CLOSE WINDOW

N3994: shes rab kyi pha rol tu phyin pa 'bum pa rgya cher 'grel pa
Wyliee-texts based on the ACIP/ALL Input

text in 2 volumes

volume 1 (mdo 'grel (na)) - volume 2 (mdo 'grel (pa)) -

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག ་འཚལ་ལོ། །ཤེས་རབ་བདག་ཉིད་ཕ་རོལ་ཕྱིན་པའི་གཙོ། །རྒྱལ་བའི་ཡུམ་ལ་གུས་པར་ཕྱག་འཚལ་ནས། །བླ་མའི ་ལུང་གིས་བདག་ལ་ཕན་པའི་ཕྱིར། །འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །དེ་བཞིན་གཤེགས་པ ་རྣམས་ཀྱི་གཟུགས་ཀྱི་སྐུ་དང། དམ་པའི་ཆོས་ཀྱི་ཚོགས་སྲུང་བར་གཏོགས་པའི་ཕྱིར། འཕགས་པ་བྱང་ཆུབ་སེམས་དཔའ་ ་ཕྱག་ན་རྡོ་རྗེ་ལ། འཕགས་པ་བྱམས་པས་འཁོར་གྱི་ནང་དུ་དྲིས་པ་དང། འདི་སྐད་བདག་གིས་ཐོས་པ་ཞེས ་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་བདག་གིས་ཐོས་པར་ཁས་འཆེས་སོ། །བཅོམ་ལྡན་འདས་ཀྱིས་འདི་སྐད ་བཤད་དོ། །ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། བཅོམ་ལྡན་འདས་ཀྱིས་བཤད་པ་ནི། ཕྱག་ན་རྡོ་རྗེ་བདག་ཉིད་ཀྱི་སྤྱོད་ཡུལ་དུ ་མི་འགྱུར་བའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ནས་འདུས་པའི་འདུལ་བའི་རིགས་དང། ་བསམ་པ་དང་སྤྱོད་པ་དང་མོས་པ་དང། དབང་པོ་ཐ་དད་པ་རྣམས་ལ། སྐད་ཅིག་གཅིག་ལ་ཡང་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། ་བདག་མེད་པ་དང། མི་སྐྱེ་བ་དང། མི་འགག་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་སོགས་པར་དབྱེ་བ་དང། ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་པ་དང། འཕགས་པའི་བདེན་པ་ལ་སོགས་པར་དབྱེ་བ་དང། དྲན་པ་ཉེ་བར་གཞག ་པ་དང། ཡང་དག་པར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དང། དབང་པོ་ལ་སོགས་པར་དབྱེ་བ་དང། སྟོབས་བཅུ་དང་།མི་འཇིགས་པ་བཞི་དང། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་དབྱེ་བ་རྣམས་སྐད་སྣ་ཚོགས་དང། སྒོ་སྣ་ཚོགས་དང། སྒྲ་སྣ་ཚོགས་དང། ཆོ་འཕྲུལ ་སྣ་ཚོགས་དང། འཇུག་པ་སྣ་ཚོགས་དང། འབྲས་བུ་ཐོབ་པ་སྣ་ཚོགས་ཀྱིས་སྐད་ཅིག་དེ་ཉིད་ལ་བཤད་པའི་ཡེ་ཤེས་གཅིག་གིས ་སྟོན་ཏེ། དེ་སྙེད་ཅིག་ཅར་ཕྱག་ན་རྡོ་རྗེའི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་དོ་ཞེས་མ་བརྗོད་ཀྱི། བདག་གི་སྤྱོད ་ཡུལ་དུ་ཅི་ཙམ་གྱུར་པ་ཉི་ཚེ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བར་བསྟན་ཏོ། །དེ་ལྟར་ཅིས་མངོན་ཞེ་ན། དེ་བཞིན་གཤེགས་པའི་གསང ་བའི་མདོ་ལས། ཞི་བའི་བློ་གྲོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་གྲངས་མེད་པ་དག་ན། སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན ་ཇི་སྙེད་ཡོད་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི་།སའི་ཁམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་སྟེ། ཞི་བའི་བློ་གྲོས ་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་དེ་དག་ཐམས་ཅད་འདི་ལྟ་སྟེ། གནས་བརྟན་ཤཱ་རིའི་བུའི་ཤེས་རབ་དང། ཡེ་ཤེས་ལྟ་བུ་དང་ལྡན ་པར་ཡང་གྱུར་ལ། ཤཱ་རིའི་བུ་ལྟ་བུའི་སེམས་ཅན་དེ་དག་ཐམས་ཅད་ཤེས་རབ་དང། ཡེ་ཤེས་གང་ཡིན་པའི་ཤེས་རབ་དང། ཡེ་ཤེས་དེ་སེམས་ཅན་གཅིག་ལ་ཡོད་པར་གྱུར་ཏེ། རྣམ་གྲངས་འདིས། སེམས ་ཅན་ཐམས་ཅད་ཤེས་རབ་དང། ཡེ་ཤེས་དེ་ལྟ་བུ་དང་ལྡན་པར་གྱུར་ལ། ཞི་བའི་བློ་གྲོས་སེམས་ཅན་དེ་དག་ཐམས་ཅད་ཀྱིས། བསྐལ་པ་འམ་བསྐལ་པ་ལས་ལྷག་པར། ཐེ་ཚོམ་དྲི་བ་བསམ་ཤིང་གཞལ ་ཏེ། ཡོངས་སུ་བཙལ་ལ། སེམས་ཅན་གཅིག་གི་ཐེ་ཚོམ་དྲི་བ་གང་ཡིན་པ་དེ། གཉིས་པ་མ་ཡིན་པའི་རྣམ་གྲངས་འདིས། ཞི་བའི་བློ་གྲོས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་དྲི་བ་ཐ་དད་པ་བསམས་ཏེ། བཅོམ་ལྡན་འདས་ཀྱི ་གནད་དུ་དོང་ནས། སེ་གོལ་གཏོགས་པ་སྲིད་ལ། ཐེ་ཚོམ་དྲི་བ་དེ་དག་གསོལ་ཀྱང། བཅོམ་ལྡན་འདས་ཀྱི་སེམས་གཅིག་གིས་རྗེས་སུ་ཞུགས་པའི་དྲན་པས། དེ་དག་གི་ཐེ་ཚོམ་ཐམས་ཅད་གཟུང་ནས། གསུང་གཅིག ་བརྗོད་པས་ཐེ་ཚོམ་ཐམས་ཅད་གཅོད་དེ། དེ་དག་ཐམས་ཅད་ཀྱང་རང་གི་ཐེ་ཚོམ་བསལ་བར་ཤེས་ཤིང། ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པས། ཐམས་ཅད་ཀྱང་སེམས་རངས་པར་གྱུར་ཏོ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ལྟ་བུ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པས། འདུལ་བ་རྣམས་ལ་བསྟན་པའི་རིམ་པ་དེ་ནི། བྱང་ཆུབ་སེམས་དཔའ་ཆོས་སྡུད་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར། བཅོམ་ལྡན་འདས ་ཀྱིས་འདི་སྐད་བཤད་དོ་ཞེས་མ་བརྗོད་པར། བདག་གི་སྤྱོད་ཡུལ་དུ་ཇི་ཙམ་གྱུར་པ་དང། ཅི་ཐོས་པ་ཉི་ཚེ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་གསུངས་སོ། །དུས་གཅིག་ན་ཞེས་བྱ་བ་ནི། དུས་གང་ཡང་རུང་བ ་གཅིག་གཅིག་ན་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དུས་ངེས་པར་མ་མཛད་ཅེ་ན། དུས་ངེས་པ་བསྟན་པ་ཆེད་མི་ཆེ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན། རྩོད་པ་མེད་པར་བྱ་བའི་ཕྱིར་ཡང། དུས་ངེས་པ་མ་བསྟན་ཏེ། འདི་ལྟར་དེ་བཞིན་གཤེཌ ་པ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ཀྱི་ཚེ། འཇིག་རྟེན་གྱི་ཁམས་སྣ་ཚོགས་དང། གནས་སྣ་ཚོགས་རྣམས་སུ་བྱང་ཆུབ་སེམས་དཔའ་མ། གཞན་ཡང་རུང་སྟེ། འདུལ་བ་སྣ་ཚོགས་རྣམས་ལ་ཆོས་བཤད་པ། རྣམ་པ་སྣ་ཚོགས་མཛད་པར ་སྣང་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་འམ། གཞན་དག་ཀྱང་རུང་སྟེ། གདུལ་བའི་འགྲོ་བ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་ན། འདི་སྐད་དུ་དེའི་ཚེ་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཁམས་འདིར་ཡུལ་འདི་ཞེས་བྱ་བ ་ན། བདག་ཅག་གི་དེ་ན་བཞུགས་སོ། །བདག་ཅག་ནི་དོན་བཞུགས་སོ་ཞེས་རྩོད་པའམ། ཡིད་གཉིས་སུ་འགྱུར་བ་ཡང་སྲིད་དེ། དེ་ལྟར་འགྱུར་དུ་དོགས་པའི་ཕྱིར། ཐམས་ཅད་དུ་ཡང་ཆོས་སྡུད་པ་མཛད་པ ་རྣམས་ཀྱིས་དུས་ངེས་པར་མཛད་དོ། །ཡང་རྣམ་པ་གཅིག་ཏུ་ན། རྒྱལ་པོའི་ཁབ་ན་ལན་མང་དུ་བཞུགས་བཞུགས་པའི་ཕྱིར། རྒྱལ་པོའི་ཁབ་ན་བཞུགས་པའི་དུས་གཅིག་གཅིག་ན་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང ་ལྡན་པ་ལ་བྱའོ། །ཡང་རྣམ་པ་གཅིག་ཏུ་ན། རྟེན་བསྟེན་པར་བྱ་བ་དང་ལྡན་པ་ལ་ཡང། བཅོམ་ལྡན་འདས་ཞེས་བྱ་སྟེ། བསྟེན་པར་བྱ་བ་ཡང་རྣམ་པ་དྲུག་སྟེ། དབང་ཕྱུག་དང། ཡེ་ཤེས་དང། གྲགས་པ་དང། དཔལ་དང། བསོད་ནམས་དང། བརྩོན ་འགྲུས་དང། བསྟེན་པར་བྱ་བ་འདི་རྣམས་དེ་བཞིན་གཤེགས་པ་ལ་མངའ་ཞིང་ལྡན་བས་ན། བཅོམ་ལྡན་འདས་ཞེས་བྱའོ། །རྒྱལ་པོའི་ཁབ་ན་བཞུགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་བཞུགས་པའི་གནས་མཆོད་རྟེན་དུ་གྱུར་པ་བསྟན་པས་སེམས་ཅན ་རྣམས་ཀྱི་བསོད་ནམས་འཕེལ་བར་འགྱུར་པའི་ཕྱིར་གནས་ངེས་པར་བསྟན་ཏོ། །གནས་དེ་ན་བཞུགས་པ་ཡང་རྣམ་པ་བཞིས་བཞུགས་ཏེ། སྤྱོད་ལམ་གྱིས་བཞུགས་པ་དང། ཆོས་འཆད་པས་བཞུགས་པ་དང། སྙོམས་པར་འཇུག་པས་བཞུགས ་པ་དང། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །དེ་ལ་སྐུའི་ཕྲིན་ལས་སུ་གཏོགས་པ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་ཕྱིན་ལས་གང་ཡིན་པ་དེ་དག་ཐམས་ཅད་ནི་ཆོས་འཆད་པས་བཞུགS ་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཡིན་པ་དེ་དག་ཐམས་ཅད་ནི་སྙོམས་པར་འཇུག་པས་བཞུགས་པ་དང། ནང་དུ་ཡང་དག་འཇོག་གིས་བཞུགས་པ་སྟེ། དེ་ལ་རྟག་ཏུ་མཉམ་པར་འཇོག་ཅིང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི་སྙོམས་པར་འཇུག་པོའི ་བཞུགས་པའོ། །ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་དགོངས་པ་དང། ལྷ་ལ་སོགས་པ་འོང་པའི་གོ་སྐབས་དབྱེ་བའི་ཕྱིར་གཅིག་བུ་དབེན་པ་ན་བཞུགས་པ་ནི། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་འཕུངས་པ་ལ་ ་ཞེས་བྱ་བ་ནི། གནས་ཕུན་སུམ་ཚོགས་པ་བསྟན་ཏེ། ཡུལ་དེ་ན་འདྲེ་གདོན་གྱིས་རྟག་ཏུ་གཙེས་པ་ལས། གྲོང་ཁྱེར་གྱི་མིང་རྒྱལ་པོའི་ཁབ་ཏུ་བཏགས་ནས་འདྲེ་གདོན་གྱིས་མི་ཚུགས་པར་གྱུར་ཏེ། དེ་ཚུན་ཆད་ཡུལ་དང་གྲོང་ཁྱེར་དེ་རྒྱལ ་པོའི་ཁབ་ཏུ་གྲགས་སོ། །ཡང་རྣམ་པ་གཅིག་ཏུ་ན། གྲོང་ཁྱེར་དེ་གོང་ཁྱེར་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏོ། རྒྱལ་པོ་དང་འདྲ་བའི་ཕྱིར་རྒྱལ་པོའི་ཁབ་ཅེས་བྱའོ། །མདོ་སྡེ་འདི་ཡང་གསུང་རབ་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་བསྟན་པའི་ཕྱིར། གྲོང་ཁྱེར་གྱི ་མཆོག་དེར་བཤད་པ་སྨོས་སོ། །རྒྱལ་པོའི་ཁབ་ཅེས་བྱ་བའི་ཡུལ་དང་གྲོང་ཁྱེར་དེ་ཡང་རབ་ཏུ་རྒྱ་ཆེ་བས། རྒྱལ་པོའི་ཁབ་ཀྱི་ས་ཕྱོགས་གང་ཁོ་ན་ན་བཞུགས་པ་མི་ཤེས་ཏེ། དེ་གསལ་བར་བསྟན་པའི་ཕྱིར། རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་འཕུངས་པོ ་ལ་ཞེས་བྱ་བ་གསུངས་སོ། །རི་དེའི་དབྱིབས་བྱ་རྒོད་འཕུངས་པོ་འདྲ་པའི་ཕྱིར་བྱ་རྒོད་འཕུངས་པ་ཞེས་བྱའོ། །རྒྱལ་པོའི་ཁབ་དང་རི་བྱ་རྒོད་འཕུངས་པ་ཞེས་བྱ་བའི་གནས་གཉིས་སྨོས་པ་ནི་ཁྱིམ་པའི་ཕྱོགས་དང། རབ་ཏུ་བྱུང་པའི་ཕྱོགས་གཉིས ་ལ་ཕན་འདོགས་པ་བསྟན་པ་སྟེ། རྒྱལ་པོའི་ཁབ་སྨོས་པས་ནི་ཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་མཛད་ཅིང་གཤེགས་པའི་ཚེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་རྣམས་དེ་བཞིན་གཤེགས་པའི་སྐུ་ལྟ་བས་ཆོག་མི་ཤེས་པ་མཐོང་ན། ་དད་པ་སྐྱེས་ཏེ། བསོད་སྙོམས་ལ་སོགས་པ་འབུལ་ཞིང། བསོད་ནམས་བྱེད་པའི་སྒོ་ནས་ཕན་འདོགས་སོ། །རི་བྱ་རྒོད་འཕུངས་པ་སྨོས་པས་རབ་ཏུ་བྱུང་པའི་ཕྱོགས་སུ་གཏོགས་པ་རྣམས་ལ། ཆོས་ཀྱི་ཕན་འདོགས་པ་བསྟན་པ་སྟེ། རབ་ཏུ་བྱུང་བ ་རྣམས་འདུ་འཛིའི་ནང་ནི་མ་གནས་པར་དགོན་པའི་ས་ཕྱོགས་རིལ་གནས་པ་རྣམས་ལ་དམ་པའི་ཆོས་བཤད་པའི་སྒོ་ནས་ཕན་འདོགས་པའི་ཕྱིར་རོ། །དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། ཞེས་བྱ་བ་ལ་སོགས ་པས། འཁོར་ཕུན་སུམ་ཚོགས་པ་བསྟན་པ་སྟེ། འཁོར་ཡང་དགེ་སློང་གི་འཁོར་དང་བྱང་ཆུབ་སེམས་དཔའ་ཨི་འཁོར་རྣམ་པ་གཉིས་ཏེ། དེ་གཉིས་ལས་དགེ་སློང་གི་འཁོར་སྔོན་སྨོས་པ་ནི། རབ་ཏུ་བྱུང་བ་རྣམས་སྦྱིན་གནས་སུ་གྱུར་པའི་མཆོག་ཡིན ་པས། འཇིག་རྟེན་པས་མཆོད་ཅིང་བཀུར་སྟི་བྱ་བའི་འོས་ཡིན་པ་དང། བཅོམ་ལྡན་འདས་ཀྱི་ཞབས་འབྲིང་ན་རྟག་ཏུ་གནས་པ་དང། འཇིག་རྟེན་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར། དགེ་སློང་གི་འཁོར་སྔར་སྨོས་སོ། །བྱང་ཆུབ ་སེམས་དཔའ་ཨི་འཁོར་ནི་ཁྱིམ་པའི་ཚུལ་དུ་གནས་པས་སྦྱིན་གནས་སུ་མ་གྲགས་པ་དང། སེམས་ཅན་གྱི་དོན་ལ་གཤེགས་པས་ཞབས་འབྲིང་ན་མི་རྟག་པ་དང། འཇིག་རྟེན་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཕྱིས་སྨོས་སོ། །དགེ་སློང་ལྔ་སྟོང་ཙམ ་དང་ཞེས་བྱ་བའི་གྲངས་སྨོས་པས་འཁོར་མང་བ་བསྟན་པའོ། །ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་རྣམས་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་པའི་སྒོ་ནས་ཆེ་བ་ཉིད་བསྟན་པ་སྟེ། ཐམས་ཅད་ཀྱང་ཞེས་བྱ་བS་ནི་འཁོར ་འཕགས་པ་ཉན་ཐོས་དེ་དག་ཐམས་ཅད་ཀྱང། དགྲ་བཅོམ་པ་ཤ་སྟག་སྟེ། འཁོར་དེའི་ནང་ན་རྒྱུན་ཏུ་ཞུགས་པ་ལ་སོགS་པ་སློབ་པའི་གང་ཟག་གམ། སོ་སོའི་སྐྱེ་བོ་གཅིག་ཀྱང་མེད་པར་བསྟན་པའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས ་བཅོམ་པའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན། ཨ་རི་ཧན་ཞེས་བྱ་བ་མི་སྐྱེ་བའི་དོན་ལ་ཡང་བསྙག་སྟེ། འཁོར་བར་སླར་མི་སྐྱེ་བའི་ཆོས་ཉིད་ཅན་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་པ་གཅིག་ཏུ་ན། ཨ་རི་ཧ་ན་ཞེས་བྱ་བ་འོས་པ་འམ། ནུས ་པ་ལ་ཡང་བསྙེག་སྟེ། བདག་གི་དོན་ཐམས་ཅད་ཡོངས་སུ་རྫོགས་པས། གཞན་ལ་རྗེས་སུ་སྟོད་པར་འོས་ཤིང་ནུས་པ་འམ། དགེ་འདུན་དཀོན་མཆོག་ཅེས་བྱ་བར་འོས་པ་འམ། ཁམས་གསུམ་གྱི་མི་དང་ལྟའི་གཙོ་བོ་རྣམས་ཀྱིས་མཆོད་པ་རྣམ་པ་དུ་མས ་མཆོད་པར་འོས་པ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །ཡང་རྣམ་པ་གཅིག་ཏུ་ན་ཨ་རི་ཧ་ནཾ་ཞེས་བྱ་བ་མཆོད་པ་ལ་ཡང་བསྙེག་སྟེ། འཕགས་པ་དགྲ་བཅོམ་པ་དེ་དག་དེ་བཞིན་གཤེགས་པ་ལ་སྒྲུབ་པའི་མཆོད་པས་རྒྱུན་མི་འཆད་པར ་མཆོད་པར་བྱེད་པའི་ཕྱིར་ཡང་དགྲ་བཅོམ་པ་ཞེས་བྱའོ། །ཟག་པ་ཟད་པ་ཞེས་བྱ་བ་ནི་ཟག་པ་རྣམ་པ་བཞི་སྟེ། འདོད་པའི་ཟག་པ་དང་སྲིད་པའི་ཟག་པ་དང། མ་རིག་པའི་ཟག་པ་དང་ལྟ་བའི་ཟག་པ་རྣམས་སྤངས་ཏེ། ཟག་པར་གྱུར་པ་ལ་ཡང་ཟག་པ་ཟད ་པ་ཞེས་བྱ་སྟེ། དེ་ལ་འདོད་པའི་ཟག་པ་ནི། འདོད་པའི་ཁམས་སུ་གཏོཌ་པའི། ཉོན་མོངS་པ་རྣམས་སོ། །སྲིད་པའི་ཟག་པ་ནི། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་སུ་གཏོགས་པའི་ཉོན་མོངས་པ་རྣམས་སོ། །མ་རིག་པའི་ཟག་པ་ནི་ཁམས་གསུམ་ཆར་གྱི་མ ་རིག་པའོ། །ལྟ་བའི་ཟག་པ་ནི་ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཆོས་འདི་རྣམས ་ཀྱིས་སེམས་ཅན་རྣམས་འཁོར་བར་འཁོར་ཞིང་ངན་སོང་དུ་ལྟུང་བར་བྱེད་པའི་ཕྱིར་ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་སྨིན་པའི ་ཕུང་པོའི་ཀུན་ནས་ཉོན་མོངས་པ་དང། སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནོམས?་སྤངས་ཤིང་མེད་པ་ལ་བྱ་སྟེ། དེ་ལ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི། འདུ་བྱེད་ཀྱི་དགེ་བ་དང། མི་དགེ་པ་དང་ལུང་དམ་བསྟན་པའི་ལས་རྣམས་བྱེད་པས་ཉོན་མོངས་པའོ། ། ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་ནི་སྡུག་བསྔལ་ཞིང་ཉོན་མོངས་པར་འགྱུར་བའི་གཞི་ཕུང་པོ་ལྔ་ལ་བྱའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ། ་ནི་བའི་མངལ་ནས་འབྱུང་བའི་ཚེ་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བ་སྟེ། །དེ་རྣམས་མེད་པ་ལ་ཉོན་མོངས་པ་མེད་པ་ཞེས་བྱའོ། །དབང་དུ་གྱུར་པ་ཞེས་བྱ་བ་ནི་དབང་བཞི་དང་ལྡན་པ་ལ་བྱ་སྟེ། བཞི་གང་ཞེ་ན། རྫུ་འཕྲུལ་ལ་དབང་བ་དང། དབང་པོ་ལ་དབང་བ་དང། ཏིང་ངེ ་འཛིན་ལ་དབང་བ་དང། ཤེས་རབ་ལ་དབང་བའོ། །དེ་ལ་རྫུ་འཕྲུལ་ལ་དབང་བ་ནི་སེམས་ཅན་གྱི་འཇིག་རྟེན་དང། སྣོད་ཀྱི་འཇིག་རྟེན་དག་གི་དབང་དུ་འགྱུར་རོ། །དབང་པོ་ལྔ་ལ་དབང་པས་ནི་སྤྱོད་ལམ་ཉེ་བར་ཞི་བས་དེ་དག་ལ་འཇིག་རྟེན་རྣམས་དགའ་བ་སྐྱེ་བར་བྱེད ་དོ། །ཏིང་ངེ་འཛིན་ལ་དབང་བས་ནི་བདག་གི་སེམས་དབང་དུ་འགྱུར་རོ། །ཤེས་རབ་ལ་དབང་བས་ནི་ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་ཐམས་ཅད་མེད་པར་བྱེད་དེ་བཅིངས་པ་ལས་གྲོལ་བ་བཞིན་དུ་རང་དབང་ཐོབ་པར་འགྱུར་རོ། །སེམས་ཤིན་ཏུ་རྣམ་པར་གྲོལ ་པ་ཞེས་བྱ་བ་ནི་སྲིད་པའི་ཕྱོགས་སུ་གཏོགས་པའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པར་བསྟན་པ་སྟེ། དེ་ལྟར་སེམས་རྣམ་པར་གྲོལ་བ་ཐོབ་པས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་གྱུར་པ་བསྟན་ཏོ། །ཤེས་རབ་ཤིན་ཏུ ་རྣམ་པར་གྲོལ་བ་ཞེས་བྱ་བས་ནི་མ་རིག་པའི་ཕྱོགས་སུ་གཏོགས་པའི་ཉོན་མོངས་པ་རྣམས་སྤངས་པ་བསྟན་ཏེ། དེ་ལྟར་ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཐོབ་པས་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་པ་བསྟན་ཏོ།།། ་ཅད་ཤེས་པ་ཞེས་བྱ་བ་ནི་འཇིགས་པ་མེད་པ་ལ་བྱ་སྟེ། དེ་བས་ན་མདོ་སྡེ་དག་ལས་ཀྱང། འཇིགས་པ་མེད་པའི་ཕྱིར་ཅད?་ཤེས་པ་ལྔ་གསུངས་པ་ལྟ་བུ་སྟེ། ལྕེ་འབབ་པ་ལ་སོགས་པ་འབྱུང་བའི་བག་ཚ་བ་དང། འཇིགས་པ་མེད་ཁྱུ་མཆོག་ཅད་ཤེས་པ། ་འཐབ་མོའི་འཇིགས་པ་མེད་པས་ལྷ?་དང་གླང་པོ་ཆེ་ཅང་ཤེས་པ་དང། གཞན་གྱི་གནོད་པ་བྱེད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས་པ་དང། འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་པ་རྣམས་སོ། །འདིར་ནི་ཅང་ཤེས་པ་ཞེས་བྱ་བས་བག་ཆ ་བ་བཞི་མེད་པ་བསྟན་ཏེ། བཞི་གང་ཞེ་ན། སྡུག་བསྔལ་གྱི་བག་ཚ་བ་དང། འཇིགས་པས་བག་ཚ་བ་དང། འཇིག་རྟེན་གྱི་ཆོས་ཀྱིས་བག་ཚ་བ་དང། མི་ཤེས་པས་བག་ཚ་བའོ། །དེ་ལ་མྱ་ངན་དང་སྨྲེ་སྔགས་འདོན་པ ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་རྣམས་མེད་པས་སྡུག་བསྔལ་གྱིས་བག་ཚ་བ་མེད་དོ། །བདག་གིས་སྨད་པ་དང། གཞན་གྱིས་སྨད་པ་དང། ངན་འགྲོར་ལྟུང་བ་དང། འཚོ་བ་མི་འབྱོར་པ་དང། ཆད་པས་བཅད་དུ་དོགས་པ་དང། མི་སྙན ་པར་གྲགས་སུ་དོགས་པ་དང། འཆི་བས་འཇིགས་པ་རྣམས་མེད་པའི་ཕྱིར་འཇིགས་པའི་བག་ཚ་བ་མེད་དོ། །རྙེད་པ་དང་མ་རྙེད་པ་དང། གྲགས་པ་དང་མ་གྲགས་པ་དང། བསྟོད་པ་དང་སྨད་པ་དང། བདེ་བ་དང་སྡུག་བསྔལ་གྱིས་གོས་པ་མེད་པའི ་ཕྱིར། འཇིག་རྟེན་གྱི་ཆོས་ཀྱིས་བག་ཚབ་མེད་དོ། །མི་ཤེས་པ་དང། ཐེ་ཚོམ་དང་བཅས་པར་ཤེས་པ་དང། ལོག་པར་ཤེས་པ་མེད་པའི་ཕྱིར། །མི་ཤེས་པའི་བག་ཚབ་མེད་དེ། དེ་བས་ན་དེ་ལྟ་བུའི་བག་ཚབ་རྣམས་མེད་པའི་ཕྱིར་ཆང་ཤས་པ ་ཞེས་བྱའོ། །གླང་པོ་ཆེན་པོ་ཞེས་བྱ་བ་ནི་གཙོ་བོ་ཆེན་པོ་ཞེས་བྱ་བའི་དོན་ཏེ། ཁྱེད་པར་རྟོགས་པའི་ཆོས་ཐོབ་པའི་ཕྱིར་གླང་པོ་ཆེན་པོ་ཞེས་བྱའོ། །བྱ་བ་བྱས་པ་བྱེད་པ་བྱས་པ་ཞེས་བྱ་བས་ནི། བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་བསྟན ་པ་སྟེ། ལས་ཀྱི་གཙོ་བོར་མི་བྱར་མི་རུང་བ་ལ་ནི་བྱ་བ་ཞེས་བྱའོ། །ཞར་ལ་བྱ་བ་ནི་བྱེད་པ་ཞེས་བྱ་སྟེ། དེ་ལ་ལས་ཀྱི་གཙོ་བོ་མི་བྱར་མི་རུང་བ་ཡང་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ཡོངས་སུ་རྫོགས་པར་བྱས་པས། སྡུག་བསྔལ་ཐཾས་ཅད ་ལས་རྣམ་པར་ཐར་པར་བྱ་སྟེ། དེ་དག་ཡོངས་སུ་རྫོགས་པར་བྱས་པ་ལ་བྱ་བ་བྱས་པ་ཞེས་བྱའོ། །ཞ་དལ་བྱ་བ་ནི་འདོད་པ་ཆུང་བར་བྱ་བ་དང། ཆོག་ཤེས་པར་བྱ་བ་དང། སྦྱངས་པའི་ཡོན་ཏན་ལ་གནས་པར་བྱ་བ་དང། སེམས་ཅན་ཐམས་ཅད་མ་ཀུ? ་བར་བྱ་བ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་པ་ནི་བྱེད་པ་བྱས་པ་ཞེས་བྱ་སྟེ། དེ་བས་ན་བྱ་བ་བྱས་པ་བྱེད་པ་བྱས་པ་ཞེས་བྱ་བ་འདིས་བསྒྲུབ་པར་བྱ་བའི་རྣམ་པར་ཐམས་ཅད་ཡོངས་སུ་རྫོགས་པའི་ཡོན་ཏན་བསྟན་ཏོ། །ཁུང་བོར་བ་ཞེས་བྱ་བ་ལ་ཁུར་ནི་རྣམ་པ་བཞི་སྟེ། ཕུང་པོའི ་ཁུར་དང། ཉོན་མོངས་པའི་ཁུར་དང། ཁས་འཆེས་པའི་ཁུར་དང། བརྩོན་འགྲུས་ཀྱི་ཁུར་རྣམས་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པས་ནི་ཕུང་པོའི་ཁུར་བོར་རོ། །ཀུན་འབྱུང་བ་སྤངས་པས་ནི་ཉོན་མོངས་པའི་ཁུར་པོར་རོ། །ལམ་བསྒོམས་པས་ནི ་ཁས་འཆེས་པའི་ཁུང་པོར་རོ། །འགོག་པ་མངོན་སུམ་དུ་བྱས་པས་ནི་བརྩོན་འགྲུས་ཀྱི་ཁུར་པོར་བར་ཤེས་པར་བྱའོ། །བདག་གི་དོན་རབ་ཏུ་ཐོབ་པ་ཞེས་བྱ་བ་ལ། བདག་གི་དོན་ཐོ་པ་ནི་རྣམ་པ་གཉིས་ཏེ། དོན་མ་ཡིན་པ་སྤངས་པ་དང། དོན་དུ་གཉེར་བ་གྲུབ་པའོ། ་དེ་ལ་མ་རིག་པ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་པར་གྱུར་པ་ནི། དོན་མ་ཡིན་པ་སྤངས་པའོ། །རིག་པར་སྐྱེད་པས་མྱ་ངན་ལས་འདས་པ་ཐོབ་པ་ནི་དོན་དུ་གཉེར་བ་གྲུབ་པའོ། །སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་བྱ་བ་ནི་སྤྲད་པར ་སྦྱོར་བའི་ཉོན་མོངས་པ་དགུ་སྤངས་པ་ལ་བྱ་སྟེ། སྲིད་པར་སྦྱོར་བའི་ཉོན་མོངས་པ་དགུ་གང་ཞེ་ན། ལྟ་བའི་ཀུན་ཏུ་སྦྱོར་བ་དང། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང། སེར་སྣའི་ཀུན ་ཏུ་སྦྱོར་བ་དང། ཁོད་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང། མ་རིག་པའི་ཀུན་དུ་སྦྱོར་བ་དང། སྲིད་པའི་འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་པ་རྣམས་ཏེ། ཉོན་མོངས་པ་འདི་རྣམས་ཀྱིས་སེམས་ཅན་རྣམས་འཁྲོ་བར་སྐྱེ་བར་སྦྱོར་བའི་ཕྱིར ་སྲིད་པར་ཀུན་ཏུ་སྦྱོར་བ་ཞེས་བྱའོ། །བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་པ་ལ་དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ནི། ཡང་དག་པའི་ལྟ་བ་ལ་བྱ་སྟེ། ཡང་དག་པའི་ལྟ་བ་ལ་གོམས་པར་བྱས་པས་ཉོན་མོངས་པའི ་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། སེམས་ཡོངས་སུ་དག་པར་གྱུར་པ་ལ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཞེས་བྱ་བ་ནི་བསམ ་གཏན་དང་ཏིང་ངེ་འཛིན་ལ་གོམས་པའི་མཐུས་སེམས་ལ་དབང་ཐོབ་པའི་ཡོན་ཏན་བསྟན་པ་སྟེ། སེམས་ལ་དབང་ཐོབ་པས། བསམ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་དག་ལ ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་དང། ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ་ཐགས་ཐོགས་མེད་ཅིང། ཇི་ལྟར་འདོད་པར་མཉམ་པར་འཇོག་ནུས་པས་སྙོམས་པར་འཇུག་པ་ཐམས་ཅད་ལ་སེམས་དབང་དུ་གྱུར་པ་ཡོངས་སུ་རྫོགས་ཤིང ་མཐར་ཕྱིན་པ་ཤ?་སྟག་གོ་ཞེས་བྱ་བའི་དོན་ཏོ། །གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟར་སློབ་པ་རྒྱུན་ཏུ་ཞུགས་པ་ཚེ་དང་ལྡན་པ་དགའ་པོའོ་ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་བོ་འབའ་ཞིག་དེའི་ཚེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དགྲ་བཅོམ་པར ་བྱ་བ་ལ་སློབ་པ་ཡིན་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་སྨོས་པའི་ནང་དུ་མ་གཏོགས་ཏེ། དེ་འབའ་ཞིག་རྒྱུན་ཏུ་ཞུགས་པ་ཡིན་གྱིས། གཞན་ཐམས་ཅད་དགྲ་བཅོམ་པ་ཤ་སྟག་གོ་ཞེས་བྱ་བའི ་དོན་ཏོ། །དེ་ལྟར་འཁོར་དགེ་སློང་རྣམས་བསྟན་ནས། འཁོར་དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་རྣམས་བསྟན་པའི་ཕྱིར། དགེ་སློང་མ་གྲགས་འཛིན་དང་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ལྷ་བརྒྱ་ཙམ་དང། དགེ་བསྙེན ་དང། དགེ་བསྙེན་མ་ཤིན་ཏུ་མང་བ་ཀུན་ཀྱང་ཆོས་མཐོང་བ་ཤ་སྟག་དང་ཞེས་བྱ་བ་གསུངས་ཏེ། ཀུན་ཀྱང་ཆོས་མཐོང་བ་ཤ་སྟག་ཅེས་བྱ་བས་ནི་དེ་དག་ཐམས་ཅད་ཀྱང་བདེན་པ་མཐོང་བ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཨི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་སྟེ། ཚད་དང་གྲངས་ངེས་པ་མ་སྨོས་པ་ནི་འཇིག་རྟེན་གྱི་ཁམས་རྣམས་པ་སྣ་ཚོགས་དུ་མ་ནས་འདུས་པ་ཤ་སྟག་སྟེ། མང་ཆོས་པའི་ཕྱིར ་ཚད་དང་གྲངས་འདི་སྙེད་ཅིག་གོ་ཞེས་ཚད་དང་གྲངས་ཆང་བར་མ་སྨོས་སོ། །བྱང་ཆུབ་སེམས་དཔའ་ཡང་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་དང་རྩོལ་པ་དང་བཅས་པ་ལ་མཚན་མ་མེད་པར་གནས་པ་དང། མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ ་པར་གནས་པ་དང། སྦྱོར་བ་ངེས་པ་ལ་ཞུགས་པ་དང། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་སོ། །དེ་ལས་དང་པོ་ནས་ས་དྲུག་པ་ལ་གནས་ཀྱི་བདུད་ནི་ལྷག་པའི་བསམ་པ་དག་པའོ། །ས་བདུན་པ་ནི་རྩོལ་བ་དང་བཅས་པ་ལ་མཚན་མ་མེད་པར་གནས་པའོ། ། ་ས་བརྒྱད་པ་ནི་མཚན་མ་མེད་པར་ལ་ལྷན་གྱིས་གྲུབ་པར་གནས་པའོ། །ས་དགུ་པ་ནི་སྦྱོར་པ་ངེས་པ་ལ་ཞུགས་པའོ། །ས་བཅུ་པ་སྟེ། མདོར་པ་བསྡུས་ན་དྲན་པ་དང་ཤེས་རབ་ལ་བྱའོ་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་ཞེས་བྱ་བ་ལ་སོགས་པས་ནི ་བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལ་གཟུངས་ཞེས་བྱ་བ་ཡང། ཆོས་རྣམས་ཀྱི་དོན་དང་ཚིག་རྣམས་ཕྱིན་ཅི་མ་ལོག་པར་འཛིན་པས་ན་གཟུངས་ཞེས་བྱ་བ་སྟེ། མདོར་?་བསྡུས་ན་དྲན་པ་དང་ཤེས་རབ་ལ་བྱའོ ་སོ་སོར་དབྱེ་བ་ན་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་རྣམས་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་དང། གསང་སྔགས་ཀྱི་གཟུངས་དང། ཆོས་ཀྱི་གཟུངས་དང། དོན་གྱི་གཟུངས་སོ། །དེ་ལ་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་ནི་ཆོས ་ཐམས་ཅད་གཟའ་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་སྟོང་པར་བྱ་པའི་ཕྱིར་བསྒོམ་པའི་?་ཤེས་པ་དང་སྲན་པས་བསྒོམས་པའི་དོན་དང། ཚིག་མ་བརྗོད་པར་རྟོགས་པས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རྟོགས་ཤིང། སྟོང་པས་མི་སྐྲག་ ་པར་གྱུར་པ་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། བཟོད་པ་དེ་ལྟ་བུ་ཐོབ་པའི་རྒྱུ་ཏིང་ངེ་འཛིན་བསྒོམས་པའི་ཚེ། ཤེས་རབ་དང་དྲན་པ་ལ་བཟོད་པ་ཐོབ་བའི་རྒྱུད་གྱུར་པའི་གཟུངས་ཞེས་བྱའོ། །གསང་སྔགས་ཀྱི་གཟུངས་ནི་བྱང ་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྲུབ་ཅིང་སེམས་ལ་དབང་དུ་གྱུར་པའི་མཐུ་དང་སྔོན་གྱི་སྨོན་ལམ་དང་སྤྱོད་པའི་ཤུགས་ཀྱིས་སེམས་ཅན་རྣམས་ཀྱི་གནོད་པ་སྣ་ཚོགས་བསལ་བའི་ཕྱིར་གསང་སྔགས་ཀྱི་ཚིག་རྣམས་བྱིན་གྱིས་རློབ་སྟེ། དེ ་ལྟར་ཏིང་ངེ་འཛིན་གྱི་མཆུས?་བྱིན་གྱིས་བརླབ་པའི་གསང་སྔགས་དེ་དག་གིས་ཀྱང། སེམས་ཅན་རྣམས་ཀྱི་གནོད་པ་ཐམས་ཅད་སེལ་ནུས་པར་འགྱུར་ཏེ། དེ་ལྟ་བུའི་གཟུངས་སྔགས་བྱིན་གྱིས་རློབ་པའི་མཐུ་དང་ལྡན་པ་ལ་གསང་སྔགས་ཀྱི་གཟུངས་ཞེས ་བྱའོ། །ཆོས་ཀྱི་གཟུངས་ནིས་ཐོབ་པར་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣཾས་ལ་ཉན་བའི་ཚེ་སྔོན་མི་ཡེ་ཤེས?་མ་ཐོས་པའི་ཆོས་ཀྱི་ཚིག་རྣམ་གྲངས་མང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་རྣམས་ཇི་སྐད་བཤད་པ་བཞིན་དུ་ཤེས་རབ་ཀྱི་ཟིན་ཅིང་དྲན་པས ་ཡུན་རིང་པོར་ཡང་མི་བརྗོད་པར་ནུས་པ་ལ་ཆོས་ཀྱི་གཟུངས་ཞེས་བྱའོ། །དོན་གྱི་གཟུངས་ནི་དེ་ལྟར་ཆོས་ཀྱི་ཚིག་མང་པོར་བཤད་པ་རྣམས་ཕྱིན་ཅི་མ་ལོག་པར་གཟུང་བའི་དོན་ས་དང། ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་དང། སྟོབས་དང། མི་ ་འཇིགས་པ་ལ་སོགས་པ་འབྲས་བུ་ཐོབ་པར་བྱ་བ་རྣམ་པ་མང་པོ་ཚད་མེད་གྲངས་མེད་པ་རྣམས་ཐོབ་པར་ནུས་བའི་དྲན་པ་དང་ཤེས་རབ་ཏུ་ལྡན་པ་ལ་དོན་གྱི་གཟུངས་ཞེས་བྱ་སྟེ། དེ་ལྟ་བུ་ལ་སོགས་པའི་གཟུངས་དང་ལྡན་པ་ལ་གཟུངས་ཐོབ་པ་ཞེས ་བྱའོ། །ཏིང་ངེ་འཛིན་རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་ཕྲག་མང་པོ་རྣམས་ཐོབ་པ་ཞེས་བྱ་བའི་དོན་ཏེ། ཏིང་ངེ་འཛིན་དེ་དག་གི་མཚན་ཉིད་ཀྱང་འོག་ནས་ཞིབ་ཏུ་འཆད་དོ། །སྤྱོད་པ་ཉིད་ཀྱིས་རྣམ་པར ་སྤྱོད་པ། མཚན་མ་མེད་པའི་སྤྱོད་ཡུལ་ཅན། རྟོག་པ་མེད་པའི་སྨོན་ལམ་དང་ལྡན་པ་ཞེས་བྱ་བས་ནི་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པའི་ཡོན་ཏན་བསྟན་པ་སྟེ། དེ་ལྟར་གོང་དུ་བཤད་པའི་རིམ་པས་གཟུངས་དང་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཆོས ་ཐམས་ཅད་སྟོང་པ་ཉིད་དུ་གཏོགས་པས་ན། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ་ཞེས་བྱའོ། །དེ་ལྟར་སྟོང་པ་ཉིད་ལ་སྤྱོད་ཅིང་བསྒོམ་བའི་རྒྱུས། གཟུགས་ལ་སོགས་པ་ཕྱི་ནང་གི་ཆོས་གང་ལ་ཡང་དངོས་པོར་མི་ལྟ་ཞིང། མཚན་མར་མི་འཛིན་པས་ན། མཚན་མ་མེད ་པའི་སྤྱོད་ཡུལ་ཅན་ཞེས་བྱའོ། །དེ་ལྟར་ཆོས་ཐམས་ཅད་ལ་དངོས་པོར་མི་ལྟ་ཞིང་མཚན་མར་མི་འཛིན་ན། ཆོས་གང་ལ་ཡང་ཆགས་བ་མེད་པས་ཁམས་གསུམ་གྱི་བདེ་བའམ་འབྱོར་པ་གང་ལ་ཡང་བདེ་བར་རྣམ་པར་རྟོག་པ་མེད་ཅིང། དེ་དག་ཐོབ་པར་བྱ་བའི་ཕྱིར་སྩོན? ་པ་མེད་བས་ན་རྟོག་པ་མེད་པའི་སྨོན་ལམ་དང་ལྡན་པ་ཞེས་བྱའོ། །ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་ཐར་བའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་ལེགས་པར་གནས་པ་དེ་སྤྲོས་པ་ཐམས་ཅད་ཉེ་བར་ཞེ་བའི་ཕྱིར་ཆོས་ཐམས ་ཅད་མཉམ?་པ་ཉིད་ཀྱི་བཟོད་པ་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། བདག་དང་གཞན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་སེམས་ཅན་མཉམ་པ་ཉིད་ཀྱི་བཟོད་པ་དང། །བྱམས་པ་དང་སྡོད་པ་མེད་པའི་ཕྱིར་འདུ་བྱེད་མཉམ་པ་ཉིད་ཀྱི་བཟོད་པ་དང། ཆོས་ཐམས་ཅད་དེ ་བཞིན་ཉིད་ཙམ་གཟུང?་བའི་ཕྱིར་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སེམས་མཉམ་པའི་ཕྱིར་མི་གནས་པ་མཉམ་པ་ཉིད་ཀྱི་བཟོད་པ་སྟེ། བཟོད་པ་དེ་ལྟ་བུ་དག་དང་ལྡན་པའི་ཕྱིར་ཆོས་ཐམས་ཅད་མཉམ་པ ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ་ཞེས་བྱའོ། །ཐོགས་པ་མེད་པའི་སྤོབས?་པ་དང་ལྡན་པ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ་དེ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པར་རྟོགས་ཀྱང། སྙིང་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་མི ་གཏོང་བའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་མྱ་ངན་ལས་འདས་པ་སྔོན་དུ་ཡང་མི་བྱེད་ལ། ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང། ཉོན་མོངས་པ་རྣམས་སྤངས་པས་འཁོར་བ་ལ་ཡང་ཆགས་ཤིང་ཐོགས་པ་མེད་ལ། ཉན ་ཐོས་ལྟར་མྱ་ངན་ལས་འདས་པ་ལ་ཡང་ཆགས་ཤིང་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་པ་ལ། ཐོགས་པ་མེད་པའི་སོགས?་པ་དང་ལྡན་པ་ཞེས་བྱའོ། །བསྟན་པ་ཟད་མི་ཤེས་པ་ལ་སོ་སོར་ཡང་དག་པར་རིག་པའི་ཚུལ་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་དེ་ལྟར་གོང་དུ ་བཤད་པའི་རིམ་པ་ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པས། སེམས་ཅན་རྣམས་ལ་ཆོས་བསྟན་པའི་ཐབས་རྣམ་པ་མང་པོ་ཟད་མི་ཤེས་པ་རྣམས་ལ་རབ་ཏུ་མཁས་པའི་ཡོན་ཏན་དང་ལྡན་པ་ཤ་སྟག་གོ་ཞེས་བྱ་བའི་དོན་ཏོ། །མངོན་པར་ཤེས་པ་ཆེན་པོས ་རྣམ་པར་རྩེ་བ་ཞེས་བྱ་བ་ནི་དེ་ལྟར་ཆོས་བསྟན་པའི་ཚུལ་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟར་ཆོས་བསྟན་པའི་ཚུལ་ལ་མཁས་པའི་རྒྱུ་བསྟན་པ་སྟེ། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བསམ་གཏན་དང། ཏིང་ངེ་འཛིན་ལ ་མཉམ་པར་བཞག་པའི་མཐུས་མངོན་པར་ཤེས་པ་དྲུག་ཐོབ་པར་འགྱུར་ཏེ། མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་སེམས་ཅན་ཀྱི་དོན་རྣམ་པ་སྣ་ཚོགས་བྱེད་པ་ལ་མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་བ་ཞེས་བྱ་སྟེ། ཆེན་པོ་སྨོས་པ་ནི ་འཇིག་རྟེན་པའི་མངོན་པར་ཤེས་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་མངོན་པར་ཤེས་པར་བས་མཐུ་དང་ཡོན་ཏན་ཁྱད་པར་དུ་འཕགས་པར་ཆེ་བའི་ཕྱིར་རོ། །མངོན་པར་ཤེས་པ་དྲུག་ནི་ལྷའི་མིག་དང། ལྷའི་རྣ་བ་དང། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང། ་གཞན་གྱི་སེམས་ཤེས་པ་དང། །སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང། ཟག་པ་ཟད་བ་ཤེས་པ་དང་དྲུག་གོ་།དེ་ལ་ལྷའི་མིག་གིS་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དགེ་བ་དང་མི་དགེ་བ་ཅི་སྤྱོད་པ་རྣམས་གཟིགས་ནས ་དེ་དང་མཐུན་པའི་དོན་མཛད་དོ། །ལྷའི་རྣ་བས་ནི་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དགས་དང། མི་རྣམས་ཀྱི་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་སྒྲ་ཐོས་ནས། དེ་དག་གི་སྡུག་བསྔལ་སེལ་བར་མཛད་དོ། །རྫུ་འཕྲུལ་གྱི་བྱ་བ་ཤེས་པས་ནི ་ལུས་དང་ངག་གི་སྤྲུལ་པ་སྣ་ཚོགས་དང། ཡོ?་བྱད་ཀྱི་དངོས་པོ་རྣམ་པ་སྣ་ཚོགས་སྤྲུལ་པས་སེམས་ཅན་རྣམས་ཀྱི་སོ་སོའི་ཡིད་དང་སྦྱར་ཏེ་ཕན་འདོགས་སོ། །གཞན་གྱི་སེམས་ཤེས་པས་ནི་སེམས་ཅན་གཞན་རྣམས་ཀྱི་སེམས་ལ། ཅི་སེམས་པ་ཤེས་པS ་དེ་དག་གི་བསམ་པ་དང། བག་ལ་ཉལ་བ་དང། དབང་པོ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་མཁྱེན་ནས། དེ་དང་མཐུན་པར་ཆོས་སྟོན་ཅིང་ཕན་འདོགས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པས་ནི་སེམས་ཅན་རྣམས་ཚེ་རབས་སྔ་མ་ལ་གནས་གང་དང་གང་སྐྱེས་པ ་དང། ཅི་དང་ཅི་སྤྱོད་སྤྱོད་པ་མཁྱེན་པས། དེ་དང་མཐུན་པར་ཆོས་བསྟན་པ་ལ་སོགས་པས་ཕན་འདོགས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་སྤྱོད་པ་རླབས་བོ་ཆེ་རྨད་དུ་བྱུང་བ་རྣམས་བདག་གིས་དྲན་པས་སེམས་ཅན་རྣམས་ལ་བཟླས ་པས་སེམས་ཅན་རྣམས་དད་པ་བསྐྱེད་པ་དང། རྟག་པར་ལྟ་པ་དང། ཆང་བར་ལྟ་བ་རྣམས་ལ་ཚེ་རབས་སྔ་མ་འབྱུང་བའི་རྒྱུད་བསྟན་པས་རྟག་པར་ལྟ་བ་དང། ཆད་པར་ལྟ་བ་ལས་ཟློག་པར་མཛད་དོ། །ཟག་བ་ཟད་པ་ཤེས་པས་ནི་བྱང་ཆུབ་སེམས ་དཔའ་བདག་དང་གཞན་གྱི་ཉོན་མོངས་པ་ཟད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །བདག་དང་གཞན་གྱི་ཉོན་མོངས་པ་ཟད་པར་གྱུར་ཏམ། །མ་གྱུར་པ་ཡང་རབ་ཏུ་མཁྱེན་ཏོ། །བདག་དང་གཞན་གྱི་ཉོན་མོངས་པ་ཟད་པར་བྱ་བའི་ཐབས་དང ་ཐབས་མ་ཡིན་པ་ཡང་རབ་ཏུ་མཁྱེན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔས་དེ་དག་ཐམས་ཅད་རབ་ཏུ་མཁྱོན་ནས། བདག་ཉིད་ཀྱིས་ཟག་པ་ཟད་པ་མངོན་དུ་མཛད་དོ། །བྱང་ཆུབ་སེམས་དཔའ་ཟག་པ་ཟད་པའི་ཤེས་པ་དེ་ཉིད་ཀྱིས། ཟག་པ་དང་བཅས་པའི ་ཆོས་རྣམས་དང་ལྷན་ཅིག་ཏུ་གནས་ཀྱང་ཆོས་དེ་དག་གིས་བདག་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ལྟར་མངོན་བར་ཤེས་པ་དྲུག་པོ་དེ་དག་གིས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་པ་མཛད་པ་ལ་མངོན་པར་ཤེས་པ ་ཆེན་པོས་རྣམ་པར་རྩེ་བ་ཞེས་བྱའོ། །མངོན་པར་ཤེས་པ་ཤིན་ཏུ་མ་ཉམས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཚེ་འཕོས་ན་ཡང། མངོན་པར་ཤེས་པ་དྲུག་པོ་དེ་དག་ཉམས་པར་མི་འགྱུར་ཏེ། མངོན་པར་ཤེས་པ་དྲུག་པོ་དེ་དག་ནི་བྱང་ཆུབ ་སེམས་དཔའ་ལ་ཚེ་རབས་ཐམས་ཅད་དུ་མེད་པར་མི་འགྱུར་ཏེ?། བརྒྱ་ལ་དུད་འགྲོའི་སྐྱེས་གནས་སུ་སྐྱེས་ན་ཡང་ཉམས་ཤིང་མེད་པར་མི་འགྱུར་བའི་ཕྱིར། མངོན་པར་ཤེས་པ་ཤིན་ཏུ་མ་ཉམས་པ་ཞེས་བྱའོ། །མཉན་པར་འོས་པའི་ཚིག་དང་ལྡན་པ་ཞེས་བྱ་བ ་ནི་དེ་ལྟར་མངོན་པར་ཤེས་པ་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་པ་གཅོར་བྱེད་པས། ཕན་གདགས་པར་བྱ་བའི་སེམས་ཅན་དེ་དག་ཀྱང། བྱང་ཆུབ་སེམས་དཔའ་དེ་ལ་རང་བཞིན་གྱིས་དགའ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི ་ངག?་ཉན་པར་འགྱུར་ཏ?། བྱང་ཆུབ་སེམས་དཔས་གདམས་ཤིང་རྗེས་སུ་བསྟན་པ་ལས། སྲོག་གི་ཕྱིར་ཡང་འགལ་བར་མི་བྱེད་པའི་ཕྱིར་མཉན་པར་འོས་པའི་ཚིག་དང་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་བྱང་ཆུབ་སེམས་དཔའ་སྔོན?་སྦྱིན་པ་དང་ཚིག ་སྙན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ལ་ཕན་འདོགས་པའི་བསོད་ནམས་ཀྱི་མཐུ་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱང་དོན་དང་ལྡན་ཞིང། རིག་པ་དང་ལྡན་པའི་ཚིག་འབའ་ཞིག་སྨྲ་བའི་ཕྱིར། མཉན་པར་འོས་པའི་ཚིག་དང་ལྡན་པ ་ཞེས་བྱའོ། །ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བ་ལ་ལེ་ལོ་མེད་ཅིང་བརྩོན་འགྲུས་བརྩམས་པ་ཞེས་བྱ་བའི་དོན་ཏོ། །ལུས་དང་སྲོག་ལ་མི་ལྟ་བ་ཞེས་བྱ་བ་ནི་དམ་པའི་ཆོས་བཙལ་བ་དང། ་སེམས་ཅན་གྱི་དོན་གྱི་ཕྱིར་ལུས་དང་སྲོག་ལ་མི་འཕངས་པར་དམ་པའི་ཆོས་བཙལ་བ་དང། སེམས་ཅན་གྱི་དོན་བྱེད་པ་ལ་བྱའོ། །ཚུལ་འཆོས་པ་མེད་པ། ཞེས་བྱ་བ་ནི་ལུས་ཀྱི་ལས་ཡོངས་སུ་དག་པས་ལོག་པར་འཚོ་བའི་སྐྱོན་མེད་པ་བསྟན་པ་སྟེ། རྙེད་པ་དང་བཀུར་སྟི ་འདོད་པའི་ཕྱིར་གཞན་དག་ལ་ལུས་ཀྱི་སྤྱོད་ལམ་འཆོས་ཤིང་ཞི་བ་དང་ཚུལ་དུ་ཤིས་པར་སྟོན་པ་ནི་ཚུལ་འཆོས་པ་ཞེས་བྱའོ། །ཁ་གསག་མེད་པ་ཞེས་བྱ་བ་ནི་ངག་གི་སྐྱོན་མེད་པ་བསྟན་པ་སྟེ། རྙེད་པ་དང་བཀུར་སྟི་འདོད་པའི་ཕྱིར་གཞན་དག་ལ་གཏམ་བུའི་ཚིག་སྨྲ་བ་ནི ་ཁ་གསག་ཅེས་བྱའོ། །གྲགས་པ་དང་ཁ་དང་བཀུར་སྟིའི་སེམས་མེད་པ་ཞེས་བྱ་བ་ནི་ཡིད་ཀྱི་ལས་ཡོངས་སུ་མ་དག་པའི་སྐྱོན་མེད་པ་བསྟན་པའོ། །ཟང་ཟིང་མེད་པའི་ཆོས་བསྟན་པ་ཞེས་བྱ་བས་ནི་སྦྱོར་བ་ཡོངས་སུ་དག་པའི་ཡོན་ཏན་བསྟན་པ་སྟེ། སེམས་ཅན་རྣམས་ལ་ཆོས ་སྟོན་ན་ཡང་སྙིང་རྗེ་ཡོངས་སུ་ཟིན་ཅིང་ཤེས་རབ་ཀྱིས་ཤིན་ཏུ་སྦྱངས་པས། རྙེད་པ་དང་བཀུར་སྟི་ལ་ཆགས་བའི་སེམས་མེད་པ་ལ་ཟང་ཟིང་མེད་པའི་ཆོས་སྟོན་པ་ཞེས་བྱའོ། །འདི་ཡན་ཆད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ཨི་ས་བདུན་པ་མན་ཆད་རྩོལ་བ་དང་བཅས་ཤིང ་མཚན་མ་མེད་པ་ལ་སྤྱོད་པའི་ཡོན་ཏན་རྣམས་བསྟན་པའོ། །ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་པས་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ཡན་ཆད་རྩོལ་བ་མེད་ཅིང་མཚན་མ་མེད་པར་གནས་པ་རྣམས་ཀྱི་ཡོན་ཏན་བསྟན ་པ་སྟེ། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ཡན་ཆད་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་གྱི་ཞིང་ཡོངས་སུ་དག་པར་བྱ་བ་ཐམས་ཅད་ཆེད་དུ་བསམས་ཤིང་བཅེལ?་མི་དགོས་པར་སྔོན་གྱི་སྤྱོད་པའི་ཤུགས་དང། སྨོན་ལམ་གྱི་མཐུས ་ལྷུན་གྱིས་གྲུབ་པ་ཉིད་དུ་ཡོངས་སུ་རྫོགས་པར་འགྱུར་ཞིང། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟོགས་པས་ཆོས་ཟབ་མོས་མི་འཇིགས་ཤིང་མི་སྐྲག་པའི་མཆོག་ཏུ་གྱུར་པའི་ཕྱིར་ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱའོ། །མི ་འཇིགས་པ་ཆེན་པོ་ཐོབ་པ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཟབ་མོ་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཚངས་པ་ལ་སོགས་པའི་ལྷའི་འཁོར་དང། རྒྱལ་རིགས་དང་བྲམ་ཟེའི་འཁོར་དང། བདུད་དང་མུ་སྟེགས་ཅན་ལ་སོགས ་པའི་འཁོར་གང་དང་གང་དུ་འགྲོ་ཡང་མི་ཤེས་པའི་འཇིགས་ཤིང་བག་ཚ་བ་དང། ཉོན་མོངས་པ་ལས་གྱུར་པའི་འཇིགས་ཤིང་བག་ཚ་བ་མེད་པའི་ཕྱིར། མི་འཇིགས་པ་ཆེན་པོ་ཐོབ་ཅེས་བྱའོ། །ཡིད་ཡོངས་སུ་ཞུམ་པ་མེད་པ་ཞེས་བྱ་བ་ནི་དེ་ལྟར་མི་འཇིགས ་པ་ཆེན་པོ་ཐོབ་པས་རྒྱལ་རིགས་དང་བྲམ་ཟེ་ལ་སོགས་པའི་འཁོར་གང་དང་གང་དུ་འགྲོ་ཡང། འཇིགས་ཤིང་བག་ཚ་བ་མེད་དེ། སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཡིད་ཡོངས་སུ་ཞུམ་པ་མེད་པ་ཞེས་བྱའོ། །བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག ་པར་འདུས་པ་ཞེས་བྱ་བ་ནི་ཅིས་ཀྱང་མི་རྫི་བའི་མཐུ་དང་ལྡན་པ་བསྟན་པ་སྟེ། བདུད་ཀྱི་ལས་འོག་ནས་འབྱུང་བ་རྣམས་དང། མདོ་གཞན་ལས་བཤད་པའི་བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་ཚུགས?་པ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་སྒྲིབ་པ་རྒྱུན་གཅད་པ་ཞེས ་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་མི་ཤེས་པ་དང། །ཉོན་མོངས་པའི་འཇིག་པ་མེད་ཅིང། བདུད་ཀྱི་ལས་ཡང་དག་པར་འདས་པའི་ཕྱིར། སྔོན་གྱི་ལས་ཀྱི་དབང་གིས་བདེ་འགྲོ་དང། ངན་འགྲོར་སྐྱེ་བར་འགྱུར་བ་མེད་པ་ཤ་སྟག་གོ་ཞེས་བྱ་བའི ་དོན་ཏོ། །ལས་དང་ཉོན་མོངས་པ་བཅོམ་པའི་ཕྱིར་རྒོལ་བ་རབ་ཏུ་བཅོམ་པ། ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དགྲ་རྣམས་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་པོའི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་ཕས་རྒོལ ་བ་རྣམས་ཀྱིས་མི་ཐུབ་པ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་ཤེས་པ་དང་བསམ་པ་དང་སྤྱོད་ཡུལ་རྣམས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས ་པར་མི་ནུས་པ་ཞེས་བསྟན་པའོ། །ཆོས་རབ་ཏུ་རྟོགས་བས་རྣམ་པ་དང་བྱེ་ཞིང་བསྟན་པ་ལ་མཁས་པ་ཞེས་བྱ་བས་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རབ་ཏུ་རྟོགས་པས། ཆོས་དེ་དག་གི་རང་གི་མཚན་ཉིད་དང་སྤྱའི?་མཚན་ཉིད་རྣམ་པར་དབྱེ་ཞིང། གཞན་ལ་སྟོན་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏེ། དེ་དག་གིས་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པའི ་ཡོན་ཏན་བསྟན་ཏོ། །བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ། ཞེས་བྱ་བས་ནི་ས་དགུ་པའི་ཡོན་ཏན་བསྟན་པ་སྟེ། ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྔོན་བསྐལ་པ་གྲངས་མེད་པས་ན། སངས་རྒྱས་ཀྱི་ཆོས་ཡོངས ་སུ་རྫོགས་པར་བྱ་བ་དང། སེམས་ཅན་གྱི་དོན་མཐར་ཕྱིན་པར་བྱ་བར་སྨོན་ལམ་བཏབ་ཅིང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་བརྩམས་པ་རྣམས་མཐར་ཕྱིན་ཅིང་ཡོངས་སུ་རྫོཌ་པར་གྱུར་ཏེ་སྔོན་གྱི་སྨོན་ལམ་གྱི་མཐུ་དང། སྤྱོད་པའི་ཤུཌ་ཀྱིས་དེ་ཡན་ཆད་སངས་རྒྱས་ཀྱི་ཆོས་ཡོངས་སུ ་རྫོགས་པར་བྱ་བའི་སྤྱོད་པ་དང། སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་སྤྱོད་པ་རྣམས་འབད་ཅིང་?་པ་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་ཡོངས་སུ་རྫོགས་པར་འགྱུར་བས་སངས་རྒྱས་སུ་བསྒྲུབ་པ་དང། སེམས་ཅན་གྱི་དོན་དུ་སྤྱད་པ་རྣམས་ཀྱང་གདོན ་མི་ཟ་བར་འགྲུབ་པས་སྤྱད་པ་དེམ་པ་ལ་ཞུགས་པ་ཞེས་ཀྱང་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པར་གྱུར་པ་ཡང་སྔོན་ཡུན་ནི་དང་པོ་ནས་སྨོན་ལམ་ཤིན་ཏུ་བརྩམས་པའི་འབྲས་བུ་ཡིན་པའི་ཕྱིར། བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས ་པ་ཞེས་བྱའོ། །བཞིན་འཛུམ་པ་དང་ལྡན་པ། ཐོག་མར་སྨྲ་བ། ཁྲོ་གཉེར་མེད་པ། ཞེས་བྱ་བས་ནི་དེ་ལྟར་སྔོན་གྱི་སྨོན་ལམ་གྱི་མཐུས་སྤྱོད་པ་ལ་ངེས་པར་ཞུགས་བ། ས་དགུ་པའི་བྱང་ཆུབ་སེམས་དཔའ་དེ་དག་སྔོན་སེམས་ཅན་རྣམས་ལ་ཚང ་མེད་པ་བཞི་སྤྱོད་སྤྱོད་པའི་རྒྱུ་མཐུན་པའི་འབྲས་བུ་བསྟན་པ་སྟེ། དེ་ལ་བཞིན་འཛུམ་པ་དང་ལྡན་པ་ཞེས་བྱ་བས་ནི་བྱམས་པའི་རྒྱུ་མཐུན་པ་བསྟན་པ་སྟེ། སྔོན་སེམས་ཅན་ལ་བྱམས་པ་སྤྱོད་སྤྱོད་པའི་རྒྱུས་དུས་ཐམས་ཅད་དུ་སེམས་ཅན ་རྣམས་ལ་བཞིན་འཛུམ་པ་འབའ་ཞིག་སྟོན་ཅིང་སེམས་ཅན་རྣམས་དགའ་བར་བྱེད་ཀྱི། ནམ་ཡང་དོམ་འཛུམ་ནག་ཅིང་སེམས་ཅན་རྣམས་མི་དགའ་བར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཐོག་མར་སྨྲ་བ་ཞེས་བྱ་བས་ནི་སྙིང་རྗེའི་རྒྱུ་མཐུན་པ་སྟེ། སྔོན་སེམས ་ཅན་རྣམས་ལ་སྙིང?་རྗེ་སྤྱོད་སྤྱོད་པའི་རྒྱུས་བྱང་ཆུབ་སེམས་དཔའ་དེ་དག་སེམས་ཅན་གློ་བུར་དུ་འོངས་བ་མ་འདྲེས་པ་རྣམས་ལ་ཡང་སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་དེ་དག་དགའ་བར་བྱ་བའི་གཏམ་གྱིས་སྔ་ནས་བསུ་ཞིང་གསོང་པོར་སྨྲ་བ་དག་གོ་ཞེས་བསྟན ་པའོ། །ཁྲོ་གཉེར་མེད་པ། ཞེས་བྱ་བས་ནི་དགའ་བ་དང་བཏང་སྙོམས་ཀྱི་རྒྱུ་མཐུན་པ་བསྟན་པ་སྟེ། སྔོན་སེམས་ཅན་རྣམས་ཀྱི་འབྱོར་བ་ལ་ཕྲག་དོག་དང། སེམས་འཁྲུག་པ་མེད་ཅིང་དགའ་བ་བསྐྱེད་བསྐྱེད་པ་དང། བདག་ལ་གནོད་པ་བྱེད་པ་དང། ཉེས་པ ་བྱུང་བ་རྣམས་ལ་ཡང་བཟོད་ཅིང་དང་དུ་བླངས་ཏེ། བཏང་སྙོམས་སུ་འཇོག་འཇོག་པའི་རྒྱུས་མི་དགའ་བ་དང། ཁྲོས་ཤིང་འཁྲུགས་པའི་མཚན་མ་བཞིན་ཁྲོ་གཉེར་ཅན་དུ་ནམ་ཡང་མི་འགྱུར་བ་དག་གོ་ཞེས་བྱ་བའི་དོན་ཏོ། །སྙན་ཅིང་འཇམ་པའི་ཆོ་ག་དང ་ལྡན་པས་ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་བརྗོད་པ་ལ་མཁམ་པ་ཞེས་བྱ་བས་ནི་སངས་རྒྱས་ཀྱི་ཞིང་དུ་འགྲོ་འགྲོ་བ་དང། མངོན་པར་ཤེས་པ་ལ་སྤྱོད་སྤྱོད་པའི་རྒྱུ་མཐུན་པའི་ཡོན་ཏན་དང་ལྡན་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སྔོན ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང། དེ་བཞིན་གཤེགས་པ་རྣམས་ལ་ཚིགས་སུ་བཅས་པའི་དབྱངས་ཀྱིས་ཡོན་ཏན་རྣམས་བརྗོད་ཅིང་བསྟོད་བསྟོད་པ་དང། མངོན་པར་ཤེས་པའི་མཐུས་སེམས་ཅན་རྣམས་ཀྱི་སྤྱོད་པ་དང། བསམ ་པའི་རྗེས་སུ་མཐུན་པར་ཡིད་དུ་འོང་ཞིང་འཐད་པའི་ཚིག་གིས་ཆོས་སྟོན་སྟོན་པའི་རྒྱུས་ས་དགུ་པ་ཐོབ་པའི་ཚེ་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་ལ་བསྟོད་པ་དང། སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཚེ་སྙན་ཅིང་འཇམ་པའི་ཙིག་དང་ལྡན ་པས་ཚིགས་སུ་བཅད་པའི་དབྱངས་སུ་བརྗོད་པ་ལ་མཁས་པར་འགྱུར་བ་དག་གོ་ཞེས་བསྟན་པའོ། །སྤོབས་པ་མི་ཆོད་པ། ཞེས་བྱ་བས་ནི་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་འཁོར་གྱི་ནང་དུ་ཆོས་སྨྲ་བ་ཆེན་པོ་ཡིན་པའི་ཡོན་ཏན་བསྟན་པ་སྟེ། ་དེ་དག་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས་འཁོར་མང་པོ་ལ་ཆོས་སྟོན་པའི་ཚེ། སྤོབས་པ་ཆེན་པོས་བཤད་པ་ལ་ཐགས་ཐོགས་མེད་ཅིང་སུས་ཀྱང་ཟིལ་གྱིས་མི་ནོན་པ་དང་ལྡན་པ་ངག་གོ་ཞེས་བྱ་བའི་དོན་ཏོ། །འཁོར་མཛའ་ཡས་པ་ཟིལ་གྱིས ་གནོན་པའི་མི་འཇིགས་པ་དང་ལྡན་པ། ཞེས་བྱ་བ་ནི་འཁོར་གྱི་ནང་དུ་འགྲོ་བ་ལ་མཁས་པའི་ཡོན་ཏན་དང་ལྡན་པ་བསྟན་ཏེ། དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་ཞིང་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ལྷ་དང་མི་ལ་སོགས་པའི་འཁོར ་གང་གི་ནང་དུ་འགྲོ་ན་ཡང་མི་ཤེས་པས་འཇིགས་ཤིང་བག་ཚ་བ་མེད་དེ། བདག་གི་ཤེས་པས་ནི་འཁོར་ཐམས་ཅད་ཟིལ་གྱིས་གནོན་ལ། གཞན་སུས་ཀྱང་བདག་ཟིལ་གྱིས་མི་ནོན་པའི་ཕྱིར་འཁོར་མཛའ་ཡས་པ་ཟིལ་གྱིས་གནོན་པའི་མི་འཇིགས་པ་དང་ལྡན ་པ་ཞེས་བྱའོ། །བསྐལ་པ་བྱེ་བ་མཛའ་ཡས་པར་བསྟན་པའི་ཡེ་ཤེས་ཀྱིས་འབྱུང་བ་ལ་མཁས་པ་ཞེས་བྱ་བས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་འབྲས་བུ་དང་ལྡན་པ་བསྟན་པ་སྟེ། སེམས་ཅན་གྱི་དོན་དུ་ཆོས་སྟོན་པ་དང། དཀའ་བ་སྤྱོད ་པའི་བརྩོན་འགྲུས་ལྷུན་གྱིས་གྲུབ་པས་ཅི་བྱའོ་ཅོག་ལ་སྐྱོ་ཞིང་ཡིད་འབྱུང་བར་མི་འགྱུར་ཏེ། བསྐལ་པ་དུ་མར་སྤྱོད་ཀྱང་ཡུན་རིང་པོར་ཐོགས་པའི་འདུ་ཤེས་མེད་པས། བསྐལ་པ་བྱེ་བ་མཛའ་ཡས་པ་ཡང་ཡེངས་ལ་ཟད་ཅིང་འདས་པའམ། དེ་ལས ་བྱུང་བར་བྱེད་པ་ལ་མཁས་པ་དག་གོ་ཞེས་བསྟན་པའོ། །དེ་ལྟར་ས་དགུ་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ངེས་པར་ཞུགས་པ་རྣམས་ཀྱི་ཡོན་ཏན་བསྟན་ནས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས ་ཀྱི་ཡོན་ཏན་བསྟན་པའི་ཕྱིར། ཐམས་ཅད་སྒྱུ་མ་དང། སྨིག་རྒྱུ་དང་ཆུ་ཟླ་དང་རྨི་ལམ་དང། སྒྲ་བརྙན་དང་མིག་ཡོར་དང། ནམ་མཁའ་དང། དྲི་ཟའི་གྲོང་ཁྱེར་དང། སྤྲུལ་པ་དང། གཟུགས་བརྙན་ལྟ་བུར་ཁོང་དུ་ཆུད་པ་ཞེས་བྱ་བ་གསུངས་ཏེ། ས་བཅུ ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཀྱང། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང། བཀུར་སྟིར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། ་སེམས་ཅན་ཡོངས་སུ་སྨིན་པ་དང། རྣམ་པར་གྲོལ་བར་བྱ་བའི་སྤྱོད་པ་རྣམས་སྔོན་གྱི་སྨོན་ལམ་གྱི་མཐུ་དང། སྤྱོད་པའི་ཤུགས་ཀྱིས་བཙལ་ཞིང་འབང?་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་སྟེ། སྤྱོད་པ་དེ་དག་ལ་ཡང་དངོས་པོ་དང་མཚན་མར་མི ་འཛིན་ཅིང་མ་ཆགས་པར་སྤྱོད་པ་ནི། ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱ?་ལ་སོགས་པ་ལྟ་བུར་ཁོང་དུ་ཆུད་པའི་ཕྱིར་རོ་ཞེས་བསྟན་པ་སྟེ། སྒྱུ་མ་ལ་སོགས་པའི་དཔེ་རྣམ་པ་བཅུ་བསྟན་པ་ཡང། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསམ་པ་དང། ཐེ་ཙོམ་ཐ་དད་པ ་རྣམས་བསལ་བའི་ཕྱིར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་ན་ཅིའི་ཕྱིར་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་སྣང་བར་འགྱུར་སྙམ་དུ་སེམས་པ་ལ། སྒྱུ་མའི་དཔེ་བསྟན་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་རྟ་དང ་གླང?་པོ་ཆེ་ལ་སོགས་པའི་དངོས་པོ་སྣ་ཚོགས་བྱས་པ་རྣམས་ཁ་དོག་དང་དབྱིབས་ལ་སོགས་པའི་ཁྱད་པར་སྣ་ཚོགས་སུ་སྣང་ཡང་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཁ་དོག་དང་དབྱིབས་ལ་སོགས་པའི་དངོས་པོར་སྣང་ཡང་ཡང། ་དག་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སེམས་ཅན་ཁ་ཅིག་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཅི་ལ་ཡང་དམིགས་ཏེ་འབྱུང་བར་འགྱུར་སྙམ་དུ་སེམས་པ་ལ། སྨིག་རྒྱུའི་དཔེ་བསྟན་ཏེ། སྨིག་རྒྱུ་ལ་ཆུའི་དངོས ་པོ་མེད་པར་ཡང་དེ་ལ་དམིགས་ནས་ཆུའི་འདུ་ཤེས་སྐྱེ་ཞིང། སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བར་འགྱུར་བ་དེ་བཞིན་དུ། ཆོས་ཐམས་ཅད་གྱབ?་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་དེ། དམིགས་པའི་ཡུལ་མ་ཡིན་ཡང་སེམས་ཅན་རྣམས་ཕྱིན་ཅི ་ལོག་ཏུ་རྟོག་ཅིང་འཁྲུག་པ་ལས་སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བར་འགྱུར་རོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་དངོས་པོ་མེད་ན། སྐྱེ་བ་དང་འཇིག་པར་ཡང་ཇི་ལྟར་འགྱུར་སྙམ་དུ་སེམས་པ་ལ་ཆུ་ཟླའི་དཔེ་བསྟན་ཏེ། དཔེར་ན་ནམ་མཁའ་ལ་ཟླ་བ ་སྣང་ན་ནི་ཚུའི་ནང་དུ་ཡང་ཟླ་བ་འབྱུང་ཞིང་སྣང་བར་འགྱུར་ལ། ནམ་མཁའ་ལ་ཟླ་བ་མི་སྣང་ན་ནི་ཆུའི་ནང་གི་ཟླ་བ་ཡང་མེད་ཅིང་མི་སྣང་བར་འགྱུར་པ་དེ་བཞིན་དུ། ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པར་སྣང་བ་ཡང་ཕྱིན་ཅི་ལོག་ཏུ་རྟོག་པའི་བག་ཆགས་ཡོད་ན ་ནི་སྣང་ལ་བག་ཆགས་དེ་དག་བྱང་སྟེ་མེད་ན་སྐྱེ་བ་དང་འཇིག་པར་ཡང་མི་སྣང་ངོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ་དངོས་པོ་མེད་ན། བཟའ་བ་དང་བཏུང་བ་ལ་སོགས་ཏེ་འཇིག་རྟེན་གྱི་ཐ་སྙད་རྣམས་ཇི་ལྟར་འབྱུང་བར་འགྱུར་སྙམ ་དུ་སེམས་པ་ལ། རྨི་ལམ་གྱི་དཔེ་བསྟན་ཏེ། དཔེར་ན་རྨི་ལམ་ན་བཟའ་བ་དང་བཏུང་བ་དང། སྦྱིན་པ་དང་ལེན་པ་དང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རྣམ་པ་སྣ་ཚོགས་པར་སྣང་ཡང་དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས ་ཅད་དོན་དམ་པར་དངོས་པོ་མེད་པར་ཡང་འཇིག་རྟེན་གྱི་ཐ་སྙད་རྣམ་པ་སྣ་ཚོགས་སྣང་བའི་རྨི་ལམ་དང་འདྲའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དངོས་པོ་མེད་ན། མིང་གི་ཚོགས་དང་ཚིག་གི་ཚོགས་རྣམས་ཇི་ལྟར་འབྱུང་བར་འགྱུར་སྙམ་དུ་སེམས་པ་ལ ་སྒྲ་བརྙན་གྱི་དཔེ་བསྟན་ཏེ། དཔེར་ན་བྲག་དང་ཅོད་རོང་སྨྲ་བ་མེད་པ་ལས་སྒྲ་འབྱུང་བ་གྲག་པ། སྒྲ་གཞན་གྱི་རྐྱེན་གྱིས་འབྱུང་བ་དེ་བཞིན་དུ་སྒྲར་རྟོག་པའི་རྣམ་པར་ཤེས་པ་འཁྲུལ་པ་ལས་མིང་གི་ཚོགས་དང་ཚིག་གི་ཚོགས་རྣམས་འབྱུང ་བར་འགྱུར་གྱི། དངོས་པོ་ནི་གང་ཡང་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དངོས་པོ་མེད་ན། ཇི་ལྟར་རྒྱུ་དང་རྐྱེན་རྣམས་ལས་འབྱུང་བར་འགྱུར་སྙམ་དུ་སེམས་པ་ལ། མིག་ཡོར་དང་ནམ་མཁའ་དང་དྲི་ཟའི་གྲོང་ཁྱེར་གྱི་དཔེ་བསྟན་ཏེ། དཔེར་ན་མིག་རབ་རིབ ་ཅན་དུ་གྱུར་པའི་རྒྱུས་སྐྲ་ཤད་འཛིངས་པ་ལ་སོགས་པ་སྣང་བ་དང། རི་རབ་ཀྱི་ངོས་རིན་པོ་ཆེ་བཻ་ཌཱུརྱའི་འོད་ཀྱིས་ནམ་མཁའ་སྔོན་པོར་སྣང་བ་དང། ཡུལ་གྱི་ཁྱད་པར་དང་སྤྲིན་དང་ཉེ་བའི་རྒྱུས། དྲི་ཟའི་གྲོང་ཁྱེར་རྣམས་སྣང་བ་གྲོང་ཁྱེར་དངོས་སུ་ཡོད་པ་མ་ཡིན་པ་དེ ་བཞིན་དུ། ཆོས་ཐམས་ཅད་ཀྱང་རྒྱུ་དང་རྐྱེན་ལས་བྱུང་ཡང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དངོས་པོ་མེད་ན་རྒྱུ་དང་འབྲས་བུ་འདྲ་པར་ཇི་ལྟར་འགྱུར་སྙམ་དུ་སེམས་པ་ལ་གཟུགས་བརྙན་གྱི་དཔེ་བསྟན་ཏེ། བཞིན་གྱི་རྒྱུས ་མ་ལོང་གི་ནང་དུ་བཞིན་གྱི་གཟུགས་བརྙན་བཞིན་དང་འདྲ་བར་སྣང་ཡང། བཞིན་ཡང་དག་པར་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྒྱུ་དང་འབྲས་བུ་འདྲ་བར་བྱུང་ཡང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དངོས་པོ་མེད་ན།? ་འགྲོ་བ་དང་འོང་བ་ལ་སོགས་པའི་བྱ་བ་རྣམས་ཇི་ལྟར་ཡོད་པར་འགྱུར་སྙམ་དུ་སེམས་པ་ལ་སྤྲུལ་པའི་དཔེ་བསྟན་ཏེ། དཔེར་ན་སྤྲུལ་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པའི་ལུས་ཀྱི་ལས་དང། དག་གི་ལས་རྣམས་བྱེད་པ་སྣ་ཚོགས་སྣང་ཡང། ་དངོས་པོར་ཡོད་པ་ཡང་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་བྱ་བ་སྣ་ཚོགས་བྱེད་པར་སྣང་ཡང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སེམས་ཡོངས་སུ་ཞུམ་པ་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཤིས? ་ཏུ་རྣམ་པར་དག་པའི་ཡོན་ཏན་བསྟན་པ་སྟེ། ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ཚོགས་ཡོངས་སུ་མ་རྫོགས་པ་དང། རྟོག་པ་དང་བཅས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དང་ས་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན ་གྱིས་འཕགས་པ་རྣམས་ཀྱི་སྤྱན་སྔར་སེམས་ཞུམ་པར་འགྱུར་ཡང་སྲིད་ཀྱི། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚོགས་ཡོངས་སུ་རྫོགས་ཤིང། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང། དབང་པོ་རྣམས་ཐོབ་པའི་ཕྱིར་རྣམ་པ་ཐམས་ཅད་དུ་སེམས ་ཞུམ་པ་མེད་པ་དག་གོ་ཞེས་བསྟན་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང། ཤེས་པ་ཕྲ་བ་དང། སྐྱེད་པ་དང། མོས་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ་ཞེས་བྱ་བས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུས། སེམས་ཅན་ཐཾས་ཅད ་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཆོས་ཀྱི་དབྱིངས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང། མོས་པ་ཁོང་དུ་ཆུད་པ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཕྲ་བ་དང ་སྤྱོད་པ་ལ་འཇུག་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པའི་ཡོན་ཏན་བསྟན་པ་སྟེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་དང། མོས་པ་རྣམ་པ་སྣ ་ཆོ་གས་ཁོང་དུ་ཆུད་ནས་སེམས་ཅན་དེ་དག་གདུལ་བའི་ཐབས་ལ་མཁས་པར་གྱུར་ཏོ། །ཆོས་ཀྱི་དབྱིངས་ལ་འཇུག་པའི་ཏིང་ངེ་འཛིན་ཐོབ་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཟབ་ཅིང་ཕྲ་བ་དང། སྤྱོད་པ་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱ་བ་ལ ་མཁས་པར་གྱུར་པ་དག་གོ་ཞེས་བསྟན་པའོ། །སེམས་ཅན་ཐམས་ཅད་ལ་སྡང་བ་མེད་པའི་སེམས་དང་ལྡན་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབ་པ་ལ་བརྩོན་འགྲུས་མ་བཏང་བའི་ཕྱིར་བྱམས་པ་ཆེན་པོའི་སྟོབས་དང། སེམས་ཅན་ཐམས་ཅད ་ཀྱི་སྡུག་བསྔལ་སེལ་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་དང་ལྡན་པ་ལ་བསྟན་པའོ། །བཟོད་པ་རླབས་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྱད ་པར་ཅན་དུ་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་པས། ས་འོག་མ་དག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེ་དག་ཤིན་ཏུ་སྦྱངས་ཤིང་རྒྱ་ཆེ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་ཅིང་ཕྲ་བ་རྟོགས་པར་དཀའ་ ་བ་རྣམས་ཀྱང་རྟོགས་པར་ནུས་ཤིང་བཟོད་པའི་ཕྱིར། བཟོད་པ་རླབས་པོ་ཆེན་པོ་དང་ལྡན་པ་ཞེས་བྱ་སྟེ་དེ་བས་ན་བྱང་ཆུབ་སེམས་དཔའ་དེ་དག་གི་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་ལ་དར་ལས་ཆོད་པ་ཙམ་མོ་ཞེས་བྱའོ། །ཆོས་ཐམས་ཅད་མཉམ་པ ་ཉིད་དུ་རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ། ཞེས་བྱ་བ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ནི་ཆོས་ཉིད་དེ་བཞིན་ཉིད་ལ་བྱ་སྟེ། དེ་བཞིན་ཉིད་དེ་བདག་གིས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱེད་པ་ལ་ཡང་མཁས་ལ། གཞན ་རྟོགས་པར་བྱེད་དུ་འཇུག་པ་ལ་ཡང་མཁས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཉིད་ཟབ་མོ་དང་ལྡན་པས་གཏིང་དཔག་དཀའ་བ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆེས་ཉིད་ཟབ་མོ་རྟོགས་པས་དེ་དག་གི་སེམས་ཀྱང་ཟབ་ཅིང་སྟག་དཀའ་ ་བའི་ཕྱིར་རོ། །རང་གི་སེམས་ལ་དབང་རབ་ཏུ་ཐོབ་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དེ་དག་གི་སེམས་ཡོངས་སུ་དག་པས་ཉོན་མོངས་པའི་དབང་དུ་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ལ་དབང་ཤིན་ཏུ་ཐོབ་པ། ཞེས་བྱ་བས་ནི་འདུས་བྱས ་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་སེམས་ཙམ་དུ་ཟད་པར་ཤེས་པས་ཕྱི་རོལ་གྱི་དངོས་པོ་མི་བཙན་པར། བདག་གི་སེམས་ཀྱིས་ཅི་འདོད་པར་བསྒྱུར་ནུས་པའི་མཐུ་དང་ལྡན་པ་དག་གོ་ཞེས་བསྟན་པའོ། །ལས་དང་ཉོན་མོངས་པ་དང་ལྟ ་པའི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་དང་ལྟ་བའི་དབང་གིས་ཁམས་གསུམ་དུ་མི་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །བདེན་པ་རྟོགས་པར་བསྟན་པ་ལ་མཁས་པ་ཞེས་བྱ་བས་ནི་རྟེན་ཅིང་འབྲེལ་བ་ཡན་ལག་བཅུ་གཉིས ་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་བསྟན་པ་ལ་མཁས་པ་དག་གོ་ཞེས་བསྟན་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆུལ་ཟད་མི་ཤེས་པ་ལ་ཞུགས་པ་ཞེས་བྱ་བ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ནི་སྐྱེ་བ་དང་འགག་པ་མེད་པའི་ཆོས་ཟབ་མོ་ལ ་བྱའོ། །སྐྱེ་བ་དང་འགག་པ་མེད་པ་ཉིད་ལ་ཟད་མི་ཤེས་པ་ཞེས་བྱ་སྟེ། དེ་ལ་ཞུགས་པ་ནི་རྟོགས་ཤིང་ཁོང་དུ་ཆུད་པ་ལ་བྱའོ། །ལྟ་བ་དང་བག་ལ་ཉལ་བ་དང། ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ལ། ལྟ་བ་ནི་འཇིག་ཚོགས་སུ་ལྟ་བ ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་མཆོག་ཏུ་འཛིན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །བག་ལ་ཉལ་བ་ནི་བདུན་ཏེ། འདོད་པའི་འདོད་ཆགས་བག་ལ་ཉལ་བ་དང། ཁོང་ཁྲོ་བ་བག ་ལ་ཉལ་བ་དང། སྲིད་པའི་འདོད་ཆགས་བག་ལ་ཉལ་བ་དང། ང་རྒྱལ་བག་ལ་ཉལ་བ་དང་མ་རིག་པ་བག་ལ་ཉལ་བ་དང། ལྟ་བ་བག་ལ་ཉལ་བ་དང། ཐེ་ཚོམ་བག་ལ་ཉལ་བའོ། །ཀུན་ནས་ལྡང་བ་བརྒྱ་དེ། རྨུགས་པ་ཀུན་ནས་ལྡང་བ་དང། ་གཉིད་ཀུན་ནས་ལྡང་བ་དང། རྒོད་པ་ཀུན་ནས་ལྡང་བ་དང། ཐེ་ཚོམ་ཀུན་ནས་ལྡང་བ་དང། ཕྲག་དོག་ཀུན་ནས་ལྡང་བ་དང། སེར་སྣ་ཀུན་ནས་ལྡང་བ་དང། ཁྲེལ་མེད་པ་ཀུན་ནས་ལྡང་བ་དང། ངོ་ཚ་མི་ཤེས་པ་ཀུན་ནས་ལྡང་བ་སྟེ། ཉོན་མོངས་པ་དེ ་དག་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ། ཞེས་བྱ་བ་ལ་ཀུན་ཏུ་སྦྱོར་བ་ནི་དགུ་སྟེ། ཆགས་པ་ཀུན་ཏུ་སྦྱོར་པ་དང། ཁོང་ཁྲོ་བ་ཀུན་ཏུ་སྦྱོར་བ་དང། ང་རྒྱལ་ཀུན་ཏུ་སྦྱོར་བ་དང། མ་རིག་པ་ཀུན་ཏུ་སྦྱོར་བ་དང། ལྟ་བ ་ཀུན་ཏུ་སྦྱོར་བ་དང། མཆོག་ཏུ་འཛིན་པ་ཀུན་ཏུ་སྦྱོར་བ་དང། ཐེ་ཚོམ་ཀུན་ཏུ་སྦྱོང་པ་དང། ཕྲག་དོག་ཀུན་ཏུ་སྦྱོར་པ་དང། སེར་སྣ་ཀུན་ཏུ་སྦྱོར་བ་སྟེ། ཉོན་མོངས་པ་འདི་རྣམས་སེམས་རྣམས་འགྲོ་བ་རྒྱུད་ལྔར་སྐྱེ་བར་བྱེད་ཅིང་ཀུན་ཏུ་སྦྱོར་བའི ་ཕྱིར། ཀུན་ཏུ་སྦྱོར་བ་ཞེས་བྱ་སྟེ། ཉོན་མོངས་པ་དེ་རྣམས་སྤངས་པ་ལ་ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ་ཞེས་བྱའོ། །ལས་དང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དེ་དག་ཐབས་ལ་མཁས་པས ་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བའི་ཐབས་ལ་མཁས་པ་དག་གོ་ཞེས་བསྟན་པའོ། །བདེན་པ་རབ་ཏུ་རྟོགས་པའི་བྱ་བའི་ཡེ་ཤེས་ལ་མཁས་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་དང། ཀུན་རྫོབ ་དང་དོན་དམ་པའི་བདེན་པ་རྣམས་བདག་དང་གཞན་གྱིས་རྟོགས་པར་བྱ་བའི་ཐབས་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་རྟག་ཏུ་རྒྱུན་མི་འཆད་པར་མོས་པ་ཞེས་བྱ་བས་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས ་ལ་སོགས་པ་སྒྲ་དང་ཚིག་གི་རང་བཞིན་དུ་གྲགས་པ་རྣམས་ལ། །དངོས་པོར་མི་ལྟ་བར་སྒྲ་བརྙན་དང་འདྲ་བར་རྟོགས་པ་དག་གོ་ཞེས་བསྟན་པའོ། །ཆོས་ཀྱི་ཚུལ་བསྟན་པ་ཚད་མེད་པ་ལ་འཇིགས་པ་མེད་པ་ཞེས་བྱ་བས་ནི་དེ་ལྟར་ལུང་གི་ཆོས་རྣམས་ལ། ་དོན་དམ་པར་དངོས་པོར་མི་ལྟ་ཡང། ཀུན་རྫོབ་ཏུ་ས་དང་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཀྱི་ཚུལ་བསྟན་པ་རྣམ་པ་སྣ་ཚོགས་ལ་མཁས་པས། །འཁོར་གང་དང་གང་དུ་ཆོས་དེ་དག་རྣམ་པར་ཕྱེ་ཞིང་སྟོན་པ་ལ། ་འཇིགས་ཤིང་བག་ཚ་བ་མེད་པ་དག་གོ་ཞེས་བསྟན་པའོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ་ཞེས་བྱ་བས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུས། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ ་འཇུག་པ་ལ་མཁས་པའི་ཡོན་ཏན་བསྟན་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང། རྣམ་པ་གཉིས་ཏེ། དོན་དམ་པའི་བདག་ཉིན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་དང། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐུགས ་སུ་ཆུད་པའོ། །དེ་ལ་དོན་དམ་པའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་བ་ནི་དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་ཟད་དེ། མཚན་མ་དང་རྟོག་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །ཀུན་རྫོབ་ཏུ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་ནི་སེམས ་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་པ་བླ་ན་མེད་པ་རྣམས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར ་བྱ་བ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཞིང་མཛའ་ཡས་པ་རྣམ་པར་བཀོད་པའི་སྨོན་ལམ་གྱིས་འགྲོ་བ་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པའི་རྒྱུས་སྔོན་སྨན་ལི་ཇི་ལྟར་བཏབ་པ་དེ་བཞིན་དུ་གྲུབ་པའི ་ཡོན་ཏན་བསྟན་པ་སྟེ། སྔོན་བྱང་ཆུབ་སེམས་དཔའ་ཨི་ས་འོག་མ་ལ་གནས་པའི་ཆེ། སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དང། པད་མོ་ཅན་ལ་སོགས་པའི་རྒྱན་བཀོད་པ་རྣམ་པ་སྣ་ཚོགས་མཛའ་ཡས་པ་རྣམས་མཐོང་ཞིང་ཐོས་ནས། ནམ་བདག་མངོན་པར ་སངས་རྒྱས་པའི་ཚེ་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་འམ། དེ་བས་ཀྱང་ལྷག་པ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང། སྨོན་ལམ་དང་མཐུན་པར་བརྩོན་འགྲུས་བརྩམས་ཤིང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་པའི་འཐུས ་ས་བཅུ་ལ་གནས་པའི་ཚེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེ་ལྟ་བུ་དང་ལྡན་པར་གྱུར་པ་ལས་སངས་རྒྱས་ཀྱི་ཞིང་མཛའ་ཡས་པ་རྣམས་པར་བསྐང་པའི་སྨོན་ལམ་གྱིས་འགྲོ་བ་ཡོངས་སུ་ཟིན་བ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་ཏུ་རྒྱུན་མི་འཆད་པར་མངོན་དུ་གྱུར་པ་ཞེས་བྱ་བས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པའི་འབྲས་བུ་དང་ལྡན་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སྔོན? ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམས་པའི་དབང་གིས་ས་བཅུ་ལ་གནས་པའི་ཚེ་ཡང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་བཞུགས་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་མངོན་དུ་གྱུར་ཅིང། སངས་རྒྱས་དེ་དག་གི ་སྤྱན་སྔ་ན་རྟག་ཏུ་གནས་བདག་གོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་འབྱུང་བ་ཐམས་ཅད་དུ་ཉེ་བར་འགྲོ་བ་ལ་མཁས་པ་ཞེས་བྱ་བས་ནི་འཇིག་རྟེན་གྱི་ཁམས་གང་དང་གང་དུ་སངས་རྒྱས་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་དུ་སོང་ནས། མཆོད་ཅིང་བཀུར? ་སྟི་བྱ་བ་ལ་མཁས་བདག་གོ་ཞེས་བསྟན་པའོ། །སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་པ་བཏབ་པར་མཁས་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ཀྱི་དྲུངས་སུ་སོ?་པ? ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་དང། ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ཡུན་རིང་དུ་བཞུགས་པར་བྱ་བའི་ཕྱིར་གསོལ་བ་འདེབས་བ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀྱི་སྟ་བ་སྣ་ཚོགས་ཀྱིས་ཡོངས་སུ་བསྐྱེད ་པའི་ཉོན་མོངས་པ་ཞི་བར་བྱས་པ་ལ་མཁས་བ་ཞེས་བྱ་བས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པའི་འབྲས་བུ་བསྟན་པ་སྟེ། སེམས་ཅན་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་བ་དང། སྤྱོད་པ་དང། མོས?་པ་དང། དབང་པོ་ཐ་དད?་པ ་རྣམས་གཟིགས་ནས། དེ་དག་ལ་ཅི་རིགས་པར་ཆོས་བསྟན་ཅིང་ནན་ཏན་བྱེད་དུ་བཅུག་པས་དེ་དག་གི་ལྟ་བ་སྣ་ཚོགས་ལས་གྱུར་པའི་ཉོན་མོངས་པ་རྣམས་ཐབས་མཁས་པས་ཞི་བར་བྱ་བ་ལ་མཁས་པ་དག?་གོ?་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་བརྒྱ་སྟོང་མངོན ་བར་བསྒྲུབ་པ་ལ་རྣམ་པར་རྩེ་བའི་ཡེ་ཤེས་རྟོགས་པར་བྱ་བ་ལ་མཁས་པ་ཞེས་བྱ་བས་ནི། མངོན་པར་ཤེས་པའི་རྒྱུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱས་པའི་འབྲས་བུ་དང་ལྡན་པ་བསྟན་པ་སྟེ། སྔོན་ཏིང་ངེ་འཛིན་རྣམ་པ་མང་པོ་བསྒོམས་པའི་མཐུས་རྫུ་འཕྲུལ་རྣམ་པ ་སྣ་ཚོགས་ཀྱིས་རོལ་ཅིང། སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་མཛད་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་བརྗོད་པ་བསྐལ་པ་མཛའ་ཡས་བར་མ་ཟད་པ་དང་ལྡན་པ་ཞེས་བྱ་བས་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་རེ ་རེ་ནས་བརྗོད་ན་བསྐལ་བ་མཛའ་ཡས་བར་བརྗོད་ཀྱང་མི་རྫོགས་པའི་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར?་བསྟག་གོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བརྗོད་པ་མཇུག་བསྡུས་ཏེ་བསྟན་པའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང ་སྐྱོང་དང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའ་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བཞུགས་པ་ཐམས་ཅད་ཀྱི་མཚན་བརྗོད་ཀྱིས་ཀྱང་མི་ལང་པས་དེ་དག་གི་ནང་ནས་གཙོ?་བོ?་ཉུང?་ཤེས་གཅིག་གི་མཚན་བརྗོད་དེ་བསྟན་པའོ། ། ་?་གསལ་ཉན་ཐོས?་གྱི?་དགེ་འདུན་རྣམས་ཀྱི་མཚན་ནི་མ་བརྗོད་ལ། འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནི་ཅིའི་ཕྱིར་བརྗོད་ཅན། བྱང་ཆུབ་སེམས་དཔའ་རྣམས་ནི་མཐུ་ཆེ་བ་དང་འཇིག་རྟེན་གྱི་ཁམས?་ཐམས་ཅད་དུ་གྲགས་པ་དང་བྱང་ཆུབ་སེམས ་དཔའ་ཨི་ཐེག་པ་ལ་གཏོགས་པའི་ཕྱིར་མིང་ཁྱད་པར་དུ་བརྗོད་དོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟོན་པས་མདོ་སྡེ་ཐམས་ཅད་དང་མཐུན་པའི་གླེང་གཞི་བསྟན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤེད་པའི་གླེང་གཞི་ཁྱད་པར ་ཅན་བསྟན་པའི་ཕྱིར། དེ་ནས་དེའི་ཚེ་བཅོམ་ལྡན་འདི་?་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས་སྐུ་དྲང་པོར་བསྲངས་ཏེ། དགོངས་བ་མངོན་དུ་བཞག་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་དེ། དེ?་ལ?་བཅོམ་ལྡན་འདས་ཉིད་ཀྱིས ་གདན་སེང་གེའི་ཁྲི་བཤམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི་ཐུན་མོང་མ་ཡིན་པར་བསྟན་པ་དང། དཀོན་ཞིང་རིན་ཆེ་བས་མཆོད་ཅིང་བཀུར་སྟི་བྱ་བར་འོས་པ་ཡིན་པར་བསྟན་པ་དང། འཁོར་རྣམས་གདུལ་བའི་ཕྱིར་ཏེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་གདན་ཡང་བཅོམ་ལྡན་འདས་ཉིད་ཀྱིས་བཤམས་པ་དང་སྦྱར་ན། འདི་བཤད་པ་ཡང་གཞན་གྱི་སྤྱོད་ཡུལ་མ་ཡིན་ཏེ། ཐུན་མོང་མ་ཡིན་པར་མངོན་ནོ། །དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་པ་དང ་སྦྱར་ན། །ཆོས་བཤད་པ་འདི་དཀོན་ཞིང་རིན་ཆེ་བས་མཆོད་ཅིང་བཀུར་སྟི་བྱ་བར་འོས་བ་ཡིན་པར་མངོན་ནོ། །དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་ནས་འཁོར་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཉིད་ཀྱང་ཆོས་བཤད་པ་འདི་ལ་དེ་ལྟ་བུའི ་བཀུར་སྟི་དང། རིམ་གྲོ་མཛད་ན་བདག་ཅག་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས་ཆོས་བཤད་པ་ལ་རིམ་གྲོ་ཆེར་བྱེད་དུ་གཞུག་བའི་ཕྱིར། བཅོམ་ལྡན་འདས་ཉིད་ཀྱི་གདན་བཤམས་པར་རིག་པར་བྱའོ། །སྐུ་དང་པོར་བསང་བ་དང། སྐྱིལ་མོ་ཀྲུང་བཅས་པར ་བསྟན་པས་ནི་གདུལ་བྱའི་འགྲོ་བ་རྣམས་བསྒོམ་པ་དང་མཐུན་པའི་ལུས་རབ་ཏུ་སྦྱངས་ཤིང་ལས་སུ་རུང་བར་བྱ་བ་བསྟན་པའི་ཕྱིར་རོ། །དགོངས་པ་མངོན་དུ་གཞག་པ་བསྟན་པ་ནི་གདུལ་བྱའི་འགྲོ་བ་རྣམས་ཏིང་ངེ་འཛིན་བསྒོམ་པ་ལ་སོགས་པ་ལ་སེམས་རྩེ་གཅིག་ཏུ ་གནས་ཤིང་ལས་སུ་རུང་བར་བྱ་བའི་ཕྱིར་དྲན་པ་མངོན་དུ་བཞག་པ་བསྟན་པའི་ཕྱིར་རོ། །ཆོས་བཤད་བའི་གླེང་གཞི་འདི་ཡང་ཆོ་འཕྲུལ་རྣམ་པ་གསུམ་གྱིས་བསྟན་ཏོ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང། བྱིན་གྱིས་བརླབས་ཀྱི་ཆོ་འཕྲུལ་ཆོས་སྣང་བའི་ཆོ་འཕྲུལ ་གྱིས་བསྟན་ཏོ། །དེ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ན་ཏིང་ངེ་འཛིན་གཉིས་ཀྱིས་བསྟན་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་དང། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ཏོ། །དེ་ལ་དེར་ཞུགས་ནས་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང། ཁོང་དུ་ཆུད་པ་དང། རྗེས་སུ་འབྲང ་བ་དང། འདུ་བར་འགྱུར་པའི་ཏིང་ངེ་འཛིན། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་མཉམ་པར་བཞག་གོ་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་རྒྱལ་པོའི་ཆོ་འཕྲུལ་བསྟན་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཡང་ཏིང་ངེ་འཛིན་འདི་ལ་མཉམ་པར་བཞག་ན། ཏིང་ངེ ་འཛིན་ཐམས་ཅད་ཀྱི་དོན་འགྲུབ་ཅིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང་ཡོན་ཏན་དང་ལྡན་པས་རྒྱལ་པོ་དང་འདྲ་བའི་ཕྱིར་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱའོ། །དེ་བས་ན་ཏིང་ངེ་འཛིན་དེར་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང་ཁོང་དུ་ཆུད་པ་དང་རྗེས་སུ་འབྲང་བ་དང་འདུ་བར ་འགྱུར་བ་ཞེས་གསུངས་ཏེ། དེ་ལ་འདུ་བ་དང་ཁོང་དུ་ཆུད་པ་ཞེས་བྱ་བས་ཏིང་ངེ་འཛིན་དེ་དག་ཐམས་ཅད་རྣམ་པར་མི་རྟོག་ཅིང་མི་གཡོལ། །སེམས་རྩེ་གཅིག་ཏུ་གནས་ཤིང་བཏང་སྙོམས་དང་ལྡན་པའི་རང་བཞིན་དུ་གཅིག་སྟེ་ཐ་མི་དད་པ་བསྟན་ཏོ། །རྗེས་སུ་འབྲང ་བ་དང་འདུལ་བར་འགྱུར་བ་ཞེས་བྱ་བས་ནི་འོད་ཟེར་འགྱེད་པ་དང། སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་དོན་དུ་གྲུབ་པ་རྣམས་གཅིག་པ་བསྟན་ཏོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་ཆོ་འཕྲུལ་དེ་ཡང་རྣམ་པ་བཞིས་བསྟན་ཏེ། ཡན་ལག་དང་ཉིང་ལག་ལས་འོད་ཟེར་འགྱེད ་བ་དང། སྤུའི་དབུང་བུ་ནས་འོད་ཟེར་འགྱེད་བ་དང། །རང་བཞིན་གྱིས་འོད་ཟེར་འགྱེད་པ་དང། ལྗགས་ཀྱི་དབང་པོ་ལས་འོད་ཟེར་འགྱེད་པའོ། །དེ་ལ་དེ་ནས་བཅོམ་ལྡན་འདས་དགོངས་ཤིང་ཡང་དག་པར་མཁྱེན་པས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། འཕྲུལ་གྱི ་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ། །དེ་ལྟར་གཟིགས་ནས་སྐུ་ཐམས་ཅད་ནས་འོད་རབ་ཏུ་བཀྱེ་སྟེ་ཞེས་བྱ་བ་ནས། སེམས་ཅན་གང་གིས་འོད་དེ་མཐོང་བ་དང། འོད་ངེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག ་པར་རྫོགས་བའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་ནི་ཡན་ལག་དང་ཉིད་ལ་གནས་འོད་ཟེར་འགྱེད་པའི་ཆོ་འཕྲུལ་བསྟན་ཏེ། །དེ་ལ་དེ་ནས་བཅོམ་ལྡན་འདས་དགོངས་ཤིང་ཡང་དག་པར་མཁྱེན་པས་ཞེས་བྱ་བས་ནི། དེ་ལྟར་ཏིང་ངེ་འཛིན་ལ་མཉམ ་པར་བཞག་པ་ལས། སྔོན་གྱི་སྨོན་ལམ་དགོངས་ཤིང་སེམས་ཅན་གྱི་དོན་བྱ་བའི་དུས་ལ་བབ་པ་མཁྱེན་པ་བསྟན་ཏོ། །འཕྲུལ་གྱི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ་ཞེས་བྱ་བས་ནི་སངས་རྒྱས་གྱི་ཞིང་འདི་ན་འཁོད ་པའི་སེམས་ཅན་རྣམས་སྐལ་པ་དང་ལྡན་པ་དང། མི་ལྡན་པ་བརྟག་པའི་ཕྱིར་གཟིགས་པ་བསྟན་ཏོ། །བཅོམ་ལྡན་འདས་ལ་ནི་དེ་ལྟར་དགོངས་ཤིང་གཟིགས་པའི་རྟོག་པ་མི་མངའ་མོད་ཀྱི། གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་དེ་ལྟར་མཐོང་བ་དང། ཆོས་སྡུད་པའི་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་དུ་རུང་བར་བྱ་བ་དང། མ་འོངས་པའི་དུས་ཀྱི་སྐྱེ་བོ་རྣམས་ཆོས་འཆད་པ་ལ་ནན་ཏན་བསྐྱེད་པའི་ཚུལ་བསྟན་པའི་ཕྱིར་ཏེ?། དེ་སྐད་བཤད་དོ། །འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག?་བྱུང་ངོ། ་ཞེས་བྱ་བ་ལ་ད་བཞིན་གཤེགས་པའི་འོད་ཟེར་ནི་ཁ་དོག་རྣམ་པ་དྲུག་ཡོད་དེ། སྔོན་པོ་དང། སེར་པོ་དང་དམར་པོ་དང་དཀར་པོ་དང་ལེ་བརྒན?་དང་འོད་གསལ་པའོ། །འོད་ཟེར་ཁ་དོག་དྲུག་པོ?་དེ?་དག་ཕྱོགས་བཅུར་རྣམ་པར་འབྲོས་ན་དྲུག་ཅུར་འགྱུར་རོ། །བྱེ?་བ་ཁྲག ་ཁྲིག་བརྒྱ་སྟོང་དུ་གྱུར་པ་ནི་གདུལ་བར་བྱ་བའི་སེམས་ཅན་མང་བ་དང། དོན་དུ་བསྒྲུབ་པ་མང་པའི་ཕྱིར་འོད་ཟེར་ཁ་དོག་སྣ་གཅིག་ལས་ཀྱང་དེ་སྙེད་དུ་འགྲོས་བར་རིག་པར་བྱའོ། །དྲུག་ཅུ་དྲུག་ཅུ་ཞེས་ལན་གཉིས་སྨོས་པ་ནི། ཞབས་གནས་?་རིགས་པ་སྐུའི ་ཡན་ལག་དང་ཉིད་ལག་བལ་ཚར་གཉིས་གཉིས་ཡོད་པ་བརྩན་པར་བྱས་ནས་ལན་གཉིས་སུ་བཟླས་ཏེ་གསུངས་པར་རིག་པར་བྱའོ། །འོད་ཟེར་དེ་དག་ཀྱང་དོན་རྣམ་པ་གཉིས་སྒྲུབ?་སྟེ། འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་སྣང་བར་བྱེད་བའི་དོན་སྒྲུབ?་ལ་དང། སེཾས་ཅན ་རྣམས་ལ་ཕན་འདོགས་པའི་དོན་གྲུབ་པའོ། །དེ་ལ་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བར་བྱས?་ཏེ་ཞེས་བྱ་བ་ལ་སོགས་པར?་ནི་འཇིག་རྟེན་གྱི་ཁམས ་རྣམས་ཀུན་ཏུ་སྣང?་བར་བྱ་བའི་དོན་བསྒྲུབ་པ་བསྟན་ཏོ། །སེམས་ཅན་གང་གི་འོང་དེ་མཐོང་བ་དང། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ་ཞེས་བྱ་བས་ནི་སེམས་ཅན་རྣམས ་ལ་ཕན་འདོགས་པའི་དོན་བསྒྲུབ་པ་བསྟན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བ་སྤུའི་སྒོ་ཐམས་ཅད་ནས་འོད་ཟེར་རབ་ཏུ་བགྱེ་བ་མཛད་དེ་ཞེས་བྱ་བ་ལ་སོགས་པས་ནི། སྤུའི་ཁུང་བུ་ནས་འོད་ཟེར་འགྱེད་པའི་ཆོ་འཕྲུལ་བསྟན་ཏེ། །འོད་ཟེར་དེ་དག་ཀྱང་དོན ་དམ་པ་གཉིས་སྒྲུབ་པ་ནི་སྔ་མ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཟེར་འགྱེད་པར་ཆོ་འཕྲུལ་བསྟན་པ་སྟེ། འོད་ཟེར་དེ ་དག་ཀྱང་དོན་དམ་པ་གཉིས་བསྒྲུབ་པ་ནི་སྔ་མ་བཞིན་ནོ། །རང་བཞིན་གྱིས་འོད་ཅེས་བྱ་བ་ནི་སྐུ་མདོག་བཟང་ཞིང་འོད་གསལ་བ་འཕྲོས་པ་ལ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་ལགས་ཀྱི་དབང་པོ་འབྲང?་སྟེ། ཞེས་བྱ་བ་ལ་སོགས་པས་ནི ་ལྗགས་ཀྱི་དབང་པོ་ལས་འོད་ཟེར?་འགྱེད་པའི་ཆོ་འཕྲུལ་བསྟན་པ་སྟེ། ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལྡགས?་ཀྱི་དབང་པོར?་ཁྱད?་པར་མཛད་ནས་ཞལ་མ་ཛུམ?་པ་མཛད ་པས་ནི། བཅོམ་ལྡན་འདས་ཆོས་འཆད་བའི་སྔ་ལྟས་བསྟན་ཏོ། །ལྗགས་ཀྱི་འོད་ཟེར་དེ་དག་ཐམས་ཅད་ལས་པད་མ་རྣམས་བྱུང་བ་བསྟན་པས་ནི། ཆོས་འདི་དད?་པའི་བྱང་ཆུབ་སེམས་དཔའ་རྣམས་པད་?་གོས?་པ་ལྟར། བྱང་ཆུབ་སེམས ་དཔའ་ཨི་སྐྱོན་མེད་པ་ལ་དེས་པར་འཇུག་པར་གྱུར་པའི་མཚན་མ་བསྟན་ཏོ། །པད་མ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་འདི་ཉིད་སྟོན་པ་བསྟན་པས་ནི་བྱང་ཆུབ་སེམས་དཔའ་ཆོས་འདི་? ་ཉན་པ་དེ་དག་པད་མ་ཁ་བྱེ་ཞིང་རྒྱས་པ་བཞིན་དུ་བློ་རྒྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས། ཕྱོགས་ཕྱོགས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་འདི་ཉིད་འཆད་པར་འགྱུར་བའི་སྔ་ལྟས་བསྟན་ཏོ། ། ་དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ། ཞེས་བྱ་བ་ལ་སོགས་པ་ནི་སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བསྟན་ཏེ། ཆོ ་འཕྲུལ་འདི་ཡང་སྣོད་ཀྱི་འཇིག་རྟེན་བཟང་ཞིང་བདེ་བར་བྱི་དོར་བྱ་བ་དང། སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པ་དང། རྣམ་པ་གཉིས་སུ་བསྟན་ཏེ། དེ་ལ་སྣོད་ཀྱི་འཇིག་རྟེན་བཟང་ཞིང་བདེ་བར་བྱི་དོར་བྱ་བའི་ཆོ་འཕྲུལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྐྱེད་པར་གྱུར་ཏོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། རྣམ་པ་དྲུག་ཏུ་གཡོས་པ་ནི་གཡོས་པ་དང། འགུལ་བ་དང། ལྡེག་པ་དང། ཚམ?་ཚམ? ་ཟེར་བ་དང། འུར་འུར་ཞེས་ཟེར་བ་དང། ཤིག་ཤིག་ཅེས་ཟེར་བ་རྣམས་ཏེ། རེ་རེ་ལ་ཡང་དྭག?་དལ་འབྲིང་རྣམ་པ་གསུམ་གསུམ་སྟེ། དང་པོ་དལ་བུས་གཡོས་པ་ལ་གཡོས་པ་ཞེས་བྱའོ། །དེའི་འོག་ཏུ་འབྲིང་དུ་གཡོས་པ་ལ་རབ་ཏུ་གཡོས་པ ་ཞེས་བྱའོ། །དེའི་འོག་ཏུ་དེ་བས་ཀྱང་དྲག་ཏུ་གཡོས་པ་ལ་ཀུན་ཏུ་གཡོས་པ་ཞེས་བྱ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱོར་རོ། །མཛའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཛའ་དམའ། ཞེས་བྱ་བ་ནི་དེ་ལྟར་རྣམ་པ་དྲུག་ཏུ་གཡོས་པ ་ཉིད་ཀྱི་ཚེ། མཛའ་དང་དབུས་མཐོན་དམན་དུ་གྱུར་པ་ལ་བྱ་བས་རྣམ་པ་དྲུག་ཏུ་གཡོས་པའི་ནང་དུ་གཏོགས་ཏེ་ལོགས་ཤིག་ཏུ་མི་བགྲང་ངོ། །དལ་བུས་གཡོས་ཀྱིས་ཉམས་སུ་བདེ་བ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྐྱེད་པར་གྱུར་ཏོ་ཞེས ་བྱ་བས་ནི་དེ་ལྟར་རྣམ་པ་དྲུག་ཏུ་གཡོས་པའི་ཚེ་ཡང། སེམས་ཅན་རྣམས་དངང་ཞིང་སྐྲག་པ་ལ་སོགས་པར་མི་འགྱུར་བར་རི་དང་ས་གཞི་དང་རྩི་ཤིང་ལ་སོགས་པ་ཡང་ལ་འཇམ་ཞིང་སྣུམ་པ་དང་ཉམས་དགའ་བར་གྱུར་ཏེ་ཞེས་བསྟན་ཏོ། །དེ་ནས་དེའི་ཚེ་སྐད་ཅིག ་ཡུད་ཙམ་ཐད་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང། མི་ཁོམ་བ་དང། ངན་སོང་དང་ངན་འགྲོ་དང། ལོག་པར་ལྟུང་བ་གང་ཇི་སྙེད་ཡོད་པ་དེ ་དག་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། ཞེས་བྱ་བ་ལ་སོགས་བས་ནི་སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པའི་ཆོ་འཕྲུལ་བསྟན་ཏེ། སེམས་ཅན་གྱི་འཇིག་རྟེན་ལ་ཕན་གདགས་པའི་ཆོ་འཕྲུལ་དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས ་འདིའི་སེམས་ཅན་ངན་སོང་རྒྱུད་གསུམ་ལ་སོགས་པ་ན་གནས་པ་དང། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ངན་སོང་རྒྱུད་གསུམ་ལ་སོགས་པ་ན་གནས་པར་ངན་སོང་གི་སྡུག་བསྔལ་ནས་ཐང་ཅིང་མཐོ་རིས་ཀྱི ་བདེ་བ་མྱོང་བར་གྱུར་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་སེམས་ཅན་དམུས་ལོང་དང་འོན་པ་ལ་སོགས་པའི་མི་བདེ་བ་དང་བཅས་པ་རྣམས་ཀྱང་མི་བདེ་བ་དེ་དག་ལས་ཐད་པ་དང། ལུས་དང། ངག་དང། ཡིད་ཀྱི་ལས་དང ་འཚོ་བ་མི་དགེ་བ་རྣམས་ཀྱང་དགེ་བ་གྱུར་པ་དང། སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་ཕ་མ་དང། ཕུ་ནུ་ལ་སོགས་པ་དང་འདྲ་བར་སེམས་མཉམ་པར་གྱུར་བ་དང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་ཚངས་པར་སྤྱོད་པ་དང། གཙང་སྤྲ་ཆེ?་བ་དང ་ཉེས་པའི་སྐྱོན་མེད་པ་དང། མི་དགེ་བའི་རྟོག་པ་ཐམས་ཅད་དང་བྲལ་བ་དང། སྦྱིན་པ་ལ་སོགས་པའི་དགེ་བའི་ཤེས་རབ་དང་ལྡན་པར་གྱུར་བ་སྟེ། དེ་ལ་མི་ཁོམ་པ་ཞེས་བྱ་བ་ནི་དམ་པའི་ཆོས་མངོན་བར་རྟོགས་ཤིང་འཕགས་པའི་ས་ཐོབ་པར་བྱ་བའི་སྐབས ་དང་སྐལ་པ་མེད་པ་ལ་བྱའོ། །མི་ཁོམ་པ་དེ་ཡང་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེས་པ་དང། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང། ཡི་དགས་སུ་སྐྱེས་པ་དང། མཛའ་འཁོབ་ཀྱི་ཀླ?་ཀློར་སྐྱེས་པ་དང། ་གཟུགས་མེད་པ་དང། འདུ་ཤེས་མེད་པའི་སྲིད་པར་སྐྱེས་པ་དང། དམུས་ལོང་དང། འོན་པ་དང། ལྐུགས་པ་ལ་སོགས་པར་གྱུར་པ་དང། ལོག་པར་ལྟ་བར་གྱུར་པ་དང། སངས་རྒྱས་མེད་པའི་བསྐལ་པ་ལ་སྐྱེས་པ་རྣམས་སོ། །དེའི་ཚེ་བཅོམ་ལྡན་འདས་གདེན ་སེང་གེའི་ཁྲི་ཉིད་ལ་བཞུགས་པས་འདི་ལྟ་སྟེ། དཔེར་ན་ཉི་མ་བསྒྲིབས་པ་མེད་པ་ནམ་མཁའ་ཨི་དབྱིངས་ཡོངས་སུ་དག་ལ་འདུག་པ་འམ་ཟླ་བ་ཉ་པའི་དཀྱིལ་འཁོར་ལྟར་ཞེས་བྱ་བ་ནས་དེ་བཞིན་དུ་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་ལྷ་དང་བཅས་པ་དབང་པོ་དང་བཅས་པ། ཚང? ་པ་དང་བཅས་པ། གཙང་མའི་གནས་དང་བཅས་པ་ཟིལ་གྱིས་ནོན་པར་བཞུགས་ཤིང། འོད་དང་སྐུ་མདོག་དང། གཟི་བརྗིད་དང་དཔལ་གྱིས་མཛོད་ཤིང་ལྷམ་མེ་ལྷན་ནེ་ལྷང་དེའོ། །ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་ཀྱི་གཟི་བྱིན་ཆེན་པོའི་ཡོན་ཏན ་བསྟན་པ་སྟེ། ཉི་མ་དང་ཟླ་བས་སྐར་མ་ལ་སོགས་པའི་འོད་ཅན་ཐམས་ཅད་ཟིལ་གྱིས་མནན་པ་དང། རིའི་རྒྱལ་པོ་རི་རབ་ཀྱིས་རི་གཞན་རྣམས་ཟིལ་གྱིས་མནན་པ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་ལྷ་དང་བཅས་པ་རྣམས་ཟིལ་གྱིས ་མནན་ཏེ་བཞུགས་སོ་ཞེས་བསྟན་པ་སྟེ། འོད་ཀྱིས་ནི་ཚངས་པའི་འོད་སྙེམས་པ་རྣམས་ཟིལ་གྱིས་མནན་ནོ། །སྐུ་མདོག་གིས་ནི་བརྒྱ་བྱིན་ལ་སོགས་པའི་ལྷ་མདོག་བཟང་པོ་སྙེམས་པ་རྣམས་ཟིལ་གྱིས་མནན་ཏོ། །གཟི་བརྗིད་ཀྱིས་ནི་བདུད་དང་མུ་སྟེགས་ཅན ་རྣམས་ཟིལ་གྱིས་མནན་ཏོ། །དཔལ་གྱིས་ནི་མི་རྣམས་ཟིལ་གྱིས་མནན་ཏེ་བཞུགས་སོ། །འོད་དང་ལྡན་པས་ནི་མཛེས་སོ། །སྐུ་མདོག་དང་ལྡན་པས་ནི་ལྷ་མ་མེའོ། །གཟི་བརྗིད་དང་ལྡན་པས་ནི་ལྷན་ནེའོ། །དཔལ་དང་ལྡན་པས་ནི་ལྷད་དེང་བཞུགས་སོ་ཞེས་བྱ ་བར་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུ་ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ་ཞེས་བྱ་བ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང། ་ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་བསྟན་ཏོ་སྙམ་སོ། །ཞེས་བྱ་བའི་བར་གྱིས་ནི་བྱིན་གྱི་རླབས་ཀྱིས་ཆོ ་འཕྲུལ་བསྟན་ཏེ། བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་ཞེས་བྱ་བ་ཡང་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་དེ་བཞིན་གཤེགས་པ་མཐོང་ནས་དད་པ་སྐྱེས་ཏེ། མཆོད་པ་སྣ་ཚོགས་བྱེད་པ་དང། ་མཆོད་པ་བྱས་པའི་མ་ཏོག་ལ་སོགས་པ་དེ་དག་ཀྱང་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་མེ་ཏོག་ལ་སོགས་པའི་ཁང་པ་བརྩེགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇི་རྟེན་གྱི་ཁམས་ཙམ་དུ་གནས་པར་གྱུར་པ་དང། ཁང ་པ་བརྩེགས་པ་དེ་ལས་ཀྱང་མེ་ཏོག་དང་དར་གྱི་ལྡ་ལྡི་མང་པོ་འཕྱེད་བར་གྱུར་པ་དང་མེ་ཏོག་དང་དར?་གྱི་ལྡ་ལྡི་དེ་དག་དང་བཅོམ་ལྡན་འདས་ཀྱི་འོད་སྣང་བ་གསེར་གྱི་ཁ་དོག་ལྟ་བུ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས་བཅུའ? ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཤིན་ཏུ་མཛེས་པར་ཁྱབ་ཅིང་གསལ་བར་གྱུར་པ་དང་དེ་བཞིན་གཤེགས་པའི་རང་བཞིན་གྱི་སྐུ་གཅིག་པུ་བསྟན་ཀྱང་གླིང་བཞིའི་མི་རྣམས་དང། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ལ་སོགས་པ་འདོད་པའི་ཁམས ་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་དང། སྟོང་གཅིག་དང། སྟོང་གཉིས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཐམས་ཅད ་ཀྱང་དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་དུ་སེམས་པར་བྱིན་གྱིས་བརླབས་པ་ལ་།བྱིན་གྱི་རླབས་ཀྱི་ཆོ་འཕྲུལ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་ཞེས་བྱ ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་སྐུ་དེ་མདོག་བཟང་ཞིང་གཟི་བྱིན་ཆེ་ལ་འོད་གསལ་བ། མཐོང་ན་སྐྱོ?་མི་ཤེས་ཤིང། ཕྱི་ཕྱིར་ཇེ་བཟང་ཇེ་བཟང་སྣང་བ་ལ་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་ལ་བཞུགས་བཞིན ་དུ་འོད་རབ་ཏུ་དགྱེ་བ་མཛད་དེ། ཞེས་བྱ་བ་ལ་སོགས་པས་ནི་ཆོས་སྣང་བའི་ཆོ་འཕྲུལ་བསྟན་ཏེ། ཆོས་སྣང་བའི་ཆོ་འཕྲུལ་དེ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་ཆོ་འཕྲུལ་དང། འཁོར་སྡུད་པའི་ཆོ་འཕྲུལ་ལོ?། །དེ་ལ ་ཡང་འོང་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་རབ་ཏུ་སྣང་བར་གྱུར་ཏོ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་? ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་ཨི་འཁོར་དང་?་མ ་ཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པའི་ཆོ་འཕྲུལ་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས་འོད་རབ་ཏུ་བཀྱེ་བ་མཛད་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རབ་ཏུ་སྣང་བར་གྱུར་ཏེ། སྣང་བ་དེས་འཇིག་རྟེན་གྱི་ཁམས་དེ་དག་ན་གནས་པའི་སེམས་ཅན་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང། ཕྱོགས་བཅུའི་འཇིག་རྟེན ་གྱི་ཁམས་གང་གཱི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བས་དགའ་བ་དང། དད་པ་སྐྱེས་ཏེ་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པ་ལ་མཆོད་ཅིང་ཕྱག་འཚལ་དུ་འོང་འདོད ་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་རིན་ཆེན་ཡོད་པ་ཞེས་བྱ་བ་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་འཁོར་སྡུད་པའི་ཆོ་འཕྲུལ་བསྟན་ཏེ། གོང་དུ་སྨོས ་པའི་རིམ་པས་ས་གཡོས་པ་དང་འོད་སྣང་བ་ཆེན་པོ་འབྱུང་བ་དང། འོད་དེས་མི་མིང་ད?་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་སྐུ་བསྟན་ཆོག་མི་ཤེས་པ་དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་བྱ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འདུས་ཤིང་གཤེགས་པར་བྱ་བའི་ཕྱིར་འདི་རབ་ཏུ་བཀྱེ་བར་མཛད་པ་ཉིད་ལ་འཁོར་སྡུད་པའི ་ཆོ་འཕྲུལ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་འོད་ཟེར་གྱིས་བསྐུལ་ཏེ། མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་འདིར་གཤེགས་པ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྔོན་བྱང་ཆུབ་སེམས་དཔའ་མཛད ་པའི་ཚེ། བྱང་ཆུབ་སེམས་དཔའ་དེ་དག་དང་སྨོན་ལམ་གཅིག་ཏུ་བཏབ་ཅིང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མཐུན་པར་སྤྱོད་སྤྱོད་པའི་རྒྱུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གདུལ་ཞིང་དགེ་བའི་བཤེས་གཉན་མཛད་པར་གྱུར་པའི་ཕྱིར་བྱང་ཆུབ་སེམས ་དཔའ་དེ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་གཤེགས་པར་གྱུར་ཏོ། །ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གཱི་ཀླུང་གི་བྱེ་བ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན་ཞེས་བྱ་བ་ལ་ནི་འཇིག་རྟེན་གྱི་ཁམས་མཛའ་ཡས་པའི་ཕྱིར་ཕ ་རོལ་གྱི་མཛའ་ལྟ་མེད་མོད་ཀྱི། འཇིག་རྟེན་གྱི་ཁམས་གང་ཚུན་ཆད་ཀྱི་བྱང་ཆུབ་སེམས་དཔའ་འདིར་གཤེགས་པ་རྣམས་ཀྱི་ཐ་མ་ལ་ཀུན་གྱི་ཕ་རོལ་ཞེས་བྱའོ། །ཀུན་གྱི་ཕ་རོལ་ཞེས་སྨོས་པས་དེ་ཚུན་ཆད་ཀྱི་འཇིག་རྟེན་གྱི་ཁམས་ན ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤེགས་པར་བལྟའོ། །བཞུགས་ཤིང་འཚོ་སྐྱོང། ཞེས་བྱ་བ་ལ་ཡོངས་སུ་མྱ་ངན་ལས་མ་འདས་ཤིང་སྲོག་གི་དབང་པོའི་རྒྱུན་ལ་བཞུགས་པའི་ཕྱིར་བཞུགས་ཞེས་བྱའོ། །སྐུ་ལ་སྙུན?་མི་མངའ་བའི་ཕྱིར ་འཚོ་ཞེས་བྱའོ། །གློ་བུར་གྱི་བསྙུན་མི་མངའ་བས་སྐུའི་ཚེའི་མངའ་ཐང་བཞིན་དུ་ཚེའི་བར་ཆད་མི་འབྱུང་བའི་ཕྱིར་སྐྱོང་ཞེས་བྱའོ། །ཡང་རྣམ་པ་གཅིག་ཏུ་ན་ཆོས་ཀྱི་སྐུ་ནི་གནས་པའི་བཞིན་བས་ཆོས་ཀྱི་སྐུའི་རང་བཞིན་དུ་ཞུགས་པ་ལ་བཞུགས་ཞེས་བྱའོ། ། ་ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ལ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་འཚོ་བའི་ཕྱིར་ལོངས་སྤྱོད་ཀྱིས་འཚོ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའི་ཆུལ་དུ་བཞུགས་པ་ལ་འཚོ་ཞེས་བྱའོ། །སྤྲུལ་པའི་སྐུ་ནི་སེམས་ཅན་ཡོངས་སུ་མ་དག་པ ་རྣམས་སྐྱོང་བའི་ཕྱིར་སྦྲུལ་བའི་སྐུའི་ཚུལ་དུ་བཞུགས་པ་ལ་སྐྱོང་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ་ཞེས་བྱ་བ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་འབྲིང་ན་བཞུགས་པའི་བྱང་ཆུབ ་སེམས་དཔའ་དེ་དག་ལས། །བ?་ཅིག་ནི་རང་བཞིན་གྱིས་འདོད་ཆགས་ཆུབ་བས་སེམས་དང་པོ་བསྐྱེད་པ་ནས་ཚངས་པར་སྤྱོད་པ་ལ་གནས་ཤིང་ས་བཅུ་ཡོངས་སུ་རྫོགས་པར་གྱུར་པ་དང། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ལ ་གནས་པ་ཐོབ་བས་རྩོལ་པ་དང། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བར་འོས་པའི་ཕྱིར་རྒྱལ་པོའི་སྲས་གཞོན་ནུ་རྒྱལ་ཚབ་ཏུ་དབང་བསྐུར་བར་འོས་པ་དང་འདྲ་བར ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཀྱི་ས་ལ་གནས་པའི་ཕྱིར་གཞོན་ནུར་གྱུར་པ་ཞེས་བྱའོ། །པད་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་ཁ་དོག་ཅན་རྣམས་བསྐུར་བ་དང། བསྙུན་གསོལ་སྤྲིང་བ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ང་རྒྱལ་དང་ཕྲག་དོག ་མེད་བར་བྱ་བའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཅིག་ལ་གཅིག་འདི་ལྟར་སྲི་ཞུ་དང་གུས་པ་མཛད་ན། བདག་ཅག་གིས་དེ་ལྟར་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་ཤིང་དང་པ་སྐྱེས་བའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན་བཅོམ་ལྡན ་འདས་ཤཱཀྱ་ཐུབ་པའི་འཁོར་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་གཞན་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པར་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག་ཅེས་བྱ་བ་ནི་མི་མཛད་ཀྱི་འཇིག ་རྟེན་གྱི་ཁམས་བའདི་སྙིགས་མ་ལྔ་དང་ལྡན་བའི་ཕྱིར། བག་ཡོད་པར་སྤྱོད་ཅིག་ཅེས་གདམས་ཤིང་རྗེས་སུ་བསྟན་པ་མཛད་དོ། །དེ་ལ་སྙིགས་མ་དང་དུས་ཀྱི་སྙིགས་མ་དང། ཚེའི་སྙིགས་མ་དང། ལྟ་བའི་སྙིགས་མ་དང། སེམས་ཅན་གྱི ་སྙིགས་མའོ། །དེ་ལ་ཉོན་མོངས་པའི་སྙིགས་མ་ནི་མི་མཛད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་རྣམས་ཤས་ཆེ་བས་མི་དགེ་བ་བཅུའི་ལས་ལ་སོགས་པ་སྡིག་པའི་ཆོས་མང་དུ་སྤྱོད། དེའི་རྒྱུས ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མང་བ་དང། མིང་སྐྱེས་ན་ཡང་སྡུག་བསྔལ་མང་པོ་དང་ལྡན་པ་མང་དུ་སྣང་སྟེ། དེ་དག་ནི་ཉོན་མོངས་པའི་སྙིགས་མ་ལས་གྱུར་ཏོ། །དུས་ཀྱི་སྙིགས་མ་ནི་མི་མཇེད་ཀྱི་འཇིག་རྟེན ་གྱི་ཁམས་འདིར་བར་བར་དུ་མུ་གེའི་སྡུག་བསྔལ་མི་བཟད་པ་རྣམས་འབྱུང། བར་བར་དུ་ནི་ནང་ཀྱི་སྡུག་བསྔལ་གནག་མི་བཟོད་པ་ནམས་འབྱུང། བར་བར་དུ་ནི་སེམས་ཅན་རྣམས་གཅིག་ལ་གཅིག་འཚོ་ཞིང་གནོད་པ་བྱེད་པའི་དབང་གིས་འཐབ་ཅིང་མཚོན ་གྱིས་འདེབས་པ་མང་དུ་འབྱུང། བར་བར་དུ་ནི་ཆུས་འཇིགས་པ་འབྱུང། བར་བར་དུ་ནི་མེའི་འཇིགས་པ་འབྱུང། བར་བར་དུ་ནི་རླུང་གི་འཇིགས་པ་འབྱུང་སྟེ། དེ་ལྟ་བུའི་དུས་ངན་པ་མང་དུ་འབྱུང་བ་ལ་དུས་ཀྱི་སྙིངས་མ་ཞེས་བྱ་བའོ།། ་ཚེའི་སྙིགས་མ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ལས་འདིའི་སེཾས་ཅན་རྣམས་ཀྱི་ཆེ་ལ་ངེས་པ་མེད་དེ། བར་བར་དུ་ནི་ཚེའི་ཚད་དཔག་ཏུ་མེད། བར་བར་དུ་ནི་ཆེ་ལོ་བཅུ་པར་འགྱུར། དེ་ལ་ཡང་ངེས་པ་མེད་དེ། ཁ་ཅིག་ནི་མའི་མངལ་ནས་ཚེ་འཕོ་ཁ་ཅིག་ནི་སྐྱེས་མ ་ཐག་ཏུ་ཆེ་འཕོ། ཁ་ཅིག་ནི་ལང་ཚོའི་དུས་ལ་བབ་ན་ཆེ་འཕོ། ཁ་ཅིག་ནི་དར་ལ་བབ་ན་འཚེ་འཕོ། ཁ་ཅིག་ནི་རྒས་ནས་ཚེ་འཕོ་སྟེ། དེ་ལྟར་ཚེ་ལ་ངེས་པ་མེད་པས་དེའི་རྒྱུས་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལ ་སོགས་པ་རྣམ་པ་མང་པོ་འབྱུང་སྟེ། དེ་ལྟར་སེམས་ཅན་རྣམས་ཀྱི་ཚེ་ལ་ངེས་པ་མེད་དེ། ཚེ་དུས་ངན་པའི་ཕྱིར་ཆེའི་སྙིགས་མ་ཞེས་བྱའོ། །ལྟ་བའི་སྙིགས་མ་ནི་ལོག་པར་ལྟ་བ་ལ་སོགས་པ་མུ་སྟེགས་ཅན་གྱི་ལྟ་བ་ངན་པ་དགེ་བ་ཐམས་ཅད ་རྩ་བ་ནས་འབྱིན་པ་རྣམས་ཀྱང་མི་མཇེར་ཀྱི་འཇིག་རྟེན་གྱི་ཁམས་འདིར་མང་དུ་འབྱུང་སྟེ། ལྟ་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་འཇུག་པའི་སྐལ་པ་མེད་པར་འགྱུར་པའི་ཕྱིར་ལྟ་བའི་སྙིགས་མ་ཞེས་བྱའོ། །སེམས་ཅན་གྱི ་སྙིགས?་མ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་ཕལ་ཆེར་སྐུར་པ་འདེབས་པའི་དང་ཚུལ་ཅན་མ་དད་པ། མཁས་པ་དང་མི་མཐུན་པ་སྐྱེས་བུ་དམ་པ་རྣམས་ཀྱིས་ཤིན་ཏུ་སྨད་པ། དམ་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པ་སེཾས་ཅན ་གྱི་རྒྱུད་ས་ཚ་རྒོ་ཅན་ལྟ་བུར་གྱུར་པས་དགེ་བའི་ལོ་ཏོག་མི་འཕེལ་བ་ཕལ་ཆེ་བའི་ཕྱིར་སེམས་ཅན་གྱི་སྙིགས་མ་ཞེས་བྱ་སྟེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་སྙིང་མ་དེ་ལྔ་དང་ལྡན་ཞིང་སྐྱོན་ཆེ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག ་པ་གཞན་ནས་འདིར་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག་ཅེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གདམས་ཤིང་རྗེས་སུ་བསྟན་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སྐྱེས ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མགུ་པར་དཀའ་བ་ཡིན་གྱིས་དེར་ཉམས་པར་གྱུར་ཏ་ཏེ་ཞེས་བྱ་བས་ནི་སངས་རྒྱས་ཀྱི་ཞིང་འདིར་བག་ཡོད་པར་སྤྱད་པར་བྱ་བའི་རྒྱུ་བསྟན་ཏེ། འཇིག་རྟེན་གྱི་ཁམས་དེ་དེ་ལྟར་སྐྱོན་ཆེ་བར་མ་ཟད་ཀྱི། །དེར ་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གདུལ་དཀའ་བ་རྣམས་འདུལ་འདུལ་བས་ཐབས་མཁས་ཤིང་མཁྱེན་བ་རྒྱ་ཆེ་བའི་ཕྱིར་མགུ་དཀའ་བ་ཡིན་གྱིས། བྱང་ཆུབ་སེམས་དཔའ་དེ་དག་གིས་མཁྲེལ་བར་གྱིས་ཤིག་ཅེས་གདམས་ཤིང ་རྗེས་སུ་བསྟན་པ་མཛོད་དོ། །རིམ་གྲོར་བྱ་བ་དང་དཀུར་སྟིར་བྱ་བ་དང། ཕུ་དུད་དུ་བྱ་བ་དང་མཆོད་པར་བྱེད་ཅིང་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་གུས་ཤིང་པ་སྟི་སྟང་བྱེད་པའི་རྣམ་གྲངས་སོ། །སྙུན་མི་མངའ་མ་གནོད་པ་མ་མཆིས་སམ ་ཟོ?