བརྒྱ་ལྟར། །རེག་ན་འཁུམས་པར་འགྱུར་བས་ན། །ས་མ་ག་དང་ཐལ་སྦྱར་ནི། །སེམས་དང་བཅས་པར་འདོད་ཅེ་ན། །ཞེས་བྱ་བ་ནི་སྨན་ས་མ་ག་ངང?་ཐལ་སྦྱར་ནི་སེམས་དང་བཅས་པ་ཡིན་ཏེ། རེག་ན་འཁུམ་པར ་འགྱུར་བ་ཡིན་པའི་ཕྱིར། སྲོག་ཆགས་རྐང་བརྒྱ་བཞིན་ནོ། །དང་བརྒྱ་ཞེས་བྱ་བའི་སྲོག་ཆགས་ཡོད་དེ། །དེ་ལ་རེག་མ་ཐག་ཏུ་འཁྱིལ་བར་འགྱུར་བ་ལྟར། དེ་བཞིན་དུ་སྨན་ས་མ་ག་དང། ཐལ་སྦྱར་ལ་ཡང་ཉི་མའི་འོད་ཀྱིས་ཕོག་ན་རྒྱས་ལ ་ཆེག་ན་འཁུམས་པར་འགྱུར་པ་ཡིན་པར་དེའི་ཕྱིར། སེམས་དང་བཅས་པ་ཡིན་ནོ་ཞེ་ན། མེ་ཡི་རེག་པའ་སྐྲ་སོགས་དང། །སྐྲ་ལ་ཚ་ལ་བྱེས་བླུགས་པ་ཡི། །ཁྱད་པར་དེ་དག་ཉིད་ཀྱིས་ཀྱང། །འདི་ནི་མ་ངེས་པ་ཉིད་ཡིན། །སྐྲ་ནི་སེམས་དང་བཅས་པའི་ལུས ་ལ་སྐྱེས་པ་ཡིན་ན་ཡང་དེ་ལྟ་ན་ཡང་སེམས་དང་བཅས་པ་མ་ཡིན་ཏེ། དེས་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མི་མྱོང་བའི་ཕྱིར་རོ། །དེ་ལ་མེས་རེག་པར་གྱུར་པ་ན་ཡང་འཁུམས་པར་འགྱུར་ལ། ཚལ་གྱི་ཕྱེ་མས་ཁྱབ་པར་བྱས་པ ་ན་ཡང་འཁུམ་པར་འགྱུར་དུ་ཟིན་ཀྱང། འཁུམ?་པ་རྩམ་གྱི་སྐྲ་རྣམས་སེམས་དང་བཅས་པ་ཉིད་ཡིན་པར་ནི་ངེས་པར་བྱ་བར་མི་ནུས་པ་ལྟར། །དེ་བཞིན་དུ་སྨན་ཐལ་སྦྱར་ལ་སོགས་བ་རྣམས་ཀྱང་རླུང་གི་ཁམས་ལྷག་བང་ཡོད་པ་ལས་འཁུམ ་བ་དང་རྒྱས་པར་འགྱུར་ཏེ། ཉི་མའི་འོད་ཟེར་གྱིས་རེག་བས་པདྨ་ལ་སོགས་པའི་མེ་ཏོག་རྒྱས་པར་འབྱུང་བ་བཞིན་ནོ། ཞེས་དཔྱད་པར་བྱ་བ་ཡིན་ཏེ། ཅི་འཁུམ་པར་འགྱུར་བའི་ཕྱིར་སྲོག་ཆགས་རྐང་བརྒྱ་ལ་སོགས་པ་བཞིན་དུ་ལྗོན་ཤིང ་རྣམས་སེམས་དང་བཅས་པ་ཉིད་གཅིག་ཡིན་ནམ། འོན་ཏེ་མེས་རེག་བ་ན་སྐྲ་འཁུམ་བ་བཞིན་དུ་ཤིང་རྣམས་སེམས་མེད་པ་ཉིད་གཅིག་ཡིན་ཞེས་བྱ་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་ལྗོན་ཤིང་རྣམས་ནི་སེམས་དང་བཅས ་པ་ཉིད་ཡིན་ཏེ། ཚེའི་དབྱེ་བ་དང་ནད་གསོ་བ་ལ་སོགས་པའི་བྱ་བའི་མན་ངག་ཉེ་བར་བསྟན་བའི་ཕྱིར་རོ། །སེམས་མེད་པས་རྡོ་ལ་སོགས་བ་རྣམས་ལ་ནི་གསོ་བའི་ཐབས་གང་དུ་ཡང་མ་མཐོང་ལ། ལྗོན་ཤིང་རྣམས་བ་ནི་གཙ་བ་གཅད་པ་ལ་སོགས་བ ་བསྟན་པ་ཡོད་པས་དེའི་ཕྱིར། སེམས་དང་བཅས་པ་ཡིན་ཏེ། མེ་བཞིན་ནོ་ཞེ་ན། འདི་སྐད་བརྗོད་བར་བྱ་སྟེ། ནད་གསོ་བ་ཞེས་བྱ་བ་ནི་སེམས་དང་བཅས་པའི་ལུས་ཀྱི་ཆོས་ཡིན་པའི་ཕྱིར། སེམས་མེད་པ་རྣམས་ལ་དེ་མ་གྲུབ་བས་གཏན ་ཚིགས་གྱི་དོན་མ་གབ་པ་ཉིད་ཡིན་ཏེ། འབྱུང་བའི་འགྱུར་བ་ལྡོག་པ་ཉིད་ཙམ་འདིར་མངོན་སུམ་དུ་གྱུར་བ་ལ། དེ་དག་ཀྱང་སེམས་དང་བཅས་པ་ལྟ་བུར་མཐོང་བའི་ཆད་དང། བློ་རྩི་དང། མཚོན་ཆ་ལ་སོགས་པ་རྣམས་མ་དེས་པ ་ཉིད་ཀྱིས་མ་ངེས་པ་ཉིད་ཡིན་ནོ། །དེ་བཞིན་དུ་གཡོ་བ་ཡོད་པས་ཤིང་རྣམས་ནི། །སེམས་དང་བཅས་པར་མི་འགྲུབ་སྟེ། །ཆང་ལ་སོགས་པ་ཉམས་པ་དག། ལྡོག་བ་ཡོད་པས་ཐེ་ཚོམ་འགྱུར། །ཞེས་བྱ་བ་སྨས་ཏོ། ཆང་དག་ནུས་པ་ཉམས་པར་གྱུར་པ་ལས ་ཡང་འདུས་བྱས་པའི་ཁྱད་པར་གྱི་ནུས་པ་དང་ལྡན་པར་འགྱུར་བ་འམ། གསེར་ལ་སོགས་པ་རྣམས་ཀྱང་དྲི་མ་དང་ལྷན་ཅིག་འབྱུང་བས་དྲི་མ་ཅན་དུ་གྱུར་པ་ལ་ཡང། འདུས་བྱས་པ་ལས་དག་པར་གྱུར་ཅིང་ལྕི་བ་ཉིད་ལ་སོགས་པར་འགྱུར་བས་གསོ་པ་ཡོད ་པའི་ཕྱིར། ཞེས་བྱ་བ་འདིས་ཐེ་ཚོམ་དུ་འགྱུར་བ་ཡིན་ཏེ། ཅི་གསོ་བ་ཡོད་པའི་ཕྱིར། མི་ལ་སོགས་པ་བཞིན་བུ་སེམས་དང་བཅས་པ་ཡིན་ནམ། འོན་ཏེ་གསོ་བ་ཡོད་པའི་ཕྱིར་ཉམས་པར་གྱུར་པའི་ཆང་ལྡོག་པར་འགྱུར་བ་བཞིན་དུ་སེམས་མེད་པ ་ཉིད་ཡིན་ཞེས་བྱ་བས་འདི་ལྟར་སེམས་དང་བཅས་པ་ཉིད་དུ་མ་གྲུབ་པ་ཉིད་ཡིན་ནོ། །ཡང་ཕྱོགས་སྔ་མ་པས་ཉེ་བར་བཟློག་པའི་ཕྱིར་གཞན་སྨྲས་པ། མཐུན་པ་ལས་སྐྱེ་འཕེལ་འགུར་ཨང། །སྡང་སེམས་དུས་ལྷན་སྐྱེ་བའི་ཕྱིར། །དེ་བཞིན་གཉིད ་ལོག་སྨྱོ་བའི་ཕྱིར། །སེམས་ཡོད་ལྟ་སོགས་བཞིན་དུ་འདོད། །ཇི་ལྟར་རྟ་ལས་རྟ་སྐྱེའི་བ་ལང་ནི་མ་ཡིན་ནོ། །དེ་བཞིན་དུ་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་འབྱུང་ག་།འབྲས་ཁར་བའི་མྱུ་གུ་ནི་མ་ཡིན་ཏེ། འདི་ལྟ་བུ་ན་མཐུན་པ་ལས་སྐྱེ་པའོ། ། ་ཇི་ལྟར་རྟེའུ་དང། གཞོན་ནུ་དང། རྦན་པོའི་གནས་སྐབས་ཀྱི་དབྱེ་བས་རྟག་དག་འཕེལ་བར་འགྱུར་བ་བཞིན་དུ། ལྗོན་ཤིང་ཡང་མྱུ་གུ་དང་།སྡོང་བུ་དང། སྡོང་བོ་དང། ཡལ་གོ་དང། ལོ་མ་དང། མེ་ཏོག་དང། འབྲས་བུ་རིམ་གྱི་འཕེལ ་བར?་འགྱུར་ཏེ། འདི་ལྟ་བུ་ནི་འཕེལ་བའོ། །གནོད་པར་བྱ་བའི་བསམ་པ་གང་ལ་ཡོད་པ་ནི་སྡང་སེམས་ཉིད་དང། དུག་གི་ཤིང་ལ་སོགས་པ་རྣམས་ཀྱི་སྲོག་འཇོམས་པར་བྱེད་པའི་ཕྱིར་འདི་ལ། སྣ་བའི་སེམས་ཡོད་དོ། །ཞེས་ཤེས་པར་བྱ་བ ་ཡིན་ནོ། །ཇི་ལྟར་བ་ལང་དང་རྟ་ལ་སོགས་པ་ནི་དཀྱིད་ཀྱིས་དུས་ལ་སོགས་པ་དག་ལས་སྐྱེ་བར་འགྱུར་ལ། ཁྱི་ནི་སྟོན་གྱི་དུས་སུ་སྐྱེ་བ་ལྟ་རེ་དེ་བཞིན་དུ་ལྗོན?་ཤིང་ཡང་དཔྱིད་དང་དཔྱད་གྱི་དུས་དང་ལྡན་པ་ལས་སྐྱེ་བའོ། །ལྗོན་ཤིང ་གི་ཚེའི་དབྱེ་བ་ལས་འདི་ལྟར། གཉིད་ལོག་པའམ་མྱོས་པའི་དུས་སུ་བསྐྱེད་དོ་ཞེས་འབྱུང་སྟེ། ?་རྒུན་གྱི་དུས་སུ་ནི་གཉིད་ལོག་གོ་།དབྱར་གྱི་དུས་སུ་ནི་སྨྱོ་བ་ཡིན་ཏེ། ཇི་ལྟར་རྐྱང་ལ་སོགས་པ་གཉིད་ལོག་པ་བཞིན་ནོ་ཞེ་ན། འདིའི་ལན་ནི་ལྡོག་པ་བྱུ་རུ ་བཻཌཱུརྱཱ། །རིན་ཆེན་གསེར་གྱི་མྱུག་སོགས་ཀྱི། །ཤིང་རྣམས་སེམས་དང་བཅས་པར་ནི། །འདི་ལྟར་མ་ངེས་པ་ཉིད་ཡིན། །འདིར་མཐུན་པ་ལས་བྱུང་བ་ཞེས་བྱ་བའི་དཔེར་སྐྲ་ཉེ་བར་དགོད་དེ། སྐྲ་བྲགས་པ་ན་སྐྲ་ཉིད་ལས་ཡང་སྐྱེ་བར་ཡང་འགྱུར་ཡང ་དེ་སེམས་དད་བཅས་བ་ནི་མ་ཡིན་པ་བཞིན་ནོ། །འཕེལ་བར་འགྱུར་བ་ཡང་འདི་ལྟར་སྐྲ་དང་སེམས་མོ་དང། སེན་འདབ་པའི་ཚད་དང། ཀུན་དེའི་འབྲས་བུ་བཅད་པ་དང་བཻཌཱུརྱ་དང། གསེར་གྱི་མྱུ་གུ་དང། གྲོག་མཁར་གྱི་ས་དང་།ལྷོག་པ་དང། བྱུ་རུ ་ལ་སོགས་པ་འདི་དག་ཐམས་ཅད་ནི་དཔེ་སྟེ། འདི་དག་ཐམས་ཅད་ཀྱང་འཕེལ་བར་འགྱུར་བ་ཡིན་ན་ཡང་སེམས་དང་བཅས་པ་ནི་མ་ཡིན་པ་བཞིན་ནོ། །གལ་ཏེ་ལྷོག་པ་ཡང་སེམས་དང་བཅས་པ་ཡིན་ཏེ། སེམས་དད་བཅས་པའི་ལུས ་ལས་བྱུང་བའི་ཕྱིར་རོ། །ད་ལ་ཐ་དད་པའི་སེམས་ནི་ཡོད་པ་མ་ཡིན་ནོ། །རིན་པོ་ཆེ་དང་གསེར་གྱི་མྱུ་གུ་ལ་སོགས་པ་རྣམས་ཆུ་འཛིན་གྱི་སྒྲ་སྒྲོགས་པའི་དུས་སུ་སྐྱེ་བར་འགྱུར་བ་ནི་འདུས་སུ་སྐྱེ་བའི་དཔེ་ཉིད་ཡིན་ནོ། །ལྗོན་ཤིང་རྣམས ་དབུན་གྱི་དུས་སུ་གཉེད་ལོག་པ་ནི་མ་ཡིན་ཏེ། འོན་ཀྱང་མེའི་ཁམས་ཉམས་ཤིང་ཡོངས་སུ་སྨིན་པར་གྱུར་པ་ལས་ལོ་མ་དང་འབྲས་བུ་བསགས་པ་ལྷག་པར་གྱུར་པ་ཡིན་ལ། །དེའི་ཚེ་དེའི་ནང་གི་བུ་བ་རྣམས་རིམ་གྱིས་སྐམས་ཤིང་མེད་པ་འགྱུར ་ཡིན་ནོ། །རང་གི་གནས་དང་ས་གཞན་དག་ཀྱང་ཉི་མའི་འོད་ཟེར་གྱིས་སྐམས་ཤིང་གདུངས་པ་ལས་རིམ་གྱིས་འཕེལ་ཞིང་རྒྱས་པར་འགྱུར་རོ། །དཔྱད་གྱི་དུས་སུ་ནི་ཆུ་ཤིན་ཏུ་མང་བར་གྱུར་པས་སྐམ་པར་མི་འགྱུར་ཞིང་རང་དང་གཞན་གྱིས་འཕེལ་བ་ཉིད་དོ། ་ཀྱི་སྨྱོ་པ་ཡིན་ནོ། །གང་ཡང་འབྲས་བུ་ཁར་མའི་ས་བོན་དང། བུར་ཤིང་གི་མྱུ་གུ་ལ་སོགས་པ་ཡང་སོས་ཀའི་དུས་སུ་ཆུ་དང་བཅས་པ་ལ་བསྐྲུན་ན་འཕེལ་བར་འགྱུར་བ་ཡིན་ཡང་དེ་དག་གཉིད་ལོག་པ་འམ། སྨྱོ་བར་གྱུར་པ་ནི་མ་ཡིན་ནོ། །གཞན་ཡང་འཁུཾ ་ཤིང་མི་བསྐྱེད་པ་གཉིད་ལོག་པར་འདོད་པ་དེ་ཡང་ནས་ལ་སོགས་པའི་ཡི་ཏོག་སྨིན་པ་དང། སྨན་ཡི་དེ་དང། འབའ་སན་ཏི་དང། འབྲི་ཏ་ཀ་ར་ལ་སོགས་པ་ནི་དཔྱིད་ཀྱི་དུས་སུ་མེ་ཏོག་རྒྱས་པར་འགྱུར་ལ། བིལ་བའི་འབྲས་བུ་འཕེལ་བ་དང། སྒྱུར་རྩི ་ཆེན་པོ་དང་ས་བོན་གྱི་སྣོད་ལ་སོགས་པའི་འབྲས་བུ་རྣམས་དགུན་གྱི་དུས་སུ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བཞིན་དུ་ནགས་དང་འགལ་བ་ཞེས་བྱ་བའི་ཤིང་གི་མྱུ་གུ་དང། ཡལ་ག་དང་ལོ་མ་དང། མེ་ཏོག་དང། འབྲས་བུ་ཡང་དུས་དེར་སྨིན་པར ་འགྱུར་བས་གཅིག་ནི་གཉིད་ལོག་པ་ཡིན་ནམ་ཞེས་བྱ་བ་དང། ཡང་དེ་ལ་མཐུན་པ་ལས་སྐྱེ་བ་ཡིན་པས་ནི་སྐྲ་ལ་སོགས་པ་བཞིན་དུ་སེམས་མེད་པ་པ་ཉིད་གཅིག་ཡིན་ནམ། འོན་ཏེ་རྟ་ལ་སོགས་བ་བཞིན་དུ་སེམས་དང་ལྡན་པར་འགྱུར་ཞེས་བྱ་བ ་དང་བདེ?་བཞིན་དུ་འཕེལ་བར་འགྱུར་བ་ཡིན་པས་ལྷེག་པ་དང། བྱུ་རུལ་སོཌ་པ་བཞིན་དུ་སེཾས་དང་མི་ལྡན་པ་ཞིག་ཡིན་ནཾ། འོན་ཏེ་འཕེལ་བར་འགྱུར་བས་པ་ལང་ལ་སོགས་པ་བཞིན་དུ་སེམས་དང་བཅས་པ་ཉིད་གཅིག་ཡིན་ཞེས་བྱ་བ་དེ་ལྟར་མ་ངེས་པ་ཉིད་ཡིན་པའི ་ཕྱིར། སེམས་དང་བཅས་པ་ཉིད་དུ་མ་གྲུབ་པོ། །གཞན་ཡང། འདི་དག་ལ་ནི་སེམས་མེད་ཕྱིར། །སྡང་སེམས་ཞེས་བྱ་བ་གྲུབ་ཉིད། །གཏན་ཚིགས་དོན་ཡང་མི་འགྲུབ་སྟེ། །ལྷོགས?་པ་སོགས་ཀྱི་མ་ངེས་ཉིད། །སེམས་དང་ལྡན་ན་ནི་གཉིད་ལོག ་པ་དང། ལྡང་པའི་སེམས་ཀྱང་འབྱུང་བར་རིགས་ཀྱི་སེམས་མེད་པ་ལ་ནི་མ་ཡིན་པས་དེས་ན་སྡང་བའི་སེམས་དད་གཉིད་ལོག་པ་ཞེས་བྱ་བའི་གཏན་ཚིགས་གཉིས་ནི་གཞན་ཁོ་བོ་ཅག་ལ་ཡེ་མ་གྲུབ་པ་ཡིན་ནོ། །ལོ་མ་འཁུམ ་པ་དང། མེ་ཏོག་དང་འབྲས་བུ་འབྱུང་བ་ཞེས་བྱ་བ་དེ་ཡང་སེམས་མེད་པའི་འབྱུང་བ་གཞན་དག་ལ་ཡང་མཐོང་བ་ཡིན་ཏེ། དཔེར་ན་ཁ་བ་དང། ཟླ་བ་དང། ཉི་མ་དང། རིན་པོ་ཆེ་དང། རྡོ་ཁབ་ལེན་དང། ཉེ་བར་གྲུབ་པ་ལས་རྩོ་དང། ལོ་མ་དང། ་ཆུ་ཤེལ་དང། མེ་ཤེལ་དང། ཆུ་ལས་འཁུམ་པ་དང། རྒྱས་པ་དང། ཆུ་དང་མེ་འབྱུང་བ་དང། ལྕགས་གཡོ་བར་འགྱུར་བ་ལ་སོགས་པ་འབྱུང་ངོ། །མཐུན་པ་ལས་སྐྱེ་བ་ལ་སོགས་པའི་གཏན་ཚིགས་གཞན་གསུམ་ནི་མཛེ་ནད་ལ་སོགས ་བ་དག་གིས་མ་ངེས་པ་ཉིད་ཡིན་ཏེ། ཇི་ལྟར་ལུས་ཀྱི་ཕྱོགས་གཅིག་ཏུ་བྱུང་པའི་མཛེ་ནད་ཉིད་ལུས་ཀྱི་ཕྱོགས་ཐམས་ཅད་དུ་རིམ་གྱིས་སྐྱེ་བར་འགྱུར་བ་དང། ཟ་འཕྲུག་ཟ་འཕྲུག་ཉིད་འབྱུང་བ་མཐུན་པ་ལས་སྐྱེ་བ་དེ་དག་ཉིད་ཀྱིས་གཏན ་ཚིགས་མ་ངེས་པ་ཉིད་ཡིན་ཏེ། ཅི་མཐུན་པ་ལས་སྐྱེ་པ་ཡིན་པའི་ཕྱིར། རྟ་ལ་སོགས་པ་བཞིན་དུ་ཤིང་རྣམས་སེམས་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་མཛེ་ནད་ལ་སོགས་པ་བཞིན་དུ་སེམས་མེད་པ་ཉིད་གཅིག་ཡིན་ཞེས་བྱ་བ་ལ ་སོགས་པ་ཡིན་ནོ། །དེ་བཞིན་དུ་ལྷོག་རྒལ་ལ་སོགས་པ་དང་པོ་ནི་ཆུང་དུན་དུ་སྐྲང་ལ། ཕྱིས་དེ་བས་ཆེར་འགྱུར་ཞིང་ཉི་མ་གཞན་དག་ལ་དེ་བས་ཀྱང་ཤིན་ཏུ་ཆེ་པར་འགྱུར་བས་དེ་བས་ན། འཕེལ་བར་འགྱུར་བ་ཞེས་བྱ་བའི་གཏན་ཚིགས་འདི ་ནི་མ་ངེས་པ་ཉིད་ཡིན་ཏེ། འཕེལ་པར་འགྱུར་བ་ཉིད་ཡིན་པའི་ཕྱིར། ཅི་བ་ལང་ལ་སོགས་པ་བཞིན་དུ་སེམས་དང་བཅས་པ་ཞིག་ཡིན་ནམ། འོན་ཏེ་ལྷོག་པ་ལ་སོགས་མ། བཞིན་དུ་སེམས་མེད་པ་ཞིག་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ་དེ་བཞིན་དུ་སྟོན་ཞེས་བྱ་བ་དང། དབྱར་དང། དཔྱིད་ཀྱི་དུས་རྣམས་ལ་མཁྲིས་པ་དང། རླུང་དང། བད་ཀན་རྣམས་སྐྱེ་བར་འགྱུར་ཞེས་བྱ་བས་ཅི་དུས་སུ་སྐྱེ་པ་ཡིན་པའི་ཕྱིར་མཁྲིས་པ་དང། རླུང་དང། བད་ཀན་བཞིན་དུ་སེམས་མེད་པ་ཞིག་ཡིན་ནམ། འོན་ཏེ་རྟ ་ལ་སོགས་པ་བཞིན་དུ་སེམས་དང་བཅས་པ་ཞིག་ཡིན་ཞེས་བྱ་བས་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་སངས་རྒྱས་པ་ཤིང་རྣམས་ལ་སེམས་མེད་པར་འདོད་ན་འདི་རྣམས་གང་ལས་ནི་འབྱུང་བར་འགྱུར། འགྱུར་བ་ཉིད་ཡིན་ཞེ་ན། དེ་ལ་སེམས་ཅན་རྣམས་ཀྱི་ལས་དབང ་ནི་ཕན་པ་བྱེད་པར་འགྱུར་བ་ཡིན་།ཇི་ལྟར་ན་དུས་སུ་སྐྱེ་བར་འགྱུར་བ་ཉིད་ཡིན་ཞེ་ན། དེ་ལ་སེམས་ཅན་རྣམས་ཀྱི་ལས་དབང་གིས། །རྩ་བས་འབྱུང་བ་དུས་སུ་སྐྱེ། །དམྱལ་བ་དང་ནི་མཐོ་རིས་ཀྱི། །མཚོན་དང་དཔག་བསམ་ཤིང་བཞིན་ནོ། །ཞེས་བྱ་བ་སྨྲས་ཏེ། སྣོད་ཀྱི ་འཇིག་རྟེན་མ་ལུས་པ་ནི་སེམས་ཅན་གྱི་ལས་བདག་པོར་གྱུར་པ་ཉིད་ལས་ཀུན་ཏུ་འབྱུང་བ་ཡིན་ནོ། །ཁྱད་པར་དུ་དམྱལ་བ་རྣམས་ཀྱི་ལས་ངན་པ་བྱས་པ་བདག་པོར་གྱུར་པ་ལས་རལ་གྲི་ལོ་མའི་ནགས་ཚལ་དང། ཤལ་མ་རིའི་སྡོང་པོ་ལ་སོགས་པས ་གཅོད་པ་དང། འབིགས་པ་དང། གཤེག་པར་བྱེད་པ་ལ་སོགས་པ་འབྱུང་བ་ཡིན་ནོ། །མཐོ་རིས་ཀྱི་འཇིག་རྟེན་གྱི་ལས་བཟང་པོ་བྱས་པའི་རྒྱུ་ལས་ནི་དཔག་བསམ་གི་ཤིང་ལས་གོས་དང། ཟས་དང་ཉེ་བར་སྤྱད་པ་དང། བདེ་བའི་འབྱོར་པ་སྦྱིན་པར་བྱེད ་པ་འབྱུང་བ་ཡིན་ནོ། །དེ་བཞིན་དུ་མིའི་འཇིག་རྟེན་ལ་ཡང་ཚེར་མ་དང་དུག་གི་ཤིང་ལ་སོགས་པ་འཚོ་བ་ལ་གནོད་པར་བྱེད་པ་དག་ཀྱང་སྡིག་པའི་ལས་བདག་པོར་གྱུར་པ་ལས་བྱུང་བ་ཡིན་ལ། ཙམ་པ་ཀ་དང། ཨ་ཤོ་ཀ་དང། པདྨ་དང། ཨུད་པ་ལ་དང། ་ཨསྨྲ་དང། པ་ན་ས་དང། ན་ལི་ཀེར་ལ་སོགས་པ་རྣམས་སེམས་མེད་ཀྱང་དགེ་པའི་ལས་ཀྱི་རྒྱུ་ལས་ཕན་པ་དང། བདེ་བ་སྦྱིན་པར་བྱེད་པ་ཡིན་ཏེ། གསེར་དང། དངུལ་དང། ཤེས་དང། བཻཌཱུརྱ་ལ་སོགས་པའི་རིན་པོ་ཆེ་བཞིན་ནོ། །འདི་དག་གི་དུས་སུ ་སྐྱེ་བ་ཉིད་ཀྱང་ལས་ཉིད་ཀྱིས་བསྐྱེད་པ་ཡིན་ཏེ། དུས་ཇི་ལྟ་བཞིན་དུ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེས་ན་འདི་དག་ལ་སེམས་མེད་པས་ཉེ་བར་སྤྱད་པར་བྱ་བ་ཡིན་པ་ལ་སྐྱོན་མེད་དོ། །ཡང་སེམས་དང་བཅས་པ་ཉིད་གཅིག་ཡིན་ནོ ་ནི་འབྲས་ཅན་དང། ཕྱེ་དང་མེ་ཏོག་དང། འབྲས་བུ་དང། ལོ་མ་ལ་སོགས་པ་ཟོས་ན་ཡང་སེམས་ཅན་གྱི་ཤ་ཟོས་པ་འགྱུར་བ་ཡིན་ལ། ཏིལ་གྱི་ཏིལ་མར་དང། བུར་ཤིང་གི་ཁུ་བ་ལ་སོགས་པ་འཐུང་ན་ཡང་སྲོག་ཆགས་ཀྱི་ལུས་ལས་བྱུང་བའི་ཁྲག ་འཐུངས་པ་ཡིན་པས་དེས་ན་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་སྡིག་པ་ཆེན་པོ་བྱས་པར་འགྱུར་རོ། །གཞན་ཡང་འཚེ་བ་མེད་པ་ཆོས་ཀྱི་མཆོག་ཅེས་བསྟན་པ་འབྱུང་བས་དེས་ན་ཁ་ཟས་ཀྱི་བྱ་བ་ལ་རྟག་ཏུ་སྤྱོད་པ་ན་འཚེ་བ་ལ་འཇུག་པ་ཉིད་དུ་འགྱུར་པའི ་ཕྱིར་ཆོས་ཀྱང་ག་ལ་ཡོད་དེ། འཁོར་བ་ལས་ཇི་ལྟར་གྲོལ་བར་འགྱུར་ཏེ། ཐར་པ་འདོད་པ་རྣམས་ཟད་མ་ཟོས་ན་ནི་འཆི་བར་འགྱུར་ལ། ཟོས་ན་ནི་སྲོག་ཆགས་ལ་གནོད་པར་འགྱུར་བས་ཆོས་ཉམས་པར་འགྱུར་རོ། །དེས་ན་ལྗོན་ཤིང་ལ་སེམས ་ཡོད་པར་རྟོག་པ་འདིས་ནི་བདག་ཉིད་ལ་གནོད་པ་བྱེད་པ་ཡིན་ནོ། །དེ་ཡང་སྔོན་གྱི་སློབ་དཔོན་དག་གིས་འདི་སྐད་དུ། ཚེ་དང་དྲོང་དང་རྣམ་ཤེས་དང། །གཡོ་བ་ཞེས་བྱ་སོ་སོའི་ཞིང། །ཆོས་འདི་གང་ལ་དམིགས་གྱུར་པ། །དེ་ལ་འཚོ་བ་ཞེས་བྱའོ། ། ་དྲོའོ?་མེད་གཡོ་བ་མེད་ཉིད་དང། །ཐོས་ལ་སོགས་པར་མི་འགྱུར་དང། །སྒྲ་ལ་སོགས་པ་རྟོག་མེད་ནི། །སེམས་ཅན་མ་ཡིན་བསྟན་པ་ཉིད། །དགེ་བ་དང་ནི་མི་དགེའི་ལམ། །སེམས་ཡོད་རྣམས་ལ་འབྱུང་འགྱུར་གྱི། །བསྟན་པ་རྣམས་ལ་དེ་མེད་པར། །དེས ་ནི་ཤིང་རྣམས་སེམས་མེད་ཡིན། །འདོད་དང་ཞེ་སྡང་དང་བྲལ་ཞིང། །ལུས་ལ་ངལ་བ་མེད་པ་དང། །རིགས་དང་མི་རིགས་ལས་གྲོལ་པས། །དེས་ན་ཤིང་ལ་སེམས་པ་མེད། །སྲོག་ནི་འབྱུང་འཇུག་བྱེད་བཙུམས་སོགས། །ལུས་ཀྱི་ཕྱི་རོལ་བྱ་བ་རྣམS། ་བསྟན་པ་རྣམས་ལམ་མཐོང་བས། །དེས་ན་ཤིང་ལ་སེམས་པ་མེད། །ཅེས་བྱ་བ་ལ་སོགས་པ་འབྱུང་པ་ཡིན་ནོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། བམ་པོ་ཉི་ཤུ་བདུན་པ་སྟེ་ཐ་མའོ་།ཡང་སྤྱོད་པ་པའི་རྒོལ་བ་གཞན་བསྟན ་པའི་ཕྱིར་སྨྲས་པ། ལམ་གསུམ་ཇི་བཞིན་དོན་ལྡན་ཡིན། །ཚངས་པས་བསྟན་ཕྱིར་སྨན་དཔྱད་བཞིན། །འདས་དང་མ་འོངས་མཁྱེན་པའོ། །དེས་བསྟན་བསྒྲུབ་བྱ་ཡིན་ཞེ་ན། ལམ་གསུམ་ནི་ཆོས་ཅན་ནོ། །དོན་ཇི་ལྟ་བ་བཞིན་ཡིན་ཏེ། ཞེས་བྱ་བ་ནི་དེའི་ཆོས་སོ། །ཚངས ་པས་བསྟན་པ་ཡིན་པའི་ཕྱིར། འདས་པ་དང་མ་འདོས་པ་མཁྱེན་པའི་ཐུབ་པས་བསྟན་པའི་ཕྱིར་ཞེས་བྱ་བ་གཉིས་ནི་གཏན་ཚིགས་ཏེ། གང་དང་གང་ཚངས་པས་བསྟན་པའམ། འདས་པ་དང་མ་འདོས་པ་མཁྱེན་པས་བསྟན་པ་གང་ཡིན་པ་དེ་དང་དེ་ནི་དོན ་ཇི་ལྟ་བ་བཞིན་ཏེ། དཔེར་ན་སྨན་དཔྱད་བཞིན་ནོ། །ཞེས་བྱ་བ་ནི་དཔེ་ཡིན་ནོ། །ཞེན་དེ་ལ་འདི་ལྟར་། ཚངས་སྨྲས་ཞེས་བྱའི་གཏན་ཚིགས་དག། སྐྱེད་བྱེད་སོགས་ཀྱི་སྨྲས་པ་ནི། །ཉེས་པར་བཏགས་པར་བསྒྲུབ་པའི་ཕྱིར། །དེས་ན་ཁྱོད་ཀྱིས་འདི་མ་ངེས།། ་བསྐྱེད་པར་བྱེད་པས་ན་སྐྱེ་བྱེད་དེ། །འཇིག་རྟེན་གསུམ་གྱི་བསྐྱེད་པ་པོའོ། །གང་དག་ལ་བསྐྱེད་པ་པོ་དང་པོ་ན་ཡོད་པ་ནི་པ་ནི་ཇི་སྐད་བསྟན་པའི་རིགས་པས་བདག་གིས་བསྒྲུབས་པའོ། །དེས་དགེ་བ་ལ་སོགས་པ་ཉོ་ཞིང་བཙོང་བ་རྣམས་སོ། །ཉེས་པར་བཏགས ་པ་ནི་མི་ཤེས་པས་སོ། །བསྐྱེད་བྱེད་ལ་སོགས་པ་རྣམས་ཀྱིས་སྨྲས་པ་ནི་ཇི་སྐད་བསྟན་པའི་རིགས་པས་བདག་གིས་བསྒྲུབས་པའོ། །དེས་ན་བསྐྱེད་བྱེད་སོགས་ཀྱི་སྨྲས་པ་ནི་ཉེས་པར་བཏགས་པར་བསྒྲུབས་པའི་ཕྱིར། ཞེས་བྱ་བ་སྟེ། དེས་ན་ཚངས ་པས་བསྟན་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་ནི་མ་དེས་པ་ཉིད་ཡིན་ཏེ། ཇི་ལྟར་ཚངས་པས་བསྟན་པ་ཡིན་པའི་ཕྱིར། སྨན་དཔྱད་ལ་སོགས་པ་བཞིན་དུ་ཅི་ལམ་གསུམ་པོ་འདི་བདེན་པ་ཉིད་གཅིག་ཡིན་ནམ། འོན་ཏེ་སྐྱེད་བྱེད་ལ་སོགས ་པས་སྨྲས་པ། ཉེས་པར་བཏགས་པ་མ་བསྒྲུབས་པ་བཞིན་དུ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཞེས་བྱ་བས་མ་ངེས་པ་ཉིད་ཡིན། གལ་ཏེ་ཡང་སྨན་དཔྱད་བསྟན་པ་བཞིན་དུ་བསྐྱེད་ཀྱིས་ཇི་ལྟ་བ་བཞིན་དུ་དོན་ཇི་ལྟ་བ་བཞིན་དུ་? ་ཡིན་ནོ། །ཞེས་སྨྲ་བར་བྱེད་ན་དེ་ལ་འདི་སྐད་ཅེས་བརྗོད་བར་བྱ་སྟེ། འགའ་ཞིག་དོན་བཞིན་མཐོང་བ་ཡི། །ཀུན་ཏུ་དོན་བཞིན་མ་ཡིན་ཏེ། །གནག་རྫི་སྨྱོན་པའི་ཚིགས་རྣམས་ནི། །ཀུན་ཏུ་ཇི་བཞིན་དོན་མིན་བཞིན། །དེ་ཁོ་ན་ཉིད་མཐོང་བ་རྣམས་ལ ་ནི་ཇི་ལྟ་བ་བཞིན་གྱི་དོན་དང་ལྡན་པ་ཡིན་ནོ་ཞེས་ཚུལ་འདི་རིགས་ཀྱི། ཚངས་པ་ནི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་པར་སྔར་རབ་ཏུ་བསྒྲུབས་པས་དེའི་ཚིག་ནི་ལ་ལ་ནི་དོན་ཇི་ལྟ་བ་བཞིན་དུ་འབྱུང་ལ། ལ་ལ་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཤེས་པར ་བྱ་སྟེ། ཇི་ལྟར་བ་ལང་རྫིའི་ཚིག་རྣམས་སམ། སྨྱོན་པ་ལ་སོགས་པའི་ཚིག་ལ་ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་པ་ལ་།ལ་ལ་ནི་མ་ཡིན་པ་བཞིན་ནོ། །གང་ཡང་འདས་པ་དང་མ་འོངས་པ་ཤེས་པ་བསྟན་པ་ཡིན་པའི་ཕྱིར། ཞེས་བྱ་བ་འདི ་ཡང་འདས་དང་མ་འོངས་ཤེས་པ་ཉིད། །ཡི་དགས་ལ་སོགས་ལ་ཡང་ཡོད། །དེ་ཡིས་སྨྲས་པ་ཐམས་ཅད་མིན། །དེ་ཕྱིར་གཏན་ཚིགས་དཔྱད་བྱ་ཡིན། །ཡི་དགས་དང། སྲིན་བོ་དང། གནོད་སྦྱིན་ལ་སོགས་པ་རྣམས་ཀྱིས་ཀྱང ་འདས་པ་དང། མ་འོངས་པ་ཅུང་ཞིག་ཤེས་པ་ཡིན་གྱི། ཐམས་ཅད་ནི་མ་ཡིན་ཏེ་བྱ་རྒོད་ཀྱི་ས་ཤི་བའི་རོ་ཤེས་པ་དང། །ཐ་དད། གྲོག་མ་ལ་སོགས་པས་ཆར་འབབ་པ་ཤེས་པ་ལྟར། དེ་བཞིན་དུ་ཨ་ཏྲེ་དང། རྒྱས་པ་ལ་སོགས་པའི ་ཐུབ་པ་རྣམས་ཀྱིས་ཀྱང་གང་འགའ་ཞིག་ཤེས་པ་ཡིན་གྱི། ཐད་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་གི་སྨྲས་པ། ཐཾས་ཅད་རིགས་པ་དང་ལྡན་པ་མ་ཡིན་པས་དཔྱད་པར་བྱ་བ་ཡིན་ཏེ་།ཅི་འདས་བ་དང་།མ་འོངས་པ་ཤེས་པའི་ཐུབ་པ་རྣམས་ཀྱི་ཆིག་བཞིན་དུ། ལམ་གསུམ་པོ ་འདི་དོན་ཇི་ལྟ་བ་བཞིན་ཡིན་ནམ། འོ་ན་ཏེ་འདས་པ་དང། མ་འོངས་པ་ཤེས་པའི་ཡི་དགས་ལ་སོགས་པའི་ཚིག་བཞིན་དུ་ཇི་ལྟ་བ་བཞིན་མ་ཡིན་པ་ཞིག་ཡིན་ཞེས་བྱ་བའོ། །གཞན་ཡང། ཆོས་སོགས་འདི་ལ་གང་ཡོད་པ། །དེ་ཉིད་གཞན་? ་ཡིན་ཏེ། །རས་འགའ་སྲིན་པོའི་ཡི་གེའི་ཚུལ། །ལེགས་བཤད་འགའ་ཞིག་མཐོང་བ་ཡིན། །གསུམ་པོ་འདི་ལ་ནི་ཡོངས་སུ་དག་པའི་ཆོས་འབའ་ཞིག་ཡོད་པར་མ་མཐོང་ངོ། །འགའ་ཞིག་ལ་རེས་འགའ་ཆོས་ཀྱི་ཆ་མཐོང་བ་ནི་སྲིན་བུའི་ཡི་གེའི་?་འདི་ཡིན ་ཏེ། ཡོན་ཏན་ཞེས་བྱ་བའི་སྲིན་བུས་ཤིང་ལ་ཟོས་པ་དང། ལ་ལར་ཡི་གེ་འདྲ་བའི་རི་མོ་འབྱུང་ཡང་རེ་ཞིག་དེ་ལ་ཡི་གེ་ཤེས་པའི་རིགས་པ་ནི་མ་ཡིན་ནོ། །གཞན་ཡང་ཇི་ལྟར་མི་གཙང་ཕུང་པོའི་ནང། །རིན་ཆེན་འགའ་ཞིག་མཐོང་གྱུར་པ། །རབ་ཏུ་སྐྱེ་དང ་དེ་ཡི་མཐུ། །ཤེས་དང་ལྡན་པས་དེ་ཤེས་འགྱུར། །ཇི་ལྟར་མི་གཙང་བའི་ཕུང་པོ་འགའ་ཞིག་གི་དཀྱིལ་དུ་རིན་པོ་ཆེ་ཡོད་པ་མཐོང་བ་ན་རིན་པོ་ཆེ་བརྟག་པ་ལ་མཁས་པས་དེ་མཐོང་ན་ནི་རྒྱ་མཚོ་ཆེན་པོའི་རིན་པོ་ཆེའི་དེ་ནི?