CLOSE WINDOW

N4041: ye shes snying po kun las btus pa zhes bya ba'i bshad sbyar
Wyliee-texts based on the ACIP/ALL Input

བཏུས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲིཥྞར་བ་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ་ཛྙཱ་ན་སཱ་ར་ས་མུཙྪ་ཡ་ནཱ་མ་བནདྷན། བོད་སྐད་དུ། ཡེ་ཤེས་སྙིང་པོ་ཀུན་ལ་བཏུས་པ་ཞེས་བྱ་བའི་བཤད་སྦྱར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཞི་བར་གཤེགས་ནས་འཛམ་གླིང་ཉམས་དགའ་འདིར། །རྒྱལ་བའི་རིགས་སྲུང་འགྲོ ་པའི་མིག་གཅིག་དྲི་མེད་གང། །འཕགས་པ་ཀླུ་སྒྲུབ་ཞབས་དང་དེ་ཡི་སློབ་མ་མཆོག་།འཕགས་པ་ལྷ་ཞེས་བྱ་ལ་གུས་པས་ཕྱག་འཚལ་ལོ། །རབ་ཏུ་བསྡུས་པ་རྟོགས་དཀའ་ཡེ་ཤེས་སྙིང་པོས་བསྡུས། །ཅུང་ཟད་དབྱེ་ཕྱིར་བདག་གིས་འདིར་ནི་འབད ་པར་བྱ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་སྔ་ནས་གཞན་དང་ཉིད་ཀྱི་གྲུབ་པའི་མཛའ་རབ་ཏུ་མང་པོ་ཞིག་སྡེ་སྣོད་གསུམ་གྱི་ཚུལ་དུ་བསྡུས་ཏེ་བསྟན་ཟིན་མོད་ཀྱི། འོན་ཀྱང་བློ་དང་མི་ལྡན་པ་དག་གིས་དེ་དག་ཁོང་དུ་ཆུད་པར་མ་ནུས་པས་དེ་དག་གི་ཕྱིར་སློབས ་དཔོན་གྱི་ཞལ་སྔ་ནས། གཞུང་ཉུང་དུས་དོན་མ་ལུས་པར་བསྡུས་པ། དཔལ་མགོན་བླ་མ་ལ་བཏུད་ནས། །ཞེས་བྱ་བ་ལ་སོགས་པའི་གཞུང་འདི་བརྩམ་པ་མཛད་དེ། འདིར་ཚིགས་སུ་བཅད་པ་དང་པོས་ནི་ཕྱག་འཚལ་བ་དང། གཞུང་གི་མིང་དོན་དང་ལྡན་པ་དང། གཞུང་བརྩམས་པའི ་དགོས་པ་དང། ཉིད་ཀྱི་མཚན་དག་བསྟན་ཏོ། །དེ་ནས་ཚིགས་སུ་བཅད་པ་གཉིས་ཀྱིས་ཡེ་ཤེས་སྙིང་པོའི་མཆོག་དེ་ཇི་ལྟར་བསྒོམ་པ་ཡོན་ཏན་དང་བཅས་ཏེ་བསྟན་ཏོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས་དེ་རྟོགས་པར་དཀའ་བ་བསྟན་ཏོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས ་རྟོགས་པར་དཀའ་པའི་རྒྱུ་བསྟན་ཏོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས་རྟོགས་པར་དཀའ་བ་དེ་བླ་མའི་མན་ངག་གིས་རྟོགས་པར་འགྱུར་བ་བསྟན་ཏོ། །དེ་ནས་རྩ་བ་ལྔའི་ཚིགས་སུ་བཅད་པ་གཅིག་གིས་དེ་རྟོགས་པའི་བདག་ཉིད་དེའི་ཆེ་བ་བསྟན་ཏོ། །དེ་ནས་ནི་ཆད་པར་ལྟ་བའི ་ཉེས་པ་རྩ་བ་བཞིས་བསྟན་ཏོ། །དེ་ནས་ནི་ཡང་དངོས་པོར་འཁྲུལ་པའི་ཉེས་པ་བསྟན་པའི་ཚིགས་སུ་བཅད་པ་གཉིས་སོ། །དེ་ནས་ཡེ་ཤེས་སྙིང་པོ་མཆོག་གི་རང་བཞིན་བསྟན་པའི་ཚིགས་སུ་བཅད་པ་གཅིག་གོ་།དེ་ནས་ཚིགས་སུ་བཅད་པ་བརྒྱད་ཀྱིས་གཞན་གྱི་ཡེ་ཤེས ་སྙིང་པོ་བསྟན་ཏོ། །དེ་ནས་ཚིགས་སུ་བཅད་པར་གུས་ནི་ཡེ་ཤེས་སྙིང་པོ་མཆོག་དེ་ཇི་ལྟར་རྒྱུད་ལ་བསྐྱེད་པ་ཡོན་ཏན་དང་བཅས་པ་བསྟན་ཏོ། །དེ་ནས་དགེ་བ་ཡོངས་སུ་བསྔོ་བའི་ཚིགས་སུ་བཅད་པ་གཅིག་གིས་ཏེ། འདི་ནི་གཞུང་འདིའི་ལུགས་སོ། །ང་ནི་ཚིག་གི་དོན་བསྟན ་ཏེ། །སློབ་དཔོན་གྱི་ཞལ་སྔ་ནས་དམ་པའི་སྤྱོད་པ་ཅན་དུ་བདག་ཉིད་བསྟན་པ་དང། བླ་མ་ལ་གུས་པར་བསྟན་པ་དང། བཞུང་སྦྱར་བ་ཡང་ངེས་པར་འགྲུབ་པར་བྱ་བའི་ཕྱིར་དང་པོ། དཔལ་མགོན་བླ་མ་ལ་བཏུད་དེ། ཞེས་བྱ་བ་སྨོས་སོ། །འཇིག་རྟེན་ལས་འདས་པའི་བསོད་ནམས་དང་ཡེ ་ཤེས་ཀྱི་ཚོགས་གཉིས་ནི་དཔལ་ཏེ་ལྡན་པ་ཞེས་བྱ་བའི་དོན་ཏོ། །དཔལ་དེ་དང་ལྡན་པ་ཞེས་ལྡན་པའི་རྟེན་བསྡུས་པའི་མིང་ངོ། །ཡང་ན་དཔལ་ནི་སྐལ་པ་བཟང་པོ་སྟེ། དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དམ་པའི་གནས་སུ་ཁྲིད་པར་བྱེད་པ་ནི་མགོན་ཏེ། སྐད་ཀྱི་བྱིངས་ལ་ལྟོས་པའི་ཚེ།། ་སྐད་ཀྱི་བྱིངས་ནི་སྟོབས་ལྡན་ཡང། །ཉེ་བར་བསྒྱུར་བས་ཟིལ་གནོན་ཏེ། །གངྒཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུས་ནི་ཇི་བཞིན་ནོ། །ཞེས་འདོན་པས་སོ། །ཡང་ན་མགོན་དང་སྐྱོབ་པ་དང་སྐྱབས་དག་གིས་ཕན་འདོགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །བླ་མ་ཞེས་བྱ་བ་ནི། ཡོན ་ཏན་རིན་པོ་ཆེའི་གཏེར་དུ་གྱུར་པས་ན་བླ་མ་ཞེས་བྱ་སྟེ། དེ་ལ་བཏུད་དེ་ཞེས་བྱ་བ་ན་ཕྱག་བྱས་ཏེའོ། །དེ་ནས་ནི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། །འཕགས་པ་ལྷ་ཡིས་སྦྱར་བའོ། །ཞེས་བྱ་བར་འབྲེལ་ཏོ། །འདིར་བླ་མའི་ཁྱད་པར་ངེས་པར་མ་བཟུང་བའི་ཕྱིར་འདི་གང་གི་ཡོན ་ཏན་དུ་གཟུང་བར་བྱ་ཞེ་ན། འདི་ནི་འཕགས་པ་ཀླུ་སྒྲུབ་ཁོ་ནའི་ཡོན་ཏན་དུ་སྦྱར་ཏེ། ཡོན་ཏན་འདི་དག་འདི་ལ་འབྱོར་པའི་ཕྱིར་དང། དེ་ནི་སློབ་དཔོན་འདིའི་བླ་མ་ཡིན་པའི་ཡང་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི ་ཡང་ཕྱག་གི་གནས་དག་ཡོད་པ་མ་ཡིན་ནམ། ཇི་ལྟར་དེ་དག་ལ་ཕྱག་འཚལ་བ་སྤངས་ཏེ་སློབ་དཔོན་འདི་ལ་གུས་པར་མཛད་ཅེ་ན། འདི་ནི་ཡོན་ཏན་ཅན་ཡིན་པའི་ཕྱིར་དང། ཕན་འདོགས་པའི་ཕྱིར་དང། བླ་མ་ལ་གུས་པའི་ཕྱིར་ཏེ། དེ་ལ་ཡོན་ཏན་གྱི་ཞིང་དམ་པར་གྱུར་པ་ནི་ཇི་སྐད་དུ ་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་དང། འཕགས་པ་སྤྲིན་ཆེན་པོའི་མདོ་ལ་སོགས་པ་ལས་བསྟན་ཏེ། འདི་ལྟར་སློབ་དཔོན་འདི་ནི་འདས་པའི་བསྐལ་པ་གྲངས་མེད་པ་བསྐལ་པ་ཡངས་ཤིང་ཆེས་ཡངས་པ་དེའི་ཚེ་བསྐལ་པ་ཞིག་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་གཅན་ཞེས་བྱ་བ ་ཞིག་བྱུང་བ་དེ་ལ་སློབ་དཔོན་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང། གང་གི་ཚེ་བཅོམ་ལྡན་འདས་མར་མེ་མཇད་བྱོན་པའི་དུས་དེའི་ཚེ་ཡང་སློབ་དཔོན་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་སུ་གྱུར་པས་དགེ་བའི་རྩ ་བ་བསྐྱེད་པ་ན། དེ་བཞིན་གཤེགས་པ་དེས་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་དག་འདས་ཏེ། བསྐལ་པ་བཟང་པོ་ཞེས་བྱ་བའི་སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་ནས་ངན་འགྲོའི་བསྐལ་པ་དྲུག་ཅུ་རྩ་གཉིས་འདས་ཏེ། དེ་ནས་ཡང་རང་རྒྱལ་བ ་འབུམ་མྱ་ངན་ལས་འདས་ཤིང། གཞན་ཡང་མགོན་པོ་བརྒྱད་མྱ་ངན་ལས་འདས་ནས་ཞིང་དེ་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཅིང་ཤཱཀྱའི་དབང་པོ་བཞུགས་པའི་ཚེ་ཡང ་སློབ་དཔོན་འདི་ལི་ཙ་བའི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་ཞེས་བྱ་བར་གྱུར་ཅིང། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཁྱེའུ་འདི་ནི་ཡོངས་སུ་མྱ་ངན་ལས་འདས་ཏེ་ལོ་བརྒྱད་ཅུ་ལོན་པ་ན། ལྷོ་ཕྱོགས་ཀྱི་རྒྱུད་དུ། ཆུ་བོ་མུ་རིནྡྲ?་ཞེས་བྱ་བ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས ་མི་ཚུགས་པ་ཞེས་བྱ་བ་དང། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བར་དཀར་པོ་རི་ཞེས་བྱ་བའི་རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཛིན་པའི་དགེ་སློང་ཞིག་ཏུ་འགྱུར་ཏེ། ལོ་བརྒྱའི་བར་དུ་ངའི་བསྟན་པ་རྒྱས་པར་བྱས་ཤིང། ས་རབ་ཏུ་དགའ་བ་བསྒྲུབས་ནས་ཕྱིས་ས་བརྒྱད་པ་ཐོབ ་པའི་འོག་ཏུ་ཚེའི་དུས་བྱས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་དེར་སྐྱས་ཏེ། རྣམ་པར་སྨོན་པའི་ལུས་དེར་བཞག་སྟེ་སྤྲུལ་པའི་ལས་ཀྱིས་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཆོས་ཉན་བ་བྱེད་དོ། །ཞེས་ལུང་བསྟན་ཅིང། དེར་འདུས་པའི་འཁོར་རྣམས་ཀྱིས་ཀྱང། །ཀྱེ་མ་འཇིག་རྟེན་ཀུན ་མཐོང་དགའ་། །བརྟན་པོ་དགེ་སློང་གཟུགས་གྱུར་ནས། །བསྟན་པ་རིང་ཞིག་འཛིན་བྱེད་ཅིང། །ཆོས་རྔ་ཆེན་པོ་བརྡུང་བར་འགྱུར། །དེ་ནི་མྱ་ངན་ཡོངས་འདས་ནས། །དེ་འོག་འཇིག་རྟེན་སྟོངས་འགྱུར་ཏེ། །ཆོས་སྨྲད་ནི་འདས་གྱུར་ནས། །དེ་འདྲ་གཞན་ནི་འགའ་མི་འབྱུང། །དགེ་སློང་དེ་འདྲ་རྙེད ་དཀའ་སྟེ། །སྣང་བ་རིམ་གྱིས་ཉམས་པར་འགྱུར། །འདི་ལྟར་དེ་ནི་ལྟོ་ཕྱོགས་སུ། །འབྱུང་བའི་ཐ་མ་གཅིག་ཡིན་ནོ། །ཞེས་བསྟོད་པ་སྨྲས་པ་ལྟ་བུའོ། །དེ་ནི་འདིའི་ཡོན་ཏན་གྱི་བདག་ཉིད་ཆེ་བའོ། །ཕན་འདོགས་ནུས་པ་ཇི་ལྟ་བུ་ཞེ་ན། སློབ་དཔོན་འདི་ནི་གསོ་བ་རིག་པ་ལ་སོགས་པ་རིག ་པའི་གནས་ལྔས་འདུལ་བ་རྣམས་ལེགས་པར་སྨིན་པར་བྱས་ཤིང། ཁྱད་པར་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུན་པ་ན་གནས་པའི་གསེར་གྱི་གེར་བུ་ལྟ་བུ་དབུ་མ་རྩ་བའི་ཤེས་རབ་ལ་སོགས་པས་གསལ་པོར་བྱས་ནས་ཕན་པ་ཆེན་པོ་བྱས་ཏེ། དེ་བས་ན་འཕགས་པ ་ལང་ཀར་གཤེགས་པ་ལས་ཀྱང། བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་ངག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་བ་སྟེ། ་ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་ཏུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་ཏེ་དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་ནི་ཡོན་ཏན་གྱིས་གཙོ་བོར་གྱུར་ཀྱང ་ཕན་འདོགས་པས་ནི་མ་ཡིན་ལ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ནི་ཞིང་དམ་པར་བཞག་པ་གཉི་ག་མངའ་བའི་ཕྱིར་འདི་ཉིད་ལ་ཕྱག་འཚལ་བར་རིགས་ཤིང། བདག་བདེ་ལེགས་སུ་འདོད་པ་དག་གིས་འདིའི་ལུགས་ལ་བརྟེན་པར་རིགས་པས་ན་འཕགས་པ་ཀླུ་སྒྲུབ ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བ་མངོན་མཐོང་མེད། །ཀུན་རྫོབ་བདེ་ཉིད་བདེན་ལས་དེ་ཉམས་ཏེ། །དེ་ལས་ཉམས་པས་ཐར་པ་གྲུབ་པའང་མེད་ཅེས་བཤད་དོ། །ཡང་མཁས་པ་དག་གིས་འཕགས་པ་མི་ཕམ་པ་བྱང་ཆུབ་པར་གྱུར་པའི་ཚེ་ལ་སོགས་པར་སློབ་དཔོན་གྱི་ཞལ་སྔ་ནས་དང། ་སྲིད?