CLOSE WINDOW

N3997: 'phags pa shes rab kyi pha rol tu phyin ma bsdus pa'i tshig le'ur byas pa'i rnam par 'grel pa
Wyliee-texts based on the ACIP/ALL Input

བརྒྱད་སྟོང་དོན་བསྡུས་ཀྱི་འགྲལ་བ་སློབ་དཔོན་དཀོན་མཆོག་ས་བླངས?་ཀྱིས་མཛད་པའོ།། །།རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པར་མི་ཏཱ་ས་བཱ?་ཧ་ཀཱ་རི་ཀྲཱ་བཱི་པ་ཎ?། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས ་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཡིད་ལ་གུས་པར་བསྒོམ་པས་ཐོགས་མེད་སྐྱོན་འཁྲུང་རྣལ་འབྱོར་པ། །སེམས་ཅན ་ལ་དོགས་རྣམ་དབེན་གྱ་ནོམ་རྒྱལ་བའི་གོ་འཕང་འཐོབ་བྱེད་ཅིང། །གང་ལ་ཆད་བསམ་རྟག་པའི་བློ་དང་གཟུང་དང་འཛིན་པ་ཡོད་མིན་པ། །ཐམས་ཅད་མཁྱེན་ཡུམ་ཤེས་རབ་ཕ་རོལ་ཕྱིན་མ་དེ་ལ་མགོས་ཕྱག་འཚལ། །གཟུང ་དང་འཛིན་ལས་ངེས་གྲོལ་ཞིང། །རྟག་དང་ཆད་པ་རྣམ་སྤངས་པ། །ཀུན་མཁྱེན་སྐྱེས་ཡུམ་ཤེས་རབ་ཀྱི། །ཕ་རོལ་ཕྱིན་མ་ལ་ཕྱག་འཚལ། །སློབ་དཔོན་ཕྱོགས་ཀྱི་གླང་བོས་ཉེ་བར་སྦྱར་བ། །ཤེས་རབ་ཕ་རོལ་ཕྱིན ་ཞེས་བྱ་བ་ལ་སོགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་པའི་བཤད་པ་བློ་ཆུང་བ་རྣམས་དྲན་པའི་དོན་དུ་མདོར་བསྡུས་ཏེ་བདག་གིས་ཕྱེའོ། །འདི་ལྟར་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བ ་གང་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པར་བྱ་ཞིང་བསྐྱེད་པར་བྱ་བ་གང་ཡིན་ཏེ། གང་གི་ཕྱིར་དེ་ཉིད་འབྲས་བུ་ཉིད་དུ་མངོན་པར་འདོད་པ་ཡིན་ནོ། །དེ་བཞིན་དུ་བརྒྱད་སྟོང་པ་ལ་སོགས་པའི། །ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་གཞུང་གི་ཚོགས་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཡང་འདི་ཉིད་ཡིན་ནོ། །གང་ལས་བསྒྲུབ་པར་བྱ་བར་འགྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲས་དོན་གང་ཞིག་བརྗོད་པ་ཡིན་ཞེ་ན། དེའི་ཕྱིར་བརྗོད་པ་གཉིས ་མེད་ཡེ་ཤེས་ཞེས་བྱ་བ་ལ་གཉིས་ནི་གཟུང་བ་དང་འཛིན་པ་ལ་བརྗོད་དོ། །ཤེས་པ་གང་ལ་གཉིས་ཡོད་པ་མ་ཡིན་པ་དེ་ནི་གཉིས་མེད་དོ། །དེ་ལ་གཟུང་བ་ནི་གཟུགས་ལ་སོགས་པ་ཇི་ལྟར་རྣམ་པར་གནས་པ་རྣམས་སོ།། ་འཛིན་པ་དེ་ནི་དེ་བ་སྣང་བའི་ཤེས་པའོ། །དེ་བས་ན་འདིས་ནི་གཟུང་བ་དང་འཛིན་པ་དག་གིས་དབེན་པའི་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་དོ། །གང་གི་ཕྱིར་ཤེས་རབ་ཐོས་བ་དང་བསམས་པ་ལ་སོགས ་པའི་བར་བ་སྟེ། མཐར་ཐུག་པར་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ཡང་ཤིན་ཏུ་རྣམ་པར་དག་པའི་རྟོག་པ་ཡིན་ནོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས ་བསྒྲུབ་པར་བྱ་བ་ཡིན་ན་འོ་ན་དེ་བཞིན་གཤེགས་པ་མ་ཡིན་པར་འགྱུར་ན། འབད་པ་འདི་ཐམས་ཅད་ནི་སངས་རྒྱས་ཉིད་ཐོབ་པའི་དོན་དུ་ཡིན་ནོ་ཞེ་ན། དེའི་ཕྱིར་བརྗོད་པ། དེ་ན་དེ་བཞིན་གཤེགས་པ་རྟོག་པའི་དྲ་བ་མ་ལུས་པ ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་དེ་བཞིན་གཤེགས་པ་ཡིན་ནོ། །དེ་བཞིན་ཉིད་གསུང་བས་ན་དེ་བཞིན་གཤེགས་པ་ཡིན་ཏེ། དེ་གཉིས་ཀྱང་ཐ་མི་དད་པ་ཡིན་ནོ། །འདིས་ནི་དེ་བཞིན་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་གཞན་མ་ཡིན་ལ། དེ་ཡང་དེ་ལས་ཐ་དད་པ་མ་ཡིན་དེ། འོན་ཀྱང་སྒྲོན་མ་དང་འོད་བཞིན་དུ་གྱུར་པ་ཡིན་ནོ། །ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །དོན་གྱི་དེ་ཁོ་ན་ཉིད་འདི་ལས་བསམས་ནས་གཞན་དུ་བློའི་ནོར་ཅན་རྣམས་ཀྱིས། ་སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །དེ་ལྟར་མིན་ན་གཉིས་སྟོང་པ། །རྣམ་ཤེས་མིན་པར་ཐལ་གྱུར་ཞིང། །གཉིས་མེད ་པ་ལས་ལོག་པ་ནི། །གཉིས་ཀྱི་བདག་ཏུ་ཐལ་བར་འགྱུར། །དེར་གྱུར་དེ་བཞིན་ཉིད་རང་བཞིན། །བཅོམ་ལྡན་འདས་ཉིད་ཡིན་པར་བརྗོད། །རིགས་བྱ་རིག་བྱེད་དངོས་པོ་ནི། །རྣམ་ཤེས་ཉིད་ལ་ཡང་དག་བརྟེན། །ཞེས ་བརྗོད་པ་ཡིན་ནོ། །དེ་ལྟ་ན་གཞུང་དང་ལམ་དག་ལ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྙེད་ཅེས་དོགས་པ་བསུ་ནས། བསྒྲུབ་བྱ་དོན་དེ་དང་ལྡན་པས་ཞེས་གསུངས་སོ། །གཞུང་དང ་ལམ་དག་ལ་དེའི་སྒྲ་སྟེ། དེར་ཉེ་བར་བསྙེར་པ་ནི་གང་གི་ཕྱིར་གཞུང་དང་ལམ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ལྡན་པ་དེའི་དགོས་པ་ཅན་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཡིན་ནོ། །ཞེས ་བྱ་བའི་དོན་ཏོ། །དེས་ན་དེ་དག་ལ་དེའི་སྒྲ་ཡིན་ཏེ་གང་གི་ནང་དུ་གནས་པའི་ས་བོན་བཞིན་ནོ། །དེས་ན་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་དོན་རྣམ་པ་གཉིས་སུ་བསྟན་པ་ཡིན་ཏེ། གཙོ་བོ་དང? ་ཕལ་བའོ། །དེ་ལ་གཙོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །ཕལ་པ་ནི་གཞུང་དང་ལམ་གྱི་རང་བཞིན་ནོ། །དེས་ན་དེ་ལྟར་དགོས་པ་བརྗོད་ནས། །རྟེན་དང་ཞེས་བྱ་བ་ལ་སོགས་པས་བརྗོད་པར་བྱ་བའི ་དོན་འཆད་དོ། །འདིར་ཡང་བརྗོད་པར་བྱ་བའི་དོན་ནི་སུམ་ཅུ་རྩ་གཉིས་ཁོ་ན་སྟེ། ལྷག་པ་མ་ཡིན་མཆོག་པ་ཡང་མ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བཅུ་དང། སྟོང་པ་ཉིད་རྣམ་པ་བཅུ་དྲུག་དང། ་རྟེན་དང། དབང་དུ་བྱ་བ་དང། ལས་དང། རྟགས་དང། ཉེས་དམིགས་དང་ཕན་ཡོན་ཞེས་བྱ་བ་གཞན་རྣམ་པ་དྲུག་གོ་།དེ་ལ་བརྟེན་ནི་སྟོན་པ་པོ་བཅོམ་ལྡན་འདས་སངས་རྒྱས་དེ། གང་གི་ཕྱིར་དེ་ཉིད་ཟབ་མོ་སྟོན ་པའི་རྒྱུ་མཚན་ཡིན་པ་དེའི་ཕྱིར་རྟེན་ཡིན་ནོ། །གལ་ཏེ་རབ་འབྱོར་ལ་སོགས་པ་ཡང་སྟོན་པ་པོར་གྱུར་པ་ཁོ་ན་མ་ཡིན་ནམ། དེས་ན་དེ་ཡང་རྟེན་དུ་ཐལ་བར་འགྱུར་རོ། །འདི་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངེས་པར་འབྱུང་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་སྟེ་སྟོན་ཅིག་ཅེས་གསུངས་པ་ཡིན་ཞེ་ན། གལ་ཏེ་དེ་ལྟར་ཡིན་དུ་ཟིན་པ་དེ ་ལྟ་ན་ཡང་དེ་དག་རྣམས་ཀྱིས་ནུས་པ་ནི་སངས་རྒྱས་ཀྱི་མཐུ་ཉིད་ཀྱིས་ཡིན་པར་རྟོགས་པར་བྱ་སྟེ། དེས་ནི་མི་འགལ་ལོ། །དོན་དེ་ཡང་འདི་ཉིད་དུ་ལེའུ་དང་པོར་བསྟན་པ་ཡིན་ནོ། །དབང་དུ་བྱ་བ་ནི་གང་གི་ཆེད་དུ་བྱས་ནས་ཆོས ་འདི་སྟོན་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་ནི་དབང་དུ་བྱ་བ་ཡིན་ཏེ། བསྟན་པ་འདི་ལ་དབང་དུ་བྱ་བས་ཞེས་བྱེ་བྲག་ཏུ་བཤད་པ་འདིས་སོ། །ལས་ནི་བྱ་བ་དང་བྱེད་པ་དང་སྤྱོད་པ་ལ་བརྗོད་དེ། བྱ་བ ་ནས་ཞེས་བྱ་བའི་བྱེ་བྲག་ཏུ་བཤད་པ་འདིས་སོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ལྟར་སྤྱད་པར་བྱ་ཞིང་འདི་ལྟར་གནས་པར་བྱའོ། །ཞེས་པ་ལ་སོགས་པའོ། །བསྒོམ་པ་ནི་རྣམ་པར ་རྟོག་པའི་རྣམ་པར་གཡེར་བ་བཅུ་བསལ་བས་རྟོགས་པར་བྱའོ། །སྟོང་པ་ཉིད་བཅུ་དྲུག་ཏུ་དབྱེ་བར་ངེས་པར་བྱའོ། །འཆད་པར་འགྱུར་བའི་རྟགས་ནི་ཚང་མ་སྟེ། འདིས་རྟོགས་པར་བྱེད་པས་ན་རྟགས་སོ། །འདི་ལྟར་བྱང་ཆུབ་སེམས ་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་བ་དང་ཀློག་པ་ལ། ལྗོངས་ལ་སོགས་པ་རྣམ་པར་རྟོགས་པ་སྐྱེ་བ་གང་ཡིན་པ་དེ་དག་ཀྱང་བདུད་ཀྱི་ལས་ཀྱི་རྒྱུ་མཚན་ཡིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་རྟགས ་ཡིན་ནོ། །ཉེས་དམིགས་ནི་དོན་མེད་ཐོག་ཏུ་བབ་པ་སྟེ། དམ་པའི་ཆོས་སྤོང་བ་ལ་སོགས་ཆོས་ཀྱི་ཕོངས་པར་འགྱུར་བའི་ལས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དུག་དང་བཅས་པའོ། །ཕན་ཡོན་བཅས་ཞེས་བྱ་བ་ལ ་ཕན་ཡོན་ནི་འབྲས་བུ་སྟེ། དེ་ལྟར་ཡང་གཞུང་ནི་ཡིན་ཡིན་ཏེ། གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་བར་བྱས་ནས་སྦྱིན་པ་བྱིན་པ་དང། གང ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པའོ། །ཡང་ཅིའི་དོན་དུ་རྟེན་ལ་སོགས་པ་བརྗོད་ཅེ་ན། བརྗོད་པ་ནི་དད་ལྡན་ཞེས་པ་ལ་སོགས་པའོ། །དད་ཅེས་བྱ་བ་ནི་དད་པ་སྟེ་སེམས་རབ་ཏུ་དད་པའོ། ། ་དེ་ཡང་ཟབ་མོའི་ཚུལ་ལ་ལྷག་པར་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །དད་པ་དེ་གང་དག་ལ་ཡོད་པ་དེ་དག་ནི་དད་ལྡན་ནོ། །དད་ལྡན་དེ་དག་གི་འཇུག་པའི་ཡན་ལག་ཅེས་བྱ་བ་ལ་འཇུག་པ་དང་འབྲེལ་བའི་ཡན་ལག་ནི་འཇུག་པའི་ཡན་ལག ་གོ་།ཡན་ལག་ནི་རྒྱུ་སྟེ། གང་གི་ཕྱིར་རྗེས་སུ་སྒྲུབ་པའི་རྒྱུ་ནི་སྟོན་པ་ཡིན་པ་དེའི་ཕྱིར་འདི་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ལ་སོགས་པའི་འཁོར་བསྟན་པ་ནི་དབང་པོ་ཉིད་དུ་ཤེས་པར་བྱ་བའི་དོན་ཏོ། །ཁྱད་པར་ཅན་གྱི ་ཡུལ་དང་དུས་དག་སྡུས་པར་བྱེད་པས་བརྗོད་པས་ནི་སོ་སོར་ངེས་པའི་རྟན་དང་དུས་ཚིགས་བསྟན་པའི་དོན་དུ་བརྗོད་པ་ཡིན་ནོ། །དེ་ལྟར་ན་ཡང་སྡུས་བར་བྱེད་པ་ལ་དོན་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་བརྗོད་བ་ནི། སྡུད་པོ་རང ་ཉིད་ཚད་མར་ནི། །རབ་གྲུབ་ཕྱིར་ཡིན་ཞེས་བྱའོ། །རང་ཉིད་དེ་བདག་ཉིད་དུ་ཚད་མར་ནི་རང་ཉིད་ཆད་མ་སྟེ་མི་སླུ་བ་ཉིད་དོ། །དེར་རབ་གྲུབ་ནི་རབ་ཏུ་གྲུབ་བའི་དོན་ཏེ། སྡུད་པའི་དུས་ན་ཉེ་བ་མ་ཡིན་པ་མ་འོངས་པའི་སྐྱེ ་བོ་ཡིད་ཆེས་བ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དོན་གཞན་ཉེ་བར་དགོད་པས་སྟོན་པར་བྱེད་པ་ནི། འཇིག་རྟེན་ན་ཡུལ་དང་དུས་ཀྱིས་ཉེ་བར་མཚོན་ཅིང། དབང་པོར་བཅས་པ་སྨྲ་བ་ཡིས། །སྨྲ་བོ་ཚན་མར་རྗེས་སུ་རྟོགས ་ཞེས་བྱ་བའོ། །འདི་ལྟར་འཇིག་རྟེན་ན་ཡུལ་དང་དུས་དག་གིས་ཉེ་བར་མཚོན་ཅིང་ཤེས་པར་བྱས་པར་སྨྲ་བ་སྟེ་བརྗོད་པའོ། །ཇི་ལྟ་བུ་ཞིག་ཅེ་ན། དབང་པོ་དང་བཅས་པར་གནས་པ་ན། དབང་པོར་བཅས་སོ། །སུ ་ཞིག་ཅེ་ན། བརྗོད་པ་སྨྲ་བ་པའོ། །ཅི་ཞིག་ཏུ་རྟོགས་ཤེ་ན། ཚད་མར་ཏེ། བདེན་པའི་ཚིག་དང་ལྡན་པ་ཉིད་དུ་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡུལ་ལ་སོགས་པའི་དོན་འདི་དག་ཀྱང་སྲིད་པ ་མ་ཡིན་ནམ་།དེས་ན་སུམ་ཅུ་རྩ་གཉིས་ཁོ་ན་ཞེས་ཅིའི་དོན་དུ་ངེས་པར་འཛིན་ཅེ་ན། དེས་ན་བརྗོད་པ་ནི་ཚིག་ཕྲད་བདག་ཐོས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །ཚིག ་ཕྲད་བདག་གིས་ཐོས་པ་ལ་སོགས་པ་འདི་དག་གོ་།ཚིག་ཕྲད་ནི་འདི་སྐད་ཀྱི་ཡི་གེ་སྟེ། འདི་སྐད་ཅེས་བྱ་བའོ། །བདག་ནི་རང་གི་ངོ་བོ་སྟེ། བདག་གིས་ཞེས་བྱ་བའོ། །ཐོས་པ་ནི་མཉམ་པ་སྟེ། ཐོས་པ་ཞེས་བྱ་བའོ། །ཚིག ་ཕྲད་དང་བདག་དང་ཐོས་པ་ནི་ཚིག་ཕྲད་བདག་ཐོས་སོ། །དེ་ལ་སོགས་པ་གང་ཡིན་པ་སྟེ། སོགས་པའི་སྒྲས་ནི་ཡུལ་དང་དུས་ལ་སོགས་བཟུང་ངོ། །དེས་ན་ཐོས་པ་ལ་སོགས་པ་དེ་སྡུས་པར་བྱེད་པས་བརྗོད་པ་སྟེ། རབ་ཏུ་བསྙད་པར ་བྱས་པ་གང་ཡིན་པ་དེ་ནི་ཞར་ལ་བརྗོད་པ་ཡིན་ཏེ། སྐབས་ལས་འོངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཙོ་བོའི་བརྗོད་དེ། གཙོ་བོར་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་ནི། སུམ་ཅུ་རྩ་གཉིས་པོ་གང་དག་སྔར་བརྗོད་པ་དེ་དག ་ཉིད་ཡིན་ནོ། །དེ་དག་ཏུ་ཞེ་ན། སུམ་ཅུ་རྩ་གཉིས་ཉིད་དོ་འདིས་གྲངས་ངེས་པར་བསྟན་ཏོ། །འདིར་བརྗོད་པར་བྱ་བ་ཉུང་བ་ཉིད་དུ་རྟོགས་པ་མ་ཡིན་ནམ། འདིར་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པར་སྟོང་པ་ཉིད་ལ ་རབ་ཏུ་དབྱེ་བ་དུ་མ་བསྟན་ལ། འདིར་ནི་དེ་དག་མ་གསུངས་པ་དེས་ན་ཇི་ལྟར་མཚུངས་སྙམ་པའི་དོགས་པ་བསལ་བའི་དོན་དུ་གསུངས་པ་ནི་སྟོང་པ་ཉིད་ཀྱི་བྱ་བ་ནི་ཞེས་བྱ་བ་ལ་སོགས་པའོ། །ཤིན་ཏུ ་ཕྱེ་བ་ནི་རབ་ཏུ་ཕྱེ་བ་སྟེ། རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་བྱེ་བྲག་པ་ཚོགས་པ་ཉིད་དོ། །འདི་གང་གི་རབ་ཏུ་དབྱེ་བ་ཡིན་ཞེ་ན། སྟོང་པ་ཉིད་ཀྱིའོ། །རབ་ཏུ་དབྱེ་བ་ནི་ཅི་འདྲ་བ་ཞིག་ཡིན་ཞེ་ན། རྣམ་པ་བཅུ་དྲུག་སྟེ། གྲངས་བཅུ་དྲུག་གི་མཐར ་ཐུག་པས་ཡོངས་སུ་བཅད་པའོ། །དེ་ཡང་བརྒྱད་སྟོང་པར་བརྗོད་པ་ཡིན་ནོ། །ཇི་ལྟར་བརྗོད་ཅེ་ན། རིམ་པ་ཇི་བཞིན་དུ་སྟེ། གོ་རིམས་ལས་མ་འདས་པར་རོ། །སྒྲ་གང་གིས་ཞེ་ན། གཞན་གྱིས་ཏེ། སྒྲ་གཞན་གྱིས་ཏེ། རྣམ ་གྲངས་རྗོད་པར་བྱེད་པའི་སྒྲས་ཞེས་བྱ་བའི་དོན་ཏོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྣམ་པར་བྱ་སྟེ། དབྱེ་བ་རྟོགས་པར་བྱ་བའོ། །གང་གི་ཕྱིར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་རྣམས་སྒྲ་གཞན་གྱིས་བརྗོད་པ་དེས་ན། དེ་ལྟར་ཇི་སྐད་བཤད་པོ་གྱིས ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་བརྒྱད་སྟོང་པ་འདིར་ནི་མ་ཚང་བ་མེད་པ་ཡིན་ཏེ། མི་ཉུང་བ་ཡིན་ནོ། །ཅི་དག་གིས་མ་ཚང་བ་མེད་ཅེ་ན། ཇི་སྐད་བཤད་དོན་གྱིས་ཏེ། ཇི་སྐད་བརྗོད་པ་འམ་ཡོངས་སུ་རྫོགས་པས་ཞེས་བྱ་བའི་དོན་ཏོ། །གལ ་ཏེ་འདི་དག་ལ་དོན་ཐ་དད་པ་ཉིད་མེད་ན་དེའི་ཚེ་དེ་ཉིད་ཀྱིས་སྐྱེས་བུའི་དོན་མཆོག་སྐྱེད་དོ་སྙམ་ན། དེའི་ཕྱིར་བརྗོད་པ་ནི། འདིར་གཞུང་བསྡུས་པ་ཡིན་ཞེས་བྱ་བ་ནི་བརྒྱད་སྟོང་པར་རོ། །གཞུང་བསྡུས་པ་ནི་ཉུང་ངུ་ཉིད་དུ། འདོད་ཅེས་བྱ་བ ་ནི་མངོན་པར་འདོད་པའོ། །བརྗོད་པར་བྱ་བའི་དོན་ནི་དེ་ཉིད་དོ། །དོན་དེ་གང་ཡིན་ཞེ་ན། ཇི་སྐད་བརྗོད་ཅེས་སྨོས་ཏེ་ཇི་སྐད་བཤད་པ་རྣམས་ཁོ་ནའོ། །འདི་སྐད་དུ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐ་དད་པ་ནི་ཡོད་པ་མ་ཡིན་གྱི། ་འོན་ཀྱང་བློ་ཆུང་བ་དང་འབྲིང་དང་ཆེན་པོ་རྣམས་རྗེས་སུ་བཟུང་བར་བཞེང་པས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོན་པར་མཛད་པ་ཡིན་པས་དེའི་དབང་གིས་གཞུང་ལ་ནི་རིམ་གྱིས་དབྱེ་བ་བྱུང་བ་ཡིན་ནོ། །ཞེས་བརྗོད་པ ་ཡིན་ནོ། །རིམ་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་སྒྲ་གཞན་གྱིས་བརྗོད་པ་ཞེས་པ་དེས་ན་བརྗོད་པ་ནི། བྱང་ཆུབ་སེམས་དཔའ་དེ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་འདི་ལ་ཡོད་པས་ན་བྱང་ཆུབ་སེམས ་དཔའ་ཨོ། །བྱང་ཆུབ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཤེས་པ་ཡིན་ལ་སེམས་དཔའ་ནི་བསམ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འདི་ལ་ཡོད་པ་དེས་ན་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་དེ་མ་མཐོང་ཞིང ་མི་དམིགས་སོ། །སུས་ཤེས་ན་བརྗོད་པར་ངེས་ཞེས་བྱ་བ་སྟེ། བདག་ཉིད་ཡིན་པར་སྟོན་པ་པོ། དེ་ཉིད་དུ་ཞེས་བྱ་བ་དོན་དམ་པར་རོ། །དེ་སྐད་དུ་ཐུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བརྗོད་པར་མཛད་དོ། །ཐུབ་པ་ཞེས ་བྱ་བ་ནི་ལུས་དང་ངག་དང་ཡིད་ཐུག་པ་དང་ལྡན་པས་སོ། །ཡང་ན་དེའི་བྱིན་གྱིས་བརླབས་ཀྱིས་དེ་སྐད་རབ་འབྱོར་གྱིས་བརྗོད་པ་ཡིན་ནོ། །ཞེས་བྱ་བ་ནི་དག་གི་དོན་ཏོ། །སྟོན་པ་དེས་དེ་སྐད་གསུངས་པ་འདིས་ནི་སྟོང་པ་ཉིད་བརྗོད་པ་སྟེ་བསྟན ་པ་ཡིན་ན། །གང་གིས་སྟོང་པ་ཉིད་བརྗོད་ཅེ་ན། དེའི་ཕྱིར་བརྗོད་པ་ནི་ཟ་བོ་ནང་གིས་དངོས་པོ་རྣམས་ཀྱི་ཞེས་བྱ་བའོ། །དེ་དག་ནི་ཟ་བོ་ཡང་ཡིན་ལ་ནང་གི་དངོས་པོ་རྣམས་ཀྱང་ཡིན་པས་ཟ་བོ་ནང་གིས་དངོས་པོ་རྣམས་ཏེ། དེས་ན་དེ་རྣམས་ཀྱིའོ ་འདིས་ནི་ནང་གི་སྐྱེ་མཆེད་མིག་ལ་སོགས་པ་གང་དག་མ་ཕྱིས་པ་རྣམས་ཀྱིས་ཟ་བ་པོ་ཉིད་དུ་ལྷག་པར་ཞེན་པར་བྱས་པ་དེ་དག་གི་སྟོང་པ་ཉིད་ཐུབ་པས་གསུངས་སོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་དེའི་ངོ་བོར་ ་བརྟགས་པ་ཡིན་པའི་ཕྱིར་རོ། །ཞེས་བྱ་བར་བསམས་པའོ། །སྒྲ་འདིས་ཀྱང་ནང་སྟོང་པ་ཉིད་བརྗོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་པ་ཞེས་ནི་གསུངས་པའི་ཕྱིར། བཟའ་ ་པར་བྱ་བ་ཕྱི་ཡིན་ནི། སྐྱེ་མཆེད་རྣམས་ཀྱང་འདིར་བཀག་གོ་།ཕྱི་ཡིན་ནི་སྐྱེ་མཆེད་རྣམས་ཀྱང་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་སོགས་པ་རྣམས་སོ། །གཟུགས་ནི་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོའོ། །དེ་ཡང་གཟུགས་ཀྱི་རང་བཞིན་གྱིས་ཞེས ་བྱ་བ་གཟུགས་ཀྱི་རང་གི་ངོ་བོས་ཏེ། དེའི་ཇི་ལྟ་བ་བཞིན་གྱི་མཚན་ཉིད་མི་འཐད་པའི་ཕྱིར་ངོ་བོ་ཉིད་དེས་སྟོང་པ་ཡིན་ཏེ། མིའི་རང་བཞིན་དེ་དང་བྲལ་བ་ཡིན་ནོ་ཞེས་ནི་སྟེ། དེ་སྐད་ཅེས་གསུངས་པའི་ཕྱིར་ཏེ་བརྗོད་པའི་ཕྱིར་རོ། །ཚིག ་འདི་ལས་ཀྱང་བཅོམ་ལྡན་འདས་ཀྱིས་ཡང་བཀག་གོ་ཞེས་བྱ་བར་ཡང་གསལ་བར་མཛད་པའོ། །ཅི་ཞིག་བཀག་ཅེ་ན། བརྗོད་པའི་ཕྱིའི་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བུ་ཞིག་ཅེ་ན། བཟའ་བར་བྱ་བ་སྟེ། སྤྱད་པར་བྱ་བ་ཡིན་པས ་བཟའ་བར་བྱ་བའོ། །གང་གི་ཕྱིར་བྱིས་པ་རྣམས་ཀྱིས་ཕྱི་རོལ་གྱིས་གཟུགས་ལ་སོགས་པ་ལོག་པ་ཉིད་ལ་ཉེ་བར་ལོངས་སྤྱད་པར་བྱ་བ་ཉིད་དུ་བརྟགས་དེས་ན་བཀག་པ་ཡིན་ནོ། །ཞེས་བྱ་བ་ནི་དག་གི་དོན་ཡིན་ནོ། །སྒྲ་འདིས ་ཀྱང་ཕྱི་སྟོང་པ་ཉིད་བརྗོད་པ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་རྣམ་པ་གཞན་དག་ཀྱང་བརྒྱད་སྟོང་པ་ན་ཡོད་པ་ཡིན་ནོ། ཞེས་སྟོང་པས་བརྗོད་པ་འདི་ལྟ་སྟེ། གཟུགས་སོགས་མེད་ན་དེ་ཡིན་ནི། །ལུས་གནས་མཚན་ཉིད་ཟད་པའི ་དེ་ན། །རྟོགས་པ་ཉིད་དེ། །ཇི་ལྟར་ཞེ་ན། དེ་ཡི་ལུས་ཞེས་བྱ་བ་སྟེ། ཕྱི་ནང་གི་སྐྱེ་མཆེད་དག་གི་ནི་ལུས་ནི་དེའི་ལུས་སོ། །གནས་ཞེས་བྱ་བ་ལ་གནས་ནི་སྣོད་ཀྱི་འཇིག་རྟེན་ཏེ་འདིར་གནས་པས་ན་གནས་སོ། །མཚན་ཉིད་ཅེས ་བྱ་བ་ལ་མཚན་ཉིད་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ། །དེ་རྣམས་ཟད་པ་ནི་བྲལ་བ་སྟེ་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །དོན་དེ་རྟོགས་པ་ཉིད་ཅེས་བྱ་བ་ལ་འདིའི་དོན་རྟོགས་པ་ཡིན་པས་ན་དོན་རྟོགས་པ་ཉིད་དོ། །གང་གི་ཚེ་རྟོགས་ཤེ ་ན། དེས་ན་བརྗོད་པ་ནི་གཟུགས་སོགས་མེད་ན་བ་ཡིན་ནི་ཞེས་བརྗོད་དེ། གང་གི་ཚེ་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་དངོས་པོ་མེད་པར་བསྟན་པ་དེ་ཁོ་ནའི་ཚེ་འདི་རྣམས་ཀྱི་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ཡིན་ནོ་ཞེས་བྱ་བ་དག་གི་དོན་ཏོ། །གཞུང་འདིས་ཀྱང ་སྟོང་པ་ཉིད་རྣམ་པ་གསུམ་པོ་རྣམས་བརྗོད་པ་ཡིན་ཏེ། འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་ཀྱི་རྣམ་པ་དང། ཆེན་པོ་སྟོང་པ་ཉིད་ཀྱི་རྣམ་པ་དང། མཚན་ཉིད་སྟོང་པ་ཉིད་ཀྱི་རྣམ་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཡང་བསྟན་པའི་དོན ་དུ་བརྗོད་པ་ནི་གང་གིས་དེ་མཐོང་བ། དེ་ཡང་ནང་པ་ཡིན་ཕྱིར་མེད། །གང་གི་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཤེས་པས་སོ། །དེ་ཞེས་བྱ་བ་ནི་ལུས་ལ་སོགས་པའོ། །མཐོང་བ་ཞེས་པ་ནི་རྟོགས་པ་སྟེ་ཤེས་པའོ། །དེ་ཡང་ནང་པ་ཞེས་བྱ་བ་ནི ་ཤེས་པ་དེ་ནང་གི་སྐྱེ་མཆེད་ཡིན་ཏེ། དེས་ན་ནང་བ་ཡིན་པའི་ཕྱིར་ན་མེད་དེ། ཡོད་པ་མ་ཡིན་ཏེ། དེ་ནི་སྔ་མ་ཁོ་ན་བཀག་པའི་ཕྱིར་རོ། །སྙམ་དུ་བསམས་པའོ། །དེས་ན་འདིས་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི ་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་ཡང་གང་གི་ཕྱིར་ན། དེ་རྣམས་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །གང་གི་ཕྱིར་ན་ནང་གི་སྐྱེ་མཆེད་རྣམ་པ་ལྔར་བརྗོད་པའི་ཚུལ་གྱིས་སྟོང་པ་ཉིད་ཡིན་པ་དེའི་ཕྱིར། རང་བཞིན་མང་ནི་སྟོང་པ་ཉིད ་ཡིན་ཏེ། རང་བཞིན་ནི་རིགས་སོ། །འདི་ཉིད་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དོ། །འདི་ལྟར་གྱི་སྒྲ་ནི་གང་གི་ཕྱིར་གྱི་དོན་ལ་ཡིན་ནོ། །གང་གི་ཕྱིར་རིགས་དེ་ནི་རྣམ་ཤེས་རང་བཞིན་ཏེ། རྣམ་པར་ཤེས་པའི ་ངོ་བོ་ཡིན་པ་དང་བརྩེ་བ་དང། ཤེས་རབ་ཀྱི་བདག་ཉིད་ཡིན་པས་སོ། །བརྩེ་བ་ནི་གཞན་སྡུག་བསྔལ་དང་བྲལ་བར་འདོད་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ནོ། །བརྩེ་བ་དང་ཤེས་རབ ་དག་ནི་བརྩེ་བ་དང་ཤེས་རབ་བོ། །དེ་དག་གི་བདག་ཉིད་རང་གང་ལ་ཡོད་པ་དེ་ནི་བརྩེ་བ་དང་ཤེས་རབ་ཀྱི་བདག་ཉིད་དོ། །རྣམ་པར་ཤེས་པ་ནི་ནང་གི་སྐྱེ་མཆེད་ཡིན་པའི་ཕྱིར་ཞེས་དགོངས་པའོ། །འདིས་ཀྱང་རང་བཞིན་སྟོང་པ་ཉིད ་བརྗོད་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་སྐྱེ་མེད་འགག་པའང་མེད་ཅེས་བྱ་བ་ལ་སོགས་པའི་གཞུང་རྣམས་ཀྱིས་ནི་བརྒྱད་སྟོང་པར་སྟོང་པ་ཉིད་དེས་བསྟན་པར་མཛད་པ་ཡིན་ནོ། །སྐྱེ་མེད་ཅེས་བྱ་བ་ནི་སྐྱེ་བ་འགོག་པ་སྟེ། གདོད ་མ་ནས་མ་སྐྱེས་པའི་ཕྱིར་ཞེས་དགོངས་པའོ། །སྐྱེ་བ་མེད་པ་ཉིད་ཀྱིས་ན་འགག་པ་མེད་པ་ཡིན་ཏེ། འགག་པ་ནི་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེས་ན་འགག་པ་ཡང་མེད་དོ། །དེ་གང་ཡིན་ཞེ་ན། སེམས་ཅན་ཞེས་གསུངས་སོ། །སེམས་ཅན་ཞེས་བྱ ་བ་ནི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྲོག་ཆགས་སོ། །དེ་ཉིད་ནི་རྫས་ཉིད་དུ་ཁས་བླངས་པའི་ཕྱིར་སེམས་ཅན་ཞེས་བརྗོད་དོ། །གང་དག་གིས་སྟོང་པ་ཉིད་བསྟན་ཅེ་ན། སྨྲས་པ། སེམས་ཅན་དང་འཁོར་བ་དག་གིའོ། ། ་སེམས་ཅན་ཞེས་བྱ་བ་ནི་བརྗོད་མ་ཐག་པའོ། །དེ་ནི་འགྲོ་བ་དྲུག་པོ་རྣམས་སུ་འདི་ན་དང་དེ་ནས་འཁོར་བར་བྱེད་པའི་ཕྱིར་ཏེ། ཡོངས་སུ་འཁྱམས་པའི་ཕྱིར་ན་འཁོར་བ་ཞེས་བརྗོད་དེ། འཁོར་བ་ནས་འཁོར་བ་ཞེས་བྱ་བའི་བྱེ ་བྲག་ཏུ་བཤད་པ་འདིས་སོ། །སེམས་ཅན་དང་འཁོར་བ་ཞེས་བསྡུ་བའོ། །བྱེད་པ་པོ་གང་གིས་བསྟན་ཅེ་ན་བརྗོད་པ་དེས་ནི་སྟེ། དེ་ཁོ་ན་རིག་པའི་དེ་བཞིན་གཤེགས་པ་དེས་སོ། །ཇི་ལྟར་ཞེ་ན། གསལ་བར་ཏེ་གསལ ་པར་ཞེས་བྱ་བ་ནི་བྱེ་བྲག་ཕྱེད་པར་རོ། །ཅི་ཞིག་བསྟན་ཅེ་ན། སྨྲས་པ་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་ཅིང་བྲལ་བ་སྟེ། ཇི་ལྟར་བཏགས་པ་མེད་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་ཡང་རུང་བ་ནི་མ་ཡིན་ཏེ། འོན་ཀྱང ་གཙོར་ཏེ་གཙོར་ཞེས་བྱ་བ་ནི་ཁྱད་པར་དུའོ། །ཡང་ན་གཙོར་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པ་སྟེ། དེ་ཁོ་ན་ཉིད་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྗོད་པ་འདིས་ཀྱང་སྟོང་པ་ཉིད་ཀྱི་རྣམ་པ་གཉིས་བསྟན་ཏེ། མཛའ་ལས་འདས་པ་སྟོང་པ་ཉིད ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །ཐོག་མ་སྟེ་དང་པོ་དང། ཐ་མ་སྟེ་མཛའ་ཨི་ཆ་ཡོད་པ་མ་ཡིན་པས་ཐ་མ་མེད་པའོ། །དེ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱི་འཁོར་བའི ་སྔོན་གྱི་མཛའ་མི་ཤེས་སོ་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པ་ཡང་འདིར་བསྟན་ཏོ། །ཞེས་སྟོན་པ་ཡིན་ནོ། །ཞེས་བརྗོད་པ་ནི། སངས་རྒྱས་ཆོས་དང་དེ་བཞིན་དུ་ཞེས་བྱ་བ་ལ་སོགས ་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དང་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་སོགས་པ་སྟོབས་བཅུ་པོ་རྣམས་ཏེ། དེ་རྣམས་ཀྱང་དེ་ཁོ་ནའི་ཡེ་ཤེས་དང་ལྡན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཤིན་ཏུ ་རྣམ་པར་དག་པའི་བློས་མི་དམིགས་པ་སྟེ། མ་བརྟགས་པ་དེ་ནི་མི་འགོག་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཆོས་རྣམས་ནི་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པའི་ཆོས་ནི་བྱང་ཆུབ་སེམས ་དཔའ་ཨི་ཆོས་ཏེ། ཡང་སྦྱིན་པ་ཡ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རོ། །དེ་རྣམས་ཀྱང་དེ་ཁོ་ནའི་ཡེ་ཤེས་དང་ལྡན་པས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཞེས་བྱ་བའི་དོན་ཏོ། །ཞེས་བྱ་བ་ལ་སོགས་པའི་སྟོབས་བཅུ ་ལ་སོགས་པ་སྟོང་པར་བསྟན་ཅེས་བྱ་བ་ནི་དེ་སྐད་ཅེས་བྱ་བ་ལ་སོགས་པའི་གཞུང་གིས་བསྟན་ཏོ། །གང་ཞིག་བསྟན་ཅེ་ན། སྟོབས་བཅུ་ལ་སོགས་སོ། །སོགས་པའི་སྒྲས་ནི་མ་འདྲེས་པ་ལ་ཡོངས་སུ ་གཟུང་ངོ། །དེ་དག་ཇི་ལྟར་བསྟན་ཅེ་ན། སྟོང་པར་སྟེ། རང་གི་ངོ་བོས་དབེན་པ་ཞེས་བརྗོད་པ་ཡིན་ནོ། །འདིས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བརྗོད་དོ། །དེ་བཞིན་དུ་འདིར་སྟོང་པ་ཉིད་གཞན་བསྟན་ཏོ། །ཞེས་རྗོད་པར ་བྱེད་པ་ནི། །གང་ཕྱིར་ཆོས་རྣམས་སོ་སོར་ནི་ཞེས་བྱ་བ་གཏན་ཚིགས་གང་གི་ཕྱིར་སོ་སོ་སོ་སོ་ལ་བརྟགས་པ་ཡིན་ཏེ། ལྷག་པར་ཞེན་པར་བྱེས་པ་ཡིན་ནོ། །དེ་དག་གང་ལ་ཞེ་ན། ཆོས་རྣམས་ཏེ་གཟུགས་ལ་སོགས་པ ་ལའོ། །ཞེས་བྱ་བ་དེ་ལྟར་རབ་ཏུ་བརྗོད་པ་སྟེ། གསུངས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་དོན་དམ་དུ་ཡོད་མིན་ཏེ། དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་ནོ། །གང་དག་ཅེ་ན། བརྗོད་པ་ཆོས་རྣམས་ཏེ། ་གཟུགས་ལ་སོགས་པ་རྣམས་སོ་ཞེས་དེ་སྐད་ཀྱང་བརྗོད་པ་ཡིན་ཏེ། དེ་བཞིན་གཤེགས་པས་དེ་སྐད་གསུངས་པ་ཡིན་ནོ། །འདི་སྐད་དུ་འཛིན་པའི་རྣམ་པ་དོན་དམ་པར་སྟོང་པ་ཉིད་དུ་བརྗོད་པ་འབའ་ཞིག་ཏུ་ནི་མཛད་ཀྱི་དོན་དམ་པའི ་རྣམ་པ་གང་སྟོང་པ་ཉིད་དུ་བསྟན་པའི་རྣམ་པ་དེ་ཡང་བརྟགས་པ་ཡིན་པའི་ཕྱིར་སྟོང་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །བརྗོད་པ་འདིས་ཀྱང་དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པ་བསྟན་པ་ཡིན་ནོ། །དོན་འདི་ཉིད་ནི་རྒྱུན་གྱི་རྣམ་པ ་བརྒྱར་གསལ་བར་བྱས་ལ་གཞན་གྱིས་ཀྱང། རྣམ་པར་རྟོགས་པ་གང་གང་གིས། དངོས་པོ་གང་གང་རྣམ་བརྟགས་པ། །དེ་ནི་ཀུན་ཏུ་བརྟགས་པ་ཡིད། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་བྱ་བ་ལ་སོགས་པས་གསལ ་པར་བྱས་སོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་དབྱེ་བ་གཞན་བསྟན་པའི་དོན་དུ་གསུངས་པ་ནི། གང་ཕྱིར་བདག་སོགས་ལྟ་བ་ནི། ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་ཕུང་པོ་ལ་སོགས་པ་ལ་ཐ་དད་པར་གཞན་དག་གིས་ཀུན་བརྟགས་པར་དེ་ནི་བདག ་གོ་།སོགས་པའི་སྒྲས་ནི་སེམས་ཅན་དང་སྲོག?