| Wylie | e-texts based on the ACIP/ALL Input |
དུ་བཤད། །འཇིག་རྟེན་པས་ནི་གང་སྤངས་པ། །དེ་ནི་དོན་དམ་ཡིན་པར་བཤད། །བདེན་པ་གཉིས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དབུ་མ་སྲིད་པ་འཕོ་བ་ཞེས་བྱ་བ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། ་རྒྱ་གར་སྐད་དུ། བྷ་པ་སམ་ཀྲནྟི་ཊི་ཀ་།བོད་སྐད་དུ། སྲིད་པའི་འཕོ་བའི་ཊི་ཀ་།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དངོས་པོ་མེད་པ་སྐྱེ་བ་མེད་ཅེས་བྱ་བ་ལ། ས་བོན་ལས་ས་བོན་འབྱུང་བ། །བཞིན་དེ་ལྟར་ཡིན་ན་ནི་བུམ་པ་ལས་ཀྱང་བུམ ་པ་འབྱུང་བར་རིགས། རང་ཉིད་བྱ་བ་འགག་པས་ས་བོན་འབྱུང་མི་སྲིད། །འབྱུང་བ་རྣམ་པ་ལྔས་བསྒྱུར་བའི་ཆོས་ཉིད་ཡིན་པ་རྟེན་འབྲེལ་ཆོས་ཉིད་ཡིན། །དེ་ལྟ་ཡིན་ན་དགེ་སྡིག་སུས་ཁུར་ཆད་ལྟར་འགྱུར། །སྐྱེ་བ་དེ་ནི་མ་ཡིན་ནོ། །བྱི་བས་སོ་བཏབ་པའི ་དུག་འབྲུག་གྲག་ཙ་ན་ན་པ་བཞིན་ནོ། །རྟེན་འབྲེལ་ལས་སྐྱེས་པའི་ཆོས་ཉིད་དོ། །དེས་ན་དངོས་?་པོ་ལས་སྐྱེས་པ་ཆོས་ཉིད་མ་ཡིན། དངོས་པོ་མེད་པ་དེ་ལ་ནི། །སྐྱེ་བ་བླངས་པ་སྲིད་པ་ཡིན། །ཞེས་པ། དེ་ལྟར་ཡིན་ན་དངོས་པོ་མེད་པ་ལས་བྱུང་ན་ནི། ་མོ་གཤམ་བུ་ནམ་མཁའ་ཨི་མེ་ཏོག་ཀྱང་རི་བོང་གི་རྭ་ཡང་སྲིད། །དེ་ལྟར་མ་ཡིན་པ་འབྱུང་བས་ན་འབྱུང་མི་སྲིད། །མེའི་ནང་དུ་ས་བོན་བཏབ་ན་སྐྱེ་མི་སྲིད། །དངོས་པོ་མེད་པ་དེ་ལ་ནི། །སྐྱེ་བ་བླངས་པ་སྲིད་པ་བསྟན་པ་ནི། །ཇི་ལྟར་ཆུ་དྭངས་པས་གང་བའི་མཚོ ་ལ་བྲི་མ་དང་པདྨ་སྐྱེས་པ་བཞིན་ནོ། །གཙུབ་ཤིང་དང་ལྕགས་མག་ལས་མི་འབྱུང་བ་བཞིན་ནོ། །བྱུང་མོད་སྐྱོན་ཅི་ཡོད། །རྟག་ཏུ་དངོས་པོ་ལས་བྱུང་བར་བདག་འདོད། །དེ་ལྟར་མ་ཡིན་འཁྲུལ་པ་ཡིན། །དབང་པོ་རྣམས་ཀྱིས་གང་རྙེད་པ། །དེ་ནི་དེ་དག་ཉིད་འགྱུར ་ན། །དེ་ཉིད་མཁྱེན་པ་བྱིས་པར་འགྱུར། །དེ་ཉིད་ཡེ་ཤེས་བྱ་རྒྱུ་མེད། །ལང་ཀར་གཤེགས་པའི་མདོ་ལས་དངོས་པོ་ཐམས་ཅད་ཡོད་བསམ་པ་དེ་ལྟར་བྱིས་པས་བརྟགས་པ་བཞིན་གལ་ཏེ་དེ་ལྟར་མཐོང་གྱུར་ན། ཐམས་ཅད་དེ་ཉིད་མཁྱེན་པར ་འགྱུར། །གཞན་སྟོན་པ་ནི་མིག་གི་གཟུགས་མི་མཐོང་བ་བཞིན། །འཇིག་རྟེན་པས་ནི་གཏི་མུག་གིས། །དབང་པོའི་ལམ་ལས་བྱུང་འགྱུར་བ། །དེའི་དཔེ་ནི་འདི་ལྟར་ཡིན། །སྒྱུ་མ་ལྟར། སྨིག་རྒྱུ། རྨི་ལམ། བྲག་ཅ། འཇའ་ཚོན། ཆུ་ཟླའི་གཟུཊ ་སྤྲུལ་པའི། སྒྱུ་མའི་གྲོང་ཁྱེར་རྣམ་རྟོག་བཞིན་ནོ། །དཔའ་བོའི་ཞབས་ཀྱིས་ཀྱང་གསུངས་སོ། །ཡོད་དང་མེད་པ་སྐྱེ་དང་འཆི། །དེ་ནི་འགག་པ་གང་མེད་པ། །དངོས་པོ་སྟོང་པ་ཉིད་ཡིན་ནོ། །མཚན་མ་དངོས་པོ་མཐོང་བ་རྣམས། །དངོས་པོ་མཐོང་བས་འཁྲུལ་པ་ཡིན ་ཇི་ལྟར་ནམ་མཁའ་ཨི་མེ་ཏོག་བསམ་པ་འདྲ། །མཁའ་དང་མཉམ་པའི་ཆོས་ཉིད་ལ། །ཞེས་པ་ནི། ནམ་མཁའ་དང་མཉམ་པ་དངོས་པོ་སྟོང་ཉིད་ཡིན་པས་ན། །སྐྱེ་བ་དང་འཇིག་པའི་སྐྱོན་གྱི་དྲི་མས་མགོས་པས་ན། ཆོས་ཉིད་ཙམ་ལ་གཟུགས ་དང་ཚོར་བ་ལ་སོགས་པ་དེ་རྣམས་ནམ་མཁའ་དང་མཉམ་པའོ། །གཞན་སྐྱེ་བ་ན་རྟེན་འབྲེལ་འཛོམ་པས་སྐྱེའོ། །དེ་ཡང་ཀུན་རྫོབ་འཇིག་རྟེན་པ་ལ་ཡིན། །དོན་དམ་པ་ལ་མི་མཐུན་མེད། །བསམ་གྱིས་མི་ཁྱབ་སྒྱུ་མ་ཆོས་ཀྱི་མཚན་ཉིད་ཡིན། །ས་ལུ ་ལྗང་པའི་མདོ་ལས། །རྟེན་འབྲེལ་གྱིས་ནི་སྐྱེས་པ་གང། །རྒྱུ་ལྔ་རྣམས་ཀྱིས་མཐོང་གྱུར་པ། །ཁྲོས་རང་ངེས་པ་ལ་ཡིན། །ཆད་པ་པོ་ཡང་མ་ཡིན། འཕོ་བ་པོ་ཡང་མ་ཡིན། རྒྱུ་རང་བྱུང་བ་ཡང་མ་ཡིན། འབྲས་བུ་སྨིན་ནས་བྱུང་བ་ཡང་མ་ཡིན། ་དེ་རྣམས་ནི་མི་མཐུན་པར་འབྲེལ། ཁོ་རང་ངེས་པས་ཡིན་པ་གང་ཞེ་ན། ཇི་ལྟར་ས་བོན་དང་མྱུ་གུ་མི་མཐུན་པ་བཞིན་ནོ། །མ་ཡིན་ཏེ་དེ་ལྟར་ཡིན་ན་ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ་།དེ་ལྟར་ཡིན་ན་ས་བོན་འགག་།མྱུ་གུ་སྐྱེས་པ་ན། ཆད་པ་ཡང ་མ་ཡིན་པ་གང་ཞེ་ན། སྔ་མ་ས་བོན་བཀག་པས་མྱུ་གུ་སྐྱེ་བ་མ་ཡིན། ས་བོན་བཀག་པ་ཙམ་ལས་དེའི་དུས་སུ་མྱུ་གུ་སྐྱེ་བས་ན། སྲང་ལ་འཇལ་བའི་མཐོ་དམན་བཞིན་ནོ། །འཕོ་བ་པོ་མ་ཡིན་པ་གང་ཞེ་ན། ས་བོན་ལྟར་མ་ཡིན་མྱུ་གུའོ། ། ་རྒྱུ་རང་བྱུང་བ་མ་ཡིན་པ་གང་ཞེ་ན། དང་པོ་འབྲས་བུ་རང་མ་བྱུང་བས་སོ། །འབྲས་བུ་སྨིན་ནས་བྱུང་མ་ཡིན་པ་གང་ཞེ་ན། འབྲས་བུའི་ངོ་བོར་གྲུབ་པ་སྟེ། འབྲས་བུས་འབྲས་བུ་བསྐྱེད་པ་ནི་མ་ཡིན་ནོ། །མི་མཐུན་པར་འབྲེལ་པ་གང་ཞེ་ན། ་དེ་ལྟར་དུ་རྟེན་འབྲེལ་གྱིས་འབྱུང་བ་སྟེ་དེ་རྣམས་ཀྱིས་བསྐྱེད་པའི་འབྲས་བུའོ། །ཕུང་པོ་བསྐྱེད་ལུགས་ཀྱང། མ་རིག་པས་འདུ་བྱེད་རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག་དང་ལྔ་ཡིས་ཕུང་པོ་གྲུབ་པོ། །སྟོང་ཉིད་རྣམས་ཀྱིས ་བྱུང་བ་གང། །དེ་གཟུགས་རྣམས་ཀྱི་ངོ་བོ་ནི། །རྟེན་འབྲེལ་རྐྱེན་གྱིས་བྱུང་བ་ཡིན། །དེ་ལྟར་གྲུབ་པས་རབ་ཏུ་གྲགས། །དེ་ལྟར་སྟོང་ཉིད་དེ་རང་ནི། །སྐྱེས་ནས་གཟུགས་ན་མཐོང་འགྱུར་བ། །དངོས་པོ་ཐམས་ཅད་སྟོང་ཉིད་ཡིན། །དེ་ལྟར་སྟོང་ཉིད་རབ་ཏུ་སྐྱེས ་དེ་ལྟར་དུ་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པའོ། །རང་བཞིན་དངོས་པོ་ནི་གང་གིས་རྒྱུས་བྱུང་བས། ཆོས་ཐམས་ཅད་ནམ་མཁའ་དང་མཉམ། དེ་ལྟར་དངོས་པོ་མེད་པ་སྲིད་པ་ཡིན་ནོ། །རྒྱུ་མེད་འབྲས་བུ་མེད་པ་དང། ཞེས་པས་ན། འཇིག་རྟེན་འདི་དང ་ཕ་རོལ་དང། ཞེས་པའི་བར་ལ། རྒྱུ་དབང་ཕྱུག་གིས་བྱས་པར་འདོད་པ་དང། ལས་ཀྱི་འབྱུང་བ་སེམས་ཙམ་པ་འདོད་པའམ། དེ་ལྟར་མི་འདོད་ན་དགེ་སྡིག་སུ་འཁུར། མུ་སྟེགས་ཆད་པ་པོ་རུ་ཐལ། དེའི་ལན་ནི་དངོས་པོ་ལ་ནི་བདེན་པ་མེད།། ་ལས་ཀྱིས་འབྱུང་ཡང་རྨི་ལམ་བཞིན། །དངོས་པོ་འདི་ལྟར་མེད་པས་ན། །མ་སྐྱེས་མེད་པ་དེ་ལ་ནི། །ཡུན་རིང་རྟེན་འབྲེལ་འདོན་ཙམ་ན། །དེ་དུས་ལས་ཀྱི་འབྲས་བུ་མྱོང། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། །འཇིག་རྟེན་འདི་ལ་འཆི་བ ་གང་ཡང་མེད། །འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་གང་ཡང་མེད། །ལས་ཀྱིས་མེད་པ་མི་སྲིད་དོ། །བྱས་པའི་འབྲས་བུ་སྟེར་བར་བྱེད། །ཐོག་མ་མེད་པ་འཁོར་བ་ལ། །ལང་ཀར་གཤེགས་པའི་མདོ་ལས་གང་གིས་རྟག་ཏུ་སྟོང་ཉིད་བཤད། །ཡོད་དང ་ཆད་པ་སྤངས་པ་ཉིད། །འཁོར་བ་རྨི་ལམ་སྒྱུ་མ་མིང། །ལས་མེད་པར་ནི་མི་འགྲོའོ། །འཕགས་པ་ནམ་མཁའ་དང་མཉམ་པ་ཏིང་ངེ་འཛིན་གྱི་མདོ་ལས། སྔར་བྱས་དེ་ནི་མི་མཛད་དོ། །མི་མཛད་པ་དེ་དགེ་མི་དགེ། བདེ་བར་གཤེགས་ཀྱིས་སྔར་བགྱིས་པས།། ་དེ་ཡང་མཛད་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་སེམས། །དེ་ཡང་མཛད་པར་མི་འགྱུར་རོ། །བརྟན་པ་ཐོབ་པར་བྱས་པ་ཡང། །དེ་ཡང་མཛད་པར་མི་འགྱུར་རོ། །ལས་ཀྱང་མེད་པར་མི་འགྱུར་རོ། །བསྐལ་པ་བྱེ་བའི་བར་དུ་ཡང། །རྟེན ་འབྲེལ་འཛོམ་པའི་དུས་ལས་ནི། །ལུས་ཅན་རྣམས་ཀྱི་འབྲས་བུ་མྱོང། །སྐྱེ་བ་མེད་པའི་ངོ་བོ་ཉིད། །ཅེས་པ་ལ། དབང་ཕྱུག་གིས་ཇི་ལྟར་གལ་ཏེ་མ་སྤྲུལ་ན། །འཇིག་རྟེན་པ་ནི་ཇི་ལྟར་བྱུང། །མོ་བཤམ་མོ་ཡི་བུ་ལ་ཡང། །དེ་ལ་བུ ་སྐྱེས་སྐྱེ་བར་མཛད། །འཇིག་རྟེན་པ་འདི་སྔར་མ་སྐྱེས་པ་ཤེས་པ་ལ་སོགས་པ་ལ་དང་པོར་རང་མ་སྐྱེས་པ་རྟེན་འབྲེལ་ལ་འབྱུང་བའི་དངོས་པོ་ཡིན། དེའི་དབང་ཕྱུག་ལ་སོགས་པ་སུས་ཀྱང་སྐྱེར་འཇུག་པ་མེད། སེམས་ཅན་པ་དང་པོ་རང་སྐྱེས་པ་མེད ་པས། །དབང་ཕྱུག་ཁོ་རང་མ་གྲུབ་པ་ལ། རྟེན་འབྲེལ་ལས་འབྱུང་བའི་དབང་ཕྱུག་གིས་སྐྱེ་རུ་བཅུག་པ་མེད། ལང་ཀར་གཤེགས་པའི་མདོ་ལས། སྐྱེ་དང་འཆི་བའི་དེ་གཉིས་ནི། །བྱིས་པ་རྨོངས་པ་མཐོང་བ་ཡིས། སྐྱེ་མེད་འཆི་མེད་དེ་གཉིས་ནི། །ཤེས་རབ་ཅན ་གྱི་དེ་ལྟར་མཐོང། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཡོད་པ་མེད་པ་དེ་ལས་ནི། །གཉི་ག་མཛའ་ནི་མེད་པ་ཡིན། །དག་དང་མ་དག་དེ་ལ་ནི། །དེ་གཉིས་ལ་ཡང་མཛའ་མེད་དོ། །དེ་གཉིས་སྤང་པ་དེ་ལ་ནི། དབུས་སུ་གནས་པ ་གང་ཡང་མེད། །དེ་ལྟར་མཁས་པས་རྟོགས་པར་བྱ། །དབུ་མ་དར་བ་ནས། རྟོག་པ་གང་གིས་རྟོགས་ཙམ་ན། །དེ་རྟགས་འབྲས་བུ་མེད་པར་འདུག་།དེ་ལྟར་དུ་ནི་མཁྱེན་པས་གསུངས། །རྣམ་རྟོག་གིས་ནི་ཐ་མལ་བཅིངས། །བརྟག་པ་བྱས་ན ་གྲོལ་བར་བྱེད། །དེ་བྱེད་པས་ནི་འགྲོ་བ་ཡིན། །རྣལ་འབྱོར་པའི་ནི་སྟོང་པར་མཐོང། །ཇི་ལྟར་རབ་རིབ་མཐོང་འགྱུར་བ། །སྨན་གྱི་སྦྱོར་བས་མཐོང་བ་ལྟར། །རབ་རིབ་དེ་ཡང་གསལ་བར་འགྱུར། །མ་རིག་པ་ཡི་རབ་རིབ་ཀྱིས། །བསྒྲིབས ་པའི་མིག་གིས་སྐྱེ་བ་དང། །འཆི་བ་བརྟན་པར་བཟུང་ནས་ཏེ། །བག་ཆགས་དབང་གིས་གྲོལ་མ་ནུས་པ་རྣམས་ལ་གསུངས། དོན་མེད་འཁྱམས་པ་འཇིག་རྟེན་པ་ལ་སོགས་པའི་གསུངས་སོ། །བྱེད་པ་པོ་དང་ཚོར་བ་པོ་ལ་སོགས་པ་གང་ཡང ་མེད་པ་ལ། གྲོལ་བའི་དོན་མི་བྱེད་པར་དོན་དམ་པར་འཁྱམས་པའོ། །ཡང་ན་དོན་མེད་དུ་འཁྱམས་པ་སྲིད་པའི་རྒྱ་མཚོ་ལ་སྒྱུ་མའི་གྲོང་ཁྱེར་ལྟར། འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ་ནི་ཡོད་དང་མེད་པ་གཉི་ག་མེད། །ཡོད་མེད་གཉིས་བསྲེས་དེ་ཡང་མེད། །དེ་མིན ་ལོཊ་པ་དེ་ཡང་མེད། །བརྟག་པ་ཡུན་རིང་བྱས་ཀྱང་ནི། །དེ་ལ་ཚིག་བརྗོད་ཤིན་ཏུ་དཀའ་། །དངོས་པོ་ཡོད་པ་དང་མེད་པ་དང་སྐྱེ་བ་དང་འཆི་བ་གང་ཡང་སྤངས་པའི་ཆོས་བདག་མེད་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།ད་ནི་ཕུང་པོ་བདག་མེད ་དུ་སྟོན་པ་ནི་ཀུན་རྫོབ་ལ་བརྟེན་ནས་གསུངས་ཏེ། འཇིག་རྟེན་པའི་སྐྱེ་ལུགས་ནི། །རྣམ་རྟོག་ལས་ནི་འཇིག་རྟེན་འགྱུར། །ཞེས་པ་ནི། རྣམ་རྟོག་ནི་དགེ་བ་དང་མི་དགེ་བའི་རྟོག་པའོ། །དེ་ལ་རྟེན་འབྲེལ་གྱིས་བྱུང་བ་འཇིག་རྟེན་པའོ། །དགེ་བ ་དང་མི་དགེ་བ་ཡིས་འགྲོ་བ་རིགས་དྲུག་ཏུ་ཕུང་པོ་བླངས་ཏེ་འཇིག་རྟེན་མིང་ངོ། །རྣམ་རྟོག་གིས་བསྐྱེད་པའོ། ཆུ་འམ་འབྲས་བུ་ལ་སོགས་པ་རྣམ་རྟོག་དང་རྟེན་འབྲེལ་གྱིས་བསླངས་པ་ཡིན། སྐྱེ་བ་བླངས་པས་སེམས་བྱུང། སེམས་ལས ་བདག་འཛིན་བྱུང། དེ་ལས་གཞན་ཡང་བྱུང་ངོ། །དེ་ཡང་རིན་པོ་ཆེ་འཕྲེང་བ་ནས་གསུངས་པ། ཕུང་པོ་འཇིག་པའི་བར་དུ་ནི། །དེ་ལ་བདག་འཛིན་འབྱུང་བར་འགྱུར། །བདག་འཛིན་བྱས་པའི་དུས་སུ་ཡང། །དེ་ལ་ལས་བྱས་ཡང ་སྐྱེ་ལེན། །དུས་གསུམ་དུ་ནི་མཛའ་མེད་པར། །དབུས་སུ་འཁོར་བའི་འཁོར་ལོ་ནི། །འགལ་མེའི་འཁོར་ལོ་ལྟ་བུར་འཁོར། །རྟེན་འབྲེལ་འཛོམ་པས་འཁོར་བའོ། །སེམས་ལས་ལུས་ཀྱང་བྱུང་བ་ལ། །ཞེས་པ་ནི། བདག་ཡོད་པ་ནི་གཞན ་འབྱུང་ངོ། །རང་གཞན་ཆ་ཡི་ཞེ་སྡང་འབྱུང། །དེ་གཉིས་ཀྱིས་ནི་རབ་བཅིངས་པས། །སྐྱོན་རྣམས་ཐམས་ཅད་རབ་ཏུ་སྐྱེས། །ལུས་ལས་བརྟགས་པར་བགྱིས་ཙམ་ནི། །སེམས་ཙམ་པ་ཡི་འདོད་ལུགས་ལ། །སྔར་བརྟགས་པ་བྱས་པ་བཞིན་ཤེས ་བྱའོ། །ཕྱིའི་ཕུང་པོ་བརྟགས་པ་ནི། །གཟུགས་དང་ཚོར་བ་མིང་དང་ནི། ཞེས་པ་སྟེ། གཟུགས་ནི་འབྱུང་བས་བྱུང་བའོ། །གཟུགས་དང་ཁ་དོག་ལ་སོགས་པ་བདག་ཉིད་ཡོད་པ་དང་མེད་པ་དང། ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་རྒྱུས་སྐྱེས་པ་བརྟགས་པ་ཙམ་ན། མི་བདེན་པས་རྟོག་མི་ནུས་པས་སྤུ་བ་དང་འདྲ་སྟེ་སྟོང་ཉིད་དོ། །ཚོར་བ་ནི་བདེ་སྡུག་གིས་བདག་ཉིད་ཅན་དེ་ཡང། །རྟེན་འབྲེལ་གྱི་སྐྱེས་བ་མེད་པའི་རྒྱུ་ཆུ་བུར་དང་འདྲའོ། །འདུ་ཤེས ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ནི་མིང་ཙམ་ཡིན་ནོ། །སྨིག་རྒྱུ་དང་འདྲ་བར་མེད་པའོ། །འདུ་བྱེད་ནི་དངོས་པོ་མེད་པ་སྟེ། བཟའ་བ་དང་བཏུང་བ་དང། སྐོམ་པ་བདེ་བ་བསྐྱེད་པ། དེ་ཡང་ས་ལ་སོགས་པའི་འབྱུང་བའི་རྐྱེན་གྱིས་སོ། དེ་ཡང ་རྣམ་རྟོག་མེད་པའི་དངོས་པོ་ཆུ་ཤིང་ལྟ་བུའོ། །སེམས་དེ་རྣམ་པར་ཤེས་པ་ནི་རང་དབང་མེད་པར་འབྱུང་བའི་མཚན་ཉིད་དོ། །སེམས་ནི་རྣམ་པར་རྟོག་པ་ཙམ་སྟེ་སྒྱུ་མ་ལྟ་བུའོ། །དོན་དམ་པ་ལ་མེད་པའོ། །ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་པ། སེམས ་ཡོད་པ་དང། མེད་པ་དང། གཞན་ཡང་རང་བཞིན་མེད་པ་སྟོང་པའོ། སེམས་ཀྱིས་སེམས་ལ་བལྟས་ཙམ་ན། གང་ཡང་མ་མཐོང་བར་སྟོང་པའོ། །དེ་ལྟར་ཡིན་ན་བདེ་གཤེགས་བེམ་པོར་འགྱུར་རོ། །ཞེ་ན། དེ་ལྟར་མ་ཡིན་ཏེ། ནམ་སེམས་དང་རྣམ་པར་ཤེས ་པ་དང། རྣམ་རྟོག་ལོག་པའི་དུས་ཙམ་ན་ཆོས་ཀྱི་སྐུ་ཐོབ་པའོ། །སངས་རྒྱས་ཀྱི་གནས་ཐོབ་སྟེ་ཡེ་ཤེས་སྐུའོ། །དེ་ཡང་འདི་ལྟར་དངོས་པོ་དེ་ཡང་མེད། །ཤེས་བྱ་དེ་ཡང་འདི་ལྟར་མེད། །གནས་པ་པོ་ཡང་མེད་གནས་པ་ཡང་མེད་པའོ། །རོ་དང ་འདྲ་བའི་ཚད་མ་མཁན་བྱིས་པ་རྣམས་ཀྱི་རྣམ་རྟོག་ཡིན་ནོ། །བདེ་གཤེགས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བ་མཁྱེན་པ་ཡིན་ནོ། །མངོན་པར་ཤེས་པའི་སྤྱན་གྱིས་ཐམས་ཅད་གཟིགས་པའོ། །སེམས་ལས་བྱུང་བ་ནི་སེམས་ཀྱི ་རྣམ་རྟོག་གོ་།བརྟག་པ་ནི་སྔར་བཞིན་ནོ། །གཟུགས་ནི་སྦུ?་བ་བཞིན་ནོ། །ཚོར་བ་ཆུ་བུར་བཞིན་ནོ། །འདུ་ཤེས་སྨིག་རྒྱུ་བཞིན་ནོ། །འདུ་བྱེད་ནི་ཆུ་ཤིང་བཞིན་ནོ། །རྣམ་པར་ཤེས་པ་སྒྱུ་མ་བཞིན་ནོ། །རྣམ་པར་རྟོག་པ་ནི་ཕུང་པོ་བདག་མེད་རྣམ་པར་ཤེས་པ་བདག ་མེད་དངོས་པོ་གྲུབ་པ་འདི་ལྟར་མེད་མོ་གཤམ་མོའི་བུའི་དཔོན་བཞིན་ནོ། །ཕུང་པོ་བདག་མེད་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ད་ནི་ཤེས་རབ་འཕེལ་བར་བྱེད་པའི་དོན་དུ་བདག་མེད་གཉིས་སུ་བསྡུས་ནས་བཤད་པ་སྟེ། སེམས ་མེད་པས་ན་ཆོས་ནང་མེད། །ཅེས་པ་ལ་སོགས་པ་ལ། ཆོས་ནི་དངོས་པོ་སྟེ་བྱས་པ་དང་མ་བྱས་པའི་དང་མེད་པའི་ཕུང་པོ། །སའི་ཁམས་ལ་སོགས་པ་ཡང་དེ་བཞིན་ནོ། །ཆོས་རྣམས་ཀྱི་རྩ་བ་ནི་སེམས་ཡིན་པས་ན་སེམས་འགོག་པའོ། །གང་དུ ་སེམས་བྱུང་ཆོས་ཉིད་ལ་སེམས་ལེགས་འཁྱོགས་པའི་ཚིག་གསུངས་པ། གཞན་ཡང་སངས་རྒྱས་ཀྱིས་གསུངས་པ་ནི། ཡི་གེ་མེད་པའི་ཆོས་ཉིད་ལ། །ཐོས་པ་ཅི་ཡོད་བཤད་ཅི་ཡོད། །ཐོས་དང་བཤད་དང་དོན་ལ་ནི། །མཉམ་པ་ཉིད་དེ་ཡི་གེ ་མེད། །གཞན་ཡང་སངས་རྒྱས་ཀྱིས་གསུངས་པ་ནི། ཀུན་རྫོབ་སྤྱོད་ལ་མ་བརྟེན་པར། །དོན་དམ་པ་ལ་བཤད་པ་མེད། །དོན་དམ་པ་དེ་མ་ཤེས་པར། །མྱ་ངན་ལས་འདས་པ་མི་འབྱུང་ངོ། །གཞན་ཡང་བསྟན་བཅོས་ལས་གསུངས་པ་ནི། །རྟེན ་འབྲེལ་བརྟེན་ནས་སྐྱེས་པ་གང། །དེ་ནི་སྟོང་ཉིད་རབ་ཏུ་བཤད། །རྟེན་འབྲེལ་གྱིས་གང་སྐྱེས་པ་དང། །དེ་ནི་སྐྱེ་མེད་ངོ་བོ་ཡིན། །རྟེན་འབྲེལ་ལ་བརྟེན་གང་བྱུང་བ། །སྟོང་པ་རུ་ནི་རབ་ཏུ་བཤད། །སྟོང་ཉིད་ཤེས་པ་གང་ཡིན་པ། །བསྙོ་མེད་མཁྱེན་པ་དེ ་ཡིན་ནོ། །མང་དུ་བཤད་པ་དོན་མེད་ཡིན། །དེ་ལྟར་གཉིས་སུ་མེད་པའི་ལམ་གྱིས་སངས་རྒྱས་གྲུབ་པ་ཐམས་ཅད་མཁྱེན་པའོ། །དེའི་ལམ་དེ་ངེས་པར་ཤེས་པར་བྱ་བའི་དོན་དུ་གཉིས་མེད་ཀྱི་ལམ་གང་ཡིན་པ་དེ་རང་ཉིད་གཉིས་མེད་དོ། །ཡང་ན་སྐྱེ་བ ་དང་འཆི་བ་མེད་པས་ན། །ཡོད་པ་དང་མེད་པ་དང་རྟག་པ་དང་མི་རྟག་པ་དང། དངོས་པོ་ཡོད་པ་དང་མེད་པ་ལ་སོགས་པ་གཉིས་ག་རྟོགས་པ་མེད་པས་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་གཉིས་མེད་དོ། །དེ་གཉིས་ཐེ ་ཚོམ་བརྗོད་དུ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ། །དེ་ཤེས་ནས་དངོས་སུ་གང་བྱེད་པ་དེ་དེ་ཉིད་མཁྱེན་བས་སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་དེས་སྙིང་རྗེའི་སྟོབས་ཀྱིས་རབ་ཏུ་གསུངས་སོ། །མ་རིག་པ་ལ་སོགS ་པ་ཡོད་ཀྱི་བར་ལ་སྐྱེ་བ་ལེན་ནོ། །མ་རིག་པ་ལ་སོགས་པ་ནས་འགགས་པ་ཤེས་ཙམ་ན་དེ་ཉིད་མཁྱེན་པའོ། །འདི་དག་ཐམས་ཅད་བརྟེན་མེད་ཡིན། ཞེས་པ་ནི་རྟེན་མེད་པའི་སྙིང་རྗེ་ཤེས་རབ་ཀྱི་སྤྱན་གྱིས་བདག་མེད་པ། དངོས་པོ་སྟོང་པ ་ཉིད་བྱེད་པ་པོ་དང་ཚོར་བ་པོ་བརྟེན་པ་མེད་པའི་སྙིང་རྗེ་ཤེས་རབ་ཀྱིས་བདག་མེད་པ། དངོས་པོ་སྟོང་ཉིད་བྱེད་པ་པོ་དང་ཚོར་བ་པོ་བརྟེན་པ་མེད་པའོ། །འདི་ཐམས་ཅད་ཁམས་གསུམ་མ་ལུས་པ་སྟེ་མེད་པ་སྟོང་པ་ཉིད་དོ། །དེ་ནི་དོན་དམ་པའོ། ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། གཟུགས་རབ་ཏུ་མི་མཐོང་ངོ་ཞེས་པ་ལ་སོགས་པ་རབ་འབྱོར་ལ་གསུངས་སོ། །རྟེན་འབྲེལ་བཅུ་གཉིས་འགག་པའི་ཆོས་ཉིད་ལས། སངས་རྒྱས་ཀྱི་ཡོན་ཏན་གྱིས་ཆ་ངེས་པ་ཆོས་ཀྱི་སྐུ ་སྟོང་པ་ཉིད་ཀྱི་དངོས་པོ་རབ་ཏུ་བཤད་དོ། །དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་ཤེས་རབ་བསྟན་ནས་ད་ནི་ཐབས་བསྟན་ཏེ་ཀུན་རྫོབ་ལ་སྦྱིན་པ་ཚུལ་ཁྲིམས ་བཟོད་བ་དང། ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མ་ཤར་ཙམ་ན་གྲིབ་མ་འབྱུང་བ་ལྟར་ཐབས་བསྟན་ཏོ། །དང་པོ་སྦྱིན་པ་རྩ་བར་བཤད། གཞན་ཡང་གསུངས་པ། འཇིག་རྟེན་པ་འདི་ཐམས་ཅད་ནི། བདེ་སྐྱིད་གཅིག་པུ་རེ་བ་ཡིན། །ལོངས ་སྤྱོད་མེད་པའི་མི་རྣམས་ལ། །བདེ་བ་རེ?་ཡང་ག་ན་ཐོབ། །སྦྱིན་པ་བཏད་བས་ལོངས་སྤྱོད་འབྱུང། །དེས་ན་སྦྱིན་པ་རྩ་བར་བཤད། །སྦྱིན་པ་ལ་ཡང་བཞི་སྟེ། ཆོས་ཟང་ཟིང་མི་འཇིགས་བྱམས་པའོ། །རྒྱལ་སྲིད་བདག་གིས་མགོ་མཐར་ཐུག་པ་ཚུན་ཆོད་སྦྱིན ་པའོ། །ནོར། འབྲུ། གསེར། དངུལ། རིན་པོ་ཆེ། མུ་ཏིག་།བྱུ་རུ། ཤིང་རྟ། གླང་པོ་ཆེ། གཡོག། ཁོལ་པོ། ཁོལ་མོ། གྲོགས་ཆུང་མ། བུ་མོ་བུ་ཕོ། གཅེས་པའི་ནོར་མགོ་།རྣ་བ། སྣ། ལག་པ། རྐང་པ། མིག། རང་གི་ཤ། ཁྲག། རུས ་པ། རྐང་མར། ཚིལ་བུ། པགས་པ། སྙིང་བདག་གི་དངོས་པོ་ཐམས་ཅད་སྦྱིན་པའོ། །དེ་ལྟར་ཡིན་ན་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཤིན་ཏུ་མི་དཀའ་འམ། བདེ་བའི་ཐབས་སངས་རྒྱས་ཐོབ་པར་བྱེད་པ་ལ། །སངས་རྒྱས་ཀྱི་བདེ་བ་དང་མི་མཉམ་པའི་བདེ་པའོ།། ་སྡུག་བསྔལ་བརྒྱ་ཕྲག་གིས་སྤྱོད་པ་ཡང་སྡུག་བསྔལ་དུ་མི་འགྱུར་རོ། །དཔེར་ན་བུ་གཅིག་གསོད་པའི་དུས་སུ་ཕས?