| Wylie | e-texts based on the ACIP/ALL Input |
#། །རྒྱ་གར་སྐད་དུ། མ་དྷཡ་མ་ཀ་ཧྲི་ད་ཡ་ཀཱ་རི་ཀ་།བོད་སྐད་དུ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་དེ་ཉིད་རབ་བརྟག་མིན། །རྣམ་ཤེས་བྱ ་མིན་གཞིམ་ཡིན། །མཚོན་མིན་བརྟག་མིན་རིག་བྱ་མིན། །སྐྱེ་འཇིག་མེད་ཅིང་བདེ་བ་དང། །རྣམ་བརྟག་མ་ཡིན་སྣང་བ་དང། ་མཚན་མ་མེད་ཅིང་གསལ་བྱེད་མེད། །གཉིས་མིན་གཉིས་མེད་མ་ཡིན་དང། །ཞི་དང་བློ་འཇུག་སྤངས་པ་དང། །ཡི་གེ་མེད་པ ་ཡི་གེ་ཡིས། །ཐུགས་རྗེ་ཉིད་ཀྱིས་བསྟན་མཛད་པ། །སྟོན་པ་མ་ནོར་ཉིད་གསུང་བ། །དེ་ལ་གུས་པར་ཕྱག་འཚལ ་ལོ། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཀྱིས། །བྱང་ཆུབ་ཆེན་པོར་བློས་བྱས་རྣམས། །དེ་ཉིད་བདུད་རྩིར་བཟུང་བའི་ཕྱིར། །ནུས ་པས་ཅུང་ཞིག་བརྗོད་པར་བྱ། །བྱང་ཆུབ་སེམས་ནི་མི་གཏོང་དང། །ཐུབ་པའི་བརྟུལ་ཞུགས་ཡང་དག་བརྟེན། །དེ་ཉིད་ཤེས་པ་འཚོལ? ་བ་ནི། །དོན་ཀུན་བསྒྲུབ་པའི་སྤྱོད་པ་ཡིན། །བྱམས་པ་དང་ནི་སྙིང་རྗེ་དང། །ཤེས་པ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང ་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང། །བློ་ལྡན་སྙིང་སྟོབས་ཆེ་བ་དང། །གཞན་གྱི་སྡུག་བསྔལ་མི་བཟོད་ཅིང། །ཡང་དག་བརྩོན་འགྲུས ་བརྩམས་པ་དང། །མཐུ་དང་ལྡན་ཞིང་མཁས་པས་ནི། །ཤེས་རབ་སྣང་བ་མེད་པ་ཡི། །འཇིག་རྟེན་ཀུན་ལ་བལྟ་བྱས་ནས། །འཁོར་བ་མི ་གཙང་ས་འོག་ནས། །བདག་ཉིད་བརྒལ་བས་བསྒྲལ་བར་རིགས། །གང་ཞིག་ཤེས་རབ་མཚོན་རྣོན་གྱིས། །འཆིང་བ་ཀུན་བཅད་གྲོལ་གྱུར ་པ། །སྙིང་རྗེའི་བདག་ཉིད་ལྡན་པ་ཡིས། །གང་ཕྱིར་མགོན་མེད་སྡུག་བསྔལ་བ། །འཁོར་བའི་བརྩོན་ར་མི་བཟད་པར། །འདོད་ཆགས་ལ་སོགས ་སྒྲོག་གིས་བཅིངས། །བག་མེད་པ་ཡི་ཆང་འཐུང་ནས། །གཏི་མུག་གཉིད་ཀྱིས་ལོག་པ་དང། །རྣམ་པར་རྟོག་པའི་ཆོམ་རྐུན་གྱིས། །དགེ་ཚོགS ་མ་ལུས་བརྐུས་པ་དག་།གལ་ཏེ་གྲོལ་བར་མི་བྱེད་ན། །མཐུ་ལྡན་མཐུ་ནི་ཅི་ལ་ཕན། །གང་ཞིག་ལག་པའི་མཐུས་བསྒྲུབས་པ། །འདོད་པས ་བསྐྱེད་པའི་བདེ་ཆུང་ཡང། །གཅིག་པུ་གདུ་བས་ཟ་བྱེད་པ། །དེ་ཡང་མཁས་པས་སྨད་གྱུར་ན། །འཁོར་ལོས་སྒྱུར་དང་དབང་པོ་དང། །ཚངས་པ་ལ་ཡང་རབ ་དཀོན་པ། །སྲེད་པ་རྣམ་པར་གཅོད་པ་དང། །ཐབས་ཀྱི་སྒོ་ནས་ཐུན་མོང་བ། །ལེན་དང་ཟད་དང་མཐར་ཐུག་དང། །སྡུག་ལ་སོགས་པས་མི་འགྱུར་ཞིང། ། ་སྡུག་བསྔལ་མ་ལུས་ཞི་བྱེད་པའི། །དེ་ཉིད་དོན་སོགས་བདུད་རྩི་ཅི། །གཞན་ཡང་སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་དག་གིས་ནི། །རྨ་ལ་འགྱུར ་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས། །བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་ལ་ལན་དུ་ཕན ་གདགས་པ། །མྱ་ངན་བཟླ་ལས་གཞན་ཅི་ཡོད། །གཞན་དོན་བྱེད་ལས་བྱུང་བ་ཡི། །དགའ་བས་སེམས་དགའ་མཁས་པ་དག་།རལ་གྲི་རབ་ཏུ་འབར་འདྲ་བའི། །སྲིད་པ་དག་གིས་དོན་མི་འགྱུར། །ཚུལ་ཁྲིམས་འཆལ་པ་མི ་བྱེད་པས། །ངན་འགྲོའི་སྒོ་ཀུན་བཅད་པའི་ཕྱིར། །སྟོང་ཉིད་ལྟ་བ་གོམས་བྱས་པས། །ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ། །མཁས་པ་བསོད་ནམས་བྱས་པ་ཡིས། །འགྲོ་དྲུག་སྐྱེད་ཚལ་དུས་སྟོན་ལྟར། །མཐོང་བ ་སྲིད་པའི་བཙོན་ར་ཡིས། །སྐྲག་པར་འགྱུར་བ་ཡོད་མ་ཡིན། །སྐྱོན་མཐོང་ཕྱིར་ནི་སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཅན། །སྲིད་པ་ན་ཡང་གནས་པར་བྱེད། ། ་འཁོར་བ་དང་ནི་མྱ་ངན་འདས། །གཉིས་དང་གཉིས་མིན་མི་དམིགས་པའི། །མཁས་པ་གར་ཡང་མི་གནས་ཤིང། །སྲིད་པ་ན་ཡང་གནས་པར་བྱེད། །བྱང་ལག་རིན་ཆེན་བདུན་ཕྱུག་ཅིང། །ཡོན་ཏན་དཔག་མེད་འབྱུང ་པའི་གནས། །ལྷ་དང་ལྷ་མིན་ཕྱག་བྱས་པ། །དམ་ཆོས་འཁོར་ལོ་བསྐོར་བརྙེས་ཤིང། །མུ་ཏིག་འཕོ་འདྲའི་གྲགས་པ་དང། །སྟོན་ཟླ་ཉ་བའི་དྲི་མེད་པའི། །འོད་ཟེར་ལྟ་བུའི་གསུང་དག་གིས། །ཕྱོགས་བཅུ་དག་ནི ་རྒྱས་མཛད་ལ། །དཀོན་མཆོག་གསུམ་གདུང་གནས་བྱའི་ཕྱིར། །ཡོན་ཏན་འབྱུང་གནས་དམ་པའི་སྲས། །ལྷ་ཀླུ་ལ་སོགས་སྤྱི་གཙུག་གིས། །བསྟན་པས་མཆོད་པ་གཞག་མཛད་དེ། །རང་དང་གཞན་དོན ་མཛད་པའི་ཕྱིར། །དེ་དག་མྱ་ངན་འདས་ལེགས་འདས། །དེ་ལས་གཞན་གང་ལུས་བཅུད་ཆད། །དེ་ཡང་མྱ་ངན་འདས་པ་ཡིན། །ཝ་ནི་གླང་ཆེན་དྲེགས་པ་ཡི། །ཀླད་པ་འགེམས་ཤིང་དབྱེ་མི་སེམས།། ་གདོལ་པ་རྒྱ་མཚོའི་མཐས་ཀླས་པའི། །ས་ཡི་དཀྱིལ་འཁོར་བསྐྱང་མི་སེམས། །དེ་བཞིན་སེམས་ཅན་དམན་པ་ཡང། །ཟབ་ཅིང་བླ་མེད་རྒྱ་ཆེ་བ། །ཡོན་ཏན་བགྲངས་འདས་འབྱུང་བའི་གནས། །སངས་རྒྱས་ཉིད ་ལ་རེ་བའང་མེད། །གཞལ་ཡས་རྨད་བྱུང་བསམ་མི་ཁྱབ། །སྣང་བ་ཐམས་ཅད་ཟིལ་གནོན་པ། །རྫོགས་སངས་ཡོན་ཏན་རིན་ཆེན་ལ། །སུ་ཞིག་ཡིད་ཀྱིས་སེམས་མི་བསྐྱེད། །གཞན་དོན ་བྱེད་པ་དཔའ་བ་དང། །སྐྱེས་བུ་ཆེན་པོའི་ཚུལ་ལྡན་པ། །སུ་ཞིག་འཁོར་མཛའ་མེད་པར་ཡང། །ཉིན་ཅིག་ལྟ་བུར་གནས་མི་བྱེད། །མཁས་པ་གང་ཞིག་འདས་གྱུར་ཀྱང། །གང་གིས་གཏམ ་གཞི་འཕེལ་འགྱུར་བ། །འཕགས་པ་གཞན་དོན་མཛད་རྣམས་ཀྱི། །ལམ་གྱི་རྗེས་སུ་འཇུག་མི་བྱེད། །སུ་ཞིག་ཆུ་ཤིང་དབུ་པ་ལྟར། །སྙིང་པོ་མེད་པའི་ལུས་འདི་དག་།གཞན་ཕན་རྐྱེན་དུ ་སྒྲུབ་བྱེད་པས། །ལྷུན་པོ་སྙིང་པོར་སྒྲུབ་མི་བྱེད། །ཡ་རབ་སྙིང་རྗེ་ལྡན་པས་ནི། །སྐད་ཅིག་རེ་རེར་རྒ་ཤི་དང། །ནད་ཀྱི་གཞིར་གྱུར་ལུས་དག་ནི། །གཞན་ལ་བདེ ་བསྐྱེད་གཞིར་བྱེད་དོ། །དམ་ཆོས་སྒྲོན་དང་བཅས་པ་ལ། །མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །དབུ་མའི་སྙིང་པོ་ལས་བྱང་ཆུབ་སེམས་མི་བཏང་བའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་འགྲོ ་ལ་ཕན་བའི་ཕྱིར། །བྱང་ཆུབ་ཆེན་པོར་བརྟན་བླངས་པ། །ཚུལ་དང་མཐུན་པའི་ལམ་ཉིད་དུ། །རབ་ཏུ་ཞུགས་བ་རྣམ་པར་མཛེས། །དེ་ནི་བྱམས་པ་གནོད་མེད་དང། །སྙིང་རྗེ་ཕན་པ་བསྒྲུབ་པ་ཡིས། །དམ་ཆོས་རྟོགས་པས་ངོམས་མེད་དང། །ཆོས་སྦྱིན་པ་ལ་སེར་སྣ་མེར། ་དངར?་དང་རྒྱལ་བཅོམ་པ་དང། །ཡིད་ཀྱིས་དེ་ཉིད་བལྟ་བ་དང། །གཞན་སྐྱོན་རྟོལ་ལ་ལོང་བ་དང། །རང་སྐྱོན་འབྱུང་བས་འཇིགས་པ་ཡིན། །རྩོང་དང་འཇིག་རྟེན་འདུ་འཇི་དང། །འཇིག་རྟེན་རྒྱད་པན་རྒྱབ་ཀྱིས་ཕྱོགས། །ཡོན་ཏན་མེད་ལའང་ཡོན་ཏན་གྱི། །རྒྱན་རྣམས་སྐྱེ ་བར་རྟག་ཏུ་གུས། །སྙིང་རྗེས་བསྐྱེད་བའི་སྦྱིན་པ་དག་།སྐྱེ་བོའི་ཚོགས་རྣམས་ཐམས་ཅད་ཀྱི། །སྡུག་བསྔལ་ཆུ་བོ་ཀུན་ཞིའི་ཕྱིར། །ཐམས་ཅད་མཁྱེན་ཉིད་འདོད་པ་བསྐྱེད། །ཚུལ་ཁྲིམས་དྲི་མེད་ཆུ་ཁྲུས་དང། །བཟོད་པའི་སེར་ལ་ཕྲེང་དཀར་དང། །བརྩོན་འགྲུས་རལ ་བའི་ཁུར་བཅིངས་དང། །བསམ་གཏན་ཤེས་པ་ལྷུང་ལེན་ཏེ། །བློ་མིག་ལེགས་པར་བྱེ་བ་དང། །བསྟན་བཅོས་འཇིག་རྟེན་ཤེས་ལ་མཁས། །ངོ་ཚ་ཁྲེལ་ཡོད་གོས་དང་ནི། །ངེས་པའི་སྐ་རགས་འཆིང་བ་ཡིན། །སྙིང་རྗེའི་བགས་པ་གནག་འཆང་ཞིང། །དད་པ་དྲི ་མེད་རི་སླབ?་དང། །དྲན་པས་དབང་པོའི་སྒོ་བསྲུངས་ཤིང། །བརྟན་པའི་སྤ་སྟེགས་སྟན་ལ་འདུག། ཐེག་པ་ཆེན་པ་དགའ་ཚན་གྱི། །དཀའ་ཐུབ་ནགས་ཚལ་ཡང་དག་བསྟེན། །བསམ་གཏན་དགའ་བའི་འབྲས་བུ་ཟ། །དྲན་པ་ཉེར་གཞག་སྤྱོད་ཡུལ་ཅན། །ཟབ ་ཅིང་རྒྱ་ཆེ་མདོ་སྡེའི་མཛའ་། །འདོན་ཅིང་སྡིག་པ་བཅོམ་པ་དང། །བདེན་པ་གཉིས་ལ་བརྟེན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཉི་བཤད་ཟློས།།སྒྲུབ་པའི་མེ་ཏོག་བསྔགས་ལྡན་པ། །ཕྱོགས་རྣམས་ཀུན་དུ་དྲིས་ཁྱབ་པས། །རྫོགས་པའི་སངས་རྒྱས་ཉི་མ་ལ། །ཉིན་གཅིག ་བཞིན་དུ་བསྙེན་བཀུར་བྱེད། །སོ་སོར་རྟོག་པའི་མེ་ཐབ་ཏུ། །མི་དགེའི་ཀུན་ཏུ་རྟོག་པ་བསྲེག། བླ་མེད་གོ་འཕང་ཐོབ་བྱའི་ཕྱིར། །དེ་ལྟར་ཐུབ་པོའི་བརྟུལ་ཞུག་སྤྱོད། །དབུ་མའི་སྙིང་པོ་ལས་ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བསྟེན་པའི་ལེའུ་སྟེ ་གཉིས་པའོ།། །།གང་ལ་ཤེས་པའི་མིག་ཡོད་པ། །དེ་ལ་མིག་ཡོད་གཞན་མ་ཡིན། །དེས་ན་གང་ཕྱིར་བློ་ལྡན་དག་།དེ་ཉིད་ཤེས་པ་འཚོལ་བ་བརྩོན། །བློ་ལྡན་འཇིག་རྟེན་གསུམ་པོ་དག་།ཐོག་མེད་མཐོང་བ་ལོང་བས་ཀྱང། །བལྟ་འདོད་ཐག་རིང་ཆ་འཕྲ་དང། ་བསྒྲིབས་པའི་དོན་ཡང་མཐོང་བར་འགྱུར། །མིག་སྟོང་པ་ཡང་བློ་མེད་ན། །མིག་དང་ལྡན་པ་མ་ཡིན་ཏེ། །མཐོ་རིས་དང་ནི་བྱང་གྲོལ་གྱི། །ལམ་དང་ལམ་མིན་མི་མཐོང་ཕྱིར། །ཤེས་རབ་མིག་བྱེ་མཐོང་བ་དང། །མ་མཐོང་ཁྱད་པར་འདོད་པ་ཡི། །འབྲས་བུ་རེ་བ་དུག་ཚེར་གྱི།། ་སྤྱིན་པ་སོགས་ལ་འཇུག་མི་བྱེད། །སྙིང་རྗེས་ཐམས་ཅད་མཁྱེན་པའི་ཕྱིར། །འཁོར་གསུམ་ཡོངས་སུ་དག་པ་ཡི། །སྦྱིན་ལ་སོགས་ལ་རྩོན་བྱེད་ཅིང། །དེ་ལའང་ཡིད་ནི་གནས་མི་བྱེད། །ཤེས་རབ་བདུད་རྩི་ངོམས་བྱེད་དང། །སྒྲོན་མ་སྣང་བ་ཐོག་མེད་དང། །ཐར་པའི་ཁང ་བཟངས་ཐེམས་སྐས་དང། །ཉོན་མོངས་བུད་ཤིང་བསྲེག་པའི་མེ། །བློ་གྲོས་དེ་ཡང་བདེན་གཉིས་ལ། །བལྟོས་ནས་རྣམ་པ་གཉིས་སུ་འདོད། །ཡང་དག་དོན་རྟོགས་རྗེས་མཐུན་ཕྱིར། །ཡང་དག་ཀུན་རྫོབ་ཤེས་པ་ཡིན། །སྦྱིན་དང་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྣམས་ཡོངས་སུ་རྫོགས་བྱེད་དང། །རྒྱུ་དེ་དག་གི་འབྲས་བུ་དང། །འབྲེལ་དང་མཚན་ཉིད་ལ་སོགས་ཤེས། །བྱམས་དང་སྙིང་རྗེ་བསྒོམས་པ་དང། །སེམས་ཅན་སྡུད་དང་སྨིན་བྱེད་དང། །སྐྱེ་མཆེད་བཅུ་གཉིས་བརྟེན་པ་ཡི། །ཤེས་རབ་བརྡར་བཏགས་ཤེས་པར་བྱ།། ་རྟོག་པའི་དྲ་པ་མ་ལུས་པ། །དགག་བ་སྒྲུབ་པར་བྱེད་པ་དང། །ཞི་དང་སོ་སོ་རང་རིག་དང། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །གཅིག་ཉིད་ཐ་དད་ཉིད་བྲལ་དང། །མཁའ་ལྟར་དྲི་མེད་དེ་ཉིད་ལ། །འཇུག་པ་མེད་པས་འཇུག་པ་ཡི། །ཤེས་རབ་དོན་དམ་ཤེས་པ་ཡིན། །ཡང ་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་བར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །དེ་ཉིད་ཁང་བཟང་ཐོག་འཛེག་པ། །ཡང་དག་ཀུན་རྫོབ་ཐེམ་པའི་སྐས། །མེད་པར་རུང་བ་མ་ཡིན་པ། །གང་གི་ཡིན་པ་དེ་ཕྱིར་རོ། །མཁས་པས་སེམས་ནི་མཉམ་གཞག ་ཕྱིར། །མངོན་པར་བརྩོན་པ་ཉིད་དུ་བྱ། །དེ་བཞིན་ཐོས་བྱུང་ཤེས་པ་ལ། །དེ་ལས་གཞན་ཤེས་སྡུ་ཕྱིར་རོ། །ཇི་ལྟར་ཆུ་རྙོག་གཡོ་བ་ལ། །བཞིན་ནི་མཐོང་བར་མི་འགྱུར་བ། །དེ་ལྟར་སེམས་མཉམ་མ་བཞག་དང། །སྒྲིབ་པས་བསྒྲིབས་ལ་དེ་ཉིད་དོ། །ཡིད་ཀྱི་གླང་པོ་ལོག ་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །རྒོད་པ་མི་རྟག་ལ་སོགས་པ། །ཡིད་ལ་བྱེད་པས་ཞི་བར་བྱ། །ཞུམ་པ་དམིགས་པ་རྒྱ་ཆེན་དག་།བསྒོམ་པས་སྤངས་པ་ཉིད་དུ་བྱ། ། ་གཡེངས་པས་གཡེང་བའི་མཚན་མ་ལ། །ཉེས་དམིགས་བལྟ་བས་བསྡུ་བར་བྱ། །ཞུམ་པ་ཡང་ནི་བརྩོན་འགྲུས་ཀྱི། །ཕན་ཡོན་མཐོང་བས་གཟེངས་བསྟོང་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་གི། རྫབ་དྲིས་སྦགས་ཤིང་མ་བསྡམས་པ། །མི་སྡུག་བྱམས་པ ་རྟེན་འབྱུང་བའི། །ཆུ་དག་གིས་ནི་བཀྲུ་བར་བྱ། །དབེན་ཞིང་མི་གཡོ་ཞི་བ་དང། །དམིགས་པ་དག་ལ་གཞོལ་བ་དང། །ལས་སུ་རུང?་ཞིང་མཉིན་ཤེས་ནས། །དེ་ལ་ལེགས་པར་བཏང་སྙོམས་བྱ། །བློ་གྲོས་མཉམ་གཞག་འོག་ཏུ་ནི། །ཐ་སྙད་སྒོ་ནས་བཟུང་བྱ་ཡི། ། ་ཆོས་རྣམས་དངོས་པོ་འདི་དག་ལ། །ཤེས་རབ་ཀྱིས་ནི་འདི་ལྟར་བརྟག་།བློ་ཡིས་རྣམ་པར་དཔྱད་པ་ན། །འདི་དག་དོན་དམ་ཡོད་དམ་ཅི། །གལ་ཏེ་ཡིན་ན་འདི་དེ་ཉིད། །གལ་ཏེ་གཞན་ན་དེ་བཙལ་བྱ། །ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ ་ཡང་རྟོག་མི་འགྱུར། །འདུས་བྱས་འདུས་མ་བྱས་ཆོས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཉོན་མོངས་སྒྲིབ་པ་སྤང་པའི་ཕྱིར། །ཉན་ཐོས་རྣམས་ལ་རབ་ཏུ་བཤད། །ཉོན་མོངས་ཤེས་བྱའི་སྒྲིབ་དྲི་མ། །སྤང་ཕྱིར་སྙིང་རྗེ་ལྡན་རྣམས་ལ། །རགས་ཕྱིར་དང་པོ་ཁོ་ནར ་ནི། །གཟུགས་ཀྱི་ཕུང་པོ་བརྟག་པར་བྱ། །དེ་ལའང་དང་པོར་འབྱུང་བ་རྣམས། །ཇི་སྐད་བསྟན་པའི་གཏན་ཚིགས་ཀྱིས། །འདིར་ནི་ས་ལ་སོགས་པ་དག་།དོན་དམ་པར་ན་འབྱུང་བ་ཡི། །ངོ་བོ་ཉིད་མིན་བྱས་ཕྱིར་དང། །རྒྱུ་ལྡན་སོགས་ཕྱིར་ཤེས་པ་བཞིན། ། ་ས་ནི་སྲ་པའི་ངོ་བོ་ནི། །འབྱུང་བ་ཉིད་ཕྱིར་རླུང་བཞིན་ནོ། །ས་ཡི་ལས་ནི་འཛིན་མ་ཡིན། །བྱས་པ་ཉིད་ཕྱིར་ཆུ་བཞིན་ནོ། །མེད་ཀྱང་གལ་ཏེ་དེ་ཉིད་དུ། །ས་ཡི་དངོས་ཉིད་སྲ་སྙམ་ན། །རྣལ་འབྱོར་པ་དག་དེ་ལ་ནི། །འབྱུང་དང་འབྱིང་བ་མི་རིགས་སོ། །བསམ་གཏན་པ་ཡི་བསམ ་གཏན་མཐུས། །ས་ནི་གཤེར་བ་ཉིད་མི་རིགས། །ངོ་བོ་ཉིད་ལ་འགྱུར་མེད་ཕྱིར། །ཡང་ན་དེ་སྲ་ཉིད་མ་ཡིན། །དེ་བཞིན་ཆུ་དང་མེ་རླུང་དག་།གཤེར་ལ་སོགས་པའི་དངོས་ཉིད་མིན། །དེ་དག་ལས་ཀྱང་སྡུད་པ་དང། །སྨིན་དང་གཡོ་བར་བྱེད་མི་རིགས། །རླུང་ལ ་སོགས་པ་ཀུན་རྫོབ་ཏུ། །ཡོན་ཏན་མཉམ་པར་མི་འདོད་མིན། །ལུས་ཀྱི་དབང་པོས་དམིགས་ཕྱིར་དང། །འབྱུང་བ་ཡིན་ཕྱིར་ས་བཞིན་ནོ། །ས་ལ་སོགས་པ་རྫས་ཡོད་མིན། །ཚོགས་པའི་ཡན་ལག་མིན་མེད་ཕྱིར། །གང་དག་ཇི་སྐད་བསྟན་པ་དེ། །རྫས་ཡོད ་མ་མཐོང་ནགས་ཚལ་བཞིན། །ས་ལ་སོགས་པ་ཡུལ་གྱི་བློ། །དེ་ཡང་རྫས་ཡོད་མ་ཡིན་འདོད། །རྒྱུ་དང་བཅས་ཕྱིར་འཇིག་པའི་ཕྱིར། །ནགས་ཚལ་ལ་སོགས་བློ་བཞིན་ནོ། །ས་ལ་སོགས་པ་སྟོན་པའི་སྒྲ། །བརྗོད་པ་རྫས་སུ་མི་འདོད་དེ། །མཉན་པ ་ཡིན་ཕྱིར་དམག་ལ་སོགས། །སྟོན་པའི་སྒྲ་དག་མི་འདོད་བཞིན། །པ་ལ་ཤ་པན་དྷ་ལ་སོགས་པ། །ནགས་ཚལ་རྩོམ་པ་ཉིད་མི་འདོད། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །དཔེར་ན་རྩ་བ་ལ་སོགས་བཞིན། །ཡན་ལག་ཅན་གྱི་ནགས་ཚལ་ནི། །པ ་ལ་ཤ་ལ་སོགས་བརྩམས་མིན། །དེ་དག་རེ་རེར?་མ་རྫོགས་ཕྱིར། །ཡལ་ག་ལ་སོགས་གང་ཡིན་བཞིན། །ནགས་ཚལ་སྒྲ་ནི་མ་ངེས་པ། །དུ་མའི་རྫས་གྲངས་འཇུག་མ་ཡིན། །ཁྱད་པར་ཅན་གྱི་བློས་བརྟག་ཕྱིར། །བུམ་བཟང་ལ་སོགས་སྒྲ་བཞིན་ནོ། །གང་ཕྱིར ་གཟུགས་ནི་དོན་དམ་དུ། །མིག་གི་དབང་པོའི་གཟུང་བ་མིན། །བསགས་ཕྱིར་དཔེར་ན་སྒྲ་བཞིན་དང། །འབྱུང་ལས་གྱུར་ཕྱིར་དེ་ཉིད་བཞིན། །གཟུགས་ནི་མིག་གིས་གཟུང་མིན་ཏེ། །འབྱུང་ལས་གྱུར་ཕྱིར་རང་གཟུགས་བཞིན། །བདེ་ལ་སོགས་འབྱུང་རྒྱུ་ཕྱིར་དང། །བརྗོད་བྱ ་ཡིན་ཕྱིར་རོ་སོགས་བཞིན། །དེ་བཞིན་གཟུགས་ནི་འབྱུང་འགྱུར་མིན། །འབྱུང་ཕྱིར་མེ་ལ་སོགས་པ་བཞིན། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །ཡང་ན་སེམས་བཞིན་ཤེས་པར་བྱ། །དེས་ནི་ཁ་དོག་དབྱིབས་དང་ནི། །བསགས་དང་འཕྲ་དང་རགས་སོགས་ཀྱི། །དབྱེ ་བས་གཟུགས་ཀྱི་མཚན་ཉིད་དག་།ཇི་སྙེད་རྣམ་པར་བརྟགས་པ་རྣམས། །ཇི་ལྟར་རིག་པའི་སྦྱོར་བ་ཡིས། །བཀག་པར་ཁོང་དུ་ཆུད་པར་བྱ། །སྒྲ་དང་དྲི་དང་རོ་དང་རེག་།དགག་པའི་ཚུལ་ཡང་དེ་བཞིན་ནོ། །མིག་གི་དབང་པོ་དོན་དམ་དུ། །གཟུགས་ལ་བལྟ་བས་མ་ཡིན་ཏེ།། ་སེམས་དང་སེམས་བྱུང་ལས་གཞན་ཕྱིར། །དཔེར་ན་རོ་ཡི་དབང་པོ་བཞིན། །ཡང་ན་མིག་གིས་དོན་དམ་དུ། །གཟུགས་ལ་བལྟ་བ་མ་ཡིན་ཏེ། །རྣམ་ཤེས་དངོས་མེད་མི་སྐྱེའི་ཕྱིར། །པགས་པ་དག་ལ་སོགས་པ་བཞིན། །མིག་ནི་གཟུགས་ཀྱི་ཡུལ་ཅན་མིན། །རང ་གི་གཟུགས་ལ་མི་འཛིན་ཕྱིར། །ཉན་ལ་སོགས་པའི་དབང་པོ་དང། །གཟུགས་ཅན་ཡིན་ཕྱིར་རོ་སོགས་བཞིན། །དེ་བཞིན་བལྟ་པོ་མིག་མེད་པ། །དཔེ་ཡང་མེད་པས་མཐོང་མ་ཡིན། །བལྟ་བའི་ངོ་བོ་ཉིད་མིན་པས། །ཇི་ལྟར་གཟུགས་ལ་བལྟ་བར་རིགས། ། ་གལ་ཏེ་བལྟ་པོ་ཉན་པོ་ན། །ཅི་ཕྱིར་དེ་ནི་ཉན་པོར་འགྱུར། །དེ་ཤེས་ཉིད་དང་རྟག་མི་འདོད། །བསྒྱུར་རུང་ཁྱད་པར་ཡིན་པའི་ཕྱིར། །གཅིག་ཉིད་མ་ཡིན་ཚུལ་གཉིས་ཕྱིར། །ལུས་གཞན་དག་གི་གཟུགས་བཞིན་ནོ། །དེ་བཞིན་མིག་གི་དབང་པོ་ནི། །གཟུགས་ལ ་དམིགས་པའི་བྱེད་མི་འདོད། །ཡིད་བྲལ་ཉིད་ན་བལྟ་པོ་ལས། །གཞན་ཕྱིར་ཉན་ལ་སོགས་པ་བཞིན། །དེ་ནི་བལྟ་པོ་ཉིད་མི་རིགས། །མིག་ལ་སོགས་ལ་བལྟོས་པའི་ཕྱིར། །ཡིད་བཞིན་ཡོངས་སུ་འགྱུར་ཕྱིར་དང། །དེ་བཞིན་གཟུགས་བརྙན་འཕྱར་ཕྱིར་རོ། །བལྟ་པོ་ཇི ་ལྟར་ཡིད་དང་འདྲ། །དབང་པོ་གཞན་གྱི་མི་མཐོང་ཕྱིར། །ཡིད་ནི་ཡང་དག་ཉིད་དུ་ན། །བལྟ་བར་མི་འདོད་བདག་བཞིན་ནོ། །དེ་ནི་བལྟ་མིན་ཚོགས་པ་དག། རྫས་སུ་མེད་ཕྱིར་དེ་ཉིད་བཞིན། །བྱེད་པོ་ཉིད་རུང་ཆོས་གཞན་དག་།མངོན་པར་འགྲུབ་ཕྱིར་དྲིལ་བུ་བཞིན།། ་མིག་ནི་འོད་ཟེར་ལྡན་མི་རིགས། །དབང་པོ་ཡིན་ཕྱིར་དབང་གཞན་བཞིན། །མཆན་མོ་རྒྱུ་བའི་མིག་འབྲས་སྣང། །དབང་པོ་སྣང་བ་མ་ཡིན་ནོ། །མིག་ནི་བདེ་སོགས་བདག་ཉིད་མིན། །དངོས་པོ་ཡིན་ཕྱིར་སྐྱེས་བུ་བཞིན། །མིག་ནི་ཀུན་ཏུ་སོང་མིན་ཏེ། །གཡོ་ཕྱིར་དེ་འབྲས ་ལ་སོགས་བཞིན། །ཡང་ན་མིག་ནི་ཀུན་འགྲོ་མིན། །གཞན་དོན་ཉིད་ཕྱིར་བུམ་པ་བཞིན། །གཟུགས་དམིགས་འགྱུར་བའི་རྒྱུ་ཡིན་ཕྱིར། །དཔེར་ན་གཟུགས་བཞིན་དེ་བཞིན་ནོ། །མིག་ནི་མེ་དང་ལྡན་མ་ཡིན། །དབང་པོ་ཡིན་ཕྱིར་པགས་སོགས་བཞིན། འབྱུང་ཆེན ་དང་སོགས་བདག་ཉིད་ན། །མེ་ཤས་ཆེ་བ་མ་ཡིན་ནོ། །མིག་ནི་ཡུལ་དང་ཕྲད་མ་ཡིན། །དབང་པོ་ཡིན་ཕྱིར་ཡིད་བཞིན་དང། །རྒྱུ་ཕྱིར་རྒྱུ་དང་ལྡན་པའི་ཕྱིར། །ཡང་ན་གཟུགས་ལ་སོགས་པ་བཞིན། །སྣ་ཚོགས་ཡུལ་ཕྲད་འཛིན་མི་འདོད། །ཕྱི་དོན་མངོན་སུམ་འཛིན་ཕྱིར་དང། ། ་འདས་དང་མ་འོངས་མི་འཛིན་ཕྱིར། །དཔེར་ན་མིག་གི་དབང་པོ་བཞིན། །སྒྲུབ་དང་འདྲ་བར་བཀག་པའི་ཕྱིར། །ལུས་ལ་སོགས་པ་མ་ངེས་མིན། །མིག་སྣ་ཡིད་ཀྱི་མཚན་ཉིད་གསུམ། །ཡུལ་དང་མ་ཕྲད་འཛིན་མ་ཡིན། །ལྟ་བ་ཇི་ལྟར་རྒྱས་བཤད་པས། །ཉན་དང ་སྣོམ་དང་མྱང་བ་དང། །ལུས་ཀྱི་དབང་པོ་གསལ་བ་དག། ངེས་པར་ཁོང་དུ་ཆུད་པར་བྱ། །སྒྲ་དང་དྲི་དང?་རོ?་དང་རེག། དགག་པའི་ཚུལ་ཡང་དེ་ཡིན་ཏེ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། ཆེར་བ་དོན་དམ་ཉིད་དུ་ན། །མྱོང་བའི ་བདག་ཉིད་ཡིན་མི་རིགས། །རྣམ་ཤེས་མཚུངས་པར་ལྡན་པའི་ཕྱིར། །དེ་ལས་གཞན་པའི་སེམས་བྱུང་བཞིན། །བདེ་བ་ཕན་འདོགས་མི་འདོད་དེ། །རེག་ལས་བྱུང་ཕྱིར་དེ་གཞན་བཞིན། །སྡུག་བསྔལ་གནོད་པའི་བདག་ཉིད་མིན། །གཏན་ཚིགས་བསྟན་པས ་ཤེས་པར་བྱ། །སྡུག་མིན་བདེ་མིན་མི་འདོད་དེ། །འབྲས་བུ་སྲེད་ཕྱིར་གཞན་བཞིན་ནོ། །རྣམ་ཤེས་ངོ་བོ་ཉིད་ཀྱང་ནི། དགག་པ་སྨྲ་བར་འདོད་ཕྱིར་རོ། །འདུ་ཤེས་འདུ་བྱེད་རྣམ་གཉིས་དག་།དེས་ནི་རྣམ་པར་བཤད་གྱུར་ཏེ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་བར ་ནི་ཤེས་པར་བྱ། །རྣམ་ཤེས་དོན་དམ་ཉིད་དུ་ན། །དངོས་པོ་རྣམ་རིག་དངོས་ཉིད་མིན། །དམིགས་དང་བཅས་ཕྱིར་འདུ་ཤེས་བཞིན། །ཡང་ན་འཇིག་ཕྱིར་མར་མེ་བཞིན། །ཕུང་པོ་ལྔ་པ་རྣམ་དཔྱད་བའི། །སྒྲུབ་པ་ཇི་སྐད་བསྟན་པ་དེས། །ཕུང་པོ་རྣམས་ཀྱི་ཁམས་ཤེས་བྱ། །སྐྱ ་མཆེད་རྣམས་ཀྱང་ཤེས་པར་བྱ། །སྐྱེ་སོགས་འདུས་བྱས་ཉིད་ཀྱིས་ནི། །མཚན་ཉིད་མཚན་གཞིའི་ཉིད་མི་རིགས། །འདུས་བྱས་ཡིན་ཕྱིར་རྟོགས་བྱའི་ཕྱིར། །དེ་ལས་གཞན་པ་ཉིད་བཞིན་ནོ། །དངོས་རྣམས་མཚན་ཉིད་ཡོད་པའི་ཕྱིར། །ངོ་བོ་ཉིད་ཡོད་ཉིད་མི་འདོད། ། ་དེ་ཕྱིར་གཏན་ཚིགས་དོན་མ་གྲུབ། །དོན་འགལ་ཉིད་དཱུང་གྱུར་པ་ཡིན། །ས་ཡིས་མཚན་ཉིད་ས་ཉིད་ཀྱིས། །སྲ་བ་ཉིད་དུ་མཚོན་མི་རིགས། །ལུས་ཀྱི་རྣམ་ཤེས་རྒྱུ་ཡིན་ཕྱིར། །མེ་ཉིད་ཀྱིས་ནི་མི་རིགས་བཞིན། །གླང་གི་མཚན་ཉིད་གླང་ཉིད་ཀྱིས། །ནོག་དང་ལྐོག ་ཤལ་སོགས་མི་འདོད། །ཁྱད་པར་ཅན་གྱི་བློས་བརྟག་ཕྱིར། །དཔེར་ན་བོང་བུའི་མཚན་ཉིད་བཞིན། །གཅིག་ན་ཇི་ལྟར་མཚན་ཉིད་ཡིན། །དེས་ནི་དེ་ཉིད་མི་མཚོན་ཕྱིར། །གཞན་ན་ཇི་ལྟར་མཚན་ཉིད་ཡིན། །གཞན་གྱིས་གཞན་ཉིད་མི་མཚོན་ཕྱིར། །མ ་སོང་བ་ལ་དོན་དམ་དུ། །འགྲོ?་བ་ཡོད་པར་མི་འདོད་དེ། །ལམ་ཡིན་ཕྱིར་དང་འགྲོ་མེད་ཕྱིར། །དཔེར་ན་མ་འོངས་ལམ་བཞིན་ནོ། །བགོམ?