CLOSE WINDOW

N4000: bcom ldan 'das ma shes rab kyi pha rol tu phyin pa 'phags ma tshigs su bcad pa bdun ma zhes bya ba'i mdo
Wyliee-texts based on the ACIP/ALL Input

ལྔ་བ་པའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་སུ་མ་ནི་ཤྲི་དང། བོད་ཀྱི་ལོཙྪ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ་།། ་ཨཱརྱ་སཔཏ་ཤལོ་ཀི་ཀཱ། བྷ་ག་ཝ་ཏི་པྲཛྙཱ་པཱ་ར་མི་ཏཱ་སཱུ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་མ་ཚིགས་སུ་བཅད་པ་བདུན་མ་ཞེས་བྱ་བའི་མདོ།། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན ་པོ་ཅན་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཛྙཱ་པྲ་ཏཱི་ཏི(མདོ་འགྲེལ་པ་ར་ནི་སྤནྣ། བོ་དྷི་སཏྭཱ་སཾ་ཛུ་ན་ནཱི། སརྦ་བི་སེ་ཥ་བི་ས་ཀྭཱ་སརྦ་ཏ་ཐཱ་ག་ཏཱ་བྷཱ་སྱ་རཱི། དྷརྨ་སཱ་གྲ་ར་ས་སྭཱི་རི(མདོ་འགྲེལ་པྲ་དྷ་ནི་སརྦ་བུདྡྷ་བོ་དྷི་སཏྭཱ་སཾ་ཛུ་ན་ནཱི། བྷ་ག་བ་ཏྱEེ་བཱུདྡྷ་མཱ་དཱ། ཨཾ་ཨ་རི་གཱི་ཀ་ཨ་ར་གཱི་མ་ཧཱ་པྲཛྙཱ་པ་ར་མི་ཏཱ་སྭཱཧཱ། གང་དུས་གཅིག་ན་རྗེས་སུ་དྲན་པར་བྱེད་པ་དེ། བསྐལ་པ་དཔག་ཏུ་མེད་པར་ལྷན་ཅིག་ཉེ་བར་བསགས ་པའི་ལས་ཀྱི་སྒྲིབ་པ་མེད་པ་དང། སངས་རྒྱས་སྟོང་གི་ཉེ་བར་བསགས་པའི་དགའ་བ་ཐམས་ཅད་ཡང་དག་པར་བསྡུས་པ་དང། གང་འཁོར་བར་བདེ་བ་དང་ལྡན་པར་བྱེད་པར་འགྱུར་བ་དང། སྐྱེ་བ་སྐྱེས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ ་པོ་སྟོང་ཕྲག་སོ་སོར་རྙེད་པར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་སངས་རྒྱས་སྟོང་མཐོང་བར་འགྱུར་རོ། །ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཉེ་བར་འགྲོ་བར་འགྱུར་རོ། །ཉིན་ལན་གསུམ་མཚན་ལན་གསུམ་དུ་ཉིན་རེ་ལ་ལན་ཉི་ཤུ་རྩ ་གཅིག་བརྗོད་ན། ཉི་མ་ཉི་ཤུ་རྩ་གཅིག་པ་ལ་སངས་རྒྱས་བཅོམ་ལྡན་འདས་པདྨའི་གདན་ལ་བཞུགས་པ་མཐོང་བར་འགྱུར་རོ། །ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བར་འགྱུར་རོ། །སངས་རྒྱས་སེམས་དཔའ་ཡང་དག་པའི ་མདོ་དག་པའོ་ཞེས་སོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཚིགས་སུ་བཅད་པ་བདུན་མའི་མདོ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་སུ་མ་ན་ཤྲཱི་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། བྷ ་