CLOSE WINDOW

N4017: rtsod pa bzlog pa'i tshig le'ur byas pa zhes bya ba
Wyliee-texts based on the ACIP/ALL Input

པ་བཞུགས་སོ།། །།།རྒྱ་གར་སྐད་དུ། ?་བྱ་བརྟ་ནི་ཀཱ་དི་ཀཱ་ནཱ་མ། བོད་སྐད་དུ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད།། ་རང་བཞིན་བཟློག་པར་མི་ནུས་སོ། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །ཁྱད་པར་གཏན་ཚིག་བརྗོད་པར་གྱིས། །དེ་སྒྲ་མ་འབྱིན་ལྟ་བུའོ་ཞེས། །ཁྱོད་བློ་སེམས་ན་དེ་མི་འཐད། །འདི་ལ་སྒྲ་ནི་ཡོད་པ་ཡིས། །འབྱུང་བར་འགྱུར་བ་དེ་བཟློག ་ཡིན། འགོག་པའི་འགོག་པའང་དེ་ལྟ་ཞེས། །འདོད་ན་དེ་ཡང་བཟང་མིན་ཏེ། །ཁྱོད་ཀྱི་དམ་བཅའ་ཨི་མཚན་ཉིད་ལས། །དེ་ལྟར་སྐྱོན་ཡོད་དེད་ལ་མེད། རེ་ཞིག་གལ་ཏེ་མངོན་སུམ་གྱི། །དངོས་རྣམས་དམིགས་ནས་བཟློག་བྱེད་པ། །གང་གིས་དངོས་རྣམས་དམིགས་འགྱུར་བ། །མངོན ་སུམ་དེ་ནི་མེད་པ་ཡིན། །རྗེས་དཔག་ལུང་དང་ཉེད་འཇལ་དང། །རྗེས་དཔག་ལུང་གིས་བསྒྲུབ་བྱ་དང། །དཔེས་བསྒྲུབ་བྱ་བའི་དོན་གང་ཡིན། །མངོན་སུམ་གྱིས་ནི་ལན་བཏབ་པ། སྐྱེ་བོ་ཆེས་ཀྱི་གནས་སྐབས་མཁས། །དགེ་བ་དག་གི་ཆོས་རྣམས་ལ། །དགེ་བའི་རང་བཞིན་ཡིན་པར་ནི། །སེམས ་ཤིང་ལྷག་མ་རྣམས་ལ་ཡང། །གང་དག་ངེས་པར་འབྱིན་པའི་ཆོས། ཆོས་ཀྱི་གནས་སྐབས་གསུངས་དེ་རྣམས། །ངེས་པར་འབྱིན་པའི་རང་བཞིན་ཉིད། །རང་བཞིན་ངེས་འབྱིན་མིན་ལ་སོགས།གལ་ཏེ་ཆོས་རྣམས་རང་བཞིན་མེད། །རང་བཞིན་མེད་ཅེས་བྱ་བ་ཡི། མིང་ཡང་དེ་བཞིན་མེད་འགྱུར་ཏེ། ་གཞི་མེད་མིང་ནི་མེད་ཕྱིར་རོ། །འོན་ཏེ་རང་བཞིན་ཡོད་མོད་ཀྱི། །དེ་ནི་ཆོས་རྣམས་ལ་མེད་ན། །དེ་ཕྱིར་ཆོས་རྣམས་སྤངས་པ་ཡི། །རང་བཞིན་གང་དེ་བསྟན་པར་རིགས། །གང་ཕྱིར་ཁྱིམ་ན་བུམ་པ་མེད། །ཅེས་བྱའི་འགོག་པ་ཡོད་ཉིད་ལ། མཐོང་བ་དེ་ཕྱིར་ཁྱོད་ཀྱི་ཡང། །འགོག་འདི་ཡོད་ལ་རང ་བཞིན་ཡིན། །ཅི་དེ་རང་བཞིན་དེ་མེད་ན། ཁྱོད་ཀྱི་ཚིག་འདིས་ཅི་ཞིག་དགག། ཚིག་མེད་པར་ཡང་མེད་པ་ཡི། །འགོག་པ་རབ་ཏུ་གྲུབ་པ་ཡིན། །བྱིས་པ་རྣམས་ཀྱིས་སྨིག་རྒྱུ་ལ། །ཇི་ལྟར་ཆུ་ཞེས་ལོག་འཛིན་ལྟར། །དེ་བཞིན་ཁྱོད་ཀྱི་ཡོད་མིན་ལ། །ལོག་པར་འཛིན་པ་འགོག་བྱེད་ན། །དེ་ལྟ་ན་ནི ་འཛིན་པ་དང། །གཟུང་བ་དེ་ཡི་འཛིན་པོ་དག། འགོག་དང་དགག་བྱ་འགོག་པ་པོ། །དེ་དྲུག་ཡོད་པ་མ་ཡིན་ནམ། །ཅི་སྟེ་འཛིན་པ་ཡོད་མིན་ཞིང། །གཟུང་མེད་འཛིན་པ་པོ་མེད་ན། །འོ་ན་འགོག་དང་དགག་བྱ་དང། འགོག་པ་པོ་ཡང་ཡོད་མ་ཡིན། །གལ་ཏེ་འགོག་དང་དགག་བྱ་དང།། ་འགོག་པ་པོ་ཡང་ཡོད་མིན་ན། །དངོས་པོ་ཀུན་དང་དེ་རྣམས་ཀྱི། །རང་བཞིན་ཉིད་ཀྱང་གྲུབ་པ་ཡིན། །ཁྱེད་ལ་གཏན་ཚིགས་མི་འགྲུབ་སྟེ། །རང་བཞིན་མེད་ཕྱིར་ཁྱོད་ཀྱི་རྟགས། །ག་ལ་ཡོད་དེ་ཁྱོད་དོན་དེ། །གཏན་ཚིགས་མེད་ཕྱིར་འགྲུབ་མི་འཐད། །ཁྱོད་ལ་གཏན་ཚིགས་མེད་པར་ཡང། ་རང་བཞིན་བཟློག་པ་གྲུབ་ཡིན་ན། །ང་ལའང་གཏན་ཚིགས་མེད་པར་ནི། །རང་བཞིན་ཡོད་པ་ན་ཡིད་དུ་འགྲུབ། །ཅི་སྟེ་གཏན་ཚིགས་ཡོད་ན་དངོས། །རང་བཞིན་མེད་ཅེས་བྱ་མི་ཐད། །སྲིད་ན་རང་བཞིན་མེད་པ་ཡི། །དངོས་འགའ་ཡོད་པ་མ་ཡིན་ནོ། །གང་ལས་རང་བཞིན་ཡོད་མིན ་པའི། །འགོག་པ་གལ་ཏེ་སྔ་འགྱུར་ཞིང། །དགག་བྱ་འཕྱི་ཞེས་འཐད་མིན་ལ། །ཕྱིས་དང་ཅིག་ཅར་ཡང་མི་འཐད། །ང་ཡི་ཚིག་ནི་རྒྱུ་རྐྱེན་དང། །ཚོགས་དང་སོ་སོ་ལ་ཡང་མེད། །འོ་ན་དངོས་རྣམས་སྟོང་གྲུབ་སྟེ། །རང་བཞིན་མེད་པ་ཉིད་ཕྱིར་རོ། །རྟེན་ནས་འབྱུང་བའི་དངོས་རྣམས་གང། །དེ་ནི་སྟོང་ཉིད་ཅེས ་བརྗོད་དེ། །གང་ཞིག་བརྟེན་ནས་འབྱུང་བ་དེ། །རང་བཞིན་མེད་པ་ཉིད་ཡིན་ནོ། །སྤྲུལ་པ་ཡིས་ནི་སྤྲུལ་པ་དང། །སྒྱུ་མ་ཡིས་ནི་སྐྱེས་བུ་ཡི། །སྒྱུ་མས་ཕྱུང་ལ་འགོག་བྱེད་ལྟར། །འགོག་པ་འདི་ཡང་དེ་བཞིན་འགྱུར། །ང་ཡི་ཚིག་ནི་དེ་བཞིན་མེད། །དེ་ཕྱིར་དེ་ཕྱོག་མཉམས་ལ། །མི་འདུ ་ཉིད་ཀྱང་མེད་པས་ན། །གཏན་ཚིགས་ཁྱད་པར་བརྗོད་མི་བྱ། །སྒྲ་མི་འབྱིན་བྱ་བཞིན་ཞེ་ན། ཁྱོད་ཀྱིས་གང་བརྩམས་དཔེ་འདི་མིན། །དེ་ནི་སྒྲ་ཡིས་སྒྲ་བཟློག་ལ། །འདིར་ནི་དེ་ལྟ་མ་ཡིན་ནོ། །གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཅི་སྟེ་རང་བཞིན་མེད་པ་བཟློག། །རང་བཞིན་མེད་པ་ཉིད་ལོག་ན། །རང ་བཞིན་ན་ཡིད་དུ་རབ་གྲུབ་འགྱུར། །ཡང་ན་ཁ་ཅིག་སྤྲུལ་པ་ཡི། །བུད་མེད་ལ་ནི་བུད་མེད་སྙམ། །ལོག་འཛིན་འབྱུང་ལ་སྤྲུལ་པ་ཡི། །འགོག་བྱེད་དེ་ནི་དེ་ལྟ་ཡིན། །གང་ན་རྟགས་འདི་བསྒྲུབ་བྱ་དང། །མཚུངས་ཏེ་གང་ཕྱིར་སྒྲ་ཡོད་མིན། །ཐ་སྙད་ཁས་ནི་མ་བླངས་པ་ད། །དེད་ཅག་འཆད་པར་མི་བྱེད་དོ། །གལ་ཏེ ་ངས་དམ་བཅས་འགལ་ཡོད། དེས་ནང་ལ་སྐྱོན་དེ་ཡོད། །ངལ་དམ་བཅའ་མེད་པས་ན། །ངལ་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགལ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ངལ་གླན་ཀ་མེད། །གལ་ཏེ་ཁྱོད་ཀྱི་དོན་དེ་རྣམས། །ཚད་མ་ཉིད་ཀྱི་རབ་བསྒྲུབ ་ན། ཁྱོད་ཀྱི་ཚད་མ་དེ་རྣམས་ཀྱང། །ཇི་ལྟར་རབ་ཏུ་འགྲུབ་པ་སྨྲོས། །གལ་ཏེ་ཚད་མ་གཞན་རྣམས་ཀྱིས། །སྒྲུབ་པོ་སྙམ་ན་ཐུག་པ་མེད། །དེ་ཡང་དང་པོ་འགྲུབ་མིན་ལ། །བར་མ་ཡིན་ཞིང་ཐ་མའང་མིན། །འོན་ཏེ་ཚད་མ་མེད་པར་ཡང། །དེ་རྣམས་སྒྲུབ་ན་སྨྲ་བ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིག ་ཁྱད་པར་སྨྲ་བར་གྱིས། །ཇི་ལྟར་མེ་ཡིས་གཞན་བདག་ཉ་ཨིད། །གསལ་བྱེད་དེ་བཞིན་རང་བདག་ལྟར། །དེ་བཞིན་ཚད་མ་རྣམས་ཀྱང་ནི། །རང་བཞིན་བདག་ཉིད་སྒྲུབ་ཅེ་ན། །སྨྲས་པ་དེ་ནི་མི་མཐུན་ཏེ། །མུན་ཁུང་ནང་གི་བུམ་པ་བཞིན། །དེ་ལ་མི་དམིགས་མ་མཐོང་བས། །མེ་ནི་རང་ཉིད ་གསལ་བྱེད་མིན། །གལ་ཏེ་ཁྱེད་ཀྱི་ཚིག་གིས་ནི། །མེ་ཡིས་རང་བདག་གསལ་བྱེད་ན། །འོ་ན་མེ་ཡིས་གཞན་བཞིན་དུ། །རང་ཉིད་སྲེག་པའང་བྱེད་པར་འགྱུར། །གལ་ཏེ་ཁྱོད་ཀྱིས་ཚིག་གིས་ནི། །མེ་ཡིས་རང་གཞན་གསལ་བྱེད་ན། །མེ་བཞིན་དུ་ནི་མུན་པ་ཡང། །རང་གཞན་བདག་ཉིད་སྒྲིབ་པར་འགྱུར།། ་འབར་བྱེད་དང་ནི་གང་གཞན་ན། །མེ་འདུག་པ་ན་མུན་པ་མེད། །གསལ་བྱེད་དེ་ནི་མུན་སེལ་ན། །ཇི་ལྟར་གསལ་བར་བྱེད་པ་ཡིན། །མི་འབྱུང་ཉིད་ན་གསལ་བྱེད་པ། །ཡང་དག་མིན་པར་སྨྲ་བ་སྟེ། །མེ་འབྱུང་ན་ཡིད་ན་མུན་པ་དང། །ཕྲད་པ་མེད་པ་ཁོ་ན་ཡིན། །ཡང་ན་མེ་དང་མ་ཕྲད་ཀྱང། །མུན་པ་སེལ་བར ་བྱེད་ན་ནི། །འདི་ན་ཡོད་པ་གང་ཡིན་པས། །འཇིག་རྟེན་ཀུན་གྱི་མུན་སེལ་འགྱུར། །གལ་ཏེ་རང་ལས་ཚད་མ་གྲུབ། །གཞལ་བྱ་རྣམས་ལས་མ་ལྟོས་པར། །ཁྱོད་ཀྱི་ཚད་མ་གྲུབ་འགྱུར་འདི། །རང་གྲུབ་གཞན་ལས་བལྟོས་མ་ཡིན། །གལ་ཏེ་གཞལ་བྱའི་དོན་རྣམས་ལ། །མ་བལྟོས་ཁྱོད་ཀྱི་ཚད་མ་གྲུབ ་དེ་ལྟར་ཚད་མ་འདི་རྣམས་ནི། །གང་གིའང་ཡིན་པར་མི་འགྱུར་རོ། །འོན་ཏེ་བལྟོས་ནས་དེ་རྣམས་འགྲུབ། །འདོད་ན་དེ་ལ་སྐྱོན་ཅིང་འགྱུར། །མ་གྲུབ་གཞན་ལ་མི་བལྟོས་པས། །གྲུབ་པ་སྒྲུབ་པར་བྱེད་པ་ཡིན། །གལ་ཏེ་ཡོངས་ཡེ་གཞལ་བྱ་ལས། །བལྟོས་ནས་ཚད་མ་འགྲུབ་ཡིན་ན། །ཚད་མ ་རྣམས་ལམ་བལྟོས་པར། །གཞལ་བྱར་བྱ་བ་འགྲུབ་པར་འགྱུར། །གལ་ཏེ་ཚྡ་མ་རྣམས་ལ་ནི། །མ་བལྟོས་པར་ཡང་གཞལ་བྱ་འགྲུབ། །གང་ཕྱིར་དེ་དག་དེ་འགྲུབ་ན། །ཁྱོད་ཀྱི་ཚད་མ་གྲུབ་པས་ཅི། །ཅི་སྟེ་ཁྱོད་ཀྱི་ཚད་མ་རྣམས། གཞལ་བྱ་རྣམས་ལ་བལྟོས་ནས་འགྲུབ། །དེ་ལྟར་ཁྱོད་ཀྱི་ཚད་མ ་དང། །གཞལ་བྱ་ངེས་པར་ལྡོག་པར་འགྱུར། །འོན་ཏེ་ཁྱོད་ཀྱི་ཚད་གྲུབ་པས། །གཞལ་བར་བྱ་བ་འགྲུབ་འགྱུར་ལ། །གཞལ་བྱ་གྲུབ་བས་ཚད་སྒྲུབ་ན། ཁྱོད་ཀྱིས་གཉིས་ཀའང་འགྲུབ་མི་འགྱུར། །གལ་ཏེ་ཚད་མ་གཞལ་བྱ་འགྲུབ། །གཞན་བྱ་དེ་དག་རྣམས་ཀྱིས་ཀྱང།།དེ་དག་བསྒྲུབ་པར་བྱ ་ཡིན་ན། །དེ་དག་ཇི་ལྟར་སྒྲུབ་པར་འགྱུར། །གལ་ཏེ་གཞལ་བྱས་ཚད་མ་འགྲུབ། །ཚད་མ་དེ་དག་རྣམས་ཀྱིས་ཀྱང། །དེ་དག་སྒྲུབ་པར་བྱ་ཡིན་ན། །དེ་དག་ཇི་ལྟར་སྒྲུབ་པར་འགྱུར། །གལ་ཏེ་ཕ་ཡི་བུ་བསྐྱེད་བྱ། །གལ་ཏེ་བུ་དེ་ཉིད་ཀྱིས་ཀྱང། །ཅི་དེ་ཕ་དེ་བསྐྱེད་བྱ་ན། །དེས་ན་གང་གིས་གང་བསྐྱེད་སྨོས། །དེ་དག ་གཉིས་ཀའང་ཕ་དང་བུའི། །མཚན་ཉིད་འཛིན་པས་དེའི་ཕྱིར། དེ་ལ་ཁོ་བོ་ཐེ་ཚོམ་གྱུར། །དེ་ལས་ཕ་གང་བུ་གང་སྨྲོས། །ཚད་མ་རྣམས་ཀྱི་རང་ན་ཡིད་ཀྱིས། །འགྲུབ་མིན་ཕན་ཚུན་གྱིས་མིན་པའམ། །ཚད་མ་གཞན་གྱིས་མ་ཡིན་ལ། །གཞལ་བྱས་མ་ཡིན་རྒྱུ་མེད་མིན། །ཆོས་ཀྱི་གནས་སྐབས་རབ ་མཁས་པ། །དགེ་བ་ཡིས་ནི་ཆོས་རྣམས་ཀྱིས། །དགེ་བའི་རང་བཞིན་ཆོས་རྣམས་གང། །དེ་ལྟར་རབ་ཕྱེ་བརྗོད་བྱ་ཡིན། །གལ་ཏེ་དགེ་བའི་ཆོས་རྣམས་ཀྱི། །རང་བཞིན་འགའ་ཞིག་བརྟན་ཀྱེ་བ། །དེ་ནི་གཞན་ལྟ་དེ་ལྟ་ན། །རང་གི་ངོ་བོར་ཇི་ལྟར་འགྱུར། །འོན་ཏེ་དགེ་བའི་ཆོས་རྣམས་ཀྱི། །རང ་གི་ངོ་བོ་དེ་འགའ་ལའང། །མ་བརྟེན་སྐྱེ་ན་དེ་ལྟ་ནའང། །ཚངས་པར་སྤྱོད་པ་གནས་མི་འགྱུར། །རྒྱུ་མི་ལྡན་པ་རྟག་པའི་ཕྱིར། །ཆོས་རྣམས་ཐམས་ཅད་བརྟག་པར་འགྱུར། །ཆོས་དང་ཆོས་མཡིན་མེད་ཅིང། འཇིག་རྟེན་པ་ཡི་ཐ་སྙད་མེད། །མི་དགེ་བ་དང་ལུང་མ་བསྟན། །དེས་འབྱིན་སོགས་ལའང ་སྐྱོན་དེ་བཞིན། །དེ་བས་ཁ་ཡོད་ཀྱི་འདུས་བྱས་ཀུན། །འདུས་མ་བྱས་པ་ཉིད་དུ་འགྱུར། །གང་ཞིག་རང་བཞིན་བཅས་པ་ཞེས། །མིང་ནི་ཡོད་པར་སྨྲ་བ་ལ། །དེ་ལྟར་ཁྱོད་ཀྱིས་ལན་བཏབ་ཀྱིས། །ང་ཡི་མིང་ཡོད་མི་སྨྲའོ། །མིང་མེད་ཅེས་བྱ་གང་ཡིན་འདི། །ཅི་དེ་ཡོད་པ་འམ་མེད་པ་ཡིན། །གལ་ཏེ་ཡོད་དམ་མེད ་ཀྱང་རུང། །ཁྱོད་ཀྱིས་སྨྲས་པའང་གཉིས་ཀའང་ཉམས། །དངོས་པོ་དག་ནི་ཐམས་ཅད་ཀྱི། སྟོང་པ་ཉིད་ནི་སྔར་བསྟན་པས། དེ་ཕྱིར་དམ་བཅས་མེད་པ་ཡང། །ཀླན་ཀ་གང་ཡིན་དེ་ཚོལ་བྱེད། །འོན་ཏེ་རང་བཞིན་ཞིག་ཡོད་ལ། །དེ་ནི་ཆོས་ལ་མེད་དོ་ཞེས། །དོགས་འདི་རིགས་པ་མ་ཡིན་མོད། །དོགས་པ ་དེ་ནི་ཁྱོད་ཀྱིས་བྱས། །གལ་ཏེ་ཡོད་ཉིད་འགོག་ཡིན་ན། འོ་ན་སྟོང་ཉིད་རབ་འགྲུབ་སྟེ། །དངོས་རྣམས་རང་བཞིན་མེད་ཉིད་ལ། ཁྱོད་ནི་འགོག་པར་བྱེད་པས་སོ། །སྟོང་ཉིད་གང་ལ་ཁྱོད་འགོག་པའི། །སྟོང་ཉིད་དེ་ཡང་མེད་ཡིན་ན། འོ་ན་ཡོད་པ་འགོག་ཡིན་ཞེས། །སྨྲས་པ་དེ་ཉམས་མ་ཡིན་ནམ་ ་དགག་བྱ་ཅི་ཡང་མེད་པས་ན། །ད་ནི་ཅི་ཡང་མི་འགོག་གོ། དེ་ཕྱིར་འགོག་པ་བྱེད་དེ་ཞེས། །ཡང་དག་མིན་ཏེ་ཁྱོད་ཀྱིས་སྨྲས། །ཚིག་མེད་པར་ཡང་མེད་པ་ཡི། །འགོག་ཚིག་མི་འགྲུབ་མིན་ཞེ་ན། །དེ་ལ་ཚིག་ནི་མེད་ཅེས་པར། །གོ་བར་བྱེད་ཀྱི་སྐྱེས་སེལ་མིན། །སྨིག་རྒྱུ་དཔེ་ལ་ཁྱོད ་ཀྱིས་ཀྱང། །རྩོད་པ་ཆེན་པོ་སྨྲས་པ་གང། །དེར་ཡང་ཅི་ནས་དཔེ་དེ་འཐད། །གཏན་ལ་དབབ་པ་མཉན་པར་གྱིས། །གལ་ཏེ་འཛིན་དེ་རང་བཞིན་ཡོད། །བརྟེན་ནས་འབྱུང་བར་མི་འགྱུར་རོ། །འཛིན་པ་གང་ཞིག་བརྟེན་འབྱུང་བ། །དེ་ཉིད་སྟོང་ཉིད་མ་ཡིན་ནམ།།གལ་ཏེ་འཛིན་པ་རང་བཞིན་ཡོད།། ་འཛིན་པ་དེ་ལ་སུ་ཡིས་བཟློག། ལྷག་མ་རྣམས་ལའང་ཚུལ་དེ་བཞིན། །དེ་ཕྱིར་ཀླན་ཀ་དེ་མེད་དོ། །སྨིག་རྒྱུའི་དཔེས་བཟློག་བསྒྲུབ་པའི་ཚེ། །སྔར་སྨྲས་གང་ཡིན་དེ་དང་ནི། །སྔ་མས་གཏན་ཚིགས་མེད་པ་ཡི། །ལན་བཏབ་གྱུར་ཏེ་མཚུངས་ཕྱིར་རོ། །དུས་གསུམ་གཏན་ཚིགས་གང་ཡིན་སྔར ་ལན་བཏབ་ཉིད་དེ་མཚུངས་ཕྱིར་རོ། །དུས་གསུམ་ཆེད་ཀྱི་གཏན་ཚིགས་ནི། །སྟོང་ཉིད་སྨྲ་པ་རྣམས་ལ་དུང། །གང་ལ་སྟོང་པ་ཉིད་སྲིད་པ། །དེ་ལ་དོན་རྣམས་ཐམས་ཅད་སྲིད། །གང་ལ་སྟོང་ཉིད་མི་སྲིད་པ། །དེ་ལ་ཅི་ཡང་མི་སྲིད་དོ། །གང་ཞིག་སྟོང་དང་རྟེན་འབྱུང་དག་།དབུ་མའི་ལམ་དུ་དོན ་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །བརྩོད་པ་བཟློག་པའི་ཚིགས་ལེའུར་བྱས་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱི་ན་གརྦྷ་དང། བོད་ཀྱི་ལོ་ཙཱ་བ ་ཀ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྟ་དང། ལོ་ཙཱ་བ་ཁུ་མདོ་སྡེ་དཔལ་གྱིས་བསྒྱུར་པའོ།། །།དབུ་མ་རྩ་བའི་འགྲེལ་བ་?་ལས་འཇིགས་མེད་འཕགས་པ་ཀླུ་སྒྲིབ་ཀྱིས་མཛད་པར་ཞུགས་སོ། །རྒྱ་གར་སྐད་དུ། མུ་ལམ་དྷཡ་མི་ཀ་པིཏྟི་ཨ ་