་མདོག་བདེ་བ་མ་སྐུ་ཉམས་དང་ལྡན་ནམ་བདེ་བ་དང་དགྱེས་པར་སྤྱོད་དམ་ཞེས་བྱ་བ་ནི་གློ་བུར་གྱི་སྙུན་མི་མངའ་ཞེས་བྱའོ། །ན་བཟའ་དང་བསོད་སྙོམས་དང་གནས་དང། སྙུན་གྱི་རྐྱེན་སྨན་རྣམས་དང་ལྡན་པ་ལ་གནོད་པ་མ་མཆིས་པ་ཞེས་བྱའོ། །བགྲེས་པ ་ལ་སོགས་པས་སྐུ་ཟོར་ལྕི་བར་མ་གྱུར་པ་ལ་ཟོ་མདོག་བདེ་བ་ཞེས་བྱའོ། །སྙུན་མི་མངའ་བ་དང་གནོད་པ་མ་མཆིས་པ་དང་ཟོ་མདོག་བདེ་བ་གསུམ་ཆར་དང་ལྡན་པའི་འབྲས་བུ་ནི་སྐུ་ཉམས་དང་ལྡན་ཞིང་བདེ་བ་དང་དགྱེས་པར་སྤྱོད་པའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི ་ཁམས་གྱི་འཁོར་སྡུད་པའི་ཆོ་འཕྲུལ་ཇི་ལྟར་བསྟན་པ་དེ་བཞིན་དུ་ལྷོ་ཕྱོགས་ལ་སོགས་པ་སྟེང་གི་ཕྱོགས་གྱི་འཇིག་རྟེན་གྱི་ཁམས་ལ་ཐུག་གི་བར་དུ་ཕྱོཌ་ཐཾས་ཅད་ལ་ཡང་དེ་བཞིན་དུ་སྦྱར་པར་བྱའོ། །དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན ་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་ཀུན་ནས་གནས་པར་གྱུར་ཏེ། ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་མཐུ་དང། བྱིན་ཆེ་བ་བསྟན་པ་དང། ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་ནས་གཤེགས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་པ་དང་མོས་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་གནས་པར་གྱུར་ཅིང། རྒྱན་སྣ་ཚོགས་ཀྱིས ་བརྒྱན་པ་འཇིག་རྟེན་གྱི་ཁམས་པད་མོ་ཅན་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་འདྲ་བར་གྱུར་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་གླེང ་གཞིའི་ལེའུ་བསྟན་ནས། དེའི་འོག་ཏུ་གཞུང་གི་དོན་ཉིད་བསྟན་པའི་ཕྱིར་དེའི་ཆེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ་ཚངས་པ་དང་བཅོམ་པ་དགེ་སྦྱོང་བྲམ་ཟེའི་སྐྱེ་དགུ་དེ་བཅས་པ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པ་མང་པོ་ཚོགས་པ་དང། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་མང་པོ་དེ་དག་འདུས་པར་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་ཆེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ཆེན་པོའི་མཆོག ་བསྟན་པ་འདི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་ཏེ། སྐབས་དབྱེ་བའི་རིགས་པ་ལས་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ། སྐབས་ཕྱེ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐེག་པ་གསུམ་ཆར་གྱི་སྦྱིར་ཐུན་མོང་དུ་བསྟན་པ་ཡིན་ཏེ། དེ་ལྟར་ཅིས ་མཐོན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་ཤེས་པ་ཉིད་དང། ལམ་གྱི་རྣམ་པར་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། གསུམ་ཆར་རྒྱ་ཆེར་བསྟན་པའི་ཕྱིར་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འགའ་ཞིག་ལ ་བཀའ་སྩལ་ཏེ། སྐབས་ཕྱེ་ན་ཐེག་པ་ཆུང་དུ་པ་དང། སྐྱེ་བོ་གཞན་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཟབ་མོ་འདི་བདག་ཅག་གི་སྤྱོད་ཡུལ་མ་ཡིན་ནོ་སྙམ་ནས་འབད་ཅིང་རྩོལ་བར་མི་བྱེད་ཀྱང་སྲིད་ཀྱི། ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་སྐབས་ཕྱེ་ན། ཐེག་པ་ཆུང་དུ་པ་ལ་སོགས ་པ་སྐྱེ་བོ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤཱ་རིའི་བུའི་སྤྱོད་ཡུལ་དུ་གྱུར་པ་དང་སྦྱར་ན། བདག་ཅག་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་ཡང་འགྱུར་རོ་སྙམ་ནས། ཐེག་པ་ཆུང་དུ་པ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱང་འབད་ཅིང་རྩོལ་བར་འགྱུར་བར་བྱ་བའི་ཕྱིར། ་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་སྐབས་བྱེའོ། །རྣམ་པ་གཅིག་ཏུ་ན་དེ་བཞིན་གཤེགས་པས་ཆོས་བསྟན་པ་འདི་གསུང་གཅིག་གིས་ཀྱང་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དང་མཐུན་པར་ཆོས་བསྟན་པ་སྣ་ཚོགས་སོ་སོར་བསྟན་པ་ཁྱབ་པར་འབྱུང་སྟེ། སྐྱ་བོ་དེ་དག་ཀྱང་སོ་སོ་ན་དེ ་བཞིན་གཤེགས་པ་ནི་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་དུ་སེམས་པ་དང་སྦྱར་ན། ཐམས་ཅད་ལ་བཀའ་སྩལ་ཏེ་སྐབས་ཕྱེ་མོས་ཀྱི། འོན་ཀྱང་ཆོས་སྡུད་པར་བྱེད་པ་རྣམས་ཀྱིས་དེ་སྙེད་ཅིག་ཅར་བསྡུར་མི་རུང་བས་སྐྱེ་བོ་ཐམས་ཅད་ཀྱི་སྦྱོད ་ཡུལ་དུ་འགྱུར་བ་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ། སྐབས་ཕྱེ་བ་གཅིག་པུ་སྨོས་ནས་ཆོས་བསྡུ་བ་བྱས་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་སྒོ་གསུམ་གྱིས་བསྟན་ཏེ། མགོ་སྨོས་པས་གོ་བ་དང། རྣམ ་པར་སྤྲོས་ནས་གོ་བ་དང། དྲང་དགོས་པའི་འདུལ་བ་དང་འདུལ་བ་རྣམ་པ་གསུམ་ལས་བརྩམས་ཏེ། མདོར་བསྟན་པའི་སྒོ་དང། འབྲིང་དུ་བསྟན་པའི་སྒོ་དང། རྒྱས་པར་བསྟན་པའི་སྒོ་སྟེ། སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གིས་བཤད་དེ། དེ་ལ་རྣམ ་གྲངས་བཅུ་གཅིག་ནི་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་བཤད་པ་གཅིག་དང། རབ་འབྱོར་ལ་བཀའ་སྩལ་ཏེ་བཤད་པ་ལྔ་དང། བརྒྱ་བྱིན་ལ་བཀའ་སྩལ་ཏེ་བཤད་པ་གཉིས་དང། བྱམས་པ་ལ་བཀའ་སྩལ་ཏེ་བཤད་པ་གཉིས་དང། བྱང་ཆུབ་སེམས་དཔའ་ ་ཆོས་འཕགས་དང། རྟག་ཏུ་དུའི་གཏམ་གླངས་ནས། གནས་བརྟན་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ཡོངས་སུ་གཏད་པ་གཅིག་དང། འདི་དག་ནི་རྣམ་གྲངས་བཅུ་གཅིག་གོ་།དེ་ལ་འགོ་སྨོས་པས་གོ་བ་རྣམས་ཀྱི་ཕྱིར་མདོར་བཤད་པ་གསུངS ་བ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་དེ་ཨ་ཤཱ་རདྭཱ་ཏིའི་བུ་ཞེས་བྱ་བ་ནི་གནས ་བརྟན་ཤཱ་རིའི་བུའི་མའི་མིང་ལས་དྭས་ཏེ་བོས་པའོ། །འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྟན་པ་འདི་ལ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་འདི་ལ་གནས་ཏེ་ཞེས་བྱ་བ ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཨོ། །དེ་ལ་ཀུན་རྫོབ་ཀྱི ་བྱང་ཆུབ་སེམས་དཔའ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་སྨེས་ཅད་ལ་དམིགས་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། ཨེ་མའོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས ་ཅད་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ་སྙམ་དུ་བསམས་ཏེ། བྱང་ཆུབ་དང་སེམས་ཅན་ལ་དམིགས་ནས། ཤེས་རབ་དང་སྙིང་རྗེ་གཉིས་ཀྱི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་གནས་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ ་བསྐྱེད་པ་དང་ལྡན་པ་ནི་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ལ་སོགས་པས་བཅུའི་སེམས་བསྐྱེད་པ་དང་ལྡན་པ་རྣམས་ན་དོན་དམ་པའི་བྱང་ཆུབ་སེམS ་མིསསིང ་མིསསིང ་འགྲུས་བརྩམས་པ་དང། ཉོན་མོངས་པ་དང། ལས་དང། སྡུག་བསྔལ་དང། འཁོར་བ་དང། རྣམ་པར་རྟོག་པ་དང། ཡོན་ཏན་དང། ཤེས་པར་བྱ་བ་དང། རྣམ་པ་འདི་དགུའི་མཐར་ཕྱིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གཞན་ཡང་དེའི ་རྗེས་ལས་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པ་དང། རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོག་པ་དང་བྱ་བ་བསྒྲུབ་པའི་ཡེ་ཤེས་རྣམས་ཀྱང་དེའི་རྒྱུ་ལས་བྱུང་བའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་ཏེ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བྲ་རུང་ངོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཐར་ཕྱིན་པའི་སར་གཏོགས་པ་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ས་ཆོས་ཀྱི་སྤྲིན་གྱི་བར་དུ་མཉན་པ་དང་བསམ་པ་དང་བསྒོམས་པ་ལ་སོགས་པའི་རིམ་པས་མངོན་པར་འཕེལ་བ་ཆོས་ཀྱི་དབྱིངས་དྲི་མ་མེད་པར་བྱེད་པ་ཐབས་ཀྱིས་ཟིན་པ། ་དེ་བཞིན་ཉིད་ལ་ཀུན་ཏུ་འགྲོ་བའི་དོན་དང། མཆོག་གི་དོན་ལ་སོགས་པར་རྟོགས་པའི་ཁྱད་པར་མངོན་སུམ་དུ་བྱང་པས། ས་དང་ས་དག་ལ་གནས་པ་ན། རྣམ་པར་དག་པའི་ཤས་ཇེ་ཆེར་ཇེ་ཆེར་གྱུར་པས་ལྷག་པར་རྟོགས་པའི་ཁྱད་པར་ཐོབ་པར ་བྱེད་པའི་ཡེ་ཤེས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །མིང་གི་ཚོགས་དང་།ཚིག་གི་ཚོགས་དག་ཡི་གེའི་ཚོགས་སུ་ཡོངས་སུ་འགྱུར་བའི་ཆོས་བསྟན་པ་གང་ཡིན་པ་དེ་དག་ཀྱང་ཤེས་རབ་དེ་དག་སྒྲུབ་པ་དང་རྟོགས་པ་དང། ་མཐར་ཕྱིན་པའི་སའི་ཏིང་ངེ་འཛིན་ལ་གནས་པའི་དངོས་པོ་མ་ལུས་པའི་ཁྱད་པར་རྟོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཅིང་དུ་བརྗོད་དོ། །དེ་ལྟར་ཇི་ཙམ་དུ་རྣམ་པ་འདི་ལྟ་བུ་དག་མངོན་པར་སྟོན་པ་ཐེག་པ་ཆེན་པོའི་ ་ཚུལ་གང་ཡིན་པ་ཐམས་ཅད་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པ་འདི་རྣམས་ལས་འདིར་ནི་སངས་རྒྱས་ཀྱི་སར་གཏོགས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣར? ་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡོངས་སུ་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་།ཞེས་བྱ ་བའི་དོན་ཏོ། ཁ་ཅིག་ན་རེ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་བྱ་ཨབས་ན་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་སྤངས་ཏེ། ཐེག་པ་ཆེན་པོ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། ཁ་ཅིག་ན་རེ་དེ་ལ་གང ་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཞེས་བྱ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱ་བར་གྱུར་པ་དེའི་ཚེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།གང ་གི་ཚེ་རྣམ་པར་མི་རྟོག་པའི་ཤེས་རབ་བམ། ཐེག་པ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་གྱུར་པ་དེའི་ཚེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཏེ། བརྩོན་པར་བྱའོ་ཞེས་བྱ་བར་རིག་པར་བྱའོ་ཞེས་ཟེར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ། བརྩོན་པ་རྣམ་པ་གསུམ་སྟེ། བསླབ་པ་ལ་བརྩོན་པ་དང། སྤྱོད་པ་ལ་བརྩོན་པ་དང། ཡང་དག་པར་བསྒྲུབ་པ་ལ་བརྩོན་པའོ། །དེ་ལ་མཉན་པའོ། །བསམ་པ་ལ་སོགས་པའི་དུས་ན་ནི་བསླབ་པ་ལ ་བརྩོན་པ་སྟེ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བ་འོག་ནས་འཆད་པའོ། །སྒྲུབ་པའི་དུས་ན་ནི་སྤྱད་པ་ལ་བརྩོན་པར་བྱ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཞེས་བྱ་བ་འོག་ནས་འཆད ་པའོ། །རབ་ཏུ་རྟོགས་པའི་དུས་ན་ནི་ཡང་དག་པར་འགྲུབ་པ་ལ་བརྩོན་པ་སྟེ། དེ་ཡང་བརྩོན་པར་བྱེད་པའོ་ཞེས་བྱའོ་ཞེས་འོག་ནས་འཆད་པའོ། །བརྩོན་པར་བྱའོ་ཞེས་བྱ་བ་ནི་བྱ་བར་འོས་བ་སྟེ། བྱ་བའི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་དག་གིས་ནི་གང ་གི་བྱ་བ་དང། གང་ལ་བྱ་བ་དང། གང་བྱ་བ་རྣམ་པ་དེ་གསུམ་བསྟན་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་རྣམས་ལ་ནི་ངེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱིས་བྱའོ། །བསྒྲུབ་པར་བྱ་བ་ཐམས་ཅད་ཀྱི་རྩ་བ་དེ་ཡིན་པའི ་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བྱའོ། །རྒྱུན་དུ་ཆུད་པ་དང། གུས་པ་དང། འགྲུས་པ་ལ་སོགས་པས་བརྩོན་པར་བྱའོ། །འདིར་འབྲས་བུ་ཕུན་སུམ་ཚོགས་པ་དང། རྒྱུ་ཕུན་སུམ་ཚོགས་པ་དང། སྦྱོར་བ་ཕུན་སུམ་ཚོགས་པ་གསུམ་བསྟན ་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱབ་ཞེས་བྱ་བ་ནི་འབྲས་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་བྱ་བ་ནི་རྒྱུའོ། །བརྩོན་པར་བྱའོ། ཞེས་བྱ་བ་ནི་སྦྱོར་བའོ། །རྡོ་རྗེ་གཅོད་པ་ལས་གནས་པར་བྱ་བ་དང། བསྒྲུབ་པར་བྱ ་པ་དང། །སེམས་རབ་ཏུ་གཟུང་བར་བྱ་བ་ཇི་སྐད་དུ་བཤད་པ་དེ་བཞིན་དུ་འདིར་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་འདི་ནི་བསམ་པ་ཕུན་སུམ་ཚོགས་པར་བསྟན་པས་གནས་བསྟན་པ་ཡིན་ནོ།། ་བརྩོན་པར་བྱའོ་ཞེས་བྱ་བ་ནི་བསྒྲུབ་པ་བསྟན་པ་ཡིན་ནོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བའི་ཕྱིར་སེམས་རབ་ཏུ་གཟུང་བར་བསྟན་པ་ཡིན་ནོ། །དེ་ལྟར་མགོ་སྨོས་པས་གོ་པ ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། །བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང། དེའི་འོག་ཏུ་གནས་བརྟན་ཤཱ་རིའི་བུས་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱི་དོན་དུ་འབྲིང་དུ་བཤད་པའི་སྐབས་དབྱེ་བའི་ཕྱིར། བཅོམ ་*།།ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་པས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ཞེས་བྱ་བའི་ཞུ་བ་བརྩམས་སོ ་དེས་ནི་མདོར་བསྟན་པའི་ཆོས་རྣམ་པ་བཞི་ཞུས་པ་ཡིན་ཏེ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་དང། ཇི་ལྟར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ཞེས་བྱ་བ་དང། ཇི་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང། ཇི་ལྟར་བརྩོན་པར་བགྱི་ཞེས་བྱ་པ་རྣམས་ཏེ། དེ་བཞི་ཡང་འོག་ནས་སྐབས་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །དེ་ལ་ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་གནས་ཏེ་སྦྱིན་པ་དང། གཏོད་པ་དང། ཡོངས་སུ་ལེན་པ་མི་དམིགས་པའི་ཕྱིར་ཡོངས་གཏད་པ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ལ་སོགས་པས་མདོར་བཤད་པའི་སྒོ་ནས་ཆོས་ཐམས་ཅད་བསྡུས་ཏེ ་བསྟན་ནས། སྤྱོད་པ་རྣམ་པ་བཞི་བསྟན་ཏེ། སྤྱོད་པ་རྣམ་པ་བཞི་ཡང་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང། ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་དང། བར་དུ་གཅོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་དང། ་གོས་པ་མེད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པའོ། །དེ་ལ་ཐབས་མཁས་པས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འགྲུབ་བོ། །ཡོངས་སུ་འདྲིས་པའི་ཤེས་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་འགྲུབ་པོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ ་སྦྱིན་པར་བྱེད་པའི་སྤྱོད་པ་འགྲུབ་བོ། །ཤེས་རབ་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་བོ། །དེ་ལ་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི། །གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ ་པ་ལ་སོགས་པས་སྟོན་ཏོ་།ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དེ་ཡང་གནས་པ་དང། བསྒྲུབ་པ་དང། འཁོར་གསུམ་ཡོངས་སུ་དག་པ་དང། རྣམ་པ་གསུམ་གྱིས་བསྟན་ཏེ། རྡོ་རྗེ་གཅོད་པ་ལས་གནས་པར་བྱ་བ་དང། བསྒྲུབ་པར་བྱ་བ་དང། སེམས་རབ་ཏུ་གཟུང་བར་བྱ་བ ་བསྟན་པ་ལྟ་བུའོ། །དེ་ལ་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ནི། དེ་ལས་གཞན་པའི་འབྲས་བུའི་ཁྱད་པར་འདོད་པ་ཡོངས་སུ་བཏང་སྟེ། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་ལ་གནས་པ་དང། བདེ་བ་བསྒྲུབ་པར་བྱ ་བའི་བསམ་པ་དང། ཤེས་རབ་ཀྱི་དབང་གིས་ཁམས་གསུམ་པ་འམ་ཆོས་ཐམས་ཅད་ཀྱང་རུང་སྟེ། གང་ལ་ཡང་མི་གནས་པ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནS་པ་ཞེས་བྱའོ། །ཐམས་ཅད་ལ་མི་གནས་པ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་དགོངས་པའོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། རྣམ་པར་མི་རྟོག་པའི་ཤེས་རབ་བམ། ཐེག་པ་ཆེན་པོ་ཡིན་པར་བསྟན་ཏོ། །བྱང་ཆུབ་ཀྱི་ལམ་དང་མཐུན་པར་སྤྱོད་པ་ནི ་བསྒྲུབ་པ་སྟེ། དེ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་སོ། །དོན་དམ་པར་ཆོས་ཐམས་ཅད་ལ་ཡོངས་སུ་མི་རྟོག་པ་ནི་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཏེ། དེ་བས་ན་སྦྱིན་པར་བྱ་བ་དང། གཏོང་པ་པོ་དང། ལེན་པ་མི་དམིགས་པའི ་ཕྱིར་ཡོངས་སུ་གཏོང་བ་མེད་པའོ་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེས་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་ཅི་འདོད་པ་དེ་ཐམས་ཅད་སྦྱིན་པར་བྱེད་ཀྱང། དེའི་ཚེ་ནི་དེ་སྦྱིན་པ་ཞེས་བརྗོད་པར་ཟད་ཀྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན ་ནོ། །གང་གི་ཚེ་སྦྱིན་པ་བྱེད་པ་དམ། སྦྱིན་པ་བྱིན་པའི་འོག་ཏུ་ཡོངས་སུ་བརྟག་པ་བཞིས་ཡོངས་སུ་བརྟགས་ཤིང། ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པར་བྱེད་པ་བཞིས་ཡོངས་སུ་ཤེས་པར་བྱས་ནས། ཤེས་རབ་ཀྱིས་ཡོངས་སུ་དག་པར་བྱེད་པ་དེའི་ཚེ་ན་དེ་ལགས་པར ་སྦྱངས་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དང་པོར་སྙིང་རྗེས་ལས་ཐམས་ཅད་བྱས་ནས། ཕྱིས་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་ངོ། །དེ་བས་ན་སྙིང་རྗེས་ནི་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དག ་པར་བྱེད་དོ། །སྙིང་རྗེས་ནི་བསམ་པ་དག་པར་བྱེད་དོ། །ཤེས་རབ་ཀྱིས་ནི་སྦྱོར་བ་དག་བར་བྱེད་དོ། །སྙིང་རྗེས་ནི་ཀུན་རྫོབ་ལ་གནས་ཏེ་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དོན་དམ་པ་ལ་གནས་ཏེ་སྤྱོད་བར་བྱེད་དོ། །སྙིང་རྗེས་ནི་ལས་ཐམས་ཅད་སེམས་ཅན་གྱི་དོན ་དུ་བྱས་པའི་ཕྱིར། བསོད་ནམས་ཀྱི་ཚོགས་སུ་བགྲང་ངོ། །ཤེས་རབ་ཀྱིས་ནི་བྱང་ཆུབ་ཀྱི་དོན་གྱི་ཕྱིར་བྱས་པས། ཡེ་ཤེས་ཀྱི་ཚོགས་སུ་བགྲང་ངོ། །དེ་བས་ན་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་སོ། ། ་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་པ་དང་པོ་ལ་དེ་བཞིན་ཉིད་རྟོགས་པ་ནས་བཟུང་སྟེ། སྦྱོར་བ་ཐམས་ཅད་དོན་དམ་པར་བརྟགས་ན། དེ་བཞིན་ཉིད་དུ་མངོན་སུམ་དུ་མཐོང་བས། དེ་བཞིན་དུ་གནས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་ཉིད་དེ ་ཡང་སྦྱིན་པ་བྱེད་པའི་ཚེ་ནི་སུས་ཀྱང་སྦྱིན་པ་འམ་བླང་བར་མི་ནུས་ཏེ། དེ་བས་ན་དོན་དམ་པར་ཡོངས་སུ་གཏོང་བ་ཞེས་བྱ་བ་གང་ཡང་མེད་དོ། །བཟའ་བ་དང་བཏུད་པ་དང་མ་ལ་ཆ་ལ་སོགས་པ་ཡོངས་སུ་བཏང་བ་གང་ཡིན་པ་དེ་དག་ནི་ཀུན་བརྟགས་པའི་ཆོས ་ལ་གནས་པའི་ཕྱིར་རྨི་ལམ་གྱི་ཚེ་དང་སྒྱུ་མ་བཞིན་ཏེ། ཡང་དག་པ་ནི་མ་ཡིན་ནོ། །དེ་ལྟར་དོན་དམ་པར་ཡོངས་སུ་གཏོང་པའི་མཚན་ཉིད་དང་བྲལ་བ་ཉིད་ལ་ཡོངས་སུ་གཏོང་བ་མེད་པའི་ཚུལ་ཞེས་བྱའོ། །ཡོངས་སུ་གཏོང་བ་མེད་པའི་རིགས་པ་དེས་དངོས་པོ་ལ ་སྦྱིན་པར་བྱ་བ་དང། བདག་ལ་གཏོང་པ་པོ་དང། སློང་པ་ལ་ལེན་པར་བྱེད་པ་དང། གསུམ་མི་དམིགས་ཏེ། ངོ་བོ་ཉིད་དང་བྲལ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དང་པོར་ནི་སྙིང་རྗེའི་སྟོབས་ཀྱི་ཀུན་རྫོབ་ཀྱི་ཚུལ་ལ་གནས ་ཏེ་།འཇིག་རྟེན་པའི་སྤྱོད་པའི་དབང་གིས་སྦྱིན་པ་བྱེད་དོ། །དེ་ནས་ཤེས་རབ་ཀྱི་དབང་གིས་དོན་དམ་པའི་ཚུལ་ལ་གནས་ཏེ། འཇིག་རྟེན་ལས་འདས་པའི་སྤྱོད་པའི་དབང་གིས་ཐམས་ཅད་ཀྱང་ཤེས་རབ་ཀྱིས་ཡོངས་སུ་བརྟགས་ན། དམིགས་སུ་མེད་པར་གྱུར་པ་དེའི་ཚེ། སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཞེས་བྱ་བར་འགྱུར་རོ། །དེ་བས་ན་དང་པོ་སེམས་བསྐྱེད་པའི་དམིགས་པར་གྱུར་པ་སེམས་ཅན་དང་བྱང་ཆུབ་གཉིས་ཡོངས་སུ་མ་བཏང་པར་གྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དེ་ཡང་དོན་དང་ལྡན་པར ་འགྱུར་རོ། །དེ་ལྟ་ན་སྦྱིན་པར་བྱ་བ་དང། གཏོང་བ་པོ་དང། ལེན་པ་བོ་རྣམས་མི་དམིགས་པ་དང། སྦྱིན་པ་དག་ཤིན་ཏུ་འགལ་པ་ཡིན་ན་ཇི་ལྟར་མི་འགལ་བ་བཞིན་དུ་བྱེད་པར་འགྱུར་ཞེས་ན། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་མཐུས་རུང་བར་འགྱུར་ཏེ། ་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་རྫོབ་འཛིན་པའི་སྙིང་རྗེ་དང། དོན་དམ་པ་མི་འཛིན་པའི་ཤེས་རབ་གན་ཡིས་ཀི་སྐམ་ལ་རྒྱུབ་དང། ཆུ་ལ་རྒྱུ་བའི་སྲོག་ཆགས་ཀྱི་སྦྱོར་བ་བཞིན་དུ་ཤིན་ཏུ་འགལ་བ་ཡིན་དུ་ཟིན་ཡང། སྦྱོར་བའི་རྣམ་པས་འགལ་བ་མེད་པར ་གྲོགས་བྱས་ནས་ཅིག་ཅར་སྒྲུབ་ཅིང་བྱང་ཆུབ་ཀྱི་བར་དུ་སྤྱད་དེ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་བསྒྲུབས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པའི་མཆོག་ཏུ་འགྱུར་ཏེ། འགོ་ནས་ཀྱང་སྐབས་ཇི་ལྟ་བ་དེ་དང་དེ་དག་ཏུ ་དེའི་བཤད་པ་འབྱུང་ངོ། །ལྟུང་བ་མི་འབྱུང་བ་དང་ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་སྡོམ་པའི་བསླབ་པ་དང། རབ་ཏུ་བྱུང ་བའི་སྡོམ་པའི་བསླབ་པ་དང། སྡོམ་པའི་བསླབ་པ་གཉིས་ཡང་དག་པར་བླངས་ཏེ་གནས་པ་ན་ལྟུང་བ་བྱུང་ན་ཡང་དུས་ལས་ཡོལ་བར་ལྷག་པར་ལྟུང་བ་མི་འབྱུང་གི་མྱུར་ཞིང་མྱུར་དུ་མཐོལ་བར་བྱེད་ཨེ། དེ་བས་ན་ལྟུང་བ་མི་འབྱུང་བ་དང། ལྷག་པར་ལྟུང་བ ་མི་འབྱུང་བའི་ཕྱིར་ཞེས་བྱ་བ་གསུང་སོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་བྱ་བར་སྙགས་ཏེ། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་འཆལ་པའི་ཚུལ་ཁྲིམས་སོ་ཞེས་བྱ་བ་ནི་རྣམ ་པར་རྟོག་པ་གསུམ་མི་དམིགས་པས། འཁོར་གསུམ་ཡོངས་སུ་དག་པར་རིག་པར་བྱ་སྟེ། འདི་ལྟར་འོག་ནས་ཀྱང་བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་འཚལ་བའི་ཚུལ་ཁྲིམས་སོ་ཞེས་བྱ་བའི་རློམས་སེམས་སུ་མི་བྱེད་དོ་ཞེས་འགྱུར་རོ།། ་འཁྲུག་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བསྟན་ཏེ། དེ་ཡང་སྙིང་རྗེའི་དབང་གིས་སེམས་ཅན་གྱི་འདུ་བྱེད་རྣམས་ལ་འཁྲུག་པ་མེད་པ་དང། ཤེས་རབ་ཀྱི ་དབང་གིས་བདག་མེད་པར་རྟོགས་པའི་ཕྱིར་རོ། །འདིར་ཡང་བཟོད?་པ་དང། བཟོད་པར་བྱ་བ་དང། གནོད་སེམས་རྣམས་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པ་ནི་འོག་ནས་སྐབས་ཇི་ལྟ་བ་ཉིད་དུ་འཆད་དོ། །ལུས་དང་སེམས་ཀྱི་བརྩོན ་འགྲུས་ཉམས་པ་མེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་བསྟན་ཏེ། རྒྱུན་ཏུ་ཆད་པ་དང། གུས་པ་དང། ནན་ཏན་དུ་ལུས་དང་སེམས་ཀྱི་བརྩོན ་འགྲུས་ཉམས་པ་རྨི་བྱེད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཉམས་པ་མེད་པ་དེ་ཡང་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་འགྱུར་བ་ཉིད་དོ། །འདིར་ཡང་བརྩོན་འགྲུས་དང་ལྡན་པ་དང། བརྩོན་འགྲུས ་དང་ལེ་ལོ་རྣམས་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་འགྱུར་རོ། །རོ་མྱང་བ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་བདག་གི་དོན་དུ་བསམ་གཏན་ལ་འཇུག་ན་ནི་བསམ་གཏན་ག་ཡི་རོ་མྱང་བར ་བྱེད་པར་འགྱུར་ན་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བདག་གི་དོན་འབའ་ཞིག་ལ། སྦྱོར་བ་ཐམས་ཅད་ལ་སྡིག་པ་བཞིན་དུ་རྣམ་པར་སྨོད་པར་བྱེད་ན། དེ་ལ་བསམ་གཏན་གྱི་རོ་མྱང་བའི་ཡིད་ལ་བྱེད་པ་ལྟ་ག་ལ་ཡོད། དེ་བས་ན་ཉོན་མོངས་བ་ཅན་དང། དག ་བ་དང་ཟག་པ་མེད་པའི་བསམ་གཏན་གསུམ་ལས་དག་པ་དང། ཟག་པ་མེད་པ་ཉིད་ལ་སྙོམས་པར་འཇུག་གི་།ཉོན་མོངས་པ་ཅན་ལ་ནི་མི་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། འདིར་ཡང་ཏིང་ངེ་འཛིན་དང་ལྡན་པ་དང། ཏིང་ངེ་འཛིན་དང་གཡེང་བ་རྣམས་མི་དམིགས ་པས། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་བཞིན་ཉིད་ཙམ་དུ་མཐོང་བས་ནི་འཇིག་རྟེན་པའི་ཀུན་བརྟགས་པའི་ཆོས་ཐམས ་ཅད་མི་དམིགས་ལ། འཇིག་རྟེན་ལས་འདས་པ་ཡང་རྣམ་པར་མི་རྟོག་སྟེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། ་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ཐེག་པ་ཆེན་པོ་ལ་བྱ་བ་དེའི་ཚེ་ན་ནི་ཀླན་ཀར་འགྱུར་བ་མེད་དོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་ཤེས་རབ་ལ་བྱ་བར་གྱུར་པ་དེའི་ཚེ་ཡང་དོན་དམ་པར་ཤེ་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་ཆོས་གང་ཡང་མེད་དོ་སྙམ་དུ་སེམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པ་མེད་པའི་བདག་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏོ། དེའི་ཚེ་ནི་ཁམས་གསུམ་ལ་སོགས་པ་དེ ་བཞིན་ཉིད་ཙམ་དུ་ཟད་དོ། །ཀུན་རྫོབ་ཀྱི་རྣམ་པར་སྐྱེས་པའི་ཤེས་རབ་སྤྱོད་པའི་ལམ་དུ་གཏོགས་པ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་ཡང་རྣམ་པར་མི་རྟོག་པའི་ལ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་རོ། ། ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་དགོངས་པས་ཀླན་ཀར་འགྱུར་བ་མེད་དོ། །འདིར་ཡང་ཤེས་རབ་ཅན་དང་ཤེས་རབ་དང། འཆལ་བའི་ཤེས་རབ་རྣཾས་མི་དམིགS ་བས་འཁོར་གསུམ་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བཤད་ཟིན་ནས། ད་ནི་ཉོན་མོངས་པ་མེད་པའི་བྱང་ཆུབ་གྱི་ཕྱོགས་ཀྱི་སྤྱོད་པ་བསྟན་པར་བྱ་སྟེ། དེ་ཡང་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་མི་དམིགས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས ་བསྒོམ་པ་ནི་ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་པ་མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པ་རྣམས་ཉིད་ལ་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་མིའི་གསོ་ཞེ་ན། ཡང་འདི་ལ་ཉེས་པ་མེད་དེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད ་རྣམ་པ་ཐམས་ཅད་དུ་རྟོགས་པར་བཞེད་ཅིང་ཆོས་ཐམས་ཅད་མི་དམིགས་པ་ལྟུང་ལེན་པས། ཅི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དོན་དམ་པར་ཡོད་དམ་འོན་ཏེ་མེད་ཅེས་དེ་དག་ལ་ཡོངས་སུ་བརྟག་པར་རིགས་སོ། །འོན་ཏེ་དེ་ལྟར་གྱུར་ན། བྱང་ཆུབ་ཀྱི་ཕྱོགS ་ཀྱི་ཆོས་རྣམས་བསྒོམས་པའི་རྒྱུས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་ཏུ་ཞུགས་པ་ནས། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་རོ་ཞེ་ན་ཡང། སྔོན་གྱི་རྩོལ་བའི་ཤུགས་ཀྱི ་མཐུ་ཉིད་ཀྱིས་དེ་འགྲུབ་པའི་ཕྱིར་འདི་ལ་ཉེས་པ་མེད་དོ། །གང་དག་འཁོར་བ་ལ་ཉེས་དམིགས་སུ་མཐོང་ན་ས་ཡིད་བྱུང་བ་དང། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་མཐོང་ནས་དེ་ཉིད་དོན་དུ་གཉེར་ཞིང་བསྒྲུབ་པ་དེ་དག་ནི་སྔོན་གྱི་རྩོལ་བའི་ཤུགས ་གྱིས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམས་པའི་རྒྱུས་འབད་མི་དགོས་པར་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་འཁོར་བ་དང། མྱ་ངན་ལས་འདས་པ་ལ་སེམས་མཉམ་པ། སེམས་ཅན་ཐཾས་ཅད ་ལ་ཕན་པ་དང། བདེ་བ་བསྐྱེད་པ་ལྷུར་ལེན་བ་དག་ནི་སེམས་ཅན་ལ་ཕན་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བ་ལ་ཡང་མྱ་ངན་ལས་འདས་པ་བཞིན་དུ་ཡོན་ཏན་དུ་གཟིགས་ལ། སེམས་ཅན་ལ་ཕན་འདོགས་པའི་གནས་མ་ཡིན་པའི་ཕྱིར། མྱ་ངན་ལས ་འདས་པ་ལའང་འཁོར་བ་བཞིན་དུ་མི་མཐུན་པར་གཟིགས་པ་དང། ཆོས་ཉིད་ཙམ་དུ་ཟད་པའི་ཕྱིར་དེ་གཉི་ཀ་ཡང་མཉམ་པ་ཉིད་དུ་གཟིགས་པས། དམིགས་སུ་མེད་པའི་ངོ་བོ་ཉིད་དུ་སོ་སོར་རྟོགས་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམས་ཏེ། ་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མངོན་སུམ་དུ་མཛད་པ་ཙམ་དུ་ཟད་ཀྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པའམ། མྱ་ངན་ལས་འདས་པ་མངོན་སུམ་དུ་མཛད་པའི་ཕྱིར་ཉེ་བར་གནས་པ་མ་ཡིན་ཏེ། དེ་ཉིད་ལ་ཡོངས་སུ་འདྲིས་པའི་ཤེས ་པ་ཞེས་བྱའོ། །འདི་ལྟར་འོག་ནས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ནས་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་པར་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་འདྲིས་པའི་ཤེས་པ་བསྟན་པ ་ལས་འཆད་དོ། །དྲན་པ་ཉེ་བར་གཞག་པ་མི་དམིགས་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་དེ་ལ་ལུས་དང། ཚོར་བ་དང། སེམས་དང། ཆོས་རྣམས་དང་རྣམ་པ་བཞི་རྣམས་ལ་རྗེས་སུ་ལྟ་བ་རྣམ་པ་བཞི་ལ ་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་སྟེ། སྔར་ཡོངས་སུ་ཤེས་པར་བྱས་ནས་དེའི་འོག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་པ་ན། ལུས་དང། ཚོར་བ་དང། སེམས་དང། ཆོས་རྣམས་དང། དེ་དག་ལ་དམིགས་པའི་དྲན་པ་དང། ཤེས་རབ ་གཉིས་དང། དེ་དང་མཚུངས་པར་ལྡན་པའི་སེམ་པ་ལས་བྱུང་བའི་ཆོས་རྣམ་པ་ཀུན་བརྟགས?་པའི་མཚན་ཉིད་དུ་རྟོགས་པས་ཡང་དག་པའི་དོན་མ་ཡིན་པར་ཡོངས་སུ་ཤེས་པར་བྱ་སྟེ། དོན་དམ་པར་བརྗོད་དུ་མེད་པ་ནི་དྲན་པ་དང་ཤེས་རབ ་གཉིས་ཀྱི་སྤྱོད་ཡུལ་མ་ཡིན་པས་དྲན་པ་ཉེ་བར་གཞག་པའི་མཚན་ཉིད་དོན་དམ་པར་ཡོད་པ་མ་ཡིན་པར་རྟོག་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱའོ། །དེ་བས་ན་འབུམ་པ ་འདི?་ཉིད་ལས་ཀྱང་དྲན་པ་ཉེ་བར་གཞག་པར་རྣམས་དམིགས་སུ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། །བརྩོན་འགྲུས་ཀྱིས་དགེ་བ་བསྐྱེད་ཅིང་སྡིག་པ་མི་དགེ་བའི་ཆོས་རྣམས་སྤོང་བས་ན། ཡང་དག ་པའི་སྤོང་བྱ་བཞི་ཞེས་བྱ་སྟེ། དེ་ཡང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བའི་ཕྱིར་མདུན་པ་བསྐྱེད། འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཏོ་ཞེས་བྱ་བ་དང། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་པའི་ཕྱིར་འདུན ་པ་བསྐྱེད་ཅེས་བྱ་བ་ལ་སོགས་པ་དང། །དགེ?་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅེས་བྱ་བ་ལ་སོགས་པ་དང། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང། ཕྱིར་ཞིང་འཕེལ་བ་དང། ཉམས་པར་མི་འགྱུར་བ་དང། ཡོངས་སུ་རྫོགས ་པར་བྱ་བའི་ཕྱིར་འདུན་པ་བསྐྱེད། འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་ཏོ་ཞེས་བྱ་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང ་སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང། དབྱོད?་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང ་པ་སྒོམ་པ་སྟེ། ཏིང་ངེ་འཛིན་འདི་བཞིས་རྫུ་འཕྲུལ་དང། འཕགས་པའི་ཡོན་ཏན་དང། འབྱོར་པ་ཆེན་པོ་ཐོབས་པ་འགྱུར་བའི་རྒྱུ་དང། རྟེན་དང་གཞི་ཡིན་པས་རྐང་པ་དང་འདྲ་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར ་བྱའོ་ཞེས་བྱ་བ་ནི་དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དང་པོ་དང། ཤེས་རབ་ཀྱི་དབང་པོ་རྣམས་ཏེ་དང་པ་ལ་སོགས་པ་འདི་དག་གི་དབང་གིས་ཟག་པ་མེད་པའི་ཆོས་ཉིད་ཐོབ་པར་འགྱུར ་པའི་ཕྱིར་དབང་པོ་ཞེས་བྱའོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། དད་པ་ལ་སོགས་པའི་དབང་པོ་ལྔ་པོ་དེག་ཉིད་གོམས་པའི་མཐུས་ཉོན་མོངས་པའི་ཕྱོགས་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཏེ། མཐུ་དང་ལྡན་པར་གྱུར་པ་ལས ་སྟོབས་ལྔ་ཞེས་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི ་ཡན་ལག་དང། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཤིན་ཏུ་སྦྱངས་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། ས་དང་པོ་ལ་བྱང་ཆུབ་ཀྱི་རང་བཞིན་གྱི་ཆོས་ཉིད་རྟོགས་པར་བྱེད་པའི་དུས་ན། དྲན་པ་ལ་སོགས་པ་འདི་རྣམས་རྒྱུ་དང་གྲོགས་སུ་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ། ཞེས་བྱ་བ་ནི་ཡང་དག་པའི ་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་བའི་ངག་དང། །ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། །ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་རྣམས་ཏེ། ས་དང་པོ ་ཐོབ་ནས་ས་བཅུའི་བར་དུ་བསྒོམས་པའི་ལམ་ལ་འཇུག་པའི་ཚེ། འདི་རྣམས་དང་ལྡན་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་འདི་ཡང་འོག་ནས་ཐེག་པ་ཆེན་པོ་བསྟན་པ? ་རྒྱས་པར་འཆད་དོ། །ཡང་དག་པར་སྤོང་བ་ལ་སོགས་པའི་མཚན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ཡང་དག་པའི་སྤོང་བ་ལ་སོགས་པ་དམིགས་སུ་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པར་བྱེད་ཅིང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་བཤད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཡོངས་སུ་རྫོགས་པར་བྱའོ། །ཞེས་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང། རྗེས་སུ་མཐུན་ཞིང་མྱ་ངན་ལས་འདས་པ ་ཐོབ་པར་བྱད་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཉིད་ཀྱི་ནང་དུ་བགྲང?་ངོ། །འདིར་ནི་བྱང་ཆུབ་སེམས་དཔའ་ཨི་སྐབས་སུ་གཏོགས་པས་ཏིང་ངེ་འཛིན་གསུམ་དུ་བརྗོད་དོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱ་བ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི། ཀུན་བརྟགས་པའི ་མཚན་ཉིད་ཀྱིས་སྟོང་སྟེ། ཀུན་བརྟགས་པའི་རྣམ་པ་དེས་སྟོང་ངོ་ཞེས་སྟོང་པའི་རྣམ་པར་བསྒོམས་ན། སེམས་རྩེ་གཅིག་ཏུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །བརྗོད་དུ་མེད་པའི་དོན་དམ་པ་དེ་ཉིད་ནམ་མཁའ་བཞིན་དུ་གཟུགས་ལ་སོགས ་པའི་མཚན་ཉིད་ཐམས་ཅད་དང་བྲལ་བ། མཚན་མའི་རྣམ་པ་མེད་པའི་མཚན་ཉིད་སྤྲོས་ཐམས་ཅད་ཉེ་བ་བཞི་བ་ཡིན་པས། ཞི་བའི་རྣམ་པར་བསྒོམས་ན། །སེམས་རྩེ་གཅིག་ཏུ་གྱུར་པ་ལ། མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བཞིན་དུ ་ཁམས་གསུམ་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རྣམ་པར་མཐོང་བས། ཆོས་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་བཞག་ནས་ཕྱིས་དེ་ལ་སྨོན་པའི་གནས་སུ་མི་བྱེད་པར་ཡང་དག་པར་རྗེས་སུ་མཐོང་བ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ། ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལྟར་ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་བསྟན་ནས།། ད་ནི་བར་དུ་གཅོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་བསྟན་པའི་ཕྱིར། བསམ་གཏན་མི་དམིགས་པའི ་ཕྱིར་བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་ཡང་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་བསམ་གཏན་དང་ཏིང་ངེ་འཛིན་གྱི་ཕྱོགས་དང། མངོན་པར ་ཤེས་པའི་ཕྱོགས་དང། ཡེ་ཤེས་ཀྱི་ཕྱོགས་ཀྱིས་བྱ་དགོས་པས། ཕྱོགས་ཀྱི་ཆོས་གསུམ་ཆར་ཡང་དེར་འདུས་ཏེ། དེ་ལ་བསམ་གཏན་ལ་སོགས་པའི་ཆོས་ཐམས་ཅད་དང་པོར་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་ཀུན་རྫོབ་ཏུ་གཟུང་སྟེ། ་ཕྱིས་དོན་དམ་པར་ཡོངས་སུ་བརྟགས་ནས་བསམ་གཏན་ལ་སོགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་མི་བྱེད་པར་སྙིང་རྗེ་དང། ཐབས་མཁས་པ་གཉིས་ཀྱིས་སླར་ཡང་ཀུན་རྫོབ་ཉིད་ལ་དམིགས་ནས་སེམས་ཅན་ལ་ཕན་པར་བྱེད་པས། སེམས་ཅན ་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་རྣམ་པར་བཞག་གོ་།དེ་ལ་བསམ་གཏན་བཞི་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང། བསམ་གཏན་གཉིས་པ་དང། གསུམ་པ་དང། བཞི་པ་རྣམས་ཏེ། བསམ་གཏན་དེ་དག་ཀྱང། བསམ ་གཏན་དང་པོ་ནི་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ནི་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་དང་བཅས་པའོ། །བསམ་གཏན་གསུམ་པ་དང། བཞི་པ་གཉིས་ནི་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་སྟེ། བསམ ་གཏན་དེ་དག་འཇིག་རྟེན་པ་རྣམས་ནི་བདག་ཏུ་ལྟ་བ་དང་བཅས་པར་བསྒོམ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་གང་ཟག་ལ་བདག་མེད་པར་རྟོགས་ནས་བསྒོམ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་དང་གང་ཟག་གཉིས་ལ་བདག་མེད་པར ་རྟོག་ནས་བསྒོམ་སྟེ། དོན་དམ་པར་བསམ་གཏན་དམིགས་སུ་མེད་ཀྱང་ཀུན་རྫོབ་ཏུ་སྙིང་རྗེ་དང་ཐབ་མཁས་པ་གཉིས་ཀྱི་དབང་གིས་སོ་སོའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བསྒོམ་མོ། །ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱའོ། ཞེས་བྱ ་བ་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་ཏེ། དེ་བཞི་ཆར་ལ་ཡང་བྱང་ཆུབ་སེམས་ནམ་བ་གསུམ་གྱེས་བསྒོམ་སྟེ། གསུམ་གང་ཞེ་ན། སེམས་ཅན་ལ་དམིགས་པ་དང། ཆོས་ལ་དམིགས་པ་དང། མི་དམིགས་པས ་བསྒོམ་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅུང་ཟད་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད ་མིན་སྐྱེ་མཆེད་དོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་དང། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་དང་སྡུག་པའི་རྣམ་པ་ལ་མོས་བ་དང། ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་དང། འདུ་ཤེས་དང། ཚོང་བ་འགོག་པའི་ཏིང་ངེ་འཛིན་བསྒོམ་པ་དང་བརྒྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱའོ། ཞེས་བྱ་བ་ནི་བསམ་གཏན་གཞི་དང། ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། འདུ་ཤེས་དང་ཚོར་བ་འགོག་བའི་ཏིང་ངེ་འཛིན་དང་དགུའོ། །མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ལྷའི་མིག་དང། ལྷའི་རྣ་བ་དང། གཞན་གྱིས་སེམས?་ཤེས་པ་དང། ་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པའོ། །འདུ་ཤེས་བཅུ་བསྒོམ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། འདོད་ཆགས་ཀྱི་གཉེན་པོར་རྣམ་པར་བམ་པ་ལ་སོགས་པའི་འདུ་ཤེས་བཅུ་བསྒོམ་པ་བསྟན་ཏོ། །སངས་རྒྱས ་རྗེས་སུ་དྲན་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནས། ལྷ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཞེས་བྱ་བའི་བར་དུ་རྗེས་སུ་དྲན་པ་དྲུག་བསྒོམ་པ་དྲན་པ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་རིག་པ་དང་ཞབས་སུ་ལྡན་པ་ཁ་ལོ་སྒྱུར་བ ་སྐྱེས་བུ་འདུལ་བ་བླ་ན་མེད་པ་འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་གྱི་སྒོ་ནས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལུང་གི་ཆོས་དང། ཐོབ་པར་བྱ་བའི་ཆོས་སོ། །དེ་ལ་ལུང་གི་ཆོས་ནི་མདོ་སྡེ་ལ་སོགས ་པ་ཐེག་པ་ཆེ་ཆུང་གི་གསུང་རབ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པའོ། །ཐོབ་པར་བྱ་བའི་ཆོས་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུའི་ཆོས་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས ་པའི་ཡོན་ཏན་རྣམས་རྗེས་སུ་དྲན་པ་བསྒོམ་པའོ། །དགེ་འདུན་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་འཕགས་བའི་གང་ཟག་བརྒྱད་ལ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་འཕགས་པའི་ལམ་ལ་གནས་པ་ཤིན་ཏུ་ལེགས་པར ་ཞུགས་པ་སྦྱིན་གནས་ཆེན་པོ་བསོད་ནམས་ཀྱི་ཞིང་ཡིན་པ་ལ་སོགས་པའི་ཡོན་ཏན་གྱི་སྒོ་ནས་རྗེས་སུ་དྲན་པར་བྱ་བ་བསྒོམ་པའོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་བར་བྱའོ?་ཞེས་བྱ་བ་ནི་ལུས་ཀྱི་སྡོམ་པ་གསུམ་དང། དག་གི་སྡོམ་པ་བཞི ་བསྡམས་ཤིང་སྲོག་གཅོད་བ་ལ་སོགས་པའི་རྣམ་པ་བདུན་སྤངས་པའི་མཚན་ཉིད་ལ་མཐོ་རིས་སུ་སྐྱེ་བར་གྱུར་པའི་ཡོན་ཏན་གྱི་སྒོ་ནས་རྗེས་སུ་དྲན་པའོ། །གཏོང་པ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་ཆོས་དང། ཟང་ཟིང་དང། མི་འཇིགས ་པ་སྦྱིན་བའི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཆེན་པོའི་རྒྱུ་ཡིན་པའི་སྒོ་ནས་རྗེས་སུ་དྲན་པའོ། །ལྷ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ལས་བཟང ་པོ་དང། བསོད་ནམས་ཆེན་པོའི་རྒྱུ་ལས་བྱུང་བ་ཡིན་བས་བརྙས་ཤིང་སྨད་པར་བྱ་བར་མི་རིགས་ཀྱི། མཆོད་པ་དང་བཀུར་སྟི་བྱ་བའི་གནས་ཡིན་པའི་སྒོ་ནས་རྗེས་སུ་དྲན་པར་བྱའོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པར་བྱའོ་ཞེས་བྱ་བ་ནི ་བསམ་གཏན་དང་ཏིང་ངེ་འཛིན་བསྒོམ་པ་ལ་སེམས་སྦྱང་ཞིང་ལས་སུ་རུང་བར་བྱ་བའི་ཕྱིར་དབུགས་བྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པར་བྱ་བ་བསྒོམ་པའོ། །སྐྱོ་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་གནས་རྣམས་ལ་དམིགས་ནས་ཉེས་དམིགས་སུ་ལྟ་ཞིང་སྐྱོ་བ་རྗེས་སུ་དྲན་པའོ། །བྱང་ཆུབ་སེམས་དཔའ་ཨི་སྐྱོ་བ་རྗེས་སུ་དྲན་པ་ནི་ཆོས་ཐཾས་ཅད ་བདག་མེད་པའི་ངོ་བོ་ཉིད་ཡིན་པ་ལ། བྱིས་པ་རྣམས་ཀྱིས་སྙིང་པོ་ཅན་དུ་བློ་བསྐྱེད་དེ། འཇུག་པར་མཐོང་ནས་དེ་དག་ཤེས་པར་བྱ་བ་མྱུར་དུ་སྔོན་དུ་གཏོང་བའི་ཡིད་ལ་བྱེད་པ་ནི་སྐྱོ་བ་རྗེས་སུ་དྲན་པ་ཞེས་བྱའོ། །འཆི་བ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །ཞེས་བྱ ་བ་ཡང་སྐྱོ་བ་རྗེས་སུ་དྲན་པར་བྱ་བ་ཉིད་ཀྱི་ནང་དུ་གཏོགས་མོད་ཀྱི་ལོགས?་ཤིག་ཏུ་བཀར་ཏེ་སྨོས་པ་ནི་ལྷག་པར་སྐྱོ་བར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལུས་རྗེས་སུ་དྲན་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལུས་ལམ་ཆགས་པར་བྱ་བའི་ཕྱིར་ཀླང་པའི་རྒྱས་ནས ་རྐང་པའི་བར་དུ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་བསྒོམ་པའོ། །མི་རྟག་པའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་རྣམ་པ་གསུམ་ནི་སྡུག་བསྔལ་གྱི་ཕུང་པོ་ལྔ་ལ་མི་རྟག་པ་དང། སྡུག་བསྔལ་པ་དང། བདག་མེད་པའི་འདུ་ཤེས ་བསྒོམ་པར་བྱའོ། །མི་སྡུག་པའི་འདུ་ཤེས་བསྒོམ་པར་བྱའོ། ཞེས་བྱ་བ་ནི་རྣམ་པར་བམ་པ་ལ་སོགས་པའི་འདུ་ཤེས་བཅུ་གོང་དུ་སྨོས་པ་ཉིད་མདོར་བསྡུས་ཏེ་བསྒོམ་པ་བསྟན་པའོ། །འཆི་བའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་བྱ་བ་གོང་དུ་ཡང་འཆི ་བུའི་འདུ་ཤེས་སྨོས་པས་ལན་གཉིས་སུ་ཟློས་པ་འདྲ་བ། གང་དུ་སྨོས་པ་ནི་རྗེས་སུ་དྲན་པའི་སྐབས་ཡིན་།འདི་ནི་འདུ་ཤེས་ཀྱི་གནས་སྐབས་ཡིན་པས་ཉེས་པ་མེད་དོ། །དགའ་བར་བྱ་བ་མི་དམིགས་པའི་ཕྱིར་འཇིག་རྟེན་ཐམས་ཅད་ལ་དགའ་བར་མི་བྱ་བའི་འདུ ་ཤེས་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་འཇིག་རྟེན་པའི་རིགས་དང་བཟོའི་གནས་ཐམས་ཅད་དང། སྒྱུ་རྩལ་རྣམ་བ་སྣ་ཚོགས་དྲུག་ཅུ་རྩ་བཞི་ལ་སོགས་པ་ལམ་ངན་བར་དགའ་བར་མི་བྱའོ། །ཡིད་བརྟན་དུ་མི་རུང་བ་མི་དམིགས་བའི་ཕྱིར་ཡིད་བརྟན་དུ་མི་རུང་བའི ་འདུ་ཤེས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཁམས་གསུམ་པ་ལ་ཆགས་སུ་རུང་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་དེ་ལ་འདོད་པ་མེད་པར་གྱུར་པའོ། །སྡུག་བསྔལ་ཤེས་པ་བསྒོམ་པར་བྱའོ། ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀུན་རྫོས་ཀྱི ་སྒོ་ནས། སྡུག་བསྔལ་བ་ཉིད་དུ་ཤེས་པར་བྱས་ནས། དེའི་འོག་ཏུ་དེ་དག་ཉིད་དོན་དམ་པར་ཤིན་ཏུ་དངོས་པོ་མེད་པར་ཤེས་ཀྱང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཀུན་རྫོབ་ཏུ་སྡུག་བསྔལ་གྱི་རྣམ་པ་ཉིད་དུ་ཤེས་པ་དང། གཞན་ལ་ཡང ་དེ་བཞིན་དུ་ཤེས་པར་བྱེད་པའི་ཤེས་པ་ནི་སྡུག་བསྔལ་ཤེས་པ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཀུན་འབྱུང་བ་ཤེས་པ་བསྒོམ་པར་བྱའོ། །ཞེས་བྱ་བ་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས་པ་དེ་དག་ཉིད་རབ་ཏུ་སྐྱེ་བར ་ཤེས་པ་དང། དེ་ཤེས་པར་བྱེད་པའི་ཤེས་པ་ཡང་ཀུན་འབྱུང་བ་ཤེས་པའོ། །འགོག་པ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་དོན་དམ་པར་འགོག་པ་མི་དམིགས་ཀྱང། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འགོག་པ་དང། ཞི་བ་དང ་གྱ་ནོམ་པ་དང། དེས་པར་འབྱུང་བའི་རྣམ་པར་ཤེས་པ་དང། ཤེས་པར་བྱེད་པའི་ཤེས་པ་གང་ཡིན་པའོ། །ལམ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་ཚུལ་སྔ་མ་བཞིན་ཏེ། ལམ་དང་རིགས་པ་དང། སྒྲུབ་པ་དང། ངེས ་བར་འབྱིན་པའི་རྣམ་པར་ཤེས་ཤིང་ཤེས་པར་བྱེད་པ་གང་ཡིན་པའོ། །ཟད་པ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐཾས་ཅད་དང། སྡུག་བསྔལ་དང་བདག་དང་གཞན་རྣམས་ཀྱི་སྲིད་པ་ཡོངས་སུ་ཟད་པ་ཤེས ་པ་དང། ཡོངས་སུ་ཟད་པའི་རྒྱུ་ཤེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟད་པ་ཤེས་པའོ། །མི་སྐྱེ་བ་ཤེས་པ་བསྒོམ་པར་བྱའོ། ཞེས་བྱ་བ་ནི་བདག་དང་གཞན་གྱི་སྲིད་པའི་འགྲོ་བར་སྐྱེ་བ་ཐམས་ཅད་ཤེས་པ་དང། མི་སྐྱེ་བའི་རྒྱུ་ཤེས་པ་ནི ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྱེ་བར་ཤེས་པའོ། །ཆོས་ཤེས་པ་བསྒོམ་པར་བྱའོ། ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པ་དང། དོན་དམ་པའི་དབང་གིས་དེ་བཞིན་ཉིད་དུ་ཤེས་པ་ནི་ཆོས་ཤེས་པའོ། །རྗེས་སུ་རྟོགས་པ ་ཤེས་པར་བྱའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྗེས་སུ་དཔག་པས་ཤེས་པ་དང། མི་རྟག་པ་ལ་སོགས་པ་མངོན་སུམ་དུ་མ་གྱུར་ཀྱང་དེ་ལྟ་བུར་འགྱུར་བར་ཤེས་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྗེ ་སུ་མཐུན་པར་ཤེས་པ་གང་ཡིན་པའོ། །ཀུན་རྫོབ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། འཕགས་པ་ཐམས་ཅད་ཀྱིས་སེམས་ཅན་དང། བུམ་པ་ལ་སོགས་པ་མཁྱེན་པ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུགས་ལ་སོགས ་ཀུན་བརྟགས་པའི་ཆོས་ཐམས་ཅད་ལ་དམིགས་པའི་མཁྱེན་པ་གང་ཡིན་པའོ། །ཡོངས་སུ་འདྲིས་པ་ཤེས་རབ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། ་སྨོན་བ་མེད་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་ཡང་མྱ་ངན་ལས་འདས་པ་མངོན་སུམ་དུ་ནི་མི་བྱེད་ཀྱི། དེ་དག་ཉིད་གོམས་པ་དང། རབ་ཏུ་བྱང་བར་བྱེད་པའི་ཤེས་པ་དེ་ལ་ཡོངས་སུ་དྲིས་པ་ཤེས་པ་ཞེས་བྱའོ། །གལ་ཏེ་མྱ་ངན ་ལས་འདས་པ་མངོན་སུམ་དུ་བྱེད་ན་ནི། དེ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཉིད་དུ་འགྱུར་ཏེ། དེས་དགོས་པའི་ཕྱིར་ཡང་དག་པའི་མཛའ་ལ་རེག་པར་མི་བྱེད་ཀྱི་ཤེས་པ་དེས་ཆོས་ཙམ་དུ་སྒོམ་པར་བྱེད་དོ། །འོ་ན་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཆོས་རྣམས ་བསྒོམས་པས་ཇི་ལྟར་ཡང་དག་པའི་མཛའ་མངོན་སུམ་དུ་བྱེད་པར་མི་འགྱུར་ཞེ་ན། སྐྱོ་བ་ཡིད་ལ་བྱེད་པ་དང་མི་ལྡན་པའི་ཕྱིར་རོ། །ཞེས་སྔར་ཡང་བཤད་དོ། །གཞན་ཡང་ཡང་དག་པའི་མཛའ་མངོན་སུམ་དུ་བྱེད་པའི་སྔོན་དུ་འགྲོ་བ་ནི་ཞི་གནས་དང་ལྷག་མཐོང ་བསྒོམས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟར་ཡང་དག་པའི་འཐའ་ཐོབ་པར་བྱེད་པའི་ཞི་གནས་དང། ལྷག་མཐོང་བསྒོམ་པར་སྦྱོར་བ་མི་མཛད་ཀྱི། ཚེས?་ཐམས་ཅད་དམིགས་སུ་མེད་པར་བསྒོམ་པ་རྒྱས་པར་བྱ་བ་འབའ་ཞིག་གི་ཕྱིར། བྱང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་དམིགས་པས་ན། མཉམ་པར་མ་བཞག་པའི་ཤེས་པ་མཛའ་མལ་པས་སོ་སོར་རྟོག་གོ་།དེ་བས་ན་ཞི་གནས་དང་ལྷག་མཐོང་གི་རྐྱེན་དང་མི་ལྡན་པའི་ཕྱིར་ཡང་དག་པའི་མཛའ་མངོན་སུམ་དུ་བྱེད་པར་མི་འགྱུར་རོ། །འདི་ལྟར་འོག ་ནས་ཀྱང་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་ཀྱང་མངོན་སུམ་དུ་བྱའོ་སྙམ་པས་སོ་སོར་རྟོག་པར་མི་བྱེད་ཀྱང། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། ་མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་ནོ། ཞེས་སོ་སོར་རྟོག་ཅིང་མཉམ་པར་མ་བཞག་པ་ཉིད་དུ་དམིགས་པ་ལ་སེམས་ཉེ་བར་འཇོག་ཀྱང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བར་སྐབས་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཉམས་པར ་ཡང་མི་འགྱུར་ལ། ཟག་པ་ཟད་པ་མངོན་སུམ་དུ་ཡང་མི་བྱེད་དོ། ཞེས་བྱ་བ་ལ་སོགས་པ་འཆད་དོ། །སྒྲ་ཇི་བཞིན་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་སྒྲ་གང་དང་གང་ཡིན་པ་ལ་སྒྲ་ཇི་བཞིན་ཞེས་བྱ་སྟེ། དེ་ཤེས་པ་ནི་སྒྲ་ཇི་བཞིན་ཤེས་པའོ། ། ་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དགས་དང། ལྷ་དང་མི་དང་ཚངས་པ་ཐམས་ཅད་ཀྱི་སྒྲ་དང་སྐད་ཐམས་ཅད་སོ་སོར་རྟོགས་ཤིང་མཁྱེན་པ་ནི་སྒྲ་ཇི ་བཞིན་ཤེས་པའོ། །ཐམས་ཅད་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཞེས་བྱ་བར་སྦྱར་བས་དམིགས་སུ་མེད་པའི་ཚུལ་གྱིས་སྦྱོར་བར་བྱེད་ཅེས་བྱ་བ་ཤེས་པར་བྱའོ། །རྣམ་པར་རྟོག་པ་དང་བཅས་པ་རྣམ་པར་དཔྱོད་པ་དང་བཅས་པའི་ཏིང་ངེ ་འཛིན་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་སྒོམ་པ་བསྟན་པ་སྟེ། བསམ་གཏན་བཞི་པོ་དེ་ད་ཀྱང་དོན་དམ་པར་དམིགས་སུ་མེད་པར་རྟོགས་ནས། ཀུན་རྫོབ་ཏུ་ཐབས་མཁས་པའི་དབང་གིས ་སེམས་ཅན་གྱི་དོན་དུ་བསྒོམ་སྟེ། དེ་ལ་བསམ་གཏན་དང་པོ་ལ་ནི་རྣམ་པར་རྟོག་པ་དང་བཅས་རྣམ་པར་སྤྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ལ་ནི་རྣམ་པར་རྟོག་པ་མེད་ཅིང། རྣམ་པར་སྤྱོད་པ་ཙམ་དུ་ཟད་དོ། །བསམ་གཏན་གསུམ་པ ་དང། བསམ་གཏན་བཞི་བ་ལ་ནི་རྣམ་པར་རྟོག་པ་དང་རྣམ་པར་སྤྱོད་པ་གཉི་ག་མེད་པ་སྟེ། རྒྱ་ཆེར་འོག་ནས་འཆད་དོ། །ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དབང་པོ་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་ནི་ཟག་པ་མེད་པའི ་དབང་པོ་གསུམ་བཤད་པ་སྟེ། མཐོང་བའི་ལམ་ལ་ནི་ཡང་དག་པའི་ཡོངས་སུ་མ་ཤེས་པ་ཤེས་པར་བྱེད་པའི་དབང་པོ་འབྱུང་ངོ། །བསྒོམ་པའི་ལམ?་ལ་ནི་ཀུན་ཤེས་པའི་དབང་པོ་འབྱུང་ངོ། །མི་སློབ་པའི་ལམ་དགྲ་བཅོམ་པའི་ས་ལ་ཀུན་ཤེS ་པ་རིག་པའི་དབང་པོ་འབྱུང་སྟེ། འདི་དག་གི་དབང་གིས་ཟག་པ་མེད་པའི་ཆོས་ཐོབ་པར་འགྱུར་བའི་ཕྱིར་དབང་པོ་ཅེས་བྱའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཡོངས་སུ་རྫོགས་པར་བྱའོ། ཞེས་བྱ་བ་ནི་སེམས་སྦྱངས་ཤིང་ལས་སུ་རུང་བར་བྱ་བའི་ཕྱིར། ་གཟུགས་རྣམས་ལ་བཟང་ངན་དང་ཆེ་ཆུང་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་མི་བཙན་པར་བདག་གི་སེམས་ཀྱི་དབང་དུ་བྱ་སྟེ། ཇི་ལྟར་འདོད་པར་ཤེས་པར་བྱ་ཞིང་ལྟ་པར་བྱ་བ་སྟེ། བརྒྱད་པོ་དེ་དག་ཀྱང་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུཌ ་ཆུང་ངུ་ཁ་དོག་བཟང་པོ་དང། ཁ་དོག་ངན་པ་རྣམས་ལ་བལྟ་ཞིང། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཞེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་མེད་པར་འདུ ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོར་གྱུར་པ། ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་བལྟ་ཞིང། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཞེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་བ་འདི་ནི་ཟིལ་གྱིས་གནོན་པའི ་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བ་ར་ན་སེའི་རས་ཕུན་སུམ་ཚོགས ་སྔོན་པོ་ཁ་དོག་སྔོན་པོ་ལྟ་བུར་སྟོན་རོ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་དོད་ཀའི་མེ་ཏོག་གམ་ཡུལ་བ་ར་ན་སེའི་རས་ཕུན་སུམ་ཚོགས་པ་སེར་པོ་ཁ ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི? ་སྐྱེ་མཆེད་བཞི་པའོ། །ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་བནབཱུ?་ཛཱི་བའི་མེ་ཏོག་གམ་ཡུལ་བ་ར ་ན་སེའི་རས་ཕུན་སུམ་ཚོགས་པ་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ། འོད ་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར ་Xན་སྐར་མ་པ་སངས་ཀྱི་མདོག་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་རྣམས ་ཡིད་ལ་མི་བྱེད་པས་ནམ་མཁའ་མཛའ་ཡས་སོ་སྙམ་ནས། ནམ་མཁའ་མཛའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད ་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཛའ་ཡས་སོ་སྙམ་ནས། རྣམ་པར་ཤེས་པ་མཛའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ། གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ། །ཆུབ་པའི་སྐྱེ་མཆེད ་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ནི་སེམས་སྦྱངས་ཞིང་ལས་སུ་རུང་བར་བྱ་བའི་ཕྱིར་ཕྱོགས་བཅུ་ཐམས་ཅད་དུ་ས་དང་ཆུ་དང་མེ་དང་རླུང་དང། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ནམ་མཁའ་དང་རྣམ་པར་ཤེས་པ་གང་ཡང་རུང་བས་ཆུབ ་པར་གང་བར་སེམས་ཤིང་ཡིད་ལ་བྱེད་པའི་བསམ་གཏན་བསྒོམ་པ་ལ་བྱའོ། །བསྡུ་བའི་དངོས་པོ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱིན་པ་དང། ཚིག་སྙན་པ་དང། དོན་མཐུན་པར་སྤྱོད་པ་དང། ་གཞན་གྱི་དོན་སྤྱོད་པ་དང། རྣམ་པ་བཞིས་སེམས་ཅན་ཐམས་ཅད་ཡོངས་སུ་བསྡུས་ནས་ཡང་དག་པ་ལ་དགོད་པའོ། །རྣམ་པར་འགོད་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཆོས་གདགས་པ་རྣམ་པར་དགོད་པ་དང། བདེན་པ་གདགས་པ ་རྣམ་པར་དགོད་པ་དང། རིགས་པ་གདགས་པ་རྣམ་པར་དགོད་པ་དང། ཐེག་པ་གདགས་པ་རྣམ་པར་དགོད་པ་སྟེ། དེ་ལ་ཆོས་གདགས་པ་རྣམ་པར་དགོད་པ་ནི་མདོ་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་སེམས་ཅན་གྱི་དོན་དུ་མིང ་དུ་བཏགས་ཤིང་རྣམ་པར་དགོད་པའོ། །བདེན་པ་གདགས་པ་རྣམ་པར་དགོད་པ་ནི་སེམས་ཅན་གྱི་དོན་དུ་དོན་དམ་པ་དང། ཀུན་རྫོབ་ཀྱི་བདེན་པ་དང། འཕགས་པའི་བདེན་པ་བཞི་རྣམས་མིང་དུ་བཏགས་ཤིང་རྣམ་པར་དགོད་པའོ། །རིགས་པ་གདགས ་པ་རྣམ་པར་དགོད་པ་ནི་སྟོས་པའི་རིགས་པ་དང། བྱ་བ་བྱེད་པའི་རིགས་པ་དང། གཏན་ཚིགས་སྒྲུབ་པའི་རིགས་པ་དང། ཆོས་ཉིད་ཀྱི་རིགས་པ་རྣམ་པར་དགོད་པའོ། །ཐེག་པ་གདགས་པ་རྣམ་པར་དགོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཨི་ཐེག་པ་ཁྱད་པར་དུ་བྱེ་ཞིང་མིང་དུ་བཏགས་ཏེ་རྣམ་པར་དགོད་པའོ། །ས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ནས། ས་ཆོས་ཀྱི་སྤྲིན་གྱི་བར་དུ་ཡོངས་སུ་རྫོགས་པར་བྱའོ། །སྤྱོད་པ་བཅུ ་ཡོངས་སུ་རྫོགས་པར་བྱའོ། ཞེས་བྱ་བ་ནི་ཆོས་སྤྱོད་པ་རྣམ་པ་བཅུ་སེམས་ཅན་གྱི་དོན་དུ་ཡོངས་སུ་རྫོགས་པར་བྱ་བ་སྟེ། ཆོས་སྤྱོད་པ་བཅུ་ནི་དམ་པའི་ཆོས་ཡི་གེར་འདྲི་བ་དང། ཀློག་པ་དང། ཁ་ཏོན་བྱེད་པ་དང། བྲིས་ཏེ ་གཞན་ལ་སྦྱིན་པ་དང། འཆད་བ་དང། མཆོད་པ་བྱེད་པ་དང། ཉན་པ་དང། སེམས་པ་དང། སྒོམ་པ་དང། གཞན་དག་ལ་སྟོན་པ་རྣམས་སོ། །བཟོད་པ་བཅུ་ཡོངས་སུ་རྫོགས་བར་བྱའོ་ཞེས་བྱ་བ་ནི་རང་བཞིན་གྱིས་བཟོད་པ་དང། གཞན་གྱིས་གནོད ་པ་བྱས་པ་ལ་ཅི་མི་སྙམ་པའི་བཟོད་པ་དང། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་དང། ཆོས་ལ་ངེས་པར་མོས་པའི་བཟོད་པ་དང། བྱ་དཀའ་བ་ལ་བཟོད་པ་དང། ཐབས་ཀྱི་སྒོའི་བརྗོད་པ་དང། སྐྱེས་བུ་དམ་པའི་བཟོད་པ་དང། རྣམ་པ་ཐམས ་ཅད་དུ་བཟོད་པ་དང། ཕོངས་པ་འདོད་པ་ལ་བཟོད་པ་དང། འདི་དང་གཞན་དུ་སྡུག་བསྔལ་བ་ལ་བཟོད་པའོ། །དེ་ལ་རང་བཞིན་གྱིས་བཟོད་པ་གང་ཞེ་ན། གང་རང་བཞིན་གྱིས་མི་འཁྲུག་པ་དང། ཤ་མི་ལྡོན་པ་དང། ཞེ་ལ་མི་འཛིན་པའོ། །གཞན་གྱིས ་གནོད་པ་བྱས་པ་ལ་ཅི་མི་སྙམ་པའི་བཟོད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་འདུ་ཤེས་བསྐྱེད་དེ། འདི་དག་ནི་རྐྱེན་ལ་རག་ལུས་བ་འདུ་བྱེད་ཙམ་དུ་ཟད་དེ། འདི ་ལ་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བ་གང་གཤེ་བ་འམ། ཁྲོ་བ་འམ་བརྡེག་པ་འམ། མཚད་འབྲུ་བ་གང་ཡང་མེད་དོ་སྙམ་དུ་སེམས་ཤིང། སེམས་ཅན་དུ་འདུ་ཤེས་པ་མེད་དོ། ཆོས་ཙམ་དུ་གནས་སོ། །དེ་ཚེས་ཙམ་གྱི་འདུ་ཤེས ་དེ་ལ་གནས་ནས། གཞན་གྱི་གནོད་པ་བྱས་པ་ལ་ཅི་མི་སྙམ་ཞིང་བཟོད་པའོ། །དེ་ལ་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟ་སློབ་སྟེ། བདག་སྔོན་འདོད་པའི་ལོངས་སྤྱོད་འཚོལ་བ་ན། སྡུག ་བསྔལ་གྱི་རྒྱུར་གྱུར་བའི་འདོད་པ་རྣམས་ཀྱི་དོན་དུ་སྡུག་བསྔལ་རྣམ་པ་མང་པོ་མྱོང་ཞིང་ཉམས་སུ་བླངས་ཏེ། ཞིང་མོ་དང། འཚོང་བྱ་བ་དང། རྒྱལ་སྲིད་བྱ་བ་ལ་སོགས་པའི་སྡུག་བསྔལ་ནི་མི་ཤེས་པའི་དབང་གིས་དོན་མེད་པར་མྱོང་གི། ད་ནི་བདེ་?་བ ་ཐོབ་པར་?་བའི་དགེ་བ་སྤྱོད་པ་ལ་སྔོན་གྱི་སྡུག་བསྔལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བས་ཀྱང་ལྷག་བའི་སྡུག་བསྔལ་ཉམས་སུ་རླངས་པ་ཡང་རིགས་ན། དེ་ལས་ཆུང་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་ཅིང་བྱང ་ཆུབ་ཐོབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཐམས་ཅད་ཉམས་སུ་ལེན་པའི་བཟོད་པའོ། །ཆོས་ལ་ངེས་པར་མོས་པའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཡང་དག་པར་ཤེས་ཤིང་ལེན་པར་སྤྱད་པའི་བླས ་དཀོན་མཆོག་གསུམ་གྱི་ཡོན་ཏན་དང། ཡང་དག་པ་ཉིད་ཀྱི་དོན་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་པོ་དང། རྒྱུ་དང། འབྲས་བུ་དང། ཐོབ་པར་བྱ་བ་འི་དོན་དང། བདག་གིས་དེ་ཐོབ་པར་བྱ་བའི་ཐབས་དང། ཤེས ་པར་བྱ་བའི་སྤྱོད་ཡུལ་ལ་ཡུན་རིང་པོར་གོམས་པར་བྱས་པ་དང། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཡང་དག་པར་གྲུབ་པར་བྱས་པར་མོས་པ་རབ་ཏུ་ཞེན་པའོ། །བྱ་དཀའ་བ་ལ་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་གསུམ་སྟེ། འདི་ལ་བྱང་ཆུབ་སེམས ་དཔའ་སེམས་ཅན་དམན་ཞིང་ཁ་ཉེན་བ་རྣམས་ཀྱིས་གནོད་པ་བྱས་པ་ལ་བཟོད་པ་དང། རྗེ་དཔོན་དུ་གྱུར་པ་ལ་བདག་ཉིད་ཀྱིས་བཟོད་པ་དང། རིགས་དང་རུས་ཀྱི་རབ་ཏུ་དམན་པར་གྱུར་པའི་སེམས་ཅན་རྣམས་ཀྱིས་གནོད་པ་ཆེན་པོ་བྱས་པ་ལ ་བཟོད་པ་དང་གསུམ་མོ། །ཐམས་ཅད་ཀྱི་སྒོའི་བཟོད་པ་གང་ཞེ་ན། དེ་ལ་ཡང་རྣམ་པ་བཞི་སྟེ། འདི་ལ་ཡང་བྱང་ཆུབ་སེམས་དཔའ་མཛའ་བཤེས་དང། མི་མཛའ་བ་དང། ཐ་མལ་པས་གནོད་པར་བྱས་པ་ལ་བཟོད་པ་དང། དེ་གསུམ ་བདག་པས་དམའ་བ་དང། བདག་དང་མཚུངས་པ་དང། བདག་པས་ལྷག་པས་གནོད་པར་བྱས་པ་ལ་བཟོད་པའོ། །སྐྱེས་བུ་དམ་པའི་བཟོད་པ་གང་ཞེ་ན། དེ་ནི་རྣམ་པ་ལྔར་རིགས་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ ་དང་པོ་ནས་བཟོད་པ་ལ་ཕན་ཡོན་དུ་ལྟ་བ་དང། བཟོད་པ་དང་ལྡན་པའི་མི་ལ་ཕྱིས་དགྲ་མང་དུ་མི་འགྱུར་བ་དང། དབྱེན་བྱེད་པ་མང་དུ་མི་འགྱུར་བ་དང། བདེ་བ་དང་ཡིད་བདེ་བ་མང་དུ་འགྱུར་བ་དང། འགྱོད་པ་མེད་པར་ཚེ་འཕོ་བའི་དུས་བྱེད་ཅིང་ལུས ་ཞིག་སྟེ། ཚེ་འཕོས་ནས་ཀྱང་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྨས་ཀྱི་ནང་དུ་སྐྱེ་བར་འགྱུར་བའོ། །དེ་དེ་ལྟར་བཟོད་པ་ལ་ཕན་ཡོན་དུ་ལྟ་བས་བདག་ཀྱང་བཟོད་ལ། གཞན་ཡང་བཟོད་པ་ལ་བསྐུལ་བ་དང། བཟོད་པའི་བསྔགས་པ་བརྗོད་པ་དང། བཟོད ་པ་དང་ལྡན་པའི་གང་ཟག་མཐོང་ན་ཡིད་དགའ་བར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་རྣམ་པ་ཐམས་ཅད་བཟོད་པ་གང་ཞེ་ན། རྣམ་པ་བཅུ་གསུམ་སྟེ། བྱང་ཆུབ་སེམས་དཔའ་མི་བཟོད་པའི་རྣམ་པར་སྨིན་པའི་འབྲས་བུ་མི་འདོད་པ་མྱོང་བས ་འཇིགས་པའི་ཕྱིར་བཟོད་པ་དང། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང། བྱམས་པའི་བཟོད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་འདོད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་འི་ཕྱིར་བཟོད་པ་དང། རབ ་ཏུ་བྱུང་བས་བཟོད་པ་བྱ་བར་རིགས་པས་བཟོད་པ་བྱ་བའི་ཡིད་དམ་བཅས་པའི་ཕྱིར་བཟོད་པ་དང། སྔོན་བཟོད་པ་སྒོམ་སྒོམ་ནས། རིགས་ཕུན་སུམ་ཚོགས་པར་གྱུར་པའི་ཕྱིར་རང་བཞིན་གྱིས་བཟོད་པ་དང། ཆོས་ཐམས་ཅད་བདག་མེད་པར་རིག ་ནས་བརྗོད་དུ་མེད་ཅིང་ཆོས་ཉིད་ཙམ་དུ་རྟོགས་པས་ཆོས་ལ་ངེས་པའི་བཟོད་པ་དང། གནོད་པ་བཟོད་པ་དང། ཐམས་ཅད་ལ་བཟོད་པ་དང། དབེན་པ་འམ་མི་མང་པོའི་ནང་དུ་ཡང་རུང་སྟེ། ཡུལ་ཐམས་ཅད་ལ་བཟོད་པ་དང། སྔ་དྲོ་དང་ཉི་མ་གུང ་དང་ཕྱི་དྲོ་དང། ཉིན་པར་དང། མཚན་མོ་དྡང། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་དང། ན་བའི་ཚེ་དང། མིན་བའི་ཚེ་དང། དར་བ་དང། རྒུད་པའི་དུས་ཐམས་ཅད་དུ་བཟོད་པ་དང། ལུས་ཀྱིས་མི་རྡེག་པར་བཟོད་པ་དང། ཡིད་དུ ་མི་འོང་བའི་ཚིག་མི་བརྗོད་པར་དག་གི་བཟོད་པ་དང། མི་འཁྲུག་ཅིང་བསམ་པ་ངན་པ་མེད་པར་ཡིད་ཀྱིས་བཟོད་པ་དང་བཅུ་གསུམ་མོ། །དེ་ལ་ཕོངས་པ་འདོད་པ་ལ་བཟོད་པ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། སེམས་ཅན་སྡུག་བསྔལ་བ་རྣམས ་སློང་མི་མཁས་པར་སློང་བའི་ཉེས་པ་ལ་བཟོད་པ་དང། སེམས་ཅན་སྡུག་བསྔལ་རྣམས་ཀྱི་སྡུག་བསྔལ་མེད་པར་བྱ་བར་རྩོལ་པ་ལ་བཟོད་པ་དང། སེམས་ཅན་ཆོས་འཚོལ་ཞིང་ཆོས་ཀྱི་རྗེས་སུ་བསྒྲུབ་པ་རྣམས་ལ་ཆོས་སྟོན་པར་བརྩོན་པའི་བཟོད? ་པ་དང། སེམས་ཅན་བྲེལ་པའི་གྲོགས་བྱེད་པ་ལ་འབད་པའི་བཟོད་པ་དང་བཞིའོ། །འདི་དང་གཞན་དུ་སྡུག་བསྔལ་བའི་བཟོད་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བག་ཡོད་པར་གནས་ཤིང་དགེ་བ་སྤྱོད་པ་ན་གྲང་བ་དང་ཚ་བ་དང་བཀྲེས ་པ་དང། སྐོམ་པ་དང། སྦྲང་མ་དང་སྡིག་སྦྲུལ་ལ་སོགས་པའི་གནོད་པ་བཟོད་པ་དང། ལུས་དང་སེམས་ངལ་བ་བཟོད་པ་དང། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་འཁོར་བ་ན་འཁོར་བའི་ཚེ། སྐྱེ་བ་དང་རྒ་བ་དང། ན་བ་ལ་སོགས་པའི་སྡུག ་བསྔལ་བཟོད་པའོ། །ལྷག་པའི་བསམ་པ་ཉི་ཤུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ལ་དད་པ་དང། ཤེས་རབ་ཀྱི་རྟོགས་པའི་རྒྱུས་སངས་རྒྱས་ཀྱི་ཆོས་ལ་མོས་པ་དང། རྟོགས་པ་དང་ངེས ་པར་ཁོང་དུ་ཆུད་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ཨི་ལྷག་པའི་བསམ་པ་སྟེ། དེ་ཡང་རྣམ་པ་ཉི་ཤུའོ། །ཉི་ཤུ་གང་ཞེ་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ལྷག་པར་དང་ཅིང་སེམས་པ་མཆོག་གི་བསམ་པ་དང། བྱང་ཆུབ་སེམས་དཔའ་ཨི ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ་ལྷག་པར་སེམས་དོའི་ཚུལ་ཁྲིམས་ཀྱི་བསམ་པ་དང། སྦྱིན་པ་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང། ཤེས་རབ་ཡང་དག་པར་གྲུབ་པ་བྱ་བའི་ཕྱིར་ལྷག ་པར་སེམས་པའི་ཕ་རོལ་ཏུ་ཕྱིན་པའི་བསམ་པ་དང། ཆོས་དང་གང་ཟག་ལ་བདག་མེད་པ་དང། དོན་དམ་པར་ཆོས་ཀྱི་དེ་བཞིན་ཉིད་ཟབ་མོ་ལ་ལྷག་པར་སེམས་པ་ཡང་དག་པའི་དོན་གྱི་བསམ་པ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས ་གཅིག་ཏུ་ངེས་པར་གྱུར་ཅིང། མི་འགྱུར་བ་བསྟན་པའི་བསམ་པ་དང། མོས་པ་སྤྱོད་པའི་ས་ལ་ལྷག་པའི་བསམ་པ་མ་དག་པའི་བསམ་པ་དང། ས་དང་པོ་ནས་ས་བརྒྱད་པའི་བར་གྱི་ལྷག་པའི་བསམ་པ་དག་བ་དང། མཐར?་ཕྱིན་པའི་ས ་ཏེ་ས་དགུ་པ་དང། བཅུ་པའི་ལྷག་པའི་བསམ་པ་ཤིན་ཏུ་དག་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་བསམ་གྱིས་མི་ཁྱབ་པའི་མཐུ་ལ་ལྷག་པར་སེམས་པ་དང། སེམས་ཅན་རྣམས་དོག་པ་བྱེད་དུ ་འཇུག་པ་ཕན་པའི་བསམ་པ་དང། བླ་མ་དང་སྦྱིན་གནས་ལ་མི་སླུ་བའི་བསམ་པ་དང། བྱང་ཆུབ་སེམས་དཔའ་ཨི་ཆོས་མཐུན་པར་སྤྱོད་པ་དང། འགྲོགས་ན་བདེ་བར་བྱ་བའི་བསམ་པ་དང་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང་བདུད་ཀྱི ་ལས་ཐམས་ཅད་ཟིལ་གྱིས་མནན་བ་བདག་གི་སེམས་ཀྱི་དབང་དུ་གྱུར་པར་བྱ་བའི་བསམ་པ་དང། འདུ་བྱེད་ཐམས་ཅད་ལ་སྐྱོན་དུ་བལྟ་བའི་བསམ་པ་དང། མྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་བལྟ་བའི་བསམ་པ་དང། བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་རྣམས་རྟག་ཏུ་བསྒོམ་པར་བྱ་བའི་བསམ་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ཉིད་བསྒོམ་པ་དང་མཐུན་པའི་བར་དུ་དབེན་པ་ལ་གནས་པའི་བསམ་པ་དང། འཇིག་རྟེན་གྱི་ཟང་ཟིང་དང། རྙེད་པ་དང་བཀུར་སྟི་ལ་མི་ལྟ་བའི་བསམ ་པ་དང། ཐེག་པ་ཆུང་དུ་སྤངས་ཏེ་ཐེག་པ་ཆེན་པོ་རྟོགས་པར་བྱ་བའི་བསམ་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་བྱ་བའི་བསམ་པ་དང་ཉི་ཤུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཐམས ་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང། དེ་བཞིན་གཤེགས ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱའོ། །ཞི་གནས་དང་ལྷག་མཐོང་ཤེས་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་ཞི་གནས་ནི་སྟོད་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་གནས ་པའོ། །ལྷག་མཐོང་ནི་དེ་ལྟར་སེམས་རྩེ་གཅིག་ཏུ་གནས་པ་ལས་བྱིང་ཞིང་རྨུགས་པར་མི་འགྱུར་བར་ཤེས་རབ་ཀྱིས་གསལ་བར་བྱས་ཏོ། ཡང་དག་པའི་དོན་ལྷག་པར་མཐོང་བར་བྱེད་པའོ། །རིག་པ་གསུམ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་རིག་པ་དང། ཚོ་འཕོ་བ་དང་སྐྱེ་བར་ཤེས་པའི་རིག་པ་དང། ཟག་པ་ཟད་པར་ཤེས་པའི་རིག་པ་དང་གསུམ་མོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག ་པར་རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི། མདོ་སྡེ་ལ་སོགས་པ་ཞལ་ནས་གསུངས ་བའི་ལུང་གི་ཆོས་རྣམས་ཡང་དག་པར་རིག་པའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ལུང་གི་ཆོས་དེ་རྣམས་ཀྱི་དོན་ཡང་དག་པ་གང་ཡིན་པར་རིག་པའོ། །དེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། བྱང་ཆུབ་སེམས་དཔའ་ལྷ་དང་ཀླུ་དང ་གནོད་སྦྱིན་ལ་སོགས་པ་སེམས་ཅན་ཡིན་ནོ་ཅོག་གིས་སྨྲས་པའི་སྐད་བརྡ་སྤྲད་ཅིང། སེམས་ཅན་ཡིན་ནོ་ཅོག་གི་སྐད་དུ་གསུང་ཞིང་ཆོས་སྟོན་པའོ། །སྦོབས་པ་སོ་སོ་ཡང་དག་པར་རིག་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྤོབས ་པ་སུས་ཀྱང་ཟིལ་གྱིས་མི་ནོན་པ་སྟེ། གཞན་ལ་ཆོས་འདྲི་བའི་སྤོབས་པ་ཐོགས་པ་མེད་པ་དང། གཞན་གྱིས་འདྲིས་པའི་ལན་འདེབས་པ་ལ་སྤོབས་པ་ཐོགས་པ་མེད་པ་དང་ལྡན་པའོ། །མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི ་མངོན་བར་བྱང་ཆུབ་པ་ལ་མི་འཇིགས་པ་དང། ཟག་པ་ཟད་པ་ལ་མི་འཇིགས་པ་དང། བར་དུ་གཅོད་པའི་ཆོས་ངེས་པར་བསྟན་པ་ལ་མི་འཇིགས་པ་དང། ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་སྟེ། དེ་ལ་མངོན་པར་བྱང ་ཆུབ་པ་ལ་མི་འཇིགས་པ་ནི། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀུན་རྫོབ་དང། དོན་དམ་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་དེ་མངོན་པར་བྱང་ཆུབ་ལ། ལྷ་འམ་བདུད་དམ་ཚངས་པ་འམ་དགེ་སྦྱོང་དང་བྲམ་ཟེ་ལ་སོགས ་པ་མཐུ་དང་རྫུ་འཕྲུལ་དང་ཡོན་ཏན་དང་ལྡན་པ་ཤེས་རབ་སྙོམས་པ་གང་ཡང་རུང་བ་འགའ་ཞིག་གིས། མངོན་པར་བྱང་ཆུབ་པ་མ་ཡིན་ནོ་ཞེས་བརྒལ་བའི་གཞི་དང། གཏན་ཚིགས་མེད་དེ་བརྒལ་དུ་དོགས་པ་མེད་པས་ན་མངོན་པར་རྫོགས ་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཞེས་བྱའོ། །ཟག་པ་ཟད་པ་ལ་མི་འཇིགས་པ་ནི་དེ་བཞིན་གཤེགས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཟག་པ་རྣམས་བག་ཆགས་ཡན་ཆད་སྤངས་ཏེ། ཟག་པར་མཁྱེན་པ་ལ་ཟག་པ་མ་ཟོད ་ཞེས་སུས་ཀྱང་སུན་དབྱུང་ཞིང་གཏན་ཚིགས་ཀྱིས་བརྒལ་དུ་མེད་དེ་མི་དོགས་ཤིང་མི་འཇིགས་པ་ནི་བག་མེད་པ་དང། ངོ་ཚ་མི་ཤེས་པ་དང། ཁྲེལ་མེད་པ་ལ་སོགས་པའི་ཆོས་རྣམས་འཕགས་པའི་ལམ་དང། དགེ་བའི་ཕྱོགས་ཀྱི་བན་དུ ་གཅོད་པ་ཡིན་ནོ་ཞེས་བཤད་པ་ལ་ཐོག་ཏུ་མ་བབ་པ་མེད་པས་ན་སུས་ཀྱང་བར་དུ་གཅོད་པའི་ཆོས་མ་ཡིན་ནོ་ཞེས་གཏན་ཚིགས་ཀྱིས་བརྒལ་དུ་མེད་དེ། མི་འཇིགས་ཤིང་མི་དོགས་པའོ། །ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་ནི་དེ ་བཞིན་གཤེགས་པས་ངེས་པར་འབྱུང་བའི་ལམ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པར་བཤད་པ་ལ། དགེ་སྦྱོང་དང་བྲམ་ཟེ་སུས་ཀྱང་ངེས་པར་འབྱུང་བའི་ལམ་མ་ཡིན་ནོ་ཞེས་བརྒལ་ཞིང་གཞན་དུ་སྒྱུར་དུ་མེད་དེ། མི་དོགས ་ཤིང་མི་འཇིགས་པའོ། །མཉམས་པའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་འགྲོ་བའི་འཆི་འཕོ་དང། སྐྱེ་བ་ཐམས་ཅད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པས་མངོན་པར་ཤེས་པ་ཉམས་པ་མེད་པའི་ཕྱིར་མངོན ་པར་ཤེས་པ་མ་ཉམས་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་སྔར་ཡང་བཤད་མོད་ཀྱི། འོན་ཀྱང་འདིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་བའི་སྐབས་སུ་གཏོགས་པ་ཡང་བཤད་དོ། ། ་ནོར་བདུན་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། དད་པ་དང། ཚུལ་ཁྲིམས་དང། ཐོས་པ་དང། གཏོང་བ་དང། ཤེས་རབ་དང། ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་རྣམས་སོ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཡོངས་སུ་རྫོགས་པར ་བྱའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་འདི་ལྟར་རྣམ་པར་རྟོག་སྟེ། ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་སྙམ་དུ་རྣམ་པར་རྟོག་པ་དང། ནམ་ཞིག་དབུལ་བས་སྡུག་བསྔལ་བའི་སེམས་ཅན་རྣམས ་འབྱོར་བ་ཆེན་པོ་ལ་འཇོག་ནས་སྙམ་དུ་རྣམ་པར་རྟོག་པ་དང། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་སྙམ་དུ་རྣམ་པར་རྟོག་པ་དང། སེམས་ཅན་དམྱལ་བ་ན་ཡུན་ཏིང་པོར་གནས་པས་ཀྱང། ་ནམ་ཞིག་སེམས་ཅན་རྣམས་ལ་ཕན་པ་བྱེད་པ་འབའ་ཞི་ཏུ་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང། ནམ་ཞི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་སྦྱོར་པས་འཇིག་རྟེན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར ་མཐོང་བར་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང། ནམ་ཞིག་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འབྱིན་པར་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང། སེམས་ཅན་ལ་ཕན་འདོགས ་པ་མེད་པའི་སྐྱེ་བ་དང། སེམས་ཅན་གྱི་དོན་དུ་སྦྱོང་བ་མེད་པའི་སེམས་དང། དོན་དམ་པའི་རོ་གཅིག་པུ་ལ་སྤྱོད་པ་དང། སྐྱེ་བ་ཐམས་ཅད་སེམས་བར་བྱེད་པ་མ་ཡིན་པའི་ཚིག་དང། གཞན་ལ་མི་ཕན་པའི་འཚོ་བ་དང། །གཞན་ལ་ཕན་པ་བྱེད་མི་ནུས ་པའི་ལུས་དང། གཞན་ཕན་འདོགས་པ་ལ་མི་གསལ་བའི་བློ་དང། སེམས་ཅན་ལ་ཕན་པར་མི་སྐྱོད་པའི་ནོར་དང། འགྲོ་བ་རྣམས་ཀྱི་དོན་སྤྱོད་པ་མེད་པའི་དབང་ཕྱུག་དང། གཞན་ལ་གནོད་པ་བྱེད་པའི་དགའ་བར་ཆེ་རབས་ཚེ་རབས་སུ་མ་གྱུར ་ཅིག་སྙམ་དུ་རྣམ་པར་རྟོག་པ་དང། སྲོག་ཆགས་ཐམས་ཅད་ཀྱི་སྡིག་པའི་ལས་ཐམས་ཅད་ཀྱི་འབྲས་བུ་བདག་ལ་སྨིན་ལ། བདག་གིས་ལེགས་པར་སྤྱད་པའི་འབྲས་བུ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་དུ་རྣམ་པར ་རྟོག་པ་སྟེ། འདི་དག་གི་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དོ། །སེམས་ཅན་གྱི་གནས་དགུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་རྟོག་པ་ན་རྣམ་པར་རྟོག་པ་དེ་དག་འབྲས་བུ་ཡོད་པར་བྱ་བ་ནི་སྙིང་རྗེས་འཇིག་པ་རྣམས་ལ ་བལྟས་ནས། གཞན་པ་ཕན་པ་བསྒྲུབ་པར་བྱ་བ་དང། ཤེས་རབ་ཀྱིས་མི་དམིགས་པ་ཡིད་ལ་བྱེད་པ་བསྒོམ་པར་བྱ་བ་དང། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཡོངས་སུ་བརྟགས་པའི་ཕྱིར་སེམས་ཅན་གྱི་གནས་དགུ་བསྒོམ་པར ་བྱའོ།།སེམས་ཅན་གྱི་གནས་དགུ་པོ་གང་ཞེ་ན། ལུས་ཐ་དང་ཅིང་འདུ་ཤེས་ཐ་དད་པ་དག་དཔེར་ན་མི་རྣམས་དང་ལྷ་ཁ་ཅིག་གོ་།ལུས་ཐ་དད་པ་འདུ་ཤེས་གཅིག་པ་དག་དཔེར་ན་ཚངས་རིས་ཀྱི་ལྷ་དག་དང་པོ་འབྱུང་བའོ། །ལུས་གཅིག་ལ་འདུ ་ཤེས་ཐ་དད་པ་དག་དཔེར་ན་འོད་གསལ་བ་རྣམས་སོ། །ལུས་གཅིག་ལ་འདུ་ཤེས་གཅིག་པ་དག་དཔེར་ན་དགེ་རྒྱས་ཀྱི་ལྷ་རྣམས་སོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། འདུ་ཤེས་མེད་པའི་སེམས་ཅན་རྣམས་སོ། །དེ་ལྟར་བར་དུ་གཅོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་བསྟན་ནས། དེའི་འོག་ཏུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྤྱོད་པ་བསྟན་པར ་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། མོས་པ་སྣ ་ཚོགས་མཁྱེན་པའི་སྟོབས་དང། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང། བསམ་གཏན་དང་རྣམ་པར་ཐར་པ་དང། ཏིང་ངེ ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱེད་པ་དང་ལྡན་པ་ཐམས་ཅད་མཁྱེན་པའི་སྟོབས་དང། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང། ཚེ་འཕོ་བ་དང། སྐྱེ་བ་མཁྱེན་པའི་སྟོབས་དང། ཟག་པ ་ཟད་པ་མཁྱེན་པའི་སྟོབས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང། ཅ་ཅོ་མེད་པ་དང། སྙེལ་བ་མེད་པ་དང། སེམས་མཉམ་པར་མ་བཞག ་པ་མེད་པ་དང། ཐ་དང་པའི་འདུ་ཤེས་མེད་པ་དང། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང། འདུན་པ་ཉམས་པ་མེད་པ་དང། བརྩོན་འགྲུས་ཉམས་པ་མེད་པ་དང། དྲན་པ་ཉམས་པ་མེད་པ་དང། ཏིང་ངེ་འཛིན ་ཉམས་པ་མེད་པ་དང། ཤེས་རབ་ཉམས་པ་མེད་པ་དང། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས ་ཀྱི་རྗེས་སུ་འབྲང་བ་དང། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང། འདས་པའི་དུས་ལམ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི ་ཡེ་ཤེས་མཐོང་བ་ལ་འཇུག་པ་དང། ད་ལྟར་བྱུང་བའི་དུས་ལམ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པའོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱ་བ ་བསྟན་པ་སྟེ། ཚད་མེད་པ་བཞི་སྔར་བསྟན་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པའི་སྐབས་སུ་བསྟན། འདི་ན་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་སྐབས་སུ་བསྟན་པས། ལན་གཉིས་སུ་ཟློས་པ་ལ་ཉེས་པ་མེད་དོ། །དེ་བཞིན ་གཤེགས་པའི་སྟོབས་བཅུ་ལ་སོགས་པ་དེ་དག་ཀྱང་འོག་ནས་རྒྱས་པར་འཆད་དོ། །གོས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་སྤྱོད་པ་བཤད་ཟིན་ཏོ། །དེ་ལྟར་འགོ་སྨོས་པས་གོ་བའི་གདུལ་བ་རྣམས་ཀྱི་དོན་དུ་མདོར་བཤད་པ ་མཛད་ནས། མདོར་བཤད་པ་དེ་ཉིད་ལས་གླེངས་ཏེ་དཀར་པོའི་ཆོས་ཐམས་ཅད་བསྟན་པས་གཞི་བཟུང་ནས། རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་སྦྱོང་པ་རྣམ་པ་བཞི་བསྟན་པས་རྣམ་པར་སྤྲོས་ན་གོ་བའི་གདུལ་བ ་རྣམས་ཀྱི་དོན་དུ་འབྲིང་དུ་བཤད་པའི་སྒོ་བསྟན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲིང་དུ་བསྟན་པ་དེ་ཡང་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏོ། །བརྒྱད་གང་ཞེ་ན། གང་གི་ཕྱིར་བརྩོན་པར་བྱ་བ་དང། ཇི་ལྟར་བརྩོན་བར་བྱ་བ་དང། བརྩོན་པར་བྱེད་པ་རྣམས་ཀྱི་མཚན ་ཉིད་དང། བརྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་དང། བརྩོན་པ་ལ་གདམས་པ་དང། བརྩོན་པའི་ཕན་ཡོན་དང། བརྩོན་པའི་རབ་ཏུ་དབྱེ་བ་དང། བཤད་པ་འདི་གཏན་ལ་དབབ་པ་དང་རྣམ་པ་འདི་བརྒྱད་དོ། །དེ་ལ་གང་གི་ཕྱིར་བརྩོན་བ་བྱ་བ་ཞེས་བྱ་བ ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་པ་ནི་རྣམ་པ་གསུམ་སྟེ། ཐེག་པ་གསུམ་བསྡོམ་པར་འདོད་པ་དང། བྱང་ཆུབ་སེམས་དཔའ་ཨི་ཆེ་བའི་བདག་ཉིད་འདོད་པ་དང། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་འདོད་པ་སྟེ། འདོད་པ་དེ་དག་ཐོབ་པར་བྱ་བའི ་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་ནི། གང་གི་ཕྱིར་བརྩོན་པར་བྱ་བ་བསྟན་པའོ། །དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ལྟ ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། དེ་ལ་རྣམ་པ་ཐམས་ཅད་ནི་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། གཟོད་མ་ནས་ཞི་བ་དང། རང་བཞིན་ཀྱིས་མྱ་ངན་ལས་འདས ་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སོགས་པ་སྟེ། རྣམ་པ་དེ་དག་ཐམས་ཅད་ཀྱི་རྣམ་པའི་མཆོག་ནི་རྣམ་པའི་གཙོ་བོ་སྟོང་པ་ཉིད་ཀྱི་རྣམ་པ་དེ་རྣམས་ལ་གཞན་དག་གི་རྩ་བར་གྱུར ་པའི་ཕྱིར་རོ། །དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་པ་དང་ལྡན་པ་རྣམ་པར་མི་རྟོག་པ་དམིགས་པར་བྱ་བ་དང། དམིགས་པར་བྱེད་པའི་དངོས་པོ་མཉམ་པས། མཉམ་པ་ཉིད་དུ་འཇུག་པ་ནི་རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཡིན་པར་བསྟན་ཏེ། ཡེ་ཤེས་དེ་ལྟ་བུ་མངོན་པར་བྱང་ཆུབ་པར་འདོད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཞེས་བྱའོ། །ལམ་གྱི་རྣམ་པ་ཤེས ་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་བསྟན་ཏོ། །ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཐོབ་པར་བྱེ་བ་བསྟན་པའོ། །སེམས ་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་ཤེས་པའི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འབྲས་བུ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད ་ཡོངས་སུ་རྫོགས་པར་བྱེད་ཅིང། སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་རྣམས་རྟོགས་ནས་སེམས་ཅན་ལ་ཕན་པ་སྒྲུབ་པའི་ཕྱིར་རོ། །བག་ཆགས་ཀྱི་མཚམ་པ་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་འབྲས་བུ་བསྟན་པ་སྟེ། དེ་ལ་བག་ཆགས་ནི་རྣམ་པ་གསུམ་སྟེ། ལས་ཀྱི་བག་ཆགས་དང། ཉོན་མོངས་པའི་བག་ཆགས་དང། ཚེ་ལ་བག་ཆགས་དང་རྣམ་པ་གསུམ་མོ། ། ་མཚམས་སྦྱོར་བ་ཡང་རྣམ་པ་གསུམ་སྟེ། ལས་ཀྱི་མཚམས་སྦྱོར་བ་དང། ཉོན་མོངས་པའི་མཚམས་སྦྱོར་བ་དང། ཚེའི་མཚམས་སྦྱོར་བ་དང་རྣམས་པ་གསུམ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མཚམས་སྦྱོར་བ་ཞེས་བྱ་འོ། །དེ་ལྟར ་བག་ཆགས་ཐམས་ཅད་དང། མཚམས་སྦྱོར་བ་ཐམས་ཅད་དང། ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་འཇུག་པར ་འདོད་པ་དེས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གྱི་ཆེ་བའི་བདག་ཉིད་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཡང་རྣམ་པ་བཞིར་བསྟན་ཏེ། མ་དག་པའི་ཡོན་ཏན་དང། དག་པའི་ཡོན་ཏན་དང། སོ་སོ་ཡང ་དག་བར་རིག་པའི་སའི་ཡོན་ཏན་དང། མཐར་ཐུག་པ་ལ་གནས་པའི་སའི་ཡོན་ཏན་རྣམས་སོ། །དེ་ལས་ས་དང་པོ་ནས་ས་བདུན་གྱི་བར་དུ་ནི་ཡིད་ལ་བྱེད་བརྩོལ་བ་དང་བཅས་པའི་ཕྱིར་མ་དག་པའོ། །ས་བརྒྱད་པ་ལ་སངས་རྒྱས་ཀྱི་སྐུ་མངོན་པར ་སྒྲུབ་པ་དང། དེ་བཞིན་ཉིད་ཁོང་དུ་ཆུད་པ་ལ་སོགས་པ་ནི་སའི་ཡོན་ཏན་དག་པ་རྣམས་སོ། །ས་དགུ་པ་ལ་རྡུལ་ཕྲ་རབ་ཀྱི་རྡུལ་ཤེས་པ་ལ་སོགས་པ་ནི་སོ་སོ་ཡང་དག་པར་རིག་པའི་སའི་ཡོན་ཏན་རྣམས་སོ། །ས་བཅུ་པ་ལ་འདས་པ་དང། མ ་བྱིན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐོབ་པར་འདོད་པ་ལ་སོགས་པ་ནི་མཐར་ཐུག་པར་གནས་པའི་སའི་ཡོན་ཏན་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྐྱོན་མེད་པ་ལ ་འཇུག་པར་འདོད་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ལྡོག་པ་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་འདོད་པས་ཞེས་བྱ་བ་ནི་ཡོན་ཏན་རྣམས་ཀྱིས་ལྷག་པའི་ཕྱིར ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྣམས་ཤེས་ནས། ས་དེ་དག་ལས་འདས་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་སྟེ། སའི་ཡེ་ཤེས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་རྣམ་པ་བཞེས་ཉན་ཐོས་དང་རང་སངས་རྒྱས ་ལས་འདས་པ་ཡིན་ཏེ། བཞི་གང་ཞེ་ན། དབང་པོའི་ཁྱད་པར་དང། སྒྲུབ་བའི་ཁྱད་པར་དང། ཡེ་ཤེས་ཀྱི་ཁྱད་པར་དང། འབྲས་བུས་ཁྱད་པར་རྣམས། །དེ་ལ་ཉན་ཐོས་ནི་རང་བཞིན་གྱིས་དབང་པོ་རྟུལ་པོ་ཡིན། རང ་སངས་རྒྱས་ནི་དབང་པོ་བར་མ་ཡིན། བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣམ་པ་ཡིན་ནོ། །དེ་ནི་དབང་པོའི་ཁྱད་པར་རོ། །ཉན་ཐོས་དང་རང་སངས་རྒྱས་ནི་བདག་གི་དོན་ལྷུར་ལེན་ལ། བདག་གི་དོན་ཉིད་སྒྲུབ་ཅིང་བདག་ལ་པན་པ་འབའ་ཞིག་མཐར ་ཕྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གཉི་གའི་དོན་ལྷུང་ལེན་པ། བདག་དང་གཞན་གྱི་དོན་ཉིད་བསྒྲུབས་ནས། བདག་དང་གཞན་ལ་བན་པ་ཉིད་མཐར་ཕྱིན་པ་མཛད་དེ། དེ་ནི་བསྒྲུབ་པའི་ཁྱད་པར་རོ། །ཉན ་ཐོས་དང་རང་རྒྱལ་རྣམས་ནི་ཆོས་རྣམས་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པར་དང། བདག་མེད་པ་ཉིད་དུ་རྟོགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་ལ་བར་པར་མཛད་པ་ལ་ཞུགས་བའི་ཕྱིར་རིག་པའི་གནས ་ཐམས་ཅད་ལ་མཁས་པ་དང། སེམས་ཅན་གྱི་དོན་རྣམ་པ་དུམ་བསྒྲུབས་ནས། དེའི་འོག་ཏུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་དུ་རྟོགས་པར་མཛད་དེ། དེ་ནི་ཡེ་ཤེས་ཀྱི་ཁྱད་པར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་མོངས ་པའི་སྒྲིབ་པ་རྣམ་པར་དག་པ་ཉིད་ཐོབ་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་དང་གཉིག་སྤངས་ནས། མི་གནས་པའི་མྱ་ངན་ལས ་འདས་པ་བསྒྲུབས་ཏེ། འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་ལ་ཕན་པའི་དོན་འབའ་ཞིག་མཛད་དེ། དེ་ནི་འབྲས་བུའི་ཁྱད་པར་རོ། །ཕྱིར་མི་ལྡག་པའི་ས་ལ་གནས་པར་འདོད་པས་ཞེས་བྱ་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཕྱིས་བྱང ་ཆུབ་ཀྱི་སེམས་ལས་ལྡོག་པ་ནི། རྒྱུ་རྣམ་པ་བཞིས་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ཨི་རིགས་དང་མི་ལྡན་པ་འམ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའམ། སྙིང་རྗེ་ཆུང་བ་འམ། འཁོར་བའི་སྡུག་བསྔལ་ཤིན་དུ་ཡུན་རིང་ཞིང་མི་བཟོད་པས ་འཇིགས་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་སྲིད་དེ། རྒྱུ་དེ་བཞི་ཆར་ཡང་སར་ཆུད་པའི་བྱང་ཆུབ་སེམས་དཔའ་ལ་མེད་དོ། །དེ་བས་ནས་རབ་ཏུ་དགའ་བ་ལ་སོགས་པ་ལ་ཕྱིར་མི་ལྡོག་པའི་ས་ཞེས་བྱའོ། །མངོན་པར་ཤེས་པ་དྲུག་ལ ་གནས་པར་འདོད་པས་ཞེས་བྱ་བ་ནི། མངོན་པར་ཤེས་པ་ལྔ་སྔར་སྨོས་པའི་སྟེང་དུ། ཟག་པ་ཟད་པ་ཤེས་པ་དང་དྲུག་ལ་མངོན་པར་ཤེས་བུ་དྲུག་ཅེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམ་པར་གཡོ་བ་ཤེས་པར་འདོད་པས་ཞེས་བྱ ་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལྷུང་ལེན་པས། སེམས་ཅན་གྱི་སེམས་ལ་ཅི་སེམས་པ་དང། སྤྱོད་པ་གང་ལ་དང་པོ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་།དེ་དག་གི་དོན་བྱ་དགོས་པས་དེ་སྐད་ཅེས་གསུངས་སོ། །ཉན་ཐོས་དང་རང ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཟིལ་གྱིས་མནན་པར་འདོད་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་གང་ཟག་ལ་བདག་མེད་པ་?་ཤེས་པ་དེ། བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་གང་ཟག་དང་ཆོས་གཉིས་ཀ་ལ་བདག་མེད ་པར་རྟོགས་པས་ཟིལ་གྱིས་མནན་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ་།གཟུངས་ཀྱི་སྒོ་དང། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པར་འདོད་པས་ཞེས་བྱ་བ་ནི་སྔགས་ཀྱི་གཟུངས་དང། དོན་གྱི་གཟུངས་ལ་སོགས་པ་དང། དཔའ་བར་འགྲོ་བ་ལ་སོགས ་པ་དང། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་བྱང་ཆུབ་སེམས་དཔའ་ཨི་ས་རྣམས་ཐོབ་པར་བྱ་བ་དང། སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་རྒྱུ་དང་སྒོ་ཡིན་པའི་ཕྱིར་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཞེས་བྱའོ། །ཉན་ཐོས་དང་རང ་སངས་རྒྱས་ཀྱི་ཐེག་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པ་གཏོང་བ་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་སྐྱེད་པ་གཅིག་གིས་ཟིལ་གྱིས་མནན་པར་འདོད་པས་ཞེས་བྱ་བ་ནི ་ཉན་ཐོས་དང་རང་སངས་རྒྱས་དག་གི་སྦྱིན་པ་བྱེད་པའི་སེམས་དེ་ནི་སྲེད་པ་དང་བཅས་ཤིང། རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་སྲིད་པའི་འབྲས་བུ་དང་བདག་གི་དོན་དུ་བྱེད་པས་དག་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་ཡི་རང་བའི ་སེམས་ནི་སྲེད་པ་མེད་པ་དང་རྣམ་པར་མི་རྟོག་པ་དང། མཚན་མའི་སྤྱོད་ཡུལ་མ་ཡིན་པ་དང། བདག་དང་གཞན་ལ་ཕན་པ་བསྒྲུབ་པ་སྟེ།། ཡོན་ཏན་དེ་དག་གིས་འཕགས་པའི་ཕྱིར་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ལ ་སོགས་པ་གཞན་རྣམས་ལ་ཡང་སྦྱར་བར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ཆུང་དུ་བྱིན་ཡང། ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཚུལ་གྱིས་ཇི་ལྟ་བུར་མཚད་མེད་གྲངས་མེད་དཔག་ཏུ་མེད་པར ་འགྱུར་སྙམ་ན་ཡང་ཞེས་བྱ་བ་ནི་སེམས་ཅན་ཚད་མེད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་ཏུ་མེད་པའི་ཕྱིར། ཐབས་མཁས་པས་ཡོངས་སུ་བསྔོས་པས་ཡོ་བྱད་དང་མི་ལྡན་ཏེ། སྦྱིན་པ་ཆུང་དུ་བྱིན་ཀྱང། སྦྱིན་པའི་གནས་ཚད་མེད་གྲངས ་མེད་པ་དང། བསྔོ་བའི་དམིགས་པ་དཔག་ཏུ་མེད་པ་དང། འཁོར་གསུམ་ཡོངས་སུ་དག་པའི་ཕྱིར། འབྲས་བུ་ཚད་མེད་པ་གྲངས་མེད་དཔག་ཏུ་མེད་པར་འགྱུར་བར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱར་བར་བྱའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འདོད་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དོགས་པར་བྱ་བར་འདོད་པས་ཞེས ་བྱ་བ་ནི་འཁོར་གསུམ་ཡོངས་སུ་མ་དག་པའི་སྦྱིན་པ་སྤྱོད་པ་ནི་སྦྱིན་པ་ལ་གནས་པའོ། །འཁོར་གསུམ་ཡོངས་སུ་དག་པའི་ཚེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན ་པ་ལྷག་མ་ལྔ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་འདི་ལྟར་བསྐྱེད་དེ། ཇི་ལྟར་ན་ཚེ་རབས་ཐམས་ཅད་དུ་བདག་གིས་སངས་རྒྱས་ཀྱི་སྐུ་མཐོང་བར་འགྱུར་ཞེས་བྱ་བ་ནི ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང། གཟུགས་ཀྱི་སྐུ་མངོན་སུམ་དུ་མཐོང་བར་འདོད་པ་དང། མཐོང་ནས་ཀྱང་སངས་རྒྱས་ཀྱིས་དགེ་བ་ལ་བསྐུལ་བར་འདོད་པ་དང། སངས་རྒྱས་ཀྱིས་དགོངས་པར་འདོད་པ་དང། སངས་རྒྱས་མཉེས་པར་འགྱུར་བར ་འདོད་པ་དང། སངས་རྒྱས་ཀྱིས་ཡོངས་སུ་གཟུང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པས་ཞེས་བྱ་བ་ལ་སོགས་པས། ས་བརྒྱད་པའི་ཡོན་ཏན་རྣམ་པར་དག་པ ་རྣམས་ཐོབ་པར་འདོད་པའི་བསམ་པ་བསྟན་ཏེ། དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་འོག་ནས་འཆད་པས་འདིར་མ་བཤད་དོ། ཚེ་རབས་དྲན་པར་འདོད་པ་དང། བྱང་ཆུབ་ཀྱི་སེམས་མི་སྟོར་བ་ཐོབ་པར ་འདོད་པ་ལ་སོགས་པ་གོ་སླ་བ་རྣམས་ཀྱང་མ་བཤད་དོ། །དེ་ལ་བཤད་དགོད་པ་རྣམས་།བཤད་པར་བྱ་སྟེ། དགེ་བའི་སེམས་བསྐྱེད་པ་གཅིག་འགའ་ཡང་སྙིང་པོ་བྱང་ཆུབ་པ་ནམ་འདུག་གི་བར་དུ་མི་ཟད་པར་བྱ་བར་འདོད་པས་ཞེས་བྱ་བ་ནི་ཆུའི ་ཐིགས་པ་གཅིག་རྒྱ་མཚོའི་ནང་དུ་བླུགས་པ་ཟད་པར་མི་འགྱུར་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་ཡང་འཁོར་བའི་མཛའ་ཨི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་མི་ཟད་པ་ཞེས་བྱའོ། །སངས་རྒྱས་ཀྱི་སྐྱེ་བ་རྒྱུན་མི་བཅད ་པའི་དོན་དུ་གནས་པར་འདོད་པས་ཞེས་བྱ་བ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་པས། སངས་རྒྱས་སྐྱེ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཨི་རིགས་ཡོངས་སུ ་བསྲུང་འདོད་པས་ཤེས་བྱ་བ་ཡང་ཕྱིར་མི་ལྡོག་པའི་ས་ཡིན་པས་བྱང་ཆུབ་སེམས་དཔའ་ཨི་རིགས་ལས་མི་ཉམས་པར་བསྲུང་བར་གྱུར་པའི་ཕྱིར་རོ། །སངས་རྒྱས་ཀྱི་རིགས་རྒྱུན་མི་གཅད་པའི་དོན་དུ་གནས་པར་འདོད་པས་ཞེས་བྱ་བ་ནི་ས་བརྒྱད་པ་ལ ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་ངེས་པར་ལུང་བསྟན་པ་ཡིན་པས་ན། སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་འདོད་པས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ནང་སྟོང་པ་ཉིད་ལ་གནས་པར་འདོད་པས་ཞེས་བྱ་བ་ནི་ནང་གི་ཆོས་མིག་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམས་ཏེ། དེ་ལ་མིག་མིག་གི་སྟོང་ཞེས་བྱ་བ་ལ་སོགས་པ་རྣམ་བཞི་ནང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད ་ཅེས་བྱ་བ་ནི་ཕྱིའི་ཆོས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ནི་ནང་གི་སྐྱེ་མཆེད་དྲུག་དང། ཕྱིའི་སྐྱེ་མཆེད་དྲུག་རྣམས་ནི་ཕྱི་ནང་གི་ཆོས་ཡིན་ཏེ། ་དེ་ལ་ནང་གི་ཆོས་རྣམས་ནི་ཕྱིའི་ཆོས་རྣམས་ཀྱིས་སྟོང། ཕྱིའི་ཆོས་རྣམས་ཀྱང་ནང་གི་ཆོས་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལྟ་བུའོ། །སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེ་ཡང་ཡོད་པ་མ་ཡིན་ཏེ ་སྟོང་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །ཆེན་པོ་སྟོང་པ་ཉིད་ཅེས་བྱ་བ་ནི་ཤར་གྱི་ཕྱོགས་ཤར་གྱི་ཕྱོགས་ཤར་གྱི་ཕྱོགས་ཀྱིས་སྟོང་པོ་ཞེས་བྱ་བ་ནས། སྟེང་གི་ཕྱོས་སྟེང་གི་ཕྱོགས་གྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་ཆེན་པོ་སྟོར་པ ་ཉིད་གང་ཡིན་པའོ། །དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བ་ལ། དོན་དམ་བ་ནི་མྱ་ངན་ལས་འདས་པ་སྟེ། མྱ་ངན་ལས་འདས་པ་ཡང་དོན་དམ་པར་ཡོད་པ་མ་ཡིན་པས། མྱ་ངན་ལས་འདས་པ་ཉིད་ཀྱིས་སྟོང་པ་གང་ཡིན་པའོ། །འདུས་བྱས་སྟོང་པ་ཉིད་ཅེས་བྱ་བ་ལ ་འདུས་བྱས་ནི་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་ཀྱི་ཆོས་རྣམས་ཏེ། དེ་དག་ཀྱང་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་ངོ་ཞེས་དབྱེ་བ་ལ་སོགས་པའོ། །འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་ལ་འདུས་མ་བྱས ་ཞེས་བྱ་བ་ནི་གང་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད། གནས་པ་ལས་གཞན་དུ་འགྱུར་བ་ཡང་མེད་པ་སྟེ། དེ་ལ་འདུས་མ་བྱས་པ་ཡང་འདུས་མ་བྱས་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལྟ་བུའོ། །མཛའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་ནི་སེཾས་ཅན་ལ་སོཌ ་པ་དངོས་པོ་གང་གིས་མཛའ་དམིགས་སུ་མེད་པ་དེ་ལ། མཛའ་ལས་འདས་པ་ཞེས་བྱ་སྟེ། མཛའ་ལས་འདས་པ་ཉིད་མཛའ་ལས་འདས་པའི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ལྟ་བུའོ། །ཐོག་པ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི། འཁོར་བ་ལ་སོགས་པ་དངོས་པོ་གང་གི ་ཐོག་མ་འོང་བ་དང། ཐ་མ་འགྲོ་བ་དམིགས་སུ་མེད་པ་སྟེ། ཐོག་མ་དང་ཐ་མ་མེད་པ་ཉིད་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཚེ་ན་ཡང་དགེ་བ་མི་ཟད ་པར་བྱ་བའི་ཕྱིར་དོར་བ་གང་ཡང་མེད་པ་སྟེ། དོར་བ་མེད་པ་ཉིད་དོར་བ་མེད་པའི་རང་བཞིན་གྱིས་སྟོང་པའོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི། འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་ཀྱི་རང་བཞིན་ནི་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་དང། དེ་བཞིན་གཤེགས་པ་རྣམས་གང་གིས་ཀྱང་མ་བྱས་ཏེ། རང་བཞིན་གྱི་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུགས་ཅན་དང ་གཟུགས་མེད་པ་དང། འདུས་བྱས་དང་འདུས་མ་བྱས་པ་ལ་སོགས་པ་སྟེ། ཆོས་དེ་དག་ཐམས་ཅད་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་པ་གང་ཡིན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལ་གཟུགས་ཀྱི ་མཚན་ཉིད་ནི་གཟུགས་སུ་ཡོད་པ། ཚོར་བའི་མཚན་ཉིད་ནི་བདེ་བ་དང། སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་པ། འདུ་ཤེས་ཀྱི་མཚན་ཉིད་ནི་མཚན་མར་འཛིན་པ། རྣམ་པར་ཤེས་པའི་མཚན་ཉིད་ནི་བྱེ་བྲག ་ཏུ་རྣམ་པར་བྱེ་སྟེ་ཤེས་པ། ཕུང་པོ་རྣམས་ཀྱི་མཚན་ཉིད་ནི་སྡུག་བསྔལ་བ། ཁམས་ཀྱི་མཚན་ཉིད་ནི་མྱུར་བའི་དུག་དང་འདྲ་བ། སྐྱེ་མཆེད་ཀྱི་མཚན་ཉིད་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒྲོ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྣམས ་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པའོ། །མི་དམིགས་པ་སྟོང་པ་ཉིད་ཅེས་བྱ་བ་ནི་གང་འདས་པ་ཡང་མི་དམིགས། མ་འོངས་པ་ཡང་མི་དམིགས། དེ་ལྟར་བྱུང་བ་ཡང་མི་དམིགས་ཏེ། མི་དམིགས་པ་དེ་ཉིད་མི་དམིགས་པའི་རང་བཞིན ་གྱིས་སྟོང་པ་ཉིད་གང་ཡིན་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་མི་དམིགས་ཏེ། དངོས་པོ་མེད་པ་གང་ཡིན་པ་དེའི་རང་བཞིན་ཡོད་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར་དངོས་པོ་མེད་པ་དེ་ཡང་དངོས་པོ་མེད ་པའི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་སྟོང་བ་ཉིད་ཅེས་བྱ་བ་ལ། ངོ་བོ་ཉིད་ནི་བདག་གི་ངོ་བོ་ཉིད་དང། གཞན་གྱི་ངོ་བོ་ཉིད་དེ་བདག་དང་གཞན་གྱིས་ངོ་བོ་ཉིད་ཅེས་བྱ་བ་དེ་ཡང་བདག་དང་གཞན་གྱི་ངོ་བོ་ཉིད་ཀྱིས་སྟོང་པ་གང ་ཡིན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་དངོས་པོ་མེད་པའོ་ཞེས་བཤད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་ཡོད་སྙམ་དུ་རྣམ་པར་རྟོག་པ་སྐྱེ་བ་ལས་བཟློག་པའི་ཕྱིར། དངོས་པོ་མེད ་བའི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། སྟོང་པ་ཉིད་དེ་ལྟ་བུ་ལ་གནས་པར་འདོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །སྟོང་པ་ཉིད་འདི་རྣམས་ཀྱང་རང་བཞིན་ནི ་གཅིག་ཏུ་ཟད་པ་ལས་བྱེ་བྲག་ཏུ་ཕྱེ་བ་སྟེ་བཅོ་བརྒྱད་དུ་བཀད་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ལ་མཚན་མར་འཛིན་པ་ལས་བཟློག་པ་དང། རྣལ་འབྱོར་པའི་སེམས་དང། ཡིད་ལ་བྱེད་པའི་ཁྱད་པར་ལས་སྒྲོ་བཏགས་ཏེ་རྣམ་པ་བཅོ་བརྒྱད་དུ་བཤད ་དོ། །དམིགས་པ་དང། དབང་དང། དེ་མ་ཐག་པ་དང། རྒྱུའི་རྐྱེན་ཁོང་དུ་ཆུད་པར་འདོད་པས་ཤེས་བྱ་བ་ནི་རྐྱེན་བཞི་རྟོགས་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་སྟེ། རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་བཞི་ལ། གཟུགས་ལ་སོགས་པ་ཡུལ་དྲུག ་ནི་དམིགས་པའི་རྐྱེན་ཏོ། །མིག་གི་དབང་པོ་ལ་སོགས་པ་དབང་པོ་དྲུག་ནི་དབང་གི་རྐྱེན་ནོ། །རྣམ་པར་ཤེས་པ་དྲུག་འདས་པའི་དེ་མ་ཐག་པ་ནི། དེ་མ་ཐག་པའི་རྐྱེན་ཏོ། །ཀུན་གཞི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་ཏེ། རྐྱེན་དེ་རྣམས་ཀུན་རྫོབ་དང། དོན་དམ ་པའི་མཚན་ཉིད་དུ་ཕྱིན་ཅི་མ་ལོག་པར་རྟོགས་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། རྣམ་པ་དང་མཚན་ཉིད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་ཀྱི་དོན་དམ་པ་དང། ཀུན་རྫོབ་ཀྱི་རྣམ་པ་དང་མཚན་ཉིད་རྟོགས་པར་འདོད་པས ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་ཉིད་ལ་ནི་ཐ་དད་པ་མེད་མོད་ཀྱི། དེའི་གཞི་དང་འཇུག་པ་ཐ་དད་པ་ལས་རྣམ་པ་གསུམ་དབྱེ་སྟེ། དེ་ལ་འཇུག་པ་ཐ་དད་པ་རྣམ་པ་གསུམ་ནི། བྱང ་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ཀྱིས་འཇུག་པའོ། །དེ་ལ ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི། ཕྱི་ནང་གི་ཆོས་གཟུགས་དང་སྒྲ་ལ་སོགས་པའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ལ། ཆོས་ཐཾས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱའོ། །མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང ་འགྱུར་བ་མེད་པའི་དེ་བཞིན་ཉིད་དང། ཡང་དག་པ་ཇི་ལྟ་བའི་དེ་བཞིན་ཉིད་དང། དེ་བཞིན་ཉིད་བཞི་པོ་འདི་ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ། བྱང་ཆུབ་སེམས་དཔའ་ཨི་རྣམས་ཀྱི་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྣམ་གྲངས་ཙམ་དུ་ཟད་དེ། དེ ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཀྱིས་འཇུག་པས། ཁོང་དུ་ཆུད་པར་འདོད་པས་བསྟན་ཏོ། །ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་རང་བཞིན་ནི་སྟོབས ་དང། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་ཤེས་བྱ་སྟེ། ཆོས་ཀྱི་དབྱིངས་དེ་ལྟ་བུ་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འཇུག་པས་ཁོང་དུ ་ཆུད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཛའ་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕུང་པོའི་ལྟ་བ་? ་མེད་པའི་མྱ་ངན་ལས་འདས་པ་ནི། ཡང་དག་པའི་མཛའ་ཨི་དེ་བཞིན་ཉིད་ཅེས་བྱ་སྟེ། ཡང་དག་པའི་མཛའ་ཨི་དེ་བཞིན་ཉིད་དེ་ལྟ་བུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ཀྱིས་ཇུག་པས་ཁོང་དུ་ཆུད་པར་འདོད་པས་ཞེས ་བྱ་བའི་དོན་ཏོ། །དེ་དག་གིས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ཐོབ་པར་འདོད་པས་བསྟན་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཤེས་པར་འདོད་པས ་ཞེས་བྱ་བ་ལ་སོགས་པ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བསྟན་པའི་བར་དུ་ནི་ས་དགུ་པའི་སོ་སོ་ཡང་དག་པར་རིག་པའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱ་བ་བསྟན་པ་སྟེ། དེ་ལ་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཤེས་པ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་ལ་སོགས་པའི་ཆུ་རྣམས་སྐྲའི་རྩེ་མོ་བརྒྱར་གཤགས་བས་གྱེན ་དུ་བསླང་བར་འདོད་པ་ལ་སོགས་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའི་མཐུས་དེ་ལྟར་ནུས་པ་བསྟན་པ་སྟེ། སྐབས་འདིར་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀུན་རྫོབ་དང ་དོན་དམ་པའི་མཚན་ཉིད་དུ་ཡང་དག་པར་རིག་པ་སྟེ། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་དོན་དམ་པར་ཇི་ལྟར་སྣང་ཞིང་གྲགས་པ་བཞིན་དུ་མ་གྲུབ་བས། བྱང་ཆུབ་སེམས་དཔའ་ཨི་སེམས་ཀྱི་དབང་དུ་འགྱུར་ཏེ། ཀུན་རྫོབ་ཏུ་བྱང་ཆུབ ་སེམས་དཔའ་ཨི་མཐུ་ཆེན་པོ་བསྟན་པའི་ཕྱིར་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པའི་ཆོས་རྣམས་ལ། དབང་དུ་གྱུར་པ་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྟེང ་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་འགོད་པར་འདོད་པས། ཞེས་བྱ་བ་ལ་སོགས་པས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་མཐུ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད ་མཁྱེན་པས། དེ་དག་གི་སྒྲ་དང་སྐད་དུ་ཆོས་བསྟན་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་དང་སྦྱར་ཏེ། དེ་བཞིན་དུ་ཕྱོགས་བཅུར་བསྒྲེ་བར་བྱའོ། །ཤཱ ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་གཏོད་པའི་ཚེ། འདི་ལྟར་བསླབ་པར་བྱ་སྟེ། སྦྱིན་པ་རྣམ་པ་འདི་ལྟར་བྱིན་ན་ནི་འབྲས་བུ་ཆེན་པོར ་འགྱུར་ཞེས་བྱ་བ་ལ་སོགས་པས་དོན་སོ་སོ་ཡང་དག་པར་རིག་པའི་མཐུ་བསྟན་སྟེ། སྦྱིན་པ་ལ་སོཌ་པའི་ཆོས་རྣམས་བཤད་ཅིང་སྤྱད་པའི་དོན་རྣམས་རྟོགས་ན། དོན་དམ་པར་རྟོགས་པའི་དབང་གིས་ནི་འཁོར་གསུམ་ཡོངས་སུ་དག་པར་འགྱུར ་ཀུན་རྫོབ་ཀྱི་དོན་རྫོགས་པའི་དབང་གིས་ནི་འབྲས་བུ་ཆེན་པོར་འགྱུར་རོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སྦྱིན་པ་འདི་ལྟར་ཕྱིན་ཟ་ནི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུའི་ནང་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྷག་མ་ལྔ་རྣམས་འདུས་པར་བསྟན་པ་སྟེ། དེ་ལ་ཟང་ཟིང་དང ་ཆོས་དང། མི་འཇིགས་པ་གསུམ་ལས་གང་ཡང་རུང་བ་གཅིག་སྦྱིན་པར་བྱེད་པའི་ཚེ། འཁོར་གསུམ་ཡོངས་སུ་དག་པར་བྱིན་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །སྦྱིན་པ་བྱེད་པ་དེ་ཉིད་ཀྱི་ཚེ། སྲོག་གཅོད ་པ་དང། མ་བྱིན་པར་ལེན་པ་ལ་སོགས་པ་སྤོང་བ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། ལེན་པ་པོ་ལ་སེམས་འཁྲུག་པ་མེད་པར་བྱམས་པ་དང། སྙིང་རྗེ་བསྐྱེད་པ་ཉིད་བཟོད་པའི་ཕ་རོལ ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། །བདག་གི་ལག་དང་ཅིང་སྦྱིན་པར་བྱ་བར་སྤྲོ་བའི་སེམས་བསྐྱེད་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། སེམས་གཞན་དུ་མ་ཡེངས ་ཤིང་རྩེ་གཅིག་ཏུ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །སྦྱིན་པ་བྱེད་པ་ཉིད་ཀྱི་ཚེ། འཁོར་གསུམ་ཡོངས་སུ་དག་པར་བྱེད་པ་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་ལྟར་ས་དགུ་པའི་ཡོན ་ཏན་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་ནས། ད་ནི་ས་བཅུ་ལ་མཐར་ཐུག་པར་གནས་པའི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་པ། སངས་རྒྱས ་བཅོམ་ལྡན་འདས་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་པར་འདོད་པ་དང། ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ནི་རྣམ་པ་གཉིས་ཏེ། དོན་དམ་པའི་ཡོན་ཏན་དང། ཀུན་རྫོབ་ཀྱི་ཡོན་ཏན་ནོ། །དེ་ལ་དོན་དམ་པའི་ཡོན་ཏན་ནི། ཆོས་ཀྱི་སྐུའི་རང་བཞིན་རྣམ་པར་དག་པ་ཉིད་དོ། །ཀུན ་རྫོབ་ཀྱི་ཡོན་ཏན་ནི་སྟོབས་དང། མི་འཇིགས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ། །ཆོས་འདུས་བྱས་དང། འདུས་མ་བྱས་ཞེས་བྱ་བ་ལ། འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི། རྒྱུ་དང་རྐྱེན་རྣམས་འདུས་ཤིང ་ཚོགས་པས་བྱས་པ་ལ་འདུས་བྱས་ཞེས་བྱ་སྟེ། དེ་ཡང་ཟག་པ་དང་བཅས་པ་དང། ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་ནི། ཁམས་གསུམ་དུ་གཏོགས་པའི་ཆོས་རྣམས་སོ། །ཟག་པ་མེད་པ་ནི་འཕགས་པའི་ལམ་གྱི་རང་བཞིན་ཏེ། ་ཆོས་དེ་དག་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནི། མཐར་ཕྱིན་ཅིང་ཆུབ་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཆོས་ཟག་པ་དང་བཅས་པ་དང། ཟག་པ་མེད་པ་རྣམས་ཞེས་བྱ་བ་ལ། ཟག་པ་དང། ་བཅས་པ་ནི་གཟུགས་ལ་སོགས་པ་སྟེ། གང་ལ་ཉོན་མོངས་པ་རྣམས་སྐྱེ་བ་རྣམས་སོ། །ཟག་པ་མེད་པ་ནི་ས་དང། ཕ་རོལ་ཏུ་ཕྱིན་པ་དང། མྱ་ངན་ལས་འདས་པ་ལ་སོགས་པའོ། །མི་དགེ་པ་ནི་འདོད་ཆགས་དང་ཞེ་སྡང་ལ ་བའོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་ནི་སྔ་མ་བཞིན་ནོ། །ཆོས་དགེ་བ་དང་མི་དགེ་བ་རྣམས་ཞེས་བྱ་བ་ལ། དགེ་བ་ནི་འདོད་ཆགས་མེད་པ་དང། གཏི་མུག་མེད་པ་དང། ཞེ་སྡང་མེད་པ་ལ་སོགས་པའོ། །མི་དགེ་པ་ནི་འདོད་ཆགས་དང་ཞེ་སྡང་ལ ་སོགས་པའོ། །ཆོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམས་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་མན་ཆད་ནི། འཇིག་རྟེན་པའི་ཆོས་སོ། །ས་དང་པོ་ཡན་ཆད་སངས་རྒྱས་ཀྱི་ས་ལ་ཐུག་གི་བར་དུ་ནི་འཇིག་རྟེན་ལས་འདས་པའི་ཆོས ་རྣམས་སོ། །ཆོས་གཟུགས་ཡོད་པ་དང། གཟུགས་མེད་པའི་རྣམས་ཞེས་བྱ་བ་ལ། གཟུགས་ཡོད་པ་ནི་བལྟར་སྣང་ཞིང་ཐོགས་པ་དང་བཅས་པ་རྣམས་སོ། །གཟུགས་མེད་པ་ནི་བལྟར་མེ་སྣང་ལ་ཐོགས་པ་མེད་པ་རྣམས་སོ། །ཆོས་ལུང་བསྟན་དུ ་ཡོད་པ་དང། ལུང་བསྟན་དུ་མེད་པ་རྣམས་ཞེས་བྱ་བ་ལ། ལུང་བསྟན་དུ་ཡོད་པ་ནི། འདོད་ཆགས་མེད་པ་དང། ཞེ་སྡང་མེད་པ་དང། གཏི་མུག་མེད་པའི་སེམས་ཀྱིས་སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པ་སྤྱད་པའི་རྒྱུས་མཐོ་རིས་དང ་ཡོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོཌ་པས་ལུང་བསྟན་དུ་རུང་བ་རྣམས་སོ། །ལུང་བསྟན་དུ་མེད་དེ་པ་ནི་བཟོའི་གནས་དང་རོལ་མོ་ལ་སོགས་པ་སྤྱད་པའི་འབྲས་བུ་བདེ་པ་དང། སྡུག་བསྔལ་གང་དུ་ཡང་འགྱུར་བར་ངེས་པ ་ཡོད་པའོ། །ཆོས་ངེས་པ་དང་མ་ངེས་པ་ཞེས་བྱ་བ་ལ་ངེས་པ་ནི་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་རིས་སུ་ངེས་པ་རྣམས། །མ་ངེས་པ་ནི་དགེ་བའི་བཤེས་གཉེན་དང། སྡིག་པའི་གྲོགས་པོའི་ཁར་ལས་པ་རྣམས་སོ། །ཆོས ་འབྱུང་པ་དང་མི་འབྱུང་བ་རྣམས་ཞེས་བྱ་བ་ལ། འབྱུང་བ་ནི་ཁམས་གསུམ་ནས་འབྱུང་བའི་རང་བཞིན་ཅན་རྣམས་ཏེ། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ཉན་ཐོས་ཀྱི་འབྲས་བུ་རྣམས་དང། ས་དང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས ་རྣམས་དང། བྱང་ཆུབ་ཀྱི་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་གྱུར་པ་རྣམས་སོ། །མི་འབྱུང་བ་རྣམས་ནི་དེ་ལས་བཟློག་པ་འཁོར་པའི་རྒྱུར་གྱུར་པའི་ཆོས་རྣམས་སོ། །ཆོས་འགྲིབ་པའི་ཚུལ་ཅན་དང་བྱང་པར་གྱི་ཚུལ ་ཞེས་བྱ་བ་ལ་འགྲིབ་པའི་ཚུལ་ཅན་གྱི་ཆོས་ནི་ཤེས་བྱ་དང། ཉོན་མོངས་པའི་སྒྲིབ་པ་རྣམས་སོ། །ཁྱད་པར་གྱི་ཆོས་ནི་སྒྲིབ་པ་དེ་གཉིས་ཀྱི་གཉེན་པོར་གྱུར་པ་རྣམས་སོ། །སོ་སོའི་སྐྱེ་པོའི་ཆོས་དང། འཕགས་པའི་ཆོས་རྣམས་ཞེས་བྱ་བ་ལ། སོ ་སོའི་སྐྱེ་པོའི་ཆོས་ནི་མི་རྟག་པ་ལ་རྟག་པ་དང། སྡུག་བསྔལ་བ་ལ་བདེ་བ་དང། །མི་གཙང་བ་ལ་གཙང་བ་དང། བདག་མེད་པ་ལ་བདག་ཏུ་ལྟ་བ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་སྤྱོད་པ་རྣམས་སོ། །འཕགས་པའི་ཆོས་ནི་དེ་ལས་བཟློག་པ་སྟེ། མི ་རྟག་པ་དང། སྡུག་བསྔལ་པ་དང། བདག་མེད་པ་དང། མི་གཙང་བ་ལ་སོགས་པར་ལྟ་བའོ། །སློབ་པའི་ཆོས་དང་མི་སློབ་པའི་ཆོས་རྣམས་ཞེས་བྱ་བ་ལ། སློབ་པའི་ཆོས་ནི་རྒྱུན་ཏུ་ཞུགས་པ་ནས་ཕྱིར་མི་ལྡོག་པའི་བར་གྱི་ཆོས་རྣམས་སོ། །མི ་མོས་པ་ནི་དགྲ་བཅོམ་པའི་འབྲས་བུའི་ཆོས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ་ཉན་ཐོས་ཀྱི་ཆོས་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་འཇུག་པ་ལ་སོགས་པའོ། །རང་སངས་རྒྱས་ཀྱི་ཆོས་རྣམས་ནི་རྟན་ཅིང ་འབྲེལ་པར་འབྱུང་བ་རྟོགས་པའི་སྒོ་ནས་འཇུག་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་དང། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཨི་ཆོས་ནི་མོས་པས་སྤྱོད་པའི་ས་ནས་ས་བཅུའི་བར་གྱི་བྱང་ཆུབ ་སེམས་དཔའ་ཨི་སྤྱོད་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི་དེའི་འབྲས་བུར་གྱུར་པ། སངས་རྒྱས་ཀྱི་སར་གཏོགས་པ། ཡེ་ཤེས་ལྔ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན ་པར་འདོད་པས་ཞེས་བྱ་བ་ནི་སྔར་སྨོས་པའི་ཆོས་ཐམས་ཅད་མདོར་བསྡུས་ནས་བསྟན་པ་སྟེ། མདོར་ན་ཇི་སྐད་དུ་སྨོས་པའི་ཆོས་ཐམས་ཅད་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དུ་ཡང་དག་པ་ཇི་ལྟ་བ་ཉིད་དུ་རྟོགས་ཏེ། མཐར་ཕྱིན་པར ་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །ཆོས་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་པས་ཞེས་བྱ་བ་ལ་སོགས་པས ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གོང་དུ་སྨོས་པའི་ཆོས་རྣམས་ཀྱི། དོན་དམ་པའི་མཚན་ཉིད་རྟོགས་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་བསྟན་པ་སྟེ། དོན་དམ་པའི་མཚན ་ཉིད་ཀྱང་དེ་བཞིན་ཉིད་དང། མི་སྐྱེ་བ་དང། ཡང་དག་པའི་མཛའ་ཞེས་བྱ་བ་སྟེ། དེ་དག་གི་མཐར་ཕྱིན་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ་།ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་འདོད་པས་ཞེས་བྱ་བ་ནི་ས་བཅུ་ལ ་གནས་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་དང། མཐུ་དང་རྫུ་འཕྲུལ་ལ་སོགས་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་པས་ཁྱད་ཞུགས་པར་འཕགས་ཏེ། གཙོ་བོར་གྱུར། དམ་པར་གྱུར། ཕུལ་དུ་གྱུར་པ་ལ་སྔོན་དུ་འགྲོ་བ་ཞེས་བྱ ་པ་སྟེ། དེ་ལྟ་བུའི་ཡོན་ཏན་ཐོབས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་རིམ་གྲོ་བྱ་བར་འདོད་པས་ཞེས་བྱ་བ་ནི། ་ས་བཅུའི་བྱང་ཆུབ་སེམས་དཔའ་དབང་ཐོབ་པའི་མཐུ་དང་རྫུ་འཕྲུལ་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཡང་བླ་ན་མེད་པའི་རིམ་གྲོ་བསམ་གྱིས་མི་ཁྱབ་པ་མཛད་པའི་མཐུ་མངའ་བ། དེ་ལྟ་བུའི ་ཡོན་ཏན་ཐོབ་པས་ཞེས་བྱ་བའི་ཐ་ཚིག་གོ་།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ནང་གི་འཁོར་དུ་གྱུར་པར་འདོད་པས་ཞེས་བྱ་བ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་སར་སྐྱེ་བ་གཅིག་གིས་ཐོགས་ཤིང?། ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དར་ལས་ཆོད་པ་ཙམ་དུ་ཟད་པས་སངས་རྒྱས་ཀྱི་འཁོར་དུ་ཉེ་བའི་ཕྱིར་ནང་གི་འཁོར་ཞེས་བྱ་སྟེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བ་དང་སྦྱར་རོ། །འཁོར་མང་པོ་དང་ལྡན་པར་འདོད་པས་ཞེས་བྱ ་བས་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་འདྲ་བར་གྱུར་པས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི?་ནང་ན་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་བཀུར་སྟེ་བྱ་བའི་གནས་ཡིན་ཏེ། འཁོར་དེ་ལྟ་བུ་མང་པོ ་དང་ལྡན་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་འཁོར་ཐོབ་པར་འདོད་པས་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ས་འོག་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་དུ་བསྐོར་ཅིང། བཀུར་སྟེ་བྱ་བའི ་གནས་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ་།སྦྱིན་བདག་ཐམས་ཅད་ཀྱི་སྦྱིན་པ་ཡོངས་སུ་དག་པར་འདོད་པས་ཞེས་བྱ་བ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱི་མཐར་ཕྱིན་པས ་བསོད་ནམས་ཀྱི་ཞིང་དུ་གྱུར་བའི་ཕྱིར་རོ། །སྦྱིན་པ་ལ་ཐོགས་པ་མེད་པའི་སེམས་དང་ལྡན་པར་འདོད་པས་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི ་མི་མཐུན་པའི་ཕྱོགས་ཅུང་ཟད་ཀྱང་མེད་པ་དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པས་ཞེས་བྱ་བ ་ལ་སོགས་པ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཆོས་བཤད་ཅིང་སེམས་ཅན་གྱི་དོན་དུ་སྦྱར་བ་རྣམས་ལ་ཐོགས་པ་མེད་དེ། ཇི་ལྟར་སྦྱར་བ་དེ་བཞིན་དུ་འགྲུབ་པས་དོན་མེད་པར་མི་འགྱུར་བའི་ཕྱིར། སེམས་ཅན་རྣམས་བསོད་ནམས་བྱ ་བའི་དངོས་པོ་ལྔ་ལ་དགོང་པ་དོན་མེད་པར་མི་འགྱུར་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཞེས་བྱ་བའི་དོན་ཏོ། །མིག་ལྔ་རྣམ་པ་ཐམས་ཅད་དུ་ཡོངས་སུ་བསྒྲུབ་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཀྱི་གཟུགས་ཀྱི་སྐུའི་སྦྱན་ནི་ཤའི་མིག་གོ་།ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ལྷའི་མིག་གོ་།ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ་།ཐམས་ཅད་དུ་འགྲོ ་བའི་ལམ་མཁྱེན་པ་དང་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང། མོས་པ་སྣ་ཚོགས་མཁྱེན་པ་དང་ཁམས་སྣ་ཚོགས་མཁྱེན་པའི་ཡེ་ཤེས་ནི་ཆོས་ཀྱི་མིག་གོ་།རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཡེ་ཤེས་དགྲ ་བཅོམ་པའི་ལམ་མཁྱེན་པ་ནི་སངས་རྒྱས་ཀྱི་མིག་རོ་།ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་པ་དེ་དག་ཐམས་ཅད་ལྷའི་མིག་གིས་བལྟ་བར ་འདོད་པ་དང། ཞེས་བྱ་བ་ལ་སོགས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ཁྱད་པར་དུ་འཕགས་པ་ཐོབ་པ་བསྟན་པ་སྟེ། འཇིག་རྟེན་པའི་མངོན་པར་ཤེས་པ་དང། ཉན་ཐོས་དང་རང་སངས་རྒྱས ་རྣམས་ཀྱི་མངོན་པར་ཤེས་པ་རྣམས་ནི་བདག་དང་མཚུངས་པ་དང། བདག་པས་དམའ་པ་རྣམས་ཀྱི་སེམས་ལ་སོགས་པ་ཤེས་པ་ཙམ་དུ་ཟད་ཀྱི། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་མངོན་པར་ཤེས་པ་ནི་སངས་རྒྱས་བཅོམ་ལྡན ་འདས་ལ་སོགས་པས་གོང་མ་བ་རྣམས་ཀྱི་ཐུགས་ལ་སོགས་པར་ཤེས་པ་ལ་ཐོགས་པ་མེད་དེ་དེ་ལྟ་བུའི་མངོན་པར་ཤེས་པ་ཁྱད་པར་ཅན་དང་ལྡན་པའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི ་ཐ་ཚིག་གོ་།ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ཕྱོགས་ལྷག་མ་བཅུ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཕྱོགས་བཅུ་ཀུན་ཏུ ་ཆོས་གང་སྟོན་པ་དེ་དག་ཐམས་ཅད་དྲན་པའི་སྟོབས་དང། ཤུགས་གཅད་དུ་མི་ཆོད་པས་ཡང་དག་པར་གཟུང་པར་འདོད་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ། དེ་ཐམས་ཅད་ཆུད་མི་ཟ་བར་འདོད་པས་ཞེས་བྱ་བ་ནི ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་གཟུངས་ཁྱད་པར་ཅན་བསྟན་ཏེ། ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །སངས་རྒྱས་བཅོམ་ལྡན་འདས ་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མང་པོ་མཐོང་བར་འདོད་པ་དང། ཡོངས་སུ་སྒྲུབ་པར་འདོད་པས་ཞེས་བྱ་བ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་དག་པ་དང། མ་དག་པ་མཐོང་བར་བྱ་བ་དང། ཡོངས་སུ་དག་པ་སྒྲུབ་ནུས་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་བཞིན ་གཤེགས་པ་རྣམས་ཀྱི་མདོ་དང། དབྱངས་ཀྱིས་བསྙེད་པ་དང། ལུང་དུ་བསྟན་པ་ཞེས་བྱ་བ་ལ་སོགས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་མཐུ་བསྟན་པ་སྟེ། དེ་བཞིན་གཤེགས་པའི ་གསུང་རབ་ཡན་ལག་བཅུ་གཉིས་པོ་དེ་དག་སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་ཐོས་པ་དང། གཟུང་བ་ནས་གཞན་ལ་རྒྱ་ཆེར་ཡང་དག་པར་སྟོན་པར་ནུས་པའི་ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ ་པར་བྱའོ། །ཞེས་བྱ་བ་དང་སྦྱར་རོ། །ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའ་དེ་དག་གི་ཤེས་རབ་ཡོངས་སུ་དག ་པ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལྟ་བུ་ཐོབ་པར་འདོད་པས་ཞེས་བྱ་བའི་དོན་ཏེ། དེ་བཞིན་དུ་ཕྱོགས་བཅུ་ལ་སྦྱར་བར་བྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། མུན་པ ་མུན་གནག་སྨག་ཏུ་གྱུར་པ། སྨག་གིས་ཁྱབ་པ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་གཟི་བརྗིད་ཆེ་ལ། འདི་ལྟར་མཐུ་ཆེ་བ་གཉིས་ཀྱིས་ཀྱང་ལྷ་མ་མེར་མི་རུང། ལྷན་ནེང?་མི་རུང། ལྷང་དེར་མི་རུང་པ་དེ་ལྟ་བུ་ཐམས་ཅད ་སྣང་བར་བྱ་བར་འདོད་པས་ཞེས་བྱ་བ་ལ་སོགས་པས་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུན་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལྟ་བུའི་མཐུ་དང་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། མུན་པ་མུན་གནག་སྨག་ཏུ་གྱུར་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་དག་གི་བར་གྱི་མུན་གནག་ལ་བྱའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་གླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས ་ཀྱི་སྒྲ་དང། ཆོས་ཀྱི་སྒྲ་དང་དགེ་འདུན་གྱི་སྒྲ་དང། སེམས་ཅན་རྣམས་ཀྱིས་མ་ཐོས་པ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དག་ཏུ་སེམས་ཅན་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་སྒྲ་ཐོས་པར་བྱ་བར་འདོད་པ་དང། ཡང ་དག་པའི་ལྟ་བ་ལ་དགོད་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་ས་བཅུའི་བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པ་བསྟན་ཏེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བ་འདི་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ལོང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདག་གི་མཐུས་མིག་གིས་གཟུགས་མཐོང་བ་དང། འོན་པ ་ནམས་ཀྱིས་རྣ་བས་སྒྲ་ཐོས་པ་དང། སྨྱོན་པ་རྣམས་དྲན་པ་ཐོབ་པ་དང། གོས་མེད་པ་རྣམས་གོས་ཐོབ་པ་དང། བཀྲེས་པ་དང་སྐོམ་པ་རྣམས་ཟས་དང་སྐོམ་ཐོབ་པ་དང། ནད་པ་རྣམས་ནད་འཚོ་བར་འགྱུར་བ་དང། བཅོན་པ་དང་ཁྲི་མོན་ན་འཁོད ་པ་རྣམས་བདག་གི་རྫུ་འཕྲུལ་དང། བདག་གིས་མཐུས་དགའ་མགུར་འདོད་དུ་ཡོད་པར་བྱའོ་སྙམ་ན་ཡང་ཞེས་བྱ་བ་ལ་སོགས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་སྡུག་བསྔལ་སྣ་ཚོགས་ལས་ཐར་བར་བྱ་བའི་མཐུ ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། མཐུ་དང་ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཇི་ལྟར་ན་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི ་བྱེ་མ་སྙེད་དག་ན་སེམས་ཅན་མི་ཁོམ་པ་དང་ངན་སོང་དུ་ལྷུང་བ་སེམས་ཅན་དམྱལ་བ་འམ་བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདག་གི་མཐུས་དེ་ནས་ཚེ་འཕོས་ནས་མིའི་ལུས་ཐོབ ་པར་བྱ་སྙམ་སྟེ། ཞེས་བྱ་བ་ལ་སོགས་པས་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་མཐུ། སེམས་ཅན་རྣམས་ཀྱི་མི་ཁོམ་པ་བརྒྱད་ལ་སོགས་པ་མེད་པར་བྱ་ནུས་པ་དང། དེ་དག་མེད་པར་བྱས་ནས་ཀྱང ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་འབྲས་བུ་ཕུན་སུམ་ཚོགས་པ་ལ་དགོད་པར་ནུས་པ་བསྟན་པ་སྟེ། མཐུ་དང་ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བསྟན ་པའོ། །དེ་ལྟར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་དང། ཆེ་བའི་བདག་ཉིད་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་ནས། དེའི་ལོག?་ཏུ་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་ཐོབ་པར་འདོད་པས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་བསླབ་པར་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་ནི་བཞེངས་པ་དང། བཞུད་པ ་དང། བཞུགས་པ་དང། མནལ་བ་རྣམས་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་གང་དང་ཡང་མི་འདྲ་བར་འཕག་པར་བཟང་ཞིང་འདི་ཁོ་ན་ལྟ་བུ་ཡིན་ནོ། །ཞེས་སུས་ཀྱང་མི་རྟོགས་བའོ། །དེ་བཞིན ་གཤེགས་པའི་སྤྱོད་པ་དང། ཆུ་ལ?་རྣམ་པར་དག་པ་ཞེས་བྱ་བ་ཡང་སྤྱོད་ལམ་གྱི་ཁྱད་པར་ཉིད་བསྟན་ཏེ། སྤྱོད་པ་དང་ཚུལ་ལ་སྐྱོན་མེད་ཅིང། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ་ལ་རྣམ་པར་དག་པ་ཞེས་བྱའོ། །དེ་བཞིན ་གཤེགས་པའི་སྐུའི་ཕྲིན་ལས་དང་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བཤད་པའི་སྐབས་སུ་བཤད་པའོ། །ཇི་ལྟར་ན་བདག་གིས་གླང་པོ་ཆེན་པོའི་ལྟ་སྟངས་ཀྱིས་བལྟས་ཏེ། སེམས་ཅན་རྣམས་ལ་ཐོགས ་པ་མེད་པར་ཆོས་བསྟན་པར་འགྱུར་ཞེས་བྱ་བ་ལ་གླང་པོ་ཆེ་ཞེས་བྱ་བ་ནི་རྒྱ་གར་སྐད་དུ་ནཱ་ག་ཞེས་བྱ་སྟེ། རྨཱ?་ག་ཞེས་བྱ་བ་དམ་པ་འམ་མཆོག་གམ། མགོ་བོ་ལ་ཡང་བྱ། གླང་པོ་ཆེ་དང། གླུ་དང། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བྱ་སྟེ། སྐབས ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་པའི་སྟངས་སམ་ཐབས་ལ། གླང་པོ་ཆེའི་ལྟ་སྟངས་ཞེས་བྱ་སྟེ། ལྟ་སྟངས་དེ་ཡང་སྟེང་ན་འདུག་པ་ལ་བསྐྱེད་དེ་མི་བལྟ། འོག་ན་འདུག་བ་ལ་བཏུད་དེ་མི་བལྟ། གཡས་གཡོན་ན་འདུག་པ་ལ ་མིག་གཟུར་ཏེ་མི་བལྟ། རྒྱབ་ན་འདུག་བ་ལ་མཇིང་པ་བསྒྱུར་ཏེ་མི་བལྟ། ཐག་རིང་པོ་ན་འདུག་པ་ལ་བསྒྲིམས་ཏེ་མི་བལྟ་དྲག?་ཉེ་བ་ན་འདུག་པ་ལ་བསྒྲིམ་པ་མེད་པར་ཡང་མི་བལྟའི། ཇི་ལྟར་འདུག་པའི་སྤྱོད་ལམ་དང་ཇི་ལྟར་བལྟ་བའི་མིག་གིས ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སེམས་ཅན་ཐམས་ཅད་དང། ཆོས་ཐམས་ཅད་ལྟ་བ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་བྱ་སྟེ། ལྟ་སྟངས་དེ་ལྟ་བུས་བལྟས་ནས། སེམས་ཅན་རྣམས་ལ་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་ཆོས་སྟོན ་པའི་ཡོན་ཏན་ཆེ་བའི་བདག་ཉིད། དེ་བཞིན་གཤེགས་པ་ལ་མངའ་བ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་སེང་གེ་ཆེན་པོའི་རྣམ་པར་བསྒྱིངས་པས་རྣམ་པར་བསྒྱིངས་པར ་འགྱུར་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་མཐུ་དང། གཟི་བྱིན་གྱིས་བདུད་དང་པས་རྒོལ་བ་ལ་སོགས་པས་པ་བཀོད?་ཞིང་ཟིལ་གྱིས་མནན་པའི་མཐུ་བསྟན་པའོ། །ཇི་ལྟར་ན་བདག་གིས་དོན་ཡོད་པའི་རྣམ་པར་མནན་པས་རྣམ་པར་མནན་པར ་བྱ་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་འབྲས་བུ་བསྟན་པ་སྟེ། གཟི་བྱིན་གྱིས་ཟིལ་གྱིས་མནན་ནས། དེའི་མཐུས་དམ་པའི་ཆོས་ལ་བཀོད་དེ། ཡོངས་སུ་སྨིན་པར་བྱ་བའོ། །ཇི་ལྟར་ན་བདག་ས་ཆེན་པོ་ལ་སོར་བཞི་ཙམ་གྱིས་རྐང་པ་ས་ལ་མི་རེག་པར ་འགྲོ་བར་འགྱུར་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་བའི་སྐུའི་སྤྱོད་ལམ་སྐྱོན་མེད་པ་བསྟན་ཏེ། ཡོན་ཏན་དེ་ལྟ་བུ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཐ ་ཚིག་གོ་།ཇི་ལྟར་ན་བདག་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་བའི་ཚེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་ན་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ། ཡོན ་ཏན་དེ་ལྟ་བུ་ཐོབ་པར་འདོད་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པའི་ཚེ། ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་བ་ན ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་ཚེ་གདན་གདིང་བ་ཕུན་སུམ་ཚོགས་པ་དང་གདན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལྟ་བུ་ཐོབ་པར་འདོད་པས་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་སྙིང་པོ་བྱང་ཆུབ་ལ་འདུག་སྟེ། མཚན་གྱིས་ལེགས་པར ་བརྒྱན་པའི་ལག་གིས། ས་ཆེན་པོ་ལ་བརྡབས་ནས་ནག་པོའི་ཕྱོགས་བདུད་འཁོར་དང་བཅས་པ་ཤིན་ཏུ་ཕམ་པར་བྱ་སྙམ་ན་ཡང་ཞེས་བྱ་བས་ནི་བདུད་ལས་རྒྱལ་བ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལྟ་བུར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་བསླབ་པར་བྱའོ། ཞེས་བྱ་བའི་ཐ་ཆིག་གོ་།ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་འགྲོ་བ་དང་འཕྲེང་བ་དང་འདུག་པ་དང། ཉལ་བའི་ས་ཕྱོགས་དེ་དག་རྡོ་རྗེའི་རང་བཞིན་དུ་འདུག ་པར་གྱུར་སྙམ་ན་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལྟ་བུ་དང་ལྡན་པ་བྱིན་ཆེ་བ་བསྟན་པ་སྟེ། ས་གཞི་རྡོ་རྗེའི་རང་བཞིན་དུ་མ་གྱུར་ན་སས་མི་ཐེག་ཅིང་འགས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་བདག་ཉི་མ་གང་ལ་མངོན་པར ་བྱུང་བ་དེ་ཉིད་ཀྱི་ཉི་མ་ལ་ནག་པོའི་ཕྱོགས་འཁོར་དང་བཅས་པ་ཕམ་པར་བྱས་ཏེ། ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་འབྲས་བུ་དང་བཅས་པ་བསྟན་པ་སྟེ། དེ་ལྟ་བུའི་ཡོན་ཏན་ཐོབ་པར་འདོད་པ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཉན་ཐོས་ཀྱི་དགེ་འདུན་ནི་ཚད་མེད་གྲངས་མེད་པར་འགྱུར་ཞེས་བྱ་བ་ལ་སོཌ་པ་ནི་དེ་བཞིན་གཤེགས་པའི་འཁོར་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་སྐུ ་ཚེའི་ཚད་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་དང། འོད་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། དེ་ལྟ་བུའི་ཆེ་བའི་བདག་ཉིད་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་སྒྲ་ཡང་མི་གྲག་པར་བྱ་སྙམ་ན་ཡང་ཞེས་བྱ་བས་ནི་དེ་བཞིན་གཤེགས ་པས། ཉོན་མོངས་པའི་བདུད་བཅོམ་པའི་རྒྱུ་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་པའོ། །ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་ཚེ། སངས་རྒྱས་གྱི་ཞིང་དེའི་སེམས་ཅན་ཐཾས་ཅད ་འདི་ལྟར་སྦྱིན་པ་ནི་དགེ་བའོ་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་རྒྱུ?་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། སྔོན་ཤེས་རབ་སྦྱངས་པའི་འབྲས་བུས་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན ་རྣམས་དེ་ལྟ་བུའི་ཤེས་རབ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ན་བདག་ཡོངས་སུ་མྱ་ངན་ལས་འདས་ཀྱང་དམ་པའི ་ཆོས་ནུབ་ཅེས་བྱ་བའི་སྒྲ་ཡང་མི་གྲག་པར་འགྱུར་སྙམ་ན་ཡང་ཞེས་བྱ་བས་ནི་དམ་པའི་ཆོས་ནུབ་པར་མི་འགྱུར་བའི་བྱིན་གྱི་རླབས་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བ་བསྟན་པའོ། །ཇི་ལྟར་ན་བདག་གི་མིང་ཐོས་པ་ཙམ ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་གྱི་སྨོན་ལམ་གྱི་རྒྱུ་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ། ངའི་མིང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེ་བཞིན་དུ། མངོན་པར་བྱང་ཆུབ་པའི་ཚེ་གྲུབ་པར་གྱུར་པ་དེ་ལྟ་བུ་ཐོབ་པར་འདོད་པས་ཞེས་བྱ་བ་དང་སྦྱར་རོ། །ཤཱ་རདྭཱ་ཏིའི་བུ་གང་གི་ཚེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་འདི་དག་སྒྲུབ་པར་གྱུར་པ་དེའི་ཚེ། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཆེ་བའི་བདག་ཉིད་ཐོབ་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན ་པར་བྱེད་པའི་ཕན་ཡོན་བསྟན་པའོ། །དེ་ནི་སེམས་ཅན་རྣམས་བྱང་ཆུབ་ལ་དགོང་པའི་ཕྱིར་ཚངས་པར་སྤྱོད་པ་ཡིན་ཏེ། འདུ་བའི་ཆོས་རྣམས་ཀྱིས་ཡོངས་སུ་འདུ་བ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི ་བསམ་པ་ཡོངས་སུ་དག་པ་དང། སྤྱོད་པ་ཡོངས་སུ་དག་པ་བསྟན་པའོ། །ཅི་ལགས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕ་མ་དང་མཆིས་བྲང་དང་བུ་དང་བུ་མོ་གདོན་མི་འཚལ་བར་འཚལ་ལམ་ཞེས་བྱ་བ་ལ ་སོགས་པ་ནི་གོང་དུ་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་གླེངས་ནས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་བྱང་ཆུབ་སེམས་དཔའ་དེའི་ཕ་མ་ལ་སོགས་པར་འགྱུར་བར་ཡིད་དུ་མ?་བཅས་པ་དང། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དགའ་ ་བར་གྱུར་ཏེ། བཙུན་མོའི་འཁོར་དབུལ་པར་ཡིད་དམ་བཅས་པ་ལས་གླེངས་ནས། ཤཱ་རིའི་བུས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལ་བུ་སྨད་ལ་སོགས་པ་གདོན་མི་ཟ་བར་འཚལ་ལམ་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས ་གྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཉིད་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཏེ་སྦྱོང?་བ་ནི་མ་ཡིན་གྱི། ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ། མ་ཆགས་བཞིན་དུ་ཐབས་མཁས་པས་བསྡུ་པའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུས ་ཏེ། དམ་པའི་ཆོས་ལ་དགོད་པའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པ་བསྟན་པ་སྟེ། འདི་ཡང་ཆད་དུ་གང་གི་ཕྱིར་བརྩོན་པར་བྱ་བ་བསྟན་ཟིན་ཏོ། །དེ་ལྟར་གང་གི་ཕྱིར་བརྩོན་པར་བྱ་བ་བསྟན་ནས། ད་ནི་ཇི་ལྟར་བརྩོན་པར་བྱེ་བ་བསྟན་པའི ་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཇི་ལྟར་སྤྱད་པར་བགྱི་ཞེས་བྱ་བས་ནི་ཤཱ་རིའི་བུས ་དམིགས་པ་དང་བཅས་ཤིང། མཚན་མ་དང་བཅས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་ལ་སྤྱད་པ་གསུམ་ཞུས་སོ། །ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཞེས་བྱ་བ་ལ་སོགས་པས་གང་ཟག་ལ་བདག་མེད་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་སེམས་དཔའ་ཨི་མིང་དང། བྱང ་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཨིདང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དང། སྤྱོད་པ་དང་མི་སྤྱོད་པ་རྣམས་དོན་དམ་པར་དམིགས་སུ་མེད་པ་བསྟན་ཏོ། །གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཞེས་བྱ་བ་ལ་ ་སོགས་བས་ཆོས་ལ་བདག་མེད་བའི་སྒོ་ནས་གཟུགས་ལ་སོགས་པ་དོན་དམ་པར་མི་དམིགས་པ་བསྟན་ཏེ། ཇི་ལྟར་སྤྱད་པར་བགྱི་ཞེས་ཞུས་པའི་ལན་དུ་དེ་ལྟར་སྤྱད་པར་བྱའོ། ཞེས་བསྟན་པའི་ཐ་ཚིག་གོ་།དེ་ཅིའི ་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའ་ཨི་རང་བཞིན་གྱིས་སྟོང་ངོ། །ཞེས་བྱ་བ་ལ་སོགས་པས། ཇི་ལྟར་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་།དེའི ་རང་བཞིན་ནི་དེ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་སྟོང་པའི་གཏན་ཚིགས་བསྟན་ཏེ། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སྟོང་པ་ཉིད་ཀྱི་རང་བཞིན་ཡོད་པའོ། །གཟུགས་ལས་གུད་ན་ཡང ་སྟོང་པ་ཉིད་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དངོས་པོར་གྲུབ་པ་ཞིག་གུད་ན་ཡོད་པ་མ་ཡིན་གྱི། གཟུགས་ཀྱི་རང་བཞིན་དོན་དམ་པར་ཡོད་པར་མ་གྲུབ་པ་ཉིད་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་གཟུགས་ཉིད་ཀྱང་སྟོང ་པ་ཉིད། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་གསུངས་ཏེ། གཟུགས་དང་སྟོང་པ་ཉིད་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། གཉིས་ཀ་ཡང་དོན་དམ་པར་སྟོང་པའི་རང་བཞིན་དུ་གཅིག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ ་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཡང་མིང་ཙམ་མོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་མིང་གིས་གོང་དུ་སྨོས་པ་རྣམས ་ཀུན་རྫོབ་ཏུ་མིང་ཙམ་དུ་བརྗོད་དུ་ཟད་ཀྱི། དོན་དམ་པར་དངོས་པོ་མེད?་པར་མ་གྲུབ་བོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་འགའ་ཞིག་འདི་སྙམ་དུ་རྟོག་སྟེ། བྱང་ཆུབ་སེམས་དཔའ་དང་གཟུགས་ལ་སོགས་པ་དེ་དག་དེ་ལྟར་རང་བཞིན་གྱིས་སྟོང་སྟེ ་མངོན། རི་བོང་གི་རྭ་བཞིན་དུ་བལྟར་མི་སྣང་བའི་རིགས་ན། གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་པ་ལ་དེ་ཡང་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་སོཌ་པ་སྒྱུ་མའི་དཔེ་བསྟན་ཏེ། སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ཆེ་བསོཌ་པ་སྒྱུ་མ་བྱས་པ་རྣམས་རྟ་དང་གླང་པོ་ཆེ་ལ ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཡང་རྟ་དང་གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་སྣང་བ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྐྱེ་བ་ཡང་དག་པར ་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ན། འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་ལ། སྐྱེ་བ་དང་འགག་པ་ལ་སོགས་པའི་འདུ་ཤེས་མི་སྐྱེ་བ་བསྟན ་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སོ་སོའི་མིང་ནི་སྒྱུ་མ་སྟེ། རྣམ་པར་བརྟགས་པ་དེ་དག་འབྲལ་དུ་བྱུང་བའི་མིང་ཡང་དག་པ་མ་ཡིན་པ་ལས་ཡོངས་སུ་བརྟགས་པས་ཐ་སྙད་དུ་བརྗོད་དོ་ཞེས་བྱ་བ་ལ་སོགས་པས་ཡང་དག ་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་སོ་སོའི་མིང་དང་མཚན་མར་བརྟགས་པ་རྣམས་ཡང་དག་པར་ཡོད་པ་མ་ཡིན་པ་ལས། བྱིས་བ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གློ་བུར་དུ་མིང་དང་ཐ་སྙད་ཙམ་དུ་བརྟགས་པར ་ཟད་ཀྱི། དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་།ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་རྟོག་སྟེ། འདི་ལྟར་བྱང་ཆུབ ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་ཉིད་གསལ་བར་བྱ་བའི་ཕྱིར་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་བདག་བདག་ཅེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི་དེ་ལ་ཡང་དག་པ་ཇི་ལྟ། ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་གྱིས་བདག་རྣམ་པ་སྣ་ཚོགས་སུ་བརྟགས་པ་རྣམས། ཉན་ཐོས་གང་ཟག་ལ་བདག་མེད་པར་རྟོགས་བ་རྣམས་ཀྱིས་མེད་པར་ཁོང་དུ ་ཆུང་པའི་དབེས་བྱང་ཆུབ་སེམས་དཔའ་དང། བྱང་ཆུབ་དང་སངས་རྒྱས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་རྗེས་སུ་མི་མཐོང་བ་བསྟན་པའོ། །དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་གཞན་རྣམས་ལ་ཡང་ཅི་རིགས་སུ་སྦྱར་བར ་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར་དེ་མ་ཡིན་པའི་ཤེས་རབ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ ་ཀྱི་བར་དུ་དམིགས་སུ་མེད་པའི་སྟོང་པ་ཉིད་ཉེ་བར་བཟུང་བས་ཟིལ་གྱིས་གནོན་ཏོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་སྟོང་པ་ཉིད་རྟོགས་ཏེ། དམིགས་སུ་མེད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། ཤེས་རབ་ཁྱད་པར་ཅན་ཐོབ་པར ་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། འཇིག་རྟེན་པ་རྣམས་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ནི་དངོས་པོར་ལྟ་བ་ལ་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་དངོས་པོ་དང་མཚན་མ་མེད་པར་རྟོགས་པས ་ཟིལ་གྱིས་གནོན་ཏོ། །ཤཱ་རདྭཱ་ཏིའི་བུ་གལ་ཏེ་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རདྭཱ་ཏིའི་བུ་དང། མཽངྒལ་གྱི་བུ་ཤ་སྟག་གིས་ཞེས་བྱ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་ཁྱད་པར་དུ་འཕགས་པ་གསལ་བར་བསྟན་པ་སྟེ། ་འཕགས་པ་ཉན་ཐོས་ཀྱི་ནང་ན་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་ལས་ཤེས་རབ་རྣ་བ་མེད་པ་དེ་ལྟ་བུ་ཤ་སྟག་གིས་འཛམ་བུའི་གླིང་འདི་འདམ་བུའི་ཚལ་ལ་སོགས་པ་བཞིན་དུ་གང་བར་གྱུར་པ་རྣམས་ཀྱི། ཤེས་རབ་ཐམས་ཅད་བསྡོམ་པ་དང། ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཆ་ཤས་དང། དཔེ་དང་ཟླ་ལ་སོགས་པས་ཀྱང་བསྐྲུན་དུ་མེད་པ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ཀྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཞེས་བྱ་བས་དེ་ལྟར་ཤེས་རབ་ཁྱད་པར་ཅན་དུ་འགྱུར་པའི་གཏན་ཚིགས ་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནི་བདག་གི་དོན་ལྷུར་ལེན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་ལྷུར་ལེན་པའི་ཕྱིར་ཁྱད་ཞུགས་སོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཉིན་ཅིག་ཏུ་ཡོངས་སུ་བསྒོམས་པའི་ཤེས་རབ་ཇི་ཙམ་པ་དེས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནན་ཅིང་གནས་ཏེ། ཞེས་བྱ་བ་ལ་སོགས་པས་དེ་པས་ཀྱང་ཤེས་རབ་ཁྱད་ཞུགས་པ ་བསྟན་ཏོ། །དེ་བཞིན་དུ་ཤར་ཕྱོགས་ལ་སོགས་པར་ཕྱོགས་ཀུན་ཏུ་སྦྱར་བར་བྱའོ། །ཤཱ་རདྭཱ་ཏིའི་བུས་གསོལ་པ། ཞེས་བྱ་བ་ལ་སོགས་པས་ནི། ཤཱ་རིའི་བུས་དོན་དམ་པའི་ཚུལ་ལ་གནས་ཏེ། ཐེ་ཚོམ་དྲིས་པའི་ལན་བཅོམ་ལྡན་འདས་ཀྱིས་ཀུན ་རྫོབ་ཀྱི་བདེན་བའི་ཚུལ་དུ་བྱང་ཆུབ་སེམས་དཔའ་ཨི་སམ?་པ་རྒྱ་ཆེ་བ་བསྟན་ནས་ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར། ཤཱ་རདྭཱ་ཏིའི་བུ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས། དོན་དམ་པར་བྱེ་བྲག་མེད་དུ་ཟིན་ཀྱང། ཀུན་རྫོབ་ཏུ་སྔོན་གྱི་སྨོན ་ལམ་གྱི་མཐུས་བསམ་པ་རྒྱ་ཆེན་པོ་བསྐྱེད་པས་ཁྱད་པར་ཡོད་པར་བསྟན་ཏེ། བསམ་པ་རྒྱ་ཆེན་པོ་དེ་ཡང་གང་ཞེ་ན། བདག་གིས་ལམ་གྱི་རྣམ་པར་ཤེས་པ་ཅིད?་ལ་སྤྱད་དོ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ལ་ཆོས་ཐམས་ཅད་རྣམ་པ ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་ཨོ་ཞེས་བྱ་བ་ལ་སོགས་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ནི ་ཞེས་བྱ་བ་ལ་སོགས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་དཔེ་སྲིན་བུ་མེ་ཁྱེར་ལས་བླངས། བྱང་ཆུབ་སེམས་དཔའ་ཨི་དཔེ་ཉི་མའི་དཀྱིལ་འཁོར་ལས་བླངས་ནས། བསམ་པ་དང་སྤྱོད་པ་རྒྱ་ཆེ་ཆུང་གི་ཁྱད་པར་བསྟན་ཏོ། །དེ་སྐད་ཅེས་བཀའ་སྩལ ་པ་དང། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པས། ཆོས་ཉན་པའི་འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པར་གནས་པ ་དང། ཕྱིར་མི་ལྡོག་པའི་ས་ཐོབ་པར་གནས་པ་དང། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོད་བ་ལ་གནས་པ་གསུམ་ཞུས་པའོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཤིང་ཞེས་བྱ་བས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས ་འདས་པར་གནས་པར་བྱ་བ་ཞུས་སོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ས་ཐོབ་པ་དང་ཞེས་བྱ་བས་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱ་བ་ཞུས་སོ། །བྱང་ཆུབ་སེམས་དཔའ་ཨི་ལམ་ཡོངས་སུ་སྤྱོང་བ་ལགས་ཞེས་བྱ་བས་ནི། བྱང ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པ་ལ་གནས་པར་བྱ་བ་ཞུས་སོ། །དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ས་ཐོབ་པོ་ཞེས་བྱ་བའི་བར་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ་དང། ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པ་ལ་གནས་པ་གསུམ་ཆར་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས ་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་པ་ལགས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱིས་ལས་འདས་མ་ཐག་ཏུ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཆོད་གནས་སུ་འགྱུར་རམ། ་འོན་ཏེ་དུས་གཞན་ཞིག་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་མཆོད་གནས་སུ་འགྱུར་སྙམ་ནས་ཞུ་བ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་ཐོག་མ་སེམས་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ལ་སོགས་པས། ས་དང་པོ་རབ་ཏུ ་དགའ་བ་ཐོབ་མ་ཐག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་བར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་པས། དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང ་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་བས་སྦྱིན་གནས་སུ་འགྱུར་བའི་གཏན་ཚིགས་བསྟན་ཏེ། དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཆོས་དང་འཇིག་རྟེན་ལས་འདས་བའི་ཆོས་རྣམས་སོ། །དེ་ལ ་འཇིག་རྟེན་པའི་ཆོས་རྣམས་ནི་འདི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །འཇིག ་རྟེན་ལས་འདས་པའི་ཆོས་རྣམས་ནི་མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་དགེ་བའི་ཆོས་དེ་དག་ལ་སོགས་པ་མང་པོ་འཇིག་རྟེན་དུ་འགྱུར?་བར་འགྱུར་ཏེ་ཞེས་བྱ་བའི་བར་དུའོ། །དགེ་བའི ་ཆོས་འདི་དག་འཇིག་རྟེན་དུ་བྱུང་བས་།རྒྱལ་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན་ཞེས་བྱ་བ་ལ་སོགས་པས་དགེ་པའི་ཆོས་རྣམས་འཇིག་རྟེན་དུ་བྱུང་བའི་རྣམ་པར་སྨིན་པའི་འབྲས་བུ་བསྟན་ཏེ། དེ་ལ་འཇིག་རྟེན་པའི་ཆོས་ཟག་པ ་དང་བཅས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་རྒྱལ་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན་ཞེས་བྱ་བ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན་ཞེས་བྱ་བའི་བར་དུའོ། །འཇིག་རྟེན་ལས་འདས ་པའི་ཆོས་ཟག་པ་མེད་པ་རྣམས་འཇིག་རྟེན་དུ་བྱུང་བའི་རྣམ་པར་སྨིན་པའི་འབྲས་བུ་ནི། རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་འཇིག་རྟེན་ན་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པ་ཡོངས་སུ་སྦྱོང་བ་ལགས་སམ་ཞེས་བྱ་བ་ནི། གོང་དུ་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ཡོན་ཏན་སྨོས་ཏེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྦྱིན་གནས་སུ་གྱུར་པ་བསྟན་པ་དང། དེ་ལྟར་སྦྱིན་གནས་སུ་གྱུར་པ་དེ་དག་ལ་མཆོད་ཅིང?་ཡོན་ཕུལ་ན ་འབྲས་བུ་ཆེན་པོར་འགྱུར་རམ་མི་འགྱུར་ཞེས་ཞུས་པའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྦྱིན་པའི་རྣམ་གྲངས་ཀྱིས་ཡོངས་སུ་སྤྱོད་སྟེ་ཞེས་བྱ་བ་ནི། སྦྱིན་པའི་འབྲས་བུ་ཚེ་རབས་ཕྱི་མ་ལ་རྣམ་པར ་སྦྱིན་པ་ཆེན་པོར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྦྱིན་པ་བྱིན་ན་ནི་ཀུན་ཀྱང་ཤིན་ཏུ་དག་པ་སྟེ། དེ་ཡང་འདི་ལྟར་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི ་སྦྱིན་པ་ཡོངས་སུ་གཏོང་བ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་བྱིན་པ་ཚེ་རབས་ཕྱི་མ་ལ་ཡོངས་སུ་སྤྱོད་བའི་གཏན་ཚིགས་བསྟན་པ་སྟེ། སྦྱིན་པ་བྱིན་པའི་འབྲས་བུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས ་རྣམ་པ་དུ་མ་ཐོབ་པར་འགྱུར་བའི་ཕྱིར། སྦྱིན་པ་ཡོངས་སུ་སྦྱོང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་བྱས་པའི་འབྲས་བུ་དགེ་བའི་ཆོས་རྣམ་པ་དུ་མ་ཐོབ་པར་འགྱུར་དག་ཀྱང་གང་ཞེ་ན། འདི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ ་རྣམས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བའི་བར་དུ་སྟེ། དེ་ཡན་ཆད་ཀྱིས་ཇི་ལྟར་བརྩོན་པར་བྱ་བ་བསྟན་ཟིན་ཏོ། །དེ་ལྟར་ཇི་ལྟར་བརྩོན་པར་བྱ་བ་བསྟན་ནས། དེ་ནི་རྩོན་པར་བྱེད་པ ་རྣམས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན། བརྩོན་ཞེས་བགྱི་བ་ལགས་ཞེས་བྱ་བ་གསུངས་ཏེ། ་ཇི་ལྟར་བརྩོན་པར་བགྱིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཆུང་ཅེས་ཞུས་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཞེས་བྱ་བ་ལ་སོགས་པ ་རྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་བསྟན་ཏེ། ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དང། འཕགས་པའི་བདེན་པ་བཞི་དང། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་དང། འདུས་བྱས་དང་འདུས་མ་བྱས་པའི་ཆོས ་རྣམས་སྟོང་པ་ཉིད་ལ་རྩོན?་པར་བྱེད་ན། བརྩོན་པར་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་སྨོས་པ་ནི། ཕུང་པོ་ལ་སོགས་པ་སོ་སོའི་མཚན་ཉིད་བྱེ་བག་ཏུ ་ཕྱེ་སྟེ་སྟོང་པ་ཉིད་དུ་བསྟན་ཏོ། །འདུས་བྱས་དང་འདུས་མ་བྱས་པའི་ཆོས་གང་ཇི་སྙེད་མིང་དུ་གདགས་སུ་ཡོད་པ་ཞེས་བྱ་བ་དང། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཕྱིར་བསྡུས་པའི་མཚན་ཉིད་སྟོང་པ་ཉིད་དུ་བསྟན་པའོ། །སྟོང་བ་ ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་སོ་སོར་ཕྱེ་བ་བདུན་པོ་ལ་བྱའོ། །དེ་སྟོང་པ་ཉིད་བདུན་པོ་འདི་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན ་པར་བྱེད་ཀྱང། བརྩོན་ཞེ་འམ་མི་བརྩོན་ཞེས་མི་རྗོད་དེ་ཞེས་བྱ་བ་ནི། དེ་ལྟར་བརྩོན་པ་རྣམས་ཀྱི་མཚན་ཉིད་བསྟན་ན། རྩོན་པར་བྱེད་པ་དེ་ལྟ་བུ་དོན་དམ་པར་དངོས་པོ་ཡོད་དོ་སྙམ་དུ་རྟོག་པ་ལས་བཟློག་པ་སྟེ། དེ་ལྟར་བརྩོན་པར་བྱེད་པ་རྣམ ་ཀྱི་མཚན་ཉིད་བསྟན་པ་ཡང་ཀུན་རྫོབ་ཀྱི་ཐ་སྙད་ཙམ་དུ་བསྟན་དུ་ཟད་ཀྱི། དོན་དམ་པར་མཚན་ཉིད་མ་གྲུབ་པའི་ཕྱིར་བརྩོན་ཞེས་མ་མི་བརྩོན་ཞེས་བྱ་བར་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུག ་སྟོང་པ་ཉིད་ལ་བརྩོན་ཞེས་བྱ་བ་འམ་མི་བརྩོན་ཞེས་བྱ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས། དོན་དམ་པར་མཚན་ཉིད་དམིགས་སུ་མེད་པ་བསྟན་ཏེ། དེ་ཡང་གཟུགས་ལ་སོགས་པ་སོ་སོའི་བྱེ་བྲག་གི་ངོ་བོ་ཉིད ་དམིགས་སུ་མེད་པ་དང། འདུས་པའི་ངོ་བོ་ཉིད་དམིགས་སུ་མེད་པ་དང། རང་གི་མཚན་ཉིད་དམིགས་སུ་མེད་པ་དང། ཆོས་ཐམས་ཅད་དམིགས་སུ་མེད་པ་དང། རྣམ་པ་བཞིས་སྟོང་པ་ཉིད་ལ་སྤྱོད་ན། བརྩོན་པར་ཆུང་ངོ་ཞེས་བསྟན་ཏེ། དེ་ལ ་གཟུགས་ལ་སོགས་པ་སོ་སོ་བྱེ་བྲག་གི་ངོ་བོ་ཉིད་དམིགས་སུ་མེད་པས་སྟོང་པ་ཉིད་ལ་སྤྱོད་པ་ནི། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་བརྩོན་ཞེས་བྱ་བ་འམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། ་?་ཤེས་བ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱད་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །གཟུགས་ལ་སོགས་པའི་ཆོས་རྣམས་འདུས་པའི་ངོ་བོ་ཉིད་དམིགས་སུ་མེད་པ་ནི ་གཟུགས་ནི་ཚོར་བ་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ནི་འདུ་བྱེད་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་བསྟན་ཏོ། ་དེ་ཅིའི་ཕྱིར་ཞེ་ན། དེ་ཅི་འདི་ལྟར་ཆོས་གང་ཡང་ཆོས་གང་དང་ཡང་ལྷན་ཅིག་ཏུ་ཀུན་ཏུ་རྒྱུ་བ་མེད་དེ་ཞེས་བྱ་བ་ལ་སོགས་པས་འདུས་པའི་ངོ་བོ་ཉིད་དམིགས་སུ་མེད་པའི་གཏན་ཚིགས་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ ་དེ་ནི་གཟུགས་མ་ཡིན་ཏེ། འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཐོགས་པར་བྱེད་པ་མེད་དོ་ཞེས་བྱ་བ་ནས། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པའི་སྟོང?་པ་ཉིད་གང ་ཡིན་པ་དེ་རྣམ་པར་ཤེས་པར་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི། རང་གི་མཚན་ཉིད་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་གཟུགས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཞེས་བྱ་བ ་ནས། གང་མི་སྐྱེ་མི་འགག་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད། རྣམ་པར་བྱར་བར་འགྱུར་བ་མེད་ལ་མི་འགྲིབ་མོ་འཕེལ་ཏེ། ཞེས་བྱ་བའི་བར་གྱིས་ནི་རང་གི་མཚན་ཉིད་དམིགས་སུ་མེད་པའི་གཏན་ཚིགས་བསྟན་ཏོ། །འདས་པ་ཡང་མ་ཡིན ་པ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ་ཞེས་བྱ་བ་ནས། དེ་ལ་ནི་སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་དུ་ཆོས་ཐམས་ཅད་དམིགས་སུ་མེད་པ་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་མཚན་ཉིད་དུ་ཆུད་དོ་ཞེས་བསྟན་པའོ། །དེ་ལྟར་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང། གཟུགས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཞེས་བྱ་བ་ནས་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེ་ལྟར་བུས་ན་ཆོས་ཐམས་ཅད་འདུ་བ་དང་འབྲལ་བ ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་བའོ་ཞེས་བྱ་བའི་བར་དུ་ནི་བདག་ཉིད་ལ་བྱེད་པ་པོར་རྣམ་པར་རྟོག་པ་མེད་པ་དང། བདག་ཏུ་ལྟ་བ་མེད་པའི་ཕྱིར། བདག་ཉིད་ལ་བརྩོན་པ་འམ་མི་བརྩོན་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས་བརྩོན་པའི་མཚན་ཉིད་དུ་ཆུད་པ་རྣམ་པ་གཞན་གྱིས་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ ་སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དེ་ཞེས་བྱ་བ་ནས། སྨོན་པ་མེད་པ་དང་སྨོན་པ་མེད་པར་མི་སྡུད་མི་འབྱེད། སྨོན་པ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྣམ་པར་ཐར་པའི་སྒོ་རྣམས་ལ་སྡུད་པ་དད་འབྱེད་བ ་རྣམ་པར་རྟོག་པ་སྤང་བས་བརྩོན་པའི་མཚན་ཉིད་བསྟན་ཏེ། སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཤིག་དངོས་པོ་ཡོད་ན་ནི་སྟོང་པ་ཉིད་མ་ཡིན་པ་གཞན་དང། སྡུད་ཅིང་འབྱེད་པ་ཡང་སྲིད་ན། སྟོང་པ་ཉིད་ཅེས་བྱ་བའི་ཆོས་དངོས་པོར་གྲུབ་པ་གང་ཡང ་མེད་པས་སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྡུད་མི་འབྱེད་དོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བྱ་སྟེ། ཏིང་ངེ་འཛིན་དེ་ཡང་དངོས་པོ་མེད་པས། ཏིང་ངེ་འཛིན་གཞན་དང་མི་སྡུད་མི་འབྱེད་དོ་ཞེས ་བྱ་བའི་ཐ་ཚིག་གོ་།དེ་བཞིན་དུ་མཚན་མ་མེད་པ་དང་སློན་པ་མེད་པ་ལ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་འདུ་བ་འམ་འབྲལ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་དངོས་པོ་མེད་པའི ་གཏན་ཚིག་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་དེ་ལྟར་ཁོང་དུ་ཆུད་པས་གཟུགས་མི ་སྦྱོར་མི་འབྱེད་དེ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་པར་དུ་ཕུང་པོ་ལྔ་རྣམས་ཀྱི་རང་གི་མཚན་ཉིད་ཡོད་པར་མ་གྲུབ་པས་མི་སྦྱོར་མི་འབྱེད་པ་བསྟན་ཏོ། །གཟུགས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ་ཞེས་བྱ་བ་ནས། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དོ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང། དུས ་གསུམ་དུ་མི་སྦྱོར་མི་འབྱེད་པར་བསྟན་པ་སྟེ། ཆོས་རྣམས་ཀྱང་རང་བཞིན་གྱིས་མ་གྲུབ་ལ། དུས་གསུམ་ཡང་དངོས་པོ་ཡོད་པ་མ་ཡིན་པས། དེ་དག་གཅིག་ལ་གཅིག་སྦྱོར་ཞིང་འབྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤཱ་རདྭཱ་ཏིའི་བུ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ་ཞེས་བྱ་བ་ནི་བརྩོན་པའི་མཚན་ཉིད་མཇུག་བསྡུས་ཏེ་བསྟན་པ་སྟེ། དེ་ལྟར་ཆོས་རྣམས་དང་དུས་གསུམ་དམིགས་སུ་མེད་པར ་རྟོགས་ནས་ཆོས་རྣམས་དང་དུས་གསུམ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཆུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་།ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དུས་གསུམ་མཉམ་པ་ཉིད་དུ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནས། སྔོན་གྱི་མཛའ་འམ། ཕྱི་མའི་མཛའ་དང། ད་ལྟར་བྱུང་པའི་མཐར་མི་སྦྱོར་མི་འབྱོར་དོ་ཞེས་བྱ་བའི་བར་གྱིས་དུས་གསུམ ་གྱི་མཛའ་རྣམས་ཕན་ཚུན་སྦྱོར་བ་དམིགས་སུ་མེད་པ་བསྟན་ཏེ། དམིགས་པ་ཅན་རྣམས་ནི་སྔོན་ལས་ཅི་བྱས་པའི་འབྲས་བུ?་ད་ལྟར་བྱུང་བར་རྣམ་པར་སྦྱིན། ད་ལྟར་བྱུང་བའི་ཚེ་ལས་ཅི་བྱས་པའི་འབྲས་བུ་ཕྱི་མ་དེ་མཐར ་རྣམ་པར་སྨིན?་པས་ལས་དང་དུས་གསུམ་དངོས་པོ་ཡོད་དོ་སྙམ་དུ་རྣམ་པར་རྟོག་པ་ལས་བཟློག་པའི་ཕྱིར། དོན་དམ་པར་དུས་གསུམ་མཉམ་པ་ཉིད་དེ། དབྱེར་མེད་ཅིང་སྟོང་པ་ཉིད་ཡིན་པའི་ཕྱིར་ཕན་ཚུན་མི་སྦྱོར་མི་འབྱེད་དོ་ཞེས་བསྟན་པའོ། ། ་ཤཱ་རདྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་རྩོན་པར་བྱེད་དེ། བརྩོན་པ་དེས་ཐམས་ཅད་མཁྱེན་པ་ཉིད་འདས་པ་དང། མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ ་ནས། ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་ཐམས་ཅད་མཁྱེན་པ་ཉིད་དང་དུས་གསུམ་དུ་མི་སྦྱརོ་མི་འབྱེད་པ་བསྟན་ཏེ། དུས་གསུམ་དང་ཐམས་ཅད་མཁྱེན་པ་གཉི་ག་ཡང་དོན ་དམ་པར་ཡོད་པ་མ་ཡིན་པས། འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་དུས་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པའི་ཡུལ་དུ་མ་གྲུབ་པས་དམིགས་པར་བྱ་བ་དང། དམིགས་པར་བྱེད་པའི་མཚན་ཉིད་དུ་སྦྱོར་བའམ་འབྱེད ་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས། ཐཾས་ཅད ་མཁྱེན་པ་ཉིད་དང་བྱང་ཆུབ་ཏུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་འདུས་བྱས་དང། འདུས་མ་བྱས་པའི་ཆོས་རྣམས་དང། ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་པ་བསྟན་ཏེ། གཟུགས་ལ་སོགས་པའི་ཆོས ་རྣམས་དང། ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་དངོས་པོ་ཡོད་པས་མ་གྲུབ་པས། གཟུགས་ལ་སོགས་པའི་ཆོས་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཁྱེན་པར་བྱ་བ་སྟེ་དམིགས་པའི་ཡུལ་ཡིན། ཐམས་ཅད་མཁྱེན་པ་ནི་དམིགS ་པར་བྱེད་པ་ཡིན་ནོ་སྙམ་པ་དམིགས་པར་བྱ་བ་དང། དམིགས་པར་བྱེད་པའི་དངོས་པོར་རྟོག་པ་སྤང་བ་དང། གཟུགས་ལ་སོགས་པ་འདི་དག་སྦྱིན་པ་ལ་སོགས་པ་བསོད་ནམས་བྱ་བའི་དངོས་པོར་ཡོངས་སུ་བསྔོས་ན། ཐམས་ཅད་མཁྱེན་པ་ཉིད་ཐོབ ་པའི་རྒྱུར་འགྱུར་རོ་སྙམ་པའི་རྣམ་པར་རྟོག་པའི་སྒོ་ནས། རྒྱུ་དང་འབྲས་བུ་ལྟ་བུར་ཡོད་པའི་རྣམ་པར་རྟོག་པ་སྤངས་པས་སྦྱོར་བ་དང་འབྱེད་པ་མེད་པ་བསྟན་པ་སྟེ། དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུང་ངོ?་བཞེས་བྱ་བ་དང ་སྦྱར་རོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་ཡོད་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱར་རོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་དངོས ་པོ་མེད་པར་མི་སྦྱོར་པ་བསྟན་ཏེ། ཀུན་རྫོབ་ཏུ་ནི་དངོས་པོ་ཡོད་པའི་ཟླས་དངོས་པོ་མེད་པ་འགྲུབ། དངོས་པོ་མེད་པའི་ཟླས་དངོས་པོ་ཡོད་པར་འགྲུབ་ཀྱི། དོན་དམ་པར་གཟུགས་ལ་སོགས་པའི་དངོས་པོ་གང་ཡང་མ་གྲུབ་པས། དངོས་པོ ་མེད་པ་ཡང་དེའི་ཟླས་མི་འགྲུབ་སྟེ། དེ་བས་ན་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་གཉིས་ཕན་ཚུན་བལྟོས་པའི་ཚུལ་གྱིས་མི་སྦྱོར་རོ་ཞེས་བྱ་བའི་དོན་ཏོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་? ་མཁྱེན་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་བའི་ཆོས་ཐམས་ཅད་ལ། མུ་སྟེགས་ཅན་ཁ་ཅིག་ནི་རྟག་པར་རྟོག་།ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མི་རྟག་པར་རྟོག་སྟེ། དེ་དག་གི ་མཛའ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་མ་གྲུབ་པས། རྟག་པ་དང་མི་རྟག་ཅེས་མི་རྟོག་པ་ཉིད་ལ་མི་སྦྱོར་བ་ཞེས་བྱའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བ་དེའོ་ཞེས་བྱ་བར་མི་སྦྱོར་རོ། ། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་གཟུགས་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མུ་སྟེགས་ཅན་ཁ་ཅིག་ནི་བདེ་བར་རྟོག་།ཉོན་ཐོས ་དང་རང་སངས་རྒྱས་རྣམས་ནི་སྡུག་བསྔལ་དུ་རྣམ་པར་རྟོག་པ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས། དེ་ལ་བདེ་བ་དང་སྡུག་བསྔལ་དུ་རྟོག་པ་ཡང་མི་འབྱུང་བ་བསྟན ་ཏོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར ་དུ་ཡང་མུ་སྟེགས་ཅན་རྣམས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བདག་ཡོད་པར་རྟོག་།ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བདག་མེད་པར་རྟོག་སྟེ། མཛའ་དེ་གཉིས་ལས་བཟློག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་སྤྱོད་པ། བདག་དང་བདག་མེད་པ་གཉི་གང་མི་རྟོག་གོ་ཞེས་བསྟན་པའོ། །གཟུགས་ནི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བའི་བར་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ། ཞི་བ་དང་མི་ཞི་བ་རྣམ་པར་རྟོག་པ་སྤང་བས། བརྩོན་པའི་མཚན་ཉིད་བཤད་དེ། དོན་དམ་པར་གཟུགས་ལ་སོགས་པའི་དངོས་པོ་མ་གྲུབ ་པས། དེ་དག་གི་ཡོན་ཏན་ཞི་བ་ཞེས་བྱ་བ་འམ། མ?་ཞི?་བ་ཞེས་བྱ་བར་རྟག་ཏུ་མེད་པའི་ཕྱིར་རོ། །གཟུགས་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ། སྨོན་པ་མེད་ཅེས ་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དངོས་པོར་རྟོག་པ་ལས་བཟློག་སྟེ ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དངོས་པོ་ཡོད་པར་རྟོགས་པས་ཀྱང་མི་བརྩོན་ལ། རྣམ་པར་ཐར་པའི་སྒོ་གསུམ་དངོས་པོ་མེད་པར་རྟོགས་པས་ཀྱང་མི་བརྩོན་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ཆུད་དོ་ཞེས་བསྟན་པ་སྟེ། དེ་ལ་གཟུགས་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་ ་པའི་བར་དུ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ། སྟོང་པ་དང་མི་སྟོང་པར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི ་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལ། མཚན་མ་ཡོད་པ་དང་མཚན་མེད་པར་རྣམ ་པར་རྟོག་པ་སྤང་བའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བའམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ། སྨོན་པ་མེད་ཅེས ་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་ཐར་པའི་སྒོ་སྒྲོན་པ་མེད་པ་ལ། སྨོན་པ་ཡོད་པ་དང། སྟོན་པ་མེད་པར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པའོ། །གཟུགས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར ་མི་སྦྱོར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་ཞེས་བྱ་བ་འམ། འགག་ཅེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ཆོས་རྣམས་ལ་སྐྱེ་བ་དང་འགག་པར་རྣམ་པར་རྟོག་པ་ཡོངས་སུ་སྤང་བའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན ་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་གི་ཆོས་ཉིད་སྐྱེ་བ་འམ། འགག་པ་ཡང་མི་འགྲུབ་པའི་ཕྱིར་རོ། །གཟུགས་འདས་ཞེས་བྱ་བར་མི་སྦྱོར་རོ། །མ་འོངས་ཞེས་བྱ་བར་མི་སྦྱོར ་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་ཞེས་བྱ་བར་མི་སྦྱོར་རོ། །མ་འོངས་ཞེས་བྱ་བར་མི་སྦྱོར་རོ། །ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི། དུས་གསུམ་གྱི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི ་བྱེ་བྲག་ལ། རྣམ་པར་རྟོག་པ་སྤང་པའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། ཉན་ཐོས་རྣམ་པར་སྨྲ་བ་པ་ཐམས་ཅད་ཡོད་པར་སྨྲ་པ་ལ་སོགས་པ། འདས་པའི་གཟུགས་ནི་བྱ་བ་བྱས་ཟིན་པའི་དངོས་པོར་ཡོད། མ་འོངས་པའི་གཟུགས་ནི་བྱ་བ་བྱེད ་བར་འགྱུར་བའི་དངོས་པོར་ཡོད། ད་ལྟར་བྱུང་བའི་གཟུགས་ནི་བྱ་བ་བྱེད་པའི་དངོས་པོར་ཡོད་དོ་ཞེས་སྨྲ་ཞིང་རྟོག་པ་ལས་བཟློག་པའི་ཕྱིར། གཟུགས་ཉིད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། གཟུགས་ཀྱི་ཡོན་ཏན་དང། བྱེ་བྲག ་བྱ་བ་བྱས་ཟིན་པ་དང། བྱ་བ་བྱེད་པར་འགྱུར་བ་དང། བྱ་བ་བྱེད་པའི་དངོས་པོར་མི་འགྲུབ་སྟེ། དེ་ལྟར་མཚན་མར་མི་འཛིན་པའི་ཕྱིར་དུས་གསུམ་ལ་མི་སྦྱོར་རོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྦྱར་བར་བྱའོ། །གཟུགས ་བརྟན་ཞེས་བྱ་བ་འམ། མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྟན་ཞེས་བྱ་བའམ། མི་བརྟན་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བའི་བར་དུ། སོ་སོའི་སྐྱེ་བོ་རྣམས་ནི་གཟུགས་ལ་སོགས་པའི་ཆོས་རྣམས ་བསྟན་པ་དང་སྙིང་པོ་ཡོད་པར་ལྟ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མི་བརྟན་ཞིང་སྙིང་པོ་མེད་པ་དང། གསོབ་གསོག་ལྟ་བུར་ལྟ་བ་ལས་བཟློག་པའི་ཕྱིར། གཟུགས་ལ་སོགས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ ་པས། །དེ་དག་གི་ཡོན་ཏན་དང། སྐྱོན་བསྟན་པ་དང། མི་བསྟན་པ་ཡང་དངོས་པོ་མེད་པའི་ཕྱིར་དེ་ལྟ་བུར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཟུགས་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར ་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གཟུགས་ཡོད་ཅེས་བྱ་པ་འམ། མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་ཅེས་བྱ་བ་འམ། མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ་ཞེས་བྱ་བའི་བར་དུ ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ། ཡོད་པ་དང་མེད་པའི་མཐར་རྟོག་པ་སྤང་བའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པ་སྟེ། མི་སྦྱོར་ཞེས་བྱ་བ་ནི་ཡོད་མེད་ཀྱི་མཐར་རྟོག་པ་དང་བཅས་པས་བརྩོན་པར་མི ་བྱེད་པའོ། །མི་འབྱེད་ཅེས་བྱ་བ་ནི་དེ་ལས་བཟློག་པ་སྟེ། མི་སྦྱོར་བར་ཡང་མི་བྱེད་དོ་ཞེས་བྱ་བའི་དོན་ཏེ། ཀུན་རྫོབ་ཏུ་ཆོས་རྣམས་ཡོད་པ་དང། མེད་པའི་མཚན་ཉིད་ཤེས་པར་བྱས་ནས། ཐབས་མཁས་པས་དེ་ལ་མ་ཆགས་པར་བརྩོན་པར ་བྱ་དགོས་པའི་ཕྱིར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་ཅེས་བྱ་བར་མི་དམིགས་སོ། །མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ ་ཡང་མ་ཡིན་ཞེས་ཞེས་བྱ་བར་མི་དམིགས་སོ། །ཞེས་བྱ་བ་ནི་སྤྱོད་པ་དང་མི་སྤྱོད་པ་ལ་སོགས་པའི་མཚན་ཉིད་རྣམ་པ་བཞིར་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། དེ་ལ་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི ་གོང་དུ་བཤད་པའི་ཚུལ་ལྟར་སྤྱོད་ཅིང་བརྩོན་པའི་མཚན་ཉིད་དང་ལྡན་པ་ལ་ཡང་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དོ་ཞེས་མཚན་མར་ཡང་མི་འཛིན་པའོ། །མི་སྤྱོད་ཅེས་བྱ་བར་ཡང་མི་དམིགས་སོ་ཞེས་བྱ་བ་ནི་གོང ་མ་ལས་བཟློག་པ་སྟེ། བརྩོན་པའི་མཚན་ཉིད་དང་མི་ལྡན་པ་ལ་ཡང་འདིས་སྤྱོད་པ་འམ། བརྩོན་པར་མི་ཆུད་དོ་ཞེས་ཀྱང་མཚན་མར་མི་འཛིན་པའོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི། ཀུན ་རྫོབ་ཏུ་སྤྱོད་པར་ཡང་ཆུད་ལ། དོན་དམ་པར་སྤྱོད་པར་མི་ཆུང་དོ་ཞེས་བྱ་བའི་མཚན་མར་ཡང་མི་འཛིན་པའོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་དང་པོ་ལས་ལྟ་འོག ་སྤོས་པ་སྟེ། དོན་དམ་པར་སྤྱོད་པ་ཡང་མ་ཡིན་ལ། ཀུན་རྫོབ་ཏུ་མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་མཚན་མར་མི་འཛིན་པ་སྟེ། དེ་ལྟར་རྣམ་པར་རྟོག་པ་བཞིར་མི་འཇུག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་མཚན་ཉིད་དུ་ཆུད་དོ་ཞེས ་བྱ་བའི་དོན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཡང་དག་པའི་མཛའ་ཨི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི ་ཆོས་རྣམ་པ་ཐ་དད་པར་རྟོག་པ་སྤང་བའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་ཐ་དད་པ་མེད་པ་ལ་ཐ་དད་དུ་འཛིན་པ་མི་འཐད་པའི་ཕྱིར་རོ། །དེ་བས་ན་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཆོས་གང་ལ་ཡང་ཐ་དད་པ་འམ། བྱེ་བྲག་གམ། ཁྱད་པར་དུ་ལྟ་བ་མེད་དེ་ཞེས་བྱ་བའི་གཏན་ཚིགས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ ་སོགས་པ་དངོས་པོ་ཐ་དང་པ་དག་ཅིག་ཡོད་ན་ནི། གཅིག་བསྒྲུབ་པའི་ཕྱིར་གཅིག་ལ་སྤྱད་ཅེས་བྱང་རུང་ན། ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་དབྱེར་མེད་པའི་ཕྱིར། གཅིག་གི་དོན་དུ་གཅིག་ལ་མི་སྤྱོད་དོ་ཞེས་བྱ་པའི་དོན་ཏོ། །དེ ་ལྷའི་མིག་གདོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཟག་བཟད་པའི་ཡེ་ཤེས་ཀིས་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་དུ་མངོན་པར་ཤེས་པ་ལ་བརྩོན་པའི་རྣམ་པར་རྟོག་པ་སྤང་བའི ་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན་ཞེས་བྱ་བ་ལ་སོགས་པས་མངོན་པར་ཤེས་པའི་ཆོས ་རྣམས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་དོན་དམ་པར་མ་གྲུབ་པའི་གཏན་ཚིགས་བསྟན་པ་སྟེ། ཐ་དད་དུ་དབྱེར་མེད་པ་ནི་གོང་དུ་བཤད་པ་དང་འདྲའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆུབ་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་བདག་གིས་རྫུ་འཕྲུལ་གྱི་རྐང་པ་ལ་གནས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནི། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས ་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་གུ་བྱའོ། །མཆོད་པར་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནས། སེམས་ཅན་གྲངས་མེད་ཚད་མེད་པ་དག་བདག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་མི་སེམས་ཏེ། ་ཞེས་བྱ་བའི་བར་དུ་མངོན་པར་ཤེས་པ་དྲུག་ཐོབ་པའི་མཐུས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་ཅིང་བཀུར་སྟི་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་རྣམ་པར་རྟོག་པ་སྤང་པའི་སྒོ་ནས། བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཞན ་ནི་རང་ལོག་ཏུ་ཟད་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཟག་པ་ཟད་པ་ངོན་པར་ཤེས་པ་དང་སྦྱར་རོ། །བདུད་གྲགས་ཚོལ་ཞིང་ཉམས་བསྟོད་པ་རྣམས་ཀྱིས་གླགས་མི་རྙེད་དེ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང ་ནམ་ཡང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་བརྩོན་པའི་མཚན་ཉིད་གོང་དུ་སྨོས་པ་རྣམས་དང་ལྡན་པའི་ཕན་ཡོན་བསྟན་པ་སྟེ། ཕན་ཡོན་དེ་ཡང་བདུད་ཀྱིས་གླགས་མི་རྙེད་པའི་ཕན་ཡོན་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་དོན་གྲུབ་པ་རྣམས་ལྷུན་གྱིས་འགྲུབ་པ་དང། ཉོན་མོངས་པ་ཐམས་ཅད་སེལ་བ་དང། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བ་ལས་ཡོངས་སུ་བསྲུང་བ་དང། འཇིག་རྟེན་པའི་ལྷ ་ཐམས་ཅད་བྲ་དུ་གཅོད་པ་ལས་ཡོངས་སུ་བསྲུང་པ་དང། ལུས་ཀྱི་སྐྱོན་ཐམས་ཅད་མེད་པར་འགྱུར་བ་དང། གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་སྒོ་མངོན་དུ་འགྱུར་བ་དང། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་མཉེས་པར་བྱེད་ཅིང་སངས་རྒྱས་དང ་འབྲལ་བར་མི་འགྱུར་བ་དང་བརྒྱད་དེ། དེ་ལ་བདུད་གླགས་འཚལ་ཞིང་ཉམས་བསྐྱོད་པ་རྣམས་ཀྱི་གླགས་མི་རྙེད་དེ་ཞེས་བྱ་བས་ནི་བདུད་ཀྱིས་གླུགས་མི་རྙེད་པའི་ཕན་ཡོན་བསྟན་ཏེ?། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་གང་ཇི་སྙེད ་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷུན་གྱིས་གྲུབ་པ་དང། ཡོངས་སུ་བརྟག་པ་མེད་པར་འཐུན་པར་འགྲུབ་བོ་ཞེས་བྱ་བས་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་རྣམས་ལྷུན་གྱིས་གྲུབ་པའི་ཕན་ཡོན་བསྟན་ཏོ། ཡོངས་སུ་བསྟག་པ ་མེད་པར་ཞེས་བྱ་བ་ནི་དོགས་པ་འམ་ཐེ་ཚོམ་མེད་པར་འགྲུབ་པོ་ཞེས་བྱ་བའི་དོན་ཏེ། །འཇིག་རྟེན་པའི་ཉོན་མོངས་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བསལ་བར་འགྱུར་རོ་ཞེས་བྱ་བས་ནི། འཇིག་རྟེན་པའི་ཉོན་མོངས་པ་ཐམས་ཅད ་སེལ་བའི་ཕན་ཡོན་བསྟན་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་ཞེས་བྱ་བ་ལ་སོགས་པས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཉན ་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བ་ལས་ཡོངས་སུ་སྲུང་བའི་ཕན་ཡོན་བསྟན་ཏོ། །རྒྱལ་པོ་ཆེན་པོ་བཞི་དང། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཞེས་བྱ་བ་ལ་སོགས་པས་ནི། འཇིག་རྟེན་པའི་ལྷ་རྣམས་པར་དུ་གཅོད་པ་ལས་སྲུང་པའི་ཕན ་ཡོན་བསྟན་ཏོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བས་ནི། ལུས་ལ་སྐྱོན་མེད་པའི་ཕན་ཡོན་བསྟན་ཏོ། །གཟུགས་ཀྱི་སྒོ་དང། ཏིང་ངེ་འཛིན ་གྱི་སྒོ་དང། སྤོབས་པ་དང། སོ་སོ་ཡང་དག་པར་རིག་པའི་སྒོ་དག་ཀྱང་ཚོགས་མི་ཆེ་བར་མངོན་དུ་འགྱུར་རོ་ཞེས་བྱ་བས་ནི་གཟུགས་དང་ཏིང་ངེ་འཛིན?་ལ་སོགས་པའི་སྒོ་འགྲུབ་པའི་ཕན་ཡོན་བསྟན་ཏེ། ཆོ་གས་མི་ཆེ་བ་ཞེས་བྱ་བ་ནི ་ཉོན་མོངས་ཤིང་འབད་མི་གོས་པར་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་མཉེས་པར་བྱེད་ཅིང་སངས་རྒྱས་དང་འབྲལ་པར་མི་འགྱུར་པའི་ཕན་ཡོན་བསྟན་ཏོ། །ཤཱ་རདྭཱ ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་ཆོས་གང་ལ་ལ་ཞེས་བྱ་བ་ལ་སོགས་པས་ཆོས་རྣམས་འདུ་བ་དང་འབྲལ་བར་རྣམ་པར་རྟོག་པ་སྤང་པའི་སྒོ ་ནས། བརྩོན་པའི་མཚན་ཉིད་བསྟན་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གང་ཡང་དོན་དམ་པར་ཡོད་པར་མ་གྲུབ་པས། འདུ་བ་དང་འབྲལ་བ་ལ་སོགས་པ་ཡང་མི་འགྲུབ་སྟེ། ཕྲག་པ་འམ་མི་འཕྲད་པ་ཞེས་བྱ་བ་ཡང་འདུ་བ་དང ་འབྲལ་བའི་རྣམ་གྲངས་ཙམ་དུ་ཟད་དོ། །འདི་སྙམ་དུ་བདག་གིས་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པར་འགྱུར་རམ། འོན་ཏམ་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ་ཞེས་བྱ་བས་ནི་མངོན་པར་འཚང་རྒྱ་བ་རྣམ་པར་རྟོག་པ་སྤང་བའི་སྒོ ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། དོན་དཾ་བར་མངོན་པར་འཚང་རྒྱ་བར་བྱེད་པ་དང། མངོན་པར་འཚང་རྒྱ་བར་བྱ་བ་ནི་?་འགྲུབ་པའི་ཕྱིར་རོ། །ཆོས་གང་ཡང་ཆོས་ཀྱི་དབྱིངས་དང་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཞེས་བྱ་བ་ཡང་དོན་གོང་མ་ཉིད་གསལ་པར་སྟོན་པ་སྟེ། ཆོས་ཀྱི ་དབྱིངས་ཞེས་བྱ་བ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་དང་ཐ་མི་དད་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བའ་དོན་ཏོ། །ཆོས་ཀྱི་དབྱིངས་དང་ཆོས་རྣམས་སུ་བྱེ་བྲག་ཏུ་བྱ་བ་མི་བྱེད་དེ་ཞེས་བྱ་བ་ནི་དོན་དམ་པར་ཆོས་རྣམས་ཐམས་ཅད་ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་དུ་རོ་གཅིག་པས་མཚན་ཉིད་བྱེ་བྲག་ཏུ་དབྱེར་མེད་དོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འགྱུར་རམ། འོ་ན་ཏམ་ཁོང་དུ་ཆུད་པར་མི་འགྱུར་ཞེས་བྱ་བར་མི་སེམས་ཏེ་ཞེས་བྱ་བར་ནི་ཆོས་ཀྱི་དབྱིངས་དང་བདག་གཉིས་དབྱེར་མེད་པས་ཁོང་དུ ་ཆུད་པར་བྱེད་པ་དང་ཁོང་དུ་ཆུད་པར་བྱ་བ་མི་དམིགས་པའི་ཕྱིར་ཏེ། དེ་བས་ན་དེ་ནི་འདི་ལྟར་དེས་ཆོས་གང་གིས་ཆོས་གང་ཁོང་དུ་ཆུད་པར་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་དག་པར་རྗེས་སུ་མཐོང་བ་མེད་དོ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་ཏོ། །དེ་ཡང་འདི ་ལྟར་དེ་ནི་ཆོས་ཀྱི་དབྱིངས་སྟོང་པ་ཞེས་བྱ་བར་མི་སྦྱོར། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་དབྱིངས་རྟོག་པར་བྱེར་ཡང་མེད་པས་སྟོང་པ་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་རྟོག་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་དང་སྟོང་པ་ཉིད་དུ་མི ་སྦྱོར་སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར་རོ་ཞེས་བྱ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར་སྟོང་པ་ཉིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ་ཞེས་བྱ་བའི་བར་དུ་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་ཆོས་རྣམས་སྟོང་པ་ཉིད ་དང་སྦྱོར་བའི་རྣམ་པར་རྟོག་པ་སྤང་བའི་སྒོ་ནས་བརྩོན་པའི་མཚན་ཉིད་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། སྟོང་པ་དང་ཐ་མི་དད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤའ་རདྭཱ་ཏིའི་བུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར ་འདི་ནི་རྣལ་འབྱོར་དམ་པ་སྟེ། ཞེས་བྱ་བ་དེའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་དངོས་པོར་ཡོད་པར་ལྟ་ཞིང། མཚན་མར་འཛིན་པ་རྣམས་ནི་གཟུགས་ལ་སོགས་པ་དང་སྟོང་པ་ཉིད་དུ་སྦྱོར་བར་སྲིད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣལ ་འབྱོར་འདི་ལ་གནས་པ་ནི། མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་རྣལ་འབྱོར་དམ་པ་སྟེ། དེའི་ཕྱིར་དེ་ལྟ་བུར་སྦྱོར་པ་མེད་དོ། །ཞེས་བྱ་བའི་དོན་ཏོ། །ཤཱ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ནི། ཉན་ཐོས་ཀྱི་ས་འམ ་རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་བརྩོན་པའི་མཚན་ཉིད་དང་ལྡན་པའི་ཕན་ཡོན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང། སེམས་ཅན་ཡང ་སུ་སྨིན་པར་བྱེད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་འཚང་རྒྱ་བར་གྱུར་པ་རྣམས་བསྟན་ཏོ། །ཤཱ་རདྒཱ་ཏིའི་བུ་རྣལ་འབྱོར་དུ་བྱ་བ་གང་ཅི་ཡང་རུང་སྟེ། དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་རབ ་ཅེས་བྱ། མཆོག་ཅེས་བྱ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བརྩོན་པའི་ཕན་ཡོན་གོང་དུ་སྨོས་པ་རྣམས་དང་ལྡན་པའི་ཕྱིར། ཉན་ཐོས་དང་སངས་རྒྱས་ལ་སོགས་པའི་རྣལ་འབྱོར་གང་བས་ཀྱང་ལྷག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་བརྩོན་ཞིང། རྣལ་འབྱོར་དུ་བྱེད་པ་འདི་རབ་དང་མཆོག་ལ་སོགས་པར་འགྱུར་ཏེ། རབ་ཅེས་བྱ་བ་དང་མཆོག་ཅེས་བྱ་བ་ལ་སོགས་པ་ནི་བཟང་བའི་རྣམ་གྲངས་ཙམ་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པས། རྣལ་འབྱོར་དེ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། དེ་ལྟར་བརྩོན་ཞིང་རྣལ་འབྱོར་དུ་བྱེད་པ་ནི། བྱང ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལུང་བསྟན་པ་ཞེས་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་བའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། དེ་ལྟར་བརྩོན་ཞིང་རྣལ་འབྱོར་དུ་བྱེད་པ་ནི། བྱང ་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ཐོབ་ཅིང་སངས་རྒྱས་སུ་ལུང་བསྟན་པ་དང། རིང་པོར་མི་ཐོགས་པར་མངོན་བར་འཚང་རྒྱ་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤཱ་རདྭཱ་ཏའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ནི། སེམས་ཅན་ཚད་མེད་གྲངས་མེད་པའི་དོན་བྱེད་ཀྱང་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བའི་བར་དུ་དེ་ལྟར་བརྩོན་པའི་ཡོན་ཏན་ལུང་བསྟན་པ་ལ་སོགས་པ་དང་ལྡན་ཡང། བདག་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་བརྩོན་པ་ཡིན་ནོ་སྙམ་འམ། ལུང་བསྟན་པ་ཡིན་ནོ་སྙམ་འམ། ལུང་བསྟན་པ་ལ་ཉེ་བར་གྱུར་པ་ཡིན་ནོ་སྙམ་འམ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་སྙམ་འམ། སེམས་ཅན་ཡོངས་སུ་སྨིན་པར་བྱའོ་སྙམ་འམ། བདག་སངས་རྒྱས ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མཚན་མར་འཛིན་ཅིང། རློམ་སེམས་སུ་འགྱུར་བ་མེད་པའི་ཕན་ཡོན་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ལ་བྱེ་བྲག་ཏུ་འབྱེད་པ་མེད་དོ་ཞེས་བྱ་བ་ནས། དེ་ལྟ་བུའི་ཆོས་གཞན་ཏུ་འབྱེད་པ་མེད་དོ་ཞེས་བྱ་བ་ནས། དེ་ལྟ་བུའི་ཆོས་གཞན་བར་གྱིས། དེ་ལྟར་རློམ་སེམས་མི་སྐྱེ་བའི་གཏན་ཚིགས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན ་གྱི་འདུ་ཤེས་མི་སྐྱེའོ་ཞེས་བྱ་བ་ནས། མཐོང་བ་པོའི་འདུ་ཤེས་མི་སྐྱེའོ་ཞེས་བྱ་བའི་བར་གྱིས་རློམ་སེམས་མི་འབྱུང་བའི་གཏན་ཚིགས་བསྟན་ཏེ། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་ཏུ་ལྟ་བ་རྣམ་པ་མང་པོ་མིང་གིས་སྨོས་པ་རྣམས ་ལས་འགའ་ཞིག་གི་འདུ་ཤེས་སྐྱེ་ན་ནི། རློམ་སེམས་ཀྱང་སྐྱེ་ན། བདག་ཏུ་ལྟ་བ་དེ་རྣམས་གང་དུ་ཡང་འདུ་ཤེས་མི་སྐྱེ་བས། དེ་ལྟ་བུའི་རློམ་སེམས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད ་ཅིང་འགག་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པས་བདག་ཏུ་འདུ་ཤེས་མི་སྐྱེ་བའི་གཏན་ཚོགས་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཞེས་བྱ་བ་ལ་སོགས་པས། དེ་ལྟར་བདག་ཏུ་ལྟ་བའི་འདུ་ཤེས་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མཚན་ཉིད་དང་རྣམ་གྲངས་བསྟན་ཏེ། ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་སྟེ། ཞེས་བྱ་བ་ལ་སོགས་པས་དེ་ལྟར་སྐྱེ་བ་མེད་པ་དང། འགག་པ་མེད་པ་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འཇིག་རྟེན་པ་དང། ཉན་ཐོས་དང ་རང་སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ལས་འཕགས་པའི་ཕྱིར་རྣལ་འབྱོར་དམ་པ་ཞེས་བྱ་སྟེ། དེ་བས་ན་དེས་དེ་མ་ཡིན་པའི་རྣལ་འབྱོར་རྣམས་ཟིལ་གྱིས་མནན་ཏུ་གནས་སོ། །ཞེས་བྱ་བ་གསུངས་ཏེ། དེ་མ་ཡིན་པའི་རྣལ་འབྱོར་ཞེས་བྱ་བ་ནི། ་འཇིག་རྟེན་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣལ་འབྱོར་ཏོ། དེ་དག་ལས་འཕགས་པའི་ཕྱིར་ཟིལ་གྱིས་མནན་ཏེ་གནས་སོ་ཞེས་བཤད་པའོ། །ཤཱ་རདྭཱ་ཏིའི་བུ་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི ་དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་པོ་ཞེས་བྱ་བ་ལ་སོགས་པས། རྣལ་འབྱོར་དམ་པ་དེ་ལ་སྤྱོད་པའི་ཡོན་ཏན་བསྟན་པ་སྟེ། ཡོན་ཏན་དེ་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན ་ཏན་རྣམས་སྒྲུབ་ནུས་པ་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་མེད་པ་བསྟན་ཏེ། འདི་ཡང་ཆད་དུ་བརྩོན་པ་རྣམས་ཀྱི་མཚན་ཉིད་དུ་བཤད་ཟིན་ཏོ། །ད་ནི ་བརྩོན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། གནས་བརྟན་ཤཱ་རིའི་བུས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་སྦྱོད་པ་དེ། གང་ནས་ཚེ་འཕོས་ཏེ ་འདོར་སྐྱེས་པ་ལགས། འདི་ནས་ཚེ་འཕོས་ནས་གང་དུ་སྐྱེ་བར་འགྱུར་ཞེས་གནས་གང་ནས་ལྷགས་པ་དང། གནས་གར་སྐྱེ་བའ་ས་ཕྱོགས་ཞུས་པ་དང། དེའི་ལན་དུ་གནས་གང་ནས་ལྷགས་པ་བསྟན་པའི་ཕྱིར། ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་རྣམ་པར་སྤྱོད་པ་དེ་ནི། སངས་རྒྱས་གྱི་ཞིང་གཞན་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་འམ། དགའ་ལྡན་གྱི་ལྟའི་རིས་དང། མིའི་ནང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པར་ཤེས་པར ་བྱའོ་ཞེས་བཀའ་སྩལ་ཏེ། དེ་ལྟར་གནས་གང་ནས་ལྷག་པའི་ས་ཕྱོགས་སྤྱིར་བསྟན་ནས། ཤཱ་རདྭཱ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཚེ་འཕོས་ཏེ། འདིར་སྐྱེས་པ་དེ་ནི་ཞེས་བྱ་བ་ལ་སོགས་པས ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་རྣམས་ཀྱི་རབ་ཏུ་དབྱེ་བ་མདོར་བསྡུས་ནས། རབ་འབྲིང་རྣམ་པ་གསུམ་དུ་ཕྱི་སྟེ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས ་ཀྱི་ཞིང་གཞན་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་དེ་ནི་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ ་རྣོན་པོ་མཆོག་རྣམས་བསྟན་དེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་བའི་ཤུགས་ཀྱིས། འདིར་སྐྱེས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་མྱུར་དུ་འགྲུབ་པ་དང། འདི་ནས་ཆོ་འཕོས ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཟབ་མོ་འདི་མངོན་སུམ་དུ་འགྱུར་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་མཉམ་པར་འཇོག་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་དང། སངས་རྒྱས་དེ་རྣམས་ལ་བསྙེན ་བཀུར་བྱེད་ནུས་པར་འགྱུར་བ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ། རྣལ་འབྱོར་མྱུར་དུ་འགྲུབ་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟམ་མོ་བསྒོམ་? ་བརྩོན་པར་བྱེད་པ་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ། སེམས་རྩེ་གཅིག་ཏུ་གནས་ཤིང་བསམ་གཏན་ལས་སུ་རུང་སྟེ། བསམ་གཏན་གྱི་ཉམས་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགའ་ལྡན་གྱི་ལྷའི་རིས་ནས། ཚེ་འཕོས་ནས་འདིར་སྐྱེས་པ་དེ་ནི་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཉམས་པ་མེད་པའོ། །གཟུངས་ཀྱི་སྒོ་དང། ཏིང་ངེ་འཛིན་གྱི་སྒོ ་ཐམས་ཅད་ཀྱང་དེར་མ་འདུས་པ་མེད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནང་ནས། ཤེས་རབ་འབྲིང་དང་ལྡན་པ་རྣམས་བསྟན་ཏེ། དེ་དག་གི་དགའ་ལྡན་ལྷའི་རས་ནས་ཚེ་འཕོས་ནས་སངས་རྒྱས་ཀྱི་ཞིང ་འདིར་སྐྱེ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་མི་ཉམས་པ་དང། གཟུངས་དང་ཏིང་དེ་འཛིན་གྱི་སྒོ་ཐམས་ཅད་དང་ལྡན་པ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཤཱ་ར་དྭཱཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཚེ ་འཕོས་ནས་མི་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཞེས་བྱ་བ་ནས། དེ་ལ་གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ནང་ནས། ་ཤེས་རབ་རྟུལ་པོ་ཐ་མ་རྣམས་བསྟན་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་ཞེས་བྱ་བ་ནི། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཁ་ཅིག་སེམས་ཅན་གྱི་དོན་གྱི་དབང་གིས ་མིའི་ནང་དུ་སྐྱེ་ཞིང་ཚེ་འཕོ་བ་དག་ཀྱང་ཡོད་དེ། དེ་དག་ནི་དབང་པོ་རྟུལ་བོ་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་ཡང་མཉམ་པར་འཇོག་ནུས་ཤིང། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་འཐོབ་པར་ནུས་ཀྱི་དེ་ལ་མ་གཏོགས ་བ་དགེ་བའི་ལས་དང་བསོད་ནམས་ཀྱི་དབང་གིས་མིའི་ནང་ནས་ཚེ་འཕོས་ཏེ། མིའི་ནང་དུ་སྐྱེས་པ་ཁ་ཅིག་ནི་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཡང་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་མ་བྱས་པ་དང། རང་བཞིན་གྱིས་དབང ་པོ་བརྟུལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་མྱུར་དུ་མཉམ་པར་འཇོག་མི་ནུས་ལ། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་བསྟན་པ་སྟེ། མྱུར་དུ་མངོན་དུ་མི་འགྱུར་རོ་ཞེས་འབྱུང་བ་དང་སྦྱར་ན། ཚེ ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པ་ལ་སོགས་ཀྱིས་འགྱུར་རོ་ཞེས་བྱ་བའི་དོན་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་གང་ཁྱོད་ཀྱིས་དེ་སྐད་དུ་ཞེས་བྱ་བ་ནས། སངས་རྒྱས ་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ཞུས་པའི་ལན་རབ་འབྲིང་གསུམ་དུ་རྣམ་པར་ཕྱེ་སྟེ་བསྟན་ནས། མདོར་བསྡུས་ཏེ་ལན་བཏབ་པ་དེ་ཡིན་ནོ་ཞེས་བྱ་བ་བཀའ་སྩལ་པའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་ཞེས་བྱ་བ་ལ་སོགས་པ་ནི་བརྩོན་པ་རྣམས་ཀྱིས་རབ་ཏུ་དབྱེ་བ་རྒྱས་པར་བསྟན་པ་སྟེ། དེ་དག་ཀྱང་ཐབས་ལ་མཁས་མི་མཁས་དང། དབང་པོ་རྣོ་རྟུལ་དང། སྤྱོད་པའི་ཁྱད་པར་ལས ་རྣམ་པ་བཞི་བཅུ་རྩ་ལྔ་ཡོད་པར་ཤེས་པར་བྱ་སྟེ། དེ་དག་ཀྱང་གང་ཞེ་ན། ཐབས་ལ་མི་མཁས་པ་དག་བསམ་གཏན་དང་པོ་ལ་ཡང་མཉམ་པར་གཞོག་ཅེས་བྱ་བ་ནས། དེ་དག་དབང་པོ་རྟུལ་ཞིང་མི་རྣོ་བ་ཡང་ཡོད་དོ་ཞེས་བྱ་བའི་བར་གྱིས་ནི། ་དབང་པོ་རྟུལ་པོ་ཐབས་ལ་མི་མཁས་པ། བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པའི་རྒྱུས། ལྷ་ཚེ་རིང་པོར་སྐྱེ་བ་དག་ཀྱང་ཡོད་དོ། །དེར་སྐྱེས་པའི་རྒྱུས་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུརུ་བྱེད་ན་ཡང་དབང་པོ ་རྟུལ་པོར་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་དང་པོ་སྟེ་རྣམ་པ་གཅིག་གོ་།ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་ཡང་མཉམ་པར་གཞོག་ལ་ཞེས་བྱ་བ་ནས། དེ་དག་ཀྱང་? ་པོ་རྟུལ་བ་ཡིན་ཏེ། དབང་པོ་རྣོ་བ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི། དབང་པོ་བརྟུལ་པོ་ཐབས་དང་མི་ལྡན་པ་བསམ་གཏན་ཐོབ་པའི་རྒྱུས། གཟུགས་ཀྱི་ཁམས་ཀྱི་ལྟར་མི་སྐྱེ་བར། འདོད་པའི་ཁམས་སུ་མིའི་ནང་དུ་སྐྱེ་བ་དག་ཀྱང་ཡོད་དེ་ཞེས ་བསྟན་པ་སྟེ། དོ་ནི་གཉིས་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག་ཅེས་བྱ་བ་ནས། བསྐལ་བ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་བསམ་གཏན་དང། ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་ཡང་སྤྱད་ནས། བསམ་གཏན་གྱི་དབང་གིས ་ལྷར་སྐྱེ་བ་སྤངས་ཏེ། སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་དང། སངས་རྒྱས་མཉེས་པར་བྱ་བ་ལ་བརྩོན་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེས་ནས། བསྐལ་པ་བཟང་པོ་འདི་ཉིད་ལ་མངོན་པར་འཚང་རྒྱབ་དག་ཀྱང་ཡོད་དོ ་ཞེས་བསྟན་པ་སྟེ། དེ་ནི་གསུམ་པའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེས་བྱ་བ་ནས། དེ་ཡང་སྲིད་པ་ལ་འགག་པའི་ཕྱིར་མ་ཡིན་གྱི། སེམས་ཅན? ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང། དེ་དག་གི་དབང་གིས་ལྷར་མི་སྐྱེ་བར་སེམས་ཅན་གྱི་དོན་དུ་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། ་དེ་ནི་བཞི་པའོ། །ཤཱ་རརྭཱ་ཏིའི་བུ་འདི་ལྟར་ཡང། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག ་ཀྱང། ཐབས་མཁས་པས་བསམ་གཏན་དང་ཏིང་ངེ་འཛིན་གྱི་དབང་གིས་ལྷ་ཚེ་རིང་པོར་མི་སྐྱེ་བར། སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་ཀྱི་ལྷའི་རིས་དྲུག་ཏུ་སྐྱེ་སྟེ། མཐུ་ཕུན་སུམ་ཚོགས་པ་ལ་གནས་ནས་སེམས་ཅན་ཡོངས་སུ་སྨིན་པར ་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། སངས་རྒྱས་མཉེས་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ལྔ་པ་སྟེ། ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པ་དག་ཐབས་མཁས་པས་བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག་ཅེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ ་གསོལ་བ་གདབ་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི། ཐབས་མཁས་པས་སེམས་ཅན་དོན་དུ། ཚངས་པའི་འཇིག་རྟེན་དུ་སྐྱེས་ནས། རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་ཆོས་ཉན་པ་དང། སངས་རྒྱས་མཉེས་པར ་བྱེད་པ་ལ་བརྩོན་པ་དང། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་དྲུག་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་དང་ཏིང་ངེ་འཛིན་ལ་སོགས་པ ་ལ་སྙོམས་པར་འཇུག་ཀྱང། དེ་དག་གི་དབང་གིས་ལྷ་ཚེ་རིང་པོར་མི་སྐྱེ་བར། དགའ་ལྡན་གྱི་ལྷའི་ནང་དུ་སྐྱེ་སྟེ། དེ་ནས་ཀྱང་སེམས་ཅན་གྱི་དོན་དུ་འཛམ་བུའི་གླིང་འདིར་མིའི་ནང་དུ་སྐྱེ་བ་བསྟན་ཏེ། མངོན་པར་སངས་རྒྱས་ནས། སངས་རྒྱས ་ཀྱི་ཞིང་སྣ་ཚོགས་དག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་ཀྱང་ཡོད་དོ། དཔེར་ན་འཕགས་པ་བྱམས་པ་བྱང་ཆུབ་སེམས་དཔའ་ལྟ་བུའོ་ཞེས་བསྟན་པ་སྟེ། དེ་ནི་བདུན་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག་ཅེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་དུ་འདོད་བ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། མངོན་པར་ཤེས་པའི་དབང་གིས་ཁམས་གསུམ་གྱི་ལྷ་དང་མིའི་ནང་དུ ་མི་སྐྱེ་བར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་སྟེ། སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བརྒྱད་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་མངོན་པར་ཤེས་པ་དྲུག་ཐོབ་པ་དག་ཆེས་བྱ་བ་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སྒྲ་ཡང་མི་གྲག་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ཡང། མངོན་པར་ཤེས ་པའི་དབང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་དགུ་བའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཞེས་བྱ་བའི ་བར་དུ་ནི། སངས་རྒྱས་ཀྱི་ཞིང་ཚེ་དཔག་ཏུ་མེད་པར་སྐྱེས་ནས། སེམས་ཅན་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ཞེས་བྱ་བ་ནས། གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དག་ཏུ་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དེ་ཞེས་བྱ་བའི་བར་དུ་ནི། མངོན་པར་ཤེས་པའི་དབང་གིས། དཀོན་མཆོག་གསུམ་གྱི་སྒྲ་མི་གྲག་པའི་འཇིག ་རྟེན་གྱི་ཁམས་སུ་སོང་ནས། དེར་དཀོན་མཆོག་གསུམ་གྱི་སྒྲ་དང་བཅས་པར་ཆོས་བཤད་ནས། དཀོན་མཆོག་གསུམ་གྱི་ལེགས་པ་བརྗོད་པས། སེམས་ཅན་དེ་དག་དགའ་བ་སྐྱེད་ནས། སེམས་ཅན་དེ་དག་སངས་རྒྱས་བཞུགས་པའི་འཇིག ་རྟེན་གྱི་ཁམས་སུ་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་གཅིག་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དང་པོ་སེམས་བསྐྱེད་ཕྱིན་ཅད་ཅེས་བྱ་བ་ནས། དེ་དག་ཏུ་ཡང་སེམས ་ཅན་རྣམས་ཀྱི་དོན་བྱེད་པ་ཡོད་དོ་ཞེས་བྱ་བའི་བར་དུ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེས་ནས། ས་དང་པོ་ཐོབ་པར་བྱ་སྟེ། བསམ་གཏན་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་རྣམས་ཐོབ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས ་དང། སངས་རྒྱས་ཀྱི་ཆོས་རྣམས་བསྒོམས་ཏེ། ཁམས་གསུམ་དུ་ཡང་མི་སྐྱེ་བར་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་དོན་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་གཉིས་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་།དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་ཞུགས་ནས། ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡང་ཡོད་དོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག ་ཡོངས་སུ་རྫོགས་པར་བྱེད་ཅིང་ས་དང་པོ་ཐོབ་ནས། རིང་པོ་མ་ལན་པར་ཕྱིར་མི་ལྡོག་ས་བརྒྱད་པ་ཐོབ་པར་བྱེད་པ་དག་ཀྱང་ཡ་ཨོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་གསུམ་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནས། བསྐལ་པའི་ལྷག་མར་གནས་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི་ས་དང་པོ་ཐོབ་མ་ཐག་ཏུ་མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། སེམས ་ཅན་ཡོངས་སུ་སྨོན་པར་བྱས་ནས། མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཡུན་ཏིང་དུ་གནས་པར་བྱེད་པ་དག་ཀྱང་ཡོད་དེ་ཞེས་བསྟན་པ་སྟེ། དེ་ནི་བཅུ་བཞི་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་ནི་ས་དང་པོ་ཐོབ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡོངས་སུ་རྫོགས་པར་བྱ་སྟེ། བྱང་ཆུབ ་སེམས་དཔའ་ཨི་འཁོར་མང་པོ་དང་བཅས་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅོ་ལྔ་པའོ། ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོང་པ་ཞེས་བྱ་བ་ནས། ཐབས་མཁས་པ་དང་ལྡན་པ་རྣམས་བསམ་གཏན་དང། ཚད་མེད་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག ་པ་འདི་དག་ཡང་དང་ཡང་དུ་རྣམ་པར་མནན་ཅིང་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བསམ་གཏན་དང། ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན ་བའི་ཕྱིར། ཐམས་མཁས་པས་ཐོང་རྒལ་དུ་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་དྲུག་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་གཞག་པ་བཞི་ཐོབ་པ་ཅེས་བྱ་བ་ནས ་དེ་དག་ནི་ཕྱིར་མི་ལྡོག་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་ཞིང་ཡོངས་སུ་འདྲིས་པའི་ཤེས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཡོངས་སུ་ཤེས ་པར་བྱས་ཀྱང་དེ་དག་མངོན་སུམ་དུ་མི་བྱེད་པར་སེམས་ཅན་གཞན་རྣམས་ལམ་གྱི་འབྲས་བུ་དེ་དག་ལ་སོ་སོར་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་གང་ཡིན ་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཡིན་ཏེ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པར་གྱུར་པའི་ཡེ་ཤེས་དེ་བྱང་ཆུབ་སེམས་དཔའ་ཐོབ་ཀྱང་མི་སྐྱེ ་པའི་ཆོས་ལ་བཟོད་པ་ཐོབ་པས། ཉན་ཐོས་དང་རང་སངས་རྒྱས་ལྟར་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་མིང། ནས་པར་དེ་དག་ཤེས་པར་བྱ་སྟེ། སེམས་ཅན་ཡོངས་སུ་སྨིན་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ནུས་པ ་ཉིད་ལ་བཟོད་པ་ཞེས་བྱ་སྟེ། དེ་ནི་བཅུ་བདུན་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། དགའ་ལྡན་གྱི་གནས་ཡོངས་གནས་ཡོངས་སུ་སྦྱོར་བ་དག་ཀྱང་ཡོད་དེ། ཤཱ་རདྭཱ ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་བཟང་པོ་བར་ཤེས་པར་བྱའོ་ཞེས་བྱ་བ་ནི། རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས། བསྐལ་པ་བཟང་པོ་འདི་ཉིད་ལ་མངོན་པར་སངས་རྒྱས་པར ་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དགའ་དན་གྱི་གནས་ཡོངས་སུ་སྦྱོང་ཞེས་བྱ་བ་ནི་བསྐལ་བཟང་པོ་འདི་ཉིད་ལ་དགའ་ལྡན་གྱི་ལྷའི་ཕོ་བྲང་དུ་མངོན་པར་སངས་རྒྱ་ནས། དགའ་ལྡན་གྱི་ལྟེའི་རིས་ཀྱི་སེམས ་ཅན་གྱི་འཇིག་རྟེན་དང། སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པར་མཛད་པ་ལ་བྱ་སྟེ། དེ་ནི་བཅོ་བརྒྱད་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ ་ནས། དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དག་ཉན་ཐོས་དང་རང་སངས་རྒྱས་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་ལ་སྤྱོད་པ་ཞེས་བྱ་བ ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཡོངས་སུ་འདྲིས་པའི་ཤེས་པས་ཁོང་དུ་ཆུད་པར་བྱེད་ཀྱི། ཉན་ཐོས་དན་རང་སངས་རྒྱས་རྣམས་ལྟར། མངོན་སུམ་དུ་མི་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཅུ་དགུ་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་ཅེས་བྱ་བ་ནས། དེ་དག་ནི་བསྐལ་པ་གྲངས་མེད་ཚད་མེད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཆིར་རྒྱའི་ཞེས་བྱ་བའི ་བར་དུ། བྱང་ཆུབ་སེམས་དཔའ་ལ་ལ་མྱུར་དུ་མགནོན་བར་འཆད་མི་རྒྱ་བར་ཕ་རོལ་ཏུ་ཕྱིན་པ་དག་ལ་སྤྱོད་ཅིང། སེམས་ཅན་གི་དོན་དུ་འཁོར་བ་ན་ཡུན་རིང་དུ་གནས་ཏེ། སེམས་ཅན་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་བསྐུལ་བ་དང། སངས ་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་སྟེ། བསྒོལ་པ་གྲངས་མེད་ཚད་མེད་པ་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱེད་པ་དག་ཀྱང་ཡོད་དེ། དཔེར་ན་འཕགས་པ་འཇམ་དཔལ་གཞོན་ནུར ་གྱུར་པ་ལྟ་བུའོ་ཞེས་བསྟན་ཏེ། དེ་ནི་ཉི་ཤུ་པའོ། །ཤྭ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་ཞེས་བྱ་བ་ནས་གནོད་པ་དང་ལྡན་པའི་ལུས་ཀྱི་ལས་དང། ཡིད་ཀྱི་ལས ་མི་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། བདག་ཉིད་ལུས་དང་ངག་ཡིད་གསུམ་སྡོམ་པ་ལ་གནས་ནས། སེམས་ཅན་རྣམས་ཀྱང་སྡོམ་པ་དེ་ལ་འགོད་པ་དག ་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་གཅིག་གོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སེམས་ཅན་རྣམས་ཀྱི་ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་དག་ཀྱང་ཡོད་དོ། །ཞེས་བྱ་བའི་བར་དུ་མི ་བྱང་ཆུབ་སེམས་དཔའ་ཁ་ཅིག་སེམས་ཅན་གྱི་དོན་དུ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་ཞིང་ངན་སོང་གསུམ་གྱི་རྒྱུན་གཅོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ན་ཉི་ཤུ་གཉིས་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། འཚོ་བའི་ཡོ་བྱད?