་ལ་དོན་དམ་ཉིད་དུ་ན། །འགྲོ་བ་ཡོད་པ་མ་ཡིན་ཏེ། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་རྟག་ཏུ་མེད་ཕྱིར་རོ། །བགོམ་པ་སོང་དང ་མ་སོང་བར། །བརྗོད་པ་མིན་ལའང་འགྲོ་མེད་དེ། །ལམ་ཡིན་ཕྱིར་ན་འདས་པ་བཞིན། །ཡང་ན་མ་འོངས་ལམ་བཞིན་ནོ། །འགྲོ་བ་གྲུབ་ཕྱིར་འགྲོ་པ་མེད། །དེ་ཕྱིར་དེ་ནི་འགྲོ་མི་འདོང། །འགྲོ་པོ་མིན་པར་འགྲོ་མི་རིགས། །འགྲོ་དང་བྲལ་ཕྱིར་སྔོན་བཞིན་ནོ་།རང་ལས་གཞན་པའི་དོན ་འབྲེལ་ལ། །འགྲོ་པོ་སྙམ་པའི་བློ་འདི་འདོད། །བློ་དང་སྒྲ་རྗེས་འཇུག་པའི་ཕྱིར། །དབྱུག་ཅན་བཞིན་མིན་རྗེས་འགྲོ་མེད། །རྒྱུན་ཆགས་ཡུལ་གཞན་འབྱུང་བ་ཡི། །འདུ་བྱེད་རྒྱུན་ལ་བརྟེན་ནས་ནི། །མེ་ལ་སོགས་བཞིན་འཁྲུལ་པའི་འགྲོ་།དེ་ཡང་ཀུན་རྫོབ་དེ་ཉིད ་མིན། །སེར་སྐྱ་བ་ཡིས་རྣམ་བརྟགས་པའི། །འགྲོ་པོ་དོན་དམ་ཉིད་མི་རིགས། །ཚོགས་པ་རྫས་སུ་མེད་ཕྱིར་དང། །ཡང་ན་གཡོ་བ་མེད་ཕྱིར་རོ། །གལ་ཏེ་ཚོགས་པ་རྫས་ཡོད་དེ། །ཚོགས་བྱེད་མ་གཟུང་གཟུང་མེད་ཕྱིར། །དེ་ཡི་བདག་བཞིན་དེ་མི་རིགས། །དེ་དག་རྫས་སུ་མེད ་ཕྱིར་རོ། །བྱ་བ་ལྷག་མ་དགག་པ་ཡང། །ཕྱོགས་དེས་རབ་ཏུ་བསྟན་པ་ཡིན། །གལ་ཏེ་དངོས་ཉིད་ཡོད་འདོད་དེ། །འཁོར་དང་ཐར་པ་ཡོད་ཕྱིར་ན། །གང་ཚེ་ཇི་ལྟར་རྣམ་བརྟགས་པས། །དེ་དག་རང་བཞིན་རྣམ་དཔྱད་ན། །ངེས་བཟུང་མེད་པ་དེ་ཡི་ཚེ། །ཇི་ལྟར་བཅིངས་ཤིང་གང ་ནས་ཐར་ངོ་བོ་ཉིད་ཡོད་མ་ཡིན་པ། །སྒྱུ་མ་རྨི་ལམ་ལྟ་བུ་དང། །རང་གི་རྒྱུ་དང་རྐྱེན་དབང་ལས། །བདག་ཉིད་ཁྱད་པར་འཐོབ་པ་འཐད། །མིང་དང་གཟུགས་ནི་དོན་དམ་དུ། །འཁོར་བར་རིགས་པ་མ་ཡིན་ཏེ། །འདུས་བྱས་ཡིན་ཕྱིར་ཕྱི་རོལ་གྱི། །ས་ལ་སོགས་པ་མི ་འདོད་བཞིན། །མིང་གཟུགས་དོན་དམ་ཉིད་དུ་ན། །ཇི་ལྟར་ཡང་ནི་ཐར་མི་འགྱུར། །སྐྱེ་རང་ལྡན་ཕྱིར་འཇིག་པའི་ཕྱིར། །ཕྱི་རོལ་ཆུ་ལ་སོགས་པ་བཞིན། །གང་ཟག་ཡང་དག་ཉིད་དུ་ནི། །འཁོར་དང་ཐར་པར་མི་འགྱུར་ཏེ། །གདགས་བྱ་ཡིན་ཕྱིར་ཁང་པ ་བཞིན། །བརྗོད་བྱ་ཡིན་ཕྱིར་རི་དང་འདྲ། །ཡང་ན་གང་ཟག་གང་ཟག་མིན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །སྐྱེ་དང་ལྡན་ཕྱིར་འཇིག་པའི་ཕྱིར། །ཤེས་བྱ་ཡིན་ཕྱིར་འོང་བ་བཞིན། །གང་ཟག་བརྗོད་དུ་མེད་ཕྱིར་བས། །རྫས་སུ་ཡོད་པར་མི་འགྲུབ་སྟེ། །དྲི་དང ་དཀར་སྔོར་བརྗོད་མེད་པའི། །མོ་གཤམ་བུས་ནི་མ་ངེས་འགྱུར། །དེ་ལྟར་ཕུང་པོ་བདག་མེད་ཅིང། །སྲོག་མེད་སེམས་ཅན་ཡོད་མིན་པ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། །ལུས་དང་དབང་པོའི་ཚོགས་རྣམས་ལ། །དེ་ཉིད་དུ་ན ་བདག་མེད་འདོད། །རྒྱུ་དང་ལྡན་ཕྱིར་ཀ་བ་བཞིན། །ཡང་ན་བསགས་ཕྱིར་གྲོགས་མཁར་བཞིན། །དྲན་པ་དང་ནི་ངོ་ཤེས་དང། །ཤེས་སྐྱེ་བ་སོགས་གཏན་ཚིགས་ཀྱི། །བདག་ཡོད་ཉིད་དུ་དམ་འཆའ་བ། །གཏན་ཚིགས་རྣམས་ནི་མ་གྲུབ་ཉིད། །གལ་ཏེ་དབང་བཅས་ལུས་ལ་ནི། །བདག ་ཡོད་ཉིད་དུ་སྒྲུབ་བྱེད་ན། །གཏན་ཚིགས་ཐུན་མོངས་ཉིད་མི་འགྱུར། །རྗེས་སུ་འགྲོ་བ་མེད་ཕྱིར་རོ། །གལ་ཏེ་བདག་སྒྲ་དོན་བཞིན་ཏེ། །འགའ་ལ་ཉེ་བར་གདགས་པའི་ཕྱིར། །སེང་གེའི་སྒྲ་དང་འདྲ་ཞེ་ན། །བདག་ནི་གྲུབ་པ་ཉིད་མི་འགྱུར། །ཅི་སྟེ་རྣམ་ཤེས་ཡུལ་ལ་ནི། །དོན་བཞིན ་གཞན་ལ་སྒྲུབ་བྱེད་ན། །རྟག་དང་ཀུན་འགྲོ་སོགས་བྲལ་ཕྱིར། །འགལ་བ་ཉིད་དུ་འགྱུར་བ་ཡིན། །དེ་ཕྱིར་གང་ལའང་དོན་དམ་དུ། །བཅིངས་བས་ཐར་བ་ཡོད་མི་འདོད། །སོང་དང་མ་སོང་བསྒོམས་པ་ཡིས། །དེ་བཞིན་སེམས་ལ་ལྷག་མ་བཤད། །གང་ཚེ་སེམས་ནི་འགག ་པ་ལ། །མངོན་དུ་ཕྱོགས་ཤིང་སྐྱེས་པའི་ཚ། །གང་ལ་གང་གིས་ཆགས་པར་འདོད། །ཆགས་པ་འགགས་ལའང་མི་འདོད་དོ། །གལ་ཏེ་སྐྱེ་བཞིན་ཆགས་ཞེ་ན། །དེ་ཅི་གལ་ཏེ་སྐྱེ་མངོན་ཕྱོགས། །མ་སྐྱེས་པ་ལ་དེ་མི་འདོད། །ཞི་མེད་བྱ་བ་མི་ལྡན་ཕྱིར། །སྐྱེ་བཞིན ་སྐྱེས་དང་མ་སྐྱེས་པར། །བརྗོད་པ་མིན་ལའང་ཆགས་པ་མེད། །བརྗོད་མེད་སེམས་ཀྱང་ཆགས་མིན་ཏེ། །བརྗོད་དུ་མེད་ཕྱིར་འདོད་ཆགས་བཞིན། །གལ་ཏེ་སེམས་ནི་ཆགས་པ་ཡིས། །རྣམ་པར་སྐྱེས་པ་ཆགས་འདོད་དེ། །ཤེས་ལ་ཚོན་ཆགས་བློ་བཞིན་ན། ། ་དེའི་བློ་ཇི་ལྟར་ཆགས་ཉིད་ཡིན། །དེ་ལྟར་ཆགས་པ་མེད་པའི་ཕྱིར། །འདོད་ཆགས་རྟོགས་པ་ཀུན་རྫོབ་ཡིན། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ཅི་རིགས་པར་ནི་ཤེས་པར་བྱ། །དངོས་པོ་རྫས་ལ་བརྟེན་རིགས་ན། །དེ་ཡང་དེ་ལས་དབྱེར་ཡོད་མིན། །དེ ་ཕྱིར་འདོད་ཆགས་ཇི་བཞིན་དུ། །སེམས་ལའང་ཆགས་པ་འཐད་མི་འགྱུར། །འདོད་ཆགས་ཆགས་ལས་གཞན་མི་རིགས། །ཆགས་པ་མ་བཟུང་གཟུར?་མེད་ཕྱིར། །ཆགས་པ་ཉིད་བཞིན་ཐ་དད་ནའང། །དེས་ན་མི་ཆགས་གཞན་བཞིན་ནོ། །དངོས་པོ་རྣམ་པར་རིག་པའི་སེམས། །འདོད ་ཆགས་ལས་གཞན་ཡོད་མིན་ཏེ། །དམིགས་པ་ལ་སོགས་མཚུངས་ཕྱིར་དང། །ཐ་དང་རྒྱུ་གཞན་མེད་ཕྱིར་རོ། །དེ་ཕྱིར་འདུས་པ་ཅིག་རང་ཉིད། །སྐྱེས་ལ་བལྟོས་ནས་འདུས་བ་ཅན། །ཐ་དང་བསྟན་པ་ཉིད་འདོད་དེ། །མེ་ཏོག་རྒྱས་པས་ཤིང་བཞིན་ནོ། །དེ ་སྤངས་ཕྱིར་ནི་མྱ་ངན་འདས། །མི་རིགས་དེ་ཉིད་མི་འཐད་ཕྱིར། །མྱ་ངན་འདས་བ་དོན་དམ་དུ། །དངོས་དང་དངོས་མེད་མཚན་ཉིད་མིན། །གལ་ཏེ་མྱ་ངན་འདས་དངོས་ན། །དངོས་པོ་ཡིན་ཕྱིར་དེ་འདུས་བྱས། །གཉེན་པོ་མ་ཡིན་འདུས་བྱས་ཕྱིར། །དཔེར?་ན་འདུ་བྱས་འདགས་བཞིན། །གལ་ཏེ?་དངོས ་མེད་ཞིག་པ་བཞིན། །གལ་ཏེ་དངོས་མེད་གཞན་རྟེན་འགྱུར། །དངོས་པོ་མེད་ཕྱིར་ཞིག་པ་བཞིན། །དེ་ནི་གཉེན་པོར་མི་འདོད་དེ། །གཞན་ལ་རྟེན་ཕྱིར་ཞིག་བཞིན་ནོ། །དེ་ནི་འདུས་མ་བྱས་མི་རིགས། །གདག་པ་གོང་དུ་བསྟན་བའི་ཕྱིར། །གྲངས་ཅན་དག་གིས་རབ་བརྟགས་པའི།། ་གྲོལ་བའི་སེམས་ལས་ཁྱད་ཅི་ཡོད། །ཉོན་མོངས་རྣམ་རྟོག་གཙུབ་ཤིང་ལས། །བྱུང་བ་རང་གི་ངད་ཟད་པ། །ད་ལ་བསགས་པ་ཡོད་མིན་པས། །གང་ཟག་ཁྱོད་མཐར་མི་ཟད་འགྱུར། །སྐྱེ་བ་མེད་ལ་རྟོག་པ་ཡང། །དེ་བཞིན་མེད་ཕྱིར་ཚུལ་ཉིད་མཚུངས། །ཟད་པ་ཅན་ནམ ་ཟད་མེད་ན། །གང་གི་ཟད་པས་ཐར་པ་སྨྲོས། །རང་བཞིན་སྟོང་ཉིད་རྟོག་པའི་ཕྱིར། །དེ་ཡི་བློ་ཡང་ཟློག་གྱུར་པས། །ཟད་མེད་མི་ཟད་ཆོས་ཉིད་འཐོབ། །ཐོབ་པ་མེད་པའི་ཚུལ་གྱིས་སོ། །ཡང་དག་ཇི་བཞིན་ཡོངས་རྟོགས་པ། །བདག་ལ་ཕན་པ་འདོད་པ་དག་།ལྟ་ངན་ནད ་དྲི་ངན་བསྒོས་པའི། །སྒྲགས་པའི་ཚིག་ལ་བརྟེན་མི་བྱེད། །ཕྱིན་ཅི་ལོག་དག་ཡོད་པའི་ཕྱིར། །འདོད་ཆགས་ཡོད་པར་མི་རིགས་ཏེ། །འདོད་ཆགས་བཞིན་དུ་བརྟགས་པའི་ཕྱིར། །རྟོག་པ་དེ་ཡང་ཀུན་རྫོབ་ལ། །སེམས་དང་སེམས་ལས་བྱུང་བ་ཡི། །ངོ་བོ་ཉིད་ཕྱིར ་སྔར་བཀག་ཕྱིར། །གང་གི་དེ་ནི་ཆགས་འགྱུར་བའི། །འདོད་ཆགས་ཆགས་པའི་དངོས་ཉིད་མེད། །ངས་ནི་སྡང་དང་རྨོངས་ལ་སོགས་།སོ་སོར་བཤད་པ་བྱས་པར་འགྱུར། །དེ་ལྟར་བཅིངས་ཐར་མ་གྲུབ་ཕྱིར། །ངོ་བོ་ཉིད་མེད་གཡོ་བ་མེད། །ས་ནི་དོན་དམ་ཉིད་དུ་ན། ། ་ས་ལས་གཞན་མིན་ཉིད་མི་འདོད། །རྒྱུ་དང་ལྡན་ཕྱིར་རླུང་བཞིན་དང། །དངོས་པོ་ཡིན་ཕྱིར་ཤེས་པ་བཞིན། །ས་ལས་དོན་དམ་ཉིད་དུ་ན། །ཆུ་ནི་གཞན་པར་མི་གཟུང་སྟེ། །སྐྱི་དང་ལྡན་ཕྱིར་རྫས་ལས་ནི། །ས་གཞན་མིན་པ་ཇི་བཞིན་ནོ། །ས་ལ་སོགས་པ་སྒྲ་བློ་དང། ། ་ལས་དང་མཚན་ཉིད་ཐ་དད་པས། །དེ་དག་གཞན་ཉིད་མི་འདོད་དེ། །བསྒྲུབ་བྱའི་ཆོས་དང་མི་ལྡན་ཕྱིར། །གཟུགས་ཀྱི་བདག་ཉིད་མ་གཞན་ཡང། །ཐ་སྙད་ཡོད་ཕྱིར་མ་ངེས་འགྱུར། །ཡོངས་སུ་བརྟག་པ་མ་གྲུབ་ཕྱིར། །དོ་དོན་མ་གྲུབ་ཉིད་དུ་འགྱུར། །སྒྲ་སོགས་བྱེ་བྲག་ཐ ་དད་ཀྱང། །དེ་ཕྱིར་དེ་དག་འཁྲུལ་པར་འགྱུར། །ཁྱད་པར་བརྗོད་པར་གྱུར་ཀྱང་ནི། །འགལ་བར་ངེས་པར་ཟློག་པར་འགྱུར། །གཉི་ག་ཉིད་ཀྱང་མི་རུང་སྟེ། །འགལ་ཕྱིར་མེ་ལ་གྲང་དྲོ་བཞིན། །གཞན་དང་གཞན་མིན་ཕྱོགས་དགག་པ། །བསྟན་ཕྱིར་ད་ཡང་བཟང་པོ་མིན།། ་གཉི་གའི་བདག་ཉིད་ཉིད་ཡིན་ཡང། །ཀུན་ལ་གྲགས་པའི་ཆ་དཔེར་བསྟན། །དེས་ན་གཞན་ལ་དཔེ་མེད་པ། །རབ་ཏུ་སྐྱེ་བར་མི་འགྱུར་རོ། །དེ་ནི་བལྟོས་ནས་འགྲུབ་པ་སྟེ། །གཉིས་ལས་གང་ཡང་རུང་བ་ཞིག། སྔར་མ་གྲུབ་ན་མི་འགྲུབ་ཕྱིར། །ཡིད་ཀྱི་རྣམ་པར་བརྟགས་པར ་ཟད། །གཉི་གར་སྨྲ་བ་ཐམས་ཅད་ལ། །དགག་པའི་ཚུལ་ཡང་དེ་ཉིད་དོ། །དེ་ལྟར་འདི་སྐད་བསྒྲུབ་བསྟན་པས། །ངོ་བོ་ཉིད་ཡོད་ཉིད་མ་གྲུབ། །དེ་ལྟར་འདུས་བྱས་ཆོས་དེ་དག་།བསྡུ་བས་རྣམ་པར་བརྟགས་པ་ཡིན། །འདུས་མ་བྱས་ནི་འགོག་གཉིས་དང། །ནམ་མཁའ་ ་དང་ནི་དེ་བཞིན་ཉིད། །སོ་སོར་བརྟགས་ཏེ་འགོག་པ་ནི། །དོན་དམ་དུ་ན་དངོས་པོ་མིན། །རྟག་དང་རང་བཞིན་མི་འགྱུར་ཕྱིར། །མོ་གཤམ་བུ་ཡི་གཟུགས་བཞིན་ནོ། །མ་སྐྱེས་ཕྱིར་དང་རྒྱུ་མེད་ཕྱིར། །ད་བཞིན་ལས་ཀྱང་མེད་ཕྱིར་དང། །འདུས་བྱས་མ་བསྡུས་ཕྱིར་དང ་ནི། །འགག་པ་མེད་པའི་ཕྱིར་ཡང་ངོ། །གང་གིས་འབྲས་བུ་གང་འདོད་པ། །དེ་ནི་དེའི་རྒྱུ་མ་ཡིན་ཏེ། །མ་སྐྱེས་ལ་སོགས་གཏན་ཚིགས་ཀྱིས། །གླང་ཆེན་ཀླད་ཀྱི་རྭ་བཞིན་ནོ། །མ་སྐྱེས་རྒྱུ་དང་ལྡན་པ་ཡི། །འབྲས་བུར་མི་འདོད་ཤེས་པར་བྱ། །འབྲས་བུ་ཡིན ་ཕྱིར་སྦྲང་རྩི་ནི། །མཁའ་མིན་སོགས་རྒྱུ་ལྡན་མིན་བཞིམ?་དེས་ནི་ནམ་མཁའ་དེ་བཞིན་ཉིད། །ཕྱོགས་དང་དུས་དང་བདག་ལས་སོ། །འདུས་མ་བྱས་བ་ཇི་སྙེད་ག་བཀག་བར་མཁས་པས་ཤེས་པར་བྱ། །རྫས་དང་གཙོ་བོ་སྲོག་ལ་སོགས། །མུ་སྟེགས་བརྟགས་པའི་ཤེས་བྱ་དག་།རིག་དང ་ལུད་ལ་མཁས་རྣམས་ཀྱིས། །ཅི་རིག་པར་ནི་དགག་པར་བྱ། །རང་ངེ?་དད?་གཞན་གྱི་གྲུབ་པའི་ཕྱིར། །དངོས་པོ་རྣམས་ལ་བདག་བཏགས་པ། །མཁས་པས་བདག་མེད་རྟོགས་བྱ་ཞིང། །དེ་ཉིད་ཤེས་པའི་བདུད་རྩི་བཏུང། །ཡང་ན་རྣམ་རྟོག་དྲ་བ་ཡི། །རྒྱུན་འབྲེལ་དེ་དག་ལ་སོགས ་པར་དངོས་པོར་སྐྱེ་བར་འཛིན?་བརྟེན་པས། །ནན་གྱིས་བྱིས་པ་འཁྲུག་པར་བྱེད། །གང་ཚེ་མཁས་པ་རིག་སྒྲོན་གྱིས། །ཡང་དག་ཇི་བཞིན་ཡོངས་རྟོགས་པ། །དེ་ཆེ་སྐྱེ་བཀག་དེ་ཞི་བས། །སྤྲོས་པ་ཉེ་བར་ཞི་བར་འགྱུར། །དེ་ལ་རེ་ཞིག་བདག་སྐྱེ་བ། །ཀུན་རྫོབ་ཏུ་ཡང་མི་རིགས ་ཏེ། །བདག་ཉིད་ཡོད་ཕྱིར་དཔེར་བྱ་ན། །ཞོ་ནི་བདག་ལས་མི་སྐྱེ་བཞིན། །དངོས་རྣམས་བདག་ལས་མ་སྐྱེས་སྟེ། །དངོས་པོ་ཡིན་ཕྱིར་སྐྱེས་བུ་བཞིན། །མ་སྐྱེས་པ་ལ་བདག་མེད་དེ། །མ་སྐྱེས་ཕྱིར་ནམ་མཁའ་མིན་བཞིན། །ནམ་མཁའ་ཨི་མེ་ཏོག་མེད་པའི་དོན། །མཁའ་ལ་སོགས་པ ་ཁྱོད་འདོད་པ། །དེ་དག་ནམ་མཁའ་ཨི་མེ་ཏོག་མིན། །དེ་ཕྱིར་ཁོ་བོའི་ཕྱོགས་མེད་མིན། །གལ་ཏེ་རྒྱུ་ལ་འབྲས་བདག་ཡོད། །དེ་ལས་དེ་ནི་སྐྱེ་སྙམ་ཞིང། །དངོས་རྣམས་དེ་ལས་སྐྱེ་བ་ནི། །བདག་ལས་སྐྱེ་བ་ཉིད་འདོད་ན། །དེ་ལས་གཞན་མིན་བདག་བཞིན་ན། །རྒྱུ་ནི་རྒྱུ་མིན་ཉིད ་དུ་འགྱུར། །མ་སྐྱེས་ཕྱིར་ནི་རྒྱུ་མིན་པ། །ཅི་ཞིག་ཡིན་ཞིང་གང་གི་རྒྱུ། །འབྲས་བུ་བདག་ཉིད་ཉིད་ཡོད་ན། །རྒྱུར་རྟགས་པ་ནི་དོན་མེད་འགྱུར། །དེ་ཉིད་ལས་ནི་དེ་སྐྱེ་ན། །བསྐྱེད་དང་བསྐྱེད་བྱ་གཅིག་ཏུ་འགྱུར། །གལ་ཏེ་འོ་མ་ཞོ་ཉིད་དུ། གནས་པས་གནོད་པ་མེད་སྙམ་ན། །ཕ? ་ནི་བུ་ཉིད་མི་འགྱུར་བས། །གནོད་པ་མེད་པ་མ་ཡིན་ནོ། །མི་མཐུན་ཕྱོགས་ནི་མེད་པའི་ཕྱིར། །གཏན་ཚིགས་འགལ་བ་ཉིད་མི་འདོད་།དེ་ལྟར་རེ་ཞིག་དངོས་པོ་རྣམས། །བདག་ལས་སྐྱེ་བར་མི་རིགས་སོ། ངོ་བོ་ཉིད་ནི་མེད་པའི་ཕྱིར། །གང་ཞིག་གང་ལས་གཞན་དུ་འདོད། །གླད་? ་ནི་རི་རྩེ་ལས། །རྟ་རུ་གཞན་དུ་མི་འདོད་བཞིན། །མིག་ལ་སོགས་པ་རྐྱེན་གཞན་རྣམས། །དོན་དམ་དུ་ནི་མིག་སོགས་ཀྱི། །རྣམ་ཤེས་བསྐྱེད་པར་བྱེད་མ་ཡིན། །གཞན་ཕྱིར་རྩི་བསྐྱད་ལ་སོགས་བཞིན། །གཟུགས་ཀྱི་བློ་ལ་སོགས་པ་དག་།བརྗོད་འདོད་མིག་སོགས་རྒྱུ་ཅན་མིན། །གཞན་ཕྱིར་སྔ་ན་མེད ་པའི་ཕྱིར། །དཔེར་ན་བུམ་སྣམ་ལ་སོགས་བཞིན། །མ་སྐྱེས་པ་ཡི་གཞན་ཉིད་ནི། །ཀུན་རྫོབ་ཡིན་བས་དོན་དམ་མིན། །གཞན་ལས་སྐྱེ་བ་ཉིད་ཀྱང་ནི། །རིགས་པ་མ་ཡིན་གཟུང་བར་བྱ། །སྐྱེས་པ་བརྗོད་དུ་མེད་པ་ལ། །སྐྱེ་བ་དོན་མེད་ཉིད་དུ་འགྱུར། །མ་སྐྱེས་པ་ལ་སྐྱེ་མེད?་དོ། །མ་སྐྱེས་ཕྱིར་ནི་མཁའ་མིན་བཞིན ་སྐྱེ་བཞིན་སྐྱེ་བར་འདོད་པ་ལ། །བརྒལ་ཞིང་བརྟག་པ་མཚུངས་པར་འགྱུར། །བརྗོད་དུ་མེད་ལའང་དེ་མེད་དེ། །བརྗོད་དུ་མེད་ཕྱིར་གཞན་བཞིན་ནོ། །ཡང་ན་མིག་ལ་སོགས་པ་དག་།བརྟགས་པའི་བདག་ཉིད་ཉིད་ཀྱིས་སྟོང། །བྱས་པའི་ཕྱིར་དང་འཇིག་པའི་ཕྱིར། །དཔེར་ན་སྒྱུ་མའི་འོ་མ་བཞིན། །བསྒྲུབ་དང་མཚུངས ་པར་བཀག་པའི་ཕྱིར། །ཅིག་ཤོས་ཀྱི་ནི་ཐེ་ཚོམ་མེད། །སྒྱུ་མའི་བདག་ཉིད་མ་བརྟགས་པའང། །ཡང་དག་ཏུ་ན་ལོག་པར་འདོད། །ལ་ལའི་འདོད་ཆགས་རྒྱུ་ཡིན་ཕྱིར། །དཔེར་ན་བརྟགས་པ་དེ་ཉིད་བཞིན། །གྲགས་པའི་ཆས་ནི་དེ་གྲུབ་ཕྱིར། །ཁོ་བོའི་དཔེ་ནི་མེད་མ་ཡིན། །ཡང་ན་མིག་ལ་སོགས་བ་ནི། །ཡང་དག ་ཏུ་ན་དངོས་ཉིད་སྟོང། །བྱས་པ་ཉིད་ཕྱིར་འཇིག་ཉིད་ཕྱིར། །བདུད་ཀྱི་སྤྲུལ་པའི་སངས་རྒྱས་བཞིན། །དངོས་པོ་རྣམས་ཀྱི་དངོས་ཉིད་གང། །ཡང་དག་ཏུ་ན་དངོས་དེ་མེད། །བྱས་ཕྱིར་དཔེར་ན་ཆུ་ཡི་ནི། །ཚ་བ་ཉིད་དང་བརྟན་ཉིད་བཞིན། །དངོས་རྣམས་རང་གི་བདག་ཉིད་དུ། །སྐྱེ་བར་འཐད་པ་མ་ཡིན་པས།། ་གཞན་གྱི་དངོས་པོར་མི་སྐྱེ་སྟ། །བ་གླང་བོད་བུར་མ་མཐོང་བཞིན། །རྒྱུ་ལ་སོགས་པའི་རྐྱེན་གཞན་ལས། །སྐྱེ་བ་ཀུན་རྫོབ་ཐ་སྙད་ཡིན། །དེ་ཕྱིར་ཁས་བླངས་གནོད་པ་མེད། །དེ་དག་ཡང་དག་ཉིད་མ་ཡིན། །ཡོད་ལ་རྐྱེན་རྣམས་མི་རིགས་ཏེ། །མེད་ལའང་མི་རིགས་ཡོད་མེད་ཕྱིར། །དེ་ལས་གཞན་བཞིན་རྐྱེན་མ ་སྐྱེས། །རྐྱེན་རྣམས་སུ་ནི་ཇི་ལྟར་འགྱུར། །རྒྱུ་ནི་འབྲས་བུ་བསྐྱེད་མ་ཡིན། །དེ་ཡི་སྟོང་ཕྱིར་དེ་གཞན་བཞིན། །སྐྱེ་བར་འདོད་པའང་དེ་སྐྱེས་མིན། །སྔ་ན་མེད་ཕྱིར་དེ་གཞན་བཞིན། །དེས་ནི་སྐྱེས་དང་མ་སྐྱེས་དང། །སྐྱེ་བཞིན་བསྐྱེད་པ་མི་བྱེད་དེ། །ཉེས་བ་བསྟན་ཕྱིར་མ་སྐྱེས་པའི། །རྒྱུ་ནི་ཡང་དག་ཉིད་མ་ཡིན། །སྐྱེས་པ ་དམིགས་དང་མི་ཕྲད་དེ། །སྐྱེས་ལའང་སྐྱེ་བ་དོན་མེད་ཕྱིར། །མ་སྐྱེས་པའང་མ་སྐྱེས་ཕྱིར། །དཔེར་ན་མི་སྐྱེ་ཆོས་བཞིན་ནོ། །སྐྱེ་བཞིན་ཕྲད་པར་འགྱུར་སྙམ་ན། །དེ་ཡང་དམིགས་པ་མེད་པར་མེད། །ཡན་ལག་མ་ཚང་བ་ལ་ནི། །སྐྱེ་བའི་བྱ་པ་འཇུག་མི་འདོད། །ཡང་ན་སེམས་དང་སེམས་བྱུང ་རྣམས། །ཡང་དག་དམིགས་པ་ཡོད་མི་འདོད། །སྐྱེ་བཞིན་ཕྱིར་དང་བཟུང་བའི་ཕྱིར། །དཔེར་ན་གཟུགས་ལ་སོགས་པ་བཞིན། །ཡང་ན་དེ་དག་དམིགས་བཅས་པ། །དུས་གཅིག་ཕྱིར་ན་དེ་མི་རུང། །དེ་ལྟར་དམིགS་པ་ཡོད་མིན་པས། །གང་ཞིག་གང་གིས་དམིགས་པར་འགྱུར། །མ་སྐྱེས་པ་ལ་འགག ་མེད། །མ་སྐྱེས་ཉིད་ཕྱིར་མཁའ་མིན་བཞིན། །འགགས་པ་ལ་ཡང་འགག་མེད་དེ། །འགག་ཕྱིར་དཔེར་ན་ཤི་བ་བཞིན། །མི་འགག་པ་ལའང་མ་འགགས་ཕྱིར། །ད་ལྟར་འཇུག་པའི་མར་མེ་བཞིན། །འགག་བཞིན་པ་ལ་མི་འདོད་དེ། །དགག་པ་གོང་དུ་བསྟན་ཕྱིར་རོ། །དེ་ཡང་དུས་མཉམ་ཉིད་ཅིག་གམ། །རང ་ན་དུས་གཞན་འགྱུར་གྲང་ན། །མི་རིགས་འགག་བཞིན་ཡིན་པའི་ཕྱིར། །དགྲ་བཅོམ་སེམས་ཀྱི་ཐ་མ་བཞིན། །དངོས་པོ་ཡོད་པ་དོན་དམ་དུ། །མི་རིགས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་བུ་ཡི་ཡོད་པ་བཞིན། །དེ་ཕྱིར་བདག་པོ་མེད་པར་འདོད། །འབྲས་བུས་སྟོང་ངམ་མི་གཏོང་བའི། །རྐྱེན་ཞིག་བདག ་པོར་འགྱུར་གྲང་ན། །སྟོང་པ་མ་ཡིན་དེས་སྟོང་ཕྱིར། །དཔེར་ན་མིག་ནི་སྒྲ་བློ་བཞིན། །སྦྱང་ལ་སོགས་ན་གནས་པ་ཡི། །རྒྱུ་ཙམ་ཡོད་པ་ཉི་ཚེ་ལ། །འབྲས་བུ་འབྲས་བུར་མི་འགྱུར་ཞིང། །མེད་པ་ཁྱོད་ལ་འབྲས་བུར་འགྱུར། །གལ་ཏེ་འབྲས་བུའི་ནུས་འབྲས་ན། །དེ་ལས་གཞན་པའི་རྒྱུ་ཅི་ཡོད། །དེ ་ལས་གཞན་པ་མ་ཡིན་ལ། །བཞི་དང་བཞག་པའི་དངོས་མི་འདོད། །འབྲས་བུའི་མིང་ཙམ་ཉིད་ལ་ནི། །དཔེར་ན་མཁའ་ལ་མཁའ་གནས་བཞིན། །གལ་ཏེ་དེ་ཉིད་རྒྱུ་ཡིན་ན། །གང་གིས་མི་གཏོང་དེ་ཅིར་ཡོད། །ཡོད་ལ་སྐྱེ་པ་མེད་པའི་ཕྱིར། །གང་ཞིག་གང་གིས་བདག་པོར་འདོད། །མེད་ལས ་རྐྱེན་ཡང་མེད་པའི་ཕྱིར། །གང་ཞིག་གང་གིས་བདག་པོར་འདོད། །གལ་ཏེ་བུམ་སོགས་སྐྱེས་མཐོང་བས། །མཐོང་ལ་གཏན་ཚིག་དོན་མེད་དེ། །མངོན་སུམ་དང་ནི་གྲགས་པ་ཡི། །གནོད་པས་གནོད་པར་འགྱུར་ཞེ་ན། །བུམ་པ་ལ་སོགས་སྐྱེ་བ་དག་།བྱིས་པའི་བློ་དང་མཐུན་མཐོང་བ། །གང ་ཕྱིར་དེ་ནི་མི་འགོག་པས། །དེ་ཕྱིར་ཇི་སྐད་སྨྲས་སྐྱོན་མེད། །གཟུགས་ལ་དམིགས་པའི་བློ་ལ་ནི། །ཡང་དག་ཏུ་ན་རང་རིག་མེད། །དེ་མ་སྐྱེས་ཕྱིར་ཁོ་བོ་ལ། །དེ་ཡི་གནོད་པ་མེད་ཕྱིར་རོ། །མངོན་སུམ་བློ་ནི་དོན་དམ་དུ། །དོན་བཞིན་ཉིད་དུ་མི་རིགས་ཏེ། །བྱིས་བའི་བློ་དང་ཁྱད་མེད་ཕྱིར། །མགལ་མེའི་འཁོར་ལོའི་བློ་བཞིན་ནོ། །དེ་ཡི ་སྤྱོད་ཡུལ་དངོས་མིན་ཏེ། །འདུས་བྱས་ཡིན་ཕྱིར་བདག་བློ་བཞིན། །གཟུགས་ལ་སོགས་པ་རྫས་མིན་ཕྱིར། །ངེད་ལ་མངོན་སུམ་གནོད་པ་མེད། །མཁས་པའི་ཆུལ་ལ་སྤྱོད་པ་ལ། །གྲགས་པའི་གནོད་པ་ཡོད་མ་ཡིན། །དེ་ཉིད་ལ་ནི་མ་རིག་པའི། །ལིང་ཏོག་ལྡོངས་པའི་ཚིག་སྐབས་མིན། །ཡོད་ལའང་སྐྱེ་བ་མི ་འདོད་དེ། །ཡོད་པ་ཅི་ཕྱིར་སྐྱེ་བར་འགྱུར། །ཡོད་པ་རགས་པར་མི་བྱེད་དེ། །སྔ་ན་མེད་དང་ཕྱིས་འབྱུང་ཕྱིར། །མིག་གི་རགས་པ་ཉིད་གང་ཡིན། །དེ་ནི་རྐྱེན་གྱིས་མ་བྱས་ཏེ། །སྔ་ན་མེད་ཕྱིར་རྫ་མ་བཞིན། །ཤེས་བྱ་ཡིན་ཕྱིར་ཟ་པོ་བཞིན། །ཟ་པོ་ལ་སོགས་ཀུན་རྫོབ་ཏུ། །ཐུན་མོང་ཡིན་པར་འདོད་པའི་ཕྱིར། །དེ་ཕྱིར་རེད?་ལ ་གང་དུ་ཡང། །དཔེ་ཡི་སྐྱོན་དུ་འགྱུར་བ་མེད། །གལ་ཏེ་གསལ་བ་སྐྱོན་མེད་ན། །གང་གི་ཅི་གསལ་ཇི་ལྟ་བུ། །གལ་ཏེ་འདི་དག་འདི་སྐད་ཅེས། །དཔེར་ན་མར་མེས་བུམ་པ་བཞིན། །ཡོད་ལ་སྔོན་གསལ་བྱེད་ཕྱིར་རོ། །ཀུན་རྫོབ་ཏུ་ཡང་མར་མེས་ནི། །བུམ་པ་སྣང་དང་བཅས་པ་དང། །དེ་ཡི་བློ་འམ་གཉེན་པོ་དག་།སྐྱེ་བར་བྱེད ་པ་ཉིད་ཡིན་ནོ། །མངོན་པར་མི་གསལ་གསལ་ནི་བྱེད། །མི་གསལ་ཕྱིར་ན་མཁའ་མིན་བཞིན། །རང་ཚུལ་གྱིས་ཀྱང་དཔེར་བྱ་ན། །གཙོ་བོ་ཟ་པོ་བཞིན་དུ་བསྟན། །གལ་ཏེ་དེ་ཡང་མངོན་གསལ་ན། །ཟ་པོ་ཀུན་འགྲོ་མ་ཡིན་ཞིང། །རྒྱུ་མེད་མ་ཡིན་ཤེས་ཡོད་མིན། །མི་གསལ་བ་ཡང་ཉམས་པར་འགྱུར།། ་གལ་ཏེ་གཙོ་བོ་མངོན་གསལ་ན། །ཁྱོད་ཀྱི་གཙོ་བོ་བྱ་བ་དང། །དཔག་ཡོད་གསལ་པར་ཐལ་འགྱུར་ཏེ། །ད་ནི་དེ་དག་མིན་པར་གྲགས། །གང་གིས་གསལ་བྱེད་གང་དག་འདོད། །དེ་དག་དེ་གསལ་བྱེད་མི་འདོད། །རྒྱུ་ཉིད་ལ་སོགས་གཏན་ཚིགས་ཀྱིས། །རྒྱུ་སྤུན་ལ་སོགས་ཞོ་མིན་བཞིན། །གལ་ཏེ ་རྒྱུ་སྤུན་ལ་སོགས་ལའང། །དེ་ནུས་ཡོད་ཕྱིར་དཔེར་མེད་ན། །དེ་མིན་རྒྱུ་སྤུན་ལ་སོགས་དངོས། །དེ་དག་དེ་གསལ་བྱེད་མིན་ཕྱིར། །བདག་དང་གཞན་ལས་སྐྱེ་བ་དང། །བདག་ཉིད་ཡོད་དང་མེད་མི་འདོད། །གཉི་གར་སྨྲ་བ་ཡོད་མིན་ཏེ། །རིགས་པས་གོང་དུ་བརྟགས་ཕྱིར་རོ། །ཀུན་རྫོབ་ཏུ་ཡང་འབྲས་བུ་ནི། །རྐྱེན ་རྣམས་ཀྱིས་ནི་གསལ་མི་འདོད། །དེ་ཞིག་པར་དུ་རྗེས་སྒྲུབ་ཕྱིར། །ས་ལ་སོགས་པས་བུམ་པ་བཞིན། །མིག་ནི་ཀུན་རྫོབ་ཉིད་དུ་ཡང། །བློ་བུར་སྐྱེ་བར་མི་འདོད་དེ། །སྤྱི་དང་ཁྱད་པར་ལྡན་པའི་ཕྱིར། །དེ་ནི་དཔེར་ན་བུམ་པ་བཞིན། །འབྲས་བུ་ཡིན་ཕྱིར་རིམ་སྐྱེའི་ཕྱིར། །འཇིག་པའི་ཕྱིར་དང ་ཡོངས་འགྱུར་ཕྱིར། །རྒྱུ་རྐྱེན་ངེས་པའི་ཕྱིར་དང་ནི། །སྐྱེ་བའི་ཕྱིར་ཡང་ཤེས་པར་བྱ། །གལ་ཏེ་འཇིམ་གོང་ཚེ་བཞིན་ལ། །འགགས་པ་མི་སྐྱེ་ཞིག་པའི་ཕྱིར། །འབྲས་བུ་ཡིན་ཕྱིར་དཔེར་ན་ནི། །བུམ་པ་བཞིན་དུ་འདོད་ཅེ་ན། །ཇི་ལྟར་བུམ་པ་བུམ་པ་ཡིས། །ངོ་བོ་ཉིད་འགགས་མི་སྐྱེ་བ། །དེ་ལྟར ་འཇིམ་གོང་འདོད་ན་ནི། །འདོད་པ་ཉིད་ནི་སྒྲུབ་པ་ཡིན། །འོན་ཏེ་འགགས་པ་རྒྱུན་མིན་ན། །དེས་ན་གཏན་ཚིགས་འགལ་བ་ཉིད་།གལ་ཏེ་རྒྱུན་ཉིད་མ་ཉམས་ན། །ངེས་ན་འཁྲུལ་པ་ཉིད་དུ་འགྱུར། །མངལ་ནས་སྔོན་རོལ་བློ་ལ་ནི། །མདུན་རོལ་ཁོ་ན་འགགས་བློ་ཡོད། །ཤེས་བྱ་གཞན་གྱིས་དེ ་གཞན་ཕྱིར། །ཡང་ན་བློ་ཕྱིར་དེ་འོག་བཞིན། །ཙཻ་ཏྲ་ལ་ནི་སྒྲ་བློ་དང། །གཟུགས་བློ་སྐྱེ་བ་གང་ཡིན་པ། དེ་གཉིས་མི་གཅིག་ཡུལ་གཞན་ཕྱིར། །དཔེར་ན་རྒྱུད་གཞན་དག་གི་བཞིན། །དེ་ཕྱིར་ཕ་རོལ་ཕྱིན་ཡང་ནི། །དཔེ་མེད་པར་ནི་མི་འགྱུར་ཏེ། །བློ་ཕྱིར་དེ་ཡང་གཅིག་ཉིད་མིན། །གཞན་བློས ་འཁྲུལ?་པར་འགྱུར་ཕྱིར་རོ། །གལ་ཏེ་མེད་སྒྲ་བྱིས་པ་ཡིས། །འཆི་འཕོའི་སེམས་ལ་མཚམས་སྦྱོར་མེད། །འཆི་འཕོའི་སེམས་ཕྱིར་དགྲ་བཅོམ་གྱི། །ཐ་མའི་སེམས་བཞིན་སྒྲུབ?་བྱེད་ན། །གཏན་ཚིགས་མ་ངེས་ཉིད་འགྱུར་ཏེ། །འདས་པའི་འཆི་འཕོའི་སེམས་ཀྱིས་སོ། །ཚེ་རབས་དྲན ་ལ་སོགས་ཡོད་དང། །ཚུལ་སྨྲས་ཕྱིར་ན་དེ་ཡང་ཡོད། །འཕགས་པ་མིན་པའི་འཆི་འཕོའི་སེམས། །སེམས་གཞན་བསྐྱེད་པ་ཉིད་ཡིན་ཏེ། །མ་རིག་པ་དང་བཅས་པའི་ཕྱིར། །སེམས་དེ་བསྐྱེད་པ་བྱེད་པ་བཞིན། །གལ་ཏེ་ལུས་དང་དབང་བློ་དག་།རང་གི་ལས་ཀྱི་སྐྱེད་མི་འདོད། །ཞིག་ཕྱིར ་དཔེར་ན་བུམ་པ་བཞིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་མེད། །དེ་ཉིད་ཀྱི་ནི་དེ་མ་བྱས། །དེ་གཞན་གྱིས་ཀྱང་མ་བྱས་ཕྱིར། །འཇིག་རྟེན་རང་གི་ལས་བསྐྱེད་མིན། །གཞན་འདི་དེ་ལ་ཅི་ཞིག་གནོད། །ལས་ཀྱིས་སྐྱེད་ཉིད་མ་ཡིན་ལ། །དཔེ་ནི་ཡོད་པ་མ་ཡིན་ནོ། །ཤིང་ལ་སོགས་པ་དུས་སྐྱེ་བ། །སེམས ་ཅན་ལས་ཀྱི་དབང་གིས་ཏེ། །སེམས་དམྱལ་གནས་དང་མཐོ་རིས་ན། །མཚོན་དང་དཔག་བསམ་ཤིང་སྐྱེ་བཞིན། །འབྱུང་བ་རྣམས་ལ་བློ་གྲོས་ནི། །མཚན་ཉིད་མི་མཐུན་ཇི་ལྟར་འབྱུང། །འབྱུང་བ་སེམས་མེད་རྣམས་ལས་ནི། །ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། །སྐྱེ་ཅན་ཡིན་ཕྱིར་མྱོས་མཐུ་?་མེ་ཤེལ་ལ? ་ནི་མེ་བཞིན་ནོ། །མྱོས་མཐུ་ཤེས་ཡོད་མ་ཡིན་པས། །ཁྱོད་ཀྱི་དཔེ་ནི་མེད་པ་ཉིད། །རྒྱུ་རྣམས་རིགས་མཐུན་ཡིན་པའི་ཕྱིར། །གཏན་ཚིགས་ཀྱང་ནི་འགལ་བ་ཉིད། །ནང་གི་འབྱུང་བ་རྣམས་ཀྱང་ནི། །ཤེས་པ་ཡོད་པ་མ་ཡིན་ཏེ། །ས་ལ་སོགས་པའི་དངོས་ཕྱིར་དང། །འབྱུང་བ་ཡིན་ཕྱིར་དེ་གཞན་བཞིན། །དེ་ཕྱིར་མངལ ་ནས་སྔོན་རོལ་སེམས། །སེམས་གཞན་སྔོན་དུ་སོང་ཡིན་པར། །མཁས་པ་རྣམས་ཀྱི་ཤེས་བྱ་སྟེ། །འཛིན་པ་ཡིན་ཕྱིར་དེ་འོག་བཞིན། །བེའུ་ཡང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་འཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །ཁབ་ལོང་གིས་ནི་རྡོ་བསྐྱོད ་བས། །གཏན་ཚིགས་མ་ངེས་ཉིད་མ་ཡིན། །དེ་ནི་ཟས་ཟ་མཐོང་བའི་ཕྱིར། །མ་གྲུབ་ཉིད་ཀྱང་མ་ཡིན། །དབང་ཕྱུག་འཇིག་རྟེན་བྱེད་པོ་མིན། །ལ་ལའི་དགའ་བའི་རྒྱུ་ཡིན་ཕྱིར། །དཔེར་ན་དབང་ཕྱུག་དགའ་བྱེད་པའི། །བྱེད་པོ་དབང་ཕྱུག་མ་ཡིན་བཞིན། །དབང་ཕྱུག་ཀུན་གྱི་རྒྱུར་མི་འདོད། །མ་སྐྱེས་ཕྱིར་དང་རྒྱུ་མེད་ཕྱིར། ་དེ་པེར་ན་ནམ་མཁའ་ཨི་མེ་ཏོག་ནི། །ཀུན་གྱི་རྒྱུར་ནི་མི་འདོད་བཞིན། །འགྲོ་བ་མ་ལུས་འདི་དག་གི། །རྒྱུ་ནི་དབང་ཕྱུག་རབ་ཏུ་མིན། །སེམས་དང་ལྡན་ཕྱིར་དཔེར་ན་ནི། །གླང་རྫི་འགྲོ་རྒྱུ་རབ་མིན་བཞིན། །དབང་ཕྱུག་གཅིག་པུ་འགའ་ཡང་མེད། །དངོས་རྣམས་ཚོགས་ལས་འགྲུབ་པའི་ཕྱིར། བྱེད་པོ་གཅིག་པོ་འགའ་ཡང་མེད ་ང?་ཕྱིར་མ་ངེས་ཉིད་མ་ཡིན། གལ་ཏེ་མིག་སོགས་དབང་ཕྱུག་བཅས། །མང་ཕྱིར་བྲན?་ན་འདོད་ཅེ་ན། །མ་སྐྱེས་དབང་ཕྱུག་གཅིག་མི་འགྲུབ། །དབང་ཕྱུག་དེ་ལས་ཟློག་པར་འགྱུར། །ཅི་སྟེ་བྱེད་པོར་བཅས་འདོད་དེ། །བཀོང་ཕྱིར་བུམ་སོགས་བཞིན་ཞེ་ན། །གལ་ཏེ་ཁྱད་པར་མ་བསྟན་པའི། །བྱེད་པོ་ཡིན་ན་གྲུབ་པ་སྒྲུབ། །ཅི ་སྟེ་རྟག་གཅིག་ཕྲ་སོགས་ཀྱི། །ཁྱད་པར་གྱིས་ན་ཁྱོད་དཔེ་མེད། །ཁྱོད་ཀྱི་དེ་ནི་མི་རྟག་དང། །གཟུགས་ཅན་སྐྱེས་ཉིད་སྐྱོན་དུ་འགྱུར། །གལ་ཏེ་སེཾས་ཅན?་སྣོད་བགྲང?་བའི། འཇིག་རྟེན་སྣ་ཚོགས་རྒྱུ་ཡི་ལས། །དབང་ཕྱུག་ཡིན་ན་ཀུན་རྫོབ་ཏཱུང། །གྲུབ་པ་ཉིད་ལ་རབ་ཏུ་སྒྲུབ། །དེས་ནི་དུས་དང་སྐྱེས་བུ་དང། །གཙོ་བོ་རྡུལ་ཕྲན་ཁྱབ་ ་འཇུག་དག་འགྲོ་བ་འདི་ཡི་རྒྱུ་མིན་པར། །དགག་པ་ཁོང་དུ་ཆུད་པར་བྱ། །གལ་ཏེ་ལྟ་བའི་མུན་སེལ་བ། །གང་ཕྱིར་སངས་རྒྱས་འབྱུང་དེའི་ཕྱིར། །དེ་བཞིན་སྐྱེ་མཆེད་སྐྱེ་འདོད་ན། །ལམ་དུ་རུང་བ་མ་ཡིན་ནོ། །དུས་མེད་སྐྱེ་བ་ཡོད་མིན་ན། །གང་ལ་ལྟ་བ་གང་ཞིག་འདོད། །དེ་ཡོད་མ་ཡིན་རྟོག་བྱའི ་ཕྱིར། སངས་རྒྱས་འབྱུང་བ་བྱེད་པོ་ཉིད། །གལ་ཏེ་ལྷ་དང་ལྷ་མིན་གཅིག། དེས་ན་ཇི་ལྟར་རྟག་མི་འགྱུར། །གལ་ཏེ་ལྷ་དང་ལྷ་མིན་གཞན། །ཇི་ལྟར་ཆང་པར་མི་རིགས་འགྱུར། །བརྗོད་མིན་བུམ་པ་བཞིན་ན་ཡང། །ཆད་པ་ཇི་ལྟར་སྤོང་བར་འགྱུར། །ཡིན་དང་མ་ཡིན་ཉིད་ཡིན་ཡང། །མྱ་ངན་འདས་ཚེ་གཅིག ་མངའ་མེད། །གལ་ཏེ་འགགས་པ་སྐྱེ་གྱུར་ན། །དེས་ན་ཇི་ལྟར་རྟག་མ་ཡིན། །འགགས་པ་སྐྱེ་བ་མེད་གྱུར་ན། །ཇི་ལྟར་ཆང་སྨྲ་ཉིད་མ་ཡིན། །རྒྱུ་ནི་རྗེ་སུ་མེད་པའི་ཕྱིར། །རྟག་ཆང་དེ་དག་ག་ལ་ཡོད། །དེ་མེད་ཕྱིར་ན་མ་སྐྱེས་ལ། །རྟག་མིང་ཆད་མེད་རིགས་པ་ཡིན། །གལ་ཏེ་སྡུག་བསྔལ་མི་བསྐྱེད་ཕྱིར། །སངས་རྒྱས ་རྣམས་ནི་ཆོས་སྟོན་པ། །དེ་ཕྱིར་དེ་ཡི་འབྲས་ཡོད་ཕྱིར། །སྐྱེ་བ་ཡོད་པར་འདོད་ཅེན། །གལ་ཏེ་དེ་ནི་སྐྱེ་འདོད་ན། །དེ་ནི་སྔར་བཞིན་སྐྱེ་མེད་ཕྱིར། །སྐྱེ་བ་མེད་དེ་འབྲས་མིན། །དེ་ཡོངས་ཤེས་པ་དེའི་འབྲས་ཡིན། །དེ་ནི་བདག་གིས་བྱས་མི་རིགས། །དེ་ཉིད་ཀྱིས་དེ་མ་བྱས་ཕྱིར། །གཞན་གྱིས་བྱས་པར་མི་འདོད་པེ། ་གཞན་གྱིས་གཞན་བྱེད་འགལ་བའི་ཕྱིར། །སྡུག་བསྔལ་རང་རྒྱུད་སྐྱེ་མི་འདོད། །སེམས་ཅན་ལ་སོགས་མེད་ཕྱིར་དང། །རྫས་མེད་ཕྱིར་དང་དབྱེར་མེད་ཕྱིར། །སྡུག་བསྔལ་དེ་ལ་རྒྱུད་ཀྱང་མེད། །གལ་ཏེ་མི་གསོགས་འདུ་བྱེད་རྣམས། །དེ་ཉིད་དུ་ན་སྐྱེ་ཅན་ཏེ། །སེཾས་ཅན་མིང་དུ་བརྗོད་པའི་ཕྱིར། །སངས་རྒྱས་ཉིད་དུ་སྒྲུབ་བྱོད? ་ན་།ངེད་ལ་སངས་རྒྱས་སྐྱེ་ཆོས་མིན། །དེ་ཕྱིར་དེ་ཡོད་མ་ཡིན་ལ། །དེ་བཞིན་དེ་སྐྱེ་ཡོད་མིན་ཏེ། །བདག་བཞིན་སྒྱུ་མ་བཞིན་འབྱུང་ཡོད། །གཟུགས་ནི་ཡང་དག་ཉིད་དུ་ན། །སངས་རྒྱས་མ་ཡིན་རྟོག་བྱའི་ཕྱིར། །འཁོར་ལོས་བསྒྱུར་བཞིན་རྣམ་ཤེས་མིན། །རང་གཞན་སྣང་ཕྱིར་མིག ་འཕྲུལ་བཞིན། །ཕུང?་པོ་གཟུགས་ཅན་སངས་རྒྱས་མིན། ཕུང་པོ་བསྡུས་པ་ཡིན་འདོད་ཕྱིར། །སྐྱེ་འཇིག་ཆོས་ཅན་ཡིན་ཕྱིར་དང། །ཤེས་བྱ་ཡིན་ཕྱིར་གཟུགས་བཞིན་ནོ། །སྐུ་ནི་སངས་རྒྱས་ཡིན་མི་རིགས། །དེ་ཞིག་འཇིག་པའི་སྐྱོན་ཕྱིར་དང། །གཞན་གྱི་མཚན་ཉིད་མེད་པའི་ཕྱིར། །བདག་བཞིན་དེ་ནི་གལ ་ཡོད། །བརྗོད་མིན་རྫས་མེད་མིན་འདོད་དེ། །སྔ་མ་བཞིན་དུ་གསལ་བའི་ཕྱིར། །བུམ་པ་བཞིན་དུ་བརྗོད་མིན་ན། །དེ་ནི་ཇི་ལྟར་སངས་རྒྱས་འདོད། །རྟེན་ཅིང་འབྲེལ་པར་འབྱུང་མཐོང་བས། །ཆོས་དང་སངས་རྒྱས་མཐོང་བའི་ཕྱིར། །སྐྱེ་མེད་སྐྱེ་ཡོད་མི་འདོད་དེ། །སྔ་མ་བཞིན་དུ་བསལ་ཕྱིར་རོ། །བདག་དང་གཞན་གཉིས་རྒྱུ་མེད་མིན། ་ཡོད་མེད་རྟག་པ་མི་རྟག་མིན། །གཞན་དང་གཞན་མིན་སྐྱེ་མེད་པས། །རྟག་དང་ཆད་པ་རྣམ་པར་སྤངས། །སྐྱེ་བ་ཡོད་མིན་མེད་པ་ཡིན། །ཡོད་མེད་མ་ཡིན་དེ་གང་ན། །དེ་མཐོང་སྟོན་པ་མཐོང་འགྱུར་བས། །ཇི་ལྟ་བུར་ནི་ཤེས་པར་བྱ། །དེ་ཕྱིར་ངོ་བོ་ཉིད་སྨྲི་ཚིག་།འདོད་པ་རྣམ་པར་ཉམས་པ་ཡིན། ་གང་ལ་སྐྱེ་བ་སྒྱུ་མ་ཡི། །སྐྱེ་བ་ཡོད་པ་དེ་ལ་རུང། །སྨྲས་པའི་ཉིས་པའི་དྲི་བསལ་བའི། །དམ་ཆོས་སྒྲོན་མ་རབ་བསྟན་ཕྱིར། །མཛད་པས་ཕན་ཐོགས་ཚུལ་གྱིས་ནི། །ཀུན་རྫོབ་ཏུ་ནི་སངས་རྒྱས་མཐོང། །དེ་ནི་དེ་ཉིད་མཐོང་མིན་ཏེ། །སྒྱུ་འདྲ་ཡང་དག་མ་ཡིན་ཕྱིར། །རབ་ཏུ་བརྟག་མིན་རྣམ་ཤེས་མིན ་བརྟག་བྱ་མ་ཡིན་དཔེ་མེད་པ། །མཚན་མ་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །ལྟ་བའི་བློ་ཡིས་རྟོགས་བྱ་བ། །མཐོང་བ་མེད་པས་དེ་མཐོང་ཡིན། དེ་ནི་དོན་དམ་ཉིད་དུ་ན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། ཡོད་མེད་མ་ཡིན་གཞན ་མ་ཡིན་སྲེད་མེད་དབང་ཕྱུག་སྐྱེས་བུ་དང། །གཙོ་བོ་རྡུལ་ཕྲན་ལ་སོགས་པའི། །རྒྱུ་ལས་སྐྱེས་དང་གསལ་བྱ་ཡི། །དངོས་པོ་འགའ་ཡང་ཡོད་མ་ཡིན། །དེ་ལ་ངོ་བོ་ཉིད་དང་ལས། །མཚན་གཞི་མཚན་ཉིད་བརྟེན་པ་དང། །གཅིག་ཉིད་གཞན་ཉིད་ཀུན་ཉོན་མོངས། །རྣམ་པར་བྱང་བར་བྱ་བརྟེན་པ། །དཔེར་ན ་མཁའ་ལ་ལྕགས་འདེབས་དང། །ཆོན་གྱི་རི་མོའི་ལས་དང་ནི། །ས་བོན་ངག་ནི་སྐྱེ་མེད་ལྟར། །རྟོག་པ་ཐམས་ཅད་སྐྱེ་བ་མེད། །རབ་རིབ་བྲལ་བར་གྱུར་པའི་མིག་།རྣི་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲད་བུ་ཟླ་གཉིས་དང། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ ་རིབ་བྲལ་གྱུར་ཅིང། །ཡང་དག་མཁྱེན་ཅན་དྲི་མེད་ལའང། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ལ་མི་ཐོང་ལྟར། །དེ་བཞིན་ཀུན?་རྫོབ་ཤེས་པ་དག་།བློ་གྲོས་མིག་ནི་བྱེ་གྱུར་ཅིང། །མི་ཤེས ་གཉིད་དང་བྲལ་གྱུར་ནས། སང་པའི་ཚེ་ན་མི་མཐོང?། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མིན་མཐོང་བ། །ཉི་མ་ཤར་ཅིང་མིག་བྱེའི་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པ་ཡང་དག་གི་།ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། སེམས་དང་སེམས་བྱུང་ཡུལ་མི ་མཐོང་།དངོས་རྣམས་ངོ་བོ་ཉིད་ཡོད་པར། །མི་མཐོང་དངོས་ཉིད་མ་གྲུབ་ཕྱིར། །ཡང་ན་དངོས་ཉིད་སྐྱེ་མེད་ཕྱིར། །སྒྱུ་མའི་གླང་ཆེན་ཇི་བཞིན་ནོ། །དངོས་རྣམས་ངོ་བོ་ཉིད་ཡོད་པར། །མི་མཐོང་ཀུན་རྫོབ་སྐྱེ་ཡོད་ཕྱིར། །ཡང་ན་རྒྱུ་དང་ལྡན་པའི་ཕྱིར། །སྒྱུ་མའི་གླང་ཆེན་ཇི་བཞིན་ནོ། །དངོས་རྣམས་མེད་ཅིང་བྱ་བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། །རྟོག ་པའི་སྒོ་ནས་གྲུབ་པའི་ཕྱིར། །ཐོ་ཡོ་རལ་ནི་མི་བློ་བཞིན། །ཡང་ན་ཡང་དག་མ་ཡིན་བློས། །དམིགས་བྱའི་དངོས་བདག་ལོག་པར་འདོད། །རྟོག་པའི་ཤེས་པའི་ཡུལ་ཡིན་ཕྱིར། །མིག་རྒྱུ་ལ་ནི་ཆུ་བློ་བཞིན། །ཡོད་མེད་བློས་ནི་རྟོགབྱ་བ། བཀག་ཕྱིར་དེ་བཞིན་མཁས་རྣམས་ཀྱི། །རྣམ་པར་མི་རྟོག་བློ་གྲོས་ནི། །སྐྱེ་བ་མེད་པའི་ཚུལ་གྱི་སྐྱེ།། ་ཆོས་རྣམས་ཐམས་ཅད་སྟོང་པའི་ཕྱིར། དེ་མི་གཏོང་བའི་སྒོ་ནས་ཀྱང། །མི་རྟོག་བློ་གྲོས་མི་འདོད་མིན། །དེ་ནི་སྔར་བཞིན་བཀག་ཕྱིར་རོ། །གང་ཕྱིར་སྟོང་ཉིད་སྟོང་སོགས་ཀྱི་།ངོ་བོ་ཉིད་ཀྱི་སྟོང་དེའི་ཕྱིར། །མཁས་པ་སྟོང་བ་ཉིད་ལ་ཡང། །སྟོང་པ་ཉིད་དུ་ལྟ་མི་འགྱུར། །དངོས་པོའི་བདག་ཉིད་སྣང་མེད་པ། །མི་རྟོག་བློ་ཡི་སྦྱོད་ཡུལ་ཡང། ་དོན་བཞིན་མ་ཡིན་དམིགས་བྱའི་ཕྱིར། །ཆུ་ཟླ་ལ་ནི་ཟླ་བ་བཞིན། །རྣམ་པར་མི་རྟོག་དོན་ཡུལ་གྱི། །བློ་རྣམས་རྟོག་པ་མེད་པའང་རྫུན། །བདག་མེད་ལ་སོགས་ངོ་བོའི་ཕྱིར། །དཔེར་ན་རྣམ་རྟོག་བཅས་བློ་བཞིན། །ཤེས་བྱ་རྣམས་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད ་མཉམ་མེད་དེ་མཁྱེན་གསུང། །དེ་རྟོགས་ཕྱིར་ན་གང་ཞིག་ལ། །བློ་སྐྱེ་མེད་པས་སངས་རྒྱས་དངོས། །རྣམ་རྟོག་གཉིད་ནི་སངས་ཕྱིར་དང། །རྟོག་པ་མེད་པས་རྒྱས་ཕྱིར་རོ། །ཡོངས་ཤེས་བྱས་སོགས་མཐར་ཐུག་དང། །མཉམ་ཉིད་རྟོག་པར་གྱུར་པ་དང། །སྤྲུལ་པ་དག་གིས་སྐལ་ལྡན་གྱི། །བློ་ཡི་པདྨ་ཁ ་འབྱེད་ཕྱིར། །ཆོས་རྣམས་མཚན་ཉིད་ཐ་དད་པ། །སྐྱེད་དང་དགག་པ་མ་མཛད་པར། །མཉམ་པ་ཉིད་ཀྱི་མཉམ་ཉིད་དང། །བདག་གཞན་བདག་ཉིད་མཉམ་པ་ཉིད། །དམིགས་མེད་ཉིད་དུ་རྫོགས་རྒྱས་ཤིང། །རྫོགས་སངས་རྒྱས་མེད་སངས་རྒྱས་པས། །ལྷ་མིར་བཅས་པའི་འཇིག་རྟེན་ན། །དེ་ནི་རྫོགས་སངས་རྒྱས་ཞེས ་བརྗོད། །ཆོས་རྣམས་གསལ་དང་གཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །རྟོགས་བྱ་གཏན་དང་མ་ལུས་དང། །མཐར་ལྷུང་རྣམ་པར་སྤངས་པ་དག་།རྟོགས་མེད་ཚུལ་གྱིས་རྟོགས་པ་ཡི། །བདེར་གཤེགས་ཕྱིར་ན་བདེ་བར་གཤེགས།། ་གཞལ་མེད་གཞལ་ཡས་རྟོག་པའི་ཕྱིར། །གྲངས་མེད་གཟུང་དུ་མེད་པའི་ཕྱིར། །བསམ་ཡས་སེམས་ཡུལ་མ་ཡིན་ཕྱིར། །བསྟན་མིན་བསྟན་དུ་མེད་པའི་ཕྱིར། །བརྟག་མེད་དེ་ནི་འདིའོ་ཞེས། །རྣམ་ཀུན་རྟག་ཏུ་མེད་པའི་ཕྱིར། །གསལ་མིན་གསལ་བྱེད་མེད་པའི་ཕྱིར། །ཞི་བ་གནོད་པ་མེད་པའི་ཕྱིར། །བརྟག ་བར་བརྗོད་དེ་སྣང་མེད་པའི། །བདག་ཉིད་ཉིད་ཀྱིས་རྣམ་ཀུན་ཏུ། །རྣམ་རྟོག་མེད་པས་རྟག་ཕྱིར་དང། །རྟག་ཏུ་དོན་ནི་རབ་སྒྲུབ་ཕྱིར། །ཞི་པ་ངོ་བོ་ཉིད་སྟོང་ཕྱིར། །མཚན་མ་མེད་པ་དངོས་མེད་ཕྱིར། །མཚན་མ་ཉིད་དུ་མི་འགྲོ་དང། །མཚན་མ་མེད་ཕྱིར་དེ་ཡང་ཡིན། །མཚན་མ་མེད་ཕྱིར་སྣང་བ་མེད། །སྣང་མེད ་ཕྱིར་ཡང་མཚན་མ་མེད། །མཚན་མ་མེད་ཅིང་སྣང་མེད་པ། །ལྟ་འདོད་བདག་ཉིད་གྲོལ་བས་མཐོང། །མི་གནས་མཚན་མ་མེད་པའི་ཕྱིར། །རྣམ་པར་མི་རྟོག་མི་གནས་ཕྱིར། །སྤྲོས་མེད་རྣམ་པར་མི་རྟོག་ཕྱིར། །དམིགས་མེད་དེར་འཛིན་མེད་པའི་ཕྱིར། །སྐྱེ་བ་མེད་པ་རྣམ་པ་མེད། །འགྱུར་བ ་མེད་པ་འོད་གསལ་བ། །མཉམ་པ་མི་མཉམ་མུ་མེད་པ། །རྣམ་པར་མི་རྟོག་མཚན་ཉིད་མེད། །མཁའ་བཞིན་དེ་ལ་ལྟ་མེད་པར། །བདག་ཉིད་ཆེན་པོ་དེ་དག་ལྟ། །གང་དག་རྣམ་པར་མི་རྟོག་པའི། །གནས་པས་ལྷུན་གྲུབ་དྲི་མེད་མིག་།འདུད་པར་བྱེད་དང་ཡིད་བྱེད་དང། བརྗོད་ལ་སོགས་པ་གསལ་བ ་དག་།མགོན་པོ་ལ་ནི་ཕྱག་འཚལ་བ། །དེ་དག་ལ་ནི་གུས་ཕྱག་འཚལ། །སངས་རྒྱས་ལ་སོགས་སྒོ་བཏགས་པས། །སྒྲུབ་དང་རྗེས་སུ་མཐུན་པར་བསྟན། །དེ་ཉིད་དུ་ནི་རྣམ་ཀུན་དུ། །རྣམ་རྟོག་མིན་ཕྱིར་བརྗོད་མི་འདོད། །འདི་ལ་ཚིགས་དང་ལྡག་འགྱུར་ཞིང། །འདི་ནི་སེམས་ཀྱི་སྤྱོད་ཡུལ་མིན།། ་འདི་ལ་ཀུན་རྟོག་ལྡོག་འགྱུར་ཞིང། །ཤེས་པ་འཇུག་པར་མི་འགྱུར་རོ། །གྲངས་མེད་བསོད་ནམས་ཚོགས་ལྡན་ཞིང། །ཤེས་བྱ་མཛའ་ཡས་མཁྱེན་གྱུར་པའི། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་འདི། །སྤྲོ་བ་ཉེར་ཞི་ཞི་བ་ཡིན། །ཤ་ཡི་མིག་གིས་དེ་ལྟ་མིན། །ལྷ་ཡི་མིག་གིས་བལྟ་མ ་ཡིན། །རྟོག་བཅས་རྣམ་རྟོག་མེད་པ་ཡི། །ཤེས་པས་ཀྱང་ནི་མཐོང་བར་དཀའ་། །མཐེ་རིས་སྡིག་ཅན་ཡུལ་མིན་དང། །ཉོན་མོངས་མེད་པ་དེ་བཅས་མིན། །ཉི་མ་དམུས་ལོང་ཡུལ་མིན་ལྟར། །དེ་ཡང་རྟོག་གེའི་སྤྱོད་ཡུལ་མིན། །ཡོད་མིན་མེད་མིན་ཡོད ་མེད་མིན། །དེ་ལས་གཞན་མིན་གཞན་མ་ཡིན། །ཕྲ་བ་མ་ཡིན་ཆེན་པོ་མིན། །གཅིག་མིན་རིང་མིན་ཉེ་བའང་མིན། །དེ་ལས་ཅུང་ཟད་ཇི་ལྟར་ཡང། །སྐྱེ་བ་མེད་ཅིང་གསལ་བ་མེད། །འདི་ལ་འགའ་ཡང་གནས་པ་མེད། །འགའ་ཡང་བག་ལ་ཞར་མི་འགྱུར། །ཚངས་ལ ་སོགས་པས་གང་མི་རྟོགས། །དེ་ནི་ཚངས་པ་དམ་པ་ཡིན། །དེ་ནི་བདེན་པ་དམ་པ་ཞེས། །ཐུབ་པ་བདེན་པ་གསུང་པས་གསུངས། །འཕགས་པ་སྤྱན་རས་གཟིགས་དབང་དང། །འཕགས་པ་བྱམས་པ་ལ་སོགས་པ། །མཁས་པ་ཐུབ་པ་མང་པོ་དག?་།བསྙེན་མེད་ཚུལ ་གྱི་དེ་བསྙེན་བྱེད། །དེ་ལས་དངོས་ཉིད་མི་གཞན་དང། །དེས་ནི་ཐུགས་སུ་ཆུད་པའི་ཕྱིར། །དེ་བཞིན་གཤེགས་པའི་སྐུར་འདོད་དེ། །གཞན་གྱིས་མ་ཡིན་དེ་མ་རྟོགས། །དེ་ཉིད་བསྒོམ་པ་གོམས་བྱེད་པ། །དམིགས་མེད་གནས་པ་དེ་ལ་ཡང། །གང་ལ་ཡིད་ནི་ཆགས་འགྱུར ་ཞིང། །སྡང་འགྱུར་རྨོངས་འགྱུར་ག་ལ་ཡོད། །སྡུག་བྲལ་མི་སྡུག་ཕྲད་པ་ལས། །བྱུང་བའི་སྡུག་བསྔལ་ག་ལས་འབྱུང། །འཇིག་རྟེན་ཆོས་ཀྱིས་མི་གོས་ཏེ། །པདྨ་ལ་ནི་ཆུས་བཞིན་ནོ། །འཁོར་བ་ལས་ནི་བྱུང་བ་མ་ཡིན། །འཁོར་བ་ལས་གནོད་བྲལ་བ་ཡིན། །མྱ ་ངན་འདས་པ་ཐོབ་མ་ཡིན། །མྱ་ངན་འདས་ལ་གནས་དང་འདྲ། །ཉོན་མོངས་མའི་གདུང་བ་མེད། །ཉོན་མོངས་ལྡན་ཡང་ནམ་མཁའ་བཞིན། །སེམས་མེད་སེམས་མེད་མ་ཡིན་ཏེ། །སྙོམས་པར་འཇུག་པ་ལ་གནས་ཕྱིར་རོ། །དེ་ནི་ཤེས་རབ་ལྷུན་པོའི་རྩེར། །འཛེགས་ཤིང ་མྱ་ངན་མེད་གྱུར་ཀྱང། །སྙིང་རྗེའི་དབང་གིས་འཇིག་རྟེན་པ། །མྱ་ངན་གདུངས་དང་སྡུག་བསྔལ་བལྟ། །དེ་ནི་དེ་ཚེ་སྙིང་རྗེ་ཡིས། །བརླན་པའི་མིག་གིས་འཇིག་རྟེན་པ། །རྣམ་རྟོག་བཟོ་ལས་བྱུང་བ་ཡིས། །རྟོག་པའི་དྲ་བས་དཀྲིས་པ་དང། །སྐྱེ་རྒན་འཆིའི་ཟུག་རྔུ་ཡིས། །རྨ ་གཏོད་ན་བར་གྱུར་པ་དང། །གཞན་དང་བཀྲེན་དང་མཛའ་ངན་དང། །མགོན་མེད་དཔུང་གཉེན་མེད་པ་དང། །སྡུག་བསྔལ་ཉེ་བར་ཞི་འདོད་པས། །སྡུག་བསྔལ་ཆུ་བོ་ཚར་ལྷུད་དང། །སྡུག་བསྔལ་རྒྱུ་དག་སྤེལ་བའི་ཕྱིར། །རྨོངས་པའི་ཡིད་ཀྱིས་ཞུགས་བ་དང། །དེ་ཉིད་བདུད་རྩི་ཞི་བ་དང།། ་སྤྲོས་པ་ཉེར་ཞི་སྟོན་ཀ་ཡི། །དྲི་མེད་མཁའ་ལ་བློ་སྤྱོད་བའི། །སྣང་མེད་མིག་མེད་ཀུན་བལྟས་ནས། །སྙིང་རྗེས་ཤིན་ཏུ་ཡིད་གདུངས་པ། །ངོ་ལ་ཕན་ཕྱིར་བརྟུལ་ཞུགས་ཅན། །རྡོ་རྗེ་རིན་ཆེན་སྲ་བའི་སེམས། །སེམས་ཅན་གཙོ་བོ་ལེགས་བསླབས་པ། །སྦྱིན་པ་ཚུལ་ཁྲིམས ་བཟོད་པ་དང། །བརྩོན་འགྲུས་བསམ་གཏན་ཤེས་རབ་བརྩོན། །དུས་དན་དང་ནི་མཐུ་བཞིན་དུ། །ཤེས་རབ་དྲན་པ་སྔོན་འགྲོ་བས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྦྱིན་ལ་སོགས་མའི་རི་བོ་ལས། །བྱུང་བའི་ཆུ་ཀླུང་བསོད་ནམས་དང། །དྲི་མེད་དག་བའི་ཆུ ་ལྡན་འདེབས། །སློད་བ་ཀུན་ལ་དུས་ཀུན་དུ། །ཕྱི་ནད་དངོས་པོ་ཐམས་ཅད་ཀྱིས། །དངུལ་དང་སློང་བའི་སྡུག་བསྔལ་ཀུན། །རྣམ་པ་ཀུན་ཏུ་སེལ་བར་བྱེད། །སློད་བ་རྣམས་ཀྱི་བསམ་པ་དག་།སྐད་ཅིག་སྐད་ཅིག་དག་རྫོགས་ཤིང། །དུས་ཀུན་མི་བཟད་འབྲས་བུ་ཡི། །འབྱོར་ཅིང ་དཔག་བསམ་ཤིང་ལྟར་བྱེད། །དེ་ནི་གཞན་ཕན་བདེ་སྐྱིད་པའི། །ངད?་འགྲོ་ཁོ་ནར་སྐྱེ་བར་འགྱུར། །ཡང་ན་འདོད་པས་གཞན་དག་ཏུ། །གཞན་ཕན་བདེ་བ་སྐྱེད་པར་སྐྱེ། །འགྲོ་བ་དེ་དང་དེ་དག་ཏུ། །འཁོར་བཅུགས་རྟག་བཟོད་མཛའ་ཡས་དང། །རྒྱ་མཚོ་བཞིན་དུ་སྒོ་ཀུན ་ནས། །བསོད་ནམས་ཆུ་བོས་ཡོངས་རྒྱས་འགྱུར། །སེམས་གཉེན་རྣམ་པར་མི་གཡེང་དང། །ཤེས་བྱ་རྟོག?་དང་མཁས་པའི་བློ། །ལྷན་ཅིག་སྐྱེས་དང་ལྡན་གྱུར་ཅིང། །ཇི་སྲིད་འདོད་པའི་སྐལ་པར་གནས། །གྲངས་མེད་དཔག་ཏུ་མེད་པ་ཡི། །ཏིང་འཛིན་དེས་རྟོག་བློ་དང་ལྡན།། ་འཇིག་རྟེན་ཁམས་ནི་མཛའ་ཡས་དག་།རྒྱན་རྣམས་ཀྱིས་ནི་བརྒྱན་པར་བྱེད། །བཟོ་དང་ལས་སྔོན་འདུ་བྱེད་དང། །ལས་ཀྱི་རྣམ་སྨིན་རབ་ཏུ་སྟོན། །འགྲོ་ལ་ཕན་པ་བསྒྲུབ་འདོད་པས། །ཇི་ལྟར་འདོད་པ་རབ་ཏུ་སྐྱེ། །སངས་རྒྱས་སྐུས་ནི་གང་བ་ཡི། །འཇིག་རྟེན་ཁམས་རྣམས ་སྟོན་པར་བྱེད། །ཇི་ལྟར་འདོད་པའི་དུས་དང་ནི། །ཞིང་དུ་རྫོགས་པར་བྱང་ཆུབ་སྟོན། །ཡེ་ཤེས་མིག་གིས་ཤེས་བྱ་བའི། །དེ་ཉིད་ཐམས་ཅད་སྟོན་པར་བྱེད། །ཆོས་རྣམས་བཞག་པ་ཉིད་རྟོགས་ཤིང། །མིང་ལ་སོགས་པ་ཐོབ་པ་ཉིད། །རྫུ་འཕྲུལ་རྣམ་པར ་འཕྲུལ་པ་ཡིས། །མཛའ་ཡས་ཞིང་དག་གཡོ་བར་བྱེད། །དུས་གཅིག་གམ་ནི་རིམ་ཡང་རུང། །ལུས་ལ་འབར་དང་འབེབས་པར་བྱེད། །ཕྱོགས་ནི་མཛའ་ཡས་ཀུན་ཏུ་ཡང། །རང་གི་འོད་ཀྱིས་སྤྲོ་བར་བྱེད། །ཚང་མེད་རྨད་བྱུང་བསམ་མི་ཁྱབ། །ཡོན་ཏན་རིན་ཆེན་འོད་འབར་བ།། ་འཇིག་རྟེན་རྩ་ལག་སངས་རྒྱས་རྣམས། །འཁོར་དང་བཅས་པའང་སྟོན་པར་བྱེད། །གསེར་དང་ནོར་བུ་བཻཌཱུརྱ། །མུ་ཏིག་རྡོ་རྗེ་མཐོན་ཀ་ཆེར། །རི་བོའི་དབང་པོ་ཆེ་རྣམས་དང། །མེ་ཉིད་གྲང་བར་བཞེང་པས་བྱེད། །ཆེན་པོར་གྱུར་པའི་ལུས་ཀྱིས་སུ། །རྡོ་རྗེ་སོགས་ལ་མི ་ཆགས་པར། །ངོ་མཚར་བྱེད་ཅིང་སྐད་ཅིག་གིས། །ཕྱོགས་ཀུན་ཏུ་ནི་འགྲོ་ཞིང་འོང། །རང་གི་ལུས་སམ་རྡུལ་ཕྲན་ལ། །དཔག་ཏུ་མེད་པའི་འཇིག་རྟེན་ཁམས། །ཡང་དག་འཛུད་ཀྱང་སེམས་ཅན་ལ། །གནོད་པ་མེད་པའང་སྟོན་བར་བྱེད། །འཇིག་རྟེན་ཁམས ་རྣམས་ཕྲ་རབ་ཏུ། །ཕྲ་རབ་དེ་ཡི་ཚད་ཉིད་དུ། །བསྡུས་པ་འམ་ནི་རྒྱས་པར་ཡང། །བཞེད་པ་ཙམ་བྱེད་འོག་སྟེང་ཀྱང། །དེའི་ཚད་འོད་དང་ཁ་དོག་དང། །དབྱངས་དང་སྤྱོད་ལམ་ཕུན་ཚོགས་ཀྱིས། །གདུལ་བྱ་འདུལ་བར་འདོད་པའི་ཕྱིར། །ཚངས་པ་ལ་སོགས ་འཁོར་དུ་འགྲོ། །སྣང་བར་འགྱུར་ཞིང་མི་སྣང་འགྱུར། །དེ་དག་འགགས་ཀྱང་མི་ཤེས་དང། །གཞན་གྱིས་ཟིལ་གྱིས་གནོན་པར་ཡང། །བྱེད་དེ་སྙིང་རྗེས་བསྐུལ་བའི་ཕྱིར། །འགྲོ་བའི་གནས་ནི་བརྗོད་རྣམས་སུ། །འགྲོ་བ་དབང་བྱས་དགོས་འདོད་པས། །སྤོབས་སོགས ་ཀྱིས་ནི་དམན་པ་ལ། །སྤོབས་པའི་བདེ་བ་རབ་ཏུ་སྟེར། །དམྱལ་སོགས་སྡུག་བསྔལ་གྱིས་གདུངས་དང། །འོད་ཟེར་བཏང་བ་ལ་སོགས་ཀྱིས། །ཞི་བར་བྱེད་ཅིང་ལྷ་དབང་སོགས། །སྐལ་པ་མཉམ་པར་འགྲོ་བར་བྱེད། །གདུལ་བྱ་ཇི་བཞིན་སྤྲུལ་པ་ཡི། །སྤྲུལ་པ? ་ཡི་ནི་ཕྱོགས་བཀང་ནས། །བསྟན་པ་རིན་ཆེན་ཆར་ཕབ་པས། །འཇིག་རྟེན་འདས་པའི་བདེ་བ་བསྐྱེད། །དུས་གསུམ་ཚད་མེད་ལུས་ཉིད་དང། །སངས་རྒྱས་ཞིང་ནི་ཕུན་སུམ་ཚོགས། །འཇིག་རྟེན་ཁམས་ནི་དཔག་མེད་རྣམས། །འཇིག་པ་དང་ནི་ཆགས་པ་ཡང།། ་རང་ལུས་བདེ་བར་གཤེགས་ཞིང་དུ། །དེ་ཡང་རང་ལུས་བདག་ཉིད་དུ། །རང་གི་ཞིང་ནི་བདེ་གཤེགས་སྐུར། །བཞེད་པ་ཙམ་གྱིས་བྱིན་གྱིས་བརློབ། །པ་སྤུའི་ཁུད་དང་འོད་ཟེར་ལས། །ནམ་མཁའ་ལ་ནི་རོལ་མོའི་སྒྲ། །སྤྲུལ་པ་ཡིས་ནི་རབ་བཏོན་ནས། །ཐོས་ན་དགའ་ ་བར་འགྱུར་བས་ནི། །མཐར་ཐུག་པར་ནི་གསལ་བར་འགེངས། །ཀ་ལ་བིང་ཀའི་སྒྲ་དབྱངས་ནི། །ཟབ་ཅིང་རྒྱ་ཆེར་སྒྲོགས་པ་ཡིས། །འཇིག་རྟེན་རྣམས་ནི་གསུང་གིས་འགེངས། །མོས་པའི་དབང་དང་དབང་པོ་བཞིན། །ཞི་བར་རོ་གཅིག་ཞི་བ་དང། །གདུལ་བྱ་རྣམས་ནི ་འདུལ་པའི་ཕྱིར། །ཆོས་འདི་རྣམས་ནི་གསུང་བར་མཛད། །དམན་དང་བག་ལ་ཉལ་བཅས་དག་།བདེ་དང་སྡུག་བསྔལ་སོགས་དང་བཅས། །དམན་དང་འབྲིང་དང་མཆོག་རྣམས་དང། །ཡང་དག་གྱ་ནོམ་སོགས་དེ་རྣམས། །གང་ལ་ཇི་ལྟར་ཇི་སྲིད་དུ། །ལུས་ཅན་རྣམས ་ཀྱི་སེམས་འབྱུང་བ། །དེ་རྣམས་དེ་ལ་དེ་བཞིན་དང། །དེ་རྙེད་མང་རྣམས་རིག་པར་བྱེད། །ལྷ་དང་སྤྲུལ་པ་ཕྲ་མོ་དང། །དེ་ལས་བཟློག་པར་གྱུར་པ་དག་།ཀུན་ཏུ་གཟུགས་ནི་ཐམས་ཅད་ཀྱང། །ལྷའི་མིག་གིས་དེ་དག་མཐོང། །ལྷ་དང་འཕགས་པ་བཀོད་དང་སྤྲུལ།། ་གསལ་པོའི་སྒྲ་དང་མིར་བཅས་པ་དང། །རིང་ན་གནས་དང་བཟློག་པ་དག་།ལྷ་ཡི་རྣ་བ་འདི་ཡིས་ཐོས། །སྔོན་གྱི་གནས་རྣམས་ཐམས་ཅད་དེ། །སེམས་ཅན་རྣམས་དང་བདག་ཉིད་ཀྱི། །མིང་དང་རིགས་ཀྱི་བྱེ་བྲག་རྣམས། །དྲན་ཞིང་གཞན་དག་གི་ཡང་དྲན།། ་ཐ་དད་འགྲོ་བའི་འདོད་པ་དང། །མི་འདོད་ལས་འབྲས་སྣ་ཚོགས་གནས། །འཆི་དང་འཕོ་དང་སྐྱེ་བ་རྣམས། །ལུས་ཅན་ཀུན་གྱི་རིག་པར་གྱུར། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །འདི་ཡིས་གདུལ་བྱ་འདུལ་བའི་ཕྱིར། །དགའ་ལྡན་གནས་འཕོས་འཇུག་པ་དང། ་ཡང་དག་བྱང་ཆུབ་མངོན་པར་སྟོན། །རང་གི་འདོད་པས་དཔག་མེད་པའི། །འཇིག་རྟེན་ཁམས་ཀྱི་རྡུལ་མཉམ་པ། །སངས་རྒྱས་ཞིང་ཡང་དེ་སྙེད་དུ། །སེམས་ཅན་རྣམས་ཀྱང་དེ་རྙེད་ཀྱི། །གདུལ་བྱ་ཐབས་ཀྱིས་སྤྲུལ་པ་ནི། །རང་གི་ཞིང་ནས་མ་གཡོས ་པར། །རང་གི་འདོད་པས་ལུས་སྤྲུལ་པ། །རེ་རེ་ལས་ཀྱང་དེ་སྙེད་ལག་།དེ་སྙེད་པ་ཡི་མགོ་ལས་ལྕེ། །སོ་སོ་ཀུན་ནས་དེ་སྙེད་སྤྲོ། །ལག་པ་དེ་དག་གིས་བཟུང་བའི། །མེ་ཏོག་དྲིས་བཀང་སྣ་ཚོགས་པ། །གང་གཱའི་ཀླུང་གི་བྱེ་མ་སྙེད། །ལྷུན་པོའི་ཚད་ཙམ་དྲི་སྤྲོ་ཞིང། །རྒྱས་པ ་མཆོག་བཟང་དྲི་དག་དང། །རྫོགས་སངས་རྣམ་པར་སངས་རྒྱས་དག་།འགྲོ་ལ་ཕན་པར་བྱེད་པའི་མཆོག། ཤིན་ཏུ་གུས་པས་མཆོད་པར་བྱེད། །ལན་ཅིག་མིན་པར་བསྟོད་པས་བསྟོད། །རིན་ཆེན་གདུགས་དང་བླ་རེ་སོགས། །མུ་ཏིག་དྲ་བས་ཡོངས་བརྒྱན་པ། །ཚད ་མེད་རིན་ཆེན་མྱུ་གུ་ལས། །མཆེ་བ་ལྟ་བུའི་འོད་ཟེར་འཕྲོ། །སྟེང་གཡོགས་ཀ་བ་འབར་བས་དགའ་། །མུ་ཏིག་ཕྲེང་བ་འཕྱང་བ་དང། །རིན་ཆེན་སྣ་ཚོགས་དུ་མ་ལས། །སྣ་ཚོགས་ལས་ཀྱི་གཟོ་སྦྱར་བ། །རིན་ཆེན་འབར་བའི་གཞལ་ཡས་ཁང། །འོད་ཟེར་སྒྲོན་མ་བརྒྱ ་སྙེད་འབར། །ཤིན་ཏུ་མཐོ་པ་མཁའ་མཉམ་པ། །རིན་ཆེན་འོད་ཀྱིས་ཕྱོགས་ཁྱབ་བྱེད། །དེ་ཡི་རྣམ་གྲངས་དུ་མ་ཡི། །བསྟན་པ་རྟག་ཏུ་མཁས་པ་དེས། །ཐོས་ནས་གུས་པ་གཞན་དག་ལ། །ལྷག་ཆད་མེད་པའི་ཡི་གེས་སྟོན། །མཁས་པ་ལེགས་བར་བསླབ་པ་དེས། །བསྐལ ་པ་གྲངས་མེད་དཔག་མེད་པར། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་འཕགས། །ཕ་རོལ་ཕྱིན་རྣམས་ཕ་རོལ་ཕྱིན། །འདི་ནི་འདི་ལྟར་སྐྱེས་བུ་མཆོག་།རྫོགས་སངས་ཉི་མར་གྱུར་ནས་ནི། །གདུལ་བྱའི་སེམས་ཅན་པདྨའི་མཚོ། །བསྟན་པའི་འོད་ཀྱིས་རྒྱས་པར ་བྱེད། །དྲི་མ་མེད་པས་དྲི་མ་སྦྱོང། །གངས་ཕྲེང་བསིལ་བའི་འོད་ཟེར་དང། །ཙན་དན་པས་ལྷག་བསུང་གི་ཆུས། །ལུས་ཅན་ཡིད་ཀྱི་ཉོན་མོངས་མེས། །རབ་ཏུ་གདུངས་པ་ཞི་བར་བྱེད། །སྐྱེ་བོའི་འཁོར་བ་དཔའ་ཀློང་ཅན། །འཆི་བའི་ཆུ་སྲིན་བཅས་མཚོ་ལས། །ཐེག་པ ་གསུམ་གྱི་གྲུ་ཆེན་གྱིས། །འདི་ཡིས་སྐྱེ་བོ་མྱུར་དུ་སྒྲོལ། །བདག་གིས་ལེགས་བཤད་ཆུ་རྒྱུན་གྱིས། །ཐོག་མ་མེད་དུས་འགྲོ་བ་རྣམས། །ཤིན་ཏུ་སྐོམ་པ་སེལ་བར་བྱེད། །ཡོན་ཏན་གྱིས་ཕོངས་ཀྱང་སེལ་བྱེད། །སྲིད་བའི་དགོན་བར་ལམ་སྟོར་བས། །མ་རིག་བས་བསྒྲིབས་ལམ་སྟོན་བྱེད།། ་འགྲོ་རྣམས་ཤེས་རབ་མིག་བྱེ་ནས། །མྱ་ངན་འདས་པར་ཕྱིན་པར་བྱེད། །ཉོན་མོངས་སྦྲུལ་གདུག་མཆེ་བས་བཏབ། །རང་ལ་ཕན་པའི་ཐབས་ལ་བརྒྱལ། །ཡེ་ཤེས་སྨན་ནི་ཡང་དག་པ། །རིག་པ་བསྟན་པས་འགྲོ་རྣམས་གསོ། །སྲིད་པར་མགོན་མེད་སྲོག་ཆགས་རྣམས། །ཡུན ་རིང་གཉིད་ཀྱིས་ལོག་པ་ལ། །བསྟན་པ་ལྔ་ཡི་སྒྲ་དག་གིས། །སྙིང་རྗེ་ཡི་ནི་སད་པར་བྱེད། །ཡུན་རིང་འཁོར་བའི་བཙོན་ར་ན། །སྲིད་པའི་ལྕགས་སྒྲོག་གིས་བསྡམས་པ། །བདུད་བཞི་ལས་ནི་རྒྱལ་བྱས་ནས། །བཅིངས་པ་ལས་ནི་གྲོལ་བར་བྱེད། །བྱིན་ཟ་ངོམས་པ་མེད་པ ་བཞིན། །ལྷ་དང་མིའི་ཡུལ་དག་གིས།། ཤེས་རབ་བདུད་རྩིའི་རོ་བཟང་པོས། །ལུས་ཅན་རྣམས་ནི་ཚིམ་པར་བྱེད། །འཁོར་དུ་སྟོང་ཉིད་སེང་གེ་ཡི། །སྒྲ་ཆེན་སྤྲ་ནི་སྒྲགས་པ་ཡིས། །གདུལ་དཀའ་མུ་སྟེགས་མྱོས་པ་ནི། །ཤེས་པས་མྱོས་པའི་ང་རྒྱལ་སེལ། །དབང་པོ་ཆེན་པོའི་གཞུ་འདྲ་བ། ། ་འདོམ་གང་འོད་ཀྱིས་ཀུན་ཏུ་བསྐོར། །གཟུགས་ནས་འབར་བ་ཡོངས་རྫོགས་པའི། །མཚན་དང་དཔེ་བྱད་རྣམས་ཀྱི་དཔལ། །དཔལ་ཉིད་རྒྱན་དུ་གྱུར་པ་ཡི། །ཡིད་དང་མིག་ནི་འཕྲོག་བྱེད་པའི། །གཟུགས་ནི་མཉམ་པའི་གཟུགས་མེད་པ། །མཛེས་པ་ཐམས་ཅད་ཟིལ་གྱིས་གནོན། །དེ་ཡི་རྣམ ་པ་དྲུག་ཅུ་དང། །ལྡན་པའི་གསུང་གིས་ཆོ་འཕྲུལ་དང། །བཅས་པས་ལྷ་དང་ལྷ་མིན་མི། །ལ་སོགས་ཡིད་ནི་དགའ་བར་བྱེད། །དེ་ཡིས་གསུང་དང་སྐུ་རྣམས་ཀྱིས། །ཡིད་བཞིན་ནོར་བུ་དཔག་བསམ་ལྟར། །གདུལ་བའི་དབང་གིས་ཕྱོགས་ཀུན་ཏུ། །སྣ་ཚོགས་བདག་པོའི་གཟུཌ ་སུ་བསྒྱུར། །དེ་དག་དེ་ལྟར་སྲོག་གྲངས་མེད། །དཔག་མེད་རྨད་དུ་བྱུང་བའི་གནས། །ཆེ་བའི་བདག་ཉིད་མཁས་པས་ལམ། །འདི་ལ་བརྟེན་ནས་ཐོབ་པར་འགྱུར། །དབུ་མ་སྙིང་པོ་ལས་དེ་ཁོ་ན་ཉིད་ཀྱི་ཤེས་པ་འཚོལ་བའི་ལེའུ་སྟེ་གསུམ་པའོ།། །། ་རྟོག་པར་དཀའ་བའི་ལུགས་འདི་ལ། །རྟོགས་པའི་ནུས་པ་ཆུང་གྱུར་པ། །གནས་མིན་སྐྲག་པའི་དམན་མོས་དག། ཡང་དང་ཡང་དུ་རྩོད་བར་བརྩོམ། །སྟོན་པའི་རྣམ་པར་མི་རྟོག་བློ། །སྐུ་ལ་རྟེན་པ་མ་ཡིན་ཏེ། །ལུས་ཅན་ཡིན་ཕྱིར་བ་རྫི་ཡི། །ལུས་ལ་ཇི་ལྟ་བ ་བཞིན་ཟེར། །ཡང་དག་ལྟ་སོགས་ལམ་གྱིས་ནི། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཆེར། །འདྲེན་བྱེད་ཡང་དག་རབ་རྟོག་བྱེད། །བྱང་ཆུབ་ཡིན་ཕྱིར་སློབ་མའི་བཞིན། །སྟོན་པའི་དབང་པོ་ཁྱད་འཕགས་པས། །ཀུན་མཁྱེན་ཡེ་ཤེས་སྲིད་པ་ཡིན། །ལམ་གཅིག་ན་ཡང་འདོད་པ་བཞིན ་འགའ་ཡི་སོ་སོ་ཡང་དག་རིག། ཤེས་བྱའི་སྒྲིབ་པ་ཟད་བྱེད་པ། །དེ་ཡང་ལམ་དེ་ཉིད་ཀྱིས་ཡིན། །སེམས་ལས་བྱུང་བའི་སྒྲིབ་ཡིན་ཕྱིར། །ཉོན་མོངས་སྒྲིབ་པ་ཇི་བཞིན་འདོད། །ཐེག་ཆེན་དུ་ཡང་ལམ་འདི་ཡིས། །ཀུན་རིག་ཐུབ་པ་འཐོབ་བྱེད་དེ། །ཐེག་པ་གཞན་ཉིད་ཡིན་པའི་ཕྱིར ་རང་རྒྱལ་ཐེག་པ་བཞིན་དུ་འདོད། །མདོ་སྡེ་སོགས་སུ་མ་བསྡུས་དང། །ལམ་གཞན་ཉེ་བར་སྟོན་ཕྱིར་དང། །ཐེག་ཆེན་སངས་རྒྱས་གསུངས་པ་ཡིན། །རིག་བྱེད་མཛའ་པའི་ལྟ་བ་བཞིན། །ཆད་པར་ལྟ་བ་ཇི་བཞིན་དུ། །རྒྱུ་དང་འབྲས་བུར་སྐུར་འདེབས་པས། །སྡེ་པ་བཅོ་བརྒྱད ་ཁོངས་སུ་ཡང། །གཏོགས་པ་མེད་པས་མ་ཡིན་ངེས། །གཟུགས་ལ་སོགས་ལ་དམིགས་པའི་བློ། །རང་རིག་ཉིད་དུ་ཡོད་པས་ཀྱང། །མངོན་སུམ་གནོད་པ་གང་ཡིན་དེས། །སྐྱེ་མེད་སྨྲ་བ་དེ་ལ་གནོད། །སྲིད་པ་རྣམས་ནི་དེ་ཉིད་དུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན ་སུམ་དང་ནི་གྲགས་པ་དག། གནོད་པ་འདི་ལ་མེད་ཅེ་ན། བགྲོད་མིན་ལ་ཡང་ཡང་དག་ཏུ། །བགྲོད་པར་བྱ་སྟེ་བུད་མེད་ཕྱིར། །བུད་མེད་གཞན་བཞིན་ཟེར་བ་ཡི། །སྐྱོན་བཅས་ཚིག་ཀྱང་སྐྱོན་མེད་འགྱུར། །བདེན་པ་མཐོང་བ་དེ་ཉིད་མིན། །དེ་ཉིད་མེད་པར་ཐལ་བར ་འགྱུར། །ནམ་མཁའ་ཨི་ལྷ་ཡིས་བསྟན་པ་ལྟར། །དེ་ཉིད་ཡིན་བར་མི་འདོད་དོ། །ཕྱི་རོལ་སྐྱེ་མཆེད་ཡོད་པ་ལས། །དེར་སྣང་བ་ཡི་བློ་འབྱུང་བས། །ཡོད་པར་རིགས་ཏེ་སེམས་ཉིད་ནི། །ཡོད་ལ་དགའ་བ་ཇི་བཞིན་གྱིས། །གལ་ཏེ་སེམས་ཡོད་མི་འདོད་ན། །ཁྱོད་ཀྱི་འགྲོ་བ ་སེམས་ཙམ་མིན། །འགྲོ་བ་ཕྱོགས་སུ་བྱ་བ་དང། །གཏན་ཚིགས་བསྒྲུབ་བ་ཁྱོད་ལ་མེད། །དེ་པ་སྔར་སྨྲས་རིགས་པ་ནི། །རང་གི་ཕྱོགས་ཉམས་དོགས་བས་གཞན། །མི་འདོད་གྱུར་པ་གང་སྨྲ་བ། །དེ་ནི་རིགས་པ་མ་ཡིན་ནོ། །སྟོན་པའི་རྣམ་པར་མི་རྟོག་བློ། །བདག་མེད་པ་ལ་དམིགས་བར ་འདོད། །ཡུལ་ཅན་གྱི་ནི་བློ་ཡིན་ཕྱིར། །གང་ཟག་བདག་མེད་པ་བཞིན་ནོ། །སྦྱོར་ལས་བྱུང་སོགས་བློ་དག་ནི། །འབྱུང་བ་གལ་ཏེ་འགོག་བྱེད་ན།། ཤེས་བྱ་ཀུན་ཏུ་མ་གྲུབ་པས། །བློ་གང་གང་གི་རྗེས་འབྱུང་བ། །དེ་ནི་རྟོག་མེད་སྔོན་བྱང་ཆུབ།། ཤེས་བྱ་དེ་ཉིད་མ་ལོག་ཕྱིར། །དེ་ཡི་ངོ་བོ ་རྣམ་རྟོག་སོགས། །བྲལ་བའི་བློར་ནི་མངོན་འདོད་པས། །དེ་ཡི་རྟེ་ནི་འགོག་བྱེད་ན། །གྲུབ་པ་ཉིད་ནི་རབ་སྒྲུབ་བྱེད། །དེ་ཉིད་ཞི་ཉིད་སོགས་བསྟན་པ། །རྟོག་པ་རྣམས་ཀྱིས་སྒྲོ་བཏགས་པའོ། །མཐོང་བ་མེད་པ་རྟོག་མེད་པ། །བརྗོད་པ་མེད་པ་བྱེད་མེད་པ། །འཚོ་བ་མེད་བརྩོམ་མེད་པ།། ་དེ་ན་དགའ་མེད་གནས་མེད་པ། །དེ་ཚེ་ལམ་ནི་དེ་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་འདོད་ཕྱིར་བདག། གྲུབ་པ་སྒྲུབ་པའི་སྐྱོན་ཡང་ཡིན། །བསྒོམ་ཉིད་ལ་ཡང་བརྟག་པར་བྱ། །ཇི་ལྟར་ལུད་དང་མི་འགལ་བར། །རྗེས་སུ་དཔག་པའི་རྗེས་འབྲངས་པ། །འདི་ལྟར་དེ་ཉིད་བསྒོམ་པ ་སྟེ། དཔེ་ནི་དེ་བཞིན་མཁས་པས་འདོད། །གང་གིས་དེ་རྟོག་དེ་སངས་རྒྱས། །གཞན་ནི་མིའང་དུ་མཚུངས། །ཐེག་ཆེན་སངས་རྒྱས་གསུང་མིན་ཞེས། །ཟེར་བ་འདི་རང་གཏན་ལ་དབབ། །སྔར་བསྟན་པ་ཡི་ལམ་འདི་ཡིས། །སངས་རྒྱས་བྱང་ཆུབ་ཐོབ་མི་ནུས། །སྡུག་བསྔལ་རྣམ ་པར་རྟོགས་བྱེད་ཕྱིར། །རང་སངས་རྒྱས་ཀྱི་ཐེག་པ་བཞིན། །རྗེས་སུ་དཔག་པས་གནོད་པ་ཡང་ན་གཞན་གྱི་ཕྱོགས་ལ་འབྱུང་བར་འགྱུར། །དཔེ་ནི་མ་གྲུབ་པ་ཉིད་ཀྱང། །དེ་ལ་ཞུགས་པ་བཟློག་པར་དཀའ་། །མི་སྐྱེ་ཟད་བར་ཤེས་པ་ནི། །ཇི་བཞིན་དོན་གྱི་དོན་དམ་མིན། །འཁྲུལ ་བཞིན་རྣམ་རྟོག་བཅས་པའི་ཕྱིར། །དེ་རྟོགས་ཇི་ལྟར་དེ་ཉིད་ཡིན། །ཐེག་པ་གཞན་ཉིད་རྒྱུ་ཡིན་ཞེས། །ཟེར་བ་དེ་ཡི་ལན་ཡང་བཏབ། །ཇི་ལྟར་སྒྲིབ་པ་ཡོད་བཞིན་དུ། །དགྲ་བཅོམ་མྱ་ངན་འདའ་བར་རིབ། །མ་རིག་ཉོན་མོངས་ཅན་སྤངས་པས། །དེ་ནི་གྲོལ་གྱུར་སངས་རྒྱས་བཞིན། ་དེ་ནི་མི་བདེན་མེད་པའི་ཕྱིར། །དངོས་དང་སྤྲུལ་བའི་སངས་རྒྱས་ལ། །ཡང་དག་ཏུ་ན་ཐེག་ཆེན་གྱི། །ལམ་གྱི་སངས་རྒྱས་བྱང་ཆུབ་དག། སྒྲུབ་མིན་རྟོག་བཅས་མཚན་བཅས་ཕྱིར། །འཇིག་རྟེན་པ་ཡི་ལམ་བཞིན་ནོ། །ཇི་སྲིད་འགའ་ཞིག་སྐྲག་པ་ཡིས། །ཐེག་པ་ལ་ནི་སྤྲུལ་ཞེས་འཁྲུལ། །འཁྲི་ཤིང ་བསྡོགས་པར་ཤེས་པ་ནི། །གཉེན་པོའི་ཕྱོགས་ཀྱི་ཤེས་པར་འབྱུང། །དེས་ན་གཏན་ཚིགས་མ་དེས་བཅས། །རྒོལ་བའི་སྨྲ་བ་སྤངས་པ་ཡིན། །ཀུན་ནས་ཉོན་མོངས་གཉེན་པོའི་ཕྱིར། །འདིས་ནི་ལན་ཡང་བཏབ་པ་བྱས། །ཐེག་ཆེན་སངས་རྒྱས་གསུངས་ཡིན་ཏེ། །བདག་མེད་ལ་སོགས་སྟོན་པ ་དང། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེ། །སྟོན་ཕྱིར་སློབ་མའི་ཐེག་པ་བཞིན། །ཕྱིར་རྒོལ་ཚད་མས་གནོད་པའི་ཕྱིར། །དེ་ཡི་གཏན་ཚིགས་མ་གྲུབ་ཉིད། །བླ་མ་ཀུན་དགའ་པ་རྟ་ལི། །སྡུག་བསྔལ་ཕུང་པོ་ས་བ་ཏེ། །འཆར་བྱེད་སྟོང་པ་འཆར་བ་དང། །གང་པོ་སྤངས་པ་རམ་པ་དང ་མྱ་ངན་འདས་དང་ཡུལ་འཁོར་སྐྱོང། །ཞེས་བྱ་གཞན་ཡང་འགྲོ་བའི་མདོ། །རྩ་བའི་སྡུད་པར་མ་ཚང་བས། །རྒྱས་པ་མིན་པར་རྟོག་པར་བྱ། །ཐམས་ཅད་མཁྱེན་ཉིད་ཐོབ་པའི་ལམ། །ཡང་དག་ལྟ་བ་སྔོན་འགྲོ་བ། །གང་ཕྱིར་ཐེག་ཆེན་ལས་གསུངས་པ། །དེ་ཕྱིར་གཏན་ཚིགས་མ ་གྲུབ་ཉིད། །སྡུག་བསྔལ་སྐྱེ་བ་བཀག་བསྟན་པས། །མ་སྐྱེས་སྡུག་བསྔལ་ཡིན་མི་འདོད། །སྐྱེས་པ་སྡུག་བསྔལ་ངོ་བོ་ན། །དེ་སྟོང་ཅིའི་ཕྱིར་ཁས་མི་ལེན། །འདུས་བྱས་ཡིན་ཕྱིར་སྒྱུ་མ་འམ། །ཟག་མེད་ཕུང་པོ་ཇི་བཞིན་ནོ། །ཁྱོད་ཅི་སྡུག་བསྔལ་བདེན་འདོད་པ། །ཡང་དག་ལྟ ་བའི་བློས་འདོད་པ། །ཚོར་བ་སྡུག་བསྔལ་སྡུག་བསྔལ་ཡིན། །སྐྱེ་སོགས་སྡུག་བསྔལ་ཉིད་ཇི་ལྟར། །མི་རྟག་ཕྱིར་ན་སྡུག་བསྔལ་ན། །རྒྱུ་དང་ལམ་ཡང་སྡུག་བསྔལ་ཉིད། །སྡུག་བསྔལ་རྒྱུ་ཡིན་ཕྱིར་ཞེ་ན། །ཀུན་འབྱུང་སྡུག་བསྔལ་ཉིད་དུ་འགྱུར། །སྡུག་བསྔལ་ཉིད་ནི་ཚིག་ཅེ? ་ཕྱིར། །དེ་ཤེས་ཇི་ལྟར་སྡུག་བསྔལ་ཤེས། །སྡུག་བསྔལ་ཡུལ་ཅན་ཤེས་པ་དེ། །དེ་ཉིད་དུ་ན་བདེན་པ་མིན། །སྡུག་བསྔལ་ཉིད་དུ་དེ་ཤེས་ཕྱིར། །ཕུང་སོགས་སྡུག་བསྔལ་བློ་བཞིན་ནོ། །རྒྱུ་ནི་སྡུག་བསྔལ་རྒྱུ་ཉིད་དུ། །མི་རིགས་ཀུན་འབྱུང་བདག་ཉིད་ཕྱིར། །རལ་གྲིས་བཤཌ ་སོགས་བཞིན་དུ་འམ། །སེམས་བྱུང་ཡིན་ཕྱིར་ལམ་བཞིན་ནོ། །སྡུག་བསྔལ་རྒྱུ་ཡི་ཡུལ་ཅན་གྱི། །བློ་དེ་བརྫུན་པ་ཉིད་དུ་འདོད། །རྒྱུ་སོགས་རྣམ་པར་རྟོག་བའི་ཕྱིར། །སྡུག་བསྔལ་རྒྱུ་ཡི་བློ་ཅན་བཞིན། །སྐྱེ་མེད་འགག་པ་ཡོད་མིན་ཏེ། །སྔར་སྨྲས་པ་ཡི་དགག་པ་ཉིད། །སྐྱེས་པ་འགག་ན་མ་སྐྱེས་ལ།། ་ནམ་མཁའ་ཨི་མེ་ཏོག་བཞིན་མི་རིགས། །གང་ཚེ་སྐྱེས་པས་དེ་མ་སྐྱེས། །འགོག་པ་ཉིད་ཀྱིས་འགོག་ཡིན་པར། །མི་འདོད་དེ་ཚེ་མཁས་བ་ཁྱོད། །ཅི་ཞིག་བདེན་པ་ཡོད་པར་སྨྲོས། །མ་སྐྱེས་པ་ཡི་འགོག་པ་ཡང། །ཡང་དག་ཏུ་ན་འགོག་པ་མིན། །མ་སྐྱེས་པ་ཡིས་འགོག་ཡིན་ཕྱིར། །སོ་སོར་བརྟགས ་མིན་འགོག་པ་བཞིན། །འགོག་པའི་ངོ་བོ་ཉིད་མེད་ན། །ཁྱོད་ཀྱི་ལམ་གྱི་ཅི་ཞིག་ལེན། །མ་སྐྱེས་ལམ་ཡང་ཇི་ལྟར་ཡིན། །གང་གིས་ཅི་ཞིག་ཐོབ་པར་བྱེད། །ལམ་གྱི་ངན་གྲོལ་ཐོབ་མིན་ཏེ། །འདུས་བྱས་ཡིན་ཕྱིར་གཞན་བཞིན་ནམ། །འགོག་པ་ལ་ནི་དམིགས་པའི་ཕྱིར། །དེ་ལས་གཞན ་པའི་འགོག་པ་བཞིན། །སྤྱི་ལ་དམིགས་པ་ཡིན་ཕྱིར་རམ། །འདུས་བྱས་ཡིན་ཕྱིར་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་མཐོང་བ་བརྫུན། །བརྫུན་པའི་ཤེས་པ་བཞིན་དུ་འདོད། །འདིས་ནི་ཡང་དག་རྟོག་པ་དང། །རྩོལ་བ་སོགས་ཀྱང་བརྫུན་ཉིད་ཕྱིར། །ལམ་གྱི་བདེན་པ་དོན ་དམ་དུ། །མི་བདེན་པར་ནི་གྲུབ་པ་ཡིན། །དེས་ན་བསྒོམ་དེ་མི་རིགས་ལ། །སྡུག་བསྔལ་ལ་སོགས་མ་མཐོང་རིགས། །མཐོང་བ་རྣམས་ཀྱི་མ་མཐོང་གཟུགས། །ཐམས་ཅད་དུ་ཡང་དེ་བཞིན་གནས། །གལ་ཏེ་བློ་ངན་འགའ་ཞིག་ནི། །བདེན་བ་མཐོང་བ་མི་འདོད་ཕྱིར། །ཁྱོད་ནི་ཐར་བར་རིག ་མིན་ཏེ། །བྱིས་པའི་སྐྱེ་བ་བཞིན་ཞེ་ན། །སྡུག་བསྔལ་དེས་སྡུག་མ་སྐྱེས་ཕྱིར། །སུ་ཞིག་ཐར་པ་གང་ལ་འདོད། །གྲོལ་བའང་སྒྱུ་མ་བྱས་བ་བཞིན། །འཁྲུལ་བའི་དབང་གིས་བསྟན་པ་ཡིན། །སྡུག་བསྔལ་ལ་སོགས་གང་དག་རྣམས། །གཏན་དུ་མ་མཐོང་གྲོལ་བར་འདོད། །དེ་ཕྱིར་དཔེ་ཡང ་ཡོད་མིན་ལ། །དེ་བཞིན་གཏན་ཚིག་མ་གྲུབ་ཉིད། །ཡང་དག་ལྟ་བ་སྔོན་འགྲོ་བའི། །ཇི་ལྟར་འབྱུང་བའི་ལམ་འདི་ཉིད། །ཐེག་ཆེན་དུ་ཡང་ཉེར་བསྟན་པས། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །བདེན་པ་གཉིས་ལ་ཉེར་བརྟེན་ནས། །སངས་རྒྱས་རྣམས་ཀྱི་ཆོས་བསྟན་ཏེ། །འཇིག་རྟེན་ཀུན ་རྫོབ་བདེན་པ་དང། །དོན་དམ་ཉིད་ཀྱི་བདེན་པའོ། རིག་བྱེད་མཐར་ཡང་ལེགས་བསྟན་གང། དེ་ཀུན་སངས་རྒྱས་གསུངས་པ་ཡིན། དེ་ཕྱིར་དཔེ་ནི་མ་གྲུབ་སྟེ། །ཐེ་ཚོམ་ཟན་བརྟག་པར་གྱིས། །ཡོད་དང་མེད་པའི་རྟོག་བྲལ་ཞིང། །ཤེས་རབ་སྤྱོད་པས་གནས་པ་ལ། །རྒྱུ ་དང་འབྲས་བུ་སྐུར་འདེབས་པའི། །ལྟ་བ་གང་ཡོད་འདོད་པ་གང། །རྒྱུ་དང་འབྲས་བུ་འབྲེལ་པ་དག། འཇིག་རྟེན་གྲགས་པ་ཇི་ལྟ་བར། །དེ་བཞིན་དེ་ནི་འགོག་པ་མིན། །དེ་ཕྱིར་གཏན་ཚིགས་མ་གྲུབ་ཉིད། །དངོས་པོ་མངོན་སུམ་སྤྱོད་ཡུལ་གྱི། །ཀུན་རྫོབ་བྱས་པས་བཟུང་བ་འདི། །འདིར་ནི་ལན་ཡང་སྔ་མ ་བཞིན། །དེ་ཡིས་གནོད་པས་མི་གནོད་དོ། །མཁས་པའི་ལུགས་ཀྱི་བརྟགས་པ་ལ། །གྲགས་པས་གནོད་པ་མ་ཡིན་ཏེ། །ཇི་ལྟར་ཆོས་བདག་མེད་པ་དང། །སྐད་ཅིག་མ་ཞེས་བརྗོད་པ་བཞིན། །གཟུགས་ཀྱི་དེ་ཉིད་བྱིས་རྣམས་ཀྱིས། །ཡུལ་ཉིད་འགྱུར་བ་མ་ཡིན་ཏེ། །ནང་ལ་རིག་པ་མ་སྦྱངས་ཕྱིར།། ་བདག་སོགས་སྟོང་པ་ཇི་བཞིན་ནོ།། བྱིས་རྣམས་བློ་ལ་ཡང་དག་ཏུ། །གཟུགས་ཀྱི་དེ་ཉིད་ལྡན་པ་མིན། །མ་རིག་རབ་རིབ་ཀྱིས་བསྒྲིབས་ཕྱིར། །མྱ་ངན་འདས?་པའི་སྤྱོད་ཡུལ་བཞིན། །སྲིད་པ་རྣམས་ནི་ཡང་དག་ཏུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དག། གནོད་པ ་བསྟན་པས་གནོད་པ་མེད།། ཡང་དག་པར་ན་ཆོས་རྣམས་ནི། །ཞི་ཞིང་མཁས་དང་མཉམ་པ་ལ། །བུད་མེད་ཉིད་ཀྱང་མ་གྲུབ་ན། །དཔེ་ཡི་གནོད་པར་ཇི་ལྟར་འདོད། །བགྲོད་བྱ་བགྲོད་པ་བགྲོད་པོ་དང། །གསུམ་པོ་ཇི་ལྟར་ཡོད་བཞིན་དུ། །བགྲོང་མིན་བགྲོང་པར་སྒྲུབ་བྱེད་པ། དེ་བཞིན་སྐྱོན ་ཞིག་འདོགས་པར་འདོད། །གྲགས་པས་གནོད་པ་ཉིད་ནི་བདེན། །ཁྱད་པར་ཅན་ལམ་གྲུབ་ཕྱིར། །དེས་ནི་མི་མཐུན་ཕྱོགས་འདི་ལ། །བདག་གི་ཕྱོགས་གནོད་ནུས་པ་མེད། །སྤྲོས་པ་མེད་ཅིང་རང་རིག་ལ། །རྣམ་རྟོག་དྲི་མ་དང་བྲལ་བ། །དུ་མ་ཉིད་དང་གཅིག་ཉིད་བྲལ། །ཞི་བ་དེ་ཉིད་མཁས ་རིགས་པ། །ནམ་མཁའ་ཨི་ལྷ་ཡིས་བསྟན་པ་ཉིད། །དེ་ཉིད་ཡིན་པར་མི་རིགས་ཀྱང། །ཚངས་པ་དང་པོའི་ལྷ་ལས་བྱུང། །ལྷ་དེ་ལ་གུས་དེ་སྐད་སྨྲ། །གཟུགས་སོགས་སྐྱེ་མཆེད་སྣང་བ་ཉིད། །བློ་ཡི་ཡུལ་དུ་འདོད་པ་ཡིན། །དེ་ཡི་ཡོད་པ་ཐུན་མོང་ཉིད། །བསྒྲུབ་བྱ་ཞེ་ནང་ཡང་འདེད?། ་འབྱུང་ལས་གྱུར་སོགས་ངོ་བོ་ཡི། །གཟུགས་སོགས་སྐྱེ་མཆེད་ཡོད་ཉིད་ནི། །བསྒྲུབ་བྱའོ་ཞེ་ན་དཔེ་ཡང་མེད། །ཕྱིར་རྒོལ་རྟོག་གེས་གནོད་པའང་ཡོད། །གཟུགས་སོགས་སྐྱེ་མཆེད་འབྱུང་བ་དང། །འབྱུང་བ་ལས་གྱུར་མཚན་ཉིད་མིན། །རང་བདག་རྣམ་པར་སྣང་བའི་བློ། །སྐྱེས་པའི་རྒྱུ་ཕྱིར་ཡིད་བཞིན་ནོ།། ་སེམས་དང་སེམས་བྱུང་ངོ་བོ་ཉིད། །སེམས་དང་སེམས་བྱུང་རབ་ཏུ་གྲགས། །གཏན་ཚིགས་དང་ནི་དཔེ་ཡང་མེད། །ཕྱོགས་ཀྱང་རྣལ་འབྱོར་པ་ལ་མེད། །རྣམ་ཤེས་ཙམ་ཞེས་བྱ་བ་འདིར། །ཕྱི་རོལ་དོན་ནི་བཟློག་པའི་ཕྱིར། །ཚིག་དོན་འདི་ནི་དེ་སྤང?་ཟེར། །བདག་གི་ཕྱོགས་ཉམས་ཇི་ལྟར ་འདོད། །འགའ་ཡི་ཚིག་གིས་སྨྲར་མེད་པར། །བྱ་བར་མི་ནུས་ཞི་བའི་བློ། །སྙིང་པོ་ཡོད་དམ་སྙིང་པོ་མེད། །མཁས་པས་དེ་ལ་དཔྱད་པར་གྱིས། །དབུ་མའི་སྙིང་པོ་ལས་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ལེའུ་སྟེ་བཞི་པའོ།། །།རང་གི་ལུགས་ཀྱི་ང་རྒྱལ་གྱི། །མཁS ་པར་རློམ་གཞན་འདི་སྐད་སྨྲ། །དེ་ཉིད་བདུད་རྩིར་འཇུག་པ་ཡང། །རྣལ་འབྱོར་སྤྱོད་པས་ལེགས་བསྟན་ཟེར། །དངོས་པོ་གཉིས་པོ་མེད་པའི་ཕྱིར། །གཉིས་དངོས་མེད་པའི་ཡོད་པ་ནི། །ཡོད་ལ་སོགས་པའི་བློ་ཡི་ཡུལ། །དམ་པའི་དོན་དུ་འདོད་དོ་ལེ། །མེད་པའི་དངོས་པོ་བདག་མེད་པ། །དེ་བཞིན ་ཉིད་དང་ཆོས་གནས་དང། །རྣམ་པར་མི་རྟོག་བློའི་གཟུང་སྟེ། །དེ་ཤེས་པར་ནི་བྱ་བ་ཡང། །དམིགས་པ་ལ་ནི་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །བརྟགས་པ་ཉེ་བར་མི་དམིགས་ཤིང། །གཞན་གྱི་དབང ་ཡང་གཟུང་མེད་པས། །དེ་ཉིད་མཐོང་བ་ཡོངས་གྲུབ་པའི། །ངོ་བོ་ཉིད་ལ་བལྟ་བ་ཡིན། །བརྟགས་པ་རྒྱུ་མཚན་བཅས་ཕྱིར་དང། །གཞན་དུ་གཉིས་པོ་མེད་ཕྱིར་དང། །ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར། གཞན་དབང་ཡོད་པ་ཉིད་དུ་འདོད། །ཤེས་རབ་ཕ་རོལ་ཕྱིན་ཚུལ་འདི། ། ་ཐམས་ཅད་མཁྱེན་ཉིད་ཐོབ་པ་ཡིན། །སྐྱེ་དང་འགག་ལ་སོགས་པ་དག། དགག་པ་ལྷུར་ལེན་མ་ཡིན་ནོ། །འདིར་བཤད་དེ་བཞིན་གཤེགས་བཀའ་ཀུན། །ཁོ་བོ་ཅག་གི་ཚད་མ་ཡིན། །ཚད་མ་ཡིད་ཆེས་ལུང་ཡིན་ཕྱིར། །བཟང་པོ་དག་ནི་སྒྲུབ་པར་བྱེད། །ལུང་གཞན་དག་གིས་ཐེ་ཚོམ ་དང་?་ལོག་པའི་བློ་ཅན་གཞན་མི་བྱེད། །དེ་ཕྱིར་དེ་དག་སྒྲུབ་གཞུག་ཕྱིར། །རིག་པ་ལྡན་པའི་ཚུལ་བཙལ་བྱ། །གཉིས་མེད་པ་ཡི་དངོས་པོ་ནི། །རིག་པ་མ་ཡིན་འགལ་བའི་ཕྱིར། །ནམ་མཁའ་ཨི་མེ་ཏོག་མེད་དངོས་སམ། །དེ་དངོས་ཡིན་པར་བརྟག་མི་བྱ། །གལ་ཏེ་ཡང ་དག་བརྟགས་མེད་ཕྱིར། །དེ་ལ་དབྱེ་པ་མེད་སྙམ་ན། །མཚན་གཞི་མཚན་ཉིད་རྣམ་གཞག་ལ། །དེ་ནི་མཚུངས་ཕྱིར་ལན་མ་ཡིན། །གལ་ཏེ་དེ་དངོས་མ་བཏང་གང། །དེ་ནི་དེ་དངོས་ཡིན་འདོད་ན། །དེ་ལྟར་དངོས་ཉིད་མི་གཏོང་བ། །དེ་ཕྱིར་དེ་ནི་དངོས་མ་ཡིན། །དེས་ན་དེ་ཉིད་གཟིགས ་རྣམས་ཀྱི། །མཁྱེན་པ་དངོས་མེད་དམིགས་པར་འགྱུར། །དེ་ཡང་ཆོས་བདག་མེད་ཡིན་ཏེ། །མེད་པའི་བློ་ཡིས་རྒྱུ་ཕྱིར་རོ། །གལ་ཏེ་དངོས་མེད་དམིགས་པའི་བློ། །རྣམ་པར་མི་རྟོག་ཡིན་འདོད་ན། །དེས་ན་གཟུགས་བློ་མི་རྟོག་པའང། །དམ་པ་ཡིན་པ་ཉིད་དུ་འགྱུར། །གལ་ཏེ་གཟུང ་བར་སྣང་འདོད་པས། །གཟུགས་བློ་ཡང་དག་མ་ཡིན་ན། །དེས་ན་གཏན་ཚིགས་འཁྲུལ་འགྱུར་ཞིང། །དམ་བཅས་པ་ཡང་ཉམས་པར་འགྱུར། །ངོ་བོ་ཉིད་ལ་དམིགས་ཡིན་ན། །སྟོན་པའི་བྱང་ཆུབ་རྟོག་ཅན་དང། །དམིགས་པ་ཅན་དུ་འགྱུར་བ་དང། །རྣམ་པར་མི་རྟོག་བློར་མི་འགྱུར ་སེམས་ཙམ་དུ་ནི་དམིགས་པ་དང། །གཟུགས་ལ་སོགས་པ་མི་འཛིན་ན། །ཁས་བླངས་པ་དང་གྲགས་པ་ཡི། །དམ་བཅས་པ་ལ་གནོད་པར་འགྱུར། །དེ་ལྟར་སྣང་བ་སྐྱེ་བའི་ཕྱིར། །རྨི་ལམ་གཟུགས་སོགས་བློ་བཞིན་དུ། །གཟུགས་ལ་སོགས་པ་དོན་མེད་པར། །རྣམ་པར ་ཤེས་ཞེས་བྱར་མི་རུང། །གང་ཕྱིར་རྨི་ལམ་ལ་སོགས་པའི། །རྣམ་ཤེས་ཆོས་ལ་དམིགས་པའི་ཕྱིར། །དེ་ཕྱིར་དཔེ་ཡང་མེད་པ་དང། །ཡུལ་ལ་སྐུར་བ་འདེབས་པར་འགྱུར། །གལ་ཏེ་ཡུལ་དུ་སྣང་བ་ཉིད། །སེམས་ཀྱི་དམིགས་པ་ཡིན་འདོད་ན། །ཡུལ་དུ་སྣང་བ་མ་གཏོགས ་པར་?་སེམས་ཀྱི་བདག་ཉིད་གཞན་ཅི་ཡོད། །གཞན་ལྟར་སྐྱེས་ཕྱིར་དེ་གཉིས་སྣང།། ཤེལ་དང་འདྲ་བར་མི་འདོད་དེ། །ཉེ་བར་བཞག་ལས་དེར་སྐྱེ་བས། །ཤེལ་གྱི་སྐད་ཅིག་མིན་ཕྱིར་རོ། །དེ་འགགས་གཞན་ནི་སྐྱེས་པ་ལ། །དེའི་བློ་ནི་འཁྲུལ་བར་འདོད། །གཉིས་སུ་སྣང་མེད་ནུས་པ་ནི། །? ་མིན་ཕྱིར་ཡུལ་སྣང་བཞིན། །སེམས་ནི་རང་དང་གཞན་སྣང་བ། །ལྷན་ཅིག་འདྲ་བར་འབྱུང་བའི་ཕྱིར། །གཟུགས་བརྙན་བཞིན་དུ་མི་འདོད་དེ། །དེ་ཕྱིར་གཉིས་སུ་སྣང་མ་ཡིན། །གལ་ཏེ་ཚད་མ་འབྲས་ཡོད་ཕྱིར། །གཉིས་སུ་སྣང་བར་འདོད་ཅེ་ན། གཞན་དཱུང་དེ་དག་འགྲུབ་པའི་ཕྱིར། །རྟག་པ་དེ་ཡང་མི་འདོད་དོ། །ཡུལ་དུ ་སྣང་བ་འཛིན་པ་ཡིས། །རྣམ་པར་ཤེས་པ་སྐྱེ་བཞིན་པས། །གཞལ་བྱ་གང་ཡིན་འཇལ་བྱེད་པ། །དེས་ན་དེ་ནི་ཚད་མར་འདོད། །བསྟན་དུ་མེད་པའི་ངོ་བོ་ཉིད། །དེ་བཞིན་རྟོག་པ་གང་ཐོབ་པ། །གལ་ཏེ་སྨྲ་འདོད་བསྒྲུབ་བྱ་བ། །ཕྱི་དོན་སེམས་ཀྱི་དངོས་ཉིད་དེ། །རྣམ་པར་ཤེས་པའི་ཡུལ་ཡིན་ཕྱིར། །དཔེར་ན་དེ་མ ་ཐག་བཞིན་ན། །དེས་ན་སེམས་བྱུང་སོ་སོ་ཡི། །གཏན་ཚིག་འཁྲུལ་བ་ཉིད་དུ་འགྱུར། །མདོ་ལས་སེམས་ཙམ་གསུངས་པ་ནི། །བྱེད་པོ་ཟ་པོ་དགག་ཕྱིར་རོ། །གལ་ཏེ་རྣམ་བརྟགས་དོན་མཐོང་བས། །རྣམ་པར་ཤེས་བསྒྲུབ་བྱེད་ན། །བརྟགས་པ་མ་ཡིན་དོན་ཡོད་ཕྱིར། །ཡུལ་མེད་པར་ནི་མི་འགྱུར་རོ། །རྨི་ལམ ་ལ་ཡང་བརྟགས་མིན་པའི། །ངོ་བོ་ཉིད་བློས་མ་ངེས་འགྱུར། །དམིགས་པ་མེད་པར་མི་འདོད་དེས། །དཔེ་ནི་རབ་ཏུ་མ་གྲུབ་ཕྱིར། །ཅི་སྟེ་བློ་ཡུལ་རྣམ་གཉིས་ཏེ། །གཅིག་དང་འདུས་པ་ཡིན་སྙམ་ན། །རིག་པས་ཡོངས་སུ་བརྟགས་པ་ན། །དེ་ནི་གཉི་གར་མི་རིགས་སོ། །དེ་ལ་གཟུགས་རྡུལ་གཅིག་བུ་ནི།། ་གཟུགས་བློའི་སྐྱོང?