་རྗེས་པ་ལྟར་རོ། །སེམས་གོམས་ཙམ་ན་མི་ནུས་པ་གང་ཡང་མེད་དེ། ལུས་པོའི་བྱེ་བྲག་གིས་སྦྲུལ་དང་དུག་རྨ་བྱའི་བདུད་རྩིའོ། །དེ་གོམས ་པས་དུག་ཀྱང་བཅུད་ལེན་དུ་འགྱུར་རོ། །ཁྱད་པར་དུ་དགའ་བ་དང་བདེ་བ་སྐྱེའོ། །གོམས་པ་གང་ཡིན་པ་དེ་བདུད་རྩིར་འགྱུར་བ་ཡིན་པས་ན། སྡུག་བསྔལ་སེམས་ཀྱི་རྣམ་རྟོག་ཡིན་ནོ། ཚུལ་ཁྲིམས་ཀྱི་ཐབས་ནི། ཚུལ་ཁྲིམས་སྐད་པ་སྤྱོད་པ་མིན། མི་དགེ་བ་བཅུ་སྤོང་བ་དང ་སོ་སོ་ཐར་བའི་སྡོམ་པ་བསྲུང་བ་དང། སྲོག་ཆགས་ཐམས་ཅད་ལ་ཕན་འདོགས་བྱེད་པ་བྱམས་པའི་སེམས་དང་ལྡན་པ། རང་གི་ལོངས་སྤྱོད་ལ་ཆོ་ག་ཤེས་པ། མི་ཚངས་པར་སྤྱོད་པ་སྤངས་པ་བདེན་པར་སྨྲ་པ། དེ་ལྟར་བྱེད་པའོ། །ཚིག་རྩུབ་མི་སྨྲ་པ། གཞན ་གཉིས་པར་བྱེད་པ། དུལ་པའི་སྤྱོད་པ་ཆོས་བཞིན་དུ་སྨྲ་བ་གུས་པར་སྨྲ་བ། གཞན་གྱིས་བདག་ཏུ་གཟུང་བ་ལ་འདོད་སྲེད་པ་མེད་པ་འདོད་པའི་སེམས་རྣམས་མི་སྐྱེ་བ་ལྟད་མོ་ལ་སོགས་པ་ངོ་ཚར་སྤངས་པ། དྲང་བ་གཡོ་རྒྱུ་མེད་པ། སངས་རྒྱས་དང་ཆོས ་དང་དགེ་འདུན་གསུམ་ལ་ཤིན་ཏུ་མོས་གུས་ཆེ་བའི་སེམས་དང། སེམས་ཅན་རྣམས་སངས་རྒྱས་པར་བྱེད་པ་ལ་སྤྲོ་བ་ཆེ་བ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་ཀྱིས། །ཡུན་རིངས་བསོད་ནམས་བསགས་པ་ཡང། །གལ་ཏེ་བཟོད་པ ་མེད་ན་ནི། །མོད་ལ་བསོད་ནམས་མེད་པར་འགྱུར་ཏེ། ཞི་བ་ལྷས་ཀྱང་གསུངས་པ། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང། །ཁོང་ཁྲོ་གཅིག་གིས་འཛོམས་པར་བྱེད།། ་ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་གསུངས་སོ། །བཟོད་པ་ལ་གསུམ་ཏེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང། བརྙས ་པ་ལ་ཇི་མི་སྙམ་པའི་བཟོད་པ་དང། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །དེ་ལ་དང་པོ་ནི་སུ་དག་གི་སྐད་སྨྲ་ན། འདི་ལྟར་དུ་བདག་གིས་ཁྱེད་ལ་ཆོས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། བྱང་ཆུབ་སེམས ་དཔའ་ཨི་སྤྱོད་པ་དག་པར་བྱེད་པ་ལ། །བདག་གིས་སྨྲས་པ་ཉོན་ཅིག་།མི་ཉན་ན་མེ་ཆེན་པོ་འབར་བའི་ནང་དུ་ཆུག་ལ་བསྲེགས་ཤིག་།ཤིན་ཏུ་སྡུག་བསྔལ་འབྱུང་བར་ལུས་པོས་ཁུར་ཅིག་།དེའི་ལན་ནི་འདི་སྐད་སྨྲའོ། །དེ་ལྟར་བྱུང་མོད་ཤིན་ཏུ ་སྤྲོ། བདག་ཅག་ཆོས་ཀྱི་བླ་ན་མེད་པའི་རྫོགས་པའི་སངས་རྒྱས། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དག་པར་བྱེད་པའི་དོན་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་མེ་འབར་བ་ཡོད་པ་ལ། ཚངས་པའི་གནས་རང་ལྷུང་ནས ་འཆོད། །ཁྱེད་གསུངས་པའི་མེ་ལྟ་བུ་སྨོས་ཀྱང་ཅི་འཚལ། གཞན་གྱིས་བརྙས་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། བརྟགས་པས་ཁྲོ་བ་མ་མཐོང་བར་མཚོན་ནས་ཤ་བཅད་ཅིང་ཡོད་པ་ལ་བླ་ལྷག་བཟོད་པ་བསྐྱེད་ལ། བདག་གིས་ལག་བརྒྱ་ཕྲག ་གཅོད་པ་པོ་ཡང་སྤྱི་བོར་འཁུར་རོ། །དེའི་ཐོག་ཏུ་ཡང་བྱམས་པའི་སེམས་དང་ལྡན་ནོ། །ཆོས་ལ་ངེས་པར་སེམས་དཔའ་ཨི་བཟོད་པ་ནི། ཤིན་ཏུ་ཟབ་པའི་ཐེག་པ་ལ་ཤིན་ཏུ་ལེགས་པའི་ཐུབ་པའི་ཆོས་ལ་ཐོག་མ་ནས་རྙེད་པ་ལ་སྐད་ཅིག་ཀྱང་སེམས་ཐེ་ཚོམ་མི་ཟ ་བར་བ?