་ལས ་འདི་བྱུང་བ་ཡིན་གྱི། མི་གཙང་བའི་ཕུང་པོ་འདི་ལས་བྱུང་བ་ནི་མ་ཡིན་ནོ། སྙམ་དུ་ཤེས་ལ་མཐུ་ཡང་ཤེས་ཏེ་།འདིའི་མཐུས་ནད་ལ་སོགས་བཞི་བ་དང། དུག་ཉམས་པར་བྱེད་པའི་མཐུ་ཡང་འདི་ལ་ཡོད་དོ། །སྙམ་དུ་ཤེས་པ་ཡིན་ནོ། །ལེགས་བཤད? ་འགའ་ཞིག་གསུམ་པ་ལ། །རབ་ཏུ་མཐོང་བའང་དེ་དང་འདྲ། །ཁྱིམ་སྲང་མི་གཙང་ཕུང་པོ་ལས། །རིན་ཆེན་འབྱུང་བ་མ་ཡིན་ལྟར། །སྲོག་ཆགས་ལ་འཚེ་བ་དང། ཆང་འཐུང་བ་དང། རྫུན་དུ་སྨྲ་བ་ལ་སོགས་པ་སྐྱོན་དུ་མ་དང་ལྡན་པའི་མི་གཙང ་བའི་ཕུང་པོ་དང་འདྲ་བ་ལྟ་བ་གསུམ་པོའི་ནང་ན། །རིན་པོ་ཆེ་གསེར་དང་འདྲ་བ་ཆོས་རིན་པོ་ཆེ་འགའ་ཞིག་མཐོང་དུ་ཟིན་ཀྱང། རིན་པོ་ཆེ་བརྟག་པ་ལ་མཁས་པ་འདྲ་བ་རྣམས་ལ་འདི་ལྟ་བུའི་ཤེས་བ་འབྱུང་སྟེ་།འདི་ལས་ནི་ཆོས་རིན་པོ་ཆེ་འདི་ལྟ་བུ ་འབྱུང་བ་མ་ཡིན་གྱི། གཞན་དུ་ན་སངས་རྒྱས་པ་ལ་སོགས་པའི་གཞུང་ལས་བཏུས་ནས་དེའི་ནང་དུ་བསྲེས་པ་ཡིན་ཏེ། སྐྱེ་བོ་ཐ་མལ་པ་རྣམས་ཀྱི་ཉེ་པར་སྤྱད་པའི་གྲོང་པར་གྱི་སྲང་ན་མི་གཙང་བའི་ཕུང་པོ་ཡོད་པ་ལས་བཻ? ་ཌཱུ་རྱ་ལ་སོགས་བའི་རིན་པོ་ཆེ་འབྱུང་བ་མ་ཡིན་པ་བཞིན་ནོ། །དེ་ལྟར་བོང་བུའི་འོ་མ་བསྲུབས་པ་ལས་མི་གཙང་བའི་དྲི་འབྱུང་པ་ལྟར་མུ་སྟེགས་པ་རྣམས་ཀྱིས་སྨྲས་པ་ཡང་དེ་བཞིན་ནོ། །གང་ཡང་རྗེས་སུ་དཔག་པ་གཙོར་བཟུང་ནས་།ལམ་གསུམ་པོ ་སུན་འབྱིན་པར་བྱེད་པ་རྣམས་ནི་དམུས་ལོང་གཡང་སར་ལྷུང་བར་དཀའ་བ་མ་ཡིན་པ་དང་འདྲའོ། །ཞེས་ཟེར་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར། སྐྱོན་མེད་རྗེས་སུ་དཔག་པ་ཡི། །རིགས་སམ་མི་རིགས་མ་དཔྱད་པར། །བློ་ནི་གཞན ་གྱིས་བསྐྱེད་པའི་ཕྱིར། །ལུང་གཞན་དག་ལ་ཐེ་ཚོམ་ཟ། །སློབ་མ་ནི་རྣམས་པ་གསུམ་ཡོད་དེ། །ལུང་གཞན་མཐོང་ན་འདི་ལྟར་ཡིན་ནམ་།མ་ཡིན་ཞེས་ཐེ་ཚོམ་ཟ་བའི་བློ་ཅན་དང། ལུང་གཅིག་པ་རབ་ཏུ་ཞུགས་ཤིང་ཞེན་པར་གྱུར་ནས་གཞན ་ལ་སེམས་ཀྱི་ལྡང་བར་གྱུར་ཅིང་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་ཅན་དང་ལུང་ཐམས་ཅད་ལ་རིགས་པ་ཡིན་ནམ། རིགས་པ་མ་ཡིན་ཞེས་སྤྱོད་པར་མི་ནུས་པའི་རྟོག་པ་དང་བྲལ་བའི་བློ་ཅན་ནོ། །དེ་ལ་ལུང་གཞན་གྱི་ཐེ་ཚོམ་བསྐྱེད་པ་འམ། ་ཕྱིན་ཅི་ལོག་ཏུ་ཞེན་པར་གྱུར་པའི་བློ་གང་ལ་ཡོད་པ་དེ་དག་ནི་རྗེས་སུ་དཔག་པ་མེད་པར་རིགས་སམ་།མི་རིགས་ཞེས་སྤྱོད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཀླུང་ཆེན་རྒལ་འདོད་པ། །གཟིངས་དག་ཡོངས་སུ་འཛིན་པ་ལྟར། །དེ་བཞིན་བཏང་བྱ ་ཡིན་ན་ཡང། རྗེས་སུ་དཔག་པར་གཟུང་བར་རིགས། །ཇི་ལྟར་ཆུ་ཀླུང་ཆེན་པོ་རྒལ་བར་འདོད་པ་རྣམས་གཟིངས་དང། གྲུ་ལ་སོགས་པ་ལ་བརྟེན་ནས་ཕ་རོལ་ཏུ་འགྲོ་ཞིང་དེར་ཕྱིན་པ་དང་བོར་ནས་འགྲོ་བར་བྱེད་པ་ལྟར། །དེ་བཞིན་དུ་ཤེས ་བྱའི་ཆུ་བོ་རྒལ་བར་འདོད་པས་ཀྱང་རྗེས་སུ་དཔག་པའི་གཟིངས་འདི་ཡོངས་སུ་གཟུང་ལ་ཤེས་བྱ་རྟོགས་པར་གྱུར་པ་དང། དེ་ཡང་གཏང་བར་བྱ་བ་ཡིན་ནོ། །དེ་བས་ན་བཏང་བར་བྱ་བ་དེ་སྤང་པར་བྱ་བ་ཡིན་ན་ཡང་འདི་ནི་རེ་ཞིག་གཟུང་བར་བྱ་བ་ཉིད་ཡིན་ཏེ་།དེ་མེད་པར་དེ་ཁོ་ན ་ཉིད་མཐོང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སློབ་མ་གཉིས་བསྔགས་པས་བསྟན་ནས་།དཔྱོད་པ་མེད་པའི་བློ་ཅན་གྱི་སློབ་མ་རབ་ཏུ་བསྟན་པའི་ཕྱིར་སྨྲས་པ། སྒྲ་ཙམ་རྗེས་སུ་འབྲང་བྱེད་ཅིང། །སོང་བའི་དུས་སུ་འགྲོ་བྱེད་པའི། །དམུས་ལོང ་བཞིན་དུ་དཀྱིལ་འཁོར་འདིར། །བྱིས་པ་འཁོར་བར་འཁོར་བ་ཡིན། །ཇི་ལྟར་དམུས་ལོང་རང་གི་མཐོང་བ་མེད་པར་གྱུར་པ་དེ་གཞན་གྱིས་སྒྲ་བྱས་པ་ཙམ་གྱི་རྗེས་སུ་འབྲེང་བ་དེ་དག་ནི། གཡང་སའི་གནས་དག་ལས་རྒལ་བར་འགྱུར་བ་མ་ཡིན་པ་ལྟར ་དེ་བཞིན་དུ་བྱིས་པ་མི་ཤེས་པ་དག་གིས་བྱས་པ། ལུང་ཞེས་བྱ་པའི་སྒྲ་ཙམ་གྱི་རྗེས་སུ་འབྲང་བར་བྱེད་པ་དག་ཀྱང་སྲིད་པ་གསུམ་གྱི་འགྲོ་བའི་འཁོར་བ་ལས་ཐར་པར་འགྱུར་བ་མ་ཡིན་ནོ། །དེས་ན་སྒྲ་ཙམ་གྱིས་རྗེས་སུ་འབྲང་བ་ནི་ལྟུང་བར་འགྱུར་བར ་སླ་བ་ཉིད་ཡིན་པའི་ཕྱིར་སྨྲས་པ། བརྟེན་པ་མེད་པའི་དམུས་ལོང་དག་།ཉམ་ངའི་གནས་སུ་འགྲོ་བྱེད་ལྟར། །སྒྲ་ཙམ་གཙོ་བོར་བྱེད་པ་རྣམས། །ལྟུང་བར་དཀའ་བ་མ་ཡིན་ནོ། །ཇི་ལྟར་དམུས་ལོང་དབྱུག་པ་ལ་སོགས་པའི་རྟེན་མེད་ཅིང། །མིག་དང ་ལྡན་པས་ཉེ་བར་བསྟན་པ་མེད་བཞིན་དུ་སྒྲ་ཐོས་པ་ཙམ་གྱིས་རྗེས་སུ་འབྲངས་ནས་ཉམ་ང་བའི་ལམ་དུ་འགྲོ་བར་བྱེད་པ་ནི་ལྟུང་བར་འགྱུར་བ་ཉིད་ཡིན་ལ། རྟེན་དང་བཅས་པ་ལེགས་པར་བསྟན་པའི་ལམ་བདེ་བ་ནས་འགོར་བ་ནི་ལྟུང་པའི་སྐལ་བ་ཅན ་དུ་མི་འགྱུར་རོ། །དེ་བཞིན་དུ་རྟོག་གེའི་ཤེས་པ་རྗེས་སུ་དཔག་པའི་མིག་གིས་གང་དངོས་པོའི་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ་ངེས་པར་བཟུང་བ་དེ་ནི་དམིགས་པ་ཡིན་ནོ། །དེ་ཁོ་ན་ཉིད་ལ་དམིགས་པར་མི་བྱེད་པར་འཁོར་བ་ལས་ངེས་པར་འབྱུང་བར ་འདོད་པས་མི་ཤེས་པ་བཏགས་པའི་ལུང་ཞེས་བྱ་བའི་རྗེས་སུ་འབྲང་བའི་དམུས་ལོང་དང་འདྲ་བ་ནི་འཁོར་བར་ལྟུང་བར་འགྱུར་བ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བ་གང་དག་ངེས་པར་བརྟགས་པའི་ལམ་བདེ་པ་ཉིད་འཕགས་པའི ་ཡན་ལག་བརྒྱད་ནས། རྣམ་པར་ཐར་པའི་སྒོ་གསུམ་ལ་བརྟེན་ནས་འགྲོ་བ་དེ་ནི་འཁོར་བའི་གཡང་སར་ལྷུང་བར་མི་འགྱུར་རོ། །དེས་ན་སྒྲ་ཙམ་གྱིས་རྗེས་སུ་འབྲང་བ་ཉིད་ནི་ལྟུང་བར་སླ་བ་ཉིད་ཡིན་པའི་ཕྱིར་།རྗེས་སུ་དཔག་པས་གཙོར་འཛིན་རྣམས།། ་ལྟུང་བར་དཀའ་བ་མ་ཡིན་ནོ། །ཞེས་གང་སྨྲས་པ་དེ་ནི་ལེགས་པར་སྨྲས་པ་མ་ཡིན་ནོ། །གང་ཡང་རིག་བྱེད་ཐམས་ཅད་མཁྱེན་པ་ཉིད་ཡིན་གྱི། །ཐམས་ཅད་མཁྱེན་པའི་སྐྱེས་བུ་ཉིད་ནི་སྤོང་བར་བྱེད་ཅིང་སྡང་བའི་སེམས་ཀྱིས་འདི་སྐད་དུ་འདི་ན་གང ་ཡང་ཀུན་མཁྱེན་མེད། །གང་ཕྱིར་འདི་ནི་མ་མཐོང་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨྲ་བ་དེའི་ལན་ནི་འདི་ཡིན་ཏེ། ཀུན་མཁྱེན་ཞེས་བྱའི་སྒྲ་འདི་ཡང། །ཡུལ་འགའ་ཞིག་ལ་ཇི་བཞིན་ཡིན། །སེང་གེའི་སྒྲ་ཡང་ལ་ལ་བདེན། །ཁ་ཅིག་ཉེ་བར་བཏགས ་པ་ཉིད། །གང་ཡང་མཛོའི་མི་དང་སེར་སྐྱ་དང། གཟེགས་ཟན་ལ་སོགས་པ་ཐུབ་པ་རྣམས་ནི་ཉོན་མོངས་པ་དང་བཅས་པའི་སེམས་ཅན་ལ་ཕན་པའི་ཐབས་ལ་མཁས་པ་དང། །དེ་བཞིན་དུ་འདས་པ་ལ་སོག་པའི་ཤེས་བྱའི་ཕྱོགས ་གཅིག་ཤེས་པའི་དབང་དུ་བྱས་ནས་དེ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་སྒྲ་ཉེ་བར་འདོགས་པ་བཏགས་པ་པ་ཡིན་ཏེ། ཐུབ་པ་སེར་སྐྱ་ཀུན་མཁྱེན་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་དག་ནི་ཉེ་བར་བཏགས་ནས་ཐམས་ཅད་མཁྱེན་པ ་ཞེས་བྱ་བའི་སྒྲས་བརྗོད་པ་ཡིན་པར་ངེས་པར་བཟུང་བར་བྱ་བ་ཡིན་ལ། འདིར་མ་མཐོང་དུ་ཟིན་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བ་།སེམས་ཅན་ཐམས་ཅད་ལ་ཕན་པ་མཛད་པ་ནི་ཐམS ་ཅད་མཁྱེན་པ་ཉིད་ཡིན་ཞེས་ངེས་པར་གཟུང་བར་བྱ་སྟེ་།ཇི་ལྟར་སེན་མོ་དང། མཆེ་བ་རྣོ་པ་དང། རལ་པ་ལ་སོགས་པ་མེད་ཀྱང་དཔའ་བ་དང། བརྟུལ་ཕོད་པ་ལ་སོགས་པའི་བྱ་བ་དང་ལྡན་པའི་སྐྱེས་བུ་ལ་སེང་གེ་ཞེས་ཉེ་བར་འདོགས་ཏེ། བྲམ་ཟེ་ལ་ཡང་སེང་གེ་ཞེས ་ཟེར་རོ། །མ་མཐོང་དུ་ཟིན་ཀྱང་སེང་གེ་ཞེས་ཉེ་བར་བཏགས་པའི་སྒྲ་ལས་རྗེས་སུ་དཔགས་ནས་ངེས་པར་རལ་པ་བརྒྱ་བཤིག་ཅིང་གཡེངས་པ་སྡེར་མོ་རྣོན་པོ་དང་ལྡན་པ། མཆེ་བ་རྣོན་པོ་གཅིགས་པ། རི་དགས་ལ་སོགས་པ་གཞན་སྐྲག་པར་བྱེད་པའི་ང་རོ ་ཅན་སེང་གེ་ཞེས་བྱ་བའི་སྒྲ་དངོས་སུ་བསྟན་པར་བྱ་བ་གཞན་ཞིག་ཡོད་དོ། །སྙམ་དུ་སེམས་སོ། །དེ་བཞིན་དུ་ད་ལྟར་མ་མཐོང་བས་ཐམས་ཅད་མཁྱེན་པ་མེད་པ་མ་ཡིན་ནོ། །གང་ཡང་འདི་སྐད་དུ། སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ། སྐྱེས ་བུ་ཡིན་པར་མཚུངས་པའི་ཕྱིར་སྐྱེས་བུ་གཞན་བཞིན་ནོ་ཞེས་ཟེར་བ་དང། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་སྐྱེས་བུ་གཞན་གྱི་ཤེས་པ་བཞིན་ནོ། །ཞེས་ཟེར་བ་དེ་ལ་ཡང་ཆོས་དང་སྤྲུལ་བའི་སྐུ་དག་མིང? ་ལ་མི་ཉིད་དུ་མ་གྲུབ་།དེ་བཞིན་གཤེགས་པའང་མ་གྲུབ་སྟེ། ངེས་ན་མ་ངེས་པ་ཉིད་ཡིན། སྐྱེས་བུའི་མཚན་མ་དང་ལྡན་པ་ལ་སྐྱེས་བུ་ཞེས་བྱ་བའི་སྒྲ་འཇུག་པ་བཞིན་ནོ། །དེ་ཁམས་དང། འགྲོ་པ་དང། སྐྱེ་གནས་ཀྱི་རྣམས་པ་གང་དུ་ཡང་མ་གཏོགས་པའི་ཕྱིར ་དང། གཟུགས་མེད་པ་ཡིན་པའི་ཕྱིར་བུད་མེད་དང། སྐྱེས་པ་ལ་སོགས་པའི་རྣམ་པར་རྟོག་པ་འཇུག་པ་མ་ཡིན་པས་རེ་ཞིག་ཆོས་ཀྱི་སྐུ་ལ་ནི་སྐྱེས་བུ་ཞེས་བྱ་བ་མེད་དོ། །ལོངས་སྤྱོད་རྫོགས་པའི་སྐུལ་ཡང་རྟེན་གནས་གྱུར་པ་འཇིག་རྟེན་པས་འདས་པ་ཟག་པ ་མེད་པའི་ཕུང་པོ་དང་ལྡན་པའི་ཕྱིར། ཁམས་དང། འགྲོ་བ་དང། སྐྱེ་གནས་རྣམས་ལས་ཤིན་ཏུ་འདས་པའི་ཕྱིར་དང། འོག་མིན་གྱི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། སྐྱེས་པ་དང་བུད་མེད་ཀྱི་དབང་པོ་མི་མདའ་བའ་ཨི་ཕྱིར་སྐྱེས་བུ་མེད་དོ། །དེའི་བྱིན་བརླབས ་ཀྱི་འཇུག་བ་འདིར་འཁྲུངས་པའི་སྤྲུལ་པའི་སྐུ་ཡང་གཟུགས་དང། སྒྲ་དང། རོ་དང། རེག་བྱ་ཞེས་བྱ་བ་སྐྱེ་མཆེད་བཞིའི་བདག་ཉིད་ཅན་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་བཞིན་དུ་སེམས་ཅན་མ་ཡིན་པར་གྲགས་པས་དེ་ཡང་སྐྱེས་བུ་ཉིད ་ཡིན་པར་མ་གྲུབ་པའི་ཕྱིར་སྐྱེས་བུ?