་ཡུལ་མ་ཡིན་ཏེ། །དེ་སྣང་ཉིད་དུ་མི་འགྱུར་ཕྱིར། །དབང་གཟུགས་སྤྱོད་ཡུལ་མ་ཡིན་བཞིན། །ཕྲར་བ་གཟུགས་ནི་དུ་མ་དེ། །སེམས་ཀྱི་སྤྱོད་ཡུལ་ཡིན་མི་འདོད། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །དཔེར་ན་ཟླ་བ་གཉིས་བཞིན་ནོ། །དེ་ལ་གལ་ཏེ་ཕ་རོལ་པོ། །བསགས་པ་མིན ་པའི་གཟུགས་སེམས་ཀྱིས། །སྤྱོད་ཡུལ་མིན་པར་སྒྲུབ་བྱེད་ན། །དེར་ན་གྲུབ་པ་ཉིད་སྒྲུབ་འགྱུར། །ཅི་སྟེ་བསགས་པའི་གཟུགས་ལ་ནི། །གཏན་ཚིགས་མ་གྲུབ་ཉིད་འགྱུར་ཏེ། །གཟུགས་གཞན་དག་གི་བསགས་པ་ནི། །དེར་སྣང་བློ་ནི་སྐྱེ་ཕྱིར་རོ། །དེ་ནི་དམིགས་ཉིད་ཡིན་འདོད་དེ། །དེར་སྣང་བློ་ཡི་རྒྱུར ་འགྱུར་ཕྱིར། །འདོད་ཆགས་བཞིན་ཏེ་དེའི་ཕྱིར། །ཁྱོད་དམ་བཅས་ལ་རྗེས་དཔག་གནོད། །གལ་ཏེ་རང་བློ་དམིགས་མེད་དེ། །རང་གི་ས་བོན་ལས་སྐྱེའི་ཕྱིར། །ཡིད་བློ་བཞིན་འདོད་བརྟགས་མིན་ཕྱིར། །ཁྱོད་ཀྱི་དམིགས་བཅས་ཉིད་དུ་འགྱུར། །དམིགས་པ་མེད་པ་རྗེས་དཔོགས་པས། །དེ་ནི་བློ་ཉིད་མ་ཡིན ་འགྱུར། །འདུས་པ་དམ་ནི་མ་བཅས་པས། །ད་འགོག་པ་ནི་གནོད་པ་མེད། །མི་རྟོག་བློ་ནི་སྤང་མིན་ཏེ། །འཕགས་ཕྱིར་རྣམ་པར་མི་རྟོག་ཕྱིར། །དེ་སྐྱེ་ཐར་པ་ག་ལ་ཡོད། །དེ་ཡི་ས་བོན་མ་བཅོམ་ཕྱིར། །གཉིས་ཀྱི་འདུ་ཤེས་འཇུག་པ་ན། །སྣ་ཚོགས་སྣང་པ་རབ་ཏུ་སྐྱེ། །དེ་ཡི་སྣ་ཚོགས་སྣང ་གང་དང། །དེ་རང་ས་བོན་ལས་སྐྱེའི་ཕྱིར། །ཞི་བ་དེ་ལ་ནུས་ཕུལ་དང། །རང་བདག་ཉིད་དང་གཞན་ལས་སོ། །རྣམ་པར་ཤེས་པའི་མིང་གིས་ནི། །དེ་ལ་བདག་ཏུ་བཏགས་པར་འགྱུར། །གཉིས་ཡོད་སྒྱུ་མ་ལྟ་བུ་དང། །ཟད་ཅན་མ་ཞི་བདག་མེད་དང། །གཉིས་མེད་མི་ཟད་ཡང་དག་དང། །འཆི་མེད་གོ་འཕང ་མཆོག་རྟོགས་ནས། །དེ་ལ་འདྲ་བ་མེད་པའི་ཕྱིར། །རྣམ་པར་རྟོག་པ་རྣམ་ལྡོག་པས། །མི་རྟོག་བློས་ནི་དམིགས་བྱས་པའི། །གྲོལ་བ་ཁྱད་པར་མེད་པར་འགྱུར། །ཡང་ན་སེམས་ཙམ་བསྒྲུབ་པའི་ཕྱིར། །སེམས་ལས་བྱུང་རྣམས་སེམས་ལས་ནི། །ཐ་དད་མེད་པར་ཁས་བླང་བྱ། །ཡང་ན་རྣམ་རིག ་ཙམ་མི་འགྲུབ། །ཡང་ན་ཚོར་སོགས་འདུས་པ་ལ། །སེམས་སུ་གདགས་པར་འདད་པར་གྱིས། །དེས་ན་གཞན་གྱི་རྗེས་སྨྲ་དང། །རང་གི་གཞུང་ཡང་བཏང་བར་འགྱུར། །ཀུན་ནས་ཉོན་མོངས་རྣམས་བྱང་ལས། །གལ་ཏེ་སེམས་ནི་རྫས་འདོད་ན། །ཚོར་སོགས་དེ་བཞིན་སྐྱེ་བའི་ཕྱིར། །དེ་གྲུབ་པས ་ན་གནད་པ་མེད། །ུཏཔལ་རྩ་བ་ནུས་མང་ལས། །ལོ་མ་ལ་སོགས་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ལས། །རྒྱུན་རྣམས་སྣ་ཚོགས་འབྱུང་བར་འགྱུར། །གཉེན་པོས་སྐྱེ་བར་མི་འགྱུར་ཞིང། །བྱེད་རྒྱུ་ཡོད་ན་སྐྱེ་བར་འགྱུར། །འདི་ལས་སྣ་ཚོགས་སྐྱེས་ལ་སོགས།། ་བརྟགས་བ་མི་འདོད་རྫས་མེད་ཕྱིར། །དེ་ལ་དམིགས་པས་མི་འགྲོལ་ཏེ། །བློ་འགག་མེད་པའང་མ་ཡིན་པས། །དེ་ཕྱིར་ཀུན་རྫོབ་དོན་དམ་དཱུང། །བདག་ཏུ་སྨྲ་དང་འདྲ་མི་འགྱུར། །གཟུགས་ལ་སོགས་བ་སྟོང་པ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཕྱིར། །རྫས་སུ་མེད་ཕྱིར་འཇིག་པའི་ཕྱིར། །སྒྱུ་མ་བཞིན་གིས? ་ཆཌ་མེད་འགྱུར། །གཟུགས་ལ་སྐོར་བ་ཡོད་ཀྱང་ནི། །ཡང་དག་ཇི་བཞིན་རྟོགས་གྱུར་པ། །དེ་ཡོད་མ་ཡིན་དེ་ཡི་ཚེ། །ལག་འཛིན་ཅི་ཕྱིར་མི་ལྡོག་འགྱུར། །གཉིས་སུ་རྣམ་པར་རྟོག་པ་དག་།སེམས་དང་སེམས་བྱུང་སྤྱོད་ཡུལ་ན། །གཟུགས་ལ་སོགས་པ་དགག་བྱས་ཀྱང། །འཇུག་པར་མི་འགྱུར་མི་རིགས་སོ།། ་གལ་ཏེ་ད་ནི་དགག་པའི་ཕྱིར། །སྒྲུབ་གཞན་ཡོངས་སུ་འཛིན་འདོད་ན། །འདི་མ་རྫབ་འཁྲུ་བར་བྱེད་པ་བས། །མ་རེག་པར་ནི་བསྲིངས་ན་བཟང། །ཀུན་བཏགས་ཡོད་པ་མ་ཡིན་ཏེ། །བཏགས་ཕྱིར་སྦྲུལ་དང་འདྲར་མི་འདོད། །ཐག་པའི་དངོས་པོར་མ་ངེས་ཕྱིར། །ཡང་ན་གྲགས་པས་གནོད་པར་འགྱུར། །དེ་ནི ་འཁྲུལ་མིན་གང་གི་ཕྱིར། །དུ་མའི་ཆ་དེ་མཐོང་ཕྱིར་རོ། །ཁྱོད་ཀྱིས་དངོས་ལ་སྐུར་འདེབས་འགྱུར། །རྣམ་པ་ཀུན་ཏུ་ཡུལ་འགོག་ཕྱིར། །དེ་མེད་པར་ཡང་ཀུན་ཉོན་མོངས། །མིང་ལས་དོན་འཇུག་ལས་འབྱུང་མིན། །སྨྲ་མི་ཤེས་པའི་དུད་འགྲོ་ཡང། །ཉོན་མོངས་སྐྱེ་བ་མཐོང་ཕྱིར་རོ། །གཟུགས་ནི་གཟུགས་ཀྱི ་ངོ་བོས་སྟོང། །གཟུགས་ཞེས་བརྗོད་ལ་ལྟོས་བྱས་པར། །གཟུགས་བློ་སྐྱེ་བར་འགྱུར་ཕྱིར་ཞེས། །བརྟག་པ་བཟོད་པར་མི་འགྱུར་རོ། །གཟུགས་ནི་སྟོང་ཉིད་མི་རིགས་ཏེ། །གཟུགས་མིན་བདག་ཉིད་རྣམ་བཅས་པའི། །དངོས་པར་སྣང་བློ་སྤྱོད་ཡུལ་གྱིས། །གཟུགས་ཀྱི་བདག་ཉི་བདག་ཉིད་དེ་ཡོད་ཕྱིར། ། ་མངོན་བར་བརྗོད་བྱ་སྤྱི་ཡིན་ན། །སྤྱི་ནི་ཅི་ཡང་ཡོད་མིན་པས། །དེ་ན་མངོན་བརྗོད་བདག་ཉིད་ཀྱིས། །སྟོང་པ་འཐད་པར་མི་འགྱུར་རོ། །བརྗོད་བྱ་སྤྱི་ལྡན་དངོས་པོ་དེ། །དེར་སྣང་བློ་ཡི་རྒྱུ་ཡིན་ཕྱིར། །དེ་ནི་དེ་བདག་ཉིད་ཡོད་པས། །བརྗོད་མེད་ཉིད་དུ་མི་རིགས་སོ། །ཤིས་མི་མཐུན་པས་སྟོང་ཉིད་དོ?། །བློ ་མཐུན་འཇུག་པའི་རྒྱུ་ཡིན་ཕྱིར། །རིགས་མཐུན་པ་ལ་མཐུན་པས་ན། །སྤྱི་ཞེས་བྱ་བར་ངེས་པ་ཡིན། །གཞི་མ་བཟུང་ན་གཟུགས་མེད་དེ། །དེ་གཟུང་གཟུང་དུ་ཡོད་པའི་ཕྱིར། །གྲངས་བཞིན་ངས་ན་དངོས་དེ་ནི། །བརྟག་བྱ་བརྗོད་པར་འདོད་གཞན་མིན། །དབྱེར་མེད་ཕྱིར་ན་གཅིག་པ་དང།། ་རྫས་མེད་ཕྱིར་ན་དུ་མར་འཇུག། དེ་ཉམས་ན་ཡང་མི་ཉམས་ཕྱིར། །གཞན་ལའང་ད་འདོད་མ་ཡིན་མིན། །སྔོན་མིན་ཨུཏཔལ་མ་ཡིན་པ། །མེད་པའི་དངོས་པོས་མ་བསལ་བས། །གཞི་མཐུན་ལྡན་པ་ཉིད་ཡིན་ཏེ། །གཉི་ག་དོན་གཅིག་འཇུག་ཕྱིར་རོ། །གཞན་སེལ་གཞན་གྱི་སྤྱི་མ་ཡིན།། ་ཆོས་གཞན་ཡིན་ཕྱིར་ཁྱད་པར་བཞིན། །ལྐོག་ཤལ་ལ་སོགས་བློ་དབྱེ་མེད། །མེད་ལ་ཁྱད་པར་མེད་?། །དངོས་མ་བཟུང་བར་དེ་འཛིན་ཕྱིར། །བརྟག་བྱ་བརྗོད་མིན་ཡིན་མི་འདོད། །དེ་ཡི་སྟོ?་ནས་གཞན་?་རང་ན། །དེ་ནི་བརྗོད་བྱའི་ཉིད་སོགས་ཉམས། །དེ་ནི་གཞན་གྱི་ངོ་བོ་ན། །དེས་ན ་བརྗོད་མེད་ཉིད་མི་རིགས། །དེ་ཕྱིར་རྣལ་འབྱོར་སྤྱོད་པ་ཡི། །ཚུལ་གྱིས་སྨྲ་བ་མི་རིགས་སོ། །དངོས་རྣམས་ངོ་བོ་ཉིད་མེད་དེ། །མངོན་བརྗོད་བདག་ཉིད་སྟོང་ཕྱིར་རོ། །དེ་ཉིད་ཀྱིས་དེ་སྐྱེ་མེད་ཕྱིར། །མ་སྐྱེས་པ་དང་མ་འགགས་ཉིད། །གང་ཕྱིར་མངོན་བརྗོད་ལྡན་དངོས་ནི། །ཇི ་ལྟར་བརྗོད་པ་དེ་ལྟར་མེད། །དེ་ཕྱིར་ཆོས་རྣམས་དངོས་མེད་ཉིད། །ཅེས་བྱ་ལ་སོགས་གང་སྨྲས་པ་དང། །གཞན་དབང་ཡོད་པ་ཉིད་སྨྲས་པ། །ཀུན་རྫོབ་ཏུ་ནི་གྲུབ་པ་སྒྲུབ། །གལ་ཏེ་དོན་དམ་དཔེ་མེད་ཅིང། །གཏན་ཚིགས་འགལ་བ་ཉིད་དུ་འགྱུར། །གལ་ཏེ་གཞན་དབང་ངོ་བོ་ཉིད།། ་སྐྱེ་བ་ངོ་བོ་ཉིད་མེད་དེ། །ཡོད་པར་གྱུར་ལས་མ་སྐྱེས་ན། །སྐྱེ་འགག་ལ་སོགས་འགལ་སྒྲུབ་ཡིན། །རྐྱེན་རྣམས་ལས་ནི་གང་སྐྱེས་པ། །དེ་སྐྱེ་མེད་པར་ཐུབ་པས་གསུངས། །དོན་དམ་དུ་ན་དངོས་ཉིད་ལས། །དེ་ཡི་སྐྱེ་བ་དགག་ཕྱིར་རོ། །ཆོས་རྣམས་ཡང་དག་ཉིད་མིན་ཕྱིར། ། ་དེ་དག་ཀུན་རྫོབ་བློ་དང་སྒྲ། །སྣ་ཚོགས་རང་སྤྱིའི་སྤྱོད་ཡུལ་དུ། །འགྱུར་བ་ལ་ནི་འགལ་བ་མེད། །མིང་ནི་གང་དང་གང་དག་གིས། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མིན་པ། །དེ་ནི་ཆོས་རྣམ་ཆོས་ཉིད་དོ། །ཅི་སྟེ་རྐྱེན་འབྱུང་ངོ་བོ་ཡིས། །གཞན་གྱི ་དབང་ལས་སྐྱེ་འདོད་ན། །རྒྱུ་བཞིན་ཡང་དག་ཉིད་མིན་པས། །འདོད་པ་སྒྲུབ་པར་བྱེད་པ་ཡིན། །གཞན་གྱི་དབང་ཡང་གཟུང་མེད་པ། །ངོ་བོ་ཉིད་ཀྱིས་མ་སྐྱེས་འདོད། །དོན་དམ་དུ་ནི་སྐྱེས་པ་ལ། །ལོག་པར་སྣང་བ་མི་རིགས་ཕྱིར། །གལ་ཏེ་ཇི་ལྟར་སྣང་བ་ལྟར། །དེར་སྣང ་བདག་ཉིད་ཡོད་གྱུར་ན། །ཇི་ལྟར་སྣང་བ་དེར་ཡོད་ཕྱིར། །ཆོས་རྣམས་ཇི་ལྟར་སྒྱུ་མ་བཞིན། །མ་སྐྱེས་པ་དང་མ་འགགས་དང། །དངོས་མེད་ངོ་བོ་ཉིད་མེད་པའང། །ཡོད་པ་ཉིད་ལས་མ་སྐྱེས་དང། །རྫས་སུ་ཡོད་པ་མ་ཡིན་ཕྱིར། །བདག་ལ་སྐྱོན་ཆགས་ཉིད་མེད་དེ། །རྣམ ་རིག་ཅམ་དུ་མཚུངས་ཕྱིར་རོ། །སྤང་དང་སྤོང་བྱེད་ཡོད་པའི་ཕྱིར། །ཡོངས་ཤེས་སོགས་ཡོད་གང་གིར་འདོད། །དེ་ནི་གང་བྱེད་རྫས་མེད་ཀྱང། །རྣམ་རྟོག་བྲལ་བས་ཐར་བར་འགྱུར། །རྫས་ཡོད་ཉིད་ནའང་སྐྱེ་མེད་ཕྱིར། །འདི་ལས་གཞན་དུ་བརྟག་མི་འདོད། །དངོས་རྣམས ་ངོ་བོ་ཉིད་མེད་ན། །གདགས་པའང་ཡོད་པར་མི་འགྱུར་བས། །དེ་ནི་མེད་བར་ལྟ་བ་དག་།མི་གླེང་བསྟན་པར་བྱ་མིན་དང། །རང་ཡང་ངན་སོང་གཞོལ་བ་དང། །གཞན་ཡང་འཕུང་བར་བྱེད་པ་ཡིན། །ཞེ་སྡང་ཤ་རུལ་སྒྲེགས་པ་འདི། །ང་རྒྱལ་མ་ཞུ་སྟོན་པ་ཡིན། །ཆོས་རྣམས་སྒྱུ་མ་བཞིན་འདོད ་དེ། །ངོ་བོ་ཉིད་ན་མེད་ཕྱིར་དང། །བྱིས་པ་རྨོངས་པའི་རྒྱུ་ཕྱིར་དང། །མ་བྱུང་བ་ལས་འབྱུང་ཕྱིར་རོ། །རྣམ་པར་མི་རྟོག་དངོས་པོ་ནི། །མཁའ་དང་མཚུངས་པ་ཉིད་མི་རིགས། །རྣམ་རྟོག་འདུ་ཤེས་སྣ་ཚོགས་ཀྱི། །གོ་སྐབས་རབ་ཏུ་འབྱེད་ཕྱིར་རོ། །སྐྱེས་པ་བརྗོད་མེད་ཉིད་མི་རིགས། །དགག ་པ་གོང་དུ་བསྟན་ཕྱིར་རོ། །བརྗོད་དུ་མེད་ཉིད་ཡིན་གྱུར་ནའང། །ཀུན་རྫོབ་ལ་ནི་དེ་ཉིད་ནོར། །དེ་ལ་དེ་ཉིད་གཞན་མང་ཕྱིར། །གལ་ཏེ་དེ་ཉིད་མཐོང་འདོད་ན། །བུམ་ལའང་བུམ་པ་གཞན་མེད་པས། །ཅི་ཕྱིར་དེ་ཉིད་མཐོང་མི་འདོད། །ཁྱོད་ཀྱི་ཚུལ་སྐྱོན་སྦ་ཕྱིར་གྱི། །དེ་ཉིད་ཉོན་མོངས་བྱ ་མི་འགྱུར། །གསེར་ལ་སོགས་པ་རྐྱེན་རྣམས་ཀྱི། །རྗེས་སུ་འགྱུར་བ་ཡིན་ཕྱིར་རོ། །ནམ་མཁའ་རྟག་ཏུ་རྣམ་དག་སྟེ། །མིག་ནི་དག་དང་མ་དག་པས། །དྲི་བཅས་དྲི་མེད་མཁའ་འདོད་དང། །ཆོས་རྣམས་ཆོས་ཉིད་དེ་བཞིན་ནོ། །མ་དག་ལ་སོགས་བློ་འཁྲུལ་ཏེ། །བྱེད་པའི་ཆོས་ཡིན་ལS ་ཀྱི་མིན། །དེ་ལ་དམིཌ་པ་དག་མ་ཡིན། །དེ་ཉིད་མིགས་བྱར་མི་འདོད་དོ། །དེ་ཉིད་རྫས་སུ་ཡོད་ཡིན་ན། །སྐྱོན་ནི་སྔ་མ་བཞིན་དུ་འགྱུར། །འཇིག་རྟེན་འདས་པ་རྣམ་མི་རྟོག། དེ་བློར་མི་འདོད་འཇིག་ཕྱིར་རོ། །དེ་སྲིད་ཤེས་པ་དམིགས་ཡོད་པ། །དེ་སྲིད་ཤེས་བྱའི་རྗེས་འཇུག་ཉིད། །ཐམས་ཅད་མཁྱེན་ཉིད ་ཅིག་བར?་མིན།། ཤེས་པ་རང་ལ་འཇུག་པ་ནི། །མེད་ཕྱིར་རལ་གྲིའི་སོ་བཞིན་དང། །རང་རིག་འགོག་པར་བྱེད་ཕྱིར་རོ། །རྣམ་པར་མི་རྟོག་འཕགས་བློའི་གཟུང། །རྣམ་པ་ཀུན་ཏུ་བརྗོད་མེད་ཉིད། །སྔར་བཞིན་སྐྱེ་བ་བཀག་པའི་ཕྱིར། །སྐྱེ་མེད་རྫས་སུ་ཡོད་མིན་ཕྱིར། །ཡོད་དང ་མེད་པའི་དངོས་ཉིད་ཀྱི། །ངོ་བོ་དོན་དམ་ཉིད་ཡིན་ན། །སྒྲོ་འདོགས་པ་དང་སྐུར་མཛའ་ལས། །གྲོལ་བ་ཁྱོད་ལ་ཇི་ལྟར་ཡོད། །ཡོད་མིན་དེ་ཉིད་སྐྱེ་མེད་ཕྱིར། །མེད་མིན་དེ་ཡོད་མ་ཡིན་ཕྱིར། །ཡོད་དང་མེད་པ་གཉིས་སྤངས་པས། །དེ་འདོད་དེ་ཕྱིར་གཉིས་སུ་མེད། །སྟོན་པ་དམིགས ་མེད་མི་འགྱུར་ཏེ། །དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། །བྱང་ཆུབ་མཉམ་ཉིད་མི་འགྱུར་ཏེ། །དེ་ཉིད་རང་སྣང་ཐ་དད་ཕྱིར། །དེ་བཞིན་ཉིད་ལ་དམིགས་པའི་བློ། །ནུས་པ་མ་བཞག་ག་ལས་འབྱུང། །ནམ་མཁའ་ཨི་མེ་ཏོག་སྣང་བའི་བློ། །ནུས་པ་མ་གཞག་མི་རིགས ་བཞིན། །རང་ཚུལ་སྦེད་པས་ཁྱོད་ཀྱིས་ནི། །དེ་ཉིད་གཅིག་ཉིད་གཞན་མི་འགྲོལ། །རྫས་མེད་དམིགས་སུ་མེད་པའི་ཕྱིར། །ངེད་ལ་ཇི་སྐད་སྨྲས་ཏེ་རིགས། །ནམ་མཁའ་འདྲ་བའང་སྐྱེ་མེད་པས། །ཁྱད་པར་མེད་ཕྱིར་མ་གོས་ཕྱིར། །ཤིན་ཏུ་བརྗོད་དུ་མེད་ཉིད་ཀྱང། །བློས་ནི་རྣམས་ཀུན་གཟུང་མེད ་ཕྱིར། །སྐྱེ་བ་རབ་རིབ་བྲལ་བའི་བློ། །འཇིག་རྟེན་འདས་པ་ཡིན་པར་འདོད། །འཇིག་རྟེན་ལས་སྒྲོལ་དོན་ཕྱིར་དང། །འཇིག་རྟེན་ཤིན་ཏུ་འདའ་ཕྱིར་རོ། །དེ་ནི་མི་རྟོགས་དམིགས་མེད་དང། །མཚན་མ་མེད་ཅིང་དེ་ཡིས་ནི། །རང་གཞན་ཆོས་ཉིད་ཅིག་ཅར་དུ། །རྟོགས་མེད་ཚུལ་གྱིས་མཉམ ་ཉིད་རྟོགས། །ཆོས་རྣམས་སྐྱེ་བ་མེད་པ་ནི། །ཆོས་བདག་མེད་པ་ཉིད་ཅེས་བྱ། །དེ་ལ་རྟོག་དྲིའི་མཚན་མ་དག། འབྱུང་བ་མེད་པ་སྔ་མ་བཞིན། །གལ་ཏེ་དེ་ཉིད་རྟོག་གེ་ཡི། །སྤྱོད་ཡུལ་མིན་ཕྱིར་རྗེས་དཔག་པས། །དེ་མི་རྟོགས་པ་དེ་ཡི་ཕྱིར། །ཆོས་རྣམས་ཆོས་ཉིད་རྟག་མིན་ན།། ་འདི་ལ་རྗེས་དཔག་སྐྱོན་མེད་པ། །ལུང་གི་རྗེས་སུ་སྒྲུབ་བྱེད་པས། །བཏགས་པའི་རྣམ་རྟོག་ཆུ་བོ་དག། སྣ་ཚོགས་མ་ལུས་བསལ་མཛད་ནས། །སངས་རྒྱས་རྣམ་རྟོག་མི་མངའ་བ། །དགོངས་པ་མཁའ་མཉམ་ཡེ་ཤེས་ཀྱི། །ཤེས་བྱ་མཛའ་དག་ཇི་བཞིན་དུ། །ཆོས་རྣམས ་བཞག་པ་ཉིད་རྟོགས་ཤིང། །མིང་ལ་སོགས་པ་ཐོབ་པ་ཉིད། །དེས་ན་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་སྒྲུབ་མི་ནུས། །དེ་ཉིད་ཤེས་པའི་མི་མཐུན་ཕྱོགས། །གང་ཡིན་དེ་ནི་དེས་ཟློག་བྱེད། །ལུས་ཀྱི་ཁྱད་པར་ཐ་དད་པས། །ཐ་དང་གྱུར་པའི་བློ་ལ་ཅི། །ལུང་གི་དབྱི་བ ་མེད་པ་ལ། །རྟོག་པར་གྱུར་བ་གཞན་ཅི་ཡོད། །མི་མཐུན་ཕྱོགས་ནི་སྤང་བྱ་བ། །དམ་བཅས་ཙམ་གྱིས་ཇི་ལྟར་འདོད། །རྣམ་པར་རྟོགས་པ་མ་སྤངས་པྲ། །རྣམ་པར་མི་རྟོག་བླ་ཇི་ལྟར། །ཐུབ་པ་བདེན་པ་གཟིགས་པ་ཡི། །འདི་ལྟར་བདེན་པ་གཉིས་སུ་གསུངས། །ཐ་སྙད་ལ་ནི་བསྟེན་ནས་སུ། །དེ་ཉིད ་དོན་ནི་རྟོགས་འགྱུར་ཕྱིར། །དེ་བཞིན་ཉིད་ལ་དམིགས་པའི་བློ། །དམིགས་དང་བཅས་ཕྱིར་བརྫུན་ཡིན་ཏེ། །རྨི་ལཾ་སོཌ་ཡིན་དེ་ཤེས་བྱ། །དེས་ན་དེ་ཉིད་ཡིན་མི་རིཌ། །གཟུང་དུ་མེད་པ་བརྗོད་མེད་པ། །ཤེས་པའི་སྤྱོད་པ་རྣམས་སྤངས་པ། །ཐུབ་པའི་དབང་པོས་གསུངས་པའི་ཆོས། །དེ་ཡིས་འདི་ལྟར་འདི་ལ ་གནོད། །དེ་ལྟར་ལུང་རིགས་ལྡན་པ་ཡི། །དེ་ཉིད་གང་ཞིག་སྔར་བསྟན་པ། །རིགས་པས་ཡོངས་སུ་བརྟགས་ན་ཡང། །དེ་ལ་ཉམས་པ་མེད་པར་གནས། །ཁ་ཅིག་ཕུང་པོའི་ལྗོན་ཤིང་ཆགས། །ཁ་ཅིག་རྣམ་རིགས་རྒྱ་ལ་ཐོགས། །ཡང་དག་མཛའ་ཡི་གཡང་སར་ཡང། །མ་ལྟུང་རྒྱལ་བའི ་ཐུག་སྲས་རོལ། །ཤེས་བྱ་རྣམ་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེ་མཁྱེན་གསུང། །དབུ་མའི་སྙིང་པོ་ལས་རྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་ལྔ་པའོ།། །། ་རང་བཞིན་གང་ཞིག་རྟོགས་མེད་པ། །ཡོན་ཏན་གསུང་དང་སྐྱེད་བདག་ཉིད། །དེ་ལས་བཟློག་པས་སྐྱེས་བུ་ཉིད། །འདི་དག་རྟག་ཏུ་གོམས་པར་བྱ། རྩ་བའི་རང་བཞིན་མི་འགྱུར་བ། །ཆེན་པོ་ལ་སོགས་རྣམ་པ་བདུན། །རང་བཞིན་འགྱུར་བ་བདུན་ཉིད་དོ། །འགྱུར་བ་རྣམ་པ་བཅུ་དྲུག་ཀྱང། །རང་བཞིན ་འགྱུར་བ་མིན་སྐྱེས་བུ། །ཡིད་ལ་སྙིང་སྟོབས་སྐྱེས་པ་ཅན། །སྐྱེས་བུའི་གཟུགས་བརྙན་འབྱུང་བ་འམ། །དེ་བཞིན་ཡོངས་སུ་གྱུར་ནས་ནི། །བློ་འཇུག་པཡི་རྗེས་སུ་བྱེད། །བདག་ཀྱང་གཞན་ལ་རང་བཞིན་གཞན། །འདི་ལྟར་དེ་ཉིད་མཐོང་བ་ཡི། །བྱེད་དང་བྱ་བ་ལྡོག་པ་ཡི། །སྐྱེས་བུ་གྲོལ ་པ་ཡིན་ཞེས་བརྗོད། །བདག་དང་བདག་མིང་རྟོགས་པ་འམ། །དོན་བྱས་པ་ན་རྗེས་བཟུང་བ། །རང་བཞིན་གྱིས་ནི་གྲོལ་ཡིན་ཕྱིར། །དེ་ཉིད་ཡིན་བར་གྲངས་ཅན་སྨྲ། །དེ་ལ་གཙོ་བོ་སྐྱེས་བུ་ནི། །ཇི་ལྟར་མི་རིགས་ལས་སྔར་བསྟན། །དེ་ཡང་ཡང་འདིར་བརྟག་བྱ་སྟེ། །བདག་ནི་རྟོག་པ་མ་ཡིན་ནོ། ། ་ཤེས་བྱ་རྟོགས་པས་རྟོགས་ཡིན་ན།། ཤེས་བྱ་མེད་པས་དེ་ཡང་མེད། །རྟོགས་པ་ཅན་ནམ་རྟོག་མེད་པ། །འདིར་ནི་བདག་ཏུ་གང་ཞིག་འགྱུར། །མ་བསྲེགས་སྲོགས་པར་མི་རིགས་ཏེ། །བསྲེགས་པ་མེད་ཕྱིར་དེ་སྔོན་བཞིན། །དེས་ན་སྲེག་བྱེད་དཔེ་ཡིས་ནི། །རྟོགས་པའི་བདག་ཉིད་གྲུབ་མ་ཡིན། ་ཤེས་བྱའི་རྣམ་པ་འཛིན་བྱེད་པས། ཤེས་ལ་རྟོགས་པ་ཞེས་འདོད་དེ། །དངོས་པོ་བྱེད་པ་ལ་བརྟེན་ཕྱིར། །དེ་ཡང་སྐྱེས་བུ་འདི་ལ་བརྟེན། །བརྟགས་པ་བྱས་པ་ཡིན་ན་ནི། །སྐྱེས་བུ་འགྱུར་མེད་རང་གི་ཡུལ། །དེ་དང་འདི་ནི་ལུགས་འདིས་འགལ། །ཤེས་ལས་རྟོགས་པ་གཞན་མིན ་པས། །ཅི་ཞིག་གཞན་དུ་བརྟག་པར་བྱ། །རྟོགས་པ་བློ་གྲོས་མ་ཡིན་ཏེ། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །ངེས་ན་རྟོགས་པ་ཤེས་པ་མིན། །གལ་ཏེ་བློ་ལ་དེ་སྙམ་ན། །རྟོགས་ལས་ཤེས་པ་གཞན་ཡིན་པར། །སྒྲུབ་བྱེད་ཞེ་ན་དཔེ་ཡང་མེད། །ཤེས་པའང་དེ་དངོས་མེད་ཅེ་ན། །ཁས་བླངས་པ་ཡིས ་གནོད་པ་ཡིན། །མ་སྐྱེས་པ་ནི་རྟོགས་མིན་ཏེ། །མ་སྐྱེས་ཕྱིར་ན་རིགས་ལྡན་མིན། །བློ་ཡི་འཇུག་པའི་ཁྱད་པར་ནི། །གང་ཕྱིར་ཤེས་ལ་འཇུག་འདོད་ནའང། །ཐ་དད་ཁྱད་ཅན་ཉིད་འགྱུར་གྱི། །དེ་མེད་པས་ན་དེ་ཡང་མེད། །གལ་ཏེ་བདག་གི་བློ་གང་ཡང། །ལ་ལར་ཇི ་བཞིན་དོན་དུ་འདོད། །ལ་ལར་དེ་ལས་བཟློག་ཉིད་དེ། །མཐོ་ལ་མཐོ་ཡི་བློ་བཞིན་ནོ། །ལ་ལར་ཇི་ལྟར་ཇི་བཞིན་དོན། ཞེ་ན་ཀུན་རྫོབ་གྲུབ་པ་སྒྲུབ། །ཇི་བཞིན་དོན་གྱི་སེམས་ཀྱི་ཡུལ། །བདག་ཅེས་བྱ་བར་བདག་ཅག་འདོད། །ཅི་སྟེ་ཀུན་ལ་ཁྱབ་སོགས་ཀྱི། །མཚན་ཉིད་ཅན་བློ་དོན་བཞིན་ན། །དེ་ཉིད་དུ་འམ ་ཀུན་རྫོབ་ཏཱུང། །དཔེ་ནི་ཡོད་པ་མ་ཡིན་ནོ། །རྟོགས་པ་མེད་པས་རྟོགས་པ་ནི། །རང་བཞིན་རྟོགས་པ་མེད་པ་འམ། །གང་གི་དེ་ཉིད་ཤེས་སྐྱེ་བས། །གང་ཞིག་གྲོལ་བར་འགྱུར་བ་ཡིན། །རྟོགས་པས་འཛིན་པར་བྱེད་པ་ན། །བདག་ནི་འདི་ལྟར་ཞེས་སོགས་ངེས། །རྟོག་པ་མེད་ཕྱིར་གཞན་ནི། ་རིགས། །དེ་མེད་གྱུར་ན་ཡང་ཅི་ཞིག། འདི་ཡི་ལྡོག་པའང་རིགས་མིན་ཏེ། །མང་པོ་དག་དང་ཐུན་མོང་ཕྱིར། །ཇི་ལྟར་རྗེ་གཅིག་ཤི་གྱུར་ཀྱང། །ཚོགས་པ་དག་ནི་བྲན་བཞིན་འདོད། །ཐ་དད་ཡུལ་ལམ་བསྒྲིབས་ཕྱིར། །ཇི་ལྟར་བདག་གི་དབྱེ་བ་ལས། །སྐྱེས་བུའི་ཡིད་ལ་སྙིང་སྟོབས་དག། ་ལྷག་པས་དེ་ཉིད་མཐོང་བར་འདོད། །སྒྲ་ལ་སོགས་པ་རྟོགས་པ་དང། །དེ་བཞིན་ཆོས་དང་ཆོས་མིན་དག་སྐྱོན་ནི་རྗེས་སུ་མཚུངས་པའི་ཕྱིར། །མ་མཐོང་ངེས་པ་མེད་པའང་ཡིན། །གལ་ཏེ་སྐྱེས་བུ་འགྱུར་ཞེ་ན། །སྐྱེས་བུ་རྟོགས་པ་མེད་པ་དང། །རྒྱུ་མེད་ཁྱབ་པ་མ་ཡིན་ཏེ། །སྐྱེས་བུ་འགྱུར? ་ཕྱིར་འོ་མ་བཞིན། །སེམས་ནི་འགྱུར་བ་མེད་ན་ཡང། །གཟུགས་བརྙན་གྱི་ནི་རྒྱུ་ཡིན་ཕྱིར། །ཇི་སྐད་སྨྲས་པའི་སྐྱོན་ལྡན་པར། །འབྱུང་སྟེ་གདོང་གི་གཟུགས་བརྙན་བཞིན། །སྐྱེས་བུ་རྟོག་པ་མེད་པའི་ཕྱིར། །བདག་དང་གཞན་ཞེས་མི་རིགས་སོ། །བརྟགས་ནས་སྐྱོན་མེད་ཞེ་ན་ཡང། །གྲོལ་བ་བཏགས་པ་ཉིད་དུ་འགྱུར ་གཙོ་བོ་ཡོད་དེ་སྣ་ཚོགས་ཀྱི། །རྗེས་སུ་འགྲོ་ཕྱིར་ཡོངས་གྱུར་ཕྱིར། །བྱ་དང་བྱེད་པའི་ངོ་བོའི་ཕྱིར། །ནུས་ཕྱིར་སྣ་ཚོགས་ངོ་བོའི་ཕྱིར། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། །སྣོད་ཆགས་པ་ཡི་དུམ་སོགས་ལྟར། །དེ་བཞིན་དབྱེ་བ་དེ་དང་ལྡན། །དེས་ན་དབྱེ་བ་རྒྱུ་དང་བཅས། །དབྱེ་རྣམས་རྒྱུ་དང་བཅས་ཉིད་དུ། ། ་སྒྲུབ་བྱེད་ཅེ་ན་གྲུབ་པ་སྒྲུབ། །ཀུན་ལ་ཁྱབ་པར་མ་གྲུབ་སྟེ། །འདིའི་གཏན་ཚིགས་མ་གྲུབ་ཕྱིར། །སྤྱི་ནི་སྔོན་དུ་སོང་འདོད་དེ། །སྤྱི་དང་ལྡན་པའི་ཕྱིར་ཞེ་ན། །སྤྱི་ཉིད་དམ་ནི་ཁྱད་པར་ལ། །སྔ་མ་བཞིན་དུ་དཔེ་ཡང་མེད། །བདེ་ལ་སོགས་པའི་ངོ་བོའི་ཕྱིར། །ཚོར་བའི་ཕུང་པོ་བཞིན་མི་འདོད། །ཕུང་པོ ་ཡིན་ཕྱིར་བདེ་སྡུག་སོགས། །སོ་སོར་མ་ངེས་པ་ཉིད་ཡིན། །མ་ངེས་པ་ཡི་སྤང་བས་ན། །དེ་ལྟར་དོན་བྱེད་བདག་ཉིད་ཡིན། །རྗེས་འགྲོ་སོགས་ཀྱིས་རྗེས་དཔག་གི་།དམ་བཅས་སྐྱོན་གྱིས་གནོད་པ་ཡིན། །སྐྱེ་མེད་མཛའ་མེད་ཉིད་སོགས་ཀྱི། །དེ་ཡིས་ཁྱད་པར་སྤངས་པས་ན། །གཙོ ་བོའི་ཡོན་ཏན་འདོད་པ་ཡི། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །དེ་བཞིན་ཐ་དད་རྒྱུ་ལས་ཀྱང། །འབྱུང་བར་འདོད་པའི་དཔེ་ཡོད་མིན། །ཙན་དན་དུ་མ་བུར་གྱུར་པ་ན། །ཉེས་པ་མིན་པར་རྟོགས་བྱ་སྟེ། །སྟོབས་དང་གཟུགས་དང་ཚད་ལ་སོགས། །ཉེ་བར་གནས་ཏེ་བདག་ཉིད་བཞིན། །ནུས ་པའི་བདག་ཉིད་ཉིད་དུ་སྟེ། །ཡོད་ན་སྔར་བཞིན་དཔེ་མི་འགྲུབ། །བསལ་བའི་ངོ་བོར་དེ་ཡོད་ནའང། །གྲུབ་པའི་མཛའ་ནི་སྤངས་པར་འགྱུར། །བྱ་དང་བྱེད་པ་གཅིག་ཉིད་དུ། །སྒྲུབ་ནའང་སྨྲས་པའི་ཚུལ་ཉིད་ཡིན། །རིགས་མཐུན་ཉིད་ལ་གཅིག་ཉིད་དུ། །བསྒྲུབ་ནའང་གྲུབ་པ་བསྒྲུབ་པ་ཡིན།། ་དེ་ལས་དོན་གཞན་རྟོག་ན་ཡང། །སྔ་མ་བཞིན་དུ་སྐྱོན་ཀུན་འབྱུང། །བདེ་དང་སྡུག་བསྔལ་སོགས་ཀུན་དུ། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །དུས་དབྱེར་མེད་པས་གཞན་མིན་ནའང། །གྲགས་དང་ལུང་དང་འགལ་བ་ཉིད། །ཙན་དན་ངོ་བོ་མི་མངོན་པས། །མེད་པར་གྲུབ་པ་མ་ཡིན་ཏེ། །དུས་དང ་དྲུག་བས་བསྟན་པའི་ཕྱིར། །ད་ལྟར་སྐད་ཅིག་བཞིན་ཞེ་ན། །དེ་ལྟ་ན་ཡང?