་པར་སྨོན་ལམ་གུས་པར་བཏབ་པ་དག་ནི། ངེས་པར་དེ་ལྟ་བུར་འགྱུར་བར་ཤེས་པར་བྱ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་བརྟེན། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་དང་འདྲ་བའི་འབྲས་བུ་ཐོབ་ཅེས་གསུངས་པའི་ཕྱིར་རོ། །བླ་མ་ལ་གུས་པའི་ཕྱིར་ཞེས་བྱ་བ་ནི། རང་གིས ་དགེ་བའི་བཤེས་གཉེན་བཏང་སྟེ་གཞན་ལ་ཕྱག་འཚལ་བ་ནི་དེ་ལ་མ་གུས་པའི་ཆར་གཏོགས་པའི་ཕྱིར་དེ་སྤང་བ་དང། བླ་མ་ལ་གུས་པའི་བྱང་ཆུབ་སེམས་དཔའ་ནི། ངེས་བར་བླ་མ་དམ་པ་ལས་གུད་ན་གུས་པར་བྱ་བ་གཞན་མི་དམིགས་པའི་ཕྱིར་རོ། །ཞེས་ངོ་བོ་ཉིད ་ཀྱིས་འཕེན་པའོ། །ཞར་ལ་བྱུང་བས་ཆོག་གོས་ད་ལྟར་བླ་མ་ལ་བཏུད་ནས་གཞུང་སྦྱོར་བའི་དོན་ཅི་ཞིག་གཟིགས་ཤེ་ན། དེའི་ཕྱིར་བྱིས་རྣམས་སྡུག་བསྔལ་ཞི་བྱའི་ཕྱིར། །ཞེས་སྨོས་ཏེ། གང་དག་གྲུབ་པའི་མཛའ་རབ་འབྱམས་ཁོང་དུ་ཆུད་པར་བྱ་བའི་མཐུ་མེད་པ་དེ་དག་ནི་ཤེས་པ་ཕྲ་བས ་ན་བྱིས་པ་སྟེ། དཔེར་ན་སྒྲ་ལ་ཕྲ་བས་ན་པ་ལ་ཞེས་བརྗོད་པ་བཞིན་ནོ། །བྱིས་པ་དེ་རྣམས་ཀྱི་སྡུག་བསྔལ་ནི། །སྡུག་བསྔལ་གསུམ་དང་བརྒྱད་དེ། སྡུག་བསྔལ་དེ་ལས་གཞན་པའི་གནས་སུ་གྱུར་པའི་ཕྱིར་སྐྱེ་བའི་སྡུག་བསྔལ་དང། ན་ཚོད་འགྱུར་བ་སྡུག་བསྔལ་བའི་ཕྱིར་རྒ་བའི་སྡུག ་བསྔལ་དང། ཁམས་རྣམས་འགྱུར་བ་སྡུག་བསྔལ་བའི་ཕྱིར་ན་པའི་སྡུག་བསྔལ་དང། སྲོག་འགྱུར་བའི་སྡུག་བསྔལ་བ་ཉིད་ཀྱི་ཕྱིར་འཕྱི་བའི་སྡུག་བསྔལ་དང། ཕྲད་པ་སྡུག་བསྔལ་བ་ཉིད་ཀྱི་ཕྱིར་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཏེ། ལྔ་པོ་འདི་དག་ནི་འགྱུར་བའི་སྡུག་བསྔལ་ཞེས་བྱའོ། ། ་གནས་ངན་ལེན་སྡུག་བསྔལ་བའི་ཕྱིར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་བྱ་བ་འདི་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །བྲལ་བ་སྡུག་བསྔལ་བའི་ཕྱིར་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང། རེ་བ་འབྲས་བུ་མེད་པ་སྡུག་བསྔལ་བའི་ཕྱིར་འདོད་པ་བ་མ?་རྙེད་པའི་སྡུག་བསྔལ་དག་ན ་བསྔལ་གྱི་སྡུག་བསྔལ་ཉིད་དོ། །འདི་ལ་སྡུག་བསྔལ་དང་པོ་དང་ཐ་མ་ནི་ཀུན་རྫོབ་ཏུ་སྡུག་བསྔལ་བ་ཡིན་ལ། སྡུག་བསྔལ་བར་མ་ནི་དོན་དམ་པར་སྡུག་བསྔལ་བའོ། །ཡང་ན་སྡུག་བསྔལ་གྱི་སྡུག་བསྔལ་ནི་ཚོར་བ་སྡུག་བསྔལ་བ་སྟེ་ངན་སོང་བ་དག་ལ་ཤེས་ཆེའོ། །འདུ་བྱེད་ཀྱི་སྡུག་བསྔལ ་ནི་སྐད་ཅིག་རེ་རེར་འཇིག་ཅིང་འབྱུང་བ་དང། ལས་ཀྱིས་དུབ་པ་སྟེ་མི་རྣམས་ལ་ཤས་ཆེའོ། །འགྱུར་བའི་སྡུག་བསྔལ་ནི་སྡུག་པ་དང་བྲལ་བའི་རབ་ཏུ་གདུངས་སྟེ། འདི་ནི་ལྷ་རྣམས་ལ་ཤས་ཆ་བས་ན། མེ་ཏོག་རབ་ཏུ་རྙིངས་ཤིང་ལུས་རྡུལ་ཐོན་བ་དང། །གོས་སྙོས་སྨྲེ་ཞིང་ཉེ་དུ་རྣམས་ལ ་བལྟ་བ་ཡིས། །ལྟ་རྣམས་འཆི་བས་རབ་ཏུ་སྡུག་བསྔལ་གང་ཡིན་པ། །འཚོ་བ་ཆུ་བུར་ལྟ་དུ་དགོས་བའི་མི་ལ་མེད། །ཅེས་བཤད་དོ། །དེ་དག་ནི་འོད་སྔར་བས་ཆུང་བ་དང། གོས་དང། རྒྱན་ཆ་དམན་པ་དང། གོས་དང་རྒྱན་ཆ་དག་མེ་ཏོག་དང། འབྲས་བུའི་ཤིང་ལས་མི་འབྱུང་བ་དང། ལུས་ལ་དྲི་མ་ཆགས་པ ་དང། མིག་མི་འཛུམ་པ་སྟེ་ཉེ་བའི་འཆི་ལྟས་ལྔ་དང། ལུས་ཀྱི་ཁ་དོག་མི་སྡུག་བར་འགྱུར་བ་དང། རང་གི་སྟན་ལ་འདུག་མི་ཚུགས་པ་དང། མེ་ཏོག་གི་ཕྲེང་བ་རྙིངས་པ་དང། གོས་ལ་དྲི་མ་ཆགས་པ་དང། ལུས་ལ་རྡུལ་སྔོན་མེད་པ་དག་འབྱུང་སྟེ། འཆི་ལྟས་ལྔ་མཐོང་བ་ན་རབ་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ ་ལུས་བྱེ་མ་ཚ་བའི་ནང་དུ་མར་སར་འཇུ་བ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལྟར་བྱིས་པ་རྣམས་ཀྱི་སྡུག་བསྔལ་དེ་ལྟ་བུ་དག་ཞི་བར་བྱ་བའི་ཕྱིར། ཞེས་བྱ་བ་ནི་སློབ་པའི་དུས་ཕལ་པའི་ཚེ་ནི་ཁ་ཅིག་ལེགས་པར་བྲལ་བ་དང། ཁ་ཅིག་བསྲབས་པར་བྱ་བའི་ཕྱིར་དང། བྱང་ཆུབ་ཀྱི་སེམས་དང་པོ་མཐོང་ནས་ནི།། ་ལེགས་པར་མ་ལུས་པ་ཞི་བར་བྱ་བའི་ཕྱིར་ཏེ། དེ་ལྟར་ན་ཞི་བར་བྱ་བའི་ཕྱིར་ནི་ཅི་རིགས་སུ་བྲལ་བར་བྱ་བའི་ཕྱིར་རོ། །འདིར་སློབ་དཔོན་གྱི་ཞལ་སྔ་ནས་གཞུང་འདི་སྦྱར་བས་སྡུག་བསྔལ་དེ་དག་ཞི་བར་ཇི་ལྟར་འགྱུར་ཞེ་ན། གཞུང་འདིའི་རྗེས་སུ་འབྲེངས་ཏེ་ལྟ་བ་ངན་པ་རྣམས་སྤངས་ནས་རྣམ་པར་མི་རྟོག་པའི ་ཡེ་ཤེས་བསྐྱེད་པས། རྣམ་པར་རྟོག་པའི་དགྲའི་དཔུང་བཅོམ་པས་འདོད་ཆགས་ལ་སོགས་པའི་རང་བཞིན་ཤེས་པས་ལས་དམན་པ་མི་རྩོམ་ལ། དེའི་བག་ཆགས་སྤངས་ཤིང་མ་བསྒོམས་པས། དེས་དར་སྡུག་བསྔལ་དེ་དག་ཞི་བར་འགྱུར་ཏེ། ཇི་སྐད་དུ་ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། ་གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་ཞེས་གྲག་ཅེས་བཤད་ལ། ཡང་འཕགས་པ་ནཱ་གཱརྫུ་ནའི་ཞལ་སྔ་ནས་ཀྱང། ཀུན་རྫོབ་ཉོན་མོངས་ལས་ཀྱིས་བསྐྱེད། ལས་ནི་སེམས་ལས་བྱུང་བ་སྟེ། །སེམས ་ཀྱང་བག་ཆགས་རྣམས་ཀྱིས་བསྒོས། །བག་ཆགས་བྲལ་བས་བདེ་བའོ། །བདེ་བའི་སེམས་ཀྱིས་ཞི་འགྱུར་ཞིང། །ཞི་བའི་སེམས་ནི་མི་རྨོངས་སོ། །མ་རྨོངས་པས་ནི་དེ་ཉིད་རིག། དེ་ཉིད་རིག་པས་ཐར་བ་ཐོབ་ཅེས་གསུངས་ཏེ། དེ་བས་ན་འདི་ས་ནི་རྒྱུད་པའི་དབང་གིས་སྡུག་བསྔལ་ཞི་བར་འགྱུར་ཏེ། སངས་རྒྱས ་རྣམས་ནི་འབྱུང་བ་བདེ་ཞེས་བྱ་བ་བཞིན་ནོ། །དེ་ལྟར་ན་རྩ་བ་གཅིག་པོ་འདིས་ནི་བསྟན་བཅོས་འདིའི་དགོས་པ་ལ་སོགས་པ་བསྟན་ཏོ། །ཇི་ལྟར་སྦྱར་བའི་གཞུང་བསྟན་བཅོས་སུ་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་བ་ནི་རྗོད་པར་བྱེད་པའོ། །དེས་ཡང་དག་པར ་བསྟན་པའི་དོན་རྣམས་ནི་བརྗོད་པར་བྱ་བ་སྟེ། འདི་གཉིས་ཕན་འདོགས་པར་ཕན་ཚུན་གནས་པ་ནི་འབྲེལ་པའོ། །འབྲེལ་པ་ཡོད་པས་དོན་དངོས་དང་བརྒྱུད་པ་ཁོང་དུ་ཆུད་པ་ནི་དགོས་པ་སྟེ། སྔར་བསྟན་པའི་ཚུལ་གྱིས་སྡུག་བསྔལ་དང་བྲལ་ཞིང་བདེ་བ་ཆེན་པོའི་མཛའ་ཨི་བར་དུ་ཐོབ་ནས་འཁོར་བ་ཇི་སྲིད་དུ ་བཞུགས་པའི་སངས་རྒྱས་ཉིད་ནི་དགོས་པའི་དགོས་པའོ། །དེ་ལྟར་དགོས་པའི་དགོས་བ་ནི་དངོས་པོ་ནར་སྨོས་ལ། ལྷག་མ་རྣམས་ནི་དོན་གྱི་དབང་གིས་བསྟན་པར་བྱ་སྟེ། དེས་ན་ཕྱིར་ཞེས་བྱ་བ་ནི་དགོས་པ་ལ་སོགས་པ་ཡོད་པའི་ཕྱིར་སྦྱར་བའོ་ཞེས་བྱ་བར་གནས་སོ། །ཅི་ཞིག་སྦྱར་ཞེ་ན། ཡེ་ཤེས ་སྙིང་པོ་ཀུན་ལས་བཏུས་བ་སྦྱར་རོ། །ཡེ་ཤེས་ནི་རྟོག་གེའི་ལྟ་བ་ཇི་སྙེད་པས་ཏེ། ཇི་སྐད་དུ་སེམས་ནི་ཡུལ་དང་འབྲེལ་པ་སྟེ། རྟོག་གེ་དག་ལ་ཡེ་ཤེས་འཇུག་།སྣང་བ་མེད་དང་བྱེ་བྲག་ལ། །ཤེས་རབ་ཡང་དག་རབ་ཏུ་འཇུག་།ཅེས་གསུངས་པ་བཞིན་ནོ། །དེ་ལྟ་ན་ཡ་མཚན་ཅན་དགུ་བཅུ་རྩ ་དྲུག་དག་ལས་འཕྲོས་པའི་ཆོས་འདི་པ་ལ་རྩོད་པ་སྨྲ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་དག་གི་ལྟ་བ་དང། ཆོས་འདི་གྲུབ་བའི་མཛའ་སྟེ་གཞི་རྣམ་པ་བཅོ་བརྒྱད་དུ་གྱེས་པ་ལ་སོགས་པ་ཐམས་ཅད་འདིར་སྟོན་ཏམ་ཞེ་ན། དེའི་ཕྱིར་སྙིང་པོ་ཞེས་སྨོས་ཏེ། རང་དང་གཞན་གྱི་ལྟ་བ་ལས་གང་དང་གང་གཅེས་ཤིང་ངེས ་པར་ཁོང་དུ་ཆུད་པར་བྱ་དགོས་པ་དེ་དག་ཙམ་ཞིག་འདིར་སྟོན་ཞེས་པ་སྟེ། དེ་བས་ན་ཀུན་ལས་བཏུས་པ་ཞེས་སྨོས་ཀྱི། ཀུན་བཀོད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་མ་གསུངས་སོ། །གཞན་དག་ལས་ནི་ཡེ་ཤེས་ཀུན་ལས་བཏུས་པའི་སྙིང་པོ་སྦྱར་ཞེས་འདོན་ཅིང། སྙིང་པོ་ནི་དོན་མེད་པའི་བདེན་པ་གཏན ་ལ་ཕབ་པའོ། །ཞེས་འདོད་དོ། །འདི་སུ་ཞིག་གིས་སྦྱར་ཞེ་ན། དེའི་ཕྱིར་འཕགས་པ་ལྷས་སྦྱར་བའོ་ཞེས་སྨོས་ཏེ། འདི་ས་བརྒྱད་བ་མི་གཡོ་བ་བརྙེས་པའི་ཕྱིར་འཕགས་པའོ། །དེ་ཉིད་རབ་ཏུ་མཛེས་པའི་ཕྱིར་ལྷ་དང་འདྲ་བས་ན་ལྟ་སྟེ། གང་གི་ཚེ་མཆོག་སྲེད་ལ་སོགས་པ་བཏུལ་ནས་སླར་དཔལ་གྱི ་རི་ལ་བླ་མའི་སྤྱན་སྔར་གཤེགས་པའི་ལམ་དུ་སྐྱེས་བུ་ཞིག་སློབ་དཔོན་འདིའི་སྤྱན་པདྨའི་འདབ་མ་གཞོན་ནུ་ལྟ་བུ་ལ་ཆགས་པས་བསྟོད་པ་ན་དེའི་སྲེད་པ་ཞི་བར་བྱ་བའི་ཕྱིར། །སོ་མོའི་རྩེ་མོས་སྤྱན་གཡས་པ་ཕྱུང་ནས་དེ་ལ་གནང་སྟེ། དེ་ནས་འཕགས་པ་ཀླུ་སྒྲུབ་ལ་ཇི་ལྟར་གྱུར་པ་བསྙད་པ་ན ་འཕགས་པ་མ་དགྱེས་ཏེ། ཁྱོད་ནི་ཞར་བ་གླེན་པའོ། །ཞེས་སྤྱོས་ཏེ། དེ་ནས་བཟུང་སྟེ་ཀཱ་ནཱའི་རིགས་ཞེས་གྲགས་སོ་ཞེས་པ་དང། ཡུལ་གྱི་བཟང་མོ་ཐམས་ཅད་ཆགས་པའི་དབང་གིས་རང་རང་གི་བུ་སློབ་དཔོན་ལྟ་བུ་བཙས་སོ། །ཞེས་གྲགས་པའི་ཕྱིར་རོ། །སྦྱར་བའོ་ཞེས་བྱ་བ་ནི་བཀོད་པའོ ་ཞེས་བྱ་བའི་དོན་ཏེ། རྩ་བ་འདིས་ནི་དད་པས་རྗེས་སུ་འབྲེང་བ་རྣམས་དགའ་བའི་ཕྱིར་ཞེས་བསྟན་པར་འགྱུར་རོ། །བདག་ཉིད་ཆེན་པོ་འདི་ལྟ་བུ་ས་འོག་མའི་སློབ་མར་གནས་པ་ནི་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་བླ་མ་ལ་གུས་པར་བརྟེན་པར་བྱ་བའི་ཕྱིར་དང། གང་གིས་དང་པོར ་ཡོངས་སུ་སྨིན་པར་བྱས་པའི་དགེ་བའི་བཤེས་གཉེན་དེ་དག་ནི་སངས་རྒྱས་ཀྱི་ས་པས་ཀྱང། སོ་སོའི་སྐྱེ་བོའི་ས་པ་དག་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་བཙལ་བར་བྱ་ཞིང་བསྐོར་བ་བྱ་བའི་ཕྱིར་རོ། །དེ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གང་གི་ཚེ་རྒྱལ ་པོ་མཐར་འགྲོ་ཞོན་གྱི་བུའི་ཕྱིར་ཉིད་ཀྱི་ཚེ་ཡོངས་སུ་བཏང་བ་ན། སློབ་དཔོན་འཕགས་པ་ལྷ་འདིས་ཀྱང་དེ་ལྟར་བཏང་སྟེ། དུས་གཅིག་ཏུ་བདེ་བ་ཅན་དུ་གཤེགས་སོ། །གཞུང་བཀོད་པ་གང་ཞེ་ན། དངོས་དང་དངོས་མེད་ལས་གྲོལ་ཞིང། །དངོས་དང་དངོས་མེད་རབ་ལྡན་པ། །འགྱུར་བ་མེད་པ ་གྲོལ་བའི་མཆོག་།ཡིད་ཀྱི་རང་བཞིན་གྲོལ་པའི་གནས། །གང་ཡིན་དེ་ལ་བསམ་གཏན་གྱིས། །རྟོག་སེམས་འཁོར་ལོ་འཛིན་བྱེད་པ། །འགྲོ་དང་དངོས་པོའི་ངོ་བོ་རྣམས། །རིག་པའི་མིང་དུ་དེ་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ལ་དངོས་པོ་ལས་གྲོལ་བ་ནི་རྟག་བར་འདོད་པ་ལ ་སོགས་པ་བྱིས་བས་ཇི་ལྟར་རྟག་པས་དབེན་པ་སྟེ། རིགས་ཀྱི་བུ་དེ་ལ་དོན་དམ་པ་ནི་གང་ལ་སེམས་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པས་དངོས་པོ་རྣམས་བཀག་པ་སྟེ། དངོས་པོ་ནི་ཡོད་པའི་མིང་གཞན་ཡིན་པའི་ཕྱིར་རོ། །དངོས་མེད་ལས་གྲོལ་ཞིང་ཞེས་བྱ ་བ་ནི་འཇིག་རྟེན་རྒྱང་བན་བ་ཤིན་ཏུ་མེད་པར་ཞེན་པས་ལས་དང་འབྲས་བུ་ཐལ་བར་རློག་པ་ལ་སོགས་བའི་ལྟ་བ་དངོས་མེད་དེ། དེ་ལས་གྲོལ་བ་ནི་ཀུན་རྫོབ་ཏུ་དངོས་པོ་རྣམས་སྒྱུ་མ་ཙམ་དུ་མངོན་སུམ་དུ་གྱུར་པའི་ཕྱིར་མེད་པ་ལས་གྲོལ་བ་ཉིད་དུ་གྲུབ ་སྟེ་གྲོལ་བ་ནི་དེས་དབེན་པ་ཉིད་དོ། །དེ་བས་ན་དངོས་དང་དངོས་མེད་རབ་ལྡན་པ། །ཞེས་བྱ་བ་འདི་ལེགས་པར་གྲུབ་སྟེ། །ཀུན་རྫོབ་ཏུ་དངོས་པོ་དང་རབ་ཏུ་ལྡན་པ་ཡིན་ལ། དོན་དམ་པར་ནི་དངོས་པོ་མེད་པ་དང་རབ་ཏུ་ལྡན་པ་སྟེ། དོན་དམ་པར་དངོས་པོ་མེད་པའི་མཚན་ཉིད་དང་ལྡན་པར ་བསྟན་པ་འདི་ཡང་ཐ་སྙད་དུ་ཡིན་གྱི་ཡང་དག་པར་ནི་མེད་པར་རྟག་ཏུ་ཡང་མེད་དེ། སྐྱེ་བ་ལ་སོགས་བཀག་པར་ཡང། །ཡང་དག་པ་དང་མཐུན་ཕྱིར་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ་ཞེས་བཤད་ལ། ཡང་དེ་ཡང་ཀུན་རྫོབ་ཀྱི ་བདེན་པ་ལ་གནས་ནས་དོན་དམ་པའི་བདེན་པའི་ཡུལ་ལ་དགག་པར་བྱ་བ་ཡིན་གྱི། དོན་དམ་པ་ཉིད་དུ་ནི་བརྗོད་པ་མེད་པའི་ཕྱིར་དགག་པའི་ཐ་སྙད་ཀྱང་མེད་དོ། །ཞེས་བསྟན་པ་ལྟ་བུའོ། །གལ་ཏེ་དོན་དམ་པར་ཡོད་པ་དང། མེད་པ་གཉིས་ཀ་ལས་དབེན་ན་ཅིའི་ཕྱིར་མེད་པ་ཁོ ་ནས་དེ་ཕལ་ཆེར་བསྟན་ཅེ་ན། འདི་ནི་བྱིས་པ་རྣམས་ཐོག་མ་མེད་པའི་འཁོར་བ་ནས་ཡོད་པ་ལ་མངོན་པར་ཞེན་པས། དེ་བསལ་བ་ལ་ཆེས་འབད་བའི་ཕྱིར་དགག་པ་གཙོ་ཆེར་མཛད་པས། །གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་རྟགས་ཡོད་དང་མེད་པ་བྱེད།། ་ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་ཞིག་འདི་ཤེས་ངེས་པར་འབྱུང་ཞེས་བྱ་བ་ལ་སོགས་པ་མེད་པའི་བསྔགས་པ་མཛད་པས་བསྟན་ཏོ། །དེ་ལྟར་ཡོད་པའི་མངོན་པར་ཞེན་པ་ལོག་པ་ན་ཡང་མེད་པའི་མངོན་པར་ཞེན་པར་ཇི་ལྟར་མི་འགྱུར་ཞེ་ན། ་དེ་ནི་མ་ཡིན་ཏེ་ཡོད་པ་བརྫུན་པར་ཤེས་པ་དེའི་གྲོགས་བལྟོས་པས་བཞག་པའི་མེད་པ་བརྫུན་པ་ཡིན་པར་ཤེས་པ་ངེས་པར་འབྱུང་སྟེ། དེ་ལྟར་ན། གང་ཚེ་གང་ནི་མེད་དོ་ཞེས། །རྟག་པའི་དངོས་པོ་མི་དམིགས་པ། །དེ་ཚེ་ཅུང་ཟད་མེད་དོ་ཞེས། །རྟོག་པ་གཉིས་ཀྱི་སྤངས་པར་འགྱུར། །ཞེས ་བཤད་པ་ཉིད་དོ། །དེ་ལྟར་ན་རྩ་བ་གཉིས་པོ་འདིས་ནི། །འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་གཉིས་པོ་འདི་དག་ཉིད་ཀྱིས་གཟིགས། །ཀུན་རྫོབ་གང་ཡིན་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གཞན་ནི་ཡོད་མ་ཡིན། །ཞེས་གསུངས་པས་བདེན་པ་གཉིས ་ལགས་པར་བསྟན་པས་འཇུག་པའི་ལམ་མ་ནོར་བ་ཐོག་མ་ཉིད་དུ་བསྟན་པ་མཛད་པར་ཤེས་པར་བྱ་སྟེ། ཇི་སྐད་དུ་ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་བའི་སྲབ་སྐྱོགས་འཇུག་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ་ཅེས་བཤད་པ་བཞིན་ནོ། །ད་ནི ་བདེན་པ་གཉིས་ཀྱི་ཤིང་རྟ་ལ་ཞོན་ནས་ཤེས་རབ་ཀྱི་མིག་རྣམ་པར་དག་པས་དོན་དམ་པའི་བདེན་པ་མཐོང་བར་བྱ་བའི་ཕྱིར། །འགྱུར་བ་མེད་པ་གྲོལ་བའི་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱི་འོད་གསལ་བའི་སེམས་ནི་དོན་དམ་པར་འཕེལ་འགྲིབ་མེད་པས་ན་འགྱུར་བ ་མེད་པའོ། །དེ་ལྟར་རང་གི་སེམས་འགྱུར་བ་མེད་པ་དེ་ཉིད་མུ་སྟེགས་བྱེད་དང། འཕགས་པ་ཉན་ཐོས་ལ་སོགས་པའི་ཐར་པ་བས་རྒྱུའི་དུས་ན་དམིགས་པ་ལ་སོགས་པས་དམ་པ་ཡིན་ལ། འབྲས་བུའི་དུས་ན་ཡིད་དམ་པར་འགྲུབ་པ་དང། ལས་ཆེན་པོར་དམ་པར་འགྱུར་བའི་ཕྱིར་། ་གྲོལ་བའི་མཆོག་ཉིད་ཏེ། གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་གསུངས་པ་ལྟ་བུའོ། །ཇི་ལྟར་ཁོང་དུ་ཆུད་པར་འགྱུར་ཞེ་ན། དེ་ཕྱིར་ཡིད་ཀྱི་རང་བཞིན ་གྲོལ་བའི་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀྱི་རང་བཞིན་ཐར་པའི་གནས་ཡིན་པར་བསྟན་ཏེ། གནས་ཀྱི་སྒྲ་ནི་རྒྱུར་བ་ལྟ་བར་བྱ་སྟེ། འབྲས་བུ་འབྱུང་བའི་གནས་ཞེས་པའོ། །དེ་ལྟར་ཡང་གསུངས་པ། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མི ་བལྟའོ། །ཞེས་པ་དང་ཡང་གསུངས་པ། གསང་བའི་བདག་པོ་བྱང་ཆུབ་དང། །ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ། །ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་རྒྱུ་ཡིན་ཞེ་ན། གང་ཡིན་དེ་ལོ་བསམ་གཏན་གྱིས། །རྟོག་སེམས་འཁོར་ལ་འཛིན་བྱེད་པ། །དེ་ནི ་གྲོལ་བའི་གནས་སོ་ཞེས་ཁོང་ནས་དབྱུང་སྟེ། །སེམས་ཀྱི་ཡང་དག་པ་ཇི་ལྟ་བ་གང་ཡིན་པ་དེ་ལ་འཛིན་པར་བྱེད་པ་ཞེས་ཀྱང་སྦྱར་རོ། །གང་གིས་གང་ཉིད་འཛིན་ཅེ་ན། བསམ་གཏན་གྱིས། རྟོག་སེམས་འཁོར་ལོ་འཛིན་བྱེད་པ་།ཞེས་སྨོས་ཏེ། བསམ་གཏན་ནི་ཏིང་ངེ ་འཛིན་དང་བཅས་པས་ཏེ་དེས་འཛིན་ཏོ། །རྟོག་པའི་རང་བཞིན་གྱི་སེམས་སམ། རྟོག་པ་དང་བཅས་པའི་སེམས་ནི་རྟོག་སེམས་ཏེ། དེ་ཉིད་ཡང་དང་ཡང་དུ་ཡུལ་ལ་འཇུག་པ་དང་ལྡོག་པར་བྱེད་པས་འཁོར་ལོ་སྟེ། དེ་འཛིན་པར་བྱེད་དོ། །ཇི་ལྟར་འཛིན་པར་ནི་འོག་ནས་འཆད་པར ་བྱེད་དོ། །ད་ནི་ཡོན་ཏན་བསྟན་པའི་ཕྱིར། འགྲོ་དང་དངོས་པོའི་ངོ་བོ་རྣམས། །རིག་པའི་མིང་དུ་དེ་བརྗོད་དོ་ཞེས་སྨོས་ཏེ། །ཀུན་རྫོབ་ཏུ་ནི་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ། དུས་གསུམ་ཡང་སེམས་ཙམ་མོ་ཞེས་གསུངས་པས། རང་གི་སེམས ་ཤེས་པས་མ་ལུས་པ་ཤེས་པ་ཡིན་ལ། དོན་དམ་བ་ནི་དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་དུ་མཐོང། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང། །ཞེས་གསུངས་པས་ན་འདི་འཐད་པར་འགྱུར་རོ།། ་འགྲོ་བ་ནི་སེམས་ཅན་ནོ། །དངོས་པོ་ནི་སྣོད་ཀྱི་འཇིག་རྟེན་ཉིད་ཏེ། ངོ་བོ་རྣམས་ཞེས་བྱ་བ་ནི་གཉིས་ཀ་ལ་སྦྱར་རོ། །རིག་པ་ནི་རྟོག་པ་སྟེ། དེ་ལ་རིག་པར་བརྗོད་པར་རིགས་ཀྱི་གཞན་ལ་མ་ཡིན་པས་ན་མིང་དུ་དེ་ཁོ་ན་བརྗོད་དོ། །ཞེས་དགོངས་སོ། །ད་ནི་ནན་ཏན་དང་བྲལ་བ་རྣམས་ལ ་དེ་རྟོགས་པར་དཀའ་བར་སྟོན་པ། དངོས་མེད་སྟོང་བ་མཁའ་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཀུན་རྫོབ་ཀྱི་བདེན་པ་ཡང་དག་པ་དང། ཡང་དག་པ་མ་ཡིན་པ་དག་མེད་པ་ནི་དོན་དམ་པ་སྟེ། འདིས་ནི་དོན་དམ་པ་ཀུན་རྫོབ་ཀྱི་བདེན་པ་ལས་བཟློག་པའི་རང་བཞིན་དུ་སྟོན་ཏོ།། ་དེ་ལྟར་ན་དེ་ནི་སྟོང་པའི་རང་བཞིན་དུ་གྲུབ་པོ། །ང་ནི་རི་བོང་གི་རྭ་ལ་སོགས་པ་ལྟར་ཤིན་ཏུ་མེད་པར་རྟོག་པ་དགག་ཅིང་རང་བཞིན་གྱི་འོད་གསལ་བའི་ངོ་བོ་དེ་བསྟན་པའི་ཕྱིར་མཁའ་འདྲ་བ། ཡོད་པ་རྣམ་པར་སྤངས་པ་ནི་ཞེས་པ་སྨོས་ཏེ་མཁའ་ནི་ནམ་མཁའ་ཨོ། །དེ་ཉིད་ཅི་ཞིག་གང ་སྟེང་ན་སྔོན་པོར་སྣང་བ་འམ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ཁ་དོག་གི་ཁྱད་པར་ཉིད་ཀྱི་ཕྱིར་དཔེར་མི་རུང་ངོ། །འོ་ན་གང་ལས། བུ་ག་ནམ་མཁའ་ཨི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ནོ་ཞེས་སྨྲས་པ་འམ་ཞེ་ན། འདི་ཡང་མི་འདོད་ཏེ། ཁ་དོག་གི་ཁྱད་པར་ཉིད་ལ་ནམ་མཁར་བཏགས་པས་དཔེར་མི་བྱེད་དོ། །དེ ་ལ་ནམ་མཁའ་ཞེས་པ་འདི་གང་ཞེ་ན། འདི་རྗེས་སུ་དཔག་པ་ཙམ་གྱི་ཡིད་ཆེས་པར་བྱ་བ་གོ་འབྱེད་པའི་བདག་ཉིད་དོ། །དེས་ན་དངོས་པོ་ཡོད་པ་ཡང་མ་ཡིན་ལ། ཤིན་ཏུ་མེད་པ་ཡང་མ་ཡིན་པ་སྟེ། གལ་ཏེ་ཤིན་ཏུ་མེད་ན་འདིས་གོ་འབྱེད་པའི་ནུས་པ་ཡང་མེད་དམད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར ་རི་བོང་གི་རྭ་དང་མཚུངས་སོ། །གལ་ཏེ་རི་བོང་གི་རྭ་མེད་པ་ཡང་གོ་འབྱེད་པ་ཉིད་དེ། རྭ་མེད་པའི་ཕྱོགས་མགོའི་རྭའི་གནས་སུ་ཐུར་མ་བཙུགས་པ་ལ་སོགས་པ་ནུས་སོ་ཞེ་ན། དེ་ཡང་ནམ་མཁའ་ཉིད་ཀྱིས་ཏེ། རི་བོང་གི་རྭ་མེད་པ་ཉིད་ཡོད་པས་གོ་འབྱེད་པ་ནི་མ་ཡིན་ནོ། །དེ་བས་ན་ནམ་མཁའ་ཉིད ་གོ་འབྱེད་པ་ཡིན་ཏེ། གསང་བའི་བདག་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ཨི་ཁམས་ནི་སེམས་ཅན་ཡང་མ་ཡིན། སྲོག་ཀྱང་མ་ཡིན། ཤེད་ཅན་ཡང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། བཟུང་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང། རྟོག་པ ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ། འདི་ལ་ནི་ཐེ་ཚོམ་མེད་དོ་ཞེས་གསུངས་པ་ལྟའོ། །འདི་ཡང་མེད་པ་ཡང་མ་ཡིན་ལ། སྐྱེ་བོ་རྣམས་ཀྱིས་མངོན་སུམ་གྱིས་མི་སོད་པས་ན ་རབ་ཏུ་ཟབ། མ་བརྟག་པའི་དུས་ན་ཡོད་པ་དང་མེད་པ་གང་ཡིན་པ་ཉིད་ལ་ཡང་དག་པར་བརྟག་པའི་ཚེ་རྣམ་པར་རྟོག་པ་གང་གིས་ཀྱང་རིག་པར་མི་ནུས་པས་དོན་དམ་པའི་བདེན་པ་ཉིད་དེ། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། མཚན་ཉིད་མེད་ཅིང་སྐྱེ་བ་མེད། །ཚིག་གི་ལམ་མིན ་འདུས་མ་བྱས། །བྱང་ཆུབ་སེམས་དང་ནམ་མཁའ་དང། །བྱང་ཆུབ་རྣམས་ནི་གཉིས་མེད་ཉིད། །ཅེས་བཤད་ཅིང། ཡང་གཞན་ལས། གསང་བའི་བདག་པོ་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པ་འདི་ལྟ་སྟེ། ནམ་མཁའ་ཨི་མཚན་ཉིད་དོ། །ཅེས་གསུངས་ཏེ། འདི་ནི་དཔེར་བརྗོད་པའི་ནམ་མཁའ་ ་ཡིན་ལ། དེ་དང་འདྲ་བ་ནི་བྱས་པ་རྣམས་ལ་བསྟན་པའི་ཕྱིར་སྨོས་ཀྱི། རིགས་པའི་ལམ་དུ་ཞུགས་པ་རྣམས་ཀྱིས་ནི་མིང་ཐ་དད་མོད་ཀྱི་དོན་འདྲ་བའི་ངོ་བོ་ཉིད་གཅིག་པར་སྟོན་པའི་སྒྲར་ཁོང་དུ་ཆུད་པར་བྱའོ། །དེས་ན་སྔར་བསྟན་པའི་ཚུལ ་གྱིས་ཀུན་རྫོབ་ཏུ་ཡོད་པ་རྣམ་པར་སྤངས་པ་ཞེས་བྱ་བ་འདི་གྲུབ་བོ། །དོན་དམ་པར་ནི་མེད་པ་ཡང་སྤངས་ལ་གཉིས་ཀ་མ་ཡིན་པ་ཡང་སྤངས་སོ། །ངོ་ནི་དེ་ཉིད་མཆོག་སྟེ་མུ་སྟེགས་བྱེད་ཀྱི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔར་བསྟན་ཅིང། དེ་ཉིད་ཉི་ཤུ་ལྔ་ཤེས་ན། རལ་པ་འམ་མགོ ་ཏག་གཙུག་པུད་ཀྱིས། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་སྨྲ་བ་ལ་སོགས་པ་སྟེ། དེ་དག་པས་འདི་མཆོག་ཉིད་དེ་འདི་ནི་མི་བསླུ་བའི་ཕྱིར་རོ། །ཐར་འདོད་རྣམས་ཞེས་བྱ་བ་ནི། ཕྱི་རོལ་པ་དང། ཆོས་འདི་པ་འཁོར་བ་ལས་འབྱུང་བར་སྤྲོ་བ ་རྣམས་སོ། །འཁྲུལ་དང་རྨོངས་ཆེན་གནས་ཡིན་ནོ། །ཞེས་བྱ་བ་ལ་གང་དང་པོ་ཉིད་དུ་བློ་རང་བཞིན་དང་འགལ་བར་སྐྱེས་པ་ནི་འཁྲུལ་པ་སྟེ། དེའི་འོག་ཏུ་ལོག་པ་ལ་ཡང་དག་པར་འཛིན་པ་ནི་མངོན་པར་ཞེན་པ་ངན་པ་བསྟན་པར་གྱུར་པས་ན་རྨོངས་ཆེན་ནོ། །དེ་དག་གི ་རྒྱུ་ནི་གནས་ཡིན་ནོ་ཞེས་བྱ་བ་སྟེ། འདིར་འཁྲུལ་པའི་རྒྱུ་ནི་དངོས་པོར་གྱུར་པ་གཞན་བྱེད་པ་པོ་ལྟ་བུ་ཅི་ཡང་མེད་དེ། ཇི་ལྟར་ནམ་མཁའ་གོ་འབྱེད་པ་མ་ཡིན་པ་འབྱེད་པ་པོ་གཞན་སུ་ཡང་མེད་པ་ལྟ་བུ་སྟེ། དོན་འདི་ནི་འོག་ཉིད་ནས། དེ་ཉིད་དམ་པ་མཁའ་འདྲལ། ་གང་དག་སེམས་ནི་རབ་རྨོངས་པ། །དེ་དག་ཆོས་ཅན་ནམ་མཁའ་ལ། །མཆོག་ཏུ་རྨོངས་པ་དག་ཏུ་འགྱུར། །ཞེས་སྨོས་པས་གསལ་བར་མཛད་པ་ཉིད་དོ། །དེ་ནི་དེ་ལྟར་ཟབ་ཅིང་རྟོག་པར་དཀའ་བ་དེའི་འཐད་པ་བསྟན་པའི་ཕྱིར། རེ་ཞིག་དངོས་གང་ཡོད་ན་ནི། །རྣམ ་པར་འཇིག་པའི་གནས་ལ་གནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡོད་པ་དང་མེད་པ་གཉིས་ཀ་རིགས་པས་གནོད་པས་ན་འཁྲུལ་པ་རྣམ་སྤོང་དགོས་སོ། །ཞེས་སྟོན་པར་མཛད་དོ། །རེ་ཞིག་ཅེས་བྱ་བ་ནི་དོན་རིམ་གྱི་སྟོན་པའི་ཚིག་ཉིད་ཏེ། རིམ་པ ་ཡང་ཐོག་མར་དངོས་པོ་ཡོད་པའི་ཉེས་བ་བསྟན་ཅིང། དེ་ནས་མེད་པའི་ཉེས་པ་སྟོན་ལ། དེ་ནས་དབུ་མའི་ལྟ་བ་སྟོན་པའོ། །དངོས་གང་ནི་བྱིས་པས་བརྟགས་པ་ཁོ་ན་ལྟར་རོ། །དེ་ལྟར་ཡོད་ན་ནི་སྟེ་ཡོད་པར་རྟོག་ན་ནི་ཉེས་པ་འདི་འབྱུང་སྟེ། རྣམ་པར་འཇིག་པའི་གནས་སྐད་ཅིག་རེ་རེ་ལ་འཇིག ་པ་དང། མཐར་ཆད་པའི་གནས་ལ་དེ་དག་གནས་པར་འགྱུར་བ་ནི་མི་རིགས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་མེད་དོ་ཞེ་ན། དངོས་པོ་རྣམས་ནི་མེད་ན་ཡང། །སྟོང་པ་ཉིད་ལས་སྐྱེ་བར་འགྱུར་ཏེ། །དེ་ལྟར་ན་རྟག་ཏུ་ཡོད་པ་འམ་མེད་པར་འགྱུར་ཏེ། རྒྱུ་ལ་རག་ལས་པ་མེད་པའི་ཕྱིར་རོ། །དེ་ནི ་བླ་མའི་ལུང་གིས་འཁྲུལ་པ་དེ་སེལ་བར་སྟོན་པས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་མའི་ལུང་གིས་ལོག་པར་འཛིན་པ་སུན་འབྱིན་པའི་རིག་པ་ཤེས་པར་འགྱུར་བ་དེ་ཕྱིར་ཡོད་པ་དང་མེད་པའི་ཕྱོགས་གཉིས་ལས་ཡོད་པའི་ཕྱོགས་སྐམས་ཤིང་མེད་པའི་ཕྱོགས་ཀྱང་ཡོངས་སུ་སྐེན་ས་པ་ནི་མཁས་པ ་རྣམས་ཀྱིས་བགྲོད་པར་བྱ་བའི་གོ་འཕང་མཆོག་ཏུ་ཕྲ་བའི་ལྟ་བ་དེ་བླ་མའི་ཞལ་ནས་གནས་པའོ། །དེའི་ཕྱིར་ཆོས་ལ་འབད་པ་མེད་ན་ནི། །གང་ཕྱིར་དེ་ཉིད་མི་འགྲུབ་པ། །དེ་ཕྱིར་མཁས་པས་ནན་ཏན་གྱིས། །ཆོས་ལ་ལེགས་པར་བལྟ་བར་བྱ། །འཇིག་རྟེན་མགོན་གྱིས་གསུངས ་པ་ཡང། །མཆོག་ཏུ་རྩམ་བྱ་ཡིན་པ་ལའང། །ཕྱག་བྱས་ནས་ནི་བརྩམ་ལ་འཇུག་།གང་གང་ཉན་པ་གུས་པས་སོ། །བསྲེགས་བཅད་བ་དང་པའི་གསེར་བཞིན་དུ། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཡོངས་སུ་བརྟགས་ལ་ང་ཡི་བཀའ་། །བླང་བར་བྱ་ཡི་གུས་ཕྱིར་མིན། །དེ་བས ་འབད་པས་བླ་མ་ནི། །ཡང་དང་ཡང་དུ་མཆོད་བྱ་ཞིང། །གང་ཕྱིར་སེམས་ནི་བརྟན་གྱུར་པས། །ཉེ་བར་བརྟན་པ་ཡོངས་སུ་དྲི། །ཞེས་འཆད་པར་འགྱུར་པ་ཡང་སྦྱར་རོ། །ད་ནི་ཇི་ལྟ་བ་ཉིད་རྟོགས་པའི་བདག་ཉིད་ཆེ་བ་སྟོན་ཏེ། །གང་ཡོད་དེ་ཀུན་འདི་རྣམས་འཇིག་།གང་མེད་དེ་ཡང་འབྲས་བུ ་མེད་པས་གཉིས་ཀ་ལྟར་མི་འཐད་ཅིང། དེས་ན་གཉིས་ཀྱི་དབུས་ན་གནས་ཏེ། དབུ་མའི་ལྟ་བ། །རབ་ཕྲ་མཁས་པ་གང་གིས་རྟོག་།དེ་ཉིད་དེ་གོན་ཉིད་རིན་ཆེན་མཆོག་སྟེ། འདི་ཡང་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི། ཡོད་ཅེས་མེད་ཅེས་གཉིས་ཀ་མཛའ་། །དག་དང་མ་དག ་འདི་ཡང་མཛའ་། །དེ་བས་མཛའ་གཉིས་རྣམས་སྤངས་ཏེ། །མཁས་པས་དབུས་ལའང་གནས་མི་བྱེད། །ཅེས་བསྟན་པའི་ཕྱིར་རོ། །ད་ནི་དབུ་མའི་བསྟན་བཅོས་རྣམས་ནི་དགག་པ་གཙོ་ཆེ་བའི་ཕྱིར་དགག་པར་བརྟེན་ནས། ཆོས་ལ་སྒྲ་ཇི་བཞིན་པར་འཛིན་པའི ་ཆོས་འདི་པ་དག་དང། འཇིག་རྟེན་རྒྱང་པན་པའི་ལྟ་བ་བསལ་བའི་ཕྱིར། དངོས་པོ་མེད་པ་ཉི་ཚེ་ལ། །རྨོངས་པ་རྣམས་ནི་ཉེ་བར་གནས། །ཁོང་དམྱགས་དམན་པའི་གནས་ལ་ནི། །བླུན་པོ་དེ་དག་འདི་ན་གནས་ཞེས་སྨོས་ཏེ། འདིར་དངོས་པོ་ཉི་ཚེ་ལ་ཉེ་བར་གནས་པའི་རྨོངས་པ ་རྣམས་ནི་གསུམ་སྟེ། འཇིག་རྟེན་ཕ་རོལ་དང་སྐྱེ་བ་སྔ་མ་སུན་འབྱིན་པའི་འཇིག་རྟེན་རྒྱང་པན་པ་དང། སངས་རྒྱས་ཀྱིས་ཀུན་ཏུ་བཟང་པོ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀུན་རྫོབ་ཏུ་མི་གནས་པར་སྨྲ་བ། འབྲས་བུ་ལ་སྐུར་པ་འདེབས་པ་རྣམས་དང། དོན་དམ་པར་རང ་བཞིན་མེད་པའི་ཕྱིར་ཀུན་རྫོབ་ཉིད་དུ་ཡང་སྡིག་པ་སྤྱོད་པས་གནོད་པ་མེད་དོ་ཞེས་ཆོས་ལ་སྒྲ་ཇི་བཞིན་དུ་འཛིན་པའི་ལྟ་བ་ཅན་རྣམས་སོ། དེ་ལ་དང་པོའི་དབང་དུ་བྱས་ཏེ་ནི་དངོས་པོ་མེད་པ་སྐྱེ་བ་དང། ཆད་ནས་ཡང་མི་འབྱུང་བར་སྒྲུབ་པའི་རྗེས་སུ་དཔག་པ་མེད་པའི ་ཕྱིར་དང། རྗེས་སུ་དཔག་པ་དང་གྲགས་པས་ནི་ཁྱད་ལ་གནོད་པར་འགྱུར་བའི་ཕྱིར་དང། རྟག་པར་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་དང། རྟག་ཏུ་ཡོད་པ་འམ་མེད་པ་ཞིག་ཏུ་འགྱུར་བའི་ཕྱིར་ཞེས་བྱ་བའི་གནོད་པ་ཡོད་དོ། །གཉིས་པ་ལ་ཡང་ཉོན ་མོངས་ཟད་པའི་དགེ་སློང་གི། འཁོར་བ་གལ་ཏེ་རྣམ་ལྡོག་ན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང། །ཅི་ཕྱིར་དེ་ཡི་རྩོམ་མི་བཤད། །རྩོམ་པ་ཡོད་ན་ངེས་པར་ཡང། །ལྟ་བར་འགྱུར་བ་ཡོངས་སུ་འཛིན་ཞེས་བརྗོད་པའི་ཉེས་པ་བཞག་པ་ལྟར་གནས་ལ། གལ་ཏེ་བདག ་ཅིག་མེད་པར་གྱུར་པ་ནི། །དེ་ཡི་སྤྱོད་ཡུལ་ཞི་བ་སྟོང་པ་མེད། །རང་བྱུང་རྡུལ་རྣམས་ཤིན་ཏུ་བསལ་བ་ཡི། །བདེ་གཤེགས་རྣམས་ཀྱི་སྐུ་ཡང་ཇི་ལྟར་འབྱུང། །ཞེས་གསུངས་པ་ཡང་ཇི་ལྟར་དྲང། འདིར་བདག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་བར་ངེས་སོ། །གསུམ་པ་ལ ་ཡང་མེ་ལ་སོགས་པ་དོན་དམ་པར་རང་བཞིན་མེད་མོད་ཀྱི། ཀུན་རྫོབ་ཏུ་ཚ་བ་ལ་སོགས་པ་མངོན་སུམ་དུ་གྱུར་པ་སུ་ཡིས་བཟློག་པར་ནུས་ཏེ་དེའི་ཕྱིར། རི་རབ་ཙམ་དུ་གྱུར་པ་ཡི། །བདག་ཏུ་ལྟ་བས་མི་གནོད་ཀྱི། །སྟོང་ཉིད་ལྟ་བས་གནོད་པ་ནི། །ང་རྒྱལ་མི་བདེན་བརྟགས ་པས་སོ་ཞེས་གསུངས་པ། ཡང་སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་འགྱུར་ཏེ། །ཇི་ལྟར་སྦྲུལ་གཟུང་ཉེས་པ་དང། །རིག་སྔགས་ལོག་པར་བསྒྲུབ་པ་བཞིན་ཞེས་བསྟན་ཏོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་ཆོས་ལ་སྒྲ་ཇི་ལྟ་བར་འཛིན ་པ་ལ་ཆད་པར་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་བར་གསུངས་པ་འདི་ལྟ་སྟེ། མཚན་མར་འཛིན་པར་ལྟ་བ་དང། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང། ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་དང། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་དང། དེ་ཁོ་ན་ཉིད་ལ་སྐུར་བ ་འདེབས་པའི་ལྟ་བ་དང་སྦྱོར་བ་སེལ་བའི་ལྟ་བ་དང། ཡོངས་སུ་འཛིན་པའི་ལྟ་བ་དང། བསྒྱུར་བའི་ལྟ་བ་དང། ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ་དང། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང། འབྱུང་བར་ལྟ་བ་དང། སྒྲིབ་པའི་ལྟ་བ་དང། བརྙས་པའི་ལྟ་བ་དང། རབ་ཏུ་འཁྲུག ་བའི་ལྟ་བ་དང། བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང། ལོག་པར་ལྟ་བ་དང། ངལ་པ་འབྲས་བུ་མེད་པའི་ལྟ་བ་དང། འཕེལ་བར་ལྟ་བ་དང། བསྲུང་བའི་ལྟ་བ་དང། ཁས་མི་ལེན་པའི་ལྟ་བ་དང། གཡོ་བའི་ལྟ་བ་དང། ཆད་པས་བཅད་པའི་ལྟ་བ་དང། བཀུར་སྟི ་བྱེད་པའི་ལྟ་བ་དང། བཀུར་བའི་ལྟ་བ་དང། རྨོངས་པ་བརྟན་པའི་ལྟ་བ་དང། མི་སྨྲ་པའི་ལྟ་བ་དང། རྩ་བའི་ལྟ་བ་དང། ལྟ་བ་ཆེན་པོ་དང། མངོན་པའི་ང་རྒྱལ་གྱི་ལྟ་བའོ། །དེ་ལྟར་ཆད་པར་ལྟ་བ་གསུམ་པོ་དེ་དག་ནི་ས་བོན་རུལ་པ་དང་འདྲ་བས་ན། ཁོང་མྱགས་དམན་པའི ་གནས་ལ་ནི། བླུན་པོ་རྣམ་པ་གསུམ་པོ་དེ་དག་འདི་ན་གནས་ཞེས་གསུངས་སོ། །གང་ཟག་ལོག་པར་ལྟ་བས་ལེགས་སྦྱད་ཀྱང། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན་ཞེས་བཤད་པས་ན་ལྟ་བ་ལོག་པ་དེ་ཉིད་དམན་པའི་གནས་སོ། །བླུན་པོ་ནི་རྨོངས་པའོ། ་དེ་ལྟ་ན་དངོས་པོ་ཡོད་པར་གཟུང་ངམ་ཞེ་ན། དེ་ཉིད་དམ་པ་མཁའ་འདྲ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་དམ་པ་མཁའ་འདྲ་བའི་དོན་ནི་བཤད་ཟིན་ཏོ། །དེ་ལ་རྣལ་འབྱོར་པ་གང་དག་གི་སེམས་རྨོངས་པ་ནི་རྣལ་འབྱོར་སྤྱོད་པ་པའི་བར་དུའོ། ་བླུན་པོ་དེ་དག་གི་འཁྲུལ་པའི་གཞི་ཅི་ཞེ་ན། ཆོས་ཅན་ནམ་མཁའ་ལ་ཞེས་སྨོས་ཏེ། འདིར་ཆོས་འཁྲུལ་པའི་ཤེས་པས་བརྟག་པ་དང་བཅས་པའོ། །དེ་དག་གི་ཆོས་ཅན་ནི་ནམ་མཁའ་ཞེས་སྔར་བསྟན་པ་ཉིད་དེ། དེ་ལྟར་ན་ཆོས་དང་ཆོས་ཅན་འདི་དག་ནི་དེའི་བདག་ཉིད་ཀྱི་འབྲེལ ་བའོ། །ཆོས་ཅན་དེ་ལ་མཆོག་ཏུ་རྨོངས་པ་དག་ཏུ་འགྱུར་བ་ནི་ཆོས་ཁོང་དུ་མ་ཆུད་པས་ཕྱོགས་བསླད་པའི་མི་ལྟར་གྱུར་པའོ། །འདིར་རང་བཞིན་བཙན་པར་བྱ་སྟེ། ཆོས་ཉིད་དེ་ཉིད་ཆོས་ཅན་ཏུ་བརྗོད་ཅིང། གཞན་དུ་མངོན་པ་བཞིན་པ་བཙན་པར་བྱ་སྟེ་བཟློག་པར་བསྟན་ཏོ། །དེ་ལྟར་མཆོག ་ཏུ་རྨོངས་པའི་ཕྱིར་ན་སྦྱིན་པ་ལ་སོགས་པའི་འབྲས་བུ་མཐོ་རིས་ལ་སོགས་པའི་བདེ་བའི་དངོས་པོ་ཉམས་སུ་མྱོང་བ་ཡང། སྐྱེ་བ་ལྔ་བརྒྱལ་སོགས་པར་སྤྱད་ནས་སླར་ཡང་ཟད་པའི་གནས་ཡིན་པས་ན་རྟག་པའི་རྟེན་མེད་ཏེ། དེས་ན་འཁོད་པ་ཐ་མ་མེད་པའི་དབང་དུ་བྱས་ནས་སྲིད ་པའི་རྩེ་མོའི་ཚེ་བསྐལ་པ་བརྒྱད་ཁྲི་བཞི་ལྟོང་ཐུབ་པས། འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་རྩེའི་སེམས་དཔའ་འབྲས་བུ་ཆེ་ཞེས་བསྟན་པའི་འབྲས་བུ་ཡང་ཅུང་ཟད་ཀྱི་དུས་སུ་བདེ་བ་འཐོབ་ཀྱི། ཉོན་མོངས་པའི་རྐྱང་ལས་རྣམ་པར་གྲོལ་བར་མི་བརྗོད་དོ། །དེ་ཡང་ཇི་ལྟར་འཕགས་པ ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ནི། །འཁོར་བ་ཉིད་དུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུམ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་ཀྱང། །དམྱལ ་བར་ཐག་གཅོད་དབང་པའི་འཁྲུལ་འཁོར་གྱི། དགེ་བ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །རྐང་པའི་དགེ་པས་ནེམ་སྦར་བདེ་བཟོད་པའི། །ལྷུན་པོའི་སྤོལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུང་དམྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་ཟད་ཕོག་སྙམས་གྱིད་འཚལ་ལོ། །མཐོ་རིས་པུ་མོས ་འབྲོངས་ཤིང་དགའ་བ་དང། །རྣམ་པར་མཛེས་ཚལ་སོན་པས་རྩེས་ནས་སླར། །འདབ་མ་ངལ་གྲི་འདྲ་ཆེ་ལ་ནགས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོང་ཐོབ་པར་འགྱུར། །ངལ་གྱི་འབབ་པར་ལྟ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ ་མེད་པ། །ཆེ་རྒོ་བཟོད་དག་ལ་ཆུ་བོར་འཇུག་འཚལ་ལོ། །ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་སྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག ་རྟེན་མཛའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བའང་མི་མཐོང་གྱུར། །དེ་ལྟར་ནོངས་པར་འགྱུར་ཚལ་བསོད་ནམས་ཀྱི། །མར་མེའི་སྣང་བ་རྣམ་གསུམ་རབ་བཞེས་ཤིག་།ཅེས་གསུངས་པ་ཡིན་ནོ། །འོ་ན་ཅི་ཞིག་གིས་གྲོལ ་བར་བརྗོད་ཅེ་ན། དེའི་ཕྱིར་ཡེ་ཤེས་སྙིང་པོ་མཆོག་གི་རང་བཞིན་འདི་ཉིད་གྲོལ་བར་བསྟན་པའི་ཕྱིར་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་ཡོད་པ་ལ་སོགས་པ་ཉེས་པ་ཆེན་པོར་བསྟན་པ་དེའི་ཕྱིར་རྟག་པར་འཛིན་པ་ལ་སོགས་པའི་དངོས་པོ་ཡོད་པར་མི་བྱ་ཞིང། ་འཇིག་རྟེན་རྒྱང་པན་པ་ལ་སོགས་པ་ལྟར་དངོས་པོ་མེད་པའི་ཡིད་ཀྱང་སྤངས་ཏེ། དེ་སྟན་པར་དུ་གནས་པར་བྱའོ་སྙམ་པ་ལ། ཀུན་མཁྱེན་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ཡོད་པ་དང་མེད་པ་ལ་གནས་པར་མི་བྱ་བ་དེ་བཞིན་དུ་དེ་གཉིས་ཀྱི་བར ་དུ་ཡང་གནས་པར་མི་བྱ་སྟེ། མཛའ་ལས་འདས་པ་སྟོང་པ་ཉིད་ཅེས་གསུངས་པའི་ཕྱིར་དབུས་ནི་མཛའ་ལ་བལྟོས་པ་ཡིན་ལ། མཛའ་མེད་པར་ནི་དེ་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་ན་གང་ལ་ཡང་མི་གནས་པ་ནི་གྲོལ་བ་ཡིན་ནོ། །དེ་ལྟར་ཕྱོགས་སྔ་མ་དང་ཕྱི་མའི་ཚུལ་གྱིས་ཡེ ་ཤེས་སྙིང་པོ་མཆོག་དེ་བསྟན་ནས། ད་ནི་ཡེ་ཤེས་ཐ་དད་པའི་སྙིང་པོ་ཀུན་ལས་བཏུས་བ་ཕྱི་རོལ་པའི་ལུགས་སྟོན་པར་བཞེད་ནས། ཞི་བ་ལ་སོགས་ཡོན་ཏན་འདོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་ལྷ་ཆེན་པོ་ཞི་བ་ལ་ལྷར་འཛིན་པ་དེ་དག་ནི་ཞི་བ་པ་སྟེ་སངས ་རྒྱས་པ་བཞིན་ནོ། །སོགས་ཞེས་བྱ་བ་ནི་དུས་རྒྱུར་འདོད་པ་ལ་སོགས་པ་སྟེ། དེ་དག་ནི་ཞི་བ་ལ་སོགས་པའི་ཡོན་ཏན་སྣ་ཚོགས་སུ་སྣང་བར་འདོད་དོ། །ཇི་སྐད་དུ། དབང་ཕྱུག་རྒྱུར་སྨྲ་བ་དག་གིས་དབང་ཕྱུག་གི་ཡོན་ཏན་ཕྲ་བ་དང། ་ཡང་བ་དང། མཆོད་པར་བྱ་བ་དང། བདག་པོར་གྱུར་པ་དང། དབང་དུ་གྱུར་པ་དང། གར་ཡང་ཕྱིན་པ་དང། འདོད་དགུར་ལྡན་པ་དང། དཔའ་མགུར་གནས་པ་དག་སྟོན་ཏེ། གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག་།དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །དེ་ནི་དབང་ལྡན་ལྷ ་མཆོག་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཤིན་ཏུ་ཞི་བ་འཐོབ། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་དག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་ས་འམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར་ཞེས་སྨྲ་ཞིང། །ལག་པ་དག་དང་རྐང་པ ་དང། །མིག་དང་གདོང་དང་ལུས་རྣམས་ཀྱི། །མང་པོ་བྱེད་ཅིང་འཇིག་བྱེད་པས། །དེས་ན་ཕྲ་བར་བརྗོད་པ་ཡིན། །མཁའ་དང་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང། །སྡུད་པ་དང་ནི་རྒྱས་བྱེད་པས། །དེས་ན་ཡང་བར་བརྗོད་པ་ཡིན། །འབྱུང་པོ་ཀུན་ལ་དབང་བྱེད་ཅིང། ། ་གནས་པ་དག་དང་རྒྱུ་བ་དག་།གང་དང་གང་འདོད་དེ་བྱེད་པས། །དེས་ན་བདག་པོར་གྱུར་ཅེས་བྱ། །བདག་ལ་རག་ལུས་དང་དབང་ཅན། །འགའ་ལའང་འཇིག་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་གྱུར་པས་ན། །དེས་ན་དབང་དུ་གྱུར་ཅེས་བྱ། །ཡུལ་དང་བཟའ་བ་བཅའ་བ་དང། ་གཞན་ཡང་ཡིད་ཀྱིས་གང་བསམས་པ། །ཡིད་ཀྱི་རྗེས་འགྲོ་མི་སྡོང་པས། །དེས་ན་གང་ཡང་ཕྱིན་ཅེས་བྱ། །འཇིག་རྟེན་གསུམ་ན་མཆོག་གྱུར་ཅིང། །གནས་པ་དག་དང་རྒྱུ་བ་དང། །འབྱུང་པོ་ཀུན་གྱིས་བརྗེད་པས་ན། །དེས་ན་མཆོད་པར་བྱ་བ་ཡིན། །སྙིང་སྟོབས་རྡུལ་དང ་མུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་ཕྱེ་ཙམ་གྱིས་བྱེད་འགྱུར་བས། །དེས་ན་འདོད་དགུར་ལྡན་ཞེས་བྱ། །ཐར་བ་འམ་ཡང་ན་ལྷ་ཡི་ལུས། །གང་དུ་བདག་ཉིད་འདོད་པ་དག་།ཐམས་ཅད་འདོད་པས་ཐོབ་འགྱུར་བ། །དེས་ན་དགའ་མགུར་གནས་ཤེས་བྱ། །ཞེས་བྱ ་བས་རྣམ་པར་འཆད་ཅིང་དེ་ལྟར་ཐམས་ཅད་ཞི་བས་བྱས་པར་འདོད་དོ། །དུས་ཀྱི་ཡོན་ཏན་སྨྲ་བ་དག་ཀྱང། །གང་ཞིག་ཞང་པོ་ནོར་ལྷ་སྟེ། །གང་ཕ་ནོར་རྒྱལ་ཡིན་པ་དེའི། །འཇིགས་མེད་ཁྲོ་བོའང་བསང་གྱུར་བས། །དུས་ནི་འདའ་བར་དཀའ་བྱ་མིན་ཞེས་བྱ་བ་དང། ཡང་སྨྲས་པ། འབྱུང་བ་རྣམས་ནི་དུས ་ཀྱིས་འབྱིན། །སྐྱེ་དགུ་རྣམས་སྡུད་དུས་ཀྱིས་བྱེད། །དུས་ཀྱིས་གཉིད་ལོག་སང་བྱེད་པས། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་བྱ་བ་དང། ཡང་སྨྲས་པ། བསྲུང་བ་སུམ་རྩེག་འོབས་ནི་རྒྱ་མཚེ་དང། །དམགས་སྲིན་པོ་ནོར་ནི་གནོད་སྦྱིན་སྦྱོར། །གང་གི་བསྟན་བཅོས་པ་སངས་ཚད་མཉམ་པའི། །སྒྲ ་སྒྲོགས་བུ་དེ་ལ་དུས་ཀྱི་དབང་གིས་ཉམས་ཞེས་བྱ་བ་ལ་སོགས་དུས་ཁོ་ནའི་ཡོན་ཏན་དུ་ཐམས་ཅད་སྨྲའོ། །དེ་བཞིན་དུ་ཆུ་ལྷ་དང། རྣམ་ཐོས་ཀྱི་བུ་དང། སྲེད་མེད་ཀྱི་བུ་དང། ཉི་མ་དང། ཟླ་བ་ལ་སོགས་པའི་ཡོན་ཏན་དཱུང་སྨྲ་བར་བྱེད་དོ། །གྲངས་ཅན་རྣམས་ཡོན་ཏན་མེད་ཅེས་བྱ་བ་ལ། འདི་དག ་དངོས་པོ་འབྱུང་བའི་རྒྱུ་གྲངས་ངེས་པར་སྨྲ་བས་ན་གྲངས་ཅན་ཏེ་གྲངས་ཀྱིས་བཅད་པའི་རྒྱུ་ལས་སྐྱེ་བར་སྨྲ་བ་རྣམས་སོ། །དེ་དག་ནི་ལྷའི་ཡོན་ཏན་མི་འདོད་པས་ན་ཡོན་ཏན་མེད་པ་སྟེ། མ་ཡིན་པར་དགག་པའོ། །ཇི་ལྟར་ཞེ་ན། གྲངས་ཅན་དག་ན་རེ། རངས་དང་མགུ་དང་ཀུན་དགའ་དང། །བདེ་ཞིང་ཞི ་བའི་སེམས་ཉིད་དག་།དེས་དགའ་ཡང་ནི་སྣང་འགྱུར་བ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་ཡོངས་སུ་གདུང་བ་དང། །མྱ་ངན་འདོད་དང་མི་བཟོད་དག་།གང་དུ་སྣང་བའི་གཏན་ཚིགས་ཀྱི། །དེ་དག་རྡུལ་ནི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང། །བག་མེད་གཉིད་དང་གཡེལ་བ ་དག་།ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་འདོད། །ཅེས་བྱ་བས་ཡོན་ཏན་གསུམ་ཁས་བླངས་ཏེ། དེ་དག་ཆ་མཉམ་པ་མི་གསལ་ཞིང། རྟག་མེད་པ་ནི་གཙོ་བོ་ཞེས་བྱ་ལ། དེ་ལས་ཅུང་ཟད་ཙམ་དང། འགྱུར་བ་ཙམ་གྱི་ངོ་བོ་ཆེན་པོ་སྐྱེའོ། །དེ་ལས་རབ་ཏུ་གསལ་བའི་ང་རྒྱལ་སྐྱེ་བ ་ནི་རྣམ་པར་འགྱུར་བ་ལས་གྱུར་པ་དང། རྡུལ་ལས་གྱུར་བ་དང། འབྱུང་བ་ལས་གྱུར་པའོ། །དེ་ལ་དང་པོ་ནི་སྙིང་སྟོབས་ཤས་ཆེ་བ་སྟེ། དེ་ལས་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། ངག་དང། རྐང་པ་དང། ལག་པ་དང། འཕོངས་དང། འདོམས་ཀྱི་དབང་པོ་སྟེ་བཅུ་གཅིག་སྐྱེ་ལ། དེ་དག ་ཀྱང་མིག་ལ་སོགས་པ་ལྔ་ནི་བློའི་དབང་པོའོ། །ངག་ལ་སོགས་པ་ལྔ་ནི་ལས་ཀྱི་དབང་པོ་སྟེ། ཡིད་ནི་གཉིས་ཀར་འགྱུར་བའོ། །གཉིས་པ་ནི་མུན་པ་ཤས་ཆེ་བ་སྟེ། དེ་ལས་ནི་སྒྲ་དང། རེག་དང། རོ་དང། གཟུགས་དང། དྲི་དེ་ཙམ་སྟེ། དེ་ཙམ་ལྔ་སྐྱེའོ། །དེ་ཙམ་ལྔ ་ལས་འབྱུང་བ་ལྔ་སྐྱེའོ། །ང་རྒྱལ་གསུམ་པ་རྡུལ་ལས་གྱུར་པ་གཡོ་བ་ཤས་ཆེ་པ་ནི་སྔ་མ་གཉིས་ཀའི་བདག་ཉིད་དོ། །དེ་ལ་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་རྣམས་ནི་གཙོ་བོ་དང། འགྱུར་བ་གཉིས་ཀ་ཡིན་ནོ། །ཆ་མཉམ་པ་ནི་རྩ་བའི་རང་བཞིན་ཁོ་ན་ཡིན་ཏེ། འགྱུར་བ་ནི་མ་ཡིན་ནོ། །རིམ་པ་དེ་འབྱུང་པ ་ཆེན་པོ་ལྔ་དང། དབང་པོ་བཅུ་གཅིག་དང། གཙོ་བོ་དང། ཆེན་པོ་དང། ང་རྒྱལ་དང། དེ་ཙམ་ལྔ་སྐྱེས་བུ་དང་བཅས་པ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་སྟེ། འདི་མི་ཤེས་པ་ནི་འཁོར་པ་ཉིད་ཡིན་ལ་གང་གི་འདི་ཤེས་པ་ཐར་པར་འདོད་པས་ན་སྔར་དེ་ཉིད་ཉི་ཤུ་རྩ་ལྔ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། ། ་འདི་ནི་རང་བཞིན་རྒྱུར་སྨྲ་བ་ཞེས་ཀྱང་བྱའོ། །ཚངས་པ་འདོད་པ་བྲམ་ཟེ་རྣམས་ཞེས་བྱ་བ་ལ་བསྐལ་བ་དང་པོའི་ཚེ་ཕྱི་རོལ་ཏུ་དགའ་བ་འཐོབ་པ་འམ། ཚངས་བའི་བུར་ཁས་ལན་བ་རྣམས་ནི་བྲམ་ཟེ་སྟེ། དེ་རྣམས་ཐམས་ཅད་ཚངས་པས་སྤྲུལ་པར་འདོད་པ་ནི་ཇི་སྐད་དུ། རིག་བྱེད་ལས་དབང་པོ ་ཤིན་ཏུ་མི་རིག་པའི། །ཡེ་ཤེས་ཉི་མ་པ་ཡི་གཞུང། །དགའ་བ་ཙམ་དུ་རིག་པ་ནི། །ལེགས་ལྡན་སྨྲ་བ་སྒྲུབ་པ་པོ། །ནུས་ཅན་དང་འདུས་རབ་བསྐྱོད་པ། །ནུས་ཅན་དུ་བཅས་མཛའ་མ་ཡི། །བདེ་བ་གང་དེ་ཚངས་དེ་ཉིད། །བདེ་བ་དེ་ནི་ཚངས་བར་བཤད། །སྡུག་བསྔལ་རྣམས་དང་ཕྲད་མེད་ལས།། ་དེ་ལས་བདེ་བ་རྒྱུན་མི་འཆད། །དགའ་བ་ཚངས་པའི་ཚུལ་ཡིན་ཏེ། །དེ་ཡང་ཐར་པར་མངོན་པར་བརྗོད། །གང་གང་ཅུང་ཟད་ཅི་སྣང་བ། །དེ་དེ་ཚངས་པ་ཞེས་བཤད་ཏེ། །སེམས་ཀྱི་ཚངས་པ་ཉིད་གནས་ཀྱི། །དེ་ལས་གཞན་དུ་འགྱུར་བ་མེད། །གང་གིས་ཆགས་བཅས་སེམས་ཀྱིས་ཀྱང། ། ་མྱ་ངན་འདས་པ་ཐོབ་བྱེད་པའི། །དགའ་བའི་ལྟ་བ་གཅིག་པུ་ལས། །ལྟ་བ་གཞན་གྱིས་ཅི་ཞིག་བྱ། །ཆོས་དང་ཆོས་མ་ཡིན་པ་སྤངས། །བདེན་དང་བརྫུན་པ་གཉིས་སྤངས་ནས། །སྤང་བྱ་གང་ཡིན་དེ་སྤངས་པའོ། །ཞེས་བཤད་ལ་ཡང་རིག་བྱེད་ལས་བཤད་པ། །བུ་གཅིག ་ཚངས?་པ?་མཆོག་ཏུ་བདེན། རིག་པའི་དབང་ཕྱུག་ཕ་མཛའ་མེད། །འབའ་ཞིག་འོད་པ་ཉིད་སྨྲ་བ། །དེ་ཡང་འ?་པར་རབ་ཏུ་བརྗོད། །ཅེས་སོ། །གཞན་ཡང་མུ་སྟེགས་བྱེད་བྱེ་བྲག་པ་གང་དག་འདི་དག་ཅེས་འཇིག་རྟེན་འདི་ཞིག་པ་དང། ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་རྣམས་ཕྱོགས་ཆེ?་མེད ་ཅིང་རྟག་པ་དག་གོ་སོ་ན་འཁོད་པ་ལས། གང་གི་ཚེ་དབང་ཕྱུག་ཆེན་པོ་དེ་སེམས་ཅན་དང་སྣོད་འབྱིན་པ་འདོད་པ་དང། སེམས་ཅན་གྱི་ལས་ཀྱི་མཐུས་དང་པོ་རྡུལ་ཕྲ་རབ་གཉིས་སྦྱར་ཏེ། དེ་ནི་རླུང་གི་རྡུལ་ཕ་རབ་གཉིས་ཏེ། དེ་ནས་ཡང་རྡུལ་ཕྲ་རབ་གསུམ་པ་ཞིག་དེ་ལ་འབྱར་བས་ན་རྡུལ་ཕྲ་རབ ་གཉིས་ཀྱི་རྡུལ་ཕྲ་མོ་ཞེས་བྱ་ཞིང། དེ་ནས་སེ་གོལ་གཏོག་པ་ཙམ་གྱིས་རྡུལ་ཕྲ་རབ་རྣམས་ཕྲད་དེ་ཚོགས་ནས། རླུང་གི་དཀྱིལ་འཁོར་ཆེན་པོ་རྩོམ་པ་གྲུབ་སྟེ། རིམ་པ་དེས་ཆུ་དང། ས་དང་མེའི་དཀྱིལ་འཁོར་གྲུབ་པར་གྱུར་ཅིང། དེའི་དབུས་སུ་ཚངས་པའི་སྒོ་ང་ཆེན་པོ་འོད་འབར་ཞིང་གསལ ་པས་གནས་པ་དེ་སྨིན་ཅིང་བརྡོལ་བ་ལས་འཇིག་རྟེན་གྱི་མེས་པོ་ཆེན་པོ་པདྨའི་མངལ་ནས་བྱུང་བ་པདྨ་ལ་འཇུག་པ། གདོང་བཞི་པ་ཞིག་བྱུང་སྟེ། དེས་འཇིག་རྟེན་ཐམས་ཅད་སྦྲུལ་པའོ། །ཞེས་ཟེར་བ་ཡང་ཚངས་པར་འདོད་པ་སྟེ། དེ་དག་ནི་འདི་རྣམས་སོ། །དེ་ཉིད་རྣམ་པ་གསུམ་དུ་གནས ་པ་ནི། །ཚངས་པ་ཉིད་ན་འཇིག་རྟེན་འབྱིན། །སྐྱེ་དབུ་སྡུད་པ་དྲག་པོ་སྟེ། །སྐྱེས་བུ་ཉིད་ན་བཏང་སྙོམས་སོ། །རང་འབྱུང་གནས་སྐབས་གསུམ་དུ་གནས། །ཞེས་བྱ་བའོ། །གཞན་དག་ནི་དད་པ་དབང་ཕྱུག་གི་ཡོན་ཏན་བརྒྱུད་དང། གཉིས་པ་གཙོ་བོའི་ཡོན་ཏན་གསུམ་དང། གསུམ་པ་དང་བྱུང ་གི་གནས་སྐབས་གསུམ་ནི་དེ་ཉིད་གསུམ་ཞེས་རྟོག་ཅིང། ཡང་གཞན་དག་ནི་ཇི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་བཞིར་བཅད?་པ་ལྟར་འདས་མ་ཐག་པ་འདི་གསུམ་གྱིས་ཀྱང། ཕྱི་རོལ་པ་མ་ལུས་པ་བསྡུས་པ་ནི་དེ་ཉིད་གསུམ་སྟེ། འོག་མ་གསུམ་ནི་འདས་ནི་འདས་པ་གསུམ་ལས་ཕྱེ་བའོ། །ཞེས ་རྟོག་བ་ནི་བདག་གིས་ཁོང་དུ་མ་ཆུད་པས་མཁས་པ་རྣམ་ཀྱིས་ལེགས་པར་བརྟག་པར་རིགས་སོ། །དྲང་སྲོང་ཆེན་པོ་སེར་སྐྱའི་སློབ་མ་སེར་སྐྱ་བ་རྣམས་ནི་དངོས་པོ་ཐམས་ཅད་སྟོང་པའི?