་ཡིན་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ལ་སྐྱེས་བུའི་དཔེ་ཡང་བསྒྲུབ་བྱས་སྟོང་པ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་བསམ་ཡིས་མི་ཁྱབ་པ་ཐོགས་པ་མེད་པ་ལྷུན་གྱི ་གྲུབ་པར་འཇུག་པ། རྣམ་པར་རྟོག་པ་མེད་པ་ནམ་མཁའ་བཞིན་དུ་ཐོག་མཛའ་མེད་པ་།ཉོན་མོང་པའི་དྲ་བ་རྣམས་བག་ཆགས་དང་བཅས་པར་དྲུངས་ནས་ཕྱུང་བ། ཀུན་ནས་ཉོན་མོངས་པ་མེད་པའི་ཡེ་ཤེས་གང་ཡིན་པ་ཡང་གང་དག་ཕྱི་རོལ་གྱི་འདོད་ཆགས ་དང་བྲལ་བ་དང། སློབ་པ་དང། མི་སློབ་པ་དང། རང་སངས་རྒྱས་ཀྱི་ཡེ་ཤེས་པ་རྣམས་ཀྱང་ཉིན་པར་བྱེད་པའི་འོད་ཟེར་གྱིས་ཟིལ་གྱི་མནན་པའི་སྲིན་བུ་མེ་ཁྱེར་གྱི་འོང་བཞིན་དུ་མཛེས་པ་མ་ཡིན་ན་དེ་དང་ཐ་མལ་པའི ་སྐྱེས་བུ་ངན་པའི་ཤེས་པ་འདྲ་བ་ལྟ་ག་ལ་ཡིན། དེས་ན་སྐྱེས་བུའི་ཤེས་པ་བཞིན་ཞེས་བྱ་བའི་དཔེ་ཡང་མ་གྲུབ་པ་ཡིན་ནོ། །གཞན་ཡང། གལ་ཏེ་ཇི་ལྟར་ཁྱེད་བཅོམ་ལྡན། །ཐམས་ཅད་མཁྱེན་པ་མིན་པར་འདོད། །བདེ་བྱེད་ཁྱབ་འཇུག་སོགས ་བདག་གིས། །ཤེས་པ་དེ་ལྟར་མིན་ཞེ་ན། །གལ་ཏེ་ཁྱོད་ཀྱི་།བློ་ལ་འདི་སྙམ་དུ་ཚངས་པ་དང། དབང་ཕྱུག་ཆེན་པོ་དང། སྲེད་མེད་ཀྱི་བུ་རྣམས་ནི་འཇིག་རྟེན་སྐྱེད་པར་བྱེད་ཅིང་སྡུད་པར་ཡང་བྱེད་ལ། དེ་རྣམས་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་འཆགས་པ་དང། ་གནས་པ་དང། འཇིགས་པ་ཡང་ཤེས་ལ་གྲོལ་བའི་ལམ་ཡང་ཤེས་པ་ཡིན་ནོ། །ཡང་སངས་རྒྱས་ནི་དེ་དག་ལ་སྡང་ཞིང་དེ་དག་གིས་བྱས་པའི་བསྐྱེད་པ་དང། བསྲུང་བ་དང། མི་མཐུན་པའི་སྐྱེ་བ་ལ་སོགས་པའི་རྒྱུ་རིགས་པ་མ་ཡིན་པར་བརྗོད ་པར་ཡང་བྱེད་ལ། མངོན་སུམ་དུ་མཐོང་བཞིན་དུ་ཡང་དངོས་པོ་རྣམས་ནི་མཐོང་བ་སྟོང་པ་ཉིད་དོ་ཞེས་སྨྲ་བར་བྱེད་པ་མེད་པ་པའི་ཕྱོགས་གསལ་བར་བྱེད་པ་ཉིད་ཡིན་ལ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་ལྟ་ཇི་ལྟར་འགྱུར་ཞེ་ན། འདི་སྐད་བརྗོད་པར་བྱ་སྟེ། ཇི་ལྟར་དེ་དག ་གིས་ཤེས་ལྟར། །ཐམས་ཅད་མཁྱེན་པ་དེ་བདེན་ན། །རབ་རིབ་ཅན་གྱིས་མཐོང་བ་ལྟར། །དྲི་མེད་མིག་གིས་མི་མཐོང་བཞིན། །ཇི་ལྟར་དགེ་བ་དང་མི་དགེ་བའི་ལས་ཡང་དག་པར་བསགས་པ་ལས་འཇིག་རྟེན་སྣ་ཚོགས་འདི་རབ་ཏུ་འབྱུང་བ་ཡིན་ལ། འཛིན་པ་ཐམས་ཅད་ཡོངས་སུ ་སྤངས་པ་ལས་ནི་ཐར་པར་འགྱུར་པ་ཡིན་ནོ། ཞེས་བྱ་བར་མཁྱེན་ནས་ཁོ་བོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཞི་བ་དང། ཁྱབ་འཇུག་དང། ཚངས་པས་བསྐྱེད་པ་དང། སྡུད་པ་ཡིན་པར་བཏགས་པ་ནི་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ནོ། །ཞེས་མཛད་ནས་དེའི ་རྗེས་སུ་འབྲང་བར་མི་མཛད་དེ། རབ་རིབ་ཅན་གྱི་བཏགས་པའི་སྐྲ་ཤང་འཛིངས་པ་དང། སྦྲང་མ་དང། བུང་བ་དང། ཟླ་བ་གཉིས་པ་ལ་སོགས་པའི་དངོས་པོ་མཐོང་བ་རྣམས་རྣམ་པར་དག་པའི་མིག་ཅན་གྱིས་ནི་མཐོང་བ་མ་ཡིན་ནོ། །འོན་ཀྱང་སྙིང་རྗེའི་དབང ་ཁོ་ནས་རབ་རིབ་ཅན་དེ་དག་ལ་ཇི་ལྟར་ན། འདི་དག་གི་སྐྲ་ཤད་ལ་སོགས་པ་བདེན་པ་མ་ཡིན་པ་མཐོང་ཞིང་འཛིན་པ་འདི་དག་དང་བྲལ་ནས་རྣམ་པར་དག་པའི་མཐོང་བ་དང་ལྡན་པར་འགྱུར་སྙཾ?་དུ་དགོངས་སོ། །ཡང་ན་འདི་ལྟར་ཐམས་ཅད་མཁྱེན། །མཆོག་ཤེས ་ཉིད་དུ་འདོད་ན་ནི། །གང་ཕྱིར་མཛེ་མི་ནི་སོགས་ཀྱི། །གཏན་ཚིགས་འདི་ནི་མ་ངེས་ཉིད། །གལ་ཏེ་ཚངས་པ་ལ་སོགས་པ་ལས་བྱིན་ཅི་ལོག་ཏུ་ཤེས་པའི་རྣམ་པ་འདིས་སངས་རྒྱས་ནི་རྫུན་པར་ཤེས་པ་ཡིན་ཏེ། སྐྱེས་བུ་ཡིན་པའི་ཕྱིར་ཐ་མལ་པའི ་སྐྱེས་བུ་བཞིན་ནོ། །ཞེས་སྨྲན་ཡང། མཛེའི་མི་ནི་ལ་སོགས་པ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འདོད་པས་མ་ངེས་པ་ཉིད་ཡིན་ཏེ་།སྐྱེས་བུ་ཡིན་པའི་ཕྱིར། ཐ་མལ་པའི་སྐྱེས་བུ་བཞིན་དུ་ཕྱིན་ཅི་ལོག་ཏུ་ཤེས་པ་ཞིག་ཡིན་ནམ། འོན་ཏེ་?་ ་མི་ནི་བཞིན་དུ་སྐྱེས་བུ་ཡིན་པའི་ཕྱིར། ཕྱིན་ཅི་མ་ལོག་པར་ཤེས་པ་ཞིག་ཡིན་ཞེས་བྱ་བ་ཡིན་ནོ། །གཞན་ཡང་ཅུང་ཞིག་ཤེས་ཀྱི་ཀུན་མི་ཤེས། །ཞེ་ན་ཐུབ་པས་གང་མ་མཁྱེན། །མཐོ་རིས་བྱང་གྲོལ་ལམ་ཞེ་ན། །བསྟན་པ་འདི་ཆོས ་བསྟན་པ་ཉིད། །གལ་ཏེ་དོན་ཅུང་ཟད་ཅིག་ཤེས་པ་ལ་མི་ཤེས་པའོ། །ཞེས་བཏགས་པ་ཡིན་པ་ཅུང་ཞིག་ཤེས་ཀྱང་ཐམས་ཅད་ནི་མ་ཡིན་ནོ་ཞེ་ན། དེས་ཅི་ཞིག་མ་མཁྱེན་གལ་ཏེ་མཐོ་རིས་དང་བྱང་གྲོལ་གྱི་ལམ་མ་ཤེས་སོ་ཞེ་ན། དེ་ནི་འདི་ལྟར་མཁྱེན་པ ་ཁོ་ན་སྟེ། སྡིག་པ་ལས་ལྡོག་པར་བྱེད་ཅིང་དགེ་བ་ལ་འཇུག་པར་བྱེད་པའི་ཆོས་འདི་ལྷ་དང་མི་ཉིད་ཀྱི་ལམ་ཡིན་ནོ། །ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང་།ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི ་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་གྲོལ་འཐོབ་པའི་རྒྱུ་ཡིན་པར་མཁྱེན་ནས་བསྟན་པ་ཡིན་ནོ། །བསྟན་དུ་ཟིན་ཀྱང་མི་རིགས ་ཞེས། །གལ་ཏེ་ཁྱོད་ཀྱི་བློས་འབྱུང་ན། །མི་ཤེས་པ་ཉིད་ཡིན་པས་ན། །དེ་ཡི་ལན་ཡང་སྨྲས་ཟིན་ནོ། །ལམ་བསྟན་དུ་ཟིན་ཀྱང་ཡང་དག་པ་མ་ཡིན་ཞེ་ན། དེ་ལྟ་བ་ཡང་ལོག་པར་ཤེས་པ་ཉིད་དུ་འགྱུར་གྲང་ན། དེའི་ལན་མཛོའི་མི་ནི་ལ་སོགས ་པ་དག་གིས་མ་ངེས་པ་ཉིད་ཡིན་པར་བསྟན་ཟིན་པ་ཡིན་ཏེ། དབུ་མའི་བསྟན་བཅོས་མ་ལུས་པ་ལས་རིགས་པ་དང། མི་རིགས་པ་དཔྱད་པ་བྱས་པ་མིན་པས་ཁྱོད་ཀྱི་གཞུང་ཁོ་ན་ཉེས་པར་སྨྲས་པ་ཡིན་གྱི། ཁོ་བོ་ཅག་གི་གཞུང་ནི་མ་ཡིན ་པར་རབ་ཏུ་གྲགས་པ་ཡིན་ནོ། །བསྟན་བཅོས་བློ་སྒྲའི་ཕྱོགས་བྱས་ཀྱང། །གཏན་ལ་དབབ་པར་འདྲ་བ་ཡིན། །དཔྱོད་པ་ཅན་སོགས་མ་ངེས་ཉིད། ཁྱབ་པའི་ཕྱིར་ན་སྐྱོན་དང་ལྡན། །སངས་རྒྱས་པའི་བསྟན་བཅོས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ལ། ་སངས་རྒྱས་པའི་ཤེས་པ་ཡང་ཐམས་ཅད་མཁྱེན་པ་མ་ཡིན། སངས་རྒྱས་པའི་གསུང་རབ་ཀྱང་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། བྱས་པའི་ཕྱིར་འཇིག་རྟེན་པའི་བསྟན་བཅོས་དང། བློ་དང་སྒྲ་ལ་སོགས་པ་བཞིན་ནོ། །ཞེ་ན་འདི་ལ་ཡང་དཔྱད་པར་བྱ་སྟེ། ་བྱས་པ་ཡིན་པའི་ཕྱིར་ཅི་འཇིག་རྟེན་པའི་བསྟན་བཅོས་བཞིན་དུ་ཐམས་ཅད་མཁྱེན་པ་མ་ཡིན་ཞིག་ཡིན་ནཾ་འོན་ཏེ་སྤྱོད་པ་ལ་སོགས་པ་བཞིན་དུ་ཐམས་ཅད་མཁྱེན་པ་ཡིན་པ་ཉིད་དུ་འགྱུར། དེ་བཞིན་དུ་བྱས་པའི་ཕྱིར་དཔྱོད་པ་ལ་སོགས་པའི་བློ་བཞིན་དུ ་དོན་ཇི་ལྟར་བུ་ཉིད་གཅིག་ཡིན་ནམ། འོན་ཏེ་འཇིག་རྟེན་འདི་པ་ལ་སོགས་པའི་བློ་བཞིན་དུ་ཇི་ལྟར་བ་བཞིན་མ་ཡིན་པ་ཉིད་ཡིན་ཞེས་བྱ་བ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉི་ག་ཡང་ཁྱབ་པའི་ཕྱིར་བྱས་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས ་སྐྱོན་དང་བཅས་པ་ཡིན་ནོ། །གང་ཡང་ལྟ་བ་གསུམ་སུན་འབྱིན་པའི་ཕྱིར། གཅེར་བུ་སྒྱུ་བའི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་གསུང་ཡང་ཚང་མ་མ་ཡིན་ནོ། །ཞེས་ཟེར་བ་དེ་ལ་ཡང་ལན་གསུམ་པོ་སུན་འབྱིན་པར་འདྲ་བས། གཅེར་བུར་སྒྱུ་ལྟར་བདག་འདོད་པས ་བསྒྲུབ་བྱའི་རྗེས་སུ་འགྲོ་མེད་ཕྱིར། །དཔེ་ནི་མེད་པ་ཉིད་ཡིན་ནོ། །གསུམ་པོ་སུན་འབྱིན་པར་འདྲ་བའི་ངོ་བོ་ནི་འདྲ་བ་ཉིད་དེ། གཅེར་བུ་རྒྱུ་བ་དང། ཁོ་བོ་ཅག་གེ་ཇི་ལྟར་ཁོ་བོ་ཅག་ནི་ལྟ་བ་གསུམ་པོ་སུན་འབྱིན་པར་བྱེད་པ་དེ་བཞིན་དུ། གཅེར་བུར་རྒྱུ་བའི ་ལྟ་བ་སུན་འབྱིན་པར་བྱེད་པ་ཡིན་པས་ལྟ་བ་གསུམ་པོ་སུན་འབྱིན་པར་བྱེད་པའི་ཕྱིར་།ཞེས་བྱ་བའི་བསྒྲུབ་པར་གཅེར་བུ་རྒྱུ་བའི་ལྟ་བ་ཁོ་བོ་ཅིག་གིས་ཚད་མར་མི་བྱེད་པ་མ་ཡིན། འོན་ཀྱང་སྐྲ་འབྲལ་བ་དང། ལུས་གདུང་བ་ལ་སོགས་པ་ལྟ་བ ་བར་པ་ཡོད་པས་ཡིན་ནོ་།དེ་ལ་ཁོ་བོ་ཅག་ལ་ནི་ལྟ་བ་གསུམ་པོ་སུན་འབྱིན་པར་བྱེད་པའི་ཕྱིར། ཞེས་བྱ་བའི་སྒྲུབ་པར་བྱེད་པ་འདིས་གཅེར་བུ་རྒྱུ་བའི་ལྟ་བ་ཡང་འདྲ་བ་ཡིན་ནོ། །ཞེས་བྱ་བའི་དཔེ་ཡོད་པར་མ་གྲུབ་པ་ཡིན་པས་དཔེ་མེད་པ་ཉིད་ཀྱི་ཕྱིར ་སྔར་བསྟན་པའི་ཚད་མ་རྣམས་མ་གྲུབ་པ་ཡིན་ནོ། །དབྱེད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ། །ལེའུ་དགུ་པའོ།། །།གལ་ཏེ་འདིར་གཅེར་བུར་རྒྱུ་བ་རྣམས་ཉེ་བར་ལྷགས་ནས་འདི་སྐད་དུ། གང ་ཐམས་ཅད་མཁྱེན་པ་ཉིད་ངེས། ཁོ་བོ་ཅག་གི་གཞུང་སུན་འབྱིན་པར་ནུས་ཀྱི། འདི་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ལུང་མ་བསྟན་པ་དང། འཁོར་བའི་ཐོག་མའི་མཛའ་མ་ཤེས་པ་དང། ཤིན་ཏུ་མཛེས ་མ་བསད་པ་མ་རིག་པ་དང། བྲམ་ཟེའི་བུ་མོ་མཛེས་མས་སྐུར་པ་བཏབ་པ་དང། གྲོང་ཁྱེར་པ་ཏྲ་ལ་པུ་ཏྲ་ཉམས་པར་འགྱུར་བ་ལུང་མ་བསྟན་པ་དང། ཟླ་བ་གསུམ་དུ་ནས་ཟོས་པ་དང། ལྷུང་བཟེད་བཀྲུས་པ་བཞིན་དུ་ལོག་པ་དང། རྡོའི་ཁྲུལ་འཁོར་འཕངས་བ་དང། ་ནོར་སྐྱོང་དྲུངས་དུ་འོངས་པ་དང། ལྷས་བྱིན་རབ་ཏུ་འབྱིན་པར་བྱེད་པ་དང། རྒྱུ་སྐར་བཟང་པོ་བསྙེན་བཀུར་བར་འཇོག་པ་དང། ལྷག་སྤྱོད་དང། ལ་བ་ཅན་དང། ལྔ་སྡེ་བསྙེན་བཀུར་བྱེད་པ་མི་ཤེས་པ་དང། ཤིང་གི་ཕུང་པོའི་མདོ་སྡེ་སྟོན་པར་བྱེད་པ ་དང། སེང་ལྡེང་གི་ཚལ་པ་ཟུག་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་དང། ཐམས་ཅད་མཁྱེན་པ་ལ་སུན་འབྱིན་པ་ལ་སོགས་པ་ཐམས་ཅད་མ་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཐ་མལ་པའི་སྐྱེས་བུ་བཞིན་ནོ་ཞེ་ན། གཅེར་བུར ་རྒྱུ་བས་ཐུབ་པ་ལ། །ཀུན་མ་བསྟེན་པས་ཀུན་མཁྱེན་མིན། །ཞེས་སྨྲས་ཁྱུ་མཆོག་སོགས་མ་ངེས། །བརྗོད་དུ་མེད་པར་བརྗོད་པའི་ཕྱིར། །ཐམས་ཅད་མཁྱེན་པ་མ་ཡིན་ནོ། ཞེས་བྱ་བ་མེད་པར་དགག་པའི་དོན་དུ་རྟོག་ན་ནི་དེ་མེད་པ་ཡིན་ཏེ། ཐམས ་ཅད་མ་ཡིན་པ་ནི་ཐམས་ཅད་མེད་པའོ། །དེ་ཤེས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པའོ། །ཞེས་ཟེར་བ་ཡིན་པས་གྲུབ་པ་བསྒྲུབ་པ་ཉིད་ཡིན་ནོ། །བསྒྲུབ་བྱའི་རྗེས་སུ་འགྲོ་བ་མེད་པ་ཡང་ཡིན་ཏེ། ཐ་མལ་པའི་སྐྱེས་བུ་རྣམས་ནི་དངོས་པོ་ཐམས་ཅད་ཡོངས ་སུ་ཤེས་པ་མ་ཡིན་ནོ། །ཐམས་ཅད་མ་བསྟན་པའི་ཕྱིར། ཞེས་བྱ་བ་ཡང་ཐམས་ཅད་མེད་པར་བསྟན་པ་ཞེས་བྱ་བར་འགྱུར་བས་དམ་བཅས་པའི་ཕྱོགས་གཅིག་གཏན་ཚིགས་ཡིན་པར་འགྱུར་རོ། །སྒྲུབ་པར་བྱེད་པ་དཔེ་དང་ལྡན་པ་ཡང་མ་ཡིན་ནོ། །གཞན ་ཡང་མ་ཡིན་པར་དགག་པ་ཡིན་ན་ནི་ཐམས་ཅད་མ་ཡིན་པ་ནི་དངོས་པོ་མེད་པ་ཞེས་བྱ་བ་ཡིན་ལ། གང་གིས་དེ་ཤེས་པ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་ཞིང། གང་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པའོ། །གང་དེ་བཞིན་གཤེགས་པ་ཡིན་པ ་དེ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་མིང་གི་དོན་འཇུག་སྟེ། དེ་ཡང་འདི་ལྟར་དེ་བཞིན་དུ་གསུངས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་ཞེས་བྱ་བ་ནི་ཅི་ཞིག་ཅེ་ན། དངོས་པོ་ཐམས་ཅད་མེད་པའི་ངོ་བོ་སྟེ། དེ་འདིས་མཁྱེན་ཅིང་གསུངས ་པ་ཡིན་ནོ། །དེ་བཞིན་དུ་གང་མི་ཤེས་པའི་གཉིད་རིང་དུ་སྤངས་པ་ནི་སངས་རྒྱས་སོ། །གང་སངས་རྒྱས་ཡིན་པ་དེ་ནི་མི་ཤེས་པའི་གཉིད་རིང་དུ་སྤངས་པ་ཡིན་པར་འབྲས་བུ་མཐོང་ནས་མིང་དུ་འཇུག་པ་ཡིན་ཏེ། སྐྱེས་བུ་དང་པོ་ལ་སོགས་བ་ལྟར་ཡིན ་ན་ཁྱུ་མཆོག་ལ་སོགས་པ་ལ་ནི་།འདི་ཡོད་པ་མ་ཡིན་ནོ། །ཡང་ན་དམན་པའི་དོན་ཉིད་དུ་དགག་པ་ཡིན་ན་ནི་ཐམས་ཅད་མི་ཤེས་ཞེས་བྱ་བ་ཅུང་ཞིག་ཤེས་ཞེས་བྱ་བ་ཡིན་པས། གང་ཁྱོད་ཀྱིས་ལུང་མ་བསྟན་པའི་དངོས་པོ་ལ་སོགས་པ་རྣམས ་ཕྱགས་སྔ་མར་བྱས་པ་དེ་ཡང་འདིས་ཐམས་ཅད་མཁྱེན་པ་ཁོ་ན་ཡིན་ནོ། །དེ་ལ་རེ་ཞིག་བཅོམ་ལྡན་འདས་དེས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་མཁྱེན་པ་ཡིན་ན། །དེ་ལྟར་ན་ཡང་ཉད་པ་པོའི་སྐྱེ་བའི་བློ་དམན་བ་རྣམས་ལ་བསྟན་པར་མི་རིགས ་བསམ་བསྟན་པ་མ་ཡིན་ཏེ། ཇི་ལྟར་བསྟན་པར་མི་རིགས་ཤེ་ན། གལ་ཏེ་དེ་བཞིན་གཤེགས་པ་ནོངས་པ་ཕན་ཆད་འབྱུང་ངོ་ཞེས་བརྗོད་ན་ནི་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར་སོ་སོ་སྐྱེ་བོ་དང་འདྲ་བ་ཉིད་དུ་འགྱུར་རོ། །གལ་ཏེ་མི་འབྱུང ་ངོ་ཞེས་བརྗོད་ན་ནི་མར་མེ་ཤེ་བར་གྱུར་པ་བཞིན་དུ་རྒྱུན་ཆད་པ་ཉིད་ཡིན་པས་སྨོན་ལམ་བཏབ་པ་འབྲས་བུ་མེད་པར་འགྱུར་རོ། །འོན་ཏེ་འབྱུང་བ་ཡང་ཡིན་མི་འབྱུང་བ་ཡང་ཡིན། ཞེས་བརྗོད་ན་ནི་མེ་ལ་གང་བ་དང་དྲོ་བ་གཉིས ་འགལ་བ་ལྟར་སྐྱོན་ཡོད་པར་འགྱུར་རོ། །འབྱུང་བར་འགྱུར་རོ་ཞེས་བྱ་བར་གྲུབ་ན་དེ་བཀག་པའི་མི་འབྱུང་ངོ། ཞེས་བྱ་བར་ཡང་འགྲུབ་པར་འགྱུར་ལ། འབྱུང་བར་མི་འགྱུར་རོ། ཞེས་བྱ་བ་གྲུབ་ན་ཡང་དེ་བཀག་པའི་མི་འབྱུང་བ་མ་ཡིན་ནོ། ཞེས་བྱ་བ་ཡང་འགྲུབ ་པ་ཉིད་ཡིན་ན་གཉི་ག་ཡང་མ་གྲུབ་པས་གཉི་ག་ཡང་མ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་དབང་དུ་མཛད་ནས་དེ་བཞིན་གཤེགས་པ་ནི་གང་དུ་སེམས་ཅན་གྱི་དོན་མཛད་ཟིན་པ་དེར་ནི་མྱ་ངན་ལས་འདའ་བར་སྟོན་ཏེ། གང་ཤིང ་ཟད་པའི་མེ་ཤི་བར་འགྱུར་བ་བཞིན་ནོ། །ཡང་གང་དུ་གདུལ་བྱའི་བྱ་བ་དང་རྗེས་སུ་མཐུན་པར་གཟིགས་པ་དེར་ནི་ཆོས་ཉིད་ལས་ཐོབ་པའི་སྐུ་བསྐྲུན་ནས་འབར་བར་འགྱུར་ཏེ། བུད་ཤིང་མང་པོ་སྤུངས་པ་ལས་མེ་འབར་བར་འགྱུར་བ་བཞི་ནོ།། ་དེས་ན་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ནོངས་ཕན་ཆད་འབྱུང་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་གཉི་ག་ཡང་མ་གསུངས་ལ། འབྱུང་བ་དང་མི་འབྱུང་བ་གཅིག་ལ་དུས་གཅིག་ཏུ་མ་ཡིན་པས་འབྱུང་བ་དང་།མི་འབྱུང ་བ་གཉི་ག་མ་གསུངས་ལ། གཉི་ག་མ་གྲུབ་པས་དགག་པར་བྱ་བ་མེད་པའི་ཕྱིར་གཉི་ག་མ་ཡིན་པ་ཡང་མ་གསུངས་སོ། །དངོས་པོ་རྣམས་ཀྱི་སྐྱེ་བ་དང་འགག་པ་དག་གིས་འཇིག་རྟེན་རྟག་པ་ལ་སོགས་མཁྱེན་ཀྱང་མ་གསུངས་པ་ཉིད་ཡིན ་ཏེ། གང་གི་ཕྱིར་ཕུང་པོའི་རྒྱུན་སྔ་མ་འགགས་པར་འགྱུར་བ་ཡིན་པའི་ཕྱིར་འཇིག་རྟེན་རྟག་པ་ཡང་མ་ཡིན་ལ་།གང་གི་ཕྱིར་དེའི་རྒྱུ་ལས། ཕུང་པོའི་རྒྱུན་གཞན་འབྱུང་བས་འཇིག་རྟེན་མི་རྟག་པ་ཡང་མ་ཡིན་ནོ། །རྟག་པ་ཡང་ཡིན ་མི་རྟག་པ་ཡང་ཡིན་ཞེས་བྱ་བར་མི་འགྱུར་ཏེ། འགལ་བའི་ཕྱིར་རོ་གལ་ཏེ་འགའ་ཞིག་རྟག་པ་ཡོང་ན་ནི་དེ་དགག་པའི་ཕྱིར། མི་རྟག་ཅེས་བྱ་བ་ཡང་འགྲུབ་པ་ཡིན། གང་ཞིག་མི་རྟག་པ་ཉིད་དུ་གྲུབ་ན་ཡང་དེ་རབ་ཏུ་དགག་པའི་ཕྱིར་མི་རྟག་པ་མ་ཡིན་ཞེས་བྱ་བར ་འགྲུབ་པར་འགྱུར་ན། རྟག་པ་དང། མི་རྟག་པ་དག་མ་གྲུབ་པས་རྟག་པ་ཡང་མ་ཡིན་ཏེ། མི་རྟག་པ་ཡང་མ་ཡིན་ཞེས་བྱ་བར་ཡང་མི་འགྱུར་རོ། །འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའི་རྒྱུན་གནས་པ་ལ་བྱ་ལ། གལ་ཏེ་འཇིག་རྟེན་མཛའ་དང་ལྡན་པ་ཡིན་ན ་ནི་ཕུང་པོ་སྔ་མ་ནི་འགགས། ཕུང་པོ་ཕྱི་མ་ནི་མི་འབྱུང་བས་རྒྱུན་འཆད་པ་ཡིན་པའི་ཕྱིར་།འཇིག་རྟེན་ཕ་རོལ་མེད་པར་འགྱུར་རོ། །གལ་ཏེ་འཇིག་རྟེན་མཛའ་དང་མི་ལྡན་ན་ནི་ཕུང་པོ་འདི་མ་ཉམས་བཞིན་དུ་ཕུང་པོ་གཞན་ལེན་པར་འགྱུར་རོ། །དེ་ལྟ་ན་ཡང ་རྟག་པ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་ཡོད་པར་མི་འགྱུར་རོ། །མཛའ་དང་ལྡན་པ་ཡང་མ་ཡིན་མཛའ་དང་མི་ལྡན་པ་ཡང་ཡིན་ཞེས་བྱ་བ་ཡང་འགལ་བ་ཉིད་ཡིན་ནོ། །མཛའ་ཡོད་པ་ཡང་མ་ཡིན་མཛའ་མེད་པ་ཡང་མ་ཡིན་ཞེ་ནི་རབ་ཏུ་མ་གྲགས་པས ་དེ་དག་དགག་པ་ཡང་མེད་པའི་ཕྱིར་།འཇིག་རྟེན་མཛའ་དང་ལྡན་པ་ཡང་མ་ཡིན་མཛའ་མེད་པ་ཡང་མ་ཡིན་ནོ། །མཉམ་པ་ཉིད་ཡིན་པའི་ཕྱིར་སྲོག་དེ་ལུས་དེའི་ཞེས་ཀྱང་མ་གསུངས་ཏེ། གལ་ཏེ་སྲོག་གང་ཡིན་པ་དེ་ལུས་ཀྱང་ཡིན་པར་གྱུར་ན་ནི་ལུས་ཉམས ་པར་གྱུར་ན་སྲོག་ཀྱང་ཉམས་པར་འགྱུར་རོ། །གལ་ཏེ་སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞག་ཡིན་ན་ནི་ལུས་ལ་མ་བལྟོས་པར་ཡང་སྲོག་དམིགས་པར་འགྱུར་རོ། །ལུས་དང་སྲོག་འདུས་པར་གྱུར་པ་ལས་ཕུང་པོ་ལྔ་པོ་འདི་ལས་སེམས་ཅན་ཞེས་བརྗོད ་པ་ལ་བལྟོས་ནས་བཅོམ་ལྡན་འདས་མཁྱེན་བཞིན་དུ་མི་གསུང་བར་བཞུགས་པ་ཡིན་ནོ། །གཞན་ཡང་གཙོར?་བུར་རྒྱུ་བ་རྣམས་ཀྱིས་བསྟན་བཅོས་བྱེད་པ་ཁྱུ་མཆོག་ལ་སོགས་པ་རྣམས་ཀྱིས་ཀྱང་སྨྲ་བར་མི་ནུས་པ་རྣམས་མ་སྨྲས་པ་ཉིད་ཡིན་ཏེ། གསེར ་དང་སོར་གདུབ་ནི་གཞན་ཡང་མ་ཡིན་གཞན་མ་ཡིན་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་གང་ཟག་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །ཞེས་གཅིག་ཏུ་བརྗོད་པ་མ་བྱས་པས་དེ་ན་མ་ངེས་པ་ཉིད་ཡིན་ཏེ་།ཅི་ཐམས་ཅད་མ ་བསྟན་པའི་ཕྱིར་ཁྱུ་མཆོག་ལ་སོགས་པ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གཅིག་ཡིན་ནམ། འོན་ཏེ་སྐྱེས་བུ་ཐ་མལ་པ་བཞིན་དུ་ཐམས་ཅད་མཁྱེན་པ་མ་ཡིན་པ་གཅིག་ཡིན་ཞེས་བྱ་བའོ། །འཇིག་རྟེན་ན་ཡང་དཔྱོད་པ་དང་ལྡན་པའི་བློ་ཅན ་ཞིག་ལ་འགའ་ཞིག་གིས་ཅི་རྩིག་པ་ཉིད་ཁྱིམ་ཡིན་ནམ། འོན་ཏེ་རྩིག་པ་ལས་གཞན་ཞིག་ཁྱིམ་ཡིན། །རྩིག་པ་ལ་ཁྱིམ་ཡོད་དམ་།ཁྱིམ་ལ་རྩིག་པ་ཡོད་ཅེས་དྲིས་པ་ལས། དེ་བློས་དཔྱོད་པ་ན་གལ་ཏེ་རྩིག་པ་ཉིད་ཁྱིམ་ཡིན་ན་ནི་སྨྱིག་མ་དང་སྦ ་ལ་སོགས་པ་རྣམས་དོན་མེད་པར་འགྱུར་རོ། །འོན་ཏེ་རྩིག་པ་ལས་ཁྱིམ་གཞན་ཡིན་ན་ནི་རྩིག་པ་ལས་མ་བལྟོས་པར་ཁྱིམ་དམིགས་པར་ཡང་འགྱུར་རོ། །ཁྱིམ་དང་རྩིག་པ་ཐ་དད་པ་ཡིན་ན་ནི་རྩིག་པ་ལ་ཁྱིམ་ཡོད་ཅིང། ཁྱིམ་ལ་ཡང་རྩིག་པ ་ཡོད་པར་འགྱུར་ན། ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །ངེས་ན་དེས་བསྟན་པར་མི་ནུས་པས་།རེ་ཞིག་མི་སྨྲ་བར་འདུག་ཀྱང་ཤེས་པ་མེད་པ་མ་ཡིན་ནོ། །ཞེས་འདོད་དོ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང། ཇི་སྐད་བསྟན་པའི་རིམ་པས། ཉན་པ ་པོ་བློ་དམན་པ་རྣམས་ལ། བསྟན་པར་རིག་པ་མ་ཡིན་པས་ལུང་དུ་མ་བསྟན་པའི་དངོས་པོ་རྣམས་མཁྱེན་བཞིན་དུ་མ་གསུངས་པ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པར་མ་གྲུབ་པོ་གཞན་ཡང། འཁོར་བའི་ཐོག་མ་མ་རིག་ཅིང།། ་རྒྱུ་ཡང་རབ་ཏུ་མ་ཤེས་ལ། །དེ་ཕྱིར་མ་རིག་རིག་མེད་ཕྱིར། །དེ་ནི་ནམ་མཁའ་ཨི་རང་བཞིན་ནོ། །འཁོར་བ་ཐོག་མ་མེད་དོ། །ཞེས་གསུངས་པས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་པར་མི་འགྱུར་ཏེ། གང་གི་ཕྱིར་འཁོར་བ་དེ་ལ་ཐོག་མ་མེད ་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ནམ་མཁའ་ཨི་དྲི་དང། རོ་དང་རེག་པ་བཞིན་ནོ། །གང་ཡང་སེར་སྐྱ་དང། གཟིགས་ཟན་དང། མཛེའི་མི་ནི་ལ་སོགས་པ་ཐམས་ཅད་མཁྱེན་པ་ཡིན་པར་རློམ་པ་དག་ལ་འགའ་ཞིག་གིས་ཅི་ནམ་མཁའ་འདི་དྲི་ཞིམ་པ་འམ་དྲི་མི ་ཞིམ་པ་འམ། མངར་བ་འམ། སྐྱུར་བ་འམ། འཇམ་པ་འམ། རྩུབ་པ་ཞིག་ཡིན་ནམ། དེ་བཞིན་དུ་བོང་བུ་དང། རྔ་མོ་དང། རྟའི་རྭ་རྣམས་ཀྱི་ཁ་དོག་དང་དབྱིབས་ཇི་ལྟ་བུ་ཡིན། ནྱ་གྲོ་ཏ་དང། ཨུ་དུམ་བར་དང། ནམ་མཁའ་རྣམས་ཀྱི་མེ་ཏོག་གི་དྲི་ནི ་གང་ཡིན། མདའ་རྒྱུ་པ་དང། ཀུ་ཤ་དང། ཀ་ཤ་དང། འབིའུ་ལ་རྣམས་ཀྱི་འབྲས་བུའི་རོ་ནི་ཇི་ལྟ་བུ། །རུས་སྦལ་དང། སྦྲུལ་གྱི་སྤུ་དང། དྲི་ཟའི་གྲོང་ཁྱེར་གྱི་བུང་མེད་རྣམས་ཀྱི་རེག་པ་ནི་ཇི་ལྟར་བུ་ཡིན་ཞེས་དྲིས་པ་ན་དེ་དག་གལ་ཏེ་འདི་དག་གི་དངོས ་པོ་ནི་མེད་པ་པ་ཡིན་ནོ། ཞེས་ཟེར་ན་ཡང་ངེས་དེ་དག་ཤས་པ་མེད་པར་ནི་མི་འགྱུར་རོ། །དེ་བཞིན་དུ་འཁོར་བ་ལ་ཐོག་མ་ཡོད་པ་མ་ཡིན་པས་དེས་ན་འདི་ལྟར་དེ་ནི་མེད་དོ་ཞེས་ཐུབ་པས་བསྟན་པ་ཡིན་ནོ། །འདིའི་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ཡིན་ཏེ། གང ་དངོས་པོ་ཡོད་པ་ཡང་ཡོད་པ་ཉིད་དུ་སྟོན། །གང་མེད་པ་ཡང་མེད་པ་ཉིད་དུ་སྟོན་པའོ། །ཅི་སྒོ་ང་སྔ་ལ་བྱ་ནི་འཕྱིའམ།?་བྱ་ནི་སྔ་ལ་སྒོང་ནི་འཕྱིའམ། ཅི་ས་བོ་ནི་སྔས་ལ་མྱུ་གུ་འཕྱིའཾ། མྱུ་གུ་སྔ་ལ་ས་བོན་འཕྱི་འམ། འོན་ཏེ་དུས་གཅིག་ཏུ་ཡིན་ཞེས་བྱ་བ་དང། དེ་བཞིན་དུ་ཟོ ་ཆུ་ན་གྱི་རྒྱུད་ལ་སྔ་མ་དང་ཕྱི་མ་མེད་པར་འཇིག་རྟེན་ལ་རབ་ཏུ་གྲགས་ཤིང་དངོས་པོ་རྣམས་ལ་ཡང་ཐོག་མ་མེད་པར་གྲགས་པ་ཡིན་ནོ། །དེ་བཞིན་དུ་འཁོར་བ་ཡང་བལྟེ་བར་བྱ་སྟེ་།དེའི་ཕྱིར་འཁོར་བའི་ཐོག་མ་མ་ཤེས་པའི་ཕྱིར་ཞེས་བྱ་བའི ་གཏན་ཚིགས་འདི་མ་གྲུབ་པ་ཉིད་ཡིན་ནོ། །གཞན་ཡང་ཤིན་ཏུ་མཛེས་མ་བསད་པ་མ་ཤེས་པས་སྐྱབས་མ་བྱས་པ་ཡིན་ཞེ་ན། གལ་ཏེ་ཐུབ་པའི་མཐུས་ནུས་ན། །སེམས་ཅན་ཐམས་ཅད་མྱ་ངན་འདའ་། །མུ་སྟེགས་རྣམས་ཀྱི་ཞག་བདུན་ན། །ནོར་དང་ཕྲག་ ་དོག་དག་གི་ཕྱིར། །མཛེས་མ་བདག་གི་བསང་ངོ་ཞེས། །རང་ཉིད་ཀྱིས་ནི་བསྟན་པ་ཡིན། །བཅོམ་ལྡན་འདས་ལ་ཞུས་པ་ནི་ཉི་མ་བདུན་པ་ལ་བརྗོད་པར་བྱའོ། །ཞེས་གསུངས་ནས་མ་བསྟན་པ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན ་འདས་ཀྱིས་སེམས་ཅན་བཏང་སྙོམས་སུ་མཛད་པ་ཡིན་གྱི་མ་མཁྱེན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཤིན་ཏུ་མཛེས་མ་བསད་པ་མཁྱེན་པས་ཐམས་ཅད་མཁྱེན་པ་མ་ཡིན་པ་མ་ཡིན་ནོ། །ཇི་ལྟར་ཐག་པ་ཆད་གྱུར་ན། །ཤིང་གཤོང་ས་ལ་ལྷུང་བ་ནི། །རྒྱལ ་བཅས་སྐྱེ་བོའི་འཁོར་མཐོང་ནས། །དེ་དག་ངོ་མཚར་ཆེ་བར་གྱུར། །མངོན་དུ་བསྟན་པར་བྱ་བའི་ཕྱིར། །སྐྱོབ་པས་གཞན་དུ་དེ་མ་སྒྱུར། །ས་ལ་ཅན་གྲོང་བཞུགས་པ་ནི། །སེམས་ཅན་དོན་གྱི་བྱ་བ་མཛད། །གང་ཕྱིར་བདུད་ལས་རྒྱལ་ཟིན་པས། །བདུད་ཀྱིས་པS? ་དེ་དེ་ན་མེད། །ཉན་ཐོས་ཚོགས་བཅས་དཔའ་བོ་ནི། །དེར་ནི་བསོད་སྙོམས་ཆད་གྱུར་པས། །སེམས་ནི་ཞུམ་པར་མ་མཐོང་ཆེ། །མང་པོ་བྱང་ཆུབ་ཏུ་ངེས་འགྱུར། །དེ་བས་ན་གང་ལྷུང་བཟོད་བཀྲུས་པ་བཞིན་དུ་ཕྱིར་ལོག་བ་ནི་མ་འོངས་པའི་དུས་རྗེས་སུ་བསྲུང ་བའི་ཕྱིར་ཡིན་པར་བལྟ་བར་བྱ་སྟེ། བསོད་སྙོམས་པ་གང་དག་གྲོང་དུ་བསོད་སྙོམས་ལ་ཞུགས་པ་ན་བསོད་སྙོམས་མ་ཐོབ་པར་གྱུར་པའི་ཚེ་དེ་འདི་སྙམ་དུ་སེམས་པར་བྱེད་དེ། བསོད་ནམས་ཀྱི་ཆོགས་ལེགས་པར་བསགས་པའི་དེ་བཞིན་གཤྱེ? ་པ་དེ་ཉིད་ཀྱང་ཇི་ལྟར་ལྷུང་བཟེད་བཀྲུས་པ་བཞིན་དུ་ཕྱིར་ལོག་ན་ཡང་བདག་ལྟ་བུ་དགེ་བའི་རྩ་བ་ཤིན་ཏུ་ཆུང་བ་ལྟ་ཅི་ཞིག་ཡིན་སྙམ་དུ་སེམས་སོ། །བདུད་ལ་ཡང་བཅོམ་ལྡན་འདས་ཀྱི་བསོད་སྙོམས་ཀྱི་བར་ཆད་བྱ་བའི་ནུས་པ་ཡོད་པ་མ་ཡིན་ནོ།། ་འོན་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཉིད་དུ་བལྟ་བར་བྱ་སྟེ། དེང?