་སྤྲོ་གྱུར་ནས། །རང་གི་ལུགས་ཀྱི་སྐྱོན་སྦེད་ཀྱང། །སྨྲས་པའི་སྐྱོན་རྣམས་མེད་མིན་ཏེ། །གྱེན་དུ་སྐྲ་འགྲེང་བུམ་འདྲ་བཞིན། །དེ་གཟུགས་ཞེན་གཏན་ཚིགས་དོན། །རྣམ་པ་རྟོག་པ་མ་ངེས་ཉིད། །དབྱེར་མེད་ངོ་བོ་ཡིན་ན་ཡང།། ་གཏན་ཚིགས་མ་ངེས་པ་ཉིད་ཡིན། །རྣ་སོགས་སྦྱར་བྱ་པ་ཡིན་ཏེ། །རྟོག་པ་མེད་ཕྱིར་གལ་ཏེ་འདོད། །ཁྱད་པར་དག་ནི་མ་བསྟན་བར། །སྤྱད་བྱའོ་ཞེ་ན་གྲུབ་པ་སྒྲུག་།ཅི་སྟེ་གཡོ་བ་མེད་སོགས་ཀྱི། །ཁྱད་པར་ཅན་ན་རྗེས་འགྲོ་གང། །རྟོགས་པར་བདེན་ཡར་རྩོལ་མེད་ཕྱིར། །སྤྱོད་པ་བོར་ནི་མི་འདོད་དོ། ། ་དངོས་རྣམས་བྱ་བ་མེད་ཉིད་དུ། །རབ་ཏུ་རྟོགས་ཏེ་གཞལ་བྱའི་ཕྱིར། །སྨྲས་པ་ཇི་ལྟར་དེ་དེ་ལྟར། །རྟོགས་ཏེ་བདེ་དང་གཏི་མུག་བཞིན། །བྱ་བ་མེད་པར་སྡུག་བསྔལ་ཡང། །ཤེས་པར་བྱ་སྟེ་རྒྱུད་ལྡན་ཕྱིར། །རྟོགས་པ་མེད་ཕྱིར་བརྗོད་བྱའི་ཕྱིར། །གཞལ་བྱ་ཡིན་ཕྱིར་གཏི་མུག་བཞིན། །རྗེས་འགྲོལ་སོགས ་གཏན་ཚིགས་རྣམས། །ཐ་དང་ཉིད་དུ་འདོད་པས་ན། །གཙོ་བོའི་ཡོན་ཏན་ལ་དེ་རྣམས། །མ་ངེས་མ་ཡིན་པ་དེ་བདེན། །བྱ་དང་བྱེད་པ་སྒྲུབ་བཅས་ཕྱིར། །རྒྱུ་དང་ལྡན་པར་རྗེས་དཔག་ཉིད། །གཏན་ཚིགས་རྣམས་ཀྱང་ཁྱད་བཅས་པས། །དེ་ལྟར་འགལ་བ་ཉིད་དུ་འགྱུར། །དེ་མ་བཟུང་བར་མི་འཛིན ་པས། །གཟུགས་སོགས་གཞན་མིན་དངོས་བཞིན། །ཐ་དད་དངོས་ཕྱིར་གཞན་མིན་མིན། །གང་དེ་རྟོགས་བྱ་རྟོགས་བྱེད་ཕྱིར། །དེས་ན་མི་མངོན་མ་ཡིན་ལ། །བྱ་བར་ཡོད་པའང་མི་འདོད་དོ། །ད་ལྟར་གྱི་ན་སྐད་ཅིག་ཀྱང། །རྫས་སུ་ཡོད་པར་མ་གྲགས་ཉིད། །སྤྱོད་བཅས་པ་ཡི་སྤྱད་བྱ་འདི།། ་སྤྱད་བྱ་ཡིན་ཕྱིར་མ་ལ་སོགས་བཞིན། །རྟོགས་པ་པོ་ནི་སྤྱོད་པ་ཉིད། །དེ་ཡི་སྒྲུབ་པར་བྱེད་པ་མིན། །རྟོགས་པ་ངེས་པར་རྟོགས་ཡིན་ན། །དེ་ནི་གང་གི་ཡིན་པ་སྨྲོས། །དངོས་པོ་བྱེད་པོ་ལ་བརྟེན་ཏེ། །གོས་སོགས་ཚོན་དུ་བཅོས་པ་བཞིན། །སྒྲ་སོགས་ཤེས་པར་མི་འགྱུར་ག། ཡིན ་ནའང་ཤེས་པ་ཇི་ལྟར་ཡིན། །སྒྲ་སོགས་ཤེས་པར་འགྱུར་བ་ཉིད། །ཡིན་ནའང་ཤེས་པ་ཇི་ལྟར་ཡིན། །བྱེད་པ་མེད་པ་མ་སྐྱེས་ཕྱིར། །བྱེད་པོ་ཉིད་དུ་ཇི་ལྟར་འདོད། །མ་སྐྱེས་པ་ལ་འདོགས་ན་ཡང། །སྐྱེས་བུ་བཏགས་པ་པ་རུ་འགྱུར། །བྱེད་པོའི་སྒྲའི་བརྗོད་བྱའི་ཕྱིར། །མེ་བཞིན་ཁྱོད་? ་ཀྱིས་སྐྱེས་བུ་ཡང། །རྒྱུ་བཅས་བྱ་བཅས་སྤྱད་བྱ་དང། །བྱ་བ་རབ་ཏུ་བསྐྱེད་པའང་ཡིན། །ཀུན་ཁྱབ་མ་ཡིན་རང་བཞིན་ལས། །གཞན་པ་མ་ཡིན་སྐྱེས་བུ་མིན། །དེ་ཡིས་རང་དངོས་ཁྱད་པར་ནི། །དེ་ཡིས་འདི་ལྟར་སྤོང་བར་འགྱུར། །དེས་ན་ཁས་བླངས་པ་དེ་ལ། །གནོད་ཕྱིར་དམ་བཅས་སྐྱོན་མེད ་མིན། །ཇི་ལྟར་དབང་ཕྱུག་རྒྱུར་སྨྲ་བཞིན། །རྟོགས་པ་ལ་སོགས་སྤངས་པ་ཡིན། །བདག་དང་བདག་གི་མིན་རྟོགས་པ། །བློ་ཡིས་རྗེས་སུ་རྟོགས་པ་ཡི། །ལྟ་བ་ལོག་པས་གྲོལ་བར་ནི། །ཁྱོད་ཀྱི་སྐྱེས་བུ་འགྱུར་མི་རིགས། །སྐྱེས་བུ་ཐ་དད་མཐོང་བ་ཡི། །ཐར་པ་ཐོབ་པ་མ་ཡིན་ཏེ། །བློ་གཞན་ཡིན ་ཕྱིར་སྤྱད་བྱ་དང། །སྐྱེས་བུ་གཞན་ཉིད་མཐོང་བ་བཞིན། །ཇི་ལྟར་རྣམ་རྟོག་བཅས་པའི་ཕྱིར། །མི་ནི་ཐ་དད་མཐོང་བ་ལྟར། །སྐྱེས་བུ་ཐ་དད་མཐོང་བ་ཡིས། །དེ་བཞིན་གྲོལ་བ་མི་འདོད་དོ། །དེ་ལྟར་གྲངས་ཅན་དེ་ཉིད་ནི། །སྔོན་དང་ཕྱི་མར་འགལ་བ་དང། །རིགས་པ་དང་ནི་མི་ལྡན་ལ། །མཁས་པ་རྣམས་ཀྱི་བློ ་མི་འཇུག་།ནྱ་གྲོ་དའི་ས་བོན་གྱི། །ནང་ན་ཡོད་པའི་ནྱ་གྲོ་དང། །བུད་མེད་སྐྱེས་པ་འགྲོགས་ལ་བུ། །རྔ་ཡིན་ངན་སྒྲ་གནས་དང། །ཟས་ཀྱི་ནང་ན་ཕྱི་ས་སོགས། །ཤིང་ལ་འབར་ཡོད་མི་མཐོང་ཞེས། །གང་ཞིག་མངོན་སུམ་སྤོང་བྱེད་པ། །དེ་ནི་བདེན་སྨྲ་ཇི་ལྟར་ཡིན། །དེ་ནི་ཡོད་ཀྱང་མི་གསལ་བས། །དེས ་ན་བྱ་བ་སྔོན་མ་མཐོང། །ཞེན་མི་གསལ་མེད་མིན་པས། །ེ་མའོ་བསྟན་བཅོས་ཤིན་ཏུ་ལེགས། །དབུ་མའི་སྙིང་པོ་ལས་གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ་ལེའུ་དྲུག་པའོ།། །།བློ་སོགས་བདག་གི་ཡོན་ཏན་བཅད། །དྲུངས་ནས་ཕྱུང་བའི་རྣལའབྱོར་པ། །ཡིད་ལ ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡི་ཐར་པར་ཤེས། །རྒྱས་པར་སྔར་བསྟན་རིམ་པ་ཡིས། །མི་བདེན་སྐྱེ་བ་བཀག་པ་འམ། །དངོས་པོ་ཡོངས་སུ་བཀག་པས་ན། །འདོད་དང་སྡང་སོགས་ཡོན་ཏན་མེད། །མ་སྐྱེས་བྱེད་པེར?་མི་རུང་སྟེ། །བྱ་བ་ངེས་པར་བྱ་བ་ལ། །བྱེད་པོ་ཡིན་ཕྱིར་སྦྲང་རྩིའི་རྒྱུ། །ནམ ་མཁའ་ཨི་མེ་ཏོག་མིན་བ་བཞིན། །མ་སྐྱེས་སྐྱེས་པ་མ་ཡིན་ཏེ། །ནམ་མཁའ་ཨི་མེ་ཏོག་མ་སྐྱེས་བཞིན། །འབྱུང་བའི་ངོ་བོ་ལ་སོགས་ཀྱི། །དོན་དམ་པར་ན་ཡོད་མིན་ཏེ། །རྟག་པའི་བདག་ལ་ཤེས་མི་བརྟེན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །བློ་ནི་བདག་གི་ཡོན་ཏན་དུ། །མི་རིགས་སྐྱོ་དང་ལྡན ་པའི་ཕྱིར། །ཇི་ལྟར་དེ་ཡི་ཡོན་ཏན་དུ། །གཟུགས་ལ་སོགས་པ་མི་འདོད་བཞིན། །འདུ་པ་ཡིན་ཕྱིར་བདག་མེད་པས། །རིགས་ཏེ་མི་རྟག་པ་ཡི་ཕྱིར། །དེ་ལྟར་བདེ་དང་སྡུག་བསྔལ་སོགས། །དགག་པ་མཐར་ཐུགས་ཤེས་པར་བྱ། །ཡིད་ནི་རྟག་པར་མིན་པར་འདོད། ་བརྗོད་བྱ་ཡིན་ཕྱིར་བུམ་པ་བཞིན། །འདི་ནི་བདག་གི་བྱེད་པ་མིན། །དངོས་པོ་ཡིན་ཕྱིར་བདེ་བ་བཞིན། །བདག་ཡོད་པ་ནི་བཀག་ཟིན་ཀྱང། །འདིར་ཡང་བརྟག་པར་བྱ་བ་སྟེ། །བརྟེན་ནས་བྱུང་པ་མ་ཡིན་ཕྱིར། །བདག་མེད་ནམ་མཁའ་ཨི་མེ་ཏོག་བཞིན། །དེ་ཡི་སྦྱིན་ཡོད་པར་ཡང། །ཁས ་ལེན་པ་ཡང་བརྟག་པར་བྱ། །འདི་ནི་ཁྱབ་མིན་རྟག་པ་མིན། །རྟོགས་བྱ་ཡིན་ཕྱིར་བུམ་པ་བཞིན། །བློ་སྐྱེ་འགྱུར་དང་བཅས་ཞེ་ན། །ཁྱོད་ཀྱི་བདག་ཉིད་ཉམས་པར་འགྱུར། །འོན་ཏེ་འགྱུར་མེད་ཤེས་པ་མིན། །ཤེས་དང་ཤེས་མིན་ཇི་ལྟར་རུང། །འདུ་པ་དགག་པ་བྱས་པས་ནི། །དེ་དང ་འབྲེལ་པའང་རིགས་པ་མིན། །བདེ་དང་སྡུག་བསྔལ་འབད་པ་འདོད། །སྡང་ལ་སོགས་ཀྱང་ཚུལ་འདི་ཡིན། །བརྟགས་པའི་བདག་ལ་བདེ་མི་བརྟེན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །ཡང་ན་བདག་གི་ཡོན་ཏན་ནི། །བདེ་བ་ཡིན་པར་མ་གཏོགས་ཏེ། །སྐྱེ་དང་ལྡན་ཕྱིར་གཟུགས་ལ་སོགས ་དེ་ཡི་ཡོན་ཏན་མི་འདོད་བཞིན། །ཡང་ན་འདི་དག་འདུ་བ་ནི། །བདག་ལ་ཡོད་པར་མ་གཏོགས་ཉིད། །ལྷན་ཅིག་ཡོད་ཆེན་དང་འབྲེལ་བར། །ཡོད་པ་མང་པ་མི་རིགས་སོ། །ཡོད་ན་འདི་སྦྱོར་དེ་ན་མེད་ལ། །མེད་ན་དེ་ཡང་མེད་པར་འགྱུར། །གསལ་བར་བྱེད་པ་ཆོས་གཞན་ཕྱིར། །དེ་ན ་གསལ་བྱེད་ཇི་ལྟར་ཡིན། །གྲངས་ལ་སོགས་དང་འབྲེལ་བ་ཡང། །འདི་ཉིད་ཀྱིས་ནི་ལན་བཏབ་པོ། །གལ་ཏེ་སྤྱི་སོགས་དང་འབྲེལ་པས། །སྐྱེས་བུ་སྤྱི་དང་གཅིག་གཏོགས་པར། །དེ་སོགས་རྐྱེན་དང་ཕྲད་ཙམ་གྱིས། །སྐྱེས་བུ་འབྱུང་བར་འདོད་ན་ནི། །ཡོད་མིན་མེད་མིན་དུ་མ་མིན། ་གཅིག་མིན་ཕྲ་མིན་ཆེན་པོ་མིན། །འདི་ནི་རྟག་མིན་མི་རྟག་མིན། །གཞན་མིན་གཞན་མིན་མིན་དེ་ཉིད། །ཇི་ལྟར་བདག་བཞིན་ཚིག་གི་དོན། །གཞན་ཡང་འདི་ལྟར་སྟོང་པ་དེ། །འབད་ནས་གསངས་སུ་ཟིན་ཀྱང་ནི། །གཟེགས་ཟན་པ་ཡིས་གསལ་པར་བྱས། །འདི་དག་མཚན་མར་འཛིན? ་པའི་ཕྱིར། །དེ་ཉིད་མཐེང་བར་མི་རིགས་སོ། །མཚན་མ་མི་བདེན་པར་སྐྱེས་པའི། །ངོ་བོ་རྟག་པར་མི་བདེན་འདོད། བདག་ལས་ཐ་དད་གྱུར་པའི་དོན། །དེ་དང་འབྲེལ་པར་མི་འདོད་དེ། །ཡོད་པའི་བློ་ཕྱིར་བོ་སྤྱི་ལ། །སྤྱི་ཞེས་བྱ་བར་འདོད་པ་བཞིན། །དེ་བཞིན་གྲངས་སོགས་འབྲེལ་བ་ཡང། །བདག་གམ་གཞན་པ་ལ ་ལ་ལ། །མཁས་པས་ཇི་ལྟར་རིགས་པ་བཞིན། །བློ་དེ་མིན་པར་རྟག་པར་བྱ། །བདག་ནི་བློ་དང་སྡུག་བསྔལ་དང། །བདེ་སོགས་ཡོན་ཏན་དང་མ་འབྲལ། །ཡོན་ཏན་ཡིན་ཕྱིར་གྲངས་བཞིན་ནོ། །དེ་ཕྱིར་ཡོན་ཏན་མེད་བདག་མིན། །ཡུལ་དང་ངོ་བོར་དབྱེར་མེད་ཀྱང། །གང་ཞིག་ངང་གི་བདག་ཉིད་འགྱུར།། ་བདག་དང་སྦྱོར་པར་འདོད་པ་ལས། །དྲན་ནས་ཤེས་པ་ཀུན་ཏུ་འབྱུང། །མ་མཐོང་ངེས་པ་འང་སྔར་བཞིན་དུ། །ཐལ་འགྱུར་?་ན་ཡང་འདི་ལ་ཡིན། །མེད་པའི་སྐྱེ་བ་བཀག་པས་ན། །དེ་ཡི་སྦྱོར་བའང་མི་འདོད་དོ། །ཡིད་དང་བདག་གི་མེད་པ་ལ། །རྟེན་དང་བརྟེན་པར་མི་འདོད་དོ། །བདག་དང་ཡིད ་ནི་ཡོད་ན་ཡང། །རྟེན་དང་བརྟེན་པར་མི་འདོད་དོ། །རྣམ་རྟོག་རྒྱུ་མཚན་བཅས་པའི་ཕྱིར། །རྫས་སོགས་མཐོང་བས་གྲོལ་བར་མི། ཇི་ལྟར་འུག་པ་མི་འདོད་པ། །དེ་བཞིན་འུག་པ་བ་མི་འདོད། །ས་སོཌ་དེ་ཉིད་འབྱུང་བའི་བློ། །ཐར་པ་མིན་པར་གཟེགས་ཟན་འདོད། །ཁྱད་པར་དག་ནི་མི་འཛིན་ཕྱིར། །འཚོ་བའི་དེ་ཉིད ་བློ་བཞིན་ནོ། །བྱེ་བྲག་པ་ཡི་དེ་ཉིད་ལའང། །ལྟ་ངས?་རབ་རིབ་སྐྱེས་པས་ན། །དེས་ན་རིག་པ་དང་བྲལ་ཕྱིར། །བློ་ནི་དགའ་བར་མི་བྱའོ། །དབུ་མའི་སྙིང་པོ་ལས་བྱེ་བྲག་པའི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ་ལེའུ་བདུན་པའོ།། །།རིག་བྱེད་མཐར་སྨྲས་སྨྲས་པ་ནི། ། ་འདུས་བྱས་སྟོང་པར་སྨྲ་བ་ཡི། །ཕྱི་རོལ་པ་ལ་བདག་རིག་དཀོན། །བདག་དང་ཐར་བ་ག་ལ་ཡོད། །མུན་པ་ལས་གཞན་སྐྱེས་བུ་ནི། །ཆེན་པོར་གྱུར་པ་ཉི་མའི་འོད། །དབང་ཕྱུག་ཆེན་པོ་བདག་དེ་ཉིད། །མཁས་པས་ཤེས་ན་འཆི་མེད་འགྱུར། །བྱེད་པོ་དབང་ཕྱུག་གསར་མདོག་ཏུ།། ་གང་གིས་མཐོང་ཞིང་བལྟ་བ་ད། །སྡིག་དང་བསོད་ནམས་ལས་འདས་ནས། །མཆོག་ཏུ་ཞི་བ་ཐོབ་པར་འགྱུར། །བྱུང་གྱུར་བྱུང་དང་འབྱུང་བ་དག་།ཐམས་ཅད་སྐྱེས་བུ་ཡིན་འདོད་དེ། །དེ་ནི་ཕྱི་ནང་རིང་བ་དང། །དེ་ནི་ཉེ་དང་དེ་ལུས་བྱེད། །སྲིད་པ་སྣ་ཚོགས་དེ་ལས་སྐྱེས། །དར་གྱི་སྲིན་བུའི ་སྐུད་པ་བཞིན། །མཁས་པ་དེའི་ཆར་ཐིམ་པ། །ཡང་སྲིད་ལེན་པར་མི་འགྱུར་རོ། །འཆི་བཅས་རྣམས་ལ་བདུད་རྩི་མེད། །མེ་ལ་གྲང་བ་ཇི་བཞིན་ནོ། །དེས་ན་བདུད་རྩི་སྐྱེས་བུ་ཉིད། །མ་རྟོགས་བདུད་རྩི་ཡོད་མི་རིགས། །གང་ལས་མཆོག་གྱུར་གཞན་མེད་ཕྱིར། །གང་ལས ་དམ་པ་གཞན་མེད་ཕག?་འདི་ལས་ཕྲ་གྱུར་གཞན་མེད་པས། །སྣ་ཚོགས་འདི་དག་རྒྱུ་གཅིག་ཉིད། །དེ་ནི་ཕྲ་ངང་རགས་དང་ལྡན། །ཡང་ལྡན་གཙོ་བོ་དབང་སྒྱུར་བ། །རབ་ཕྱེ་འདོད་པའི་མཐར་ཐུག་གང། །རྣལ་འབྱོར་ཇི་ལྟར་འདོད་པར་འགྲོ། །དེར་ནི་འབྱུང་བ་ཐམས་ཅད་ཀྱང། །བདག ་ཉིད་དུ་ནི་འདུས་པར་མཐོང། །བྱིས་དང་མཁས་དང་གདོལ་བ་དང། །བྲམ་ཟེ་སོགས་རྣམས་མཉམ་པ་ཉིད། །བུམ་པ་འབྱུང་ཞིང་འཇིག་པ་ལྟར། །ནམ་མཁའ་དེ་ཡི་བདག་ཉིད་མིན། །ལུས་ཅན་འབྱུང་ཞིང་འཇིག་པ་ལྟར། །དེ་བདག་ཡིན་པས་བདག་མི་འདོད། །བུམ་པའི་ནམ་མཁའ་ ་བཞིན་དུ་གཅིག། དུ་མའོ་ཞེ་ན་བུམ་པ་དག། ཆགས་ན་དབྱེ་མེད་གཅིག་ཉིད་དུ། །ཐམས་ཅད་ཉམས་པར་འགྱུར་བར་འདོད། །ཇི་ལྟར་བུམ་སོགས་ཐ་དད་ཀྱང། །ས་ལ་ཐ་དད་འགའ་ཡང་མེད། །དེ་བཞིན་ལུས་ནི་ཐ་དད་ཀྱང། །བདག་ལ་ཐ་དད་འགའ་ཡང་མེད། །ཇི་ལྟར་བུམ་པའི ་ནམ་མཁའ་གཅིག། རྡུལ་དང་དུ་བས་བསྒྲིབས་པ་ན། །ཐམས་ཅད་དེ་བཞིན་མ་ཡིན་ལྟར། །བདེ་སོགས་དེ་བཞིན་བདག་ལ་མིན། །བདག་མ་ཤེས་ཤིང་མ་རྟོགས་པས། །རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ལས་རྣམས་སོགས་ཤིང་དགེ་བ་དང། །མི་དགེའི་འབྲས་བུ་སྦྱོར་པ ་ཡིན། །?ལུས་ལ་གནས་ཀང་མ་ཆགས་དང། །སྤྱོད་པར་བྱེད་ཀྱང་མི་གོས་ཏེ། །འདོད་བཞིན་སྤྱོད་ཀྱང་རྒྱལ་པོ་བཞིན། །སྡིག་པས་གནོད་པར་མི་འགྱུར་རོ། །གཅིག་པུ་ཀུན་ཁྱབ་རྟག་པ་སྟེ། །ཚངས་མཆོག་འཆི་བ་མེད་པའི་གནས། །རྣལ་འབྱོར་པ་ཡིས་གོམས་བྱས་ན། །དེ་ནི ་ཡང་སྲིད་ལེན་མི་འགྱུར། །དེ་ནི་རྟག་པར་རྟོག་མེད་པ། །དག་ལ་སྤྱོད་ཡུལ་གང་མ་གྱུར། །བློ་ནི་དབྱེ་བས་སྲོགས་རྣམས་ཀྱིས། དེ་ལ་ཚིག་ཏུ་སྦྱོར་བར་བྱེད། ཕྱོགས་སུ་ལྟུང་བ་མ་ཡིན་པས། །འདིར་ནི་འདི་ཡང་འདི་ལྟར་དབྱད། །ཕྱོགས་ལ་ཆགས་པས་བསྒྲིབས་པའི་བློས། །ཇི་ལྟར་བདེན ་པའང་རྟོགས་མི་འགྱུར། །བདག་ཡོད་པས་ནི་བཀག་པ་ན། །འགྲོ་བའི་རྒྱུ་ཡང་དེ་བཞིན་ཏེ། །དེས་ན་དེ་མཐོང་གྲོལ་བ་ནི། །མི་བདེན་པར་ནི་རབ་བརྟགས་ཉིད། །བྱོལ་སོང་རྣམས་ལ་འཇིག་ཚོགས་བལྟ། །ལྷན་ཅིག་སྐྱེས་ཡོད་ཞི་མ་གྱུར། །ཀུན་ཉོན་མོངས་ཀུན་རྩ་བའི་ཕྱིར། །དེ་ཉིད་ཁྱོད་ཀྱི་ཤིན་ཏུ་སྦེལ།། ་འཇིག་ཚོགས་ལྟ་ལ་ཞེན་པ་ཡི། །བདག་འཛིན་བདག་གིས་འཛིན་པ་དག་།གང་ལས་འཁོར་བར་འབྱུང་འགྱུར་པ། །དེ་ཉིད་གྲོལ་བ་ཡིན་པར་སྨྲ། །མྱོས་པར་གྱུར་ལ་མྱོས་འགྱུར་བཞིན། །དེ་ལྟ་བ་ཡི་ཞི་གྱུར་ན། །ཤིན་ཏུ་མ་ཞུའི་ནང་ལྡན་ལ། །ཁ་ཟས་ཟོས་པས་ཕན་པར་འགྱུར། །རིག་བྱེད་སྨྲ ་བས་བདག་དེ་ནི། །རྣམ་པ་གཉིས་སུ་འདོད་བྱེད་དེ། །ལུས་ཞེས་བྱ་བ་བཅིངས་བདག་དང། །མཆོག་ན་གནས་པ་གྲོལ་བའི་བདག་།མཆོག་ཏུ་འཛིན་པ་བདག་གི་ཡུལ། །བདག་བློ་ཇི་བཞིན་དོན་མ་ཡིན། །བདག་ནི་འདི་ཞེས་མཆོག་འཛིན་ཕྱིར། །ལུས་ལ་བདག་གི་བློ་བཞིན་ནོ། ། ་ཡོངས་སུ་བཏགས་པ་ཡོད་ནའང། །ཁྱོད་ཀྱི་བདག་གིས་ཅི་ཞིག་བྱེད། །གཟུགས་དང་སྒྲ་སོགས་ཡུལ་རྣམས་ལ། །བློའོ་ཞེ་ན་དེ་མི་རིགས། །གཟུགས་སོགས་ཡུལ་ལ་བློ་དག་ནི། །བྱེད་པོ་བདག་ནི་མེད་ཀྱང་སྟེ། ར།རྐྱེན་ལ་བལྟོས་པའི་སྐྱེ་ཡིན་ཕྱིར། །མེ་ཤེལ་གྱི་ནི་མེ་བཞིན་ནོ། །གང་ཡང ་ཡི་གེའི་བདག་ཉིད་སྒྲ། །དེ་ཡི་བྱེད་པོ་བདག་མི་འདོད། །མཉན་བྱའི་ཕྱིར་དང་སྒྲ་ཡིན་ཕྱིར། །དཔེར་ན་བྲག་ཆ་ཇི་བཞིན་ནོ། །འདིས་ནི་ལུས་ཀྱི་བྱ་བ་གཞན། །འོང་བ་དང་ནི་འགྲོ་བ་དང། །ལག་པ་རྐང་པ་གཡོ་པ་ནི། །མཚན་ཉིད་ལྷག་མ་རྣམས་ཀྱང་བཀག་།རྣམ་པར་བཅད་ནས་ཀུན་ཤེས་ལས། ། ་ཀུན་ཤེས་དྲན་པ་ཉིད་ལས་དྲན། །སོ་སོར་རྣམ་པར་རབ་ཤེས་ལས། །ཤེས་རབ་ཉམས་སུ་མྱོང་ལས་ཚོར། །ཤེས་སོགས་བྱེད་པར་སྨྲ་ཞེ་ན། །བྱེད་པའི་དུ་སྒྲུབ་པའམ། །དེ་ལས་གཞན་པའི་བྱེད་པོ་ཉིད། །གཅོད་བྱེད་བཞིན་དུ་རིགས་ལྡན་མིན། །བྱེད་པ་པོ་ལ་རྐྱེན་ལྡན་ཞིང། །གང་ཕྱིར ་བྱེད་པ་ལ་མིན་པས། །དེས་ན་གཏན་ཚིགས་མ་གྲུབ་པའམ། །མ་ངེས་པ་ཉིད་ཡིན་པར་འགྱུར། །ཤེས་ལ་སོགས་པ་བྱེད་པོ་ཉིད། །བྱེད་པོའི་སྒྲའི་བརྗོད་པའི་ཕྱིར། །ལྷ་སྦྱིན་གྱིས་ནི་གཅོད་དེ་ཞེས། །ཇི་ལྟར་བྱེད་པོར་མཐོང་བ་བཞིན། །འདུས་བྱས་ཕུང་པོ་བྱེ་བྲལ་ཉིད། །འདི་ལ་བྱེད་པ་ ་བརྗོད་བྱ་སྟེ། །བྱེད་པ་ཡིན་ཕྱིར་མར་མེ་ཡི། །གསལ་བར་བྱེད་པ་ཡིན་པ་བཞིན། །ཡང་དག་གཙོ་གཅིག་བྱེད་པོ་མིན། །གང་ཕྱིར་གཅིག་གིས་བུམ་མི་བྱེད། །དེས་ན་མར་མེ་སོགས་བྱེད་པོ། །གདགས་པ་པར་ནི་མི་འདོད་དོ། །འདོད་ཆགས་སོགས་ཀི་དབང་ཕྱུག་སེམས། ། ་གཟུགས་སོགས་ཡུལ་ལ་མངོན་ཞེན་པའི། །ཐར་པ་མི་མཐུན་ཕྱོགས་ཀྱིས་ཕྲོགས། །འཁོར་བའི་བཙོན་རང་བཅིངས་པ་ཡིན། །ལག་པ་ལ་སོགས་ཚོགས་པ་ནི། །སེམས་བཅས་སེམས་ཅན་ཞེས་བྱ་སྟེ། །གཏོང་པ་ལ་སོགས་སེམས་འབྱུང་བ། །ཡོད་པ་གཏོང་པོར་ལ་སོགས་བརྗོད། །རིག་པ ་སྐྱེས་པས་མི་རིགས་སོགས། །ཀུན་སྦྱོར་ལྡོག་པར་གྱུར་པའི་ཕྱིར། །ཆགས་སོགས་འཆིང་པ་ལས་གྲོལ་པ། །གྲོལ་བ་ཞེས་ནི་བརྗོད་པ་ཡིན། །ནམ་མཁའ་འདྲ་བའི་བདག་ལ་ནི། །འདི་དག་ཐམས་ཅད་བརྗོད་བར་དཀའ་། །གལ་ཏེ་བདག་ལ་ལྷག་ཆགས་ན། །ནམ་མཁའ་ཨི་མེ་ཏོག་བདག ་འདོད་ཀྱིས། །གང་ཕྱིར་བདག་ནི་རང་བཞིན་གྱི། །ཤེས་པའི་ངོ་བོར་འདོད་ན་ནི། །བྱེད་པ་ལ་སོགས་བལྟོས་པའི་ཕྱིར། །དེ་ནི་གཅིག་ཏུ་མི་རིགས་སོ། །བདག་སོགས་ཤེས་བྱ་ཡོད་པས་ན། ཤེས་པ་ལྡོག་པར་མི་འགྱུར་ཏེ། །དོན་བྱས་ཟིན་པའི་མར་མེ་ཡང། །རང་གི་རྒྱུ་ལས ་སྐྱེ་བར་མཐོང། །ཅི་སྲིད་ཡིད་ལ་ཤེས་འབྱུང་བ། །དེ་སྲིད་ས་བོན་སོགས་འབྱུང་ཏེ། །ཅི་སྲིད་སྒྲ་ནི་ཡོད་གྱུར་པ། །དེ་སྲིད་སྒྲ་བརྙན་འབྱུང་བ་བཞིན། །བྱེད་པ་མེད་པར་ཤེས་པ་ནི། །འཁོར་བ་ཇི་ལྟར་ཤེས་པ་ཡིན། །ཀུན་ཏུ་ཁྱབ་མེད་ཡིན་པའི་ཕྱིར། །གང་ལས་ཇི་ལྟར་བཅིངS ་དང་གྲོལ། །སྡུག་བསྔལ་ལས་ཀྱང་ཐར་མིན་ཏེ། །ཐར་དང་གཅིག་ཏུ་སྨྲ་བའི་ཕྱིར། །བདག་ལས་དེ་ནི་གཞན་མིན་ཕྱིར། །ཇི་ལྟར་མེ་དང་ཚ་བ་བཞིན། །ཉམས་དང་མ་སྐྱེས་པ་ཡི་བློ། །ཕྱེད་པ་མེད་པར་ཇི་ལྟར་མིན། །གང་པོས་གཅོད་པར་བྱེད་པ་ཡང། །སྟ་རེ་མེད་པ་ཇི་ལྟར ་རིགས། །མེ་ཡི་བསྲེགས་ཅེས་སྨྲས་པ་ན། །མེ་ཡིས་བསྲེགས་ཀྱི་བྱེད་པས་མིན། །དེ་བཞིན་བློ་ཡིས་རིག་སྨྲས་པས། ཤེས་པས་རིག་གི་སྐྱེས་བུས་མིན། །རྫ་མཁན་བཞིན་དུ་མི་འགྲུབ། །དེ་ཡི་ངོ་བོ་མེད་པའི་ཕྱིར། སྲེད་བྱེད་བཞིན་དཱུང་འགྲུབ་མི་འདོད། །བསྲེག་བྱ་མེད ་བས་མེ་མེད་ཕྱིར། །གལ་ཏེ་མི་ཤེས་བྱེད་པོ་དང། །ཟ་པོ་ཁྱོད་ཀྱིས་ཤེས་ཇི་ལྟར། །མཁའ་འདྲ་རྟོག་པ་མེད་པ་ཡང། །ལུང་འབའ་ཞིག་གིས་བརྟགས་ཅི་བྱ། །མི་ཤེས་པའམ་ཤེས་དངོས་མིན། །འདི་ནི་དངོས་པོ་མེད་པར་འགྱུར། །དངོས་མེད་བདག་ཏུ་མི་འགྱུར་ཏེ། །འདི་ནི་མོ་གཤམ་བུ་བཞིན་ནོ། །གང་ལ ་གནོད་དང་ཕན་པ་ལས། །གང་ལ་གནོད་དང་བདེ་མི་འབྱུང། །དེ་ཡི་བདག་ཏུ་མི་རིགས་ཏེ། །ནམ་མཁའ་དེ་བ་ཤར་མའི་བཞིན། །ཉི་ཚེའི་བདག་དང་གྲོལ་བར་ནི། །བསམ་གཏན་ཤེས་སོགས་ཀྱིས་འདོད་ན། །བདག་མེད་དོན་ལ་འབད་པ་ཡི། །ཤི་བ་མི་འཆིར་ཇི་ལྟར་འགྱུར། །ཉི་ཚེའི་བདག་ནི ་བདག་ལས་གཞན། །ཞེན་ཐམས་ཅད་སྐྱེས་བུ་ཡིན། །དེ་ནི་ཉི་ཚེ་གཉིས་དག་དང། །ཕྱི་ཞེས་དམ་བཅས་ཉམས་པ་ཡིན། །བདག་ལས་ཉི་ཚེའི་བདག་དེ་ནི། །གཞན་མིན་ཞིན་ནའང?་དམ་བཅས་ཉམས། །གང་ཡང་བདག་གི་བདེ་སྡུག་སོགས། །འགྲོ་བས་མི་ཤེས་གཙོ་བོ་མིན། །གལ་ཏེ ་ཕྲ་ཡིན་འདི་ཆེ་མིན། །ཆེན་པོ་ཡིན་ན་ཕྲ་བ་མིན། །གཅིག་ཀྱང་མ་ཡིན་གཟུགས་ཀྱི་ཆོས། །ཇི་ལྟར་གཟུགས་མེད་བདག་གི་ཡིན། །གཅིག་ཉིད་དུ་མའི་ངོ་བོ་རུ། །གླང་པོའི་དཔེ་འདི་མི་རིགས་ཏེ། །སྣ་ནི་གླང་དུ་མི་འདོད་ཕྱིར། །སྣ་ཚོགས་རྣམས་ཀྱང་གཅིག་ཉིད་མིན། །གང་ཡང ་བདག་ནི་ཉི་སོགས་མདོག་།ཡིན་ན་མདོག་བྲལ་ཇི་ལྟར་ཡིན། །བདག་དེ་དུ་མའི་ངོ་བོ་ཡི། །དཔེར་ན་པ་ལ་ཤ་མི་འདོད། །གཅིག་པུ་པ་ལ་ཤ་མེད་དོ། །ཀུན་ཏུ་འགྱུར་བའི་བདག་ཉིད་དང། །ཇི་ལྟར་རྩ་བ་སོགས་དུ་མར། །རྐྱེན་ལ་སོགས་པས་འབྱེད་པའི་ཕྱིར། །གཙོ་བོ་ཉིད་དང་དམ་པ་ཉིད།། ་དེ་ལས་གཞན་ལ་བལྟོས་ནས་འདོད། །གཅིག་ཉིད་ཡིན་ན་ཚུལ་འདི་ཉིད། །ཡོད་པར་ཇི་ལྟར་འདོད་པར་བྱ། །གལ་ཏེ་བདག་དེ་རྫད་ཡིན་ན། །རྫས་ཡིན་ཕྱིར་ན་ཀུན་ཁྱབ་མིན། །བུམ་པ་བཞིན་དུ་རྟག་མི་འགྱུར། །དེས་ན་འགྲོ་བ་རྒྱས་ཇི་ལྟར། །རྫས་ནི་རྟེན་དུ་རིགས་གྱུར་ན། །བདག་ནི་རྫས་སུ་མི་རིཌ ་ཏེ། །ནམ་མཁའ་ཨི་མེ་ཏོག་ཨི་ལྟ་བར། །དེ་བཞིན་མ་སྐྱེས་ཕྱིར་རྫས་མེད། །ཐམས་ཅད་བྱུང་གྱུར་བྱུང་བ་དང། །འབྱུང་འགྱུར་བདག་མེད་ཇི་ལྟར་མཐོང། །བདག་མེད་བདག་ཏུ་མི་རིགས་ཏེ། །ཇི་ལྟར་དངོས་མེད་ངོ་བོ་བཞིན། །བྱིས་སོགས་ཁྱད་པར་མེད་མ་ཡིན། །བརྟེན་མེད་པ་དང་དཔེ་མེད་ཕྱིར། །བདག ་གཅིག་ཡིན་དུ་མ་ཡི། །སྐྱོན་རྣམས་འབྱུང་བར་འགྱུར་མ་ཡིན། །ཙེ་ཏའི་བདག་དེ་མེ་ཏྲེའི་བྱེད། །མེ་ཏྲའི་བདག་གི་འང་དེ་བཞིན་ཏེ། །ཙེ་ཏྲ་ཐ་དད་མིན་དངོས་ཕྱིར། །ཡང་ན་ཡུལ་ལ་དབྱེ་མེད་ཕྱིར། །བདེ་དང་སྡུག་བསྔལ་སྤྱོད་པ་དང། །དེ་གྲོལ་བས་ཀྱང་གྲོལ་བ་དང། །དེ་བཅིངས ་པས་ཀྱང་བཅིངས་པ་དང། །དེ་སྡུག་པས་ཀྱང་སྡུག་ཉིད་འགྱུར། །བུམ་པའི་ནམ་མཁའ་དཔེར་བསྟན་པ། །ཀུན་ལ་དེ་ནི་འབྱུང་མ་ཡིན། །གང་ཕྱིར་ནམ་མཁའ་གཅིག་ཉིད་དུ། །ཁྱོད་ཀྱི་དེ་ནི་མ་གྲུབ་སྟེ། །རྫས་ཀྱི་ངོ་བོས་གང་སྟོང་པ། །དེ་ནི་ཀུན་རྫོབ་ནམ་མཁའ་ཡིན། །དེ་ལ་འགྲོ་ལྡན་འབྲོ་བ་དབ། ་དེ་ནི་སྐབས་འདོད་སྐབས་ཅན་ནོ། །དེས་ན་ནམ་མཁའ་ཨི་སྒྲིབ་མེད་མིན། །སྐབས་སྦྱིན་པ་ཡང་མ་ཡིན་ཏེ། །དེ་ཡོད་གཏན་ཚིགས་སྨྲས་པ་ཡིས། །གཏན་ཚིགས་འདི་ཡང་མ་གྲུབ་ཉིད། །རྒྱུ་ལ་ཉེ་བར་མ་བྱུང་བ། །ནམ་མཁའ་དངོས་པོ་མི་འདོད་དེ། །དེ་ནི་གཅིག་ཀྱང་མ་ཡིན་ཏེ། །མོ་ཤམ་གྱི་ནི་བུ ་བཞིན་ནོ། །བུམ་སོགས་གཟུགས་ཀྱིས་རྣམས་ནི། །ས་ཡི་རིགས་སུ་གཅིག་ན་ཡང། །རྫ་སོགས་གཞན་དང་གཞན་ཡིན་ལྟར། །དེས་ན་གཞན་ནི་གཅིག་མ་ཡིན། །བདག་མ་ཤེས་ཤིང་མ་རྟོགས་པས། །རྨི་ལམ་ལོངས་སྤྱོད་ང་རྒྱལ་བཞིན། །ཤེས་ཉིད་ཕྱིན་ཅི་མ་ལོག་པས། །ཤེས་འདི་ད ་རྒྱལ་མི་རིགས་སོ། །མི་ཤེས་ཉིད་ནའང་ལོག་མེད་པས། །མི་ཤེས་ང་རྒྱལ་མི་འདོད་དོ། །ནམ་མཁའ་བཞིན་དུ་འགྱུར་མེད་ཕྱིར། །དེ་བཞིན་ཆགས་པ་མེད་པའི་ཕྱིར། །བདག་ནི་བྱེད་པོར་མི་རིགས་ལ། །ཟ་བ་པོར་ཡང་མི་རིགས་སོ། །བྱེད་པོ་བདག་ཡིན་མི་གོས་པ། །བྱེད་པོའི་འབྲས་བུ ་འདོད་ཅི་ལྟར། །མི་དབང་སྡིག་དང་བཅས་པའི་ཕྱིར། །རྒྱལ་པོའི་དཔེ་ནི་མི་རིགས་སོ། །ཕྱི་རོལ་ལ་ནི་མ་བལྟོས་པར། །གཅིག་ཉིད་ངོ་བོ་ཉིད་མི་རིགས། །གཅིག་ཉིད་དང་ལྡན་པས་ཞེ་ན། །དེ་ནི་དེ་དང་ལྡན་མ་ཡིན། །དུ་མ་ཉིད་དུ་བརྟགས་པ་དག་།གསལ་བ་གཅིག་ཉིད་ཡིན་ཞེ་ན། ། ་ཇི་ལྟར་བརྟགས་པ་ཀུན་རྫོབ་ཕྱིར། །དེས་ན་གཅིག་དེ་དོན་དམ་མིན། །རྟག་དང་གཅིག་སོགས་ངོ་བོ་ཡིས། །དོན་དམ་དེ་ཡོད་ཡིན་ཞེ་ན། །གཅིག་སོགས་སྒྲ་དང་བློ་འཇུག་པ། །དོན་ཡོད་ན་ནི་སྐྱོན་མེད་འགྱུར། །གཅིག་ལ་སོགས་པར་རྣམ་རྟོག་པ། །འདི་ནི་ཇི་ལྟར་མི་རྟག ་ཉིད། །རྣམ་པར་རྟོགས་པའི་ཡུལ་དོན་ལ། །ཚིག་འཇུག་པར་ནི་མ་བཀག་གོ་།འདི་ལྟར་བློ་ཡི་ཡུལ་མིན་དང། །དག་གི་སྤྱོད་ཡུལ་མིན་ཅི་ལྟར། །བརྗོད་མེད་རྟོག་པ་མེད་པ་ཡང། །སྔར་བསྟན་རིག་པས་བརྫུན་པ་ཉིད། །ཤེས་བྱ་ཡེ་ནས་མ་གྲུབ་པས། །བློ་ཡི་ཡུལ་དུ་མི་རིགས་སོ། །བློ་ཡི་ཡུལ་ལས་འོང?