་ཅིག་ནི་ཆོས་ལ་ངེས་པར་སེམས་པའི་བཟོད་པའི་འདོད་ལུགས་ནི་གཞན་གྱིས་བརྙས་པ་ལ་ཇི་མི་སྙམ་པའི་བཟོད་པ་བཞིན་དུ། དེ་ལ་ཁྱད་ནི་ཆོས་ཀྱི་དངོས་པོ་རང་ལ་བརྟེན་པས་སོ། །བརྩོན་འགྲུས་ནི་ཞི་བ་ལྷས་གསུངས་པ། འདི་ལྟར་བརྩོན་ལ་བྱང ་ཆུབ་གནས། །རླུང་མེད་འགྲོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང། །བརྩོན་གང་དགེ་ལ་སྤྲོ་བ་ཡིན། །ཞེས་གསུངས་པས་སོ། །བརྩོན་འགྲུས་བྱེད་པའི་དོན་ལྟ་བ་ནི། །ཅིས་ཀྱང་མཛའ་བ་དང་བྲལ་བ། །མི་མཛའ་བ་དང་འགྲོཊ ་པ་དང། །ནད་དང་རྒས་དང་འཆི་བ་དང། །མྱ་ངན་ལ་སོགས་པའི་སྡུག་བསྔལ་ངན་སོང་ལ་སོགས་པར་ལྷུང་ནས་རྟག་ཏུ་བདེ་བ་སྐད་ཅིག་བདེ་བར་ལྟ་བ། མི་ཁོམ་པའི་གནས་བརྒྱད་ལས་གྲོལ་བའི་དུས་སུ་བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་དག་པར་བལྟས ་ནས་ལེ་ལོ་སྤངས་ཏེ་བརྟན་པར་བྱས་ནས་ཐེ་ཚོམ་མེད་པར་སྡུག་བསྔལ་སྤངས་པའི་དོན་དུ་བརྩོན་འགྲུས་བརྩམ་པར་བྱའོ། །བསམ་གཏན་ནི་ཤེས་རབ་དང་ཐབས་གཉིས་སུ་བྱས་ནས་སེམས་རྩེ་གཅིག་ཏུ་བྱེད་པ་ནི་བསམ་གཏན་ནོ། །ཤེས་རབ་ནི་སྔར ་བསྟན་པ་བཞིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེར་བ་པོ་དང་ལེན་པ་པོ་གང་ཡང་མི་དམིགས་པར་སྟོང་པ་ཉིད་དུ་རྟོག་པའོ། །ཉི་མ་ཇི་ལྟར་གླིང་རྣམས་ལ་བསྐོར་ནས་བཟློག་པ་བཞིན་དུ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཁྱབ་པའོ། །དེ་ལྟར་ཁྱབ་པའོ། །ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ནི། རང་གི་དོན་རྣམས་སྤངས་པ་ནི་སྦྱིན་པའོ། །གཞན་ལ་ཕན་འདོགས་པ་ནི་ཚུལ་ཁྲིམས་སོ། །འགྲོ་བ་སྤངས་པ་ནི་བཟོད ་པའོ། །དགེ་བ་ལ་བརྩོན་པ་ནི་བརྩོན་འགྲུས་སོ། །སྡིག་པས་མི་གོས་པ་གཅིག་པུ་ནི་བསམ་གཏན་ནོ། །བདེན་པ་དོན་དམ་པ་བསྟན་པ་ནི་ཤེས་རབ་པོ། །སེམས་ཅན་རྣམས་ལ་སྙིང་རྗེས་ཁྱབ་པར་བྱེད་པ་ནི་ཤེས་རབ་བོ། །སངས་རྒྱས་སྒྲུབ ་པར་བྱེད་པ་ནི་ཕ་དང་མ་དང་བུ་མོ་དང་གཉེན་དང་འཁོར་དང་ཆུང་མ་ལ་སོགས་པ་རྒྱལ་ས་དང་ཕྱུག་པ་དང་སྐྱིད་པ་ལ་སོགས་པ་ཟན་ལྷག་བཞིན་དུ་སྤངས་ནས་གྲོལ་བའི་དོན་དུ་ནགས་གསེབ་དུ་འགྲོ་བར་བྱའོ། །སྦྱིན་པ་ལ་སོགས་སྡུག་བསྔལ་མ་ཡིན་ཞིང ་སངས་རྒྱས་ཐོབ་པའི་བདེ་བ་དང་མི་མཉམ་མོ། །ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཐབས་དང་ཤེས་རབ་གནས་པ་ལ། ཞེས་པ་ནི། ཤེས་རབ་ནི་སྔར་གསུངས་པ་བཞིན་ནོ། །ཇི་ལྟར་རྟེན་འབྲེལ་གྱི་སྐྱེས་པས་དངོས་པོར་བརྟཌ ་པའི་མཚན་ཉིད་དོ། །ཐབས་ནི་སྔར་བཤད་པ་བཞིན་སྦྱིན་པ་ལ་སོགས་པ་བྱེད་དོ། །དེ་གཉིས་གཅིག་ཏུ་བྱས་ཏེ་བསྟན་པར་བྱེད་པ་ནི་བླ་མ་མེད་ན་རྨི་ལམ་ན་ཡང་འབྱུང་ངོ། །དེ་ལྟར་ཡིན་ན་ཐབས་དང་ཤེས་རབ་གཉིས་སུ་དེ་ཕྱེ་ནས་གཉིས་སུ་བྱུང་ཡང ་སྦྱིན་པ་ལ་སོགས་པ་དབྱེ་ན་མང་དུ་འགྱུར་བའི་སྐྱོན་བྱུང་ཞེ་ན། འདི་དག་ཐམས་ཅད་མིང་ཙམ་སྟེ་ཐབས་དང་ཤེས་རབ་དཔེ་ཀུན་རྫོབ་ཙམ་ལ་བརྟེན་ནས་གྲུབ་བོ། །ཕ་རོལ་ཏུ་ཕྱིན་པ་ནས་ཀྱང་གསུངས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙམ་མོ། ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཙམ་མོ། །ཁམས་གསུམ་ཡང་མིང་ཙམ་མོ། །དེ་གཉིས་གསལ་བར་གསུངས་པས། གང་ལས་གང་བྱུང་མིང་དེ་ནི། ཞེས་པ་ལ་སོགས་གསུངས་ཏེ། སྔར་བརྟགས་པ་བཞིན། ཆོས་མིང་ཙམ་དུ་བསྟན་ཏེ། ་དོན་དམ་པར་དངོས་པོ་མེད་པའོ་ཆོས་དེ་མེད་པས་ཆོས་ཉིད་ཡིན། ཞེས་པ་ནི། མིང་ཙམ་དུ་གྲུབ་པ་སྟེ་དངོས་པོ་སྟོང་པ་ཉིད་ཡིན། རྟེན་འབྲེལ་ལས་བྱུང་བ་ཀུན་རྫོབ་ཙམ་མོ། །མ་བྱུང་མིང་ནི་སྟོང་ཉིད་ཡིན། ཞེས་པ་ལ་སོགས་པ་ནི། ཀུན་རྫོབ་ཏུ་མིང་རྟཊ ་པ་ཙམ་ཡིན་ནོ། །སྒྲ་མཁན་པ་ན་རེ་སྒྲ་ལས་ཐམས་ཅད་བྱུང་ཟེར་བ་ལ། དེ་རང་ཡང་ཀུན་རྫོབ་ལ་མིང་ཙམ་དུ་གྲུབ་བོའོ། །དེ་ལྟར་རྣམ་རྟོག་གང་བྱུང་བ་ཞེས་པ་ལ་སོགས་པ་ནི་མིང་ཙམ་དུ་ཡིན། སྟོང་པ་ཉིད་དུ་བརྟག་པ་སྔར་བཞིན་དུ་གོ་སླའོ། །མིག་གིས་མཐོང་བའི ་གཟུགས་དེ་ནི། ཞེས་པ་ལ་སོགས་པ་ནི། མིག་གིས་གཟུགས་མཐོང་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ནི་ཀུན་རྫོབ་པ་ལ་བསྟན་པའོ། །རྫུན་གྱི་ང་རྒྱལ་འཇིག་རྟེན་པ། ཞེས་པ་ལ་སོགས་པ་ལ། ང་རྒྱལ་གྱིས་སེམས་ཅན་བརྟེན ་ནམ། ཡུལ་དང་དུས་ཚོད་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བརྫུན་ཅན་ལྟ་བུར་གསུངས་སོ། །དོན་དམ་པ་ལ་བཤད་མེད་དོ། །དོན་དམ་པ་གཏན་ལ་འབེབས་པའི་ཐབས་སུ་རྫུན་དུ་བཤད་དོ། །འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་གྱི ་བདེན་པ་དང། ཀུན་འབྱུང་གི་བདེན་པ་དང། འགོག་པའི་བདེན་པ་དང། ལམ་གྱི་བདེན་པ་ལ་སོགས་པ་ཀུན་རྫོབ་པ་ལ་བསྟན་ཏོ། །རྟེན་འབྲེལ་འཛོམ་པས་མཐོང་བ་གང། ཞེས་པ་ལ་སོགས་པ་ནི། །འདྲེན་པ་བཅོམ་ལྡན་འདས་ཀྱིས་གསུངས ་སོ། །གཟུགས་སྒྲ་ལ་སོགས་བ་འཛོམ་པར་འདོད་པའི་སེམས་ཅན་རྣམས་ལ་སྣང་བར་བསྟན་ཏོ། །གང་གིས་གང་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གདུལ་བྱར་བཏུལ་ནས་དེ་རྣམས་གྲོལ་བར་བྱས་ནས་འདྲེན་པས་ན་བཅོམ་ལྡན་འདས་སོ། །འཛིན ་པ་སྤྱོད་པའི་ས་ཡོད་པ་ཞེས་པ་ལ་སོགས་པ་ལ། ཀུན་རྫོབ་ལ་བརྟེན་ནས་ས་དང་པོ་ལ་སོགས་པ་བསྟན་པའོ། །དོན་དམ་པའི་ས་ནི་བློ་ཤིན་ཏུ་ཕྲ་བ་མཐར་ཐུག་མེད་པ། རྟོག་པ་དང་བྲལ་བ་སྟོང་ཉིད་དུ་མཁྱེན་པའི་ཤེས་རབ་ཅན་གང་ལ་ཡོད་པ་དེ་བློ་ལྡན ་ཡིན་ཏེ། དེ་ནི་བཅོམ་ལྡན་འདས་སོ། །མིག་གིས་གཟུགས་ཀྱང་མཐོང་མི་འགྱུར། ལ་སོགས་པ་ནི། རབ་རིབ་ཅན་ལྟ་བུ་མིག་རང་གིས་མིག་དང་གཟུགས་མི་མཐོང་ངོ། །སེམས་ཆོས་དེ་ཡང་སེམས་ཀྱིས་སེམས་ལ་བལྟས་ཙམ་ན་སེམས་མི་མཐོང་ངོ ་དེས་ན་ཡོད་བར་མི་འགྱུར་རོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་གསུངས་ཏེ། མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་མེད། ཅེས ་གསུངས་སོ། །ད་ནི་འཇུག་བསྡུ་བ་གསུངས་བ་ནི། །གང་སྣང་ཐམས་ཅད་ལ་སོགས་པ་སྟེ། སྔར་བཤད་པའི་ཐབས་དང་ཤེས་རབ་གཉིས་གཅིག་ཏུ་བྱས་པའི་ཡེ་ཤེས་ལ་སོགས་པ་རྫུན་དུ་བཤད་པའོ། །འཇིག་རྟེན་པས་ནི་གང་སྤངས་པ། ཞེས ་པ་ནི། ཕྱིན་ཅི་མ་ལོག་པ་དང་ཉིད། འཇིག་རྟེན་པ་ཐ་མལ་པས། གང་ལ་མ་རྟོགས་པ་གང་ཡིད་ཀྱི་བསམ་པར་མ་གྱུར། ཡིད་ཀྱིས་བསམ་གྱིས་མི་ཁྱབ་པ། དབང་པོ་ཡུལ་དུ་མ་གྱུར་པ། མ་རིག་པའི་ལིང་ཐོག་གི་མུན་པས་བཀའ་བས ་མ་མཐོང་བ་སྤངས་པ། དབང་པོ་ཤིན་ཏུ་རྣོན་པོ་འཕགས་པའི་ཡེ་ཤེས་ཀྱིས་མཐོང་བའི་ཡུལ་དོན་དམ་པའོ། །འཕགས་པ་གཏ་ན་བྷུ་ཏའི་མདོ་ལས། དེ་ཉིད་ཤིན་ཏུ་ངོ་མཚར་ཅན། །ཟབ་པ་དེ་ནི་མཛའ་མེད་པ། །དེ་ནི་རྙེད་པར་དཀའ་བས་ན། ། ་འཇིག་རྟེན་པ་ཡི་བློ་ཡིས་ནི། །དེ་ཡི་སྤྱོད་ཡུལ་ཡེ་ཤེས་མེད། །ཀུན་རྫོབ་དང་དོན་དམ་པའི་བདེན་པའི་ལེའུ་སྟེ་ལྔ་པའོ།། །།འགྲོ་བ་རིགས་དྲུག་ལས་སྲིད་པ་འཕོ་པའི་ཐབས་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་རྫོགས་སོ། །། ་པཎྜི་ཏ་བྱམས་པ་མགོན་པོས་མཛད་པའོ། །པཎྜི་ཏ་ཟླ་བ་གཞོན་ནུ་ལ། གྲུ་སྟོན་ཆུང་གིས་ཞུས་ནས་རང་འགྱུར་དུ་མཛད་པ་རྫོགས་སོ།། །།འགྲེལ་པ་བུདྡྷ་པཱི་ཡི?་ཏ་སློབ་དཔོན་སངས་རྒྱས་ཀྱིས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ་