CLOSE WINDOW

N4013: dbu ma rtsa ba'i tshig le'ur byas pa shes rab ces bya ba
Wyliee-texts based on the ACIP/ALL Input

#། །རྒྱ་གར་སྐད་དུ། པྲཛྙཱ་ནཱ་མ་མཱུ་ལ་མཱ་དྷཡ་མ་ཀ་ཀཱ་རི་ཀཱ། བོད་སྐད་དུ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ ་ཤེས་རབ་ཅེས་བྱ་བ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲལ་པར་འབྱུང། །འགག་པ་མེད་པ་སྐྱེ་མེད་པ།། ་ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། ། ་བླནཀ་པགེ ་རྐྱེན་དང་མི་ལྡན་བྱ་བ་མེད། །བྱ་བ་མི་ལྡན་རྐྱེན་མ་ཡིན། །བྱ་བ་ལྡན་ཡོད་འོན་ཏེ་ན། །འདི་དག་ལ་བརྟེན་སྐྱེ་བས་ན། །དེ་ཕྱིར་འདི་དག་རྐྱེན་ཅེས་གྲག། ་ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །མེད་དམ་ཡོད་པའི་དོན་ལ་ཡང། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར།། ་ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །གང་ཚེ་ཆོས་ནི་ཡོད་པ་དང། །མེད་དང་ཡོད་མེད་མི་འགྲུབ་པས། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི ་རིགས་སོ། །ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ནར་ཉེ་བར་བསྟན། །ཅི་སྟེ་ཆོས་ནི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར།། ་ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། ། ་དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་འདི་ནི་འཐད་མ་ཡིན། །རྐྱེན་རྣམས ་སོ་སོར་འདུས་པ་ལ། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །ཅི་སྟེ་འབྲས་བུ་དེ་མེད་ཀྱང། །རྐྱེན་དེ་དག་ལས་སྐྱེ ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །འབྲས་བུ་རྐྱེན་གྱིས་རང་བཞིན་ན། །རྐྱེན་རྣམས་བདག་གི་རང་བཞིན་མིན། །བདག་དངོས ་མིན་ལས་འབྲས་བུ་གང། །དེ་ནི་ཇི་ལྟར་རྐྱེན་རང་བཞིན། །དེ་ཕྱིར་རྐྱེན་གྱི་རང་བཞིན་མིན། །རྐྱེན་མིན་རང་བཞིན་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན ་མིན་རྐྱེན་དུག་ལ་འགྱུར། །རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ།། །།རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ལའང་འགྲོ་བ་མིན།། ་སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །གང་ན་གཡོ་བ་དེ་ན་འགྲོ་།དེ་ཡང་གང་ཕྱིར་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་པ་འགྲོ་བ་ཡོད། །བགོམ་ལ ་ལ་འགྲོ་བ་ཡིན་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །གང་ཚེ་འགྲོ་བ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །གང་གི་བགོམ་པ་ལ་འགྲོ་བ། །དེ་ཡི་བགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ ་གང་གི་ཕྱིར། །བགོམ་ལ་འགྲོ་བ་ཡིན་ཕྱིར་རོ། །བགོམ་ལ་འགྲོ་བ་ཡོད་ན་ནི། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་དེ་བགོམ་གྱུར་པ་དང། །དེ་ལ་འགྲོ་བ་གང་ཡིན་པའོ། །འགྲོ་བ་གཉིས་སུ་ཐལ ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་བ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །གལ་ཏེ་འགྲོ་པོ་མེད་འགྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་བ་མེད་ན་འགྲོ ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། །རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་བོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །གང་ཚེ་འགྲོ་བ་མེད་པར ་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་བ་ཡིན་པར་ཐལ ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །གལ་ཏེ་འགྲོ་པོ་འགྲོ་འགྱུར་ན། །འགྲོ་པ་གཉིས་སུ་ཐལ་འགྱུར་ཏེ། །གང་གི་འགྲོ་པོར་མངོན་པ་དང། །འགྲོ་པོར་གྱུར་ནས་གང་འགྲོ་བའོ།། ་སོང་ལ་འགྲོ་བའི་རྩོམ་མེད་དེ། །མ་སོང་བ་ལའང་འགྲོ་རྩོམ་མེད། །བགོམ་ལ་བརྩོམ་པ་ཡོད་མིན་ན། །གང་དུ་འགྲོ་བརྩོམ་པར་བྱེད། །འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བོ་རྩམ་འགྱུར་པ། །འགོམ་པ ་མེད་ཅིང་སོང་བ་མེད། །མ་སོང་འགྲོ་བ་ག་ལ་ཡོད། །འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞིག་རྣམ་པར་བརྟག་།རེ་ཞིག་འགྲོ་པོ་མི ་སྡོད་དེ། །འགྲོ་བ་པོ་མ་ནི་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །བགོམ་ལས་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །འགྲོ་པ་དང་ནི་འཇུག་པ་དང། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །འགྲོ་བ་དེ ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང། །གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང།། ་གཅིག་པ་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་འགྲོ་བར་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམས་བརྟགས་ན། །འགྲོ་པོ་མེད་པའི་འགྲོ་བ་དང། །འགྲོ་བ་མེད་པའི་འགྲོ་བོར་འགྱུར། །གང་དག་དངོས་པོ་གཅིག་པ་དང། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ ་པར་གྱུར་པ་ཡོད་མིན་ན། །དེ་ཉིད་གྲུབ་པ་ཇི་ལྟར་ཡོད། །འགྲོ་བ་གང་གིས་འགྲོ་བོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །འགྲོ་བ་གང་གིས་འགྲོ་བོར་མངོན། །དེ་ལས་གཞན་པ་དེ་འགྲོ ་མིན། །གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །འགྲོ་བ་ཡིན་པར་གྱུར་པ་ནི། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང། །འགྲོ་རྣམ་གསུམ ་དུ་འགྲོ་མི་བྱེད། །དེ་ཕྱིར་འགྲོ་དང་འགྲོ་བ་དང། །བགྲོད་པར་བྱ་བ་ཡིད་མ་ཡིན། །འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ། །།ལྟ་དང་ཉན་དང་སྣོམ་པ་ལ། །མྱང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་སྟེ་དེ་དག་གི་སྤྱོད་ཡུལ་བལྟ་བར ་བྱེད་ལ་སོགས། །ལྟ་དེ་རང་གི་བདག་ཉིད་ནི། །དེ་ལྟ་ལྟ་བ་མ་ཡིན་ཉིད། །གང་ཞིག་དག་ལ་མི་ལྟ་བར། །དེ་གཞན་དག་ལ་ཇི་ལྟར་ལྟ། །ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །སོང་དང་མ་སོང་བགོམ་པ་ཡིས། །དེ་ནི་ལྟར་བཅས་ལན་བཏབ་པོ། །གང་ཚེ་ཅུང་ཟད ་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ལྟ་བ་ཉིད་ཀྱིས་ལྟ་པོ་ཡང། །རྣམ་པར་བཤད་པར་ཤེས་པར་བྱ། །མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟར་སྤངས་པར་གྱུར་ཀྱང་ངོ།། ་ལྟ་པོ་མེད་ན་ལྟ་བྱ་དང། །ལྟ་བ་དེ་དག་ག་ལ་ཡོད། །ཇི་ལྟར་ཕ་དང་མ་དག་པ། །བརྟེན་ནས་བུ་ནི་འབྱུང་བཤད་པ། །དེ་བཞིན་མིག་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་འབྱུང་བར་བཤད། །ལྟ་བྱ་བལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་ལ་སོགས་པ་བཞི། །ཡོད་མིན་ ་ཉེ་བར་ལེན་ལ་སོགས། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ལྟ་བ་ཉན་དང་སྣོམ་པ་དང། །མྱང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །དབང་པོ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་གསུམ་པའོ།། ་གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ། །གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང ་རྒྱུ་མེད་པ་ནི་གང་ནའང་མེད། །གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང ་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །དེ་ཕྱིར་གཟུགས་ཀྱི་རྣམ་པར་རྟོག། འགལ་ཡང་རྣམ་པར་བརྟག་མི་བྱ། །འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །འབྲས་བུ་རྒྱུ ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །ཚོར་དང་འདུ་ཤེས་འདུ་བྱེད་དང། །སེམས་དང་དངོས་པོ་ཐམས་ཅད་ཀྱང། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱི་ནི་རིམ་པ་མཚུངས། །སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡི ་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར་རོ། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་བར་འགྱུར། །ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད ་པ་བཞི་པའོ།། །།ནམ་མཁའ་ཨི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །མཚན་ཉིད་མེད་པའི་དངོས་པོ་ནི། །འགལ་ཡང་གང་ན་འང་ཡོད་མ་ཡིན། །མཚན་ཉིད ་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །མཚན་ཉིད་འཇུག་པ་མ་ཡིན ་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །མཚན་གཞི་མཚན་ཉིད་མ་གཏོགས་པ། །དངོས ་པོ་ཡང་ནི་ཡོད་མ་ཡིན། །དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན།། ་མཚན་ཉིད་མ་ཡིན་ཁམས་ལྔ་པོ། །གཞན་གང་དག་ཀྱང་ནམ་མཁའ་མཚུངས། །བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང། །ཁམས་བརྟག་པ་ཞེས་བྱ་བ་སྟེ། །རབ ་ཏུ་བྱེད་པ་ལྔ་པའོ།། །།གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཆགས་པ་ཡོད་པར་མ་གྱུར་ན། །འདོད་ཆགས་ཡོད་པར་ག་ལ་འགྱུར།། ་ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །འདོད་ཆགས་དང་ནི་ཆགས་པ་དག་།ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདི་ལྟར་འདོད་ཆགས་ཆགས་པ་དག་།ཕན་ཚུན་བལྟོས་པ་མེད་པར་འགྱུར། །གཅིག་ཉིད་ལྷན་ཅིག་ཉིད་མིན་ཏེ། །དེ་ཉིད་དེ་དང་ལྷན་ཅིག་མིན།། ་ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །ཅི་གོ་འདོད་ཆགས་ཆགས་པ་དག་།ཐ་དད ་ཉིད་དུ་གྲུབ་འགྱུར་རམ། །དེས་ནི་དེ་གཉིས་ལྷན་ཅིག་འགྱུར། །གལ་ཏེ་འདོད་ཆགས་ཆགས་པ་དག། ཐ་དད་ཉིད་དུ་གྲུབ་འགྱུར་ན། །དེ་དག་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག། །ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་ན། །ལྷན་ཅིག་རབ་ཏུ ་བསྒྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །ཐ་དད་དངོས་པོ་མ་གྲུབ་པས། །ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར། །ཐ་དད་དངོས་པོ་གང་ཡོད་ན། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །དེ་ལྟར་འདོད་ཆགས་ཆགས་པ་དག་།ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས ་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའོ། །།གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཇི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས ་བྱས་མཚན་ཉིད་ཡིན། །སྐྱེ་ལ་སོགས་སུ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང། །སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་བ་མེད ་མེད་ན་དེ་དག་འདུས་བྱས་མིན། །སྐྱེ་བའི་སྐྱེ་བས་རྩ་བ་ཡིས། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བསྐྱེད་བྱེད་ན། །ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཇི་ལྟར་སྐྱེད ་པར་བྱེད། གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་པ་དེ་ཡིས་རྩ་བསྐྱེད་ན། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་མ་སྐྱེས་པ་དེ་ཡིས། །དེ་སྐྱེད་པར་ནི་བྱེད་ནུས་ན། །ཁྱོད་ཀྱི་སྐྱེ་བཞིན་པ་དེ་ཡིས། །དེ་བསྐྱེད་པ་ནི་འདོད་ལ་རག། ཇི་ལྟར་མར་མེས་རང་དང ་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉིས་ཀ་སྐྱེད་པར་བྱེད་པ་ཡིན། །མར་མེ་དང་ནི་གང་དག་ནི། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང ་ནི་ཕྲད་མེད་ན། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །མར་མེ་ཕྲད་པ་མེད་པར་ཡང། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ལ་གནས་པའི་མུན། །འདི་ན་འདུག་པ་དེས་བསལ་འགྱུར། །མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན།། ་མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་བསྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་བསྐྱེད་པ། །དེས་ནི་སོང་དང ་མ་སོང་དང། །བགོམ་པས་རྣམ་པར་བཤད་པ་ཡིན། །གང་ཆོ་སྐྱེ་བ་ཡོད་པ་ན། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཇི་ལྟར་སྐྱེ་ལ་བརྟེན་ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ ་ཉིད། །གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན་།སྐྱེ་བ་དེ་ནི་སྐྱེ་བ་ལྟ། །གལ་ཏེ་སྐྱེ་བ་གཞན་ཞིག་གིས། དེས་བསྐྱེད་ཐུག་པ་མེད་པར་འགྱུར།། ་ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །རེ་ཞིག་ཡོད་དང་མེད་པ་ཡང། །སྐྱེ་བར་རིག་པ་མ་ཡིན་ཞིང། །ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་བསྟན་པ་ཉིད་ཡིན་ནོ། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། ་དོན་དངོས་པོར་མི་འཐད་དོ། །དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་མི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་འགྱུར། དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ།། ་དེ་ནི་དངོས་པོར་མི་འཐད་དོ། །དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པའི། །གནས་པའི་དངོས་པོ་གང་ཞིག་ཡིན། །གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད ་པ་མ་ཡིན་བཞིན། །འགགས་པ་བགགས་པར་མི་འགྱུར་ཏེ། །མ་འགགས་པ་ཡང་འགག་མི་འགྱུར། །འགག་བཞིན་པ་ཡང་དེ་བཞིན་མིན། །མ་སྐྱེས་གང་ཞིག་འགག་པར་འགྱུར། །རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ།། ་དངོས་པོ་མི་གནས་པ་ལ་ཡང། །འགག་པ་འཐད་པར་མི་འགྱུར་རོ། །གནས་སྐབས་དེ་ཡི་གནས་སྐབས་ནི། །དེ་ཉིད་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་སྐབས་ནི། །གཞན་ཡང་འགག་པ་ཉིད་མི་འགྱུར། །གང་ཚེ་ཆོས་རྣམས་ཐམས་ཅད ་ཀྱི། །སྐྱོ་བ་འཐད་པར་མི་འགྱུར་པ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ན་ནི་དངོས་པོ་དང། །དངོས་པོ་མེད་པ་འཐད་པ་མེད། །དངོས་པོ་མེད་པར་གྱུར་པ ་ལའང། །འགག་པ་འཐད་པར་མི་འགྱུར་རོ། །མགོ་གཉིས་པ་ལ་ཇི་ལྟར་ནི། །བཅད་དུ་མེད་པ་དེ་བཞིན་ནོ། །འགག་པར་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །སྐྱེ་དང་གནས ་དང་འཇིག་པ་དག་།མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་ན། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །སྐྱེ་བ་དང ་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།བྱེད་པོ་ཡིན་པར་གྱུར་པ་དེ། །ལས་སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་པ་ཡང། །ལས་སུམ་གྱུར་མི་བྱེད་དོ། །ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད ་པའི་ལས་སཱུང་འགྱུར། །མིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །གལ་ཏེ་བྱེད་པོར་མ་གྱུར་པས། །ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །རྒྱུ་མེད་ན་ནི་འབྲས་བུ་དང། །རྒྱུ་ཡང་འཐད་པར་མི ་འགྱུར་རོ། །དེ་མེད་ན་ནི་བྱ་བ་དང། །བྱེད་པ་པོ་དང་བྱེད་མི་རིགས། །བྱ་བ་ལ་སོགས་མི་རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །འབྲས་བུ་མེད་ན་ཐར་པ་དང། །མཐོ་རིས་གྱུར་པའི་ལམ་མི་འཐད། །བྱ་བ་དག ་ནི་ཐམས་ཅད་ཀྱང། །དོན་མེད་ཉིད་དུ་ཐལ་བར་འགྱུར། །བྱེ་པ་པོར་གྱུར་མ་གྱུར་པས། །གྱུར་མ་གྱུར་དེ་མི་བྱེད་དོ། །ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །བྱེད་པ་པོར་ནི་གྱུར་པ་ཡིས། །མ་གྱུར་ལས་ནི་མི་བྱེད་དེ། །མ་གྱུར་པས ་ཀྱང་གྱུར་མི་བྱེད། །འདིར་ཡང་སྐྱོན་དེར་ཐལ་བར་འགྱུར། །བྱེད་པ་པོར་ནི་གྱུར་པ་དང། །བཅས་པས་ལས་ནི་མ་གྱུར་དང། །གྱུར་མ་གྱུར་བ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་པས། །ལས་ནི་གྱུར་དང་བཅས་པ་དང། །གྱུར ་མ་གྱུར་པ་མི་བྱེད་དེ། །གཏན་ཚིག་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་གྱུར་མ་གྱུར་ནི། །ལས་སུ་གྱུར་དད་མ་གྱུར་པ། །མི་བྱེད་འདིར་ཡང་གཏན་ཚིགས་ནི། །གོང་དུ་བསྟན་པར་ཤེས་པར་བྱ། །བྱེད་པོ་ལས་ལ་བརྟེན་བྱས་ཤིང། །ལས་ཀྱང་བྱེད་པོ་དེ་ཉིད་ལ ་བརྟེན་ནས་འབྱུང་བ་མ་གཏོགས་པར། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོས་གསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མའང་ཤེས་པར་བྱ། །བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ ་བྱེད་པ་བརྒྱད་པའོ།། །།ལྟ་དང་ཉན་ལ་སོགས་པ་དང། །ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི་།སྔ་རོལ་དེ་ཡོད་ཁ་ཅིག་སྨྲ། །དངོས་པོ་ཡོད་པ་མ་ཡིན་ན། །ལྟ་བ་ལ་སོགས་ཇི་ལྟར་འགྱུར། །དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ ་གནས་པ་དེ་ཡོད་དེ། །ལྟ་དང་ཉན་ལ་སོགས་པ་དང། །ཚོར་བ་ལ་སོགས་ཉིད་ཀྱིས་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ལྟ་བ་ལ་སོགས་མེད་པར་ཡང། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བར ་ཐེ་ཚོམ་མེད། །ཅི་ཡིས་གང་ཞིག་བསལ་བར་བྱེད། །གང་གིས་ཅི་ཞིག་བསལ་བར་བྱེད། །ཅི་མེད་གང་ཞིག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ལྟ་སོགས་ནང་ནས་གཞན་ཞིག ་གིས། །གཞན་གྱི་ཚེ་ན་གསལ་བར་བྱེད། །ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གལ་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡིས། །སྔ་རོལ་དེ་ནི་ཇི་ལྟར་ཡོད། །ལྟ་པོ་དེ་ཉིད་ཉན་པོ་དེ། །གལ་ཏེ་ཚོར་པོ་དེ་ཉིད་ན། །རེ་རེའི་སྔ་རོལ་ཡོད་གྱུར་ན། །དེ་ནི་དེ་ལྟར་མི་རིགས་སོ།། ་གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །ལྟ་པོ་ཡོད་ཚེ་ཉན་པོར་འགྱུར། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །ལྟ་དང་ཉན་ལ་སོགས་པ་དང། །ཚོར་བདག་ལ་སོགས་པ་ཡང། །གང་ལས་འགྱུར་བའི་འགྱུར་དེ་ལའང། །དེ་ནི་ཡོད་པ་མ་ཡིན་ནོ། །ལྟ་དང་ཉན ་ལ་སོགས་པ་དང། །ཚོར་བ་དག་ལ་སོགས་པ་ཡང། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱིན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །སྔ་རོལ་ན་གནས་པ་བརྟག་པ ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།བུད་ཤིང་གང་དེ་མི་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་རྒྱུ་ལས་མི་འབྱུང་ཞིང། །རྩོམ་པ་དོན ་མེད་ཉིད་དུ་འགྱུར། །།དེ་ལྟ་ཡིན་ན་ལས་ཀྱང་མེད། །གཞན་ལ་བལྟོས་པ་མེད་པའི་ཕྱིར། འབར་བར་བྱེད་རྒྱུ་ལས་མི་འབྱུང། །རྟག་ཏུ་འབར་བ་ཉིད་ཡིན་ན། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལ་གལ་ཏེ་འདི་སྙམ་དུ། །སྲེག་བཞིན་བུད་ཤིང་ཡིན་སེམས་ན། །གང་ཚེ་དེ་རྩམ་དེ་ཡིན ་ན། །གང་གི་བུད་ཤིང་དེ་སྲེག་བྱེད། །གཞན་ཕྱིར་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་རྟགས་དང་ཡང་ལྡན་པར་གནས། །ཇི་ལྟར་བུད་མེད་སྐྱེས་པ་དང། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་?་གཞན ་ན། །ཤིང་དང་ཕྲད་པར་རུང་བར་འགྱུར། །གལ་ཏེ་མེ་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་འགྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང། །ཤིང་དང་ཕྲད་པར་འདོད་ལ་རག། གལ་ཏེ་ཤིང་བལྟོས་མེ་ཡིན་ལ། །གལ་ཏེ་མེ་བལྟོས་ཤིང་ཡིན་ན།། ་གང་བལྟོས་མེ་དང་ཤིང་འགྱུར་བ། །དང་པོ་གྲུབ་པ་གང་ཞིག་ཡིན། །གལ་ཏེ་ཤིང་བལྟོས་མེ་ཡིན་ན། །མེ་སྒྲུབ་པ་ལ་སྒྲུབ་པར་འགྱུར། །བུད་པར་བྱ་བའི་ཤིང་ལ་ཡང། །མེ་མེད་པར་ཡང་འགྱུར་བ་ཡིན། །གལ་ཏེ་དངོས་པོ་གང་བལྟོས་གྲུབ། །དེ་ཉིད་ལ་ཡང་བལྟོས་ནས་ནི། །བལྟོས ་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་བལྟོས་ནས་གང་ཞིག་འགྲུབ། །དངོས་པོ་བལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་བལྟོས། །ཅི་སྟེ་གྲུབ་པ་བལྟོས་ཤེ་ན། །དེ་ནི་བལྟོས་པར་མི་རིགས་སོ་།ཤིང་ལ་བལྟོས་པའི་མེ་མེད་དེ། ཤིང་ལ་མ་བལྟོས་མེ་ཡང་མེད། །མེ་ལ་བལྟོས ་པའི་ཤིང་མེད་དེ། །མེ་ལ་མ་བལྟོས་ཤིང་ཡང་མེད། །མེ་ནི་གཞན་ལས་མི་འོང་སྟེ་།ཤིང་ལའང་མེ་ནི་ཡོད་མ་ཡིན་།དེ་བཞིན་ཤིང་གི་ལྷག་མ་ནི། །སོང་དང་མ་སོང་བསྒོམས་པས་བསྟན། །ཤིང་ཉིད་མེ་ནི་མ་ཡིན་ཏེ།། ཤིང་ལས་གཞན་ལའང་མེ་ཡང་མེད། །མེ་ནི་ཤིང་དང ་ལྡན་མ་ཡིན་།མེ་ལ་ཤིང་མེད་དེར་དེ་མེད། །མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །གང་དག་བདག་དང་དངོས་པོ་རྣམས། །དེ་ཉིད་ཅེས་དང་ཐ་དད་པར། །སྟོན་པ་དེ་དག་བསྟན ་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།སྔོན་མཛའ་སྔོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། འཁོར་བ་ཐོག་མ་ཐ་མ་མེད། །དེ་ལ་སྔོན་མེད་ཕྱི་མ་མེད།། ་ཤང་ལ་ཐོག་མ་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། །དེ་ཕྱིར་དེ་ལ་སྔ་ཕྱི་དང། །ལྷན་ཅིག་རིམ་པ་མི་འཐད་དོ། །གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་མ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བར་ཕྱི་གྱུར་ལ་ ་རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །སྐྱེ་བ་དང་ནི་རྒ་ཤི་དག་།ལྷན་ཅིག་རུང་བ་མ་ཡིན་ཏེ། །སྐྱེ་བཞིན་པ་ན་འཆི་འགྱུར་ཞིང། །གཉིས་ཀ་རྒྱུ་མེད་ཅན་དུ་འགྱུར། །གང་ལས་སྔ་ཕྱི་ལྷན་ཅིག་གི་།རིམ་པ་དེ་དག་མི་སྲིད ་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོ་བར་བྱེད། །འཁོར་བ་འབའ་ཞིག་སྔོན་གྱི་མཛའ་། །ཡོད་མ་ཡིན་པར་མ་ཟད་དེ། །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡན་རུང། །དངོས་རྣམས་ཐམས་ཅད ་ཉིད་ལ་ཡང། །སྔོན་གྱི་མཛའ་ནི་ཡོད་མ་ཡིན། །སྔོན་དང་ཕྱི་མའི་མཛའ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །།ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པ་ལས་བྱུང་བར་འདོད། །དེ་ནི་བྱ ་བར་མི་རུང་ངོ། །གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་དེ་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང། །གལ་ཏེ་འདི་ལས་དེ་གཞན་ཞིང། །གལ་ཏེ་འདི་ལས་དེ་གཞན་ན། །སྡུག་བསྔལ་གཞན་ཡིས་བྱས་འགྱུར་ཞིང། །གཞན་དེ ་དག་གིས་དེ་བྱས་འགྱུར། །གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་དེ། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་འབྱུང་ན་གཞན་ཞིག་གིས། །སྡུག ་བསྔལ་དེ་བྱས་གང་སྦྱིན་དེས། །སྡུག་བསྔལ་མ་གཏོགས་ཇི་ལྟར་རུང། །གལ་ཏེ་གང་ཟག་གཞན་སྡུག་བསྔལ། །འབྱུང་ན་གང་གིས་དེ་བྱས་ནས། །གཞན་ལ་སྟེར་བའི་གང་ཟག་གཞན། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །བདག་གིས་བྱས་པར་མ་གྲུབ་པས ་སྡུག་བསྔལ་གཞན་གྱིས་ག་ལ་བྱས། །གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །དེ་ཞིག་སྡུག་བསྔལ་བདག་བྱས་མིན། །དེ་ཉིད་ཀྱིས་ནི་དེ་མ་བྱས། །གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །གལ་ཏེ ་རེ་རེས་བྱས་འགྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །བདག་གིས་མ་བྱས་གཞན་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པ་ཟད་ཀྱི། ཕྱི་རོལ་དངོས་པོ་རྣམས་ལ་ཡང། རྣམ་པ་བཞི་པོ ་ཡོད་མ་ཡིན། །བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་།བསླུ་བ་དེ་ནི་རྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་བརླ་བའི་ཆོས ་དེས་ན་དེ་དག་རྫུན་པ་ཡིན། །གལ་ཏེ་བསླུ་ཆོས་གང་ཡིན་པ། །དེ་རྫུན་དེ་ལ་ཅི་ཞིག་བསླུ། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །དངོས་པོ་ངོ་བོ་ཉིད ་མེད་མེད། གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར ་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །གལ་ཏེ་དེ་ཉིད་གཞན་གྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །འོ་མ་ལས་གཞན་གང་ཞིག་ནི། །ཞོ་ཡི་དངོས་པོ་ཡིན་པར་འགྱུར། །གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར ་མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་དུ་མེད་པར་གསུངས། །འདུ་བྱེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ ་བཅུ་གསུམ་པའོ།། །།བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །དེ་བཞིན་འདོད་ཆགས་ཆགས་པ་དང། །ཆགས་པར་བྱ་བ་ཉོན་མོངས་པ། ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། ། ་ལྷག་མའང་རྣམ་པ་གསུམ་གྱིས་སོ། །གཞན་དང་གཞན་དུ་ཕྲད་འགྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་ལ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག ་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མེད་པར་གཞན་གཞན་མི་འགྱུར། །གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །གཞན་མེད་པར་ནི ་གཞན་འགྱུར་བ། །ཡོད་མིན་དེ་ཡི་ཕྱིར་ན་མེད། །གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་མ་དེ་ཉིད་ཡོད་མ་ཡིན། །དེ་ནི་དེ་དང་ཕྲད་པ་མེད། །གཞན་ནི་གཞན་དང་ཕྲད་མི་འགྱུར། །ཕྲད་བཞིན་པ་དང་ཕྲད ་པ་དང། །ཕྲད་པ་པོ་ཡང་ཡོད་མ་ཡིན། །ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བ་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན ་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང། །གཞན་ལ་བལྟོས་པ་མེད་པ་ཡིན། །རང་བཞིན་ཡོད་པ་མ་ཡིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །གཞན་གྱི་དངོས་པོའི་རང་བཞིན་ནི། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །རང་བཞིན་དང་ནི་གཞན ་དངོས་དག་།མ་གཏོགས་དངོས་པོ་ག་ལ་ཡོད། །རང་བཞིན་དང་ནི་གཞན་དངོས་དག། ཡོད་ན་དངོས་པོ་འགྲུབ་པར་འགྱུར། །གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །གང་དག་རང་བཞིན ་གཞན་དངོས་དང། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སང་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང། །མེད་པ་གཉིས་ཀ་དགག་པར་གསུངས། །གལ་ཏེ ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །གང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །རང་བཞིན་ཡོད་པ་མ་ཡིན་ན། །གཞན་དུ་འགྱུར་བ་གང་གི་ཡིན། །རང་བཞིན་ཡོད་པ་མ་ཡིན་ཡང། །གཞན་དུ་འགྱུར་བ་ཇི་ལྟར་རུང། །ཡོད་ཅེས་བྱ་བ་རྟག་པར ་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པས་བརྟག་།སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །རང་བཞིན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ ་བྱེད་པ་བཅོ་ལྔ་པའོ།། །།གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན ་གང་ཞིག་འཁོར་བར་འགྱུར། །ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བར་ཡང། །ཇི་ལྟ་བུར ་ཡང་འཐད་མི་འགྱུར། །སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །སྔ་མ་བཞིན་དུ་སེམས་ཅན་ཡང། །མི་འཆིང་གྲོལ་བར་མི་འགྱུར་རོ། །གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །ཉེ་བར་ལེན་མེད་མི་འཆིང་སྟེ། །གནས ་སྐབས་གང་ཞིག་འཆིང་བར་འགྱུར། །གལ་ཏེ་བཅིང་བྱའི་སྔ་རོལ་ན། །འཆིང་བ་ཡོད་ན་འཆིང་ལ་རག་།དེ་ཡང་མིང་དེ་ལྷག་མ་ནི། །སོང་དང་མ་སོང་བསྒོམས་པས་བསྟན། །རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་བ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན ་ཡིན་འགྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །བདག་ནི་ལེན་མེད་མྱ་ངན་འདའ་། །མྱང་འདས་བདག་གིར་འགྱུར་རོ་ཞེས། །དེ་ལྟར་གང་དག་འཛིན་དེ་ཡི། །ཉེར་ལེན་འཛིན་པ་ཆེན་པོ་ཡིན། །གང་ལ་མྱ་ངན་འདས་བསྐྱེད་མེད། །འཁོར་བ་བསལ་བའང ་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཅི་ཞིག་བརྟག་།བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའོ།། །།བདག་ཉིད་ལེགས་པར་སྡོམ་པ་དང། །གཞན་ལ་ཕན་འདོགས་བྱམས ་སེམས་གང། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །དྲང་སྲོང་མཆོག་གིས་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། །དེ་ལ་ལས་གང་སེམས་པ་ཞེས། ། ་གསུངས་པ་དེ་ནི་ཡིད་ཀྱིར་འདོད། །བསམས་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གི་ཡིན། །ངག་དང་སྤྱོད་དང་མི་སྤོང་བའི། །རྣམ་རིག་བྱེད་མིན་ཞེས་བྱ་གང། །སྤོང་བའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས ་སྤྱོད་ལས་བྱུང་བསོད་ནམས་དང། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་དཔའ་དང་ནི་ཆོས་དེ་བདུན། །ལས་སུ་མངོན་པར་འདོད་པ་ཡིན། །གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར ་པ། །ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །མྱུ་གུ་ལ་སོགས་རྒྱུན་གང་ནི། །ས་བོན་ལས་ནི་མངོན་པར་འབྱུང། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང། །ས་བོན ་འབྲས་བུ་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་ལས་མངོན་པར་འབྱུང་བར་འགྱུར། །དེ་ལས་འབྱུ་རུ་སེམས་ལྟ་ཞིག་།དེ་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་སེམས་ལས་རྒྱུན་དང་ནི། །རྒྱུ་ལས་འབྲས་བུ ་འབྱུང་འགྱུར་ཞིང། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །དཀར་པོའི་ལས་ཀྱི་ལམ་བཅུ་པོ། །ཆོས་སྒྲུབ་པ་ཡི་ཐབས་ཡིན་ཏེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །གལ་ཏེ་རྟག་པ་དེར་གྱུར་ན། །ཉེས་པ་ཆེན་པོ ་མང་པོར་འགྱུར། །དེ་ལྟ་བས་ན་རྟག་པ་དེ། །འདིར་ནི་འཐད་པ་མ་ཡིན་ནོ། །སངས་རྒྱས་རྣམས་དང་རང་རྒྱལ་དང། །ཉན་ཐོས་རྣམས་ཀྱིས་གང་གསུངས་པའི། །བརྟག་པ་གང་ཞིག་འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱ། །དབང་རྒྱ་ཇི་ལྟར་དེ་བཞིན་ཆུང། །མི་ཟ་ལས་ནི་བུ་ལོན་བཞིན ་དེ་ནི་ཁམས་ལས་རྣམ་པ་བཞི། །དེ་ཡང་རང་བཞིན་ལུང་མ་བསྟན། །སྤོང་བས་སྤང་བ་མ་ཡིན་ཏེ། །བསྒོམས་པས་སྤང་བ་ཉིད་ཀྱང་ཡིན། །དེ་ཕྱིར་ཆུད་མི་ཟ་བ་ཡིས། །ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར། །གལ་ཏེ་སྤོང་བ་སྤང་བ་དང། །ལས་འཕོས་པ་ཡིས་འཇིག་འགྱུར་ན།། ་དེ་ལ་ལས་འཇིགས་ལ་སོགས་པའི། །སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། །ཁམས་མཚུངས་ལས་ནི་ཆ་མཚུངས་དང། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིད་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །མཐོང་བའི་ཆོས་ལ་རྣམ་གཉིས་པོ། །ཐམས་ཅད་ལས ་དང་ལས་ཀྱི་དེ། །ཐ་དད་པར་ནི་སྐྱེ་འགྱུར་ཞིང། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །དེ་ནི་འབྲས་བུ་འཕོ་བ་དང། །ཤི་བར་གྱུར་ན་འགག་པར་འགྱུར། །དེ་ཡི་རྣམ་དབྱེ་ཟག་མེད་དང། །ཟག་དང་བཅས་པར་ཤེས་པར་བྱ། །སྟོང་པ་ཉིད་དང་ཆད་མེད་དང། །འཁོར་བ་དང་ནི་རྟག ་པ་མིན། །ལས་རྣམ་ཆུད་མི་རབ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟད་མི་འགྱུར་རོ། །གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད།། ་ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་པར་བྱ་བ་མེད་ཕྱིར་རོ། །ཇི་སྟ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲང་འཇིགས་འགྱུར། །ཚངས་སྤྱོད་གནས་པ་མ་ཡིན་པའང། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ཐ་སྙད་ཐམས་ཅད་ཉིད་དང་ཡང། །འགལ་བར་འགྱུར་བར་ཐེ་ཚོམ་མེད། །བསོད ་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་དབྱེ་བའང་འཐད་མི་འགྱུར། །དེ་ནི་རྣམ་སྨིན་སྨིན་གྱུར་པ། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །གལ་ཏེ་རང་བཞིན་ཡོད་ན་ནི། །གང་ཕྱིར་ལས་གནས་དེ་ཡི་ཕྱིར། །ལས་འདི་ཉོན་མོངས་བདག་ཉིད་ལ། །ཉོན་མོངས་དེ་དག་ཡང་དག་མིན། །གལ ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་ཡང་དག་ཇི་ལྟར་ཡིན། །ལས་དང་ཉོན་མོངས་པ་དག་ནི། །ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །མ་རིག་སྒྲིབ་པའི་སྐྱེ་བོ་གང། །སྲེད་ལྡན་དེ་ནི་ཟ་པ་པོ། །དེ་ཡང་བྱེད་ལས་གཞན ་མིན་ཞིང། །དེ་ཉིད་དེ་དང་མ་ཡིན་ནོ། །གང་གི་ཕྱིར་ན་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང། །རྐྱེན་མིན་ལས་བྱུང་ཡོད་མིན་པ། །དེའི་ཕྱིར་བྱེད་པ་པོ་ཡང་མེད། །གལ་ཏེ་ལས་དང་བྱེད་མེད་ན། །ལས་བྱེད་འབྲས་བུ་ག་ལ་ཡོད། །ཇི་ལྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟག་ལ་ཡོད། ་ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང། །སྤྲུལ་པ་དེ་ཡང་སྤྲུལ་པ་ནི། །སླར་ཡང་གཞན་ནི་སྤྲུལ་པ་ལྟར། །དེ་བཞིན་བྱེད་པོ་དེ་ལས་གང། །བྱས་པའང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག་།སྤྲུལ་པ་མཛད་པ་དེ་བཞིན་ནོ ་ཉོན་མོངས་ལས་དང་ལུས་རྣམས་དང། །བྱེད་པ་པོ་དང་འབྲས་བུ་དག་།དྲི་ཟའི་གྲོང་ཁྱེར་ལྟ་བུ་དང། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བདུན་པའོ།། །།གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག ་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ང་འཛིན་ང་ཡིར་འཛིན་མེད ་གང། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་པ་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ། །ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང། །དེ་ཟད་པས་ན་སྐྱེ་བ་ཟད། །ལས་དང་ཉོན་མོངས་ཟད་པས་ཐར། །ལས ་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །བདག་གོ་ཞེས་ཀྱང་བརྟགས་གྱུར་ཅིང། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། ། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །བརྗོད་པར་བྱ་བ ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །གཞན་ལས་ཤེས་མིན་ཞི་བ ་དང། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །གང་ལ་བརྟེན་ཏེ་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་ཆང་མིན་རྟག་མ་ཡིན། །སངས་རྒྱས་འཇིག་རྟེན་མགོན་རྣམས་ཀྱི། །བསྟན་པ་བདུད ་རྩིར་གྱུར་པ་སྟེ། །དོང་ཅིག་མ་ཡིན་ཐ་དད་མིན། །ཆད་པ་མ་ཡིན་རྟག་མ་ཡིན། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་ལས་རབ་ཏུ་སྐྱེ། །བདག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའོ། ་ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་བལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་བལྟོས་པར་འགྱུར། །འདས་པ་ལ་ནི་མ་བལྟོས་པར ་དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཕྱིར་ད་ལྟ་འབྱུང་བ་དང། །མ་འོངས་དུས་ཀྱང་ཡོད་མ་ཡིན། །རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །མི་གནས་དུས་ནི་འཛིན་མི་བྱེད། །གང ་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་གཟུང་དུས་ནི་ཇི་ལྟར་གདགས། །གལ་ཏེ་དུས་ནི་དངོས་བརྟེན་ཏེ། །དངོས་མེད་དུས་ནི་གལ་ཡོད། །དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །དུས་བརྟག་པ་ཞེས་བྱ་བ ་སྡེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །།གལ་ཏེ་རྒྱུ་དན་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེད། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང། །ཚོགས་ལ་འབྲས་བུ་མེད་ན་ནི། ཇི་ལྟར་ ་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་འབྲས་བུ་ཡོད་ན་ནི། །ཚོགས་པ་གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང། །རྒྱུ་རྐྱེན་མ་ཡིན ་མཚུངས་པར་འགྱུར། །གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགགས་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགགས་འགྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་བུ་དེ ་དག་རྒྱུ་མེད་འགྱུར། །གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །བསྐྱེད་པར་བྱ་དང་བསྐྱེད་བྱ་གང། །དུས་གཅིག་པར་ནི་ཐལ་བར་འགྱུར། །གལ་ཏེ་ཚོགས་པའི་སྔ་རོལ་ཏུ། །འབྲས་བུ་སྐྱེས་པར་གྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང ་བར་འགྱུར། །གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་ཏུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་པར་ནི་ཐལ་བར་འགྱུར། །འགགས་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེ། །འབྲས་བུ་དང་ནི་འབྲེལ་བའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེ། །ཇི་སྟེ་རྒྱུ ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་བསྐྱེད་པར་བྱེད། །རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་བར་མི་བྱེད་དོ། །འབྲས་བུ་འདས་དང་རྒྱུ་འདས་དང། །མ་སྐྱེས་པ་དང་སྐྱེས་པ་དང། །ལྷན་ཅིག་ཕྲད་པར་གྱུར་པ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས ་འདས་པ་དང་ནི་སྐྱེས་པ་དང། །ལྷན་ཅིག་ཕྲད་པར་གྱུར་པ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་སྐྱེས་རྒྱུ་སྐྱེས་དང། །མ་སྐྱེས་པ་དང་འདས་པ་དང། །ལྷན་ཅིག་ཕྲད་པར་གྱུར་པ་ན། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར ་སྐྱེད། །ཕྲད་པ་ཡོད་པ་ཡིན་ན་ཡང། །རྒྱས་ནི་འབྲས་བུ་ཇི་ལྟར་བསྐྱེད། །གལ་ཏེ་འབྲས་བུས་སྟོང་པའི་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་འབྲས་བུ་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང ་དེ་ནི་མ་འགགས་དང། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང། །སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས ་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་ཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་བར་འགྱུར། །འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར། །འབྲས་བུ ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །སྐྱེད་པར་བྱེད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །རྒྱུ་རྣམས་དང་ནི་རྐྱེན་དག་གི། ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གི་བདག་ཉིད་མི་བསྐྱེད་ན། །འབྲས ་བུ་ཇི་ལྟར་སྐྱེད་པར་བྱེད། །དེ་ཕྱིར་ཚོགས་པས་བྱས་པ་མེད། །ཚོགས་མིན་བྱས་པའི་འབྲས་བུ་མེད། །འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །ཚོགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའོ།། །།འཇིག་པ་འབྱུང་བ་མེད་པར་རམ། ་ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འབྱུང་བ་འཇིག་པ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །སྐྱེ་བ་མེད་པར་འཆི་བར་འགྱུར། །འཇིག་པ་འབྱུང་བ་མེད་པར་མེད། །འཇིག་པ་འབྱུང་དང་ལྷན་ཅིག་ཏུ།། ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འཆི་བ་སྐྱེ་དང་དུས་ཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །དངོས་པོ་རྣམས་ལ་མི་རྟག་ཉིད། །ནམ་ཡང་མེད་པ་མ་ཡིན་ནོ། །འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད ་དུ་འགྱུར། །སྐྱེ་བ་འཆི་དང་ལྷན་ཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་པ། །དེ་དག་གྲུབ་པ་ཇི་ལྟར་ཡོད། །ཟད་ལས་འབྱུང་བ་ཡོད་མ་ཡིན། །མ་ཟད་པའང་འབྱུང་བ་མེད།། ་ཟད་ལ་འཇིག་པ་ཡོད་མ་ཡིན། །མ་ཟད་པའང་འཇིག་པ་མེད། །དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །འབྱུང་དང་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །སྟོང་ལ་འབྱུང་དང་འཇིག་པ་དག་།འཐད་པ་ཉིད་ནི་མ་ཡིན་ནོ།། ་མི་སྟོང་པ་ལ་འབྱུང་འཇིག་དག་།འཐད་པ་ཉིན་ནི་མ་ཡིན་ནོ། །འབྱུང་བ་དང་ནི་འཇིག་པ་དག་།གཅིག་པ་ཉིད་ནི་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག་།གཞན་ཉིད་དུ་ཡང་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག་།མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི ་འཇིག་པ་དག་།གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་མེད་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས ་སྐྱེ་བ་ནི། །ཡོད་མིན་ཇི་ལྟར་སྐྱེ་བར་འགྱུར། །དངོས་པོ་ཡོད་པར་ཁས་བླངས་ནས། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །དངོས་པོ་ཡོད་པར་ཁས་བླངས་ཀྱང། །ཆད་པར་མི་འགྱུར་རྟག་མི་འགྱུར། །འབྲས་བུ་རྒྱུ་ཡི་འབྱུང ་འཇིག་གིས། །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །གལ་ཏེ་འབྲས་རྒྱུ་འབྱུང་འཇིག་གི་།རྒྱུ་དེ་སྲིད་པ་ཡིན་གྱུར་ན། །འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུ་ནི་ཆད་པར་ཐལ་བར་འགྱུར། །དངོས་པོ་ངོ་བོ་ཉིད་ཡོད་ན། །དངོས་མེད་འགྱུར་བར་མི་རིགས་སོ། །མྱ་ངན་འདས་པའི་དུས་ན་ཆད ་སྲིད་རྒྱུ་ན་རབ་ཏུ་ཞི་ཕྱིར་རོ། །ཐ་མ་འགགས་པར་གྱུར་པ་ན། །སྲིད་པ་དང་པོ་རིགས་མི་འགྱུར། །ཐ་མ་འགགས་པར་མ་གྱུར་ཚེ། །སྲིད་པ་དང་པོ་རིགས་མི་འགྱུར། །གལ་ཏེ་ཐ་མ་འགགས་བཞིན་ན། །དང་པོ་སྐྱེ་བར་འགྱུར་ན་ནི། །འགག་བཞིན་པ་ནི་གཅིག་འགྱུར་ཞིང། །སྐྱེ ་བཞིན་པ་དང་གཞན་དུ་འགྱུར། །གལ་ཏེ་འགགས་བཞིན་སྐྱེ་བཞིན་དག་།ལྷན་ཅིག་ཏུ་ཡང་མི་རིགས་ན། །ཕུང་པོ་གང་ལ་འཆི་འགྱུར་བ། །དེ་ལ་སྐྱེ་བའམ་འབྱུང་འགྱུར་རམ། །དེ་ལྟར་དུས་གསུམ་དག་ཏུ་ཡང། །སྲིད་པའི་རྒྱུ་ནི་མི་རིགས་ན། །དུས་གསུམ་དག་ཏུ་གང་མེད་པ།། ་དེ་ནི་ཇི་ལྟར་སྲིད་པའི་རྒྱུན། །འབྱུང་བ་དང་འཇིག་པ་རྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའོ།། །།ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང ་ཞིག་ཡིན། །གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་རང་བཞིན་ལས་ཡོད་མིན། །རང་བཞིན་ལས་ནི་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། །གང་ཞིག་གཞན་གྱི་དངོས་བརྟེན་ནས། །དེ་དག་ཉིད་དུ་མི་འཐད་དོ། །གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ ་བཞིན་གཤེགས་པར་འགྱུར། །གལ་ཏེ་རང་བཞིན་ཡོད་མིན་ན། །གཞན་དངོས་ཡོད་པར་ཇི་ལྟར་འགྱུར། །རང་བཞིན་དང་ནི་གཞན་དངོས་དག་།མ་རྟོགས་དེ་བཞིན་གཤེགས་པ་གང། །གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །དེ་ནི་ད་གདོད ་བརྟེན་འགྱུར་ཞིང། །བརྟེན་ནས་དེ་ནས་འགྱུར་ལ་རག་།ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །གང་ཞིག་མ་བརྟེན་ཡོད་མིན་པ། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །ཉེ་བར་བླངས་པ་མ་ཡིན་པ། །ཉེ་བར་ལེན་པ་ཅིས་མི་འགྱུར། །ཉེ་བ ་ལེན་པ་མེད་པ་ཡིས། །དེ་བཞིན་གཤེགས་པ་ཅི་ཡང་མེད། །རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པས་ཇི་ལྟར་གདགས། །གང་ཞིག་ཉེ་བར་བླངས་པ་དེ། །དེ་ནི་རང་བཞིན་ལས་ཡོད ་མིན་དར་བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །སྟོང་པས་དེ་བཞིན་གཤེགས་སྟོང་པར། །ཇི་ལྟ་བུར་ནི་འདོགས་པར་འགྱུར། །སྟོང་ངོ་ཞེས ་ནི་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཛའ་དང་མཛའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག ་ལ་ཡོད། གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོ་གཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེ་འམ ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །གང་དག་སངས་རྒྱས་སྤྲོས་འདས་ཤིང། །ཟད་པ་མེད་པར་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །དེ་བཞིན་གཤེགས་པའི་རང་བཞིན་གང། །དེ་ནི་འགྲོ ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའོ།། །།འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག ་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག་།བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང། །གང་དག་སྡུག་དང་མི་སྡུག་དང། །ཕྱིན་ཅི་ལོག་ལས་བརྟེན་འབྱུང་བ། །དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །བདག་གི་ཡོད་ཉིད་མེད་ཉིད ་ནི། །ཇི་ལྟ་བུར་ཡང་གྲུབ་པ་མེད། །དེ་མེད་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །ཉོན་མོངས་དེ་དག་གང་གི་ཡིན། །དེ་ཡང་གྲུབ་པ་ཡོད་མ་ཡིན། །གང་མེད་པར་ནི་གང་གི་ཡང། །ཉོན་མོངས་པ་དག་ཡོད་མ་ཡིན། །རང་ལུས་ལྟ་བཞིན་ཉོན་མོངས ་རྣམས། །ཉོན་མོངས་ཅན་ལ་རྣམ་ལྔར་མེད། །རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །སྡུག་དང་མི་སྡུག་ཕྱིན་ཅི་ལོག་།རང་བཞིན་ལས་ནི་ཡོད་མིན་ན། །སྡུག་དང་མི་སྡུག་ཕྱིན་ཅི་ལོག། བརྟེན་ནས་ཉོན་མོངས་གང་དག་ཡིན། །གཟུགས ་སྒྲ་རོ་དང་རེག་པ་དང། །དྲི་དང་ཆོས་དང་རྣམ་དྲུག་ནི། །གཞི་སྟེ་འདོད་ཆགས་ཞེ་སྡང་དང། །གཏི་མུག་གི་ནི་ཡིན་པར་བརྟགས། །གཟུགས་སྒྲ་རོ་དང་རེག་པ་དང། །དྲི་དང་ཆོས་དང་འབའ་ཞིག་སྟེ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན།། ་སྒྱུ་མའི་སྐྱེས་བུ་ལྟ་བུ་དང། །གཟུགས་བརྙན་འདྲ་བ་དེ་དག་ལ། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །གང་ལ་བརྟེན་ནས་སྡུག་པ་ཞེས། །གདགས་པར་བྱ་བ་མི་སྡུག་པ། །སྡུག་ལ་མ་བལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་མ་ཡིན། །གང་ལ ་རྟེན་ནས་མི་སྡུག་པར། །གདགས་པར་བྱ་བ་སྡུག་པ་ནི། །མི་སྡུག་མ་བལྟོས་ཡོད་མིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་ཡོད་པར་ག་ལ་འགྱུར། །མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་འབྱུང་བར་ག་ལ་འགྱུར། །གལ ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །གང་གིས ་འཛིན་དང་འཛིན་གང་དང། །འཛིན་པ་པོ་དང་གང་གཟུང་བ། །ཐམས་ཅད་ཉེ་བར་ཞི་བ་སྟེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །ལོག་པའང་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །གང་ལ་ཕྱིན་ཅི་ལོག་ཡོད་ཅིང། །གང་ལ་ཕྱིན་ཅི་ལོག་མ་ཡོད། །ཕྱིན་ཅི ་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་ལའང། །ཕྱིན་ཅི་ལོག་དག་མི་སྲིད་དོ། །གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད། །ཕྱིན་ཅི་ལོག ་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །དངོས་པོ་བདག་ལས་མི་བསྐྱེད་དེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་ཀྱང་མིན་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད།། ་གལ་ཏེ་བདག་དང་གཙང་བ་དང། །རྟག་དང་བདེ་བ་ཡོད་ན་ནི། །བདག་དང་གཙང་དང་རྟག་པ་དང། །བདེ་བ་ཕྱིན་ཅི་ལོག་མ་ཡིན། །གལ་ཏེ་བདག་དང་གཙང་བ་དང། །རྟག་དང་བདེ་བ་མེད་ན་ནི། །བདག་མེད་མི་གཙང་མི་རྟག་དང། །སྡུག་བསྔལ་ཡོད་པ ་མ་ཡིན་ནོ། །དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགགས་པར་འགྱུར། །མ་རིག་འགགས་པར་འགྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་ལ་ལའི་ཉོན་མོངས ་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་མེད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །ཕྱིན་ཅི ་ལོག་པ་རྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའོ།། །།གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །འཕགས ་པའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྤང་བ་དང། །བསྒོམ་དང་མངོན་དུ་བྱ་བ་དག་།འཐད་པར་འགྱུར་བ་མ་ཡིན་ནོ། །དེ་དག་ཡོད་པ་མ་ཡིན་པས། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས ་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས ་རྒྱས་ཇི་ལྟར་ཡོད་པར་འགྱུར། །དེ་སྐད་སྟོང་པ་ཉིད་སྨྲ་ན། །དཀོན་མཆོག་གསུམ་ལ་གནོད་པ་ནི། །བྱེད་ཅིང་འབྲས་བུ་ཡོད་པ་དང། །ཆོས་མ་ཡིན་དང་ཆོས་ཉིད་དང། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །དེ་ལ ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང ་དམ་པའི་དོན་གྱིས་བདེན་པའོ། །གང་དག་བདེན་པ་དེ་ཉིད་ཀྱིས། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་དག་རྣམས་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས ་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་བྱེད། །ཇི་ལྟར་སྤྲུལ་ལ་བཟུང་ཉེས་དང། །རིགས་སྔགས་ཉེས་པར་བསྒྲུབ་པ་བཞིན། །དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན ་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །སྐྱོན་དུ་ཐལ་བར་འགྱུར་པ་ནི། །སྟོང་ལ་འཐད་པ་མ་ཡིན་པས། །ཁྱོད་ནི་སྟོང་ཉིད་སྤོང་བྱེད་ན། །གང་དེ་ད་ལ་མི་འཐད་དོ། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད ་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་པ། །དེ་ལ་ཐམས་ཅད་མི་རུང་འགྱུར། །ཁྱོད་ཉིད་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །གལ་ཏེ་དངོས་རྣམས་རང་བཞིན་ལས། །ཡོད ་པར་རྗེས་སུ་བལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་བལྟའོ། །འབྲས་བུ་དང་ནི་རྒྱུ་ཉིད་དང། །བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང། །འབྲས་བུ་ལ་ཡང་གནོད་པ་བྱེད། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་བརྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད ་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་རྨེད་པར་ཐལ་བྲ་འགྱུར། །རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་བ་དེ། །རང་བཞིན་ཉིད་ལས་ཡོད་མ་ཡིན། །རང་བཞིན་ལས་ ་ནི་ཡོང་ཡིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོར་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། །འགོག་པ་ཡོང་པ་མ་ཡིན་ནོ། །རང་བཞིན་ཉིད་ནི་ཡོངས་གནས་ཕྱིར། །འགོག་པ ་གནོད་པ་བྱེད་པ་ཡིན། །ལམ་ལ་རང་བཞིན་ཡོང་ན་ནི། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཇི་སྟེ་ལམ་དེ་བསྒོམ་བྱ་ན། །ཁྱོད་ཀྱི་རང་བཞིན་ཡོང་མ་ཡིན། །གང་ཚེ་སྡུག་བསྔལ་ཀུན་འབྱུང་དང། །འགོག་པ་ཡོད་པ་མ་ཡིན་ན། །ལམ་གྱིས་སྡུག་བསྔལ་འགོག ་པ་ནི། །གང་ཞིག་འཐོབ་པར་འགྱུར་བར་འདོད། །གལ་ཏེ་རང་བཞིན་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །རང་བཞིན་གནས་པ་མ་ཡིན་ནམ། །དེ་བཞིན་དུ་ནི་ཁྱོད་ཉིད་ཀྱིས། །སྤང་དང་མངོན་དུ་བྱ་བ་དང། །བསྒོམ་དང ་འབྲས་བུ་བཞི་དག་ཀྱང། །ཡོངས་ཤེས་བཞིན་དུ་མི་རུང་ངོ། །རང་བཞིན་ཡོངས་སུ་འཛིན་པ་ཡིས། །འབྲས་བུ་རང་བཞིན་ཉིད་ཀྱིས་ནི། །ཐོབ་པ་མིན་པ་གང་ཡིན་ཏེ། །ཇི་ལྟར་ཐོབ་པར་ནུས་པར་འགྱུར། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང ་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་བའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཁྱོད་ཀྱི་སངས་རྒྱས་བྱང ་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱི་བྱང་ཆུབ་སངས་རྒྱས་ལ། །མ་བརྟན་པར་ཡང་ཐལ་བར་འགྱུར། །ཁྱོད་ཀྱི་རང་བཞིན་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་སྤྱོད་ལ་བྱང་ཆུབ་ཕྱིར། །བཙལ་ཀྱང་བྱང་ཆུབ་ཐོབ་མི་འགྱུར། །འགའ་ ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་རོ། །མི་སྟོང་པ་ལ་ཅི་ཞིག་བྱ། །རང་བཞིན་ལ་ནི་བྱ་བ་མེད། །ཆོས་དང་ཆོས་མིན་མེད་པར་ཡང། །འབྲས་བུ་ཁྱོད་ལ་ཡོད་པར་འགྱུར། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་ཁྱོད་ལ་ཡོད་མ་ཡིན། ་ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་ཅི་ཕྱིར་སྟོད་མ་ཡིན། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །སྟོང་པ་ཉིད་ལ་གནོད་བྱེད་གང། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན ་སྟོང་པ་ཉིད་ལ་གནོར?་བྱེད་ན། །བྱ་བ་ཅི་ཡང་མེད་འགྱུར་ཞིང། །རྩོམ་པ་མེད་པ་བྱ་བར་འགྱུར། །མི་བྱེད་པ་ཡང་བྱེད་པོར་འགྱུར། །རང་བཞིན་ཡོད་ན་འགྲོ་བ་རྣམས། །མ་སྐྱེས་པ་དང་མ་འགགས་དང། །ཐེར་ཟུག་དུ་ནི་གནས་འགྱུར་ཞིང། །གནས་སྐབས་སྣ་ཚོགས ་བྲལ་བར་འགྱུར། །གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང། །སྡུག་བསྔལ་ཐར་བྱེད་ལས་དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང། །མཐོང་བ་དེས་ནི་སྡུག་བསྔལ་དང། །ཀུན་འབྱུང་དང་ནི་འགོག་པ་དང ་ལམ་ཉིད་དེ་དག་མཐོང་བ་ཡིན། །འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའོ།། །།གལ་ཏེ་འདི་དག་ཀུན་སྟོད་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགག་པ་ལས། །མྱ་ངན་འདའ་བར ་འགྱུར་བར་འདོད། །གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས ་པར་འདོད། །དེ་ཞིག་མྱ་ངན་འདས་དངོས་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང ་ན་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱ་ངན་འདས་བརྟེན་མིན། །དངོས་པོ་བརྟེན་ནས་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ལས་མྱ་ངན་འདས་དངོས་མིན། །དེ་ལ་དངོས ་མེད་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། གང་ཞིག་བརྟེན་ནས་མ་ཡིན་པའི། དངོས་མེད་ཡོད་པ་མ་ཡིན་ནོ། །འོང་བ་དང་ནི་འགྲོ་བའི་དངོས། །བརྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བརྟེན་མིན་རྒྱུར་བྱས་མིན ་མྱ་ངན་འདས་པ་ཡིན་པར་བསྟན། །འབྱུང་བ་དང་ནི་འཇིག་པ་དག། སྤད་བར་སྟོན་པས་བཀའ་སྩལ་ཏོ། །དེ་ཕྱིར་མྱ་ངན་འདས་པ་ནི། །དངོས་མིན་དངོས་མེད་མིན་པར་རིགས། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །དངོས་དང་དངོས ་པོ་མེད་པ་དག་།ཐར་བར་འགྱུར་ན་དེ་མི་རིགས། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །དེ་གཉིས་བརྟེན་ནས་ཡིན་ཕྱིར་རོ། །ཇི་ལྟར་མྱ་ངན་འདས་པ་ན། །དངོས་དང་དངོས་མེད་གཉིས་ཡིན་ཏེ། མྱ ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཇི་ལྟར་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་དེ། །དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར ་གང་སྟོང་པ། །དངོས་པོ་མེད་དང་དངོས་པོ་དག་།གྲུབ་ན་དེ་ནི་འགྲུབ་པར་འགྱུར། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་མིན་དངོས་པོ་མེད་མིན་ན། །དངོས་མིན་དངོས་པོ་མེད་མིན་ཞེས། །གང་ཞིག་གིས་ནི་དེ་མངོན་བྱེད། །བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་འགྱུར ་དེ་བཞིན་དུ། །མེད་དོ་ཞེ་འམ་གཉིས་ཀ་དང། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །བཅོམ་ལྡན་བཞུགས་པར་གྱུར་ན་ཡང། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞའམ་གཉིས་ཀ་དང། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །འཁོར་བ་མྱ་ངན་འདས་པ་ལས། །ཁྱད ་པར་ཅུང་ཟད་ཡོད་པ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་མཛའ་གང་ཡིན་པ། །དེ་ནི་འཁོར་བའི་མཛའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །གང་འདས་ཕན་ཆད་མཛའ་? ་སོགས་དང། །རྟག་ལ་སོགས་པར་ལྟ་བ་དག་།མྱ་ངན་འདས་དང་ཕྱི་མཛའ་དང། །སྔོན་གྱི་མཛའ་ལ་བརྟེན་པ་ཡིན། །དངོས་པོ་ཐམས་ཅད་སྟོང་པ་ལ། །མཛའ་ཡོད་ཅི་ཞིག་མཛའ་མེད་ཅི། །མཛའ་དང་མཛའ་མེད་ཅི་ཞིག་ཡིན། །མཛའ་དང་མཛའ་མེད་མིན་པ་ནི། །དེ་ཉིད་ཅི་ཞིག་གཞན་ཅི་ཞིག། ་རྟག་པ་ཅི་ཞིག་མེ་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉིས་ཀ་མིན་པའང་ཅི་ཞིག་ཡིན། །དམིགས་པ་ཐམས་ཅད་ཉེར་ཞི་ཞིང། །སྤྲོས་པ་ཉེད་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །མྱ་ངན་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི ་ཤུ་ལྔ་པའོ།། །།མ་རིག་སྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག་།མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བ་འགྲོ་།འདུ་བྱེད་རྐྱེན་ཅན་རྣམ་པར་ཞེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །རྣམ་པར་ཤེས་པ་ཞུགས་གྱུར ་ནས། །མིང་དང་གཟུགས་ནི་ཆགས་པར་འགྱུར། །མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྐྱེ་མཆེད་དྲུག་ལ་རྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་སྟེ། །དེ་ལྟར་མིང་དང་གཟུགས ་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ་རེག་དེ་ལས། །ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བའི་དོན་དུ་སྲེད་པར་འགྱུར། །སྲེད་པར་གྱུར་ན་ཉེ་བར་ལེན།། ་རྣམ་པ་བཞི་པོ་ཉེར་ལེན་འགྱུར། །ཉེར་ལེན་ཡོང་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །སྲིད་པ་ལས་ནི་སྐྱེ་བ་འབྱུང། །རྒ་ཤི་དང་ནི་མྱ་ངན་དང། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང ་ཡིད་མི་བདེ་དང་འཁྲུག་པ་རྣམས། །དེ་དག་སྐྱེ་ལས་རབ་ཏུ་འབྱུང། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པོ་འདི་འབྱུང་བར་འགྱུར། །འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད་དེ། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་པས་དེ་ཉིད་མཐོང་ཕྱིར་རོ། །མ་རིག ་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་སྔོན་མི་འབྱུང། །སྡུག་བསྔལ་ཕུང་པོ་འབའ་ཞིག་གོ་།དེ་ནི་དེ་ལྟར་ཡང་དག ་འགག་།སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའོ།། །།འདས་དུས་བྱུང་མ་བྱུང་ཞེས་དང། །འཇིག་རྟེན་རྟག་པ་ལ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །སྔོན་གྱི་མཛའ་ལ་བརྟེན་པ་ཡིན། །མ་འོངས་དུས ་གཞན་འབྱུང་གྱུར་དང། །མི་འབྱུང་འཇིག་རྟེན་མཛའ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཛའ་ལ་བརྟེན་པ་ཡིན། །འདས་པའི་དུས་ན་བྱུང་གྱུར་ཅེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར ་སྙམ་ན། །ཉེ་བར་ལེན་པ་ཐ་དང་འགྱུར། །ཉེ་བར་ལེན་པ་མ་གཏོགས་པར། །ཁྱོད་ཀྱིས་བདག་ཉིད་གང་ཞིག་ཡིན། །ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཉེ་བར་ལེན་ཉིད ་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་མ་ཡིན། །ཉེ་བར་བླང་བ་ཉིད་དུ་ལྟ། །ཉེ་བར་ལེན་པོ་ཡིན་པར་འགྱུར། །བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ལ་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །དེ་ལྟར་ལེན་ལས་གཞན་མ ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དཱུང་དེ་མ་ངེས། །འདས་པའི་དུས་ན་མ་བྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །སྔོན་ཚོ་རྣམས་སུ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར ་འགྱུར། །དེ་བཞིན་དེ་ནི་གནས་འགྱུར་ཞིང། །དེ་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་དང་ཚུང་ཟ་དང། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང། །དེ་ལ་སོགས་པར་ཐལ་བར་འགྱུར། །མ་བྱུང་བ་ལས་བྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་པར་འགྱུར།། ་བདག་ནི་བྱས་པར་འགྱུར་པ་དང། །འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །དེ་ལྟར་བདག་བྱུང་བདག་མ་བྱུང། །གཉིས་ཀ་གཉིས་ཀ་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་དག་འཐད་པ་མ་ཡིན་ནོ། །མ་འོངས་དུས་གཞན་འབྱུང་འགྱུར་དང། །འགྱུར་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང ་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། །གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་ལ་སྐྱེ་བ་མེད་ཕྱིར་རོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །གལ་ཏེ ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །རྟག་དང་མི་རྟག་འགྱུར་བ་ཡིན། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་རྟག་དང་མི་སྟག་པ། །གཉིས་ཀ་གྲུབ་པར་གྱུར་ན་ནི། །རྟག་པ་མ་ཡིན་མི་རྟག་མིན། །འགྲུབ་པར་འགྱུར་བ་འདོད་ལ་རག་།གལ་ཏེ་གང་ཞིག་གང་ནས་གང ་འོད་ཞིང་གང་དཱུང་འགྲོ་འགྱུར་ན། །དེ་ཕྱིར་འཁོར་བ་ཐོག་མེད་པར། །འགྱུར་ན་དེ་ནི་ཡོད་མ་ཡིན། །གལ་ཏེ་རྟག་པ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །རྟག་པ་དང་ནི་མི་རྟག་དང། །དེ་གཉིས་བསལ་པར་གྱུར་པའོ། །གལ་ཏེ་འཇིག་རྟེན་མཛའ་ཡོད་ན། །འཇིག་རྟེན་ཕ ་རོལ་དི?་ལྟར་འགྱུར། །གལ་ཏེ་འཇུག་རྟེན་མཛའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །དེ་ཕྱིར་མཛའ་ཡོད་ཉིད་དང་ནི། །མཛའ་མེད་ཉིད་ཀྱང་མི་རིགས་སོ། །གལ་ཏེ་སྔ་མ་འཇིག་འགྱུར་ཞིང། །ཕུང་པོ་འདི་ལ ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འགྱུར་ན། །དེས་ན་འཇིག་རྟེན་མཛའ་ཡོད་འགྱུར། །གལ་ཏེ་སྔ་མ་མི་འཇིག་ཅིང། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཛའ་མེད་འགྱུར། །གལ་ཏེ་ཕྱོགས་གཅིག་མཛའ་ཡོད་ན། །ཕྱོགས་གཅིག་མཛའ་ནི་མེད ་གྱུར་ན། །འཇིག་རྟེན་མཛའ་ཡོད་མཛའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །ཇི་ལྟ་བུར་ན་ཉེར་ལེན་པོའི། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ནི་མི་རིགས་སོ། །ཇི་ལྟ་བུར་ན་ཉེར་བླང་དེ། །ཕྱོགས་གཅིག་རྣམ་པར ་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །གལ་ཏེ་མཛའ་ཡོད་མཛའ་མེད་པ། །གཉིས་ཀ་གྲུབ་པར་གྱུར་ན་ནི། །མཛའ་ཡོད་མ་ཡིན་མཛའ་མེད་མིན། །འགྲུབ་པར་འགྱུར་བ་འདོད་ལ་རག་།ཡང་ན་དངོས་པོ་ཐམས་ཅད་ངག། སྟོང་ཕྱིར ་རྟག་ལ་སོགས་ལྟ་བ། །གང་དག་གང་དུ་གང་ལ་ནི། །ཅི་ལས་ཀུན་ཏུ་འབྱུང་བར་འགྱུར། །གང་གི་ཐུགས་རྩེར་ཉེར་གཟུང་ནས། །ལྟ་བ་ཐམས་ཅད་སྤང་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ལྟ་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་བདུན་པའོ།། ་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་བཞག་པ། དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི ་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པ་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད ་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ། ཛྙཱ་ན་གརྦྷ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤལོ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་ཁ་ཕྱེའི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང། གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ། ཁ་ཆེའི་མཁན་པོ་ཧ ་སུ་མ་ཏི་དང། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་བ་དང་བསྟུན་ནས་བཅོས་པའོ།། །།རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ།། ་