། ་བས་ན། །ངག་གི་ཡུལ་ལས་ལོག་པའང་ཡིན། །དེ་བཞིན་གཤེགས་པའི་མི་བརྫུན་པའི། །ལུགས་འདི་དགེ་བར་ཤེས་ནས་ནི། །དེ་ཕྱིར་མུ་སྟེགས་འདོད་སྐྱེས་ཏེ། །དེ་ལ་བདག་གིར་བྱས་པ་ཡིན། །སྔོན་དང་ཕྱི་མར་འགལ་བ་ཡི། །དེ་ཡི་ལུགས་ལ་སུ་ཞིག་དང། །ཤིན་ཏུ་རིགས་མི་གཅིག་པའི ་ཕྱིར་།ལྕགས་ལས་ནོར་བུ་རིན་ཆེན་བཞིན། །འདི་ལྟར་འདི་ནི་ལུགས་འདི་ནི་ལུགས་འདི་ལ། །ཁ་ཅིག་དག་ནི་དྲང་ཕྱིར་དང། །ལྷག་མ་འཛིན་ལས་བཟློག་པའི་ཕྱིར། །སྣ་ཚོགས་དག་ཏུ་བསྟན་པ་ཡིན། །དངོས་པོ་རྣམས་ནི་མ་སྐྱེས་ཉིད། །རང་བཞིན་བཅོས་མ་མེད་པའི་ཕྱིར། །འདི་ལ་ཉམས་པ་མེད་པས་ན།། ་བདག་ཅེས་ཀྱང་ནི་བརྗོད་པ་ཡིན། །ཐ་དད་དངོས་ཀྱང་དབྱེ་མེད་ཕྱིར། །ངོ་བོ་གཅིག་ཕྱིར་གཅིག་ཉིད་ཡིན། །ཀུན་ཁྱབ་ཆོས་རྣམས་ཐམས་ཅད་ཕྱིར། །རྟག་པའང་དེ་ཡིན་མི་ཉམས་ཕྱིར། །མ་སྐྱེས་ཕྱིར་ན་སྐྱེ་མེད་ཉིད། །དེ་ཉིད་ཕྱིར་ན་རྒ་ཤི་མེད། །འཕོ་བ་མེད་ཕྱིར་འདི་འཕོ་མེད། །རབ་མཐར་ཐུགས ་ཕྱིར་མཆོག་ཡིན་ཉིད། །གཟུགས་དང་སྒྲ་དང་དྲི་སོགས་མིན། །ས་དང་མེ་དང་ཆུ་རླུང་མིན། །ནམ་མཁའ་ཟླ་བ་ཉི་མ་མིན། །ཡིད་དང་ཤེས་པའི་མཚན་ཉིད་མིན། །ཐམས་ཅད་འདི་ཡིན་རང་བཞིན་ཕྱིར། །ཉམས་པ་མེད་ཕྱིར་ཐམས་ཅད་མིན། །དེ་ལ་ཉོན་མོངས་སྐྱེ་མེད་ཕྱིར། །དག་པ་འདི ་ཡིན་ཞི་ཉིད་འདི། །དེ་ནི་བརྟགས་པས་སྒྲོ་བཏགས་ན། །བརྗོད་བྱ་ཡང་དག་བརྗོད་བྱ་མིན། །ཡེ་ནས་བརྗོད་བྱ་མ་ཡིན་ཕྱིར། །འདི་ནི་དྲི་མ་མེད་ཅེས་བསྟན། །གང་ཞིག་འདི་ལྟར་མངོན་འདོད་པ། །ཁྱོད་ཀྱིས་བདག་ཀྱང་ཡིན་ན་ནི། །མིང་སོགས་ཆོས་མང་འདྲ་བ་ལ། །སྐྱོན་མེད་རིག་པ ་དང་བཅས་ཡིན། །བདག་མེད་ཉིད་ཀྱིས་འཇིགས་པ་རྣམས། །འཇིགས་ཀྱང་དེ་ཉིད་ལ་གནས་ཏེ། །ནམ་མཁའ་འཇིགས་པར་གྱུར་པ་དག་།གཞན་པའི་གནས་འགའ་མེད་པ་བཞིན། །སངས་རྒྱས་འཇིག་རྟེན་གཉན་རྣམས་ཀྱི། །དེ་ཉིད་བདུད་རྩི་མཆོག་འདི་ལ། །འདི་ནི་འགའ་ཡང ་བཀག་མེད་པས། །ལེགས་པར་འོངས་སོ་ངོམས་པར་གྱིས། །ཡང་དག་ལྟ་ལི་སྒྲིབ་མེད་པའི། །བདག་ནི་བྱེད་པོ་ཟ་པོ་སོགས། །རྟེན་མེད་བརྫུན་པའི་འཛིན་པ་ནི། །དེས་ན་སྤང་པ་ཁོ་ནར་གྱིས། །དངོས་རྣམས་རང་བཞིན་སྐྱེ་མེད་ཕྱིར། །དེ་ཉིད་དུ་ན་སྐྱེ་མེད་འདོད། །ངོ་བོ་ཉིད་ཀྱིས ་སྐྱེ་མེད་ཉིད། །འདི་ཡི་ངོ་བོ་ཉིད་དུ་བསྟན། །དངོས་མེད་ཉིད་ན་བདག་མེད་པ། །དེ་ནི་བདག་མིན་འགལ་བ་ཉིད། །བདག་མེད་བདག་ཏུ་འགྱུར་ཞེ་ན། །བ་ལང་མིན་པའང་བ་ལང་འགྱུར། །དངོས་པོའི་ངོ་བོ་མེད་འདི་ནི། །འདི་ལྟར་བྱེད་པོ་ཟ་པོར་རིགས། །གང་ཕྱིར་མོ་གཤམ་དག་གི་བུ།། ་བྱེད་པོ་ཟ་པོར་མ་ཡིན་བཞིན། །དེ་ལྟར་གྱུར་ལ་སྐྱེ་ཇི་ལྟར། །དེ་ལས་ཉམས་པར་འགྱུར་ཇི་ལྟར། །མཁའ་ལ་མེ་ཏོག་མེད་པ་ལ། །ཇི་ལྟར་སྐྱེ་འཇིག་བཏགས་པ་བཞིན། །དངོས་པོ་མེད་པའི་ཡུལ་དག་པ། །ཇི་སྲིད་བློ་ནི་འཇུག་གྱུར་པ། །བློ་ཡིས་བཏགས་པས་སྤྲོ་བཏགས ་ཕྱིར། །དེ་སྲིད་གཅིག་ལ་སོགས་པར་འདོད། །རྟོག་བཅས་རྟོག་པ་མེད་པ་ལས། །གང་ཚེ་བློ་ནི་ལོག་གྱུར་པ། །དེ་ཚེ་བློ་ལ་ཡུལ་མེད་ཕྱིར། །སྤྲོས་པ་ཉེར་ཞི་ཞི་བ་ཉིད། །དབུ་མའི་སྙིང་པོ་ལས་རིག་བྱེད་ཀྱི་མཛའ་རྒྱུད་སྨྲ་བའི་དེ་ཁོ་ན་ཉིད་ལ་འཇུག་པ་སྟེ་ལེའུ་བརྒྱད་པའོ།། །། ་ངོ་ཚ་མེད་པ་ཁ་ཅིག་ནི། །བྱང་གྲོལ་ལེགས་ལམ་བསམ་གཏན་དང། །ཤེས་ལ་སྐུར་འདེབས་བྱ་བ་ཙམ། །དག་གིས་དེནི་འཐོབ་པར་སེམས། །ཆགས་སོགས་སྐྱོན་གྱིས་ཉམས་པའི་ཕྱིར། །སྐྱེས་བུའི་ཚིག་ནི་རྫུན་ཉིད་ཡིན། །རིག་བྱེད་སྐྱེས་བུས་མ་བྱས་ཕྱིར། །དེས ་ན་ཚད་མར་གཟུང་བར་བྱ། །བྱེད་པོ་མི་དྲན་པར་འདོད་ཕྱིར། །རིག་བྱེད་སྐྱེས་བུས་མ་བྱས་ལོ། །བརྒྱུད་ནས་འོངས་པ་མ་ཆད་ཕྱིར། །དེས་ན་ལུང་ཡིན་དེ་མེད་ན། །སྒྲ་བརྟག་དབྱངས་ཀྱི་གསལ་བར་བྱེད། །དོན་དང་འབྲེལ་པ་རྟག་པ་ཉིད། །དོན་ལ་རྟོག་པ་དང་ལྡན་ལ། །རྟོགས ་པ་རབ་ཏུ་སྐྱེ་བར་འགྱུར། །ལན་གཅིག་འཇུག་ཕྱིར་གོམས་པའི་ཕྱིར། །ཕྱིས་ཀྱང་ཤེས་ཕྱིར་དེ་བཞིན་དུ། །མཉན་བྱ་ཡིན་ཕྱིར་སྒྲ་ཉིད་བཞིན། །སྒྲ་ནི་རྟག་པར་ཤེས་པར་བྱ། །མགནོན་སུམ་རྗེས་སུ་དཔག་པ་དང། །སྒྲ་དང་བྱུང་དང་ཉེར་འཇལ་དང། །དོན་གྱི་གོ་དང་དངོས ་མེད་པའི་།གཏན་ཚིགས་སྒྲུབ་བྱ་སྒྲུབ་པར་བྱེད། །འདི་ནི་རྗེས་དཔག་ལས་ཐ་དང། །ཚད་མ་ཡིན་ཕྱིར་གཞན་དེ་བཞིན། །ཡང་ན་གཅིག་དང་དུ་མའི་ཡུལ། །རྟོག་པར་གྱུར་པ་ཇི་བཞིན་ནོ། །རྟག་དང་འབྲལ་བ་མ་མཐོང་བའི། །དངོས་དོན་བློ་ཡི་རྒྱུ་ཕྱིར་རམ། །ཡང་ན་ཐ་དད་བློ་སྐྱེ་བའི། །རྒྱུར་བྱུང་བ་ཉིད ་ཡིན་ཕྱིར་རོ། །སྔོན་མེད་པ་ཡང་བྱ་བས་གསལ། །ཐར་པའང་བྱ་བས་སྒྲུབ་པར་བྱེད། །མཁས་གང་ཟླ་བའི་བཏུང་སོགས་ཀྱིས། །མཐར་བྱེད་པ་ལས་ངེས་པར་རྒྱལ། །དྲང་སྲོང་ལྟས་བསྟན་དམ་པས་འདོད། །ལམ་རྙིང་བཟང་པོ་རིག་དོན་འདི། །ཕྱི་རོལ་དམངས་རིགས་བུད་མེད་གཟུགས། །འཛིན་པས ་རི་བས་ལྡན་གསུམ་འདི་སྤངས། །འདི་ལ་གང་ཡོད་གཞན་ལ་ཡོད། །འདི་ལ་གང་མེད་འགའ་ལའང་མིན། །ཆོས་ལ་སོགས་པ་བཞི་པོ་ཡང། །དེ་ཉིད་གཞན་ནའང་མཐོང་བ་མིན། །གཏན་ཚིགས་སྨྲ་བས་གཏན་ཚིགས་ཀྱིས། །ལམ་གསུམ་པོ་ནི་སུན་འབྱིན་ཏེ། །རྗེས་སུ་དཔག་པ་གཙོར་གྱུར་ཕྱིར།། ་རང་གི་ལུགས་ནི་གསལ་བྱེད་གང། །ལོང་བརྒད་པའི་ཚོད་དཔག་ཀྱིས། །ཉམ་པའི་ལམ་དུ་རྒྱུག་པ་ལྟར། །རྗེས་སུ་དཔག་པ་གཙོར་འཛིན་རྣམས། །ལྟུང་བར་བཀའ་བ་མ་ཡིན་ནོ། །འདི་ནི་འགའ་ཡང་ཀུན་མཁྱེན་མེད། །གང་ཕྱིར་འདི་ནི་མ་མཐོང་ཕྱིར། །ཐམས་ཅད་མཁྱེན་པར་སངས་རྒྱས ་ལ། །བརྟགས་པ་འཇིག་རྟེན་གུས་བྱའི་ཕྱིར། །སངས་རྒྱས་གསུང་ཡང་ཚད་མ་མིན། །བྱས་པའི་ཕྱིར་ན་གཞན་བཞི་ནོ། །རྫོགས་པའི་སངས་རྒྱས་ཀུན་མཁྱེན་མིན། །སྐྱེས་བུ་ཡིན་ཕྱིར་གཞན་བཞིན་ནོ། །སངས་རྒྱས་གསུང་ནི་ཚད་མ་མིན། །ལྟ་བ་གསུམ་པོ་སུན་འབྱིན་ཕྱིར་།ཇི་ལྟར ་གང་སྨྲ་དེ་དེ་ལྟར། །གཅེར་བུར་རྒྱུ་པའི་ལྟ་བ་བཞིན། །སྒྲ་དོན་རིག་པ་ཤེས་པ་ཡིས། །ཕྱོགས་སུ་ལྟ་བའི་དུག་སྤངས་ནས། །ཡང་དག་ཇི་བཞིན་འཚོ་ལ་བྱེད་ན། །འདི་ལ་འདི་ལྟར་དཔྱད་པར་བྱ། །བརྒྱུད་ནས་འོངས་པས་མཆད་པ། །ལུང་ཉིད་ཡིན་པས་ལུང་ཞེ་ན། །རྐུན་གྱི་ལུང་ཡང་འགྲུབ ་འགྱུར་བས། །ངེས་པར་གང་གི་དེ་ཉིད་བཟུང། །གལ་ཏེ་རིག་པས་བརྟགས་བཟོད་པའི། །ཚིག་གང་ཡིན་པ་དེ་ལུང་ཡིན། །དེ?་ཞིག་དེ་ཉིད་དཔྱད་པར་བྱ། །ཕྱི་ནས་དེ་ཡི་གང་བསྟན་པའོ། །དེ་ལ་དེ་ཡི་གཉེན་པོའི་ཕྱིར། །ཡེ་ཤེས་གྲོལ་བ་ཞེས་འདོད་དེ། །ནད་ཀྱི་གཉེན་པོ་ཡིན་པའི་ཕྱིར ་སྨན་གྱི་ནད་ལས་གྲོལ་བ་ཉིད། །བྱ་བས་གྲོལ་བ་འཐོབ་པ་མིན། །བྱ་བ་ཡིན་ཕྱིར་ཞིང་ལས་བཞིན། །བློ་མ་ཡིན་ཕྱིར་བརྗོད་བྱའི་ཕྱིར། །ཅུང་ཟད་དུས་ཅན་ཡིན་ཕྱིར་ཡང། །སྐྱེས་བུའི་ཚིག་ནི་སྐྱོན་བཅས་ཕྱིར། །ཚད་མ་མིན་པར་འདོད་ཅེ་ན། །གསེར་རྟོག་ཤེས་སོགས ་ཚིགས་རྣམས་ཀྱིས། །གཏན་ཚིགས་ཉིད་ནི་མ་ངེས་འགྱུར། །འོན་ཏེ་བྱས་པ་མིན་པའི་ཕྱིར། །རིག་བྱེད་ཚད་མར་བསྒྲུབ་ཅེ་ན། །གཏན་ཚིགས་ཐུན་མོང་མིན་ཉིད་དང། །མ་གྲུབ་པ་ཡི་དོན་ཡང་ཡིན། །རྗེས་སུ་བསྟན་ཡིན་སྐྱོན་མེད་དོ། །ཞེས་སངས་རྒྱས་ཀྱིའང་མ་བྱས། །སྔོན་གྱི་སངས ་རྒྱས་རྫོགས་སངས་རྒྱས། །ཇི་ལྟར་རྟོགས་དེ་གསལ་བྱས་ཡིན། །བྱས་པ་ཉིད་དུ་རྗེས་དཔག་པས། །ཕྱོཌ་ལ་རྗེས་སུ་དཔག་པS་གནོད། །བྱེད་པ་མི་དྲན་མ་གྲུབ་པས། །གཏན་ཚིག་འདི་ནི་མ་གྲུབ་ཉིད། །གལ་ཏེ་སྔགས་ཀྱི་བྱེད་པོ་སྔོན། །སྔགས་དང་བཅས་པར་འབྱུང་གྱུར་པས། །བྱེད་པོས་བྱས་ཀྱང ་མ་བྱས་པ་ལ་།ཁྱོད་ཀྱི་བསྟན་བཅོས་མངོན་འདོད་པ། །དེ་དང་ལྷན་ཅིག་བྱུང་བཅས་ཕྱིར། །སྐྱེ་བ་དྲན་པས་སྨྲས་པ་བཞིན། །བསྟན་བཅོས་བྱེད་པོ་དང་བཅས་ན། །འདི་ལྟར་ཅི་ཕྱིར་སྨྲ་མི་བྱེད། །རྟོགས་དང་རྗེས་སུ་མཐུན་ཕྱིར་རམ། །དེ་བཞིན་ཡི་གེའི་ལུགས་ལྡན་ཕྱིར། །རིག ་བྱེད་ཚིག་རྣམས་གཟུང་བྱ་བའི། །བྱེད་པོ་སྐྱེ་བུ་མི་མནམ་ཅི། །འདིས་ཀྱང་རིས་བྱེད་ཚིག་རྣམས་ནི། །སྐྱེས་བུས་བྱས་པ་ཡིན་པར་འདོད། །བརྗོད་འདོད་དོན་གྱི་བློ་སྐྱེ་བའོ། །རྒྱུ་ཕྱིར་འདོད་པ་སྤྱོད་པ་བཞིན། །སྐྱེས་བུ་མི་བཟང་པས་བྱས་པར། །རིག་བྱེད་འདི་ནི་གཞལ་བྱ ་སྟེ། །འབྱུང་པོ་ཚེ་དང་ཆང་འཐུང་རྫུན། །སྨྲ་ཕྱར་མ་གའི་བསྟན་བཙས་བཞིན། །གལ་ཏེ་གནོད་སེམས་མི་འདོད་པའི། །འབྲས་བུ་མི་སྦྱིན་འདོད་པའི་འབྱིན། །སྔགས་ཀྱི་གཟུང་ཕྱིར་དུག་སྦྱོང?་བཞིན། །བསྟན་བཅེས་འབྱུང་ཕྱིར་སྦྱིན་པ་བཞིན། །སྔགས་སོགས་ཕྱེ་མས་བཀུག ་པ་ཡི། །བགྲོང་མིན་ལ་ཡང་བགྲོང་བྱ་གང། །སྔར་བསྟན་ཆང་བཏུང་ཕྱི་མ་ཡང། །དེས་ན་མ་ངེས་པ་ཉིད་ཡིན། །བློ་སྔོན་མ་སོང་བྱ་བ་ཡིས། །དུག་ཟོས་ན་ཡང་འཆི་བྱེད་ལ། །ལས་ནི་བློ་སྔོན་མ་སོང་ལ། །འབྲས་བུ་འབྱིན་པར་མ་བསྟན་ཏོ། །དེ་ཉིད་ཕྱིར་ན་དུག་གི་དཔེ། །? ་བ་མིན་པས་རིགས་ལྡན་མིན། །དེས་ན་སྔགས་ཀྱིས་ཕྱུག་གསོང་པ། །རག་པ་མིན་པར་རྟོག་པར་བྱ། །ཚེ་ཡི་བར་དུ་གཅོད་བྱེད་ཕྱིར། །སྔགས་ཀྱི་གཟུང་བ་འདོད་པ་ཡི། །འབྲས་བུ་འབྱིན་པར་མི་འདོད་དེ། །དུག་མཚོན་བསྟན་བཅོས་སྦྱོར་བ་བཞིན། །རང་གི་ལུས་ལས་བསྟན་ཅེ་ན།། ་འཁོར་བ་སྒྲོལ་བྱེད་པའི་ཡང་འགྲུབ། །ཐུན་མོང་གཏན་ཚིགས་སྨྲ་ཞེ་ན། །གཞན་ལ་མ་གྲུབ་པ་ཉིད་ཡིན། །གང་ཡང་སྔགས་ཀྱིས་མ་གཟུང་བཻ། །བསོད་ནམས་ཅུང་ཞིག་ཅི་བྱས་པ། །དེ་ཀུན་འབྲས་བུ་མེད་འགྱུར་བ། །མི་འདོད་པ་ཡི་འབྲས་ཞེ་ན། །སྔགས་ཀྱིས་གཞན་ནི ་གསོད་པ་དང། །དེ་ཡང་སྐྱོན་མེད་ཐལ་བར་འགྱུར། །དབང་དུ་བྱེད་པའི་སྔགས་གང་གིས། །གཞན་གྱི་བུད་མེད་བསྟེན་པ་དང། །སྔགས་ཀྱི་སྟོབས་ཀྱིས་འཚེ་འགྱུར་གང། །གལ་ཏེ་གསོར་པར་མི་འདོད་ན། །གཞན་གྱི་ནོར་ནི་སྐུ་བྱེད་པ། །དེ་ཡང་སྐྱོན་བཅས་མ་ཡིན་འགྱུར།། ་གལ་ཏེ་སྔགས་སྔོན་སྤོང་བའི་ལས། །དེར་ནི་དགེར་འདོད་གཞན་མ་ཡིན། །ཞེ་ན་ལུང་འདི་འདྲ་བ་ལ། །གཏན་ཚིགས་ཁྱད་པར་སྨྲ་དགོས་སོ། །གལ་ཏེ་སྲོག་ཆགས་བསྔགས་བཏབ་པས། །གང་ཡང་བཅིང་བ་མ་བྱས་ལ། །གཡོ་བ་མེད་པར་བྱ་ཞེ་ན། དེ་ལྟ་ན་ཡང་ཁྱད་པར་མེད།། ་གང་ཕྱིར་སྒོ་ཀུན་བསུབས་ན་ནི། །བཟུང་ནས་ནུས་མེད་བྱོལ་སོང་དག། མཚོན་ཆ་རྣོན་པོས་གསོད་པ་ལ། །དེ་ལ་སྔགས་ཀྱིས་ཅི་ཞིག་བྱ། །རང་ཉིད་རང་བྱུང་གྱུར་པ་ཡིས། །མཆོད་སྦྱིན་དོན་དུ་བྱོལ་སོད་བསྐྱེད། །དེས་ན་དེ་ལ་དགོས་པའི་ཕྱིར། །མཆོད་སྦྱིན་ཆོས་ཡིན་འདི་ལྟར་དཔེ། །བྲམ ་ཟེའི་དོན་དུ་འཚེ་ཕྱེད་པ། །འདི་ལྟར་ཆོས་མིན་མིན་པ་བཞིན། །མཆོད་སྦྱིན་བྱོལ་སོང་རྣམ་གཙེས་ཀྱང། །འབྲས་བུ་མི་འདོད་མིན་དེ་ཡི། །དེ་ནི་ཕྱིར་ཞེ་ན་བྲམ་ཟེའི་ཕྱིར། །ཅི་ལྟར་འདོད་པ་འཚེ་བྱེད་བཞིན། །བྱོལ་སོང་སྦྱར་པའི་ཕྱིར་སྐྱེད་དེ། །སྦྱད་བྱ་ཡིན་ཕྱིར་བུད་མེད་བཞིན། ་དེ་ཕྱིར་མཆོད་སྦྱིན་ཕྱིར་མ་གྲུབ། །བྱོལ་སོང་གཏན་ཚིགས་མ་གྲུབ་ཕྱིར། །དབུགས་ཀྱི་མཆོད་སྦྱིན་གནས་བསད་ནའང། །མ་འཁྲུལ་བསམས་བཞིན་བསད་པའི་ཕྱིར། །ཕྱི་མར་བྱེད་པོ་མི་འདོད་པའི། །འབྲས་བུར་འགྱུར་ཏེ་གཞན་བཞིན་ནོ། །མཆོད་སྦྱིན་ལ་ནི་གསད་པ་ཡང། ། ་མི་འདོད་པ་ཡི་འབྲས་བུ་འབྱུང། །བསམས་བཞིན་དུ་ནི་སྲོག་འཆད་པའི། །སྡུག་བསྔལ་བསྐྱེད་ཕྱིར་གཞན་བཞིན་ནོ། །བྱ་བ་ཇི་ལྟར་བྱས་པ་ལས། །དེ་འདྲའི་འབྲས་བུ་ལུས་ལ་མཐོང། །བྱེད་པོ་དེ་འདྲའི་མ་མཐོང་ཡང། །བསང་པ་ཡིན་ཕྱིར་གཞན་བཞིན་ནོ། །མྱོས་འགྱུར་བཏུང ་སོགས?་ཀྱང་བཤད་པས། །ཅི་ལྟར་བསྟན་བཞིན་སྤང་བྱ་སྟེ། །དེས་ན་མྱོས་འགྱུར་བརྟེན་མི་བྱ། །མྱོས་པར་འགྱུར་ཕྱིར་མྱོས་སོགས་བཞིན། །མཆོད་སྦྱིན་སྔགས་ཀྱིས་ཡོངས་བཟུང་བའི། །མྱོས་འགྱུར་སྐྱོན་མེད་མ་ཡིན་ཏེ། །མྱོས་ཕྱིར་དཔེར་ན་གཞན་བཞིན་ཏེ། །སྔགས་ཀྱིས་པ་?་མཐོང་བ་བཞིན། ། ་རྟགས་ནི་མཐོང་བ་མེད་ཅེས་ཏེ། །གལ་ཏེ་མཐོ་རིས་སོགས་མ་ངེས། །ཞེ་ན་རྟགས་ལས་རྗེས་དཔག་ངེས། །ངེས་པས་ངེས་པ་ཡིན་ནམ་ཅི། །ལན་ཅིག་འཇུག་ཕྱིར་ཞེས་བྱ་འདིར། །མར་མེའང་ལན་ཅིག་ཉིད་འཇུག་པས། །གཏན་ཚིགས་མ་ངེས་ཉིད་མིན་ཕྱིར། །སྒྲ་ཡི་རྟག་པ་ཉིད?་ཀྱང་བརྫུན། །ཡོད་ཕྱིར ་སྒྲ་ནི་མི་རྟག་སྟེ། །ཅི་ཕྱིར་བྱ་བ་བཞིན་མི་བཟུང། །ཡང་ན་ལུས་ཀྱི་གཡོ་བ་བཞིན། །བློ་ཡི་རྒྱུ་ཕྱིར་ཉམས་པར་འགྱུར། །གོམས་ཕྱིར་ཕྱིས་ཤེས་ཕྱིར་ཞེས་པའང། །གཏན་ཚིགས་རྗེས་འགྲོ་མེད་པ་ཉིད། །གོམས་དང་ཕྱིས་ཀྱང་ཤེས་པ་ནི། །རྟག་མིན་ནམ་ཡང་མ་མཐོང་ཕྱིར། །སྒྲ་ཉིད་རྟག་པ་ཉིད་མ ་གྲུབ། །སྒྲ་ཉིད་དཔེ་ཡང་མ་ཡིན་ལ། །མངོན་པར་གསལ་བྱེད་པ་ཡང་བཀག་།འདི་ནི་དག་གི་གསལ་བྱེད་མིན། །གལ་ཏེ་སྒྲ་དེ་མཉན་བྱས་ན། །ངག་གིས་གསལ་བར་ཇི་ལྟར་འདོད། །རྟོགས་པ་ཞེས་བྱའང་བརྡའ?་ཉིད་པས། །འདི་ཉིད་སྒྲ་རུ་ཐལ་བར་འགྱུར། །དང་པོ་བརྡ་ནི?་མེད་པ་ན། །རྟོགས ་པ་མེད་པར་མི་རིགས་སོ། །འཁོར་བ་ཐོག་མ་མེད་པ་ལྟར། །བརྡ་ཡང་རྗེས་སུ་འཇུག་པ་ཉིད། རྗེས་སུ་དཔག་པའི་ཚད་མ་ཉིད། །དེ་བདག་ཉིད་ལས་ཐ་དད་མིན། །ངེས་ན་ཚད་མ་ཡིན་ཕྱིར་ཞེས། །བྱ་བའི་གཏན་ཚིགས་འདི་མ་ངེས། །ཐ་དད་སྤྱོད་ཡུལ་ཅན་གྱི་བློའི། །རྒྱུ་ཉིད་དུ་ནི་ཁྱོད་ཀྱི་དེ། །མ་གྲུབ་ཐ་དད ་ཡུལ་མིན་ཕྱིར། །གཏན་ཚིགས་མ་གྲུབ་ཉིད་དུ་འགྱུར། །དུ་མའི་དོན་དངོས་ཐ་དང་ཕྱིར། །དོན་ཅིག་མིན་པ་རྟོགས་པའི་རྒྱུ། །རྗེས་སུ་དཔག་པར་ཡང་འདོད་པས། །དེ་ཕྱིར་སྒྲ་བྱུང་ལས་གཞན་མིན། །རྟག་པ་དང་འབྲེལ་མ་མཐོང་བས། །མཐོང་པའི་དོན་ལས་རྗེས་དཔག་ཉིད། །གང་ཕྱིར་རྟོག་བྱ་རྟོགས་པར ་བྱེད། །དེ་ཕྱིར་དེ་མ་ཐག་ཏུ་མིན། །རྗེས་དཔག་སྒྲ་བྱུང་ཐ་དད་མིན། །ལྐོག་གྱུར་ཤེས་པའི་རྒྱུ་ཉིད་ཡིན། །འབྲེལ་པ་དྲན་ལ་བལྟོས་བྱས་ཕྱིར། །ཇི་ལྟར་རྗེས་དཔོག་རང་ཉིད་བཞིན། །སྔོན་མེད་བྱ་བས་གསལ་མི་བྱེད། །སྒྲ་ཡི་གསལ་བྱེད་བཀག་པ་བཞིན། །གསལ་བར་བྱས་པའི་བུམ་པ་ལྟར། །སྔོན་མེད་པ་ཡང ་མི་རྟགས་དོད། །ཟླ་བའི་བཏུང་སོགས་བྱ་བའི་འབྲས། །རྟག་པ་མིན་པ་ཉིད་དུ་འདོད། །བྱ་བའི་འབྲས་བུ་ཡིན་ཕྱིར་དཔེར། །འདོད་པའི་རྒྱུས་བྱུང་འབྲས་བུ་བཞིན། །ཟླ་བའི་བཏུང་སོགས་བྱ་བ་ཡི། །ཐར་པ་ཐོབ་པར་མི་རིགས་ཏེ། །བྱ་བ་ཡིན་ཕྱིར་འདོད་པ་ཡི། །རྒྱུ་མཚན་བྱ་བ་མི་འདོད་ལྟར། ། ་དེའི་ཕྱིར་ལམ་འདི་ལ་བརྟེན་ནས། །མཐར་བྱེད་ལས་རྒྱལ་འགྱུར་མ་ཡིན། །བློ་ཡིས་དཔྱོད་པའི་ནུས་མེད་པས། །གཞན་རྗེས་འབྲང་བས་འདི་ལ་བརྟེན། །འཆི་མེད་ཉིད་ནི་ཡོད་པའི་ཕྱིར། །ཉེར་ཞི་རིག་བྱེད་ཡོད་ཅེ་ན། །མེད་དེ་འདི་ནི་ཕྱིན་ཅི་ལོག་།མི་རྟག་པ་ལ་རྟག་པར་བཏགས། །རིགས་ལས ་བྱུང་བའི་དོན་གསུམ་མོ། །ཤིས་བརྗོད་བསྟོང་དང་ཆོ་གདག་།གང་ཕྱིར་དོན་འདི་གསུམ་པོ་འདིས། །ཐར་པ་ནམ་ཡང་འཐོབ་མ་ཡིན། །གལ་ཏེ་རྙིང་པ་ཉིད་ཡིན་པས། །རིག་བྱེད་ཚང་མར་འདོད་ཅེན། །མི་ཤེས་ཕྱིན་ཅི་ལོག་ལྟ་སོགས། །ཅི་ཡི་ཕྱིར་ན་ཚད་མ་ཡིན། །ལམ་གསུམ་པོ་ནི་སྟོན ་བྱེད་པ། །ཚངས་པ་ཁྱབ་འཇུག་བདེ་བྱེད་རྣམས། །ཉོན་མོངས་བདག་ཉིད་སྤྱོད་མཐོང་བས། །གང་ཕྱིར་གསུམ་འདི་སྤང་བའི་རིགས། །འདོད་པ་མེད་ན་ཇི་ལྟར་འདི། །འདོད་དགའ་མ་ལ་སྤྱོད་པར་བྱེད། །དེ་བཞིན་འདོད་བྲལ་ལྷ་མོ་ལ། །འགྲོ་གཙོ་སྟོབས་ཀྱི་ཅི་ཕྱིར་བརྗོད། །འདི་ནི་སྐྱེ་དགུའི ་བདག་ལས་སྐྱེས། །དེ་ནི་རང་བྱུང་བུ་ཡིན་ན། །རང་བྱུང་ཚ་མོ་འདོད་ལྡན་ལ། །སྤྱད་པར་གྱུར་པ་མིན་ནམ་ཅི། །རིག་ལས་དྲང་སྲོང་སྐྱེ་བསྟན་པ། །འདི་ལྟར་བྱུང་འདི་རྟག་མི་བྱ། །གཉིས་སྐྱེས་རྣམས་ཀྱི་གསང་བ་གང། །ཀུན་ལ་བརྗོད་པར་བྱ་བ་མིན། །རང་བྱུང་གི་ནི་སྤྱོད་པ་འདི། །འཁྲུལ་པར ་གྱུར་པ་འདི་ལ་ལྟོས། །ཚ་མོ་མཐོང་དང་རེག་པ་ལས། །བྱོལ་སོང་བཞིན་དུ་གང་ཆགས་ནས། །ལུས་ནི་འབྱུང་བར་གྱུར་པ་ལས། །མི་གཙང་ཤོར་བར་གྱུར་པ་འདི། །མི་ནི་སེམས་དང་ལྡན་པ་འགའ་། །མི་སྐྱེ་ཡིན་ན་འདི་བྱེད་དམ། །ཁྱི་དང་བོང་བུ་དག་གི་ནི། །སྤྱོད་པ་འཕགས་པས་དམང? ་པ་ལ། །རང་བྱུང་སྤྱོད་པས་ངེས་ན་དེ། །དེ་དག་དང་ནི་ཁྱད་ཅི་ཡོད། །ཤེས་ལྡན་ཤེས་པས་སྡིག་པ་དག་།སྲེག་སྟེ་མི་ཡིས་ཤིང་བཞིན་ནོ། །དེས་ན་མཐུ་ཡི་ཁྱད་པར་གྱི། །ངན་འགྲོར་དེ་མི་འགྲོ་ཞེ་ན། །གང་གིས་ཉོན་མོངས་སྲེག་ནུས་པའི། །མཁས་པ་ཤེས་དེས་ཤེས་ལྡན་ལ།། ་དེ་ནི་སྡིག་པ་བྱེད་མི་འགྱུར། །དེ་རྒྱུ་ཤེས་ལྡན་ལ་མེད་ཕྱིར། །ལྟུང་བར་བྱེད་པའི་ལས་རྣམས་ཀྱིས། །རྣལ་འབྱོར་གྲུབ་ལ་མི་གོས་ཞེས། །སྨྲ་ཞིང་ཡང་དག་ལམ་ཉམས་ལ། །གཞན་དག་གི་ཡང་ཉམས་པར་བྱེད། །ཚངས་ལ་སོགས་པས་དེ་ཉིད་དོན། །བློའི་མཐོང་པར་མི་འདོད་དེ། །ཆངས་པ ་དང་ནི་རྩེ་གསུམ་ཅན། །ཐེག་ལེ་མཆོག་མར་ཀུན་ཆགས་ཕྱིར། །དང་པོར་ཁོ་མེས་མ་བསྲེགས་ན། །གྲོང་ཁྱེར་སུམ་རྩེགས་ཇི་ལྟར་བསྲེགས། །ཉེ་རྒྱལ་སོ་ཕུང་ཅེ་ལྟ་བུ། །ཉེ་སྐལ་མིག་ཕྱུང་ཅི་ལྟ་བུ། །ཚངས་བསང་ཆང་འཐུངས་འདོད་པ་ཅན། །དབང་ཕྱུག་དེ་ཉིད་མཐོང་ཞེ་ན། །དེ་ཡི་ལམ ་གྱི་རྗེས་འབྲང་བ། །ཇི་ལྟར་དེ་ཉིད་མི་མཐོང་འགྱུར། །ཁྱབ་འཇུག་ཡིན་ན་སྒྲ་གཅན་དང། །ཅ་ཏུ་ར་དང་དམྱལ་ལ་སོགས། །སྙིང་རྗེ་མེད་པར་གྱུར་པ་ཡི། །ནོར་སྲོག་ཕྲལ་བ་ཇི་ལྟ་དབུ། །གཞན་ནོར་ཆུང་མ་མ་བྱིན་ལེན། །ཆང་སྲེང་སྲོག་སྲོག་ནི་གཅོད་པ་དང། །དེ་ཉིད་མཐོང་བས་འོས་གྱུར་ན། །རི ་བྲགས་རྐུན་མོ་ཤིན་ཏུ་འང་ཡིན། །སྐྱེ་དགུ་བསྐྱང་ལ་གསལ་བའི་ཕྱིར། །ལྷ་མིན་ལྷ་ཡི་ཚེར་མ་དག་།བསང་ཀྱང་སྐྱོན་ནི་ཡོད་མིན་ཏེ། །དེ་ནི་ཆོས་བསྲུང་ཕྱིར་ཞེ་ན། །གལ་ཏེ་དེ་ནི་ཆོས་བསྲུང་པར། །འདོད་པ་ཡིན་ན་ཅིའི་ཕྱིར། །གཞན་ནོར་བུར་མེད་བརྐུ་བ་དང། །གཡོ་རྒྱུ་ལ་འཇུག ་སྤོང་མི་བྱང། །འགྲོ་བའི་དེ་ཉིད་དེ་རང་བཞིན། །རང་བཞིན་ཡིན་ཕྱིར་དོང?་ཚེ་བཞིན། །འགྲོ་བ་མི་རྟག་པར་མཐོང་ན། །དེ་ནི་ཇི་ལྟར་རྟག་པར་འདོད། །གལ་ཏེ་འགྲོ་ལས་དེ་བཞིན་ཏེ། །ས་དང་རྫུ་མཁན་བཞིན་ཞེ་ན། །རྫ་མཁན་དང་ནི་ས?་བཞིན་དུ། །མི་རྟག་པར་ནི་མཚོན་པར་བྱ།། ་ཆོས་མིན་འདོད་པ་མ་ཡིན་ན། །?་བྱེད་པར་ནི་ཇི་ལྟར་འགྱུར། །ཡོད་ན་ལྐོག་ཏུ་གྱུར་པའི་དོན། །མེ་ཤེས་ཕྱིར་ན་བྱས་པ་ཡིན། །སྲད་པས་འཇིག་རྟེན་སྐྱོན་ཞེ་ན། །སྲེད་པའི་བྲན་དུ་ཇི་ལྟར་འོས། །སྙིང་རྗེ་ཞེ་ན་འཇིག་རྟེན་རྣམས། །སྒྱུ་མས་རྨོངས་པར་ཅི་ཕྱིར་བྱེད། །སྐྱེ་དང་འཚེ?་སོཌ ་སྡུག་བསྔལ་ཅན། །ལྷ་མ་ནི་ན་ལའང?་ཅིས་མི་བརྩེ། །ཐམས་ཅད་མཉམ་པར་མཐོང་བའི་ཕྱིར། །དགྲ་ཡི་འདུ་ཤེས་མ་རིགས་སོ། །རང་ཉིད་འགྲོ་བའི་བྱེད་པོ་ཡིན། །སྐྱེ་འཇིག་ངག་གི་བཙོ་བོ་ནི། །ཕན་པར་བྱེད་ལ། །རྩེ་བར་ལྟར། །ཕན་བྱེད་ལ་བརྩེ་དེ་བལྟར། །གལ་ཏེ་འགྲོག་རྔོ?་འདིཡིན་པས། ། ་འདི་ལས་ལྷག་པའི་མཆོག་མང་ན། །ཅི་ཕྱིར་མདངས་ལྡན་མ་བཅས་པས། །ཐུབ་པ་གོས་ངན་ཁུར་བར་བྱེད། །ཡང་ན་དེ་ཡི་སྦྱོང་མཐོང་ནས། །སྐྱེ་དགུ་བྱེད་པོ་ཞེས་བྱའི་བློ། །རང་གི་བྱས་སམ་སློབ་ཡིན་ན་འདི། །ཁུར་བར་བྱེད་པའི་བློ་ཅི་ཡིན། །མཆོད་ངོས་དཀའ་ཐུབ་ལྷག་ཅེ་ན། །དཀའ་ ་ཐུབ་གཅོ་ཡིན་ང་མ་ཡིན། །དམོད་པས་འཇིགས་པ་ཡིན་ཞེ་ན། །བྱེད་པོ་ཡིན་པའི་ཡོན་ཏན་ཅི། །འདོད་ཆགས་ཞེ་སྡང་སོགས་འདྲེས་པའི། །འཕྲོག་བྱེད་སྤྱོད་པ་འདི་ཅི་ཡིན། །འཕགས་མིན་སྤྱོད་པ་འདི་ལྡན་པ། །དེ་ནི་ཇི་ལྟར་སྐྱེས་མཆོག་ཡིན། །འགྲོ་བ་མཉམ་མེད་འབྲོག ་བྱེད་བ། །གལ་ཏེ་དེ་ལ་སྟོབས་ཡོད་ན། །ཅི་ཕྱིར་ཤུགས་ཅན་ནག་པོ་ཡིས། །འཇིགས་ནས་ཕུག་ཏུ་ཞུགས་ཞེས་དྲག། ཤུགས་ཅན་ནག་པོས་འཇིགས་སྐྲགས་ནས། །རྒྱལ་པོའི་དྲང་སྲོང་མུ་ཙུ་ཀུའོ། །བྲི་ཡི་འོག་ཏུ་ཞུགས་གྱུར་པར། །ནག་པོར་གྱུར་པ་མིན་ནམ་ཅི། །གྲོང་ཁྱེར ་མང་པོར་གནས་པ་ན། །ཁུང་ནས་རྐུན་མོ་བཞིན་འབྲོས་པ། །གལ་ཏེ་སྲིད་གསུམ་ངེས་བསྐྱེད་ན། །ལྷ་མ་ཡིན་ལ་ཅི་ཕྱིར་འཇིགས། །གང་ཚེ་རྒས་བྱེད་མདས?་ཕོག་ནས། །འདི་ནི་འཆི་བར་འགྱུར་བའི་ཚེ། །དེ་ཉིད་མཐོང་བའི་ཤེས་པ་དང། །དེ་ཡིས་སྟོབས་ཀྱང་གང་དུ་སོང།། ་སྒྱུ་དང་གཡོ་ཡིས་རྨོངས་བྱས་ཏེ། །ངན་པའི་ལས་ལ་སྦྱར་བྱས་ནས། །བླ་མ་གཉེན་བསང་འཇིགས་པ་ཡིས། །སྲིང་སྒྲུབ་ཏུ་གྱུར་ཇི་ལྟ་བུ། །དགྲ་ཚོགས་ཟད་པར་བྱས་པ་ལས། །ངེས་པར་རང་ལ་ནུས་མེད་པས། །གང་ཕྱིར་སྙིང་རྗེ་མེད་པས་གཞན། །བསྒྲུབ?་པའི་དོན་དུ་སོང་བར ་གྱུར། །གང་ཡང་ཅུང་ཞིག་དབང་ཕྱུག་ལྡན། །གལ་ཏེ་དེ་ལ་གནས་ཡིན་ན། །དེ་ནི་ཀུན་ལ་ཁྱབ་ཉིད་མིན། །དེས་ན་གཞུང་འདི་ངོར་བར་གྱིས། །འོག་ཏུ་ཞུར་ནས་ས་བཏེག་པ། །ཁྱབ་པ་ཡིན་ན་ཇི་ལྟར་རུང། །འོན་ཏེ་རང?་དར?་མ་གནས་ནའང། །ཁྱབ་པར་སྨྲ་བ་མི་མཛེས་སོ། །འོག་ཏུ་ཞུ ་ནས་ས་འཛིན་པར། །ནུས་ན་དྲང་སྲོང་དམོད་པ་ཡིས། །རང་རིགས་ས་འོག་འགྲོ་གྱུར་པ། །འཛིན?་པར་མི་བྱེད་ཇི་ལྟ་བུ། །དེ་ལ་གུས་པ་མི་ཉམས་ཞེས། །གང་ལ་དེ་ལྟའི་བློ་ཡོད་ན། །དེ་ལ་གུས་པའི་བུད་མེད་དག་།ཅོ་བཟུང་དགྲས་ཁྱེར་ཇི་ལྟ་བུ། །དེ་འབའ་ཞིག་ཀྱང་མ་ཡིན་གྱི།། ་བཤེས་དང་གཉེན་དང་བུ་རྣམས་དང། །དེ་ལ་གུས་པར་མཐོང་བ་གཞན། །ཀུན་ཀྱང་ཉམས་པར་གྱུར་པ་ཉིད། །འཕྲོག་བྱེད་འདི་ཡི་དངོས་གཞན་ཞིག་།ཞི་བར་གལ་ཏེ་རྟོག་བྱེད་ལ། །གང་མཐེད་དུལ་གང་ཡང་སྲིད་དུ། །འབྱུང་བར་མི་འགྱུར་གང་ཡིན་པ། །འདི་ཡི་ཡོད་མིན་མེད་མ ་ཡིན། །ཡོད་མིན་མེད་པ་མིན་པའང་མིན། །དེས་ན་མེད་ཕྱིར་ཡོད་པའི་ཕྱིར། །ཡོད་མེད་མིན་ཕྱིར་དེ་ནི་མཆོག་།ཉ་སོགས་ངོ་བོ་ཡོད་པའི་ཕྱིར། །གཞན་ཡིན་ན་ཡང་འཆི་མེད་མིན། །གཞན་མིན་ཉིད་ནའང་གཞན་མིན་ཕྱིར། །དེ་ནི་ཞི་མིན་གཞན་བཞིན་ནོ། །གལ་ཏེ་གཅིག་ནི་ཞི ་བདག་ཉིད། །ཡིན་ནའང་གཅིག་ནི་མ་ཞེ་ན། །བུད་མེད་འཕྱོན་མའང་བསྔགས་པར་འོས། །ལུས་ཀྱི་ཕྱེད་ནི་འདོད་པའི་ཕྱིར། །ཡོད་སོགས་སྒྲ་ཡིས་བརྗོད་མིན་ཕྱིར། །མཆོག་ཅེས་བྱ་བའང་རིགས་པ་མིན། །ཡོད་ན་མཆོག་ཏུ་རིགས་འགྱུར་ལ། །རྒྱུ་ཉིད་དུ་ཡང་རིགས་པ་ཡིན།། ་རྒྱུ་ཉིད་ཡིན་པ་སྤངས་པ་ཡིན། །གཞན་ཉིད་ཡིན་པའང་སྔ་མ་བཞིན། །རྒྱུ་ཡང་མ་ཡིན་གཞན་ཡང་མིན། །འཆི་མེད་མ་ཡིན་སྐྱེ་བའང་མིན། །གལ་ཏེ་འཆི་མེད་དངོས་ཡིན་ན། །འདི་ནི་ཉམས་འགྱུར་རོ་སོགས་བཞིན། །གལ་ཏེ་འཆི་མེད་དངོས་མིན་ན། །དེ་མེད་ནམ་མཁའ་ཨི ་མེ་ཏོག་བཞིན། །ཡོད་མིན་མེད་མིན་མི་རིགས་ཏེ། །མེ་ལ་དྲང་དང་དྲོ་བཞིན་ནོ། །དེ་བཞིན་འཆི་བ་མེད་པ་དེ། །བརྗོད་མེད་ཡིན་པར་ཇི་ལྟར་རིགས། །བརྗོད་དུ་མེད་ཉིད་བདག་དང་ནི། །འདྲན་མེད་ཡིན་བཀག་པ་ཉིད། །འཆི་མེད་ཕྱིར་འཆི་མེད་ཅེ་ན། །འཆི་མེད་མེད་ཕྱིར་འཆི་མེད ་མིན། །སྐྱོན་རྣམས་སྦ་ཕྱིར་བཏགས་པ་ཡི། །དེ་ཡི་དངོས་པོ་གཞན་ཞིག་སྟེ། །དེ་ལ་དམིགས་ན་ཇི་ལྟ་བུ། །གྲོལ་འདོད་གྲོལ་བར་འགྱུར་བ་ཡིན། །ཚངས་པ་དང་ནི་ནོར་ལྷ་ཡིས། །གླུར?་བླངས་གསང་བ་ཨོཾ་ཞེས་བྱ། །ཚངས་པའི་ཡི་གེ་དེ་ཉིད་ནི། །ཡོད་དེ་ཀུན་ལ་ཁྱབ་པ་ཡིན།། ་དེ་ནི་ཆད་གསུམ་གསལ་བ་ཡིན། །དེ་བཞིན་ཤིན་ཏུ་ཕྲ་བར་བསྟན། །དང་པོའི་རྒྱུ་ནི་ཡི་གེ་ཨ། །དག་དང་སྙིང་པོ་ས་མེ་སྡུས། །ལས་དང་ན་མཁའ་ཉིད་དང་ཀྱང། །ཡིད?་བརྟུལ་སྙིང་སྟོབས་ཨུ་དང་ལྡན། །བྱེད་པོའི་ཡི་གེ་མའི་མིང་ཅན། །སྲོག་དང་མུན་པ་གསུམ་པ་ཡིན། །འགྲོ་བ་ཐམས་ཅད ་སྡུད་པར་བྱེད། །གཉིད་ཆེན་ཤིན་ཏུ་ལོག་པའི་རྒྱུའོ། །འཕེ་དང་བསམ་གཏན་རླུང་འབྱུང་འཇུག་གཟུང་བར་བྱེ་དང་བརྟག་པ་དང། །ཏིང་འཛིན་ཞེས་བྱ་རྣལ་འབྱོར་གྱི། །ན?