་སྐྱོན་མེད་པ་ཡོངས་སུ་སྒྲུབ་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་སྦྱིན་པ་ཉིད་ཀྱིས། སེམས་ཅན ་རྣམས་ཅི་འདོད་པའི་དངོས་པོས་ཚིམ་པར་བྱ་སྟེ། སེམས་ཅན་རྣམས་ཀྱང་སྦྱིན་པ་ཉིད་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་གསུམ་པའོ། ཤཱ་རདྭཱ་ཏིའི་བུ་འདི་ལྟ་ཡང་ཞེས་བྱ་བ་ནས། སེམས་ཅན་རྣམས་ལུས་དང་ངག ་དང་ཡིད་ཀྱི་སྡོམ་པ་ལ་རབ་ཏུ་འགོང་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཀྱང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། སེམས་ཅན་རྣམས་ཀྱང་ཚུལ་ཁྲིམས་སྡོམ་པ ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་བཞི་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། གནོད་སེམས་མེད་པ་ལ་རབ་ཏུ་འགོད་པར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི་བྱང ་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། སེམས་ཅན་རྣམས་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་ལྔ་བའོ། །ཤཱ་ར་དྭཱ་ཏིའི ་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། མངོན་པར་བརྩོན་པ་ལ་རབ་ཏུ་དགོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང། སེམས་ཅན་ལ་ལོ་ཅན་རྣམས་ཀྱི་གཉེན ་པོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། སེམས་ཅན་རྣམས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པ་དང་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་ཉི་ཤུ་དྲུག་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། འདོད་པ ་ལས་དབེན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང། སེམས་ཅན་གཡེངས་པ་རྣམས་ཀྱི་གཉེན་པོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷུར ་བླངས་ཏེ། སེམས་ཅན་རྣམས་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། འདོད་པ་ལས་དབེན་པ་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་བསྟན་པ་སྟེ། དེ་ནི་ཉི་ཤུ་བདུན་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་ཞེས་བྱ་བ་ནས། ངན་སོང་ཐམས ་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར། ཆོས་སྟོན་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཀྱང། སེམས་ཅན་ཤེས་རབ་འཆལ་བ་རྣམས་ཀྱི་གཉེན་པོར། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། ཤེས་རབ་ཀྱི་མཐུས་དེ་བཞིན་གཤེགས་པའི་སྐུར་སྦྲུལ་ཏེ། ཆོས་སྣ་ཚོགས་པ་བསྟན་པས། སེམས་ཅན་རྣམས་ངན་སོང་ལས་བཏོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན ་པ་སྟེ། དེ་ནི་ཉི་ཤུ་བརྒྱད་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་སངས་རྒྱས་ཀྱི་སྐུར་སྤྲུལ་ནས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང། སངས་རྒྱས་མཉེས་པར་བྱེད་དེ། དེར་ཆོས་ཉན་ཏེ། སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་རྣམས་མཐོང་ནས། བདག་གིས ་སངས་རྒྱས་ཀྱི་ཞིང་དེ་བས་ཀྱང་རྒྱ་ཆེ་ཞིང་ཁྱད་པར་དུ་འཕགས་པར་བྱ་སྟེ། དེར་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པོ་སྟེ། དེ་ནི་ཉི་ཤུ་དགུ་པའོ། །ཕྱོགས་ལྷག་མ་རྣམས་ཀྱང ་དོན་དེ་དང་འདྲ་སྟེ། ལྷོ་ཕྱོགས་ཀྱི་འགྲེས་ནི་སུམ་ཅུའོ། །ནུབ་ཕྱོགས་ཀྱི་འགྲེས་ནི་སུམ་ཅུ་གཅིག་པའོ། །བྱང་ཕྱོགས་ཀྱི་འདྲེས་ནི་སུམ་ཅུ་གཉིས་བའོ། །ཡང་ཤར་གྱི་ཕྱོགས་མཚམས་ཀྱི་འགྲེས་ནི་སུམ་ཅུ་གསུམ་པའོ། །ཤར་ལྷོའི་ཕྱོགས་མཚམས ་ཀྱི་འགྲེས་ནི་སུམ་ཅུ་བཞི་བའོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འགྲེས་ནི་སུམ་ཅུ་ལྔ་པའོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འགྲེས་ནི་སུམ་ཅུ་དྲུག་པའོ། །འོག་གི་ཕྱོགས་ཀྱི་འགྲེས་ནི་སུམ་ཅུ་བདུན་པའོ། །སྟེང་གི་ཕྱོགས་ཀྱི་འགྲེས་ནི་སུམ་ཅུ་བརྒྱད་པ་སྟེ། ་བྱང་ཆུབ་སེམས་དཔའ་ཁ་ཅིག་དེ་ལྟ་དག་ཀྱང་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དཔའ་ཨི་ཚེ་ཞེས་བྱ་བ་ནས། ཡིད་ཡོངས་སུ་དག་པ་ལ་བསླབ ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱ་སྟེ། ལུས་བལྟ་ན་སྡུག་ལ་དབང་པོ་གསལ་ཞིང་ཡོངས་སུ་དག་ལ། སྤྱོད་ལམ་མཛེས་པས ་སྐྱེ་པོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་བྱ་སྟེ། སྐྱེ་བོ་ཀུན་དེ་ལ་མོས་པའི་དགེ་བའི་རྩ་བ་དང། སྔོན་གྱི་སྨོན་ལམ་གྱི་མཐུས་སེམས་ཅན་རྣམས། ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི ་སུམ་ཅུ་དགུ་བའོ། །ཤཱ་རདྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། གཞན་མི་སྨོད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། དབང་པོ ་ཡོངས་སུ་དག་པར་བྱས་ནས། སེམས་ཅན་བདག་བསྟོད་ཅིང་གཞན་སྨོད་པ་རྣམས་ཀྱི་གཉེན་པོར་བདག་དེ་ལྟར་དབང་པོ་ཡོངས་སུ་དག་ཅིང་སྐྱོན་མེད་ཀྱང། བདག་ལ་མི་བསྟོད་གཞན་ལ་མི་སྨོད་པའི་སྒོ་ནས། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དག ་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ནས། ལོག་པར་འགྲོ་པ་དང་ངན་སོང་དུ་མི་ལྟུང་པ་དག་ཡོད་དོ་ཞེས་བྱ་བའི ་པར་དུ་ནི། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཁ་ཅིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཕ་རོལ་ཏུ་ཕྱིན་པ་དེ་གཉིས་ཀྱི་འབྲས་བུས་དབུལ་བའི་སྡུག་བསྔལ་དང། ངན་འགྲོའི ་སྡུག་བསྔལ་མི་མྱོང་བར་སེམས་ཅན་གྱི་དོན་ལ་བརྩོན་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་གཅིག་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད་ཕྱིར་མི་ལྡོག ་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་དགེ་བ་བཅུའི་ལས་ཀྱི་ལམ་ལྷུར་བླངས་ནས་ས་དང་པོ་ཐོབ་པར་བྱ་སྟེ། སེམས་ཅན་རྣམས་ཀྱང་དགེ་བ་བཅུ་ལ་འགོད ་པ་དང་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་གཉིས་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སྦྱིན་པ་དང་དག་སྙན་པས་སེམས་ཅན་ཡོངས་སུ་སྡུད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། སེམས་ཅན་རྣམས་དགེ་པ་བཅུ་ལ་བཀོད་དེ། བསྡུ་པ་རྣམ་པ་གཉིས་ཀྱིས་སྡུད ་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་གསུམ་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོ་བྱད་ཐམས་ཅད་དང། མཆོད་པ་སྣ ་ཚོགས་ཀྱིས་རིམ་གྲོ་དང། བཀུར་སྟི་དང། ཕུ་དུད་དང། མཆོད་པ་བྱེད་པ་དག་ཀྱང་ཡོད་དོ། །ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་སྦྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་ལེན་ཅིང། ཚེ་རབས་དུ་མར་འཁོར་ལོས་སྒྱུར ་བའི་རྒྱལ་སྲིད་ལ་གནས་ཏེ། མཐུ་ཆེན་པོ་དང་ལྡན་པས་ཕྱོགས་བཅུའི་སངས་རྒྱས་མང་པོ་མཉེས་པར་བྱེད་ཅིང། མཆོད་པ་བྱེད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་བཞི་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་ཞེས་བྱ་བ་ནས། ཆོས་སྣང་བ་དེ་དང་ནམ་ཡང་བྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང ་ཆོས་བསྟན་པས། སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་བསལ་ཏེ། ཡོངས་སུ་སྨིན་པར་བྱས་ནས། མངོན་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་ལྔ་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་དག་སངས་རྒྱས་ཀྱི་ཆོས་ལ་དར་ཅིང་འཕེལ་བའི་རིམ་པ་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན ་ཏོ། །ཤཱ་རདྭཱ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་དེ་དག་ཉིད་ལས་གླེང་བསླངས་ནས། ཆོས་རྒྱ་ཆེར་བཤད་པའི་སྐབས་དབྱེ་བའི་ཕྱིར་གསུངས་ཏེ། ཁ་ན་མ་ཐོ ་བ་དང་བཅས་པའི་ལུས་དང། དག་དང་ཡིད་ཀྱི་ལས་ཞེས་བྱ་བ་ནི་སྐབས་འདིར་སྡིག་པ་མི་དགེ་བའི་ལས་ལ་མི་བྱའི་དམིགས་པ་དང་བཅས་པའི་ལུས་དང་ངག་ཡིད་གསུམ་གྱི་ལས་ལ་ཁ་ན་མ་ཐོ་བ་ཞེས་བྱ་སྟེ། དམིགས་པ་དང ་བཅས་པ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་དེ་ལྟ་བུའི་གོ་སྐབས་མི་དབྱེའོ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པས། དོན་དང་ཚིག་དེ་ཉིད་ལས་གླངས་ཏེ། ཆོས་རྒྱ་ཆེར་བ་ཤེད་པའི་སྐབས་དབྱེ་བའི་ཕྱིར་ལུས་དང་ངག་ཡིད་གསུམ་གྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས་ཞེས་ཞུས་པའོ། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ནི། ལུས་དང་ངག་དང་ཡིད་གསུམ་གྱི་ལས་ཁ་ན་མ་ཐོ་བ་གང་ཡིན་པ་བསྟན་པ་སྟེ། ལུས་དང་ངག་ཡིད་གསུམ་དངོས་པོ་ཡོད་པར་དམིགས་པ་དང། དེ་དག་གིས ་བྱ་ཞིང་བརྩམས་པའི་ལས་དངོས་པོ་ཡོད་པར་ལྟ་བ་ནི། བྱང་ཆུབ་སེམས་དཔའ་ཨི་སྐྱོན་ཡིན་པས། ཁ་ན་མཐོ་བ་དང་འདྲ་བར་སྤང་བར་བྱ་བ་ཡིན་པའི་ཕྱིར། ཁ་ན་མ་ཐོ་བ་ཞེས་བྱའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི། ལུས་གང་དང་ངག་གང་དང་ཡིད་གང་གིས་འཇུངས་པའི་སེམས་བསྐྱོད་པ་འམ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་འཇུངས་པ་ལ་སོགས་པ་འབྱུང་བའི་ལུས་དང ་ངག་ཡིད་གསུམ་མི་དམིགས་པ་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་གནས་ངན་ལེན་བསྐྱེད་པ་དང་ཞེས་བྱ་བ་ནས། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད ་པའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ལ་ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས་ཁ་ན་མ་ཐོ་བ་མི་འབྱུང་བ་དང། ཅིའི་ཕྱིར་ཁ་ན་མ་ཐོ་བ་མི་འབྱུང་བའི་གཏན་ཚིགས་བསྟན་པ་སྟེ། ཡིད་ཀྱི་གནས་དན་ལེན་བསྐྱེད་པ་ཙམ་དུ་ནི་ཤེས ་པར་མི་བྱ་སྟེ། དེ་ནི་གནས་མེད་པའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལ་ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས། དམིགས་པ་དང་བཅས་པའི་སྐྱོན་དེ་ལྟ་བུ་འབྱུང་མི་སྲིད་དོ་ཞེས་བྱ་བའི་དོན་ཏེ། གནས་ངན་ལེན་ཞེས་བྱ་བ་དང། ཁ་ན ་མ་ཐོབ་བ་ཞེས་བྱ་བ་ནི་བྱས་སུ་འགྱུར་བའམ། སྐྱོན་དུ་འགྱུར་བའི་རྣམ་གྲངས་སུ་རིག་པར་བྱའོ། །ལུས་ཀྱི་གནས་ངན་ལེན་ཡོངས་སུ་སྤྱོང་ངོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ནི་ལུས་ཀྱི་སྐྱོན་དག་པར་བྱེད་ཅིང་མེད་པར་བྱེད་པ་ཡིན་གྱི། སྐྱོན་དེ་ལྟ ་བུ་བསྐྱེད་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཀྱི་གནས་ངན་ལན་སྦྱོང་བར་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཉན་བའི་འཁོར་རྣམས་ཀྱི་ཐེ་ཚོམ། ་བསལ་བའི་ཕྱིར། ལུས་དང་དག་དང་ཡིད་གསུམ་གྱི་གནས་ངན་ལེན་ཇི་ལྟར་སྦྱོང་ཞེས་ཞུས་པ་དང། ལུས་དང་ངག་ཡིད་གསུམ་དོན་དམ་པར་མི་དམིགས་པ་ཉིད་གནས་དན་ལེན་སྦྱོར་བ་ཡིན་ནོ་ཞེས་བཤད་པའོ། ། ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་གནས་ཤིང་ཞེས་བྱ་བ་ལ་སོཌ་པ་ནི། ཀུན་རྫོབ་ཏུ་ལུས་དང་ངག་ཡིད་གསུམ་ཀྱི་སྐྱོན་མེད་པ་རྣམ ་གཞན་དུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཐོབ་ནས། དགེ་བ་བཅུ་ལ་གནས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མི་སྐྱེ་བར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་པ་ཡང་ལུས་དང་ངག་ཡིད་གསུམ་གྱི་སྐྱོན་སྦྱོར ་བ་ཡིན་ནོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང་ཞེས་བྱ་བ་ལ་སོཌ་པ་ནི། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱང་ཞིང་སྦྱིན་པ་ལ་སོཌ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོཌ་པར་བྱེད་པ ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་བརྩོན་པའི་རབ་ཏུ་དབྱེ་བ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ལགས་ཞེས་བྱ་བ་ནི། གང་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་ཞིང། ཕ་རོལ་ཏུ ་ཕྱིན་པ་དྲུག་སྤྱོད་པ་དག་ཀྱང་ཡོད་དོ་ཞེས་བཤད་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་མ་གཏོགས་པར་བྱང་ཆུབ་ཀྱི་ལམ་གཞན་གང་ཞིག་ཡོད་སྙམ་ནས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། འདི་ལྟར་ཆོས་ཐམས་ཅད་ལ ་དམིགས་པ་མེད་ཅིང། བླང་བ་མེད་པ་དང། དོར་བ་མེད་པའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་ཀྱི་ལམ་གང་ཡིན་པ་བསྟན་པ་སྟེ། ལུས་དང་དག་ཡིད་གསུམ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས། དངོས་པོ་ཡོད་པར་མི་ལྟ་སྟེ། དེ་དག ་ལ་མི་དམིགས་པ་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་ལམ་ཞེས་བྱའོ་ཞེས་བསྟན་པའོ། །ཤཱ་རདྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་དེ་ལྟ་བུས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ཅིང། ་ནན་ཏན་དུ་བྱེད་པ་དེ་དག་ནི་སུས་ཀྱང་ཐུབ་པ་མེད་དོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མི་དམིགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བདུད་དང་བང་དུ་གཅོད་པ་སུས་ཀྱང་མི་ཚུགས་སོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཇི་ལྟ་བུར་སྤྱོད་པ་རྣམས་ཐུབ་པ་མ་མཆིས་པ་ལགས་ཞེས་བྱ་བ་ནི། གོང་དུ་ཅིས་ཀྱང་མི་ཚུགས་པའི་ཡོན་ཏན་མངར་བཤད་པ་དེ་ཉིད་རྒྱས་པར་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་རློམ་སེམས་མེད་པ་དང། ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ལ་རློམ་སེམས་མེད་པར་གྱུར་པ་དེའི ་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བ་ཡིན་ཏེ། སུས་ཀྱང་ཐུབ་པ་མེད་དོ། །ཞེས་བྱ་བའི་བར་དུ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་གང་ལ་ཡང་དངོས་པོ་ཡོད་པར་མི་སེམས་དཔའ་གྱུར ་པ་དེའི་ཚེ། བདུད་དང་ཕས་རྒོལ་བ་ལ་སོགས་པ་སུས་ཀྱང་མི་ཚུགས་ཤིང་བར་ཆད་བྱེད་མི་ནུས་སོ་ཞེས་བསྟན་པ་སྟེ། རློམ་སེམས་ཞེས་བྱ་བ་ནི་དངོས་པོ་ཡོད་པར་སེམས་ཤིང་དེ་དག་ལ་བརྟེན་པ་འམ་བསྙེམས་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ལྟར ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་ཅིང་ཞེས་བྱ་བ་ནས། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་མི་འགྱུར་པ་དག་ཀྱང་ཡོད་དོ་ཞེས་བྱ་བའི ་བར་དུ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐུ་རྒྱ་ཆེར་བསྟན་པའི་ཕྱིར། གནས་བརྟན་ཤཱ་རིའི་བུ་ཐེ་ཚོམ་འདྲིར་གཞུག་པའི་སྐབས་དབྱེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཁ་ཅིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས ་སུ་རྫོགས་པར་བྱེད་པ། ངན་སོང་རྣམས་སུ་མི་སྐྱེ་ཞིང། མི་དབུལ་པོ་དང་སྨད་པའི་ལུས་སུ་མི་སྐྱེ་བ་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ནས། དེ་ལྟ་བུའི ་ལུས་ཡོངས་སུ་འཛིན་པར་མི་འགྱུར་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གང་ལགས། །ཞེས་བྱ་བའི་བར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པ་ལ་མངའ་། བྱང་ཆུབ་སེམས་དཔའ་ལ་མི་མངའ་བའི་རིགས་ན། བྱང་ཆུབ ་སེམས་དཔའ་ལ་མངའ་བའི་ཡེ་ཤེས་དེ་གང་ལགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ། །ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ ་ས་བརྒྱན་པ་ཡན་ཆད་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་མང་པོ་མཐོང་པ་དང། དེ་དག་ལ་ཆོས་ཉན་པ་དང། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་དང་འགྲོགས་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མཐོང་བར་ནུས་པའི་ཡེ་ཤེས ་ཡོད་དོ། ཡེ་ཤེས་དེ་ལྟ་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུའི་གཙོ་བོར་གྱུར་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་ནོ་ཞེས་བཤད་དོ། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ་སང་སརྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་བར་དུ་ཡེ་ཤེས་དེ་ལྟ་བུ་དང་ལྡན་ན། ཀུན་རྫོབ ་ཏུ་ཆོས་ཐམས་ཅད་ལ་སྤྱོད་ཅིང་བསྒོམ་ཡང་དོན་དམ་པར་ཆོས་དེ་གང་ལ་ཡང་དངོས་པོའི་འདུ་ཤེས་མི་སྐྱེ་བ་དང། དངོས་པོར་མི་དམིགས་པ་དང། དངོས་པོར་ཡོད་པར་མི་ལྟ་བའི་ཡོན་ཏན་བསྟན་ཏོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་ལྔ་རབ་ཏུ་འཐོབ་པ་དང། ཡོངས་སུ་སྤྱོད་པ་ཡོད་དེ་ཞེས་བྱ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའ་ལ་ལ་སྤྱན་ལྔ་དང་ལྡན་པ་ཡང་ཡོད་དོ་ཞེས་བརྩོན་པའི་རབ་ཏུ་དབྱེ ་བ་བསྟན་པ་སྟེ། སྔར་སྤྱན་ལྔ་བསྟན་པ་ནི། དེ་བཞིན་གཤེགས་པའི་སྤྱན་ལྔའི་སྐབས་སུ་བསྟན། འདིར་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱན་ལྔར་བཤད་པའི་སྐབས་སུ་བསྟན་པས། ལན་གཉིས་སུ་ཟློས་པ་ཉིས་པ་མེད་དོ། །དེ་ལ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤའི་མིག་གིས་དཔག་ཆད་བརྒྱ་མཐོང་བ་ཡོད་དོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འི་ཤའི་མིག་ཡོངས་སུ་དག་པའོ། །ཞེས་བྱ་བའི་བར་དུ་བྱང་ཆུབ་སེམས་དཔའ་ཤའི་མིག ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་མཐོན་དམན་དང། ཡོན་ཏན་ཆེ་ཆུང་གི་རིམ་པ་ལས། ལ་ལའི་ཤའི་མིག་གིས་ནི་དཔག་ཚད་བརྒྱ་ཚུན་ཆད་མཐོང། ལ་ལས་ནི་དཔག་ཚད་སྟོང་མཐོང། ལ་ལས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ག་ཡི ་ཁམས་ཀུན་མཐོང་བ་ཡང་ཡོད་དེ། མདོར་ན་དངོས་པོ་གཟུགས་ཅན་དུ་གཏོགས་པ་ཐམས་ཅད་ལ་ཐོགས་པ་མེད་པར་མཁྱེན་པ་འཇུག་པ་ནི། བྱང་ཆུབ་སེམས་དཔའ་ཨི་ཤའི་མིག་ཅེས་བྱའོ། །ཤཱ་རདྭཱ་ཏིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྟ་རྣམས་ཀྱི ་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷའི་མིག་ཡོངས་སུ་དག་པའི་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཨི་ལྷའི་མིག་ཡོངས་སུ ་དག་བ་བཤད་པ་སྟེ། བྱང་ཆུབ་སེམས་དཔའ་ལྷའི་མིག་ཡོངས་སུ་དག་པས་ནི། འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ལྷའི་མིག་ཅི་འདྲ་བ་དང་དེ་དག་གི་སྤྱོང་ཡུལ་དང། ལྷ་དེ་དག་གི་བསམ་གཏན་དང། ཏིང་ངེ་འཛིན་དང། ་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་སྐྱེ་པ་དང། ཚེ་འཕོ་བ་རྣམས་ཐོགས་པ་མེད་པ་ཤེས་ཤིང། འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་ནི། བྱང་ཆུབ་སེམས་དཔའ་ཨི་ལྷའི་སྦྱན་ཅི་འདྲ་བ་དང། དེའི་སྤྱོད་ཡུལ་ཤེས་པར་མི་ནུས་སོ་ཞེས ་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མིག་གང་དང་ལྡན་པས་ཞེས་བྱ་བ་ནས། འདི་ནི་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ། ཞེས ་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་བསྟན་པ་སྟེ། མདོར་ན་འདུས་མ་བྱས་ལ་སོགས་པའི་ཆོས་མིང་གིས་སྨོས་པ་ཐམས་ཅད་ལ་ཤེས་རབ་ཀྱིས་ཐོགས་པ་མེད་པར་འཇུག་ཅིང་མཁྱེན་པ་ལ། ཤེས ་རབ་ཀྱི་མིག་ཡོངས་སུ་དག་པ་ཞེས་བྱའོ། །ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མིག་གིས་ཞེས་བྱ་བ་ནས། དེ་ལྟར་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ ་ཞེས་བྱ་བའི་བར་དུ། བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་སྤྱན་བཤད་པ་སྟེ། འཕགས་པ་ཉན་ཐོས་རྣམས་ཀྱི་ཉོན་མོངས་པ་སྤྱོད་པ་དང། སའི་རིམ་པ་ལ་སོགས་པ་ཤེས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང། མཐུ་དང་ཡོན ་ཏན་ལ་སོགས་བའི་ཆོས་རྣམས་མཁྱེན་པ་ལ་ཆོས་ཀྱི་སྤྱན་ཞེས་བྱའོ། །དེ་ལ་གང་ཟག་འདི་ནི་དད་པའི་རྗེས་སུ་འགྲོ་བ་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་ཀྱི་གང་ཟག་དབང་པོ་རྟུལ་པོ་དད་པའི་རྗེས་སུ་འབྲང་བ་ལ་བྱའོ། །གང་ཟག་འདི་ནི་ཆོས་ཀྱི ་རྗེས་སུ་འགྲོ་བ་ཞེས་བྱ་བ་ནི། དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་ལ་བྱའོ། །གང་ཟག་འདི་ནི་སྟོང་པ་ཉིད་ལ་གནས་པ་སྟེ། གང་ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི། ཉན་ཐོས་ཀྱི་གང་ཟག་ཁ་ཅིག ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ནས། དད་པ་ལ་སོགས་པའི་དབང་པོ་ལྔ་ཐོབ་པར་འགྱུར་བ་དག་ཡོད་དེ་དེ་ལྟ་བུ་ཤེས་པའོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི། དད་པ་ལ་སོགས་པའི ་དབང་པོ་ལྔ་ཐོབ་པའི་མཐུས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱ་བ་ལ་སྦྱོར་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་པ་སྟེ། ཏིང་ངེ་འཛིན་དེའི་མོད་ལ་གཞན་གྱིས་བར་མ་ཆོད་པར་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བའི་ཕྱིར་དེ་མ་ཐག་པའི་ཏིང་ངེ་འཛིན ་ཞེས་བྱའོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་པའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ལ་རྣམ་པར་གྲོལ་པའི་ཡེ་ཤེས་མཐོང་བ་ཞེས་བྱ་བ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ ་པ་ན། འཕགས་པའི་ས་དང་ཟག་པ་མེད་པའི་ཆོས་སྔོན་མ་ཐོབ་ཅིང་མ་མཐོང་བ། ཐོབ་ཅིང་མཐོང་བར་གྱུར་པའི་ཕྱིར། མཐོང་བའི་ལམ་ཞེས་ཀྱང་བྱ་སྟེ། མཐོང་བའི་ལམ་དེ་ལ་སྒྲིབ་པ་དང་མི་མཐུན་པའི་ཕྱོགས་སྤངས་ཏེ། དེ་དག་ལས་གྲོལ་བའི་ཡེ ་ཤེས་མཐོབ་པ་ལ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ་ཞེས་བྱའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས། འཇིགས་ཚོགས་ལ་ལྟ་བ་དང། ཐེ་ཚོམ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་སྙེམས་པའི་ཀུན་ཏུ་སྦྱོར་བ ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ་ཞེས་བྱ་བ་ནི། དེ་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ན། ཀུན་ཏུ་སྦྱོར་བའི་ཆོས་གསུམ་སྤོང་སྟེ། དེ་ལ་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི། ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཚོགས་པ་ལ ་བདག་གཅིག་དུ་རྟག་པར་བལྟའོ། །ཐེ་ཚོམ་ནི་འཕགས་པའི་བདེན་པ་ལ་ཡིད་གཉིས་ཟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་ནི། ཚུལ་ཁྲིམས་བསྲུང་བ་དང། བརྟུལ་ཞུགས་ཀྱི་དཀའ་བ་ཉམས་སུ་བླངས་པ ་ཙམ་གྱིས་མྱ་ངན་ལས་འདའ་བ་ཐོབ་པར་འཛིན་པ་སྟེ། ཆོས་དེ་གསུམ་གྱིས་གྲོལ་ཞིང་ཐར་བར་མི་འགྱུར་གྱི་འཁོར་བར་ཀུན་ཏུ་སྦྱོར་ཞིང་སྐྱེ་བར་འགྱུར་བའི་ཕྱིར། ཀུན་ཏུ་སྦྱོར་བ་གསུམ་ཞེས་བྱའོ། །གང་ཟག་འདི་ནི་རྒྱུན་ཏུ་ཞུགས་པ་ཞེས་བྱའོ ་ཞེས་བྱ་བ་ནི། དེ་ལྟར་ཡོན་ཏན་གོང་དུ་སྨོས་པ་རྣམས་དང་ལྡན་པ་དེ་ལྟ་བུའི་གང་ཟག་འདི་ནི། རྒྱུན་ཏུ་ཞུགས་པ་ཡིན་ནོ་ཞེས་ཤེས་པ་སྟེ། དེ་ལྟ་བུའི་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་སྤྱན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བསྒོམ་པའི་ལམ ་རབ་ཏུ་ཐོབ་ནས། འདོད་པའི་འདོད་ཆགས་དང་ངན་སེམས་རབ་ཏུ་བསྲབས་པར་བྱེད་དེ། གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བའོ་ཞེས་བྱ་བ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་སྟེ། མཐོང་བའི་ལམ་ལ་གནས་པ་ཡན་ཆད་ལ་བསྒོམ་པའི ་ལམ་ཞེས་བྱ་སྟེ། ཟག་པ་མེད་པའི་ཆོས་ཇི་ལྟར་མཐོང་བ་དེ་ཉིད་གསལ་པར་བྱ་ཞིང། མི་མཐུན་པའི་ཕྱོགས་སྤང་བའི་ཕྱིར། ཡང་དང་ཡང་དུ་གོམས་པར་བྱེད་པ་ལ། སྒོམ་པའི་ལམ་ཞེས་བྱའོ། །འདོད་པའི་འདོད་ཆགས་ནི། འདོད་པའི ་ཁམས་ཀྱི་འདོད་ཆགས་ཀྱི་ཡུལ་རྣམས་ལ་ཞེན་པ་ལ་འདོད་པའི་འདོད་ཆགས་ཞེས་བྱའོ། །ངན་སེམས་ཞེས་བྱ་བ་ནི་ཞེ་སྡང་གིས་སེམས་ཅན་གཞན་ལ་གནོད་པར་སེམས་པའོ། །དེ་ལྟར་བསྒོམ་པའི་ལམ་ལ་གནས་ཤིང། འདོད་ཆགS ་དང་ཞེ་སྡང་གཉིས་སྤོང་པར་སྦྱོང་བའི་གང་ཟག་དེ་མི་དང་ལྷ་རྣམས་ཀྱི་ནང་དུ་ལན་ཅིག་གཅིག་སྐྱེ་སྟེ། དེ་བན་ཆད་མི་དང་ལྷའི་ནང་དུ་མི་སྐྱེ་བ་ལ་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་ནས། འདོད་པའི ་འདོད་ཆགས་ཆད། གནོད་སེམས་རབ་ཏུ་སྤོང་བ་ཐོབ་པར་བྱེད་དེ། གང་ཟག་འདི་ནི་ཕྱིར་མི་འོང་བའོ་ཞེས་བྱ་བ་ནི། བསྒོམ་པའི་ལམ་དེ་ཉིད་ལ་གནས་ཏེ། ལན་ཅིག་ཕྱིར་འོང་བའི་ཚེ། འདོད་ཆགས་དང་ཞེས་དང་སྲབ་མོར་བྱས་པ་དེ་དག་མ་ལུས་པ་སྤོང ་པ་ནི། སླར་ལྟ་དང་མིའི་ནང་དུ་མི་སྐྱེ་བ་ནས། ཕྱིར་མི་འོང་བ་ཞེས་བྱའོ། །དེ་ལམ་དེ་ཉིད་དེ་བས་ཤིན་ཏུ་བསྒོམས་པས། གཟུགས་ཀྱི་འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པས། གང་ཟག་དགྲ་བཅོམ་པའི་རྒྱས་བསྟན་ཏེ། གཟུགས་ཀྱི་ཁམས ་དང། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང། མ་རིག་པ་དང་ང་རྒྱལ་དང་རྒོད་པ་སྤངས་པས། དགྲ་བཅོམ་པ་ཐོབ་པར་བསྟན་པ་སྟེ། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་ནི། གཟུགས་ཀྱི་ཁམས་ཀྱི ་བསམ་གཏན་བཞི་དང། གཟུགས་མེད་བའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞིའི་ཏིང་ངེ་འཛིན་གྱི་རོལ་ཆགས་པའོ། །མ་རིག་པ་ནི་བསམ་གཏན་དང། ཏིང་ངེ་འཛིན་ལ་མི་ཤེས་པའི་སྒྲིབ་པའོ། །ང་རྒྱལ་ནི་བསམ་གཏན་དང་ཏིང་འཛིན་དེ་དག ་ཉིད་སྟེ་མས་པའོ། །རྒོད་པའི་བསམ་གཏན་དང། ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་ཚེ། ཞི་གནས་ཀྱི་ཤས་ཆུང་ཞིང། ལྷག་མཐོང་གི་ཤས་ཆེ་བས་སེམས་གཡེང་པ་སྟེ། སྐྱོན་དེ་རྣམས་སྤངས་པས་ཁམས་གསུམ་གྱི་ཉོན་མོངས ་པ་དང་བྲལ་བ་ལ། གང་ཟག་དགྲ་བཅོམ་པ་ཞེས་བྱ་སྟེ། གང་ཟག་གི་རིམ་པ་དེ་ལྟ་བུ་དག་ཤེས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྤྱན་ཞེས་བྱའོ། །གང་ཟག་འདི་ནི་མཚན་མ་མེད་པ་ལ་གནས་པ་སྟེ། ཞེས་བྱ་བ་ནས། གང་ཟག་འདི་ནི ་དགྲ་བཅོམ་པའོ་ཞེས་བྱ་པའི་འདི་བར་དུ་ཡང་སྔ་མ་བཞིན་ཏེ། ཁྱད་པར་དུ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ་བསྒོམ་བ་ཙམ་དུ་ཟད་དོ། །གང་ཟག་འདི་ནི་སྨོན་པ་མེད་པ་ལ་གནས་པ་སྟེ། ཞེས་བྱ་བ་ནས་གང་ཞག་འདི་ནི ་དགྲ་བཅོམ་པའོ། །ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེཾས་དཔའ་སེཾས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཞེས་བྱ་བའི་བར་དུ་ཡང་བཤད་པའི་དོན་སྔ་མ་བཞིན་ཏེ། ཁྱད་པར་དུ་སྨོན་པ་མེད་པའི་ཏིང་ངེ ་འཛིན་ལ་གནས་ཏེ་རྒྱུན་ཏུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་ཐོབ་པར་བྱེད་བ་ཙམ་དུ་ཟད་དེ། དེ་ལྟ་བུ་ཤེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྤྱན་ཡིན་ནོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་གང་ཅི་ཡང་དུང་སྟེ། ཀུན་འབྱུང་བའི་ཆོས་ཅན་དེ་དག་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ་ཞེས་བྱ་བ་ནས། འདི་ནི་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ ་ཞེས་བྱ་བའི་བར་དུ་མོས་པས་སྤྱོད་པའི་ས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བའི་ཆོས་ཅན་གང་ཡིན་པ་དེ་དག་ཐམས་ཅད་འགག་པའི་ཆོས་ཅན་དུ་ཤེས་པས་དབང་པོ་ལྔ་ལ་སོགས་པ་ཐོབ་པར་འགྱུར་བ་དེ་ལྟ་བུ་ཤེས ་པ་ཡང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པ་སྟེ། ཀུན་འབྱུང་བའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བའི་ཆོས་ཅན་ཞེས་བྱ་བའི་དོན་ཏོ། །ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས ་ཀྱི་མིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སེམས་དང་པོ་བསྐྱེད་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས ་ཀྱི་མིག་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ས་དང་པོའི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། ཡོན་ཏན་ཤེས་པ་བསྟན་པ་སྟེ། ཤེས་པ་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བཤད་པའོ། །ཤཱ་རདྭཱ ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཞེས་བྱ་བ་ནས། དེ་ལྟར་ན་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བའི་བར་དུ། ས་གཉིས་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་དང་སྤྱོད་པ་དང། ཡོན་ཏན་རྣམས་ཤེས་པ་བསྟན་ཏེ། ཤེས་པ་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་ཨི ་ཆོས་ཀྱིས་མིག་ཡོངས་སུ་དག་པ་ཡིན་ནོ་ཞེས་བཤད་པའོ། །ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཞེས་བྱ་བ་ནས། ཤཱ་ར་དྭཱ་ཏིའི་བུ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མིག་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་སྤྱན་ཡོངས་སུ་དག་པ་བསྟན་པ་སྟེ། ་སངས་རྒྱས་སུ་མ་གྱུར་པ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྱན་གྱི་ཡོན་ཏན་དེ་ལྟ་བུ་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་ལ་ཡོངས་སུ་སྦྱངས་པའི་རྒྱུས་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཨི་སངས་རྒྱས་ཀྱི་སྤྱན ་ཞེས་བྱའོ། །ཤཱ་ར་དྭཱ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང། ཐོབ་པར་འདོད་པས་ཞེས་བྱ་བ་ནས། མིག་ལྔ་པོ་དེ་དག་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཆང་རྒྱའོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཨི་སྤྱན་ལྔ་པོ་དེ་དག་ཐོབ་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པས་ཐོབ་པོ་ཞེས་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ ་སོགས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་སྤྱན་ལྔ་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་འདུས་པའི་གཏན་ཚིགས་བསྟན་ཏོ། །ཤཱ་རདྭཱ་ཏིའི་བུ་ལ་ལ་ཞིག་ཡང་དག་པར་སྨྲ་པས་ཞེས་བྱ་བ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ ་དྲུག་གི་ནང་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་པར་བསྟན་པ་སྟེ། སུ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ། དགེ་བའི་ཆོས་ཐམས་ཅད་འདུས་སོ་ཞེས་སྨྲ་པ་དེ་ནི་ཡང་དག་པར་སྨྲ་བ་འམ་བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་དོན ་ཏོ། །ཤཱ་ར་དྭཱ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འཐོབ་སྟེ། ཞེས་བྱ་བ་ནས། མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རྣམ་པར་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་བཤད་པ་སྟེ། སྔར་མངོན་པར་ཤེས་པ་བཤད་པ་ནི་དེ་བཞིན་གཤེགས་པའི་མངོན་པར་ཤེས་པ་སྟེ། ་མདོར་བསྟན་པའོ། །སྐབས་འདིར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་བསྟན་པ་སྟེ་རྒྱས་པར་བཤད་པའོ། །ཤཱ་ར་དྭཱ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། འོང་བ་མེད་པ་དང། འགྲོ་བ་མེད་པ་ཉེ་བར་བཟུང་བ་དང། ཡོངས་སུ་འཛིན་པ་མེད་པར་ཉེ་བར་གཟུང་བས། རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ཡོངས་སུ་སྤྱོད་པ་ཡིན་ནོ་ཞེས་བྱ ་བའི་བར་དུ་བྱང་ཆུབ་སེམས་དཔའ་ཁ་ཅིག་སའི་རིམ་པ་ལ་མཐོན་དམན་དང། སྤྱོད་པ་རྒྱ་ཆེ་ཆུང་གི་བྱེ་བྲག་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་ཡོངས་སུ་རྫོགས་པར་བྱེད་པ་ཡང་ཡོད། ཕ་རོལ་ཏུ་ཕྱིན་པ་གཅིག་གམ། གཉིས་སམ་གསུམ་ལ ་སོགས་པ་རྫོགས་པར་བྱེད་པ་ཡང་ཡོད་དོ་ཞེས་བསྟན་པ་སྟེ། མཛའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། ཞེས་བྱ་བ་ནི། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཛའ་གཉིས་སྤངས་པ་ལ་བྱ་སྟེ། དོན་དམ་པར་དངོས་པོ་ཡོད་པར་ཡང་སྒྲོ་མི་འདོགས ་ལ། ཀུན་རྫོབ་ཏུ་མེད་པར་ཡང་སྐུར་པ་མི་འདེབས་པའི་ཕྱིར་རོ། །ཆགས་པ་མེད་པའི་སེམས་ཉེ་བར་བཟུང་བས། ཞེས་བྱ་བ་ནི། གཏོང་བ་པོ་དང། ལེན་པ་དང། སྦྱིན་པར་བྱ་བའི་རྫས་གསུམ་ཆར་ལ་དངོས་པོར་ལྟ་ཞིང་ཞེན་པ་མེད་པའི་ཕྱིར་ཞེས་བྱ་བའི ་དོན་ཏེ། དེ་ལྟར་སྒྲོ་འདོགས་ཤིང་སྐུར་པ་འདེབས་པ་མེད་པ་དང། འཁོར་གསུམ་ཡོངས་སུ་དག་པ་སྦྱིན་པ་བྱས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡོངས་སུ་སྦྱོར་བར་འགྱུར་རོ། ཞེས་བྱ་བ་དང་སྦྱར་ཏེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པར་བྱེད་དོ་ཞེས ་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་སུ་སྦྱར་པར་བྱའོ། །འོངས་པ་དང་འགྲོ་བ་མེད་པ་ཉེ་བར་གཟུང་བ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ལམ་ཞེས་བྱ་བ་སྨོས་པས། ལམ ་ཡོད་བ་དང་འགྲོ་བ་དང་འོང་པ་ཡང་ཡོད་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར་འོང་བ་མེད་པ་དང། འགྲོ་བ་མེད་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ན་སྐྱེ་བ་ན་ཡང་གང་ནས་ཀྱང་འོང་བ་མེད་ལ། འགག་པ་ན་ཡང་གང་དུ་ཡང་འགྲོ་བ་མེད་དེ། ་དེ་ལྟར་འོང་བ་དང་འགྲོ་བ་མེད་པར་རྟོགས་པ་ཉིད་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་སྦྱིན་པ་ནི་ཡོངས་སུ་འཛིན་པ་ཉེ་བར་བཟུང་བ་ལས་གདགས་སོ་ཞེས་བྱ་བ་ནས། ཤེས་རབ་ནི་ཤེས་རབ་འཆལ་བ་ཉེ་བར་གཟུང་བ་ལས ་གདགས་ཏེ་ཞེས་བྱ་བའི་བར་དུ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་སྨོས་པ་ཡང་དོན་དམ་པར་དངོས་པོ་ཡོད་པ་ནི་མ་ཡིན་གྱི། ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་ཟླས་བསྒྲུབས་ཏེ ་བཏགས་པ་ཙམ་དུ་ཟད་དོ། །དེ་ནི་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མ་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤངས་ཏེ། དེ་དག ་ལས་ཐར་ཏོ་ཞེས་བྱ་བར་མི་སེམས་སོ་ཞེས་བྱ་བའི་དོན་ཏེ། སེར་སྣ་ལ་སོགས་པ་དེ་དག་ཉིད་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྦྱིན་པ་བྱེད་དེ་ཆེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་པ་མི་བྱེད་དོ་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱས་ནས ་ཤེས་རབ་འཚལ་བ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱ་བའི་བར་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང། དེ་དག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་དྲུག་ཅར་ཡང། དོན་དམ་པར་དངོས་པོ་མེད་པའི་ཕྱིར་དེ ་དག་ཏུ་མི་སེམས་སོ་ཞེས་བསྟན་པའོ། །སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་མགོས་པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་ར་དྭཱ་ཨིའི་བུ་ལ་སྐྱེས་པ་ནི། སྤྱོས་ཞེས་བྱ་བར་རློམ་སེམས ་མེད་དྲོ་ཞེས་བྱ་བ་ལ་སོགས་པས་དེའི་གཏན་ཚིགས་བསྟན་ཏེ། སྤྱོ་བར་བྱ་བ་དང། སྤྱོ་བར་བྱེད་པ་དང། སྤྱོ་བའི་དངོས་པོ་གསུམ་ཆད་དོན་དམ་པར་མ་སྐྱེས་པའི་ཕྱིར་དེ་ལྟར་མི་སེམས་ཞེས་བྱ་བའི་དོན་ཏེ། །ཅེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རློམ་སེམས་ཐམས་ཅད་ཡང་དག་པར་གཅོག་པའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རློམ་སེམས་ཐམས་ཅད་གཅོད་པའི་དོན་སྟོན་པས། དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་དེ་ལྟ་བུའི་རློམ ་སེམས་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏེ། །འདིལ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆེ། ཡོན་ཏན་ཇི་ལྟན་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད ་ལ་མེད་དེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་།སེམས་ཅན་ཡོངས་སྨིན་པར་བྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ལ་སོགས་པའི་ཡོན་ཏན་འོག་ནས་འབྱུང་བ་རྣམས་ཉན་ཐོས ་དང་རང་སངས་རྒྱས་རྣམས་ལ་མེད་དོ་ཞེས་བསྟན་པ་སྟེ། ཡོན་ཏན་དེ་དག་ཀྱང་གང་ཞེ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བ་ནས་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བསྟན་པའི་ཚེ། །ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པས། ་སེམས་ཅན་ཡོངས་སུ་སྨིན་པར་གྱུར་བ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་འཛུམ་པ་མཛད་དོ་ཞེས་བྱ་བ་ནས། ཕྱི་མའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་གྱི་རྒྱལ་པོ་ཞེས ་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། འཁོར་ཡོངས་སུ་སྨིན་པར་གྱུར་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པ་བཤད་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་དང། ཆ་དང་ལྡན་པ་མངྒལ་ཆེན་པོའི་བུ ་དང་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐུབ་པ་མ་མཆིས་པའོ། །ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བསྔགས་ཤིང་བསྟོད ་པ་སྟེ། རབ་དང་མཆོག་ཅེས་བྱ་བ་ལ་སོགས་པ་ནི། བཟང་བར་བསྟོང་བའི་རྣམ་གྲངས་སུ་ཟད་དོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི། མི་མཉམ་པ་དང ་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་ངོ་ཞེས་བྱ་བ་ནས། རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང། བདེ་བའི་དོན་དུ་ཞུགས་པ་ཡིན་ནོ་ཞེས་བྱ་བའི ་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་བསྔགས་པ་བསྟན་པ་སྟེ། མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་ངོ་ཞེས་བྱ་བ་ནི། འཁོར་གསུམ་ཡོངས་སུ་དག་པའི་སྤྱིན་པ་སྔར་ཡོངས ་སུ་བཏང་ངོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་བཏིང་ངོ་ཞེས་བྱ་བ་ན་དི་ལྟའི་དུས་ན་འཁོར་གསུམ་ཡོངས་སུ་དག་པར་གཏོང་བའོ། །ཡོངས་སུ་གཏོང་བར་འགྱུར་རོ་ཞེས་བྱ་བ་ནི། ཕྱིས་ཡོངས་སུ་གཏོང་བར་འགྱུར་བའོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་བ་དང། གཏོང་བ་དང། གཏོང་བར་འགྱུར་བའི་འབྲས་བུ་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ། དུས་གསུམ་དུ་སྦྱར་ཏེ། བསྟན་པའི། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །མི་མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་གྱུར་ཏེ། ཞེས་བྱ་བ་ལ་སོགས་པ་ནི་དེ ་བཞིན་གཤེགས་པའི་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་ནི་འཇིག་རྟེན་པ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕུང་པོ་དང་མི་མཉམ་པ་སྟེ། མི་མཉམ་པ་དེ་ལྟལ་བུ་དང་མཉམ་པ་ཐོབ་པར་འགྱུར་རོ་ཞེས་བཤད་པ་སྟེ། དེ་བཞིན ་གཤེགས་པའི་གཟུགས་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་བལྟ་བས་མི་དོམས་པའོ། །ཚོར་བ་ནི་འདེ་བ་དང་སྡུག་བསྔལ་དུ་བྲལ་བའི་ཚོར་བ་བཏང་སྙོམས་པའོ། །འདུ་བྱེད་ནི་དགེ་བ་དང། མི་དགེ་བ་དང་ལུང་མི་སྟོན་པའི་མངོན་པར ་འདུ་བྱེད་བ་མེད་པ་ལྷུན་གྱིས་གྲུབ་པའོ། །རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པ། ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་ཏེ། དེ་ལྟ་བུའི་ཕུང་པོ་ལྔ་ནི་འཇིག་རྟེན་བ་དང། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་སུ ་ལ་ཡང་མེད་པས་མི་མཉམ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཕུང་པོ་ལྔ་མི་མཉམ་པ་དེ་ལྟ་བུ་དང་མཉམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ ་སྟེ། དོན་དམ་པར་ཕུང་པོ་ལྔའི་རང་བཞིན་མ་ཡིན་མོད་ཀྱི། ཕུང་པོ་ལྔས་འདུལ་བའི་སེམས་ཅན་རྣམས་ལ་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུས?་ཕུང་པོ་ལྔ་རོ?་བསྟན་ཏོ། །ཕུང་པོ་ལྔ་པོ་དེ་དག་ཀྱང་མཚན་ཉིད་འདི་ཁོ་ན་ཡིན་ནོ་ཞེས་སུས ་ཀྱང་ཐོབ་ཏུ་མི་ཕེབས་ཤིང། བསམ་གྱིས་མི་ཁྱབ་པའི་མི་མཉམ་པ་ཞེས་བྱ་སྟེ། མི་མཉམ་པ་དེ་ལྟ་བུ་ཐོབ་པར་འགྱུར་བ་ལ། མི་མཉམ་པ་དང་མཉམ་པའི་གཟུགས་དང། ཚོར་བ་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །མི ་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བསྟན ་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། མེའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་བསྔགས་པའི་གཏན་ཚིགས་བསྟན་པ་སྟེ། བྱང ་ཆུབ་སེམས་དཔས་བདག་དང་གཞན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱད་བ་དང། སྤྱོད་དུ་བཅུག་པས་དེའི་འབྲས་བུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་མཐོ་རིས་དང། མྱ་ངན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་འབྱུང ་བར་འགྱུར་རོ་ཞེས་བསྟན་པ་སྟེ། ཡང་དག་པར་བྲལ་བའི་བདེ་བ་ཡང་རུང་སྟེ། ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆེ་ནི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་གཉིས་ཀ་དང། ལེགས་པར་བྲལ་བའི་ཕྱིར ་མྱ་ངན་ལས་འདས་པ་འདི་ལ་ཡང་དག་པར་བྲལ་བ་བདེ་བ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཞེས་བྱ་བ་ནས། ཤཱ་རིའི་བུའི་ལེའུ་ལ་ཐུག་གི་བར་དུ་འོད་འཕྲོ་བ་བཀྱེ་པ་མཛད་སྔར་འོད ་འཕྲོ་བ་བགྱེ་བས་འཁོར་བསྡུས་པ་རྣམས་ཀྱི་ལྷག་མ་རྣམས། འོད་འཕྲོ་འདིས་བསྡུས་ནས་ཡོངས་སུ་སྨིན་པར་བྱ་སྟེ་ལུང་བསྟན་པ་བཤད་བའོ། །དེ་ཡན་ཆད་དུ་ནི་གང་གི་ཕྱིར་བརྩོན་པར་བྱ་བ་དང། ཇི་ལྟར་བརྩོན་པར་བྱ་བ་དང། རྩོན་པར་བྱེད་པ ་རྣམས་ཀྱི་མཚན་ཉིད་དང། རྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་རྣམས་བཅོམ་ལྡན་འདས་ཀྱིས་བཤད་པ་དང། ཤཱ་རིའི་བུས་གླེང་བསླངས་ཏེ་ཞུས་པ་གཏན་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ཤཱ ་རིའི་བུའི་ལེའུ་སྟེ་གཉིས་པའོ།། །།ད་ནི་བརྩོན་པ་ལ་གདམས་པ་བཤད་པར་བྱ་སྟེ། བརྩོན་པ་ལ་གདམས་པ་དེ་ཡང་འཕགས་པ་རབ་འབྱོར་གྱིས་ཞུས་ཏེ་བཤད་ན། སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་མང་དུ་ཡོན་པར ་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོམ་སྟེ། ཅི་ནས་ཀྱང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྱུང་པར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་གཏམ་བྱ་བར་སྤོབས་བསྐྱེད་ཅིག་ཅེས་བཀའ་སྩལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྱུང་བར་འགྱུར་བ་ཞེས་བྱར ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་དེའི་རྟོགས་པས། གོ་འཕང་མཐོན་པོར་འགྱུར་བ་ལ་འབྱུང་བ་ཞེས་བྱའོ། །ཆོས་ཀྱི་གཏམ་ཞེས་བྱ་བ་ནི། བརྩོན་པ་ལ་གདམས་པའི་ཆོས་བཤད་པ་འོག་ནས་འབྱུང་བ་ལ་བྱའོ། །དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དེ་དག་དང། ཉན་ཐོས་ཆེན་པོ་དེ་དག་དང་ལྷའི་བུ་དེ་དག་འདི་སྙམ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཉན་པའི་འཁོར་བྱང་ཆུབ་སེམས་དཔའ་ལ་སོགས་པ་དེ་དག་འདི་སྙམ་དུ་གནས་བརྟན་རབ་འབྱོར་འདི་ཉན་ཐོས ་ཡིན་པས། ཉན་ཐོས་ཀྱི་ཐེག་པའི་ཆོས་རྣམས་ཤེས་པ་ཙམ་དུ་ཟད་ན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་བྱེད་དུ་བཅུག་པ་འདི་རང་ཀྱི?་བློས་སྔོན་ཏམ། དེ་བཞིན་གཤེགས་པའི་བྱིན་གྱི་རྣམས་ཀྱིས་སྟོན་སྙམ་དུ་ཐེ་ཚོམ་ཟ་བ? ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ། ་ཞེས་བྱ་བའི་བར་དུ་ནི་གནས་བརྟན་རབ་འབྱོར་གྱིས་འཁོར་རྣམས་ཀྱི་རྟོག་པ་སེམས་ཀྱིས་རྟོགས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་གཏམ་བྱ་བ་འདི་ནི་བདག་གི་ཤེས་རབ་དང་སྦོབས་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་མཐུས ་སྟོན་ཏོ་ཞེས་བཤད་པ་སྟེ། གནས་བརྟན་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ། །ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་ཡིན་མོད་ཀྱི། ་ཉན་ཐོས་ཀྱི་ཐེག་པ་ལ་གནས་ཤིང་དགེ་སློང་གི་ཚུལ་གྱིས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་དུ་ཉན་ཐོས་ཀྱི་ཚུལ་དུ་བསྟན་པས་བདག་ཉིད་ཀྱི་ཚིག་ཡིན་པ་སྐད་བྱས་ན། འཁོར་གྱི་ནང་ན་ཁ་ཅིག་མ་གུས་ཤིང་མ་དད་པར་འགྱུར་དུ་དོགས་པའི ་ཕྱིར། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་གྱི། བདག་གི་ཚིག་མ་ཡིན་ནོ་ཞེས་བསྟན་ཏོ། །ཤཱ་ར་དྭཱ་ཏིའི་བུ་འདི་ནི་དེ་ཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་ལ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱིས་སྟོན་པ་མཛད་ཀྱི། ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་མཐུས་རབ་འབྱོར་ཆོས་ཀྱི་གཏམ་བྱེད་དུ་བཅུག་པ་ཉིད་ལ། ཐབས་ཀྱིས་སྟོན་པ་མཛད་པ་ཞེས་བྱའོ། །བཅོམ་ལྡན་འདས་བྱང་ཆུབ ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱིན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་འདི་ཆོས་གང་གིས་ཚིག་བླ་དགས་ལགས་ཞེས་བྱ་བ་ལ་སོགས་པ་ནི། གནས་བརྟན ་རབ་འབྱོར་གྱིས་མིང་བརྡར་གདགས་པ་ཙམ་གྱིས། བརྩོན་པ་ལ་གདམས་པ་དང། སེམས་ཅན་མི་དམིགས་པས་བརྩོན་པ་ལ་གདམས་པ་དང། ཚིག་བླ་དགས་མི་དམིགས་པས་བརྩོན་པ་ལ་གདམས་པ་དང། ཆོས་ཐམས་ཅད་མི་དམིགས་པས ་བརྩོན་པ་ལ་གདམས་པ་དན། གདམས་པ་བཞིའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་དེ་ལྟ་བུ་བདག་གིས་ཡང་དག་པར་རྗེས་སུ་མ ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི། རབ་འབྱོར་གྱིས་དོན་དམ་ནཔའི་བདེན་པ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དོན་དམ་པར་དམིགས་སུ་མེད་ན། སུ་ཞིག་གང་ལ་གདམས་པར་བྱ་ཞེས ་ཞུས་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་ཨི་མིང་དུ་བྱ་བ་དེ་དག་ནི་མིང་ཚམ་སྟེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་བར ་ཡང་དམིགས་སོ་ཞེས་བྱ་བ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མིང་དང་བརྡར་བྱས་པའི་ཆོས་སུ་གདམས་པ་རྣམས། དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་དུ་ནི། མིང ་དང་བརྡར་གདམས་པ་ཙམ་གྱིས་བརྩོན་པ་ལ་གདམས་པ་བསྟན་པ་སྟེ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་ཨི་མིང་དུ་བྱ་བ་དེ་དག་ནི་མིང་ཙམ་སྟེ། མིང་དེ་ནི་ནང་ནི་ཡང ་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་དང། དོན་དམ་པའི་བདེན་པ་གཉིས་ཀ་ལ་བརྟེན་ནས། བཀའ་སྩལ་བ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་དོན་དམ ་བར་ཕྱི་དང་ནང་དང་ཕྱི་ནང་གཉིས་ཀ་མ་ཡིན་པ་ན་ཡང་དམིགས་སུ་མེད་མོད་ཀྱི། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། མིང་དང་བརྡ་ཙམ་དུ་གདགས་པས་གདམས་ཤིང་རྗེས་སུ་བསྟན་པར་བྱའོ། །ཞེས་བཤད་པའོ། །རབ་འབྱོར ་འདི་ལྟ་སྟེ། དཔེར་ན། སེམས་ཅན་སེམས་ཅན་ཞེས་བྱ་བར་མིང་དུ་གདགས་པའི་མིང་དེ་ནི་བཏགས་པ་ཅམ་སྟེ། ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང། ་བྱང་ཆུབ་སེམས་དཔའ་ཨི་མིང་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བཏགས་བཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི། མིང་དང་བརྡ་ཚམ་དུ་ཐ་སྙད་ཀྱིས་བརྟགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མིང་དེ་ནི་ནང་ན ་ཡང་མེད་ཕྱི་རོལ་ན་ཡང་མེད་གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི། མུ་སྟེགས་ཅན་གྱི་བདག་དང། སེམས་ཅན་དང་གང་ཟག་ལ་སོགས་པར་བཏགས་པ་རྣམས་ཡང་དག་པར་ཡོད་པ་མ་ཡིན་ཡང། ཀུན་རྫོབ་ཏུ་བདག་ ་དང་སེམས་ཅན་ཞེས་བྱ་བ་ལ་སོགས་པར་མིང་དང་བརྡར་བརྟགས་པ་སྟེ། བཤད་ཅིང་སུན་འབྱུང་བ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་སེམས་དཔའ་ཨི་མིང་ཡང་དོན་དམ ་ཡོད་པ་མ་ཡིན་དུ་ཟིན་ཀྱང། ཀུན་རྫོབ་ཏུ་མིང་དང་བརྡར་ཐ་སྙད་དུ་བཏགས་ཏེ་བཤད་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནང་གི་གཟུགས་ཤེས་མིང་དུ་བྱ་བ་ནི། ཆོས་སུ་བཏགས་བཙམ་དུ་ཟད་དེ་ཞེས་བྱ་བ་ནས། ་རབ་འབྱོར་འདི་ལྟ་སྟེ། དཔེར་ན་གང་འདི་ཕྱི་རོལ་གྱི་རྩཝ་དན་ཤིང་དང་ཡལ་ག་དང་ལོ་མ་དང་འདབ་མ་ཞེས་བྱ་བ་དེ་དག་ཐམས་ཅད་ཀྱང་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་དེ། དེ་དག་ཀྱང་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས ་པར། སྐྱེ་བ་འམ་འགག་པ་མེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་ཆོས་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། ་ནང་གི་ལུས་ཀྱི་རྣམ་པ་དང། ཕྱི་རོལ་གྱི་རྩི་ཞིང་ལ་སོགས་པ་དོན་དམ་པར་ཡོད་པ་མ་ཡིན་ཡང། ཀུན་རྫོབ་ཏུ་མིང་དང་བརྡར་ཐ་སྙད་དུ་བཏགས་ཏེ། བརྗོད་པ་བཞིན་དུ་བྱང་ཆུབ་སེམས་དཔའ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང ་མིང་དང་བརྡ་ཙམ་དུ་བཏགས་ཏེ། གདམས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ཙམ་ཞིག་ཡོད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི། སྤྲུལ་པའི་སྐུ་འདས ་པའི་མཚན་དང། རྨི་ལམ་ལ་སོགས་པ་ནི་ཀུན་རྫོབ་པ་དང་དོན་དམ་པ་གཉིས་ཀར་མ་གྲུབ་ཀྱང་ཐ་སྙད་དུ་བརྗོད་པའི་དཔེས། བྱང་ཆུབ་ལ་སོགས་པ་ཀུན་རྫོབ་ཏུ་ཐ་སྙད་དུ་བརྗོད་ཅིང་གདམས་པར་བྱའོ་ཞེས་བསྟན་པ་སྟེ། དེ ་པས་ན་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མིང་དང་བརྡར་བཏགས་པ་དང་གདམས་ངག་ཏུ་བཏགས་པ་དང། ཆོས་སུ་བཏགས་པ་ལ་སླབ་པར་བྱའོ། །ཞེས་བྱ་བས་དོན་དམ་པར ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དངོས་པོར་མ་གྲུབ་ཀྱང། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། མིང་དང་བརྡ་ཙམ་དུ་བཏགས་ཏེ། གདམས་པ་ལ་སློབ་པར་བྱའོ་ཞེས་དོན་གྱི་མཇུག་བསྡུས་ཏེ་བསྟན་ཏོ། །རབ་འབྱོར་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི། གཟུགས་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་སྨོས་པ་ལྟར། ཆོས་ཐམས་ཅད་བཏགས་པ་ཙམ་དུ ་ཟད་པར་སློབ་ཅིང། འདོམས་པའི་འབྲས་བུ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པར་འགྱུར་བ་བསྟན་པ་སྟེ། དེ་ལ་གཟུགས་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི ་མཐོང་ངོ་ཞེས་བྱ་བ་ནས། གཟུགས་ཞེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་དེ་ཞེས་བྱ་བའི་བར་དུ་ནི། མུ་སྟེགས་ཅན་རྣམས་གཟུགས་ལ་རྟག་པ་དང། བདེ་བ་ཡང་བདག་ཡོད་དོ་བ་དག། མ་ཞི་བའི་བདག་ཉིད་དུ་ཡོད་པར་རྟོག ་པ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་གཟུགས་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། ཞི་བའི་དངོས་པོར་ཡོད་པར་རྟོག་པ་དེ་དག་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གདམས ་པ་ལ་སློབ་པ་རྣམས་ལ་དེ་ལྟ་བུའི་རྣམ་པར་རྟོག་པ་མི་འབྱུང་བར་བསྟན་པའོ། །གཟུགས་ཞེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། གཟུགས་ཞེས་བྱ་བ་སྨོན་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ ་བའི་བར་དུ་ནི། རྣམ་པར་ཐར་བའི་སྒོ་གསུམ་དང། དེ་དག་གི་མི་མཐུན་པའི་ཕྱོགས་རྣམས་སུ་རྣམ་པར་རྟོག་པ་མི་འབྱུང་བ་བསྟན་པ་སྟེ། མུ་སྟེགས་ཅན་རྣམས་ནི་གཟུགས་ལ་མི་སྟོང་པ་དང། མཚན་མ་དང་བཅས ་པ་དང། སྨོན་པ་ཡོང་པར་རྟོག་།ཉན་ཐོས་དང་རང་སངས་རྒྱས་རྣམས་ནི། གཟུགས་ལ་སྟོང་པ་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དངོས་པོར་རྟོག་གི་།བྱང་ཆུབ་སེམས་དཔའ་ལ་དེ་ལྟ་བུའུ་རྟོག་པ་མི་འབྱུང་ངོ་ཞེས་བསྟན་ཏོ། ། ་གཟུགས་ཞེས་བྱ་བ་འདུས་བྱས་སུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནས། གཟུགས་ཞེས་བྱ་བ་མྱ་ངན་ལས་འདས་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་བར་དུ་ནི། ཉན་ཐོས་དང་རང་སངས་རྒྱས་ཆོས་རྣམས་ལ་གཉེན་པོ ་དང་མི་མཐུན་པའི་ཕྱོགས་ཀྱི་དངོས་པོར་རྣམ་པར་རྟོག་པ་རྣམས། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བརྟགས་པ་ཙམ་དུ་སློབ་ཅིང། བརྩོན་པ་ལ་གདམས་པར་བྱེད་པ་རྣམ་ལ་མི་འབྱུང་བ་བསྟན་པ་སྟེ། ཉན་ཐོས་དང་དང་སངས ་རྒྱས་རྣམས་ཆོས་རྣམས་ལ་སོ་སོར་རྟོག་པ་ན། མི་མཐུན་པའི་ཕྱོགས་ཀྱི་དངོས་པོར་རྟོག་པ་ནི། གཟུགས་ལ་འདུས་བྱས་དང། ཀུན་ནས་ཉོན་མོངས་པ་དང། སྐྱེ་བ་དང། མི་དབེན་པ་དྡང། མི་དགེ་བ་དང། ཁ་ན་མཐོ་བ་དང་བཅས ་པ་དང། ཟད་པ་དང་བཅས་པ་དང། ཉན་མོངས་པ་དང་བཅས་པ་དང། འཇིག་རྟེན་པ་དང་འཁོར་བར་རྟག་པའོ། །དེའི་གཉེན་པོའི་དངོས་པོ་སོ་སོར་རྟོག་པ་ནི། འདུས་མ་བྱས་པ་དང། རྣམ་པར་བྱང་བ་དང། འགག་པ་དང། དབེན་པ་དང ་དགེ་བ་དང། ཁ་ན་མཐོ་བ་མེད་པ་དང། ཟག་པ་མེད་པ་དང། ཉོན་མོངས་པ་མེད་པ་དང། འཇིག་རྟེན་ལས་འདས་པ་དང། མྱ་ངན་ལས་འདས་པར་སོ་སོར་རྟོགས་པ་རྣམས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་བཏགས་པ་ཙམ་དུ ་སློབ་ཅིང། འདོམས་པ་ལ་མི་འབྱུང་བར་བསྟན་ཏོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་སྟེ། ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱ་དང། ཁམས་རྣམས ་འདུས་པ་ལས་བྱུང་བའི་རིག་པ་དང། རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་རྣམས་ལ་ཡང། མི་མཐུན་པའི་ཕྱོགས་དང། གཉེན་པོའི་དངོས་པོར་རྣམ་པར་རྟོག་པ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་འབྱུང་གི། བྱང་ཆུབ་སེམས ་དཔའ་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རྟོགས་ཤིང། བརྩོན་པ་ལ་འདོམས་པ་རྣམས་ལ་མི་འབྱུང་བར་བསྟན་པ་ཡང། ཚོར་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང། བྱང་ཆུབ་སེམས་དཔའ་དེ་དང། བྱང་ཆུབ་སེམས་དཔའ་ཨི་མིང་དེ་འདུས་བྱས་ཀྱི་ཁམས་ན་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུས་མ་བྱས་ཀྱི ་ཁམས་ན་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏེ། ཇི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ལ་མི་མཐུན་པའི་ཕྱོགས་དང། གཉེན་པོའི་དངོས་པར་རྣམ་པར་རྟོག་པ་མི་འབྱུང་བ་དེ ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་ཨི་མིང་ཡང་ཀུན་རྫོབ་ཏུ་བརྡ་དང། ཐ་སྙད་ཙམ་དུ་བཏགས་ཏེ་བརྩོན་པ་ལ་འདོམས་ཀྱི། དོན་དམ་པར་ནི་དེ་དག་ཀྱང་འདུས་བྱས་དང། འདུས་མ་བྱས ་པའི་ཁམས་ན་ཡོད་པ་འམ། འདུས་བྱས་དང་འདུས་མ་བྱས་པའི་རང་བཞིན་དུ་ཡོད་པའི་རྣམ་པར་རྟོག་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏེ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་སྟེ། ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན། །ལ་སྤྱོད་པའི་ཚེ། ་མིང་དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བའི་བར་དུ། དེ་ལྟར་རྣམ་པར་རྟོག་པ་མི་འབྱུང་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་དེ་དག་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་སྟེ་ཞེས་བྱ་བ་ནི། ཕུང་པོ་དང་ཁམས་ལ ་སོགས་པ་གོང་དུ་སྨོས་པའི་ཆོས་དེ་དག་ལ། མི་མཐུན་པའི་ཕྱོགས་དང་གཉེན་པོར་དངོས་པོར་མི་རྟོག་ཅིང་རྣམ་པར་མི་རྟོག་པར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའི་ཚེ། རྣམ་པར་མི་རྟོག ་པའི་ཆོས་ལ་གནས་ཤིང། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དོན་དམ་པར་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། རྣམ་པར་མི ་རྟོག་པའི་ཆོས་ལ་གནས་ནས། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མིང་དང་བརྡ་ཙམ་དུ་གདགས་པས། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ།། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་རྟོགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པ་ན་ཡང། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཀྱེན་པ་ཉིད་ཐོབ་པར་བྱ་བ་ཙམ་ཞིག་ཡིད་ལ་བྱ་བ་མ་གཏོགས་པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའོ། ། ་དེ་བཞིན་དུ་ཡང་དག་པར་སྤོང་བ་བསྒོམ་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པའི་བར་དུ་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི ་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། དོན་དམ་པར་ཡང་དག་པར་རྗེས་སུ་མ་མཐོང་བ་ཉིད། ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་ལེགས་པར་རྟོགས་ཤིང་ཁོང་དུ ་ཆུད་པར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དོན་དམ་པའི་མཚན་ཉིད་རྟོགས་པ་གང་ཡིན་པ་དེ་རང་བཞིན ་གྱིས་ཡོངས་སུ་དག་པའི་ཕྱིར། སོ་སོའི་སྐྱེ་བོའི་ཚེ་ཡང་ཉོན་མོངས་པར་མི་འགྱུར་ལ། འཕགས་པའི་ཚེ་ཡང་རྣམ་པར་བྱང་བར་མི་འགྱུར་ཏེ། དེ་བཞིན་ཉིད་ནི་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆེ། མིང་དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་དུ་ཆུད་པར་བྱ་སྟེ། ཞེས་བྱ་བ་ནི། དེ་ལྟར་བརྩོན་པ་ལ་གདམས་པའི་ཡོན་ཏན་མཇུག་བསྡུས་ནས་བསྟན་པ་སྟེ། ་དོན་དམ་པར་ཆོས་ཐམས་ཅད་དམིགས་ཤིང་བརྗོད་དུ་མེད་ཀྱང། ཀུན་རྫོབ་ཏུ་མིང་དང་བརྡ་ཙམ་དུ་གདགས་པ་ཁོང་དུ་ཆུད་པར་བྱ་སྟེ། བརྩོན་པ་ལ་གདམས་པ་བྱའོ་ཞེས་བསྟན་པའོ། །དེ་ལྟར་དེས་མིང་དང་བརྡར་བྱ་བའི་ཆོས་སུ་གདགས་པ་ཁོང་དུ ་ཆུད་ནས། གཟུགས་ལ་ཆགས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ཆགས་པར་འགྱུར་བ་མེད་དོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཀུན་རྫོབ་ཏུ་མིང་དང་བརྡ་ཙམ་དུ་ཐ་སྙད་དུ་བཏགས་ཏེ། བརྩོན་པ་ལ་གདམས ་བ་བྱེད་ཀྱང། དོན་དམ་བར་ཆོས་གང་ཡང་རྗེས་སུ་མ་མཐོང་སྡེ། རྣམ་བརྨི་རྟོག་པ་ལ་གནས་པའི་འབྲས་བུ་གཟུགས་ལ་སོགས་བའི་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཆགས་པར་མི་འགྱུར ་བ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ཆགས་བར་བྱེད་པ་འམ། །གང་གིས་ཆགས་བར་བྱ་བ་འམ། གང་ལ་ཆགས་བར་བྱ་བ་དེ་ལྟ་བུའི་ཆོས་ཐམས་ཅད་མེད་བའི་ཕྱིར་རོ་ཞེས་བྱ་བ་ནི། དེ་ལྟར་ཆགས་པར་མི་འགྱུར་བའི་གཏན་ཚིགས ་བསྟན་པ་སྟེ། གང་ཆགས་བར་བྱེད་པའི་མིང་དང་གང་གིས་ཆགས་པར་འགྱུར་བའི་འདོད་ཆགས་དང་གང་ལ་ཆགས་བར་བྱ་བའི་དངོས་པོ་དེ་དག་ཐམས་ཅད་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནས། གཟུངས་ཀྱི་སྒོ་རྣམས་ཀྱང་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྐོ་རྣམས་ཀྱང་ཐོབ ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཆོས་ཐམས་ཅད་ལ་མཆོགས་པར་སྦྱང་བའི་འབྲས་བུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། བྱང་ཆུབ་སེམས་དཔའ་ཨོ་ཡོན་ཏན་གྱི་ཆོས་རྣམས་ཐོབ་པར་འགྱུད་བ་བསྟན་ཏོ། །རབ་འབྱོར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བས། མིང་དང་བརྡར་བྱ་བའི་ཆོས་སུ་གདགས་པ་རྣམས་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་ཆོས་རྣམས་མིང་དང་བརྡར་ཐ་སྙད་དུ་བཏགས་ཏེ། །བརྩོན་པ་ལ་གདམས་པ ་མཇུག་བསྡུས་ཏ་བསྟན་བའོ། །དེ་ལྟར་བཏགས་པའི་གདམས་པ་བསྟན་ནས། ང་ནི་སེམས་ཅན་མི་དམིགས་པའི་གདམས་པ་བསྟན་བར་བ་སྟེ། དེ་ཡང་གནས་བརྟན་རབ་འབྱོར་གྱིས་བརྩོན་པ་ལ་གདམས་པ་དང་པོ་ཞུས་བའི་ཆེ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སྨོས་ཏེ། ཞུས་པ་ལ་འཁོར་རྣམས་ཀྱི་ནང་ན་ཁ་ཅིག་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོ་ཡོད་དོ་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བ་འི་ཕྱིར། རབ་འབྱོར་གང་ཡང་ཁྱོད་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱིན། ཞེས་སྨྲས་པ་དེ་ལ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སེམས་ཅན་གྱི་དངོས་པོར་ཡོད་པར་འཛིན་ན། མུ་སྟེགས་ཅན ་གྱིས་བརྟགས་པའི་བདག་ལ་སོགས་པ་བཞིན་དུ་ཡོད་པར་རྟོག་ན། རྣམ་པར་རྟོག་པ་གསུམ་དུ་འགྱུར་ཏོ། །གཟུགས་ལ་སོགས་པ་ཉིད་དམ། དེ་ལས་གཞན་བར་རྟོག་པ་དང། གཞི་དང་གནས་པའི་དངོས་པོར་རྟོག་པ་དང། དེ་དག་གང་ལ ་ཡང་མ་གཏེགས་པའི་དངོས་པོར་རྟག་པ་བསལ་བའི་ཕྱིར། རབ་འབྱོར་དེ་རི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་ལ ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། །བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཞེས་བྱ་བ་དྲི་བ་རྣམ་པ་ལྔ་དྲིས་ཏེ། དེ་ལ་གཟུགས་བྱང་ཆུབ་སེམས་དཔའ་ ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ནི་གཟུགས་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་པ་དང། དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་དུ་རྣམ་པ་བརྟོག་པ་སྤང ་བ་བསྟན་ཏོ། །གཟུགས་ལ་བྱང་ཆུབ་སེམས་དཔའ་ཡང་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ་ཞེས་བྱ་བ་ནི། གཞི་དང་གནས་པའི་དངོས་པོ་རྟོག་པ་སྤང་པ་བསྟན་ཏོ། །གཟུགས་མེད་པ་ཞིག་བྱང་ཆུབ་སེམས་ ་དཔའ་ཡིན་སྙམ་མམ་ཞེས་བྱ་བས། དེ་དག་གང་ལ་ཡང་མ་གཏོགས་པའི་དངོས་པོར་རྟོག་པ་སྤང་བ་བསྟན་ཏེ། དེ་ཡང་འདུས་བྱས་དང་འདུས་མ་བྱས་བའི་ཆོས་གང་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་ལས ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་ལ་བྱང་ཆུབ་སེམས་དཔའ་གནས་བ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་དག་གནས་བ་ཡང་མ་ཡིན། དེ་དག་གང་གི་ནང་དུ་ཡང་མ་གཏོགས་མ་འབྲེལ་བར་གོང་དུ་གུང་?་ཡོད ་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལ་གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཞེས་བྱ་བ་ནས། རྒ་ཤི་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་འདུས་བྱས་ཀྱི་ཆོས ་རྣམས་ཀྱི་དངོས་པོ་མ་ཡིན་པར་བསྟན་པ་སྟེ། འདུས་བྱས་ཀྱི་ཆོས་དེ་དག་ཀྱང་ཕུང་པོ་ལྔ་དང་།སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། སའི་ཁམས་ལ་སོགས་པ་ཁམས་དྲུག་དང། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ ་གཉིས་ཀྱི་རིས་སུ་གཏོགས་བ་རྣམས་མ་ཡིན་ནོ་ཞེས་བསྟན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ན ་རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདུས་མ་བྱས་པའི་ངོ་བོ་ཉིད་དུ་ཡང་ཡོད་པ་མ་ཡིན་པ་བསྟན་ཏེ། འདུས་མི ་བྱས་བ་ཞེས་བྱ་བ་ནི། རྒྱུ་རྐྱེན་རྣམས་འདུས་ཤིང་ཆོ་གས?་པས་བྱས་ཏེ་བསྐྱེད་པ་མ་ཡིན་པའི་ཕྱིར། གཟུགས་ལ་སོགས་པའི་ཆོས་ཉིད་སྟོང་པ་ཉིད་དེ། རང་བཞིན་གཞན་དུ་མི་འགྱུར་བའི་ཡོངས་སུ་རྫོགས་པར་བྱ་བ་ལ་བརྩོན་པ་བསྟན་པའོ།། ་དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྨོན་ལམ་རྣམས་ནི་སྨོན་ལམ་མ་ལེགས། ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱུད་ནི་སངས་རྒྱས་ཀྱི་ཆོས་མ་ལགས་ཏེ། དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་ལ་པད་མ་ལེགས་སོ། ། ་ཞེས་བྱ་བའི་བར་དུ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པར། བར?་མ་དོར?་མྱ་ངན་ལས་མི་འདའ་བའ་ཨི་རྒྱུ་བསྟན་པ་སྟེ། སྨོན་ལམ་དང་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་ན་ནི། དེ་དག་གི་མི ་མཐུན་བའི་ཕྱོགས་སྤངས་ཤིང་གཉེན་པོ་ལ་བརྟེན་ཏེ་མྱ་ངན་ལས་འདས་པ་བསྒྲུབ་བྱ?། ཆོས་དེ་དག་དང། མྱ་ངན་འདས་པ་ཉིད་ཀྱང་དོན་དམ་པར་དངོས་པོར་ཡོངས་སུ་མི་འཛིན་པའི་ཕྱིར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ་ཞེས་བྱ་བའི་དོན་ཏོ། །དེ ་དག་གི་ཆོས་ཀྱང་མ་ལགས། ཞེས་བྱ་བ་ནི། སྨོན་ལམ་ལ་སོགས་པའི་ཆོས་དེ་དག་དོན་དམ་བར་དངོས་པོ་ཡོད་བར་མ་གྲུབ་པའི་ཕྱིར་རོ། །ཆོས་མ་ལགས་པ་ཡང་མ་ལགས་སོ། ཞེས་བྱ་བ་ནི། ཀུན་རྫོབ་ཏུ་སྨོན་ལམ་ལ་སོགས་པའི་ཆོས ་དེ་དག་མྱ་ངན་ལས་འདའ་བའ་ཨི་རྒྱུ་ཡིན་བའི་ཕྱིར་རོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བའི་སླད་དུ། གཟུགས་ཡོངས་སུ་མི་འཛིན་བ་དང། ཚོར་བ་ཡོངས་སུ་མི་འཛིན་པ་དང། ཞེས་བྱ་བ་ནས། ཡང་དག་པའི་མཛའ་ ་ཡོངས་སུ་མི་འཛིན་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བའི་བར་དུ་ནི། ཡོངས་སུ་འཛིན་པ་མེད་པར་སྒྲུབ་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་འཇིག་རྟེན་དང། འཇིག ་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་བར་མ་གྲུབ་པའི་ཕྱིར་གང་ཡང་དངོས་པོས་ཡོངས་སུ་མི་འཛིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ། བསྟན་ནས ་དེའི་འོག་ཏུ་ཡོངས་སུ་བརྟག་པའི་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་བརྟག་པའི་སྒྲུབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞེས་བྱ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཞེས ་བྱ་བ་དང། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་འདི་ཅི་ཞིག་ཅེས་བྱ་བ་དང། ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་བྱ་ཞེས་ཡོངས་སུ་བརྟག་པར་བྱའོ། །དེ་ལ་གང་ཞེས་ཡོངས་སུ་བརྟག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེས་བརྟག་པའོ། །གང་གི་ཞེས་བྱ་བ་ནི་གང་འབྲེལ་པ་ཞེས་བརྟག་པའོ། །ཅི་ཞིག་ཅེས་བྱ་བ་ནི། རྒྱུ་ཅི་ཞིག་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་བརྟག་པའོ། །ཅིའི་ཕྱིར་ན་ཞེས་བྱ་བ་ན། ་ཅི་ཞིག་བྱེད་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་བརྟག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་འདི་ལྟར་ཆོས་གང་ཡོད་པ་མ་ཡིན་ཞིང་མི ་དམིགས་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཡིན་ནམ་ཞེས་སྤྱོད་ན། ཤེས་རབ་ཀྱི་ཕ་རོ་ལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སྨས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་ལྟར་རྟོག་ཅིང་སེམས་པ་དང། དེ་ལྟར་རྟོག་ཅིང་སེམས་པའི་ཚེ། སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་ལ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ཆེན་པོ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ། །ཞེས་བྱ་བའི་བར་དུ་ནི། གང་ཞེས་ཡོངས་སུ་རྟག་བའི་དོན་བསྟན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་མེད་ཅིང། དེ་བཞིན་ཉིད་ཅེས་བྱའོ། །དེ ་བཞིན་ཉིད་དེ་ལ་རང་བཞིན་དུ་མར་དབྱེར་མེད་དུ་ཟིན་ཀྱང། དེའི་གཞི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང། སྐྱ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། ཁམས་དྲུག་དང། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམས ་རིགས་རིགས་སུ་ཕྱེ་བ་ལས། བཟུགས་ཀྱི་དེ་བཞིན་ཉིད་ཚོང་བའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་རྣམ་པ་དུ་མར་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་བཞིན་ཉིད་དེ་ཉིད་ཀྱང་མ་ཡིན། དེ་ལས་གཞན་པ་ཡང་མ་ཡིན། དེ་བཞིན་ཉིད ་དེ་ལ་གནས་པ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་བཞིན་ཉིད་གནས་པ་ཡང་མ་ཡིན། དེ་དག་གང་དུ་ཡང་མ་གཏོགས་པ་གཞན་ཞིག་གི་དངོས་པོར་ཡོད་པ་ཡང་མ་ཡིན་ནོ་ཞེས་བསྟན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་ ་སྩལ་བ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་སྐད་དུ་གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་བྱ་བ་ནས། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར་ཞེས་བྱ་བའི་བར་དུ་བཅོམ ་ལྡན་འདས་ཀྱིས། རབ་འབྱོར་ཁྱོད་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ?་འམ་ཞེས་བྱ་བ་ལ་སོགས་པ་བྲིས་པ་དང། རབ་འབྱོར་གྱིས་དེ་མ་ལགས་སོ་ཞེས་གསོལ་བའི་ཚིག་བཟླས་ཏེ་བཀའ་སྩལ་ནས། ཁྱོད་ཀྱི་དོན་གང་ལས ་བསམས་ཏེ། གཟུགས་ལ་སོགས་པ་འདུས་བྱས་ཀྱི་ངོ་བོ་ཉིད་དང། གཟུགས་ཀྱི་དེ་བཞིན་ཉིད་ལ་སོགས་པ་འདུས་མ་བྱས་པའི་ངོ་བོ་ཉིད་གང་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། དེ་དག་ལས་གཞན་པ་ཡང་བྱང་ཆུབ་སེམས་དཔའ་ཨམ ་ཡིན་།དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོད་པ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་ལ་དེ་དག་ཡོད་པ་ཡང་མ་ཡིན། དེ་དག་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་ཟེར་ཞེས་དེའི་གཏན་ཚིགས་དྲི་མ་པའོ། ། ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བ་ནས། རྒ་ཤིའི་དེ་བཞིན་ཉིད་མ ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རབ་འབྱོར་ཁྱོད་ཅིའི་ཕྱིར་གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར་ཞེས་གཏན་ཚིགས་དྲིས་པའི? ་ལན་དུ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཉིད་ཀྱང། དོན་དམ་པར་ངོ་བོ་ཉིད་ཡོད་པར་མ་གྲུབ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་ཤིན་ཏུ་མེད་ན། གཟུགས་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་སམ། གཟུགས་ཀྱི་དེ་བཞིན ་ཉིད་ལ་སོགས་པ་འདུས་མ་བྱས་པའི་ཆོས་རྣམས། བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས་ཤེས་བསྟན་པ་སྟེ། དེ་ནི་གནས་མ་མཆིས་སོ་ཞེས་བྱ་བ་ནི། དེ་ལྟར་འགྱུར་བ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས ་དཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་ལ་དེ་ལྟར་བསླན?་པར་བྱའོ་ཞེས་བྱ་བ་ནི།། ་སེམས་ཅན་མི་དམིགས་པས་བརྩོན་པ་ལ་གདམས་པ་མཇུག་བསྡུས་ནས་བསྟན་པ་སྟེ། ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་དོན་དམ་པར་དམིགས་སུ་མེད་པར་རྟོགས་ནས། ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན ་པར་བྱ་བའི་ཕྱིར། མིང་དང་བརྡ་ཙམ་དུ་བཏགས་ཏེ་བརྩོན་པ་ལ་གདམས་པར་བྱེད་པ་དེ་ལེགས་སོ་ཞེས་བསྟོད་ནས་དེ་ལྟར་བསླབ་པར་བྱའོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་གང་ཡང་འདི་སྐད་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཆོས ་གང་གི་ཚིགས་བླ་དགས་ཡིན་ཞེས་ཟེར་བ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། གོང་དུ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས ་བྱང་ཆུབ་སེམས་དཔའ་ཞེས་བགྱི་པ་དེ་ཆོས་གང་གི་ཚིག་བླ་དགས་ལགས་ཞེས་ཞུས་པ་ལ། འཁོར་གྱི་ནང་ན་ཁ་ཅིག་བྱང་ཆུབ་སེམས་དཔའ་དོན་དམ་པར་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུ་མེད་དུ་ཟིན་ཀྱང། ཚིག་བླ་དགས་སུ་བཏགས་པའི་ངོ་བོ ་ཉིད་དུ་ཡོད་དོ་སྙམ་དུ་རྟོག་པ་སྐྱེ་བ་དེ་ལས་བཟློག་པའི་ཕྱིར། ཚིག་བླ་དགས་མི་དམིགས་པའི་གདམས་པ་བཤད་པ་སྟེ། དེ་ཡང་གཟུགས་ལ་སོགས་པ་ཕུང་པོ་ལྔའི་ཚིག་བླ་དགས་དང། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དེ་དག་ཉིད་ལ་རྟག ་པ་ལ་སོགས་པ་ཕྱིན་ཅི་ལོག་བཞིར་འདོགས་པའི་ཚིག་བླ་དགས་དང། ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་རྟག་པ་ལ་སོགས་ལ་བཞིར་འདོགས་པའི་ཚིག་བླ་དགས་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་གསུམ་དུ་འདོགས་པའི ་ཚིག་བླ་དགས་དང། དེའི་མི་མཐུན་པའི་ཕྱོགས་མི་སྟོང་པ་ལ་སོགས་པ་གསུམ་དུ་འདོགས་པའི་ཚིག་བླ་དགས་མི་དམིགས་པ་བསྟན་ཏོ། །དེ་ལ་རབ་འབྱོར་དེ་ཇི་སྙམ་དུ་སེམས། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ ་དགས་ཡིན་སྙམ་འམ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་བྱང་ཤེས་ལ་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་འམ་ཞེས་བྱ་བའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི ་ཚིག་བླ་དགས་ཡིན་སྙམ་དུ་སེམས་སམ་ཞེས་དྲིས་པ་དང། རབ་འབྱོར་གྱིས་དོན་དམ་པར་ཚིག་བླ་དགས་མི་དམིགས་པར་རྟོག་ནས། དེ་ལྟར་མི་སེམས་སོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་གཟུགས་ཤིན་ཏུ་མ? ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བ་ནས། བཅོམ་ལྡན་འདས་སྨོན་པ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པའི ་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་སུ་གྱུར་པ་ལྟ་ག་ལ་མཆིས་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་དོན་དམ་པར་ཚིག་བླ་དགས་ཀྱི་དངོས་པོར་ཡོད་པ་མ་ཡིན་པའི་གཏན་ཚིགས་བཏན་པ་སྟེ། བྱང་ཆུབ་སེམས་དཔའ་ ་ཉིད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ལ། གཟུགས་ལ་སོགས་པ་དང། དེ་དག་གི་རྟག་པ་དང་མི་རྟག་པ་ལ་སོགས་པ་ཉིད་ཀྱང་དངོས་པོར་མེད་ཅིང་དེ་དག་ཏུ་གདགས་པའི་ཚིག་བླ་དགས་ཀྱང་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པས། ་དེ་དག་བྱང་ཆུབ་སེམས་དཔར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ ་ལྟར་སྤྱོད་པའི་ཚེ། གཟུགས་ཀྱི་ཚིག་བླ་དགས་མི་དམིགས་པ་དང། ཚོར་བའི་ཚིག་བླ་དགས་མི་དམིགས་པ་དང། ཞེས་བྱ་བ་ནས། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཚིག་བླ་དགས་དམིགས་སུ་མེད་པའི་གཏན་ཚིགས་རབ་འབྱོར་གྱིས་བཤད་པ་མཉེས་པར་བསྟོང་ནས། ཚིག་བླ་དགས་མི་དམིགས་པར་གདམས་པའི་མཇུག་བསྡུས་ཏེ། དེ་ལྟར་བསླབ་པར་བྱའོ་ཞེས ་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་བདག་གིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པས། རབ་འབྱོར་གྱིས་དང་པོར་ཞེས་པའི ་ཚིག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་བ་ལས་གླེང་བསླང་སྟེ། བྱང་ཆུབ་སེམས་དཔའ་འབའ་ཞིག་དོན་དམ་པར་མི་དམིགས་པར་མ་ཟད་ཀྱི་འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་ཆོས་ཐམས་ཅད་ཀྱང། དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་ཆོས་ཐམས་ཅད་མི་དམིགས་པར་གདམས་པ་བསྟན་ཏོ། །དེ་ལ་ཆོས་ཀྱི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཀྱི་དབྱིངས་ཀྱིས ་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནས། ཆོས་ཞེས་བྱ་བ་ནི་ཀུན་རྫོབ་བརྟགས་པའི་ཆོས་རྣམས་སོ། །ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ཆོས་ཏེ། དོན་དམ་པར་ཀུན་བརྟགས་པ་དང། ཡོངས་སུ་གྲུབ་པ་གཉིས་ཀ་སྟང ་པའི་ངོ་བོ་ཉིད་དུ་རོ་གཅིག་སྟེ། ཐ་དང་དུ་དབྱེར་མེད་པས་གཅིག་གིས་གཅིག་མི་མཐོང་ངོ་ཞེས་བསྟན་པའོ། །རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པའི ་ཆོས་རྣམས་སོ་སོར་ཕྱེ་ནས། ཆོས་ཐམས་ཅད་མི་དམིགས་པའི་སྟན་པ་སྟེ། གཟུགས་ཀྱི་དབྱིངས་ཞེས་བྱ་བ་ནི། ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་ནོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་གཟུགས་ཀྱི་རང་བཞིན་ཏེ། དེ་གཉིས ་གཅིག་གིས་གཅིག་མི་མཐོང་བ་ནི་སྔར་བཤད་པ་བཞིན་ནོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ལ་སོགས་པ་ནས་ཆོས་ཀྱི་དབྱིངས་ཀྱི་བར་དུ་ཡང། དེ་བཞིན་དུ་རིག་པར་བྱའོ། །རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས་འདུས་མ་བྱས་ཀྱི་དབྱིངས ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུས་མ་བྱས་ཀྱི་དབྱིངས་ཀྱིས་འདུས་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཞེས་ཐམས་ཅད་བསྡུས་ཏེ། ཕྱིར་མི ་དམིགས་པ་བསྟན་པ་སྟེ། འདུས་བྱས་དང་འདུས་མ་བྱས་གཉི་ག་ཡང་དོན་དམ་པར་རང་བཞིན་དབྱེར་མེད་པས། གཅིག་གིས་གཅིག་མི་མཐོང་བ་ནི་སྔ་མ་བཞིན་ནོ། །འདུས་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་འདུས་མ་བྱས་ཀྱི་དབྱིངས ་རབ་ཏུ་གདགས་པར་མི་ནུས་སོ། །འདུས་མ་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་འདུས་བྱས་གྱི་དབྱིངས་རབ་ཏུ་གདགས་པར་མི་ནུས་ཏེ་ཞེས་བྱ་བ་ནི། འདུས་བྱས་དང་འདུས་མ་བྱས་གཉི་ག་དོན་དམ་པར་གཅིག་པས་།འདུས་བྱས་མ་གཏོགS ་པར་འདུས་མ་བྱས་ལོགས་ཤིག་ཏུ་གདགས་སུ་ཡང་མི་རུང་ལ་འདུས་མ་བྱས་མ་གཏོགས་པར་འདུས་བྱས་ལོགས་ཤིག་ཏུ་གདགས་སུ་ཡང་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་དུ་རང་བཞིན་གཅིག་པ་ལས་ཡོངས་སུ་མ་དག་པའི་ཚེ ་ནི་འདུས་བྱས་ཞེས་གདགས། ཡོངས་སུ་དགས་པའི་ཚེ་ནི་འདུས་མ་བྱས་པ་ཞེས་གདགས་སྟེ། དཔེར་ན་ཆུའི་དངོས་པོར་གཅིག་པ་ལས་རྙོག་པ་ཅན་གྱི་ཚོ་ནི་ཆུ་མ་དངས་པ་ཞེས་བྱ། ཕྱིས་རྙོག་མ་མེད་པར་ཡུར་པའི་ཚེ་ན། ཆུ་དངས་པ ་ཞེས་བྱ་སྟེ། ཆུའི་རང་བཞིན་ལ་ཐ་དད་པར་གདགས་སུ་མི་རུང་བ་བཞིན་ནོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང ་དག་པར་རྗེས་སུ་མི་མཐོང་སྟེ་།ཡང་དག་པར་རྗེས་སུ་མ་མཐོང་བས་མི་འཇིགས་མི་དངང་ཞེས་བྱ་བ་ལ་སོཌ་བས་ཆོས་ཐམས་ཅད་མི་དམིཌ་པར་རྟོགས་པའི་འབྲས་བུའི་ཕན་ཡོན་བསྟན་པ་སྟེ། ཕན་ཡོན་དེ་ཡང་དང་པ་ཆེ་བ་དང་ཤེས་རབ་རྣོ་པར་འགྱུར ་བའོ། །དད་པ་ཆེ་བས་ནི་ཆོས་ཟབ་མོ་བཤད་པ་དང། ཤིན་ཏུ་བྱ་དཀའ་བ་བསྒྲུབ་པ་དང། སངས་རྒྱས་ཀྱི་ཆོས་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་རྣམS་ལ་མ་དད་པའི་དབང་གིས་འཇིགས་པ་དང་དབང་བ་དང། སྐྲག་པར་མི་འགྱུར་རོ། ཤེས་རབ་?་ནི་ཐབ་? ་དང་བྱ་དཀའ་བ་དང། སངས་རྒྱས་ཀྱི་ཆོས་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་རྣམས་ལ་སེམས་ཞུམ་པ་དང་ཡིད་འགྱོད་པར་མི་འགྱུར་བ་བསྟན་ཏོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནས། དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས། མི ་འཇིགས་མི་དབང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་སྐྲག་པར་མི་འགྱུར་བའི་གཏན་ཚིགས་བསྟན་པའི་སྒོ་ནས། ཆོས་ཐམས་ཅད་མི་དམིགས་པ་དེ་ཉིད་ཞིབ་ཏུ་བསྟན་པ་སྟེ། དེ་ཡང་ཕུང་པོ་དང་ཁམས་དང། སྐྱེ་མཆེད་དང་རྟེན་ཅིང ་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་སྨོས་པས་ནི་ཕྱི་ནང་གི་ཆོས་རྣམས་བསྡུས་སོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སྨོས་པས་ནི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་བསྡུས་སོ། །བདག་དང་སེམས་ཅན་དང་སྲོག་ལ? ་སོགས་པ་སྨོས་པས་ནི་མུ་སྟེགས་ཅན་གྱིས་བདག་ཏུ་བརྟགས་པ་སྣ་ཚོགས་བཏགས་པ་ཙམ་དུ་ཡོད་པ་རྣམས་བསྡུས་སོ། །ཁམས་གསུམ་སྨོས་པས་ནི། འཁོར་བར་གཏོགས་པའི་ཆོས་ཐམས་ཅད་བསྡུས་སོ། །ཉན་ཐོས་དང་རང་སངས་རྒྱས་ལས ་སོགས་པ་འཕགས་བ་རྣམས་དང། འཕགས་བའི་ཆོས་རྣམས་སྨོས་པས་ནི། རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པ་དཀར་པོའི་ཆོས་ཐམས་ཅད་བསྡུས་སོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ ་མ་མཐོང་བས་འཇིགས་ཤིང་སྐྲག་པར་འགྱུར་བའི་རྒྱུ་མི་དམིགས་པའི་ཕྱིར་མི་འཇིགས་མི་སྐྲག་གོ་ཅེས་བསྟན་ཏོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་པའི་ཚེ། ཆོས་ཐམས་ཅད་ལ་སེམས་ཞུམ་པར་མི་འགྱུར་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ཡོངས་སུ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ཤེས་རབ་རྣོ་བའི་རྒྱུ ་སེམས་ཞུམ་པར་མི་འགྱུར་བ་དང། ཡིད་ཡོངས་སུ་སྐྲག་པར་མི་འགྱུར་བའི་གཏན་ཚིགས་རབ་འབྱོར་གྱིས་ཞུས་པའི་ལན་བཀའ་སྩལ་པ་སྟེ། དེ་ལ་སེམས་དང་སེམས་ལས་བྱུང་བའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི། འཇུག ་པའི་རྣམ་པར་ཤེས་པ་དྲུག་དང། ཀུན་གཞིའི་རྣམ་པར་ཤེས་པ་དང། དེ་དང་འབྲེལ་པའི་སེམས་ལས་བྱུང་བའི་ཆོས་རྣམས། དོན་དམ་པར་མི་དམིགས་པ་བསྟན་པའོ། །ཡིད་དང་ཡིད་ཀྱི་ཁམས་ཡང་དག་པར་རྗེས་མི་མཐོང་སྟེ་ཞེས་བྱ ་བ་ནི་ཉོན་མོངས་པའི་ཡིད་དང། དེ་དང་འབྲེལ་པའི་སེམས་ལས་བྱུང་བའི་ཆོས་རྣམས་དོན་དམ་པར་མི་དམིགས་པ་བསྟན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཐམས་ཅད་མི་དམིགས་པས། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས། བརྩོན་པ་ལ་གདམས་པའི་དོན་དང། ཚིག་མཇུག་བསྡུས་ནས་བསྟན་བ་སྟེ། དེ་ཡན་ཆད་བརྩོན་པ་ལ་གདམས་པ་བཤད་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་གསུམ་པའོ།། །།ད་ནི་བརྩོན་པའི་ཕན་ཡོན་བཤད་པར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང། ཉན་ཐོས་དང་རང ་སངས་རྒྱས་རྣམས་ཀྱིས། རྟག་ཏུ་རྒྱུན་མི་འཆད་པའི་བསླབ་པར་བྱ་བའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་གྱིས་བཤད་དོ། །ཕན་ཡོན་དེ་ཡང་རྣམ་པ་བཞི་སྟེ། ཡོངས་སུ་རྟོགས་པར་བྱ་བའི་ཆོས་རྣམས་ཡོངས་སུ་རྟོག་པ་དང། སྤང་བར་བྱ ་བ་རྣམས་སྤངས་པ་དང། ཡོངས་སུ་རྫོགས་པར་བྱ་བ་རྣམས་ཡོངས་སུ་རྫོགས་པ་དང། མངོན་སུམ་དུ་བྱ་བ་རྣམས་ཐོབ་པས་མངོན་སུམ་དུ་བྱས་པའོ། །དེ་ལ་བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བས་ཞེས་བྱ་བ་ནས། བཅོམ་ལྡན ་འདས་འཁྲུག་པ་ཡོངས་སུ་རྟོག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད?་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན ་ལག་བཅུ་གཉིས་རྣམས་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་དུ་ཤེས་པར་བྱ་བ་རྣམས། ཡང་དག་པ་ཇི་ལྟ་བ་ཉིད་དུ་ཤེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདོད་ཆགས ་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་བར་བགྱིའོ་ཞེས་བྱ་བ་ནས། མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་བར་བགྱིའོ་ཞེས་བྱ་བའི་བར་དུ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་སྤང་བར་བྱ་བ་རྣམས་སྤངས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ནི་ཉོན་མོངས་པ་ཐམས་ཅད་དང། མི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་སྤང་བར་བྱའོ། ། ་འཇིགས་ཚོགས་ལ་ལྟ་བ་ཞེས་བྱ་བ་ནི་ཕུང་པོ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཚོཌ་པ་བདག་མེད་པའི་དངོས་པོ་ལ་བདག་དང་བདག་གིར་འཛིན་པའོ། །ཐེ་ཚོམ་ཞེས་བྱ་བ་ནི་ལས་དང་འབྲས་བུ་དང་བདེན་པ་དང ་དཀོན་མཆོག་ལ་སོགས་པ་ལ་ཡིད་གཉིས་ཟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལུས་གྱི་གསུམ་དང། རྫུན་དུ་སྨྲ་བ་ལ་སོགས་པ་དག་གི་བཞི་སྤང་བའི་མཚན་ཉིད་ནི་ཚུལ ་ཁྲིམས་སོ། །བརྟུལ་ཞུགས་ནི་རི་དགས་དང། ཕྱུགས་ཀྱི་བརྟུལ་ཞུགས་བྱེད་པ་དང། ཐ་བ་བ་ལ་ཉལ་བ་དང། རལ་པ་ཐོགས་པ་ལ་སོགས་པ་མུ་སྟེགས་པ་མུ་སྟེགས་ཅན་གྱི་དཀའ་ཐུ་བ་རྣམས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་དེ་དག་གིས ་གྲོལ་བ་ཐར་པར་འཛིན་ཅིང་དགེ་བ་གཞན་མི་སྤྱོད་པར་དེ་དག་ཉིད་མཆོག་དམ་པ་ཡིན་ནོ་སྙམ་ནས་དེ་དག་སྙོམས་པའོ། །འདོད་པའི་འདོད་ཆགས་དང་གནོད་སེམས་ཞེས་བྱ་བ་ཨི་འདོད་པའི་ཁམས་ཀྱི་འདོད་ཆགས་དང། ཁོང་ཁྲོ་བའོ། ། ་གཟུགས་ཀྱི་འདོད་ཆགས་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་བསམ་གཏན་དང་ཏིང་ངེ་འཛིན་ཕྱི་རོལ་ཆགས་པའོ། །གཟུགས་མེད་པའི་འདོད་ཆགས་ཞེས་བྱ་བ་ནི་གཟུགས་མེད་བའི་ཁམས་ཀྱི་སྙོམས་པར་འཇུག་པ ་བཞིའི་བདེ་བ་ལ་ཆགས་པའོ། །ཀུན་ཏུ་སྦྱོར་བ་ཞེས་བྱ་བ་ནི་ཀུན་ཏུ་སྦྱོར་བ་དགུ་སྟེ། ཆགས་པ་དང། ཁོང་ཁྲོ་བ་དང། ང་རྒྱལ་དང། མ་རིག་པ་དང། ལྟ་བ་དང། ཚུལ་ཁྲིམས་དང། བརྟུལ་ཞུགས་བསྙེམས་པ་དང། འཇུངས?་བ་དང། ་ཐེ་ཚོམ་དང། ཕྲག་དོག་རྣམས་ཏེ། འདི་རྣམས་ཀྱི་འཁོར་བར་ཀུན་ཏུ་འཆིང་ཞིང་སྦྱོར་བར་བྱེད་པའི་ཕྱིར་ཀུན་ཏུ་སྦྱོར་བ་ཞེས་བྱའོ། །འགལ་ཉལ་བ་ཞེས་བྱ་བ་ནི་བག་ལ་ཉལ་བ་བདུན་ཏེ། འདོད་པའི་འདོད་ཆགས་དང། ཁོར་ཁྲོག་དང ་གཟུགས་དང་གཟུགས་མེད་པའི་འདོད་ཆགས་དང། ང་རྒྱལ་དང། མ་རིག་དང། ལྟ་བ་དང། ཐེ་ཚོམ་རྣམས་ཏེ། འདི་རྣམས་མངོན་དུ་མ་བྱུང་ཞིང་རབ་ཏུ་ཕྲ་བའི་ཚེ། མི་མངོན་པར་བག་ལ་ཉལ་བ་ལས་ལྡང་ཞིང་འཕེལ་བ་དང། ལུས ་དང་ངག་ཡིད་གསུམ་གྱི་རྗེས་སུ་འབྲད་བའི་ཕྱིར་?་ཉལ་བ་ཞེས་བྱའོ། །ཀུན་ནས་ལྡང་བ་ཞེས་བྱ་བ་ནི་ཀུན་ནས་ལྡང་བ་བཅུ་སྟེ། རྨུགས་པ་དང། གཉིད་དང། འབྱོར་བ་དང། འགྱོད་པ་དང། ཕྲག་དོག་དང། སེར་སྣ་དང། ཁྲེལ་མོད་པ་དང། ་ངོ་ཚ་མི་ཤེས་བ་དང། །བྲོ་བ་དང། འཆལ་བ་རྣམས་ཏེ། འདི་དག་གི་སེམས་དཀྲིས་ཤིང་གླགས་པ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལྡང་བའི་ཕྱིར་ཀུན་ནས་ལྡད་བ་ཞེས་བྱ་བྱའོ། །ཟས་བཞི་ཞེས་བྱ་བ་ནི་ཁམ་གྱིས་ཟ? ་བའི་ཟས་དང། རེག་པའི་ཟས་དང། ཡིད་ལ་སེམས་པའི་ཟས་དང། རྣམ་པར་ཤེས་པའི་ཟས་ཏེ། དེ་ལ་ཁམ་གྱིས་ཟ་བའི་ཟས་ནི། དཔེར་ན་འདོད་པའི་ཁམས་ཀྱི་མི་དང་ལྷ་ལ་སོགས་པའི་ཟས་ཁམ་གྱིས་ཟ་བ་ལྟ་བུའོ། །རིག་པའི ་ཟས་ནི་དཔེར་ན་བྱ་དང་རུ་སྦལ་ལ་སོགས་པ་སྒོ་ང་ལས་སྐྱེས་བའི་ལྟ་བུ་སྟེ། མ་མོའི་ལུས་ཀྱིས་རེག་པའི་དྲོད་ཀྱིས་འཚ?་པའོ། །ཡིད་ལ་སེམས་པའི་ཟས་ནི། དཔེར་ན་མུ་གེ་བྱུང་བའི་ཚེ། ཕ་མ་གཉིས་ཀྱིས་ཐལ་བའི་ཐུམ་དུ་གདུད་ལ་བཏགས ་ཏེ་བཞག་ནས། བུ་ཆུང་ངུ་གཉིས་ཤིག་ལ་དེང?་སླར་འོངས་ཏེ་ཕྱེ་འདི་ལས་ཟན་བྱས་ཏེ་སྦྱིན་གྱིས། དེའི་བར་དུ་མ་ངུ?་བར་འཁོར་ཅིག་ཅེས་བསྒོ་ནས་ཕ་མ་གཉིས་ཀྱིས་བུ་གཉིས་ཁྱིམ་དུ་གཞག་སྟེ། ཡུལ་གཞན་དུ་ཟས་ཚོལ་དུ་དོང་བའི་ཕྱི ་ན། བུ་གཉིས་ཀྱི་ཡིད་ལ་བདག་ཅག་གི་ཟས་ཕྱེ་ཡོད་དོ་སྙམ་དུ་ཡིད་ལ་སེམས་ཤིང་ར་བས། ཟས་སུ་ཕྱེ་དེ་མ་ཐོས་པར་ཡང་ཡུན་རིང་པོར་ཚེ་མ་འདས་ཏེ་འཚོ་བ་ལྟ་བུའོ། །རྣམ་པར་ཤེས་པའི་ཟས་ནི་གཟུགས་དང་གཟུགས་མེད་པའི ་ཁམས་ཀྱི་ལྷ་རྣམས་ཀྱི་རྣམ་པར་ཤེས་པ་ལ། བསམ་གཏན་དང་ཏིང་ངེ་འཛིན་བསྒོམས་པས་བདེ་བའི་རོ་མྱོང་བས། ཟས་གཞན་མི་དགོས་བར་འཚོ་བ་ལྟར་བུའོ། །སྦྱོར་བ་བཞི་ཞེས་བྱ་བ་ནི། འདོད་པའི་སྦྱོར་བ་དང། སྲིད ་པའི་སྦྱོར་བ་དང། ལྟ་བའི་སྦྱོར་བ་དང། མ་རིག་པའི་སྦྱོར་བ་སྟེ། དེ་ལ་འདོད་པའི་སྦྱོར་བ་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། ལྟ་བ་དང་མི་རིག་པ་གཉིས་མ་གཏོགས་སོ། །སྲིད་པའི་སྤྱོད་པ་ནི ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། ལྟ་བ་དང་མ་རིག་པ་གཉིས་མ་གཏོགས་སོ། །ལྟ་བའི་སྦྱོར་བ་ནི་འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ ་དང། ལྟ་བའི་སྙོམས་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙོམས་པ་དང། མ་རིག་པའི་སྦྱོར་བ་ནི། ཁམས་གསུམ་གྱི་མ་རིག་པ་སྟེ། ཉོན་མོངས་པ་འདི་རྣམས་ཀྱིས་སེམས་ཅན་རྣམས་ཁམས་གསུམ་དང། འགྲོ་བ་དྲུག་དང། ་སྐྱེ་བ་བཞི་རྣམས་སུ་སྐྱེ་བར་སྦྱོར་བའི་ཕྱིར་སྦྱོར་བ་ཞེས་བྱའོ། །ཆུ་བོ་བཞི་ཞེས་བྱ་བ་ནི། སྦྱོར་བ་བཞི་པོ་འདི་དག་ཉིད་སེམས་ཅན་རྣམས་ངན་སོང་གསུམ་དུ་ཁྱེར་བར་བྱེད་པའི་ཕྱིར། ཆུ་བོ་དང་འདྲ་བས་ཆུ་བོ་ཞེས་བྱའོ། །མདུད་པ་བཞི ་ཞེས་བྱ་བ་ནི། ཆགས་སེམས་དང་།གནོད་སེམས་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང། ལྟ་བ་སྙེམས་པ་སྟེ། ཉོན་མོངས་པ་འདི་རྣམས་ཀྱིས་སེམས་ཅན་རྣམས་གྲོལ་ཐར་པར་མི་འགྱུར་བར་འཆིང་བར་བྱེད་པའི ་ཕྱིར་མདུད་པ་ཅེས་བྱའོ། །ཉེ་བར་ལེན་པ་བཞི་ཞེས་བྱ་བ་ནི་འདོད་པ་ཉེ་བར་ལེན་པ་དང་ལྟར་ཉེ་བར་ལེན་པ་དང་ཚུལ་ཁྲིམས་དག་བརྟུལ་ཞུགས་སྙོམས་པར་ཉེ་བར་ལེན་པ་དང། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ། དེ་ལ་འདོད་པ་ཉེ་བར་ལེན་པ་འདོད་པའི ་ཁམས་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སོ། །ལྟ་བ་ཉེ་བར་ལེན་པ་ནི་འཇིག་ཚོགས་ལ་ལྟ་བ་དང། མཐར་འཛིན་པར་ལྟ་བ་དང། ལོག་པར་ལྟ་བ་དང། ལྟ་བ་སྙོམས?་པ་དང་བཞིའོ། །ཚུལ་ཁྲིམས་དང་འཆུས?་ལུགས?་སེམས ་པ་ཉེ་བར་ལེན་པ་ནི་སྔར་བཤད་པའོ། །བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ནི། བདག་གི་ལུས་ལ་བདག་གོ་ཞེས་སྨྲ་བ་འམ། དེའོ་ཞེས་པའི་ང་རྒྱལ་ལ་བྱ་སྟེ། ཉོན་མོངས་པ་འདི་རྣམས་ཀྱིས་འཁོར་བའི་ལུས་ཉེ་བར་ལེན་པར་འགྱུར་བའི་ཕྱིར ་ཉེ་བར་ལེན་པ་ཅེས་བྱའོ། །ཕྱིན་ཅི་ལོག་བཞི་ཞེས་བྱ་བ་ནི། མི་རྟག་པ་ལ་རྟག་པར་འཛིན་པ་དང། སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང། བདག་མེད་པ་ལ་བདག་ཏུ་འཛིན་པ་དང། མི་གཙང་པ་ལ་གཅིང?་བར་འཛིན་པ་དང་བཞིའོ། །མ ་དགེ་བ་བཅུ་ཞེས་བྱ་བ་ནི། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་ལ་ལོག་པར་སྤྱོད་པ་སྟེ། ལུས་ཀྱི་གསུམ་དང། བརྫུན་དུ་སྨྲ་བ་དང། ཕྲ?་མ་ཟེར་བ་དང་།ཚིག་བཀྱལ?་པ་དང། དག་རྩུབ་མོ་སྟེ་དག་གི་བཞི་དང། ཆགས ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་སྟེ་ཡིད་ཀྱི་གསུམ་དང་བཅུའོ། །སྤང་བར་བྱ་བའི་རིགས་སུ་གཏོགས་པ་རྣམས་ལ། འདོད་ཆགས་དང་ལ་སོགས་པ་གཞན་ནི། སྤང་བར་འཚལ་བས་ཞེས་གཞུང་ལས་འབྱུང་ལ། ཟས་བཞི ་པ། སྦྱོར་བ་བཞི་དང། ཆུ་བོ་བཞིའི་སྐབས་སུ་ཡོངས་སུ་རྟོག་པར་འཚལ་བས་ཞེས་འབྱུང་བ་འདི་དག་ཡོངས་སུ་རྟོག་པར་བྱས་ནས། སྤང་བར་བྱ་བ་ཡིན་པས། སྤང་བར་འཚལ་བས་ཞེས་མ་སྨོས་ཀྱང། སྤང་བར་བྱ་བར་རིག་བར་བྱའོ། །འདོད ་ཆགས་ལ་སོགས་པ་གཞན་རྣམས་ལ་ཡོངས་སུ་རྟོག་པར་འཚལ་བས་ཞེས་མ་སྨོས་ཀྱང། ཡོངས་སུ་རྟོག་པར་བྱས་ནས། སྤང་བར་རིག་པར་བྱའོ། །དེ་ལྟར་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་སྤང་བར་བྱ་བ་རྣམས་ཡོངས་སུ་སྤངས ་བར་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི་ཕན་ཡོན་ཡིན་ནོ་ཞེས་བསྟན་པའོ། །དགེ་བ་བཅུའི་ལས་གྱི་ལམ་ཡོངས་སུ་རྫོགས་པར་བགྱི་པར་འཆལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི། ཡོངས་སུ་རྫོགས་པའི་ཕན་ཡོན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཚིག་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས ་བསྟན་བའོ། །དེ་ལ་འཇིག་རྟེན་པའི་དགེ་བའི་ཆོས་ནི་དགེ་བ་བཅུ་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་སོ། །མངོན་པར་ཤེས་པ་ལ་སོགས་པ་གཞན་རྣམས་ནི། འཇིག ་རྟེན་ལས་འདས་པའི་དགེ་བའི་ཆོས་རྣམས་ཏེ། དེ་དག་ཡོངས་སུ་རྫོགས་པར་གྱུར་བ་ནི་བརྩོན་པའི་ཕན་ཡོན་ནོ་ཞེས་བྱ་བའི་དོན་ཏོ། བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས་ཏེ། བསམ་གཏན་དང་པོ་ལས་ལངས་ནས། ་འགོག་པ་ལ་མཉམ་པར་གཞག་པ་དང་ཞེས་བྱ་བ་ནས། དེ་ལྟར་དེ་དག་དང་ཏིང་ངེ་འཛིན་གྱི་སྒོ་གཞན་དག་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ ་ཞེས་བྱ་བའི་བར་དུ་མངོན་སུམ་དུ་བྱས་པའི་ཆོས་རྣམས་ཐོས་པས། མངོན་སུམ་དུ་བྱས་བའི་བརྩོན་པའི་ཕན་ཡོན་བསྟན་པ་སྟེ། ཐོབ་པས་མངོན་སུམ་དུ་བྱ་བའི་ཆོས་ཀྱང་བསམ་གཏན་བཞི་དང། །གཟུགས་མེད་པའི་སྙོམས་པར ་འཇུག་པ་བཞི་དང། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སོམས་པའི་ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་བསྒོམས་པས་དེ་དག་གི་འབྲས་བུ་ཐོབ་ཅིང་དོན་མངོན་སུམ་དུ་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པའི ་ཕན་ཡོན་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས་ཏེ་ཞེས་བྱ་བ་ནི་དང་པོའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་ཆེ། བདག་གིས་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་ཆོས་རྣམས་མངོན་སུམ་དུ་བྱའོ་སྙམ ་པའི་བསམ་པས་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཏིང་ངེ་འཛིན་དེ་བསྒོམས་པ་ལས་བྱང་ཆུབ་ཀྱི་ཡན་ལག་བདུན་མངོན་སུམ་དུ་ཐོབ་པར་འགྱུར་བའི་ཏིང་ངེ་འཛིན་དེ་ལ་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ ་ལ་གནས་ནས། བསམ་གཏན་དང་པོ་ལ་སོགས་པ་དང། འགོག་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་སྤེལ་མང་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་དུ་བྱུང་པ་བསྟན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་དང། སེང་གེ་རྣམ་པར ་བསྒྱིངས་པའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་ནི་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་སྐབས་ནས། གཞུང་འདི་ཉིད་ལས་འོག་ནས་ཞིབ་ཏུ་འཆད་པའི་ཕྱིར་སྐབས་འདིར་མ་བཤད་དོ། །བཅོམ་ལྡན་འདས་གཞན་ཡང་སེམས ་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བ་ཞེས་བྱ་བ་ནས། དེ་ལྟ་བུའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སླབ་པར ་བགྱིའོ་ཞེས་བྱ་བའི་བར་དུ་ཡང་ཡོངས་སུ་རྫོགས་པའི་བརྩོན་པའི་ཕན་ཡོན་སྔར་བཤད་པའི་ལྷག་མ་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང། དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བ་ལས་གླེངས་ཏེ། བྱང ་ཆུབ་སེམས་དཔའ་ཨི་སྐྱོན་ཆེན་པོ་རྒྱས་པར་བསྟན་པའི་ཕྱིར། སྐབས་འདིར་ལོགས་ཤིང་ཏུ་ཕྱེ་སྟེ་བསྟན་ཏོ། །དགེ་བའི་རྩ་བ་གང་ཡོངས་སུ་རྫོགས་པས་ཞེས་བྱ་བ་ལ་སོགས་པས་ནི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བའི་ཁྱད ་པར་བསྟན་པ་སྟེ། ངན་སོང་རྣམས་སུ་མི་ལྟུང་བ་སྨས་པས། མི་དགེ་བ་བཅུའི་ལས་ཀྱི་ལམ་སྤངས་པའི་དགེ་བའི་རྩ་བ་དང། རིགས་དམའ་བར་མི་སྐྱེ་བ་སྨོས་པས་ང་རྒྱལ་བཅག་ཚིབ?་བླ་མ་ལ་རིམ་རོ་དང། བཀུར་སྟི་བྱེད་པའི་དགེ་བའི་རྩ་བ་དང། ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མི་གནས་པ་སྨོས་པས། ཆོས་ལ་བདག་མེད་པར་རྟོགས་པའི་དགེ་བའི་རྩ་བ་དང། བྱང་ཆུབ་སེམས་དཔའ་ཨི་སྐྱོན་ཆེན་པོར་མི་ལྟར་པ་སྨོས་པས། ཐབས་མཁས་ཤིང་ཆོས་ལ་མངོན་པར་ཆགས་པ ་མེད་པའི་དགེ་བའི་རྩ་བ་སྟེ། དགེ་བའི་རྩ་པ་དེ་ལྟ་བུ་ཡོངས་སུ་རྫོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་དེའི་སྦྱར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས ་སྨྲས་སོ། །ཞེས་བྱ་བ་ལ་སོཌ་པ་ནི་འཕགས་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་ཨི་སྐྱོན་ཆེན་པོ་དྲི་བ་ལས་གླེང་བསླང་སྟེ། འཁོར་རྣམས་ཐེ་ཚོམ་བསལ་བ་དང། ཆོས་བཤད་པ་ཞིབ་ཏུ་བསྟན་པའི་ཕྱིར། འཕགས་པ་གཉིས་གཅིག་གིས་དྲིས་པའི ་ལན་གཅིག་གིས་བཏབ་པ་སྟེ། བྱང་ཆུབ་སེམས་དཔའ་སྐྱོན་ཆེན་པོ་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་ལ་དྲོད་དང། རྩེ་མོ་དང། བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བ། རྣམ་པ་བཞི་ལས་རྩེ་མོར་གྱུར་པའི་ཆེ་ན། འཁོར ་གསུམ་ཡོངས་སུ་མ་དག་པར་སྦྱིན་པ་ལ་སོགས་པ་སྤྱོད་ཅིང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའ་ཨི་ས་དང་པོར་ཡང་ཐོབ་པར་མི་བྱེད་པར་བར་མ་དོར་གནས་པ་ནི། བྱང་ཆུབ་སེམས་དཔའ་ཨི་སྐྱོན་ཆེན་པོ ་ཞེས་བྱ་སྟེ། དེ་པས་ན་སྐྱོན་ཆེན་པོར་ལྟུང་བ་གང་ཡིན་ཞེས་དྲིས་པའི་ལན་དུ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཆོས་ལ་སྲེད་པ་ཞེས་བྱ ་པ་ནི་ཆོས་རྣམས་ལ་མཚན་མར་འཛིན་པ་སྟེ། དེ་ཉིད་བསལ་བར་བཤད་པའི་ཕྱིར། གཟུགས་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྣམ་པར་ཤེས་པ་སྨོས་པ་མེད་ཅེས་བྱ ་བར་མངོན་པར་ཆགས་ཤིང་གནས་ཏེ། འདུ་ཤེས་པ་འདི་ནི་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི ་ཕུང་པོ་ལྔ་རྣམས་ལ་སྟོང་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་ལ་སོགས་པར་རྟོག་ཅིང་སྒོམ་པའི་ཚེ། དངོས་པོ་ཡོང་བ་དང། མཚན་མ་ཅན་དུ་དམིགས་ཤིང་བསྒོམ་པའི་ཕྱིར་ཆོས་ལ་སྲེད་པ་ཞེས་བྱའོ། །རྟག་པ ་ལ་སོགས་པ་ཕྱིན་ཅི་ལོག་ཏུ་མ་གྱུར་པའི་ཕྱིར་མཐུན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་ཆོས་གང་ལ་ཡང་མཚོན་མར་མི་འཛིན་ཅིང། འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པའི་རིགས་པ་ལས་དངོས་པོར་ཆགས་ཤིང་མཚན་མར ་འཛིན་པའི་ཕྱིར་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་སྐྱོན་ནི་རྣམ་པ་གསུམ་སྟེ། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང། སེམས་ཕྱིན་ཅི་ལྒ་ཏུ་གྱུར་པ་དང། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །དེ་ལ་མངོན་པར་ཆགས་པ ་ཞེས་བྱ་བ་ནི། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །གནས་ཞེས་བྱ་བ་ནི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །འདུ་ཤེས་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་བསྟན་ཏོ། །གལ་ཏེ་གཟུགས་འདི་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་འདི་སྤང་བར་བྱའོ། །འདིས་རྣམ་པར་ཤེས་པ་སྤང་བར་བྱའོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ་སོ་སོར་ཕྱེ་སྟེ། སྤང་བར་བྱ་བའི་སྒོ་ནས་མཚན་མར་འཛིན ་པའི་སྐྱོན་བསྟན་པ་སྟེ། འདིས་གཟུགས་སྤང་བར་བྱའོ་ཞེས་བྱ་བ་ནི། སྤོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་འདིས། གཟུགས་སྤང་བར་བྱའོ་ཞེས་བྱ་བའམ། འཕགས་པའི་ལམ་བསྒོམ་པ་འདིས། གཟུགས་སྤང་པར་བྱའོ་ཞེས་བྱ་བ་མཚན ་མར་འཛིན་པ་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྦྱར་བར་བྱའོ། །སྡུག་བསྔལ་འདི་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བ་ནས། ལམ་འདི་བསྒོམ་པར་བྱའོ་འདིས་ལམ་བསྒོམ་པར་བྱའོ་ཞེས་བྱ་བའི་བར་ནི། འཕགས་པའི་བདེན་པ་བཞི་ལ། ་སྡུག་བསྔལ་ནི་ཤེས་པར་བྱའོ། །ཀུན་འབྱུང་བ་ནི་སྤང་བར་བྱའོ། །འགོག་པ་ནི་མངོན་སུམ་དུ་བྱའོ། །ལམ་ནི་སྒོམ་པར་བྱའོ་ཞེས་འབྱུང་བ་ལ་མཚན་མར་འཛིན་པ་སྐྱོན་དུ་འགྱུར་རོ་ཞེས་བསྟན་པ་སྟེ། འདིར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །འདི ་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པའོ། །འདི་ནི་སྐྱོན་དུ་འགྱུར་བའོ་ཞེས་བྱ་བར་ཆོས་དེ་དག་ལ་མངོན་པར་ཆགས་ཤིང་གནས་ཏེ། འདུ ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་བ་སྟེ་སྐྱོན་དུ་འགྱུར་བའོ་ཞེས་བྱ་བའི་པར་དུ་ནི། ཆོས་རྣམས་ལ་བླང་པ་དང། དོར་བའི་འདུ་ཤེས་དང། མཚན་མར་འཛིན་པ་སྐྱོན་དུ་འགྱུར་བ ་བསྟན་པ་སྟེ། དེ་ལ་འདི་ནི་ཀུན་ནས་ཉོན་མོངས་པའོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་འཁོར་བའི་རྒྱུར་འགྱུར་པའོ། །འདི་ནི་རྣམ་པར་བྱང་པའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མྱ་ངན་ལས ་འདའ་བའ་ཨི་རྒྱུར་འགྱུར་བ་རྣམས་སོ། །ཆོས་འདི་དག་ནི་བསྟེན་པར་བྱའོ་ཞེས་བྱ་བ་ནི་ཡང་དག་པར་ལྟ་བ་དང། དད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་མི་འགལ་བ་རྣམས་སོ། །ཆོས་འདི་དག་ནི་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི་ལོག ་པར་ལྟ་བ་དང། མ་དང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་འགལ་བ་རྣམས་སོ། །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྱོད་པར་བྱའོ་ཞེས་བྱ་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཕོགས་པའོ། །འདི་ལ་སྤྱད ་པར་མི་བྱ་བ་ནི། སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལམ་ལ་རྣམ་པ་གཉིས་ཏེ། མཐོང་བའི་ལམ་དང། ་བསྒོམ་པའི་ལམ་མོ། །དེ་ལ་མཐོང་བའི་ལམ་ནི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །བསྒོམ་པའི་ལམ་ནི་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགS་པ་དེ་ཉིད་ས་གཉིས་པ་ལ་སོགས་པ་ལ་ཡང་དང་ཡང ་དུ་གོམས་པར་བྱེད་པའོ། །འདི་ནི་ལམ་མ་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་གོང་དུ་སྨོས་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ། ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་རྣམས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་བསླབ་པའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཨི་བསླབ་པ་རྣམ་པ་གསུམ་སྟེ། སྡོམ་པའི་བསླབ་པ་དང། དགེ་བའི་ཆོས་ལ་སོགས་པའི་བསླབ་པ་དང། སེམས་ཅན་གྱི་དོན་བྱེད་པའི་བསླབ་པའོ། །འདི་ནི་བསླབ་པ་མ་ཡིན ་ནོ?་ཞེས་བྱ་བ་ནི་གོང་མ་ལས་བཟློག་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ་བྱེད་པའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བ ་ནི། འཁོར་གསུམ་ཡོངས་སུ་མ་དག་པར་སྦྱིན་པ་བྱས་པ་ནི་སྦྱིན་པ་ཙམ་དུ་ཟད་ཀྱི། ཕ་རོལ་ཏུ་ཕྱིན་པར་མི་ཆུད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྟ་ལ་ཡང་སྦྱར་བར་བྱའོ། །འདི་ནི་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པའོ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོགས་ཀྱང། ཀུན་རྫོབ་ཏུ་བསྡུ་བ་རྣམ་པ་བཞི་ལ་སོགས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །འདི་ནི་ཐབས་མཁས་པ ་མ་ཡིན་ནོ་ཞེས་བྱ་བ་ནི་ཉན་ཐོས་ལྟར་ཞི་བ་ཕྱོགས་གཅིག་ལ་གནས་པ་འམ། སོ་སོའི་སྐྱེ་བོ་ལྟར་དངོས་པོ་ལ་ཆགས་ནས་འཁོར་བ་ལ་གནས་པ་ལྟ་བུའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པའོ་ཞེས་བྱ་བ་ནི། ་སྐྱོན་མེད་པའི་མཚན་ཉིད་འོག་ནས་འཆད་དོ། །འདི་ནི་སྐྱོན་དུ་འགྱུར་པའོ་ཞེས་བྱ་བ་ནི། སྐྱོན་གྱི་མཚན་ཉིད་གོང་དུ་བཤད་པ་ཉིད་དོ། །དེ་ལྟར་ཆོས་རྣམས་ལ་མཚན་མར་འཛིན་ཅིང་མངོན་པར་ཆགས་ཏེ། འདུ་ཤེས་སུ་བྱེད་པ་ནི་བྱང་ཆུབ་སེམS ་དཔའ་ཨི་སྒྲིབ་པ་ཡིན་པའི་ཕྱིར། སྐྱོན་དུ་འགྱུར་བའོ་ཞེས་བསྟན་པའོ། །ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པ་ཤཱ་རིའི་བུས་འཕགས་པ་རབ་འབྱོར་ལ་བྱང་ཆུབ་སེམས་དཔའ་ཨི ་སྐྱོན་མེད་པ་གང་ཡིན་ཞེས་དྲིས་པའི་ལན་དུ་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་གང་ཡིན་པ་ཞིབ་ཏུ་བསྟན་པ་སྟེ། ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི། ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱི་རང་བཞིན ་གྱིས་སྟོང་པས་ཕྱི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་གཞན་གྱིས་སྟོང་པར་བྱ་མི་དགོས་ཏེ། དེ་བས་ན་དེ་སྟོང་པར་བྱ་བའི་ཕྱིར། ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་པ་ཙལ་མི་དགོས་པས། དེ་ལ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན ་དུ་སྟོང་པ་ཉིད་བཅོ་བརྒྱད་ལ་ཡང་སྦྱར་བར་བྱ་སྟེ། དེ་ལྟར་ཕྱི་ནང་སྟོང་པ་ཉིད་ལ་སོགས་པ། དངོས་པོ་ཐ་དད་པར་མི་ལྟ་བར་རང་བཞིན་གྱིས་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པ་ཉིད་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ། །ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་བསླབ་པར་བྱ་སྟེ། སློབ་པའི་ཚེ་ཅི་ནས་ཀྱང་གཟུགས་ཤེས་པར་བྱ་སྟེ། ་གཟུགས་དེས་རློམ་སེམས་སུ་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ་ཞེས་བྱ་བའི་བར་དུ་ཡང་ཕུང་པོ ་དང། ཁམས་དང་སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་བ་ལ་སོགས་པ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀུན་རྫོབ་ཏུ་སོ་སོའི་མཚན་ཉིད་གང་ཡིན་པ་ཤེས་བར་བྱས་ནས། དོན་དམ་པར་དེ་དག ་གི་མཚན་ཉིད་སེམས་ལ་མཚན་མར་འཛིན་ཅིང། འདིའི་མཚན་ཉིད་ནི་འདི་ཡིན་ནོ་སྙམ་དུ་སེམས་ལ་མི་བསམ་མོ་ཞེས་བསྟན་པ་སྟེ། དེ་ལྟར་མཚན་མར་མི་འཛིན་ཅིང་མི་སེམས་པ་ཉིད་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ཡིན་ནོ་ཞེས་བྱེ་བའི ་དོན་ཏོ། །བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་རློམ་སེམས་མེད་པ། བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ཡིན་ནོ་ཞེས་བཤད་པ་དེ་ཉིད། བླ་ན་མེད་པའི ་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་ཡིན་པས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ་སྙམས་མ། མི་མཉམ་པ་དང་མཉམ་པའི་སེམས་ཡིན་ནོ་སྙམ་མམ། རླབས་པོ་ཆེའི་སེམས་ཡིན་ནོ་སྙམ་དུ་འདུ་ཤེས་མི་བསྐྱེད ་ཅིང། རློམ་སེམས་སུ་མི་བྱའོ་ཞེས་བསྟན་པ་སྟེ། དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་འོད ་གསལ་པའི་ཕྱིར་རོ། ཞེས་བྱ་བས་ནི་བྱང་ཆུབ་ཀྱི་སེམས་ལ་རློམ་སེམས་སུ་མི་བྱ་བའི་གཏན་ཚིགས་བསྟན་པ་སྟེ། སེམས་དེ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་བྱང་ཆུབ་ཀྱི་སེམས་ཤེས་ཀུན་བརྟགས་པ་སྟེ། དོན་དམ་པར་རང་བཞིན་ཡོད་པར་མ་གྲུབ ་པས། སེམས་མ་ཡིན་ཞེས་གསུངས་སོ། །སེམས་ཀྱི་རང་བཞིན་འོད་གསལ་པའི་ཕྱིར་རོ་ཞེས་བྱ་བ་ནི། གཟུང་བ་དང། འཛིན་པ་ལ་སོགས་པར་རྣམ་པར་རྟོག་པའི་དྲི་མ་དང། སྒྲིབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང ་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན་ཞེས་བྱ་བ་ནས། འདི་ནི་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་བྱ་བའི་བར་དུ་ནི། གཟུང་བ ་དང་འཛིན་པ་ལ་སོགས་པའི་དྲི་མ་མེད་པས། རང་བཞིན་གྱིས་འོད་གསལ་བ་ཞིབ་ཏུ་བསྟན་པ་སྟེ། སེམས་གང་འདོད་ཆགས་དང་ཡང་མི་ལྡན་མ་བྲལ་ཞེས་བྱ་བ་ནི། སེམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་སྟེ། ཡེ་ནས ་དག་པ་ཡིན་པའི་ཕྱིར་སོ་སོའི་སྐྱེ་བའི་ཚེ་ན་ཡང། འདོད་ཆགས་ལ་སོགས་པ་དང་མི་ལྡན་ལ། འཕགས་པའི་ཚེ་ན་ཡང་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་ནི་མི་འགྱུར་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ ་གཏི་མུག་ལ་སོགས་པ་ལྷག་མ་རྣམས་དང་མི་ལྡན་མ་བྲལ་བ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང། ཀུན་ནས་ལྡང་བ་དང། བག་ལ་ཉལ་བ་དང། ཀུན་ཏུ་སྦྱོར་བ་དང། ལྟ་བ་རྣམས་ཀྱི་མཚན ་ཉིད་ནི་སྔར་བཤད་ཟིན་ཏོ། །སྒྲིབ་པ་དང་གཅོད་པ་གཉིས་སྔར་བཤད་པས་དེ་གཉིས་ད་འདིར་བཤད་པར་བྱ་སྟེ། དེ་ལ་སྒྲིབ་པ་ཞེས་བྱ་བ་ནི་ཤེས་བྱ་དང། ཉོན་མོངས་པའི་སྒྲིབ་པའོ། །གཅོད་པ་ཞེས་བྱ་བ་ནི་བར་དུ་གཅོད་པ་རྣམ་པ་ལྔ་སྟེ། འདོད་པའི ་འདོད་ཆགས་དང། གནོད་སེམས་དང། རྨུགས་པ་དང་གཉིད་དང་འཕྱར་བ་དང། འགྱོད་པ་དང། ཐེ་ཚོམ་དང་ལྔ་སྟེ། རྨུགས་པ་དང། གཉིད་གཉིས་གཅིག་ཏུ་བགྲང། འཕྱར་བ་དང། འགྱོད་པ་གཉིས་གཅིག་ཏུ་བགྲང་ངོ། །བར་དུ་གཅོད་པ་འདི ་ལྔ་མྱ་ངན་ལས་འདའ་བ་ལ་བར་དུ་གཅོད་པའི་ཕྱིར་གཅོད་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་མི་ལྡན་མ་བྲལ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དམན་པ་དང། མི་ལྡན་མ་བྲལ་བའོ། །སྨྲས་པ་ཚེ་དང་ལྡན་པ ་རབ་འབྱོར་སེམས་གང་ལ་སེམས་མ་ཡིན་ནོ་ཞེས་བྱ་བ་དེ་ཡོད་དམ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཀྱི་རང་བཞིན་མ་གྲུབ་ན། སེམས་མ་ཡིན་ནོ་ཞེས་བྱ་བ་ཡང་དམིགས་སུ་ཡོད་དམ་ཞེས་འཕགས་པ་ཤཱ་རིའི་བུས་དྲིས་པའོ། །རབ་འབྱོར་གྱིས་སྨྲས ་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ། དེ་ལྟར་སེམས་མ་ཡིན་ནོ་ཞེས་མ་ཡིན་པ་དེ་ལ་ཡོད་པ་འམ་མེད་པ་དམིགས་པ་འམ་ཡོད་པར་འགྱུར་རམ་ཞེས་བྱ་བ་ནི་སེམས་མ་ཡིན་ནོ་ཞེས་བྱ་བ་དེ་ཡོད་དམ་ཞེས་བྱ་བའི་ཚིག་བཟུང་སྟེ། ཡོད་དམ་ཞེས་བྱ ་བ་ཉིད་ཀྱང་དོན་དམ་པར་མི་འཐད་པའི་ཕྱིར་ཡོད་པ་འམ་མེད་པ་དོན་དམ་པར་དམིགས་པ་འམ། ཡོད་པར་འགྱུར་རམ་ཞེས། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་སྔར?་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་འམ ་མེད་པ་ཞེས་བྱ་བ་དེ་ཡང་དོན་དམ་པར་དམིགས་པ་འམ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་སེམས་མ་ཡིན་པ་དེ་ལ་ཡོད་པ་འམ་མེད་པ་ཞེས་བྱ་བ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཁྱོད་ཀྱིས་དེ་སྐད་དུ ་སེམས་གང་ལ་སེམས་མ་ཡིན་པ་ཞེས་བྱ་བ་དེ་ཡོད་དམ་ཞེས་ཕྱིར་དྲིས་པ་དེ་འཐད་པར་འགྱུར་རམ་ཞེས་བྱ་བ་ནི། ཤཱ་རིའི་བུས་སྨྲས་པའི་ཚིག་རབ་འབྱོར་གྱིས་བཟླས་ཏེ། དེ་ལྟར་དོན་དམ་པར་ཡོད་པའ་མེད་པ ་མི་དམིགས་ན། སེམས་མ་ཡིན་པ་ཞེས་བྱ་བ་དེ་ཡོད་དམ་ཞེས་ཁྱོད་ཀྱིས་བདག་ལ་དྲིས་པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨས་པ་ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་གང་ཡིན་ཞེས་བྱ་བ་ནི། དོན་དམ་པར་སེམས ་ཀྱི་མཚན་ཉིད་དམིགས་སུ་མེད་པའི་དོན་གང་ཡིན་པ་དྲི་བ་ལས་གླེང་བསླང་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར། འཕགས་པ་ཤཱ་རིའི ་བུས། འཕགས་པ་རབ་འབྱོར་ལ་དྲིས་པའོ། །སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། ཞེས་བྱ་བ་ནི། དོན་དམ་པར་སེམས་མ་ཡིན་པ་ཞེས་བྱ་བ་ནི། སེམས་མ་ཡིན་པའི་དངོས་པོ་ཞིག་གུད་ན་ཡོད་པ་ལ་མི་བྱའི་། ་སེམས་ཀྱི་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ། གཟུང་བ་དང་འཛིན་པ་ལ་སོགས་པར་རྣམ་པར་མི་རྟོག་ཅིང་མི་སེམས་བ་ལ། སེམས་མ་ཡིན་པ་ཞེས་བྱའོ་ཞེས་བསྟན་པའོ། །དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ལ་ནི་སེམས ་མེད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་དོན་ཉིད་གསལ་བར་བསྟན་པ་སྟེ། སེམས་ཀྱི་དེ་བཞིན་ཉིད་མི་འགྱུར་པར་དེ་བཞིན་གྱི་འོད་གསལ་པ་དེ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་བཞིན་དབྱེར་མེད ་པའི་ཕྱིར། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་ཡིན་ཏེ། རྟོག་པ་ཅན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་ཞེས་བྱའོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅི། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང། རྣམ་པར ་རྟོག་པ་མེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ་ཞེས་བྱ་བའི་བར་དུ་ནི་སེམས ་ཀྱི་དེ་བཞིན་ཉིད་དང། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པར་རོ་གཅིག་པ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་དེ། ཇི་ལྟར་སེམས་ལ ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བའི ་བར་དུ་ནི། འཕགས་པ་ཤཱ་རིའི་བུས་དྲིས་པའི་ལན། འཕགས་པ་རབ་འབྱོར་གྱིས་བཏབ་པ་སྟེ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་དོན་ནི་སྔར་བཤད་ཟིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་ལོགས་སོ ་ཞེས་བྱ་བ་ནས་བྱིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་དོན་ལེགས་པར་བཤད་དོ་ཞེས་བསྟོད་པའོ། །ཁྱོད་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་ཞེས་བྱ་བ་ནི། ་ཐུགས་ཀྱི་རང་བཞིན་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ལས་བྱུང་བའི་ཕྱིར་རོ། །ཞལ་ནས་བྱུང་བ་ཞེས་བྱ་བ་ནི་ཞལ་ནས་གསུངས་པའི་ཆོས་བཤད་པའི་ལུང་ལས་བྱུང་བའི་ཕྱིར་རོ། །ཆོས་ལས་སྐྱེས་པ་ཞེས་བྱ་བ་ནི་བསམ་པ་དང་བསྒོམ ་པའི་རང་བཞིན་སྒྲུབ་པའི་ཆོས་ལས་བྱུང་བའི་ཕྱིར་རོ། །ཆོས་ཀྱིས་སྤྲུལ་པ་ཞེས་བྱ་བ་ནི་ལམ་གྱི་འབྲས་བུ་ཟག་པ་མེད་པའི་ཆོས་རྟོགས་པ་ལས་བྱུང་བའི་ཕྱིར། །ཆོས་ཀྱི་སྒོ་སྐལ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་ལ་དཔའ་བའ་ཨི ་ཕྱིར་རོ། །ཟང་ཟིང་གི་བསྒོ་སྐལ་པ་མ་ཡིན་ཞེས་བྱ་བ་ནི། སེར་སྣ་སྤངས་པའི་ཕྱིར་རོ། །ཆོས་རྣམས་ལ་མངོན་སུམ་གྱི་མིག་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ཀྱི་ཆོས་ཉིད་ལས་གཞན་གྱིས་མི་ཕྱེད་བའི་ཕྱིར་རོ། །ལུས་མངོན ་དུ་གྱུར་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་བསམ་གཏན་དང། ཏིང་ངེ་འཛིན་ལུས་ཀྱིས་མངོན་དུ་བྱས་པའི་ཕྱིར་རོ། །ཉན་ཐོས་ཉོན་མོངས་པ་མེད་པར་རྣམ་པར་སྤྱོད་པ་རྣམས་ཀྱི་མཆོག་ཅེས་བྱ་བ་ནི། ཉོན་མོངས་པའི་གཉེན ་པོར་གྱུར་པའི་ཏིང་ངེ་འཛིན་ལ་གནས་པ་ནི། ཉོན་མོངས་པ་མེད་པ་ལ་རྣམ་པར་སྤྱོད་པ་ཞེས་བྱ་སྟེ། དེ་དག་གི་ནང་ན་མཆོག་ཏུ་གྱུར་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །བསྟན་པ་འདི་ཡང་དེའི་ཚུལ་དང་འདྲའོ། །ཞེས་བྱ་བ་ནི་ཁྱོད་ཀྱིས ་ཆོས་བསྟན་པ་འདི་ཡང་དོན་གྱི་ཚུལ་དང་འདྲ་བར་བསྟན་པ་དེ་ལེགས་སོ་ཞེས་བྱ་བ་དང་སྦྱར་རོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་བསླབ་པར་བྱའོ ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རབ་འབྱོར་གྱིས་ཇི་ལྟར་ཞིབ་ཏུ་བསྟན་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བསླབ་པར་བྱའོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཕྱིར་མི་ལྡོག་པ་དེ་ཡང་འདི་ལས་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་སློབ་ན་ཚུལ་དེ་ལས་བྱང་ཆུབ་སེམས་དཔའ་དེ་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་སྟེ། ཞེས་བྱ་བ་ནི། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མཐུན་པར་སྤྱོད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས ་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱིས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ་ཡོངས་སུ་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ་ཞེས་བྱ་བའི་བར་དུ་ཉན་ཐོས་ཀྱིས་དང། རང་སངས་རྒྱས་ཀྱིས་དང། བྱང་ཆུབ ་སེམས་དཔའ་ས་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་དང། ས་འདི་རྣམས་ཀུན་ལ་བསླབ་པ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མེད་དུ་མི་རུང་སྟེ། ཐམས་ཅད་ལ་ཕན་འདོགས་པ་ཡིན་ནོ་ཞེས་བསྟན་པའོ། །ནན་ཏན་དུ་མཉན་པར ་བྱའོ་ཞེས་བྱ་བ་ནི་མཉམ་པའི་ཤེས་རབ་ཀྱིས་གཞན་ལས་ལེགས་པར་མཉན་པར་བྱའོ་ཞེས་བསྟན་པའོ། །གཟུང་བར་བྱའོ་ཞེས་བྱ་བ་ནི་མཉམ་པའི་ཚིག་ཁ་ཏོན་དུ་ལ་བས་ཤིང་ཟིན་པར་བྱའོ་བཅང་བར་བྱའོ་ཞེས་བྱ་བ་ནི་ལོབས་ཤིང་ཟིན་པའི་ཚིག་དྲན ་པས་བྱེ་ཕྱིར་མ་བརྗོད་པར་བྱའོ། །བཀླག་པར་བྱའོ་ཞེས་བྱ་བ་ནི་གླེགས་བམ་དུ་བྲིས་ཏེ་ཡིད་དམ་དུ་ཀློག་པའོ། །ཡོངས་སུ་ཆུབ་པར་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མ་ལུས་པར་བསམ་པའི་ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པར ་རྟོགས་ཤིང་མངོན་སུམ་དུ་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཇི་ལྟར་རྟོགས་པའི་དོན་བསྒོམ་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་གོམས་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་ཤེས་རབ་རྣམ་གསུམ ་གྱིས་ནན་ཏན་དུ་བྱ་བའི་གཏན་ཚིགས་བསྟན་པ་སྟེ། ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་ཆད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་ལྟར་བསླབ་པར་བྱའོ། །ཞེས་བརྩོན་པའི་ཕན་ཡོན་མཇུག་བསྡུས་ནས་བསྟན་པ་སྟེ། འདི་ཡན་ཆད་དུ་བརྩོན་པའི་ཕན་ཡོན་བཤད་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ ་བརྒྱ་ཆེར་བཤད་པ་ལས་ལེའུ་བཞི་པའོ།། །།ད་ནི་བརྩོན་པར་བྱ་བའི་དངོས་པོ་དུ་ཡོད་པ་བསྟན་པའི་ཕྱིར་བརྩོན་པའི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། བརྩོན་པར་བྱ་བ་རབ་ཏུ་དབྱེ་བ་དེ་ཡང་ངེས་པར་འབྱུང་པའི་སྒྲུབ་པ་རྣམ་པ་དྲུག ་འོག་ནས་གཞུང་ལས་བསྟན་པ་སྟེ། དྲུག་གང་ཞེ་ན། མཛའ་གཉིས་དང་བྲལ་བར་བསྒྲུབ་པ་དང། མི་གནས་པར་བསྒྲུབ་པ་དང། ཡོངས་སུ་འཛིན་པ་མེད་པར་བསྒྲུབ་པ་དང། ཡོངས་སུ་བརྟག་པའི་སྒྲུབ་པ་དང། ཐབས་ལ་བསྒྲུབ་པ་དང། མྱུར་དུ ་མངོན་བར་རྫོགས་པར་བྱང་ཆུབ་པར་བསྒྲུབ་པ་སྟེ། སྒྲུབ་པ་འདི་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱའོ། །ངེས་པར་འབྱུང་བའི་སྒྲུབ་པ་དེ་དག་ལ་བརྩོན་པར་བྱ་བའི་རབ་ཏུ་དབྱེ་བའི ་བསྟན་པའི་སྐབས་དབྱེ་བའི་ཕྱིར། འཕགས་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ཏེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དོན་དམ ་པར་རྩོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང། བརྩོན?་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་མི་དམིགས་ན། གང་ཟག་གང་ཞིག་ཆོས་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས། གོང་དུ་བརྩོན་པ་ལ་གདམས ་པ་བཤད་པའི་ཚིག་དང་དོན་དེ་ཉིད་བཟུང་སྟེ། ཞུས་པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་ཐམས་ཅད་འཕེལ་པ་དང། འགྲིབ་པ་མ་དམིགས་མ་འཚལ་བར་ཞེས་བྱ་བ་ནས། དེ་ཉིད་བདག་གི་འགྱོད་པར་འགྱུར་རོ་ཞེས་བྱ་བའི ་བར་དུ་ཆོས་དང་གང་ཟག་གཉིག་དོན་དམ་པར་དེ་ལྟར་མི་དམིགས་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་དངོས་པོར་དམིགས་ཏེ་གདམས་པར་བགྱིས་ན། དངོས་པོ་མེད་པ་ལས་སྒྲོ་བཏགས་ཤིང་བསྐྱེད་པ་དང ་དངོས་པོ་ཡོད་པའི་ཟླས་མེད་པ་ཡང་འགྲུབ་པས། སྐུར་པ་བཏབ་བར་ཡང་འགྱུར་ཏེ། དེ་ལྟར་སྒྲོ་བཏགས་ཤིང་སྐུར་བ་བཏབ་པར་གྱུར་ན། ཡོད་པ་དང་མེད་པའི་མཛའ་གཉིས་ལ་གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་དང་འགལ་པའི་ཕྱིར ་བདག་གིས་འགྱོད་པར་འགྱུར་རོ་ཞེས་གསོལ་བ་སྟེ། འཕེལ་བ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་མེད་པར་ལས་བསྐྱེདྡེ། སྒྲོ་བཏགས་པའོ། །འགྲིབ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་མེད་པ་མ་ཡིན་པ་ལས་ཕྲི་སྡེ། སྐུར་བ་བཏབ་པ་སྟེ། དེ་ལྟར་? ་འདོགས་བ་དང། སྐུར་བ་འདེབས་པའི་མཛའ་གཉིས་ལ་མི་གནས་པ་ནི། གང་ཟག་དང་ཆོས་ལ་ཡོད་པ་དང་མེད་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན ་གྱིས་བརླབས་བ་མ་མཆིས་ཏེ། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དེ་ཡང་བརྗོད་པར་བྱ་བའི་དངོས་པོར་མེད་པས། གནས་དང་མི་གནས་པའི་མཛའ་གཉིས་སྤང་བ ་བསྟན་ཏེ། དངོས་པོ་ཞིག་ཡོད་ན་ནི། གཟུགས་ལ་སོགས་པ་འདུས་བྱས་ཀྱི་ཆོས་ལྟར། ཡུལ་དང་ཕྱོགས་ན་གནས་བ་འམ། ནམ་མཁའ་ལ་སོགས་པ་འདུས་མ་བྱས་བའི་ཆོས་ལྟར་ཡུལ་དང་ཕྱོགས་ན་མི་གནས་བར་འགྱུར་གྲང་ན། མིང་དེ་ལ ་དངོས་པོ་མེད་པས་གནས་པ་ཡང་མེད། མི་གནས་པ་ཡང་མེད་དོ་ཞེས་བསྟན་པ་སྟེ། ཐུག་པ་མ་མཆིས་ཞེས་བྱ་བ་ནི་མི་གནས་པ་ཡང་མ་མཆིས་སོ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་པ་མ་མཆིས་ཞེས་བྱ་བ་ནི་གནས་པ་དང་མི་གནས ་པ་གཉིས་ཀྱི་མཛའ་སྤངས་ནས་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་པའི་དངོས་པོར་བྱིན་གྱིས་བརླབས་ཏེ། གནས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་གཉིས་ལ་དངོས་པོ་ཡོད་པ་དང་མེད་པའི་སྒོ་ནས་སྒྲོ་འདོགས་པ་དང། སྐུར་པ་འདེབས་པའི་མཛའ་སྤང་བ་དང། བྱང་ཆུབ་སེམས་དཔའ་ཨི་མིང་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ལ་གནས་པ་དང། མི་གནས་པར་འཛིན་པའི་མཛའ་ ་གཉིས་དང་བྲལ་བའི་སྒྲུབ་བ་མདོར་བསྟན་ནས་ད་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང། འདུས་བྱས་དང་འདུས་མ་བྱས་པའི་ཆོས་སོ་སོར་ཕྱེ་སྟེ། མཛའ་གཉིས་དང ་བྲལ་བའི་སྒྲུབ་པ་ཞིབ་ཏུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་བ་དང། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕེལ་བ་དང་འགྲིབ་པའི་དོན་ནི་སྒྲོ ་འདོགས་པ་དང། སྐུར་པ་འདེབས་བའི་མཛའ་གཉིས་ཡིན་ནོ། །ཞེས་སྔར་བཤད་པ་སྟེ། དེས་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར ་བགྱི་ཞེས་བྱ་བ་ལ་སོགས་པས་ནི། གཟུགས་ལ་སོགས་པའི་མིང་ལ་གནས་པ་དང། མི་གནས་པར་རྟོག་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། གནས་པ་དང་མི་གནས་པའི་མཛའ་གཉིས་སུ་རྟོག་པ་དང་བྲལ་པའི་དོན་ནི ་གོང་དུ་བཤད་པ་བཞིན་ནོ། །ཇི་ལྟར་གཟུགས་ལ་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བཤད་པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འགམ?་ཐམས་ཅད་ལ་ཡང?་སྦྱང་བར་བྱའོ། །དེ་ལ་བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་བ་དང ་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་ཤེས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླང་དུ་ཞེ་ན། མིང་དེ་མ་མཆིས། ་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་ལྔའི་འཕེལ་བ་དང། འགྲིབ་པ་དང། གནས་པ་དང། མི་གནས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ ་བསྟན་ཏེ། བཅོམ་ལྡན་འདས་བདག་གིས་མིག་གི་འཕེལ་མ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས ་བྱིན་གྱིས་བརླབས་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། སྐྱེ་མཆེད་བཅུ་གཉིས་དང། ཁམས ་བཅོ་བརྒྱད་ཀྱི་དངོས་པོ་དང། མིང་ལ་མཛའ་གཉིས་སུ་རྟོག་པ་དང་བྲལ་པའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་མིག་གི་འདུས་ཏ?་རེག་པའི་འཕེལ་བ་དང། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནས ་བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབ་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས ་བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རེག་པ་དྲུག་དང། ཚོར་བ་དྲུག་གི་དངོས་པོ་དང། མིང་ལ་སྒྲོ་འདོགས་པ་དང། སྐུར་བ་འདེབས་བའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་སའི་ཁམས ་ཀྱི་འཕེལ་བ་དང། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཞེས་བྱ་བའི་བར་དུ་ནི། སའི་ཁམས་ལ་སོགས་པ་ཁམས་དྲུག་རྣམས་ཀྱི་དངོས་པོ་དང། མིང་ལ ་སྒྲོ་འདོགས་པ་དང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་མ་རིག་པའི་འཕེལ་བ་དང། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྒ ་ཤིའི་འགག་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་བཞིན་འབྱུང་བ་དང། ལུགས་ལས་བཟློག་པའི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་ ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་འདོད་ཆགས་ཀྱི་འཕེལ་བ་དང། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་གཏི་མུག་གི་མིང་དེ་ལ་གནས་པ་མ་མཆིས། ཐུག་པ་མ ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི ་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱིས་འཕེལ་བ་དང། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལྟ་བའི་རྣམ་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། ་བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་རྣམས་ཀྱི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། ལྟ་བའི་རྣམ་པ་དྲུག་ཅུ་རྩ ་གཉིས་ནི་གཟུགས་བདག་ཡིན། བདག་གཟུགས་དང་ལྡན་པ་ཡིན། བདག་ལ་གཟུགས་གནས་གཟུགས་ལ་བདག་གནས་ཞེས་བདག་ཏུ་ལྟ་བའི་རྣམ་པ་བཞི་པོ་དེ། ཚོར་པ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང། ཕུང་པོ་ལྔ་ཆར ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལྟར་ཕུང་པོ་ལྔ་ལ་བདག་ཏུ་ལྟ་བའི་རྣམ་པ་བཞིར་སྦྱར་ན། རྣམ་པ་ཉི་ཤུར་གྱུར་པ་དེ་འདས་པ་དང། མ་འོངས་པ་དང། ད་ལྟར་གྱི་དུས་དང། དུས་གསུམ་ལ་སྦྱར་ན། དྲུག་ཅུར་གྱུར་པའི་སྟེང་དུ། ལོག་པར ་ལྟ་བ་དང། མཐར་འཛིན་པར་ལྟ་བ་གཉིས་ཀྱིས་བསྣན་ན། དྲུག་ཅུ་རྩ་གཉིས་སུ་འགྱུར་ཏེ། ལོག་པར་ལྟ་བ་དང། མཐར་འཛིན་པར་ལྟ་བ་གཉིས་ཚེ་སྔ་ཕྱི་དང། ལས་ལེགས་ཉེས་ཀྱི་འབྲས་བུ་སྐྱིད་སྡུག་ཡོད་པར་མི་ལྟ་བ་དང། དུས་གསུམ ་དང་མི་སྦྱར་རོ། །བཅོམ་ལྡན་འདས་བདག་གིས་བདག་གི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་མཐོང་བ་པོའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས ་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། མུ་སྟེགས་ཅན་གྱིས་བརྟགས་པའི ་བདག་རྣམ་པ་བཅུ་གསུམ་གྱི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །དེ་དག་གིས་འཁོར་བའི་རྒྱུར་གྱུར་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ལ་སྒྲོ་འདོགས ་པ་དང། སྐུར་བ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླང་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས ་བརླབས་པ་མ་མཆིས་ཞེས་བྱ་བའི་བར་དུ་ནི། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ཀྱི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས ་བདག་གིས་ནང་སྟོང་པ་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས ་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་བ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། སྟོང་པ་ཉིད་བཅོ་བརྒྱད་ཀྱི་དངོས་པོ་དང། མིང ་ལ་སྒྲོ་འདོགས་ཤིང་སྐུར་བ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོཾ ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་ཀྱི་དངོས་པོ་དང། མིང་ལ་སྒྲོ་འདོགས་པ་དང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན ་འདས་བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་འཕེལ་པ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག ་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། །ཞེས་བྱ་བའི་བར་དུ་ནི། རྣམ་པར་ཐར་པའི་སྒོ་གསུཾ ་གྱི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་བསམ་གཏན་བཞིའི་འཕེལ་བ་དང། འགྲིབ་པ་མ་དམིགས་།ཡང་དག་པར་རྗེས་སུ་མ་མཐོང ་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་གཟུགས་མེད་པའི་སྙོམས་པར་འཇུག་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས ་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྒྲོ་འདོགས་པ་དང། སྐུར ་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་སངས་རྒྱས་རྗེས་སུ་དྲན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མི?་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་རྗེས་སུ ་དྲན་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས ་སོ་ཞེས་བྱ་བའི་བར་དུ་ནི། རྗེས་སུ་དྲན་པ་དྲུག་གི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏེ། །བཅོམ་ལྡན་འདས་བདག་གིས་ལུས་ཀྱི་རྣམ་པ་རྗེས་སུ་དྲན་པའི་འཕེལ་བ་དང ་འགྲིབ་པ་མ་མཆིས། ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འཆི་བ་རྗེས་སུ་དྲན་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དང། སྐྱོ་བ་རྗེས་སུ་དྲན་པ་དང། དབུགས་ཕྱི་ནང་དུ་རྒྱུ་པ་རྗེས་སུ་དྲན་པ ་དང། ཚེ་འཕོ་བ་རྗེས་སུ་དྲན་པའི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏེ། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དང། སྐྱོ་བ་རྗེས་སུ་དྲན་པ་དང། ཚེ་འཕོ་བ་རྗེས་སུ་དྲན་པ ་གསུམ་ནི་འཕགས་པ་ཉན་ཐོས་རྣམས་འཁོར་བས་སྐྱོ་བར་བྱ་བའི་ཕྱིར་སྒོམ་པ་སྟེ། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ལུས་ཀྱི་མགོ་ནས་རྟིང་གི་བར་དུ་ཕྱི་ནང་ཐམས་ཅད་མི་གཙང་པ་སྣ་ཚོགས་ཀྱིས་གང་བར་རྗེས་སུ་དྲན་པར་བྱེད་པའོ། །སྐྱོ་བ་རྗེས་སུ ་དྲན་པ་ཞེས་བྱ་བ་ནི་འཁོར་བར་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྐྱོ་བར་སེམས?་པའོ། །ཚེ་འཕོ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ལུས་མི་རྟག་པར་སེམས་པའི། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྣམས་བསམ ་གཏན་དང། ཏིང་ངེ་འཛིན་སྒོམ་པ་ལ་སེམས་ལས་སུ་རུང་བར་བྱ་བའི་ཕྱིར་དང། དབུགས་ཕྱི་ནང་དུ་རྒྱུ་བ་བྲང་ཞིང་དྲན་པར་བྱེད་པའོ། །བཅོམ་ལྡན་འདས་བདག་གིས་ཤའི་མིག་གི་འཕེལ་པ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང ་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་སངས་རྒྱས་ཀྱི་མིག་གི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ་ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། སྤྱན་ལྔའི་དངོས་པོ་དང་མིང་ལ་སྒྲོ་འདོགས་ཤིང། སྐུར་བ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས ་མངོན་པར་ཤེས་པ་དྲུག་གི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲོས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས ་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། །བྱིན་གྱིས་བརླབས་པ་མ་མཆིས་ཞེས་བྱ་བའི་བར་དུ་ནི། མངོན་པར་ཤེས་པ་དྲུག་དང། དེ་བཞིན་གཤེགས ་པའི་སྟོབས་བཅུ་དང། མི་འཇིཌ་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སྙིང་རྗེ་ཆེན་པོ་དང། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཀྱི་དངོས་པོ་དང་མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས ་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཕེལ་བ་དང། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། དེ་ཅིའི་སླང་དུ་ཞེ་ན། ་མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། མདོ་སྡེ་དག་ལས། ཆོས་ཐམས་ཅད་རྨི་ལམ་དང། སྒྱུ་མ་དང། སྒྲ་བརྙན་དང། མིག་ཡོང? ་དང། གཟུགས་བརྙན་དང། རྨིག་རྒྱུ་དང། ཆུ་ཟླ་དང། སྤྲུལ་པ་ལྟ་བུའོ་ཞེས་དཔེ་རྣམ་པ་བརྒྱད་བསྟན་པའི་དངོས་པོ་དང་མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། དེ་ལ་རྨི་ལམ་ལྟ་བུ་ཞེས་བྱ་བ ་ནི། རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་པའི་ཚེ། དེ་ལྟར་མི་སྣང་བ་བཞིན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ཀུན་བཏགས་པའི་ཆོས་རྣམས་ཀྱང་མ་རིག་པ་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས་མ་རིག་པ་སྤངས་ཏེ། ་འཕགས་པའི་ཤེས་རབ་ཐོབ་པའི་ཚེ། དེ་ལྟར་མི་གནང་བའི་ཕྱིར་རོ། །སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི། སྒྱུ་མ་མཁན་གྱིས་བྱས་པའི་རྟ་དང་གླང་པོ་ཆེ་ལ་སོགས་པ། རྟ་དང་གླང་པོ་ཆེ་འདི་ངོས་པོ་མ་ཡིན་ཡང། རྟ་དང་གླང་པོ་ཆེ་ལ་སོགས་པའི་དངོས ་པོར་སྣང་བ་འཁྲུལ་པ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཇི་ལྟར་སྣང་བའི་དངོས་པོར་ཡོད་པ་མ་ཡིན་པ་ལས་དེ་ལྟར་སྣང་བའི་ཕྱིར་རོ། །སྒྲ་བརྙན་ལྟ་བུ་ཞེས་བྱ་བ་ནི་སྒྲ་སྒྲོག་བའི་གཞི་མ་ཡིན་པ་ལས་སྒྲ་འབྱུང་བ་སྒྲ་ཡང་དག་པ་མ་ཡིན ་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ་ལས་སྣང་ཞིང་གྲག་པའི་ཕྱིར་རོ། །མིག་ཡོར?་ལྟ་བུ་ཞེས་བྱ་བ་ནི་མི་ལ་སོགས་པའི་དངོས་པོ་མ་ཡིན་པ་ལ། མི་ལ་སོགས་པའི་དངོས་པོར་སྣང་བ་ནོར་བུར་མཐོང་བ་དེ་བཞིན་དུ། ཆོས་ཐམས་ཅད ་ཀྱང་ཇི་ལྟར་སྣང་བའི་དངོས་པོ་མ་ཡིན་པ་ལས་ནོར་བར་མཐོང་བའི་ཕྱིར་རོ། །གཟུགས་བརྙན་ལྟ་བུ་ཞེས་བྱ་བ་ནི་གཟུགས་ཀྱི་དངོས་པོ་མ་ཡིན་པ་ལ། གཟུགས་ཀྱི་རྣམ་པར་སྣང་བ་དེ་གཟུགས་ཡང་དག་པ་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་ཇི་ལྟར ་སྣང་བའི་དངོས་པོར་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྨིག་རྒྱུ་ལྟ་བུ་ཞེས་བྱ་བ་ནི། དཔྱིད་ཚ་པའི་དུས་ན་སྨིག་རྒྱུའི་རང་བཞིན་ཆུ་མ་ཡིན་པ་ལས་ཆུར་འཁྲུལ་པ་སྣང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཇི་ལྟར་སྣང་བའི་རང་བཞིན་དུ་ཡོད་པ་མ་ཡིན་པ་ལས། ་དངོས་པོ་ཡོད་པ་ལྟ་བུར་སྣང་བའི་ཕྱིར་རོ། །ཆུ་ཟླ་ལྟ་བུ་ཞེས་བྱ་བ་ནི་ཆུའི?་ནང་ན་སྣང་བའི་ཟླ་བ་ཡང་དག་པ་མ་ཡིན་ཡང། ཟླ་བ་ཡང་དག་པ་ཡིན་པ་ལྟ་བུར་སྣང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཇི་ལྟར་སྣང་པའི་དངོས་པོར་ཡང་དག་པར་ཡོད་པ་མ ་ཡིན་ཡང། ཡང་དག་པར་ཡོད་པ་ལྟ་བུར་སྣང་བའི་ཕྱིར་རོ། །སྤྲུལ་པ་ལྟ་བུ་ཞེས་བྱ་བ་ནི་སྤྲུལ་པར་བྱེད་པའི་སེམས་ཀྱི་དབང་གིས། དངོས་པོ་རྣམ་པ་སྣ་ཚོགས་སྤྲུལ་པ་རྣམས། ཡང་དག་པར་ཡོད་པ་མ་ཡིན་པ་ལས་སྣང་བ་དེ་བཞིན་དུ། ཆོས་ཐམས ་ཅད་ཀྱང་ཕྱི་རོལ་གྱི་དངོས་པོ་ཡོད་པ་མ་ཡིན་པ་ལས་སེམས་འབྲུལ་པའི་དབང་གིས་སྣང་བའི་ཕྱིར་རོ། །བཅོམ་ལྡན་འདས་བདག་གིས་དབེན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ ་ལྡན་འདས་རྣམ་པར་བྱང་བ་མ་མཆིས་པའི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། ་བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། དོན་དམ་པར་ཆོས་ཐམས་ཅད་དབེན་པ་དང། ཞི་བ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། འབྱུང་བ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པའོ་ཞེས་མདོ་ལས་འབྱུང་བའི་དངོས་པོ་དང་མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པ་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། དེ་ལ་དབེན་པ་ཞེས་བྱ་བ་ནི་གཟུང་བ ་དང་འཛིན་པ་ལས་དབེན་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར་རོ། །འགག་པ་མེད་པ་ཞེས་བྱ་བ་ནི་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །འབྱུང? ་བ་མེད་པ་ཞེས་བྱ་བ་ནི་རྒྱུ་མེད་པ་ལས་མ་བྱུང་བའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་བ་ནི། དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས། བཅོས་ཤིང་བྱེ?་ངོར?་བྱར་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པས་ཞེས་བྱ་བ་ནི། ཀུན་ནས ་ཉོན་མོངས་པར་འགྱུར་བའི་དངོས་པོ་དང། ཀུན་ནས་ཉོན་མོངས་པ་ཉིད་ཀྱང། དོན་དམ་པར་དངོས་པོ་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་མེད་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཡོད་ན་དེའི་ཟླས་རྣམ་པར་བྱང་བ་ཡང་འགྲུབ་ན། ཀུན་ནས་ཉོན་མོངས ་པ་མེད་པས། རྣམ་པར་བྱང་བ་ཡང་མི་འགྲུབ་པའི་ཕྱིར་རོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་དབྱིངས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཆོས་སྐྱོན་མེད་པའི་མིང་དེ་ཡང ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི ་ཆོས་ཀྱི་དབྱིངས་དང། དེ་བཞིན་ཉིད་དང། ཡང་དག་པའི་མཛའ་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་རྣམས་ཀྱི་དངོས་པོ་དང། མིང་ལ་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། དེ་ལ་ཆོས་ཀྱི་དབྱིངས ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐོབ་པར་འགྱུར་བའི་རྒྱུ་འམ་གཞི་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཡོངས་སུ་དག་པའི་རང་བཞིན ་གཞན་དུ་མི་འགྱུར་ཞིང་རྟག་ཏུ་དེ་བཞིན་དུ་གནས་བའི་ཕྱིར་རོ། །ཡང་དག་པའི་མཛའ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པའི་མཐར་ཕྱིན་པའི་ཕྱིར་རོ། །ཆོས་ཀྱི་གནས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ ་བྱུང་ཡང་རུང་མ་བྱུང་ཡང་རུང། ཆོས་རྣམས་ཀྱི་ཆོས་ཉིད་ཡེ་ནས་དེ་བཞིན་དུ་གནས་པའོ་ཞེས་འབྱུང་བ་ལྟ་བུ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་དུ་གནས་པའི་ཕྱིར་རོ། །ཆོས་སྐྱོན་མེད་པ་ཞེས་བྱ་བ་ནི་ས་དང་པོ་ཡན་ཆད་དེ་བཞིན་ཉིད་དེ་རྟོགས་པས ་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་ཞུགས་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་ཞིང་ཕྱིར་མི་ལྡོག་པར་ཡོངས་སུ་རྫོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་བདག་གིས་དགེ་བ་དང་མི་དགེ་བའི་ཆོས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས ་ཡང་དག་བར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི་དགེ་བ་དང། མི་དགེ་བའི་ཆོས་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང། འདུས་བྱས་དང ་འདུས་མ་བྱས་པའི་ཆོས་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་དང། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཆོས་རྣམས་ལ་སྒྲོ་འདོགས་པ་དང། སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི ་སྒྲུབ་པ་བསྟན་པ་སྟེ། དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་ཀྱི་མཚན་ཉིད་ནི་འོག་ནས་གཞུང་ཉིད་ལས་ཞིབ་ཏུ་འཆད་པས་སྐབས་འདིར་མ་བཤད་དོ། །བཅོམ་ལྡན་འདས་བདག་གིས་འདས་པ་མ་མཆིས་པ་དང། ་མ་འོངས་པ་མ་མཆིས་པ་དང། ད་ལྟར་བྱུང་བ་མ་མཆིས་པ་ཞེས་བྱ་བ་ནས། འདུས་མ་བགྱིས་པ་དེ་ཡང་གང་ཞེ་ན། གང་ལ་སྐྱེ་བ་མ་མཆིས། གནས་པ་མ་མཆིས། འཇིག་པ་མ་མཆིས་པ་སྟེ། ཞེས་བྱ་བའི་བར་དུ་ནི། འདུས་མ་བྱས་པའི ་མཚན་ཉིད་བསྟན་པ་སྟེ། འདུས་མ་བྱས་པ་ནི་དུས་གསུམ་ལས་འདས་ཤིང་སྐྱེ་འགག་དང་གནས་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བདག་གིས་ནི། བཅོམ་ལྡན་འདས་ཀྱིས་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག ་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ལ་དངོས་པོ་ཡོད་པ་དང་མེད་པར་སྒྲ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །བཅོམ་ལྡན་འདས་བདག་གིས་ཤར་ཕྱོགས་ཀྱི ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོཌ་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅS་པ་བྱང་ཆུབ་སེཾས་དང་གནS?་པའི་ཕེལ་པ་དང་འགྲིབ་པ་ཡང་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ ་ཞེས་བྱ་བ་ནས། བཅོམ་ལྡན་འདས་བདག་གིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ།། ། ་བྱང་ཆུབ་སེམས་དཔའ་དང་བཅས་པའི་འཕེལ་བ་དང་འགྲིབ་པ་ཡང་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བའི་བར་དུ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་དུ་བཅས་པ་རྣམས ་ལ་དངོས་པོ་ཡོད་པ་དང་མེད་པར་སྒྲོ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང ་བཅས་པ་བྱང་ཆུབ་སེཾས་དང་བཅས་པ་རྣམས་ཀྱི་འཕེལ་པ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ན་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཨི་མིང་དེ་ཡང་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་དགེ ་འདུན་དང་བཅས་པ་རྣམས་ཀྱི་དངོས་པོ་དང། མིང་རྣམས་ལ་འཕེལ་བ་དང་འགྲིབ་པ་མེད་པས་དོན་དམ་པར་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་ཡོད་པར་མ་གྲུབ་པའི་ཕྱིར་གདམས་ཤིང་རྗེས་སུ་བསྟན་པ་གང་ཡང ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོང་པ་ཉིད་ལ་སྒོ་འདོགས་ཤིང་སྐུར་པ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་པ་སྟེ། དེ་ལྟར ་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་སྨོས་ནས། དེ་དག་གི་དངོས་པོ་དང་མིང་ལ་འཕེལ་བ་དང་འགྲིབ་པ་དམིགས་སུ་མེད་པས་དོན་དམ་པར་ཡོད་པ་མ་ཡིན་པ་ལ་བསྐྱེད་དེ་སྒྲོ་འདོགས་པ་དང། ཀུན་རྫོབ་ཏུ་མེད ་པ་མ་ཡིན་པ་ལ་ཕྲི་སྟེ། སྐུར་བ་འདེབས་པའི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དེ་བརྡ?་ཙམ་དུ་གདགས་པ་ལ་སྒྲོ་འདེགས་པ་དང། ་སྐུར་བ་འདེབས་པའི་མཛའ་གཉིས་དང་བྲལ་པའི་སྒྲུབ་པ་བསྟན་བའི་ཕྱིར། བཅོམ་ལྡན་འདས་གང་ཡང་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང། ཆོས་སུ་བཏགས་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལ་གཟུགས་སེམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་བརྗོད་དུ་མ་མཆིས་པ་སྟེ། ཆོས་སུ་གདགས་པ་ཙམ་དུ་བས་སོ་ཞེས་བྱ་བའི་བར ་དུ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ། འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་གིས་དཔོང?་པར་ཡང། བྱང་ཆུབ་སེམས་དཔའ་དང། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དེ་དོན་དམ་པར་བརྗོད་དུ་མེད་པས། ཀུན་རྫོབ་ཏུ་ཆོས་ཀྱི་བརྡར་བཏགས་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། རྨི་ལམ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་མིང་དེ་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། རྨི་ལམ་དང་སྒྱུ་མ་ལ་སོགས་པ་འཇིག་རྟེན་ན་ཤིན་ཏུ་མེད་པར་གྲགས་པ་རྣམས་ཀྱི་དཔེས། བྱང་ཆུབ་སེམས ་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་དོན་དམ་པར་བརྗོད་དུ་མེད་པ་བསྟན་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། རླུང་ཞེས་བགྱི་བའི་མིང་ནི་གང ་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཀུན་བརྟགས་པ་ཙམ་གྱིས་མཚན་ཉིད་དུ་གྲགས་པ་ནམ་མཁའ་ཨི་ཁམས་དང། ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། གང་གི་དངོས་པོར་ཡང ་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་ཉིད་ཅེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། ཡང་དག་པའི་མཛའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཡོངས་སུ་འགྲུབ་པའི ་མཚན་ཉིད་དུ་གྲགས་པ་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་ལ་སོགས་པ་མིང་གིས་སྨོས་བ་རྣམས་ཀྱི་མིང་ཡང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་བས། དངོས་པོ་གང་གིས་མིང་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པ་སྟེ། དེ་བཞིན ་ཉིད་ལ་སོགས་པའི་མཚན་ཉིད་ཀྱང་གོང་དུ་བཤད་ཟིན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་པའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ཆོས་ཉིད་དུ་གྲགས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་བས། གང་གིས་དངོས་པོར་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །ཚུལ་ཁྲིམས་ཞེས་བགྱི ་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་ཆོས་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་སུ་གྲགས་པ་ཟག་པ་མེད་པའི་ཕུང་པོ ་ལྔ་ལ་སོགས་པ་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་ཀྱང་དོན་དམ་པར་དངོས་པོ་ཡོང་པར་མ་གྲུབ་པས། དངོས་པོ་གང་གི་རིང་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཞེས་བགྱི ་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་དང། སངས་རྒྱས་བཅོམ་ལྡན་འདས་ཉིད་དང། སངས་རྒྱས་ཀྱི་ཆོས་སྟོབས་བཅུ་དང། མི་འཇིཌ་པ་བཞི་ལ་སོགས་པ་ཡང་དོན་དམ་པར་དངོས་པོ་ཡོད ་པར་མ་གྲུབ་པས། དངོས་པོ་གང་གི་མིང་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཤེས་བགྱི་བའི་མིང་ཡང་དགེ་བ་འམ་མི་དགེ་བ་འམ་ཞེས་བྱ་བ་ལ་སོགས་པས་ནི། གོང་དུ་སྨོས་པའི་ཆོས་རྣམS ་ཀྱི་མིང་གང་གིས་ཀྱང་བརྗོད་དུ་མེད་དོ་ཞེས་བསྟན་པའི་དོན་དེ་ཉིད་དམིགས་ཀྱིས་ཕྱེ་ནས། བཀྲོལ་བ་སྟེ་དགེ་བའམ། མི་དགེ་བ་འམ། ཁ་ན་མ་ཐོ་བ་དང་བཅས་པ་འམ། ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བ་ལ་སོགས་པར་དངོས་པོ་གང་གི་མིང ་དུ་ཡང་བརྗོད་དུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་དེ་ལྟ་བུ་མཐོང་བའི་སླད་དུ་ཞེས་བྱ་བ་ནས། བདག་གིས་འགྱོད་པར་འགྱུར་རོ་ཞེས་གསོལ་ཏོ་ཞེས་བྱ་བའི་བར་དུ་ནི་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བཤད ་པའི་མགོ་ལ་སྨོས་པའི་ཚིག་དེ་ཉིད་སླར་བཟླས་ཏེ། དོན་དམ་པར་ཆོས་གང་གི་དངོས་པོར་ཡང་མིང་དུ་གདགས་སུ་མེད་པ་ལས། བྱང་ཆུབ་སེམས་དཔའ་ཨི་ཞེས་བྱ་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དུ་བཏགས་ཏེ། ་གདམས་པ་འམ་རྗེས་སུ་བསྟན་པ་བྱས་ནས། ཡང་དག་པར་ཡོད་པ་མ་ཡིན་པ་ལས་སྒྲོ་བཏགས་པའི་སྐྱོན་དུ་འགྱུར་བའི་ངོན་གྱི་དབང་དེ་ལྟ་བུ་མཐོང་བའི་ཕྱིར། བདག་གི་འགྱོད་པར་འགྱུར་རོ་ཞེས་གསོལ་ཏོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན ་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དེ་ཞེས་བྱ་བ་ནས། གནས་པ་ཅེས་བགྱི་བ་ནི་གནས་པ་མ་མཆིས་པའི་ཚུལ་ལོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་མཛའ་གཉིས་དང་བྲལ་བའི་སྒྲུབ་པ ་གོང་དུ་སྨོས་པའི་རིམ་པས་ཞིབ་ཏུ་བཤད་པ་ཉིད་མཇུག་བསྡུས་ཏེ་བསྟན་ནས། དོན་དེ་ལྟ་བུ་ཟབ་མོ་ཐོས་པས། མི་འཇིགས་མི་དང་བསྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་པ་ཕྱིར་མི་ལྡོག་པ ་ལ་གནས་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་བསྟན་པ་སྟེ། རྣམ་པ་དེ་དག་དང། ཚུལ་འདི་དག་དང་མཚན་མ་འདི་དག་དང་མཚན་མ་འདི་དག་གིས་ཞེས་བྱ་བ་ན་གོང་དུ་མཛའ་གཉིས་དང་བྲལ་བའི་རྣམ་པ་དང ་ཚུལ་དང་མཚན་མས་ཆེས་ཟབ་མོ་བསྟན་པའི་ཚེ། སེམས་ཞུམ་པ་དང། འགྱོད་པར་མ་གྱུར་ན་ཕྱིར་མི་ལྡོག་པའི་ས་ལ་གནས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་འོག་ནས་འབྱུང་པ་དང་སྦྱར་རོ། ་དེ་ལྟར་མཛའ་གཉིས་དང་བྲལ་བའི་སྒྲུབ་པ་བསྟན་ནས། དེ་ནི་མི་གནས་པའི་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེས་གཟུགས ་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་གནས་པའི་སྒྲུབ་པ་འདི་ཡང་རྣམ་པ་གཉིས་ཏེ། ཆོས་ལ་མི་གནས་པ་དང། ཆོས་ཉིད་ལ་མི་གནས་པའི། །དེ་ལ་ཆོས་ལ་མི་གནས་པ་ནི། དེས་གཟུགས་ལ་གནས ་པར་མི་བགྱིའོ། །དེས་ཚོར་བ་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་ཐམས་ཅད་ལ ་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ཆོས་ལ་མི་གནས་པ་བསྟན་ཏེ། དེ་ལ་ཆོས་ལ་མི་གནས་པ་དེ་ཡང། དེས་གཟུགས་ལ་གནས་པར་མི་བགྱིའོ། །དེས་ཚོར་བ་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནས། དེས་སྐྱེ་བ ་ལ་གནས་པར་མི་བགྱིའོ། །དེས་རྒ་ཤི་ལ་གནས་བར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རེག་པ་དྲུག་དང། ཚོར་བ་དྲུག་དང། ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་དང། རྣམ་པར་ཤེས ་པའི་ཁམས་རྣམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམས་ལ་གནས་པར་མི་བྱ་བ་བསྟན་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང ་ལགས་པ་དེ་ཡང་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ལ་སོགས་པ་ལ་གནས་པར་མི་བྱ་བའི ་གཏན་ཚིགས་བསྟན་པ་སྟེ། འདི་ལ་གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་དང། རྣམ་པར་བརྟགས་པའི་གཟུགས་དང། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས། གཟུགས་སུ་རུང་བ་ལ་སོགས ་པའི་མཚན་ཉིད་དུ་གཟུང་བ་དངོས་པོའི་གཟུགས་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་གཟུགས་སོ། །གཟུགས་དེ་ཉིད་རྣམ་པ་གང་གི་དོན་དུ་སྣང་བའི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་དེ་ལ་ནི། རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ ་ཀུན་བརྟགས་པ་དང། རྣཾ་པར་བརྟཌ་པའི་གཟུགས་དེ་གཉིས་ཀྱི་རྣམ་པ་དང་བྲལ་བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ལ་ནི། ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་བ་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ལ་ནི་ཀུན་བརྟཌ ་པའི་གཟུགས་གཟུགས་སུ་རུང་བའི་མཚན་ཉིད་ཅན་དང། རྣམ་པར་བརྟགས་པའི་གཟུགས་ཡུལ་གྱི་རྣམ་པར་སྣང་བའི་གཟུགས་གཉིས་མེད་པས་ན། གཟུགས་གཟུགས་ཀྱིས་སྟོང་སྟེ་ཞེས་བྱ་བ་གསུངས་ཏེ། ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ ་མཚན་ཉིད་དེ། གཟུང་བ་དང་འཛིན་པའི་མཚན་ཉིད་ཀུན་བརྟགས་པ་དང། རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་ངོ་ཞེས་བསྟན་པའོ། །དེ་སྐད་བཤད་པ་དང་ཀུན་བརྟགས་པའི་གཟུགས་དང། རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང ་པའི་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ལ་གཟུགས་ཞེས་སྨོས་པས་དེ་ལ་ཡང་གཟུགས་ཤིག་ཡོང་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས་ཞེས་བྱ་བ་གསུངས་ཏེ། ཀུན ་བརྟགས་པ་དང། རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་པ་གང་ཡིན་པ་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་དེ་ནི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་ལས་དབེན ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་བཤད་པ་དང། དེ་ལྟར་གཟུགས་རྣམ་པ་ཐམས་ཅད་དུ་མེད་ན། གང་གིས་སྟོང་ན་འདི་ལ་སྟོང་པ་ཉིད་ཅེས་བྱ། དཔེར་ན་མར་མེད་པའི་བུམ་པ་ནི་མར་གྱིས་བུམ་པ་སྟོང་ཞེས་བྱར་རུང་གི་བུམ་པ་དང ་མར་གཉི་ག་མེད་པ་ལེ་སྟོང་ཞེས་བྱ་བའི་དམིགས་ཀྱང་མེད་སྙམ་དུ་སེམས་པ་དང། ཆོས་ལས་ཆོས་ཉིད་གཞན་པ་ཡང་མི་རིགས་ལ་ཆོས་ཉིད་ལས་ཆོས་གཞན་པ་ཡང་མི་རིགས་སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར། གཟུགས་ལས་གུད་ན་ཡང ་སྟོང་པ་ཉིད་མ་མཆིས་ཏེ་ཞེས་གསུངས་ཏེ། དོན་དམ་པར་གཟུགས་ཀྱི་རང་བཞིན་ཡོད་པར་མ་གྲུབ་པ་ཉིད་ལ་སྟོང་པ་ཉིད་ཅེས་བྱའི། སྣོད་དང་བཅུད་ལྟར་གཅིག་གིས་གཅིག་སྟོང་པ་ལྟ་བུ་ལ་མི་བྱའོ་ཞེས་བསྟན་པའོ། །དོན་དེ་ཉིད་གསལ ་བར་བསྟན་པའི་ཕྱིར། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་གསུངས་ཏེ། གཟུགས་དངོས་པོ་ཡོད་པར་མ་གྲུབ་པ་ཉིད་ལ་སྟོང་པ་ཉིད་ཅེས་བྱ་བ་སྟེ། དེ་ལས་གུང་ན་སྟོང་པ་ཉིད་ཡོད་པ ་མ་ཡིན་པའི་ཕྱིར། ཆོས་དང་ཆོས་ཉིད་གཉིས་ཐ་དད་པ་མ་ཡིན་པ་བཞིན་ནོ་ཞེས་བསྟན་པ་སྟེ། དེ་ལྟར་ཀུན་བརྟགས་པ་དང། རྣམ་པར་བརྟགས་པའི་གཟུགས་གཉིས་ནི་ཤིན་ཏུ་མེད་པ་དང། ཆོས་ཉིད་ཀྱི་གཟུགས་དེ་བཞིན་ཉིད་ཙམ་དུ་ཟད ་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་གནས་སུ་མི་རུང་བའི་ཕྱིར། གཟུགས་ལ་གནས་པར་མི་བྱའོ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་རྣམས་དང། ཁམས་བཅོ་བརྒྱད་དང། སྐྱེ་མཆེད་བཅུ་གཉིས་དང། ས ་དང་ཆུ་དང་མེ་དང་རླུང་དང། ནམ་མཁའ་དང། རྣམ་པར་ཤེས་པའི་ཁམས་རྣམས་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམས་ཏེ། འཁོར་བའི་རྒྱུར་གྱུར་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། དྲན་པ་ཉེ ་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལཾ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་བཞི ་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང། ཡི་གེ་རྣམས་དང ་མངོན་པར་ཤེས་པ་རྣམས་དང། ཏིང་ངེ་འཛིན་གྱི་སྒོ་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བའི་ཚེ། གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱིའོ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འཁོར་བའི་རྒྱུར་གྱུར་པའི་ཆོས་རྣམས་དང། རྣམ་པར་བྱང་བའི་ཆོས་རྣམས་དེ ་དག་གི་རང་བཞིན་གྱིས་སྟོང་བས། གནས་པར་བྱར་མི་རུང་བའི་ཕྱིར་དེ་དག་ལ་གནས་པར་མི་བྱའོ་ཞེས་བསྟན་པའོ། །དེ་ལ་ཡི་གེ་རྣམས་ལ་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནི། ཡི་གེ་ཨ་ཞེས་བྱ་བ་ལ་སོགས་པ། ཡི་གེའི་འབྲུ ་རྣམས་དངོས་པོ་ཡོད་པར་ལྟ་བས་གནས་པར་མི་བྱའོ། །ཡི་གེ་མངོན་པར་སྒྲུབ་པ་ལ་གནས་པར་མི་བགྱི་ཞེས་བྱ་བ་ནི། ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་འབྲུ་རྣམས་ལ་བརྟེན་ནས། སྐྱེ་བ་མེད་པའི་དོན་རྟོགས་པར་བྱེད་པའི་གཟུངས ་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་བ་དེ་ལ་ཡི་གེ་མངོན་པར་སྒྲུབ་པ་ཞེས་བྱ་སྟེ། དེ་ལ་ཡང་གནས་པར་མི་བྱའོ་ཞེས་བསྟན་པ་སྟེ། གཟུངས་ཀྱི་ཡེ་ཤེས་དེ་ཡང་གཟོད་མ་ནས་མ་སྐྱེས་པའི་ཕྱིར། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ ་ནི་དེ་ལྟ་བུར་བརྗོད་པ་ལས་མངོན་པར་འགྲུབ་བོ། །ཡི་གེའི་འབྲུ་ཚིག་བརྗོད་པ་དེ་ཡང་བྱང་ཆུབ་སེམས་དཔའ་དབང་པོ་རབ་ཏུ་རྣ་བ་ཁ་ཅིག་གིས་ནི་སྐྱེ་བ་མེད་པའི་དོན་གཅིག་ལ་བརྟེན་ཏེ་བསྒོམས་ན། མངོན་པར་རྫོགས་པའི་བྱང་ཆུབ་འཐོབ་པའི ་རྒྱུར་འགྱུར་རོ། །དབང་པོ་བར་མ་རྣམས་ཀྱིས་ནི་ཡི་གེ་གཉིས་ལ་བརྟེན་ནས་ཚིག་ཏུ་བརྗོད་པ་གཉིས་ལ་གོམས་པར་བྱས་པ་ལས། མངོན་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་རྒྱུར་འགྱུར་རོ། །དབང་པོ་རྟུལ་པོ་རྣམས་ཀྱིས་ནི། ཚིག་ཏུ ་བརྗོད་བ་དུ་མ་ལ་བརྟེན་ནས། གོམས་པར་བྱས་ནས་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། དེ་པས་ན་གཅིག་ཏུ་བརྗོད་པ་ལ་གནས་པར་མི་བགྱི། གཉིས་སུ་བརྗོད་པ་ལ་གནས་པར་མི་བགྱི། ཐ་དད་དུ ་བརྗོད་པ་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་གསུངས་ཏེ། ཡི་གེ་གཅིག་དང། ཡི་གེ་གཉིས་དང། ཡི་གེ་མང་པོའི་ཚིག་བརྗོད་པའི་སྒོ་ནས། གཟུངས་ཀྱི་ཡེ་ཤེས་སྐྱེ་ཞིང་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་ལྟ་བུ་ལ་ཡང ་གནས་པར་མི་བྱའོ་ཞེས་བསྟན་པ་སྟེ། གནས་པར་མི་བྱ་བའི་དོན་ནི་སྔ་མ་བཞིན་ནོ། །དེ་ལྟར་ཆོས་ལ་གནས་པར་མི་བྱ་བ་བསྟན་ནས། ད་ནི་ཆོས་ཉིད་ལ་གནས་པར་མི་བྱ་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚ། གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉིད་ལ་མི་གནས་པ་དེ་ཡང་གཟུགས་མི ་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་མཛའ་ལ་གནས ་པར་མི་བགྱིའོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་ལ་གཟུགས་མི་རྟག་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མི་རྟག་པ་ནི་སྐྱེ་བ་དང་འགག་པའི་མཚན་ཉིད་དེ། ཀུན་བརྟགས་པའི་རང་བཞིན་ནོ། །བྱང་ཆུབ་སེམས ་དཔའ་རྣམས་ཀྱི་མི་རྟག་པ་ནི་མེད་པའི་མཚན་ཉིད་ལ་བརྟེན་ནས་མེད་པའི་དོན་ཏོ་ཞེས་བཤད་པ་སྟེ། འདི་ལྟར་རྟག་ཏུ་ཡོད་པ་ལ་རྟག་པ་ཞེས་བྱའོ། །དེ་ལས་བཟློག་ན་རྟག་ཏུ་མེད་ཅིང་དུས་ཐམས་ཅད་དུ་མེད་བ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་མི་རྟག་པ་ཞེས་བྱའོ། །དེ་བས་ན་མེད་པའི་མཚན་ཉིད་ནི་དོན་དམ་པར་མི་རྟག་པ་ཉིད་དོ་གཟུགས་མི་རྟག་པ་ཉིད་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པར་མི་རྟག་པ་གང་ཡིན་པ་དེ་ལ། ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཀུན་བརྟགས་པའི་སྐྱེ་བ་དང། འགག་པའི་མཚན་ཉིད་ཀྱིས་མི་རྟག་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཟུགས་མི་རྟག་པ་ཉིད་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་ངོ་ཞེས་བསྟན་པའོ། །གཟུགས་མི་རྟག་པ་ཉིད་ཀྱི་སྟོང ་པ་ཉིད་གང་ལགས་པ་དེ་ཡང། གཟུགས་མི་རྟག་པ་ཉིད་མ་ལགས་ཞེས་བྱ་བ་ནི། དོན་དམ་པའི་གཟུགས་མི་རྟག་པ་ཉིད་དེ་བཞིན་ཉིད་གང་ཡིན་པ་དེ། ཀུན་བརྟགས་པའི་གཟུགས་མི་རྟག་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ ་ལྟ་ན་ནི་ཆོས་ལས་ཆོས་ཉིད་ཐ་དད་པར་འགྱུར་རོ་སྙམ་པ་ལ། གཟུགས་མི་རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་མི་རྟག་པ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། ་དོན་དམ་པའི་མི་རྟག་པ་ཉིད་དེ་བཞིན་ཉིད་ལས་གུད་ན། ཀུན་བརྟགས་པའི་གཟུགས་མི་རྟག་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའི་ཕུང་པོ་རྣམས་ལ་ཡང ་སྦྱར་བར་བྱའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདS ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་བཞིའོ་ཞེས་བགྱི་བར་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི། ཕུང་པོ་ལྔའི་རང་བཞིན་སྡུག་བསྔལ ་པ་དང། བདག་མེད་པ་དང། ཞི་བའི་ཆོས་ཉིད་དུ་ཤེས་པར་བྱ་བ་ལ་གནས་པར་མི་བྱ་བའི་སྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྟོང་ངོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར ་ཤེས་པ་སྨོན་པ་མེད་དོ་ཞེས་བགྱི་བར་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་ཉིད་དུ་ཤེས་པར་བྱ་བ ་ལ་མི་གནས་པའི་སྒྲུབ་པ་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ ་ནས། བཅོམ་ལྡན་འདས་རྣམ་གྲངས་ངེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །རྣམ་པར་ཤེས་པ་དབེན་ནོ་ཞེས་བགྱི་བར་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི། གཟུགས ་ལ་སོགས་པའི་ཕུང་པོ་ལྔ་ལ་དབེན་པའི་ཆོས་ཉིད་དུ་ཤེས་པར་བྱ་བ་ལ་མི་གནས་པའི་སྒྲུབ་པ་བསྟན་པ་སྟེ། དབེན་པ་ཅེས་བྱ་བ་ནི། སྟོང་པའི་རྣམ་གྲངས་ཡིན་ཏེ། གཟུང་བ་དང། འཛིན་པ་གཉིས་ལ་དབེན་པའི་ཕྱིར་རོ། །བཅོམ ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་ཉིད་ལ་གནས་པར་མི་བགྱི་སྟེ། ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པའི་མཛའ་ལ་གནས་པར་མི་བགྱིའོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པའི་ཆོས་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས ་ཀྱི་དབྱིངས་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཛའ་རྣམས་ལ་ཡོན་ཏན་དུ་ལྟ་བའི་སྒོ་ནས། མི་གནས་པའི་སྒྲུབ་པ་བསྟན་པ་སྟེ། དེ་བཞིན་ཉིད་ལ་སོགས་པ་དེ་དག་ཀྱང་སྟོང་པ་ཉིད་ཀྱི་རྣམ་གྲངས་ཙམ་དུ་ཟད་དེ། དེ་དག་གི་མཚན ་ཉིད་ནི་སྔར་བཤད་པ་བཞིན་ནོ། །དེ་ཡན་ཆད་ཀྱི་ཆོས་ཉིད་ལ་མི་གནས་པའི་སྒྲུབ་པ་བཤད་ཟིན་ཏོ། །ད་ནི་ཆོས་དང་ཆོས་ཉིད་ལ་གནས་གཉིས་པའི་དམིགས་སུ་འགྱུར་བ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང། བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། གཟུགས་ལ་གནས་ན་དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང། བདག་གིར ་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཡང་དག་པའི་མཛའ་ལ་གནས་ན། དེ་ཡང་དག་པའི་མཛའ་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ཐབས་མི་མཁས་པས་ཞེས ་བྱ་བ་ནི། ཆོས་རྣམས་དོན་དམ་པར་དངོས་པོ་མེད་པར་མི་ཤེས་པར་དངོས་པོ་ལ་གནས་པའི་སེམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སྤྱོད་པའོ། །བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད ་ཀྱིས། གཟུགས་ལ་གནས་ན་ཞེས་བྱ་བ་ནི། བདག་ཉིད་གཟུགས་ཀྱི་རང་བཞིན་ཡིན་ནོ་སྙམ་འམ། གཟུགས་འདི་དག་བདག་གི་ཡིན་ནོ་སྙམ་པ་བདག་དང་བདག་གི་བའི་དངོས་པོ་ལྟ་བའི་སེམས་ཀྱིས་སྤྱོད་པ་ལ་བྱའོ།། ་དེ་ལ་གཟུགས་མངོན་བར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནི། གཟུགས་དངོས་པོ་ཡོད་པར་ལྟ་བས། རྒྱུ་དང་རྐྱེན་རྣམས་ཀྱིས་སྐྱེ་བ་དང་འགག་པ་ཡོད་པར་ལྟ་བ་ཡིན་གྱི། ཆོས་ཐམས ་ཅད་སྟོང་པ་ཉིད་དུ་རྟོགས་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལྷག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པས། གཟུགས་ལ་སོགས་པའི་དངོས་པོ་ལ་གནས་ཤིང། མངོན་པར་འདུ་བྱ་བ་ལ ་སྤྱོད་ན་ཉེས་པའི་དམིགས་རྣམ་པ་བཞིར་འགྱུར་བ་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་མི་འགྱུར་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་བ་དང། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་བ་དང་བཞིའོ། །དེ་ལ་ཡོངས་སུ་ཟིན་པར་མི་འགྱུར་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་མཉེན་པ་དང། བསམ་པའི་ཤེས ་རབ་ཀྱིས་ཚིག་དང་དོན་ཡོངས་སུ་ཟིན་པར་མི་འགྱུར་བའོ། །རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི་འགྱུར་ཞེས་བྱ་བ་ནི། ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐོང་བའི་ལམ་གྱིས་རྣལ་འབྱོར་ལ་སྙོམས་པར་འཇུག་པར་མི ་འགྱུར་བ་བསྟན་ཏོ། །ཡོངས་སུ་རྫོགས་པར་མ་གྱུར་བར་ཞེས་བྱ་བ་ནི། ས་གཉིས་ནས་ས་བཅུའི་བར་དུ་བསྒོམ་པའི་ལམ་གྱིས་མི་མཐུན་པའི་ཕྱོགས་སྤང་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ས་གོང་ནས་གོང་དུ་རྒྱ་རྡོ་ཆེ་ཇེ་ཆེར་རྟོགས་པར ་བྱ་བ་ཡོངས་སུ་རྫོགས་པར་མི་འགྱུར་བ་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དེ་ཐོབ་པར་མི་འགྱུར་བའི་ཉེས་པ་བསྟན་ཏོ།། ་དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། འདུས་ཏེ་རེག?་པ་དྲུག་དང། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང། ས་དང་ཆུ་ལ་སོགས་པའི་ཁམས་དྲུག་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་བཅོ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། ་རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་ཤེས་པ་དྲུག་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང། རང་བྱང་ཆུབ་དང། ཐམས་ཅད་ཤེས་པ་ཉིད ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་དང། རྣམ་པ་ཐཾས་ཅད་མཁྱེན་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན ་མེད་པ་ཉིད་དང། ཡང་དག་པའི་མཛའ་ལ་ཐུག་གི་བར་དུ་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་མི་གནས་པའི་སྒྲུབ་པ་བསྟན་ནས། དེའི་འོག་ཏུ ་ཡོངས་སུ་འཛིན་བ་མེད་པར་སྒྲུབ་པ་བཤད་པར་བྱའོ། །ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ཆོས་ཡོངས་སུ་འཛིན་པ་མེད་པ་དང། མཚན་མ་ཡོངས་སུ་འཛིན་པ་མེད་པ་དང། ཤེས་པ་ཡོངས་སུ་འཛིན་པ ་མེད་པའོ། །དེ་ལ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས་པ་སྟེ། གཟུགས་ཀྱི་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང། རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ ་ལགས་ཞེས་བྱ་བ་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང། ནང་སྟོང་པ ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླང་དུ་ཡོངས་སུ་གཟུང་བ་མ་མཆིས་པའོ། །ཞེས་བྱ་བའི་བར་དུ་ནི་ཆོས་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་བསྟན་པ་སྟེ། །དེ་ལ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགS ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་དངོས་པོ་ཡོད་པར་མ་གྲུབ་པས་ཡོངས་སུ་བཟུང་དུ་མེད་པའི་ཕྱིར་རོ། །དེ་སྐད་བཤད་པ་དང། འགའ་ཞིག་འདི་སྙམ་དུ་རྟོག་སྟེ། ཀུན་བརྟགས་པའི་གཟུགས ་ནི་དོན་དམ་པར་མ་གྲུབ་པས། ཡོངས་སུ་གཟུང་དུ་མེད་མོད་ཀྱི། ཀུན་བརྟགས་པའི་གཟུགས་ཡོངས་སུ་གཟུང་དུ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པའི་གཟུགས་ནི་ཡོད་དོ་སྙམ་དུ་རྟོག་པ་དེ་ལས་བཟློག་པའི་ཕྱིར། གཟུགས ་ཀྱི་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་གཟུགས་མ་ལགས་པ་ཞེས་བྱ་བ་བསྟན་ཏེ། ཡོངས་སུ་གྲུབ་པའི་གཟུགས་ཞེས་བྱ་བ་ཡང་ཀུན་རྫོབ་ཏུ་ཐ་སྙད་ཀྱི་བརྡར་བརྟགས་ཤིང་བརྗོད་པ་ཙམ་དུ་ཟང ་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡོངས་སུ་བརྟགས་པར་བགྱི་སྟེ། ཅི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་མི་རྒྱུ་བ་དེ་ལྟར་ཡོངས་སུ་བརྟགས་པར ་བགྱིའོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པའི་དོན་མདོར་བསྡུས་ནས་བསྟན་པ་སྟེ། ཆོས་གང་ལ་ཡང་དངོས་པོར་མི་གཟུང་ཞིང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ན་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡོངས་སུ་མ་གཟུང་བ་ཞེས་བགྱི་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པའི་ཏིང་ངེ་འཛིན་གྱི་རང་བཞིན་དང། ཡོན་ཏན ་བསྟན་པ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི། ཏིང་ངེ་འཛིན་རྣམས་ཀྱི་སྙིང་པོར་གྱུར་པའི་ཕྱིར་རོ། །རྒྱ་ཆེ་པ་ཞེས་བྱ་བ་ནི་གང་ཟག་དང། ཆོས་གཉི་ག་ལ་བདག་མེད་པར་རྟོགས་ཤིང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི ་ཕྱིར་རོ། །ཕུལ་དུ་བགྱི་བ་ཞེས་བྱ་བ་ནི་དེའི་གོང་ན་དེ་ལས་ལྷག་པ་མེད་པའི་ཕྱིར། །ཚང་མ་མཆིས་པ་ཞེས་བྱ་བ་ནི། དེ་དང་འདྲ་བའི་ཟླ་མེད་པའི་ཕྱིར་རོ། །ཚང་མ་མཆིས་པར་ངེས་པ་ཅེས་བྱ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས ་པར་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་སུན་འབྱིན་པར་མི་འགྱུར་བའི་ཕྱིར་རོ། །དེ་དག་དང་ཐུན་མོང་མ ་ལགས་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཏིང་ངེ་འཛིན་དེ་ལྟ་བུ་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནི། ཏིང་ངེ་འཛིན་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་གོ་འཕང་འཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡངས་སྟོང་པ་ཉིད་དང ་ཞེས་བྱ་བ་ལ་སོགས་པས་ནི། དོན་དམ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་གཟུང་བ་མེད་པར་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཚན་མར་བརྗོད་པ་མ་ལགས་ཏེ་ཞེས་བྱ་བ་ནས། དེ་ནི་འདི་ལྟར་དེས་རང་གི་མཚན་ཉིད ་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མི་དམིགས་ཏེ། ཞེས་བྱ་བའི་བར་དུ་ནི་མཚན་མར་ཡོངས་སུ་མི་འཛིན་པའི་སྒྲུབ་པ་བསྟན་ཏོ། །དེ་ནི་འདི་ལྟར་མཚན་མ་ལས་ཉོན་མོངས་པར་འགྱུར་ཏེ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི ་ཆོས་ལ་དངོས་པོ་ཡོད་པར་ལྟ་ཞིང་མཚན་མར་འཛིན་པ་ཉིད་བྱང་ཆུབ་སེམས་དཔའ་ཨི་སྒྲིབ་པ་ཡིན་ཏེ། སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པའི་ཕྱིར་ཉོན་མོངས་པ་ཞེས་བྱའོ། །མཚན་མ་དེ་དག་ཀྱང་གང་ཞེ་ན། གཟུགས་ནི་མཚན་མའོ། །ཚོར་བ ་ནི་མཚན་མའོ་ཞེས་བྱ་བ་ནས། ཡི་གེ་རྣམས་ནི་མཚན་མའོ། །གཅིག་ཏུ་བརྗོད་པ་ནི་མཚན་མའོ། །གཉིས་སུ་བརྗོད་པ་ནི་མཚན་མའོ། །ཐ་དད་དུ་བརྗོད་པ་ནི་མཚན་མའོ། །དེ་ནི་ཉོན་མོངས་པ་ཞེས་བགྱིའོ་ཞེས་བྱ་བའི་བར་དུ་འཇིག་རྟེན་དང། ་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་དེ་དག་ལ་དངོས་པོར་རྟོག་ཅིང་མཚན་མར་འཛིན་པ་ནི། བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས་པ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལ་ཡི་གེ་རྣམས་ནི་མཚན་མའོ་ཞེས་བྱ་བ་ནི། ཡི་གེ་ཨ་ལ་སོགས ་པ་མ་སྐྱེས་པའི་དོན་སྟོན་པའི་སྒོ་རྣམས་ལ་མཚན་མར་འཛིན་པའོ། །གཅིག་ཏུ་བརྗོད་པ་དང། གཉིས་སུ་བརྗོད་པ་དང། ཐ་དད་དུ་བརྗོད་པ་རྣམས་ཀྱང་སྔར་བཤད་པ་བཞིན་ཏེ། དེ་དག་ལ་དངོས་པོར་རྟོག་པ་ནི་མཚན་མ་ཡིན་པའི་ཕྱིར་རོ། །གལ ་ཏེ་དེ་མཚན་མར་བཟུང་བ་ཞིག་ལགས་ན་ནི། ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་དད་པ་ཐོབ་པར་མ་གྱུར་ཏོ་ཞེས་བྱ་བ་ནི། མཚན་མེད་པའི་གཏན་ཚིགས་དང་དཔེ་བསྟན་པ་སྟེ། མུ་སྟེགས་ཅན་ཀུན་ཏུ་རྒྱུ་ཕྲེང ་བ་ཅན་ཞེས་བྱ་བ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་དགའ་བ་ཞིག་ཡོད་པས་བཅོམ་ལྡན་འདས་ལས་མཚན་མ་མེད་པའི་ཆོས་ཐོས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དད་པར་གྱུར་པའི་དཔེས་མཚན་མར་གཟུང་བ་མ་ཡིན་པའི་གཏན ་ཚིག་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གལ་ཏེ་མཚན་མར་བཟུང་བ་ཞིག་ཡིན་ན། བཅོམ་ལྡན་འདས་ཀྱིས་ཀྱང་མཚན་མ་མེད་པའི་ཆོས་མི་བཤད་པ་ལ། ཀུན་ཏུ་རྒྱུ་དེ་ཡང་མཚན་མ་མེད་པའི་ཆོས་ཐོས་ནས་དད་པ ་སྐྱེས་པར་འགྱུར་བ་མི་རིགས་བ་ཞིག་ན། མཚན་མ་མེད་པའི་ཆོས་བཤད་པ་ལས་དང་པ་སྐྱེས་པར་གྱུར་པ་དང་སྦྱར་ན། མཚན་མ་མེད་པ་ནི་ཡང་དག་པ་ཡིན་གྱི། མཚན་མར་རྟོག་པ་ནི་ཕྱིན་ཅི་ལོག་ཡིན་པས། ཉོན་མོངས་པར་འགྱུར་རོ་ཞེས་བསྟན ་པའོ། །དང་པོ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པ་དང་ཞེས་བྱ་བ་ལ་སོགས་པ་ནི། ཀུན་ཏུ་རྒྱུ་དེ་ཆོས་གང་ལ་དད་པ་སྐྱེས་པའི་དམིགས་དང། དད་པའི་མཚན་ཉིད་དང་རྣམ་གྲངས་བསྟན་པའོ། །དེ ་ཡང་མཚན་མའི་ཡུལ་དུ་མ་ལགས་ཞེས་བྱ་བ་ནི། དད་པ་དེ་ཡང་དོན་དམ་པར་མཚན་མ་ཅན་གྱི་ཚུལ་དུ་སྐྱེས་པ་ཡང་མ་ཡིན་པའོ། །མཚན་མ་མཆིས་པའི་ཚུལ་དུ་ཡང་མ་ལགས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་མིང་དང་བརྡར ་གདགས་པ་ཙམ་དུ་མཚན་མ་མེད་པ་ཡང་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་ན་དེ་ནི་མཚན་མ་དང་མཚན་མ་མཆིས་པར་ཡོངས་སུ་བཟུང་བ་མ་མཆིས་པས་གཟུང་བ་མ་ལགས་ཏེ་ཞེས་བྱ་བ་ནི་མཚན་མར་མི་འཛིན་པར་སྒྲུབ་པའི་དོན་གང་དུ་བཤད ་པ་ཉིད་མཇུག་བསྡུས་ནས་བསྟན་པ་སྟེ། མཚན་མ་ཅན་དུ་ཡང་མི་འཛིན། མཚན་མ་མེད་པར་ཡང་མི་འཛིན་པར་རྟོགས་པར་བྱའོ་ཞེས་བསྟན་པའོ། །ཀུན་ཏུ་རྒྱུ་ཕྲེང་བ་ཅན་དེས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་མོས་པར་གྱུར་ནས། ་དད་པའི་རྗེས་སུ་འབྲང་བས་ཉི་ཚེ་བའི་ཡེ་ཤེས་ཀྱིས་ཞུགས་ཏེ། ཞེས་བྱ་བ་ནི་ཀུན་ཏུ་རྒྱུ་བ་དེ་སྔོན་མཚན་མ་མེད་པར་སྤྱོད་པ་ལ་དད་པས། དང་པོའི་རྗེས་སུ་འབྲང་པ་ཞེས་བྱ། ཆོས་ཐམས་ཅད་ཅིག་ཅར་མཚན་མ་མེད་པར་ནི་མ་རྟོགས་ཀྱི། གཟུགས་ལ ་སོགས་རེ་རེ་ནས། མཚན་མ་མེད་པར་རྟོགས་པའི་ཕྱིར། ཉི་ཚེ་བའི་ཡེ་ཤེས་ཀྱིས་ཞུགས་ཏེ་ཞེས་བྱའོ། །དེ་ལྟར་ཞུགས་ནས། གཟུགས་ཡོངས་སུ་མ་བཟུང། ཚོར་བ་ཡོངས་སུ་མ་བཟུང་ཞེས་བྱ་བ་ནས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ་ཞེས ་བྱ་བའི་བར་དུ་ནི་ཀུན་ཏུ་རྒྱུ་བ་དེས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་ཉི་ཚེ་བའི་ཡེ་ཤེས་ཀྱིས་སོ་སོར་བརྟགས་ནས། མཚན་མ་མེད་པར་རྟོགས་པ་བསྟན་ཏོ། །དེ་ནི་འདི་ལྟར་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ ་འཛིན་པ་མ་དམིགས་ཏེ་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་རྣམས་ལ་མཚན་མར་མི་འཛིན་པའི་གཏན་ཚིགས་བསྟན་པ་སྟེ། ཀུན་ཏུ་རྒྱུ་བ་དེས་སོ་སོར་བརྟགས་ན། གཟུགས་ལ་སོགས་པའི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས ་སྟོང་པར་རྟོགས་ནས། མཚན་མར་གཟུང་དུ་རུང་བ་མ་མཐོང་བའི་ཕྱིར། མཚན་མར་ཡོངས་སུ་མ་བཟུང་ངོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཡེ་ཤེས་དེ་རྟོགས་པ་དང། ཐོབ་པར་བགྱི་བའི་ཚུལ་གྱིས་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང ་ཞེས་བྱ་བ་ནས། ཆོས་སྐྱོན་མེད་པ་ཉིད་ཡོངས་སུ་མི་འཛིན་པ་དང། ཡང་དག་པའི་མཛའ་ཡོངས་སུ་མི་འཛིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་པ་ཡོངས་སུ་མི་འཛིན ་པའི་སྒྲུབ་པ་བསྟན་པ་སྟེ། གོང་དུ་སྨོས་པའི་རིམ་པས་ཆོས་ཐམས་ཅད་མཚན་མ་མེད་པར་རྟོག་པའི་ཤེས་པ་དེ་ཡང་བདག་གིས་ཤེས་པ་འདིས་ཆོས་ཀྱི་ཁྱད་པར་མ་རྟོགས་པ་རྣམས་མངོན་པར་རྟོགས་སོ་སྙམ་དུ་སེམས་པ་འམ། མ་ཐོབ་པ་རྣམས ་ཐོབ་བོ་སྙམ་དུ་སེམས་པའི་ཤེས་པ་དེ་ཡང་དོན་དམ་པར་དངོས་པོ་མེད་པའི་ཕྱིར། དེ་ལྟར་ཡོངས་སུ་མི་འཛིན་པ་ལ་ཤེས་པ་ཡོངས་སུ་མི་འཛིན་པ་ཞེས་བྱའོ། །དེ་ལ་རྟོགས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱིས་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པའོ། ། ་ཐོབ་པ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་སའི་རིམ་པ་དང། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པ་ལ་བྱ་སྟེ། དེ་ལྟར་ཆོས་རྣམས་རྟོགས་པ་དང། ཡོན་ཏན་གྱི་ཁྱད་པར་འཐོབ་པའི་རྒྱུར་གྱུར་པའི ་ཤེས་པ་དེ་ཡང་དོན་དམ་པར་བདག་གི་ལུས་ཀྱི་ནང་ན་ཡོད་པར་ཡང་མི་མཐོང། ཕྱི་རོལ་ན་ཡོད་པར་ཡང་མི་མཐོང། ཕྱི་ནང་གཉིས་ཀ་ན་ཡང་ཡོད་པར་མི་མཐོང། ཕྱི་ནང་གཉིས་ཀ་ལ་མ་གཏོགས་པ་གཞན་འགའ་ཞིག་ན་ཡོད་པར་ཡང་མ་མཐོང ་ངོ་ཞེས་བསྟན་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཡེ་ཤེས་དེ་རྟོགས་པ་དང། ཐོབ་པར་བགྱི་པའི་ཚུལ་གྱིས་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ནི་ཀུན་ཏུ་རྒྱུ་བ་ཆོས་ཐམས་ཅད ་མཚན་མ་མེད་པར་ཤེས་པ་དེས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་ཆོས་གང་གིས་རྟོགས་པར་བགྱི་བ་དང། གང་རྟོགས་པར་བགྱིད་པ་དང། གང་རྟོགས་པར་བགྱི་བ་དེ་ལྟ་བུའི་ཆོས་ཡང་དག་པར ་རྗེས་སུ་མ་མཐོང་སྟེ། ཞེས་བྱ་བ་ནི་མཚན་མ་མེད་པར་རྟོགས་པའི་ཡེ་ཤེས་དེ། དོན་དམ་པར་གང་ཟག་གང་རྟོགས་པར་བྱེད་པ་དང། ཤེས་པ་གང་གིས་རྟོགས་པར་བྱ་བ་དང། ཆོས་གང་རྣམས་རྟོགས་པར་བྱ་བའི་དངོས་པོ་གསུམ་མི་དམིགS? ་པ་བསྟན་པ་སྟེ། དེས་ཆོས་གང་གིས་རྟོགས་པར་བགྱི་བ་དང། ཞེས་བྱ་བ་ནི་ཤེས་པ་ལ་བྱའོ། །གང་རྟོགས་པར་བགྱིད་པ་ཞེས་བྱ་བ་ནི་གང་ཟག་ལ་བྱའོ། །གང་རྟོགས་པར་བགྱི་བ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཡུལ་ཆོས་ཀྱི་དོན་རྟོགས་? ་པར་བྱ་བ་དང། ཡོན་ཏན་གྱི་ཁྱད་པར་ཐོབ་པར་བྱ་བ་ལ་བྱ་སྟེ། དེ་ལྟ་བུའི་ཆོས་གང་ཡང་དོན་དམ་པར་དམིགས་སུ་མེད་པས། ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །དེ་ལྟར་ཆོས་རྣམས་ཀྱི་སྤྱིར་རྟོགས་པ་དང། ཐོབ་པར་བྱེད་པའི ་ཤེས་པ་དེ་བདག་གི་ལུས་ཀྱི་ནང་དང། ཕྱི་རོལ་དང། ཕྱི་ནང་གཉི་ག་དང། དེ་དག་ལས་གཞན་པ་བཞི་ཆར་ན་ཡང་མེད་པར་བསྟན་ནས། གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་རེ་རེ་ལ་འཇུག་པའི་ཤེས་པ་དེ་ཡང། ནང་དང ་ཕྱི་རོལ་དང་ཕྱི་ནང་གཉི་ག་དང། དེ་དག་ལས་གཞན་པ་ན་ཡང་མེད་པར་བསྟན་པའི་ཕྱིར། དེས་ཡེ་ཤེས་དེ་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པའི་མཛའ་ཨི་བར་དུ ་སོ་སོར་རྟོག་ཅིང་འཇུག་པའི་ཤེས་པ་དེ་ཡང་ནང་དང། ཕྱི་རོལ་དང། ཕྱི་ནང་གཉི་ག་དང། དེ་དག་ལས་གཞན་པ་ན་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་བ་ཕྲེང་བ་ཅན་མོས་པར་གྱུར་ཏེ་ཞེས་བྱ་བ་ནི ་ཤེས་བ་ཡོངས་སུ་མི་འཛིན་པའི་རྣམ་གྲངས་དེ་ཀུན་ཏུ་རྒྱུ་བ་དེས་རྟོགས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན་ཏུ་རྒྱུ་བ་དེ་ཡིད་ཆེས་ཤིང་དང་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དང་པའི་རྗེས་སུ་འབྲང་པས ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །ཆོས་ཉིད་ཚད་མར་བགྱིས་ཏེ། ཆོས་ཐམས་ཅད་མི་དམིགས་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པར་གྱུར་ཏེ་ཞེས་བྱ་བ་ནི། དོན་དམ་པར་ཆོས་ཐམས་ཅད་མཚན་མ་མེད་པར ་རྟོགས་པའི་ཆོས་ཉིད་དེ་བརྩོན་པར་བྱས་ནས། ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་མོས་པར་གྱུར་ནས་ཞེས་བྱ་བ་ནས། དེ་ནི་མྱ་ངན ་ལས་འདས་པས་ཀྱང་རློམ་སེམས་སུ་མི་འགྱུར་བ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི་ཀུན་ཏུ་རྒྱུ་བ་ངེས་མཚན་མ་མེད་པའི་ཆོས་རྟོགས་པའི་ཡོན་ཏན་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་ཅིང་མཚན་མ་དང་ཕྲལ་བར་རྟོགས ་པ་དང། ཆོས་གང་ཡང་ཡིད་ལ་མི་བྱེད་ཅིང་གང་ལ་ཡང་མི་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་ཀྱང་དེས་རློམ་སེམས་སུ་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་གཟུང་དུ་མ་མཆིས་གཏང་དུ་མ་མཆིས་པའི་སླད་དུ་ཡོངས་སུ ་གཟུང་བར་བགྱི་པ་འན?། གཏང་བར་བགྱི་པ་དེ་ལྟ་བུའི་ཆོས་གང་ཡང་མ་དམིགས་ཏེ་ཞེས་བྱ་བ་ནི་གཟུང་དུ་ཡོད་ན་ནི་གཏང་བར་བྱ་བ་ཡང་བཟླས་འགྲུབ་ན། གོང་དུ་བཤད་པའི་རིམ་པས་གཟུང་དུ་མེད་པའི་ཕྱིར་གཏང་པ་ཡང་མི་འགྱུར་ཏེ། གཟུང་དུ ་མེད་པའི་ཟླས་བཏང་དུ་མེད་པ་ཡང་ཞར་ལ་བཤད་པ་བསྟན་ཏོ། །བཅོམ་ལྡན་འདས་དེ་ལྟར་གང་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ་གཟུང་ཡོངས་སུ་མི་འཛིན་པ་དང། ཚོར་བ་ཡོངས་སུ་མི་འཛིན་པ་དང ་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཡོངས་སུ་གཟུང་དུ་མ་མཆིས་པའི་སླད་དུ་ཡང་དག་པའི་མཛའ་ཡོངས་སུ་མི་འཛིན་པ་འདི་ནི་ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་འདིའི་ཕན་ཡོན་བསྟན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས་གང་ལ་ཡང་དངོས་པོར ་ཡོངས་སུ་མི་འཛིན་པ་ཉིད་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པ་སྟེ། ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་ནི་ཕ་རོལ་དང་ཚུ་རོལ་ཞེས་བྱ་བ་ཡང་ཡོད་ན། ་འདི་ལ་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོག་པས་ཕ་རོལ་ཞེས་བྱ་བ་ཡང་མེད་དེ། དེ་ལྟར་ཕ་རོལ་མེད་པར་རྟོགས་པ་དེ་ཉིད་ཕུལ་དུ་ཕྱིན་པ་འམ། མཐར་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འོན་ཀྱང་སྨོན་ལམ་ཡོངས་སུ་མ ་རྫོགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་ཀྱི་བར་དུ། བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ་ཞེས་བྱ་བའི་བར་དུ་ནི་ཀུན་ཏུ་རྒྱུ་བ་དེ་ཆོས ་ཐམས་ཅད་མཚན་མ་མེད་པ་ལ་མོས་ཤིང་སངས་རྒྱས་ཀྱི་རིགས་ཡིན་པའི་ཡོན་ཏན་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་ཡོངས་སུ་གཟུང་དུ་མེད་པར་རྟོགས་ཀྱང། ཀུན་རྫོབ་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ ་རྫོགས་པར་མ་བྱས་པར་ཉན་ཐོས་དང་རང་སངས་རྒྱས་ལྟར་བར་མ་དོར་མྱ་ངན་ལས་མི་འདའ་བར་ཚོགས་ཡོངས་སུ་རྫོགས་པར་བྱ་བ་ལ་བརྩོན་པར་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྨོན་ལམ་རྣམས་ནི་སྨོན་ལམ་ལགས་ཞེས་བྱ་བ་ནས། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སངས་རྒྱས་ཀྱི་ཆོས་མ་ལགས་ཏེ། དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པར་པར་མདོར? ་མྱ་ངན་ལས་མི་འདའ་པའི་རྒྱུ་བསྟན་པ་སྟེ། སྨོན་ལམ་དང་འདྲ་བ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་ན་ནི་དེ་དག་གི་མི་མཐུན་པའི་ཕྱོགས་སྤངས་ཤིང་གཉེན་པོ་ལ་བརྟེན་ཏེ་མྱ་ངན་འདའ་བསྒྲུབ་ཀྱི། ཆོས ་དེ་དག་དང་མྱ་ངན་ལས་འདས་པ་ཉིད་ཀྱང་དོན་དམ་པར་དངོས་པོར་ཡོངས་སུ་མི་འཛིན་པའི་ཕྱིར་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་ཨོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཆོས་ཀྱང་མ་ལགས་ཞེས་བྱ་བ་ནི་སྨོན་ལམ་ལ་སོགས་པའི་ཆོས་དེ་དག ་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པའི་ཕྱིར་རོ། །ཆོས་མ་ལགས་པ་ཡང་མ་ལགས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སྨོན་ལམ་ལ་སོགས་པའི་ཆོས་དེ་དག་མྱ་ངན་ལས་འདའ་པའི་རྒྱུ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ ་མ་བཟུང་བའི་སླད་དུ་གཟུགས་ཡོངས་སུ་མི་འཛིན་པ་དང་ཚོར་བ་ཡོངས་སུ་མི་འཛིན་པ་དང་ཞེས་བྱ་བ་ནས། ཡང་དག་པའི་མཛའ་ཡོངས་སུ་མི་འཛིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི ་བར་དུ་ནི་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པའི་ཕྱིར་གང་ཡང་དངོས་པོར་ཡོངས་སུ་མི་འཛིན་པ་དེ ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་བསྟན་ནས། དེའི་འོག་ཏུ་ཡོངས་སུ་བརྟག་པའི་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་རྟག་པའི་སྒྲུབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞེས་བྱ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཞེས་བྱ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ཞིག་ཅེས་བྱ་བ་དང། ཅིའི་ཕྱིར་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟག ་པར་བྱའོ། །དེ་ལ་གང་ཞེས་ཡོངས་སུ་བརྟག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེས་བརྟག་པའོ། །གང་གིས་ཞེས་བྱ་བ་ནི་གང་དང་འབྲེལ་བ་ཞེས་བརྟག་པའོ། །ཅི་ཞིག་ཅེས་བྱ་བ་ནི་རྒྱུ་ཅི་ཞིག་གིས་ན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཞེས་བརྟག་པའོ། །ཅིའི་ཕྱིར་ན་ཞེས་བྱ་བ་ནི་ཅི་ཞིག་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་བརྟག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ་གལ་ཏེ་འདི་ལྟར་ཆོས་གང་ཡོད་པ་མ་ཡིན་ཞིང་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་ལྟར་རྟོག་ཅིང་སེམས་པ་དང། དེ་ལྟར་རྟོག་ཅིང་སེམས་པའི་ཚེ་སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་ལ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་གང་ཞེས་ཡོངས་སུ་བརྟག་པའི་དོན་བསྟན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་མེད་ཅིང་མི་དམིགས་པར ་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ་ཞེས་བསྟན་པའོ། །ཆོས་གང་ཡོད་པ་མ་ཡིན་ཞིང་མི་དམིགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནི ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་མི་དམིགས་པར་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་སྙམ་དུ་སེམས་ན་ཡང་དེ་ཉིད་མཚན་མར་འཛིན་ཅིང་དངོས་པོར་ལྟ་བ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་པར་མི་ཆུད་པོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པར་རབ་འབྱོར་ཆོས་གང་རྣམས་མེད་ཅིང་མི་དམིགས་པ་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་མེད་ཅིང་མི་དམིགS ་པའི་དོན་འཁོར་རྣམས་ཀྱིས་རྒྱ་ཆེར་རྟོགས་པར་བྱ་བའི་ཕྱིར་རབ་འབྱོར་ལ་གླེང་བསླང་ཞིང་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ནང་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་མེད་ཅིང་མི་དམིགས ་པའི་དོན་རབ་འབྱོར་གྱིས་རྒྱ་ཆེར་བསྟན་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་གཏན་ཚིགས་སུ་སྨོས་ནས། འདི་ལྟར་སྟོང་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པའི་ཆོས ་རྣམས་མེད་ཅིང་མི་དམིགས་སོ་ཞེས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པོར་སྨོས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གང་ཡིན་པ་ཡོངས་སུ་བརྟགས་པའི་སྐབས་ཡིན་པའི་ཕྱིར་དང་པོར་སྨོས་སོ།། ་སེམས་ཞུམ་པ་མེད་པ་དང། ཡོངས་སུ་ཞུམ་པ་མེད་པ་དང། མི་འཇིགས་པ་དང། མི་དངང་བ་དང། སྐྲག་པར་མི་འགྱུར་བ་ནི་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པར་རྟོག་ཅིང་སེམས་པའི་ཚེ། སྟོང་པས་སྐྲག་པར ་མི་འགྱུར་བའི་རྣམ་གྲངས་ཙམ་དུ་ཟད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་ཅིང་མི་དམིགས་པར་རྟོག་པ་ན་མེད་པས་སྐྲག་པར་མ་གྱུར་ཅིང་སྟོང་པའི་དོན་རྟོགས ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས་བྱའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ་མ་བྲལ་བར་ཤེས་པར་བྱ་ཞེས་བྱ་བ་ནས། ཡང་དག་པའི་མཛའ་ལ་ཡང་དག་པའི་མཛའ་ཨི་རང་བཞིན་མེད་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གིས་ཞེས་ཡོངས་སུ་བརྟག་པ་བཤད་པ་སྟེ། རབ་འབྱོར ་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་ཞེས་དྲིས་པའི་ལན་བཏབ་པ་སྟེ། ་གཟུགས་ལ་སོགས་པ་ཡང་དག་པའི་མཛའ་ལ་ཐུག་པའི་བར་ཀྱི་ཆོས་མིང་གིས་སྨོས་པ་རྣམས། དོན་དམ་པར་དེ་དག་གི་རང་བཞིན་དུ་ཡོད་པ་མ་ཡིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཕྱིན་ཅི་མ ་ལོག་པར་ཤེས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པས་དེ་དང་མ་བྲལ་བ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚོར་བའི་རང་བཞིན་ཇི་ལྟ་བུ་ཞེས་བྱ་བ་ལ་སོགS ་པ་ནི་གོང་དུ་གཟུགས་ལ་སོགས་པ་དེ་དག་གི་རང་བཞིན་དང་བྲལ་བའོ་ཞེས་རབ་འབྱོར་གྱིས་སྨྲས་པའི་ཚིག་ཤཱ་རིའི་བུས་སྨོས་ནས་འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་གཟུགས་ལ་སོགས་པ་དང། དེ་དག་གི་རང་བཞིན་ཞེས་བྱ་བའི་ཆོས་ཤིག ་ཡོད་ན་ནི་བྲལ་བ་དང་མ་བྲལ་བ་ཞེས་བྱར་ཡང་རུང་ན། དེ་དག་གི་རང་བཞིན་ཇི་ལྟ་བུ་ཞིག་ཡིད?་ཅེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ?་ཞེས་བྱ་བ་ལ་སོགས་པའི་གཟུགས ་ལ་སོགས་པ་ཡང་དག་པའི་མཛའ་ཨི་བར་གྱི་ཆོས་རྣམས་ཀྱི་རང་བཞིན་དོན་དམ་པར་ཡོད་པར་མ་གྲུབ་སྟེ། དངོས་པོ་མེད་པ་ཉིད་ལ་དེ་དག་གི་རང་བཞིན་དང་བྲལ་བ་ཞེས་བྱའི། རང་བཞིན་ཡོད་པ་དང་བྲལ་བ་ལ་ནི་མི་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་འདི་ལྟར་གཟུགས་ལ་གཟུགས་ཀྱི་རང་བཞིན་མེད་པ་དང་ཞེས་བྱ་བར་ལ་སོགས་པས་ནི་གཟུགས་ལ་སོགས་པ་གོང་དུ་སྨོས་པའི་ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། རྣམ་གྲངས ་ངེས་ན་ཞེས་བྱ་བ་ནི་གོང་དུ་སྨོས་པའི་གཞུང་དེས་ན། གཟུགས་ལ་སོགས་པ་ཡང་དག་པའི་མཛའ་ཨི་བར་གྱིས་ཆོས་རྣམས་རང་བཞིན་མེད་པར་ཤེས་པར་བྱ་སྟེ། དེ་ལྟར་ཆོས་དེ་དག་ཐམས་ཅད་དོན་དམ་པར་གང་ཡང་རང་བཞིན་མེད་པའི་ཕྱིར་ཆོས་འདི་དང ་འདི་ཤེས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་གང་དང་ཡང་འབྲེལ་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན་ཞེས་བརྟག་པ་དེ་གང་གི་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང ་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ། །ཚོར་བ་ལ་ཚོར་བའི་མཚན་ཉིད་མེད་དོ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི ་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ཞིག་ཅེས་བརྟག་པ་བཤད་པ་སྟེ། གཟུགས་ལ་སོགས་པ་ནས་ཡང་དག་པའི་མཛའ་ཨི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་མེད་ན་ཆོས་གང་གི་མཚན་ཉིད་རྟོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅེས་བྱ་སྙམ་དུ་ཡོངས་སུ་རྟོག་པ་ལ། དེ་ལྟར་ཆོས་ཐམས་ཅད་མཚན ་ཉིད་མེད་པས་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཆོས་གང་ཡང་མེད་པས་ཆོས་གང་གི་མཚན་ཉིད་རྟོག་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མི་བྱའོ། །ཞེས་བསྟན་པའོ། །མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ ་ཞེས་བྱ་བ་ནི་གོང་དུ་ཆོས་རྣམས་ལ་མཚན་ཉིད་མེད་དོ་ཞེས་སྨོས་པ། མཚན་ཉིད་དེ་ཆོས་རྣམས་ལ་མེད་ཀྱང་ལོགས་ཤིག་ན་མཚན་ཉིད་ཀྱི་རང་བཞིན་དུ་ཡོད་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར་མཚན་ཉིད་ཅེས་བརྗོད་པ་ཡང་ཀུན་རྫོབ་ཏུ ་བརྗོད་པ་ཙམ་དུ་ཟད་གྱི། དོན་དམ་པར་མཚན་ཉིད་ལ་ཡང་རང་བཞིན་མེད་དོ་ཞེས་བསྟན་པའོ། །མཚན་ཉིད་ཀྱི་རང་བཞིན་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ་ཞེས་བྱ་བ་ནི་མཚན་ཉིད་ལ་རང་བཞིན་མེད་དོ་ཞེས་གོང་དུ་སྨོས་པས་མཚན ་ཉིད་ལ་རང་བཞིན་མེད་དུ་ཟིན་ཀྱང། མཚན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་ཞིག་ལོགས་ཤིག་ན་ཡོད་དོ་སྙམ་དུ་སེམས་པ་ལས་བཟློག་པའི་ཕྱིར་གསུངས་སོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་གང་བསླབ་པ་འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པའི ་ཕན་ཡོན་བསྟན་པ་སྟེ། དེ་ལྟར་ཡོངས་སུ་རྟོག་ཅིང་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོག་པར་བྱ་བ་བསླབ་པ་འདི་ལ་སློང་བའི་བྱང་ཆུབ་སེམས་དཔའ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བསྟན་པ་སྟེ། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་པའི་ཕྱིར་རོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་ཡིན་ན་ཞེས་བྱ་བའི་བར་དུ་ནི་ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟག་པར་བྱ་བ་བསྟན ་པ་སྟེ། ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ་ཞེས་བྱ་བ་དོན་གོང་མ་དང་མཚམས་སྦྱར་བའི་ཕྱིར་རོ་གོང་དུ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བཤད་པ་སྟེ། ཀུན་རྫོབ་ཏུ་བསྟན་པ ་ཙམ་དུ་ཟད་ཀྱི་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་མེད་པའི་ཕྱིར་ནི་འབྱུང་བའི་ཚུལ་གྱིས་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས་ཐམས ་ཅད་མ་སྐྱེས་པ་བྱུང་བ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པའི་ཚེ་ཇི་ལྟར་མ་སྐྱེས་པ་དང། རྣམ་པ་བྱང་བའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་མ་བྱུང་བ་དྲིས་པའོ། །རབ་འབྱོར་གྱིས ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟསུགས་གཟུག་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་དེ་ལ་ཀུན ་ནས་ཉོན་མོངས་པའི་ཚེ་ཡང་སྐྱེ་བ་མེད་ལ་རྣམ་པར་བྱེད་བའི་ཚེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་མེད་དོ་ཞེས་བསྟན་པ་སྟེ། ཆོས་ཐམས་ཅད་དངོས་པོ་ཡོད་ན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང ་བར་འགྱུར་བ་ཡང་ཡོད་པས། ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱར་ཡང་རུང་ན། དེ་ལྟར་སྐྱེ་བ ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡང་མེད་པའི་ཕྱིར་འདི་ལ་ཅིའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མི་བྱའོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས་ཡང་དག་པའི་མཛའ་ཨི་བར་དུ ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤོང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་དང་ཉེ་བ་ཡིན་ཏེ་ཞེས་བྱ་བ་ནི་ཅིའི་ཕྱིར་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟག་པའི་མཇུག་བསྡུས་ནས་བསྟན་པ་སྟེ། དོན་དམ་པར་ཅིའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མི་བྱ་མོད་ཀྱི། འོན་ཀྱང་དོན ་དེ་ལྟར་རྟོགས་ན་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར། ལུས་ཡོངས་སུ་དག་བ་དང། ངག་ཡོངས་སུ་དག་པ་དང། ཞེས ་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་པར་གྱུར་པའི་ཕན་ཡོན་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཚོར་བཤེད་པ་ལས། ལེའུ་ལྔ་བའོ།། །། ་དེ་ལྟར་ཡོངས་སུ་བརྟག་པའི་སྒྲུབ་པ་བསྟན་ནས། དེའི་འོག་ཏུ་ཐབས་ཀྱིས་སྒྲུབ་པ་བསྟན་པར་བྱ་སྟེ། དེ་ཡང་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་སྤྱོད་པའི་ཚེ་སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་དེ། མི་འཇིགས་མི་དངང?་སྐྲག་པར་མི་འགྱུར་ན་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པར་ཤེས ་པར་བྱའོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ཐབས་ཀྱིས་སྒྲུབ་པ་འདི་ཡང་ཐབས་མི་མཁས་པས་དངང་པར་བྱ་བ་དང། ཐབས་མཁས་པ་ལ་བརྟེན་པར་བྱ་བ་དང། རྣམ་པ་གཉིས་སུ་བསྟན་ཏོ། །ཐབས་མི་མཁས་པ་ཡང་རྣམ་པ་གཉིས་ཏེ། མཚན་མ ་ལ་སྤྱོད་པ་དང། མངོན་པར་འདུ་བྱེད་པ་ལ་སྤྱོད་པའོ། །དེ་ལ་ཐབས་མི་མཁས་པས་མཚན་མ་ལ་སྤྱོད་པ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི ་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་བསྒོམ་མོ་ཞེས་བགྱི་བར་སྤྱོད་ན་ཡང་མཚན་མ་ཉིད་ལ་སྤྱོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པར་རིག་པར་བྱའོ། །ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་ལ་ཐབས་མི་མཁས་པས་གཟུགས་ལ་སྤྱོད ་ན། མཚན་མ་ལ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་ལ་གཟུགས་ལ་སོགས་པའི་སྨོས་སོའི་མཚན་ཉིད་གང་ཡིན་པའི་མཚན་མར?