་ལ་སོགས་པ་བདག་གི་རྣམ་གྲངས་རྣམས་གཟུང་ངོ། །བདག་ལ་སོགས་པ་གང་ཡིན་པ་ཞེས་བསྡུ་བ་བྱའོ། །བདག་ལ་སོགས་པའི་ཡུལ་ལ་ལྟ་བ་སྟེ། འཛིན་ཅིང་ལྟག་པར་ཞེན་པའོ། །བདག་ལ ་སོགས་པར་ལྟ་བ་གཅོད་མཛད་དེ་འཇིག་པར་རབ་ཏུ་མཛད་པའོ། །དེ་སུའི་ཞེན། བྱང་ཆུབ་སེམས་དཔའ་ཡིའོ། །ཇི་ལྟར་གྱུར་པ་ཅིག་ཅེ་ན། ཆེན་པོའོ། །འདིའི་ཆེན་པོ་ཉིད་ཀྱང་འཁོར་བ་ཇི་སྲིད་པར་འཇུག་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ ་ཡིན་པ་དེའི་ཕྱིར་ཅི་ཞིག་དེས་ཤེ་ན། བཅོམ་ལྡན་འདས་ཀྱིས་རྣམ་ཀུན་ཏུ། །གང་ཟག་གི་བདག་མེད་ཉིད་དུ་གསུངས་ཞེས་བྱ་བར་ངེས་སོ། །རྣམ་ཀུན་ཏུ་ཞེས་བྱ་བ་ནི་དེས་པ་ཁོ་ནར་རོ། །གསུངས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཀའ་སྩལ ་པར་གྱུར་པའོ། །བསྟན་པ་འདིས་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་བརྗོད་དོ། །གཞན་དུ་ཉེ་བར་བསྟན་པས་སྟོང་པ་ཉིད་ཀྱི་རྣམ་པ་གཞན་བསྟན་པའི་དོན་དུ་གསུངས་པ་ནི། ཆོས་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །ཆོས་རྣམས་ཐམས ་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་མ་ལུས་པ་སྟེ། ཆོས་ཀྱང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ཞེས་བསྡུ་བའོ། །ཆོས་རྣམས་ཐམས་ཅད་པོ་དེ་དག་ཀྱང་མ་སྐྱེས་ཞེས་བྱ་བ་ནི་སྐྱེ་བ་འགོག་པ་སྟེ། རྒྱུའི་ཚོགས་པ་ཇི་ལྟར་ལས ་ཡོད་པ་ཐོབ་པ་ཉིད་དེ་ཁོ་ནར་ཐོབ་པ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །གདོང་མ་ནས་མ་སྐྱེས་པའི་ཕྱིར་ཞེས་བསམས་པའོ། །ཞེས་དེ་ལྟར་དང་དེ་བཞིན་དུ་བརྗོད་པར་མཛད་པ་སྟེ། སྟོན་པར་མཛད་པས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་བླང་ཡང ་སྟོན་པར་མཛད་པས་སོ། །ཆོས་ཀྱི་བདག་མེད་གསུངས་པ་ཡིན་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་ཆོས་རྣམས་ཀྱི་བདག་མེད་ཅེས་བྱ་བ་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་ཏེ། བསྟན་ནོ་སུས་ཤེ་ན། ་བརྗོད་པ་དེ་ཉིད་རིགས་པས་ཞེས་བྱའོ། དེ་ཉིད་ནི་ཆོས་བདག་མེད་པའོ། །དེ་ཉིད་དེ་རེག་པའི་ངང་ཚུལ་འདི་ལ་ཡོད་པས་དེས་ན་དེ་ཉིད་རིག་པའི་སྐྱོབ་པ་དེས་གསུངས་པའོ། །རྣམ་པ་ཀུན་ཏུ་ཞེས་བྱ་བ་ལས་རྣམ་པ་ཐམས་ཅད་ཉིད་ཀྱི་སྟེ་མུ ་སྟེགས་པ་རྣམས་བཞིན་དུ་ཉི་ཚེ་བའི་སྟོང་པ་ཉིད་སྟོན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་ཏོ། དངོས་པོ་མེད་པའི་ངོ་བོ་ཉིད་རྣམས་ཀྱི་སྟོང་པ་ཉིད་ཅེས་བྱ་བའི་ཚུལ་གྱིས་སོ། །རྣམ ་གྲངས་སུ་བསྟན་པའི་སྒོ་ནས་སྟོང་པ་ཉིད་གཉིས་སྟན་པས་བརྗོད་པས་ནི། ཁ་ན་མ་ཐོ་བ་ཅེས་མེད་རྣམས་ཞེས་བྱ་བ་ལ་སོགས་པའོ། །ཁ་ན་མ་ཐོ་བ་ནི་ཉེས་པའོ། །ཁ་ན་མ་ཐོ་བ་དང་ལྷན་ཅིག་འཇུག་པས་ཁ་ན་མ་ཐོ་བཅས་པའོ།། ་གང་དག་ཁ་ན་མ་ཐོབ་སྟེ་སྐྱོན་མེད་པ་དེ་དག་ནི་ཁ་ན་མ་ཐོ་བ་མེད་པའོ། །ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་ནི་ཆོས་དེ་རྣམས་སོ། །འཕེལ་དང་ཉམས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་འཕེལ་བ་དམིགས་པ་མེད་དེ། ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་བསགས་པ་མ་གཏོགས་སོ། །ཞེས་བྱ་བའི་དོན་ཏོ། །ཉམས་པ་ཡང་མེད་དེ། ཟད་པའི་ཆོས་མི་དམིགས་སོ། །ཞེས་བྱ་བའོ། །འདུས་བྱས་འདུས་མ་བྱས་པའི་ཞེས་བྱ་བ་ནི་འདུས་པས་ནི ་འདུས་བྱས་ཏེ་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་འདུས་བྱས་སོ། །འདུས་མ་བྱས་པ་ཞེས་བྱ་བ་ནི་སོ་སོར་བརྟགས་པའི་འགོག་པ་ལ་སོགས་པ་གང་དག་འདུས་བྱས་མ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་པ་དེ་དག་གོ་།ཇི་ལྟ ་བུར་གྱུར་པ་དག་ཅེ་ན། དགེ་བ་རྣམས་སོ། །ཇི་སྐད་དུ་འདུས་བྱས་དགེ་བ་རྣམས་དང། འདུས་མ་བྱས་དགེ་བ་རྣམས་དང་དེ་ལས་བཟློག་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་འཕེལ་བ་དང་འགྲིབ་པར་དམིགས་སུ་མེད་དོ། །ཞེས་བྱ་བ་འདི་བརྗོད ་པ་ཡིན་ནོ། །དེ་དག་ནི་དོན་དམ་པར་མེད་པའི་ཕྱིར་རོ། །ཞེས་བསམས་པའོ། །དག་དྲང་པོ་མ་ཡིན་པ་འདིས་ཀྱང་བསལ་བ་ཡིན་ཏེ། དེ་དག་དངོས་པོ་མེད་པར་བརྗོད་པ་ཡིན་ནོ། །བསྟན་པ་འདིས་ཀྱང་འདུས་བྱས་སྟོང་པ་ཉིད་ཀྱི་རྣམ ་པ་དང་འདུས་མ་བྱས་སྟོང་པ་ཉིད་ཀྱི་རྣམ་པ་བསྟན་པ་ཡིན་ནོ། སྟོང་པ་ཉིད་ཀྱི་རྣམ་པ་གཞན་སྟོན་པས་དགེ་བ་རྣམས་ནི་སྟོང་པ་ནི་ཞེས་བྱ་བ་ལ་སོགས་པས་སྐབས་བརྗོད་པ་ཡིན་ནོ། །དགེ་བའི་ཆོས་རྣམས་ཀྱང་སྟོང་པ་ཉིད་དུ་གྱུར་ཅིང་དངོས ་བོ་མེད་པར་གྱུར་པ་ན། དེར་བརྟེན་མེད་ཟད་ཅེས་བྱ་བ་ལ་དེ་ལ་སྒྲིས་ནི་དགེ་བའི་ཆོས་རྣམས་ཉིད་ཡོངས་སུ་བཟུང་བས་དགེ་བའི་ཆོས་རྣམས་ལ་བརྟེན་པའི་མི་ཟད་པ་ཉིད་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལས་ཡོངས་སུ ་མི་ཉམས་པར་འདོད་པ་ཡིན་ནོ། །དེ་ཡང་སྔར་བརྗོད་པའི་རྣམ་པ་དེ་བཞིན་དུ་ཤེས་རབ་ཀྱི་མཛོས་པ་རྣམས་ཀྱིས་བཞག་པ་ཉིད་དོ། །འདིས་ནི་དོར་བ་མེད་པ་སྟོང་པ་ཉིད་བརྗོད་དོ། །དོར་བར་བྱ་ཞིང་སྤང་པར་བྱ་བ་དེས་ན་དོར་བའོ། །དོར་བ ་མེད་པས་ན་དོར་བ་མེད་པ་སྟེ། གང་གི་ཕྱིར་དེ་དག་མི་ཟད་པར་འདོད་པས་ན་བྱང་ཆུབ་སེམས་དཔའ་ནི་དགེ་བའི་ཆོས་རྣམས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་བཞིན་དུ་དོར་བར་མི་བྱེད་དོ། །དེས་ན་དེ་ལྟར་སྟོང་པ་ཉིད་ཀྱི ་རྣམ་པ་རབ་ཏུ་དབྱེ་བ་བསྟན་ནས་ཉེ་བར་བསྡུད་པ་ནི། དེ་ནི་སྟོང་པ་ཉིད་ཀྱི་ཞེས་བྱ་བ་སྟེ། །བརྗོད་མ་ཐག་པ་དེ་ནི་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་བྱེ་བྲག་རྣམས་སོ། །བསྡུས་པ་ཡིན་ཞེས་བྱ་བ་ནི་བཟླུམས་པར་བྱས་པ་སྟེ་ཡང ་དག་པར་བཟླུམས་པས་ན་བསྡུས་པའོ་ཞེས་བྱ་བའི་བྱེ་བྲག་ཏུ་བཤད་པ་འདིས་སོ། །བརྗོད་པ་མ་ཐག་པའི་བསྡུས་པ་དེ་ཡང་བརྒྱད་སྟོང་པར་བསྟན་པ་ཡིན་ནོ་ཞེས་ཁོང་ནས་དབྱུང་ངོ། །དེ་དག་གང་དང་འབྲེལ་པ ་ཡིན་ཞེས་ན། སྟོང་པ་ཉིད་ཀྱི་ཞེས་གསུངས་ཏེ། །བཏགས་པའི་ཆོས་ཀྱིས་སྟོང་པའི་མཚན་ཉིད་ཀྱིའོ། །འོའི་སྒྲ་ནི་ཡོངས་སུ་རྫོགས་པའི་དོན་ཏོ། །སྟོང་པ་ཉིད་ཀྱི་བྱེ་བྲག་ནི་འདི་ཙམ་དུ་ཟད་དེ། གཞན་ནི་མེད་དོ་ཞེས་བྱ་བ་ནི། དག ་གི་དོན་ཏོ། །སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་དེ་ནི་གདུལ་བའི་སྐྱེ་བོའི་མངོན་པར་ཞེན་པའི་བསམས་པ་ཡིན་གྱི་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་ནི་སྟོང་པ་ཉིད་གཉིས་ཁོ་ན་སྟེ། གང་ཟག་སྟོང་པ་ཉིད་དང། ཆོས་ཐམས་ཅད ་སྟོང་པ་ཉིད་དོ། །དེ་ལྟར་ཡང་འཕགས་པ་བྱམས་པ་ཉིད་ཀྱིས་དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ཀྱང་དོན་འདི་གསལ་བར་མཛད་པ་ནི། ཟ་དང་བཟའ་བྱ་དེ་ཡི་ལུས། །གནས་ཀྱིས་གཞི་ནི་སྟོང་པ་ཉིད། །དེ་ཡང་གང་གིས ་སྟོང་པར་མཐོང། །གང་ཕྱིར་དེ་ནི་སྟོང་པ་ཉིད། །དགེ་བ་གཉིས་ནི་ཐོབ་པའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱ་བའི་ཕྱིར། །འཁོར་བ་མི་བཏང་ཕྱིར་དང་ནི། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། ། ་མཚན་དང་དཔེ་བྱས་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་རབ་ཏུ་སྦྱོར། །གང་ཟག་དེ་ན་ཆོས་རྣམས་ཀྱི། །དངོས་མེད་འདིར་ནི་སྟོང་པ་ཉིད། །དེ་མེད་པ་ཡི་དངོས་ཡོད་པ། །དེ ་བཞིན་དེར་ནི་སྟོང་པ་ཉིད་ཅེས་སོ། །རྣམ་པར་རྟོགས་པའི་རྣམ་པར་གཡེང་བ་བཅུ་བསལ་བས་བསྒོམས་པ་རྟོགས་པར་བྱའོ། །ཞེས་བརྗོད་པ་ཡིན་ན། རྣམ་པར་རྟོག་པའི་རྣམ་པར་གཡེང་བ་རྣམ་པ་བཅུ་པོ་དེ་དག་ནི་གང་དག ་ཡིན་ལ་དེ་དག་བསལ་བ་ཡང་ཇི་ལྟར་ཡིན་ཞེ་ན། དེས་ན་བརྗོད་པ་ནི་སེམས་ཀྱི་རྣམ་པར་གཡེང་བ་བཅུས་ཞེས་བྱ་བ་ལ་སོགས་པས་སོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བར་རྣམ་པ་བཅུ ་ནི་འདི་ལྟ་སྟེ། དངོས་པོ་མེད་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། དངོས་པོའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། སྒྲོ་འདོགས་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ ་པར་གཡེང་བ་དང། སྐུར་པ་འདེབས་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། གཅིག་ཉིད་ཀྱི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། དུ་མའི་རྣམ་པར་རྟོག་པའི་རྒྱུ་མཚན་ཅན ་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། ངོ་བོ་ཉིད་ཀྱི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། ཁྱད་པར་གྱི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། མིང་ཇི་ལྟ་བ་བཞིན་པའི་དོན་གྱི ་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་དང། དོན་ཇི་ལྟ་བ་བཞིན་མིང་ཡིན་པའི་རྒྱུ་མཚན་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་སྟེ། དེ་ལྟ་བུའི་སེམས་ཀྱི་རྣམ་པར་གཡེང་བ་འདི་དག་བཅུས་གཞན་ལས་ཏེ། ་གཉིས་སུ་མེད་པ་དེ་ལས་སེམས་ནི་སྟེ་བསམ་པ་རྣམ་པར་གཡེང་བ་སྟེ། བྱེ་བྲག་ཏུ་གཡེང་བས་རྣམ་པར་གཡེང་བ་སྟེ། སྲིད་པའི་ལོངས་སྤྱོད་ལ་སོགས་པ་རྣམས་པ་འཕྱོ་ཞིང་འཕྱན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལས ་ཀྱང་སེམས་དེ་བསྐལ་བ་མེད་པར་འགྱུར་རོ། །སུ་དག་གིས་ཤེ་ན། །བརྗོད་པར་བྱིས་པ་རྣམ་པ་ལ་ཞེས་བྱའོ། །བྱིས་པ་ཞེས་བྱ་བ་ནི་སྤང་བ་དང་བླང་བྱའི་དེ་ཁོ་ན་མི་ཤེས་པ་ལ་བརྗོད་དོ། །གང་ལ་སྐལ་བ་མེད་ཅེ་ན། བརྗོད་པ་གཉིས་ཀྱི ་ཡེ་ཤེས་བསྒྲུབ་པའི་ཞེས་བྱ་སྟེ། གང་ལ་གཉིས་ཡོད་པ་མ་ཡིན་པ་དེ་ནི་གཉིས་མེད་དོ། །གཉིས་མེད་ཀྱང་དེ་ཡིན་ལ་ཡེ་ཤེས་ཀྱང་དེ་ཡིན་པས་གཉིས་མེད་ཡེ་ཤེས་ཏེ་དེ་སྒྲུབ་པ་སྟེ་བསྒྲུབ་པ་དང་དེས་པ་དང་ཡོངས ་སུ་གྲུབ་པ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་བསྒྲུབ་ཞེས་བྱ་བའི་བྱེ་བྲག་ཏུ་བཤད་པ་འདིས་སོ། །འདི་སྐད་དུ་གང་གི་ཕྱིར་སེམས་ཀྱི་རྣམ་པར་གཡེང་བ་འདི་རྣམས་ཀྱིས་སོ་སོ་སྐྱེ་བོ་རྣམས་ཀྱི་སེམས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ ་སོགས་པ་རྣམས་ལ་ཁྱེར་བ་དེས་ན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་བསྒྲུབ་པར་མི་ནུས་སོ། །ཡང་གང་གི་ཚེ་དེ་དག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གེགས་ཡིན་པས་དེའི་ཚེ་བརྗོད་པ་ནི་འདི་ཡིན་ཏེ། དེ་དག་ཅེས་བྱ་བ་ནི་སོགས་པའོ། །དེ་དག ་ཅེས་བྱ་བ་ནི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་འཛིན་ཏོ། །བཟློག་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་གསལ་བའི་ཕྱིར་རོ། །དེ་ཅི་ཞིག་ཅེ་ན། དེའི་ཕྱིར་ཤེས་རབ་ཕ་རོལ་ཕྱིན་གཞུང་ཏེ་ཞེས་གསུངས་སོ། །སྟོང་ཕྲག་བརྒྱ་པ་ལ ་སོགས་པའི་མིང་དུ་བྱས་པའི་བསྟན་པའི་ཆོས་འདི་ཐམས་ཅད་ཀྱང་དོན་འདི་ལྟ་བུ་དང་ལྡན་པ་ཡིན་ནོ། །དེ་དག་ཇི་ལྟར་བཟློག་ཅེ་ན། དེའི་ཕྱིར་བརྗོད་པ་ནི་ཕན་ཚུན་གཉེན་པོ་དང་མི་མཐུན་ཕྱོགས་ཀྱིས་ཞེས་བྱ་བའོ། །ཕན་ཚུན་ཞེས་བྱ་བ་ནི ་གཅིག་ལ་གཅིག་གོ་།གཉེན་པོ་དང་མི་མཐུན་ཕྱོགས་ཞེས་བྱ་བ་ཕན་ཚུན་གནོད་བྱ་གནོད་བྱེད་ཀྱི་དངོས་པོས་སོ། །འདི་ལྟར་དངོས་པོའི་རྣམ་པར་རྟོག་པ་ནི་དངོས་པོ་མེད་པའི་རྣམ་པར་རྟོགས་པ་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཡང་དངོས ་པོའི་རྣམ་པར་རྟོག་པའི་གཉེན་པོ་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །དེ་དག་ཀྱང་གང་དུ་བསྟན་སྙམ་ན་བརྗོད་པ་ནི། དེ་རྣམས་ཀྱང་ནི་བསྡུས་དེ་བསྟན་ཅེས་བྱ་བ་སྟེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་རོ། །དེ་རྣམས་ཞེས་བྱ་བ ་ནི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་རྣམ་པ་བཅུ་པའོ། །བསྡུས་པ་ཞེས་བྱ་བ་ནི་ཡང་དག་པར་བསྡུས་ཤིང་བཟླུམས་ནས་བསྟན་ལ་ཞེས་བྱ་བ་བརྗོད་པ་ཡིན་ནོ། །འདིས་ནི་འདི་སྐད་ཅེས་དེ་ཁོ་ན་མཆོག་མཁྱེན་པའི་དེ་བཞིན་དུ་གཤེགས་པ ་ཡང་དག་པར་བསྡུས་ཤིང་བཟླུམས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསྟན་པ་ཡིན་ནོ། །ཞེས་བྱ་བ་དག་གི་དོན་འདི་བསྟན་པ་ཡིན་ནོ། །ཇི་ལྟར་བསྟན་ཅེ་ན། ?