་ལག་དྲུག་ཏུ་བརྗོད་པར་ཡིན། །དབང་པོ་ཀུན་གྱི་ཤེས་པ་ནི། །ཡུལ་ལ་གཡོ་བར་བྱེད་པ་རྣམས། །ཡང་དག ་བསྡུས་ལ་སྲོག་ལྡན་ནོ། །ཡིད་ལ་བསམ་གཏན་བྱ་བ་སྟེ། །གནས་དག་ཏུ་ནི་སྤོ་ཞི་བྱ། །དབང་པོ་དག་དང་དབང་དོན་དག་།རུས་སྦལ་ཡན་ལག་བཞིན་བསྡུས་ལ། །དྲན་པས་ཡི་གེ་ཨོཾ་བརྗོད་ན། །དེ་གུས་སྐྱེས་བུ་གྲོལ་བར་འགྱུར། །འཕྲོག་བྱེད་གུས་པས་གྲོལ་བ་ནི། །འཕྲོག་བྱེད་མཐོང ་བས་མི་རིགས་ཉིད། །རྣམ་རྟོག་མཚན་མ་དང་བཅས་ཕྱིར། །དཔེར་ན་འཕྲོག་བྱེད་མཐོང་བ་བཞིན། །གྲོལ་ཕྱིར་རྣལ་འབྱོར་ལྡན་པ་ཡི། །མི་རྟག་བློ་ཡང་མི་འདོད་དེ། །མཚན་མར་འཛིན་ཕྱིར་བརྫུན་ཡིན་ན། །ཡོངས་སུ་བརྟགས་པ་སྨོས་ཅི་གོས། །ཆགས་སོགས་ཀུན་ཏུ་སྤྱོད་པའི་ཕྱིར། ། ་ཚངས་སོགས་རྣམས?་ནི་བྱུགས་རྫི་བཞིན། །དེ་ཉིད་རིག་བ་སྤངས་པའི་ཕྱིར། །རྒྱུ་ལ་མཁས་པ་མ་ཡིན་ནོ། །བདེན་པའི་ཆོས་ནི་བསྟན་པ་ཐམ?། །རང་ཉིད་སྒྲུབ་པར་བྱེད་པ་ཡིས། །ཆོས་ནི་བསྲུངས་པར་འགྱུར་ཡིན་ནོ། །དེ་ལ་འདི་ནི་གཉི་ག་མེད། །ཀུན་ཀྱང་བསྐྱེད་པའི་རྒྱུ་ཉིད་དུ། །སྨྲ་ལ་རང་བདག ་ཐ་དངལ?། །གང་གི་ཚིག་ལ་བདེན་པ་འམ། །མི་བདེན་པར་ན་བརྟག་པར་བྱ། །དེ་དག་གཅིག་སྐྱོན་མེད་ཅེ་ན། །ཚངས་པས་ཚངས་བསད་ཇི་ལྟ་བུ། །གཅིག་ཉིད་རབ་ཏུ་བཀག་པའི་ཕྱིར། །གཅིག་ཉིད་ཡིན་པར་མི་རིགས་སོ། །བདག་ལས་དབྱེ་བ་མི་རིག་པས། །སུམ་ཉིད་དུ་ཡང་ཇི ་ལྟར་འགྱུར། །སྡུག་བསྔལ་རྒྱུ་ལ་རྨོངས་རྣམས་ལ། །དེ་ཞིའི་གཏན་ཡང་ག་ལ་ཡོད། །རིག?་ལས་རྣལ་འབྱོར་བསྟན་པ་ནི། །དེ་བསྟན་པ་ལས་ཉམས་པའི་ཕྱིར། །ཆོས་བསྲུང་པར་ནི་ནུས་པ་ཡི། །རེ་ཤིག་ཆོས་བདེན་སྨྲ་མི་ནུས། །སྒྲུབ་པ་ལས་ཉི་ཉམས་པའི་ཕྱིར། །གཞན་དག་ཞི་པར ་འཁྲིད་མི་ནུས་།ཇི་ལྟར་གཡང་སར་རང་ལྟུང་བ། གཞན་དག་འདྲེན་པར་མི་ནུས་སོ། །རྟོག་པའི་དྲ་བས་བཏགས་པ་ཡི། །ལོག་པའི་གཏན་ཚིགས་གསུམ་པོ་ལ། །རིགས་སམ་མི་རིགས་དཔྱད་ནས་ནི། །གསུམ་པོ་འདི་ནི་གཏང་བའི་རིགས། །སྣ་ཚོགས་བྱེད་པ་བདེ་བྱེད་སོགས།། ་རིགས་པ་མིག་པས་སྔར་སྨྲས་སོ། །བྱེད་པོ་ཡིན་པར་བདེན་ཉིད་ན། །འདི་དག་གིས་ནི་ཅི་ཞིག་བྱས། །དེ་ཞིག་བདག་ནི་མ་སྐྱེས་ཕྱིར། །དེ་ཡིས་བྱས་པར་མི་འདོད་དོ?་ཆོས་དང་ཆོས་མིན་རེས་མ་བསྐྱེད། །དེ་ཡི་ཡོན་ཏན་ཕྱིར་ད་ལྟ་བཞིན། །གལ་ཏེ་འདི་དག་བྱེད་པོ་ཡིན། །ལས་ཀྱི ་བྱ་བའི་མ་ཡིན་ནོ། །ལས་དང་བྱ་བ་དེ་དག་གིས། །རྒྱུ་དང་འབྲས་བུ་ཇི་ལྟར་འགྱུར། །བདེ་དང་སྡུག་བསྔལ་ཉེར་དམིགས་པའི། །ལུས་ཀྱང་དེ་དག་ལ་འཇུག་པས། །དེས་ན་ལུས་ཅན་རྣམས་ཀྱི་ལུས། །དབང་ཕྱུག་སོགས་ཀྱི་བྱས་མི་རིགས། །བསྐལ་པ་དང་པོའི་ལུས་ཅན་ལུས། །མངོན ་བྱས་མ་མཐོང་རྒྱུ་ཅན་ཏེ། །བདེ་སོགས་འབྱུང་བའི་རྒྱུ་ཡིན་ཕྱིར། །དཔེར?་ན་ད་ལྟར་ལུས་བཞིན་ནོ། །གལ་ཏེ་དབང་ཕྱུག་དེ་དབང་ཕྱུག་།དེ་ཡང་བསོད་ནམས་བྱས་ཤེ་ན། །དེ་ཡང་བསོད་ནམས་གཞན་དབང་ཕྱིར། །དབང་ཕྱུག་དབང་ཕྱུག་མིན་པར་འགྱུར། །གལ་ཏེ་དབང་ཕྱུག ་གི་དབང་ཕྱུག་།གློ་བུར་གྱུར་པར་འདོད་ན་ནི། །དེས་ན་གཞན་དང་མཚུངས་པའི་ཕྱིར། །དབང་ཕྱུག་དབང་ཕྱུག་མིན་པར་འགྱུར་རོ?། །དབང་ཕྱུག་ཤེས་?་ཡིན?་ཞེ་ན། །དེས་ན་དེས་བྱས་འགྲོ་བ་རྣམས།། རྒྱུ་ཡི་རྗེས་སུ་བྱེད་པའི་ཕྱིར། །ཀུན་ཀྱང་སེམས་དང་ལྡན་པར་འགྱུར། ། ་གལ་ཏེ་དབང་ཕྱུག་རྒྱུ་ཡིན་ན། །འགྲོ་བ་ཕྲ་སོགས་ལྡན་པར་འགྱུར། །ལས་བྱེད་དབང་ཕྱུག་ཡིན་ཞེ་ན། །དེ་ཡང་དམྱལ་བ་དག་ཏུ་འཚེད་གྱི?། དེ་མིན་གཞན་དང?་འཚེར?་ན་ནི། །བྱས་ཉམས་མ་བྱས་འཕྲད་པར་འགྱུར། །ཐར་བ་མེད་པ་ཡང་ཡིན་ཏེ། །རྟག་ཏུ་སྡུག ་བསྔལ་རྒྱུ་ལྡན་ཕྱིར། །དེ་ཡི་སྡུག་བསྔལ་ག་ལ་ཞི། །མེ་ནི་འབང?་བར་གྱུར་པ་ཡི། །ཆེ་བ་མ་ཞི་མ་གླང་བ་བཞིན། །གཅིག་བུ་སྣ་ཚོགས་མིན་ཞེ་ན། །?་ཇི་ལྟ་བུ། །འདོད་པས?་སྣ་ཚོགས་ཡིན་ཞེ་ནའང། །གཅིག་པུ་སྣ་ཚོགས་མི་རིགས་སོ། །རྟག་པ་ཆ་མེད ་སྲ་བ་དང། །འགྲོ་བའི་བྱེད་པོ་གཅིག་པུ་ཉིད། །ཀུན་ལ་ཁྱབ་པ་ཡིན་ནོ་ལོ། །འདི་ལས་མཚར་བ་གཞན་ཅི་ཡོད། །ཕན་ཚུན་ཟ་བས་འཇིགས་པ་ཡི། །བདེ་བརྙེད་དཀའ་ཨི་དུད་འགྲོ་དང། །ཞིབ་ཏུ་ཐག་ཅིང་གཅོད་འཇིགས?་པའི། །སྡུག་བསྔལ་གྱིས་གཟིར་དམྱལ་བ་དང། །མི་རྣམས་སྐྱེ་རྒ་ནད་ངག་དང ་སྡུག་བསྔལ་ཟུག་རྔུའི་རྨ་བཏོད་ནས། །དགའ་འགྱུར་གང་ཡིན་དྲག་པོ་ཞེས། །མིང་དོན་ལྡན་པ་དེ་ཕྱག་འཚལ། །འཛིན་པ་ཅན་གང་ནོར་ལྡན་དང། །གཞན་གྱིས་འཚོ་བཅས་དགེ་བ་ཅན། །ཆོས་མིན་ཅན་འགའ་མ་ཐོ་ནས་ལྡན། །དབང་ཕྱུག་སྤྱོད་པར་གསལ་བ་ཡིན། །ཡོན་ཏན་ནོར་ལྡན ་ཚེ་ཐུང་དང། །ངན་པར་སྤྱོད་རྣམས་ཚེ་རིང་དང། །གཏོང་ལྡན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །ཁ་ཅིག་སངས་རྒྱས་པ་ཡང་བདེ། །དེ་ལ་གུས་པ་ཁ་ཅིག་སྡུག་།དབང་ཕྱུག་བཀས་ནི་བསོད་ནམས་ཅན། །དག་ཀྱང་ཅི་ཕྱིར་སྡིག་མ་བྱེད། སྣ་ཚོགས་ལས ་ལ་མི་ཤེས་པས། །དེ་རྒྱུ་ཉིད་དུ་སྨྲ་བ་ཡིན། །སྣ་ཚོགས་བྱེད་པོར་ཚངས་པ་ནི། །མི་རིགས་སྔོན་དུ་བསྟན་པ་བཞིན། །ཚངས་པ་བྱེད་པོར་བདེན་ན་ཡང། །དེ་ཡི་ཅི་ཞིག་བྱས་པར་འགྱུར། །དང་པོར་སེམས་ནི་མཉམ་བཞག་པས། །བློ་ཡི་སྒོ་རྣམས་ལེགས་བསྡམས་ལ། །ཡིད་ལ་ཤིང ་བཞག་པར་བྱ། འདི་ལྟར་ཡི་གེ་ཨོཾ་བསྒོམས་ཏེ། །སྙིང་ལ་གཟུངས་ཀྱིས་བཟུང་བྱས་པ། །ས་སོགས་གཟུགས་ལ་གོམས་པར་བྱ། །བདེ་བྱེད་མཉེས་ན་སྡུག་བསྔལ་ལས། །གྲོལ་འགྱུར་ཟེར་བ་འདི་མི་བདེན། །ཅི་སྲིད་ཡིད་ཀྱི་ཤེས་འབྱུང་བས། །དེ་སྲིད་གྲོལ་བར་མི་རིགས་ཏེ།། ་ཡིད་ཤེས་འབྱུང་ཕྱིར་ཇི་ལྟར་སྔར། །གྲོལ་བར་མ་གྱུར་པ་བཞིན་ནོ། །དབང་ཕྱུག་ལ་གུས་གྲོལ་འགྱུར་བར། །མི་རིགས་བདེ་བྱེད་མཐོང་བ་ཡང། །དམིགས་ལ་གནས་པ་ཡིན་པའི་ཕྱིར། །དཔེར་ན་མཐོ་ཡོད་མཐོང་བ་བཞིན། །སྡུག་བསྔལ་རྒྱུ་ནི་དབང་ཕྱུག་ན། །དེ་ནི་རྟག་ཕྱིར ་བཅོས་སུ་མེད། །དེས་ན་སྡུག་བསྔལ་ཐར་འགྲོ་བར། །དབང་ཕྱུག་ནམ་ཡང་འགྱུར་མ་ཡིན། །འདིས་ནི་ལྷག་མའང་དགག་བྱས་ཕྱིར། །ཚངས་པ་ཁྱབ་འཇུག་བདག་སྨྲ་ལ། །མི་རིགས་ཕྱིར་ན་དབང་ཕྱུག་སོགས། །བཏགས་ལ་བློ་ནི་དགའ་མི་བྱེད། །དུས་ཆེན་ཤིན་ཏུ་མང་པོར་ ་འདས། །བུད་མེད་སེམས་ནི་ཤིན་ཏུ་གཡོ། །དེ་ཕྱིར་བྲམ་ཟེ་ཞེས་བྱ་བའི་རིགས། །འགའ་ཡང་གང་ལའང་ཡོད་མ་ཡིན། །རྩལ་དང་རྩལ་གྱི་སྡེ་དག་དང། །དེ་བཞིན་ཐོས་པའི་རྩ་ཅན་དག་།དྲང་སྲོང་ཆེན་པོ་གཽ་ཏམ། །བྲན་སོང་ཉལ་བའི་མངལ་ནས་སྐྱེས། ། ་གཞུང་ནི་རྩོམ་པར་བྱེད་པ་ཡི། །ཀུན་འདས་བྲམ་ཟེའི་དྲང་སྲོང་ཡང། །ཐུབ་པ་ཆེན་པོའི་ཏུན་འདའ་ཡི། །གདོལ་བ་མོ་དང་ཉལ་ལས་སྐྱེས། །ཉ་པ་ཡི་ནི་བུ་མོ་ལ། །ཕ་ནི་མཆོག་འགྲོ་ཞེས་བྱ་བས། །ཉལ?་བས་དྲང་སྲོང་གླིང་ལམ་སྐྱེས། །དེ་ཡང་བྲམ་ཟེ་ཞེས་བརྗོད་དོ། །བྲམ ་ཟེའི་དྲང་སྲོང་འཇིག་རྟེན་གྲགས། །ཐོས་མེད་རིགས་བྱེད་འདོན་བྱེད་པ། །དྲང་སྲོང་རྭ?་ཞེས་བྱ་བའི་མ། །དུད་འགྲོར་སྐྱེས་པའི་རི་དགས་ཡིན། །སྤོམ་དང་དེ་བཞིན་རལ་བལ་ཅན། །དམངས་རིགས་བུ་ཡིན་བྲམ་ཟེར་གྲགས། །ཟླ་བའི་བཏུང་བ་ཡང་འཐུངས་ནས། །འཇིག་རྟེན ་དྲང་སྲོང་ཆེན་པོར་གྲགས། །འཇིག་རྟེན་དུ་ནི་གྲགས་གྱུར་བ། །བྲམ་ཟེ་ལོང་བུ་ཞེས་བྱ་བ། །ཐོས་མང་དེ་ཡང་གདོལ་བའི་རིགས། །ལུང་མང་ཞེས་བྱ་བ་ལས་སྐྱེས། །བུར་ཤིང་བུ་མོ་ལས་སྐྱེས་པའི། །དྲང་སྲོང་དྲང་སྲོང་ཀ་ནཝ་ཡང། །ཀ་ནཝ་ཡ་ཡི་རིགས་བཅས་པ། །སྐྱེས་པ ་ཡིན་ཞེས་རྗོད་པར་བྱེད། །དྲང་སྲོང་ཀ་པའི་ཇེ་ལ་ཡང། །དྲང་སྲོང་དབང་བྱེད་ཆེན་པོ་ཡི། །གདོལ་པ་ཕྲེང་བ་མོ་ལ་ནི། །ཉལ་ལས་སྐྱེས་པ་ཡིན་ཞེས་ཐོས། ། ཀ་ཏ་དང་དབང་བྱེད་ནི། །བུམ་པའི་ནང་ནས་སྐྱེས་ཞེས་ཐོས། །བུམ་པའང་བུམ་པའི་ནང་ནས་སྐྱེས། །དེ་བཞིན་གཙང་སྐྱེས ་ཆུ་ལས་སྐྱས། །པདྨའི་འདབ་ལས་ཤེས་རབ་མྱུར། །ཀ་པང་ཏྱ་ནི་ཐལ་བ་ལས། །མགོ་ལ་ཐོད་པ་ཅན་ཉིད་ནི། །ཐོད་པ་ལས་ནི་སྐྱེས་ཞེས་ཟེར། །ཆུ་ཡི་སྡིག་པ་དག་པ་འཁྲུལ། །དགེ་སོགས་ཉེ་ཆེད་བྱེད་པ་དག་།ཉེས་བསྟན་གསུམ་ལ་མཐོང་བས་ན། །གང་ཕྱིར་གསུམ ་འདི་བཏང་བའི་རིགས། །འདིས་ནི་སྡིག་པ་དག་མི་འགྱུར། །མ་རིག་ཕྱིར་དང་མ་མཐོང་ཕྱིར། །མ་བསྒོམས་ཕྱིར་དང་བག་ཆགས་ཕྱིར། །དྲན་པའི་ཤེས་དང་དགེ་བ་བཞིན། །བང་སྙིང་རྐང་བྱུང་ཀླུང་སོགས་ཀྱི། །ཆུས་ནི་སྡིག་པ་འདག་མི་འགྱུར། །རེག་བྱའི་ཕྱིར་རམ ་?་བྱའི་ཕྱིར། །ཁྱིམ་གྱི་ངན་སྐྱུགས་ཆུ་བཞིན་ནོ། །རང་བཞིན་བསོད་ནམས་མ་ཡིན་ལས། །ཆུར་ཞུགས་སོགས་ཀྱིས་ཟད་འགྱུར་ན། །འབབས་སྟེགས་སོགས་སུ་ཁྲུས་བྱས་རྣམས། །སྡུགས་བསྔལ་མི་འགྱུར་རྒྱུ་མེད་ཕྱིར། །ལས་རྣམས་ཟད་པ་མ་ཡིན་པས། །སྡིག་པ་ཟད་པ ་འགའ་ཡང་མེད། །རང་གི་བདག་ཉིད་མིང་དག་ཅེས། །བསྟན་པ་ཡོད་པས་དེ་ཡང་བརྫུན། །རྒྱུད་གཞན་ལས་ནི་རྒྱུད་གཞན་དུ། །སྡིག་པ་འཕྲོ་བ་མིན་པར་བཟུང། །ལུས་ཅན་མིན་ཕྱིར་འདོད་ཆགས་དང། །ཞེ་སྡང་གཏི་མུག་མི་འཕོ་བཞིན། །དེ་ཚེ་བསོད་ནམས་བླངས་པར་ནི། །མི་རིགས་ཞེས་མོངས? ་པར་བྱང་སེམས་དང་མཚུངས་པར་ལྡན་པའི་ཕྱིར། །དཔེར་ན་བདེ་དང་སྡུག་བསྔལ་བཞིན། །འབར་སོགས་ནང་དུ་མཆེད་པ་ཉིད། །ཚངས་པའི་འཇིག་རྟེན་སོགས་འགྲོ་བར། །བསྟན་པའི་ལུགས་ངན་གསུམ་ལས་མཐོང། །དེ་ཕྱིར་སྤང་པར་རིག་?་།མེར་མཆོངས་ལ་སོགས་ཚངས་པ་ཡི། །འཇིག་རྟེན ་སོགས་འཐོབ་རྒྱུ་མ་ཡིན། །སྲོག་ལ་གནོད་པར་བྱེད་པའི་ཕྱིར། །ཕྱེ་མ་ལེབ་སོགས་མཐོང་བ་བཞིན། །གཟའ་དང་བཏུང་བསྦངས་བ་ཡིས། །མཐོ་རིས་མཐོབ་པར་མི་འདོད་དེ། །བཀྲེས་དང་སྐོམ་པའི་རྒྱུ་ཡིན་ཕྱིར། །ཟས་ན་ཟོས་པས་གདུངས་པ་བཞིན། །ཟས་མ་ཟོས་སོགས་བསོད་ནམས་འགྱུར། ། ་སྤངས་ཕྱིར་སྡིག་སྤངས་བཞིན་ཞེ་ན། །བདེན་སོགས་སྤངས་བས་གཏན་ཚིགས་འདི། །མ་ངེས་པ་ཉིད་ཡིན་པར་འགྱུར། །ཟས་སྤངས་བསོད་ནམས་མི་འགྱུར་ཏེ། །བྱ་བ་དེ་ལ་སྡིག་མེད་ཕྱིར། །དགེ་བ་ཡིད་ལ་བྱེད་པ་ཡི། །ཡིད་ལ་བྱེད་པ་སྤངས་པ་བཞིན། །མཛའ་གསུམ་དག་པའི་ཤ་གང ་དག?་ཞེས་ཀྱང་སྡིག་ཏུ་མི་འགྱུར་ཏེ། །དངས་མ་སོགས་སུ་འགྱུར་པའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །གང་ཡང་ཤིན་ཟོས་པ་ཡིས། །སྡིག་པའི་རྒྱུར་ན་མི་འགྱུར་ཏེ། །བཀྲེས་པ་བཟློག་པའི་བྱ་ཡིན་ཕྱིར། །མ་བླངས་བྱིན་པའི་ཟས་སྐོམ་བཞིན། །ཤིན་མ་ཟབ་ཡིན་ཕྱིར། ། ་མི་བཞེན་ལུས་ལ་རྟོགས། །ས་བོན་དང་ནི་བརྟེན་བྱེད་པ། །མི་གཙང་?་མི་གཙང་སྲིན་མ་བུ་བཞིན། །སྡུ་བ་སགས་ལས་བྱུང་བའི་ཕྱིར། །ཉ་ཤ་སོགས་ནི་རྨད་ཅེ་ན། །མར་དང་འ་སོགས་རྒྱུ་ཡིན་པས། །འདི་ནི་མ་ངེས་པ་ཉིད་ཡིན། །ཤ་ཟ་སྲོག་གཅོད་ཉིད་ཡིན་ཏེ། ། ་དེ་ཡི་རྒྱུ་མཚན་ཕྱིར་ཞེ་ན། །པགས་སོགས་ཐོགས་པས་གཏན་ཚིགས་ནི། །མ་ངེས་པ་ཉིད་ཡིན་པར་འགྱུར། །འཕྲེལ་དང་སྲང་ལ་གཡོ་བྱེད་དང། །ཉེ་བར་འདོད་པ་མི་དགེ་མཉམ། །འཚེ་བྱེད་ནོར་ནི་རྙེད་པ་དེའི། །གང་ཡང་སྡིག་པ་དག་ལས་ནི། །སྐྱོན་ནི་གཉིས་ཀྱི་ལྷག་པ་རུ།། ་ཉོ་བ་པོ་ལ་འབྱུང་བར་འདོད། །དེ་བཞིན་བུད་མེད་བདག་པོ་གཞན། །འདོད་པའི་ཁ་ཟས་སྦྱིན་བྱེད་དང། །སྐལ་པར་ལྡན་པའི་པུང?་མེད་དང། །གང་དག་ཆོས་དེ་སྟོན་བ་དང། །ཚུལ་ཁྲིམས་མེད་ལ་དམོད་བ་དང། །སྐྱོན་ཚོགས་འཇོམས་ཕྱིར་ཏི་ཏི་རི། །དགྲ་གསོས་ལས་ཀྱང་ངེས་པར་ནི། །ཆོས ་མ་ཡིན་པར་ཐོབ་པར་འགྱུར། །ཀུན་དགའ་ར་བ་ཁྲོན་པ་རྫེད?། །དེར་ནི་ལུས་ཅན་ཤི་གྱུར་ན། །བྱེད་པའི་སྐྱེ་མཆེད་ཡིན་པའི་ཕྱིར། །དེ་ལ་སྐྱོན་འདི་ཡོད་པར་འགྱུར། །གསང་བྱ་ཡོད་པས་གསོད་ཡོད་ཀྱིས། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་གསང་བྱ་གསོད་པ་གཉིས། །སྡིག་པ ་མཉམ་པར་ཐོབ་པར་འགྱུར། །མཐོང་དང་ཐོས་དང་བསྣམས་པ་དང། །རེག་དང་དྲན་པ་ཉིད་དང་ནི། །ཤ་ལས་བྱས་ནའང་ཆོས་མིན་འབྲེལ། །འདི་ལྟ་བུར་ནི་འགྱུར་བ་ཡིན། །གསལ་བར་བྱེད་པའི་ཉི་མ་དང། །སྐྱེ་བའི་རྒྱུ་ཡི་བདག་དང། །སྐྱོ་བར་བྱེད་པའི་མི་བདག་རྣམས། །དེ་རྣམས་སྡིག ་བའི་བྱེད་བོ་ཉིད། །གོས་བྱེད་བའི་ལྟར་བྱས་ན། །ཟས་ཀྱི་བྱ་བའང་མི་རིགས་ཏེ། །གང་ཕྱིར་སྐྱོན་ནི་གཉིས་འབྱུང་བ། །མ་ཟོས་པ་ལ་མ་ཡིན་ཏེ། །ཟོས་ལས་སྲོག་ཆགས་སྐྱེ་འགྱུར་ཞིང། །དེ་དག་ཐུར་དུ་འབྱུང་བར་འགྱུར། །སྐྱེས་པ་ཉམས་གྱུར་མ་གྲོས་ན། །མ་སྐྱེས་སྐྱེ་བར་མི་འགྱུར ་རོ། །གལ་ཏེ་གཞན་གྱི་རྒྱུ་མཆན་གྱི། །སྐྱོན་དེ་ཁྱོད་ནི་མི་འདོད་ན། །གཞན་གྱིས་བསད་པར་གྱུར་བ་ཡི། །སྡིག་པ་སྤྱོད་ལ་གལ་འོང། །གང་ཕྱིར་མི་སྡིག་གནང་མི་སྦྱིན། །དེས་ན་སྡིག་དེ་ཡོད་མ་ཡིན། །དེ་ཕྱིར་ཤ་སོགས་རྗེས་གནང་བ། །སྐྱོན་མེད་པར་ནི་གཟུང་བར་བྱ། །ཤ་ཟབ་ནི་སྐྱོན ་བཅས་མིན། །དེ་ཚེ་སྲེག་ཆགས་གནོད་མིན་ཕྱིར། །མུ་ཏིག་རྨ་བྱའི་སྒྲ་སོགས་དང། །འབྲས་དང་ཆུ་ཡི་དགོས་པ་བཞིན། །འདོད་ཆགས་ཀུན་རྟོག་ལས་བྱུང་ཕྱིར། །ཤ་ཟོས་དེ་ཡི་རྒྱུ་མ་ཡིན། །དེ་མ་ཟོས་ལའང་དེ་འབྱུང་སྟེ། །རྩཝ་ཟན་པ་ལང་ལ་སོགས་བཞིན། །སེམས་མེད ་ཡི་བརྟན་བ་ལའང། །སེམས་ནི་ཡོད་པར་རྟོགས་བྱེད་པའི། །ཉེས་བསྟན་གསུམ་ལ་མཐོང་པས་ན། །གསུམ་པོ་འདི་ནི་སྦང་པའི་རིགས། །ལྗོན་ཤིང་སེམས་པ་བཅས་པ་མིན། །སྐྱེ་གནས་བཞིར་ནི་མ་བསྡུས་ཕྱིར། །དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར། །པག་དུ་མ་བཞིན་དུ་བེམས་པོ་ཡིན། །གལ་ཏེ ་སོགས་ཆགས་རྐང་བརྒྱ་ལྟར། །རེག་ན་འཁུམ་བར་འགྱུར་བས་ན། །ས་མ་ག་དང་ཐལ་སྦྱར་ནི། །སེམས་དང་བཅས་པར་འདོད་ཅེ་ན། །མེ་ཡིས་རེག་པའི་སྐྲ་སོགས་དང། །སྐྲ་ལ་མཚལ་ཕྱེས་བླུགས་པ་ཡི། །ཁྱད་པར་དེ་དག་ཉིད་ཀྱིས་ཀྱང། །འདི་ནི་མ་ངེས་པ་ཉིད་ཡིན། །གསོ་བ ་ཡོད་པས་ཤིང་རྣམས་ནི། །སེམས་དང་བཅས་པར་མི་འགྲུབ་སྟེ། །ཆད་ལ་སོགས་པ་ཉམས་པར་དག་།ལྡོག་པ་ཡོད་པར་ཐེ་ཚོམ་འགྱུར། །འཐུན་པ་ལས་སྐྱེས་འཕེལ་འགྱུར་དང། །སྡང་སེམས་དུས་ལྡན་སྐྱེ་བའི་ཕྱིར། །དེ་བཞིན་གཉིད་ལོག་སྨྱོ་བའི་ཕྱིར། །སེམས་ཡོད་རྟ་སོཌ ་བཞིན་དུ་འདོད། །ལྷོག་པ་བྱུ་རུ་བཻཌཱུརྱ། །རིན་ཆེན་གསེར་གྱི་མྱུག་སོགས་ཀྱིས། །ཤིང་རྣམས་སེམས་དང་བཅས་པར་ནི། །འདི་ལྟར་མ་ངེས་པ་ཉིད་ཡིན། །འདི་དག་ལ་ནི་སེམས་མེད་ཕྱིར། །སྡང་སེམས་ཞེས་བྱའང་མ་གྲུབ་ཉིད། །གཏན་ཚིགས་དོན་ཡང་མི་འགྲུབ་སྟེ། ། ་ལྡོག་པ་སོགས་ཀྱི་མ་ངེས་ཉིད། །སེམས་ཅན་རྣམས་ཀྱི་ལས་དབང་གིས། །རྩ་བས་འབྱུང་བ་དུས་སུ་སྐྱེ། །དམྱལ་བ་དང་ནི་མཐོ་རིས་ཀྱི། །མཚོན་དང་དཔག་བསམ་ཤིང་བཞིན་ནོ། །ལམ་གསུམ་ཇི་བཞིན་ཆོས་ལྡན་ཡིན། །ཚངས་པས་བསྟན་ཕྱིར་སྨན་དབྱར་བཞིན། །འདས ་དང་མ་འོངས་མཁྱེན་པ་པོ། །དེས་བསྟན་བསྒྲུབ་བྱ་ཡིན་ཞེ་ན། །ཚངས་སྨྲས་ཞེས་བྱའི་གཏན་ཚིགས་དག་།སྐྱེད་བྱེད་སོགས་ཀྱིས་སྨྲས་པ་ནི། །ཉེས་པར་བརྟགས་པར་བསྒྲུབ་པའི་ཕྱིར། །དེས་ན་ཁྱོད་གྱིས་འདི་མ་ངེས། །འགའ་ཞིག་དོན་བཞིན་མ་མཐོང་ཡིས། །ཀུན་ཏུ་དོན ་བཞིན་མ་ཡིན་ཏེ། །གནག་རྫི་སྨྱོན་པའི་ཚིག་རྣམས་ནི། །ཀུན་དུ་ཇི་བཞིན་དོན་མིན་བཞིན། །འདས་དང་མ་འོངས་ཤེས་པ་ཉིད?། །ཡི་དགས་ལ་སོགས་ལ་ཡང་ཡོད། །དེ་ཡིས་སྨྲས་པ་རྩ?་ཐམས?་ཅད་མིན། །ངོ་ཕྱིར་གཏན་ཚིགས་དཔྱད་བྱ་ཡིན། །ཆོས་སོགས་འདོ?་ལ? ་གང་ཡོད་པ། །དེ་ཉིད་གཞན་ལའང་ཡོད་ཅེས་པ། །རེས་འགའ་སྲིན་བུའི་ཡི་གེའི་ཚུལ། །ལེགས་བཤད་འགའ་ཞིག་མཐོང་བ་ཡིན། །ཇི་ལྟར་མི་གཙང་ཕུང་པོའི་ནང། །རིན་ཆེན་འགའ་ཞིག་མཐོང་གྱུར་པ། །རབ་ཏུ་སྐྱེ་དང་དེ་ཡི་མཐུ། །ཤེས་དང་ལྡན་པས་དེ་ཤེས་འགྱུར། ། ་ལེགས་བཤད་འགའ་ཞིག་གསུམ་པ་ལ། །རབ་ཏུ་མཐོང་བའང་དེ་དང་འདྲ། །ཁྱིམ་སྲང་མི་གཙང་ཕུང་པོ་ལས། །རིན་ཆེན་འབྱུང་པ་མ་ཡིན་ནོ། །སྐྱོན་མེད་རྗེས་སུ་དཔག་པ་ཡིས། །རིགས་སམ་མི་རིགས་མ་དཔྱད་པར། །བློ་ནི་གཞན་གྱིས་བསྐྱེད་པའི་ཕྱིར། །ལུང་གཞན་དག་ལ་ཐེ་ཚོམ ་བ། །ཇི་ལྟར་རླུང?་ཆེན་བརྒལ་འདོད་པ། །གཟིངས་དག་ཡོངས་སུ་འཛིན་པ་ལྟར། །དེ་བཞིན་བཏང་བྱ་ཡིན་ན་ཡང། །རྗེས་སུ་དཔག་པ་གཟུང་བར་རིགས། །སྒྲ་ཙམ་རྗེས་སུ་འབྲང་བྱེད་ཅིང། །སོང་བའི་རྗེས་སུ་འགྲོ་བྱེད་པའི། །དམུས་ལོང་བཞིན་དུ་དཀྱིལ་འཁོར་འདིར། །བྱིས་པ་འཁོར་བར་འཁོར ་བ་ཡིན། །རྟེན་པ་མེད་པའི་དམུས་ལོང་དག་།ཉམ་ངའི་ལམ་དུ་འགྲོ་བྱེད་ལྟར། །སྒྲ་ཙམ་གཙོ་བོར་བྱེད་པ་རྣམས། །ལྟུང་པར་དཀའ་བ་མ་ཡིན་ནོ། །ཀུན་མཁྱེན་ཞེས་བྱའི་སྒྲ་འདི་ཡང། །ཡུལ་འགའ་ཞིག་ལ་ཇི་བཞིན་ཡིན། །སེང་གེའི་སྒྲ་ཡང་པ་ལ་བདེན། །ཁ་ཅིག་ཉེ་བར ་བཏགས་པ་ཉིད། །ཆོས་དང་སྤྲུལ་པའི་སྐུ་དག་ནི། །ང་ལ་མི་ཉིད་དུ་མ་གྲུབ། །དེ་བཞིན་གཤེགས་པའང་མ་གྲུབ་སྟེ། །དེས་ནམ་མཁས་པ་ཉིད་ཡིན། །གལ་ཏེ་ཇི་ལྟར་ཁྱོད་བཅོམ་ལྡན། །ཐམས་ཅད་མཁྱེན་པ་མིན་པར་འདོད། །བདེ་བྱེད་ཁྱབ་འཇུག་སོགས་དག་གིས། །ཤེས ་བ་དེ་ལྟར་མིན་ཞེ་ན། །ཇི་ལྟར་དེ་དག་གིས་ཤེས་ལྟར། །ཐམས་ཅད་མཁྱེན་པ་དེ་བདེན་ན། །རབ་རིབ་ཅན་གྱིས་མཐོང་བ་ལྟར། །དྲི་མེད་མིག་གིས་མི་མཐོང་བཞིན། །ཡང་ན་འདི་ལྟར་ཐམས་ཅད་མཁྱེན། །ཆོ་ག་ཤེས་ཉིད་དུ་འདོད་ན་ནི། །གང་ཕྱིར་འཛེ་ནི་མི་སོགས་ཀྱིས།། ་གཏན་ཚིགས་འདི་ནི་མ་ངེས་ཉིད། །ཅུང་ཞིག་ཤེས་ཀྱི་ཀུན་མི་ཤེས། །ཞེ་ན་ཐུབ་པས་གང་མ་མཁྱེན། །མཐོ་རིས་བྱད་གྲོལ་པ་མ་ཞེ་ན། །བསྟན་པ་འདི་ལས་བསྟན་པ་ཉིད། །བསྟན་དུ་ཟིན་རྐྱང་མི་རིགས་ཞེས། །གལ་ཏེ་ཁྱོད་ཀྱིས་བློ་འབྱུང་ན། །མི་ཤེས་པ་ཉིད་ཡིན་པས་ན།། ་དེ་ཡིག་ན་ཡང་སྨྲས་ཟིན་ཏོ། །བསྟན་བཅོས་བློ་སྒྲའི་ཕྱོགས་བྱས་ཀྱང། །གཏན་ལ་དབབ་བར་འདྲ་བ་ཡིན། །དབྱེད་པ་ཅན་སོགས་མ་ངེས་ཉིད། །བྱས་པའི་ཕྱིར་ན་སྐྱོན་དང་ལྡན། །གསུམ་པོ་སུན་འབྱིན་པར་འདྲ་བས། །གཅེར་བུར་རྒྱུ་ལྟར་དག་འདོད་པS། །བསྒྲུབ་བྱའི་རྗེས་སུ་འགྲོ་མེད་ཕྱིར། །དཔེར ་ན་མེད་པ་ཉིད་ཡིན་ནོ། །དབུ་མའི་སྙིང་པོ་ལས་དཔྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་དགུ་པའོ།། །།གཅེར་བུར་རྒྱུ་བས་ཐུབ་པ་ལ། །ཀུན་མ་བསྟན་པས་ཀུན་མཁྱེན་མིན། །ཞེས་སྨྲས་ཁྱུ་མཆོག་སོགས་མ་ངེས། །བརྗོད་དུ་མེད་པར་བརྗོད་པའི ་ཕྱིར། །འཁོར་པའི་ཐོག་མ་མི་རིག་ཅིང། །རྒྱུ་ཡང་རབ་ཏུ་མ་ཤེས་ལ། །དེ་ཕྱིར་མ་རིག་རིག་མེད་ཕྱིར། །དེ་བཞིན་ནམ་མཁའ་ཨི་རོ་བཞིན་ནོ། །གལ་ཏེ་ཐུབ་པའི་མཐུས་ནུས་ན། །སེམས་ཅན་ཐམས་ཅད་མྱ་ངན་འདའ་། །མུ་སྟེགས་རྣམས་ཀྱི་ཞག་བདུན་ན། །ནོར་དང་བྲག་དོག་དག་གི་ཕྱིར། །མཛེས ་མ་བདག་གིས་བསད་དོ་ཞེས། །རང་ཉིད་ཀྱིས་ནི་བསྟན་པ་ཡིན། །ཇི་ལྟར་ཐག་པ་ཆར་གྱུར་ནས། །ཤིང་གཤོང་སལ་ལྷུང་བ་ནི། །རྒྱལ་བཅས་སྐྱེ་བོའི་འཁོར་མཐོང་ནས། །དེ་དག་ངོ་མཚར་ཆེ་བར་གྱུར། །མངོན་དུ་བསྟན་པར་བྱ་བའི་ཕྱིར། །སྐྱོབ་པས་གཞན་དུ་དེ་མ་བསྒྱུར། ། ་ས་ལ་ཅན་གྲོ་བཞུགས་པ་ནི། །སེམས་ཅན་དོན་གྱི་བྱ་བ་མཛད། །གང་ཕྱིར་བདུད་ལས་རྒྱལ་ཟིན་པས། །བདུད་ཀྱི་ལས་ནི་དོན་མེད། །ཉན་ཐོས་ཚོགས་བཅས་དཔའ་བོ་ནི། །དེར་ནི་བསོད་སྙོམས་ཆད་གྱུར་པས། །སེམས་ནི་ཞུམ་པར་མ་མཐོང་ཚེ། །མང་པོ་བྱང་ཆུབ་ཏུ་དེས ་འགྱུར། །གླང་ཆེན་དུལ་བར་བྱ་ཕྱིར་དང། །འགྲོ་བ་རྣམས་ནི་འདུལ་བའི་ཕྱིར། །བཅོམ་ལྡན་གྲོང་ཁྱེར་གཤེགས་པ་ཡིན། །ཐུབ་པ་བཅོམ་ལྡན་མི་མཁྱེན་མིན། །ལྟས་བྱིན་གྱིས་ནི་སྐྱོགས་འཕངས་པ། །དེ་ཡང་འགྲོ་ལ་ཕན་ཕྱིར་ཏེ། །གཞན་གྱི་གནོད་ལས་གྲོལ་བ་ཡི།། ་ཚ་བའི་བདག་ཉིད་བསྟན་པ་ཡིན། །སྐྱེས་བུ་སྔས་བརྒྱབ་བརྟེན་པའི་རྡོ། །ཆེན་པོ་འཕངས་པར་གྱུར་པ་ནི། །གནོད་སྦྱིན་ཀིམ་པས་དེ་མ་ཐོབ་ནས། །རང་གི་ལུས་ལ་བཟེད་པ་ཡིན། །ལྷ་དང་ལྷ་མིན་རྣམས་དང་ནི། །སྟོང་ཕྲག་དག་ནི་བརྒྱ་སྙེད་ཀྱིས། །དད་པའི་དབང་པོ་སོགས ་ཐོབ་ནས། །སྲིད་པ་ལས་ནི་གྲོལ་བར་གྱུར། །ལྟས་བྱིན་ཁྱིམ་ན་གནས་ན་ནི། །འཁོར་ལོས་སྒྱུར་བའི་སྟོབས་ལྡན་ཞིང། །འཁོར་དང་སྟོབས་ནི་ཐོབ་གྱུར་ནས། །བསྟན་པ་འདི་ནི་ཉམས་པར་བྱེད། །བློ་ངན་འདི་ནི་རབ་བྱུང་ན། །ང་ལ་ཅི་ཡང་བྱེད་མི་ནུས། །དེ་ལྟར་སྟོན་པས་གཟིགས་ནས་ནི། ། ་རབ་ཏུ་བྱུང་བས་མ་བཟློག་གོ་།ཆོ་འཕྲུལ་དག་ནི་མཐོང་འགྱུར་ཞིང། །ཆོས་ནི་ཐོས་པར་གྱུར་ནས་འདི། །བསོད་ནམས་བསོག་པར་གཟིགས་གྱུར་ནས། །རྒྱུ་སྐར་བཟང་པོར་བཞག་པ་ཡིན། །ལྷག་སྤྱོད་ཤི་བར་གྱུར་པ་ཡང། །དབུ་མའི་སྙིང་པོ་ལས་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པར ་བསྟན་པ་སྟེ་ལེའུ་བཅུ་པའོ།། །།ཐ་སྙད་ལ་ཡང་རྨོངས་གྱུར་པ། །ལྟ་བའི་ཕྲེང་འཁྲུགས་འགྲོ་རྣམས་ལས། །གཉིས་མེད་དེ་ཉིད་ནམ་མཁའ་འདྲ། །སྐལ་ལྡན་སེམས་ཅན་བཀྲི་ཕྱིར་དང། །འཇིག་རྟེན་གཉིས་ལ་ཕན་གདགས་ཕྱིར། །གང་གི་འཇིག་རྟེན་ཀུན་རྫོབ་ནི། །འཇིག་རྟེན ་འདས་ཀྱང་སྟོན་མཛེད་པ། །འཇིག་རྟེན་རིག་པ་དེ་ལ་འདུད། །དེ་ལྟར་འདི་ནི་དབུ་མ་ཡི། །སྙིང་པོ་མདོར་བསྡུས་བྱས་པ་ཡིན། །བློ་ལྡན་མདོ་སྡེ་དུ་མ་ཡི། །གཟུགས་བརྙན་བལྟ་བའི་མེ་ལོང་ཡིན། །དབུ་མའི་སྙིང་པོ་ལས་བསྟོད་པ་དང་མཚན་བསྟན་པའི་ལེའུ་སྟེ་བཅུ ་གཅིག་པའོ།། །།དབུ་མའི་སྙིང་པོ་ཚིག་ལེའུར་བྱས་པ་སློབ་དཔོན་ཆན་པོ་བྷ་བྱས་མཛད་པ་རྫོགས་སོ།། །།ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་གཞིར། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་?་ནའི་ཞལ་སྔ་ནས། ལོ་ཙྪ་བ ་དགེ་སློང་ཚུལ་ཁྲིམས་རྒྱལ་བྱས་བསྒྱུར་ཅིང?་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། །དབུ?་མའི་འགྲེལ་པ་རྟོག་གི?་འབར་བ་སློབ་དཔོན་བྷ་?་བརྗོད?་པ་བཞུགས་སོ།། །།རྒྱ་གར་སྐད་དུ། མ་དྷཡ་མ་ཀ་ཧྲི་ད་ཡ་བྲཏྟི་ཏི་ར་ཀཱ་ཛཝཱ་ལ?། བོད་སྐད་དུ། དབུ་མའི་སྙིང ་