་རྟོག་ན་དེ་མཚན་མ་ལ་སྤྱོད་པ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྤྱོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་གཟུགས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དེ་ཞེས་བྱ ་བ་ལ་སོགས་པ་ནི་ཕུང་པོ་དང་ཁམས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཆུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་རྟོག་པ་དང་ཅི? ་མི་རྟག་པ་དང། བདེ་བ་དང་སྡུག་བསྔལ་བ་དང། བདག་ཡོད་པ་དང་བདག་མེད་པ་དང། ཞི་བ་དང་མ་ཞི་བ་དང། དབེན་པ་དང་མི་དབེན་པ་ཞེས་བྱ་བར་མཚན་མར་འཛིན་ཅིང་སྤྱོད་ན། དེ་མཚན་མ་ལ་སྤྱོད་པ་ཡིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ཏེ། དེ་ལྟར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་ཐབས་མི་མཁས་པ་ཡིན་པས་ཐབས་མི་མཁས་པ་དེ་སྤང་པར་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས ་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མི་མཁས་པ་ཇི་ལྟར་རིག་པར་བྱ་བ་ཡིན་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའི ་རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བར་སྐལ་པ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མི་མཁས་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཐབས་མི་མཁས་པས་མངོན་བར་འདུ་བྱེད་པར་སྤྱོད་པ་བསྟན་པ་སྟེ། གཟུགས་ལ་མོས་ཤིང་ཞེས་བྱ་བ་ནི་ལྟ་བ་ཕྱིན་ཅི་ལོག་གིས་གཟུགས ་དངོས་པོ་ཡོད་པར་ལྟ་ཞིང་མོས་པའོ། །འདུ་ཤེས་དེ་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་གིས་བཟང་བ་དང་ངན་པ་ལ་སོགས་པའི་མཚན་མར་འཛིན་པའོ། །བྱིན་གྱིས་རློབ་ཅེས་བྱ་བ་ནི་སེམས་ཕྱིན་ཅི་ལོག་གིས་གཟུགས་ཀྱི་དངོས་པོ་ལ་ཆགས་ཤིང་? ་གནས་པའོ། །གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ་ཞེས་བྱ་བ་ནི་དེ་ལྟར་ལྟ་བ་ཕྱིན་ཅི་ལོག་དང་འདུ་ཤེས་ཕྱིན་ཅི་ལོག་དང། སེམས་ཕྱིན་ཅི་ལོག་གིས་གཟུགས་ལ་དངོས་པོ་ཡོད་པར་མཐོང་ཞིང། དེ་ལྟར་སྤྱོད་ན་གཟུགས་སྐྱེ་བ་དང་འགག་པར། ་བྱ་བ་ལ་སོགས་པར་མངོན་པར་འདུ་བྱེད་པ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་སྐྱེ་བ་དང། རྒ་བ་དང། ན་བ་དང། ཚེ་འཕོ་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི ་བང་བ་དང། འཁྲུག་པ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་ཆེན་པོ་ལ་ཡོངས་སུ་མི་གྲོལ་བར་བརྗོད་དོ་ཞེས་བྱ་བ་ནི་གཟུགས་ལ་མངོན་པར་འདུ་བྱེད་པའི་ཉེས་པའི་དམིགས་བསྟན་པ་སྟེ། འཁོར་བ་ལས་གྲོལ་ཞིང་ཐར་བར་མི་འགྱུར་རོ་ཞེས་བྱ་བའི ་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདེས་པ་བཅོ་བརྒྱད་ཀྱི་བར་དུ་ཡང་སྦྱར་བར་བྱའོ། །ཆ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ཡང ་མངོན་དུ་བྱ་བའི་སྐལ་པ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ཚང་རྒྱ་བ་ལྟ་ཅི་སྨོས་ཞེས་བྱ་བ་ན་དི་ལྟར་ཆོས་རྣམས་ལ་མངོན་པར་འདུ་བྱ་བར་སྤྱོད་ན་རྣམ་པར་གྲོལ་བའི་འབྲས་བུ་ཐོག་བར་མི་འགྱུར་བའི་ཉེས་པའི་ ་དམིགས་བསྟན་པའོ། །དེ་ནི་གནས་མེད་དོ་ཞེས་བྱ་བ་ནི་དེ་ལྟར་ཆོས་རྣམས་ལ་དངོས་པོར་འཛིན་ཅིང་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར ་བ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན་ཐབས་མཁས་པར་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཐབས་མཁས ་པས་སྤྱོད་པའི་སྒྲུབ་པ་བསྟན་པའོ། །དེ་ལ་ཐབས་མཁས་པར་སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། ཆོས་རྣམས་ལ་མི་དམིགས་པར་སྤྱོད་པ་དང་ཆོས་རྣམས་ཀྱི་མཚན་མ་ལ་མི་དམིགས་པར་སྤྱོད་པའོ། །དེ་ལ་རབ་འབྱོར་གྱིས་སྨྲས་པ། ཚེ་དང ་ལྡན་པ་ཤཱ་རདྭཱ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ལ་མི་སྤྱོད་དེ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དེ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཡོད་དོ་ཞེས། བྱ་བའི་བར་དུ་ནི་ཐབས་མཁས་པས་ཆོས་རྣམས་ལ་མི་དམིགས་པར་སྤྱོད་པའི ་སྒྲུབ་པ་བསྟན་པ་སྟེ། གཟུགས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ། རྟག་པ་དང་མི་རྟག་པ་དང། བདེ་བ་དང་སྡུག་བསྔལ་བ་དང། ་བདག་ཡོད་པ་དང་བདག་མེད་པ་དང། ཞི་བ་དང་མ་ཞི་བ་དང། སྟོང་པ་དང་མི་སྟོང་པ་དང། མཚན་མ་ཡོད་པ་དང་མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང་སྨོན་པ་མེད་པ་དང། དབེན་པ་དང་མི་དབེན་པའི་དངོས་པོར་འཛིན་ཅིང་མི་སྤྱོད་པ ་ཉིད་ཐབས་མཁས་པས་སྤྱོད་ཅིང་སྒྲུབ་པ་ཡིན་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད། གཟུགས་ལས་གུད་ན་ཡང་སྟོད ་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་དམིགས་བར་སྤྱོད་པའི་གཏན་ཚོགས་བསྟན་པ་སྟེ། གཟུགས་ལ་སོགས་བའི་ཆོས་རྣམས་རང་བཞིན ་གྱིས་སྟོང་བའི་ཕྱིར་དེ་ལྟར་མི་སྤྱོད་དོ་ཞེས་བསྟན་པའོ། །གཟུགས་དང་སྟོང་པ་ཉིད་ཐ་མི་དད་པའི་དོན་ནི་སྔར་བཤད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་སྤྱོད་པ་ཞེས་བྱ་བར་མི་དམིགས ་སོ། །མི་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནས། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་བར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཐབས་མཁས་པས ་སྒྲུབ་པ་ལ། ཆོས་ཀྱི་མཚན་མ་ལ་མི་དམིགས་པར་སྤྱོད་པ་བསྟན་པ་སྟེ། དོན་དམ་པར་བྱང་ཆུབ་སེམས་དཔའ་ཉིད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་ཡོད་པར་མ་གྲུབ་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང། སྤྱད་པར་བྱ་བའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀའི་རང་བཞིན་སྟོང་པའི་ཕྱིར་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། །མི་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་སྤྱོད་པ་དོན་དམ་པར་ཡོད་པ་མ་ཡིན་པས་སྤྱོད་པའི་ཟླས་འགྲུབ་པ་མི་སྤྱོད་པ་ཡང་མི་འགྲུབ་པའི་ཕྱིར་རོ། ། ་སྤྱོད་ཀྱང་སྤྱོད་ལམ་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་སྤྱོད་པ་དང་མི་སྤྱོད་པ་གཉིས་དངོས་པོ་མེད་པའི་ཕྱིར་རོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བ་ནི་སྤྱོད་པ་དང་མི་སྤྱོད་པ་གཉིས་ཀ་ལམ་གཏོགས་པའི་དངོས་པོ ་གཞན་དུ་ཡང་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མི་དམིགས་པའི་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་ནི ་དེ་ལྟར་མི་དམིགས་པའི་གཏན་ཚིགས་བསྟན་པ་སྟེ། །སྤྱོད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་རང་བཞིན་ཡོད་པར་མ་གྲུབ་པས་དམིགས་སུ་མེད་པའི་ཕྱིར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་?་དམིགས་པས་སྤྱོན་པ་དང་མི་སྤྱོད་པ ་ལ་སོགས་པའི་རྣམ་པར་རྟོག་པ་བཞི་མི་དམིགས་སོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་དངོས་པོ་མེད་བའི་རང་བཞིན་དུ་ཁོང་དུ་ཆུད་དེ་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱོད་པ་དང་སྤྱད་བར་བྱ་བ་གཉིས་རང་བཞིན ་མེད་པར་རྟོགས་པར་མ་བད?་ཀྱི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་རང་བཞིན་མེད་བར་ཁོང་དུ་ཆུད་པའི་ཕྱིར་ཡང་སྤྱོད་པ་དང་མི་སྤྱོད་བ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པ་བཞི་མི་འབྱུང་ངོ་ཞེས་བསྟན་པ་སྟེ། མ་བླངས་སོ ་ཞེས་བྱ་བ་ནི་མཚན་མར་མ་བཟུང་ངོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྟང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སེམས་ཞུམ་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད ་དངོས་པོ་མེད་པའི་རང་བཞིན་དུ་རྟོགས་ཤིང་དངོས་པོ་མེད་པས་འཇིགས་ཤིང་སྐྲག་པར་མ་གྱུར་ན། དེའི་ཕན་ཡོན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་རྒྱུར་འགྱུར་བ་བསྟན་པའོ། །དེ་ལྟར་ཐབས་ཀྱི་སྒྲུབ་པ་བསྟན་ནས་དེའི་འོག་ཏུ་མྱུར་དུ ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྒྲུབ་པ་བསྟན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་འདི་ཡང ་རྣམ་པ་བཞིར་བསྟན་ཏེ། ཏིང་ངེ་འཛིན་རྣམས་ལ་བསླབ་པ་དང། ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་དང། སྒྱུ་མ་ལྟ་བུ་ལ་སོགས་པར་བསླབ་བ་དང། ཐབས་ལ་མཁས་པར་བསླབ་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་ཆོས་? ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་རྣམས་ལ་བསླབ་པ་བསྟན་ཏེ། །དེ་ལ་ཏིང་ངེ་འཛིན་ལ་བསླབ་པ་ལ ་ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་གྱི་མིང་བསྟན་པ་དང། རྣམ་པར་མི་རྟོག་པ་བསྟན་པའོ། །དེ་ལ་ཏིང་ངེ་འཛིན་གྱི་མིང་བསྟན་པ་ནི། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་གཉིས་སུ་མེད་བར་རྟོག་པ་ལ་བྱ་སྟེ། ཀུན་བརྟགས་བའི་ཆོས་ཐམས་ཅད་ལ་གཟུང་བ་དང་འཛིན་པ་དང། ཡོད་པ་དང་མེད་པ་དང། རྟག་པ་དང་མི་རྟག ་པ་དང། བདེ་བ་དང་སྡུག་བསྔལ་བ་དང་བདག་དང་བདག་མེད་པ་དང། འདུས་བྱས་དང་འདུས་མ་བྱས་པ་དང། ཞི་བ་དང་མ་ཞི་བ་དང། སྟོང་པ་དང་མི་སྟོང་པ་དང། མཚན་མ་ཡོད་པ་དང་མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང་སྨོན་པ་མེད་པ་ལ་སོགས ་པ་གཉིས་སུ་འཛིན་པ་དེ་དག་ཐམས་ཅད་ནི་ཀུན་བརྟགས་པ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་ཉིད་ནི་གཉིས་སུ་མེད་པ་ཞེས་བྱའོ། །གཉིས་སུ་བྱར་མེད་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པ་ལ་སོགས་པར ་རྟོག་པའི་རྣམ་པར་རྟོག་པས་གཉིས་སུ་བྱེ་བྲག་ཏུ་དབྱེར་མེད་བའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆོས་ཐམས ་ཅད་དངོས་པོ་མེད་པར?་རྟོག་པ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་དེ་ཉིད་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོག་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་བའི་ཏིང་ངེ་འཛིན་ཞེས་བྱའོ། །རྒྱ་ཆེ་པ?་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན ་དེའི་ཡོན་ཏན་བསྔགས་པ་སྟེ་རྒྱ་ཆེ་བ་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་རྒྱ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །མཆོག་ཏུ་བྱ་བ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕུལ་དུ་གྱུར་པའི་ཕྱིར་རོ། །ཚད་མེད་པར ་ངེས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེའི་ཡོན་ཏན་ཚད་གཟུང་དུ་མེད་པར་ངེས་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སུ་ནི་མི་ཕྱིན་པའི་ཕྱིར་རོ། །ཏིང་ངེ་འཛིན ་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་འཚང་རྒྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་གཉིས་སུ་མེད་པར་རྟོགས་པའི་ཏིང་ངེ་འཛིན ་དེ་ལ་གནས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་དུ་མངོན་པར་འཚང་རྒྱ་བའི་ཡོན་ཏན་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་འདི་འབའ་ཞིག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་འམ། འོན་ཏམ་དེ་ལྟ་བུའི་ཏིང་ངེ་འཛིན་གཞན་དག་ཀྱང་ཡོད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལས་གཞན་པའི་ཏིང་ངེ་འཛིན་མང་པོ་རྣམས་ཀྱི་མིང་འཁོར་རྣམས་ལ་བསྟན་པའི ་ཕྱིར་ཤཱ་རིའི་བུས། རབ་འབྱོར་ལ་དྲིས་ནས། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་ཨི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཏིང་ངེ་འཛིན་མང་པོའི་མིང་རྣམས་བསྟན་པ་སྟེ། ཏིང་ངེ་འཛིན་དེ་དག་གི་མིང་དོན་དང་རྗེས་སུ་མཐུན ་པ་ནི་འོག་ནས་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་ལེའུ་ལས་གཞུང་ཉིད་ལས་འཆད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་དེ་དག་ལ་གནས་པའི་བྱང་ཆུབ ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱིས་ལུང་བསྟན་པའི་ཡོན་ཏན་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ངོས་ནི་ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་མི་རྟོག་པ་བསྟན་པ་སྟེ། དོན་དམ་པར་ཏིང་ངེ་འཛིན་དང། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་གཉི་ག་དམིགས་སུ་མེད་པའི་ཕྱིར་ཏིང་ངེ་འཛིན་དུ ་ཡང་དག་པར་རྗེས་སུ་མི་མཐོང་ཞིང། བདག་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ་སྙམ་དུ་སེམས་པ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ཡོད་དམ་ཞེས་བྱ་བ་ནི་གོང་དུ་ཏིང་ངེ་འཛིན་ལ་གནས་པ་རྣམས་དུས་གསུམ་གྱི་སངས་རྒྱས་ཀྱིས་ལུང་བསྟན་པ་བཤད་པ་དང ་འཁོར་གྱི་ནང་ན་ཁ་ཅིག་ལུང་སྟོན་པའི་སངས་རྒྱས་དང་ལུང་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་དང། ཏིང་ངེ་འཛིན་རྣམས་དོན་དམ་པར་དངོས་པོ་ཡོད་སྙམ་དུ་རྣམ་པར་རྟོག་པ་བསལ་བའི་ཕྱིར?་ཤཱརའི་བུས་ལུང་བསྟན་པ་ཡོད་དམ་ཞེས་དྲིས ་པའོ། །རབ་འབྱོར་གྱིས་སྨྲས་པ་ཚ་དང་ལྡན་པ་ཤཱ་རིདྭཱ་ཏིའི་བུ་དེ་ནི་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ལུང་སྟོན་པ་དང། ལུང་བསྟན་པར་བྱ་བ་དང། ཏིང་ངེ་འཛིན་དང་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ ་རོ་གཅིག་སྟེ། ཐ་དད་པ་མེད་པའི་ཕྱིར་ལུང་བསྟན་པ་ཡང་མེད་དོ་ཞེས་བཤད་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཏིང་ངེ་འཛིན་ཀྱང་གཞན་ལ་བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད་བྱང ་ཆུབ་སེམས་དཔའ་ཡང་གཞན་ལ། ཏིང་ངེ་འཛིན་ཀྱང་གཞན་ཞེས་བྱ་བ་མེད་དེ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱི་ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ན། དེ་ལ་ཏིང་ངེ་འཛིན? ་བསྟན་པར་ནུས་སམ་ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་དང། ཏིང་ངེ་འཛིན་གཉི་ག་ཡང་དོན་དམ་པར་དབྱོར་མེད་དེ་ཐ་མི་དད་ན། ཅི་ཞིག་གང་ལ་བསྟན་པར་བྱ་སྟེ?་ནས་དྲིས་པ་སྟེ་བསྟན་པར་ནུས་སམ་ཞེས་བྱ་བ་ནི་དེ་ལྟར་དམིགS ་སུ་མེད་དེ་དབྱེར་མེད་ན། ཏིང་ངེ་འཛིན་དེ་བྱང་ཆུབ་སེམས་དཔའ་ལ་བསྟན་དུ་རུང་དམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཏིང་ངེ་འཛིན་དང། བྱང་ཆུབ་སེམS ་དཔའ་གཉིས་དབྱེར་མེད་པས་ཏིང་ངེ་འཛིན་དེ་བྱང་ཆུབ་སེམས་དཔའ་ལ་བསྟན་དུ་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ་ཞེས་བྱ་བ་ལ་སོགས་པ་ནི ་ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་བའི་གཏན་ཚིགས་ཤཱ་རིའི་བུས་དྲིས་པ་དང། རབ་འབྱོར་གྱིས་རྣམ་པར་མི་རྟོག་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ཕྱིར་ཏིང་ངེ་འཛིན་དང། བྱང ་ཆུབ་སེམས་དཔའ་གཉིས་ཀ་དངོས་པོ་མེད་པར་རོ་གཅིག་པས་འདི་ནི་ཏིང་ངེ་འཛིན་ཏོ། །བདྡག་ནི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའོ་སྙམ་དུ་སེམས་པའི་འདུ་ཤེས་དང། རྣམ་པར་རྟོག་པ་མི་འབྱུང་ངོ་ཞེས་བསྟན་པའོ། །དེ ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་བ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་པོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཏིང་ངེ་འཛིན་པ་རྣམ་པར་མི་རྟོག ་པའི་དོན། རབ་འབྱོར་གྱིས་ཤཱ་རི་བུ་ལ། བཤེད་པ་ལེགས་སོ། ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བསྟོད་ནས། རྣམ་པར་བྱད་བའི་ཆོས་གཞན་རྣམས་ལ་ཡང་དེ་ལྟར་དོན་དམ་པར་མི་རྟོག་པ་དང། མི་དམིགས་པའི་ཚུལ་གྱིས? ་ཀུན་རྫོབ་ཏུ་བསློབ་པར་བྱའོ་ཞེས་བསྟན་པ་སྟེ། ཉོན་མོངས་པ་མེད་པ་ལ་རྣམ་པར་སྤྱོད་པའི་ཉན་ཐོས་ཀྱི་ནང་ན་མཆོག་ཏུ་བཤད་པ་དེས་བཤད་པ་འདི་ཡིན་ནོ་ཞེས་བྱ་བ་ནི་ཉན་ཐོས་དགྲ་བཅོམ་པའི་ནང་ན?་རབ་འབྱོར་ཉོན་མོངས་པ་མེད་པའི ་མཆོག་ཏུ་བཤད་པ་གླེངས་ནས་བསྟོད་པ་སྟེ། སྐབས་འདིར་ནི་ཉོན་མོངས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་རྣམS་ཀྱི་རྣམ་པར་རྟོག་པ་ལ་བྱ་སྟེ། རབ་འབྱོར་གྱིས་རྣམ་པར་མི་རྟོག་པའི་དོན་རྟོགས་ཤིང་བཤད་པ་དེ། ཉོན་མོངས་པ་མེད ་པར་བཤད་པ་དང་མཐུན་པས་རབ་འབྱོར་ཁྱོད་ཀྱིས་རྣམ་པར་མི་རྟོག་པའི་དོན་དེ་བཤད་པ་ལེགས་སོ་ཞེས་བྱ་བ་དང་སྦྱར་རོ། །དེ་ལྟར་ཏིང་ངེ་འཛིན་རྣམས་ལ་བསླབ་པ་བསྟན་ནས་དེའི་འོག་ཏུ་ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་བསྟན ་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེཾས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ཞེས་བྱ་བ་ནས། དངོས་པོ་མེད་པའི ་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་ལ་ཁྱེན་པ་ཉིད་དུ་འབྱུང་བར་ཤེས་པར་བྱའོ། །ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་བསྟན་པའོ། །དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པར་བསླབ་པར་བསྟན་པ་སྟེ། ཤཱ་རདྭཱ་ཏིའི་བུས་གསོལ་བ། བཅོམ་ལྡན་འདས་ཅིའི་སླད་དུ་མི་དམིགས་པ་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་ཤིན་ཏུ་རྣམ་པར་དག་བའི་ཕྱིར་བདག་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པའི་གཏན་ཚིགས་བསྟན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པར་ཆོས ་ཐམས་ཅད་དེ་བཞིན་ཉིད་གྱི་ངོ་བོ་ཉིད་ཡོངས་སུ་དག་པ་ཡིན་པའི་ཕྱིར་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏེ། དམིགས་སུ་མེད་པ་དེ་དག་ཀྱང་གང་ཞེ་ན། བདག་དང་སེམས་ཅན་ལ་སོགས་པ་མུ་སྟེགས་ཅན་གྱིས་བདག་ཏུ་བརྟགས་པ་རྣམས ་དང། ཕུང་པོ་དང་སྐྱེ་མཆེད་དང། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང། ཁམས་གསུམ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། འཕགས་པའི་བདེན་པ་བཞི་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ ་སོའི་སྐྱེ་བོས་དངོས་བོ་ཡོད་པར་བརྟགས་པ་ལྟ་བུར་དམིགས་སུ་མེད་དོ་ཞེས་བསྟན་བའོ། །གསོལ་བ་བཅོམ་ལྡན་འདས་རྣམ་པར་དག་པ་གང་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་དོན་གསལ་བར་བསྟན་པའི ་ཕྱིར་ཤཱ་རིའི་བུས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཤད་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། ། ་གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་ལ་སློབ་པ་ལགས་ཞེས་བྱ་བ་ནི་གོང་དུ་མི་དམིགས་པའི་ཆུལ་གྱིས་སློབ་པ་ཡིན་ནོ་ཞེས་བཤད་པས་འཁོར་གྱི་ནང་ན ་ཁ་ཅིག་བསླབ་པར་བྱ་བའི་ཆོས་འགའ་ཞིག་ཡོད་དམ་སྙམ་དུ་སེམས་པའི་ཐེ་ཚོམ་བསལ་བའི་ཕྱིར་ཞུས་པའོ། །ཚེས་གང་ལ་ཡང་སློབ་པ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་གང་ཡང་དངོས་པོ?་དེ་?་གྲུལ་བས་ཚེ་?་ལ་ཡང ་སློབ་བ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རདྭཱ་ཏིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པར་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་གང་ཡང་སློབ་པ་མེད་པའི་?་གང་ན་ཚིགས ་བསྟན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་འདི་དག་སོ་སོའི་སྐྱེ་བོས་དངོས་པོ་ཡོད་པར་མཐོང་ཞིང་ཆགས་པ་དེ་ལྟ་བུའི་དངོས་པོར་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་འོ? ་ན་ཆོས་འདི་དག་རྣམ་པ་གང་གིས་མཆིས་པ་ལགས་ཞེས་བྱ་བ་ནི་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་ཅེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས ་དངོས་པོ་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་ཞིང་ཆགས་པ་དེ་ལྟ་བུའི་དངོས་པོར་ཡོད་པ་མ་ཡིན་པ་དེ་ལྟ་བུར་ཡོད་དོ་ཞེས་བསྟན་པ་སྟེ། ཡོད་དོ་ཞེས་བྱ་བ་ཡང་དངོས་པོར་ཡོད་པ་ལ་ནི་མི་བྱའི། ཇི་ལྟར་མེད་པ་དེ་ལྟར་བདེན་ནོ་ཞེ་འམ། དེ་ལྟར ་ཡང་དག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བསན་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། དེ་ལྟར་ཡོད་པ་མ་ཡིན་པས་དེའི་ཕྱིར་མེད་ཅེས་བྱའོ་ཞེས་བྱ་བ་གསུངས་སོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་མཆིས་པ་མ་ལགས་པ ་ལམ་མཆིས་ཞེས་བགྱི་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཡོད་པ་མ་ཡིན་པའི་གཏན་ཚིགས་རྒྱ་ཆེར་བསྟན་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རདྭཱ་ཏིའི་བུ་གཟུགས་ནང་སྟོང་པ་ཉིད ་དང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཡོད་པ་མ་ཡིན་པའི་གཏན་ཚིགས་སུ་སྟོང་པ་བཅོ་བརྒྱད་སྨོས་པ?་ནས་འདི་ལྟར་སྦྱོར་བའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས ་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་ནས་རྒ་ཤིའི་བར་དུ་འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོད་པ་མ་ཡིན་པ་བསྟན་ཏོ། །དེ་ལ་བྱིས་པ་སོ་སོའི ་སྐྱེ་བོ་རྣམས་མེད་པ་ལ་མངོན་བར་ཞེན་བས། སྲེད་བ་ལ་མངོན་པར་ཞེན་ཏེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་བ་རྣམས་ལ་མངོན་པར་ཞེན་ཏོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་རྣམས་དོན་དམ་པར་ཡོད་པ་མ་ཡིན་པ་ལ། ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མ་རིག་པའི་དབང་གིས་ཕྱིན་ཅི་ལོག་ཏུ་མཐོང་ནས་རྟག་པ་དང་ཆད་པའི་མཛའ་ལ་ཆགས་པས་ཆོས་རྣམས་ལ་མངོན་པར་ཞེན་པར་གྱུར་བ་བསྟན་པ་སྟེ། མེད་བ་ལ་མངོན་བར་ཞེན་བས་སྲིད་བ་ལ་མངོན་པར་ཞེན་ཏེ ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གིས་དབང་གིས་མེད་པ་ལ་ཡོད་པར་མཐོང་ནས་དེ་ལ་སྲེད་པ་སྐྱེས་ཤིང་མངོན་པར་ཆགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་མེད་པ་ཡོངས་སུ་བརྟགས་པས་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་གིས ་མེད་པ་ལ་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་ནས་དངོས་པོ་དང་མཚན་མ་མེད་པ་རྣམ་པ་སྣ་ཚོགས་སུ་ཡོངས་སུ་བརྟག་ཅིང་མངོན་བར་ཞེན་ཏོ་ཞེས་བསྟན་པའོ། །ཆད་པ་དང་རྟག་པའི་མཛའ་ལ་ཆགས་པས་དེ་དག་མི་ཤེས་མི་མཐོང་སྟེ། ཞེས་བྱ་བ་ནི ་ཕྱིན་ཅི་ལོག་ཏུ་མཐོང་བའི་དབང་གིས་རྟག་པ་དང་ཆད་པ་ལ་སོགས་པའི་མཛའ་གཉིས་ལ་ཚོགས་པས་ལོག་པར་ལྟ་བའི་སྐྱོན་དུ་གྱུར་པ་བསྟོན་ཏེ། །གང་མེད་པའི་ཆོས་དེ་དག་ཡོངས་སུ་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེ་ན་ཅེས ་བྱ་བ་ནི་མེད་པ་ལས་ཕྱིན་ཅི་ལོག་ཏུ་ཡོད་པར་མཐོང་ནས་ཕུང་པོ་ལྔ་ལ་སོགས་པ་འཁོར་བའི་ཆོས་རྣམས་ལ་མངོན་པ་ཞེན་པ་བསྟན་པའོ། །མིང་དང་གཟུགས་ཞེས་བྱ་བ་ནི་ཕུང་པོ་ལྔ་ལ་བྱ་སྟེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང། རྣམ་པར་ཤེས་པ་དང ་བཞི་ནི་གཟུགས་མེད་དེ་མིང་ཙམ་དུ་ཟད་པས་མིང་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་ནི་གཟུགས་སུ་ཡོད་པས་ན་གཟུགས་ཞེས་བྱ་སྟེ། དེ་བས་ན་མིང་དང་གཟུགས་ཞེས་བྱ་བ་ནི་ཕུང་པོ་ལྟ་ལ་བྱའོ། །དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞིན་ཏོ་ཞེས ་བྱ་བ་ལ་སོགས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་མེད་པ་ལ་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་བའི་དབང་གིས་རྣམ་པར་བྱང་བའི་ཆོས་རྣམས་ལ་དངོས་པོ་ཡོད་པར་མཐོང་ཞིང་མངོན་པར་ཞེན་པ་བསྟན་ཏོ། །དེ་དག་དེ་ལྟར་མངོན་པར་ཞེན་པས་ཡོད་པ་མ་ཡིན ་པའི་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། དེ་དག་མི་ཤེས་མི་མཐོང་ངོ་ཞེས་བྱ་བ་ནས། ཉན་ཐོས་ཀྱིས་ནས་འབྱུང་བ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་མངོན་པར་ཞེན་པའི་དབང ་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་ཉིད་དུ་མ་རྟོགས་ཤིང་ཁམས་གསུམ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནས་མི་འབྱུང་བ་དང། བྱིས་པ་སོ་སོའི་སྐྱེ་བོའི་གྲངས་སུ་ཡང་འགྲོ་བ་བསྟན་ཏོ། །དེ་དག་ནི་ཡིད ་མི་ཆེས་པས་ཏེ་ཇི་ལྟར་ཡིད་མི་ཆེས་ཤེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆོས་སོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ་ཞེས་བྱ་བའི་བར་དུ་ནི་དེ ་ལྟར་ཡང་དག་པའི་དོན་མ་རྟོགས་པའི་དབང་གིས་དོན་དམ་པའི་དབྱིངས་ལམ་དང་བས་གཟུགས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རང་བཞིན་གྱིས ་སྟོང་པར་ཡིད་མི་ཆེས་པ་བསྟན་ཏོ། །དེ་དག་ནི་གནས་པ་ཡང་མ་ཡིན་པ་སྟེ། ཇི་ལྟར་གནས་པ་མ་ཡིན་ནོ་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས ་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཡིད་མི་ཆེས་པས་ཐབས་དང་ཤེས་རབ་ཏུ་མི་ལྡན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་མི་གནས་པ ་བསྟན་ཏོ། །དེ་དག་ནི་མངོན་བར་ཞེན་པ་ཡིན་ཏེ། ཇི་ལྟར་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ཡིན་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞེན་པ་ཡིན་ཏེ། དེའི་ཕྱིར་བྱས་པ ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་བྱང་བའི་ཆོས་རྣམས་ལ་མི་གནས་པའི་སྐྱོན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་ལྟ་ཞིང་མངོན་པར་ཆགས་པར་འགྱུར་བར་བསྟན་པའོ། །གསོལ་བ་བཅོམ་ལྡན ་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས་སམ་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ནི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་རྣམ་པར་བྱང་བའི་ཆོས་རྣམས་ལ་མི་གནས ་ཤིང་དངོས་པོ་ལ་མངོན་བར་ཞེན་པ་དེ་དག་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་དངོས་པོ་ཡོད་པར་བརྟགས་ཤིང། མངོན་བར་ཆགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལ་སློབ་པར་ཡང་མི་ཆུད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཡང་མི་འགྱུར་བ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟ་ལགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣཾ ་པ་གང་གིས་སློབ་པར་འགྱུར་བ་ལགས་ཞེས་བྱ་བ་ནས། ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སློབ་པ་ནི་མི་དམིགས་པའི་ཚུལ་གྱིས ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བའི་བར་དུ་ནི་ཐབས་ཇི་ལྟར་བསླབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་ཆུང་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བའི་ཐབས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སོགས་པ་བསླབ་པར་བྱ་བའི་ཆོས་མིང་གིས་སྨོས་པ་རྣམས་དོན་དམ་པར་དངོས་པོར་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བར་བྱས་ལ། ཀུན་རྫོབ་ཏུ་བསླབས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་ཆུད་ཅིང་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་བསྟན་པའོ། །གསོལ་བ། བཅོམ་ལྡན་འདས་གང་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ལགས་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པའི་ཚུལ ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བསླབ་པར་བྱ་བའི་ཆོས་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་བསྟན་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་ཀྱི་ཚུལ་གྱིས་མི་དམིགས་ཤིང ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་དྲུག་པའོ།། །།དེ་ལྟར་ཆོས་ཐམས་ཅད་མི་དམིགས་པར་བསླབ་པ་བསྟན་ནས། དེའི་འོག་ཏུ་སྒྱུ་མ་ལྟ ་བུ་ལ་སོགས་པར་སློབ་པ་བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་ལ་ཞི་?འདི་སྐད་དུ་འདྲི་ཞིང། །ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་བསླབས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཚན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི་ཞེས་བྱ་བ་ནས་བཅོམ་ལྡན ་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང། ཅི་སྒྱུ་མའི་སྐྱེས་བུ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས ་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་དྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི་ཞེས་བྱ་བའི་བར་དུ་ནི་གོང་དུ་ཆོས་ཐམས་ཅད་མི་དམིགས་ཤིང་དངོས་པོ་མེད་པར་བསྟན་ནས། དངོས་པོ་མེད་པའི་ཆོས་རྣམས་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་དུ་འབྱུང་ངོ་ཞེས་བསྟན་པ་རབ་འབྱོར་གྱིས་ཐོས་ནས། དེ་ལྟར་ཆོས་ཐམས་ཅད་མི་དམིགས་ཤིང་དངོས་པོ་མེད་པ་ལ་བསླབས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ན་ནི་ཤིན་ཏུ་དངོས་པོ་མེད་པར་འདྲ་བས་སྒྱུ་མའི་སྐྱེས་བུས་ཀྱང ་སྒྱུ་མར་བྱས་པའི་དངོས་པོ་རྣམས་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཞིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་རིགས་ན། དེ་ལྟར་འགྱུར་བ་ཡང་མི་སྲིད་དོ་སྙམ་ནས། དེའི་དོན་ཇི་ལྟ་བུ་ཡིན་པ ་འཁོར་རྣམས་ལ་ཞིབ་ཏུ་བསྟན་ཅིང་འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་སྒྱུ་མའི་སྐྱེས་བུས་བསླབས་ན། སྒྱུ་མའི་སྐྱེས་བུ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་?་བྱུང ་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་འགའ་ཞིག་གིས་དྲིས་ན་དེ་ལ་ལན་ཇི་སྐད་གདབ་པར་བགྱི་ཞེས་ཞུས་པའོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་ལྟ་བས་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེ་ཇི་སྙམ་དུ་སེམས་བྱང་ཆུབ་ཀྱང་གཞན་ལ་སྒྱུ་མ་ཡང ་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་མི་དམིགས་པར་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་སྔར་བསྟན་པ་ནི་ཀུན་རྫོབ་ཏུ་བསྟན་གྱི། དོན་དམ་པར ་བསླབ་པར་བྱ་བའི་ཆོས་རྣམས་དང་སློབ་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་ཡོད་པར་མ་གྲུབ་པས་སྟོང་པ་ཉིད་དུ་རོ་གཅིག་སྟེ། སྒྱུ་བའི་རང་བཞིན་དུ་འདྲ་བར་དགོངས་ནས་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས ་པ་རྣམས་དང་བྱང་ཆུབ་ཀྱི་བར་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཡིན་སྙམ་མམ་ཞེས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དྲིས་པའོ། །བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས ་སྒྱུ་མ་ཡང་གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་སྒྱུ་མ་སྒྱུ་མ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང ་སྒྱུ་མ་སྒྱུ་མ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་རབ་འབྱོར་གྱིས་བཏབ་པ་སྟེ། ཆོས་དེ་དག་ཐམས་ཅད་སྒྱུ་མ་དང་འདྲའོ་ཞེས་གསོལ་པའོ། །བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལ་སྐྱེ་བ་འམ་འགག་པ་ཡོད་དམ་ཞེས་བྱ་བ་ནས་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་པུང་པོ་ལྔ་པོ་རྣམས་ནི་དངོས་པོ་མ་མཆིས་པའི་རང་བཞིན་ཏེ་དངོས ་པོ་མ་མཆིས་པའི་རང་བཞིན་དེ་ནི་དམིགས་སུ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་དེ། སྒྱུ་མ་དང་འདྲ་བ་ལ་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་དང། ་དེ་ལྟར་དངོས་པོ་མེད་པས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་ཨིན་པ་ལ་སློབ་པར་འགྱུར་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་པ་ཡང་མེད་པ་དང། ་དོན་དམ་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་བརྡ་ཐ་སྙད་ལ་སོག་སྤར་གདགས་སུ་ཡང་མེད་པ་དང། དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་བརྡ་དང་ཐ་སྙད་ལ་སོགས་པར་གདགས་པ་མེད་པ་དེ་ཀུན ་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་ཡང་མེད་པས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར ་པ་ཡང་མེད་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་དུ་འབྱུང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་དུ་ཟིན་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་བསླབས་ན་ཀུན་རྫོབ་ཏུ་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྫོབ་པར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གསུངས་པའི་དོན་བདག་གིས་འཚལ་ཏེ་ཞེས་བྱ་བ་ལ ་སོགས་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བཤད་པའི་དོན་རབ་འབྱོར་གྱིས་ལེགས་པར་རྟོགS་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དང། བསླབ་པར་བྱ་བ་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱང་སྒྱུ་མ་ལྟ་བུར་བདག་གིས་རྟོགས་ཏེ་གཞན་གྱིས་ཀྱང་དེ་ལྟར་བསླབ་པར་བྱའོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟ་སྟེ། ཕུང་པོ་ལྔ་པོ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་བ ་ཤ་སྟག་གོ་ཞེས་བྱ་བ་ལ་སོགས་པ་ནི་སྒྱུ་མ་ལྟ་བུ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ་ཞིབ་ཏུ་བརྟགས་ཤིང་གཏན་ལ་ཕབ་ན། དོན་དམ་པར་དངོས་པོ་མེད་པ་ལས་ཕུང་པོ་ལ་སོགས་པ་ཡོད་པ་ལྟ་བུར་སྣང་བ་ནི་སྒྱུ་མ་ལྟ་བུ་ཡིན་པར་ངེས་སོ་ཞེས ་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྨི་ལམ་ལྟ་བུའི་བུང་པོ་ལྔ་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ་ཞེས་བྱ་བ ་ནས། རྣམ་པར་ཤེས་པ་ནི་སྨིག་རྒྱུ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ་།དེ་ནི་ཕུང་པོ་ལྔའོ། །དེ་དག་གི་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ་ཞེས་བྱ་བ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས ་སོ་ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ་པོ་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་དང། སྒྲ་བརྙན་ལྟ་བུ་དང། མིག་ཡོར་ལྟ་བུ་དང། ཆུ་ཟླ་ལྟ་བུ་དང། སྨིག་རྒྱུ་ལྟ་བུ་དང། སྤྲུལ་པ་ལྟ་བུའི་དཔེས་དོན་དམ་པར་དངོས་པོ་མེད་པར ་བསྟན་པ་དང། དངོས་པོ་མེད་པའི་གཏན་ཚིགས་སུ་སྟོང་པ་བཅོ་བརྒྱད་སྨོས་ཏེ། དེ་ལྟར་ཕུང་པོ་དེ་དག་རང་བཞིན་གྱིས་སྟོང་པའི་ཕྱིར་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར ་འགྱུར་བ་མེད་པ་བསྟན་པ་སྟེ། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དབང་པོ་དྲུག་གོ་།དེ་ནི་ཕུང་པོ་ལྔའོ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་ཤེས་པ་སྒྱུ་མ་ལ་སོགས་པ་བཞིན་དུ་དབང་པོ་དྲུག་དང། ཕུང་པོ་ལྔ་ཡང་སྒྱུ་མ ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རང་བཞིན་ཅིག་སྟེ་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྱུ་མ་ལྟ་བུ་ལ་སོགས་པར་བསླབ་པ་བསྟན་ནས། དེའི་འོག་ཏུ་ཐབས་མཁས་པར་བསླབ་པ་བསྟན་པའི་ཕྱིར། གསོལ་པ ་བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དབང་བ་དང། སྐྲག་པར་མི་འགྱུར་པ་ལགས་གྲང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཡང་ཡིན་ལ་ཞེས་བྱ་བ་ནས། བསྟན་པ་འདི་ཐོས་ན་མི་འཇིཌ་མི་དངར་མི་སྐྲག་པའི་ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་མཁས་པ་དེ་གང་ལཌ་ཞེས་བྱ་བའི་བར་བུ་? ་མཁས་པར་བསླབ་པ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་སྟེ། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསང་དུ་ཞུགས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་ཐབས་ཀྱང་མི་མཁས་ཤིང་དགེ་བའི་བཤེས་གཉེན་དང་ཡང་མི་ལྡན་ན་ཆོས་ཟབ་མོ་འདི་བསྟན་པ་ཐོས་ནས་འཇིགས་ཤིང་དངང་བ་དང་སྐྲག་པར་འགྱུར་གྱི། ཐེག་པ་ཆེན་པོ་ལ་ཞུགས་ནས་ཡུན་རིང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཀྱང ་མཁས་ཤིང་དགེ་བའི་བཤེས་གཉེན་དང་ཡང་ལྡན་ན་འཇིགས་ཤིང་དངང?་བ་དང་སྐྲག་པར་མི་འགྱུར་རོ་ཞེས་བསྟན་པ་སྟེ། འཇིགས་པ་དང། དངང་བ་དང། སྐྲག་པ་གསུམ་སྨོས་པ་འཇིགས་པའི་ཤེས་རབ་རབ་འབྲིང་གསུམ་དུ་བཤད་པ་སྟེ། དང་པོ ་ཉན་པའི་ཚེ་ནི་ཅུང་ཟད་འཇིགས་པ་ནི་འཇིགས་པའོ། །དེའི་འོག་ཏུ་སེམས་པའི་ཚེ་འབྲིང་དུ་འཇིགས་པ་ནི་དངང་བའོ། །ཐ་མར་སྒོམ་པའི་ཚེ་རབ་ཏུ་འཇིགས་པ་ནི་སྐྲག་པ་ཞེས་བྱའོ། །ཐབས་མཁས་པར་བསླབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ། ཆོས ་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་མཁས་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་དང། སྡིག་པའི་གྲོགས་པོ་སྤང་བའི་ཐབས་ལ་མཁས ་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི ་རྟག་ཅེས་བྱ་བར་རྟོག་དེ་མི་དམིགས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་རྣམ་པར་ཤེས་པ་དབེན་པའི་རྣམ་པར་རྟོག་པར་བྱེད་དེ་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་བསྟན་ཏེ། ཆོས་རྣམས་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དེ་ཡང་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་གྱིས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། ཞི་བ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། ་མངོན་པར་འདུ་བྱ་བ་མེད་པ་དང། དབེན་པར་ཀུན་རྫོབ་ཏུ་རྣམ་པར་རྟོག་སྟེ། དེ་ཡང་དོན་དམ་པར་ནི་མི་དམིགས་པར་སློབ་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཐོབ་པར་བྱ་བའི་བསམ་པ་དང་ལྡན་པས། ཕུང་པོ་ལྔ་ལ་མི་རྟག་པ་ལ་སོགས་པར་རྟོག་ཅིང་དེ་ཡང་དོན་དམ་པར་མི་དམིགས་པར་སློབ་པའོ། །འདི་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི ་རྟག་ཅེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པའི་འགྲེས་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་པའི་རྣམ་པར་རྟོག་པར་བྱེད་དེ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པའི་འགྲེས ་གཉིས་ལན་གཉིས་སུ་ཟློས་པ་འདྲ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་རྟོག་སྟེ་ཞེས་བྱ་བ་ལ་སོགས་པའི་འགྲེས་སྔ་མ་ནི་འཇིག་རྟེན་པའི་སེམས་རྩིད་གེ་མ་མཉམ་པར་མ་བཞག ་པས་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པ་སོ་སོར་རྟོག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་པའི་རྣམ་པར་རྟག་པར་བྱེད་དེ་ཞེས་བྱ་བའི་འགྲེས་ཕྱི་མ་ནི་འཇིག་རྟེན་ལས་འདས ་བའི་སེམས་ཞིབ་མོ་བསམ་གཏན་དང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོགས་པར་བྱེད་པ་ཡིན་པས་ལན་གཉིས་སུ་མི་ཟློས་ཏེ་ཁྱད་པར་དེ་ཡོད་དོ། །རབ་འབྱོར་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟོག་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་མོས་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར ་བྱ་བའི་ཐབས་ལ་མཁས་པ་བསྟན་པ་སྟེ་དེ་ལ་སེམས་ཅན་ཐམས་ཅད་ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་སྟེ། སྦྱིན་པའི་ནང་ན ་ཆོས་ཀྱི་སྦྱིན་པ་མཆོག་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ནོ། །དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དེ་དང་ལྡན་ན་ཆོས་ཟབ་མོ་བསྟན་པ་ཐོས་ཀྱང་འཇིགས་ཤིང་དངང་བ་དང་སྐྲག་པར་མི་འགྱུར་རོ་ཞེས་བསྟན ་པའོ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉན་ཐོས་དང་དང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས་གཟུགས་གང་མི་རྟག་པའི་རྣམ་པར་ཡིད་ལ་བྱེད་པ་དེ་མིང་མིཌ ་པའི་ཚུལ་གྱིས་ཡིད་ལ་བྱེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་པ་མེད་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི ་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མི་ལྡན་པས་ཞེས་བྱ་བ་ནི ་ཆོས་ལ་བདག་མེད་པ་མ་རྟོགས་པས་དམིགས་པ་ཅན་གྱི་བསམ་པ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བ་ཙམ་གྱིས་ཆག་པར་འཛིན་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བ་ལ་མི་རྩོལ་པའི ་བསམ་པ་རྒྱ་ཆུང་དུ་དེ་ལྟ་བུ་དང་མི་ལྡན་པ་ལ་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་རྒྱ་ཆུང་ཞིང་དམིགས་པ་ཅན་དེ་ལྟ་བུ་སྤོང་བ་དང། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཨི? ་ཚུལ་དང་མི་འགལ་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་པའི་ཚེ། ཆོས་དེ་དག་ལ་མི་རྟག་པའི་རྣམ་པ་དང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཇིགས་མི་དངང་སྐྲག ་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེ་བའི་ཐབས་ལ་མཁས་པ་བསྟན་ཏེ། ཆོས་དེ་དག་ལ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཆོས་ཕུང་པོ་ལྔ་པོ་དེ་དག་ལ་བྱ་སྟེ། ཆོས་དེ་དག་ལ་མི་རྟག་པའི ་རྣམ་པར་རྟོག་པ་ནས་དབེན་པའི་རྣམ་པར་རྟོག་པའི་བར་དུ་ཆོས་ཟབ་མོ་ལ་རྟོག་པའི་ཚེ་སྟོང?་པས་མི་སྐྲག་ཅིས་ཆོས་ཟབ་མོ་ལ་བཟོད་པ་དང། ཆོས་ཟབ་མོ་ལ་མོས་ཤིང་དད་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར ་བྱ་བའི་ཐབས་ལེ་མཁས་པའོ། །དབེན་པ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་དང། གཟུང་པ་དང་འཛིན་པ་ལ་སོགས་པའི་མཛའ་དང་བྲལ་བ་ལ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟོག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་རབ་ཏུ་རྟོག་གོ་།ཞེས་བྱ་པ་ནས། དེ་ལྟར་དེ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ ་བྱ་བས་མི་གཏོང་ཞིང་བརྩོན་འགྲུས་མི་འདོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར ་རོ་ཞེས་བྱ་བའི་བར་དུ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་ཏེ། ཕུང་པོ་ལྔ་ལ་སོགས་པའི་ཆོས་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སོ་སོར་རྟོག་པ་མི་གཏོང་བ་དང། རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར?་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་ཅེས་བྱ་བ་དེ་མི་དམིགས་པའི་ཚུལ་གྱིས་རྟོག་ཅིང་ཉན་ཐོས་དང། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང། མི་དགེ་བའི་ཆོས ་ནི?་མ་ཡིན་པ། བྱང་ཆུབ་ཀྱི་བགེགས་སུ་འགྱུར་པ་གཞན་གྱི་སྐབས་མི་འབྱེད་པ་དང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡོད་པས་བྱང་ཆུབ་སེམས་དཔའ་སེམས་ ་དཔའ་ཆེན་པོ་དེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་ཏེ། བསམ་གཏན་ཞེས་བྱ་བ་ནི་དམིགས་པ་གཞན ་ལ་སེམས་མི་གཡེང་བར་སྒོམ་པའི་དམིགས་པ་གང་ཡིན་པ་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ལ་བྱ་སྟེ། འདིར་ཡང་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་སྒོ་པ་ལས་ཡིད་ལ་བྱེད་པ་གཞན་པ་ཉན་ཐོས་དང་རང་སངས ་རྒྱས་ཀྱིས་ཡིད་ལ་བྱེད་མ་དམིགས་པ་དང་བཅས་ཤིང་རྒྱ་ཆུང་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་སྒྲིབ་ཅིང་བར་དུ་གཅོག་པའི་ཆོས་མི་དགེ་པ་གཞན་དག་ལ་མི་གཡེང་ཞིང་དེ་དག་གི་གོ་སྐབས་མི་འབྱེད་པ་ཉིད་བསཾ ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ན་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པ་འདི་ལྟར་རབ་ཏུ་རྟོག་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །ཐབས་མཁས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྟན་པ་འདི་ཐོས་ན་མི་འཇིགས་མི་དངང་སྐྲག་པར ་མི་འགྱུར་རོ། ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་པ་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱིས་ཞེས་བྱ་བ་ནི་གཟུགས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཡོངS ་སུ་གྲུབ་པའི་རང་བཞིན་གྱིས་རྒྱུ་བྱ་སྟེ། ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་སྟོང་པར་གྱུར་པ་མ་ཡིན་གྱི། གཟུགས་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པ་སྟེ། དེ་བས་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བར ་གསུངས་ཏེ། གཟུགས་ཉིད་རང་བཞིན་སྟོང་པས་གཟུགས་དང་སྟོང་པ་ཐ་མི་དད་དོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་ཚོར་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་བ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་ཆོས་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་ཤིང། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ཡིད་ལ་བྱ་བ་དང་ལྡན་པ་དེ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བའི་དགེ་བའི་བཤེས་གཉེན་དེ་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་པའི་བཤེས་གཉེན་དུ ་ཤེས་པར་བྱ་སྟེ། དགེ་བའི་བཤེས་གཉེན་དེས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ན་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དགེ་པའི་བཤེས་གཉེན ་ལ་བརྟེན་པའི་ཐབས་ལ་མཁས་པ་བསྟན་ཏེ། དགེ་པའི་བཤེས་གཉེན་དེ་ཡང་ཕུང་པོ་དང། སྐྱེ་མཆེད་དང། ཁམས་དང། རེག་པ་དྲུག་དང། རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང། ཕ་རོལ་ཏུ་ཕྱིན་པ་རྣམས ་དང། སྟོང་པ་ཉིད་རྣམས་དང། དྲན་པ་ཉེ་བར་གཞག་པ་རྣམས་དང། ཡང་དག་པར་སྤོང་བ་རྣམས་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་དང། དབང་པོ་རྣམས་དང། སྟོབས་རྣམས་དང། བྱང་ཆུབ་ཀྱི་ཡན་ལག་རྣམས ་དང། འཕགས་པའི་ལམ་རྣམས་དང། འཕགས་པའི་བདེན་པ་རྣམས་དང། བསམ་གཏན་རྣམས་དང། ཚད་མེད་པ་རྣམས་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང། རྣམ་པར་ཐོར་པ་རྣམས་དང། མཐར?་གྱིས་གནས ་པའི་སྙོམས་པར་འཇུག་པ་རྣམས་དང། རྣམ་པར་ཐར་པའི་སྒོ་རྣམས་དང། མངོན་པར་ཤེས་པ་རྣམས་དང། ཏིང་ངེ་འཛིན་རྣམས་དང། གཟུགས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་དང། མི་འཇིགས་པ་རྣམས ་དང། སོ་སོ་ཡང་དག་པར་རིག་པ་རྣམས་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས ་རྣམས་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། ཞི་བ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། དབེན་པའི་རང་བཞིན་ཡིན་ནོ་ཞེས་ཀུན་རྫོབ་ཏུ་ཆོས་སྟན་ཅིང ་དོན་དམ་པར་དེ་དག་ཐམས་ཅད་ཀྱང་མི་དམིགས་པའི་ཚུལ་དུ་ཆོས་བསྟན་ནས། དེ་ལྟར་ཆོས་བསྟན་ཅིང་མཉན་པའི་དགེ་བའི་རྩ་བ་དེ་ཡང་ཀུན་རྫོབ་ཏུ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར། ཡོངས་སུ་བསྔོར་མི ་འཇུག་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྡོང?་འཛུག་པ་སྟེ། དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་བསྙེན་བཀུར་བྱས་ནས་ཆོས་མཉམ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི ་ཐོས་ནས་འཇིགས་ཤིང་དངང་ལ་སྐྲག་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཕུང་པོ་དང་ཁམས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་བཅོ་བརྒྱད་རྣམས་བཤད་པའི་སྐབས་སུ་བསྒོམས་པའི་ཕྱིར་ཆོས ་སྟོན་ཅེས་མི་འབྱུང་ལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡན་ཆད་ལ་སྒོམ་པའི་ཕྱིར་ཆོས་སྟོན་ཅེས་འབྱུང་བ་ཕུང་པོ་དང། ཁམས་ལ་སོགས་པ་འཇིག་རྟེན་པའི་མོས་རྣམས་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་ཤེས་པར་བྱས་ནས་སྤང ་བར་བྱ་བ་ཡིན་པའི་ཕྱིར་བསྒོམ་པའི་ཕྱིར་ཆོས་སྟོན་ཅེས་བྱ་བ་མ་སྨོས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་བཅོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མ་ནས་རང་བཞིན་གྱིས་གོམས་པར་གྱུར་པའི་ཕྱིར་བསྒོམ་པའི་ཕྱིར་ཆོས་སྟོན་ཅེས་པ ་སྨོས་སོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་ཤེས་པ་དྲུག་རྣམས་ནི་ཉན་ཐོས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་གི་ཆོས་ཡིན་ལ། བསྒོམ ་པར་བྱ་བའི་ཆོས་ཀྱང་མིན་པའི་ཕྱིར་བསྒོམ་པའི་ཕྱིར་ཆོས་སྟོན་ཅེས་སྨོས་སོ། །ཏིང་ངེ་འཛིན་རྣམས་དང། གཟུངས་གྱི་སྒོ་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་དུ་ཟིན་ཀྱང། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་ཐུན་མོང་གི་ཆོས་ཡིན་མ། བྱང་ཆུབ་སེམས་དཔེས་བསྒོམས་ནས་ཐོབ་པར་བྱ་བ་ཡང་ཡིན་པའི་ཕྱིར། བསྒོམ་པའི་ཕྱིར་ཆོས་སྟོན་པ་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི ་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་ལ། འབྲས་བུའི་ཆོས་ཡིན་ཏེ། བྱང་ཆུབ ་སེམས་དཔས་ཐོབ་པར་བྱ་བ་ཡིན་པས་བསྒོམ་པའི་ཕྱིར་ཆོས་སྟོན་ཞེས་སྨོས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ལ་མི་རྟག་པ་ལ་སོགས་པ་མ་སྨོས་ལ། སྒོམ་པ་འབའ་ཞིག་སྨོས་པ་ནི་དེ་གཉིས་དེ་བཞིན་ཉིད་ཀྱི་རང ་བཞིན་ཡིན་པས་མི་རྟག་པ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངང་ལ་སྐྲག་པར་འགྱུར་ཞིང། ཐབས་མི་མཁས་ཏེ། སྡིག་པའི་གྲོགས་པའི་ལག་ཏུ་ལྷུང་ཞིང་དགེ་པའི་བཤེས་གཉེན་གྱིས་ཡོངས་སུ་སྤངས་པ་ལགས་ཞེས་བྱ་བ་ནས། དེ་ལྟར་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡིག་པའི་གྲོགས་པ་རྣམས་རིག་པར་བྱ་སྟེ། དེ་ལྟར་ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་སྡིག་པའི་གྲོགས་པོ་ཡོངས་སུ་སྤང་པའི་ཐབས་ལ་མཁས་པ་བསྟན་པ་སྟེ། དེ ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ་དང་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཞིང་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་བྱེད་པ ་དེ་ལྟ་བུ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མི་མཁས་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསྒོམ་པའི་ཐབས་མི་མཁས་པ་བསྟན་པ་སྟེ། ་དེ་ལྟར་ཐབས་མི་མཁས་པར་གྱུར་པ་ཡང་དགེ་བའི་བཤེས་གཉེན་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོ་ལ་བརྟེན་པ་ལས་གྱུར་པས་དེ་ལྟར་འགྱུར་པའི་གྲོགས་པོ་སྤངས་པའི་ཐབས་ལ་མཁས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་གཟུགས་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། །དམིགས་པའི་ཚུལ་གྱིས་ནང་སྟོང ་པ་ཉིད་ཀྱང་དམིགས་ལ་སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དེ་ཞེས་བྱ་བ་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་རྒ་ཤི་དངོས་པོ་མེད་པའི་ངོ་བོ་ཉིད་སྟང ་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ་ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ ་བརྒྱད་དང། རིག་པ་དྲུག་དང། རེག་པའི་རྐྱེན་གྱི་ཚོར་བ་དྲུག་དང། སའི་ཁམས་ལ་སོགས་པ་ཁམས་དྲུག་དང། རྟེན་ཅིང་འབྲེལ་པར་འབྱུང་པ་བཅུ་གཉིས་རྣམས་རེ་རེ་ལ་ཡང་སྟེང་མ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། སྟོང་པ་ཉིད་རྣམས་ལ ་དམིགས་པའི་ཚུལ་གྱིས་དངོས་པོར་ལྟ་བ་དང། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་ཅིང་ཐབས་མི་མཁས་པས་དགེ་བའི་རྩ་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་བསྔོ་བར་མི་བྱེད་པ་བསྟན་ཏེ། དེ་ལྟར་གྱུར ་པ་ཡང་དགེ་བའི་བཤེས་གཉེན་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོ་ལ་བརྟེན་པ་ལས་གྱུར་བས་དེ་ལྟར་གྱུར་བའི་སྡིག་པའི་གྲོགས་པོ་སྤང་བའི་ཐབས་ལ་མཁས་པར་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་སྟེ། དམིགས་པའི་ཚུལ ་གྱིས་དྲན་པ་ཉེ་བར་གཞག་པ་དེ་དག་ཀྱང་དམིགས་ལ། དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ་ཞེས་བྱ་བ་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་སངས ་རྒྱས་ཀྱི་ཚོས་མ་འདྲེས་པ་རྣམས་བསྒོམ་སྟེ། དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཀྱང་དམིགས་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ་ཞེས་བྱ་བའི་བར་དུ་ནི། རྣམ་པར་བྱང ་བའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། ་འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར ་པའི་སྒོ་གསུམ་དང། མངོན་པར་ཤེས་པ་དྲུག་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སྙིང་རྗེ་ཆེན་པོ་དང། ་སངས་རྒྱས་ཀྱི་ཆོས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་བསྒོམ་པའི་ཚེ། དགེ་བའི་བཤེས་གཉེན་དང་མི་ལྡན་ཞིང། སྡིག་པའི་གྲོགས་པ་ལ་བརྟེན་པས་ཆོས་དེ་དག་ལ་དངོས་པོ་དམིགས་པ་དང། ཆོས་དེ་དག་གྱིས་ཀྱང་རློམ་སེམས་སུ་བྱེད་ཅིང་ཐབས ་མི་མཁས་པས་དགེ་བའི་རྩ་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་མི་བྱེད་པ་བསྟན་ཏེ། དེ་ལྟར་འགྱུར་པའི་སྡིག་པའི་གྲོགས་པོ་སྤང་བར་བྱ་བའི་ཐབས་ལ་མཁས་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་ཅིང། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་འཇིགས་ཤིང་དངང་ལ་སྐྲག་པར་འགྱུར་ཏེ། སྡིག་པའི་གྲོགས་པོའི་སུག་པར་ལྷུང་བ་ལགས་ཞེས་བྱ་བ ་ནས། འདི་དག་ནི་གཞན་ལ་བསྟན་པར་མི་བྱའོ་ཞེས་ཟེར་བ་འདི་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་ཆུང་དུ་པ་དག་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ ་དྲུག་ལ་སྤྱོད་པ་བཟློག་པར་བྱེད་པའི་སྡིག་པའི་གྲོགས་པོ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོངས་པོ་ནི་འདི་ལྟར་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་པ་དག་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བཟློག་ཅིང་མོས་པ་མེད་པར་བྱེད་དེ་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་འོང་ངོ་ཞེས་བདུད་ཀྱི་ལས་མི་སྟོན། བདུད་ཀྱི་ཉེས་པ ་མི་སྟོན་པ་འདི་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ནས་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ ་ལས་བཟློག་པ་དག་འོད་དོ་ཞེས་བདུད་ཀྱི་ལས་དེ་ལྟ་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ལ་སྔ་ནས་མི་སྟོན་ཅིང་འཆད་པ་ཉིད་དགེ་བའི་བཤེས་གཉེན་མ་ཡིན་པས་སྡིག་པའི་གྲོགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། ཉན་ཐོས་དང་ལྡན་པའི་མདོ་དང། དྱངས་ཀྱིས་བསྙད་པ་དང། །ཞེས་བྱ་བ་ནས། བདུད་ཀྱི་ལས་རྣམ་པ ་འདི་ལྟ་བུ་དག་མི་སྨྲ་མི་སྟོན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པར ་གཏོགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཞིབ་ཏུ་སྟོན་ཅིང་ཐེག་པ་ཆེན་པོའི་ལས་ཟློག་པར་བྱེད་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་འབྱུང་ངོ་ཞེས་མི་སྟོན་པ་ཡང་དགེ་བའི་བཤེས་གཉན་མ་ཡིན་པ་དེ་ཉིད་སྡིག་པའི་གྲོགས་པོ་ཡིན་པར་བསྟན ་པ་སྟེ། དེ་ལ་མདོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཤད་པ་ཡང་རུང། སངས་རྒྱས་ཀྱིས་གནང་སྟེ་ཉན་ཐོས་ཀྱིས་བཤད་པ་ཡང་རུང། དོན་མདོ་ཙམ་དུ་སྟོན་པའོ། །དབྱངས་ཀྱིས་བསྙད་པ་ཞེས་བྱ་བ་ནི་མདོ་སྡེ་བཤད་པའི་དོན་དབྱངས་ཀྱིས་བརྗོད་པ ་ལ་ཡང་བྱ། ཡང་རྣམ་པ་གཅིག་ཏུ་ན་མདོ་སྡེ་ལས་འབྱུང་བའི་ཚིག་གཟུ་བོར་མ་གསུངས་ཏེ། དྲང་བའི་དོན་དུ་གསུངས་པ་དག་འདུད་བཤད་ཅིང་དགྲོལ་དགོས་པ་གཞན་ཡང་ཡོད་པས། དེའི་དོན་བསྙད་ཅིང་བཤད་དགོས་པའི་ཕྱིར་དབྱངས་ཀྱིས ་བསྙད་པ་ཞེས་བྱའོ། །ལུང་བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང། ཉན་ཐོས་ལ་སོགས་པ་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཅིར་གྱུར་བ་དང། ཅིར་འགྱུར་བ་ལ་སོགས་པ་བྱེ་བྲག་ཏུ་ལུང་སྟོན་པས་ན་ལུང་སྟོན་པ་ཞེས་བྱའོ། །འདིར ་སུ་བཅད་པ་ཞེས་བྱ་བ་ནི་མདོ་སྡེའི་དོན་དེ་ཉིད་ཚིགས་བཅད་རྩ་བ་གཉིས་པ་དང། གསུམ་པ་དང། བཞི་བ་དང། ལྔ་པ་དང། དྲུག་པར་སྦྱར་ཏེ་བཤད་པས་ན་ཚིགས་སུ་བཅད་པ་ཞེས་བྱའོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ནི་གང་ཟག་དགའ་ཨི་ཕྱིར་བཤད་པ? ་ཡིན་གྱི་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གཞན་གྱིས་མ་བསྐུལ་མ་གསོལ་བར་ཆེད་དུ་བརྗོད་ཅིང་གསུངས་པ་ལ་བྱ་སྟེ། དཔེར་ན་ཕྱི་དྲོའི་དུས་ཀྱི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ། གདན་པ ་བཞུགས་ནས་དགེ་སློང་གི་དགེ་འདུན་རྣམས་ལ་ཆེད་དུ་བརྗོད་པ་བརྗོད་དོ་ཞེས་མདོ་ལས་གསུངས་པ་ལྟ་བུའོ། །གླེང་གཞི་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་པ་ལ་སོགས་པ་ཐོག་མ་ཅི་ལས་གླེངས་ཏེ་བཤད་པ་དང། གཞི་འདི་དང་སྐབས་འདི་དང། འབྱུང ་བ་འདིའི་ཚེ་བསླབ་པ་བཅས་སོ་ཞེས་པ་ལྟ་བུའོ། །འདི་ལྟར་འདས་པ་དང་ཞེས་བྱ་བ་ནི་སྔོན་བྱུང་བའི་གཏམ་བཟླས་ཤིང་བཤད་པ་ལ་བྱའོ། །སྐྱེས་པའི་རབས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པའི་ཚེ་གང་དང་གང ་དུ་སྐྱེས་པ་དང། དཀའ་བ་ཅི་དང་ཅི་མཛད་པ་བསྟན་པའོ། །ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་མདོ་སྡེའི་དོན་སྤོས་ཤིང་ཤིན་ཏུ་རྒྱས་པར་བཤད་པའོ། །ཆོས་རྨད་དུ་བྱུང་བ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ཀྱི་མཁྱེན ་པ་དང། རྫུ་འཕྲུལ་དང་བྱིན་གྱིས་བརླབས་ངོ་མཚར་རྨད་དུ་བྱུང་བ་རྣམས་སྟོན་པའོ། །རྟོགས་པ་བརྗོད་པ་ཞེས་བྱ་བ་ནི་ཆོས་ཉན་པ་རྣམས་ཀྱི་གོ་ཞིང་རྟོག་པར་བྱ་བའི་ཕྱིར་སྔོན་བརྟགས་པར་བྱུང་བ་གཞན་དག་སྨོས་ཏེ་དཔེས་བརྗོད་ཅིང་རྟོགས་པར ་བྱེད་པའོ། །གཏན་ལ་དབབ་པར་བསྟན་པ་ཞེས་བྱ་བ་ནི་དོ་སྡེའི་དོན་བཤད་པའི་རྒྱུས་ཞིང་མོར་གཏན་ལ་ཕབ་སྟེ། རྗེས་སུ་མཐུན་པར་འཆད་བ་སྟེ། ཆོས་མངོན་པ་ལྟ་བུ་ལ་བྱའོ། །སྟོན་ཏོ?་འགྲེལ་ཏོ་རྣམ་པར་འབྱེད་དོ། །གསལ་བར་བྱེད་དོ་ཡོངས་སུ ་སྟོན་ཏོ། །ཞེས་བྱ་བ་ནི་དེ་ལྟ་བུའི་མདོ་སྡེ་ཉན་ཐོས་ཀྱི་ཐེག་པར་གཏོགས་པ་རྣམས་འཆད་པའི་རྣམ་གྲངས་ལ་བྱའོ། །དེ་ལྟར་རྣམ་གྲངས་སུ་སྨོས་པ་ཡང་འཁོར་རྣམས་ལས་ལ་ལ་ཅིས་གོ། ལ་ལ་ཅིས་གོ་བར་འགྱུར་བའི་ཕྱིར་རོ། ་རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱང་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་ནི་བྱང་ཆུབ་ཀྱི་སེམས་ཀྱང་ཅུང་ཟད་ཀྱང་མེད་ཅེས་བྱ་བ་ལ་སོགས་པ ་ནི་བདུད་སྡིག་ཏེ་ཅན་ཁ་ཅིག་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང། བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་སེམས་ཀྱང་མེད་ཅིང་ཕྱིར་མི་ལྡོག་པ་ཡང་མ་ཡིན་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཆང་རྒྱ་བར་མི་ནུས ་ཀྱིས་ཐོང་ཞིག་ཅེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དགེ་མི་སྟོན་པ་ཡང་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་མིག་ནི་བདག་གམ་བདག་གིས་སྟོང་ངོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་བ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ། །དེ་ལྟར་བདག་གམ་བདག་གིས་སྟོང་ན་བླ་ན་མེད་པ་ཡང་དག ་བར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ་ཡང་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བར་དུ་བདུད་ཀྱི་ལས་དག་མི་སྨས་མི་སྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར ་དུ་ནི་བདུད་སྡིག་ཏོ་ཅན་ལ་ལ་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་བྱང་ཆུབ་སེམས་དཔའ་ལ། དགེ་བའི་བར་ཆད་བྱ་བའི་ཕྱིར་མིག་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས ་ཐམས་ཅད་བདག་དང་བདག་གི་བ་མེད་དེ། སྟོང་ན་བླ་ན་མེད་བའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱར་ཡང་ཅི་ཞིག་ཡོད་ཅེས་ཟེར་ཞིང་སླུ་བར་བྱེད་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྟོན་པ་ཡང་སྡིག་པའི་གྲོགས་པོ་ཡིན་པར་བསྟན་པའོ། །རབ་འབྱོར ་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཤར་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དང། ཉན་ཐོས ་རྣམས་ཀྱིས་སྟོང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བདུད་སྡིག་ཏོ་ཅན་ལ་ལ་སངས་རྒྱས་ཀྱི་ཆ་བྱང་དུ་བསྒྱུར་ཅིང་བྱང་ཆུབ་སེམས་དཔའ་ལ་དགེ་བའི་བར་ཆད་བྱ་བའི་ཕྱིར་ཕྱོགས་བཅུ་ཀུན་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་མེད་དེ་ཁྱོད ་ཀྱིས་དགེ་བ་སྤྱད་ཀྱང་སངས་རྒྱས་ལ་སོགས་པར་འགྱུར་བའི་གནས་གང་ན་ཡང་མེད་དོ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དག་མི་སྟོན་པ་ཡང་སྡིག་བའི་གྲོགས་པོ་ཡིན་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཉན་ཐོས་ཀྱི་ཆ ་བྱད་དུ་བྱས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་བདུད་སྡིག་ཏོ་ཅན་ལ་ལ་ཉན་ཐོས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བར་བྱེད་པ་ལས་བཟློག་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་བྱ་བ་ལ ་འདོམས་ཤིང་རྗེས་སུ་སྟོན་པ་དག་ཀྱང་འབྱུང་སྟེ། དེ་ལྟ་བུའི་བདུད་ཀྱི་ལས་དག་ཀྱང་འབྱུང་སྟེ། དེ་ལྟ་བུའི་བདུད་ཀྱི་ལས་དག་ཀྱང་སྡིག་པའི་གྲོགས་པ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་མཁན་པོ་དང་སློབ་དཔོན ་གྱི་ཆ་བྱད་དུ་བྱས་ཤིང་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས ་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བདུད་སྡགི་ཏོ་ཅན་ཁ་ཅིག་མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་བསྒྱུར་ཞིང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་བཟློག་སྟེ ་ཉན་ཐོས་དན་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བས་ཐེག་པ་ཆུང་དུའི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ལ་སྤྱོད་དུ་འཇུག་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་གྱིས་ཤིག། ཐེག་པ་ཆེན་པོས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི ་བདུད་ཀྱི་ལས་དག་མི་སྟོན་པ་ཡང་སྡིག་པའི་གྲོགས་པ་ཡིན་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡི་ཏི་ཅན་དག་ཕ་དང་མའི་ཆ་བྱད་དུ་བྱས་ཞིང་ཞེས་བྱ་བ་ནས། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་སྦྱར་ཡོད་པ་དེ་ལ ་བརྩོན་པར་གྱིས་ཤིག་ཅེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་འདུད་སྡིག་ཏོ་ཅན་ལ་ལ་བྱང་ཆུབ་སེམས ་དཔའ་ལ་དགེ་བའི་བར་ཆད་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་བྱ་དཀའ་བ་སྤྱོད་པ་འཁོར་བ་ན་ཡུན་རིང་དུ་གནས་པ་དང། ལུས་དང་སྲོག་མི་འཕངས་པར་བྱ་དགོས་པ་ལ་སོགས་པས་བསྡིགས་ནས། དེ་ལྟ་བུའདཀའ་བ་སྤྱད་པའི ་ཀྱང་ཡུན་རིང་པོས་ཐོབ་པར་འགྱུར་བའི་བླ་ན་མེད་པའི་བྱང་ཆུབ་དེས་ཁྱོད་ལ་ཅི་ཞིག་བྱ། དེ་བས་ན་སླབ་ཉན་ཐོས་ཀྱི་ལམ་གྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་མྱུར་དུ་ཐོབ་པར་འགྱུར་བ་དེ་ལྟ་བུ་ལ་བརྩོན་པ་གྱིས་ཤིག་ཅེས་ཟེར ་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྟོན་པ་དེ་ཡང་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏེ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ཞེས་བྱ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དཔེན ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་ཀྱི་རྣམ་པ་དག་མི་སྨྲ་མི་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོག་པོར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བདུད་སྡིག་ཏོ་ཅན་ལ་ཅིག་དགེ ་སློང་གི་ཚུལ་དུ་བསྒྱུར་ཅིང། བྱང་ཆུབ་སེམས་དཔའ་ལ་དགེ་བའི་བར་ཆད་བྱ་བའི་ཕྱིར་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་བའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་མི་རྟག་པ་དང། ་སྡུག་བསྔལ་བ་དང། བདག་མེད་པ་དང། ཞི་བ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། དབེན་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་?་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་བཟློག་སྟེ། ཐེག་པ་ཆུང་དུའི་ལྟ་བ་ལ་འཇུག་པར་བྱེད་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྟོན་པ་དེ་ཡང་སྡིག་པའི་གྲོགས་པོ་ཡིན་ནོ་ཞེས་བསྟན་པ་སྟེ། འདི་ཡན་ཆད་དུ་བརྩོན་པའི་རབ་ཏུ་དབྱེ་བ ་བཤད་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བདུན་པའོ།། །།དེའི་འོག་ཏུ་བཤད་པ་འདི་གཏན་ལ་དབབ་པ་དེ་བསྟན་པར་བྱ་སྟེ། བཤད་པ་འདི་ཞེས་བྱ་བ་ཡང་དང་པོར། ཤཱ་རདྭཱ ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག ་དང་དོན་ཞིབ་ཏུ་གཏན་ལ་ཕབ་སྟེ་བསྟན་པའོ། །གཏན་ལ་དབབ་པ་དེ་ཡང་རྣམ་པ་གཉིས་ཏེ། ཚིག་གི་དོན་གཏན་ལ་དབབ་པ་དང། མཚན་ཉིད་གཏན་ལ་དབབ་པའོ། །དེ་ལ་ཚིག་གི་དོན་གཏན་ལ་དབབ་པ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་བ་སྟེ། དེ་ལ་རབ་འབྱོར ་བྱང་ཆུབ་སེམས་དཔའ་ཨི་ཚི་གི་དོན་ནི་ཚིག་གི་དོན་མེད་པ་སྟེ་ཞེ་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་གི་དོན་འདི་གང་ལགས་ཞེས་རབ་འབྱོར་གྱིས་ཞུས་པའི་ལན་དུ། བྱང་ཆུབ་སེམས་དཔའ་ཉིད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ ་པས། དེའི་ཚིག་གི་དོན་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་མདོར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་མ་སྐྱེས་ལ། སེམས་ཅན་ཀྱང་མ་སྐྱེས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་བའི་གཏན་ཚིགས ་བསྟན་པ་སྟེ། དོན་དམ་བར་ཆུད་པར་བྱ་བའི་བྱང་ཆུབ་ཀྱང་མ་སྐྱེས་ལ། ཆུད་པར་བྱེད་པའི་སེམས་ཅན་ཀྱང་མ་སྐྱེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་ལ་ཡང་ཚིག་མེད། སེམས་ཅན ་ལ་ཡང་ཚིག་མེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་ནི་ཚིག་དོན་མེད་པའོ་ཞེས་བྱ་བ་ནི་ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་པ་སྟེ། རྒྱ་གར་གྱི་སྐད་དུ། པད་ཞེས་བྱ་བ་ཚིག་ལ་ཡང་བྱ་གཞི་ལ་ཡང་བྱ། གནས་ལ་ཡང་བྱ ་སྟེ། བྱང་ཆུབ་དང་སེམས་དཔའ་གཉིས་ཀ་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེ་སྟོན་པའི་ཚིག་གམ། དེའི་གནས་སམ་གཞི་ཡང་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་མེད་དོ་ཞེས་བསྟོན་པའོ། །རབ་འབྱོར ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྱའི་རྗེས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཚིག་གི་དོན་མེད་པའི་དཔེ་རྣམ་པ་བཅུ་གཅིག་བསྟན་པ་སྟེ། ནམ་མཁའ་ལ་བྱའི་རྗེས་མེད་པ་ནི་དཔེ་དང་པོ་སྟེ། ཇི་ལྟར་ན་ནམ་མཁའ་ལ ་བྱའི་རྗེས་སྣང་བའི་གཞི་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་དོན་དམ་པར་དངོས་པོ་ཡོད་པས་མ་ཡིན་པས་ཚིག་གིས་བརྗོད་པར་བྱ་བའི་དོན་གྱི་གཞི་འམ་གནས་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་རྨི་ལམ ་ལ་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྨི་ལམ་དང། སྒྱུ་མ་དང་སྨིག་རྒྱུ་དང། ཆུ་ཟླ་དང། སྒྲ་བརྙན་དང། མིག་ཡོར་དང། གཟུགས་བརྙན་དང། སྤྲུལ་པ་དང་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་པའི་དཔེ་གཉིས་པ་བསྟན ་སྟེ། ཇི་ལྟར་རྨི་ལམ་ལ་སོགས་པ་དེ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཡང་དག་པའི་མཛའ་ལ་གནས་མེད་དོ་ཞེས་བྱ ་བ་ལ་སོགས་པ་ནི་ཡང་དག་པའི་མཛའ་དང་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ཉིད་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་བརྒྱད་ཀྱིས་བྱང་ཆུབ ་སེམས་དཔའ་ཨི་ཚིག་གི་དོན་མེད་བའི་དཔེ་གསུམ་པ་བསྟན་པ་སྟེ། ཇི་ལྟར་ཡང་དག་པའི་མཛའ་ལ་སོགས་པ་འདུས་མ་བྱས་པའི་དངོས་པོ་འདི་དག་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་ཀྱང ་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད ་པའི་ཚིག་གི་དོན་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི་སྒྱུ་མའི་སྐྱེས་བུའི་ཕུང་པོ་དང། སྐྱེ་མཆེད ་དང། ཁམས་དང། རེག་པ་དྲུག་དང། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང། མ་རིག་པ་ལ་སོགས་པ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་གནས་མེད་པ་དང། སྒྱུ་མའི་སྐྱེས་བུ་དེ་ཉིད་ཕ་རོལ་ཏུ་ཕྱིན ་པ་དྲུག་ལ་སྤྱོད་པ་དང། སྟོང་པ་ཉིད་བཅོ་བརྒྱད་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང། བསམ་གཏན་བཆི་ལ་སྤྱོད་པ་དང། ཚད་མེད་པ་བཞི་ལ་སྤྱོད་པ་དང། གཟུགས ་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང། རྣམ་པར་ཐར་བའི་སྒོ་གསུམ་ལ་སྤྱོད་པ་དང། མངོན་པར་ཤེས་པ་དྲུག་ལ ་སྤྱོད་པ་དང། །ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དག། མི་འཇིགས་པ་བཞི་ལ་སྤྱོད་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་པ་དང། སྙིང་རྗེ ་ཆན་པོ་ལ་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་ལ་ཚིག་གི་དོན་མེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་སྒྱུ་མའི་སྐྱེས་བུའི་དཔེ་སྟེ་བཞི་པའོ། །རབ་འབྱོར་འདི་ལྟ་སྟེ ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཟུགས་ལ་གནས་མདོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཀྱིས། སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་མེད་དོ། །དེ་དིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་མ་འདྲས་པ་དེ་དག་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། རེག་པ་དྲུག ་དང། རིག་པའི་རྐྱེན་གྱིས་ཚོར་བ་དྲུག་དང། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་བཅོ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། འཕགས་པའི་བདེན་པ་བཞི་དང། ་བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་ཤེས ་པ་དྲུག་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ ་བརྒྱད་རྣམས་ལ་གནས་མེད་པའི་དཔེས། བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་པ་བསྟན་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕུང་པོ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་རྣམས་ཡོད་པ་མ་ཡིན་ཏེ་དེ་དག་གི་གནས་མེད ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་ཀྱང་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་དཔེ་སྟེ་ལྔ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འདུས་མ་བྱས་ཀྱི་དབྱིངས་ལ་འདུས་བྱས་ཀྱི་ཁམས་ཀྱི་གནས་མེད་དོ་ཞེས ་བྱ་བ་ནི་ཇི་ལྟར་མྱ་ངན་ལས་འདས་པ་ལ། འཁོར་བའི་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་གནས་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་འདུས་མ་བྱས་ལ་འདུས་བྱས་མེད་པའི་དཔེ་སྟེ་ཐུག་པའོ། །འདུས་བྱས་ཀྱི་ཁམས་ལ་འདུས་མ་བྱས་ཀྱི ་དབྱིངས་ཀྱི་གནས་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་འཁོར་བ་ལ་མྱ་ངན་ལས་འདས་པའི་གནས་མེད་པའི་དེ་བཞིན་དུ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་གནས་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་འདུས་བྱས་ལ་འདས་མ་བྱས་མེད་པ་དཔེ ་སྟེ་བདུན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། ་འབྱུང་བ་མེད་པ་དང། མི་དམིགས་པ་རྣམས་ལ་གནས་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ཚིག་གི་དོན་མེད་དོ་ཞེས་བསྟན་པ་སྟེ། དེ་ནི་སྐྱེ་བ་མེད་པ་ལ་སོགས་པའི་དཔེ་སྟེ་བརྒྱད་པའོ། །གསོལ་བ་བཅོཾ་ལྡན་འདས་གང་གི་སྐྱེ་བ་མ་མཆིས་པའི ་གནས་མ་མཆིས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ་ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། རིག་པ་དྲུག་དང། རེག་པའི་རྐྱེན ་གྱིས་ཚོར་བ་དྲུག་དང། སའི་ཁམས་ལ་སོགས་པ་ཁམས་དྲུག་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་ཉིད་བཅོ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། ་འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚ་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར? ་པའི་སྒོ་གསུམ་དང། མངོན་པར་ཤེས་པ་དྲུག་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། ་སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་སོ་སོར་ཕྱེ་སྟེ་སྨོས་ནས། དེ་རྣམས་རེ་རེ་ལ་ཡང་སྐྱེ་བ་མེད་པ་དང། །འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་ཅིང། རྣམ་པར་བྱང་བ་མེད་པ་དང། མངོན་པར ་འདུ་བྱ་བ་མེད་པ་དང། མི་དམིགས་པ་རྣམས་ལ་གནས་མེད་པའི་དངོས་བྱས་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་ཆོས་རྣམས་སོ་སོར་ཕྱེ་སྟེ་བསྟན་པའི་སྐྱེ་བ་མེད་པ་ལ་སོགས་པ་ལ་གནས་མེད་པའི་དཔེ་སྟེ་དགུ་པའོ ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་པའི ་ཡེ་ཤེས་གཟིགས་བ་ལ། རྣམ་པར་གྲོལ་བའི་ཡེ་ཤེས་མ་གཟིགས་པའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་དོ ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དང། རེག་པ་དྲུག་དང། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང། སའི་ཁམས་ལ་སོགས་པ་ཁམས་དྲུག་དང། རྟེན་ཅིང་འབྲེལ་པར ་འབྱུང་བའི་ཡན་ལག་བཅུ་གཉིས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་ཉིད་བཅོ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས ་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་བ་བརྒྱད་དང། མཐར་གྱིས་གནས་པའི་སྙམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་ཤེས་པ་དྲུག་དང། ཏིང་ངེ་འཛིན་རྣམས་དང ་གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་མིང་གིས་སྨོས ་པ་རྣམས་དོན་དམ་པར་དངོས་པོ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་པའི་དཔེ་དང། ཉི་མ་འཆར་པའི་ཚེ་མུན་པའི་གནས་མེད་པ་དང། བསྐལ་པའི་མེ་འབར་བའི་ཚེ་རྩི་ཤིང་ལ་སོགས་པ་སྐྱེ་བའི་གནས་མེད་པ་དང། དེ? ་བཞིན་གཤེགས་པའི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་རྣམས་ལ་མི་མཐུན་པའི་ཕྱོགས་རྣམས་མེད་བའི་དཔེས་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན ་མརྡ་པ་བསྟན་པ་སྟེ། དེ་ནི་རྣམ་པར་དག་པའི་དཔེ་བཅུ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཉི་མ་དང་ཟླ་བའི་འོད་ལ་གནས་མེད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་དོ་ཞེས་བྱ་བའི་བར་དུ་ནི་ཉི་མ་དང་ཟླ་བ་དང། ་གཟའ་དང་སྐར་མ་དང། ནོར་བུ་རིན་པོ་ཆེ་དང། གློག་རྣམས་ཀྱི་འོད་ལ་གནས་པ་མེད་པ་དང། འདོད་པའི་ཁམས་ཀྱི་ལྷའི་རིས་རྣམས་དང། གཟུགས་ཀྱི་ཁམས་ཀྱི་ལྷའི་རིས་རྣམས་ཀྱི་འོད་ལ་གནས་མེད་པའི་དཔེ་དང། བྱང་ཆུབ་སེམས་དཔའ་ ་རྣམས་དང། དེ་བཞིན་གཤེགས་པའི་འོད་ལ་གནས་མེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་པ་བསྟན་པ་སྟེ། དེ་ནི་འོད་ལ་གནས་མེད་པའི་དཔེ་སྟེ་བཅུ་གཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང། ་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནས། ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་བྱ་བའི་བར ་དུ་ནི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་དང་སེཾས་དཔའ་དང། ཚིག་གི་དོན་ཞེས་བྱ་བའི་ཆོས་དེ་དག་དོན་དམ་པར ་རང་བཞིན་གྱིས་སྟོང་པས་ཀུན་ནས་ཉོན་མོངས་པའི་མཚན་ཉིད་མ་ཡིན་པའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་བྱང་བའི་མཚན་ཉིད་མ་ཡིན་པའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་མེད་པ་ཞེས་བྱ་བ་ནི་མིག་ལ་སོགS ་པའི་རྣམ་པར་ཤེས་པས་གཟུང་བའི་ཡུལ་མ་ཡིན་ནོ་ཞེས་བསྟན་བའོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་ཚིག་གི་བསྟན་ཅིང་བརྗོད་པའི་ཡུལ་མ་ཡིན་པས་འཛིན་པའི་རང་བཞིན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་ཡུལ་དང ་དབང་པོ་ལྟར་ཐོགས་པ་དང་བཅས་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །འཇི་ལྟར་མཚན་ཉིད་མེད་བར་མཚན་ཉིད་གཅིག་པ་ཤ་སྟག་སྟེ་ཞེས་བྱ་བ་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་པའོ་ཞེས་བྱ་བའི ་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟ་བུའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་མཉན་པ་དང ་བསམ་པའི་ཤེས་རབ་ཀྱིས་བསླབ་པར་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་ཡོད་པ་མ་ཡིན ་པར་བསྒོམས་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་མ་མཆིས་པ་ཡང་དག་པ ་ཉིད་ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་ཀྱི་མེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ། །ཆོས་ཐམས་ཅད་རིག་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གྱི་ནང་ན་ཁ ་སྙམ་ཐེ་ཚོམ་ཟ་བ་དང། ཆོས་དེ་དག་ཇི་ལྟར་རིག་པར་བྱ་ཚོམ་ཟ་བ་དང། ཆོས་དེ་དག་མེད་པར་ཇི་ལྟར་བསླབ་པར་བྱ་སྙམ་ཐེ་ཚོམ་ཟ་བ་དང། ཆོས་དེ་དག་ཇི་ལྟར་རིག་པར་བྱ་སྙམ་དུ་ཐེ་ཚོམ་ཟ་བའི་ཐེ་ཚོམ་དེ་བསམ་བའི་ཕྱིར་བཅོམ་ལྡན་འདས ་ལ་རབ་འབྱོར་གྱིས། ཆོས་ཐམས་ཅད་ནི་གང་ལགས། ཆོས་ཐམས་ཅད་མ་མཆིས་པ་ལ་ནི་ཇི་ལྟར་བསླབ་པར་བགྱི་ཆོས་ཐམས་ཅད་ནི་ཇི་ལྟར་རིག་པར་བགྱི་ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བྱ་བ་ནི། ། ་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པ་ལ་སོགས་པ་སོ་སོར་ཕྱེ་སྟེ་འདི་དག་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ཆོས ་ཐམས་ཅད་ཅེས་བྱ་བ་སྟེ་ཞེས་བྱ་བའི་བར་ནི་ཆོས་ཐམས་ཅད་ཅེས་བྱ་བའི་མིང་མདོར་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དཏེ་བ་ཞེས་བྱ་བ་ནི་ཞེས་བྱ་བ་ནས། དེ་དག་ནི་འཇིག་རྟེན་པའི ་ཆོས་དགེ་བའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་དགེ་བ་དང། འཇིག་རྟེན་ལས་འདས་བའི་དགེ་བ་རྣམ་པ་གཉིས་ཡོད་པ་ལས། འཇིག་རྟེན་པའི་དགེ་བའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་འཇིག་རྟེན་པའི ་ཆོས་མི་དགེ་བ་གང་ལགས་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ་ཞེས་བྱ་བའི་བར་དུ་ནི་མི་དགེ་བའི་ཆོས་རྣམས་ལོགས་ཤིག་ཏུ་ཕྱེ་སྟེ་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང?་ལགས ་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་སོ་ཞེས་བྱ་བའི་བར་དུ་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་ལོགས་ཤིག་ཏུ་བྱེ་སྟེ་བསྟན་པ་སྟེ། དེ་ལ་ལུས་ཀྱི་ལས་ནི་ལུང་དུ་མ་བསྟན་བའོ། །ངག་གི་ལས་ནི་ལུང་དུ་མ་བསྟན་པའོ ་ཡིད་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ལ་དགེ་བ་དང་མི་དགེ་བ་ཡང་ཡོད་པས་ཐམས་ཅད་ལ་ལུང་དུ་མ་བསྟན་པ་ཞེས་མི་བྱའི། ལུས་དང་ངག་དང་ཡིད་ཀྱི་བྱས་པའི་ལས་དགེ་བ་ཉིད་དང། མི་དགེ་བ་ཉིད་དུ་ལུང་བསྟན ་དུ་མི་མངོན་པ་རྣམས་ལ་ལུང་དུ་མ་བསྟན་པ་ཞེས་བྱའོ། །འབྱུང་བ་ཆེན་པོ་བཞི་ལ་སོགས་པ་གཞན་རྣམས་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་སྟེ། དེ་བས་ན་རྣམ་པར་སྨིན་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པའོ་ཞེས་གསུངS ་སོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས་ཞེས་བྱ་བ་ནས། འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པར་དེ་མ་ཡིན་པའི་འཇིག་རྟེན་པའི་ཆོས་གང་ཇི་སྙེད་ཡོད་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཞེས་བྱ་བའི་པར་? ་འཇིག་རྟེན་པའི་ཆོས་རྣམས་བསྟན་པ་སྟེ། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙེམས་བར་འཇུག་པ་བཞི་དང། མངོན་པར་ཤེས་པ་ལྔ་དང། འཇིག་རྟེན་ལས་འདས་པ་ཡང་ཡོད་མོད་ཀྱི། སྐབས་འདིར་འཇིག ་རྟེན་པའི་གང་ཟག་འཕགས་པ་མ་ཡིན་པ་རྣམས་ཀྱི་རྒྱུད་དུ་གཏོགས་པ་ལ་བྱའོ། །དེ་བས་ན་འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པ་ཞེས་བྱ་བ་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས ་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། ཆོས་དེ་དག་ནམ་འཕགས་པ་རྣམས་ཀྱིས་བསྒོམས་པའི་ཚེ། འཁོར ་བའི་རྒྱུར་མི་འགྱུར་བའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱ་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཟག་པ ་དང་བཅས་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་བར་འཇུག་པ་བཞི་དང། མངོན་པར་ཤེས་པ་ལྔ་རྣམས་ནམ་འཇིག་རྟེན་པའི་གང་ཟག་རྣམས་བསྒོམ་པའི་ཚེ། འཁོར ་བ་མ་སྤངས་པས་སྲིད་པ་ཅིག་ནས་ཅིག་ཏུ་རྒྱུ་ཞིང་ཟག་པར་འགྱུར་བའི་ཕྱིར་ཟག་པ་དང་བཅས་པའི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་ཟག་པ་མེད་པའི ་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཟག་པ་མེད་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མིང་གིས་སྨོས་པའི་ཆོས་དེ་རྣམས་མོས་བས་སྤྱོད་པའི་ས་ལ་གནས་པས་བསྒོམས་ན་ཡང་འཁོར་བ་སྤོང་ཞིང་མྱ ་ངན་ལས་འདའ་བའ་ཨི་རྒྱུར་འགྱུར་བ་དང། འཕགས་པས་བསྒོམས་ན་ཡང་མྱ་ངན་ལས་འདའ་བ་འཐོབ་སྟེ། འཁོར་བར་རྒྱུ་ཞིང་ཟག་པར་མི་འགྱུར་པའི་ཕྱིར་ཟག་པ་མེད་པ་ཞེས་བྱ་བའོ། །གསོལ་པ། བཅོམ་ལྡན་འདས་བྱས་ཀྱི་ཆོས་གང ་ལགས་ཞེས་བྱ་བ་ནས། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་འདུས་བྱས་ཀྱི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཕགས་པའི་ཆོས་མིང་གིས་སྨོས་པ་འདི་རྣམས་ལམ་བསྒོམ་པའི་ཚེ་བསྒོམ ་པའི་ཤེས་རབ་ཀྱིས་གོམས་པར་བྱེད་པ་ན་སེམས་དང་སེམས་ལས་བྱུང་བ་རྣམས་འདུས་ཤིང་ཚོགས་པས་མངོན་སུམ་དུ་བྱས་ཤིང་ཐོབ་བར་བྱ་བའི་ཕྱིར་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལཌ ་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ཕྱེ་སྟེ་བསྟན་པ་སྟེ། སྐྱེ་བ་མེད་པ་དང། འཇིག་པ་མེད་པ་ལ་སོགས་པའི་ཆོས་འདི་རྣམས་ཡེ་ནས་དེ་བཞིན་ཏེ། དེ་ལྟར་སུས་ཀྱང ་མ་བྱས་པའི་ཕྱིར་འདུས་མ་བྱས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཐུན་མོང་གི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཐུན་མོང་གི་ཆོས་རྣམས་ཕྱེ་སྟེ་ ་བསྟན་པ་དང། བསམ་གཏན་དང། ཚད་མེད་པ་ལ་སོགས་པའི་ཆོས་འདི་རྣམས་འཇིག་རྟེན་པ་བྱིས་པ་སོ་སོའི་སྐྱེ་བོས་ཀྱང་བསྒོམ་དུ་རུང། འཕགས་པ་ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བསྒོམས་པའི ་ཕྱིར་ཐུན་མོང་གི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་གང་ལགས་ཞེས་བྱ་བ་ནས། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཐུན་མོང་མ་ཡིན་པའི་ཆོས་རྣམས་ཕྱེ་སྟེ་བསྟན་པ ་སྟེ། དྲན་པ་ཉེ་བར་གཞག་བ་ལ་སོཌ་པ་མིང་གིས་སྨོས་པའི་ཆོས་འདི་རྣམས་འཇིག་རྟེན་པ་རྣམས་མི་སྒོམ་གྱིས་མོས་པས་སྤྱོད་པའི་ས་ལ་གནས་པ་དང། འཕགས་པ་རྣམས་བསྒོམ་པའི་ཕྱིར་ཐུན་མོང་མ་ཡིན་པའོ་ཞེས་བསྟན་པ་སྟེ། དགེ་བ་དང ་མི་དགེ་བ་ལ་སོགས་པའི་ཆོས་མིང་གིས་སྨོས་པ་འདི་རྣམས་ཀྱི་སོ་སོའི་མཚན་ཉིད་ནི་འོག་ནས་ཐེག་པ་ཆེན་པོ་བསྟན་པའི་ལེའུ་ལས་གཞུང་ཉིད་ལས་ཞིབ་ཏུ་འཆད་པས་འདིར་མ་བཤད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མེད་པས་ཆགས་པར་མི་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་རྣམས་རིས་རིས་སུ་ཕྱེ་སྟེ་བསྟན་པ་དེ་དག་ཐམས་ཅད་ཀྱང ་རང་གི་མཚན་ཉིད་ཀྱིས་སྟོང་པས་དངོས་པོ་ཡོད་པར་རྟོག་ཅིང་ཆགས་པར་མི་བྱའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་ཚུལ་གྱིས་རྟོག་པ་མེད་ཅིང། རྣམ་པར་རྟོག་པ་མེད་པའི?་ཕྱིར་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས ་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟེང་པས། སྟོང་པ་ཉིད་དུ་རོ་གཅིག་སྟེ། རྟོག་པ་དང་རྣམ་པར་རྟོག་པའི་ཡུལ་མ་ཡིན་པར་ཁོང་དུ་ཆུད་བར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་མེད་པ་མཇུག་བསྡུས ་ཏེ་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་བསྟན་ནས། ད་ནི་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ། །བཅོམ་ལྡན་འདས་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དཔའ་ཆེན་པོའི་ཚིག་གི་དོན ་བཤད་པ་འདི་ཡང་རྣམ་པ་བཞི་སྟེ། བཅོམ་ལྡན་འདས་ཀྱིས་བཤད་པ་དང། འཕགས་པ་ཤཱ་རིའི་བུས་བཤད་བ་དང། རབ་འབྱོར་གྱིས་བཤད་པ་དང། གང་པོས་བཤད་པ་དང་བཞི་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་སེམས་དཔའ་ ་ཆེན་པོའི་ཚིག་གི་དོན་བཤད་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། རབ་འབྱོར ་ཆོས་དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི ་བར་དུ་གསུངས་པ་སྟེ། དེ་ལ་རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཉན་ཐས་ཀྱི་རིས་སུ་ངེས་པ་དང། རང་སངས་རྒྱས ་ཀྱི་རིས་སུ་ངེས་པ་དང། བྱང་ཆུབ་སེམས་དཔའ་ཨི་རིས་སུ་ངེས་པ་མང་བ་རྣམས་ཀྱི་ཕུལ་བྱེད་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནི་ཞེས་བྱ་བ་ནས། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པ་གང་དང་གང་ཡིན་པ་བསྟན་པ་སྟེ། དེ་ལ་རིགས་ཀྱི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་འཇིག་རྟེན་གྱིས་ཆོས་མཆོག ་ལ། གང་ཟག་དང་ཆོས་ལ་བདག་མེད་པའི་བཟོད་པ་ཐོབ་པས་བྱང་ཆུབ་གསུམ་འཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །བརྒྱད་པ་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་ཡས་བགྲངས་ན་རྒྱུན་ཏུ ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པ་གྲང་བརྒྱད་པ་འབབ་པས་ན་བརྒྱད་པ་ཞེས་བྱ་སྟེ། དེ་ལྟར་བརྒྱད་པ་དང། རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོད་པ་དང། ཕྱིར་མི་འོང་པ་དང། དགྲ་བཅོམ་པ་རྣམས་ནི་ཉན ་ཐོས་ཀྱི་རིགས་སུ་ངེས་པའི་སེམས་ཅན་གྱི་ཚོགས་སོ། །རང་སངས་རྒྱས་ཀྱི་ས་དང་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་རིགས་སུ་ངེས་པའི་སེམས་ཅན་གྱི་ཚོགས་སོ། །སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནས་ཕྱིར་མི་ལྡོག ་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་དག་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་རིགས་སུ་ངེས་པའི་སེམས་ཅན་གྱི་ཚོགས་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་བས་ན་རབ་འབྱོར་དེ་ནི་སེམས་ཅན་གྱི ་ཕུང་པོ་ངེས་པ་ཞེས་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། དེ་ལྟར་རིགས་སོ་སོར་ངེས་པའི་སེམས་ཅན་ཀྱི་ཚོགས་ཆེན་པོ་རྣམས་ལ་སེམས་ཅན་གྱི་ཕུང་པོ་ངེས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་བྱེད ་པར་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་ཆེན་པོ་གོང་དུ་སྨོས་པ་དེ་ལྟ་བུ་དག་གི་ཕུལ་བྱེད་བར་འགྱུར་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ས་དགུ ་པ་དང། ས་བཅུ་པ་ལ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་མིང་དུ་ཆུད་པར་རིག་པར་བྱའོ། །སེམས་ཅན་གྱི་ཚོགས་ཆེན་པོ་དེ་དག་གི་ཕུལ་དུ་གྱུར་པ་དེ་ཡང་བསམ་བ་རྒྱ་ཆེ་བ་དང། སྒྲུབ་པ་རྒྱ་ཆེ་བ་གཉིས་ཀྱིས་འགྱུར་ཏེ། དེ་ལ་བསཾ ་བ་རྒྱ་ཆེ་བ་ནི། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱའོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཕན་པ་དང་བདེ ་བའི་སེམས་ཏེ། དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། བསམ་པ་རྒྱ་ཆེ་བ་དེ་ཡང་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡོན་ཏན་ལྔ་དང་ལྡན་པ་སྟེ ་ལྔ་གང་ཞེ་ན། ངེས་བར་འཇོམས་པའི་ཡོན་ཏན་དང། རིན་ཆེ་བའི་ཡོན་ཏན་དང། སྐྱོན་མེད་པའི་ཡོན་ཏན་དང། མི་ཕྱེད་པའི་ཡོན་ཏན་དང། དོན་སྒྲུབ་ནུས་པའི་ཡོན་ཏན་དང་ལྔའོ། །དེ་ལ་ངེས་པར་འཇོམས་པའི་ཡོན་ཏན་ནི་ཤེས་རབ་ཀྱི་དབང་གིས་ཡོན ་ཏན་བརྒྱད་དང་ལྡན་པའི་ཕྱིར་ངེས་པར་འཇོམས་པ་ཞེས་བྱ་སྟེ། དེ་ལ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། འཁོར་བ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་གོ་ཆ་འགོ ་པར་བྱའོ། །བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་བྱའོ་ཞེས་བྱ་བ་ནི་སེར་སྣ་ངེས་པར་གཞོམ་པའི་ཕྱིར། འཁོར་བ་མཛའ་ཡས་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་དུ་བརྩོན་འགྲུས་ཀྱི་གོ་ཆ་བགོས་ཏེ་བདོག་པ་ཐམས་ཅད་ཡོངས་སུ ་གཏོང་བ་ནི་སེར་སྣ་ངེས་པར་འཇོམས་པའི་ཡོན་ཏན་དེ་དང་པོའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང། ཁྲོ་བ་ངེས་པར་འཇོམས་པའི་ཡོན་ཏན ་བསྟན་པ་སྟེ་གཉིས་པའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་པ ་མེད་དོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱི་སྒོ་ནས་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་སེམས་ཅན་དུ་འདུ་ཤེས་སྐྱེ་བ་མེད་པས་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་མི་སེམས་པའི་ཕྱིར་སེམས་ཅན་དུ་ལྟ་བ ་ལ་སོགས་པ་ལྟ་པའི་ཉེས་པ་ཐམས་ཅད་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ། ངེས་པར་འཇོམས་པའི་ཡོན་ཏན་གསུམ་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། འགག་པ་མེད་པ་བདག་གིས་ཤེས་པར་བྱའོ་ཞེས་བྱ་བ་ནི་ཆོས་ཐཾས་ཅད ་ལ་དངོས་པོར་རྟོག་པ་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་བཞི་པའོ། །བདག་གིས་མ་འདྲེས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་ཉན་ཐོས ་དང། རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པས་ཐེག་པ་དམན་པའི་སེམས་ངེས་པར་འཇོམས་པའི་ཡོན་ཏན་བསྟན་པ་སྟེ་ལྔ་པའོ། །བདག་གིས་ཆོས ་རྟོགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པ་ནི་སྟོང་པ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཐམས་ཅད་ཀྱི་རྗེས་སུ ་འགྲོ་བ་ཞེས་བྱ་སྟེ། དེ་ལྟ་བུའི་ཆོས་རྟོགས་པ་དང་ལྡན་པ་ངན་འགྲོར་མི་ལྟུང་བས་ངན་འགྲོ་ཐམས་ཅད་ངེས་པར་འཇོམས་པའི་ཡཽན་ཏན་བསྟན་པ་སྟེ་དྲུག་པའོ། །བདག་གིས་ཆོས་ཀྱི་ཚུལ་གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི ་ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་རོ་གཅིག་པར་རྟོགས་པ་ལ་ཚུལ་གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པ་ཞེས་བྱ་སྟེ། དེ་ལྟར་རྟོགས་པས་འཁོར་བའི་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་འཇོམས་པ་བསྟན་པ་སྟེ་བདུན་པའོ། །བདག་གིས ་ཚེས?་དཔག་ཏུ་མེད་པ་ཐམས་ཅད་ཡོང་སུ་བསྒྲུབ་པར་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་དཀར་པོའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན ་གཅིག་པར་བསྒྲུབ་པ་རྟོགས་པ་དང། དེ་དག་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་རྟོགས་པས་རྣམ་པར་བྱང་བའི་རྣམ་པར་རྟོགས་པ་ཐམས་ཅད་ངེས་པར་འཇོམས་པ་བསྟན་པ་སྟེ། དེ་ནི་ངེས་པར་འཇོམས་པའི་ཡོན་ཏན་བརྒྱད་པའོ། །རབ་འབྱོར ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ་དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་བྱ་བ་ནི་སེམS ་བསྐྱེད་པ་རྡོ་རྗེ་ལྟ་བུ་སེར་སྣ་ལ་སོགས་པ་ངེས་པར་འཇོམས་པའོ་ཡོན་ཏན་བརྒྱད་དང་ལྡན་པ་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟ་བུའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཚོགས་ཆེན་པོའི་ཕུལ་བྱེད་པའི་ཕྱིར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་པའོ། །དེ་ལྟར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་ངེས་པར་འཇོམས་པའི་ཡོན་ཏན་བརྒྱད་དང་ལྡན་པ་བསྟན་ནས། དེའི་འོག་ཏུ་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་སྙིང་རྗེ ་དང་ལྡན་པས་རིན་ཆེ་བ་བསྟན་པའི་ཕྱིར། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་དམྱལ་བ་པ་དང། བྱོལ་སོང་གི་སྐྱེ་གནས་པ་དང། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི ་སྙེད་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་དམྱལ་བ་པ་དང། བྱོལ་སོང་གི་སྐྱེ་གནས་པ་དང། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་པའི་སྡུག་བསྔལ་གྱི་ཚོར ་བ་དེ་དག་ཐམས་ཅད་སེམས་ཅན་དེ་དག་གི་དོན་དུ་བདག་གིས་ཉམས་སུ་མྱོང་བར་བྱའོ་སྙམ་དུ་སེམས་བསྐྱེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་དབང་གིས་ངན་སོང་རྒྱུད་གསུམ་ན་གནས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བདག་གིས་ཉམས་སུ ་མྱོང་བར་བྱ་སྟེ། སེམས་ཅན་དེ་དག་ངན་སོང་གི་སྡུག་བསྔལ་དེ་དག་ལས་ཐར་བར་བྱའོ་སྙམ་དུ་སྤྱིར་སེམས་བསྐྱེད་པ་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོང་དུ་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་ཞེས་བྱ ་བ་ནས། དེ་ནས་གཟོད་བདག་གི་དོན་དུ་དགེ་བའི་རྩ་བ་བསྐྱེད་དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་ཀྱི་ཚོགས་མང་པོ་བསགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར ་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ་ཞེས་བྱ་བའི་བར་དུ་ནི་དེ་བས་ཀྱང་སྙིང་རྗེ་ཤས་ཆེ་ཞིང་ཐབས་མཁས་པས་ངན་སོང་གི་སེམས་ཅན་རེ་རེའི་དོན་དུ་ཡང་ཡུན་རིང་པོར་སྡུག་བསྔལ་མྱོང་བར་བྱེད་ཅིང། སེམས་ཅན་དེ་དག་ཀྱང་སྡུག ་བསྔལ་དེ་དག་ལས་ཐར་བར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མྱ་ངན་ལས་མ་འདས་ཀྱི་བར་དུ་མི་གདོད་ཞིང་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་གདོད་བདག་གི་དོན་བྱེད་པའི་སྒོ་ནས་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཇེ་སྙིང་རྗེ་དང་ལྡན་པས་རིན་ཆེན? ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་རྒྱུན་མི་འཆད་པར་རླབས་པོ་ཆེའི་སེམས་གང་གིས་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་འགྱུར་བ་དེ་ལྟ་བུའི་སེམས་རླབས་པོ་ཆེ་བསྐྱེད་པར་བྱའོ ་ཞེས་བྱ་བ་ནས། སེམས་རླབས་པོ་ཆེ་དེ་རློམ་སེམས་སུ་མི་བྱའོ་ཞེས་བྱ་བའི་བར་དུ་ནི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་བསྐྱེད་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཐོབ་སྟེ་སེམས་དང་བོ་བསྐྱེད་ཕྱིན་ཆད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག ་དང། སེམས་ཅན་ལ་འཆེ་བའི་སེམས་མི་བསྐྱེད་ཅིང། ཉན་ཐོས་དང། །རང་སངས་རྒྱས་ཀྱི་སེམས་དམན་པ་མི་བསྐྱེད་པར་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་རླབས་པོ་ཆེ་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཕུལ་བྱེད་ཀྱང་སེམས་རླབས་པོ་ཆེ་དེས་རློམ ་སེམས་སུ་མི་འགྱུར་བ་དེ་ནི་སྐྱོན་མེད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་རྒུལ་བའི་སེམས་དང་ལྡན་པར་བྱ་སྟེ ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་མི་རྒུལ་བའོ་ཞེས་བྱ་བའི་བར་དུ་ནི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་ཅིས་ཀྱང་མི་ཕྱེད་པའི་ཡོན་ཏན་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་?