CLOSE WINDOW

N4028: skye med rin po che'i mdzod ces bya ba
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། རཏན་སུ་ཀོ་ཥ་ནཱ་མ། བོད་སྐད་དུ། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ། །རྨ་བྱ་ཆེན་མོ་རྨ་བྱ་ལྟར་མཛེས་བདེ་གཤེགས་ཡུམ། །བཅོམ་ལྡན་མ་ལ་བདག་འདུད་གུས་པས་ཕྱག་འཚལ་འདུད། །གང་གི་དྲིན་གྱིས་མ་རྟོགས་རྟོགས ་བྱེད་སྟོང་པ་ཡིས། །དོན་མཐོང་ཡེ་ཤེས་ཉི་མ་བྱང་ཆུབ་ལམ་གྱི་སྒྲོན། །སྐྱེ་མེད་སྤྲོས་བྲལ་གཉིས་མེད་གཉིས་སུ་མེད་པ་ཡི། །ཡང་དག་ལམ་མཁན་བདེ་འབྱུང་ཆོས་ཉིད་ཆོས་སྐུའི་སྤྱན། །གཟུང་འཛིན་ཆགས་བྲལ་རྒྱ་མཚོའི་གླིང། །སྙིང་རྗེའི་བློ ་ཅན་དེད་དཔོན་མཆོག་།མུ་ཏིག་ལྟར་དཀར་རིན་ཆེན་བརྒྱན། །གཞུང་ལམ་འབྲས་བུ་བྱང་ཆུབ་མཛོད། །ཤེས་སྤངས་རྟེན་ཐོབ་འཁོར་འདས་སྟོང། །སྟོང་ཉིད་འཁོར་འདས་སྙིང་པོ་ཅན། །གཞི་ལམ་འབྲས་བུ་སྐྱེ་མེད་ཀྱི། །གཞི་རྩ་དྲན་མེད་བློ་ལས་འདས། ་སེམས་མེད་སེམས་ལས་བྱུང་བ་འང་མེད། །བྱ་བྲལ་རེ་དོགས་རྒྱུན་ཐག་ཆད། །ཤིང་ལས་མི་སྐྱེ་ཤིང་ལས་སྤྲུལ། །ཆུ་ལས་མེ་འབྱུང་ངེས་མེད་སྟོང། །སྣོད་བཅུད་ཆུ་སྤུར་སྙིང་པོ་མེད། །ཆུ་ཤིང་གར་མཁན་ལྟར་འགུར་ཏེ། །སངས་རྒྱས་སེམས་ཅན་རིགས ་དྲུག་ནི། །དངོས་ཡིད་ཐ་དད་སྣང་དང་བྲལ། །མཚན་གཞི་མོ་བཤམ་མཚན་ཉིད་ནི། །ཡི་གེ་སྤྲོས་དང་བྲལ་བ་ཉིད། །ཅིར་ཡང་མི་རྟོག་སྟོང་པ་སྟ། །ཡིད་ལ་མི་བྱེད་སྐྱེ་འཆི་མེད། །སྣང་བ་སྒྱུ་མ་དགེ་སྡིག་བྲལ། །སྟོང་དང་སྙིང་རྗེ་འཁོར་འདས་སྟོང། །སྒྱུ་མ་ ་བསལ་སྟོང་བརྗོད་མེད་ཀྱི། །ཆོས་ཉིད་གསལ་དངོས་རྟོག་པ་མེད། །གྲུབ་པ་མེད་པའི་ཆོས་རྣམས་ལ། །གཉིས་དང་གསུམ་སོགས་ག་ལ་སྲིད། །སྣང་སེམས་ཁས་ལེན་སྤྲོས་དང་བྲལ། །ཆོས་ཉིད་བློ་འདས་བསྒོམ་དུ་མེད། །དངོས་རྣམས ་སྣང་ཙམ་ཉིད་ན་ནི། །སྣང་བ་ཉིད་ཀྱིས་སྟོང་པའི་ཕྱིར། །ཆོས་རྣམས་སྣང་སེམས་སྟོང་པ་ཉིད། །སྟོང་ཉིད་ཅིར་ཡང་མི་རྟོག་སྟོང། །སྣང་བ་སྒྱུ་མ་སྨིག་རྒྱུ་བདེན་དང་བྲལ། །བཏགས་པ་ན་བུན་ཆུ་སྦུར་སྙིང་པོ་མེད། །བྲག་ཅ་གྲག་སྟོང་བདེན་བྲལ་སྒྲ་ཡིས ་སྟོང། །མི་རྟག་མི་བརྟན་བསླུ་བྱེད་སྒྱུ་མའི་གཟུགས། །རྒྱུ་བྱུང་རྒྱལ་སྲིད་རྐྱེན་གྱིས་མི་རྟག་ཅིང། །ཡིད་འོང་ལྷ་གནས་དཔལ་ལྡན་འཇིགས་དང་བཅས། །མཚན་མོ་གཡེང་མེད་སྐམ་ས་ཤིང་བྲལ་ཀྱང། །མེ་བདུན་ཆུ་ལ་རླུང་གིས་གཏོར་མི་རྟག་།གང ་ཡང་མི་རྟག་བསླུ་ཕྱིར་སྙིང་པོ་མེད། །འདོད་ཆགས་ཆུ་ལྟར་དགྲ་བུ་ལན་ཆགས་རྙེད། །སྒེག་མོ་གཟུགས་འཚོད་བྱས་པ་དྲིན་མི་བཟོ། །འདོད་པ་ལན་ཚྭའི་ཆུ་འཐུང་སྲེད་མི་ལྡོག་།རྔོན་པའི་གླུ་དབྱངས་རི་དྭགས་སྲོག་དང་འབྲེལ། །གཤིན་རྗེའི་གཤེད ་མ་རྒྱ་མཚོའི་གླིང། །ཆུ་སྲིན་ཁར་ཆུང་བདེ་དང་བྲལ། །བདག་གཞན་སྣོད་བཅུད་ཕྱི་ནང་མི་རྟག་འགྱུར། །ཚེ་འདི་བསླུ་བྱེད་ཕྱི་མ་བདེན་དང་བཅས། །སྨན་པའི་ངག་བཞིན་བླ་མ་སངས་རྒྱས་གསུང། །ཉམས་ལེན་མི་རྟག་དོན་མཐོང་སྒྱུ་མའི་འགྲོས། ་སྒྱུ་མ་བདེན་བྲལ་མི་རྟག་སྒྱུ་མ་ཡིས། །སྟོང་གི་སྒྱུ་མ་སྟོང་ཕྱིར་དོན་མཐོང་མཛོད། །སྐྱེ་མེད་དོན་མཐོང་ཆོས་ཉིད་སྤྲོས་བྲལ་གྱི། །སྒྲོན་མ་སངས་རྒྱས་ཉི་མ་བྱང་ཆུབ་ལམ། །དཔལ་ལྡན་བདེ་ཆེན་ཡོན་ཏན་རིན་ཆེན་མཛོད། །བདག་གཞན་དོན ་བསྒྲུབ་རྟོག་མེད་དོན་མཐོང་ཤོག་།སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ་འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་ན་ག་བར་མ་དང། ལོ་ཙཱ་བ་སུརྱ?་ཀི་རྟིས་ལྷ་ས་ར་མོ་ཆར་བསྒྱུར་པའོ།། ་