་ཚུལ་ལས་བྱུང་བར་པ་ལྟ་སྟེ། སྟོང་བ་ཉིད་བྱེད་པ་པོ་གཅིག་ཏུ་ཡོད་པར་རྟོག་པ་ནི་ཇི་སྐད་དུ་གསད་པའི ་བདག་པོ་གཞན་ཡང་ཁྱད་པར་རྟོག་པས་ཇི་སྐད་དུ་ཡོངས་སུ་བསྒྲགས་པའི་ཁྱེད་པར་དེ་དང་དེ་དག་ལ་ཡང་བར་དུ་གནས་པ་རྣམས་ལ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང། དེ་ཡང་ཡོད་དེ་ཞེས་སྟོང་པ་ཉིད་ཁོ་ནས་དངོས་པོར་སེམས་ཏེ། གསང་བའི ་བདག་པོ་དེ་དག་གིས་ནི་སྟོང་པ་ཉིད་ན་རབ་ཏུ་མི་ཤེས་སོ་ཞེས་གསུངས་པ་ལྟ་བུའོ། །གང་དག་ཡུལ་གྱིས་འཇིགས་པས་དབང་པོའི་སྒོ་སྡོམ་པ་དེ་དག་ནི་དབང་པོ་ཐུབ་རྣམས་ཏེ། དེ་དག་ནི་དབང་པོ་ཐམས་ཅད་ནམ་མཁའ་ཨི་ཡོན་ཏན་དུ་འདོད་པས་ན་ནམ་མཁའ་ཨི་ཚུལ་ལོ། །འདི ་དག་ནི་བྱེ་བ་བྲག་པའི་ཁྱད་པར་ཁ་ཅིག་སྟེ། དེ་དག་གིས་སྒྲ་ལ་སོགས་པ་ནམ་མཁའ་ཨི་ཡོན་ཏན་དུ་སྨྲས་པས་སོ། །གང་གང་རང་གི་སྒྲ་ཉིན་ཅིག་བཞིན་དུ་ཟད་པར་ཕྱིས་ཐར་པ་ཐོབ་པར་འདོད་པ་ནི་ཟད་བྱེད་པ་སྟེ། དེ་དག་ནི་ལྷ་ཆེན་པོ་རྒྱལ་བ་མཉེས་པར་བྱས་པས་ཀྱང ་ཐར་པ་སྦྱིན་པར་འདོད་པས་ན། རྒྱལ་པའི་གཟུགས་བརྙན་རྣམས་ལ་མཆོད་པ་དང། ཕྱག་ལ་སོགས་པ་བྱ་བའི་ཕྱིར་དང། དད་པས་འབར་ཏེ་གཞོལ་བའོ། །བྲམ་ཟེ་རྣམས་ལ་ཁོ་བོ་ཅག་མཆོག་གོ་ཞེས་སྨྲ་བ་ནི་བྲམ་ཟེ་མཆོག་རྣམས་ཏེ། དེ་དག་ནི་དང་པོ་རིག་བྱེད་ཚང་མར? ་བྱེད་ཏེ། གང་ཞིག་རིག་བྱེད་ལས་མི་སྣང། གང་ཞིག་རིག་བྱེད་ལས་མི་སྨྲད། །ཐམས་ཅད་མེད་པར་བརྗོད་བྱ་སྟེ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་ཚང་མར་གྱུར་པའི་རིག་བྱེད་ལས་ནི། །ཆེན་པོ་གཉིས་མདོག་མུན་མདུན་གནས། །སྐྱེས ་བུ་དེ་ནི་ཁོ་བོས་རིག། དེ་རྟོགས་འཆི་བའི་འཇིགས་མེད་དེ་།ཐར་ཕྱིན་དེ་ལས་ལམ་གཞན་མེད་ཅེས་སྨྲས་པས་ན་དེ་ལྟ་བུའི་དབང་པོ་ལྔ་དང་ཉེ་བར་ལྡན་པའི་བདག་ཡོད་པ་དང། གཞན་ཡང་སྐྲ་རྩེ་འབུམ་གྱི་ཆ་ཙམ་དང། ཤེས་སྒོང་དག་པ་ལྟ་བུའི་བདག་མཐེ་བོང་གི་ཆ་དང་པོ་ཙམ་མམ། ་ཡུངས་འབྲུ་ཙམ་མམ། རི་རབ་ཙམ་བསྟན་པར་མི་ནུས་པ་ཐམས་ཅད་ཁྱབ་པ་འམ། ལུས་མེད་པར་རྟོག་པ་རྣམས་ཀྱང། བདག་ཡོད་པར་འདོད་པའོ་ཞེས་བསྡུ་བར་བྱའོ། །དྲང་སྲོང་ཆེན་པོ་འཇིག་རྟེན་མིག་ཅེས་བྱ་བས་ཆད་པར་ལྟ་བའི་གཞུང་འབུམ་ཕྲག་བྱས་ཏེ། དེའི་རྗེས་སུ་འབྲང་བ ་རྣམས་ནི་ལས་མེད་པ་སྟེ། རྒྱུ་བ་སྐུར་བ་འདེབས་ཤིང། ཐར་པ་མེད་པ་སྟེ། འབྲས་བུ་ལ་སྐུར་བ་འདེབས་བའོ། འདིར་ཐར་བ་ནི་མཐོ་རིས་ལ་ཡང་བྱ་སྟེ། ངན་སོང་ལས་ཐར་པས་སོ། །ཀྱང་རུང་ཞེས་བྱ་བ་ནི་རེ་རེས་ཀྱང་ལོག་པར་ལྟ་བར་འགྱུར་ཞེས་དབྱེ་བའི་ཕྱིར་རོ། །དེ་དག་ནི་གྲུབ་པའི་མཛའ་ ་མ་ལུས་བའི་ནང་ནས་སྨད་པས་ན་གཞུང་ངན་ཏེ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་གུང་དུ་སོང་བས་ན་རྒྱང་པན་པ་སྟེ། ཨ་ཡོ་ཏེ་ནི་སོང?་བ་དང་བྲལ་བ་དང་འགྲོ་བའི་དོན་ཏོ། །དེ་དག་གི་གྲུབ་པའི་མཛའ་ནི་གཞུང་ངོ། །ཡང་འདིར་འཇིག་རྟེན་རྒྱང་པན་པ་ནི་རྣམ་པ་གསུམ་སྟེ། ་རྣམ་པར་རྟོག་པ་ལ་སྤྱོད་བ་ཐམས་ཅད་བསྡུས་པའི་དབང་དུ་བྱས་ཉི་ནི། ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་བན་བཞེས་གསུངས་སོ། །འཇིག་རྟེན་གྱི་གཏན་ཚིག་གི་དབང་དུ་བྱས་ཏེ་ནི། མ་འོངས་པའི་དུས་ན་དགེ་སློང་དག་འཁོར་གྱི་དབུས་ན་སེངྒེའི ་ཁྲི་ལ་འཇུག་སྟེ། འཇིག་རྟེན་རྒྱང་པན་པའི་གཞུང་འཆད་ཅིང། དེའི་བསྔགས་པདྨ་པར་བྱེད་དོ། །ཞེས་གསུངས་པ་སྟེ། གཞུང་གང་དག་འདོད་ཆགས་དང་བྲལ་བར་མི་འགྱུར། །ཡིད་འབྱུང་བར་མི་འགྱུར་ཞིང། ནམ་ཡང་དངོས་པོར་འཛིན་པ་ལས་མི་འབྲལ་པ་གཅིག་བུའི་གསང ་ཚིག་རྣམས་ཏེ། ཤཱ་རིའི་བུ་དགེ་སློང་གང་དག་འཇིག་རྟེན་རྒྱངས་ན་པའི་གཏམ་ལྷུར་ལེན་པ་སངས་རྒྱས་ཀྱི་གསུང་སྤངས་ནས་མུ་སྟགས་ཅན་གྱི་གསང་ཚིག་སྨྲ་བ་དེ་དག་ནི་འཁོར་གྱི་ནང་དུ་དོང་ནས་དེ་དག་ཆོས་ཀྱི་སྒྲས་འཁོར་དགའ་བར་བྱེད་དེ། སྐྱེས་བུ་དེ་དག་དམ་པ་མ་ཡིན་པ ་དེ་ལྟ་བུ་དེ་དག་ནི་དགེ་སློང་རུལ་པ་ཞེས་བྱའོ་།ཞེས་གསུངས་པས་བཀག་པས་སོ། ཆད་པར་ལྟ་བའི་དབང་དུ་བྱས་ཏེ་འདིར་བརྗོད་པ་འདི་ཉིད་ངོ། །གང་ངག་དབང་ཕྱུག་སྟེ་ཕྱུགས་བདག་ཆེན་པོའི་ཆོས་སྤྱོད་པ་དེ་དག་ནི་དབང་ཕྱུག་པའི་བསྟན་བ་ལ་སྤྱོད་པ་སྟེ། དབང་ཕྱུག་གི་སྒྲ་བསྒྲགས ་བའི་རྒྱུད་ལ་སོགས་པ་ལ་ཆོས་སུ་འདུ་ཤེས་པ་རྣམས་སོ། །དེ་དག་ལ་ནི་ལྷོ་དང་བྱང་དང་ནུབ་ཏུ་ཁ་བལྟས་པར་གནས་པ་སྟེ། དེ་དག་ནི་བརྟུལ་ཞུགས་སོ། །དེ་རྣམས་ནི་གཞན་ཡང་ཡིད་དུ་འོང་བའི་ལྷ་མོ་ཨུ་མལ་སོགས་བ་ཆགས་པ་བསྐྱེད་པར་ནུས་པ་ཅན་རྣམས་དང?་གཉིས་གྱིས་སྤྲོང་བས ་མཉམ་བར་སྦྱོང་བར་བྱེད་ཅིང། ཕན་ཚུན་སྟེག་པར་ཇི་ལྟར་ན་ཆུང་དག་སྐྱེས་པ་ཡིད་དུ་འོང་བ་ལ། །སྟེག་པའི་མི་ཅུང་ཟད་འཇུམ?་པར་ལྟ་བ་ལྟར་མིག་གིས་ཅུང་ཟད་འཛུམ་པར་བལྟ་བའོ། །དོན་འདི་ནི་དབང་ཕྱུག་གིས་སྒྲ་བསྒྲགས་པའི་རྒྱུད་ལས་གསལ་བར་བསྟན་ཏེ། ་ལྷ་མོ་རིན་ཆེན་གནས་འདི་ནི། །དབང་ཕྱུག་དྲག་དང་ནུས་ཅན་མཆོག། ཟུང་གྱུར་དེ་ནི་ཕན་ཚུན་ལས། །ལྟེ་བར་ཆུ་ནི་སོན་པ་སྟེ། །མཚོན་བྱ་མཚོན་བྱེད་ལས་ངེས་གྲོལ་།ཚིག་ཏུ་བརྗོད་བ་སྤངས་པ་སྟེ། །དབང་ཕྱུག་ནུས་ཅན་མཉམ་སྦྱོར་ལས། །རྨད་དུ་བྱུང་པའི་བདེ་བ་སྐྱེ། །གུས་པའི་ཚུལ་གྱིས ་བསྒོམས་པ་ཡིས། །ཡང་དག་ཏུ་ན་དངོས་པོ་མེད། །ནུས་ཅན་ཡང་ནི་སྟོང་ཉིད་ལྟ། །སྒྲོ་འདོགས་ཐམས་ཅད་འཇོམས་པའོ། ཞེས་སོ། ཡང་སྨེ་བརྩེགས་ཞེས་བྱ་བའི་རྒྱུད་ལས་ཀྱང། དབང་ཕྱུག་ནས་ཅན་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་གཉིས་མེད་ཆོས། །རིན་ཆེན་ནང་དུ་གནས་པ་ལས ་དབང་ཕྱུག་མེད་ཅིང་ནུས་ཅན་མེད། །ཅེས་བཤད་དེ། འཁྲིག་པ་གྲུབ་པ་ནི་ཐར་པ་ཡིན་ལ། །དེ་བསྒྲུབ་པར་ནུས་པའི་ལྷ་མོ་ཤཀྟི་ཞེས་ཕྱི་རོལ་བའི་སྒྲ་ལས་གྲགས་སོ། །གང་དག་བླ་མ་ཟླ་བའི་གྲུབ་མཐབ་འཛིན?་བདེ་བ་ནི་ཟླ་བའི་གྲུབ་མཛའ་བ་སྟེ། དེ་རྟག་ཏུ་ལྷ་ཆེན་པོ་འཕྲོག་པ ་ལ་གུས་པས་མཆོད་པས་མཆོད་པ་ལ་སོགས་པའི་ལས་ལ་གཞོལ་བ་ཡང་དབང་པོ་བརྟུལ་ཏེ། ཨོམ་ཞེས་བརྗོད་ཅིང་སྲེད་མེད་ཀྱི་བུ་རྗེས་སུ་དྲན་པར་བྱས་ནས་མཐོ་རིས་ཐོབ་ཅེས་ཟེར་ཏེ། དེ་ནི་ལྷའི་གཙོ་བོར་ལྟ་སྟེ། འདི་སྐད་དུ། ད་ནི་སྦྱིན་བྱེད་ཟ་བ་པོ། །ད་ནི་ཟས་དང་སྐྱེ་དབུའི་བདག ་བྲམ་ཟེའི་ལུས་སུར་གནས་ནས། །ཟ་བྱེད་སྦྱིན་པར་བྱེད་པ་པོ་ཞེས་བྱ་བ་དང། ཡང་གང་དག་ལྷ་གཞན་དང་བྱེད་ཅིང། །དད་ལྡན་བརྩོན་པར་བྱེད་པ་དག་།དེ་དག་ང?་སྔོན?་འགྲོ་བྱས་ནས། །བསྟེན་བར་བྱེད་དོ་ཀུན་ཏིའི་བུ། །ཞེས་དེ་ཉིད་ཀྱི་སྨྲས་པ་ཚད་མར་བྱེད་དོ། །གཞན་དག་ནི་འདིར ་འཕྲོག་པོའི་དོན་དབང་ཕྱུག་ལ་སྦྱར་ཏེ། ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་སྲབ་བྱེད་པ་འདུན་བྱེད་ཀུན་རིག་པ། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའ་ཨི་ལུས་ཅན་ཏེ། ཞི་བའི་བདེ ་དགའ་གྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ་ཞེས་སྨྲས་པ་སྦྱོར་རོ། །དེ་ནི་དེ་དག་གི་ནང་གི་རྣལ་འབྱོར་བསྟན་པའི་ཕྱིར། སྙིང་གའི་པདྨའི་རླུང་གི་ནི། །རྣལ་འབྱོར་ལྡན་པའང་སྒོམ་པར་བྱེད། ཅེས་སྨོས་ཏེ། བདག་ཉིད་ལྷའི་སྦྱོར་བ་ལ་གནས་པའི་སྙིང་གའི་དབུས་སུ ་པདྨ་རྣམ་པར་བསམས་ལ། དེའི་དབུས་ནས་བྱུང་བའི་རླུང་སྣ་བུག་དང་ཁ་ནས་བྱུང་བ་ཐུར་དུ་རྐང་པའི་མཐིལ་ནས་དགང?་ག་བུམ་པ་ཅན་ཞེས་བྱ་བའི་མན་ངག་བསྒོམ་པས་བུགས་དགག་པ་གྲུབ་པས་བསྐལ་པའི་བར་དུ་མི་འཆི་བའི་རླུང་གིས་རྣལ་འབྱོར་ལྡན་པའང་བསྒོམ ་པར་བྱེད་ཅེས་པ་སྟེ། འདི་དག་ལ་ནི་དགག་པ་ཙམ་ལས་ཡན་ལག་དྲུག་པའི་རླུང་གིས་ཏིང་ངེ་འཛིན་ནི་མེད་དོ། །དེ་ལྟར་རླུང་དགག་པར་འཇུག་པའི་རྣམ་པར་ཤེས་པ་ཚད་པ་འདི་ལ་ཕྱི་རོལ་པ་དང། ཆོས་འདི་པ་ཁ་ཅིག་ལས་ཐོས་པ་མ་བསྐྱེད་པ་འགའ་ཁོ་ནས་ཡང་དག ་པའི་ཡེ་ཤེས་སུ་བཟུང་བ་སྲིད་པས་དེ་དག་དགག་པའི་ཕྱིར། རྣལ་འབྱོར་ལྡན་པ་གཞན་འགས་ཀྱང། །དེ་ཁོ་ན་ཞེས་རྟོགས་ཤིང་གནས། །བདག་གིས་རྟོག་པ་འབའ་ཞིག་ཏུ་མ་ཟད་དེ། གཞན་ཡང་ལམ་དེར་འདྲེན་པ་ཡི། །བདེན་པ་གང་ཡིན་དེ་ཡིན་ཉོན། །ཞེས་སྒྲུབ་བོ ་སློབ་མ་ལ་སྨྲས་ཏེ། བདེན་པ་དེ་གང་ཞེ་ན། དབུགས་རྒྱུ་བ་དང་རབ་རྟོག་མེད། །ཡིད་ནི་གར་ཤི་བདེན་པའོ། །ཞེས་སྨྲ་སྟེ། ཤི་བ་ནི་རྒྱུན་ཆད་པའོ། །དེ་དག་གིས་བསྟན་པའི་ཡེ་ཤེས་མཆོག་དེ་ཡང་སུན་འབྱུང་བར་གསུངས་པ་ནི་འདི་ལྟ་སྟེ། བདག་ནི་དངོས་ལ་རྗེས་རྨོངས་བས། །གལ་ཏེ་ཡེ ་ཤེས་ཀྱི་མཚོན་ཉིད་ཡུལ་གང་ཡིན་པ་མི་ཤེས་པ་ཡིན་ན། དེའི་ཤིང་ནི་ཡེ་ཤེས་ཡིན་པར་ཐལ་བར་འགྱུར་པ་གནོད་པ་ཅན་གྱི་ཚད་མ་མེད་དོ། །དེས་ན་དེ་དག་གི་བདེན་པ་དང་ཏིང་ངེ་འཛིན་གྱི་ལམ་འདི་ནི་ལེགས་པར་གྲོལ་བ་མ་ཡིན་ཏེ། སྲིད་པ་གང་ཡིན་པ་སླར་འཆིང་ངོ། །དེ་བས་ན་ཐོས ་པ་ཆུང་བའི་ཏིང་ངེ་འཛིན་རྙེད་པ་ནི་བདུད་ཀྱི་ལས་སོ་ཞེས་གསུངས་པས་སློབ་དཔོན་གྱིས་ཀྱང་ཐོས་པ་ལ་ནན་ཏན་དུ་བྱ་བར་འཆད་དོ། །འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀོ་སནྟའི?་དགེ་སློང་བུདྡྷ་མ་ཏིའི་རྗེས་སུ་འབྲངས་ནས། བསྐལ་པ་དང་པོའི་ཛམྦུའི་གླིང་ལྟ་བའི་ལྷ་རྣམས ་ལ་བརྟེན་ཏེ། སྐྱེས་པའི་ཕྱི་རོལ་པའི་ལྟ་བ་འདི་དག་ཀྱང་ཁོང་དུ་ཆུད་པར་བྱས་ལ་དེ་བཟློག་པར་བྱའི་རྣམ་པར་སྡང་བར་བྱ་བ་ནི་མ་ཡིན་ཏེ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། འཇམ་དཔལ་དེ་ལྟར་འཇིག ་རྟེན་པའི་ཚུལ་ཁྲིམས་དང། སྤྱོད་པ་དང་བྱ་བའི་ཆོ་ག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྤྲུལ་པའོ། །ཞེས་གསུངས་པའི་ཕྱིར་དང། དེ་དག་སྙིང་རྗེའི་ཡུལ་དུ་གྱུར་པའི་ཕྱིར་ཏེ། དེ་ཕྱིར་ལོག་པར་བསྟན་པ་ཡི། །གྲུབ་མཐར་འཆེས་པའི་བློ་ཅན་ལ། །དེ་ལུགས་རྗེས་འཇུག་བློ ་ཅན་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེ་ཞེས་བཤད་པའི་ཕྱིར་རོ། །ད་ནི་ཆོས་འདི་པའི་ཡེ་ཤེས་སྙིང་པོ་བསྟན་པའི་ཕྱིར། སངས་རྒྱས་ཆོས་ནི་རྣམ་བཞིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་བསྟན་པ་འམ། སྒྲུབ་པ་འམ། ཡང་ན་བསྟན་པའི་ཆོས་སོ། །ལུས་དང་ངག་གིས ་གྲོལ་པ་མི་འཐད་ཀྱི། གྲོལ་བ་དང་འཆིད་བའི་སེམས་ཀྱི་དབང་ལས་སོ། །ཞེས་འདོད་པ་རྣམས་ནི་ཡིད་འདོད་རྣམས་ཏེ། དེ་རྣམས་ཀྱི་སྔོན་སངས་རྒྱས་ཀྱིས་གསུངས་པ་དང། ཡང་དག་པར་བསྡུས་པ་ན་རྣམ་པ་བཞིར་མཐོང་སྟེ། བཞི་གང་ཞེ་ན། འོག་ནས་འཆད་པ་བྱེ་བྲག་ཏུ ་སྨྲ་བ་ལ་སོགས་བའི་ལམ་ཇི་སྐད་དུ་བཤད་པས་རང་རང་གི་འབྲས་བུ་དེ་ཁོ་ན་ཉིད་སྒྲུབ་པའོ། །ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་མདོར་བསྟན་ནས། ད་ནི་རྒྱས་པར་སྟོན་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་གང་དག་ནམ་མཁའ་ ་ལ་སོགས་པ་འདུས་མ་བྱས་གསུམ་དུ་སྨྲ་ཞིང་དེ་དག་ཀྱང་རྟག་བར་འདོད་དེ། དེ་དག་ནི་ཟག་མེད་ལམ་གྱི་བདེན་པ་དང། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །དེ་ལ་ནམ་མཁའ་མི་སྒྲིབ་པ། །སོ་སོར་བརྟགས་པས་འགོག ་པ་གང། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །དགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་སྨྲ་ཞིང་དེ་དག་རྟག་པར་ཁས་ལོན་པའོ། །ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དག་ནི་འདུས་མ་བྱས་བཞིང་འདོད་པས། གལ་ཏེ་དེ་ལྟ་ཡིན་ན་ཉན ་ཐོས་བྱེ་བྲག་ཏུ་སྨྲ་བ་ཁོ་བོ་ཅག་གི་ཕྱོགས་ལ་ཡན་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་པ་འདུས་བྱས་ཉིད་ཡོད་བར་གྲུབ་སྟེ། འདི་ལྟར་འདུས་མ་བྱས་བཞི་པོ་དག་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་རྗེས་སུ་ཡོད་པར་འདོད་པའི་ཕྱིར་ཏེ། ་བཞི་གང་ཞེ་ན། ནམ་མཁའ་དང། སོ་སོར་བརྟག་པ་མ་ཡིན་པའི་འགོག་པ་དང། སོ་སོར་བརྟག་པའི་འགོག་པ་དང། དེ་བཞིན་ཉིད་དོ་ཞེས་རྩོད་པ་སྨྲ་སྟེ། འདི་དག་གི་དེ་བཞིན་ཉིད་ནི་ཇི་ལྟ་བ་ཡིན་མོད་ཀྱི་སྙིང་རྗེ་བྲལ་བར་ཟད་དོ། །འདུས་མ་བྱས་པ་ནི་འདུས་བྱས་ཏེ། འདུས་མ་བྱས ་མ་རྟོགས་པ་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ་འབྲས་བུ་སྔར་གཏོགས་པ་རྣམས་སོ། །དེ་དག་སྔར་བསྟན་པའི་བདག་གིས་ཀུན་ཏུ་སྟོང་ལ། དེའི་ཕྱིར་བྱེད་པ་པོ་ལ་ལས་མ་གཏོགས་པ་མེད་ཏེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ལས་ནི་སེམས་པ་དང་དེས་བྱས། སེམས་པ་ཡིད ་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་བསྟན་ཏོ། །ཡང་འདུས་བྱས་དེ་དག་ནི་བྱེད་པ་པོ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྟག་པ་ལས་དབེན་པས་སྐད་ཅིག་མའོ། །དངོས་པོ་རྣམས་སྐད་ཅིག་མར་སྒྲུབ་པ་ནི་མངོས?་རྒྱན་ལས་ཤེས་པར་བྱའོ། །གཞན་ཡང་མིག ་ལ་སོགས་པའི་དབང་པོ་དག་ལས་སྐྱེས་པའི་བློ་སྟེ། རྣམ་པར་ཤེས་པ་དག་ལ་རིགས་མི་འདྲ་བ་དང། རྡུལ་ཕྲ་རབ་ཀྱི་རྣམ་པ་མེད་ཅིང་བློ་དང་དབང་པོ་དེ་དག་གིས་མངོན་སུམ་དུ་རིག་པ་གཟུགས་ལ་སོགས་པ་ནི་རྡུལ་ཕྲ་རབ་བསྐོད་པའི་ཚོགས་སུ་གནས་པར་འདོད་ཏེ། འདི་ལྟ་བུ་ནི ་ཕྱི་རོལ་བ་ལ་བལྟོས་ཏེ་བློ་དང་ལྡན་པ་ཞེས་བྱ་བར་བགྲང་བ་ནུབ་ཕྱོགས་ཁ་ཆེའི་ཡུལ་ན་གནས་པའི་བྱེ་བྲག་ཏུ་སྨྲ་བའི་གཞུང་དུ་བཤད་དེ། འདི་དག་འདས་པ་དང་མ་འོངས་པའི་རྒྱུར་ཁས་ལེན་ཅིང། དུས་གསུམ་དག་རྫས་ཀྱི་བྱ་བྲག་ཏུ་སྨྲ་བ་འམ། བྱེ་བྲག་ཏུ་བཤད་པ་ཆེན་པོའི། ་གཞུང་དང་མཐུན་པར་སྨྲ་བས་ན་དེ་དག་ལ་དེ་སྐད་ཅེས་བྱའོ། །གྲུབ་པའི་མཛའ་ཕལ་ཆེར་འདྲ་བས་ན་ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བའི་ལོགས་སུ་གཞུང་མ་བསྟན་ཏོ། །ད་ནི་མདོ་སྡེ་པའི་གྲུབ་མཛའ་བསྟན་པ་དང་བཞེད་ནས། མཐོང་བ་དབང་པོའི་ཡུལ་མིན་ཏེ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། མིག་ལ་སོགས་པས་མངོན་སུམ་དུ་མཐོང་བའི་གཟུགས་ལ་སོགས་པའི་རྣམ་པར་ཤེས་པས་གཟུང་བ་ཡིན་གྱི། མིག་ལ་སོགས་པའི་དབང་པོའི་ཡུལ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་དག་ཉིད ་ཡུལ་གྱི་རྣམ་པ་དང་བཅས་པར་སྐྱེ་བའི་ཕྱིར་ཏེ། བེམས་པོ་སྣང་དུ་མི་རུང་ཕྱིར། །ཤེས་པ་རྣམ་པ་བཅས་པ་སྐྱེ། །ཞེས་བསྟན་པས་སོ། །དེ་ལྟར་ན་མདོ་སྡེ་པ་འདི་དག་ནི་ཤེལ་དག་པའི་དྲུང་གི་ཚོན་གྱི་ཁ་དོག་གྱུར་པ་ལས་སྐྱེས་བུ་བལྟ་བའི་ཚེ་ཤེལ་དང་ཚོན་གང་ཡིན་པ་དེ་གཉིས ་དེའི་མིག་གིས་བཟུང་བ་ན་ཤེལ་ཉིད་ནི་མངོན་སུམ་གྱིས་བཟུང་བ་ཡིན་ལ། ཚོན་ནི་གཟུགས་བརྙན་གྱིས་གཟུང་བ་ཡིན་པས། སྐྱེས་བུས་གཟུང་བ་གཉིས་གཟུང་བ་ལྟར་མངོན་སུམ་གྱི་སྣང་བ་འདི་ནི་ཤེས་པ་ཁོ་ནའི་རྣམ་པ་ཡིན་ལ། ཤེས་པ་ཁ་དོག་དང་དབྱིབས་སུ་སྣང་བའི ་གཞི་ནི་ལོགས་ཉིད་ན་རྡུལ་ཕྲ་རབ་ཀྱི་ཚོགས་པར་མེད་པ་མ་རེག་པ་དག་གི་ངོ་བོར་འདོད་པས་གཟུང་བ་གཉིས་སུ་སྨྲའོ། །ནམ་མཁའ་མོ་གཤམ་བུ་འདྲ་ལ། ཞེས་བྱ་བ་ལ་སོགས་པས་ནི་འདུས་མ་བྱས་བཏགས་པའི་ཡོད་པར་བསྟན་ཏེ། བཏགས་པའི་ཡོད་པ་ནི་མིང་ཙམ་སྟེ། ་མིང་ཡང་སྒྲ་སྤྱིའི་རྣམ་པ་སྟེ་རང་གི་མཚན་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་འདི་དག་ནི་དུས་གསུམ་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་བཏགས་པ་ཙམ་དུ་འདོད་ལ། དངོས་པོ་རྣམ་ཤེས་པ་དང། བེམས་པོ་འདྲེས་པར་སྣང་གི་།རེ་རེ་ཞིག་སྣང་བར་མི་ནུས་པས་ན། འདུས་བྱས ་བེམས་པོ་ཡང་མིན་ལ། །དུས་གསུམ་དག་ཀྱང་ཁས་མི་ལེན། །ཞེས་སྨོས་སོ། །བེམས་པོ་ནི་འདུས་ནས་བྱས་པར་མི་འཐད་དེ། དེ་དག་བྱ་འདུ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དཔེར་ན་རྡུལ་དང་རྡུལ་ལྟ་བུའོ། །ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཅི་རིགས་སུ་སྦྱར་རོ། །ཤེས་པ་རྣམ ་པ་དང་བཅས་པར་སྐྱེ་ན་དེའི་ཚེ་རྣལ་འབྱོར་སྤྱོད་པ་པ་དག་དང་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེའི་ཁྱད་པར་ཡང་བསགས་པའི་གཟུགས་མེད་མིན་ཞེས་སྨོས་ཏེ། རྣམ་པར་ཤེས་པ་ལས་གུད་ན་རྡུལ་ཕྲ་རབ་བསགས་པ་གོང་བུའི་གཟུགས་མེད་པ་ནི་མིན་ནོ་ཞེས་འདོད་པ་སྟེ། འདི་ནི་སྒོ་དྲུག ་བ་དང། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་མདོ་སྡེ་རྣམས་སྒྲ་ཇི་ལྟ་བ་ཁས་ལེན་ཅིང། མདོ་སྡེ་དེ་དག་གི་རྗེས་སུ་འཇུག་པས་ན་མདོ་སྡེ་བ་སྟེ། མིང་གཞན་དཔེས་སྟོན་པ་ལ་མཁས་པས་ན་དཔེས་སྟོན་པའོ། །དེ་དག་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་བས་བློ་ཞིབ་བས་ན་མཁས ་རྣམས་སོ། །ཞེས་བྱ་བ་སྟེ། འདི་ལྟར་དགེ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་བསྔོ་བ་དང། སྨོན་ལམ་གྱིས་མྱ་ངན་ལས་འདའ་བའ་ཨི་ཉན་ཐོས་ཡིན་པས་ལོ་བརྒྱད་ཁྲིས་སླར་ལྡང་བའི་ཕྱིར་མཁས་པའོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་ཞི་བའི་དབྱིངས་དེར་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག ་ཁྲིག་བརྒྱ་ཕྲག་དུ་མར་འདའ་བར་བྱེད་དེ། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས་བསྐལ་པའི་བར་དུ་དེ་མི་སད་ཅེས་གསུངས་པས་སོ། །དེའི་ཕྱིར་འདི་དག་ནི་ཐེག་པ་ཆེན་པོ་བ་ཞེས་ཀྱང་བརྗོད་དེ། ལུས་དང་སྙིང་རྗེ་ཆེན་པོ་དག་དང་ལྡན་པའི་ཕྱིར་རོ། །ད་ནི་རྣལ་འབྱོར་སྤྱོད་པ་པའི་ལྟ་བ་བསྟན ་པའི་ཕྱིར། རྡུལ་ཕྲ་རབ་བསགས་པའི་གོང་བུ་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཅན་ཞེས་བྱ་བ་མེད་ཅིང། དེ་བཞིན་དུ་དེའི་རྒྱུ་དེ་རྩོམ་པ། ཕྲ་རབ་རྡུལ་རྣམས་མེད་པ་དང། ཞེས་སྨོས་ཏེ། སེམས་ལས་གཞན་ན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཅིའི་ཕྱིར་ན། དྲུག་གིས་ཅིག་ཅར་སྦྱོར་བ་ན།། ་ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་ཅིག་ན། །གོང་བུ་འང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བྱ་བ་ལ་སོགས་པའི་གནོད་པ་ཡོད་པའི་ཕྱིར་རོ། །གཞན་ཡང་མཚན་ཉིད་ཐ་དད་པར་བརྟགས་པ་སྲ་བ་ལས་གཤེར་བ་དང། དེ་ལས་ཚ་བ་ལ་སོགས་པ་སོ་སོར་སྣང་བ་དག ་ཀྱང་རིགས་པས་རྣམ་པར་ལྟ་བ་རྣམས་ལ་དེ་ལྟར་སོ་སོར་དམིགས་སུ་མེད་ཏེ། །བུད་མེད་ཀྱི་ནི་ལུས་གཅིག་ལ། །ཀུན་རྒྱུ་འདོད་ལྡན་ཁྱི་རྣམས་ཀྱིས། །རོ་དང་འདོད་བྱ་བཟའ་བ་ཞེས། །རྣམ་པ་གསུམ་དུ་རྟོག་པར་ཅེས་བྱ་བ་ལ་སོགས་པས་མཚན་ཉིད་མ་ངེས་པའི་གནོད་པ་ཡོད་པའི ་ཕྱིར་རོ། །དེ་ལྟ་ན་སོ་སོར་སྣང་བ་མངོན་སུམ་དུ་ཉམས་སུ་མྱོང་བ་འདི་ཇི་ལྟར་བརྟག་ཅེ་ན། དེའི་ཕྱིར་ཉམས་སྟ་མྱོང་བ་ཚ་བ་དང་གཤེར་བ་ལ་སོགས་པ་དག་ནི་རྨི་ལམ་འདྲ། །ཞེས་སྨོས་ཏེ། རྨི་ལམ་ཉིད་ན་མེད་པར་ངེས་པའི་བུད་མེད་ཁོང་དུ་མིད་པ་ལ་སོགས་པ་དང་འདྲ་སྟེ། རྣམ་པར་ཤེས ་པ་དེ་ཉིད་སོ་སོར་སྣང་བའོ། །དེ་ལྟ་ན་རྨི་ལམ་ལྟར་ཐམས་ཅད་འཁྲུལ་པ་འམ་ཞེ་ན། མ་ཡིན་ཏེ། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཅེས་སྨོས་ཏེ། འདོད་ཅེས་བྱ་བ་ཁོང་ནས་དབྱུང་ངོ། །དེ་ལ་གཟུང་ཞེས་བྱ་བ་ནི་རྣམ ་པར་ཤེས་པ་ལས་མ་གཏོགས་པའི་དབང་ཕྱུག་གིས་སྤྲུལ་པ་ནས་རྡུལ་ཕྲ་རབ་བསགས་པའི་བར་རོ། །འཛིན་པ་ནི་བེམས་པོ་འམ། འདྲེས་པའི་ཡུལ་འཛིན་པར་བྱེད་པའི་ཤེས་པ་སྟེ། དེ་དག་ལས་གྲོལ་བའི་རྣམ་ཤེས་ནི་གཟུང་བ་སེམས་ཀྱི་རྣམ་པ་འབའ་ཞིག་ཏུ་འདོད་ཅིང་འཛིན ་པའང་གཟུང་བ་ལས་ཐ་མི་དད་པ་སྟེ། དེ་ལྟར་ན་རང་གི་ཁྱད་པར་ཤེས་པ་ནི་རྣམ་པར་ཤེས་པ་ཞེས་མིང་ཡང་རིག་པར་འགྱུར་རོ། །རྣམ་པ་ནི་ཁྱད་པར་ཉིད་དུ་དྲང་ངོ། །དེ་དམ་པའི་དོན་དུ་ཡོད་པར་འདོད་པ་ནི་རང་གི་མངོན་པར་ཞེན་པས་འདིར་རིགས་པས་གནོད་པར་མི་ནུས་པས་ན་དོན ་རྣམས་ལས་འདི་ཁོ་ན་དམ་པའོ། །ཞེས་རྟོགས་པ་ཙམ་སྙིང་པོར་འགྱུར་གྱི། རང་གི་ངོ་བོས་ནི་མ་ཡིན་ནོ། །དེ་དག་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་མ་ལུས་པ་བཅོམ་པས་ན་བློ་མཚོ་ཕ་རོལ་ཕྱིན་པའི་ཞེས་སྨོས་ཏེ། བློ་ནི་ཤེས་རབ་སྟེ་དེས་ཤེས་བྱའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན ་པ་འམ། ཡང་ན་བློ་ཉིད་འཁྲུལ་པའི་འཇིགས་པ་ཆུ་སྲིན་འཛིན་ཁྲིས་དཀྲུགས་པ་ལ་སོགས་པ་ལྟར་ཉམ་ང་བ་ཡིན་པའི་ཕྱིར་མཚོ་ལྟ་བུ་ཡིན་ལ། འདི་དག་གིས་མདོ་སྡེ་པའི་བར་གྱི་འཁྲུལ་པའི་འཇིགས་པ་དང་བཅས་པ་མཚོའི་ཕ་རོལ་ཏུ་ཕྱིན་བས་ན་ཕ་རོལ་ཏུ་ཕྱིན་པ་སྟེ། ་དེ་དག་ཉད་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་ཏེ་དུས་གསུམ་ཡང་སེམས་ཙམ་མོ། །ཞེས་གསུངས་པའི་ལུང་གི་དོན་དངོས་པོ་དང་མཐུན་པ་ལྟར། ཚུལ་བཞིན་ཡིད་ལ་བྱེད་པས་སྤྱོད་པས་ན་རྣལ་འབྱོར་སྤྱོད་པ་སྟེ། ཡོ་ནི་ཤ་མ་ན། ཤི་ཀ་ར་ཏྱོ་ག་ཞེས་བསྟན ་པའོ། །དེ་དག་གི་གཞུང་ནི་གྲུབ་པའི་མཛའ་སྟེ་བསྒྲགས་པ་བསྟན་པའོ། །འདིར་རྣལ་འབྱོར་སྦྱོར་པ་ནི་རྣམ་པ་གཉིས་ཏེ། རྣམ་པ་དང་བཅས་པ་དང། རྣམ་པ་མེད་པའོ། །དེ་ལ་རྣམ་པ་དང་བཅས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་དག་གི་འདོད་པ་སྟེ། རྣམ་པ་གཞན་གྱི་དབང ་དུ་སྟོན་པས་ཇི་སྐད་དུ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་ནང་གང་ཡིན་དེ། །དོན་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་སྨྲ་བའོ། །རྣམ་པ་དེ་མེད་པ་ནི་སློབ་དཔོན་འཕགས་པ་ཐོགས་མེད་ལ་སོགས་པ་སྟེ། དེ་དག་རྣམ་པ་ཀུན་ཏུ་བརྟགས་པ་རབ་རིབ་ཅན་གྱི་སྐྲ་ཤད ་ལ་སོགས་པ་ལྟར་སྨྲ་བས། དོན་ནི་དོན་ཏུ་གྲུབ་འགྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །དེ་བཞིན་དུ། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད ་ཅེས་བརྗོད་ཅིང། རྣམ་པར་ཤེས་པའི་ཚོགས་བརྒྱད་དང། ཁ་ཅིག་གཅིག་པུར་སྨྲ་བ་སྟེ། གཅིག་པུ་ཉིད་ནི་རྣམ་པ་དང་བཅས་པ་དག་ལ་ཡང་ཁ་ཅིག་གོ་།ད་ནི་ཐེག་པ་ཆེན་པོ་དབུ་མ་པའི་གཞུང་སྟོན་པར་བཞེད་ནས། རྣམ་ཤེས་དམ་པའི་དོན་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏ། ་སྔར་བསྟན་པ་ལྟར་རྣམ་པར་ཤེས་པ་རིགས་པས་མི་གནོད་པས་དམ་པའི་དོན་གྱི་མཚན་ཉིད་དང་ལྡན་པ་དེ་ཡང་ཁོ་བོ་ཅག་དབུ་མ་པ་ཤིན་ཏུ་ཞི་བ་པའི་རིགས་པས་འཇལ་བ་ལ་མཁས་པ་བློ་རབ་ཏུ་བརྟན་པ་རྣམས་དོན་དམ་པར་ཡོད་པར་མི་འདོད་ཏེ། ཅིའི་ཕྱིར་ཞེ་ན། ཤེས་པ་དེ་གཅིག་དང་དུ་མའི ་རང་བཞིན་དང་བྲལ་བའི་ཕྱིར་དཔེར་ན། ནམ་མཁའ་ཨི་པདྨ་བཞིན་ཏེ། འདིར་རྣམ་ཤེས་ངམ?་པའི་དོན་ལྡན་པ་ནི་ཆོས་ཅན་ནོ། །དོན་དམ་པར་མི་འདོད་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །གཅིག་དང་དུ་མ་བྲལ་བའི་ཕྱིར་ཞེས་བྱ་བ་ན་ཕྱོགས་ཀྱི་ཆོས་ཏེ། ཁྱབ་པར་བྱེད་པ་མི་དམིགས་པའི་གཏན་ཚིགས་སོ། ། ་ནམ་མཁའ་ཨི་པདྨ་བཞིན་ཞེས་བྱ་བ་ནི་མཐུན་པའི་དཔེ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་རྣལ་འབྱོར་སྤྱོད་པ་ལ་ཐུག་གི་བར་དུ་སྦྱོར་བའི་ཚིག་གིས་ཕྱོགས་སྔ་མ་སྔ་མ་ཕྱི་མ་ཕྱི་མས་སུན་དབྱུང་བ་མཛད་པ་ནི། རྟ་ཅང་ཤེས་ལྟ་བུར་གྱུར་པའི་དབུ་མ་པ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དགེ་འདུན་དུ ་བགྲང་པ་རྣམས་ནི་དང་པོར། གང་ཡོད་དེ་ཀུན་འདི་རྣམས་འཇིག་ཅེས་བྱ་བ་ལ་སོགས་པ་ཕྱོགས་དང་ཕྱོགས་ཀྱི་ཆོས་ཙམ་མམ། ད་བའི་ཆོས་ཙམ་སྨོས་པས་གོ་བ་ལ་དགོངས་ལ། དེ་ལས་གཞན་པ་དག་གི་ཕྱིར་ནི་འདིར་སྦྱོར་བའི་ཚིག་བསྡུས་པ་མཛད་པར་ཤེས་པར་བྱའོ། །འོ་ན་དབུ་མ་པ་དེ་དག་ཅི་ཞིག་ཁས ་ལེན་ཞེ་ན། ཅི་ཡང་ཁས་ལེན་པ་མ་ཡིན་ཏེ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཛའ་བཞི་ལས་གྲོལ་དབུམ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ནའོ། །ཞེས་སྨོས་ཏེ། རྣལ་འབྱོར་སྤྱོད་པ་བའི་མཐར་ཐུག་པ་ནི་ཡོད ་པ་སྟེ། དེ་ཡང་འདོད་པ་མིན་ལ། འཇིག་རྟེན་རྒྱང་པན་པ་ལ་སོགས་པ་ནི་མེད་པ་སྟེ་དེ་ཡང་འདོད་པ་མིན་ཏེ། གལ་ཏེ་དེ་དག་གཉིས་དང་བྲལ་བའི་བདག་ཉིད་དོ་ཞེ་ན། ཡོད་མེད་མིན་ཞེས་སྨོས་ཏེ། ཕུང་པོ་གསུམ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་གཉི་ག་གཅིག་པར་ཁས ་ལེན་ནོ་ཞེ་ན། གཉིས་བདག་ཀྱང་མིན་པས་ཞེས་བྱ་བ་སྨོས་ཏེ། ཉེས་པ་གཉི་གར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་ཕྱི་མ་གཉིས་ནི་རྣམ་པར་རྟོག་པ་སྲིད་པ་དགག་པ་སྟེ། ཇི་ལྟར་སློབ་དཔོན་བྷ་བྱའི་ཞལ་སྔ་ནས་ཕྱོགས་རྣམ་པར་བརྟགས་སུ་ཟིན་ན་ཡང་མི་རིགས་པ་བརྗོད་པར་བྱ ་བའི་ཕྱིར་དེ་ཡོངས་སུ་བཟུང་བས་ཉེས་པ་མེད་དོ་ཞེས་བརྗོད་པ་ལྟ་བུའོ། །དེ་ལྟར་ན་མཛའ་བཞི་པོ་ཇི་སྐད་བསྟན་པ་ལས་གྲོལ་ཏེ། དེ་དག་སྤངས་པ་ནི་མཛའ་རྣམས་སྤངས་པས་ཀུན་རྫོབ་ཀྱི་བདེན་པར་དབུ་མ་པ་སྟེ་དེ་དག་ནི། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ ་དེ་ལ་ནན་ཏན་ལྡན་པས་ཀྱང། །ཅིར་ཡང་ཀླན་ཀ་བྱ་མི་ནུས་ཞེས་བྱ་བའི་ཚུལ་གྱིས་གྲུབ་པའི་མཛའ་སྨྲ་བ་སུས་ཀྱང་བརྗོད་དུ་མེད་པའི་བློ་དང་ལྡན་པ་ན་མཁས་པ་རྣམས་ཏེ། དེ་རྣམས་ཀྱི་དེ་ཁོ་ནའོ། །ཞེས་བྱ་བ་ནི་ཇི་ལྟར་གཅལ་ཏེ། གཞག་པར་ཡང་མི་འགྱུར་ཞིང། དེ་འཇལ་བ ་ཡང་ཕྱིན་ཅི་མ་ལོག་པས་ན་གཉི་ཀ་བསླུ་བ་མེད་པས་དེ་ཁོ་ན་གྲུབ་ཀྱི་གཞན་ནི་མ་ཡིན་ནོ། །འདིར་དབུ་མ་བ་དེ་དག་ཀྱང་ཀུན་རྫོབ་རྣམ་པར་གཞག་པ་གཉིས་ཏེ། སྣང་བ་ལ་མི་འཇལ་བ་ནི་སློབ་དཔོན་བྷ་བྱ་ལ་སོགས་པ་དང། སྣང་བའི་དངོས་པོ་ཇི་ལྟ་བ་མ་ཡིན་གྱི་ནང་གི་ཤེས་པ་ཁོ ་ན་སྣ་ཚོགས་སུ་སྣང་བར་སྨྲ་བ་སློབ་དཔོན་ཞི་བ་འཚོ་ལ་སོགས་པའོ། །ཆོས་ལ་ཞེས་བྱ་བ་ལ་སོགས་པ་ནི་བསླབ་པ་ལ་འཇུག་པར་བྱ་བ་སྟེ། སྔར་བསྟན་པ་ལྟར་འཁྲུལ་པའི་གནས་གྲུབ་པའི་མཛའ་རབ་འབྱམས་དག་དང། གཞན་ཡང་རྟག་པར་སྨྲ་བ་བཞི་དང་ཡང་རྟག་པར་སྨྲ? ་བ་གཞན་བཞི་དང། མཐར་སྨྲ་བ་བཞི་དང། ཀུན་འབྱུང་བ་རྒྱུར་སྨྲ་བ་གཉིས་དང། ཚིག་འཁྲུལ་པ་བཞི་དང། འདུ་ཤེས་སུ་སྨྲ་བ་བཅུ་དྲུག་དང། འདུ་ཤེས་ཡོད་པ་མ་ཡིན་པར་སྨྲ་བ་བརྒྱད་དང། འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར། ?་བའི་ཆོས་ལ་ཡིད ་འབྱུང་བར་སྨྲ་བ་ལྔ་དང། ཆད་པར་སྨྲ་བ་བདུན་ཞེས་བྱ་བ་འཇིག་ཚོགས་ལ་ལྟ་བ་དྲུག་ཅུ་རྩ་གཉིས་དག་རྩོད་པའི་དུས་སྙིགས་མ་ལྔ་དང་ལྡན་པ་འདིར་གནས་ལ། དེ་དག་ཀྱང་ཆོས་ལས་ཐོས་པ་ལ་སོགས་པའི་འབད་པ་མེད་ན་ནི། །དེ་ཕྱིར་དེ་ཉིད་མི་འགྲུབ་པ། །དེ་ཕྱིར་མཁས ་པས་ནན་ཏན་གྱིས། །ཆོས་ལ་ལེགས་པར་བལྟ་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །བསྲེག་པ་ལ་སོགས་པ་སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས། གཞན་དུ། དོན་གང་ལུང་དང་རིགས་པ་ཡིས། །ལེགས་པར་མངོན་པར་བརྗོད་པ་དང། སྔ་ཕྱི་འགལ་བ་མེད་པ་དེ། ་དམ་པ་རྣམས་ཀྱིས་ཡོངས་སུ་བཟུང། །ཞེས་བསྟན་པའོ། །ཁ་ཅིག་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མ་དག་ཏུ་སྨྲ་བར་བྱེད་དོ། །གུས་ཕྱིར་མིན་པ་ནི་གང་ཟག་གི་རྗེས་སུ་འབྲེང་བ་དགག་པའི་ཕྱིར་རོ། །བསྲེགས་པ་ལ་སོགས་པ་ཡང་ཚོང་དཔོན་གསེར་སྤྱོང ་ལྟ་བུའི་བླ་མ་ལ་རག་ལས་བས་ན། དེས་ན་འབད་པས་བླ་མ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་ཞིག་བདེན་པ་གཉིས་ཇི་ལྟ་བ་བཞིན་ཤེས་པས་ལྟ་བ་ཕྱིན་ཅི་མ་ལོག་པ་དང། སྙིང་རྗེ་དང་ལྡན་པ་དང། ཐབས་ལ་མཁས་པ་དང། ལེ་ལོ་སྤངས་པ་སྟེ། ཆོས་བཞི་དང ་ལྡན་པ་དེ་ནི་བླ་མའོ། །ཡོངས་སུ་དྲི་བ་ནི་ས་བཅུའི་བར་དུ་དེ་ལ་རག་ལས་པས་ན་ཆོས་ཉིད་ཁོ་ནས་སོ། །སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཤེས་པ་ནི་དེ་སོང་བ་དང་གནས་པ་མི་དམིགས་ཏེ། དེ་ཉིད་སྔར་བསྟན་པ་ལྟར་མ་ལུས་པར་ཤེས་པ་ཡིན་པས་བླ་མའི་ལུང་གིས་སེམས ་ཤེས་པའི་ཚུལ་ལ་རྣམ་པ་དུ་མང་གོམས་པར་བྱའོ། །ཞེས་བྱ་བ་ནི་གང་ཚེ་སེམས་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཇི་ལྟར་ན་གོམས་པར་བྱ་ཞེ་ན། ཡིད་ནི་གང་དང་གང་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པས་རྟོག་སེམས་འཁོར་ལོ་ཏེ། ཇི་ལྟར་གཟུང་བ་སྟོན་ཏེ། ་ཇི་ལྟར་མཐོང་དང་ཐོས་པ་ཀུན། །འདི་ལ་དགག་པར་བྱ་མིན་གྱི། །གང་ཕྱིར་སྡུག་བསྔལ་རྒྱུད་གྱུར་བ། །བདེན་པ་ཉིད་དུ་རྟོག་པ་བཟློག་།ཅེས་བསྟན་པ་དང། ཡང་དག་ལྟ་བས་ཕྲ་རབ་ཀྱི། །ངོ་བོ་ཡང་ནི་མི་ཤེས་སོ། །དེ་ཕྱིར་རང་བཞིན་མེད་སྨྲ་པའི། ། ་སྣང་བ་བསལ་ཕྱིར་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་དངོས་པོ་ཀུན་རྫོབ་པ་ཐམས་ཅད་སྤྲོས་པ་མེད་པའི་རང་བཞིན་ཏེ། དེའི་བདག་ཉིད་དུ་ཤེས་བར་བྱའི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལྟར་ནི་ཐོག་མ་ནས་མཐོང་བ་མི་སྲིད་ཅིང། མཐོང་བ་ན་ཡང་དེ་དོར ་ཏེ་བདེན་པ་གཉིས་སུ་དབྱེར་མེད་པའི་ངོ་བོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །དེ་ལྟར་ན་འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པའི་ཤེས་པས་ནི། ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་ལྟ་བུར་མཐོང་བར ་གསུངས་པ་དེ་ལ་ཐམས་ཅད་དུ་དམིགས་པར་ནི་རྗེས་ལས་ཐོབ་པས་སྒྱུ་མ་ལ་སོགས་པ་ལྟར་སྣང་བ་བསྟན་ཏོ། །ད་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀུན་རྫོབ་དུ་རྣལ་འབྱོར་སྤྱོད་པ་པ་དག་ལས། རྣམ་པ་མེད་པ་དང། རྣམ་པ་མཐུན་པར་སྟོན་པ་སེམས་འདི་ནི་བག་ཆགས་དང ་བཅས་པ་ཡིས་སྣ་ཚོགས་སུ་སྣང་ལ། ཇི་ལྟར་སྣང་བ་ཉིད་ནི་བག་ཆགས་ཀྱིས་ནི་སེམས་ཅན་བགྲང་བ་ལ་ཁྲིད་ཅིང་དེ་མ་ཡིན་པ་ལ་ཁྱེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྣང་བ་ལ་ཉེས་པ་མེད་པའི་ཕྱིར་སེམས་ཀྱི་འཇུག་པ་ཐ་མལ་པའི་རྣམ་པར་རྟོག་པ་འགོག ་པ་ཡི་སྒྱུ་མ་ལྟར་རྟོགས་པས་བག་ཆགས་ལས་ནི་བཀྲི་ཞིང་བཀྱེར་གྱི་སྣང་བ་རྣམས་ཀྱི་སྐྲག་སྟེ་དེ་དག་བསལ་བར་ནི་མི་བྱའོ། །དེ་ལྟར་ན་སངས་རྒྱས་ཀྱི་ས་ལ་ཡང་བྱིན་གྱིས་བརླབས་པའི་སྣང་བ་རབ་འབྱམས་འབྱུང་གི་རྣལ་འབྱོར་སྤྱོད་པ་པ་རྣམ་པ་མེད་པར་སྨྲ་བ་ལྟར་དེ་སྤངས་པས་ཅི ་ཞིག་བྱ། དེའི་འབྲས་བུ་ནི་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བ་མ་བསལ་བའི་མཐུན་པ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་གཟུགས་ཅན་ནོར་བུ་ནི་ཆུ་ཤེལ་དག་བ་སྟེ། རྐྱེན་ཇི་ལྟ་བུའི་ཁ་དོག་གི་གཟུགས་སུ་སྣང་དུ་རུང་བའི་ཕྱིར་རོ། །བསོད་ནམས་ནི ་སྒྲིབ་པ་དག་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་དང་ཕན་པའི་བསམ་པ་སྟེ། དེས་ན་བཟང་པོ་གང་ཞེ་ན། བསོད་ནམས་ཀྱི་ཉི་ཚེ་ལས་ཁྱད་པར་དུ་དབྱེ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་ནི་ཡེ་ཤེས་རྣམ་པ་བཞི་སྟེ། དེ་དག་ཐོབ་པར་བྱ་བའི་ཕྱིར་འབད་པས་གཞོལ་བར་ཤོག་ཅིག་།ཅེས་བྱ ་བའི་དོན་ཏོ། །གཞན་ཕན་འདོད་པས་བསྡུས་པ་ཕྱེ། །ཉེས་སྨྲས་དེ་འདིར་བདག་གིས་འཁྲུལ། །དེ་ཕྱིར་འཕགས་པ་ལ་མི་སྨད། །བདག་ལ་མཁས་རྣམས་བཟོད་པར་མཛོད། །འདི་ཡི་དགེ་བ་དྲི་མེད་སྟོན་ཟླ་འདྲ་བ་གང་ཡིན་དེས། །བདག་ནི་འཕགས་པ་ཀླུ་སྒྲུབ་འཕགས་པ་ལྷ་ཡི ་ཞབས་བཅས་དང། །མྱུར་དུ་ལེགས་ཕྲད་དེ་དག་གསུང་གི་བདུད་རྩིས་ངོམས་བྱས་ཏེ། །རིམ་ཀྱིས་འགྲོ་བ་འདྲེན་ཕྱིར་གཅིག་ཏུ་འགྲོ་ལ་ཕན་ཕྱིར་གྱུར། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱིས་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པའོ།། །།འདིས་བསྟན་པ་དང་སེམས་ཅན་ལ་ཕན་པར་གྱུར་ཅིག། (།།དབུམ?་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་སློབ་དཔོན ་