་པ་ནི་སྟོན་པས་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་བྱང་ཆུབ་སེམས ་དཔའ་ཡོད་པས་ན་བྱང་ཆུབ་སེམས་དཔའ་འོ། །བྱང་ཆུབ་སེམས་དཔའ་ཡོད་ཅེས་བྱ་བ་ནི་བདག་པོ་ཞེས་བསྟན་པ་ཡིན་ནོ། །དངོས་མེད་ཀྱི་རྟོག་པའི་གཡེང་བ་ཞེས་བྱ་བ་ནི་དངོས་པོ་མེད་པའི་རང་བཞིན་དུ་རྟོགས་པས་ན་དངོས་པོ་མེད་པའི ་རྟོག་པའོ། །དེ་ཉིད་ནི་གཡེང་བ་ཡིན་ཏེ། ཀུན་ཏུ་རྨོངས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཅི་ཞིག་མཛད་ཅེ་ན། འགོག་པ་ཡིན་ཏེ། སེལ་བ་ཡིན་ནོ། །དེ་སུ་ཞིག་གིས་ཤི་ན། སྟོང་པས་ཏེ་ཉོན་མོངས་པའི་དགྲ་ལས་རྟ?་ཆོས་པའི་ཕྱིར་དང ་ངན་འགྲོའི་འཇིགས་པ་ལས་སྐྱོབ་པའི་བྱེད་པས་སྟོན་པ་སྟེ། དེ་བཞིན་གཤེགས་པས་སོ། །ཇི་ལྟར་ཞེ་ན། ཕུང་པོ་ཀུན་རྫོབ་གཟིགས་པའི་ཕྱིར་རོ། །ཀུན་རྫོབ་པར་ཡོད་པ་ནི་ཀུན་རྫོབ་པའོ། །ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས ་པ་སྟེ། དེ་དག་གཟིགས་?་?་པའི་ཏེ། རྟོག་པའི་རྒྱུའི་ཕྱིར་དངོས་པོ་མེད་པའི་རྣམ་པར་རྟོག་པའི་རྣམ་པར་གཡོབ་བ་སིལ་བར་མཛད་པ་ཡིན་ནོ། །འདི་སྐད་དུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཨི་བསམ་དང་བཅོམ་ལྡན་འདས་ཀྱིས ་ཀུན་རྫོབ་ཀྱི་ཕུང་པོར་གཟིགས་ཤིང་མཁྱེན་ནས་ཆད་པར་ལྟ་བ་སྤངས་པ་འདི་?་དངོས་པོ་མེད་པར་རྟོག་པའི་རྣམ་པར་གཡེང་བ་སེལ་བར་མཛད་པ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་གྱི ་དོན་བརྒྱད་སྟོང་པར་སྦྱོར་བར་བྱེད་པས་བརྗོད་པ་ནི། འདིས་ནི་བརྒྱད་སྟོང་ལ་སོགས་སུ་ཞེས་ལ་སོགས་པའོ། །འདིས་ནི་ཞེས་བྱ་བས་ནི་ཡུམ་གྱི་དོན་བཤད་པས་སོ། །བརྒྱད་སྟོང་ལ་སོགས་སུ་ཞེས ་བྱ་བའི་སོགས་པའི་སྒྲ་ནི་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཡོངས་སུ་གཟུང་ངོ། །དེར་དང་པོའི་དག་ནས་བརྩམས་ནས་ནི་ཞེས་བྱ་བ་ནི། དང་པོའི་དག་ནི་ཉེ་བར་བཟུང་ནས་སོ། །དེ་ལ་དང་པོའི་དག་ནི་འདི་ཡིན་ཏེ། རབ་འབྱོར ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ནས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་ལྟར་ངེས་པར་འབྱུང་བ་སྤོབས་པར་གྱིས་ཤིག་ཅེས་བྱ་བའོ། །རྫོགས ་པའི་བར་གྱིས་ཞེས་བྱ་བ་རྫོགས་པའི་མཐར་ཐུག་པ་ཇི་སྲིད་པས་སོ། །དགག་བྱ་ཡིན་ཞེས་བྱ་བ་ནི་དངོས་པོ་མེད་པའི་རྣམ་པར་རྟོག་པ་བསལ་ཞིང་བཟློག་པར་བྱ་བའོ། །དངོས་མེད་རྟོག་པ་ཞེས་བྱ་བ་ནི་བར་གྱི་ཚིག་མི་མངོན་པར ་བྱས་པས་དངོས་པོ་མེད་པའི་རང་བཞིན་དུ་རྣམ་པར་རྟོག་ལ་དངོས་མེད་རྟོག་པ་ཞེས་པ་ཞེས་བྱ་བ་ཡིན་ཏེ། ཆད་པའི་རང་བཞིན་ཞེས་བྱ་བའི་དོན་ཏེ། །ཇི་ལྟར་ཞེ་ན་སྒྲུབ་པ་ཡིས་ཞེས་བྱ་བ་ནི་བསྒྲུབས་པས་ནི་བསྒྲུབ་པ་སྟེ། དངོས ་པོའི་རང་བཞིན་ཏེ་བསྒྲུབ་པ་ངེས་སོ། །འདི་སྐད་དུ་ཚིག་དང་པོ་ནས་བརྩམས་ཏེ་ཡོངས་སུ་རྫོགས་པའི་བར་གྱི་བསྒྲུབ་པའི་དག་གང་དག་ཡིན་པའི་གང་དེ་རྣམས་སུ་གྲུབ་པ་རྗེས་སུ་བརྗོད་པར་བྱེད་པ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། བྱང ་ཆུབ་སེམས་དཔའ་དང་བརྒྱ་བྱིན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་འདི་ལྟ་བུ་ལ་སོགས་པ་བརྗོད་པ་དེ་དག་ནི་ཆད་པར་ལྟ་བ་སེལ་བ་ལྷུར་ལེན་པར་རིག་པར་བྱའོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །འདིར་བསྒྲུབ ་པའི་ངག་གི་གནས་རྗེས་སུ་བརྗོད་བཞིན་པ་ཁོ་ན་སྒྲུབ་པའི་སྒས་བརྗོད་པ་ཡིན་ནོ། །བསྒྲུབ་པ་དངོས་པོ་མེད་པའི་རྣམ་པར་རྟོག་པ་སེལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་རིག་པ་གང་གིས་དེས་ཞེ་ན། བརྗོད་པ་ནི་འདི་དག་གཏན་ཚིགས་དང་དག ་མིན་ཏེ། ཞེས་བྱ་བ་ལ་སོགས་པའོ། །གཏན་ཚིགས་ཀྱི་སྒྲས་ནི་རིགས་པ་བརྗོད་པ་ཡིན་ཏེ། འདི་དག་རིགས་པའི་དག་མ་ཡིན་ཞིང་སྒྲུབ་བྱེད་ཀྱི་དག་ནི་མ་ཡིན་གྱི། འོན་ཀྱང་བྱ་བ་ཙམ་ཞིག་སྨོས་པ་ཡིན་ཏེ། དག་འདི་དག་གིས་བྱ་བ་སྟེ་བྱ ་བར་འོས་ཤིང་རྗེས་སུ་བསྒྲུབ་པར་བྱ་བ་སྨོས་པ་ཡིན་ཏེ། བརྗོད་པ་ཡིན་ནོ། །གལ་ཏེ་དོན་རིགས་པས། འཐད་པ་མ་ཡིན་ན། འོ་ན་ཇི་ལྟར་རྟོག་པ་དོན་དུ་བྱེད་པ་རྣམས་ཡོངས་སུ་ཚིམ་པར་བྱེད་ཅེ་ན། དེས་ན་བརྗོད་པ་ནི། རིགས་པ་ཚངས་པའི་དྲ་བ ་སོགས་བྱ་བ་ལ་སོགས་པའོ། །ཚངས་པའི་དྲ་བ་ལ་སོགས་པའི་མདོ་དག་ཡིན་པ་སྟེ། སོགས་པའི་སྒྲས་ནི་སྟུག་པོའི་དཀྱིལ་འཁོར་ལ་སོགས་པ་རྣམས་གཟུང་སྟེ། དེ་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་རིགས་པས་གསུངས་པ ་ཡིན་ནོ། །ཀུན་ཏུ་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུའི་དོན་བསྟན་པར་བྱ་བ་རྣམས་སུའོ། །ཤེས་པར་བྱ་བ་ནི་རིག་པར་བྱ་བའོ། །རིགས་པ་ཞེས་བྱ་བ་ནི་ཚད་མའོ། །འདིར་ནི་དེས་པར་གྱུར་པའི་དོན་ཉིད་མངོན་པར་བཞེད་པ་ཡིན་ནོ། ཞེས་བྱ་བ་ནི་དག ་གི་དོན་ཏོ། །དེས་ན་དེ་ལྟར་དངོས་པོ་མེད་པའི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བསལ་བས་དངོས་པོའི་རྣམ་པར་རྟོག་པའི་དགྲ་ཟླ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ནི་ཡང་དེ་ཉིད་འགལ་བའི་སྒོ་ནས་སྟོན་པར་བྱེད་བརྗོད་པ་ནི། བདག་གིས་བྱང་ཆུབ ་སེམས་དཔའ་ནི་མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་མ་མཐོང་ཞེས་བྱ་བས་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉེ་བར་འགོག་པའོ། །ལས་དང་པོ་པ་རྣམས་ཀྱི་བྱང་ཆུབ་སེམས ་དཔའ་ཨི་རང་བཞིན་དུ་ལྷག་པར་ཞེན་པར་བྱས་པ་ནི་དེ་ཁོ་ན་ཉིད་དུ་མ་དམིགས་པའོ། །བདག་གིས་ཞེས་བྱ་བ་ནི་རང་ཉིད་སྟོང་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་མ་མཐོང་ཞེས་བྱ་བ་ལ་སོགས ་པའི་ཚིག་མང་པོ་རྒྱས་རྣམས་ཀྱིས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དང་དེ་ལྟ་བུའི་རང་བཞིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་སོ། །བསྟན་པ་འདིས་ཀྱང ་དངོས་པོར་ཀུན་རྟོག་གི་འཁྲུལ་པ་འགོག་པར་མཛད་པ་ཡིན་ནོ། །དངོས་པོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །དེའི་ཀུན་ཏུ་རྟོགས་པ་ནི་དངོས་པོར་ཀུན་ཏུ་རྟོག་པ་སྟེ། ཇི་ལྟ་བ་མ་ཡིན་པའི་དོན་ལ་དོན་ཇི་ལྟ་བ་ཉིད་དུ་ལྷར ་པར་ཞེན་པའོ། །དེ་ཉིད་ནི་འཁྲུལ་པ་རྣམ་པར་འཁྲུལ་པ་ཡིན་ཏེ། དོན་དམ་པར་བསྟན་པ་ཉིད་ཡིན་པའི་ཕྱིར་རོ། །སེལ་བར་བྱེད་པ་སུ་ཞིག་ཡིན་ཞེ་ན། བཅོམ་ལྡན་འདས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས ་པའོ། །ཇི་ལྟར་ཟློག་པར་བྱེད་ཅེ་ན། བརྗོད་པ་ནི་གང་ཕྱིར་མིང་ཡང་མ་མཐོང་ཞིང་ཞེས་བྱ་བ་ལ་སོགས་པའོ། །གཏན་ཚིགས་གང་གི་ཕྱིར་མ་མཐོང་ཞིང་མ་དམིགས་པའོ། །ཅི་ཞིག་མ་མཐོང་ན་མིང་ཡང་སྟེ། བྱང་ཆུབ་སེམས ་དཔའ་ཞེས་བྱ་བའི་མིང་གང་ཞིག་མིང་དུ་བཏགས་པ་དེ་ཡང། ཤེས་རབ་ཀྱིས་མ་དམིགས་པའོ། །ཡང་ན་སྒྲས་ནི་གཞན་ལྟ་རེ་ཞིག་ཞོག་སྟེ། ཞེས་བསྟན་ཏོ། །ཡིད་འབའ་ཞིག་ཏུ་ནི་མ་ཟད་དེ་སྤྱོད་ཡུལ་ཡང་མི་དམིགས་སོ། །སྤྱོད ་ཡུལ་ཞེས་བྱ་བ་ནི་ཡུལ་ལ་བརྗོད་ལ། དེ་ལ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་བྱ་བ་ཡང་མ་དམིགས་སོ་ཞེས་རྗེས་སུ་འཇུག་གོ་།བྱ་བ་ནི་ཀུན་ཏུ་སྦྱོར་བ ་སྟེ་རྗེས་སུ་བསྒྲུབ་བྱེད་ཀྱིས་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ཕུང་པོ་རྣམས་ཀྱང་ཤིན་ཏུ་རྣམ་པར་དག་པའི་བློས་ཀུན་ནས་མ་དམིགས་སོ། །ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །ཀུན་ནས་ཞེས་བྱ་བ་ནི་རྣམ་པ་མཛའ་དག་གི ་སྒོ་ནས་མ་རྟོགས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེས་ན་བྱང་ཆུབ་སེམས་དཔའ་མཐོང་བ་མང་ངོ། །འདིས་ནི་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པའི་ཡེ་ཤེས་ཀྱིས་བྱིས་པ་རྣམས་ཀྱིས་བཏགས་པའི་མིང་དང་སྤྱོད་ཡུལ ་ལ་སོགས་པ་རྣམས་མ་གཟིགས་ཤིང་མི་དམིགས་པ་དེའི་ཕྱིར་ན་ཡོངས་སུ་མ་རྫོགས་པ་རྣམས་དངོས་པོར་མངོན་པར་མ་ཞེན་པ་ལ་སྦྱོར་བའི་དོན་དུ་དངོས་པོ་མེད་པའི་རྣམ་པར་རྟོག་པ་དངོས་པོ་མེད་པ་རྣམ་པར་རྟོག་པའི་དགྲ་བཅོམ་པ་ཉིད ་དུ་བརྗོད་པ་ཡིན་ནོ། །ཞེས་བྱ་བའི་བསྡུས་པའི་དོན་འདི་བརྗོད་པ་ཡིན་ནོ། །གལ་ཏེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་མེད་པ་ཉིད་ཡིན་ན། འོ་ན་དེའི་ཚེ་དག་དང་པོ་དང་འགལ་ལོ་ཞེ་ན། དེའི་ཕྱིར་བརྗོད་པ་ནི། འདི་ནི་བཏགས་པ ་འགོག་པ་ཡིན། ཞེས་བྱ་བ་ལ་སོགས་པའོ། །བཏགས་པ་ཞེས་བྱ་བ་ནི་མཐོང་བ་ཕྱིན་ཅི་ལོག་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་བ་ཆད་ཉིད་དུ་བཏགས་པ་གང་ཡིན་པ་དེ་འགོག་པ་ཡིན་གྱི་ཤིན་ཏུ་རྣམ་པར ་དག་པའི་ཤེས་པ་ཡང་འགོག་པ་ནི་མ་ཡིན་ཞེས་འདོད་པའོ། །དེ་འདྲ་ཞེས་བྱ་བ་དེ་ལྟའོ། །བསྡུས་པ་ནི་ལྟ་བ་སྟེ། ཞེས་བྱ་བ་ནི་བསྡུས་པ་མཛད་པའི་ལྟ་བ་སྟེ། དེའི་བསམས་པའོ། །འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་དོན་བསྡུས་པའི་ལྟ་བ་སྟེ་ངེས་པ་དང་རྟོག་པར་ཞེས་བྱ་བའི་དོན་ཏོ། །དེས་ན་འདིས་ནི་ཡིད་ཆེས་པས་ངས་པར་བྱ་བའི་དོན་ཡིན་ནོ། །ཞེས་སྟོན་པ་ཡིན་ནོ། །འདི་ཉིད་རིགས་པས་བསྟན་པར་བྱེད་པས་བརྗོད་པ་ནི། ཤེས་བྱ་ཉིད་དུ ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །ཤེས་བྱ་ཉིད་དུ་ཞེས་བྱ་བ་ནི་ཡོངས་སུ་བཅད་པར་བྱ་བ་ཉིད་དུའོ། །ཞུགས་པ་ནི་ཆུང་པའོ། །གང་དུ་ཞེ་ན། བློར་ཏེ། བློ་ཞེས་བྱ་བར ་རྟོགས་པར་རོ། །ཞུགས་པ་དེ་ཅི་ཞིག་ཅེ་ན། རྣམ་པ་ཞེས་སྨྲས་སོ། །རྗེས་སུ་བྱེད་པས་རྣམ་པ་སྟེ། དེར་སྣང་བའོ། །རྣམ་པ་དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། བརྟགས་པ་ཞེས་བྱ་བ་ནི་ལན་ཏེ། རྟོགས་པས་རྣམ་པར་བསྒྲུབས ་པ་ཡིན་གྱི་དེ་ཁོ་ན་ཉིད་མ་ཡིན་ནོ། །འདིས་ནི་འདི་སྐད་དུ། གང་གི་ཕྱིར་ཕྱིའི་དོན་ཐམས་ཅད་ཀྱང་ཚད་མ་དག་གིས་སྤྱད་ན་རྡུལ་ཕྲ་རབ་ལ་སོགས་པའི་རང་བཞིན་དུ་མི་འཐད་པ་ཡིན་ཏེ། དེས་ན་ཤེས་པའི་བདག་ཉིད་ལ་ཡང་གནས ་རྣམ་པ་གང་ཡིན་པ་འདི་ནི་ཐམས་ཅད་ཀྱང་བཏགས་པ་ཡིན་ནོ། །ཞེས་ངེས་པར་སྟོན་པ་ཡིན་ནོ། །དོན་འདི་ཉིད་ཇི་ལྟར་རྙེད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ནི་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས ་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། གཙོ་བོ་དང་ཕལ་བའོ། །དེ་ལ་གཙོ་བོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་དབེན་པའོ། །ཕལ་པ་ནི་བྲིས་པའི་ཡི་གེ་དང་མིང་ལ་སོགས་པ་བསྟན་པའི་རང་བཞིན་ནོ ་དེ་ལ་བསྟན་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་རོ། །བསྟན་པ་ཞེས་བྱ་བ་ནི་ཆོས་བསྟན་པ་སྒྲ་དང་དོན་གྱི་ངོ་བོར་བྱས་པའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །ཇི་ལྟར་བྱས་པ་ཞེ་ན། བརྗོད་པ་ནི་གསུམ་ལ་ཡང ་དག་བརྟེན་ཅེས་བྱ་བ་ནི་གསུམ་པོ་ལ་བརྟེན་པར་བྱས་པའོ། །གསུམ་པོ་དེ་གང་ཞེ་ན། བརྗོད་པ་ནི་བརྟགས་པ་དང་ནི་གཞན་དབང་དང། །ཡོངས་སུ་བསྒྲུབ་པ་ཞེས་ཁོ་ནའོ་ཞེས་བྱ་བའོ། །དེ་ལ་བརྟགས་པ་ཞེས་བྱ་བ་ནི་སྔོན་པོ་ལ ་སོགས་པ་གང་ཞིག་ཡོངས་སུ་མ་དག་པའི་ཤེས་པ་ལ་གཟུང་བ་དང་འཛིན་པ་ཐ་དད་པར་སྣང་བ་དེ་ལ་བརྗོད་དེ། བྱིས་པ་རྣམས་ཀྱིས་བརྟགས་པའི་ཕྱིར་རོ། །གཞན་གྱི་དབང་ཞེས་བྱ་བ་ནི་གང་ཞིག་གཉིས་མེད་པའི་ཤེས་པ་ལ ་རང་གི་ངོ་བོར་རྣམ་པར་གནས་པ་ན་མ་རིག་པའི་དབང་གིས་ན་གཉིས་སུ་སྣང་བ་སྟེ། དེ་ནི་མ་རིག་པའི་གཞན་གྱི་དབང་ཡིན་པའི་ཕྱིར་ན་གཞན་གྱི་དབང་ཞེས་བརྗོད་དོ། །ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམ་པས་དབེན ་པའི་རྟོག་པ་གང་ཡིན་པ་འདི་ཡིན་ཏེ། དེ་ནི་ཡོངས་སུ་གྲུབ་པས་ན་ཡོངས་སུ་གྲུབ་པ་ཞེས་བརྗོད་དོ། །ཇི་ལྟར་ན་བསྟན་པ་གསུམ་ལ་བརྟེན་ཅེ་ན། སྦྱོར་བར་བྱེད་པས་བརྗོད་པ་ནི། མེད་ཅེས་བྱ་བ་ལ་སོགས་ཚིག་གིས། བརྟགས་པ ་ཐམས་ཅད་འགོག་པ་སྟེ། ཞེས་བྱ་བ་ལ་སོགས་པའོ། །མེད་ཅེས་བྱ་བ་སྟེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་བསྟན་པའི་ཚིག་གིས་རྣམ་པ་རྣམས་ཀྱིས་སོ། །སོགས་པའི་སྒྲས་ནི་དགག་པར་རྗོད་པར་བྱེད་པ་གཞན་གྱིས ་ཀྱང་བྱེད་པ་ཡིན་ནོ། །བརྟགས་པ་ཐམས་ཅད་འགོག་པ་སྟེ་ཞེས་བྱ་བ་ནི་མ་ལུས་པའོ། །བརྟགས་པ་ཞེས་བྱ་བ་ནི་རྟོག་པས་བཟོས་སྦྱར་བའོ། །འགོག་པ་སྟེ་ཞེས་བྱ་བ་ནི་སེལ་བར་བྱེད་པའོ། །གཞུང་འདིས་ནི་འདི་སྐད་ཅེས་བྱ་བ་ནི ་འདིར་དགག་པའི་ཚིག་ཐོས་པ་གང་ཡིན་པ་དེ་དག་གིས་ནི་བརྟགས་པའི་དངོས་པོ་མཛའ་དག་འགོག་པར་བྱེད་པར་ཁོང་དུ་ཆུད་པར་བྱའོ། །ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྒྱུ་མ་ལ་སོགས་དེ་རྣམས་ཀྱིས། །གཞན་གྱི་དབང ་ནི་ཡང་དག་བསྟན་ཅེས་བྱ་བ་ལ་སྒྱུ་མ་ནི་མིག་འཕྲུལ་ལ་སོགས་པ་སླུ་བར་བྱེད་པའི་བདག་ཉིད་ཅན་ཏེ། དཔེ་ཞེས་བྱ་བ་ཉེ་བར་འཇལ་བར་བྱེད་པའི་བདག་ཉིད་ཅན་ཏེ། དཔེ་ཞེས་བྱ་བ་ཉེ་བར་འཇལ་བར་ཕྱེད་པ་ཆོས་མཐུན་པ་དེ་ལྟ་བུ ་རྣམས་ཀྱིས་སོ། །སོགས་པའི་སྒྲས་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པའོ། །དཔེ་དེ་རྣམས་ཀྱིས་ཡིན་པ་དེས་ན། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས་གང་དུ་ཡང་དག་བསྟན་པ་ཐོས་པ་དེ་ནི་གཞན་གྱི་དབང་ཡིན་པར ་རྟོགས་པར་བྱའོ། །འདི་སྐད་དུ་གང་དུ་སྒྱུ་མ་ལ་སོགས་པ་དཔེར་བྱས་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་མཛད་པ་དེར་ནི་གཞན་གྱི་དབང་གི་ངོ་བོར་བརྗོད་པར་དེས་པར་བྱའོ། ཞེས་བརྗོད་པ་ཡིན་ནོ། །ཡོངས་སུ་གྲུབ་པའི་རང་བཞིན་བསྟན་པ ་ཇི་ལྟར་མཛད་ཅེ་ན། སྟོན་པར་མཛད་པས་བརྗོད་པ་ནི། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་བསྒྲགས། །ཞེས་བྱ་བའོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རབ་ཏུ་བསྒྲགས་ཤིང་བཤད་པར་མཛད་པ་ཡིན་ནོ། ་ཇི་ལྟར་ཞེ་ན། རྣམ་པར་བྱང་བ་བཞི་ཡིས་ནིའོ། །བཞི་ཞེས་བྱ་བ་ནི་རྣམ་པ་བཞིའོ། །རྣམ་པར་བྱང་བ་ཞེས་བྱ་བ་ནི་རྣམ་པར་དག་པའོ། །རྣམ་པར་བྱང་བར་བྱེད་པས་ན་རྣམ་པར་བྱང་བ་སྟེ་རྣམ་པའོ། །རྣམ་པར་བྱང་བ་ཡང་ཡིན ་ལ་བཞི་ཡང་ཡིན་པས་རྣམ་པར་བྱང་བ་བཞིའི་འདི་ལྟ་སྟེ། རང་བཞིན་གྱིས་རྣམ་པར་བྱང་བ་དང། དྲི་མ་མེད་པའི་རྣམ་པར་བྱང་བ་དང། དམིགས་པའི་རྣམ་པར་བྱང་བ་དང། རྒྱུ་མཐུན་པའི་རྣམ་པར་བྱང་བའོ། །དེ་ལ་རང་བཞིན་གྱིས་རྣམ་པར་བྱང་བ་བརྗོད་པ་ཐམས་ཅད ་ཀྱི་ཡང་ལྷག་མར་གྱུར་པ་ནི་གཉིས་མེད་པའི་རྟོགས་པ་སྟེ། རང་བཞིན་ཏེ་རང་གི་ངོ་བོ་བཅོས་བུ་མ་ཡིན་པ་བདག་ཉིད་ཀྱི་རང་བཞིན་ཁོ་ནས་དའི་བདག་ཉིད་ཡིན་པའི་ཕྱིར་ནོར་བུ་རིན་པོ་ཆེ་བཞིན་ནོ། །གང་ལ་དགོངས་ནས་བཅོམ་ལྡན་འདས ་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན། ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དང་འདྲ་བ་སྟེ། ངོ་བོ་ཉིད་མེད་པ་ལ་སོགས་པ་གསུངས་པའོ། །དྲི་མ་མེད་པའི་རྣམ་པར་བྱང་བ་ཡང་བརྗོད་པ་གཉེན་པོའི ་ལམ་ནི་བསྒོམ་པའི་སྟོབས་ཀྱིས་རྣལ་འབྱོར་པ་རྣམས་ལ་གཉིས་མེད་པའི་ཤེས་པ་སྐྱེས་པ་གང་ཡིན་པ་དེ་ནི་དྲི་མ་མེད་པའི་རྣམ་པར་བྱང་བ་སྟེ། དྲི་མ་མེད་པ་སྟེ་དྲི་མ་དང་བྲལ་པ་ཉིད་ཀྱིས་རྣམ་པར་བྱང་ཞིང་རྣམ་པར་དག་པ་ཞེས་བྱ་བའི་ཚུལ ་གྱིས་སོ། །གང་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཡང་དག་པའི་མཛའ་དང་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པའོ། །དམིགས་པའི་རྣམ་པར་བྱང་བའི་དོན་བརྗོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས ་ཅད་དེ། དེ་ནི་གང་གི་ཕྱིར་དམིགས་པར་བྱ་ཞིང་ཡུལ་དུ་བྱེད་པ་དེས་ན་དམིགས་པ་ཡིན་ནོ། །དེ་ཉིད་ནི་རྣམ་པར་བྱང་བ་ཡིན་ཞིང་རྣམ་པར་དག་པ་ཡིན་ཏེ། དེ་ཐོབ་པར་བྱེད་པ་འམ་དེ་ལ་དམིགས་པར་བྱེད་པའི་ཕྱིར་རོ། །རྒྱུ་མཐུན་པའི་རྣམ ་པར་བྱང་བ་བརྗོད་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བསྟན་པའི་ཆོས་སུ་སྣང་བ་སྟེ། དེའི་རྒྱུ་མཐུན་པའི་ཕྱིར་དང། དེ་ཉིད་ཀྱི་ཕྱིར་རྣམ་པར་བྱང་བ་ཡིན་ཞིང་ཡོངས་སུ་དག་པ་སྟེ། འདྲ་བའི་འབྲས་བུ་ནི་རྒྱུ་མཐུན ་པ་ཞེས་བྱའོ། །དེས་ན་རྣམ་པར་བྱང་བ་རྣམ་པ་བཞི་པོ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ཡོངས་སུ་གྲུབ་པར་བསྟན་པར་མཛད་པ་ཡིན་ནོ། །ཞེས་བྱ་བ་ནི་དག་གི་དོན་ཏོ། །དེ་ལྟར་མཇུག་བསྡུས་པའི་ཚུལ་གྱིས་སྦྱར་བར་བྱས་ནས ་མཇུག་བསྡུ་བ་ཉིད་བྱེད་པ་ནི། ཤེས་རབ་ཕ་རོལ་ཕྱིན་པར་ནི། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲ་དང་དོན་གྱི་ངོ་བོ་བསྟན་པ་ཇི་སྙེད་མཛད་པ་དེ་ཐམས ་ཅད་ཉིད་ནི་རང་བཞིན་གསུམ་པོ་འདི་ཁོ་ནར་གཏོགས་པར་བྱ་སྟེ། གཞན་གྱི་དབང་ལ་སོགས་པའི་ངོ་བོ་ལས་གཞན་དུ་གྱུར་པ་གཞན་བསྟན་པ་མེད་དེ། གཞན་སྲིད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ནི་བསྡུ་བའི་དོན་ཏོ། །འདིར་ནི་གང་དུ་སྒྱུ་མ་ལྟ་བུ ་ལ་སོགས་པའི་དཔེས་བསྟན་ནས་བརྟན་པ་མཛད་པ་དེར་གཞན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བ་འདི་ངེས་པ་ཡིན་གྱི་གང་དུ་གཞན་གྱི་དབང་བསྟན་པ་དེར་སྒྱུ་མ་ལ་སོགས་པ་དཔེ་ཡིན་ནོ། །ཞེས་བྱ་བ་འདི་ནི ་ངེས་པ་མ་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་སྟེ་གང་དུ་དགག་པའི་སྒོ་ནས་བསྟན་པའི་མཛད་པ་དེར་བརྟགས་པ་ཉིད་བསྟན་གྱི་གཞན་མ་ཡིན་ནོ་ཞེས་ངེས་ཀྱི་གང་དུ་བརྟགས་པ་སྟོན་པ་དེར་དགག་པའི་སྒོ་ཁོ་ན་ནས་ཡིན་ནོ་ཞེས་བྱ ་བའི་ངེས་པ་འདི་ནི་ཡོད་པ་མ་ཡིན་ཏེ། སྒྲུབ་པའི་སྒོ་ནས་ཀྱང་སྲིད་པའི་ཕྱིར་རོ། །གྲུབ་པ་ལ་ནི་ངེས་པ་མེད་པ་ཁོ་ནས་ཇི་ལྟར་སྲིད་པ་བཞིན་དུ་རྣམ་པར་འཇོག་པ་ཡིན་ནོ། །དེ་ལ་དེ་ལྟར་བསྟན་པ་རྣམ་པར་གནས་པ་ཡིན་ན། བརྗོད་པ་ནི ་འདི་ཡིན་ཏེ། ཀུན་རྟོག་གཡེང་བ་རྣམ་བཅུ་ཡི་ཞེས་བྱ་བ་ལ་སོགས་པའོ། །གང་དུ་ཀུན་ཏུ་རྟོག་པའི་གཡེང་བ་རྣམས་ཀྱི་མི་མཐུན་ཕྱོགས་བསྟན་ཚུལ་ལ་ནི་ཞེས་བྱ་བ་འགལ་བའི་ཕྱོགས་ཏེ་གཉེན་པོ་ཞེས་བྱ་བའི་དོན་ཏེ། བསྟན ་པའི་ཚུལ་དེ་ལ་བརྟགས་པ་དང་གཞན་དབང་དང་ཡོངས་སུ་གྲུབ་པ་གསུམ་པོ་རྣམས་ཀྱིས་བསྡུས་པ་དང་སོ་སོ་བ་བརྗོད་པར་ནི་ཤེས་པར་བྱ་སྟེ་ཞེས་བྱ་བ་ལ་བརྟགས་པ་དང་གཞན་དབང་ལ་སོགས་པ་མཚན་ཉིད་བྱས་ཟིན་པ་རྣམས་ཀྱི ་ཁ་ཅིག་ཏུ་ན་བསྡུས་པའི་ཚོགས་པ་རྣམས་དང། ཁ་གཅིག་ཏུ་ནི་རེ་རེ་འམ་གཉིས་གཉིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འདིར་བརྗོད་པར་ནི། ཤེས་པར་བྱ་སྟེ་ཞེས་བྱ་བ་གསལ་བར་བྱས་པར་ངེས་པར་བྱ་བའོ། །ཡང་རྟགས་ལ་སོགས ་པ་བསྡུས་པ་རྣམ་གང་དུ་བསྟན་སྙམ་དུ་དོགས་པ་བསུ་ནས་བརྗོད་པ་ནི་དཔེར་ན། ཞེས་བྱ་བ་ལ་སོགས་པའོ། །དཔེར་ན་བརྒྱད་སྟོང་པ་ཉིད་ཀྱི་དག་དང་པོར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ནས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བའི་ངག་ཡིན་པ་འདི་ལྟ་བུའི ་ངག་དང་པོ་འདིར་ཡོང་གྲུབ་དང་གཞན་དབང་དང་རབ་ཏུ་བརྟགས་པ་ཇི་སྐད་བཤད་པའི་མཚན་ཉིད་ཅན་བསྡུས་པ་རྣམས་ཁོ་ནས་ཡོངས་སུ་གྲུབ་པ་ལ་སོགས་པའི་རང་བཞིན་གྱིས་དངོས་པོ་ནི་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ཅན་གྱི་རྣམ་པར་གཡེང ་བ་བཅོམ་ལྡན་འདས་ཀྱིས་སེལ་བ་བཞིན་ནོ། །ཡང་དག་དང་པོར་འདི་ཅི་ནས་དོན་གསུམ་བསྟན་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་ཇི་ལྟར་ཤེས་ཞེ་ན། གང་གི་ཕྱིར་དག་བསྡུས་པའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངེས་པར་འབྱུང་བར་ཞེས་འགྲོ་བ་དང་ངེས་པར་འབྱུང་བ་ཐོབ་པ་འམ་ཡང་ན་འཇུག་པ་ཞེས་བསམས་ཏེ། ཁམས་རྣམས་ཀྱི་དོན་ནི་དེ་མ་ཡིན་པའི་ཕྱིར། ཡང་ན་ངེས་པར་གྱུར་ཅིག་ཅེས ་དོན་ཉིད་པ་ནི་སྨན་པ་བྱུང་ཟིན་པ་བཞིན་ལེགས་ཞེས་བྱ་བ་ཡུའི་སྒྲ་བརྗོད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱུང་བ་དེ་ལྟར་སྨོན་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ནས་ནི། ཡུལ་དུ་བྱས་ནས་རབ་འབྱོར་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ཡིན་ནོ། །དེ་ལྟར་སྤོབས་པར་གྱིས་ཏེ་ཤེས་རབ་ཀྱིས་སྤོབས་པར་བྱོས་ཤིག་ཅེས་བྱ་བ་གྱིས་ཤིག ་པའོ། །སྤོབས་པར་བྱས་ཤིག་ཅེས་བྱ་བས་གནང་བ་བྱོས་ཤིག་པ་འདིས་ནི་གཞན་གྱི་དབང་བརྗོད་པར་མཛད་དོ། །རབ་འབྱོར་ཅེས་བྱ་བ་ལ་སོགས་པ་རྣམས་དོན་ཉིད་དུ་བསྟན་པས་ནི་བརྟགས་པ་བརྗོད་པའོ། །ཅི་ནས་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངེས་པར་འབྱུང་བ་ཞེས་བྱ་བ་འདིས་ནི་ཡོངས་སུ་གྲུབ་པ་བརྗོད་པ་མཛད་པ་ཡིན་ནོ། །གཏན་ཚིག་གང་གི་ཕྱིར་དོན་གསུམ་པོ་རྣམས་བསྡུས་པ ་དང་སོ་སོ་བ་ཡང་སྲིད་ལ། དེས་སངས་རྒྱས་དེ་བཞིན་དུ་ཞེས་བྱ་བ་ཡིན་ཏེ། གཏན་ཚིགས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འདིར་བྱིས་པ་རྣམས་ཀྱིས་དོན་གྱི་ངོ་བོར་ལྷག་པར་ཞེན་པར་བྱས་པའི་བརྟགས་པ་ལ། ཤེས་བར ་བྱ་ཞིང་རྟོགས་པར་བྱའོ། །དེ་གང་ཞེ་ན། གསལ་བར་ཏེ་བཀག་པར་རྟོགས་པར་བྱའོ། །རྗོད་པར་བྱེད་པ་གང་གིས་ཤེ་ན། །དེས་ན་བརྗོད་པ་ནི་སངས་རྒྱས་དེ་བཞིན་དུ་བྱང་ཆུབ་མ་ཐོབ་པར་བརྗོད་པ་སྟེ། ཇི་ལྟར་གནས་པའི་དོན་རྣམས ་རྟོགས་པའི་ཕྱིར་སངས་རྒྱས་སོ། །བྱང་ཆུབ་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་མཚན་ཉིད་དོ། ཞེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཟུང་ངོ། །དེས་ན་འདི་ན་ཡོད་པ ་གང་ཡིན་པའི་བརྗོད་པར་བྱེད་པ་དེ་དག་གིས་ནི་དེ་ལས་བཟློག་པའི་ཕུང་པོ་ལ་སོགས་པའི་རང་བཞིན་དུ་བཏགས་པ་གང་དག་ཡིན་པ་སངས་རྒྱས་ལ་སོགས་པ་དེ་དག་ལ་དེ་ལྟར་བརྗོད་པ་ཡིན་ནོ། །གང་ནས་མཚམས་བཅད་པས ་ཤེ་ན། བརྗོད་པ་ནི་ཡོངས་སུ་རྫོགས་པའི་བར་གྱིས་ཞེས་བྱ་བ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཡོངས་སུ་རྫོགས་པའི་བར་ཇི་སྙེད་པས་སོ། །སངས་རྒྱས་དེ་བཞིན་དུ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་འདིས་ནི ་དངོས་པོའི་རྣམ་པར་བརྟགས་པར་ཤེས་པར་བྱའོ། །ཡང་ཅིའི་ཕྱིར་བརྟགས་པ་ཁོ་ན་བཀག་པ་ཡིན་གྱིས་ཡོངས་སུ་གྲུབ་པ་མ་ཡིན་ཞེ་ན། བརྗོད་པ་ནི་ངོ་བོས་སྟོད་པའི་གཟུགས་རྣམས་ལ་ཞེས་བྱ་བ་ལ་སོགས་པའོ། །ངོ ་བོས་ཏེ་རང་བཞིན་གྱིས་སྟོང་པའི་རང་བཞིན་ལ་དེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ལ་ཤེས་པའི་རྣམ་པ་གང་ཡིན་པ་འདི་ཉིད་གཟུང་བའི་ཆའི་རང་བཞིན་ཉིད་གྱིས་ཕྱི་རོལ་བདེན་པ་ཉིད་དུ་བསལ་བ་ཡིན་ལ་།དེ་ཡང་དེ་ལྟར་སྣང་བ་ནི་སྒྲོ་བཏགས ་ཤིང་ལྷག་པར་སྒྲོས་སྦྱར་བ་ཀུན་བཏགས་པར་འགྱུར་ལ། བརྟགས་པ་གང་ཡིན་པ་དེ་ཡང་གང་དུ་འམ་གང་གིས་སམ་ཇི་ལྟར་ཡོད་པར་འགྱུར་བ་ཡིན། འདིས་ནི་ཇི་སྐད་དུ་གཟུང་བའི་ཆ་ནི་ལ་ལར་རང་བཞིན་གང་གིས་ཀྱང་མིའི་རང་བཞིན་དུ ་དོན་དམ་པར་ཡོད་པ་མ་ཡིན་པ་དེས་ན་དགག་པ་འདིས་ནི་བརྟགས་པ་ལ་ཡིན་ཏེ། དེ་དོན་དམ་པར་ཡོད་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་སྒྲ་ནི་གཏན་ཚིགས་ཀྱི་དོན་ལ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་དག་གཞན་རྣམས ་ལ་ཡང་དེ་ལས་གཞན་འགོག་པ་གཙོར་བྱེད་པ་རྣམས་ཡང་དེ་བཟློག་པར་ཞེས་བྱ་བ་དེ་འགོག་པ་སྟེ། བརྟགས་པ་དེ་སེལ་བར་ཤེས་བར་བྱ་སྟེ། ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཐམས་ཅད་ཀྱིས་ནི་སྒྲོ་འདོགས་པའི་རྟོགས་པ་སེལ་བར ་ཤེས་པར་བྱའོ། །ང་ནི་སྐུར་པ་འདེབས་པའི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་རྣམས་སྟོང་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་བརྗོད་པས་འགོག་པར་བྱེད་དོ། །གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་དུ་བཅོམ་ལྡན་འདས ་ཀྱིས་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པས་དེ་འདྲའི་དག་ནི་སྟོང་པ་སྟོང་པ་ཉིད་ཀྱིས་སྟོང་པ་ཡིན་ནོ་ཞེས་བྱ་བ་སྟོང་པ་ཉིད་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དངོས་པོ་སྒྲུབ་པར་བྱེད་པ་སྐུར་པ་འདེབས་པའི་རྣམ་པར་རྟོག ་པ་རྣམ་པ་ཐམས་ཅད་དུ་སྟེ། རྣམ་པ་ཐམས་ཅད་དུ་འགོག་པར་བྱེད་པ་སྟོན་པ་ཉིད་ཀྱིས་ནི་མི་སྟོང་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་རང་བཞིན་གྱིས་སེལ་བ་ཞེས་བྱ་བ་ཟློག་པར་བྱེད་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་བཀའ་སྩལ་ཏོ། ཚིག་འདི ་འབའ་ཞིག་གིས་སྐུར་བ་འདེབས་པའི་རྣམ་པར་རྟོག་པ་འགོག་པ་ནི་མ་ཟད་དེ། དེ་བཞིན་དུ་སངས་རྒྱས་སྒྱུ་དང་དེ་བཞིན་རྨི་ལམ་འདྲ་ཞེས་བྱ་བའི་ཚིག་གིས་ཀྱང་སྐུར་པ་འདེབས་པའི་རྣམ་པར་རྟོག་པ་སྤོང་བར་བྱའོ། །དེ་བཞིན ་གྱི་སྒྲ་ནི་སྔ་མ་དང་སྦྱར་བའི་དོན་ཏོ། །སྒྱུ་འདྲ་ཞེས་བྱ་བ་ནི་སྒྱུ་མས་དཔེར་བྱས་པ་གང་ལ་ཡོད་པ་ནི། སྒྱུ་འདྲ་སྟེ་སྒྱུ་མ་ལྟ་བུའོ། །སུའི་ཡིན་ཞེ་ན། །སངས་རྒྱས་སོ། །སངས་རྒྱས་དེ་ནི་སྒྱུ་འདྲ་ཞེས་བྱ་བས་ཀྱང་སྟེ། ཀྱང་གི་སྒྲ་ནི་བསགས ་པའི་དོན་ཏོ། །རྨི་ལམ་དང་ཡང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ་།གང་གི་ཕྱིར་སངས་རྒྱས་ཀྱི་སྒྲས་ནི་གཉིས་མེད་པའི་ཡེ་ཤེས་བརྗོད་ལ། དེ་ཡང་སོ་སོའི་སྐྱེ་བོ་ལ་སོགས་པའི་ཤེས་པ་ལ་ཡང་རང་བཞིན་གྱིས་ཡོད་མོད་ཀྱི། འོན་ཀྱང་མ ་རིགས་པའི་སྒྱུ་མས་བསྒྲིབས་པའི་རང་བཞིན་ཅན་ནི་བྱིས་པ་རྣམས་ལ་ལི་སྣང་བར་ཟད་དོ། །ཞེས་དེ་ལྟར་འདྲེ་བར་བྱེད་པས་སྟོན་པར་བྱེད་པ་ནི་ཚུལ་འདི་ཉིད་ནི་མཁས་རྣམས་ཀྱིས། དག་གཞན་དག་ལའང་ཤེས་པར་བྱ་ཞེས་བྱའོ། །བཤད ་པའི་ཚུལ་འདི་ཉིད་ནི་ཤེས་པར་བྱའོ། །སུ་དག་གིས་ཤེས་ན། མཁས་རྣམས་ཀྱིས་ཏེ། རྣམ་པར་ཤེས་པ་རྣམས་ཀྱིས་སོ། །གང་དུ་ཞེ་ན། དག་གཞན་དག་ལ་ཡང་སྟེ། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་སོགས ་པ་རྣམས་སུ་ཡང་ངོ། །དེར་ཡང་སྐུར་པའི་རྣམ་པར་རྟོགས་པ་སེལ་བ་ཁོ་ནར་རྟོགས་པར་བྱའོ། །ཡང་བརྗོད་པ་ཐེག་པ་འདི་ལྟར་རྟོགས་པར་བྱ་ཞེ་ན། བརྗོད་པ་ནི་གང་གི་ཕྱིར། གཞི་མཐུན་པ་ཡིས་རྒྱལ་བ་ནི། སྒྱུ་མ་ལྟ་བུར་རབ ་བརྗོད་ཅིང་ཞེས་བྱའོ། །གལ་ཏེ་ཡང་ཐམས་ཅད་དུ་གཉིས་མེད་ཀྱི་ཡེ་ཤེས་མེད་པ་ཉིད་ཡིན་ན་དེའི་ཚེ་གཞི་མཐན་པ་ཡིས་བསྟན་པ་མི་འཐད་དོ། །གཏན་ཚིགས་ཅི་སྟེ་ཞེ་ན་སྒྱུ་མ་ལ་སོགས་པ་རྣམས་ནི་མཛའ་གཅིག་ཏུ་མེད་པའི་ཕྱིར ་སངས་རྒྱས་ནི་ཡོད་པ་ཡིན་པའི་ཕྱིར་རོ། །གཞན་ཡང་སྒྱུ་མ་ལྟ་བུ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཀྱང་གཞན་དབང་བརྗོད་པ་སོགས་པའི་སྒྲས་ནི་རྨི་ལམ་ལ་སོགས་པ་གཟུང་ངོ། །ཀྱང་གི་སྒྲས་ནི་གཏན་ཚིགས་ཀྱི་དོན་ཏེ། གང་གི་ཕྱིར་སྒྱུ་མ་ལ ་སོགས་པའི་སྒྲ་རྣམས་ཀྱིས་གཞན་དབང་བརྗོད་ཅིང་གསུངས་ལ། བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། །གཞན་གང་ཞེས་བྱ་བ་ནི་གཞན་གྱི་དབང་དུ་བྱས་ཏེ་མ་རིག་པ་བདག་ཏུ་བྱས་པ་ཞེས་བྱ་བའི་དོན་ཏོ། །གནས་སྐབས་འདི་ལ་བརྟེན ་ནས་ཀྱང་སངས་རྒྱས་སྒྱུ་མ་ལྟ་བུ་ཞེས་བརྗོད་པ་ཡིན་གྱི་རང་བཞིན་གྱིས་རྣམ་པར་བྱུང་བ་ཐམས་ཅད་དུ་ཐམས་ཅད་མེད་པ་མ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་འཐད་དོ། །འདིས་ཀྱང་སེམས་ཅན་ཐམས ་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་མ་ཡིན་ཞིང་གཉིས་མེད་པའི་ཡེ་ཤེས་ཐམས་ཅད་ལ་མེད་དོ་ཞེས་སྐུར་པ་འདེབས་པ་གང་ཡིན་པ་སྐུར་པའི་རྣམ་པར་རྟོག་པ་དེ་གོ་སྐབས་མེད་པར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གལ་ཏེ་དོན་དམ་པར ་གཉིས་སུ་མེད་པའི་ཤེས་པ་དེ་བཞིན་གཤེགས་པ་ཡིན་ན་དེ་ལྟར་སོ་སོ་སྐྱེ་བོའི་ཤེས་པ་ལ་ཡང་དེའི་སྒྲས་བརྗོད་ཅེས་དོགས་པ་བསུ་ནས་བརྗོད་པ་ནི་སོ་སོའི་སྐྱེ་བའི་ཤེས་པ་གང་ཞེས་བྱ་བ་ལ་སོགས་པ་སྟེ། སོ་སོ་སྐྱེ་བོའི་ཤེས་པ་གང ་ཞིག་རང་བཞིན་གྱིས་རྣམ་པར་བྱང་བའི་ངོ་བོ་ཉིད་ཀྱིས་དག་པ་དེ་ལ་སངས་རྒྱས་ཀྱི་སྒྲར་བརྗོད་དེ་བསྟན་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་གཉིས་མེད་པའི་ཤེས་པ་དེ་ལ་སྤྱིར་དེ་ལྟར་བརྗོད་པ་ཡིན་ནོ། །ཡང་ཉེ་བར་བརྟགས་ནས་དེ་ལྟར་བརྗོད་པ་ཡིན་ནོ། ་ཇི་ལྟ་བུར་ཞེ་ན། བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཞིན་ཇི་ལྟར་གཉིས་མེད་པའི་ཤེས་པ་ཡོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཉིད་ལ་སངས་རྒྱས་ཞེས་བརྗོད་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྒྱུ་ཡིན་པ་ཉིད་ཀྱིས་བྱང ་ཆུབ་སེམས་དཔའ་ལ་སངས་རྒྱས་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་སངས་རྒྱས་རྣམས་བཞིན་དུ་སོ་སོའི་སྐྱེ་བོའི་རྣམས་ལ་ཡང་དེ་ལྟ་བུར་གྱུར་པའི་ཤེས་པའི་སྲིད་པ་ཡིན་ན་ཅི་སྟེ་མི་དམིགས་ཤེ་ན། ་བརྗོད་པ་ནི་མ་རིག་པས་ནི་ཞེས་བྱ་བ་ལ་སོགས་པའོ། །སོ་སོའི་སྐྱེ་བོ་དང་འབྲེལ་བའི་རྣམ་པར་ཤེས་པ་ནི་ངོ་བོ་ཉིད་ཀྱིས་གཉིས་མེད་པ་ཡིན་ཡང་མ་རིག་པས་དབང་དུ་བྱས་ཏེ། བདག་ཉིད་ཀྱིར་བྱས་པས་ན་དེའི་རང་གི་རང་བཞིན་ཏེ། ་བདག་ཉིད་ཀྱི་རང་བཞིན་རབ་ཏུ་བསྒྲིབས་ནས། གཉིས་མེད་པའི་རང་བཞིན་ཡིན་ཡང་གཞན་དུ་སྣང་སྟེ་གཉིས་ཀྱི་རང་བཞིན་དུ་སྣང་ངོ། །ཇི་ལྟ་བུར་ཞེ་ན། སྒྱུ་མ་ལྟ་བུར་ཏེ། དཔེར་ན་སྒྱུ་མ་རང་བཞིན་མེད་པ་ཡིན་ཡང་དངོས་པོ་ལྟ ་བུར་སྣང་བ་དེ་བཞིན་དུ་ཤེས་པ་ཡང་དེ་ཡིན་ནོ། །འདིས་ནི་འདི་སྐད་ཅེས་གལ་ཏེ་ཡང་བྱིས་པ་ལ་སོགས་པའི་ཤེས་པའི་རང་བཞིན་འདི་རང་བཞིན་གྱིས་གཉིས་མེད་པའི་རྟོགས་ཡིན་པར་བརྗོད་པ་དེ་ལྟ་ན་ཡང་གཟུང་བ་དང་འཛིན་པར་ཕྱིན ་ཅི་ལོག་གིས་རབ་ཏུ་བསྒྲིབས་པའི་ཕྱིར་བྱིས་པ་ལ་སོགས་པའི་ཤེས་པ་རྣམས་ཀྱིས་མི་ཤེས་ཀྱི་འོན་ཀྱང་ཐམས་ཅད་ཀྱི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་པ་ཡིན་ཏེ། དྲི་མ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་ནི ་འོ་ན་ཐམས་ཅད་ཀྱི་ཚེ་མ་རིག་པས་བཅིངས་པའི་ཕྱིར་ན་དེ་ལ་དྲི་མ་མེད་པ་གཏན་མི་སྲིད་པར་འགྱུར་རོ་སྙམ་དུ་དོགས་ན། བརྗོད་པ་ནི་འབྲས་བུ་རྨི་ལམ་བཞིན་དུ་སྤོང་ཞེས་བྱའོ། །རང་བཞིན་གྱིས་རྣམ་པར་བྱང་བར་ཤེས ་པ་གང་ཡིན་པ་འདི་ནི་གལ་ཏེ་མ་རིག་པ་བདག་ཏུ་བྱས་པ་ཡིན་པ་དེ་ལྟ་ན་ཡང་ཐོས་པ་དང་བསམ་པ་ལ་སོགས་པའི་མཚན་ཉིད་ཀྱི་ཤེས་རབ་ལྷན་ཅིག་བྱེད་པ་རྙེད་ནས་མི་བདེན་པའི་དོན་སྟོན་པར་བྱེད་པའི་མཚན་ཉིད་ཅན་གྱི་འབྲས ་བུ་སྤོང་བར་བྱེད་དོ། །དཔེར་ན་རྨི་ལམ་ནི་འབྲས་བུ་མི་བདེན་པའི་དོན་གསལ་བར་བྱེད་པའི་རང་བཞིན་ཅན་སད་པའི་གནས་སྐབས་ཀྱི་རྐྱེན་དང་ཕྲད་ནས་སྤོང་བར་བྱེད་པ་དེ་བཞིན་དུ་འདིའི་ཡང་ཡིན་ནོ། །གང་གི་ཕྱིར་འདི་རིགས་པ་ཡིན་པ་དེའི་ཕྱིར ་ན། གཉིས་མེད་གཞན་དུ་སྣང་བ་ན། ཞེས་བྱ་བ་ལ་སོགས་པའོ། །གཉིས་མེད་པའི་ཤེས་པ་གཞན་དུ་སྣང་བ་སྟེ། ཕྱིན་ཅི་ལོག་གི་རང་བཞིན་གཉིས་སུ་གསལ་བར་གྱུར་པ་ན་འབྲས་བུ་ལ་ཡང་སྟེ། འབྲས་བུའི་ཡུལ་ལ་སྟེ། དེ་ཁོ་ན ་ཉིད་ཀྱི་མཚན་ཉིད་ཀྱི་འབྲས་བུ་ལ་རྒོལ་བ་གང་དག་སྐུར་པ་འདེབས་ཤིག་འགོག་པར་བྱེད་པ་གང་ཡིན་པའི་རྒོལ་བ་སྐུར་བར་བྱེད་པ་རྣམས་ཀྱི་སྐུར་པའི་རྣམ་པར་རྟོག་པ་གང་དག་ཡིན་པ་སྐུར་པའི་རྣམ་པར་རྟོག་པར་བྱེད་པ་དེ་དག་ལ་སྐུར ་པར་བྱེད་པ་སྟོང་པ་ཉིད་ཀྱིས་ནི་སྟོང་པ་མ་ཡིན་ནོ། །བྱ་བ་འདི་མཇུག་བསྡུ་བའི་ཚུལ་གྱིས་བརྗོད་དོ། །གཟུགས་ཉིད་སྟོང་པ་ཉིད་ཡིན་ནོ་ཞེས་གཅིག་ཉིད་ཀྱི་རྣམ་པར་རྟོག་པ་རབ་ཏུ་སྤྱོད་པ་གང་ཡིན་པ་གཅིག་ཉིད་ཀྱི་རྣམ་པར་རྟོག་པ་འདི་ལ ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་གྱི་དག་འདི་དེར་སྦྱར་བས་གཅིག་ཉིད་ཀྱི་རྣམ་པར་རྟོག་པ་འགོག་པའི་དག་སྟན་པར་བྱེད་པས་རྗོད་པ་ནི་ཕན་ཚུན་དུ་ནི་འགལ་བའི ་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ནི་སྟོང་པ་ཉིད་ཡིན་པར་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཕན་ཚུན་དུ་ནི་འགལ་བའི་ཕྱིར་ཏེ། སྟོང་པ་ཉིད་དང་གཟུགས་དག་ཕན་ཚུན་གནོད་པའི་ཕྱིར་རོ། །ཇི་ལྟར་འགལ་ཞེ་ན། གང་གི་ཕྱིར ་སྟོང་པ་ཉིད་རང་བཞིན་མེད་པ་ཉིད་ལ་སྟེ། ནམ་མཁའ་ཨི་པདམོ་ལྟར་ངོ་བོ་མེད་པ་ཡིན་ཞིང། ངོ་བོ་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། ངོ་བོ་མེད་པ་ཁོ་ན་ཡིན་ཞིང་ཞེས་བྱ་བའི་དོན་ཏོ། །གཟུགས་ནི་རྣམ་པ་དང་འབྲེལ་བ་ཞེས་བྱ་བ་ནི་གཟུགས ་ནི་དཀར་པོ་དང་སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་མེད་པ་དང་ཡོད་པ་དག་ལ་འགལ་པ་ཡིན་པ་དེས་ན་གཅིག་ཏུ་རྣམ་རྟོག་པ་སྟེ། དེས ་ནའི་སྒྲ་ནི་གཏན་ཚིགས་ཀྱི་དོན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གཅིག་ཏུ་རྣམ་པར་རྟོག་པ་ལ་གནོད་པར་འགྱུར་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བའི་གཞུང་འདིས་གསལ་བར་བརྗོད་དོ ་དེས་ནི་འདིས་ནི་གཅིག་ཉིད་ཀྱིས་རྣམ་པར་རྟོག་པའི་གཡེང་བ་དགག་པ་བརྗོད་པ་ཡིན་ནོ། །གཟུགས་དེ་ནི་སྟོང་པ་ཉིད་ལས་གཞན་ཡིན་ནོ་ཞེས་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་དགག་པའི་དོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་ཡུམ་དེ་ཉིད་ལས་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་བྱ་བའི་དག་འདི་གསུངས་པ་ན་ཅི་ཞིག་མཛད་ཅེ་ན། འགོག་པ་ཡིན་ཏེ་སེལ་བ་ཡིན་ནོ། །ཅི་ཞིག་སེལ་ཞེ་ན། ཐ་དད་ཀྱི་རྣམ་རྟོག་གོ་།གང་གི་ཕྱིར་ན། གང་གི་ཕྱིར ་གཟུགས་དེ་སྟོང་པ་ཉིད་ལས་ཏེ་ཕུང་པོའི་མཚན་ཉིད་ཀྱི་གཟུགས་ནི་སྟོང་པ་ཉིད་དེ་ལ་ལྟོས་ནས་ཇི་ལྟ་བུར་ཡང་གཞན་མིན་པས་ནི། འོན་ཀྱང་སྟོང་པ་ཉིད་ཁོ་ན་གཟུགས་ཡིན་ཏེ། སྟོང་པ་ཉིད་ལས་ཐ་དད་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན ་ཞིང་རྣམ་པ་ཇི་ལྟ་བུར་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ།། དེས་ན་འདིས་ནི་ཐ་དད་པ་ཉིད་ཀྱི་རྣམ་པར་གཡེང་བ་གསལ་བར་བསྟན་པར་བྱས་པ་ཡིན་ནོ། །ཡང་ཅིའི་ཕྱིར་སྟོང་པ་ཉིད་ལས་ཐ་དད་པའི་གཟུགས་མེད་ཅེ་ན། བརྗོད་པ་ནི་གང་གི ་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་གི་མ་རིག་པ་སྤྲུལ་ཞིང་རྣམ་པར་བསྒྲུབས་པ་རྣམ་པར་བརྟགས་པའི་གཟུགས་དེ་ནི་དེའི་རང་བཞིན་དང་བྲལ་བ་ཡིན་ཡང་དེ་ནི་མེད་པ་ཁོ་ན་སྣང་ཞེས་བྱ་བ་མེད་ཅིང་ཡོད་པ་མ་ཡིན་པ་བརྫུན་པ ་ཁོ་ན་སྣང་ཞིང་དངོས་པོ་ལ་མངོན་པར་ཞེན་པ་རྣམས་བསལ་བ་ཡིན་པ་དེའི་ཕྱིར་ན་སྟོང་པ་ཉིད་ཀྱི་ཐད་ནས་གཟུགས་གཞན་མ་ཡིན་ནོ་ཞེས་བསམས་པའོ། །འོ་ན་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་རང་བཞིན་གྱིས་རྣམ་པར་བྱང་བ ་གང་ཡིན་པ་དེ་ལ་མ་རིག་པའི་སྒྲར་བརྗོད་ཅེས་དོགས་པ་བསུ་ནས་བརྗོད་པ་ནི། མེད་པ་སྟོན་པར་ནུས་པས་ན་ཞེས་བྱ་སྟེ། མེད་པའི་སྟོན་པར་ཏེ་ཡང་དག་པ་མ་ཡིན་པའི་དོན་ཤེས་པར་བྱེད་པ་དེར་ནུས་པ་སྟེ། མཐུ་ཡོད་པའི་ནུས་པ ་དེ་ནི་མ་རིག་པ་ཞེས་བརྗོད་དེ། རབ་ཏུ་བསྙད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །རང་བཞིན་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། ལམ་བསྒོམས་པའི་སྟོབས་ཀྱིས་གཟུང་བ་དང་འཛིན་པ་ནུབ་པའི་ཕྱིར་ན་མ་རིག་པ་དང་བྲལ་ཞིང་རང་བཞིན ་གྱི་རྣམ་པར་བྱང་བའི་རང་བཞིན་འདི་ཉིད་ནི་ཤེས་རབ་ཀྱི་སྤངས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བརྗོད་ཅིང་བསྟན་ཏོ། །འོ་ན་མ་རིག་པའི་རང་བཞིན་གྱིས་རྣམ་པར་རྟོག་པ་ཤེས་པ་ལ་རབ་ཏུ་རྒྱུ་བ་འདི་ལ་གནོད་པར་བྱེད ་པ་ཅི་ཞིག་ཡིན་ཞེ་ན། རྗོད་པ་ནི་གཉིས་འདི་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་སུ་སྣང་བ་གང་ཡིན་པ་འདི་ཉིད་དོན་དམ་པའི་རང་བཞིན་དུ་གཉིས་མེད་པའི་རང་བཞིན་གྱིས་རྣམ་པར་བྱང་བ་ཤེས་པ་ཐོས་པ་དང་བསམས་པ་དང་བསྒོམས ་པའི་ཤེས་རབ་ཀྱིས་ལྷན་ཅིག་བྱེད་པ་དང། འབྲེལ་པ་ནི་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གཉིས་ལ་གནོད་བྱེད་ཡིན་ཞིང་གཉེན་པོ་ཡིན་ཏེ། འདིར་གནོད་པར་བྱེད་ཅེས་བྱ་བས་སོ། །དེའི་ཕྱིར་དེ་ཁོ་ན་ཉིད་ནི ་དེ་ཉིད་ཡིན་ནོ། །དེ་ཁོ་ནས་གནོད་པ་བྱེད་དོ་ཞེས་བྱ་བའི་དོན་འདི་ནི་རྟོག་པ་ཡང་ཡིན་ཏེ། དཔེར་ན་སྨིག་རྒྱུའི་ཚོགས་ལམ་མི་བདེན་པའི་ཚུལ་ཤེས་པ་ལ་ཆུ་མེད་པའི་དབེན་པའི་ཤེས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་མཆོག་རིག ་པའི་དེ་བཞིན་གཤེགས་པས་རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་དུ་གསུངས་པ་རྣམ་པར་མི་རྟོག་པའི་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད ་དུ་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འོ་ན་ཇི་ལྟར་བསྡུས་པ་མཛད་པས་རྣམ་པར་རྟོག་པ་གཉིས་ལ་གནོད་པ་བྱེད་པ་ཇི་ལྟར་བརྗོད་ཅེ་ན། ཉེས་པ་མེད་དོ། གང་གི་ཕྱིར་རྣམ་པར་རྟོག་པ་གཉིས་པོ་ཁོ་ནར་རྣམ་པར་རྟོག་པ་གཞན ་དག་ཀྱང་འདུས་པའི་ཕྱིར་ནི་དེ་བསལ་ན་ཐམས་ཅད་ཀྱང་དོན་གྱིས་བསལ་བ་ཡིན་ནོ། །ཞེས་བྱ་བ་ནི་བསྡུས་པ་མཛད་པའི་བསམ་པ་ཡིན་ནོ། །གལ་ཏེ་གཉིས་པོ་འདི་དག་ཏུ་རྣམ་པར་གཡེང་བ་གཞན་རྣམས་ཀྱང་ནང་དུ་འདུ་བ་ཡིན་ན་བཅོམ ་ལྡན་འདས་ཀྱིས་རྣམ་པར་གཡེང་བ་མང་པོ་རྣམས་སྟོན་པར་མཛད་ཅེ་ན། བསྟན་པར་བྱ་བའི་དབང་གིས་གསུངས་པ་ཡིན་ཏེ། ཤིན་ཏུ་སྤྲོས་པས་ཆོག་གོ་།ཇི་ལྟར་ཤེས་པའི་རྣམ་པར་རྟོག་པ་འགལ་ཟླ་ཡིན་པ་དེ་ལྟར་རིགས་པ་ཡང ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བརྗོད་པའི་རིགས་པ་ཡང་གསུངས་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་དང་བྲལ་བའི་ཤེས་པ་རྣམ་པར་གཡེང་བ་རྣམས་ཀྱི་གཉེན་པོ་ཇི་ལྟར་ཡིན་པ་དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་རིགས ་པ་ཡང་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཐད་པ་ཡང་བརྗོད་པ་ཡིན་ནོ། །རྣམ་དག་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ་ཡིན་པ་དེའི་ཕྱིར་མ་དག་པའི་རྣམ་པར་གཡེང་བ་རྣམས་ ་ཀྱིས་གནོད་བྱེད་ཡིན་ནོ། །དེ་བཞིན་གྱི་སྒྲ་ནི་བསྡུས་པ་ཡིན་ཏེ། མི་དམིགས་པའི་ཕྱིར་ཡང་ངོ། །གང་གི་ཕྱིར་གཅིག་ཉིད་ལ་སོགས་པའི་དངོས་པོ་འདི་དག་འཐད་པ་མི་དམིགས་པ་ཡིན་ལ། གཉིས་མེད་པའི་ཤེས་པ་ནི་ཚད་མས ་ངེས་པ་ཡིན་པ་དེས་ན་དེ་ནི་གནོད་པ་བྱེད་པ་ཡིན་ནོ་ཞེས་ངེས་སོ། །ཡང་ཚད་མ་གང་གིས་དམིགས་ཤེ་ན་རྗེས་སུ་དཔག་པས་སོ་ཞེས་སྨྲའོ། །གང་གི་རང་རིག་པ་ཡིན་པ་དེ་ནི་གཞན་གྱི་ཁྱད་པར་ཅན་མ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པ ་བཞིན་ནོ། །རྩོད་པའི་གནས་སུ་གྱུར་པའི་ཤེས་པ་ཡང་རང་རིག་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའོ། །གཞན་གྱི་ཁྱད་པར་ཅན་ཉིད་ཡིན་ན་རང་རིག་པ་མི་འཐད་པ་ནི་གནོད་པར་བྱེད་པའི་ཆད་མ་ཡིན་ནོ། །འདིར་སྔོན ་པོ་ལ་སོགས་པས་མ་ངེས་པ་ཉིད་ལ་སོགས་པར་དོགས་པར་བྱ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ཀྱང་དོན་དམ་པར་རིག་པས་གྲུབ་པ་ཉིད་ཡིན་པའི་ཕྱིར་ན་སྣང་བའི་དབང་གིས་ནི་ཕྱིར་ཕྱོགས་པ་ཡིན་པ་ལས་གཞན་གྱི་ཁྱད་པར་ཅན ་དུ་འཁྲུལ་བ་ཡིན་ནོ། །འདི་ལྟར་སྔོན་པོ་ལ་སོགས་པ་དེ་དག་ནི་དོན་དམ་པར་མེད་པའི་ཕྱིར་ཤེས་པ་འབའ་ཞིག་ཉིད་དེ། དེ་ལྟར་རིགས་པ་ཡིན་ཏེ། དེས་ན་ལ་ནི་མ་ཐོ་བ་མེད་དོ། །དེ་བཞིན་དུ་ཕྱི་རོལ་གྱི་དོན་གྱི་ཚུལ་ལ་རང་རིག་པ ་ཇི་ལྟར་བཞིན་དུ་དོན་རྣམ་པར་གནས་པ་ཡིན་གྱི་དོན་ཇི་ལྟ་བ་ཉིད་ནི་མ་ཡིན་ཏེ། དེས་ན་སྐྱོན་མེད་དོ། །དཔེ་མ་གྲུབ་པ་ཡང་མ་ཡིན་ཏེ། བདེ་བ་ལ་སོགས་པ་མྱོང་བ་ནི་བདེ་བ་མྱོང་བ་ཡིན་གྱི་བདེ་བ་ལ་སོགས་པའི་རྣམ་པར་ཡང་དག ་པར་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བདེ་བ་ལ་སོགས་པ་ཕྱི་རོལ་པ་མེད་པར་དཔྱད་ཟིན་པའི་ཕྱིར་རོ། །དེས་ན་དེ་ལྟར་འདི་ནི་གཟུང་བ་དང་འཛིན་པའི་རྣམ་ལས་དབེན་པའི་ཤེས་པ་ཉིད་ཡིན་གྱི་གཞན་ནི་ཡོད་པ་མ་ཡིན་ནོ། །གལ ་ཏེ་རྣམ་པར་ཤེས་པ་ལ་གཟུང་བ་དང་འཛིན་པ་མེད་ན་འོ་ན་གང་ཞིག་རྣམ་པར་ཤེས་པར་གྱུར་པ་དེ་ལས་གཞན་ཅི་ཞིག་ཡོད། གཟུང་བ་དང་འཛིན་པ་གཉིས་ལས་རྣམ་པར་གྲོལ་བའི་རང་བཞིན་གཞན་ནི་དེ་ལ་ཚུ་རོལ་མཐོང་བ ་རྣམས་ཀྱི་ཡང་དག་པར་རིག་པ་མ་ཡིན་ཏེ། ཡང་དག་པར་རིག་ན་དེ་ཁོ་ན་མཐོང་བར་ཐལ་བར་འགྱུར་ལ། དེ་ལྟ་ན་ཡང་ལུས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་འགྱུར་རོ། །གང་གི་རྗེས་སུ་དབོག ་པར་བྱེད་པ་འདི་ལ་འབྲས་བུ་ཡང་ཡོད་པ་མ་ཡིན་ཏེ། གཉིས་མེད་པའི་རང་བཞིན་དེ་ཉིད་འབྲས་བུ་ཡིན་པའི་ཕྱིར་དེ་ཡང་ཚད་མས་མ་གྲུབ་པའི་ཕྱིར་རོ། །གཉིས་ཀྱི་རང་བཞིན་དུ་སྣང་བ་གང་ཡིན་པ་དེ་ཡང་རི་བོང་གི་རྭ་དང་འདྲ་བས ་འབྲས་བུ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཉེས་པ་དེ་ནི་མེད་དེ། གང་གིས་དེ་ཡང་མེད་པར་འགྱུར་བ་དེ་འཛིན་པའི་སྒྲས་སྣང་གི་རྟོགས་པའི་རང་བཞིན་བརྗོད་པ་མ་ཡིན་གྱི་འོན་ཀྱང་སྔོན་པོ་ལ་སོགས་པ་ཕྱི་རོལ་ཏུ་གྱུར་པའོ་ཞེས་སྣང་བ ་གང་ཡིན་པ་དེ་ནི་གཅིག་དང་དུ་མར་དཔྱད་མི་བཟོད་པའི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ཏེ། དེས་ན་རྣམ་པར་ཤེས་ལས་ཐ་དད་པའི་བཟུང་བར་བྱ་བའི་དེ་ནི་དོན་དམ་པར་མེད་ལ། དེ་མེད་པའི་ཕྱིར་ན་དེ་ལ་བལྟོས་ནས་གཟུང་བ་འདི་འཛིན་པར ་བྱེད་པ་ནི་འདི་ཡིན་ནོ་ཞེས་རྟོགས་པའི་རང་བཞིན་ལ་བྱེད་པ་པོ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་མེད་པ་ཡིན་ནོ། །དེས་ན་བྱེད་པ་པོ་དང་ལས་དག་ཕན་ཚུན་བལྟོས་ནས་བརྟགས་པ་ཡིན་པའི་ཕྱིར་འཛིན་པར་བྱེད་པའི་རང་བཞིན་མེད་པར ་བརྗོད་པ་ཡིན་གྱི་རྟོགས་པའི་རང་བཞིན་རང་རིག་པ་ཙམ་ནི་འཛིན་པར་བྱེད་པའི་སྒྲས་བརྗོད་པ་མ་ཡིན་ནོ། །འདི་ལྟར་རྟོགས་པར་བྱེད་པའི་རང་བཞིན་ནི་ཕན་ཚུན་བལྟོས་ནས་རབ་ཏུ་བརྟགས་པ་མ་ཡིན་ཏེ། རང་གི་རྒྱུ་ལས་དེ་ལྟར་སྐྱེས་པའི ་ཕྱིར་རོ། །ཇི་སྐད་དུ་བརྗོད་པའི་གཟུང་བ་དང་འཛིན་པ་ཉིད་དང་བྲལ་བའི་ཕྱིར་རང་བཞིན་རང་རིག་པ་ཙམ་དུ་རྣམ་པར་གནས་པ་དེ་ཉིད་ལ་དེ་སྐད་ཅེས་བརྗོད་པ་ཡིན་ཏེ། རྟོགས་པའི་རང་བཞིན་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་བོ། ། ་ཐམས་ཅད་དེ་ཁོ་ན་མཐོང་བར་ཡང་མི་ཐལ་ཏེ། གང་གི་ཕྱིར་ཆ་མེད་པའི་ཕྱིར་གཉིས་མེད་པ་རྟོགས་པའི་རང་བཞིན་ཏེ། གཟུང་བ་ཉིད་ལ་འཁྲུལ་པའི་ས་བོན་རྗེས་སུ་འབྲེལ་པའི་ཕྱིར་རྟོགས་པའི་རང་བཞིན་གཉིས་མེད་པར་སྣང་བ་མི་སྐྱེ་སྟེ། ་དེས་ན་གཉིས་མེད་པའི་རང་བཞིན་ནི་གཟུང་བ་ཡིན་ཡང་མ་གཟུང་བ་དང་འདྲ་བ་ཡིན་ནོ། །འདི་ཙམ་གྱིས་ཕྱིར་རྟོགས་པའི་རང་བཞིན་གྱིས་ཆོས་ཅན་གྲུབ་པ་ཡང་ཡིན་ནོ། །འདི་ལྟར་དོན་ཐམས་ཅད་ལ་སྐུར་བར་བྱེད་པ་ཀུན་རྫོབ་དང་དོན ་དམ་པའི་དངོས་པོ་ཁས་ལེན་པས་ཀྱང་གདོན་མི་ཟ་བར་མེད་པའི་དོན་གསལ་བར་བྱེད་ནུས་པའི་ཤེས་པ་ཉིད་ལ་མ་རིག་པ་ཡིན་ནོ་ཞེས་ཁས་བླང་དགོས་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བུ་དེ་ལ་གནོད་པར་བྱེད་པ་ཡང་ཕྱིན་ཅི ་མ་ལོག་པའི་རྣམ་པ་ཅན་རིག་པའི་རང་བཞིན་ཡིན་པར་གདོན་མི་ཟ་བར་འདོད་པར་བྱ་བ་ཡིན་ན། གལ་ཏེ་དེ་ཡང་དོན་དམ་པའི་ཚུལ་གྱིས་རང་བཞིན་མེད་པ་ཉིད་ཡིན་ན་དེའི་ཚེ་གནོད་པ་བྱེད་པར་མི་འགྱུར་ཏེ། ནམ་མཁའ་ཨི་པདམོ་བཞིན་ནོ། ། ་དེའི་ཕྱིར་གང་ཞིག་གནོད་པར་བྱེད་པ་དེ་ནི་ཡོད་པའི་ཐ་སྙད་དུ་རུང་བ་ཡིན་ཏེ། དཔེར་ན་གྲང་བ་ལ་དྲོ་བའི་རང་བཞིན་གྱི་དངོས་པོ་བཞིན་ནོ། །ཡོད་པའི་དོན་གསལ་བ་གཉིས་མེད་པའི་ཤེས་པ་འདི་ཡང་མེད་པའི་དོན་བསལ་བར་བྱེད་པ་མ ་རིག་པའི་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མེད་བཞིན་དུ་འདི་ལ་ཡང་ཀུན་རྫོབ་པའི་རང་བཞིན་དུ་ཡོད་པ་ཡིན་ནོ་ཞེས་ནི་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ཁྱེད་ཀྱིས་གཉིས་ཀྱི་རྣམ་པར་འཇུག་པའི་ཤེས་པ ་ལ་གཉིས་མེད་པའི་ཤེས་པ་ཡོད་པ་ཡིན་ལ། མ་རིག་པ་ནི་ཀུན་རྫོབ་ཡིན་པར་བརྗོད་པ་ཡིན་ན་དེ་སྐད་སྨྲ་བ་ནས་ཇི་ལྟར་རང་གི་ཚིག་དང་འགལ་བར་མི་འགྱུར། དེས་ན་རིག་པའི་རང་བཞིན་ལས་གཞན་ལ་ནི་ཀུན་རྫོབ་པར་ཡོད་པ་ཉིད ་དང་གཉིས་མེད་པའི་མཚན་ཉིད་ཀྱི་རིག་པ་ལ་ནི་དོན་དམ་པའི་ཡོད་པ་ཡིན་ནོ། །ཞེས་བྱ་བ་རིག་པའི་སྟོབས་ཀྱིས་འོངས་པ་འདི་ནི་མི་འདོད་ཀྱང་ཁས་བླངས་པར་བྱ་བ་ཡིན་ནོ། །རྩོད་པ་འདི་རྒྱས་པར་ནི་སློབ་དཔོན་གྱི ་ཞལ་སྔ་ནས་གཞན་དུ་རྣམ་པར་དཔྱད་པ་དེས་ན་འདིར་མི་སྤྲོ་བའོ། །དེ་བཞིན་དུ་རིགས་པ་ཐ་དད་པ་གཞན་ཡང་གསུངས་པ་ནི་དངོས་དང་དངོས་མེད་འགལ་ཕྱིར་ཡང་ཞེས་བྱ་བའོ། །ཡང་གི་སྒྲ་ནི་བསགས་པ་ལའོ། །སྔར་བརྗོད་པའི ་རིགས་པ་འབའ་ཞིག་ལས་རྟོག་པ་དང་བྲལ་བའི་རྣམ་པར་ཤེས་པ་རྣམ་པར་གཡེང་བ་རྣམས་ཀྱི་གནོད་བྱེད་ཡིན་པར་ནི་མ་ཟད་དེ། དངོས་པོ་དང་དངོས་པོ་མེད་པ་འགལ་བའི་ཕྱིར་ཡང་དེ་ལ་གནོད་དོ་བྱེད་ཡིན་པར་རྟོགས་སོ། །འདི་ལྟར ་སྣ་ཚོགས་པ་ལ་སོགས་པའི་དོན་ནི་དངོས་པོ་མེད་པའི་རང་བཞིན་ཡིན་ལ་རྟོག་པའི་དྲ་བ་དང་བྲལ་བའི་ཤེས་པ་ནི་དངོས་པོའི་རང་བཞིན་ནོ། །དེས་ན་གང་ན་བདེན་པའི་དོན་གསལ་བར་ནུས་པའི་ཤེས་པ་དེ་ཡོད་པ་དེར་དོན་དམ་པར་མེད་པའི ་རང་བཞིན་གཅིག་ཉིད་ལ་སོགས་པ་རྣམས་ཡོད་པར་ག་ལ་འགྱུར། ཡང་མེད་པའི་ཐ་དད་ཉིད་ཀྱང་མཐོང་བ་གང་ཡིན་པ་དེ་ནི་མ་རིག་པའི་སྟོབས་ཀྱིས་ཡིན་ནོ་ཞེས་ཁོ་ནས་དབྱུང་ངོ། །ཀྱང་གི་སྒྲས་ནི་གཅིག་ཉིད་ཀྱང་ངོ། །འདི་གང་ལ་གང་ཞེ་ན། ་གཟུགས་འདི་མིང་ཙམ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་མིང་ཙམ་ཡིན་པར་གསུངས་ཏེ། དེའི་ཕྱིར་དེ་ཉིད་དུ་ཏེ། དོན་དམ་པར་དངོས་པོའི་གནས ་ལུགས་སུ་ནི་ཕུང་པོའི་མཚན་ཉིད་ཀྱི་གཟུགས་ནི་རང་གི་ངོ་བོར་ཡོད་མིན་པས་ཏེ་སྟོང་པ་ཡིན་པས་སོ། །མིང་ཙམ་ཞེས་བྱ་བ་ནི་མིང་དུ་བཏགས་པ་ཙམ་ཡིན་ནོ། །གང་གི་ཕྱིར་ད་ལྟར་ཡིན་པའི་གཏན་ཚིགས་དེས་ནི་དེ་ལ་ངོ་བོ་ཉིད་དུ་ནི་རྣམ ་རྟོགས་རྣམས་ཀྱི་ཞེས་བྱ་བ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཡུལ་དེ་ལའོ། །ངོ་བོ་ཉིད་ནི་སྲ་བ་ཉིད་ལ་སོགས་པའོ། །ཡང་ན་དེ་དང་འབྲེལ་བའི་རྣམ་པར་རྟོག་པ་སྟེ། ལྷག་པར་སྒྲོ་འདོགས་པ་ནི་དེ་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ཡིན་ནོ། །དེ་ནས་དེ ་ལ་ངོ་བོ་ཉིད་དུ་ནི་རྣམ་རྟོག་རྣམས་ནི་གོ་སྐབས་ཏེ་འཇུག་པའི་གནས་སེལ་ཞིང་འགེག་པ་ཡིན་ནོ། །འདིས་ནི་ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བསལ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེའི་ཡུལ་དུ་ཟློས་པའི ་སྐྱོན་སེལ་བར་བརྗོད་པ་ནི་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པའོ། །སྔ་མ་ཁོ་ནས་བརྗོད་ཅིང་བཤད་པ་གང་ཡིན་པའོ། །དེ་གང་ཡིད་པ་ཞེ་ན། དག་གོ་ཅི་འདྲ་བ་ཞིག་ཅེ་ན། གཟུགས་ཀྱི་རང་བཞིན་གྱིས་སྟོང་པར ་ཞེས་བྱ་བའོ། །ངག་འདི་ལྟ་བུ་རང་གི་ངོ་བོ་ཡིས། །སྒྲོ་འདོགས་རྣམ་རྟོག་འགོག་བྱེད་ཡིན་ཞེས་བྱ་བ་ནི་རང་གི་སྤྱིའི་མཚན་ཉིད་ཅན་གྱི་གཟུགས་ནི་གཟུགས་ཀྱི་ངོ་བོ་སྟོང་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བའི་རང་བཞིན་གྱི་སྒྲོ་འདོགས་པ་ལྷག ་བར་སྦྱོར་བ་དེའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་སྒྲོ་འདོགས་པའི་ཀུན་ཏུ་རྟོག་པ་དེའི་འགོག་པར་བྱེད་པ་གནོད་པར་བྱེད་པོ་ཡིན་པའོ། །འདིས་ནི་སྔར་གྱི་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ནི་གཟུགས་རང་གི་ངོ་བོར་ཡོད ་པ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུར་རང་དང་སྤྱིའི་མཚན་ཉིད་སྒྲོ་འདོགས་པ་གསལ་བ་ཡིན་ལ་འདིར་སྲ་བ་ཉིད་ལ་སོགས་པ་མཚན་ཉིད་ཀྱི་ཡུལ་ཡོད་དོ་ཞེས་བྱ་བ་དེ་ལྟ་བུའི་སྒྲོ་འདོགས་དེ་སེལ་བ་ཡིན་ཏེ། དེ་ནས་སྔ་མ་ལས་ཁྱད ་པར་ཡོད་དོ། །འདི་འབའ་ཞིག་འགོག་པར་ནི་མ་ཟད་ཀྱི་རྣམ་པར་གཡང་བ་གཞན་ཡང་འགོག་པ་བརྗོད་པ་ནི་ཆོས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཆོས་རྣམས་ཀྱི་ནི་སྐྱེ་བ་དང། འགག་པ་མཐོང་བ་མེད་ཅེས ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ་ཡིན་ཏེ། དེ་ལྟར་གསུངས་པ་དེས་ནི། དེའི་ཕྱིར་གསལ་པ་ཡིན་ཏེ་སྤངས་པ་ཡིན་ནོ། དེའི་ཁྱད་པར་རྣམ་རྟོག་ཅེས་བྱ་བ་ནི་གཟུགས ་ལ་སོགས་པ་དེའི་ཁྱད་པར་གང་ཡིན་པ་སྐྱེ་བ་དང་འཇིག་པའི་མཚན་ཉིད་དེ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ཅན་ངོ་བོ་ཉིད་ཀྱིས་ཁྱད་པར་དུ་རྣམ་པར་རྟོག་པ་བསལ་བ་ཡིན་ནོ། །འདིས་ནི་ཁྱད་པར་གྱི་རྣམ་པར་གཡེང་བ་བསལ ་བར་བྱས་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་གཡེང་བ་གཞན་ཡང་འགོག་པའི་རྒྱུ་མཚན་སྟོན་པས་བརྗོད་པ་ནི་གང་ཕྱིར་མར་བཅོས་ཞེས་བྱ་བ་ལ་སོགས་པའོ། །མིང་བཅོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་ལས ་གསུངས་པའི་གཞུང་དང་སྦྱོར་བར་བྱེད་པ་ཡིན་ཏེ། མིང་ནི་ཀུན་དུ་བཏགས་པ་ཡིན་ནོ། ཞེས་སྟོན་པའོ། །དེ་བཞིན་དུ་ཆོས་འདི་རྣམས་སོ་སོར་བརྟགས་པ་ཡིན་ནོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱི་གཞུང་གཞན་དང ་སྦྱོར་བར་བྱེད་པ་ནི་སྒྲའི་བརྗོད་བྱའི་དོན་གྱི་ཆོས་གང་ཡིན་པ་དེ་དག་ཀྱང་བརྟགས་པ་ཡིན་པས་སྒྲོ་བཏགས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་སྒྲ་དོན་དག་གི་འབྲེལ་བ་ནི་ཞེས་བྱ་བ་དངོས་པོར་གྱུར་པའི་འབྲེལ་པ་བཅོམ ་ལྡན་འདས་དེས་མི་བཞེད་དེ་འདོད་པ་མ་ཡིན་ཏེ། འོན་ཀྱང་རྟོག་པའི་བཟོས་སྦྱར་བ་བརྩམ་མོ། །བྱིས་པའི་ཕྱི་རོལ་ཏུ་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་ཡང་བྱིས་པའི་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པའི་འཁྲུལ་པས་འདི་ནི་ཕྱི་རོལ ་གྱི་དོན་ཡིན་ནོ་ཞེས་པར་སྤྱད་པ་ཡིན་ནོ། །སྒྲུབ་པ་དང་དགག་པའི་མཚན་ཉིད་ཀྱི་ཐ་སྙད་འདི་ཡང་ངེས་པ་དེའི་སྒོ་ནས་འཇུག་པ་ཡིན་གྱི་སྒྲ་དོན་ནི་འགའ་ཡང་ཡོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་རྒྱུ་དེ་བས་ན་འགྲོ་བ་འདིར ་ཇི་ལྟར་མིང་བྱས་པ་སྟེ། ཇི་ལྟར་བརྗོད་བྱས་ཤིང་སྦྱར་བ་དེ་ལྟར་བརྗོད་བྱའི་དངོས་པོ་དེ་ཡོད་མིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་མིང་ཇི་བཞིན་དུ་དོན་རྟོགས་པར་འདོད་པར་མ་ཡིན་ཏེ། བཅོམ་ལྡན་འདས་མངོན་པར་བཞེད་པ་མ ་ཡིན་ཏེ། མིང་ཇི་ལྟ་བ་བཞིན་དོན་ཕྱི་རོལ་ལྟ་བུར་སྟོན་པར་བྱེད་དེ་བཞིན་དུ་བརྗོད་པར་བྱ་བ་དང། རྗོད་པར་བྱེད་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །འདིས་ཀྱང་མིང་ཇི་ལྟ་བ་བཞིན་དོན་དུ་རྟོག་པའི་རྣམ་པར་གཡེང་བ་སེལ་བ་མ་ཡིན་ནོ། །གང་གི ་ཕྱིར་འབའ་ཞིག་གིས་བརྟགས་པ་ཡིན་ལ་བརྟགས་པ་ཉིད་ཡིན་པའི་ཕྱིར་མིང་དེ་ནི་འགའ་ཞིག་རྗོད་པར་བྱེད་པ་མ་ཡིན་ནོ་ཞེས་གསུངས་པ་ནི། བདེན་དོན་རྣམ་རྟོག་སེལ་བ་ན་ཞེས་བྱ་བ་ལ་སོགས་པའོ། །དོན་ལས་ཐ་དད་པའི་མིང་དོན་བདེན ་པའི་དོན་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱིས་རྣམ་པར་རྟོག་པ་སེལ་བ་ན་སྟེ། ཟློག་པ་ན་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཅི་ཞིག་གསུངས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སངས་རྒྱས་དེ་བཞིན་ན་བྱང་ཆུབ ་སེམས་དཔའ་མིང་ཅན་ཞེས་ན་རབ་ཏུ་གསུངས་ཏེ། བསྟན་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕྱིར་དེ་བཞིན་གཤེགས་པས་དེ་སྐད་གསུངས་པ་དེའི་མིང་གི་སྒྲ་ནི་རང་གི་ངོ་བོར་ཡོད་པ་མ་ཡིན་ནོ། །འདིས ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པའི་མིང་བཏགས་པར་བསྟན་པ་ཡིན་ནོ། །དགག་པ་འདིས་གཉིས་མེད་པ་བསལ་བ་ཡིན་ནོ། །ཞེས་བསམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་སྒྲ་དོན ་འགོག་པ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་སྒྲ་དང་དོན་དག་འགོག་པར་ཤེས་པར་བྱའོ། །དངོས་པོ་སེལ་བར་བྱེད་པ་མིན་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་གཉིས་མེད་པའི་ཞེས་ནི་སེལ་བར་བྱེད་པ་མ་ཡིན་ཏེ། དེ་ནི་སྨྲར་མེད་པ་ཉིད ་ཀྱིས་བརྗོད་དུ་མེད་པའི་ཕྱིར་རོ། །ད་ནི་རིགས་པ་འདི་ཉིད་གཞན་དུ་ཡང་བསྒྲེ་བར་བྱེད་པ་གསུངས་པ་ནི། དེ་བཞིན་དུ་དག་གཞན་ལའང་ཞེས་བྱའོ། །དེ་བཞིན་དུ་ནི་ཞེས་བྱ་བ་ནི་སྔར་བརྗོད་པའི་དོན་ངེས་སོ། །ངག ་གཞན་ཡང་ཞེས་བྱ་བ་ནི་རྣམ་པ་འདི་ལྟ་བུའི་དག་ལའོ། །དོན་རྣམས་ངེས་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་གཏན་ལ་ཕེབས་པ་ཞེས་བྱ་བའི་དོན་ཏོ། །ཤེས་པར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཡུམ་ལས་དེ་ཁོ་ན་ཉིད་རིག་པས་མིང་ཐམས་ཅད་ཡང་དག་པར་དམིགས་སུ་མེད་དོ། །ཞེས་གསུངས་པའི་བྱ་བ་ངག་གི་དོན་ཉེ་བར་བཟུང་ནས་གསུངས་པ་ནི། ཐམས་ཅད་རིག་པས་ཞེས་བྱ་བ་ལ་སོགས་པའོ། །དམིགས་པ་མེད ་ཉིད་དོ། །ཇི་ལྟར་ཞེ་ན། ཡང་དག་ཏུ་སྟེ་དོན་ཇི་ལྟ་བ་ཉིད་དུ་མི་རིག་གོ་།དེ་ཅི་ཞིག་ཅེ་ན། རྗོད་པ་ནི་མིང་རྣམས་ཀུན་ཏེ་རྗོད་པར་བྱེད་པའོ། །སུས་ཤེ་ན། ཐམས་ཅད་རིག་པས་ཏེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རིག་པས་དེ་ཉིད་རིག ་པས་ཏེ། ཐམས་ཅད་མཁྱེན་པས་སོ། །གང་གི་ཕྱིར་སྒྲ་དང་དོན་དག་བརྗོད་པར་བྱ་བ་དེ་བརྗོད་པར་བྱེད་པ་ཉིད་དུ་བདེན་པའི་དོན་མི་དམིགས་པ་ཉིད་ཡིན་པ་དེའི་ཕྱིར་སྒྲ་ནི་ཟློག་པར་བྱེད་པ་མ་ཡིན་ཏེ། རྣ་བའི་རྣམ་པར་ཤེས་པས་གཟུང་བར ་བྱ་བའི་སྒྲ་ནི་ཟློག་པར་བྱེད་ཅིང་འགོག་པར་བྱེད་པ་མ་ཡིན་ནོ། །འདི་ཡང་བསྟན་པར་བྱ་བའི་བསམ་པའི་དོར་ཡིན་པར་རྟོགས་པར་བྱ་སྟེ། འདིས་ནི་དོན་ཇི་ལྟ་བ་བཞིན་མིང་དུ་རྣམ་པར་རྟོག་པའི་རྣམ་པར་གཡེང་བ་བཟློག་པར་བྱས་པ་ཡིན་ནོ ་དོན་གྱི་དེ་ཁོ་ན་ཉིད་ཐུགས་ལ་བཞག་པར་མཛད་ནས་བཅོམ་ལྡན་འདས་ཀྱིས་སྲིད་པ་འཕོ་བ་ལས། མིང་ནི་གང་དང་གང་གིས་ནི། །ཆོས་ནི་གང་དང་གང་བརྗོད་པ། །དེ་ནི་དེ་ལ་ཡོད་མིན་ཏེ། །འདི་ནི་ཆོས་རྣམས་ཆོས་ཉིད་དོ། །མིང་ནི་མིང ་གི་རང་བཞིན་གྱིས། །སྟོང་སྟེ་མིང་ནི་ཡོད་མ་ཡིན། །མིང་མེད་པ་ཡི་ཆོས་ཀུན། །མིང་རྣམས་ཉིད་ཀྱིས་ཡོངས་བསྟན་བྱས། །འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་ལ་རབ་ཏུ་གནས། །རྗོད་བྱེད་ལས་ནི་གཞན་གྱུར་པ། །བརྗོད་པར་བྱ་བ་ཡོད་མ་ཡིན ་ཞེས་གསུངས་སོ། །འདྲི་བར་བྱེད་པ་འཕགས་པ་རབ་འབྱོར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་བསལ་བར་གྱུར་པ་དེ་བཤད་པའི་ཕྱིར་གསུངས་པ་ནི་རབ་འབྱོར་གྱིས་ནི་ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་གྱིས་ནི་རྗོད་བྱེད་ཉིད་དུ་འདོད ་པའི་སྒྲ་དང་བརྗོད་བྱ་ཉིད་དུ་འདོད་པའི་སྒྲའི་དོན་གཉིས་ཀ་འགོག་ཅིང་སེལ་བ་ནའོ། །ཇི་ལྟར་ཞེ་ན། རབ་འབྱོར་དེ་ཡིས་བྱང་ཆུབ་སེམས་དཔའ་ཨི་མིང་དང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མ་མཐོང་ངོ་ཞེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར ་བརྗོད་པར་གྱུར་ཏེ། སྨྲས་པར་གྱུར་ཏེ། གཉིས་ཀ་ཡང་ཀུན་བརྟགས་པའི་ཕྱིར་རོ། །ཞེས་བསམས་པའོ། །མངོན་པར་འདོད་པའི་དོན་ཉེ་བར་བསྡུས་པའི་ཐབས་ཀྱིས་སྒྲ་གཞན་ཉིད་ཙམ་ཡིན་ཡང་ངག་གི་དོན་རྟོགས་པ་ཉིད་དོ་ཞེས་སྟོན་པར་བྱེད་པ ་གསུངས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངག་གང་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་སྐད་བརྗོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་འབྲེལ་བའི་ངག་གང་ཞིག་འདི་ཙམ་གྱིས་རྟོགས་པ་མིན་པ་སྟེ། མ་བཤད་ཅིང་རྣམ་པར་མ་བྱེ་བ་དེ ་ནི་མེད་ཅིང་མི་སྲིད་ཀྱི། འོན་ཀྱང་རྣམ་གྲངས་གཞན་དུ་བརྗོད་པའི་ངག་ཐམས་ཅད་ཉིད་ཀྱང་དོན་རྟོགས་པ་ཁོ་ནའོ། །ཇི་ལྟར་དོན་རྟོགས་ཤེ་ན། རྗོད་པ་འདི་ཙམ་གྱིས་ཏེ། ཇི་སྐད་རྗོད་ཟིན་པའི་བཤད་པའི་སྒོ་ནས་སོ། །འོན་ཀྱང་འདི་དག་དེ་ཤེས་པ། རྣམས ་ཀྱིས་ཞིབ་མོའི་བློ་ཡིས་རྣམ་པར་དཔྱོད་ཅེས་བྱ་བ་ནི་བརྟགས་པར་བྱ་སྟེ་ངེས་པར་བསམ་པའོ། །གང་དག་ཅེ་ན། འདི་དག་སྟེ། སྒྲ་གཞན་གྱིས་བརྗོད་པ་དག་ལ་ཡང་ཡོད་པ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་ཅན་རྣམས་སོ། །སུ་དག་གིས་ཤེ ་ན། དེ་ཤེས་པ་རྣམས་ཀྱིས་ཏེ་ངག་གི་དོན་ཤེས་པ་རྣམས་ཀྱིས་སོ། །དེ་དག་ཇི་ལྟར་དཔྱད་པར་བྱ་ཞེ་ན། བརྗོད་པ་ཞིབ་མོའི་བློ་ཡིས་ཏེ། ཤིན་ཏུ་ཕྲ་བའི་བློ་ཡུལ་གཞན་ལ་ཆགས་པ་དང་བྲལ་བའི་ཤེས་པ་ཞེས་བྱ་བའི་དོན་ཏོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུགས་བརྙན་གྱི་སྒྲ་ཐོས་པས་ད་ནི་དེའི་དོན་སྟོན་པར་བྱེད་པ་ནི། སྐབས་ཀྱི་དོན་ནི་སྤང་བ་དང་ཞེས་བྱ་བ་ལ་སོགས་པའོ། །སྐབས་ཞེས་བྱ་བ་ནི་གཉུག་མ་ལ་བརྗོད་དེ། གཉུག་མ་སྐབས་སུ་བབ་པའི་དོན་དེ་སྤོང་ཞིང་བཞག ་པ་སྟེ་ཡོངས་སུ་མི་འཛིན་པ་དང། དོན་གཞན་རྟོག་པ་གང་ཡིན་པ་ཞེས་སོ་སོར་ངེས་པའི་དོན་ལས་དོན་གཞན་རྟོག་ཅིང་འགོད་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མཐོང་ཞིང་ཐོས་པ་དེ་ནི་གཟུགས་བརྙན་ཡིན་པར་འདོད་དོ། །གཟུགས་བརྙན་ནི ་ལྟར་བཅོས་བུ་སྟེ། གསེར་བཅོས་བུ་ལྟ་བུའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་གང་ཞིག་སྐབས་ཀྱི་དོན་འཆད་པར་བྱས་པ་དང་གང་ཡང་དོན་གཞན་འཛིན་པ་ནི་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུགས་བརྙན ་གྱི་སྒྲས་བརྗོད་དོ། །ཞེས་བྱ་བ་ནི་མདོར་བསྡུས་པའོ། །འདི་ཉིད་ལ་དགོངས་ནས་ཤིང་རྟ་ཆེན་པོ་རྣམས་ཀྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ ་ཞེས་གསུངས་སོ། །ད་ནི་དོན་གྱི་མཇུག་བསྡུས་ཏེ་སྟོན་པས་བརྗོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྟེན་ཅན་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པར་བགྲངས་པ་ཐམས་ཅད་ལ་ཡང ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྟེན་ཅན་གྱི་བསྡུས་དོན་འདི་ཙམ་ཉིད་ཡིན་ཏེ། འདི་ལྟ་སྟེ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་དང་ལྡན་པའི་མིང་ཅན་ཡིན་གྱི་ལྷག་པ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །འོན ་ཀྱང་སླར་ཡང་དེ་ཉིད་ནི་བཟླས་པ་ཡིན་ཏེ། ཡང་ནས་ཡང་དུ་བསྐྱར་བ་ཡིན་ནོ། །དོན་དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། བརྗོད་པ་དོན་གཞན་ལ་བརྟེན་པ་སྟེ། དོན་གཞན་གྱི་སྒྲས་ནི་དྲི་བ་གཞན་བརྗོད་དེ། གང་གི་ཚེ་དྲི་བ་པོའི་དབྱེ་བས་འདི་ལྟ་སྟེ། ཕུང་པོ་དང་བྱང ་ཆུབ་ཀྱི་ཕྱོགས་དང་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པ་རྣམས་དྲི་བ་གཞན་གྱི་སྒོ་ནས་བརྟེན་པར་གྱུར་པ་དེའི་ཚེ་དེ་ཉིད་ཡང་དང་ཡང་དུ་བཟླས་པ་ཡིན་ནོ། །ཡང་ན་བསྡུས་པ་ལ་དགའ་བའི་བསྟན་པར་བྱ་བར་གྱུར་པའི་དོན་གཞན་ལ་བརྟེན ་ནས་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་ཅན་གྱི་དངོས་པོའི་དོན་དེ་ཉིད་སོ་སོས་སམ། མཛའ་དག་ཟློས་པ་ཡིན་ནོ། །ད་ནི་བདག་ཉིད་ཤིན་ཏུ་རྒྱ་ཆེ་བ་ཉིད་དུ་སྟོན་པར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་བྱས་པ་ལས་བྱུང་བའི་བསོད ་ནམས་ཀྱི་ཕུང་པོ་སྔོ་བར་བྱེད་པ་གསུངས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་བརྒྱད་སྟོང་ཞེས་བྱ་བ་ནི་བསྟན་པའི་རང་བཞིན་བརྒྱད་སྟོང་པར་བགྲངས་པའོ།། །། ་ཡང་དག་ཏུ་ནི་བསྡུས་པ་ཡིས་ཞེས་བྱ་བ་ནི་དོན་བསྡུས་པ་བྱས་པའོ། །ཇི་ལྟར་ཞེ་ན། ཡང་དག་ཅེས་བྱ་བ་སྟེ། ཕྱིན་ཅི་མ་ལོག་པར་རོ། །ཐོབ་ཅེས་བྱ་བ་ནི་རྙེད་པའོ། །ཅི་ཐོབ་ཅེ་ན། བསོད་ནམས་ཏེ། དེ་དག་པར་བྱེད་པས་ན་བསོད་ནམས་ཏེ། བསོད ་ནམས་དེས་སྐྱེ་བོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག་པའོ། །འདི་སྐད་དུ་འཇིག་རྟེན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་མཐར་ཐུག་པར་སོན་པར་གྱུར་ཅིག་ཅེས་བརྗོད་དེ ་ཡིན་ནོ། །གཞན་མ་ནི་དོན་དམ་ཚིག་རྣམས་རྣམ་པར་དཔྱོད་པ་ཡིས། །བསྡུས་པའི་ཆེད་འགྲེལ་པ་བདག་གིས་བརྗོད་པ་གང་ཡིན་པ། །དེ་མཐུ་ལས་བྱུང་བསོད་ནམས་བྱེ་བྲག་རྣམས་ཀྱི་འཇིག་རྟེན་འདི། །བློ་གྲོས་མངོན་པར་རྟོགས་བཞིན་ད་ལྟ་རྣམ ་དབེན་རྟོགས་གྱུར་ཅིག་།དགེ་སློང་བསླབ་པ་བརྒྱ་ལྡན་པས། །སེམས་ལ་བསོད་ནམས་གང་བསྒྲུབས་དེས། །འཇིག་རྟེན་བློ་གྲོས་མངོན་རྟོགས་ཤིང། །བདག ་ཀྱང་བསོད་ནམས་ཐོབ་ལྡན་ཤོག་།རྒྱ་ཆེར་འགྲེལ་བ་ཟབ་མོ་ཡིས། །ཚུལ་སྟོན་འདི་ནི་ཚིགས་བཅད་ཀྱིས། །གྲངས་ནི་བཞི་བཅུ་ཐམ་པ་དང། །བཅས་པའི་བརྒྱ་ཕྲག་ལྔ་ཡིན་ནོ། །སློབ ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཉེ་བར་སྦྱར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་སློབ་དོན་བླ་མ་དཀོན་མཆོག ་གསུམ་གྱི་འབངས་ཀྱིས་མཛད་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ་དང། ལོ་ཙྪ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་