CLOSE WINDOW

N4027: ma rtogs pa rtogs par byed pa zhes bya ba'i rab tu byed pa
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། དྷ་ན་ཤི་ལ་དང། ཤི་ལEནྡྲ་བོ་དྷི་དང། བནདེ་ཡེ་ཤེས་སྡེས་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།མ་རྟོགས་པ་རྟོགས་པར་བྱེད་པ་ཞེས ་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་བུ་དྷ་བོ་དྷ་ཀ་ནཱ་མ་པྲ་ཀཱ་ར་ན། བོད་སྐད་དུ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱོན ་མེད་ཡོན་ཏན་རྒྱ་མཚོ་ཡིས། །འཇམ་པའི་དཔལ་ལ་ཕྱག་འཚལ་ཏེ། །དེ་ཉིད་མ་རྟོགས་རྟོགས་བྱེད་པ། །བདག་གི་བརྩེ་བས་བྲི་བར་བྱ། །དེ་ནས་གཞན་གྱི་བརྒལ་བ་དང། དགག་པ་དང། དེའི་རྟོགས་པ་དང། ཆོས་ཀྱི་དེ་ཁོ་ན་ཉིད་དོ། །གཞན་གྱིས་བརྒལ་པ་ནི་གང ་ཞེ་ན། སྨྲས་པ། བདག་ཡོད་དོ། །དེ་ཡང་རྟགས་པ་དང། ཁྱབ་པ་དང། གཅིག་པུ་དང། བྱེད་པ་པོ་དང། ཟ་བ་པོ་ཡིན་ནོ། །འདིར་ཡང་དགག་པ་ནི་བདག་འདི་གང་ཡིན། རེ་ཞིག་ཕུང་པོ་ནི་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི ་ཕྱིར་རོ། །ཕུང་པོ་བདག་ལས་གཞན་ཡང་མ་ཡིན་ཏེ། འདི་ལྟར་བུམ་པ་ལས་སྣམ་བུ་བཞིན་དུ་ཐ་དད་པ་མི་དམིགས་པའི་ཕྱིར་རོ། །བུམ་པ་ལ་ཆུ་འམ་ཆུ་ལ་སྣམ་བུ་བཞིན་དུ་རྟེན་དང་རྟེན་པ་ཡང་མ་ཡིན་ན། །འབྲས་དང་ཤུན་པ་བཞིན་དུ་ཕུང་པོའི་གནས་ལུགས ་ཀྱང་མ་ཡིན་ནོ། །ཕུར་པོ་ལ་འདུ་བ་ཡང་མ་ཡིན་ཏེ། ཕུང་པོ་རྣམས་ནི་མང་བ་ཉིད་ཀྱི་ཕྱིར་རོ། །ལྷས་བྱིན་བ་ལང་དང་ལྡན་པ་བཞིན་དུ་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ནས་ཕ་རོལ་རྒོལ་བས་འདི་སྐད་སྨྲས་ཏེ། བདག་མེད་ན་དེའི་ཚེ་སྦྱིན་པ་ལ་སོགས ་པའི་ལས་དང་འབྲས་བུ་འབྲེལ་བ་དོན་མེད་པར་འགྱུར་ཏེ། ཇི་ལྟར་བ་ལང་ཤི་ན་རཱ་དང་མཇུག་མ་དང། རྨིག་པ་ལ་སོགས་པ་འགྲུབ་པར་འགྱུར་བ་བཞིན་ནོ་ཞེ་ན། བརྗོད་པ་དཔེའི་ཁྱད་པར་ཉོན་ཅིག་།དཔེར་ན་ཟླ་བའི་འོད་ལ་ཐག་པ་ལ་སྦྲུལ་དུ་ཤེས ་ནས་སྐྲག་པ་དེ་ལྟ་བུ་ལ་གང་གི་ཚེ་མར་མེ་ཐོགས་ནས་བལྟ་བ་དེའི་ཚེ་འདི་ནི་ཐག་པ་མིན་ལ། འདི་ནི་སྤྲུལ་མ་ཡིན་གྱི་འོན་ཀྱང་སྒྲོ་བཏགས་པ་ཉིད་བསལ་བ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །གང་ཟག་ལ་བདག་མེད་པ་བསྡུས་པའོ། །ཡང་སྨྲས་པ། ་རེ་ཞིག་ཐུག་པ་ནི་ཡོད་དོ་ཞེ་ན། སྨྲས་པ། འདི་ནི་ཐག་པ་མ་ཡིན་གྱི་རྐྱང་བ་གཉིས་ཡིན་ནོ། །རྐྱང་པ་ཡང་མེད་དེ་རྡུལ་ཕྲ་རབ་འདུས་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱང?་ཡོད་པ་མ་ཡིན་ཏེ། ཕྱོགས་ཆའི་བྱེ་བྲག་གིས་ཏེ། ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ན། ། ་རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང། །གང་ལ་ཆ་ཤས་ཀྱིས་བརྟགས་ན། །དེ་ཡི་རྡུལ་ཕྲན་ཇི་ལྟར་ཡོད། །འོ་ན་མེད་པ་ཡིན་ལ་རག་མོད་ཅེ་ན། །དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །གང་གི་དངོས་དང་དངོས་མེད ་ཤེས། །ཞེས་བྱ་བ་ནི་ཆོས་ལ་བདག་མེད་པའོ། །འདིར་སྨྲས་པ། སྐྱེ་བ་དང་གནས་པ་དང། འཇིག་པ་ཇི་ལྟར་ལྟ་བར་བྱ་ཞེ་ན། བརྗོད་པ་ཇི་ཞིག་ཡོད་པར་སྲིད་སྨྲས་པ། སྐྱེ་བའོ། །གནས་པ་དང་འཇིགས་པ་མེད་པར་སྐྱེ་བ་འདོད་ན་དེའི་ཚེ། རི་བོང་གི་རྭ ་ལ་སོགས་པ་དག་གི་སྐྱེ་བ་གང་གིས་བཟློག་པར་བྱེད། །སྨྲས་པ་ཡོད་དུ་ཆུག་མོད་ཅེ་ན། སྐྱེ་བ་དང་འཇིག་པ་མེད་ན་འོ་ན་གང་གིས་གནས་པ་ཡིན་ཞེ་ན། སྨྲས་པ་འཇིགས་པ་ཡང་ཡིན་མེད་ཅེ་ན། དེ་ནི་མི་རིགས་ཏེ་ཇི་ལྟར་གང་ལ་སྐྱེ་བ་དང་འཇིག་པ་མེད་པ་དེ་ལ ་འཇིག་པར་འགྱུར་རོ?་ཞེ་ན། འོན་ཏེ་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ། །ཡང་རྣམ་པར་ཤེས་པ་སྨྲ་བས་འདི་སྐད་དུ་སྨྲས་པ། རྣམ་པར་ཤེས་པ་ཡོད་དོ། །བརྗོད་པ། གལ་ཏེ་རྣམ་པར་ཤེས་པ་ཡོད ་ན་དེའི་ཚེ་དེའི་རང་གི་ངོ་བོ་སྟོན་ཅིག་ཅི་ངོ་བོ་གཅིག་པ་ཞིག་གམ་ཡང་ན་ངོ་བོ་དུ་མ་ཞིག་ཡིན། རེ་ཞིག་ངོ་བོ་དུ་མ་ཞིག་ཡིན་ཏེ། །ཡུལ་དུ་མའི་བྱེ་ཕྲག་གིས་ཐ་དད་པའི་ཕྱིར་རོ། །གཅིག་གི་ངོ་བོ་མེད་པ་ན་དུ་མའི་ངོ་བོ་མེད་དོ། །གཅིག་གི་ངོ་བོར་ཡང་མ་དམིཊ ་ལ། དོན་འགའ་ཞིག་ཀྱང་མི་རུང་སྟེ། །རང་ངམ་གཞན་ནམ་གཉི་ག་འམ་རྒྱུ་མེད་པ་ལས་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཡང་སྨྲས་པ། གལ་ཏེ་འདི་དག་ཐམས་ཅད་མེད་ན་ཅི་ཞིག་ཡོད་ཅེ་ན། འགལ་མེའི་འཁོར་ལོ་སྤྲུལ་པ་དང། རྨི་ལམ་སྒྱུ་མ་ཆུ་ཟླ ་དང། རླངས་པ་ཕུག་གི་བྲག་ཅ་དང། །སྨྲིག་རྒྱུ་སྤྲིན་དང་མཚུངས་པ་ཡིན། །འདི་ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་པ་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ལ་ཐམས་ཅད་དམིགས་མིད་དེ། ་དམིགས་པ་མེད་པར་རབ་ཏུ་གསལ། །བློ་ནི་དམིགས་པ་མེད་བྱས་ནས། །དམིགས་པ་མེད་པ་འབྱུང་བར་འགྱུར། །མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། གཉི་ག་བདག་མེད་པར་རབ་ཏུ་གསལ་བར་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཨ་ནནྟ་དང། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།། །།སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། །། ་