་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པས་ཆོས་སྟོན་ཆད་པར་གྱུར་པ་ན་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང་ལྷའི་བུ་གཞན་དག་གིས་ཀྱང། འདི་དག་གིS ་སེམས་ཞུམ་པ་འམ་།ཉམས་པ་འམ། ཡིད་མི་བདེ་བར་མ་གྱུར་ཏམ། ཞེས་སེམས་ཀྱི་སེམས་ལ་བལྟས་པས་ན་བཅོམ་ལྡན་འདས་དང། ཉོན་ཐོས་ཀྱི་དགེ་འདུན་དེ་རྣམས་ཀྱིས་སེམས་ཡིད་མི་བདེ?་བ་འམ། དམན་བར་མ་གྱུར་བས་ལྷའི་བུ་སྟོང་ཕྲག་བདུན ་ཅུས་སེམས་རབ་ཏུ་དང་བས་ཕྱག་འཚལ་ཏེ། ཆོས་བསྟན་པ་ཐོས་ནས་དེ་རྣམས་ཀྱི་ཆོས་ཀྱི་མིག་དག་པར་གྱུར་པ་ཡིན་ནོ། །ཟླ་བ་གསུམ་དུ་ནས་གསོལ་བ་ཡང་དེ་བཞིན་གཤེགས་པས་ཁྱིམ་བདག་དང། བྲམ་ཟེ་རྣམས་ཀྱི་ངན་གྲོན་དུ་བོས་ནས་ཕྱིས་བལྟ ་བར་མི་འགྱུར་རོ་ཞེས་མཁྱེན་པ་ཡིན་ཏེ། དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེར་གཤེགས་པ་ཡིན་ནོ། །གང་རྟ་ལྔ་བརྒྱ་པ་དེ་དག་གིས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་བཅས་པ་དེ་དག་ལ་ཟླ་བ་གསུམ་དུ་རྟ་ཆས་གསོལ་བ ་དེ་དག་ནི་ཐམས་ཅད་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་པ་སྡིག་པའི་གྲོགས་པོའི་དབང་དུ་གྱུར་པས་སྡིག་པའི་ལས་བྱས་ཤིང། དེས་དུས་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཡིན་ནོ། །གང་ཡང་རྟ་ལྔ་བརྒྱ་པོ་དེ་དག་གི་ནང་ན་རྟ་ཅང་ཤེས་སུ་གྱུར་པ་དེ་ནི་བྱང་ཆུབ་སེམས ་དཔའ་ཉི་མའི་སྙིང་པོ?་ཞེས་བྱ་བ་སྨོན་ལཾ?་གྱི་དབང་གིས་བསཾས་བཞིན་དུ་རྟ་དེ་དག་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེར་སྐྱེད་པ་ཡིན་ཏེ། རྟ་ཅང་ཤེས་དེའི་མཐུས་རྟ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱང་སྔོན་གྱི་སྐྱེ་བ་དྲན་པར་གྱུར་ཅིང། བྱང་ཆུབ་ཀྱི ་སེམས་མངོན་དུ་གྱུར་ཏོ། །དེ་བཞིན་གཤེགས་པ་ཡང་དེ་དག་ཡོངས་སུ་གཟུང་བའི་ཕྱིར་དེར་གཤེགས་པ་ཡིན་ལ། རྟ་ལྔ་བརྒྱ་པོ་དེ་དག་ཀྱང་རིམ་གྱིས་དུས་བྱས་པར་གྱུར་པ་ན། དགའ་ལྡན་གྱི་ལྷ་རྣམས་དང་སྒལ་པ་མཉམ་པར་སྐྱེས་པར་གྱུར་ཅིང། ་ལྷར?་གྱུར་ནས་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཤིང། ཆོས་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །རྟ་དེ་དག་གི་རྟ་རྫི་ཡང་རང་སངས་རྒྱས་སུ་ལུང་བསྟན་ཏོ། །གླང་ཆེན་དུལ་བར་བྱ་ཕྱིར ་དང། འགྲོ་བ་རྣམས་ནི་གདུལ་བའི་ཕྱིར། །བཅོམ་ལྡན་གྲོང་ཁྱེར་གཤེགས་པ་ཡིན། །ཐུབ་པ་བཅོམ་ལྡན་མི་མཁྱེན་མིན། །ལྷས་བྱིན་གྱིས་ནི་སྒྱོགས་འཕངས་བ། །དེ་ཡང་འགྲོ་ལ་ཕན་ཕྱིར་ཏེ། །གཞན་གྱིས་གནོད་ལས་གྲོལ ་པ་ཡི། །ཆེ་བའི་བདག་ཉིད་བསྟན་པ་ཡིན། །སྐྱེས་བུ་ལྔ་བརྒྱ་བསྟེན་པའི་རྡོ། །ཆེན་པོ་འཕངས་པར་གྱུར་པ་ནི། །གནོད་སྦྱིན་ཀི་མ་པས་དེ་མཐོང་ནས། །རང་གི་ལུས་ལ་བཟེད་པ་ཡིན། །ལྷ་དང་ལྷ་མིན་རྣམས་དང་ནི། །སྟོང་ཕྲག་དག་ནི་བརྒྱ་སྙེད་ཀྱི།། ་དང་པའི་དབང་པོ་སོགས་ཐོབ་ནས། །སྲིད་བ་ལས་ནི་གྲོལ་བར་གྱུར། །ལྷས་བྱིན་ཁྱིམ་ན་གནས་ན་ནི། །འཁོར་ལོས་སྒྱུར་བའི་སྟོབས་ལྡན་ཞིང། །འཁོར་དང་སྟོབས་ནི་ཐོབ་གྱུར་ནས། །བསྟན་པ་འདི་ནི་ཉམས་པར་བྱེད། །བློ་ངན་འདི་ནི་རབ་བྱུང་ན། །དེ? ་ལ་ཅི་ཡང་བྱེད་མི་ནུས། །དེ་ལྟར་སྟོན་པས་གཟིགས་ནས་ནི། །རབ་ཏུ་བྱུང་བ་མ་བཟློག་གོ། ཆོ་འཕྲུལ་དག་ནི་མཐོང་འགྱུར་ཞིང། །ཆོས་ནི་ཐོས་པར་གྱུར་ནས་འདི། །བསོད་ནམས་སོགས་པར་གཟིགས་གྱུར་ནས། །རྒྱུ་སྐར་བཟང་པོ་བཞག་པ་ཡིན།། ་ལྷག་སྤྱོད་ཤི་བར་གྱུར་པ་ཡང། །བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཁོ་ན་ཡིན་ནོ། །འོན་ཀྱང་དེ་ནི་འཇིག་རྟེན་ཕལ་ཆེར་གྱི་སྟོན་པ་ཡིན་པར་འདོད་ལ། ཡང་དག་པའི་སྟོན་པ་ནི་མ་ཡིན་ཏེ། གང་གི་ཕྱིར་རངས་བྱེད་ཀྱི་བུ་འདུ་ཤེས་མེད་འདུ་ཤེས་མེད ་མིན་སྐྱེ་མཆེད་སྐྱེ་མཆེད་ཀྱི་བར་དུ་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་གནས་ནས་དེ་ནས་འཕོས་ནས་འདིར་གནས་ཤིང་བསམ་གཏན་བྱེད་ཕེ?་ན་བྱི་བའི་སྒྲས་གནོད་པར་གྱུར་པས། ཞེ་སྡང་སྐྱེས་པར་གྱུར་ཅིང་འདོད་པས་བྱི་ལར་སྐྱེས ་ནས་སྲོག་ཆགས་མང་པོ་གསོད་པར་བྱེད་ཅིང་བྱི་ལར་སྐྱེས་པ་ཡིན་ནོ། །དེ་ལ་བདག་ཉིད་བླ་ན་མེད་པའི་སྟོན་པ་ཡིན་པར་བསྟན་པར་བྱ་བའི་ཕྱིར་དང། རང་ཉིད་ཀྱི་ཉམས་སུ་མྱོང་བའི་ཆོས་བདུད་རྩི་ནི་མཁས་པ་ཤེས་པ་དང་ལྡན་པས་རིག ་པར་བྱ་བ་ཡིན་པར་བསྟན་པའི་ཕྱིར་དང། བདག་ཉིད་ཀྱི་སྔོན་གྱི་སློབ་དཔོན་ཡིན་པས་ཇི་ལྟར་རྙེད་པའི་ཆོས་བདུད་རྩི་བགོ་བཤའ་མཛད་ཅིང་བྱས་བ་མཁྱེན་པ་ཡིན་ནོ། ཞེས་ཇི་ལྟར་དེར་འདུས་ཤིང་འཚོགས་པའི་ལྟ་དང། ཀླུ་ལ་སོགས་པས་ཤེས་པར ་བྱ་བའི་ཕྱིར་ལྷག་སྤྱོད་དང། རིང་ཕུར་རྗེས་སུ་དྲན་པ་མཛད་པ་ཡིན་ནོ། །ལྷ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་སྐབས་གནང་བས་ཐུགས་ལ་བལྟས་ནས། དེ་དག་ནི་ཤི་ནས་ཞག་བདུན་དང་ཉི་མ་གསུམ་ལོན་ནོ་ཞེས་གསོལ་བ་ཡིན་གྱི། གཞན་དུ་ན་བཅོམ ་ལྡན་འདས་ཀྱི་ཐུགས་ནི་སུས་ཀྱང་ཤེས་པར་མི་ནུས་སོ། །ལྔ་སྡེ་དང། བཟང་པོའི་དེ་གང་ན་ཡོད་ཅེས་སྨེད་པ་འདི་ཡང་འདི་དག་ལས་མ་གཏོགས་པ་གཞན་ནི་ཆོས་ཟབ་མོ་འདིའི་སྣོད?་མ་ཡིན་ནོ། སྙམ་ནས་ཆོས་ཀྱི་སྣོད་ཡིན་པའི་དབང་དུ་མཛད་ནས་ཡིན་ལ། ་ལྷ་རྣམས་ཀྱིས་ཀྱང་ཐུཌ་ཤེས་ནས་ལྷ་དག་གིས་སྨྲས་པ་ན། ལྷ་དག་དང་སེཾས་ཅན་གཞན་མང་པོ་དག་གིས་ཀྱང་ངེས་པར་ད་ལྟར་འཛིན་པར་བྱེད་པས་དེ་ལྟ་བུའི་ཐབས་ལ་མཁས་པས་ཡིན་གྱིས། བཅོམ་ལྡན་འདས་ཀྱིས་མི་མཁྱེན་པ་ནི་མ་ཡིན་ནོ། །ཤིང་གི་ཕུང་པོ་ལྟ ་བུའི་མདོ་སྡེ་བསྟན་པ་ཡང་བསམ་པ་ངན་བ་ཅན་གྱི་དགེ་སློང་དྲུག་ཅུ་དང་ཚེ་ཟད་པའི་དགེ་སློང་དྲུག་ཅུ་དང། འདོད་ཆགས་ཤིན་ཏུ་དྲག་པའི་དགེ་སློང་དྲུག་ཅུ་ངན་སོང་དུ་སྐྱེ་བར་གཟིགས་ནས།། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཛད་དེ། དེ་རྣམས་ཀྱི ་ཆོས་བསྟན་པ་ཐོས་ནས་ཤི་འཕོས་ནས་ཁྱད་པར་ཅན་གྱི་འགྲོ་བར་སྐྱེས་པར་གྱུར་པ་ཡིན་ནོ། །ལས་ཀྱི་རྣམ་པར་སྨིན་པ་བསྟན་པ་ཡང?་ཐབས་ལ་མཁས་པ་ཡིན་གྱི། མི་མཁྱེན་པ་ནི་མ་ཡིན་ཏེ། ཇི་ལྟར་ཞེ་ན། མཉན་ཡོད་འདི་ཉིད་དུ་སྐྱེས་བུ་སྲིད་པ། ་ཐ་མ་ཉི་ཤུ་ཞིག་དགྲར་གྱུར་པ་ཉི་ཤུས་གསོད་པར་འདོད་པར་གྱུར་ལ། དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྟགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་བཞི་བཅུ་པོ་དེ་དག་གདུལ་བའི་དུས་ལ་བབ ་པ་དང། དེའི་དུས་སུ་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་ལ་ཕན་པར་ཡང་གཟིགས་ནས། སེང་ལྡེང་གི་ཚལ་པ་དེ་ཡང་བསྟན་ནས་བཀའ་སྩལ་པ། སེང་ལྡེང་གི་ཚལ་པ་འདི་ངའི་ཞབས་ལ་འཇུག་པར་འགྱུར་རོ། །དེ་ནས་མོངྒལ་གྱི་བུ་ཆེན་པོས ་གསོལ་པ། བདག་གི་འཇིག་རྟེན་གྱི་ཁམས་གཞན་དུ་བསྒྱུར་པར་བགྱིའོ། །ཞེས་སེང་ལྡེང་གི་ཚལ་པ་ལ་འཇུས་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་རབ་ཏུ་གཡོས་པར་གྱུར་ཅིང་སྟེང་དུ་འབྱུང་བར་གྱུར་ཀྱང། དེའི་སྐྲའི་རྩེ་མོ ་བརྒྱར་བཤགས་པ་ཙམ་ཡང་བསྐྱོད་པར་མ་ནུས་སོ། །དེས་ན་དེ་བཞིན་གཤེགས་པ་ཉིད་གདན་ལ་བཞུགས་བཞིན་དུ་ཕྱག་གཡས་པས་ཞབས་བཟུང་ནས་སེང་ལྡེང་གི་ཚལ་པ་དེའི་སྟེང་དུ་བཞག་གོ། དེས་རྡོ་རྗེའི་སྙིང་པོ་ལྟ་བུར་ཕུག་པར་གྱུར་ཏོ། །དེ་ནས ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་པོ་ངས་སྔོན་རྒྱ་མཚོའི་ནང་དུ་ཆོད་བ་ཞིག་མདུང་གིས་རྒྱབ་ནས་བས་དེ། ལས་དེའི་ལྷག་མ་འདི་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།དེ་ནས་གསོད་འདོད་པའི་སྐྱེས་བུ་ཉི་ཤུ ་པོ་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཆོས་ཀྱི་རྗེ་ཉིད་ལ་ཡང་རེ་ཞིག་འདི་ལྟར་ལས་རྣམས་སྨིན་པར་འགྱུར་ན། ཅིའི་ཕྱིར་ན་བདག་ཅག་ལ་འབྱུང་བར་མི་འགྱུར་སྙམ་ནས་དེ་རྣམས་ཀྱིས། དེ་བཞིན་གཤེགས་པའི་མདུན་དུ་ཉེས་པ་བཤགས་པ ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་བདག་ཅག་ངེས་པར་སྲོག་གཅོད་པའི་ལས་ལས་ཐར་བར་མཛད་དོ་ཞེས་གསོལ་ཏེ། དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་ཆོས་བསྟན་པ་མཛད་པས་སྐྱེས་བུ་བཞི་བཅུ་པོ་གང་ཡིན་པ་རྣམས་ཀྱིས་ནི ་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ། །སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་ནི་ཆོས་ཀྱི་མིག་རྣམ་པར་དྲག་པ་ཐོབ་བོ། །མིང་དང་རིགས་ལ་སོགས་པས་མ་བསྟན་ཀྱང་བསམ་པ་ངན་པ་སེམས་པ། སྨྲ་བ་ངན་པ་སྨྲ་བ། བྱ་བ་ངན་པ་བྱེད ་པའི་བྱིས་པ་ནི་ཐམས་ཅད་མཁྱེན་པ་སུན་འབྱིན་པ་ཡིན་ཞེས་བསྟན་པ་ཡིན་པས་དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་བཞིན་དུ་ནད་པ་ལ་ནད་དྲི་བ་ལ་སོགས་པ་ཡང་རྒྱས་པར་ཐབས་ལ་མཁས་པའི་མདོ་ལས་ཤེས་པར་བྱའོ། །ཐམས་ཅད་མཁྱེན ་པ་ཉིད་དུ་གྲུབ་པར་བསྟན་པ་སྟེ། །ལེའུ་བཅུ་པའོ།། །།བསྟན་བཅོས་བྱེད་པས་དོན་བྱ་བ་བྱས་ཟིན་ན་བསྟན་བཅོས་ཡོངས་སུ་རྫོགས་པར་སྟོན་པ་མངོན་པར་སྟོད་པ་ཐ་སྙད་ལ་ཡང་རྨོངས་གྱུར་པ། །ལྟ་པའི་ཕྲེང་འཁྲུག་འགྲོ་རྣམས ་ལས། །གཉིས་མེད་དེ་ཉིད་ནམ་མཁའ་འདྲ། །སྐལ་ལྡན་སེམས་ཅན་བཀྲི་ཕྱིར་དང། །འཇིག་རྟེན་གཉིས་ལ་ཕན་གདགས་ཕྱིར། །གང་གི་འཇིག་རྟེན་ཀུན་རྫོབ་ནི། །འཇིག་རྟེན་འདས་ཀྱང་སྟོན་མཛད་པ། །འཇིག་རྟེན་རིག་པ་དེ་ལ་འདུད། །ཐ་སྙད་ནི་ཐ་སྙད ་དུ་བྱེད་པ་སྟེ། འཇིག་རྟེན་གྱི་ཀུན་རྫོབ་པོ། །དེ་ལ་ཡང་རྨོངས་པ་ནི་འགྲོ་བ་རྣམས་ཏེ། ཇི་ལྟར་ཞེ་ན། ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་ཀྱི་ཕྲེང་བའི་དྲ་བས་ཀུན་ནས་འཕྲུགས་པའི་ཕྱིར་རོ། །ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་གང་ཡིན་ཞེ་ན། མདོ་སྡེ་ཚངས ་པའི་དྲ་བ་ལས་གསུངས་པ་སྟེ་།འདི་ལྟར་སྔོན་གྱི་མཛའ་ལ་རྟོགས་པའི་མུ་སྟེགས་ནི་བཅོ་བརྒྱད་དེ། དེ་རྣམས་ལས་བཞི་ནི་རྟག་པར་སྨྲ་བའོ། །བཞི་ནི་གཞན་འགའ་ཞིག་རྟག་པར་སྨྲ་བའོ། །བཞི་ནི་མཛའ་དང་ལྡན་པ་དང་མི་ལྡན་པར་སྨྲ་བའོ། །གཞི ་ནི་དག་གི་རྣམ་པར་གཡེང་བ་ཅན་ནོ། །གཉིས་ནི་རྒྱུ་མེད་པར་འབྱུང་བར་སྨྲ་བ་སྟེ་དེ་ལྟར་བཅོ་བརྒྱད་དོ། །ཕྱི་མའི་མཛའ་ལ་རྟོག་པ་ནི་བཞི་བཅུ་རྩ་བཞི་སྟེ། དེ་རྣམས་ལས་བཅུ་དྲུག་ནི་འདུ་ཤེས་དང་ལྡན་པར་སྨྲ་པའོ། །བརྒྱད་ནི་འདུ་ཤེས་མེད་པར་སྨྲ ་པའོ། །བརྒྱད་ནི་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བའོ། །ལྔ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བའོ། །བདུན་ནི་ཚད་པར་སྨྲ་བ་སྟེ་ལྟ་བ་བཞི་བཅུ་རྩ་བཞི་ཡིན་ནོ། །དེ་ལ་རྟག་པར་སྨྲ་བ་བཞི་ནི་འདི་ལས ་ཕྱི་རོལ་ཏུ་གྱུར་པའི་དགེ་སྦྱོང་དང་བྲམ་ཟེ་འགའ་ཞིག་འཇིག་རྟེན་པའི་ཡང་དག་པའི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་གོམས་པར་བྱས་པ་ལས་བློ་དམན་པ་དང། འཇིག་པ་དང། ཆགས་པའི་བསྐལ་པ་སུམ་ཅུ་རྗེས་སུ་དྲན་པར་འགྱུར ་ལ། དེའི་ཕྱི་རོལ་ལ་ཤེས་པ་མི་འཇུག་པ་ཡང་ཡོད་དོ། །བློ་འབྲིང་པོ་འགའ་ཞིག་ནི་འཇིག་པ་དང་ཆགས་པའི་བསྐལ་པ་དྲུག་ཅུ་རྗེས་སུ་དྲན་པ་ཡོད་དོ། །དེ་ལས་གཞན་པ་བློ་རྣོན་པོ་དག་གིས་ནི་བསྐལ་པ་དགུ་བཅུ་རྗེས་སུ་དྲན་པ་ཡང་ཡོད་ལ། །དེའི་ཕ ་རོལ་ན་ནི་འཇིག་རྟེན་པ་མེད་དོ། །ཡང་གཞན་དག་ལྷའི་མིག་གིས་སེམས་ཅན་འཆི་འཕོ་བ་དང། སྐྱེ་བ་མཐོང་བ་ཡང་ཡོད་དེ། དེ་རྣམས་ནི་རྒྱུ་བཞི་པོ་འདིས་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ཁོ་ན་འཁོར་བར་རྒྱུག་ཅིང་འཁོར་གྱི། སེམས་ཅན ་གཞན་ནི་མེད་པས་ཉུང་བ་ཡང་མ་ཡིན་མང་བ་ཡང་མ་ཡིན་ཏེ། དེས་ན་བདག་དང་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་ནོ་སྙམ་དུ་ཤེས་སོ་ཞེས་སྨྲ་བ་དག་གོ་།འགའ་ཞིག་རྟག་པར་སྨྲ་བ་བཞི་ནི་འདི་ལྟར་འཇིག་རྟེན་ཆགས་པར་གྱུར་པ་ན། ཚེ་ཟད་པ་དང། ་ལས་ཟད་པ་དང། བསོད་ནམས་ཟད་པའི་སེམས་ཅན་འགའ་ཞིག་འོད་གསལ་གྱི་ལྷ་ལས་ཤི་འཕོགས་ནས་ཚངས་པའི་གཞལ་ཡས་ཁང་སྟོང་པར་སྐྱེས་པ་ན་དེ་བོང་ཚེད་དང། གཟུགས་དང། སྟོབས་དང་ལྡན་པར་འགྱུར་ཞིང་ཚེ་རིང་རིང་དུ ་གནས་པས་དེ་དུས་རིང་པོར་གནས་ཤིང་འདས་པ་ན། ཨེ་མའོ་འདིར་སེམས་ཅན་གཞན་ཞིག་སྐྱེས་པར་གྱུར་ན་ཅི་མ་རུང་སྙམ་པའི་དགའ་བ་སྐྱེ་བར་འགྱུར་རོ། །དེ་ནས་ཚེ་དང་ལས་དང། བསོད་ནམས་ཟད་པའི་སེམས་ཅན་གཞན་འགའ་ཞིག་འོད ་གསལ་ནས་ཤི་འཕོས་ནས་ཚངས་པའི་གཞལ་ཡས་ཁང་སྟོང་པར་སྐྱེ་བར་འགྱུར་རོ། །དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་ཚངས་པ་འདིས་སྤྲུལ་ལོ། སྙམ་ཚངས་པ་ཡང་འདི་སྙམ་དུ་བདག་གིས་འདི་དག་བསྐྱེད་དོ་སྙམ་དུ་སེམས་སོ། །དེ་ནས ་འགའ་ཞིག་ཤི་འཕོས་ནས་འདིར་སྐྱེས་པར་གྱུར་ལ་ཁྱིམ་སྤངས་ནས་རབ་ཏུ་བྱུང་ཞིང་སེམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྔོན་གྱི་སྐྱེ་བ་རྗེས་སུ་དྲན་ནོ། །དེ་དག་འདི་སྙམ་དུ་གང་སྤྲུལ་པར་བྱེད་པའི་ཚངས་པ་དེ་ནི་རྟག་པ་ཉིད་ཡིན་ལ། ཡང་བདག་ཅག་ནི་དེས་སྤྲུལ་པ་མི་རྟག ་པ་ཉིད་ཡིན་ནོ། སྙམ་དུ་སེམས་ལ་ཚངས་པ་དེ་ལ་ཡང་སྡིག་པ་ཅན་གྱི་ལྟ་བ་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། གང་ས་དང་ཆུ་དང། མེ་དང། རླུང་གི་ཁམས་རྣམས་དང། གང་ཡང་མིག་དང་རྣ་བ་དང། སྣ་དང། ལྕེ་དང། འདུ་ཤེས་བྱ་བའི་ཆོས་འདི་རྣམས་ནི ་མི་རྟག་པ་མེ་བརྟན་པ་ཐེར་ཟུག་པ་མ་ཡིན་པའོ། །གང་སེམས་དང་ཡིད་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་འདི་རྣམས་ནི་རྟག་པ་བརྟན་པ། ཐེར་ཟུག་པའོ། ཞེས་སྟོན་པར་བྱེད་ལ། དེ་ནས་འགའ་ཞིག་ཤི་འཕོས་ནས་འདིར་སྐྱེས་ལ། རབ་ཏུ་བྱུང་ཞིང་སེམས ་ཀྱི་ཏིང་ངེ་འཛིན་ཀྱི་སྟོབས་ཀིས་སྔོན་གྱི་སྐྱེ་གནས་རྗེས་སུ་དྲན་པར་འགྱུར་ལ། དེ་ཉིད་ཀྱི་ཚངས་པའི་སྡིག་པ་ཅན་གྱི་ལྟ་བ་དེས་ལ་སོགས་པ་ནི་ཐེར་ཟུག་པ་མ་ཡིན་ལ། སེམས་དང། ཡིད་དང། རྣམ་པར་ཤེས་པ་ནི་ཐེར་ཟུག་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །རྩེད ་མོས་ཤེས་བཞིན་མ་ཡིན་པ་ཅན་ཞེས་བྱ་བའི་ལྷ་ཡོད་དེ། དེ་དག་གཞན་དང། རྩེད་མོའི་དགའ་བ་ལ་ཤིན་ཏུ་གནས་པར་གྱུར་པ་ན་དེ་དག་གི་དྲན་པ་དང། ཤེས་བཞིན་མེད་པར་གྱུར་ནས་ལུས་ཤི་འཕོས་པར་གྱུར་ཏེ། འདིར་སྐྱེས་པ་དང། སེམས་ཀྱི་ཏིང་ངེ་འཛིན་ ་གྱི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་གྱུར་ནས་འདི་ལྟར་གང་དག་ག་ཞ་དང། རྩེད་མོའི?་དགའ་བ་ལ་ཤིན་ཏུ་མི་དགའ་བ་དེ་དག་ནི་རྟག་པ་ཡིན་ནོ། །ཡང་ཁོ་བོ་ཅག་ནི་དུས་རིང་པོར་ག་ཞ་དང། རྩོད་མོའི་དགའ་བ་ལ་གནས་པས་དེ་ནས་ཤི་འཕོས་པ་ཡིན་པས་མི་རྟག་པ་ཡིན་ནོ ་ཞེས་སྟོན་པར་བྱེད་དོ། །ཡང་ཡིད་ཀྱི་སྡང་བ་ཅན་ཞེས་བྱ་བའི་ལྷ་ཡོད་དེ། དེ་དག་དུས་རིང་པོར་གཅིག་ལ་གཅིག་ཕན་ཚུན་ལྟ་ཞིང་ཡིད་ཀྱི་སྣང་བས་སྡང་བ་བྱེད་དོ། །དེ་ནས་ལུས་ཤི་འཕོས་པར་འགྱུར་ཞིང། འདིར་སྐྱེས་པར་གྱུར་ནས་རབ་ཏུ་བྱུང་ཞིང་སེམས་ཀྱི་ཏིང་ངེ ་འཛིན་གྱི་སྟོབས་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པར་གྱུར་པ་དང། འདི་སྐད་དུ་གང་ཕན་ཚུན་ཡིད་སྡང་བར་མི་བྱེད་པ་དེ་ནི་རྟག་པའོ། །ཡང་ཁོ་བོ་ཅག་ནི་ཕན་ཚུན་ཡིད་སྡང་བར་བྱས་པས་དེ་ནས་ཤི་འཕོས་པ་ཡིན་པས་མི་རྟག་པ ་ཡིན་ནོ། །ཞེས་ཟེར་རོ། །མཛའ་དང་ལྡན་པ་དང་མཛའ་དང་མི་ལྡན་པར་སྨྲ་བ་བཞིན་ནི། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་འགའ་ཞིག་བདག་དང་འཇིག་རྟེན་གྱི་མཛའ་ལ་ལྟ་བར་བྱེད་པ་ན་ཤེས་པ་ཆུང་བ་ཡིན་པའི་ཕྱིར། གང་ཕན་ཆད་ཤེས་པ་མི་འཇུག་པ་དེ་ལ ་མཛའ་ཡིན་ནོ། །ཞེས་རབ་ཏུ་སྨྲ་བར་བྱེད་དོ། །ཡང་ཁ་ཅིག་ནི་སེམས་ཀྱི་ཏིང་ངེ་འཛིན་གྱིས་སྟེང་དང། འོག་དང། ཐད་ཀར་ཡང་འཇིག་རྟེན་གྱི་མཛའ་མཐོང་བར་མ་གྱུར་པ་ན། འཇིག་རྟེན་ན་ནི་མཛའ་དང་མི་ལྡན་པའོ། །ཞེས་སྨྲ་བར་བྱེད་དོ། །ཁ་ཅིག་ནི་མིའི ་འཇིག་རྟེན་ནི་མཛའ་དང་ལྡན་པ་ཡིན་ལ། ཚངས་པའི་འཇིག་རྟེན་ནི་མཛའ་དང་མི་ལྡན་པ་ཡིན་པས་དེ་ནས་འཇིག་རྟེན་ནི་མཛའ་དང་ལྡན་པ་ཡང་ཡིན། མཛའ་དང་མི་ལྡན་པ་ཡང་ཡིན་ནོ་ཞེས་འདོད་དེ། །ཡང་དགེ་སྦྱོང་དང་བྲམ་ཟེ་རྟོག་གེ་དང ་ལྡན་བ། དཔྱོད་པ་དང་ལྡན་པར་གྱུར་པ་འགའ་ཞིག་ནི་དེས་རྟོག་གེ་དང་རབ་ཏུ་ལྡན་པའི་བློས་འདི་ལྟར་དཔྱོད་དེ། གང་རེ་ཞིག་འཇིག་རྟེན་མཛའ་དང་ལྡན་ཞེས་ཟེར་བ་དེ་རྣམས་ཀྱི་ཤེས་པ་ཡང་མི་བདེན་པ་ཡིན་ལ་།ད་ལྟ་གང་ཡང་འཇིག་རྟེན་མཛའ་ ་དང། མི་ལྡན་ཞེས་ཟེར་བ་ཡང་མི་བདེན་པ་ཡིན་ཏེ་།གང་གི་ཕྱིར་འཇིག་རྟེན་ནི་མཛའ་དང་ལྡན་པ་ཡང་མ་ཡིན་མཛའ་དང་མི་ལྡན་པ་ཡང་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་འདི་ཡི་ཆེད་གཞལ་པར་མི་ནུས་པ་དེའི་ཕྱིར་ན་མཛའ་དང་ལྡན་པ་ཡང ་མ་ཡིན་ལ། འདི་ལྟར་ཚངས་པ་ལ་སོཌ་པ་ན་ལྗང་བའི་བར་ལ་མཛའ་ཡོད་པས་དེས་ན་མཛའ་མེད་པ་ཡང་མ་ཡིན་ནོ། ཞེས་བྱ་བའོ། །ངག་གི་རྣམ་པར་གཡེང་བ་ཅན་བཞི་ནི་འདིར་འགའ་ཞིག་ལ་དགེ་བ་དང་མི་དགེ་བའི་འབྲས་བུ་ཅི་ཡོད་པ་ཞིག ་ཡིན་ནམ། མེད་པ་ཞིག་ཡིན་ཞེས་དྲི་བ་དྲིས་པ་ནི། དེ་རྡུགས་ཀྱི་དོགས་པའི་འཇིགས་པས། རྡུགས་ན་མི་རུང་ངོ་སྙམ་ནས་ཚིག་གིས་གཡེངས་པར་བྱེད་དེ། དེ་ལྟ་བུ་ཡང་མ་ཡིན། དེ་བཞིན་དུ་ཡང་མ་ཡིན་གཞན་ཡང་མ་ཡིན། འདི་ཡང་མ་ཡིན། དེ་ཡང་མ་ཡིན། འདི་མ ་ཡིན་པ་ཡང་མ་ཡིན་ནོ། ཞེས་སྨྲ་བར་བྱེད་དེ། དེ་བཞིན་དུ་ཅི་འཇིག་རྟེན་ཕ་རོལ་ཡོད་དམ་མེད། ཅེས་དྲིས་པ་ན། གལ་ཏེ་རེ་ཞིག་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་སྨྲ་ན་ནི་བདག་གི་མངོན་སུམ་དུ་མ་གྱུར་ལ་།འོན་ཏེ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་སྨྲ་ན་ཡང། ་ལྷའི་མིག་དང་ལྡན་པ་འཇིག་རྟེན་ཕ་རོལ་རིག་པ་དག་ཡོད་པས། དེས་བདག་རྡུགས་པ་དག་བྱས་པར་འོང་ངོ། །ཞེས་རྫུན་སྨྲས་ན་འཇིགས་པ་དེ་ལྟར་ཡང་མ་ཡིན། ཞེས་བྱ་བ་ལ་སོགས་པའི་ཚིག་གིས་གཡེང་པར་བྱེད་དོ། །དེ་བཞིན་དུ་འགའ་ཞོག་ལ་འདི་ལྟར ་དག་འམ། ཞེས་དྲིས་པ་ནས་བདག་གིས་ངེས་པར་དགེ་བ་ནི་འདི་ལྟ་བུའི་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། བདག་གིས་ངེས་པར་ཤེས་ཤིང་མཐོང་ཡང་དགེ་བ་ནི་འདི་ལྟ་བུའོ། །ཞེས་ལུང་བསྟན་ན་ཡང་བདག་དེ་ལ་ཕན་འདོགས་པར། ་འགྱུར་ལ། ཤེས་ཤིང་མཐོང་ལ་ལུང་དུ་མ་བསྟན་ན་ཡང་བདག་ངེས་ཚར་གཅོད་པར་འགྱུར་བས་དེ་ལྟར་ན་ཕན་འདོགས་པ། ཚར་གཅོད་པའི་འཇིགས་པས་དེ་ལྟ་ཡང་མ་ཡིན་ཞེས་བྱ་བའི་ཚིག་གིས་གང་ཟག་གཡེང་བར་བྱེད་དོ། །དེ་བཞིན་དུ་འགའ་ཞིག ་ཤིན་ཏུ་ཞུམ་ཞིང་རྨོངས་པར་གྱུར་པ་དེ་ལ་དྲིས་པ་ན་མཐུན་པས་ལན་འདེབས་པར་མི་ནུས་པ་ཡིན་པའི་ཕྱིར། དེ་ལྟར་ཡང་མ་ཡིན་དེ་བཞིན་དུ་ཡང་མ་ཡིན་།གཞན་དུ་ཡང་མ་ཡིན། གཞན་མ་ཡིན་པ་ཡང་མ་ཡིན་།ཞེས་བྱ་བའི་ཚིག་གི་རྣམ་པར ་གཡེང་བར་བྱེད་པའོ། །རྒྱུ་མེད་པ་ལས་འབྱུང་བར་སྨྲ་བ་གཉིས་ནི་འདུ་ཤེས་མེད་པའི་སེམས་ཅན་ཞེས་བྱ་བའི་ལྷ་ཡོད་དེ། དེ་དག་ལ་ནི་འདུ་ཤེས་འབྱུང་བར་གྱུར་པ་ཙམ་གྱི་ལུས་འཆི་འཕེ་བར་འགྱུར་རོ། །དེ་དག་ལ་ཁ་ཅིག་འདིར་སྐྱེས་པར་གྱུར་པ་ལ ་རབ་ཏུ་བྱུང་ཞིང་སེམས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་སྔོན་གནས་རྗེས་སུ་དྲན་པར་གྱུར་ལ། འདི་སྐད་དུ་བདག་སྔོན་མེད་པ་ལས་བྱུང་བ་ཡིན་པའི་ཕྱིར། དེས་ན་བདག་ནི་མེད་པ་ལས་བྱུང་བ་ཡིན་ཏེ། རྒྱུ་མེད་པ་ལས་སྐྱེས་པ་ཡིན་ནོ ་ཞེས་ཟེར་རོ། །གང་རྟོག་གེ་པར་གྱུར་པ་ཁ་ཅིག་ནི་རྟོག་གེ་དང་བཅས་པའི་རིམ་གྱིས་རང་གི་མཐོང་བ་དང། རང་གི་སྤོབས་པ་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ། །ཞེས་སྨྲས་ཏེ། དེ་ལྟར་ན་སྔོན་གྱི་མཛའ་ལས་རྟོག་པ་བཅོ་བརྒྱད་པ ་ཡིན་ནོ། །ཕྱི་མའི་མཛའ་ལ་རྟེན་པ་འདུ་ཤེས་སུ་སྨྲ་བ་བཅུ་དྲུག་ནི་བདག་དང་འཇིག་རྟེན་ནི་གཟུགས་ཅན་འདུ་ཤེས་དང་ལྡན་པའོ། ཞེས་བྱ་བ་དང། བདག་ནི་གཟུགས་མེད་པ་འདུ་ཤེས་དང་ལྡན་པའོ། །ཞེས་བྱ་བ་དང་བདག་དང་འདུ་ཤེས་ནི་གཟུགས ་ཅན་ཡང་ཡིན་།གཟུགས་མེད་པ་ཡང་ཡིན་ཞེས་བྱ་བ་དང། བདག་དང་འདུ་ཤེས་ནི་གཟུགས་ཅན་ཡང་མ་ཡིན་ཏེ། གཟུགས་མེད་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་རྨོངས་པའོ་ཞེས་བྱ་བ་དང། བདག་འདུ ་ཤེས་ཅན་ནི་མཛའ་དང་ལྡན་པའོ། ཞེས་བྱ་བ་དང། བདག་འདུ་ཤེས་ཅན་ནི་མཛའ་དང་མི་ལྡན་བའོ་ཞེས་བྱ་བ་དང། བདག་འདུ་ཤེས་ཅན་ནི་མཛའ་དང་ལྡན་པ་ཡང་མ་ཡིན། མཛའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི ་བརྫུན་པའོ། ཞེས་བྱ་བ་དང། དེ་བཞིན་དུ་བདག་འདུ་ཤེས་ཅན་ནི་གཅིག་ཏུ་བདེ་བ་ཞེས་བྱ་བ་དང། གཅིག་ཏུ་སྡུག་བསྔལ་ཞེས་བྱ་བ་དང། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་ཞེས་བྱ་བ་དང། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང ་མ་ཡིན་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བ་དང། བདག་འདུ་ཤེས་ཅན་གཅིག་པུའི་ཞེས་བྱ་བ་དང། བདག་འདུ་ཤེས་ཅན་དུ་མའོ་ཞེས་བྱ་བ་དང། བདག་འདུ་ཤེས་ཅན་མཛའ་མེད་པའོ། ཞེས་བྱ་བ་དང་བདག་འདུ་ཤེས་ཅན་ནི ་ཚད་མེད་པའོ་ཞེས་བྱ་བ་འདི་རྣམས་ཉིད་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའོ། །འདུ་ཤེས་མེད་པར་སྨྲ་བ་བརྒྱད་ནི་བདག་དང་འཇིག་རྟེན་འདུ་ཤེས་མེད་པ་གཟུགས་ཅན་ནོ་ཞེས་བྱ་བ་དང། དེ་བཞིན་དུ་གཟུགས་མེད་པའོ་ཞེས་བྱ་བ་དང། གཟུགས་ཅན་ཡང་ཡིན ་གཟུགས་མེད་པ་ཡང་ཡིན་ཞེས་བྱ་བ་དང། བདག་འདུ་ཤེས་མེད་པ་ནི་གཟུགས་ཅན་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ཞེས་བྱ་བ་དང། བདག་མཛའ་དང་ལྡན་པ་དང་བདག་མཛའ་དང་མི་ལྡན་པ་དང། མཛའ་དང་ལྡན་པ་ཡང་ཡིན་མཛའ་དང་མི་ལྡན་པ་ཡང ་ཡིན་པ་དང། བདག་འདུ་ཤེས་མེད་པ་ནི་མཛའ་དང་ལྡན་པ་ཡང་མ་ཡིན། མཛའ་དང་མི་ལྡན་པ་ཡང་མ་ཡིན། ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་པ་དག་གོ་།འདུ་ཤེས་མེད་འདུ་ཤེས་མེད་མིན་སྨྲ་བ་བརྒྱད་ནི་བདག་གཟུགས་ཅན་ནི་འདུ་ཤེས ་མེད་འདུ་ཤེས་མེད་མིན་པ་ཡང་མ་ཡིན་ཞེས་བྱ་བ་དང། དེ་བཞིན་དུ་གཟུགས་ཅན་མ་ཡིན་པ་དང། གཟུགས་ཅན་ཡང་ཡིན་གཟུགས་ཅན་མ་ཡིན་པ་ཡང་ཡིན་ཞེས་བྱ་བ་དང། མཛའ་དང་ལྡན་པ་ཡང་ཡིན། མཛའ་དང་མི་ལྡན་པ་ཡང་ཡིན་པར་ང། བདག་འདུ ་ཤེས་མེད་འདུ་ཤེས་མེད་མིན་ནི་མཛའ་དང་ལྡན་པ་ཡང་མ་ཡིན། མཛའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་འདི་དག་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བ་ལྔ་ནི། འདི་ན་དགེ་སྦྱོང་ངམ་བྲམ་ཟེ ་འགའ་ཞིག་འདི་སྐད་དུ་གང་གི་ཚེ་བདག་འདོད་པའི་ཡོན་ཏན་ལྔ་མཚུངས་པར་ཐོབ་ཅིང་མཚུངས་པར་སྤྱོད་ལ་མཚུངས་པར་ལྡན་པར་གྱུར་ཅིང་།ཡོངས་སུ་སྤྱོད་པར་གྱུར་བ་དེའི་ཚེ་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་གྱུར་པ་ཡིན་ནོ། ཞེས་ཟེར་རོ་གཞན་དག་ནི་འདི་སྐད་སྨྲ་སྟེ། ་འདི་ཡང་མཐོང་བའི་ཆོས་ལ། མྱ་ངན་ལས་འདའ་བ་ཡིན་ལ། འོན་ཀྱང་འདི་བས་མཆོག་ཏུ་གྱ་ནོམ་པ་འགའ་ཞིག་ཡོད་དེ། གང་ཡིན་ཞེ་ན། འདི་ལ་བདག་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང ་ཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་མངོན་བར་བསྒྲུབས་ནས་གནས་ཏེ། དེ་ལྟ་བུ་ནི་རེ་ཞིག་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང། གསུམ ་པ་དང། བཞི་པ་མངོན་པར་བསླབས?་ནས་གནས་པ་ནི་རེ་ཞིག་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཐོབ་པར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །ཆད་པར་སྨྲ་བ་བདུན་ནི་འདི་ན་འགའ་ཞིག་བདག་ཅི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་ཅན་ཏེ་ཕ་དང་མ་ལས ་བྱུང་བཅང་ཅིང་ཉམས་པར་འགྱུར་བ་ཙམ་ཉིད་མ་ཡིན་པས་བདག་ནི་ཡང་དག་པར་ཆད་པར་འགྱུར་བ་ཡིན་ནོ། ཞེས་ཟེར་རོ། །ཡང་གཞན་དག་ནི་གང་གི་ཚེ་བདག་འདོད་པ་ན་སྤྱོད་པའི་ལྷའི་ལུས་ཁམ་གྱི་ཟས་ཀྱི་འཚོ་བར་གྱུར་ཅིང་།རྣམ་པར་འཇིག་པར ་འགྱུར་བའི་ཕྱིར་བདག་ནི་ཡང་དག་པར་ཆད་པར་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་དག་ནི་ཡིད་ཀྱི་རང་བཞིན་གྱི་ལྷའི་ལུས་ཡན་ལག་དང། ཉིད་ལག་ཐམས་ཅད་ཡོངས་སུ་རྫོགས་པ་དབང་པོ་མ་ཚང་བ་མེད་པ་རྣམ་པར་འཇིག་པར་འགྱུར་བ་དེ ་ལྟ་བུ་ནི་བདག་ཡང་དག་པར་ཆད་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལས་གཞན་པ་དག་ནི་གང་གི་ཚེ་བདག་གཟུགས་མེད། འདུ་ཤེས་ཀྱི་རང་བཞིན་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཐོབ་པར་གྱུར་པ་དང། འདུ་ཤེས་ཀྱི་རང་བཞིན་རྣམ་ཤེས ་མཛའ་ཡས་སྐྱེ་མཆེད་ཐོབ་པར་གྱུར་པ་དང། འདུ་ཤེས་ཀྱི་རང་བཞིན་ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ་པར་གྱུར་ཅིང། རྣམ་པར་འཇིག་པར་གྱུར་པ་ནི་བདག་ཡང་དག་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཡང་གཞན་གྱིས་སྨྲས་པ། འདི་ཡང་ཡང་དག་པར ་ཆད་བ་མ་ཡིན་གྱི། འོ་ན་ཇི་ལྟ་བུ་ཞེ་ན། གང་ཡང་བདག་གཟུགས་མེད་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཐོབ་པར་གྱུར་ཅིང། རྣམ་པར་འཇིག་པར་གྱུར་པ་དེ་ལྟ་བུ་ནི་བདག་ཡང་དག་པར་ཆད་པར་གྱུར་བ་ཡིན་ནོ་ཞེས་ཟེར་ཏོ། འདི་དག ་ནི་ལྟ་བ་ངན་བའི་ཕྲེང་བ་དྲུག་ཅུ་རྩ་གཉིས་ཡིན་ནོ། །དེ་བཞིན་གཤེགས་པ་ནི་དེ་དག་བདེན་པ་མ་ཡིན་ནོ། ཞེས་བྱ་བར་མཁྱེན་ནས་དེ་དག་ལས་རྣམ་པར་གྲོལ་བ་ཡིན་ནོ། །འཇིག་རྟེན་ནི་དེ་དག་ལ་འཛིན་པ་ཉིད་ཡིན་པའི་ཕྱིར་རྨོངས་པར་གྱུར་པའོ། །ཤིན་ཏུ་རྨོངས་པར ་གྱུར་པ་དེ་དག་ཉིད་དངོས་པོ་དང་དངོས་པོ་མེད་པ་གཉིས་ལས་གྲོལ་བ། ནམ་མཁའ་དང་འདྲ་པ་གོས་པ་མེད་པའི་དོན་དམ་པའི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་བཀྲི་བར་བཞེད་པས་འཇིག་རྟེན་འདི་ལྟ་བ་རྣམ་པར་དག་པར་བྱ་བ་དང། འཇིག་རྟེན་ཕ་རོལ་ཏུ་ ་ཕྱིན་པ་དང་བདེ་བ་བསྐྱེད་པས་འཇིག་རྟེན་གཉིས་ལ་ཕན་གདགས་པའི་ཕྱིར་ཏེ། དེའི་དོན་དུ་སྟེ་གང་གི་ལྟ་བ་ངན་པར་ལྟུང་བའི་འཇིག་རྟེན་དང་ཐུན་མོང་པ་ཡིན་པ། འཇིག་རྟེན་གྱི་ཡང་དག་པའི་ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་དངོས་པོ་མེད་པ་ཉིད ་དུ་ཡོངས་སུ་མཁྱེན་པས་ཁམས་གསུམ་ལས་ཤིན་ཏུ་འདས་ཀྱང་སྟོན་པར་མཛད་དོ། །འཇིགས་པར་འགྱུར་བའི་དོན་གྱིས་ན་གང་གིས་དེ་ལྟར་མཁྱེན་པ་དེ་ལ་འདུད་དོ། ཞེས་བྱ་བ་ཕྱག་འཚལ་བའོ། །དེ་ལྟར་བསྟན་པའི་བསྟན་བཅོས་ཀྱི་མཚན་བརྗོད་པའི་སྒོ ་ནས་ཡོངས་སུ་རྫོགས་པར་བསྟན་པ་དེ་ལྟར་འདི་ནི་དབུ་མ་ཡི། །སྙིང་པོ་མདོར་བསྡུས་བྱས་པ་ཡིན། །བློ་ལྡན་མདོ་སྡེ་དུ་མ་ཡི། །གཟུགས་བརྙན་བལྟ་བའི་མེ་ལོང་ཡིན། །དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་རིམ་པ་ཡིས་སོ། །མཛའ་གཉིས་རྣམ་པར་སྤངས་པས ་དབུས་དང་འདྲ་བས་ན་དབུ་མ་སྟེ། དབུས་ཉིད་དབུ་མའོ། །ཞེས་རང་གི་དོན་དེ་ལ་ཕན་པ་བརྗོད་པའོ། །དབུ་མའི་ལམ་དེ་སྟོན་པར་བྱེད་ཅིང། སྒྲོག་པར་བྱེད་པས་བཀའ་ཞེས་བྱ་སྟེ། སྐད་ཀྱི་དབྱིངས་ཀྱི་སྒྲ་ལ་དབུ་མའི་བསྟན་བཅོས་ཞེས་བྱ་བ་འམ། དབུ་མ་ཞེས ་བྱ་བའི་མིང་གང་ལ་ཡོད་པ་དེ་ནི་དབུ་མའོ། །ཡང་ན་ཀ་ཞེས་བྱ་བའི་མིང་གིས་བརྗོད་པ་ཡིན་པས། དབུ་མ་ཞེས་བྱ་སྟེ། དབུ་མའི་གྲུབ་པའི་མཛའ་ཨོ། འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡོངས་སུ་རྫོགས་པའི་བསྟན་བཅོས་སོ། །མདོར་བསྡུས་ཞེས ་བྱ་བ་ནི་ཚིག་གི་རིམ་པ་རྒྱས་པ་སྤངས་པའོ། །སྙིང་པོ་ཞེས་བྱ་བ་ནི་སྙིང་པོའི་དོན་སྒྲུབ་པར་བྱེད་པའོ། །བྱས་པ་ཞེས་བྱ་བ་ནི་རྣམ་པར་བཀོད་པ་སྟེ། བདག་ཤེས་རབ་ཀྱིས་དཔྱོད་པར་བྱེད་པས་སོ། །དེས་ན་བསྟན་བཅོས་བྱེད་པའི་སློབ་དཔོན ་བདག་ཉིད་བསྟན་པ་ཡིན་ནོ། །བློ་ལྡན་ཞེས་བྱ་བ་ལ་བློ་ནི་རིགས་པ་དང་མི་རིགས་པ་དཔྱོད་པར་བྱེད་པའི་ཤེས་རབ་སྟེ། གང་དག་ལ་དེ་ཡོད་པ་ནི་བློ་ལྡན་ནོ། །མདོ་སྡེ་དུ་མའི་གཟུགས་བརྙན་ལྟ་བའི་མེ་ལོང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི ་ཐེག་པ་ཆེན་པོའི་མདོ་སྡེ་མ་ལུས་པའི་ཡང་དག་པའི་དོན་གྱི་ལུས་ཀྱི་རང་གི་ངོ་བོ་སྒྲུབ་པར་བྱེད་པས། དྲི་མ་མེད་པའི་མེ་ལོང་ལྟ་བུ་སྟེ། འདི་ལྟར་དབུ་མའི་སྙིང་པོའི་བསྟན་བཅོས་འདིའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ ་ཆེན་པོའི་མདོ་སྡེ་མ་ལུས་པའི་དོན་ཡོངས་སུ་གསལ་བར་བྱད?་པའོ། །དབུ་མའི་སྙིང་པོའི་བསྟན་བཅོས་འདི། །ཡང་དག་བཀྲོལ་ནས་དགེ་བ་ནི། །ཅུང་ཞིག་བདག་གིས་གང་ཐོབ་ངེས། །འགྲོ་རྣམས་བྱང་ཆུབ་སྣོད་གྱུར་ཅིག་།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ ་འབར་བ་ལས། བསྟོད་པ་དང་མཚན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། །སློབ་དཔོན་བྷ་བྱས་མཛད་པ་རྫོགས་སོ།། །།དབུ་མའི་སྙིང་པོའི་རྟོག་གེ་འབར་བ་འདི། །མཁས་བཙུན་ཤེས ་རབ་འོད་གསལ་གཉིས་ཀྱིས་བསྒྱུར། །དེ་ཡི་བསོད་ནམས་ཅུང་ཞིག་གང་ཐོབ་དེས། །སྟོན་པ་བློ་གསལ་ཡོན་བདག་འཁོར་བཅས་དང། །འགྲོ་བ་མཛའ་ཡས་མ་ལུས་ཐམས་ཅད་ཀྱིས། །ལོག་རྟོག་ལྟ་བའི་དྲི་མ་ཀུན་སྤངས་ནས། །འགྲོ་ཀུན་བྱང ་ཆུབ་འཚང་རྒྱ་མྱུར་ཐོབ་ཤོག། གཟིགས་པ་རྣམས་ཀྱིས་མི་བཅའ་མི་བསྟིང་ཞུ། །རས་འཕྲུལ་སྣང་གཙུག་ལག་ཁང་གི་གཞིར། །རྒྱ་གར་གྱི་མཁན་པོ་དཱི་བཾ་ཀར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང། ལོཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུ ་ཏེ་གཏན་ལ་ཕབ་པའོ།། །།*། །དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བ་སློབ་དཔོན་ནག་པོ་པས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། མ་དྷཡ་མ་པྲ་ཏཱི་དྱ་ས་མུང་པཱ་ད་ནཱ་མ། བོད་སྐད་དུ། དབུ་མ་རྟན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ?། ་