་བྱེད་པ་དང ་མ་བྲལ་བས་བདུད་ལ་སོགས་པ་ནི་མཐུན་པའི་ཕྱོགས་རྣམས་ཀྱིས་བར་དུ་མི་ཕྱེད་ཅིང་མི་རྒུལ་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཨི་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་བསྐྱེད་པར ་བྱའོ་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང། བདེ་བའི་སེམས་ཏེ་དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ་ཞེས་བྱ་བའི་བར་དུ་ནི་སེམས ་བསྐྱེད་པ་རྡོ་རྗེ་ལྟ་བུ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པའི་ཡོན་ཏན་བསྟན་པ་སྟེ། བསམ་པ་རྒྱ་ཆེ་བ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་རྣམ་པ་སྣ་ཚོགས་སྒྲུབ་ཅིང་སེམས་ཅན་ཡོངས་སུ་སྐྱོབ་པས་མི་སྐྱོ་སྟེ། སེམས ་ཅན་ཡོངས་སུ་མི་གཏོང་བའི་བསམ་པ་རྒྱ་ཆེ་བས་སེམས་ཅན་གྱི་ཚོགས་ཆེན་པོའི་ཕུལ་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ཞེས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་ཏོ། །དེ་ལྟར་བསམ་པ་རྒྱ་ཆེ་བ་བསྟན་ནས ་སྒྲུབ་པ་རྒྱ་ཆེ་བ་བསྟན་པའི་ཕྱིར། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་རྒྱུན་མི་འཆད་པར་ཆོས་འདོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲུབ་པ་རྒྱ་ཆེ་བ་དེ་ཡང་ཆོས་ལ་དགའ་བར་གནས་པ་དང། ་སྟོང་པ་ཉིད་ལ་གནས་པ་དང། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དཀར་པོའི་ཆོས་ལ་གནས་པ་དང། ཏིང་ངེ་འཛིན་ལ་གནས་པ་དང་རྣམ་པ་བཞིས་བསྟན་ཏོ། །དེ་ལ་ཆོས་ལ་དགའ་བར་གནས་པ་ནི་རྟག་ཏུ་རྒྱུན་མི་འཆད་པར་ཆོས་འདོད་པར ་བྱའོ་ཞེས་བྱ་བ་ནས། འདི་ནི་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱ་བའི་བར་དུ་ནི་ཆོས་ལ་དགའ་བར་གནས་པའི་སྒྲུབ་པ་བསྟན་པ་སྟེ། དེ་ལ་ཆོས་འདོད་པ་དང། ཆོས་ལ་བཀའ་བ་ནི་ཉན་པའི་ཚེ་ཆོས་ལ ་དགའ་བར་གནས་པའོ། །ཆོས་ལ་མོས་པ་ནི་སེམས་དཔའ་ཨི་ཚེ་ཆོས་ལ་དགའ་བར་གནས་པའོ། །ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་ནི་སྒོམ་པའི་ཆེ?་ཆོས་ལ་དགའ་བར་གནས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམS ་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནང་སྟོང་པ་ཉིད་ལ་གནས་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་འགྱུར་བར་བྱའོ་ཞེས་བྱ་བའི་བར་དུ་ནི ་སྟོང་པ་ཉིད་ལ་གནས་པའི་སྒྲུབ་པ་བསྟན་ཏོ། །རབ་འབྱོར་གཞན་ཡན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་བཅོ་བརྒྱད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་བར་བྱའོ་ཞེས་བྱ་བའི་བར་དུ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དཀར་པོའི་ཆོས་རྣམས་ལ་གནས་པ་བསྟན་ནོ། །རབ ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དཔའ་བར་འགྲོ་བའི་ཏིང་འཛིན་ལ་གནས་ཞེས་བྱ་བ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་བར་བྱའོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་ལ་གནས་པའི་སྒྲུབ་པ་བསྟན་ཏེ། ཏིང་ངེ་འཛིན་འདི་རྣམས་ཀྱི་མཚན་ཉིད་ནི་འོག ་ནས་ཏིང་ངེ་གྱི་ཐེག་པ་ཆེན་པོའི་སྐབས་ནས་ཞིབ་ཏུ་སེམས་དཔའ་སེམས་དཔའ་ཆེན་པོ་ཤས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་དཔའ་སེམས་དཔའ་ཆེན་པོ་ཤས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཅོམ་ལྡན་འདས་ཀྱིས་བཤད་པར་མཇུག་བསྡུས་ཏེ་བསྟན་པའོ། །དེའི་འོག་ཏུ་འཕགས་པ་ཤཱ ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་པ་བསྟན་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་འདི་ལ་བདག་ཀྱང་སྤོབས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་འཕགས་པ་ཤཱ་རིའི་བུས་བཤད་པའི་དོན་ནི ་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པའི་དོན་ཆེན་པོ་རྟོགས་ནས་བདག་ཏུ་ལྟ་བ་ལ་སོགས་པ་སྤང་བ་དང། ཕུང་པོ་ལ་སོགས་པ་ཆོས་སུ་ལྔ་པ་སྤང་བའི་ཕྱིར་སེམས་ཅན་མང་པོ་ལ་གང་ཟག་དང། ཆོས་ལ་བདག་མེད་པའི་དོན་ཆེན་པོ ་སྟན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བཤད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་གང་ཟག་ལ་བདག་མེད་པར་རྟོགས་ནས་སེམས་ཅན་རྣམས་གང་ཟག་ལ་བདག་ཏུ་ལྟ་བ་སྤང་བའི་ཕྱིར་གང་ཟག་ལ ་བདག་མེད་བའི་དོན་ཆེན་པོ་སྟོན་པ་ནི། བཅོམ་ལྡན་འདས་བདག་ཏུ་སྙམ་རབ་ཏུ་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་ཞེས་བྱ་བ་ནས་མེད་པར་ལྟ་བ་རབ་ཏུ་སྤང་བ་དང་ཞེས་བྱ་བའི་བར་གྱིས་བསྟན་ཏེ། མུ་སྟེཌ་ཅན་རྣམས་ཀྱིས ་ཕྱིན་ཅི་ལོག་ཏུ་མཐོང་ནས་ལུས་དང་སེམས་ཀྱི་བྱ་བ་བྱེད་པའི་བྱེ་བྲག་ལས། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པ་བདག་གི་རྣམ་པ་དུ་མར་བརྟགས་པ་རྣམས་ལ་སྤྱིར་གང?་ཟག་ལ་བདག་ཏུ་ལྟ་བ ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔས་གང་ཟག་ལ་བདག་ཏུ་ལྟ་བ་མེད་པར་རྟོགས་ནས་སེམས་ཅན་རྣམས་ལ་གང་ཟག་བདག་མེད་པའི་ཆོས་དོན་ཆེན་པོ་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བ་འོག ་ནས་འབྱུང་བ་དང་སྦྱར་རོ། །ཕུང་པོར་ལྟ་བ་རབ་ཏུ་སྦད་བ་དང། ཁམས་སུ་ལྟ་བ་རབ་ཏུ་སྤང་བ་དང་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་པ་རབ་ཏུ་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང་དེ་མི་དམིགས་བའི ་ཚུལ་གྱིས་བགྱིད་དེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བའི་བར་དུ་ནི་ཆོས་ལ་བདག་མེད་བའི་དོན་ཆེན་པོ་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན་ཞེས་བྱ་བ་ནས། ་ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ལྟ་བ་སྤང་བའི་ཕྱིར་ཆོས་སྟོན་པ་ནི་སེམས་ཅན་ཕལ་ལ་མི་སྟོན་གྱི། རིགས་ཀྱི་ས་ནས་ཕྱིར ་མི་ལྡོག་པའི་ས་ལ་གནས་པ་མན་ཆད་ལ་སེམས་ཅན་གྱི་ཚོགས་ཆེན་པོ་ངེས་པ་ཞེས་བྱ་སྟེ། དེ་དག་ལ་ཆོས་སྟོན་ཅིང་དེ་དག་གི་ཕུལ་བྱེད་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་ན། སེམས་ཅན་གྱི་ཚོགས་ཆེན་པོ་དེ་དག་ལས་རིགས ་ཀྱིས་ས་ལ་གནས་པ་ལ་སོགས་པ་ཉན་ཐོས་དང། རང་སངས་རྒྱས་རྣམས་ནི་ཆོས་ལ་བདག་མེད་པ་མ་རྟོགས་པས་ཕུང་པོ་ལ་སོགས་པ་ལ་ཆོས་སུ་ལྟ་བ་འབྱུང་བ་ཡང་སྲིད་ན། ས་དང་པོ་ལ་གནས?་པ་ཡན་ཆད་གྱི་ཆོས་ལ་བདག་མེད་བརྟོགས ་པས་ཕུང་པོ་ལ་སོགས་པ་ཆོས་སུ་ལྟ་བ་ཅིའི་ཕྱིར་འབྱུང་བ་ཞེས་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཐབས་མི་མཁས་པས། བཏུགས་སུ ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་བྲིས་པའི་ལན་བཏབ་པ་སྟེ། བྱང ་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་མི་མཁས་པས་གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་དམིགས་པས་ལྟ་བ་བསྐྱེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན་ཞེས་བྱ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བར་འགྱུར་བ་ཡིན་ཏེ་ཞེས་བྱ་བའི་བར་དུ་ནི་ཇི?་ལྟར་ཐབས་མི་མཁས་པས་གཟུགས་ལ་སོགས་པ་ལ ་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་པར་གྱུར་པ་དེའི་ཕྱིར་གཟུགས་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་ལྟ་བར་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །ཐབས་མཁས་པས་ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚིག ་གི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་དང། ཆོས་ལ་བདག་མེད་པ་རྟོགས་བདག་ནི་གང་ཟག་དང་ཆོས་སུ་དམིགས་པའི་ཚུལ་གྱིས་ལྟ་བ་རྣམས་སྤང་པའི ་ཕྱིར་གང་ཟག་དང་ཆོས་ལ་བདག་མེད་པའི་དོན་ཆེན་པོ་སྟོན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན ་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་འཕགས་པ་རབ་འབྱོར ་གྱིས་བཤད་པ་བསྟན་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་དེ་ལྟ་བུ་ལ་ཡང་ཆགས་པ་མ་མཆིས་པས ་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པའི་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ལ་ཡང་ཆགས་པ་མེད་དེ། དེ་ལྟར་ཆགས་པ་མེད་པའི ་སེམས་ཆེ་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །མི་མཉམ་པ་དང་མཉམ་པའི་སེམས་ཞེས་བྱ་བ་ལ་མི་མཉམ་པ་ནི་བླ་ན་མེད་པའི་བྱང་ཆུབ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་གང་དང་མི་མཉམ་པ་དང་མཉམ་པའི ་ཕྱིར་བྱང་ཆུབ་གྱི་སེམས་དེ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པའི་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ཉན་ཐོས་དང ་རང་སངས་རྒྱས་ཐམས་ཅད་ལ་མེད་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནས། སེམས་དཔའ་ཆེན་པོའི་གྲངས་སུ་མཆིའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་ཀྱི་སེམས་དེ་ལ་ཆགས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཐམས་ཅད་མཁྱེན་པ་ཉིད ་ཀྱི་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཟག་པ་མ་མཆིས་ཤིང་ཁོངས་སུ་ཆུད་པ་མ་མཆིས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་རང ་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་ཟག་པ་མེད་ཅིང་ཁམས་གསུམ་གང་དུ་ཡང་མ་གཏོགས་ཏེ། དེ་ལྟར་དངོས་པོ་མེད་པའི་ཕྱིར་དེ་ལ་མ་ཆགས་སོ་ཞེས་བསྟན་པ་སྟེ། དེ་ལྟར་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་དེ ་ལྟ་བུ་ལ་ཡང་མ་ཆགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕལ་པ་མ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གྲངས་སུ་ཆུང་ངོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་པ་འདི་སྐད་ཅེས ་སྨས་སོ། །ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་དེ་ཉིད་འཁོར་རྣམས་ལ་གསལ་བར་བསྟན་པའི་ཕྱིར། འཕགས་པ་ཤཱ་རིའི་བུས་དྲིས་པ་དང། རབ་འབྱོར་གྱིས་ལན་བཏབ་པ་བསྟན་པ་སྟེ། སེམས་དང ་པོ་བསྐྱེད་ཕྱིན་ཆད་ཆོས་གང་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་རྣམ་པར་མེ་རྟོག་བའི་བྱང་ཆུབ་ཀྱི་སེམས་སྐྱེས་ཕན་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་སྐྱེ་བ་དང ་འགག་པ་དང། འཕེལ་བ་དང་འགྲིབ་པ་ལ་སོགས་པ་གང་ཡང་མེད་པར་རྟོགས་པ་དེ་ཉིད་མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ་ཞེས་བསྟན་པའོ། ་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གབ་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་བ་མེད་པ་ཁོང་དུ་ཆུད་པ་མེད་པ་དེ་ལྟ་བུའི་སེཾས་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་བ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ ་རབ་འབྱོར་དེ་བས་ན་གཟུགས་ཀྱང་ཆགས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་པ་དེ་ལྟ་བུ་ལ་ཆགས་པ་མེད་པ་འབའ་ཞིག་ཏུ་མ ་ཟད་ཀྱི་གཟུགས་དང་ཚོར་བ་ལ་སོགས་པ་ནས། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱིས་བང་དུ་འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི ་པར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱང་དེ་བཞིན་དུ་ཆགས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ཏེ། གཟུགས་ཀྱང་ཆགས་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱང་ཆགས་པ་མེད་དོ་ཞེས་བྱ་པའི་བར་དུ་ནི་འཕགས་པ་ཤཱ་རིའི་བུས་ཆོས་ཐམས་ཅད་ཆགས་པ་མེད་པར་བཤད་པ་ཉིད་འཕགས་པ་རབ་འབྱོར་གྱིས་བདེན་ནོ་དེ་བཞིན་ནོ་ཞེས་སྨྲས་པ་སྟེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཆགས་པ་མེད་པའི་རང་བཞིན་ཏེ། དེ་ལྟར་ཆོས་ཐམས་ཅད་ཆགས་པ་མེད་པའི་རང་བཞིན་དུ་རྟོགས་ཤིང་ཅི་ལ་ཡང་མ་ཆགས་པའི་ཕྱིར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་དང་སྦྱར་རོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མེད་ཅིང། ཁོངས་སུ་ཆུད་པར་མེད་དོ་ཞེས་སྨྲས་པ་འདི་དེ་ལྟ་ཡིན་ཏེ། ཚེ་དང ་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུད་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས ་དེ་འབའ་ཞིག་ཟག་པ་མེད་ཅིང་ཁོངས་སུ་ཆུད་པར་མ་ཟད་ཀྱི་བྱིས་པ་སོ་སོའི་སྐྱེ་བོའི་སེམས་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱང་དོན་དམ་པར་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར ་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བསྟན་པ་སྟེ། ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པའི་དོན་ནི་གོང་དུ་བཤད་ཟིན་ཏོ། །རབ་འབྱོར་གྱིས་སྨྲས་པ་དེ་བཞིན་ཏེ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང?་རང་བཞིན་སྟོང ་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་འཕགས་པ་ཤཱ་རིའི་བུས་ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ་ཞེས་དོན་མཐུན་པར་སྨྲས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི ་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོའི་སེམས་དང། ཉན་ཐོས་དང ་རང་སངས་རྒྱས་ཀྱི་སེམས་དང། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར། ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས ་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཇི་སྐད་དུ་སྨྲས་པ་དེ་བཞིན་ཏེ། གཟུགས་ཀྱང་རང་བཞིན ་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཤཱ་རིའི་བུས་ཇི་སྐད་སྨྲས་པ་དེ ་བཞིན་ཏེ་དོན་དམ་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་དེ་བདེན་ནོ་ཞེས་རབ་འབྱོར་གྱིས་ཤཱ་རིའི་བུ་དང་མཐུན་པར་སྨྲས་པ་བསྟན་པའོ། །སྨྲས་པ་ཚེ ་དང་ལྡན་པ་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སང་དུ་སེམས་མེད་པའི་ཕྱིར་སེམས་དེ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མཐད་དེ་ཞེས་བྱ་བ་ནི་སེམས་མེད་པ་དེ་སེམས་ཀྱི་རང་བཞིན་མེད་པའི ་ཕྱིར་ཅི་ལ་ཡང་ཆགས་པ་མེད་དོ་ཞེས་སྨྲས་པ་དེ་འབའ་ཞིག་ཏུ་མ་ཟད་ཀྱི། གཟུགས་མེད་པ་ལ་སོགས་པ་ཡང་གཟུགས་ལ་སོགས་པ་ལ་ཆགས་པ་མེད་དོ་ཞེས་བསྟན་པ་སྟེ། དེ་ལ་སེམས་མེད་པ་ཞེས་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན ་ཉིད་ཆོས་ཉིད་ཀྱི་སེམས་ལ་ཀུན་བརྟགས་པའི་སེམས་མེད་པའི་ཕྱིར་སེམས་མེད་པ་ཞེས་བྱའོ། །གཟུགས་མེད་པ་ཡང་གཟུགས་ལ་ཆགས་མེད་དོ་ཞེས་བྱ་བ་ལ་གཟུགས་མེད་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་ཆོས་ཉིད་ཀྱིས ་གཟུགས་ཀུན་བརྟགས་པའི་གཟུགས་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་མེད་པ་ཞེས་བྱ་སྟེ། ཡོངས་སུ་གྲུབ་པའི་རང་བཞིན་གཟུགས་མེད་པ་དེ་ཀུན་བརྟགས་པའི་གཟུགས་ལ་ཆགས་པ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ ་སོགས་པ་ནས་རྒ་ཤིའི་ཤར་དུ་འཇིག་རྟེན་པའི་ཆོས་རྣམས་དང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཡང་སྦྱར་བར་བྱའོ། །སྨྲས་པ་ཚེ་དང་ལྡན ་བ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མེད་དོ་ཞེས་བྱ་བའི་བར?་དུ་ནི། འཕགས ་པ་ཤཱ་རའི་བུས་བཤད་པའི་དོན་ཉིད་རབ་འབྱོར་གྱིས་བཟླས་ཏེ་སྨྲས་ནས་དེ་དེ་བཞིན་ནོ་ཞེས་དོན་མཐུན་པར་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ ་ནི་ཞེས་བྱ་བ་ནས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཆགས་པ་མེད་པར་གནས་པའི་དོན་མཇུག་མ་སྡུས་ནས་བསྟན་པ་སྟེ། དེ་ལྟར་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་ཐུན་མོང ་མ་ཡིན་པ་ལ་སོགས་པ་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་པའོ། །དེ་ལྟར་འཕགས་པ་རབ་འབྱོར་གྱི་སེམས་དཔའ་ཆེན་པོ ་ཞེས་བྱ་བའི་ཚིག་གི་དོན་བསྟན་ནས། དེའི་འོག་ཏུ་འཕགས་པ་གང་པོས་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་པ་སྐབས་དབྱེ་བའི་ཕྱིར། དེ་ནས་ཚེ་དང་ལྡན་པ་བྱམས་གང་གིས་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་བཤད་དེ། གོ་ཆ་ཆེན་པོ་བགོས་པ་དང། ཐེག་པ་ཆེན་པོ་ལ་ཞུགས་པ ་དང། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ད་ནི་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་ལགས་ཏེ་ཞེས་བྱ་བས་ནི་གོ་ཆ་ཆེན་པོ་བགོས་པ་བསྟན་ཏེ། ་སེམས་ཅན་མང་པོའི་དོན་དུ་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་ལ་རྩོམ་པའི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོ་བའི་ཕྱིར་བསམ་པ་རྒྱ་ཆེ་བ་བསྟན་ཏོ། །བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞགས ་པའི་སེམས་ཅན་ལགས་ལ་ཞེས་བྱ་བས་ནི་སྒྲུབ་པ་རྒྱ་ཆེ་བ་བསྟན་ཏེ། ཐེག་པ་ཆེན་པོ་ལ་ཞུགས་ནས་བདག་དང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པའི་ཕྱིར་རོ། །དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་སེམས་ཅན་ལགས་པས ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བྱ་སྟེ། དེ་ལ་གནས་པ་ནི་འབྲས་བུ་རྒྱ་ཆེ་བ་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་ཚེ་དང་ལྡན་པ་བྱམས་གང་གི་བུ་ལ་འདི་སྐད་ཅེས ་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱ་བ་ནི་གོ་ཆ་ཆེན་པོ་བགོས་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་དྲིས་པའོ། །གང་པོས་སྨྲས་པ། ཚེ་དང ་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་པ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བ་ལ་སོགས་པས་གོ་ཆ་ཆེན་པོ་བགོས་པའི་དོན་འཕགས་པ་གང་པོས་བཤད་པ་སྟེ། གོ་ཆ་ཆེན་པོ་བགོས་པ་ཡང་རྣམ་པ་གཉིས་ཏེ། བསམ་པ་རྒྱ་ཆེ་བ་དང། སྒྲུབ་པ་རྒྱ་ཚོ་བའོ། ། ་བསམ་པ་རྒྱ་ཆེ་བ་ཡང་རྣམ་པ་གསུམ་སྟེ། ཡུལ་ཡོངས་སུ་ཆད་པ་མེད་པ་དང། སེམས་ཅན་ཡོངས་སུ་ཆད་པ་མེད་པ་དང། སྦྱོར་བ་ཡོངས་སུ་ཆད་པ་མེད་པའོ། །དེ་ལ་ཡུལ་ཡོངས་ཆད་པ་མེད་པ་ནི་གད་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི ་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཉུང་ཟད་ཉི་ཚེ་ཞིག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་? ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བ་ནས། སེམས་ཅན་ཉུང་ཟད་ཉི་ཆེ་ཞིག་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་བསྒོམ་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད ་ཅིང་ཤེས་རབ་བསྒོམ་མོ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ས་ཕྱོགས་འདི་ཙམ་ཚུན་ཆད་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་མ་ཡིན་གྱི། ཕྱོགས་བཅུ་མཛའ་ཡས་མུ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་འདི་སྙེད་ཅིག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་བྱ་བ་ནས། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་གྱོན་ཏོ་ཞེས་བྱ་བའི་བར་དུ་ནི་སེམས་ཅན་ཡོངས་སུ་ཆད་པ་མེད་པའི་སྒོ་ནས་གོ་ཆ་ཆེན་པོ་བགོས་པ་ལ་བསྟན་པ་སྟེ། སེམས་ཅན་གྱི་གྲངས་འདི་སྙེད་ཅིག་ཕུང་པོའི ་ལྷག་མ་མ་ལུས་བའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་མི་སེམས་ཀྱི། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་རྣམས་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས ་བཟླའོ་སྙམ་དུ་སེམས་ཏེ། དེ་ལྟར་བསམ་པ་རྒྱ་ཆེ་ཞིང་གོ་ཆ་ཆེན་པོ་བགོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །དེ་འདི་སྙམ་དུ་སེམས་ཏེ་བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ ་རྫོགས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ནས་བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྦྱར་བར་བྱའོ་ཞེས་བྱ་བར་སེམས་བསྐྱེད་དེ། །ཆེ་དང་ལྡན་པ་ཤ་རདྭཱ་ཏིའི་བུ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་བཞེས་བྱའོ་ཞེས་བྱ་བའི་བར་དུ་སྦྱོར ་བ་ཡོངས་སུ་ཆད་པ་མེད་པའི་བསམ་པ་རྒྱ་ཆེ་བ་བསྟན་པ་སྟེ། བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་གནས་ཤིང། སེམས་ཅན་ཐམས་ཅད་ཀྱང་ཆོས་དེ་རྣམས་ལ་སྦྱར་བར ་བྱེད་པའི་བསམ་པ་རྒྱ་ཆེན་པོ་དང་ལྡན་པའི་གོ་ཆ་ཆེན་པོ་བགོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ ་གཏོང་སྟེ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང། མིང་ཡོངས་སུ་སྤྲོག་པར་མཛད་དེ་འཇིག་རྟེན ་གྱི་ཁམས་ཆེ་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ ་ཞེས་སྒྲ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ་ཞེས་བྱ་བའི་བར་དུ་ནི་སྒྲུབ་པ་རྒྱ་ཆེ་བ་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུགས་ཡོངས་སུ་རྫོགས་པར་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་གཅིག་གི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅང་འདུས་པ་སྒྲུབ་པའི་ཕྱིར་སྒྲུབ་པ་རྒྱ ་ཆེ་བའི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །དེ་ལ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་པ་ཞེས་བྱ་བ་ནས། ཚེ་དང་ལྡན་པ ་ཤཱ་རདྭཱ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་མཚན་མར་མི་དམིགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་བྱེད་པའི་གོ་ཆ་བགོས་པ་བསྟན་པའོ། ། ་དེ་ལ་ཡང་སྦྱིན་པ་ཡང་རྣམ་པ་གསུམ་སྟེ། ཆོས་སྦྱིན་པ་དང། མི་འཇིགས་པ་སྦྱིན་པ་དང། ཟང་ཟིང་སྦྱིན་པའོ། །དེ་ལ་ཆོས་སྦྱིན་པ་ནི་དམ་པའི་ཆོས་ཀྱི་ཚིག་དང་དོན་རྣམས་སྟོན་པ་དང། གླེགས་བམ་དུ་བྲིས་ཏེ་སྦྱིན་པ་ལ་སོགས་པའོ། །མི ་འཇིགས་པའི་སྦྱིན་པ་ནི་སྲོག་གི་བར་ཆད་དུ་འགྱུར་བ་ལ་སོགས་པའི་འཇིགས་པ་ལས་སྐྱབས་སུ་བྱེད་པའོ། །ཟང་ཟིང་གི་སྦྱིན་པ་ནི་ནོར་དང་འབྲུ་ལ་སོགས་པ་མདོག་པའི་དངོས་པོ་རྣམས་འཁོར་གསུམ་ཡོངས་སུ་དག་པར་གཏོང་བའོ། །དེ་ལྟར་སྦིན?་པ ་ཡོངས་སུ་གཏོང་བའི་ཚེ་སྦྱིན་པའི་འབྲས་བུ་དེ་ཡང་བདག་འབའ་ཞིག་གི་ཕྱིར་ཡོངས་སུ་མི་བསྔོའོ། །སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་སྦྱིན་པ་ཡོངས་སུ་གཏང་པའི་ཕ་ ་རོལ་ཏུ་ཕྱིན་པའི་གོ་ཆ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་པ་ན་སྦྱིན་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་ཡི་དམ་བཅས་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་དོན་དུ་མི་བསྔོ ་ཞིང། ཡིད་དམ་མ་ཉམས་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་པའི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་སྦྱིན་པར་བྱེད་པ་དང། སྤྱན་པར་བྱ་བ་དང། ལེན་པ་རྣམས་དམིགས ་སུ་མེད་པའི་ཆོས་ཟབ་མོས་མི་སྐྲག་པ་ཉིད་སྦྱིན་པ་ཡོངས་སུ་གཏོད་པའི་ཚེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཨིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་བྱེད་པ་ལ་སྙོམ་ལས་མེད་པ ་དང། སྦྱིན་པའི་འབྲས་བུ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཡུན་རིང་དུ་འབད་ཀྱང་མི་སྐྱོ་ཞིང་བརྩོན་འགྲུས་ཉམས་པར?་མི་བྱེད་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན ་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་སེམས་སྐྱེ་བ་རྣམས་ཀྱི་སེམས་མ་ཡེངས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་རྩེ་གཅིག་ཏུ་དམིགས་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་བའི ་ཚེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས་དོན་དམ་པར་སྦྱིན་པར་བྱ་བ་དང། གཏོང་བ་དང་ལེན་པ་རྣམས་མི ་དམིགས་པ་ཉིད་སྦྱིན་པ་ཡོངས་སུ་གཏོང་བའི་ཆོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི ་ཡིད་ལ་བྱ་བས་ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་མཚན་མར་མི་བྱེད་ཅིང་མི་དམིགས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན ་པ་དྲུག་ཅར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་འཁོར་གསུམ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་པར་འགྱུར་བ་བསྟན་པ་སྟེ། དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཡང་དེ་དག་ལ ་མཚན་མར་མི་འཛིན་པ་དང། ཀུན་རྫོབ་ཏུ་འཛིན་པའི་འབྲས་བུ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཡང། དོན་དམ་པར་དེ་དག་གི་མཚན་མ་ལ་མི་དམིགས་པ་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བྱིན་པ་ཞེས་བྱ་སྟེ། དེ་ལྟར་གྲུབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ན་གྲུབ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་བགོས་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཕ་རོལ་ཏུ ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ ་པ་བསྟན་པ་སྟེ། དེ་ལ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་སྦྱིན་པ་གང་ཡོངས་སུ ་གཏོང་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་པའི་མིའི?་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང། སེམས ་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སྲོག་མི་གཅོད་པ་དང་མ་བྱིན་པར་མི་ལེན་པ་ལ་སོགས་པའོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་དམ་པའི་ཆོས་ཉན་པ་དང། སེམས་པ་དང་བསྒོམ་པ ་ལ་སོགས་པའོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སྦྱིན་པ་ལ་སོགས་པ་བསྔོ?་བ་རྣམ་པ་བཞིས་སེམས་ཅན་གྱི་དོན་བྱེད་པ་སྟེ། ཚུལ་ཁྲིམས་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྦྱིན་པ་ཡོངས་སུ་གཏོང་བ་ནི་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཨོངས་སུ་བསྔོ་བ་ནི་སྔར་བཤད་པ་བཞིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མོས་པ་མ་སྐྱེས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཐོབ་པར་བྱ་བའི་ཡིད་དམ་བླངས་པ་མ་ཉམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཚུལ་ཁྲིམས་བསྲུང་བ་དང། ཚུལ་ཁྲིམས་དང་བསྲུང་པར་བྱ་བའི་དངོས་པོ ་རྣམས་མི་དམིགས་པའི་ཆོས་དེ་དག་ལ་བཟོད་ཅིང་མོས་པ་དང། བརྟེན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་བརྩོན་འགྲུས་ཉམས་པར་མི་བྱེད་པ་དང། ཉན་ཐོས་དང། རང་སངས ་རྒྱས་ཀྱི་སེམས་ཀྱི་གོ་མི་འབྱོད?་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་རྩེ་གཅིག་ཏུ་དམིགས་པ་ལས་གཞན་དུ་མི་གཡེང་བ་དང། ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་པ་ལ་སོགས་པ་བརྩོན་འགྲུས་དང། ་བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས་པ་ཡིན་པར་བཤད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བཤད་པ་བཞིན་ནོ། །ཚེ་དང་ལྡན་པར་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པའི་གོ་ཆ་བགོས་པ་བསྟན་པའོ། །དེ་ལ་བཟོད་པའི་ཕ ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་དང། གཞན་གྱིས་གནོད་པར་བྱས་པ་ལ་བཟོད་པ་དང། ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །དེ་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་ནི་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བར་བྱ་པའི་ཕྱིར་དཀའ་བ་སྤྱོད་པའི་ཚེ་ན་པ་དང་ཚ་བ་དང་གྲང་བ་དང་བཀྲེས་པ་དང། སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་ལ་ཇི་མི་སྙམ་པའོ། །གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་ནི ་གཞན་གྱིས་སྤྱོད་པ་སླར་མི་གཤེ་བ་དང། །གཞན་གྱིས་མཚང་བྲུས་པ་ལ་སླར་མཚང་མི་འབྲུ་བ་དང། བཞན་གྱིས་བརྡེག་པ་ལ་སླར་མི་བརྡེག་པ་ལ་སོགས་པའོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི ་དམ་པའི་ཆོས་ལ་ཉན་པ་དང། སེམས་པ་དང་བསྒོམ་པའི་ཆེ་ཆོས་བདག་མེད་པའི་དོན་ཟབ་མོ་སྐྱེ་བ་དང། འགག་པ་མེད་པ་ལ་སོགས་པས་མི་འཇིགས་མི་སྐྲག་པའོ། །དེ་ལ་གཞན་གྱིས་གནོད་པ་བྱས་པ་ལ་བཟོད་ཅིང་སླར་གནོད ་པ་མི་བྱེད་པ་ཉིད་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པ་ཡིན་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན ་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་བྱ་བར་ནི་མི་སེམས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་སེམས་པའི་ཡི་དམ་མ་ཉམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ། བཟོད་པ་བྱེད་པ་དང། བཟོད་པའི་དངོས་པོ་དང། བཟོད་པར་བྱ་བའི་ཡུལ་རྣམས་དོན་དམ་པར་མི་དམིགས་པ་དང། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བའི་དོན་ཟབ་མོས་མི་སྐྲག་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་བརྩོན་འགྲུས་ཉམས་པར་མི་བྱེད་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པས་མ་ཡེངས་ཤིག་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་ལ་སེམས་རྩེ་གཅིག་ཏུ་གྱུར་པ་དང། ཆོས ་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཤིང་བཟོད་པ་དེས་རློམ་སེམས་སུ་མི་བྱེད་པ་རྣམས་ནི་བརྩོན་འགྲུས་དང་བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཆེ་དང་ལྡན་པ་ཤཱ་རང་ཏིའི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཆེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བལྟར། ་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས ་པར་བྱ་བའི་གོ་ཆ་བགོས་པ་བསྟན་པའོ། །དེ་ལ་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། གོ་ཆའི་བརྩོན་འགྲུས་དང་དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་དང་སེམས་ཅན་གྱི་དོན་སྤྱོད་པའི་བརྩོན་འགྲུས་སོ། །དེ་ལ་གོ་ཆའི་བརྩོན་འགྲུས་ནི་བདག་དང ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་སེམས་དང་པོ་བསྐྱེད་ཅིང་ཆ་བའོ། །དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་ནི་དམ་པའི་ཆོས་ཉན་པ་དང། སེམས་པ་དང། བསྒོམ་པ་དང། མཆོད་རྟེན་གྱི་ལས་བྱེད་པ་ལ་སོགས་པའོ། །སེམས་ཅན ་གྱི་དོན་སྤྱོད་པའི་བརྩོན་འགྲུས་མི་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ལ་ཕན་འདོགས་བ་སྟེ། དེ་ལྟར་བརྩོན་འགྲུས་བརྩོམ་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་བས་སེམས་ཅན་གྱི་དོན་བྱེད་པ་ནི་བརྩོན་འགྲུས་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟར་བརྩོན་འགྲུས་བརྩོམ་པའི་ཚེ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི ་ཡིད་ལ་བྱ་བ་མི་གཏོང་བ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཡི་དམ་བཅས་པ་ལས་མ་ཉམས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ཏེ་སྔ་མ་བཞིན་ནོ།། ་དེ་ལྟར་བརྩོན་འགྲུས་བརྩོམ་པའི་ཆེ་བརྩོན་འགྲུས་བརྩམ་པ་དང་བརྩོན་འགྲུས་སུ་བྱ་བའི་ཆོས་རྣམས་མི་དམིགས་པ་ལ་བཟོད་པ་དང། མོས་དང། དེ་ལ་བརྟེན་ཅིང་མི་འཇིགས་མི་སྐྲག་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ།། ་དེ་བཞིན་དུ་བརྩོན་འགྲུས་བརྩོམ་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་བརྩོམ་པ་ཉམས་པར་ཡང་མི་བྱེད། ཧ་ཅང་བརྟུན་ངས་པར་ཡང་མི་བྱེད་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བཞིན་དུ་བརྩོན ་འགྲུས་བརྩོམ་པ་ན་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་སེམས་མ་ཡེངས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སེམས་རྩེ་གཅིག་ཏུ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ།། ་དེ་བཞིན་བརྩོན་འགྲུས་བརྩོམ་པ་ན་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་པ་དང། བརྩོན་འགྲུས་དེས་རློམ་སེམས་སུ་མི་བྱེད་པ་དང། བརྩོན་འགྲུས་དེ་ཡང་མི་དམིགས་པ་དང། དགེ་བའི་རྩ་བ ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར ་སྐྱོང་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད ་པའི་གོ་ཆ་བགོས་པ་བསྟན་པའོ། །དེ་ལ་བསམ་གཏན་ཡང་རྣམ་པ་གསུམ་སྟེ། རྣམ་པར་མི་རྟོག་ཅིང་སེམས་ཞི་བ་དང། རབ་ཏུ་ཞི་བས་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་བསམ་གཏན་དང། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ ་གཏན་དང། སེམས་ཅན་གྱི་དོན་མངོན་པར་བསྒྲུབ་པའི་བསམ་གཏན་ནོ། །དེ་ལ་རྣམ་པར་མི་རྟོག་ཅིང་སེམས་ཞི་བ་དང། རབ་ཏུ་ཞི་བས་ཉོན་མོངས་པའི་གཉེན་པོ་བསྒོམ་པའི་བསམ་གཏན་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ཏེ ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལ་གཡང་པའི་སེམས་རྣམས་ཞི་བར་བྱས་ནས་ཉོན་མོངས་པའི་གཉེན་པོ་མི་སྡུག་པ་དང། བྱམས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་པ་ལ་སོགས་པ་བསྒོམ་པའོ། །ཡོན་ཏན་མངོན ་པར་བསྒྲུབ་པའི་བསམ་གཏན་ནི་ཏིང་ངེ་འཛིན་རྩེ་གཅིག་ཏུ་བཞག་པའི་བསམ་གཏན་བསྒོམས་པ་ལས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་པར་འགྱུར་བའོ། །སེམས་ཅན་གྱི་དོན་བསྒྲུབ་པའི་བསམ ་གཏན་ནི་བསྒོམ་པའི་མཐུས་ནམ་མཁའ་ལས་རིན་པོ་ཆེ་ལ་སོགས་པ་ནོར་སྣ་ཚོགས་ཆར་བཞིན་དུ་འབབ་པ་ལ་སོགས་པས་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་སྐོང་པའོ། །དེ་ལྟར་བསམ་གཏན་བྱེད་པའི་ཚེ་སེམས་ཅན་གྱི་དོན་མངོན་པར ་བསྒྲུབ་པའི་བསམ་གཏན་སྦྱིན་པ་བྱས་པས། སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒྲུབ་པ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། དེ་བཞིན་དུ་བསམ་ ་གཏན་བསྒོམ་པའི་ཚེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་མི་སེམས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་དམ་བཅས་པ་ལས་མ་ཉམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡོངས་སུ་རྫོགས་པ་ཡིན་ཏེ་སྔ་མ་བཞིན་ནོ། །དེ་བཞིན་དུ་བསམ་གཏན་བྱེད་པའི་ཚེ་ཆོས་ཟབ་མོས་མི་སྐྲག་པ་དང། གཞན་གྱི་གནོད་པ་བྱས་པ་ལ་ཇི་མི་སྙམ་པ་དང། སྡུག་བསྔལ་ཐམས་ཅད་ཉམས་སུ་ལེན་པ་ཉིད་བསམ་གཏན་གྱི་ཕ ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཚེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་བཞིན་དུ་བསམ་གཏན་བསྒོམ་པའི་ཚེ་ལེ་ལོའི་དབང་དུ་མ་གྱུར་ཅིང་བརྩོན་འགྲུས་མ་ཉམས་པ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ ་དེ་བཞིན་དུ་བསམ་གཏན་གོང་དུ་སྨོས་པ་རྣམ་པ་གསུམ་ལས་གང་ཡང་རུང་བ་གཅིག་བསྒོམ་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བའི་སེམས་རྩེ་གཅིག་ཏུ་བཞག་པ་ལས་མ་ཉམས་ཤིང། ཉན་ཐོས་དང་རང་སངས་རྒྱས་ཀྱི ་ཡིད་ལ་བྱེད་པས་སེམས་གུང་དུ་མ་ཡེངས་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའོ། །དེ་བཞིན་དུ་བསམ་གཏན་བསྒོམ་པའི་ཚེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་འདུ་ཤེས་ཉེ་བར་འཇིག་ཅིང་བསམ་གཏན་ཉིད་ཀྱང་མི ་དམིགས་ལ་བསམ་གཏན་དེས་རློམ་སེམས་སུ་ཡང་མི་བྱེད་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ ་ཕྱིན་པ་འདི་དག་པར་སེམས་ཅན་དང་བྱང་ཆུབ་ལ་མཚན་མར་མི་བྱེད་མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཆེན་པོའི་ཞེས་བྱ་བའི་བར་དུ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བསྒྲུབ་པའི་གོ་ཆ་བགོས་པའི་བསྟན་པའོ། །དེ་ལ་ཤེས་རབ་ཀྱང་རྣམ་པ་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་དང། དོན་དམ་པ་ལ་དམིགS ་པ་དང། སེམས་ཅན་གྱི་དོན་ལ་དམིགས་བའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང། སྤྱིའི་མཚན་ཉིད ་རྟོག་པའོ། །དོན་དམ་པ་ལ་དམིགས་པའི་ཤེས་རབ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་བོ། །སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་ནི་སེམས་ཅན་རྣམས་ཐབས་གང་གིས་འདུལ་བའི་དམིགས་ཤེས་རབ་ཀྱིས་བརྟབས་ནས་སྦྱིན་པ་ལ ་སོགས་པ་བསྡུ་པའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུས་ཤིང་ཕན་འདོགས་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པ་ན་སྦྱིན་པས་སེམས་ཅན་ཡོངས་སུ་བསྡུས་ཏེ། འཁོར་གསུམ་ཡོངས་སུ་དག་པའི ་སྦྱིན་པ་གཏོང་བ་ཉིད་སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པ་ན་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་བསམས་པའི་ཡིད་དམ་མ་ཉམས་ཤིང། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་བྱ་བར་མི་སེམས་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་པ་དང། རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཡིད་ལ་བྱ་བའི་ཆོས་ཟབ་མོ་དམིགས་སུ་མེད་པ་ལ་བཟོད་པ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་པོ་སྒྲུབ་པའི་བརྩོན་འགྲུས་མཉམས་པ་ཉིད ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པས་སེམས་གུང་དུ་མ་ཡངས་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང། ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་སྒྲུབ་པའི་ཚེ་ཆོས་ཐམས་ཅད་སྒྱུ་མར་བྱས་པའི་འདུ་ཤེས་ཉེ་བར་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་དེས་བློམ་སེམས་སུ ་མི་བྱེད་པ་དང། ཀུན་རྫོབ་ཏུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་བསྒྲུབ་པའི་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལ་མཁས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་གོ་ཆ་བགོས་པ་ཡིན་པར་བཤད་པ་ནི་ལྔ་མ་བཞིན་ནོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་འདི་དག་དང ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱེ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་གཞིག?་གི་ནང་དུ་ཕ་རོལ་ཏུ་ཕྱིན་པ?་དུ་གི་བསྡུ་བའི་དོན་མཇུག་བསྡུས་ནས ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སེམས་ཅན་དང། བླ་ན་མེད་པའི་བྱང་ཆུབ་ཀྱང་དོན་དམ་པར་དམིགས་སུ་མེད་པས་དེ་དག་ལ་མཚན་མར་མི་འཛིན་ཅིང་མི་དམིགས་པ་ཉིད་ཕ་རོལ ་ཏུ་ཕྱིན་པ་དྲུག་ཅར་འཁོར་གསུམ་ཡོངས་སུ་དག་པར་དོན་གཅིག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་ཞེས་བཤད་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་མཉམ་པར་འཇོག་སྟེ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གི?་ཆ? ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་པར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཚེ། ཤེས་རབ་ཀྱིས་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་ལ་ཐབས་ཀྱིས་བསམ་གཏན་དང། ཚད་མེད་པ་དང། ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་འཇོག་ཀྱང། འཇིག་རྟེན་པ་དང། ཉན་ཐོས་དང། རང་སངས་རྒྱས་ལྟར་བསམ་གཏན་ལ་སོགས་པའི་དབང་དུ་མི་འགྱུར་བ་བསྟན་པ་སྟེ། བསམ་གཏན་དང། ཚད་མེད་པ་དང ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རོ་ཡང་མྱོང་བར་མི་བྱེད་དོ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་བཞི་དང། བྱམས་པ་ལ་སོགས་པ་ཚེད་མེད་པ་བཞི་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད ་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་མཉམ་པར་བཞག་པའི་བདེ་བ་ལ་ཡང་ཆགས་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ ་དག་གིས་ཀྱང་མི་འཕྲོགས་ཞེས་བྱ་བ་ནི་བསམ་གཏན་དྡང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཏིང་ངེ་འཛིན་གྲུབ་ཀྱང། དེས་ཆོག་པར་མི་འཛིན་པར་གོང་ནས་གོང་དུ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རྒྱ་ཆེན ་པོ་རྣམས་ལ་སྤྱོད་ཅིང་སྒྲུབ་བོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་ཀྱང་མི་སྐྱེའོ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་འཇིག་རྟེན་པའི་ལམ ་གྱིས་བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒྲུབས་ནས། དེ་དག་གྲུབ་པའི་འབྲས་བུ་གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་བྱེད་ཀྱི། དེ་བས་ཀྱང་གོང ་ནས་གོང་དུ་འཕར་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་མཁས་པ་དང་འགྲོགས་པའོ་ཞེས་བྱ་བ ་ནི་དེ་ལྟར་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་གྲུབ་ལ། ཤེས་རབ་ཀྱིས་དེ་དག་སྒྱུ་མ་ལ་སོགས་པ་བཞིན་དུ་རྟོགས་པས་དེ་དག་གི་དབང་དུ་མ་གྱུར་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཐབས་མཁས་པ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བཔོ་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་དབེན ་བ་མཐོང་བ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མཐོང་བས་མཉམ་པར་འཇོག་སྟེ། ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་བགོས་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་བསམ ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་འཇོག་ཀྱང་ཤེས་རབ་ཀྱི་དབང་གིས་དེ་དག་སྒྱུ་མ་ལྟ་བུར་རྟོགས་པས་དོན་དམ་པར་དངོས་པོར་མི་འཛིན་པའི་ཕྱིར་དབེན་པ་མཐོང་བ་དང ་དེ་ལྟར་དབེན་པར་མཐོང་བས་རྣམ་པ་མཐར་བའི་སྒོ་གསུམ་དང་ལྡན་པའི་ཕྱིར་འཇིག་རྟེན་པ་ལྟར་བསམ་གཏན་ལ་སོགས་པའི་དབང་གིས་ཁམས་གསུམ་དུ་ཡང་མི་སྐྱེ་བ་དང། ཉན་ཐོས་དང་རང་སངས་རྒྱས་ལྟར་མྱ་ངན་ལས་འདས་པ་ཡང་དག་པའི ་མཛའ་ལ་མངོན་སུམ་དུ་མི་བྱེད་པ་དང། དེ་ལྟར་ཡང་དག་པའི་མཛའ་མངོན་དུ་མི་བྱེད་པས་སྒྲུབ་པ་རྒྱ་ཆེ་བའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནན་ཏེ། དེ་བས་ན་སྒྲུབ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་དགོས་པ་ཡིན་ནོ་ཞེས་བསྟན་པའོ ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་བགོས་པ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དྡག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཆེད་དུ་བརྗོད་པ་ཆད་དུ ་བརྗོད་ཅིང་མིང་ཡོངས་སུ་སྒྲོག་པ་མཛད་དེ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་མིང་ཡོངས་སུ་སྒྲོག་པ་མཛད་དོ། ་འཇིག་རྟེན་གྱི་ཁམས་ཚིག་མོ་ཞིག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་འདི་ལྟ་བུ་ཞིག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །རྫུ་འཕྲུལ་གྱིས་རྣམ་པར་རྩེའོ་ཞེས་སྒྲ ་བརྗོད་པ་མཛད་ཅིང་དབྱངས་རྗེས་སུ་སྒྲོག་གོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་སྒྲུབ་པ་རྒྱ་ཆེན་པོ་ལ་སྤྱོད་ཅིང། གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས ་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་བསྔགས་པའི་ཕན་ཡོན་བསྟན་པའོ། །དེ་ལྟར་གོ་ཆ་ཆེན་པོ་བགོས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་ནས་དེའི་འོག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར ་ཞུགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་སྨས་པ་ཚེ་དན་ལྡན་པ་གང་པོ་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ ་ཆེན་པོ་ལ་ཡང་དག་པར་ཞུགས་ཞེས་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན་ཞེས་བྱ་བ་སོགས་པ་བཤད་དོ། །དེ་ལ་ཐེག་པ་ཆེན་པོ་དང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡང་རྣམ་པ་དགུས ་བསྟན་ཏེ། གང་བོས་སྨྲས་པ་ཚེ་དང་ལྡན་བ་ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་བའི་ཞར་ལ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང། ཚད་མེད་པ ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཐེག་པ་ཆེན་པོའི་ཚུལ་དུ་བསྒོམ་པ་ནི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ལ། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ཡིན་ན་ཞེས་བསྟན་པ་སྟེ་དང ་པོའོ། །དེ་ལ་སྨྲས་པ་ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ཡིན་ཞེས་བྱ་བ་ནི ་གོང་དུ་འཕགས་པ་གང་པོས་བཅོམ་ལྡན་འདས་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའིསེམས་ཅན་ལགས་ལ་ཞེས་མདོར་སྨྲས་པའི་དོན་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་འཕགས་པ་ཤཱ་རིའི་བུས་དྲིས་བའོ། ། ་གང་པོས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདོད་པས་དབེན་སྡིག་རོ་མི་དགེབའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ལ ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བླངས་ཏེ་སྤྱོད་པའི་ཞར་ལ་བསམ་གཏན་དང། ཆད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམས་པས་ཐེག་པ་ཆེན་པོ ་ལ་ཡང་དག་པར་ཞུགས་པ་ཡིན་པ་བསྟན་ཏོ། །དེ་ལ་འདོད་པས་དབེན?་སྡིག་ཏོ་མི་དགེ་པའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེ་བ་དགའ་བ་དང། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས ་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་དང་པོའི་རང་བཞིན་དང། ཡོན་ཏན་བཤད་པ་སྟེ། དེ་ལ་འདོད་པ་དབེན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང། འདོད་པའི་ཁམས་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང། རེག་བྱ ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་འདོད་པའི་རྒྱུ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ། ཆད་བས་སྤྱོད་པ་དང ་མཚོན་གྱིས་འདེབས་པ་དང། འཐབ་པ་དང་བརྩོད་པ་དང། གཡོ་བའི་ཚིག་དང་གནོད་བར་བྱེད་པ་དང། རྫུན་དུ་སྨྲ་བ་ལ་སོགས་པ་ལས་དབེན་པའོ། །རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས ་པ་རྣམས་ལ་སུན་འབྱིན་པའི་རྣམ་པར་རྟོག་པ་སྤོམ་པོ་དང་རྣམ་པར་དཔྱོད་པ་ཕྲ་མོ་གཉིས་མ་སྤངས་པའི་ཕྱིར་རོ། །དབེན་པ་ལས་སྐྱེས་པ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་སྒྲིབ་པ་རྣམས་ལས་དབེན་པ་ལས་སྐྱེས་པའི་ཕྱིར་རོ། །དགའ་བ་དང ་བདེ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི་ལུས་དང་སེམས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བར་གྱུར་བའི་ཕྱིར་རོ། །བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བསམ ་གཏན་དེ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་བས་རྣམ་པར་རྟོག་པ་མེད་པ་རྣམ་པར་དཔྱོད་པ་མེད་པ། ཏིང་ངེ་འཛིན ་ལས་སྐྱེས་པ་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་གཉིས་བའི་རང་བཞིན་དང་ཡོན་ཏན་བསྟན་པ་སྟེ། བསམ་གཏན་དང་པོའི་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ ་གཉིས་སྐྱོན་དུ་མཐོང་ནས། རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་གཉིས་སྤངས་པའི་ཕྱིར། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་བ་ཞེས་བྱའོ། དེ་ཡོངས་སུ་དང་སྟེ་སེམས་ཀྱིས་རྒྱུད་གཅིག་ཏུ་གྱུར་བ་ཞེས་བྱ་བ་ནི་དེ་ལྟར ་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་སྤངས་ཤིང་སེམས་ཅི་ལ་ཡང་མི་གཡེང་བར་ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་པས་སེམས་གསལ་བ་ལ་བྱའོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་མེད་པ་ནི་གོང་དུ་བཤད་པ་བཞིན་ནོ། །ཏིང་ངེ ་འཛིན་ལས་སྐྱེས་པ་ཞེས་བྱ་བ་ནི་དེ་ལྟར་རྟོག་པ་དང་དཔྱོད་པ་མེད་ཅིང་སེམས་རྩེ་གཅིག་ཏུ་གྱུར་པ་ཉིད་ལ་བྱའོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་ལྡན་ཞིང ་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱི་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་ལ་ཉེ་བར ་བསྒྲུབས་ཏེ་གནས་སོ། །ཞེས་བྱ་བ་ནི་བསམ་གཏན་གསུམ་པའི་རང་བཞིན་དང་ཡོན་ཏན་བསྟན་པ་སྟེ། དེ་དགའ་བ་ལས་འདོད་ཆགས་བྲལ་བས་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་ལུས་དང་སེམས་རབ་ཏུ་སྦྱངས་ཤིང་ལས་སུ ་རུང་བའི་དགའ་བས་སེམས་གཡེང་བ་འབྱུང་གི་བསམ་གཏན་གསུམ་པ་འདི་ལ་དེ་ལྟ་བུའི་དགའ་བ་ལ་ཆགས་པའི་སེམས་གཡེང་བ་ཕྲ་མོ་ཡང་སྤངས་བའི་ཕྱིར་རོ། །དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ་ཞེས་བྱ ་བ་ནི་དྲན་པ་དང་ཤེས། བཞིན་གཉིས་ཀྱིས་དགའ་བ་ལ་ཆགས་པའི་སེམས་གཡེང་བ་འབྱུང་བའི་གོ་སྐབས་མེད་པར་བྱས་ནས། དགའ་བའི་གཡེང་བ་འབྱུང་བར་དོགས་པ་མེད་དེ། སེམས་ལྷུན་གྱིས་གྲུབ་པར་གྱུར་པ་ལ་བཏང་སྙོམས་? ་གནས་པ་ཞེས་བྱའོ། །བདེ་བ་ལུས་ཀྱིས་མྱོང་ཞེས་བྱ་བ་ནི་དེ་ལྟར་ལུས་དང་སེམས་ལས་སུ་རུང་ཞིང་ཤིན་ཏུ་སྦྱངས་པས་ལུས་བག་ཡོངས་སུ་གྱུར་བའི་བདེ་བ་ཉམས་སུ་མྱོང་བ་ལ་བྱའོ། །འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་བའོ་ཞེས་བརྗོད་པ་སྟེ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསམ་གཏན་པ་དེ་ལ་དྲན་པ་དང་ལྡན་ཞིང་བདེ་བ་ལ་སྤྱོད་པ་བཏང་སྙོམས་སུ་གནས་བའོ། །ཞེས་ཡོན་ཏན ་བསྔགས་ཤིང་བརྗོད་པའི་ཕྱིར་རོ། །དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དགའ་བ་ལ་ཆགས་པ་དང་བྲལ་བའི་མཚན་ཉིད་སྔར་བཤད་པ་དེ་ལྟ་བུ་དང་ལྡན་པའི་བསམ་གཏན་ཡོངས་སུ ་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད་སྡུག་བསྔལ་མེད་པ་དང་བཏང་སྙོམས་དང་དྲན་པས་བསཾ ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་རང་བཞིན་དང། ཡོན་ཏན་བསྟན་པ་སྟེ། དེ་ལ་བདེ་བ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་བདེ་བ་ལུས ་གྱིས་མྱོང་བ་ཞེས་བྱ་བ་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར་རོ། །སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ལ་ནང་ཡོངས་སུ་དང་ཞིང། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་ཏེ། སྡུག་བསྔལ་སྤངས་ཟིན་པས་བསམ་གཏན ་བཞི་པ་འདི་ལ་མེད་པའི་ཕྱིར་རོ། །ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་ལ་དགའ་བ་ལ་ཆགས་པ་དང་བྲལ་ཞེས་འབྱུང་བས། ཡིད་བདེ་བ་ཞེས་བྱ་བ་ནི་དགའ་བ་ལ་བྱ་སྟེ། ཡིད ་བདེ་བ་དེ་བསམ་གཏན་གསུམ་ལ་སྤངས་ཟིན་པས་བསམ་གཏན་བཞི་པ་འདི་ལ་མེད་པ་དང། བསམ་གཏན་གཉིས་པ་ལ་ནང་ཡོངས་སུ་དང་ཞིང་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་ཏེ། ཡིད་མི་བདེ་བ་མེད་པར་གྱུར་ཟིན་པས་བསམ་གཏན་བཞི ་པ་འདི་ལ་སྤང་མི་དགོས་པའི་ཕྱིར་ཡིད་བདེ་བ་དང་མི་བདེ་བ་སྔ་ནས་ཀྱང་ནུབ་པས་ཞེས་བྱ་བ་བཤད་དོ། །བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་ཞེས་བྱ་བ་ནི་དེ་ལྟར་སྔ་ནས་བདེ་བ་དང ་སྡུག་བསྔལ་སྤངས་ཏེ། བསམ་གཏན་གྱི་སྐྱོན་རྣམས་ཀྱིས་གོས་པར་དོགས་ཤིང་བག་ཚ་བ་མེད་དེ། སེམས་ལྷུན་གྱིས་གྲུབ་པས་བཏང་སྙོམས་ཡོངས་སུ་དག་པ་དང། དྲན་པ་ཡོངས་སུ་དག་པ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བྱམས ་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡོངས་པ་ཞེས་བྱ་བ་ནས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའ་ཨི་མཛའ་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ་མོས་བར་བྱས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཞར་ལ་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བསྒོམ་པའི་ཕྱིར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསྟན་པ་སྟེ། དེ་ལ་ཚད་མེད་པ་ཞེས་བྱ་བ་ནི་སེམས་ཅན ་ཚད་མེད་པ་ལ་དམིགས་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་རྒྱུར་གྱུར་བ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཚད་མེད་པ་རྣམས་འཐོབ་པའི་རྒྱུར ་གྱུར་བའི་ཕྱིར་ཚད་མེད་པ་ཞེས་བྱའོ། །དེ་ལ་བྱམས་པ་ལ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང། ཆོས་ལ་དམིགས་པ་དང། དམིགས་པ་མེད་པའི་བྱམས་པའོ། །དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི་མོས་བས ་སྤྱོད་པའི་ས་ལ་སེམས་ཅན་རྣམས་ལ་དམིགས་ཤིང་བྱམས་པ་བསྒོམ་པའོ། །ཆོས་ལ་དམིགས་པའི་བྱམས་པ་ནི་ས་དང་པོ་ནས་ས་བདུན་པའི་བར་དུ་དེ་བཞིན་ཉིད་ལ་དམིགས་ཤིང་འཁོར་གསུམ་ཡོངས་སུ་དག་པར་བྱམས་པ་བསྒོམ་པའོ། ། ་དམིགས་པ་མེད་པའི་བྱམས་པ་ནི་ས་བརྒྱད་པ་ཡན་ཆད་མཚན་མ་མེད་ཅིང་རྩོལ་བ་མེད་དེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་བས་དེ་བཞིན་ཉིད་ཙམ་ལ་ཡང་མི་དམིགས་པར་འཁོར་གསུམ་ཡོངས་སུ་དག་པར་བྱམས་པ་བསྒོམ་པའོ། །དེ ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་བྱམས་བའི་ཡོན་ཏན་བསྟན་པ་སྟེ། དེ་ལ་རྒྱ་ཆེན་པོ་ཞེས་བྱ་བ་ནི་བསམ་གཏན་རྒྱ་ཆེ་བའི་ཕྱིར་རོ། །ཤིན་ཏུ་ཡངས་པ་ཞེས་བྱ་བ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་ཀྱི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཇེ་ཡངས་ཇེ་ཡངས་སུ་སྤེལ་ཞིང་བསྒོམ་པའི་ཕྱིར་རོ། །མིང་གཉིས་པ་ཞེས་བྱ་བ་ནི་བྱམས་པའི་རང་བཞིན་རྣམ་པར་མི་རྟོག་པའི་བདག་ཉིད་རོ་གཅིག་པའི་ཕྱིར་རོ། །ཚད་མེད་པ་ཞེས་བྱ་བ་ནི་སེམས ་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །གཅུགས་མེད་པ་ཞེས་བྱ་བ་ནི་ནང་གི་སེམས་ཀྱིས་གནོད་པར་བྱ་བའི་བསམ་པ་མེད་པའི་ཕྱིར་རོ། །ལྟོད་པ་མེད་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ནོར་རྫས་ལ་སོགས་པ་? ་ལྷོད་པ་ལས་གནོད་པར་བྱེད་པ་མེད་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ཤིན་ཏུ་བསྒོམས་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སེམས་ཅན་ལ་སོགས་པ་ལ་དམིགས་པ་དང། དོན་དམ་པར་འཁོར་གསུམ་ཡོངས་སུ་དག་པར་བསྒོམ་པ་གོམས ་པར་བྱས་པའི་ཕྱིར་རོ། །འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའ་ཨི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ ་བསྒོམ་པ་ན། དང་པོ་སེམས་མ་གོམས་པའི་ཚེ་བདག་གང་ལ་བྱམས་པའི་མི་དེ་ལ་སྔོན་པས་ཀྱང་ལྷག་པར་བྱམས་པ་བསྒོམས་ལ། དེའི་འོག་ཏུ་དེ་བས་འབྲིང་དུ་བྱམས་པ་ལ་རབ་ཏུ་བྱམས་པར་བསྒོམ། དེའི་འོག་ཏུ་ཅུང་ཟད ་བྱམས་པ་ལ་འབྲིང་དུ་བྱམས་པར་བསྒོམ། དེའི་འོག་ཏུ་ཅུང་ཟད་ཀྱང་མི་བྱམས་པ་ལ་ཅུང་ཟད་བྱམས་པར་བསྒོམ་སྟེ། དེ་བཞིན་དུ་ཁྱིམ་གང་གི་མི་དང། གྲོང་ཁྱེར་གཅིག་གི་མི་དང་ཡུལ་གཅིག་གི་མི་དང། ཁམས་གཅིག་གི་མི ་དང། རྒྱལ་ཁམས་གཅིག་གི་མི་དང། གླིང་གཅིག་གི་མི་དང། གླིང་བཞི་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་བསྒོམ་པ་བསྟན་པའོ། །སྙིང་རྗེ་ལ་ཡང་རྣམ་པ་པའི་སེམས་ཅན་ཐམས ་ཅད་ལ་བྱམས་བ་རྒྱ་ཇེ་ཆེར་སྤེལ་ཞིང་བསྒོམ་མོ་ཞེས་བསྟན་པའོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེ་ཚད་མེད་པ་བསྒོམ་པ་བསྟན་པའོ། །སྙིང་རྗེ་ལ་ཡང་རྣམ་པ ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང། ཆོས་ལ་དམིགས་པ་དང། དམིགས་པ་མེད་པ་དང་གསུམ་སྟེ། སའི་རིམ་པས་རྣམ་པ་གསུམ་དུ་དབྱེ་བ་དང། རྒྱ་ཆེན་པོ་དང། ཤིན་ཏུ་ཡངས་པ་ལ་སོགས་པའི་ཡོན་ཏན་དང། སེམས་ཅན ་ལ་དམིགས་པ་གོམས་པའི་རྒྱ་ཇེ་ཆེ་ཇེ་ཆེར་སྤེལ་བ་ནི་གོང་མ་བཞིན་ནོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དགའ་བ་ཚད་མེད་པ་བསྒོམ་པ་བསྟན་པའོ། །དགའ་བ་ལ་ཡང་རྣམ་པ་གསུམ་སྟེ། སེཾས ་བདེ་ཞིང་འབྱོར་པ་རྣམས་ལ་དམིགས་ནས་དགའ་བ་དང། བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་དགའ་བ་དང། དམ་པའི་ཆོས་རྟོགས་ཤིང་ཉམས་འོག་ཏུ་ཆུང་པའི་དགའ་བའོ། །དེ་མི་དམིགས་པའི ་ཚུལ་གྱིས་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་བཏང་སྙོམས་ཚད་མེད་པ་བསྒོམ་པ་བསྟན་པའོ། །བཏང་སྙོམས་པ་ཡང་རྣམ་པ་གསུམ་སྟེ། སེམས་ཅན་གྱི་དོན་བྱེད་པ་ན། སྐལ་པ་དང་མི་ལྡན ་པའི་སེམས་ཅན་རྣམས་ལ་རེ་ཞིག་བཏང་སྙོམས་སུ་འཇོག་པ་དང། རྙེད་པ་དང་མ་རྙེད་པ་དང། བསྟོད་པ་དང་སྨད་པ་དང། །གྲགས་པ་དང་མ་གྲགས་པ་དང། བདེ་བ་དང་སྡུག་བསྔལ་ཏེ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པའི ་བཏང་སྙོམས་དང། རྣམ་པར་མི་རྟོག་པའི་བཏང་སྙོམས་ཏེ། རྒྱ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་དང། ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་བསྒོམ་པ་ནི་དགའ་བ་དང་བཏང་སྙོམས་གཉི་ག་ཡང་གོང་དུ་བཤད་པ་བཞིན་ནོ། །དེ་རྣམ་པ་ཐམས ་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་བར་འདས་ཏེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་བསྒྲུབ་པའི་ཞར ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པ་བསྟན་པ་སྟེ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་གཟུགས་ཀྱི་རང ་བཞིན་ལ་དམིགས་པའི་འདུ་ཤེས་ཀྱིས་སྐྱོ་ཞིང་མ་ཆགས་པས་ནམ་མཁའ་ལྟ་བུར་མོས་པ་བསྐྱེད་དེ་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ལ་བྱའོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་དེ་ལྟར་གཟུགས་ཀྱི་འདུ ་ཤེས་དང་བྲལ་ཞིང་ནམ་མཁའ་ལྟ་བུའི་སྒོམ་པ་གོམས་པས། རི་དང་རྩིག་པ་ལ་སོགས་པ་ཐོགས་པ་དང་སྒྲིབ་པ་རྣམས་མེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་བས་ཞེས་བྱ་བ་ནི་དེ་ལྟར་གཟུགས ་ཀྱི་འདུ་ཤེས་དང་བྲལ་བས་བཟའ་བ་དང་བཏུང་བ་དང། བཞོན་པ་དང་གོས་དང་རྒྱན་ལ་སོགས་པ་དངོས་པོ་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་བྱེད་པ་མི་འབྱུང་བའི་ཕྱིར་རོ། །ནམ་མཁའ་མཛའ་ཡས་སོ་ཞེས་ཏེ། ནམ་མཁའ་མཛའ་ཡས ་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟ་བུར་མོས་པ་གོམས་པར་བྱ་སྟེ། ནམ་མཁའ་དེ་ཡང་མཛའ་ཡས་སོ་སྙམ་པའི་འདུ་ཤེས་བསྒོམ་པ་ལ་གནས་སོ ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཛའ་ཡས་སོ་ཞེས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ནམ ་མཁའ་མཛའ་ཡས་པར་བསྒོམ་པའི་འདུ་ཤེས་དེ་ཡང་དངོས་པོར་རགས་པ་ལ་དམིགས་པ་ཡིན་པ་སུན་ཕྱུང་ནས། འདི་དག་ཐམས་ཅད་རྣམ་པ་ཤེས་པ་ཙམ་དུ་ཟད་དེ། རྣམ་པར་ཤེས་པ་དེ་ཡང་མཛའ་ཡས་སོ་སྙམ་པའི ་འདུ་ཤེས་ལ་གནས་ཤིང་བསྒོམ་མོ་ཞེས་བསྟན་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ ་ནི་དེ་ལྟར་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་གོམས་པར་བྱས་བས་རྣམ་པར་ཤེས་པ་མ་གཏོགས་པའི་དངོས་པོ་གཞན་གཟུགས་ཅན་ནམ་གཟུགས་མེད་པ་གང་ཡང་མེད་པར་རྟོགས་ནས། རྣམ་པར་ཤེས་པ་མཛའ་ཡས་སོ་སྙམ་པའི ་འདུ་ཤེས་དེ་ཡང་སྤངས་ཏེ་ཅུང་ཟད་ཀྱང་མེད་དོ་སྙམ་པའི་འདུ་ཤེས་ཙམ་ལ་གནས་ཤིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་བའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན ་སྐྱེ་མཆེད་ལ་མི་དམིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་ཅུང་ཟད་མདོ་སྙམ་དུ་སེཾས་པའི་འདུ་ཤེས་དེ་ཡང་འདུ་ཤེས་རགས་པ་ཡིན་པར་སུན་ཕྱུང་ནས། དེ་ལྟ་བུའི་འདུ་ཤེས་རགས་པ་ལ་མི་དམིགས་པའི་ཕྱིར་འདུ་ཤེས ་མེད་ཅེས་བྱའོ། །འགོག་པའི་སྙོམས་བར་འཇུག་པ་ལྟར་འདུ་ཤེས་རྣམ་པ་ཐམས་ཅད་དུ་བཀག་པ་ནི་མ་ཡིན་གྱི། མཚན་མ་མེད་པའི་འདུ་ཤེས་ཕྲ་མོ་འབྱུང་བའི་ཕྱིར། འདུ་ཤེས་མེད་མིན་ཞེས་བྱ་སྟེ། དེ་ལྟ་བུའི་སྙོམས་པར་འཇུག་པ་ལ ་བསྒོམ་ཞིང་གནས་སོ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་ལྟ་བུའི་སྙོམས་པར་འཇུག་པ་ཡང་ཀུན་རྫོབ་ཏུ་སེམས་སྦྱངས་བའི་ཕྱིར་སྒོམ་པ་ཙམ་དུ་ཟད་ཀྱི། ཉན་ཐོས་དང། རང་སངས་རྒྱས་ལྟར་སྙོམས་པར་འཇུག་པ ་དེ་དག་ལ་དངོས་པོར་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པའི་ཚུལ་གྱིས་ཤེས་བྱ་བའི་ཚིག་འདི་སྙོམས་བར་འཇུག་པ་གོང་མ་དག་ལམ་སྨོས་ཀྱང་ཀུན་གྱི་མཇུག་ཏུ་སྨོས་པས་ཐམས་ཅད་ལ་སྦྱར་བར་བྱའོ། །འདི་ནི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པའི་ཟླ་ལ། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས ་མེད་པའི་སྙོམས་པར་འཇུག་པ་བཞི་མི་དམིགས་པའི་ཚུལ་གྱིས་བསྒོམ་པ་མཇུག་བསྡུས་ནས་བསྟན་པ་སྟེ། ནམ་མཁའ་ཨི་རྣམ་པ་དང། ཚུལ་དང་མཚན་མས་མཉམ་པར་འཇོག་ཅིང་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་ཁ་དོག་དང ་དབྱིབས་ལ་སོགས་པའི་རྣམ་པ་དང། ཚུལ་དང་མཚན་མ་མེད་པ་དེ་བཞིན་དུ་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ལ་ཡང་དོན་དམ་པར་རྣམ་པ་དང་ཚུལ་དང། མཚན་མར ་མི་འཛིན་པ་མཉམ་པར་འཇོག་གོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་ལྡང་བའི་ཚེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་ལངས་པའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ། བསམ ་གཏན་དང། ཚད་མེད་པ་དང། སྙོམས་པར་འཇུག་པ་བསྒོམས་པའི་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ཉིད་ཐབས་དང་ཤེས་རབ ་ཟུང་དུ་འབྲེལ་ཅིང། འཁོར་གསུམ་ཡོངས་སུ་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ཚུལ ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་སྒྲུབ་པའི་ཞར་ལ་བསམ་གཏན་དང། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས ་བསྒོམ་པ་བསྟན་པ་སྟེ། དེ་དག་གི་དོན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་བཤད་པ་བཞིན་ནོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ ་ཤིན་ཏུ་ཡངས་པ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི། ཚད་མེད་པ་བཞི་དང། བསམ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པའི་ཞར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བསྒོམ་པ ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་བར་བསྟན་པ་སྟེ་གཉིས་པའོ། །དེ་ལ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས ་པ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་བདག་ཀྱང་བསྒོམ ་ཞིང་དེ་དག་གི་རང་བཞིན་དང་ཡོན་ཏན་ལ་སོགས་པ་གཞན་ལ་ཡང་སྟོན་པ་ནི་ཆོས་སྦྱིན་པ་ཡིན་པས་བསམ་གཏན་དང། ཏིང་ངེ་འཛིན་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའི་ཞར་ལ་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པར་བསྟན་པ་སྟེ། བསམ་གཏན་དང་ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དོན་ན་གོང་དུ་བཤད་པ་བཞིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་ཏིང་ངེ་འཛིན་ཏེ་ཞེས་བྱ་བ་ནི་དེ་ལྟར་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པའི་ཚུལ་གྱིས་བསྒོམ་པ་དེ་ཉིད་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཡིན་ནོ་? ་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར་ཞེས་བྱ་བ་ནི་བསམ་གཏན་དང། ཚད་མེད་པ་དང། ་གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གཞན་ལ་སྟོན་པའི་རྒྱུ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པའི་སེམས་དང་ལྡན་ཞིང་སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པས་སེམས་ཅན ་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར། བསམ་གཏན་དང། ཏིང་ངེ་འཛིན་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གཞན་ལ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་དག་གཞན་ལ་བརྗོད་ཅིང། ཞེས་བྱ་བ་ནི་བསམ་གཏན ་ལ་སོགས་པ་དེ་དག་གི་མིང་ཙམ་ཞིག་གཞན་ལ་བརྗོད་པའོ། །འཆད་པ་དང་ཞེས་བྱ་བ་ནི་ངེས་པའི་ཚིག་རྣམས་འཆད་པའོ། །སྟོན་ཅིང་ཞེས་བྱ་བ་ནི་དོན་དང་ཚིག་གཉི་ག་སྟོན་པའོ། །འགྲེལ་པ་ལ་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི ་ཚིག་དང་དོན་མདོར་བསྡུས་པ་རྣམས་ཞིབ་ཏུ་འགྲེལ་པའོ། །རྣམ་པར་འབྱེད་ཅིང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་ཡན་ལག་རྣམས་སོ་སོར་ཕྱེ་སྟེ་སྟོན་པའོ། །གསལ་པོར་བྱེད་དེ་ཞེས་བྱ་ནི་སློབ་དཔོན་འཆབ་པ་མེད་པའི་ཚུལ ་གྱིས་བརྡ་ཕྲད་པར་བྱེད་པའོ། །དེ་དག་གི་རོ་དང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་རོལ་ཆགས་པ་སྤང་བའི་ཕྱིར་ཐབས་སྟོན་པའོ། །དེ་དག་གི་སྐྱོན་དང་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པའི་རོལ་ཆགས་ན་དེ་དག་གི་དབང་གིས ་གཟུགས་དང། གཟུགས་མེད་པའི་ཁམས་སུ་སྐྱེ་བའི་ཉེས་པའི་དམིགས་སྟོན་པའོ། །འབྱུང་བ་ཡང་ཚུལ་བཞིན་དུ་སྟན་པ་ཞེས་བྱ་བ་ནི་བསམ་གཏན་ལ་སོགས་པ་འདི་དག་དོན་དམ་པར་མི་དམིགས་པར་ཏོན་པ་ཉིད་དེ་དག་གི་རོལ་ཆ་གསབ་ལ ་སོགས་པ་མཚན་མར་འཛིན་པ་ལས་ཐར་བར་འགྱུར་བའི་ཕྱིར་འབྱུང་བ་ཚུལ་བཞིན་དུ་སྟོན་པ་ཞེས་བྱའོ། །བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལས་སྐབས་འདིར་གོ་རིམ་བསྣོར?་ཏེ། ་ཚད་མེད་པ་བཞི་དང་པོར་བཤད་པ་ནི་བྱམས་པ་དང་སྙིང་རྗེའི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའི་ཕྱིར་རོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དག ་གིས་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ཡང་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཡང་རུང་སྟེ། སེམས་བསྐྱེད་པ་གཞན་གྱིས་གོ་མི ་འབྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཉམས་པའོ་ཞེས་བྱ་བ་ནི་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའི་ཞར་ལ་ཚུལ་ཁྲིམས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། བསམ་གཏན་ལ་སོགས་པ་བསྒོམ་པའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་དམ་བཅས་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་བྱེད་པའི ་སེམས་མི་བསྐྱེད་པ་ཉིད་བྱང་ཆུབ་སེམས་དཔའ་ཨི་ཡི་དམ་མ་ཉམས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི། བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར ་འཇུག་པ་རྣམས་བསྒོམ་པའི་ཞར་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པ་བསྟན་པ་སྟེ། ཡིད་ལ་བྱ་བ་དེ་དག་བཟོད་པ་དང་མོས་པ་དང་རྟོག་པ་དང་སེམས་ཤིང་ཁོང་དུ་ཆུད་པར་བྱེད་པ་ཞེས་བྱ་བ་ནི་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་ལ་བྱ་བ་དང། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་དེ་དག་བཟོད་ཅིང་དབང་དུ་ལེན་པའི་རྣམ་གྲངས་སོ། །ནམ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་སྤྱོད་པའི་ཚེ། སེམས་ཅན ་ཐམས་ཅད་ཀྱི་དོན་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་བརྩོན་འགྲུས་ཉམས་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། བསམ་གཏན་དང། ཚད་མེད ་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་རྣམས་བསྒོམ་པའི་ཞར་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་རྣམས་ལ་མཉམ་པར་གཞོག་ཅིང་རྣམ་པར་ལྡང་ཡང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་མི་ལྟུང་བ་འདི་ནི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའི་ཞར་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས ་པར་སྒྲུབ་པ་བསྟན་པ་སྟེ། དེ་ལྟར་བསམ་གཏན་ལ་སོགས་པ་བསྒོམ་པའི་ཚེ་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བས་སེམས་གཞན་དུ་མ་ཡེངས་པ་ཉིད་བསམ་གཏན་གྱི་ཕ་རོལ ་ཏུ་ཕྱིན་པ་ཡིན་པར་བསྟན་པའོ། །འདིར་ཡང་བསམ་གཏན་བཞི་དང་ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། ཆོས་བཅུ་གཉིས་པ་འདི ་རྣམས་བསྒོམ་པའི་ཞར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པའི་སྐབས་ཡིན་པས་རྣམ་པར་ཐར་པ་དང། ཏིང་ངེ་འཛིན་ཅེས་འབྱུང་བ་རྣམ་པར་ཐར་པ་བྱ་བའི་ཕྱིར་ཆད་མེད་པ་བཞིའི་ཏིང་ངེ་འཛིན་བསྒོམ་པ་ལ་བྱ་བ་ལས། ཚད་མེད་པ ་བཞི་བསྒོམ་པ་ཡིན་པར་རིག་པར་བྱའོ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་པོའི་ཡན་ལག་དང་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་བསམ་གཏན་ལ་སོགས་པ་ཆོས ་བཅུ་གཉིས་པོ་དེ་དག་སྒོམ་པའི་ཞར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། བསམ་གཏན་བཞི་ལ་སོགས་པ་ཆོས་བཅུ་གཉིས་པོ་དེ་དག་ལ་ཤེས་རབ་ཀྱིས་ཀུན་རྫོབ་ཏུ་མི་རྟོག ་པ་དང། སྡུག་བསྔལ་བ་ལ་སོགས་པའི་རྣམ་པར་རྟོག་ཅིང་དོན་དམ་པར་དེ་དག་མི་དམིགས་པ་དང་དེ་དག་གིས་རློམ་སེམས་སུ་མི་འགྱུར་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བསམ་གཏན་དང་པོའི་ཡན ་ལག་ནི་རྟོག་པ་དང་བཅས་པ་དང། སྤྱོད་པ་དང་བཅས་པ་དང། དགའ་བ་དང་བདེ་བ་དང། སེམས་རྩེ་གཅིག་པ་དང་ལྔའོ། །བསམ་གཏན་གཉིས་པའི་ཡན་ལག་ནི་ནང་ཡོངས་སུ་དང་བ་དང། དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག ་པ་དང་བཞིའོ། །བསམ་གཏན་གསུམ་པའི་ཡན་ལག་ནི་བཏང་སྙོམས་དང། དྲན་པ་དང། ཤེས་བཞིན་དང། བདེ་བ་དང། སེམས་རྩེ་གཅིག་པ་དང་ལྔའོ། །བསམ་གཏན་བཞི་པའི་ཡན་ལག་ནི་སྡུག་བསྔལ་ཡང་མེད་བདེ་བ་ཡང ་མེད་པ་དང་བཏང་སྙོམས་དང། དྲན་པ་དང་སེམས་རྩེ་གཅིག་པ་དང་བཞིའོ། །ཆེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེབ་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་དུ་དྲན་པ་ཉེ་བར་གཞག་པ་བཞི ་སྒོམ་པ་དང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་དྲན་པ་ཉེ་བར ་གཞག་པ་བཞི་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་བྱང་པའི་ཆོས་མིང་གིས་སྨོས་པ་རྣམས་རྣམ་པ་ཐཾས་ཅད་དུ་བསྒོམ་པ་ཐེག་པ་ཆེན་པོ་ཡིན་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན ་བ་སྟེ་གསུམ་པའོ། །རྣམ་པ་ཐམས་ཅད་དུ་བསྒོམ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་དོན་དམ་པར་དེ་དག་ལ་དངོས་པོར་མི་དམིགས་པའོ།། ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབ་པར་བྱའོ་ཞེས་དེ་ལ་གཞོལ་བར་བྱེད་དོ་ཞེས་བྱ་བ་ནས། འདི ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ ་པའི་ཞར་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྒྲུབ་པ་ཐེག་པ་ཆེན་པོ་ཡིན་པ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་བཞི་པའོ། །དེ་ལ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཞེས་བྱ་བ་ནས། ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་རྣམས་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བསྒྲུབ་པ ་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱའོ་ཞེས་དེ་ལ་གཞོལ་བར་བྱེད་དོ་ཞེས་བྱ་བ་ནི་བྱམས་པའི་དབང་གིས་སྒྲ་ལ་སོགས་པའི་འཇིག་པ་ལས་སྐྱོབ་ཅིང་མི་འཇིགས་པ་སྦྱིན་པའོ། །སེམས་ཅན་རྣམས་ལ་སྙིང་རྗེ་བ་དང། ་སྙིང་བརྩེ་བའི་ཉམས་སུ་བྱེད་དོ་ཞེས་བྱ་བ་ནི་སྙིང་རྗེའི་དབང་གིས་ན་བ་དང། ཚེ་འཕོ་བ་ལས་སྐྱོབ་ཅིང་མི་འཇིགས་པ་སྦྱིན་པའོ། །བདག་ཉིད་ཀྱིས་དགྲོལ་བར་བྱའོ་ཞེས་སེམས་ཅན་རྣམས་ལ་སེམས་སོ་ཞེས་བྱ་བ་ནི་དགའ་བའི་དབང་གིས་མུ་གེ་དང ་འཆོ་བའི་ཡོ་བྱད་ལ་སོགས་པས་ཕོངས་པ་ལས་ཐར་བར་བྱེད་ཅིང་མི་འཇིགས་པ་སྦྱིན་པའོ། །སེམས་ཅན་རྣམས་ཀྱི་ཟག་པ་བཟོད་པ་བྱ་བ་ལ་རབ་ཏུ་གཞོལ་བར་བྱེད་དེ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཞེ་སྡང་ལ ་སོགས་པའི་ཉོན་མོངས་པས་བདག་ལ་གནོད་པ་བྱེད་ཀྱང་བཏང་སྙོམས་ཀྱི་དབང་གིས་དང་དུ་བླངས་ནས་བཟོད་ཅིང་སླར་གནོད་པ་མི་བྱེད་པས་མི་འཇིགས་པ་སྦྱིན་པ་སྟེ། སྐབས་འདིར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་སྤྱིར་སྨོས་སུ་ཟིན ་ཀྱང་མི་འཇིགས་པ་སྦྱིན་པ་ལ་བྱའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང། ཚད་མེད་པ་རྣམས་ཀྱིས་རྣམ་པ་དང། ཞེས་བྱ་བ་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཉམས་པའོ་ཞེས ་བྱ་བའི་བར་དུ་ནི་ཚད་མེད་པ་རྣམས་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཡིད་དམ་བཅས་པ་ལས་མ ་ཉམས་ཤིང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་མི་བྱེད་པ་ཉིད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཉམས་པ་ཡིན་ནོ། །ཚད་མེད་པ་བཞིའི་རྣམ་པ་དང། ཚུལ་དང་མཚན་མ་ནི་རྒྱ་ཆེ་བ་དང། ཤིན་ཏུ་ཡངས་པ ་ལ་སོགས་པ་སྔར་བཤད་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་འདྲེས་པར་རྣམ་པར་བསྐྱེད?་ཅིང་ས་གཉིས་པོ་ཉན་ཐོས ་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་འདོད་པ་མི་སྐྱེད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མོས་ཤིང་དགའ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི ་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། སྐྱེ་བ་མེད་པའི་ཆོས་ཟབ་མོ་མི་སྐྲག་ཅིང་མ་སྐྱེས་པའི་ཆོས་ལ་བཟོད་པ་ཐོབ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལ་འདོད ་པ་མི་སྐྱེ་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མོས་ཤིང་དགའ་བ་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི ་དགེ་བའི་ཆོས་རྣམས་རབ་ཏུ་སྤང་བ་དང། དགེ་པའི་ཆོས་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ་བརྩོན་འགྲུས་མི་གཏོང་བས་རྣམ་པར་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ ་ཕྱིན་པའོ་ཞེས་བྱ་བ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལས་བར་མདོར་སེམས་ཞུས་པར་མི ་བྱེད་པ་དང། མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་སྤང་པ་དང། གཉེན་པོ་ཆོས་རྣམས་གོམས་པར་བྱ་བའི་བརྩོན་འགྲུས་མི་གཏོང་བ་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཡིན་ནོ་ཞེས་བསྟན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་འདི་དག་ལ་ཡང་མཉམ་པར་གཞོག་ལ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ལ་སྤྱོད་པའི་བསམ་གཏན་ཀྱི་ཕ་རོལ་ཏུ ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་སྒྲུབ་པ་བསྟན་པ་སྟེ། བསམ་གཏན་དང་ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ ་རྣམས་ཀྱི་དབང་གི་སྐྱེ་བར་མི་འགྱུར་བ་དང། བསཾ་གཏན་ལ་སོགས་པའི་བདེ་པའི་རོ་ལ་མྱང་ཞིང་ཆགས་པར་མི་བྱེད་པ་དང། བསམ་གཏན་ལ་སོགས་པའི་དབང་དུ་གྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཡིད་ལ་བྱ་བ་ལས་སེམས་གཞན་དུ་ཡེངས་པར་མ་གྱུར་པ་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །རྣམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམ་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ ་པས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་ཚད་མེད་པ་བཞི་ལྷུར་བླངས་ཏེ་བསྒོམ་པའི་ཞར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས ་པར་སྒྲུབ་པ་བསྟན་པ་སྟེ། ཤེས་རབ་ཀྱི་དབང་གིས་བསམ་གཏན་ལ་སོགས་པ་དེ་དག་ཉན་ཐོས་ཀྱི་ཐེག་པའི་ཚུལ་དུ་མི་རྟག་པ་དང་སྡུག་བསྔལ་པ་དང། བདག་མེད་པ་དང། ཞི་བ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། ་སྨོན་པ་མེད་པའི་རྣམ་པར་ཡང་རྟོག་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་ཡང་མི་བྱེད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ནང་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་ཀྱང་དམིགས་པའི་ཚུལ་གྱིས་མ་ཡིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་བཅོ་བརྒྱད་ཀུན་རྫོབ་ཏུ་ཤེས་པར་བྱས་ནས། དོན་དམ་པར་མི་དམིགས་པ་ཐེག་པ་ཆེན་པོ་ཡིན་པ་དང། དེ་ལྟར་སྤྱོད་པ ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པ་བསྟན་པ་སྟེ་ལྔ་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཆོས་ཐམས་ཅད་ལ་སེམས་རྣམ་པར་མི་འཁྲུག་ཅིང་མཉཾ ་པར་བཞག་པར་ཤེས་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མཆེན་མར་མི་འཛིན་པར་སེམས་མ་ཡེངས་ཤིང་མཉམ་པར་བཞག་པ་ཉིད ་ཐེག་པ་ཆེན་པོ་ཡིན་ལ། དེ་ལྟར་སྤྱོད་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པ་ནི་དྲུག་པ་སྟེ། འདིར་ཆོས་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་བྱང་བའི་ཆོས་རྣམས་ལ་བྱ་སྟེ། སེམས་རྣམ་པར་མི་འཁྲུག་ཅིང་ཞེས་བྱ་བ་ནི ་རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་མཚན་མར་མི་འཛིན་ཅིང་སེམས་མི་གཡེང་བ་ལ་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་རྟག་ཅེས་བྱ་བར་ཤེས་པ་མི་འཇུག ་ཅེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ནི་མི་དམིགས་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི། རྟག་པ་དང་མི་རྟག་པ་ལ་སོགས་པའི་མཛའ་གཉིས་སུ་མི་འཛིན་པ་ཐེག་པ ་ཆེན་པོ་ཡིན་པ་དང། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་བདུན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདོད་པའི་ཁཾས ་སུ་ཤེས་པ་འཇུག་པར་མི་བྱེད། གཟུགས་དང་གཟུགས་མེད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད་ལ། འདོད་པ་དང། གཟུགས་དང། གཟུགས་མེད་པའི་ཁམས་མི་ཤེས་པ་ཡང་མེད་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ཡང་དེ་མི ་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའི་ཞེས་བྱ་བ་ནི་དོན་དམ་པར་ཁམས་གསུམ་མཉམ་པ་ཉིད་དུ་རྟོགས་པ་དང། ཀུན་རྫོབ་ཏུ་ཁམས་གསུམ་གྱི་མཚན་ཉིད ་མི་ཤེས་པ་ཡང་མ་ཡིན་པ་ཉིད་ཐེག་པ་ཆེན་པོ་ཡིན་ལ། དེ་ལྟར་སྤྱོད་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཡིན་ནོ་ཞེས་བསྟན་པ་སྟེ་བརྒྱད་པའོ། །ཚེ་དང་ལྡན་པོ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ཡང་དེ་མི་དམིགས་པའི་ཚུལ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་ཆོས་རྣམས་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་རྣམས་དང། འདུས་བྱས་དང། འདུས་མ་བྱས་པའི་ཆོས་རྣམས་ལ་ཤེས་པ་མི་འཇུག་ལ། ཀུན་རྫོབ་ཏུ་ཆོས་རྣམས་སོ་སོའི་རད་དང་སྤྱིའི་མཚན་ཉིད་མི་ཤེས ་པ་ཡང་མ་ཡིན་པ། ཐེག་པ་ཆེན་པོ་ཡིན་པ་དང། དེ་ལྟར་སྤྱོད་པ་ཉིད་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ་དགུ་པའོ། །དེ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་ཚིག་གི་དོན་འབགས་པ་གང་པོས་བསྟན་པ་དང། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པ་དང། ཐེག་པ་ཆེན་པོ་གང་ཡིན་པ་འཕགས་པ་ཤཱ་རིའི ་བུས་དྲིས་པ་ལ། འཕགས་པ་གང་པོས་ཐེག་པ་ཆེན་པོ་དང། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམ་པ་དགུས་ལན་བཏབ་པ་བསྟན་ནས། དེའི་འོག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་དོན་ཞིབ་ཏུ་བསྟན ་པའི་སྐབས་དབྱེ་བའི་ཕྱིར། སྨྲས་པ་ཚེ་དང་ལྡན་པ་གང་བོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གནས་བཤེས་བྱ་ཞེས་བྱ་བ་དྲིས་སོ། །གང་པོས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་ཞེས་བྱ་བ་ནས། དེ་ལྟར་ན་ཆེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན ་པོ་ལ་ཡང་དག་པར་གནས་ཤེས་བྱའོ་ཞེས་བྱ་བའི་བར་གྱིས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ལ་གནས་པ་རྣམ་པར་མེ་རྟོག་པའི་སྤྱོད་པ་རྣམ་པ་དྲུག་བསྟན་ཏེ་དེ་ལྟར་རྣམ་པར་མི་རྟོག་པ་ལ་སྤྱོད་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག ་པར་གནས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་རྣམ་པར་མི་རྟོག་པའི་སྤྱོད་པ་རྣམ་པ་དྲུག་ནི་གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆེ། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱན་ཞེས་བྱ་བ་ནས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ་ཞེས་བྱ་བའི་བར་དུ་རྣམ ་པར་མི་རྟོག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་བསྟན་པ་སྟེ་དང་པོའོ། །དེ་ལ་སྦྱིན་པ་ཡང་མི་དམིགས། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། ལེན་པ་ཡང་མི་དམིགས་ཞེས་བྱ་བ་ནི ་སྦྱིན་པ་དང། བྱང་ཆུབ་སེམས་དཔའ་དང། ལེན་པ་གསུམ་མི་དམིགས་ཞེས་སྨོས་པས་ནི་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས་ཞེས་སྨོས་པས་ནི་སྦྱིན ་པ་ལི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་ཡང་དོན་དམ་པར་མཚན་མར་མི་འཛིན་པ་བསྟན་པའོ། །ཡིད་ལ་བྱ་བ་དེ་དག་ཀྱང་མི་དམིགས་ཏེ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པར་བྱ་བའི་མེད?་ལ་བྱ་བ་ཡང་དོན་དམ་པར་མི ་དམིགས་པ་བསྟན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྷག་མ་ལྔ་རྣམས་ལ་ཡང་སྦྱར་བར་བྱའོ། །དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་རྣམས་མི་དམིགས་པ་སྨོས་པས་ནི་ཤེས་རབ་ཀྱིས་ཤེས་པར་བྱ་བའི ་ཡུལ་རྣམས་མི་དམིགས་པ་བསྟན་ཏོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་པ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི ་དོན་དུ་དེ་མི་དམིགས་པར་ཚུལ་གྱིས་ནང་སྟོང་པ་ཉིད་བསྒོམ་མོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པར་བསྒོམ་པ་རྣམ་པར་སྒོམ་པའི་དོན་དེ་ད་མི་དམིགས་པའི་ཚུལ་གྱིས་དངོས་པོར ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་བྱ་བའི་བར་དུ་ནི། སྟོང་པ་ཉིད་བཅོ་བརྒྱད་རྣམ་པར་མི་རྟོག་གོ་པ་བསྒོམ་པའི་སྤྱོད་པ་བསྟན་པ་སྟེ། གཉིས་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས ་འདྲེས་པས་ཞེས་བྱ་བའི་དོན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང། རྣམ་པར་རྟོག་པའི་ཡིད་ལ་བྱ་བ་དང་མི་འདྲེས་པ་ལ་བྱ་ན། །བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་ཞེས་བྱ་བ་ནི་དེ་ལྟར་བསྒོ་པ་ཉིད་དོན་ངེས་པར ་དངོས་པོ་མེད་པར་བསྒོམ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡོད་དེ་ལ་བྱ་བ་མི་འདྲེས་པར་བསྒོམ ་པར་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་མོ་ཞེས་བྱ་བ་ནས། དེ་མི་དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་མོ། །ཞེས་བྱ་བའི་བར་དུ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ ་དཀར་བོའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པར་བསྒོམ་པའི་སྤྱོད་པ་བསྟན་པ་སྟེ་གསུམ་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པའི་ཕྱིར་འདི ་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་ཐ་སྙད་ཙམ་དུ་ཟད་དོ་ཞེས་བྱ་བར་ཤེས་སོ་ཞེས་བྱ་བ་ནས་སངས་རྒྱས་དམིགས་སུ་མེད་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བར་ཡང་དག་པར་ཤེས་ཏེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པ་གནས་ཤེས་བྱའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་མེད་དང་ཐ་སྙད་ཙམ་དུ་བརྗོད་པར་ཟད་ཀྱི། དོན་དམ ་པར་གང་ཡང་དམིགས་སུ་མེད་པར་ཤེས་པས་དེ་དག་ལ་རྣམ་པར་རྟོག་པའི་སྤྱོད་པ་བསྟན་པ་སྟེ་བཞི་པའོ་།ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས། སྙིང་པོ་བྱང་ཆུབ་ལ ་འཇུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཤིང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནས། དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་ཡོངས་སུ་འཛིན་ཏོ་ཞེས་བྱ་བའི་བར་དུ་ནི་རྫུ་འཕྲུལ་ལ་དབང་ཐོབ་པ་དང། སྐྱེ ་བ་ལ་དབང་ཐོབ་བས་སངས་རྒྱས་མཉེས་པར་བྱ་བ་དང། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྣམ་པར་མི་རྟོག་པའི་སྤྱོད་པ་བསྟན་པ་སྟེ་ལྔ་པའོ། ་དེ་གཉིས་སུ་མེད་པའི་ས་ལ་གནས་ཤིང་ཞེས་བྱ་བ་ནི་ས་བརྒྱད་པ་ལ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཕྱིར་གཉིས་སུ་མེད་པའི་ས་ཞེས་བྱའོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡིས་ཐོབ་པར་མ་གྱུར་གྱི་བར་དུ་ཐོབ ་པ་དེ་དང་ནམ་དུ་ཡང་མི་འབྲལ་ཏེ་ཞེས་བྱ་བ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ་ཞེས་བྱ་བའི་བར་དུ་ནི་མངོན་བར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པར་མི་རྟོག་པའི་སྤྱོད་པ་སྟེ་དྲུག་བའོ།། ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ་ཐེག་པ་དེ་དང་ནམ་དུ་ཡང་མི་འབྲལ་ཏེ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་པར་བསྟོན་པ་སྟེ། ཐེག་པ་ཆེན་པོ་ལ ་ཡང་དག་པར་གནས་པར་གྱུར་པ་དེ་ལས་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་རྫོགས་པར་སངས་རྒྱས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང ་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་ཞེས་བྱ་བ་ནས། དེ་ལྟར་ནི་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་བ་ཆེན་པོ་ལ་ཡང་དག་པར ་གནས་ཤེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོན་ཏན་བསྔགས་པ་མཛད་པའི་ཕན་ཡོན་བསྟན་པའོ། །དེ་ནས་ཚེ་དང ་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གོ་ཆ་ཆེན་པོ་བགོས་པའི་དོན་བཅོམ་ལྡན་འདས་ཀྱིས་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པ་སྟེ། གོ་ཆ་ཆེན་པོ་བགོས ་པའི་དོན་བཅོམ་ལྡན་འདས་ཀྱིས་བཤད་པའི་འགྲེས་དགུ་དང། བཅོམ་ལྡན་འདས་ཀྱིས་དགོངས་པ་དང་སྦྱར་ཏེ། རབ་འབྱོར་གྱིས་བཤད་པའི་འགྲེས་གཉིས་དང། འགྲེས་བཅུ་གཅིག་གི་སྐབས་འདིར་གོ་ཆ་ཆེན་པོ་བགོས་པ་བསྟན་ཏོ། །བཅོམ་ལྡན ་འདས་གོ་ཆ་ཆེན་པོ་བགོས་སོ། །གོ་ཆ་ཆེན་པོ་བགོས་སོ། །ཞེས་བགྱི་ན་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི ་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱིས་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ་རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དཀར་པོའི ་ཆོས་ཐམས་ཅད་ཀྱི་གོ་ཆ་བགོས་ཤིང། རྫུ་འཕྲུལ་ལྷུན་གྱིས་གྲུབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བས་ཁྱབ་པར་བྱ་སྟེ། རྣམ་པ་དྲུག་ཏུ་གཡོས་པར་བྱས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ངན་འགྲོ་རྣམ་པ་གསུམ ་རབ་ཏུ་ཞི་བར་བྱས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པར་བསྟན་པ་སྟེ་འགྲེས་དང་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྟོང་གསུམ་གྱི ་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱའི་རྒྱུ་ལས་བྱུང་བ་མངོན་བར་སྤྲུལ་བ་བྱེད་དོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པའི་གོ་ཆ་ཆེན་པོ་བགོས་བ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པར་བསྟན་པ་སྟེ་འགྲེས་གཉིས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས་།རབ ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཀྱང་དགེ ་བ་བཅུ་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་ལ་བཀོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ། བགོས་གསུམ་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད ་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་དགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས ་ཅན་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་བགོས་པ། སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ། འགྲེས་བཞི་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་དགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས ་ཤིང། སེམས་ཅན་རྣམས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་བ་སྟེ། འགོས་ལྔ་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་བསམ་གཏན་གྱི་ཕ་རོལ ་ཏུ་བྱིན་པ་ལ་གནས་ཤིང། སེམས་ཅན་རྣམས་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་འགོས་པ། སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ། འགྲེས་དྲུག་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་འགོས་པ། ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་གནས་ཤིང། སེམས་ཅན་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ། འགྲེས་བདུན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ ་འགོད་པའི་གོ་ཆ་ཆེན་པོ་སྒྱུ་མ་ལྟ་བུའི་དཔེ་དང་བཅས་པ་བསྟན་པ་སྟེ་འགྲེས་བརྒྱད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས ་ཀྱིས་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སེམས་ཅན་ཚད་མེད་གྲངས་མེད་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་བར་དུ་དཀར་པོའི་ཆོས་ཐམས་ཅད་ལ་འགོད་པ་བསམ་པ་རྒྱ་ཆེ་བའི་གོ་ཆ་ཆེན་པོ་བགོས་པ་སྒྱུ་མ་ལྟ་བུའི་དཔེ་བཅས་པ་བསྟན་པ་སྟེ། འགྲེས་དགུ་པའོ། །དེ་ལ་སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་དེ་ཞེས་བྱ་བ་ནི་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་སེམས་བསྐྱེད་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་པའི་གོ་སྐབས་མི་བྱེད་པ་དང། སེམས་ཅན་ཚད་མེད་གྲངས་མེད་པ་རྣམས་དཀར་པོའི་ཆོས་རྣམས ་ལ་དགོད་བར་སེམས་པའི་བསམ་པ་རྒྱ་ཆེན་པོ་ལ། སེམས་ཅན་ཉུང་ཟད་ཚེ་ཞིག་དཀར་པོའི་ཆོས་རྣམས་ལ་དགོད་པའི་བསཾ་པ་རྒྱ་ཆར་ངུའི་གོ་སྐབས་མི་འབྱེད་པ་ལ་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་བགོས་པའི་དོན་འགྲེས ་དགུས་བསྟན་ནས། དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་བགོས་པ་གོང་དུ་བཤད་པ་རྣམས་སྒྱུ་མ་ལྟ་བུའི་དཔེས་བསྟན་པ་དང་སྦྱར་ན། གོ་ཆ་མེད་པ་དང་མ་བཅིངས་མ་གྲོལ་བའི་དོན་དུ་རབ་འབྱོར་གྱིས་རྟོགས་ནས་རབ་འབྱོར་ཉིད ་ཀྱིས་རྟོགས་པའི་དོན་གོ་ཆ་མེད་པར་བསྟན་པའི་འགྲེས་དང་མ་བཅིངས་མ་གྲོལ་བར་བསྟན་པའི་འགྲེས་གཉིས་བསྟན་པའི་ཕྱིར། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི ་དོན་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླང་དུ་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཅིའི་སླད་དུ་ཞེ་ན། བཅོམ ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ནས་གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་ངེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་མ་མཆིས་པའི་གོ་ཆ་བགོས ་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་གོ་ཆ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དངོས་པ་ཞིག་ཡོད་ན་ནི་དངོས་པོ་དེ་སྒྲུབ་པའི་ཕྱིར་གོ་ཆ་བགོ་བ་ཡང་ཡོད་ན་དོན་དམ་པར་གང་གི་ཕྱིར་གོ་ཆ་བགོ་བ་དང་།གང་གོ་ཆ་གྱོན་པ ་དང། གོ་ཆ་ཉིད་ཀྱང་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་གོ་ཆ་མེད་དེ། དེ་ལྟར་གོ་ཆ་མེད་པར་རྟོགས་པ་ཉིད་ཐོས་ཀྱི་ཆོས་ཉིད་དང་མི་འགལ་བས་གོ་ཆ་བགོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར ་ཇི་སྐད་དུ་སྨྲས་པ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་ཞེས་བྱ་བ་ལ་སོགས་པ་ནི་གོ་ཆ་མེད་པའི་དོན་རབ་འབྱོར་གྱིས ་བཤད་པ་དང་མཐུན་པར་བཀའ་སྩལ་པ་སྟེ། འཇིག་རྟེན་ན་གོ་ཆ་བགོ་པ་ནི་དངོས་པོ་འགའ་ཞིག་བྱ་བ་འམ། གཞིག་པ་འམ་བཅོས་པའི་ཕྱིར་གོ་ཆ་བགོ་བར་བྱེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དོན་དམ་པར་རང་བཞིན་གྱིས་སྟོང་པས ་བྱར་ཡང་མེད། གཞིག་ཏུ་ཡང་མེད། བཅོས་སུ་ཡང་མེད་ལ། སེམས་ཅན་གང་གི་དོན་དུ་གོ་ཆ་བགོ་བར་བྱ་བའི་སེམས་ཅན་དེ་དག་ཀྱང་དོན་དམ་པར་རང་གི་མཚན་ཉིད་ཀྱིས་སྟོང་པས་བྱར་ཡང་མེད། གཞིག་ཏུ་ཡང་མེད་བཅོས་སུ་ཡང ་མེད་དེ། དེ་ལྟར་རྟོགས་པ་ཉིད་དངོས་པོར་མི་འཛིན་པས་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་མ་བྱས་ཞེས་བྱ་བས་ནི་དངོས་པོ་མེད་པས་བྱར་མེད་པ་བསྟན་པའོ། །རྣམ་པར་མ་བྱས་ཞེས་བྱ་བས་ནི་གཞིག་ཏུ་མེད་པ་བསྟན་ཏོ། ། ་མངོན་བར་མ་བྱས་ཞེས་བྱ་བས་ནི་བཅོས་སུ་མེད་པ་བསྟན་ཏོ། །རབ་འབྱོར་བྱེད་པ་དམིགས་སུ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། རྣམ་པར་མ་བྱས། མངོན་བར་མ་བྱས་སོ་ཞེས་བྱ་བ་ལ་སོགས་པས་ནི་མ་བྱས་པ་དང་།མ་བཤིག ་པ་དང། མ་བཅས་པའི་གཏན་ཚིགས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་མི་བྱེད། རྣམ་པར་མི་བྱེད། མངོན་བར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་དམིགས་སུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། བྱེད་པ་པོ ་ཞིག་ཡོད་ན་ཡང་གཟུགས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཤིག་ཡིན་གང ་ན། ཀུན་རྫོབ་ཏུ་དེ་དག་སོ་སོའི་མཚན་ཉིད་ལ་བརྟགས་ན་ཡང་བྱེད་པའི་མཚན་ཉིད་མི་འགྲུབ་ལ། དོན་དམ་པར་ཡང་དེ་དག་ཤིན་ཏུ་མི་དམིགས་པའི་ཕྱིར་བྱེད་བ་མི་དམིགས་སོ། །ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ནི་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་གོ་ཆ་མེད་པའི་གོ་ཆ་བགོས་ཞེས་བྱའོ་ཞེས་བྱ་བ་ནི་གོ་ཆ་མེད་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ ་ཏེ། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་མ་བཅིངས་མ་གྲོལ་བའི་དོན་བསྟན་པ་སྟེ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་ཏེ་ཞེས་བྱ་བ་ནི་གོ་ཆ་ཆེན་པོ་བགོས་པའི་དཔེ ་སྒྱུ་མ་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་དང་སྦྱར་ན། །དོན་དམ་པར་གོ་ཆ་མེད་པ་ཡིན་ལ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་དང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་སོ་སོའི་སྐྱེ་བོའི་ཚེ་ནི་ཉོན་མོངས་པ་རྣམས་ཀྱིས་བཅིངས ་ལ། འཕགས་པར་གྱུར་པའི་ཚེ་ནི་ཉོན་མོངས་པ་རྣམས་ལས་གྲོལ་ལོ་ཞེས་བྱང་ཡང་མི་རུང་ངོ་ཞེས་བསྟན་པའི་ཕྱིར་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེསྦྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི?་བུས? ་ཚེ་དང་ལྡན་བར་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་རབ་འབྱོར་གྱིས་བསྟན་བའི་དོན་དང་ཚིག་སླར་བརྟཌ ་པའི་ཕྱིར་དེ་ལྟ་ཡིན་ནམ་ཞེས་དྲིས་པའོ་སྨྲས་བ་ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ཏེ། །ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་མ་བཅིངས་མ་གྲོལ་བ་ཡིན་ནོ་ཞེས་རབ་འབྱོར་ཀྱིས་ལན? ་བཏབ་པའོ། །གང་པོས་སྨྲས་བ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་མ་བཅིངས་མ་གྲོལ་བའི་གཟུགས་གང་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་རྣམས་རྨི་ལམ་ལ་སོགས་པ་ལྟ་བུར་གྱུར་པ་རྣམས་མ་བཅིངས་མ་གྲོལ་བ་ཡིན་པར་བསྟན ་པའི་སྐབས་དབྱེ་བའི་ཕྱིར་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་གང་པོ་གང་འདི་རྨི་ལམ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་རྣམས་རྨི་ལམ་དང། སྒྱུ་མ་དང། སྒྲ་བརྙན་དང། །མི་གཡོར་དང། ་གཟུགས་བརྙན་དང། སྨིག་རྒྱུ་དང། །སྤྲུལ་པ་ལྟ་བུ་ཡིན་ཏེ། །དེ་ལྟ་བུའི་གཟུགས་ལ་སོགས་པ་ནི་ཡང་དག་པར་ཡོད་པ་མ་ཡིན་པས་བཅིངས་པ་དང་གྲོལ་བ་ཡང་མེད་དོ་ཞེས་བསྟན་པའོ། ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས ་ནི་མ་བཅིངས་མ་གྲོལ་བའོ། །ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་གྱི་ཕུང་པོ་ལྔ་ཡང་མ་བཅིངས་མ་གྲོལ་བའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། ། ་ཞེས་བྱ་བ་ལ་སོགས་ནི་དུས་གསུམ་གྱི་ཕུང་པོ་ལྔ་གོང་དུ་སྨོས་པ་རྣམས་མ་བཅིངས་མ་གྲོལ་བའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་ཕུང་པོ་ལྔ་ཡང་དོན་དམ་པར་དངོས་པོ་མེད་པ་དང། །དབེན་པ་དང། མ་སྐྱེས་པའི་ཕྱིར་མ་བཅིངས ་མ་གྲོལ་བའོ་ཞེས་བསྟན་པའོ། །ཚེ་དང་ལྡན་བ་གང་པོ་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་དགེ་བ་དང་མི་དགེ་བ་དང། ལུང་དུ་མ་བསྟན་པའི་རིགས་སུ་བཏོགས་བའི་ཕུང་པོ་ལྔ་རྣམས་ཀྱང་མ་བཅིངས་མ་གྲོ?་ ་བའོ་ཞེས་བསྟན་པ་སྟེ། །དེ་ལ་དགེ་བ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང་མི་ལྡན་པའོ། །མི་དགེ་བ་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་དང་ལྡན་པའོ། །ལུང་དུ་མ་བསྟན་པ་ནི་འདོད་ཆགས་དང། ཞེ ་སྡང་དང། གཏི་མུག་དང་མི་ལྡན་པས་གཅིག་ཁོ་ན་རང་གི་བར་འགྱུར་བར་ལུང་བསྟན་དུ་ཡང་མི་མངོན་ལ། །འདོད་ཆགས་དང། ཞེ་སྡང་དང། །གཏི་མུག་དང་མ་བྲལ་བས་གཅིག་ཁོ་ནར་མི་དགེ་བར་འགྱུར་བར་ལུང་བསྟན་དུ་ཡང་མི་མངོན་ཏེ། ་བཟོ་བྱེད་པ་དང། །སྤྱོད་ལམ་བཞི་ལ་གནས་པའི་ཕུང་པོ་ལྔ་ལྟ་བུའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དག་ཟག་པ་དང ་བཅས་པ་དང། ཟག་པ་མེད་བའི་ཁོངས་སུ་གཏོགས་པའི་ཕུང་པོ་ལྔ་ཡང་མ་བཅིངས་མ་གྲོལ་བའོ་ཞེས་བསྟན་པ་སྟེ། །དེ་ལ་འཇིག་རྟེན་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་གོམས་བར་བྱེད་པ་ལ་མ་གཏོགས་བ་ཁམས ་གསུམ་དུ་སྐྱེ་ཞིང་འཁོར་བའི་ཁོངས་སུ་གཏོགས་པ་རྣམས་སོ། །འཇིག་རྟེན་ལས་འདས་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པ་གོམས་པར་བྱེད་བ་ཁམས་གསུམ་དུ་སྐྱེ་ཞིང་འཁོར་བར་མི་འགྱུར་བ་རྣམས་སོ། །ཟག་པ་དང་བཅས ་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་བཅས་པའོ། །ཟག་པ་མེད་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་དང་མི་ལྡན་པའོ། །ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ ་བའོ་ཞེས་བྱ་བ་ལ་སོགས་བ་ནི་དགེ་བ་དང་མི་དགེ་བ་དང། ལུང་དུ་བསྟན་པ་དང། ལུང་དུ་མ་བསྟན་པ་དང། །འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། །ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཕུང་པོ་ལྔ་རྣམས་མ ་བཅིངས་མ་གྲོལ་བའི་གཏན་ཚིགས་བསྟན་པ་སྟེ། མེད་པ་དང། །དབེན་པ་དང། མ་སྐྱེས་པའི་དོན་ནི་སྔ་མ་བཞིན་ནོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི ་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་མདོར་བསྡུས་ཏེ། །མ་བཅིངས་མ་གྲོལ་བ་གཏན་ཚིགས་དང་བཅས་ཏེ་བསྟན་པའོ། །ཚེ་དང་ལྡན་པ ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡང་དག་པའི་མཛའ་དང། འདུས་མ་བྱས་པ་ལ་ཐུག་གི་བར་དུ་དཀར་པོའི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བ ་གཏན་ཚིགས་རྣམ་པ་གསུམ་དང་བཅས་ཏེ་བསྟན་པ་སྟེ། །དཀར་པོའི་ཆོས་ཐམས་ཅད་ཚར་གཅིག་ཏུ་མི་སྨོས་པར་རིས་རིས་སུ་བཅད་ཅིང་མེད་པ་དང། །དབེན་པ་དང། མ་སྐྱེས་པའི་གཏན་ཚིགས་རྣམ་པ་གསུམ་བསྟན་པ་ནི་འདུལ་པའི་སྐྱེ་བོ ་ཁ་ཅིག་ལ་དེ་ལྟར་རིས་རིས་སུ་བཅད་དེ་བསྟན་ན་གོ་སླ་ཞིང་དད་པ་སྐྱེ་བར་འགྱུར་བ་ཡང་སྲིད་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ་ཞེས ་བྱ་བ་ནི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་རྟོགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པའི་སྒོ་འམ་རྒྱུད་འགྱུར་བའི་ཕྱིར་ཆོས་ཀྱི་སྒོ་ཞེས་བྱའོ། །དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་བ་མ་བཅིངས་མ་གྲོལ་བའོ་ཞེས་བྱ་བ་ནས། ཡང་དག་པའི ་མཛའ་མ་བཅིངས་མ་གྲོལ་བའོ། །དུས་མ་བྱས་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བའི་བར་དུ་ནི་དཀར་པོའི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའི་ཆོས་ཀྱི་སྒོ་ཡིན་པར་ངེས་པར་གཏན་ལ་ཕབ་སྟེ་བསྟན་པའོ། །དེ་མ་བཅིངས་མ་གྲོལ་བའི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བྱ་བ་ནས། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བའི་ཐེག་པ་ཆེན་པོའི་གོ་ཆ་བགོས་པར་རིག་པར་བྱའོ་ཞེས་བྱ་བའི ་བར་དུ་ནི་དེ་ལྟར་མ་མཅིངས?་མ་གྲོལ་བའི་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རླབས་ཆེན་པོ་སྤྱོད་ནུས་པ་དང། སངས་རྒྱས་བཅོམ་ལྡན་འདས ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བས ་མེད་པ་དང། དབེན་པ་དང། སྐྱེ་བ་མེད་པ་ཉེ་བར་གཟུང་ཞིང་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་མ་བཅིངས་མ་གྲོལ་བའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། མདོར་ན་དོན་དམ་པར་བྱང་ཆུབ་སེམས་དཔའ་ ་ཉིད་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཆོས་ཐམས་ཅད་ཀྱང་མེད་པ་དང། དབེན་པ་དང། མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བར་ཁོང་དུ་ཆུད་ཅིང་ཀུན་རྫོབ་ཏུ་ཡང་དེ་ལ་མ་ཆགས་མ་ཞེན་བར་སེམས་ཅན་ཡོངས་སུ་སྨིན་པར་བྱ ་བ་ལ་སོགས་པའི་ལས་རྣམས་མི་བྱེད་པ་ཡང་མ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་བ་ལ་སོགས་པའི་ཕན་ཡོན་རྣམས་ཐོབ་པར་མི་འགྱུར་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ ་ལྟར་བཅོམ་ལྡན་འདས་ཀྱིས་གོ་ཆ་ཆེན་པོ་བགོས་པའི་དོན་བསྟན་ཟིན་པ་དང། དེའི་འོག་ཏུ་ཡང་འཕགས་པ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བའི་ཚིག་སྔར་སྨོས་པ་ལས་གླེང་བསླངས་ནས། ཐེག་པ ་ཆེན་པོའི་དོན་རྣམ་ལྔ་ཞུ་བའི་ཕྱིར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞུ་བ་རྣམ་པ་ལྔ་ནི་ཐེག་པ་ཆེན་པོ་གང་ཡིན་པ་དང། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཡང་དག ་པར་ཞུགས་པར་ཆུད་པ་དང། ཐེག་པ་དེ་གང་ནས་འབྱུང་བ་དང། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་དང། ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་ཞུ་བ་དང་ལྔའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་ཞུ་བ་རྣམ་པ་ལྔ་ཞུས་པ་ལས། ཐེག་པ་ཆེན་པོ་གང་ལགས་ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ཞེས་བྱ་བ་རྣམ་པ་ཉི་ཤུ་རྩ་གཅིག ་ཏུ་ཕྱེ་སྟེ་བཤད་པའོ། །དེ་ལ་ཐེག་པ་ཆེན་པོ་རྣམ་པ་ཉིད་ཤུ་རྩ་གཅིག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོ་ཡིན་པ་དང། སྟོང་པ་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང། ཏིང་ངེ་འཛིན་རྣམས་ཐེག་པ་ཆེན་པོ་ཡིན་པ་དང། དྲན་པ་ཉེ་བར་གཞག་པ ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང། ཡང་དག་པར་སྤོང་བ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང། དབང་པོ་ལྔ་ཐེག་པ་ཆེན་པོ་ཡིན་པ་དང། སྟོབས་ལྔ་ཐེག་པ་ཆེན་པོ་ཡིན་པ་དང། བྱང ་ཆུབ་ཀྱི་ཡན་ལག་བདུན་ཐེག་པ་ཆེན་པ་ཡིན་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐེག་པ་ཆེན་པོ་ཡིན་པ་དང། རྣམ་པར་ཐར་པ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང། ཤེས་པ་བཅུ་ཐེག་པ་ཆེན་པོ་ཡིན་པ་དང། དབང་པོ་གསུམ ་ཐེག་པ་ཆེན་པོ་ཡིན་པ་དང། རྣམ་པར་ཐར་པའི་སྒོ་གསུམ་ཐེག་པ་ཆེན་པོ་ཡིན་པ་དང། རྗེས་སུ་དྲན་པ་དྲུག་ཐེག་པ་ཆེན་པོ་ཡིན་པ་དང། སྙོམས་པར་འཇུག་པ་རྣམས་ཐེག་པ་ཆེན་པོ་ཡིན་པ་དང། སྟོབས་བཅུ་ཐེག་པ་ཆེན་པོ་ཡིན ་པ་དང། མི་འཇིགས་པ་བཞི་ཐེག་པ་ཆེན་པོ་ཡིན་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ཐེག་པ་ཆེན་པོ་ཡིན་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་དང། གཟུངས་ཀྱི་སྒོ་རྣམས ་ཐེག་པ་ཆེན་པོ་ཡིན་པ་དང། ཉི་ཤུ་རྩ་གཅིག་གོ་།དེ་ལ་རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའི་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཐེག་པ་ཆེན་པོ་ཡིན་པར་བསྟན་པའོ། །དེ་ལ་དོན་དུ་གཉེར་བ་ཞེས་བྱ་བ་ནི་ཕོངས་ཤིང་འདོད་པ་ལ་བྱའོ ་ཕྱི་ནང་གི་དངོས་པོ་ཞེས་བྱ་བ་ལ། ཕྱིའི་དངོས་པོ་ནི་གསེར་དངུལ་དང། དར་ཟབ་ལ་སོགས་པ་བདག་གི་ལུས་ལ་མ་གཏོགས་པའི་ནོར་རྫས་རྣམས་སོ། །ནང་གི་དངོས་པོ་ནི་ལུས་དང་མགོ་ལ་སོགས་པ་ཡན་ལག་དང་ཉིད་ལག་རྣམས ་ཡོངས་སུ་གཏོང་བའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཡོངས་སུ་རྫོགས་པར་བྱེད་ཅིང་དེ་ཡི་བསོད་ནམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་མི་དམིགས་པའི་ཚུལ ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཉིད་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་ཤིང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་པས་ཐེག་པ་ཆེན་པོ་ཞེས་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི ་སྐབས་སུ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་བསྟན། སེམས་ཅན་ཕ་རོལ་པོ་སྦྱིན་པ་ལ་ཡང་དག་པར་སྐུལ་བ་དང། གཞོག་པ་དང། རབ་ཏུ་དགོད་པ ་མ་བསྟན་ལ། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ལ་སེམས་ཅན་ཕ་རོལ་པོ་རྣམས་ཀྱང་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དག་པར་བསྐུལ་བ་དང། གཞོག་པ་དང། རབ་ཏུ་དགོད་པ་བསྟན་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་བསྟན་དུ་ཟིན་ཡང། སེམས་ཅན་ཕ་རོལ་པོ་རྣམས་ཡང་དག་པར་བསྐུལ་བ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་སྦྱང་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྦྱང་བར་དོན་ཀྱིས་རིག་བར་བྱའོ། །ཡང་དག་པར་བསྐུལ་བ་ནི་དང་པོ་སྤྱོད་དུ་འཇུག་པའོ། །གཞོག་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གནས་ཤིང་ཉམས་སུ ་ལེན་དུ་འཇུག་པའོ། །རབ་ཏུ་འགོད་པ་ནི་དེ་བས་ཀྱང་བསྟན་པར་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལས་མི་ཉམས་ཤིང་འབྲས་བུ་ཐོབ་པར་བྱེད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པ་བསྟན་པ་སྟེ། དེ་ལ་ནང་སྟོང་པ་ཉིད ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ནང་སྟོང་པ་ཉིད་བསྟན་པ་སྟེ། མིག་དང་ཡིད་ཀྱི་བར་དུ་ནང་གི་དབང་པོ་དྲུག་རྣམས་བདག་གི་ལུས་དང་སེམས་ཀྱིས་ཟིན་བའི་ཕྱིར་ནང་གི་ཆོས་ཞེས་བྱའོ། །མི་རྟག་མི་འཇིག་པའི་ཕྱིར་མིག་མིག་གིས ་སྟོང་ཞེས་བྱ་བ་ནི་མིག་དངོས་པོ་ཞིག་ཡོད་ན་རྟག་པའི་རང་བཞིན་ན་མི་རྟག་པའི་རང་བཞིན་ཞིག་ཡིན་གྲང་ན། དོན་དམ་པར་མིག་དངོས་པོ་མེད་པས་རྟག་པའི་རང་བཞིན་མ་ཡིན་པའི་ཕྱིར་མི་རྟག་པའོ། །མི་རྟག་པའི་ཕྱིར་རང་བཞིན་ལ།? ་ཡིན་པའི་ཕྱིར་མི་འཇིགས་པའོ། །དེ་ལྟར་དངོས་པོ་མེད་ཅིང་མི་རྟག་མི་འཇིག་པའི་ཕྱིར་མིག་དེ་མིག་གི་དངོས་བོས་སྟོང་པས་ན། མིག་མིག་གིས་སྟོང་ངོ་ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ན། དེའི་རང་བཞིན་དེ་ཡིན་པའི ་ཕྱིར་རོ་ཞེས་བྱ་བ་ནི་མིག་ལ་མིག་གི་དངོས་པོ་མེད་པ་ཉིད་དེའི་རང་བཞིན་ཡིན་གྱི། རྒྱུ་གཞན་གྱིས་བཤིག་སྟེ་སྟོང་པར་བྱས་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་དོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་འོག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལ་ཕྱི ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་བསྟན་པ་སྟེ། གཟུགས་ལ་སོགས་པ་ཆོས་ཀྱི་བར་གྱི་ཡུལ་དྲུག་པོ་དེ་རྣམས་ཕྱི་རོལ་ཏུ་དམིགས་པའི་ཡུལ་ཡིན་ལ། བདག་གི་ལུས་དང་སེམས་ཀྱི་ཡོངས་སུ་མི་ཟིན་པའི ་ཕྱིར་ཕྱི་རོལ་གྱི་ཆོས་རྣམས་ཞེས་བྱ་སྟེ། དེ་དག་སྟོང་པ་ཉིད་ཀྱི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་ནང་སྟོང་པ་ཉིད་བསྟན་པ་སྟེ། ནང་གི་ཆོས་རྣམས་ཕྱིའི་ཆོས་ཀྱིས་སྟོང། ཕྱིའི་ཆོས་རྣམས ་ནང་གི་ཆོས་ཀྱིས་སྟོང་སྟེ་ཞེས་བྱ་བ་ནི་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་རྣམས་ཀྱི་སོ་སོའི་རང་བཞིན་གྱིས་སྟོང་པ་སྔར་བཤད་ཟིན་པས་སྐབས་འདིར་ནང་གི་སྐྱེ་མཆེད་རྣཾས་ལ་ཡང་ཕྱིའི་སྐྱེ་མཆེད་ཀྱི་རང་བཞིན་མེད་པ་དང། ཕྱིའི་སྐྱེ་མཆེད་རྣཾས་ལ་ཡང་ནང་གི་སྐྱེ་མཆེད ་རྣམས་ཀྱི་རང་བཞིན་མེད་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་དོ་ཞེས་བསྟན་ཏོ། །དེ་ལ་སྟོང་པ་ཉིད་སྟོང་བ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་བསྟན་པ་སྟེ། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེ་སྟོང་པ་ཉིད་དོ་ཞེས ་བྱ་བ་ནི་ཆོས་རྣམས་སྟོང་ངོ་ཞེས་བྱ་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། དེ་རང་བཞིན་གྱིས་སྟོང་པ་ལ་སྟོང་པ་ཉིད་སྟོང་བ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས ་པ་ནི་ཆེན་པོ་སྟོང་བ་ཉིད་བསྟན་བ་སྟེ། སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུ་ལ་སོགས་པ་ཐ་གྲུ?་ཡངས་ཤིང་གཞི་ཆེ་བ་རྣམས་རང་བཞིན་མེད་པ་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེན་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པ་སྟོང་པ ་ཉིད་བསྟན་པ་སྟེ། མྱ་ངན་ལས་འདས་པ་དེ་དོན་དུ་སྒྲུབ་པའི་ནང་ན་མཆོག་དམ་པ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ། རྣམ་པ་གཉིས་སུ་ན་ཡེ་ཤེས་དམ་པའི་དམིགས་པའི་ཡུལ་ལམ་དོན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ ་དེའི་རང་བཞིན་མེད་པ་ལ་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་འདུས་བྱས་སྟོང་པ་ཉིད་བསྟན་པ་སྟེ། ཁམས་གསུམ་དུ་སྐྱེ་ཞིང་གནས་པའི་ཆོས་རྣམས་ནི་ལས་དང། ཉོན་མོངས་པ་ལ ་སོགས་པ་རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཚོགས་པའི་བྱས་ཤིང་བསྐྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཞེས་བྱ་སྟེ། དེ་དག་གི་རང་བཞིན་མེད་པ་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི ་འདུས་མ་བྱས་སྟོང་པ་ཉིད་བསྟན་པའོ། །གང་ལ་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་འདི་ནི་འདུས་མ་བྱས་ཞེས་བྱ་སྟེ་ཞེས་བྱ་བ་ནི་འདུས་མ་བྱས་པའི་རང་བཞིན་བསྟན་པ་སྟེ། ལས་དང་ཉོན་མོངས ་པ་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་ཚོགས་ཤིང་འདུས་པས་མ་བྱས་མ་བསྐྱེད་པའི་ཕྱིར། སྐྱེ་བ་དང་འགག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་ཆོས་དེ་རྣམས་ནི་འདུས་མ་བྱས་བ་ཞེས་བྱ་སྟེ། དེ་དག་ཀྱང་ནམ་མཁའ་དང། དེ་བཞིན་ཉིད་དང ་སོ་སོ་བརྟགས་པས་འགོག་པ་དང། སོ་སོ་བརྟགས་པ་མ་ཡིན་བས་འགོག་བ་སྟེ། ཆོས་དག་རང་བཞིན་མེད་བ་ནི་འདུས་མ་བྱས་སྟོང་བ་ཉིད་ཅེས་བྱའོ། །དེ་ལ་མཛའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་མཛའ་ལས?་ ་འདས་པ་སྟོང་པ་ཉིད་བསྟན་པ་སྟེ། རྟག་པའི་མཛའ་དང། ཆད་པའི་མཛའ་ལ་སོགས་པའི་མཛའ་གཉིས་མི་དམིགས་པ་ཉིད་མཛའ་ལས་འདས་པ་ཞེས་བྱ་སྟེ། དེའི་རང་བཞིན་མེད་པ་ནི་མཛའ་ལས་འདས་པ་སྟོང་པ་ཉིད ་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བསྟན་པ་སྟེ། གང་ལ་ཐོག་མ་མི་དམིགས་ཤིང་ཐ་མ་མི་དམིགས་པ་དེ་ལ་འགྲོ་བ་མི་དམིགས་འོང་བ་མི་དམིགས་ཏེ ་ཞེས་བྱ་བ་ནི་འཁོར་བ་ལ་ཐོག་མ་ཡང་མི་དམིགས་ཐ་མ་ཡང་མི་དམིགས་ཏེ། ཐོག་མ་དང་ཐ་མ་གཉིས་མེད་པས་དབུས་ཀྱང་མི་དམིགས་སོ། །དེ་ལྟར་མཛའ་གཉིས་དང་དབུས་ཀྱང་མེད་བའི་ཕྱིར་འགྲོ་བ་དང་འོང་བ་མི་དམིགས་ཏེ། དེ་ལྟར་འཁོར་བའི ་རང་བཞིན་མེད་པ་ཉིད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི། དོར་བ་མེད་པ་སྟོང་པ་ཉིད་བསྟན་པའོ། །གང་ལ་གང་ཡང་དོར་བ་མེད་པ་སྟེ་ཞེས་བྱ་བ་ནི་ཕུང་པོའི་ལྷག ་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་བྱ་སྟེ། དོར་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ལ་བྱའོ། །ཕུང་པོ་ལྔ་པོ་དེ་དག་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་ཚེ་མེད་པར་གྱུར་པའི་ཕྱིར་དེར་བ་མེད་པ་ཞེས་བྱ་སྟེ། དོར ་བ་མེད་པའི་རང་བཞིན་མྱ་ངན་ལས་འདས་པ་དེའི་རང་བཞིན་གྱི་སྟོང་པ་ལ་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྐབས་སུ་མྱ་ངན་ལས་འདས་པ་ཡིན་པར་བཤད་པ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས ་པ་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་ལས་དགོངས་ཏེ་གསུངས་སོ། །འདིར་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ལ་དགོངས་ཏེ་གསུངས་པས་ཟློས་པར་མི་འགྱུར་རོ། །དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན། ཞེས་བྱ་བ ་ལ་སོགས་པ་ནི་རང་བཞིན་སྟོང་པ་ཉིད་བསྟན་པ་སྟེ། འདུས་བྱས་སམ་འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྟོང་པ་ཉིད་ཡིན་པས་ཉན་ཐོས་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་གསུམ? ་ཀྱིས་ཀྱང་ཡོད་པ་འམ་མེད་པར་མ་བྱས་པས་རང་བཞིན་གྱིས་སྟོང་པའི་ཕྱིར་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་བསྟན་པ་སྟེ། དེ་ལ་ཆོས་ཐམས་ཅད ་ཅེས་བྱ་བ་ནི་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས་དང། ཁམས་བཅོ་བརྒྱད་དང། འདུས་ཏེ་རེག་པ་དྲུག་དང། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོང་བ་དྲུག་དང། གཟུགས་ཡོད་པ་དང། གཟུགས་མེད་པ་དང། འདུས་བྱས་དང། འདུས་མ་བྱས་པའི ་ཆོས་རྣམས་ཏེ་།ཆོས་དེ་དག་གི་རང་བཞིན་ཡོད་པ་མ་ཡིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྤོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་བསྟན་པ་སྟེ། འདུས་བྱས་དང་འདུས ་མ་བྱས་པའི་ཆོས་རྣམས་དོན་དམ་པར་ཡོད་པ་མ་ཡིན་པས་དེ་དག་གི་རང་གི་མཚན་ཉིད་ཀྱང་མེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །མཚན་ཉིད་གཞན་ནི་དང་ལོག་ཏུ་ཟད་པས་བཤད་མི་དགོས་སོ། །བཤད་དགོས་པ་ཉི་ཚེ ་ཞིག་བཤད་པར་བྱ་སྟེ། ཁམས་ནི་གདུག་པའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་བཅོ་བརྒྱད་འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གདུང་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་ལ ་ཉེས་པ་མི་འབྱུང་བས་ཕྱིས་མི་འགྱོད་ཅིང་སེམས་ལ་གདུང་བ་མེད་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་བརྩོན་འགྲུས་དང་ལྡན་པ་ལ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས ་མི་རྫི་ཞིང་མི་ཐུབ་པའི་ཕྱིར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་འདུས་པའི་མཚན་ཉིད་ཅེས་བྱ་བ་ནི་བསམ་གཏན་དང་ལྡན་པ་སེམས་རྩེ་གཅིག་ཏུ་འདུས་ཤིང་བསམ་གཏན་གྱི་འབྲས་བུ་རྫུ་འཕྲུལ་ལ་? ་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་དགེ་བའི་རྩ་བ་འདུས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས། ཅི་ལ་ཡང་མ་ཆགས་པར ་འགྱུར་བའི་ཕྱིར་རོ། །བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི། འཁྲུག་པ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི། བསམ་གཏན་ལ་སོགས་པ་འདི་རྣམས་སེམས་གཡེང་ཞིང་འཁྲུག་པ ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་པའི་མཚན་ཉིད་ཅེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་འཁོར་བ་ནས་འབྱུང་ཞིང་མྱ་ངན་ལས་འདས་པ་ཐོབ ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་ཤིང་དངོས་པོ་གང་དང་ཡང་མ་འདྲེས་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་པའི ་མཚན་ཉིད་ཅེས་བྱ་བ་ནི་མཚན་མ་སྣ་ཚོགས་སུ་མི་འཛིན་པ་ཉིད་ཞི་བ་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་ཅེས་བྱ་བ་ནི་ཁམས་གསུམ་གྱི་བདེ་བ་ལ་མ་ཆགས་ཤིང། མི་སྨོན་པས། དེ་ཐོབ་པར ་བྱ་བའི་སྡུག་བསྔལ་མེད་པའི་ཕྱིར་རོ། །རྣམ་པར་གྲོལ་པ་རྣམ་པ་འགྲེལ་པའི་མཚན་ཉིད་ཅེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་ལ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། དེ་དག་ཁམས་གསུམ་གྱི་ལུས་ལ་སོགས་པ་ལ་ཆགས་པ་ལས་གྲོལ་ཞིང ་ཐར་བར་བྱེད་པའི་ཕྱིར་རོ། །སྟོབས་རྣམས་ནི་ཤིན་ཏུ་རྟོགས་པའི་མཚན་ཉིད་ཅེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་ཤེས་པ་ལ་སོགས་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་ནི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་ཤིན་ཏུ་རྫོགས་པའི ་མཚན་ཉིད་ཅེས་བྱའོ། །མི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད་ཅེས་བྱ་བ་ནི་མི་འཇིགས་པ་བཞི་དང་ལྡན་ན་བདུད་ལ་སོགས་པ་ཕས་རྒོལ་བ་རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་བསྒྱུར་དུ་མི་ཚུགས་པའི་ཕྱིར་རོ། །སོ་སོ་ཡང་དག་པར ་རིག་པ་རྣམས་ནི་མི་ཆོད་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་དང་ལྡན་ན་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་ཕྱིར་རོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད་ཅེས་བྱ་བ་ནི་སེམས་ཅན ་རྣམས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་ན་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཐོབ་པ་དང་འདྲ་བར་རབ་ཏུ་དགའ་བར་འགྱུར་བ་འམ། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ཐོབ་པའི་ཚེ་ན་ཆོས་ཀྱི་དབྱིངས་རྣམ་པར ་དག་པ་རབ་ཏུ་རྟོགས་པའི་ཚེ་དགའ་བའི་ཤུགས་ཆེན་པོ་འབྱུང་བ་ལ་བྱའོ། །བཏང་སྙོམས་ཆེན་པོ་ནི་འདྲེ་བ་མེད་པའི་མཚན་ཉིད་ཅེས་བྱ་བ་ནི་དགྲ་དང་ཟུན་གཉིས་ལ་བྱམས་སྡང་མེད་པར་སེམས་སྙོམས་པས་བྱམས་པ་དང་སྡང་པའི་སེམས་ཅན ་སྙོམས་པ་དང་མ་འདྲེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མི་འཕྲོགས་པའི་མཚན་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པ་བདུད་དང་མུ་སྟེགས་ཅན་ལ་སོགས་པས་འགྲིབ་པ ་འམ་ཉམས་པར་བྱ་མི་ནུས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིཡེ་ཤེས་ནི་མངོན་སུམ་གྱི་མཚནྙིད་དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེ་ཤེས་པར་བྱ་བའི་ཡུལ་ཐམས་ཅད་ལ་སྒྱུ་རུ་རའི་འབྲས་བུ་ལག ་མཐིལ་དུ་གཞག་པ་བཞིན་དུ་སྒྲིབ་པ་དང་ཐོགས་པ་མེད་པར་མངོན་སུམ་དུ་གསལ་བར་ཐུགས་སུ་ཆུད་པའི་ཕྱིར་རོ། །མི་རྟག་མི་འཇིགས་པའི་ཕྱིར་འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་འདུས་མ་?་ཀྱི་ཆོས ་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚནྙིད་དེ་དག་གིས་ཆོས་དེ་དག་ཐམས་ཅད་ཀྱིས་སྟོང་སྟེ་ཞེས་བྱ་བ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དོན་མདོར་བསྡུས་ནས་བསྟན་པ་སྟེ། མདོར་ན་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས ་ཅད་དོན་དམ་པར་དངོས་པོ་མེད་པས་དེ་དག་གི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནི་མི་དམིགས་པ་སྟོང་པ་ཉིད་བསྟན་པ་སྟེ། འདས་པ་ནི་དངོས ་པོ་མེད་པར་གྱུར་ཟིན་པ་དང། མ་འོངས་པ་ནི་ད་རུང་དངོས་པོར་མ་རེད་པ་དང། ད་ལྟར་བྱུང་བ་ནི་སྐད་ཅིག་གི་ཚུལ་གྱིས་གནས་པ་མི་འགྲུབ་པའི་ཕྱིར་མི་དམིགས་པ་ཞེས་བྱ་སྟེ། མི་དམིགས་པ་ཞེས་བྱ་བ་དེ་ཉིད་ཀྱང་དངོས་པོ་ཡོད་པ་མ་ཡིན ་པའི་ཕྱིར། མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་པ་སྟེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར ་འདུས་པའི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་ན་རྒྱུ་དང་རྐྱེན་རྣམས་འདུས་ཤིང་ཚོགས་པའི་མཐུ་ལས་སྐྱེའི་གཞན་ལ་མི་བལྟོས་པའི་རང་སྐྱེ་བ་ནི་མེད་དེ། གང་རྒྱུ་དང་རྐྱེན་གཞན་གྱི་དབང་གིས་སྐྱེས་པ་དེ་ནི་ཡང་དག་པར་སྐྱེས ་པ་མ་ཡིན་ཏེ། འདུས་པ་ལས་སྐྱེས་པ་ནི་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་དོན་ཏོ། །དེ་བས་ན་འདུས་པ་འདུས་པས་སྟོང་ངོ་ཞེས་བྱ་བ་གསུངས་ཏེ། རྒྱུ་རྐྱེན་འདུས་པ་ལས་བྱུང་བ་རྣམས་ནི་ཡང་དག་པར་སྐྱེས་པ་མ་ཡིན་པས་འདུས་པའི་རང་བཞིན ་གྱིས་སྟོང་ངོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་གཞན་དུ་བཤད་པ་སྟེ། དངོས་པོ་མེད་པ་ཞེས་སྨོས་པ་དང། དངོས་པོ་ཡོད་པ་ཡང་ནས ་གྲུབ། དངོས་པོ་ཡོད་མེད་གཉིས་སྨོས་དང། བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་གཉིས་ཀྱང་ཞར་ལ་བརྟག་དགོས་ཏེ། དེ་བས་ན་དངོས་པོ་ནི་དངོས་པོས་སྟོང་ངོ། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ། །རང་བཞིན་ནི་རང་བཞིན་གྱིས ་སྟོང་ངོ། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་ཞེས་བྱ་བ་རྣམ་པ་བཞིར་ཕྱེ་སྟེ་གསུངས་སོ། །དེ་ལ་དངོས་པོ་དངོས་པོ་ཞེས་བྱ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་རྣམ་པ་བཞིར་བྱེ་སྟེ ་བསྟན་པ་སྟོང་པ་ཉིད་ཡིན་པར་བཤད་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་གཉིས་སྟོང་པར་བཤད་པ་ནི་རང་ལོག་ཏུ་ཟད་དོ། །ཇི་ལྟར་ན་རང་བཞིན་གྱིས་སྟོང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་རང་གི་དངོས་པོ་སྟོང་པ་ཉིད་ཡིན་པར་བཏན་པ་སྟེ། རང ་གི་དངོས་པོ་དེ་ཡང་རང་བཞིན་མེད་པའི་ཕྱིར་བྱང་རུང་བ་མ་ཡིན་པས། ཤེས་པས་མ་བྱས་མཐོང་བས་མ་བྱས་ཞེས་གསུངས་ཏེ། ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། མཐོང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་བྱུང ་བ་དག་ལ་འཇིག་རྟེན་པའི་ཡེ་ཤེས་ལ་བྱ་སྟེ། ཤེས་པ་དང་མཐོང་བ་དེས་ཀྱང་མ་བྱས་པའི་ཕྱིར་སྟོང་ངོ། །ཞེས་བྱ་བའི་ཕྱིར་རོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་བསྟན་པ་སྟེ། ་ཆོས་ཀྱི་གནས་ཉིད་དང། ཆོས་ཉིད་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་འདི་རྣམས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་བཞིན་དུ་གནས་པ་སྟེ། དེ ་དག་ལ་ཕུང་པོ་ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམས་ཐེག་པ་ཆེན་པོ་ཡིན་པ་བསྟན་པ་སྟེ། དེ་ལ་ཏིང་ངེ་འཛིན་རྣམས་ཀྱི་སྤྱིའི་དོན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པའི་?་ཞེས ་སེམས་རྩེ་གཅིག་པའི་མཚན་ཉིད་དུ་མཉམ་པར་བཞག་པ་ལས་སྔོན་གྱི་སྤྱོད་པ་དང་སྨོན་ལམ་གྱི་མཐུས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སོགས་པ་མཐུ་རྣམ་པ་སྣ་ཚོགས་ལྷུན་གྱིས ་གྲུབ་པ་ཉིད་དུ་འབྱུང་བ་ཐ་དད་པ་ལས་མིང་རྣམ་པ་སྣ་ཚོགས་སུ་བཏགས་ཏེ་བསྟན་ཏོ། །དེ་ལ་དཔའ་བར་འགོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ ་འཛིན་ཏོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་རྣམས་ཀྱི་མིང་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བརྒྱད་པའོ།། །།དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན། ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམས་ཀྱི་མིང་དོན་དང་རྗེས་སུ་མཐུན་པར་བཤད་པ་སྟེ། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་སྟེ། ་ཞེས་བྱ་བ་ནི་ཇི་ལྟར་མི་དཔའ་བོ་དེ་བདག་གི་ཡུལ་ཡང་བསྲུང་ནུས་ལ། གཞན་གྱི་ཡུལ་ཡང་བསྲུང་ནུས་པ་བཞིན་དུ་ཏིང་ངེ་འཛིན་འདི་ལ་མཉམ་པར་བཞག་ན་བདག་གི་སྤྱོད་ཡུལ་དང་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་སྤྱོད་ཡུལ་དོན ་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་དང། ཀུན་རྫོབ་ཏུ་ཏིང་ངེ་འཛིན་གྱི་འབྲས་བུ་སེམས་ཅན་གྱི་དོན་རྣམ་པ་སྣ་ཚྒས་སྤྱོད་ནུས་པའི་མཐུ་ཡོད་པའི་ཕྱིར་དཔའ་བར་འགྲོ་བ་དང་འདྲ་པས?་དཔའ་བར་འདོ་ཞེས་བྱ་སྟེ། འགྲི་བ་ཞེས་བྱ ་བའི་ཆིག་ནི་སྐབས་འདིར་རྟོགས་པ་འམ་སྤྱོད་པ་ལ་བྱའོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེས་ཏིང་ངེ་འཛིན་ཐམས་ཅད་རྒྱས་བཏག་པ་ལྟ་བུར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན ་བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཏིང་ངེ་འཛིན་ཐམས་ཅད་སོ་སོའི་སྤྱོད་ཡུལ་ལས་མི་འགྱུར་ཞིང་རྒྱས་བཏབ་པ་བཞིན་དུ་གནས་པའི་མཐུ་དང་ལྡན་པ་ལ། རིན་ཆེན་ཕྱག་རྒྱ་ཞེས་བྱ་སྟེ། རིན་ཆེ་བ་དེ་ནི་ཏིང་ངེ་འཛིན་དེ་ལྟ་བུ་ཐམས་ཅད་ཀྱི་སྤྱོད ་ཡུལ་མ་ཡིན་ཞིང་དཀོན་པའི་ཕྱིར་རོ། །དེ་ལ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པར་རྩེ་བ་སྟེ་ཞེས་བྱ་བ་ནི་ཇི་ལྟར་སེང་གེ་གཅན་ཟན་ཐམས་ཅད་ཀྱིས ་འཇིགས་པ་མེད་ཅིང། གཅན་ཟན་དང་རི་དགས་ཐམས་ཅད་ཟིལ་གྱིས་མནན་ཏེ་རྒྱུ་བ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་མནན་ནས་ཐམས་ཅད་ལ་སྤྱོད་པའི་མཐུ་དང་ལྡན་པ་ལ ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་སྟེ། རྩེ་བ་ཞེས་བྱ་བ་ནི་སྐབས་འདིར་སྤྱོད་པ་ལ་བྱའོ། །དེ་ལ་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་ཟླ་བའི་བོད ་ཀྱིས་མུན་པ་ཐམས་ཅད་བསལ་ཏེ། གསལ་ཞིང་བཟང་བ་སྣང་བ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་དོན་དུ་བྱ་བ་རྣམས་ལ་ཐགས་ཐོགས་མེད་ཅིང ་གསལ་བར་རྟོགས་ཏེ། ཟླ་བ་ལྟར་མཛེས་ཤིང་བཟང་བའི་ཕྱིར་ཟླ་བ་བཟང་པོ་ཞེས་བྱའོ། །དེ་ལ་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ ་མཚན་འཛིན་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲུབ་པ་དང་བར་དུ་གཅོད་པ་བསལ་ཅིང་ཟླ་བ་ལྟར་འོད་གསལ་བ་ཉིད་རྟགས་སམ་མཚན་མ་ཡིན་པའི་ཕྱིར་ཟླ་བའི་རྒྱལ་མཚན་དཔལ ་ཞེས་བྱ་སྟེ། དཔལ་ནི་རྒྱལ་མཚན་གྱི་ཏོག་ལ་བྱའོ། །དེ་ལ་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པ་སྟེ་ཞེས་བྱ་བ་ནི ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུས་འཁོར་བའི་ཆོས་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱའོ། །དེ་ལ་སྤྱི་གཙུག་རྣམ་པར་ལྟ་བ ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་རྣམ་པར་ལྟ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་གྱི་མཛའ་ཁྱད་པར་དུ་རྟོགས་པ་ལ། ་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་སྟེ། སྤྱི་གཙུག་ཅེས་བྱ་བ་ནི་སྐབས་འདིར་མཛའ་འམ་རྩེ་མོ་ལ་བྱའོ། །དེ་ལ་ཆོས་ཀྱི་དབྱིངས་སུ་དེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཀྱི་དབྱིངས་སུ་རྟོགས་པར ་འགྲོ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཀྱི་དབྱིངས་ངེས་པར་རྟོགས་པར་འགྱུར་བའི་ཕྱིར་ཆོས་ཀྱི་དབྱིངས་ངེས་པ་ཞེས་བྱ་སྟེ། རྟོགས་པར་འགྲོ་བ་ཞེས་བྱ་བ་ནི་སྐབས་འདིར་རྟོགས་པར་ཁོང་དུ་ཆུད་པ་ལ་བྱའོ། །དེ་ལ ་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་ངེས་པར་འཛིན་པ་སྟེ། ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས ་ཅད་ཀྱི་ཡོན་ཏན་གྱི་མཚན་མ་དང། ངེས་པར་ལྡན་པར་འགྱུར་བ་ལ། ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་སྟེ་རྒྱལ་མཚན་དཔལ་ཞེས་བྱ་བ་སྐབས་འདིར་ནི་མཚན་མའམ་རྟགས་ལ་བྱའོ། །དེ་ལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང ་ངེ་འཛིན་ཐམས་ཅད་འཇིག་པར་མི་འགྱུར་བ་སྟེ། ཞེས་བྱ་བ་ནི་ཏིང་ངེ་འཛིན་གཞན་ཐམས་ཅད་སོ་སོའི་མི་མཐུན་པའི་ཕྱོགས་ཀྱིས་མི་ཤིག་པར་འགྱུར་པའི་ཕྱིར་རྡོ་རྗེ་དང་འདྲ་བས་རྡོ་རྗེ་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། འགག་པ་མེད་པར་རྟོགས་པར་འགྱུར ་བའི་ཕྱིར་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཉིད་ཚད་མའི་རྟགས་སམ་མཚན་མ་ཡིན་པའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་སྟེ། ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ཆེན་པོ་ཡུལ་སམ་ཐུབ་པ་རྣམས་ནི་ཐོབ་པར་བྱེད། ཐོབ་པ་རྣམས་ནི་མ་ཞིག་མ་ཉམས ་པར་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་མ་ཐོབ་པ་རྣམས་ནི་ཐོབ་པར་བྱེད་ཐོབ་པ་རྣམས་ནི་ཉམས་པར་མི་འགྱུར་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས ་བྱའོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་དེའི་མཐུས ་ཏིང་ངེ་འཛིན་གཞན་གྱི་རྫུ་འཕྲུལ་འོད་ཟེར་བཀྱེ་བ་ལས་སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པ་འབྱུང་བའི་མཐུ་ཡོད་པའི་ཕྱིར་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱའོ། །དེ་ལ་དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྣམ་པར་དགོད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་མཐུ་དང་རྫུ་འཕྲུལ་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་འབྱུང་ཞིང ་སྟོན་པར་ནུས་ལ། དེའི་མི་མཐུན་པའི་ཕྱོགས་བར་དུ་གཅོད་པ་རྣམས་ཀྱིས་མི་ཚུགས་པར་འགྱུར་བ་ལ་དཔུང་རྣམ་པར་བཀོད་པ་ཞེས་བྱའོ། །དེ་ལ་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས ་ཤིང་ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་འཕགས་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱང་ཡང་དག་པར་འགྲུབ་ཅིང་མངོན་སུམ་དུ་འགྱུར་བ་ལ་ཡང་དག་པར་འཕགས ་པ་ཞེས་བྱ་སྟེ། ཡང་དག་པར་འཕགས་པ་ཞེས་བྱ་བ་ནི་སྐབས་འདིར་མངོན་པར་འབྱུང་བ་ཡང་བསྐལ་བར་འགྱུར་བ་འམ། མངོན་སུམ་དུ་འགྱུར་བ་ལྟ་བུ་ལ་བྱའོ། །དེ་ལ་ངེས་པའི་ཚིག་ལ་གདོན་མི་ཟ་བར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན ་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པའི་ཚིག་བསྟན་པ་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་དང་དོན་རྗེས་སུ་མཐུན་པར་འཆད་ཅིང ་སྟོན་ནུས་པའི་མཐུ་དང་ལྡན་པར་འགྱུར་བ་ལ་ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱའོ། །དེ་ལ་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི ་ཚིག་བླ་དགས་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་ཀུན་རྫོབ་ཏུ་བརྔ་དང་ཐ་སྙད་ཙམ་དུ་བླ་དགས་སུ་བཏགས་པ་འཆད་ཅིང་སྟོན་ནུས་པའི་མཐུ་ཡོད་པར་འགྱུར་བ་ལ་ཚིགས་བླ་དགས ་ལ་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ལ་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱོགས་རྣམ་པར་ལྟ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང ་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་དོན་དམ་པར་དེ་བཞིན་ཉིད་ལ་སེམས་རྩེ་གཅིག་ཏུ་དམིགས་པ་དང། ཀུན་རྫོབ་ཏུ་ཏིང་ངེ་འཛིན་གྱི་མཐུས་ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་ཤེས་ཤིང་བྱེད་ནུས་པར་འགྱུར་བ་ལ་ཕྱོག ་རྣམ་པར་ལྟ་བ་ཤེས་བྱ་སྟེ། ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བ་ནི་སྐབས་འདིར་ཏིང་ངེ་འཛིན་རྣམས་ཀྱི་སྤྱོད་ཡུལ་རྟོགས་ཤིང་དེའི་བྱ་བ་བྱེད་ནུས་པ་ལ་བྱའོ། །དེ་ལ་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པའོ་ཞེས་བྱ་བ་རྟོགས་པར་འགྱུར་བ་སྟེ། ཇི་ལྟར་རྟོག ་པའི་དོན་དེ་ལས་གཞན་དུ་མི་འགྱུར་ཏེ། རྒྱས་བཏབ་པ་དང་འདྲ་བའི་ཕྱིར་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱའོ། །དེ་ལ་ཉམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཉམས་པར་མི ་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་ཉམས་པར་མི་འགྱུར་བའམ། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྟོགས་པ་ལས་དྲན་པ་ཉམས་པར་མི་འགྱུར ་བ་ལ་ཉམས་པ་མེད་པ་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་པས་ཏིང་ངེ་འཛིན་ཐམས་ཅད་འདུ་ཞིང་བར་དུ་ཆུད་པར་འདོད་པ་སྟེ ་ཞེས་བྱ་བ་ནི་ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང་དུ་ཆུ་བྲན་ཐམས་ཅད་འདུ་ཤིང་ལན་ཚྭ་བྲོ་བའི་རོ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱིས་རྟོགས་པར་བྱ་བའི་དོན་ཆོས་ཐམས་ཅད་སྐྱེ ་བ་མེད་པར་རོ་གཅིག་ཏུ་རྒྱས་བཏབ་བཞིན་དུ་དེ་ལས་གཞན་དུ་མི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཡང་དག་པར་འདུས་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱའོ། །དེ་ལ་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱིས་ནམ་མཁའ་རྒྱས་པར་འགེངས་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་ནམ་མཁའ་རྒྱས་པར་འགེངས་པ་འམ ་ཏིང་ངེ་འཛིན་དེའི་མཐུས་ཏིང་ངེ་འཛིན་ཐམས་ཅད་ལ་ནམ་མཁའ་བཞིན་དུ་རྒྱས་ཤིང་ཁྱབ་པར་བྱེད་པའི་ཕྱིར་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱའོ། །དེ་ལ་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་འཁོར་ཡོངས་སུ་འཛིན་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚོགས་རྡོ་རྗེ་དང་འདྲ་བ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས་མི ་ཚུགས་པ་ཐོབ་པར་འགྱུར་བའི་ཕྱིར་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་སྟེ། དཀྱིལ་འཁོར་ཞེས་བྱ་བ་ནི་སྐབས་འདིར་ཚོགས་སམ་མང་པོ་འདུས་པ་ལ་བྱའོ། །དེ་ལ་རྒྱལ་མཚན་གྱི་རྩ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང ་ཇི་ལྟར་རྒྱལ་མཚན་དམ་པ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ལས་འཕགས་ཏེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། རྒྱལ་མཚན་གྱི་རྩེ་མོ་ལ་རིན་པོ་ཆེའི་དཔུང་རྒྱན་བཏགས་པའི་རུ་མཚོན་དམག་གི་དཔུང་གི་ཚོགས་ཐམས་ཅད ་ལས་འཕགས་ཏེ། གསལ་བར་སྣང་ཞིང་དགྲའི་དཔུང་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་འཕགས་པར་གསལ་བར་སྣང་ཞིང། ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་པ་ལ ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་དམ་པ་ཐོབ་པ་སྟེ། ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ ་མཉམ་པར་བཞག་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་རྒྱལ་མཚན་མཐོང་བ་ཙམ་གྱིས་ལྷ་མ་ཡིན་གྱི་དགྲ་ཐམས་ཅད་རིང་དུ་བྲོས་པས་ལྷའི་དབང་པོ་བརྒྱ་བྱིན་ལྷ་རྣམས་ལ་དབང་བྱེད་པ་བཞིན་དུ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་རིང་དུ ་སྤངས་ནས་ཏིང་ངེ་འཛིན་ཐམས་ཅད་ལ་དབང་ཐོབ་པར་འགྱུར་བ་ལ་དབང་པོའི་དཔལ་གྱིས་ཏིང་ངེ་འཛིན་ཅེས་བྱ་སྟེ། དཔལ་ཞེས་བྱ་བ་ནི་རྒྱལ་མཚན་ནམ་རུ་མཚོན་ལ་བྱའོ། །དེ་ལ་རྒྱུན་གྱིས་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ ་འཛིན་དེ་ལ་གནས་ཤིང་རྒྱུན་གྱི་རྗེས་སུ་མ་ལོག་པར་ཡང་དག་པར་ཞུགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྒྱུན་ཆགས་པར་དྲན་ཞིང། ཏིང་ངེ་འཛིན་ཐམས་ཅད་ལས་མཐར་གྱིས་རྒྱུན ་མི་ཆེད་པར་ལུགས་དང་མཐུན་པར་སྙོམས་པར་འཇུག་ནུས་པར་འགྱུར་བ་ལ་རྒྱུན་གྱིས་རྗེས་སུ་སོང་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས ་ཤིང་རྡུལ་དང་དྲི་མ་ཐམས་ཅད་རབ་ཏུ་སྤང་བའི་དབང་དུ་གྱུར་ཅིང་ཇི་ལྟར་སེང་གེའི་རྒྱལ་པོ་བཞིན་དབང་ཐོབ་པས་བསྒྱིངས་པ་ལྟ་བུ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཉོན་མོངས་པའི་རྡུལ་དང་དྲི་མ་ཐམས་ཅད་མེད་པར་བྱ་བ་ལ་དབང་དུ་གྱུར ་ཅིང། ཏིང་ངེ་འཛིན་ཐམས་ཅད་དང། ཆོས་ཐམས་ཅད་ལ་སྤོབས་པ་ཕུན་སུམ་ཚོགས་པས་སེང་གེའི་རྒྱལ་པོ་བཞིན་དུ་བག་ཚ་བ་མེད་པར་སེང་གེའི་སྒྲ་སྒྲོགས་པ་ལ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་སྣརེལ་ཞི་ཞེས ་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་འཁོར་བའི་ཆོས་རྣམས་རྒྱུན་གཅོད་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་གནས་ན་ཏིང་ངེ་འཛིན་ཐམས་ཅད་ལ་དབང་དུ་གྱུར་པས་གོ་རིམ་མེད་པར་ཏིང་ངེ་འཛིན་ཐམས་ཅད་ལ ་ཅི་དགའ་མགུར་སྙོམས་པར་འཇུག་ཅིང་འཁོར་བའི་ཆོས་ཐམས་ཅད་རྒྱུན་བཅད་དེ། མྱ་ངན་ལས་འདས་པའི་ལམ་སྒོམ་པར་བྱེད་པ་ལ་སྣརེལ་ཞིའི་ཏིང་ངེ་འཛིན་ཅེས་བྱ་སྟེ། སྣརེལ་ཞི་ཞེས་བྱ་བ་ནི་གོ་རིམ་མེད་པར་ཐོད་བརྒལ་དུ་ཇུག་པ་འམ། རྒྱུན ་མི་མཐུན་པར་བཟློག་པ་ལྟ་བུ་ལ་བྱའོ། །དེ་ལ་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་རབ་ཏུ་སེལ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་སྤངས་པར་འགྱུར་བའི་ཕྱིར་ཉོན་མོངས་པ་སྤོང་བ་ཞེས་བྱའོ། །དེ་ལ་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ལ ་ལྷ་མ་མེ་ལྷན་ནེ་ལྷང་དེར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམS་ཅད་ཀྱི་རྟོགས་པར་བྱ་བའི་དོན་རྣམས་གསལ་བར་ཁོང་དུ་ཆུད་པར་འགྱུར་བ་ལ་རྣམ་པར་སྣང་བ་ཞེས་བྱ་སྟེ། ལྷམ་མེ་ལྷན་ནེ་ལྷང་དེ་ཞེས་བྱ་བ་ནི་གསལ ་བར་སྣང་བའི་རྣམ་གྲངས་སོ། །དེ་ལ་འཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་གང་ཡང་འཚོལ་བ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཆོས་གང་ལ་ཡང་རྟོག་པ་དང ་དཔྱོད་པ་མེད་པར་འགྱུར་བ་ལ་འཚོལ་བ་མེད་པ་ཞེས་བྱ་སྟེ། འཚོལ་བ་ཞེས་བྱ་བ་ནི་སྐབས་འདིར་རྟོག་པ་འམ་དཔྱོད་པ་ལ་བྱའོ། །དེ་ལ་གནས་ལ་བརྟེན་པ་མེདཔ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་གང་ཡང ་གནས་ལ་བརྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་ཆོས་གང་ཡང་གནས་ལ་བརྟེན་པ་མེད་པར་ཁོང་དུ་ཆུད་པར་འགྱུར་པ་ལ་གནས་ལ ་བཞི་པ་མེད་བ་ཞེས་བྱའོ། །དེ་ལ་སེམས་མེད་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་སེམས་ཀྱང་མི་འབྱུང། སེམས་ལས་བྱུང་བ་རྣམས་ཀྱང་མི་རྒྱུ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་རྣམ་པར་མི ་རྟོག་པ་གྲུབ་ཅིང། སེམས་དང་སེམས་ལས་བྱུང་བ་རྣམས་རྒྱུ་བར་མི་འགྱུར་བ་ལ་སེམས་མེད་པ་ཞེས་བྱའོ། །དེ་ལ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི ་མ་མེད་པར་བྱེད་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་གསལ་བར་འགྱུར་བ་ལ་དྲི་མ་མེད་པའི་སྒྲོན་མ་ཞེས་བྱའོ། །སྒྲོན་མ་ཞེས་བྱ་བ་སྐབས་འདིར་ཤེས་པ་ལ་བྱའོ། །ཇི་ལྟར་སྒྲོན་མ་ལ་གསལ ་བར་སྣང་བས་མུན་པ་བསལ་ཅིང་བལྟ་བར་བྱ་བའི་དངོས་པོ་གསལ་བར་མཐོང་བ་དེ་བཞིན་དུ་ཡེ་ཤེས་དྲི་མ་མེད་པ་དེས་ཀྱང་མི་ཤེས་པའི་མུན་པ་བསལ་ཅིང། ཤེས་པར་བྱ་བའི་དོན་ཡང་དག་པ་ཉིད་གསལ་བར་མཐོང་བའི ་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་འོང་མཛའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། འོད་མཛའ་ཡས་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་འཇིག་རྟེན་གྱི་ཁམས་མཛའ་ཡས ་བར་ཁྱབ་བའི་འོད་མཛའ་ཡས་པ་འབྱུང་བ་ལ་འོད་མཛའ་ཡས་པ་ཞེས་བྱའོ། །དེ་ལ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ཐོབ་པའི་མཐུས་ཏིང་ངེ་འཛིན་གཞན་ཐམས ་ཅད་ཀྱི་ཆོ་འཕྲུལ་འོད་སྣང་བ་འབྱུང་བར་བྱེད་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ཐོབ་པའི ་མཐུས་ཏིང་ངེ་འཛིན་ཐམས་ཅད་ལ་འཇུག་པའི་སྒོ་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་འབྲུ་རེ་རེའི་སྒོ་ནས་ཏིང་ངེ་འཛིན་རྣམས་ལ་འཇུག་པར་འགྱུར་བའི་སྒོ་དེ་ལྟ་བུ་ཤེས་པས ་གསལ་བར་བྱེད་པའི་ཕྱིར་ཀུན་ཏུ་སྣང་བ་ཞེས་བྱའོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་ཐོབ་པ་སྟེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར ་དག་པ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མཉམ་པ་ཉིད་དུ་གྱུར་པ་ཐོབ་པར་གྱུར་པ་ལ་དག་པ་དམ་པ་ཞེས་བྱའོ། །དེ་ལ་འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི ་དྲི་མ་སེལ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་རྟོགས་པ་དང། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཡེ་ཤེས་ཀྱི་འོད་གསལ་བས་སེལ་བར་བྱེད་པ་ལ་འོང་དྲི་མ་མེད་པ་ཞེས ་བྱའོ། །དེ་ལ་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་ཉམས་སུ་མྱོང་བར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱིས ་དོན་དམ་པའི་ཆོས་རྟོགས་པའི་དགའ་བ་ཉམས་སུ་མྱོང་བར་འགྱུར་བ་ལ་དགའ་བ་བྱེད་པ་ཞེས་བྱའོ། །དེ་ལ་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་བྱེད་པ་སྟེ་ཞེས ་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཆོ་འཕྲུལ་འོད་ཟེར་གྱི་སྒྲོན་མ་གློག་དང་འདྲ་བར་འབྱུང་བར་བྱེད་པ་ལ་གློག་གི་སྒྲོན་མ་ཞེས་བྱའོ། །དེ་ལ་ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ་ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཟད་ཤེས་པ་དང། ཟད་མི་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་ཉམས་ཤིང་ཟད་པར་མི་འགྱུར་བ་དང། ་ཟད་པ་དང་མི་ཟད་པར་རྟོགས་པ་ཡང་མི་འབྱུང་བ་ལ་ཟད་མི་ཤེས་པ་ཞེས་བྱའོ། །དེ་ལ་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཟི་བརྗིད་དཔལ་གྱིས་འབར་བར་འགྱུར་བ་སྟེ ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་མཐུ་བདུད་ལ་སོགས་པ་བར་དུ་གཅོད་པ་རྣམས་ཀྱིས་ཟིལ་གྱིས་མི་གནོན་པའི་གཟི་བྱིན་དང། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི ་དཔལ་དང་ལྡན་པར་གྱུར་པ་ལ་གཟི་བརྗིད་ཡོད་པ་ཞེས་བྱའོ། །དེ་ལ་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཟད་མི་ཤེས་པར་རྗེས་སུ་མཐོང་ནས། རྡུལ་ཙམ ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་དངོས་པོ་མེད་པ་ལ་ཟད་པ་ཞེས་བྱ་བ་ཡང་མི་སྲིད་པའི་ཕྱིར་ཟད་མི ་ཤེས་པར་རྗེས་སུ་མཐོང་ངོ། །དེ་བས་ན་དངོས་པོ་མེད་པར་རྟོགས་པ་ཉིད་གསལ་བར་བསྟན་པའི་ཕྱིར་རྡུལ་ཙམ་ཡང། ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་མཐོང་བ་སྟེ་ཞེས་བྱ་བ་གསུངས་ཏེ། དངོས་པོ་ཅུང་ཟད་ཀྱང་མེད་པར་རྟོགས་པ་ཉིད ་ཟད་མི་ཤེས་པར་རྗེས་སུ་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་མི་གཡོ་མི་འདུ?་ལ་རབ་ཏུ་ནི་འབྱེད་རློམ་སེམས་སུ་མི་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང ་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ལ་ཡང་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པར་འགྱུར་བ་ལ་མི་གཡོ་བ་ཞེས་བྱ་སྟེ། མི་གཡོ་མི་འགུལ་རབ་ཏུ་མི་འབྱེད་རློམ་སེམས་སུ་མི་བྱེད་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི ་རྣམ་གྲངས་སོ། །དེ་ལ་འཇིག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་འཇིག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན ་ཐམས་ཅད་ལས་ཉམས་པར་མི་འགྱུར་བ་ལ་འཇིག་པ་མེད་པ་ཞེས་བྱའོ། །དེ་ལ་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་རྟོགས་པར་བྱེད་པའི་སྒོ་མཉན་པ་དང་བསམ་པའི་ཤེས་རབ་ཉི་མ་དང་འདྲ་བའི་སྒྲོན་མ་གསལ་བར་འགྱུར་པ་ལ་ཉི་མའི་སྒྲོན་མ་ཞེས་བྱའོ། །དེ་ལ་ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ་ཏིང་ངེ་འཛིན་ཐམས་ཅད་མུན་པ་མེད་པར་བྱེད་པ་སྟེ་ཞེས་བྱ་བ་ནི་ཇི་ལྟར་ཟླ་སྤྲིན་གྱིས་མ་བསྒྲིབས་པའི་འོད་ཀྱིས་མུན་པ་བསལ་ཏེ་སྣང་བ་གསལ་བར་བྱེད་པ་དེ་བཞིན་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲིབ་པ་བསལ་ཅིང ་སོ་སོ་ནི་དམིགས་པའི་ཡུལ་གསལ་བར་བྱེད་པ་ལ་ཟླ་བ་དྲི་མ་མེད་པ་ཞེས་བྱའོ། །དེ་ལ་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་སོ་སོ་ཡང་དག་པར་རིག་པ་བཞི་ཡེ་ཤེས་ཀྱི་སྣང་བས་ཆོས་དང། དོན་དང་ངེས་པའི་ཚིག་དང། སྤོབས་པ་རྣམས་གསལ་བར་བྱེད་ནུས་པར་འགྱུར་བ་ལ་སྣང་བ་གསལ་བ་ཞེས་བྱའོ།། ་དེ་ལ་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་དེ་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ལ་འཇུག་པའི་སྒོ་ཆོས་བདག་མེད ་པར་རྟོགས་པ་གོམས་པར་བྱེད་པའི་ཤེས་རབ་གསལ་བར་བྱེད་པ་ལ་སྣང་བར་བྱེད་པ་ཞེས་བྱའོ། །དེ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བ་རྣམས་བྱེད་པ་སྟེ་ཞེས ་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། རྣམ་པར་གྲོལ་བར་བྱ་བའི་ཐབས་སྣ་ཚོགས་བྱེད་ནུས་པར་འགྱུར་བ་ལ་བྱ་བ་བྱེད་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་དཔལ ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་དཔལ་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན ་རྟོགས་པར་ནུས་པའི་ཡེ་ཤེས་འབྱུང་བར་འགྱུར་བ་ལ་ཡེ་ཤེས་དཔལ་ཞེས་བྱའོ། །དཔལ་ཞེས་བྱ་བ་སྐབས་འདིར་རྒྱལ་མཚན་གྱི་ཏོག་ལ་བྱ་སྟེ། ཡེ་ཤེས་དེ་རྒྱལ་མཚན་གྱི་ཏོག་དང་འདྲ་བར་མཐོང་ཞིང་བརྩམ་པའམ། དོན་རྟོགས་པའི་མཚན་མའམ། ་རྟོགས་སུ་འགྱུར་བའི་ཕྱིར་རྒྱལ་མཚན་གྱི་རྟོག་དང་འདྲ་བས་དཔལ་ཞེས་བྱའོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བར་ཁོང ་དུ་ཆུད་པར་བྱེད་པ་སྟེ། ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་འབྱུང་སྟེ། ཡེ་ཤེས་ངེས་ཏིང་ངེ་འཛིན་ཐམས་ཅད་ཀྱི་རང་བཞིན་སེམས་རྩེ་གཅིག་བའི་མཚན་ཉིད་སོ་སོ་རང ་གིས་རིག་པ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་པར་ནུས་པ་ལ་རྡོ་རྗེ་ལྟ་བུ་ཞེས་བྱའོ། །དེ་ལ་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ན་སེམས་མི་གཡོ་རྣམ་པར་མི་གཡོ། རྣམ་པར་མི་ལྡོག་ཡོངས་སུ ་ཡི་འཆད་བར་མི་འགྱུར་ཉམས་སུ་མི་བདེ་བ་མེད་ལ། དེ་ལ་སེམས་ཞེས་བྱ་བ་འདི་ཡིན་ཞེས་བྱ་བར་སེམས་མི་འབྱུང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་ཅིང་སེམས་མི་གཡོ་བར་གནས་པར ་འགྱུར་བ་ལ་སེམས་གནས་པ་ཞེས་བྱ་སྟེ། སེམས་མི་གཡོ་བ་དང། རྣམ་པར་མི་གཡོ་བ་དང། སེམས་ཞེས་བྱ་བ་འདི་ཡིན་ཞེས་བྱ་བར་སེམས་མི་འབྱུང་བ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རྣམ་གྲངས་སོ། །རྣམ་པར་མི་ལྡོག་པ་དང། ཡོངས་སུ ་ཡི་ཆད་པར་མི་འགྱུར་བ་དང། ཉམས་སུ་མི་བདེ་བ་མེད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལྷུན་གྱིས་གྲུབ་པས་སྐྱོ་ཞིང་གཏོང་འདོད་པར་མི་འགྱུར་བའི་རྣམ་གྲངས་སོ། །དེ་ལ་ཀུན་ཏུ་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཐམས ་ཅད་དུ་ལྟ་བར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་ཕྱོགས་བཅུ་ཐམས་ཅད་དུ་སྣང་བ་གསལ་བར་འབྱུང་བ་མཐོང་བར་འགྱུར་བ་ལ་ཀུན་ཏུ་ལྟ་བ་ཞེས་བྱའོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ལ་མཉམ་པར་བཞག་ཅིང་གནས་པར་འགྱུར་བ་ལ ་རབ་ཏུ་གནས་པ་ཞེས་བྱའོ། །དེ་ལ་རིན་ཆེན་མཛའ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་རིན་ཆེན་མཛའ་ལྟར་ཀུན་ནས་སྣང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་ཏིང་ངེ ་འཛིན་གཞན་ཐམས་ཅད་ཀྱི་ཆོ་འཕྲུལ་འོད་ཟེར་རིན་པོ་ཆེ་རྩེ་མོ་ལྟར་སྣང་བར་འགྱུར་པ་ལ་རིན་ཆེན་མཛའ་ཞེས་བྱའོ། །རིན་ཆེན་མཛའ་ཞེས་བྱ་བ་སྐབས་འདིར་རིན་པོ་ཆེའི་རྩེ་མོ་འབར་པ་ལ་བྱ་སྟེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་འོད་ཟེར་འབར་བ་འབྱུང་བ ་རིན་པོ་ཆེའི་རྩེ་མོ་འབར་བ་འདྲ་བའི་ཕྱིར་རིན་ཆེན་མཛའ་ཞེས་བྱའོ། །དེ་ལ་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཕྱག་རྒྱ་མེད་པའི་མཛའ་ཕྱག་རྒྱས་རྒྱས་བཏབ་པ ་ཉེ་བར་གཟུང་བས་ཕྱག་རྒྱས་བཏབ་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ལས་མི་འགྱུར་བར་བྱེད་ནུས་པ་སྟེ། ཆོས་དམ་པ་ཞེས་བྱ་བ་ནི་ཆོས་ཀྱི ་དབྱིངས་ལ་བྱའོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལས་མི་འགྱུར་ཞིང་མཉམས་པ་ལ་བྱའོ། །ཕྱག་རྒྱ་མེད་པའི་མཐས་ཕྱག་རྒྱས་བཏབ་བ་ཉེ་བར་བཟུང་བས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱར་ཡང་དོན་དམ་པར ་ཕྱག་རྒྱ་མེད་པའི་ཕྱིར་ཕྱག་རྒྱས་བཏབ་པ་ཞེས་བྱ་སྟེ་མཛའ་?་ཞེས་བྱ་བ་ནི་མེད་པའི་མཐས་གཏུགས་པ་འམ་ཕུལ་དུ་གྱུར་པ་ལ་བྱའོ། །ཉེ་བར་བཟུང་བས་ཞེས་བྱ་བ་ནི་ཕྱག་རྒྱ་མེད་པའི་མཐས་ཕྱག་རྒྱས་བཏབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དངོས་པོ་མེད ་པར་རྟོགས་པ་ཉིད་ཆོས་དམ་པ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བཏབ་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་གང་ཡང་མཉམ་པ་ཉིད་དུ་མ་ཆུད་པ ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཁོང་དུ་ཆུད་བ་མེད་པར་རྟོགས་པ་ལ་ཆོས་ཐམས ་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་དགའ་བ་སྤོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་རོལ་ཆགས་པའི་དགའ་བ་དང། ཆགས་པར་འགྱུར་བའི་ཆོས་ཐམས་ཅད་ལ་ཆགས་ཤིང་དགའ་བ་མེད་པར་འགྱུར་བ་ལ་དགའ་བ་སྤོང་བ་ཞེས་བྱའོ། །དེ་ལ་ཆོས་ཀྱིས་འཕགས་པ་ཞེས་བྱ ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཆོས་ཐམས་ཅད་ཀྱི་མུན་པ་སེལ་བ་དང། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པར་གྱུར་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཤེས་པར་བྱ་བའི ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་ཅིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཤེས་པར་བྱ་བའི་ཡུལ་རྣམས་གསལ་བར་ཁོང་དུ་ཆུད་པ་ལ་ཆོས་ཀྱིས་འཕགས་པ་ཞེས་བྱའོ། །དེ་ལ་རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང།? ་ཆོས་ཐམས་ཅད་རྣམ་པར་འཐོར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཉོན་མོངས་བའི་ཕྱོགས་སུ་གཏོགས་པའི་ཆོས་སྤང་བར་བྱ་བ་རྣམས་གཏོར་བ་བཞིན་དུ་སྤངས་བར་འགྱུར་བ་ལ་རྣམ་པར་འཐོར་བ་ཞེས་བྱའོ?། །དེ་ལ་ཆོས་ཐམས ་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་དང། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་བར་བཞག་པའི་མཐུས་ཏིང་ངེ་འཛིན ་ཐམས་ཅད་བཤད་པའི་ཚིག་དང། ཆོས་ཐམས་ཅད་བཤད་པའི་ཚིག་རྣམས་བྱེ་བྲག་ཏུ་འབྱེད་ཅིང་འཆང་ནུས་པ་ལ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱའོ། །དེ་ལ་ཡི་གེ་མཉམ་པར་འགོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན ་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་མཉམ་པ་ཉིད་རབ་ཏུ་ཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་སྟོན་པའི་ཡི་གེ་རྣམས་ཏིང་ངེ་འཛིན་ཐམས་ཅད་སོ་སོའི་དོན་དང་རྗེས་སུ་མཐུན་པར ་སྤྱོད་ཅིང་སྟོན་ནུས་བ་ལ། ཡི་གེ་མཉམ་པར་འགོད་པ་ཞེས་བྱའོ། །དེ་ལ་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡི་གེ་གཅིག་ཀྱང་དམིགས་པ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་སྟོན་པའི་ཡི་གེ་རྣམས་མཚན་མར་མི་འཛིན་ཅིང། དངོས་པོར་མི་དམིགས་པའི་ཤེས་རབ་འཐོབ་པར་འགྱུར་བ་ལ་ཡི་གེ་དང་བྲལ་བ་ཞེས་བྱའོ། །དེ་ཡང་དམིགས་པ་གཅོད་པ་ཞེས་བྱ་བའི ་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པ་འཆད་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་དམིགས་པའི ་ཡུལ་རྣམས་ལ་མཚན་མར་མི་འཛིན་པའི་དམིགས་པ་མི་འབྱུང་བ་ལ་དམིགས་པ་གཅོད་པ་ཞེས་བྱའོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་འགྱུར་བ་མི་དམིགས་བ་སྟེ་ཞེས ་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རྟོགས་ཏེ། སྐྱེ་བ་དང་འཇིག་པ་ལ་སོགས་པ་འགྱུར་བ་མེད་པར་ཁོང་དུ་ཆུད་པ་ལ་འགྱུར་བ་མེད་པ་ཞེས་བྱའོ། །དེ་ལ་རྣམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་ཀྱི་རྣམ་པ་ཙམ་ཡང་དམིགས་སུ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་རྣམ་པ་སྣ་ཚོགས ་སུ་བྱེ་བྲག་ཏུ་འབྱེད་པའི་མཚན་མར་དམིགས་པ་མེད་པར་འགྱུར་བ་ལ་རྣམ་པ་མེད་པ་ཞེས་བྱའོ། །དེ་ལ་མིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། དེས་པའི་ཚིག་ཐམས་ཅད་ནི་ཡང་དག་པར་དམིགས་སུ ་མེད་ཅིང་ཐ་སྙད་ལ་བལྟོས་པ་ཙམ་མོ་ཞེས་རྟོགས་པར་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་དང། ཆོས་ཐམས་ཅད་ཀྱི་མིང་དེས་པ་རྣམས་དོན་དམ་པར་དངོས་པོ་མེད་པར་རྟོགས་ལ། ཀུན ་རྫོབ་དུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ངེས་པའི་ཚིག་རྣམ་པར་དབྱེ་བས་དེས་པར་རྟོགས་པར་བྱེད་པ་ལ་མིང་དེས་པར་འཇུག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས ་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་གནས་དམིགས་པ་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པའི་ཡུལ་རྣམས་མེད་པར་རྟོགས་པ་སྟེ། གནས་ཞེས་བྱ་བ་ནི་སྐབས་འདིར་ཏིང་ངེ་འཛིན་རྣམས ་ཀྱི་དམིགས་པའི་ཡུལ་ལམ་རྟེན་ལ་བྱའོ། །དེ་ལ་རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་ཀྱི་རབ་རིབ་རྣམ་པར་སེལ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། འཇིག ་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤེས་པར་བྱ་བ་ལ་སྒྲིབ་པ་འམ་།ཐགས་ཐོགས་མེད་པར་ཤེས་པར་འགྱུར་བ་ལ་རབ་རིབ་མེད་པ་ཞེས་བྱའོ། །དེ་ལ་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ་ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཆོས་འཕྲུལ་སྣ་ཚོགས་བསྟན་པས་སེམས་ཅན་ཡོངས་སུ་སྨིན ་པ་དང། རྣམ་པར་གྲོལ་བ་ཞེས་བྱ་བ་ལ་སོགས་པ་དོན་དམ་པར་དངོས་པོ་མེད་པར་རྟོགས་པ་སྟེ། དེ་ལྟར་སྤྱོད་པ་དངོས་པོ་མེད་པར་རྟོགས་པ་ཉིད་དོན་དམ་པའི་སྤྱོད་པ་ཡིན་པས་སྤྱོད་པ་དང་ལྡན་པ་ཞེས་བྱའོ། །དེ་ལ་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་གཡོ་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱང་སོ་སོའི་དམིགས་པ་ལ་སེམས ་རྩེ་གཅིག་ཏུ་བཞག་པ་ལས་མི་འགྱུར་ཞིང་མི་གཡོ་བར་འགྱུར་བ་ལ་གཡོ་བ་མེད་པ་ཞེས་བྱའོ། །དེ་ལ་ཡུལ་ལས་བརྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡུལ་ལས་ཡང ་དག་པར་འདའ་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པའི་ཡུལ་དང། སྒྲུབ་བའི་དོན་རྣམས་དངོས་པོ་མེད་པར་རྟོགས་ཤིང་དེ་དག་ལ་མཚན་མར་འཛིན་པ་ལས་འདས་པ། ་ལ་ཡུལ་ལས་བརྒལ་བ་ཞེས་བྱའོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་འཐོབ་པ་སྟེ ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་བྱང་ཆུབ་ཀྱི་ཕྱོགས་དང། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡོན་ཏན་མང་པོ་དང། ཏིང་ངེ་འཛིན་ཐམས་ཅད་ཀྱིས་ཡོན་ཏན་ཆོས་བདག་མེད་པར་རྟོགས་པ་དང། ་སེམས་ཅན་གྱི་དོན་སྣ་ཚོགས་བྱེད་ནུས་པ་རྣམས་ཐོབ་པར་འགྱུར་བ་ལ། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱའོ། །དེ་ལ་སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན ་ཐམས་ཅད་ལ་སེམས་མི་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་དམིགས་པ་གང་ལ་སེམས་རྩེ་གཅིག་ཏུ་བཞག་བ་ལས་ཏིང་ངེ་འཛིན་གཞན་ལ་སོགས་པ་དམིགས་པ་གཞན་ལ་སེམས་མི་གཡེང་ཞིང་རྟོག་པ་མེད ་པར་འགྱུར་བ་ལ་སེམས་མེད་པར་གནས་པ་ཞེས་བྱའོ། །དེ་ལ་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་རབ་ཏུ ་ཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མེ་ཏོག་ཁ་བྱེ་བ་བཞིན་དུ་རྒྱས་ཤིང་གསལ་བར་འགྱུར་བ་ལ་དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱའོ། ་དེ་ལ་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན ་གཞན་གང་ལ་མཉམ་བར་བཞག་ཀྱང་རུང་སྟེ་མཉན་པར་བཞག་མ་ཐག་ཏུ་དྲན་པ་བྱང་ཆུབ་ཀྱི་ཡན་ལག་ལ་སོཌ་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ཐོབ་པར་འགྱུར་བ་ལ་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱའོ། །དེ་ལ་སྤོབས་པ་མཛའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ་ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ལ་སྤོབས?་པ་མཛའ་ཡས་པ་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚིག་དང་དོན་རྣམས་སོ་སོར་ཕྱེ་སྟེ་གཞན་ལ་བསྟན་པ་ལ་སྤོབས་པ ་མཛའ་ཡས་པ་ཐོབ་པར་འགྱུར་བ་ལ་སྤོབས་པ་མཛའ་ཡས་པ་ཞེས་བྱའོ། །དེ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ལ་མི་མཉམ་པ་དང་མཉམ་བ་རབ་ཏུ ་འཐོབ་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ཐམས་ཅད་དབང་དུ་གྱུར་པ་དེ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ལ་དབང་དུ་འགྱུར་བ་ཐོབ་པ་ལ་མི་མཉམ་པ་དང་མཉམ་པ་ཞེས་བྱ ་སྟེ། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བྱའོ། །དེ་དང་མཉམ་པར་གྱུར་བ་ལ་མི་མཉམ་པ་དང་མཉམ་པ་འཐོབ་པ་ཞེས་བྱའོ། །དེ་ལ་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ་ཏིང་ངེ་འཛིན་དེ་ལ་གནས་ཤིང། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་སྟེ། ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཁམས་གསུམ་དུ་སྐྱེས་ཤིང་འཁོར་བར་མི་འགྱུར་ཞིང་འདུས་མ་བྱས་པའི་དབྱིངས་ལ ་རབ་ཏུ་གནས་པར་འགྱུར་བ་ལ་ཆོས་ཐམས་ཅད་ལས་འདའ་བ་ཞེས་བྱའོ། །དེ་ལ་ཡོངས་སུ་གཅོད་པ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུད ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སོ་སོའི་རང་བཞིན་དང་སྤྱིའི་མཚན་ཉིད་ཤེས་རབ་ཀྱིས་རྟོགས་ཤིང་ཡོངས་སུ་གཅོད་ནུས་པ་ལ ་ཡོངས་སུ་གཅོད་བ་བྱེད་པ་ཞེས་བྱའོ། །དེ་ལ་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་ལ་ནེམ་ནུར་རྣམ་པར་སེལ་བ་རབ་ཏུ་འཐོབ་པ་སྟེ་ཞེས་བྱ་བ་ནི ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་དང་ཚིག་ལ་ཐེ་ཚོམ་མེད་པར་འགྱུར་བ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་ལ་ཐེ་ཚོམ་མེད་པར་འགྱུར ་བ་ལ་ནེམ་ནུར་རྣམ་པར་སེལ་བ་ཞེས་བྱའོ། །དེ་ལ་གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་ཀྱི་གནས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར ་བཞག་ན་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་དེ་དག་གི་གནས་ཀྱང་མེད་པར་རྟོགས་པར་འགྱུར་བ་ལ་གནས་སུ་བྱ་བ་མེད་པ་ཞེས་བྱའོ། །དེ་ལ་གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས ་ཤིང་ཆོས་གང་ཡང་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གཅིག་པར་རྟོགས་ཤིང། རྟག་པ་དང་འཆད་པ་དང། ཡོད་པ་དང་མེད་པ་ལ ་སོགས་པའི་མཛའ་གཉིས་སུ་ལྟ་བར་མི་འགྱུར་བ་ལ། གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱའོ། །དེ་ལ་རྣམ་པ་མངོན་བར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམས ་པ་མངོན་པར་སྒྲུབ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཆོས་ཐམས་ཅད་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པའི་རྣམ་པ་དང། ཏིང་ངེ་འཛིན་ཐམས་ཅད་ཀྱི་རང་བཞིན་སེམས་རྩེ་གཅིག་ཏུ་གྱུར ་པའི་རྣམ་པ་ལ་ཡང་རྣམ་པར་མི་རྟོན?་སྟེ། དེ་ལྟར་མི་རྟོག་པའི་རྣམ་པར་གྱུར་པ་ཉིད་ལ་རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱའོ། །དེ་ལ་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི ་རྣམ་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྣམ་པ་སོ་སོའི་དམིགས་པ་ལ་སེམས་རྩེ་གཅིག་པར་གྱུར་པའི་མཚན་ཉིད་རྣམས་དོན་དམ་པར་སྟོང་པའི་རྣམ་པ་གཅིག་པུར ་གྱུར་པར་རྟོགས་པ་ལ་རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱའོ། །དེ་ལ་རྣམ་པ་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་གཉིས་སུ་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང ་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་རྣམ་པར་མི་རྟོག་པའི་རང་བཞིན་དུ་གཅིག་ཅིང་གཉིས་སུ་མེད་པར་རྟོགས་པ་ལ་རྣམ་པར་འདོད་བ་མེད་པ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་རྣམ་པ་དེ་མི་འདོར་ཞིང་དེ་དང་མ་བྲལ་བ་ལ་རྣམ་པར ་འདོར་བ་མེད་པ་ཞེས་བྱའོ། །དེ་ལ་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན་ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ལ་ཞུགས་ནས་དེ་ལ་ཞུགས་པའི་ཕྱིར་ཁོང ་དུ་མི་ཆུད་པ་གང་ཡང་མེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་དམིགས་པའི་ཡུལ་དོན་དམ་པར་ཆོས་ཐམས་ཅད་སྟོང་པར་རྟོགས་པར་བྱ་བ་དང། ཀུན་རྫོབ་ཏུ་ཁམས་གསུམ་གྱི ་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་ཤེས་པར་བྱེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ལ་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་སྟེ། སྲིད་པའི་གཞི་ཞེས་བྱ་བ་ནི་ཁམས་གསུམ་གྱི་དངོས་པོ་ལ་བྱའོ། །དེ་ལ་བརྡ་དང་སྒྲ་ལ་འཇུག་པ ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་དང་སྒྲ་ལ་འཇུག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པས་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་དང་བརྡ་དང། སྒྲང་བཏགས་བ ་རྣམས་དོན་དང་རྗེས་སུ་མཐུན་པར་ཤེས་པར་འགྱུར་བ་ལ་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱའོ། །དེ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཡི་གེ་དང་བྲལ ་བར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་དོན་དམ་པར་ཡི་གེ་དང་སྒྲ་བརྗོད་དུ་མེད་པར་རྟོགས་པར་འགྱུར་བ་ལ་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱའོ། །དེ་ལ་སྒྲོན་མ་འབར་བ་ཞེས་བྱ ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་གཟི་བརྗིད་ཀྱིས་ལྷམ་མེ་ལྷན་ནེ་ལྷང་དེར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཡེ་ཤེས་ཀྱི་སྒྲོན་མ་སྣང་བས་ཏིང་ངེ་འཛིན་ཐམས་ཅད་ཀྱིས ་ཤེས་པར་བྱ་བའི་དོན་གསལ་བར་ཤེས་ཤིང་སྣང་བར་འགྱུར་བ་ལ། སྒྲོན་མ་འབར་བ་ཞེས་བྱ་སྟེ། ལྷམ་མེ་ལྷན་ནེ་ལྷང་ངེ་ཞེས་བྱ་བ་ནི་གསལ་བར་སྣང་བའི་རྣམ་གྲངས་སོ། །དེ་ལ་མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང ་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་དག་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དང། སོ་སོའི་མཚན་ཉིད་ཡོངས་སུ་དག་བར་བྱེད་པ ་སྟེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ནི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པའོ། །སོ་སོའི་མཚན་ཉིད་ནི་སེམས་ཅན་གྱི་དོན་དུ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་འབྱུང་བ་ལ་སོགས་བ་སྟེ། དེ་དག་ཡོངས་སུ་དག་པར་བྱེད་པ་ནི་དེ་དག་གི ་མི་མཐུན་པའི་ཕྱོགས་སྒྲིབ་བ་མེད་པར་བྱེད་པའོ། །དེ་ལ་མངོན་བར་དམིགས་པ་མེད་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་མངོན་པར་དམིགས་པ་མེད་པར་རྗེས་སུ་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང ་ངེ་འཛིན་དེ་ལ་མཉམ་པར་བཞག་ན་དོན་དམ་པར་ཏིང་ངེ་འཛིན་ཐམས་ཅད་མཚན་མར་བཟུང་ཞིང། དམིགས་པ་མེད་པར་རྟོགས་པར་འགྱུར་བ་ལ་མངོན་པར་དམིགས་པ་མེད་པ་ཞེས་བྱའོ། །དེ་ལ་རྣམ་བའི་མཆོག་ཐམས་ཅད་ལྡན་པ་ཞེས་བྱ་བའི ་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཐུ་དང། ཡོན་ཏན་གྱི་རྣཾ་པ་མཆོག ་ཐམས་ཅད་དང་ལྡན་པར་འགྱུར་བ་ལ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །དེ་ལ་བད་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས ་ཅད་བདེ་བ་དང་སྡུག་བསྔལ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ལ་བདེ་བ་དང་སྡུག་བསྔལ་དུ་མི་རྟོག་ཅིང་མཚན་མར་མི་འཛིན་པ་ལ། བདེ་བ་དང་སྡུག་བསྔལ་ཐམས ་ཅད་ལ་མངོན་བར་དགའ་བ་མེད་པ་ཞེས་བྱའོ། །དེ་ལ་ཟད་མི་ཤེས་པའི་ན་མ་ཏོག་ཙེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཟད་པར་རུང་བར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་ཟད་མི་ཤེས་པའི་སྣོད་དུ་གྱུར་པ་ལ། ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱའོ། །དེ་ལ་གཟུགས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ ་གནས་ཤིང། གཟུངས་ཐམས་ཅད་ཡོངས་སུ་འཛིན་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་དོན་དང་ཚིག་འཛིན་ནུས་པའི་གཟུངས་ཐམས་ཅད་ཀྱི་ཤེས་རབ་དང་ལྡན་པར་འགྱུར་བ་ལ་གཟུངས་ཀྱི་བློ་གྲོས་ཞེས་བྱའོ། །དེ་ལ་ཡང་དག་པ ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པ་དང། ལོག་པར་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ལ་ཡང་དག་པ་དང། ལོག་པར་རྣམ་པར་རྟོག་པ་མི་འབྱུང་བ་ལ་ཡོད་དག་པ་དང། ལོག་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱའོ། །དེ་ལ་འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ལ་འགལ་བ་དང། འགོག་པ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲིབ ་པ་དང་བགེགས་རྣམས་མེད་པར་འགྱུར་བ་ལ། འགལ་བ་དང་འགོག་པ་ཡང་དག་པར་ཞི་པར་བྱེད་པ་ཞེས་བྱ་སྟེ། འགལ་བ་ནི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སྒྲིབ་པ་ལ་བྱའོ། །འགོག་པ་ནི་ཏིང་ངེ་འཛིན་གྱི་པར་དུ་གཅོད་པའི་བགེགས་ལ་བྱའོ།?་། ་ཀྱིས་ས་ལ་གནས་པ་ལ་སོགས་པ་ཉན་ཐོས་དང། རང་སངས་རྒྱས་རྣམས་ནི་ཆོས་ལ་བདག་མེད་པ་མ་རྟོགས་པས་ཕུང་པོ་ལ་སོགས་པ་ལ་ཆོས་སུ་ལྟ་བ་འབྱུང་བ་ཡང་སྲིད་ན། ས་དང་པོ་ལ་གནས་པ་ཡན་ཆད་ཀྱི་ཆོས་ལ་བདག་མེད་བརྟོགས? ་པས་ཕུང་པོ་ལ་སོགས་པ་ཆོས་སུ་ལྟ་བ་ཅིའི་ཕྱིར་འབྱུང་བ་ཞེས་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཐབས་མི་མཁས་པས། གཟུགས་སུ ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ་ཞེས་བྱ་བ་ནས། ཡོངས་སུ་མྱ་ངན་ལས་འདའ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་བྲིས་པའི་ལན་བཏབ་པ་སྟེ། བྱང ་ཆུབ་སེམས་དཔའ་དེ་དག་ཐབས་ལ་མི་མཁས་པས་གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་དམིགས་པས་ལྟ་བ་བསྐྱེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན་ཞེས་བྱ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་བར་འགྱུར་བ་ཡིན་ཏེ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཐབས་མི་མཁས་པས་གཟུགས་ལ་སོགས་པ་ལ ་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་པར་གྱུར་པ་དེའི་ཕྱིར་གཟུགས་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དངོས་པོར་ལྟ་བར་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །ཐབས་མཁས་པས་ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚིག ་ཉ་བ་འདྲ་བའི་དཔེ་ནི་ཡོངས་སུ་རྫོགས་པའི་དཔེའོ། །དེ་ལ་གློག་གི་འོང་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། དག་ཅིང་བསལ་པའི་འོད་ཀྱིས་སེམས་ཅན་གྱི་རིས་སྣང་བར་བྱས་ཤིང་མུན་པ་མུན་ནག ་གི་ཚ་བ་གདུང་བ་སེལ་བར་བྱེད་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་འོང?་གློག་བཞིན་དུ་འབྱུང་བདག་ཅིང་བསིལ་བར་སེམས་ཅན་གྱི་རིས་ཆིམ་ཞིང་སྣང་བར་བྱ་སྟེ། མུན་པ་མུན་ནག་དང། ཉོན་མོངས་པའི་གདུང་བ་བསལ་ནས ་རྣམ་པར་དག་པ་བྱེད་པ་ལ་གློག་གི་འོད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །ད་ལ་རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ནི། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་རྒྱན་ཆེན་པོ་དང་ལྡན་པར་འགྱུར་བ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན ་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་རྣམ་པ་སྣ་ཚོཌ་དང་ཡང་ལྡན་པར་འགྱུར་བ་ལ་རྒྱན་ཆེན་པོ་ཞེས་བྱ་སྟེ། ཏིང་ངེ་འཛིན་རྣམས་ཀྱི་ཡོན་ཏན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། རྣམ་པར་གྲོལ་བར་བྱ་པའི་ཕྱིར ་རྫུ་འཕྲུལ་དང་མཐུ་རྣམ་པ་སྣ་ཚོགས་གཞན་གྱིས་ཟིལ་གྱིས་མི་ནོན་པར་སྟོན་པ་ཉིད་རྒྱན་ཆེན་པོ་ཞེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས ་ཅད་སྣང་བར་བྱེད་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་གཞན་ཐམས་ཅད་ཀྱི་དམིགས་པའི་ཡུལ་གསལ་བར་རྟོགས་པར་འགྱུར་པ་ལ། རྣམ་པ་ཐམས་ཅད་དུ་འོང་ཕྱེད་པ་ཞེས་བྱའོ། །དེ་ལ་ཏིང་ངེ ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ལ་འཁྲུག་པ་ཡང་མི་དམིགས། རྩེ་གཅིག་ཀྱང་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག ་རང་སངས་རྒྱས་ཐམས་ཅད་ལ་མེད་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནས། སེམས་དཔའ་ཆེན་པོའི་གྲངས་སུ་མཆིའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་ཀྱི་སེམས་དེ་ལ་ཆགས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཐམས་ཅད་མཁྱེན་པ་ཉིད ་ཀྱི་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དེ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཟག་པ་མ་མཆིས་ཤིང་ཁོངས་སུ་ཆུད་པ་མ་མཆིས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་རང ་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་ཟག་པ་མེད་ཅིང་ཁམས་གསུམ་གང་དུ་ཡང་མ་གཏོགས་ཏེ། དེ་ལྟར་དངོས་པོ་མེད་པའི་ཕྱིར་དེ་ལ་མ་ཆགས་སོ་ཞེས་བསྟན་པ་སྟེ། དེ་ལྟར་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་དེ ་ལྟ་བུ་ལ་ཡང་མ་ཆགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕལ་པ་མ་ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གྲངས་སུ་ཆུད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས ་སྨས་སོ། །ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་དེ་ཉིད་འཁོར་རྣམས་ལ་གསལ་བར་བསྟན་པའི་ཕྱིར། འཕགས་པ་ཤཱ་རིའི་བུས་དྲིས་པ་དང། རབ་འབྱོར་གྱིས་ལན་བཏབ་པ་བསྟན་པ་སྟེ། སེམས་དང ་པོ་བསྐྱེད་ཕྱིན་ཆད་ཆོས་གང་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་རྣམ་པར་མེ་ཏོག་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ན་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་སྐྱེ་བ་དང ་འགག་པ་དང། འཕེལ་བ་དང་འགྲིབ་པ་ལ་སོགས་པ་གང་ཡང་མེད་པར་རྟོགས་པ་དེ་ཉིད་མི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ་ཞེས་བསྟན་པའོ། ་བཅས་པའི་ཆོས་ཐམས་ཅད་ཡོངས་སུ་དག་ཅིང་ཉོན་མོངས་པ་མེད་པར་འགྱུར་བར་ནུས་པ་ལ། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱའོ། དེ་ལ་གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས ་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་གཞི་ཉེ་བར་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་གཞི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པའི་ཡེ་ཤེས ་གཟུང་བ་དང་འཛིན་པ་སྤངས་ཤིང་ཡོངས་སུ་དག་པ་ལ་ཡང་མི་དམིགས་པར་འགྱུར་བ་ལ། གནས་དམིགས་སུ་མེད་པ་ལ་བརྩོན་བ་ཞེས་བྱའོ། །དེ་ལ་དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ཐམས་ཅད་ཀྱི་དོན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་བཞིན་ཉིད་ཀྱི་རང་བཞིན་ལ་རྣམ་པར་མི ་རྟོག་པའི་རང་བཞིན་དུ་སེམས་རྩེ་གཅིག་ཏུ་གྱུར་པ་ལས་ཉམས་པར་མི་འགྱུར་བ་ལ། དེ་བཞིན་ཉིད་ལ་གནས་ཤིང། སེམས་མེད་པ་ཞེས་བྱའོ། །དེ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ ་ལ་གནས་ཤིང། ཏིང་ངེ་འཛིན་ཐམས་ཅད་ཀྱི་ལུས་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་མཐུས་སེམས་ཅན་གྱི་དོན་དུ་ལུས་རྣམ་པ་སྣ་ཚོགས་སུ་སྤྲུལ་པ་འབྱུང་བ་རྣམས་ལ་མཚན་མར་མི་འཛིན་ཅིང། རྣམ ་པར་མི་རྟོག་པ་ལ་ལུས་ཀྱི་སྐྱོན་ཡང་དག་པར་སེལ་པ་ཞེས་བྱ་སྟེ། ལུས་ཀྱི་སྐྱོན་ཞེས་བྱ་བ་ནི་སྐབས་འདིར་ལུས་སྣ་ཚོགས་སུ་སྤྲུལ་པ་ལ། མཚན་མར་འཛིན་ཅིང་དངོས་པོར་རྟོག་པ་ལ་བྱའོ། །དེ་ལ་དག་གི་སྐྱོན་རྣམས་འཇིག་པས་ནམ་མཁའ་ལྟར ་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ་བྱིས་པ་སོ་སོའི་སྐྱེ་པོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོངས་སུ་ཆུང་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས ་དེ་འབའ་ཞིག་ཟག་པ་མེད་ཅིང་ཁོངས་སུ་ཆུད་པར་མ་ཟད་ཀྱི་བྱིས་པ་སོ་སོའི་སྐྱེ་བོའི་སེམས་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱང་དོན་དམ་པར་རང་བཞིན་སྟོད་པ་ཉིད་ཡིན་པའི་ཕྱིར ་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བསྣན་པ་སྟེ། ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པའི་དོན་ནི་གོང་དུ་བཤད་ཟིན་ཏོ། །རབ་འབྱོར་གྱིས་སྨྲས་པ་དེ་བཞིན་ཏེ་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང ་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་བ་མེད་དོ་ཞེས་བྱ་བའི་བར་དུ་ནི་འཕགས་པ་ཤཱ་རིའི་བུས་ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ་ཞེས་དོན་མཐུན་པར་སྨྲས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི ་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བའི་སེམས་དང། ཉན་ཐོས་དང ་རང་སངས་རྒྱས་ཀྱི་སེམས་དང། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར། ཟག་པ་མེད་ཅིང་ཁོང་དུ་ཆུང་བ་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས ་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་ཟག་པ་མེད་ཅིང་ཁོང་དུ་ཆུད་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཇི་སྐད་དུ་སྨྲས?་པ་དེ་བཞིན་ཏེ། གཟུགས་ཀྱང་རང་བཞིན ་པ་གསུངས་ཏེ། དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་གང་ཞེ་ན་ཞེས་བྱ་བ་ནས། འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ཅིང། རྣམ་པར་སྤྱོད་ཀྱང་ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ ་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་དུ་ནི་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། དེ་ལ་ནང་གི་ལུས་ཞེས་བྱ་བ་ནི་བདག་གི་ལུས་སེམས་དང་སེམས་ལས་བྱུང་བ་རྣམས་དང་ལྡན་པ་ལ་བྱའོ། །ཕྱིའི་ལུས་ཞེས་བྱ་བ་ནི་མཆེ་འཕོས་པའི་ལུས་ལ ་སོགས་བ་སེམས་དང་སེམས་ལས་བྱུང་བ་རྣམས་དང་མི་ལྡན་པ་ལ་བྱའོ། །ཕྱི་ནང་གི་ལུས་ཞེས་བྱ་བ་ནི་སེམས་ཅན་གཞན་གྱི་ལུས་ལ་བྱ་སྟེ། བདག་གི་ལུས་ལམ་གཏོགས་པས་ཕྱིའི་ལུས་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས ་དང་ལྡན་པའི་ཕྱིར་ནང་གི་ལུས་ཞེས་བྱ་སྟེ། དེ་ལྟར་ཕྱི་དང་ནང་གཉི?་ག་དང་ལྡན་པའི་ཕྱིར་ཕྱི་ནང་གི་ལུས་ཞེས་བྱའོ། །དེ་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ནང་དང་ཕྱི་དང་ཕྱི་ནང་གི་ལུས་གསུམ་ཆར་ཡོད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ ་པས་དེ་ལ་དངོས་པོར་མི་ལྷ་བ་ལ་བྱའོ། །ལུས་ཀྱི་རྗེས་སུ་ལྷ་ཞིབ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཇི་ལྟར་སྨད་པའི་ལུས་ལ་བརྟེན་ནས། བདག་དང་བདག་གི་མེད་པར་རྟོགས་པ་ལ་བྱའོ། །བརྩོན་འགྲུས་ཅན་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་མི་དམིགས་པ ་དང། ཀུན་རྫོབ་ཏུ་ལུས་ཀྱི་རྗེས་སུ་ལྷག?་ལ་རྟག་ཏུ་རྒྱུན་མིའི་ཆད་པ་དང། ནན་ཏན་ཆེར་བྱ་སྟེ་བརྩོན་པ་ལ་བྱའོ། །ཤེས་བཞིན་དང་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་དང་བག་བྱེད་པར་ལྡན་པར་ཡིད་ལ་བྱེད་པའོ། །དྲན་པ་དང་ལྡན་པ་ཞེས་བྱ་བ་ནི་དམིགས་པའི ་ཡུལ་ལ་དྲིན་པ་མི་རྨོངས་པ་དང། མི་མཐུན་པའི་ཕྱོགས་ཀྱིས་མི་ཚུགས་པར་བསྲུང་པར་དྲན་པ་དང། མ་ཡེངས་པར་བྱེད་པའི་དྲན་པ་དང་ལྡན་པ་ལ་བྱའོ། །འཇིག་རྟེན་ཀྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཅིང་ཞེས་བྱ་བ་ནི་བརྩོན ་པ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་ལ་ཆགས་པ་མེད་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་ལམཁྱེན་པ་ཉིད་མེད་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མེད་དོ་ཞེས་བྱ་བའི་བར་དུ་ནི། འཕགས ་པ་ཤཱ་རིའི་བུས་བཤད་པའི་དོན་ཉིད་རབ་འབྱོར་གྱིས་བཟླས་ཏེ་སྨྲས་ནས་དེ་དེ་བཞིན་ནོ་ཞེས་དོན་མཐུན་པར་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ ་ནི་ཞེས་བྱ་བ་ནས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཆགས་པ་མེད་པར་གནས་པའི་དོན་མཇུག་མ་སྡུས་ནས་བསྟན་པ་སྟེ། དེ་ལྟར་བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པ་ཐུན་མོང ་མ་ཡིན་པ་ལ་སོགས་པ་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་པའོ། །དེ་ལྟར་འཕགས་པ་རབ་འབྱོར་གྱི་སེམས་དཔའ་ཆེན་པོ ་ཞེས་བྱ་བའི་ཚིག་གི་དོན་བསྟན་ནས། དེའི་འོག་ཏུ་འཕགས་པ་གད་པོས་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་བཤད་པ་སྐབས་དབྱེ་བའི་ཕྱིར། དེ་ནས་ཚེ་དང་ལྡན་པ་བྱམས་གང་གིས་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་སྤོབས་པ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་བཤད་དེ། གོ་ཆ་ཆེན་པོ་བགོས་པ་དང། ཐེག་པ་ཆེན་པོ་ལ་ཞུགས་པ ་དང། ཐེག་པ་ཆེན་པོ་ལ་གནས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་?་ནི་གོ་ཆ་ཆེན་པོ་བ་གོས་པའི་སེམས་ཅན་ལགས་ཏེ་ཞེས་བྱ་བས་ནི་གོ་ཆ་ཆེན་པོ་བགོས་པ་བསྟན་ཏེ། ་བཞིན་ནོ། །སེམས་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པའི་སེམས་དང། འདོད་ཆགས་མེད་པ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་མེད་པ་དང། གཏི་མུག་དང་བཅས་པ་དང། གཏི་མུག་མེད་པ་ལ་སོགས་པ་ལ ་རྗེས་སུ་ལྟ་པའོ། །ནང་གི་ཆོས་ལ་དེ་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ནས། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་ཕར་དུ་ནི་ཆོས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། ནང་དང་ཕྱི ་དང་ཕྱི་ནང་གི་གོང་དུ་བཤད་པ་བཞིན་ནོ། །ཆོས་ཞེས་བྱ་བ་ནི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་བྱའོ། །དེ་ལྟར ་བྱང་ཆུབ་སེམས་དཔའ་ཨི་ཐག་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྟན་ནས། དེའི་འོག་ཏུ་ཉན་ཐོས་ཀྱི་ཐེག་པ་ལས་འབྱུང་བའི་ཚུལ་གྱིས་ལུས་དྲན་པ་ཉེ་བར་བཞག་པ་བསྟན་པའི་ཕྱིར། རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་པ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲེན?་འགྲོ་ཞེས་བྱ་བ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། ་རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང ་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་བསལ་ཅིང་རྣམ་པར་སྦྱད་དོ་ཞེས་བྱ་བའི་བར་དུ་ནི་སྤྱོད་ལམ་བཞིའི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པའོ། །དེ་ལ་སྤྱོད་ལམ་ལ་ཡང་རྣམ་པ་གཉིས་ཏེ། སྤྱོད་ལམ་ཆེན་པོ་དང། ་སྤྱོད་ལམ་ཕྲ་མོའོ། །དེ་ལ་སྤྱོད་ལམ་ཆེན་པོ་ནི་ལམ་རིང་པོར་འགྲོ་བ་ན། འགྲོ་བ་དང། འགྲང་བ་དང། འདུག་པ་དང། ཉལ་བའི་ཚེ་ལུས་ཀྱི་སྤྱོད་ལམ་གང་ལ་སྤྱོད་པ་དེ་ལ་མ་ཡེངས་པར་དྲན་པ་ཉེ་བར་འཇོག་པ་སྟེ། དེ་ཡང་རབ་འབྱོར་འདི་ལ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་ན་འགྲོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དེ། འགྲོ་འམ?་འོང་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནས། ནང་དུ་ཡང་དག་པར་འཇོག་པ་ལ་ཡང་ཤེས་རབ་?་སྤྱོད ་པ་ཡིན་ཏེ་ཞེས་བྱ་བའི་བར་དུ་ནི་སྤྱོད་ལམ་ཕྲ་མོ་བསྟན་པ་སྟེ། གྲོང་ནས་གྲོང་དུ་འགྲོ་བ་དང། གནས་གཅིག་ན་འདུག་པའི་ཚེ་ཉེ་འཁོར་དུ་འགྲོ་ཞིབ་འདུག་པ་ལ་སོགས་པའི་སྤྱོད་འམ་ལ་བག་ཡོད་ཅིང་དྲན་པ་ཉེ་བར་འཇོག་པ་ལ་སྤྱོད་ལམ་ཕྲ་མོ་ཞེས ་བྱ་བ་སྟེ། འགྲོ་འམ་འོང་དམ་ཞེས་བྱ་བ་གོང་མ་ནི་གྲོང་ནས་གྲོང་དུ་འགྲོ་བ་དང་འོང་བ་ལ་བྱའོ། །འགྲོ་བ་དང་འོང་བ་དང་ཞེས་བྱ་བ་འོག་མ་ནི་ཉེ་འཁོར་ན་སྤྱོད་པའི་ཚེ་འགྲོ་བ་དང་འོད་པ་ལ་བྱའོ། །ནང་དུ་ཡང་དག་པར་འཇོག་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག ་མཐོང་ཟུང་དུ་འབྲེལ་པའི་བསམ་གཏན་ལ་མཉམ་པར་འཇོག་ཅིང་དབེན་པ་ན་གནས་པ་ལ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་ཞིང་དབུགས་ནང་དུ་རྒྱུན ་ཡང་དྲན་ཞིང་དབུགས་ནང་དུ་རྒྱུའོ?་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས ་ཀྱི་རྗེས་སུ་ལྟ་ཞིང། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསམ་ཞིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་མིན་པའི་ལུས་ལ་དབུགས་ཕྱི་ནམ? ་དུ་རྒྱུ་བའི་ཚེ་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། བསམ་གཏན་པ་སེམས་མི་གཡེངས་ཤིང་བསམ་གཏན་པ་སེམས་ལས་སུ་རུང་བར་སྤྱང་པའི་ཕྱིར་དབུགས་ཕྱི་ནང་དུ་རིང་ཐུང་དུ་རྒྱུ་བའི། ཚེ། དྲན་པ་དང་ཤེས་བཞིན་གཉིས་ཀྱིས་དྲན་ཞིང་ཚོར་བར་བྱ་སྟེ། གཟུགས་ལ་སོགས་པ་ཕྱི་ནང་གི་དངོས་པོ་གཞན་ལ་སེམས་མ་ཡེངས་ཤིང་མི་རྟོག་པར་དབུགས་ཕྱི་ནང་དུ་རྒྱུ་བ་ལ་བརྟག་ཅིང་སེམས་སྦྱངས་ནས། དེ་ལྟར་སྦྱངས་ཏེ་སེམས་ལས་སུ་རུང་ན་ལུས་ཀྱང་ལས་སུ་རུང་སྟེ། དབུགས་ཕྱི་ནང ་དུ་རྒྱུ་བ་ཡང་ཇེ་བདེ་ཇེ་ཆུང་ཇེ་ཕྲར་འགྱུར་རོ། །དེ་ལྟར་དབུགས་ཇེ་བདེ་ཇེ་ཆུང་ཇེ་ཕྲར་གྱུར་ན་སེམས་ཀྱི་གཡེང་བ་དང། རྟོག་བོ་ཡང་ཇེ་བ་དེ་ཇེ་ཉུང་དེ་ཕར་འབྱུང་ཏེ། གང་ལ་དམིགས་པ་དེ་ལ་སེས་རྩེ་གཅིག་ཏུ་འདུ་བར་འགྱུར་རོ། །དེའི་ཕྱིར་དབུགས་ཕྱི ་ནང་དུ་རྒྱུ་བ་ལ་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །རབ་འབྱོར་བདེ་ལྟ་སྟེ་དཔར་ན་འཁོར་བའི་འཁོར་ལོ་བསྐོར་བའམ། འཁོར་བའི་འཁོར་ལོ་བསྐོར་བའི་མཆན་བུ་མཁས་བ་ཞེས་བྱ་བ་ནི་རྫ་མཁན་རྫ་བྱེད་པའི་འཁོར་ལོ་བསྐོར་བ་ན། རྫ་ཆེ་ཆུང་གི ་བྱེ་བྲག་ལས་འཁོར་ལོ་ཡུན་རིང་དུང?་དུ་བསྐོར་བའི་ཉན་དྲོང་རྫ་མཁན་ལ་ཡོད་པའི་དཔེར་བསམ་གཏན་པ་སམས་སྤྱོད་བའི་ཚེ། དབུགས་ཕྱི་ནང་དུ་རྒྱུད་ཡུན་རིང་ཐུང་ཇི་སྲིད་དུ་རྒྱུ་བའི་ཉམ་དྲོང་ཡོད་པར་བྱ་བ་བསྟན་པའོ། །རྫ་མཁན་གྱི་མཁན་པོ་དང། ་མཚན་བུའི་དཔེས་སྨོས་པ་ནི་བསམ་གཏན་པའི་མཁན་པོ་དང། སློབ་མ་བསམ་གཏན་གོམས་པ་དང་མ་གོམས་པའི་ཁྱད་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་སྤྱོད་པའི་ཚེ། ལུས་འདི་ལ་སའི་ཁམས་ཀྱང་ཡོད་དོ་ཞེས་བྱ་བ་ནས། རབ་འབྱོར་འདི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འགྲེང་དམ་འདུག་སྟེ། དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང ་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ཅིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་སའི་ཁམས་ལ་སོགས་པ་ཁམས་བཞི་ལ་བརྟག་པའི་སྒོ་ནས་ནང་གི་ལུས་དྲན ་བ་ཉེ་བར་གཞག་པ་བསྟན་པ་སྟེ། ལུས་འདི་འབྱུང་པ་ཆེན་པོ་བཞིའི་རང་བཞིན་ཡིན་ལ། འབྱུང་བ་ཆེན་པོ་བཞི་ཡང་མི་རྟག་པའི་རང་བཞིན་ཡིན་པས་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པར་རྟོགས་ན་དེ་ལ་ཆགས་པར་མི་འགྱུར་བར་བྱ་བའི་ཕྱིར ་ཁམས་ཀྱི་སྒོ་ནས་བརྟགས་པ་བསྟན་ཏོ། །བ་ལང་གི་བཤད་པའི་དཔེ་བསྟན་པ་ནི་བཤན་པས་ཕྱུགས་བཤས་པའི་ཤ་རྣམས་མངོན་སུམ་དུ་མཐོང་ཞིང་བྱེ་བྲག་བྱེད་པ་བཞིན་དུ་བསམ་གཏན་པས་ཀྱང་བདག་གི་ལུས་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཡིན ་པར་མངོན་སུམ་དུ་རྟོག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ལ་རྐང་པའི་མཐིལ་ཡན་ཆད་ཅེས་བྱ་བ་ནས་རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྔ་ཞིང། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང། ཡིད་མི ་བདེ་བ་གསལ་ཅིང་རྣམ་པར་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་ནང་གི་ལུས་ལ་མི་གཙང་བ་སྣ་ཚོགས་ཡོད་པར་བརྟག་པའི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པ་བསྟན་པ་སྟེ། དེ་ལྟར་ལུས་ལ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་བརྟགས་ན་ལུས་ལ་མ་ཆགS ་པར་འགྱུར་བ་བསྟན་པའོ། །ཆུན་པའི་སྣོད་འབྲུ་སྣ་ཚོགས་ཀྱིས་གང་པའི་དཔེ་བསྟན་པ་ནི་ཞིང་པ་འབྲུའི་རྒྱུས་ལ་མཁས་པ། འབྲུ་སྣ་ཚོགས་ལ་མངོན་དུ་ལྟ་ཞིང་འབྲུའི་བྱེ་བྲག་ཕྱེད་པ་དེ་བཞིན་དུ། བསམ་གཏན་པ་ལུས་?་གཙང ་བར་བསྒོམ་པ་ཡང་ལུས་མི་གཙང་པ་སྣ་ཚོགས་ཀྱིས་གང་བ་མངོན་སུམ་དུ་གྱུར་པར་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་དུར་ཁོང་ན་ཡོད ་པའི་གཟུགས་སྣ་ཚོགས་དུར་ཁྲོད་དུ་བོར་བ་རོའི་མལ་དུ་སྙལ་བ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་ལུས་ལ་དམིགས་པའི་སྒོ་ནས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བསྟན་པ་སྟེ། ཕྱིའི་ལུས་དུར་ཁྲོད་ན་འདུག་པ་གསར་རྙིང་མི་སྡུག་པ་གསང ་?་སྣ་ཚོགས་དང་ལྡན་པ་མཐོང་ནས་བདག་གི་ལུས་ཀྱང་དེ་ལྟ་བུའི་རང་བཞིན་ཅན་ཡིན་པར་བརྟགས་ནས་ལུས་ལ་མ་ཆགས་པར་བྱ་བ་ལ་བསྟན་པའོ། །རབ་འབྱོར་དེ་ལྟར་ན་?་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་མི་དམིགས་པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆུང་དུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་ལུས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མཇུག་བསྡུས ་ནས་བསྟན་པ་སྟེ། ནང་དང་ཕྱི་དང་ཕྱི་ནང་གི་ལུས་ནི་སྔར་བཤད་པ་བཞིན་ནོ། །ནང་གི་ཚོར་བ་ལ་དེ་མི་དམིགས་པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང། ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆུང་ངུའི་གཞུང་ལས་འབྱུང་བའི་ཚུལ་གྱིས་ཚོར ་བ་དང་སེམས་དང་ཆོས་རྣམས་ལ་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བསྟན་པ་སྟེ། དེ་དག་གི་དོན་ཀྱང་སྔ་མ་བཞིན་ནོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཐེག་པ་ཆུང་དུའི་གཞུང ་ལས་འབྱུང་བའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་འདི་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གང་ཟག་དང་ཆོས་གཏི་ཤ་ལ་བདག་མེད་པར་རྟོགས་པར་བྱས་ནས་དེ་མི་དམིགས་པའི་ཚུལ་གྱིས ་བསྒོམས་ན་བླ་ན་མེད་པའི་བྱང་ཆུབ་ཐེག་པ་ཆེན་པོ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པའོ་ཐེག་པ་ཆེན་པོ་ནི་འདི་ལྟར་ཡང་དག་པར་སྤོང་པ ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་སྤོང་བ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། བརྩོན་འགྲུས་ཀྱིས་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང། སྐྱེས་པའི་རྣམས་སྤང་བ་དང། དགེ་བའི་ཆོས་མ་སྐྱེས་པ་རྣམས ་བསྐྱེད་པ་དང། སྐྱེས་པ་རྣམས་གནས་པ་དང། ཕྱིར་ཞིང་འཕེལ་བ་དང། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པ་ལ་ཡང་དག་པའི་སྤོང་བ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ལ་ཡང་རྣམ་པ་བཞི་སྟེ། གོ་ཆའི་བརྩོན་འགྲུས་དང། སྦྱར་བའི་བརྩོན ་འགྲུས་དང། མི་སྐྱོ་བའི་བརྩོན་འགྲུས་དང། ཐབས་ཀྱི་བརྩོན་འགྲུས་སོ། །དེ་ལ་མོས་པ་བསྐྱེད་ཅིང་ཞེས་བྱ་བ་ནི་དང་པོ་འདི་ལྟར་བྱའོ་ཞེས་སེམས་མོས་ཤིང་འདུན་པ་བསྐྱེད་པ་སྟེ། གོ་ཆའི་བརྩོན་འགྲུས་སོ། །སྩོལ་ལོ་ཞེས་བྱ་བ་ནི་དེ་ལྟར་གོ་ཆ་བགོས ་པའི་བརྩོན་འགྲུས་དང་འཐུན་པར་སྡིག་པའི་ཆོས་སྤོང་བ་དང། དགེ་བའི་ཆོས་བསྐྱེད་པ་ལ་སྦྱོར་བས་སྦྱོར་བའི་བརྩོན་འགྲུས་ཞེས་བྱའོ། །བརྩོན་འགྲུས་བརྩོམ་ཞེས་བྱ་བ་ནི་མི་སྐྱེ་བའི་བརྩོན་འགྲུས་ཏོ། བྱ་དགའ་ཞིང་ཚོགས་ཆ་བ་བྱུང་དུ་ཟིན་ཀྱང་སེམས ་མི་སྐྱོབ་བརྩོན་འགྲུས་རྩོམ་པས་མི་སྐྱོ་བའི་བརྩོན་འགྲུས་ཞེས་བྱའོ། །སེམས་ཀྱི་མཐུ་བསྐྱེད་དོ། །ཡང་དག་པར་སྨོན་ལམ་འདེབས་ཏེ་ཞེས་བྱ་བ་ནི་ཐབས་ཀྱི་བརྩོན་འགྲུས་ཏེ། བསམ་གཏན་དང་ཏིང་ངེ་འཛིན་སྒོམ་པའི་ཆེ་སེམས་བྱང་བར་གྱུར་ན ་ཐབས་ཀྱིས་སེམས་ཀྱི་མཐུ་བསྐྱེད་ཅིང་གསལ་བར་བྱེད་པ་དང། སེམས་རྒོད་པ་འགྱུར་ན་ཐབས་ཀྱིས་སེམས་རྩེ་གཅིག་ཏུ་འཇོག་པ་ལ་ཐབས་ཀྱི་བརྩོན་འགྲུས་ཞེས་བྱའོ། །ཡང་དག་པར་སྨོན་ལམ་འདེབས་ཞེས་བྱ་བ་ནི་སྐབས ་འདིར་སེམས་ལེགས་པར་འཇོག་ཅིང་མི་གཡེང་པར་འཛིན་པ་ལ་བྱའོ། །ཐེག་པ་ཆེན་པོའི་དོན་ནི་སྔར་བཤད་པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ ་ཞེས་བྱ་བ་ལ་སོགས་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་རྫུ་འཕྲུལ་རྣམས་ཐོབ་པར་བྱེད་པའི་སྒྱཱུམ། གཞི་འམ་རྟེན་ཡིན་པའི་ཕྱིར་ཏིང་ངེ་འཛིན་རྣམ ་པ་བཞི་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། ཏིང་ངེ་འཛིན་རྣམ་པ་བཞི་ནི་མོས་པ་དང་སེམས་དང། བརྩོན་འགྲུས་དང། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་མོས་པའི་ཏིང་ངེ་འཛིན་ནི་དགེ་བའི་ཆོས་སྒོམ་པ་ལ་མོས་པ་ཆེར་སྐྱེས་ནས་མོས་པའི ་དབང་གིས་སེམས་མཉམ་པར་བཞག་ཅིང་རྩེ་གཅིག་ཏུ་གྱུར་པ་ལ་མོས་པའི་ཏིང་ངེ་འཛིན་ཞེས་བྱའོ། །སྤོང་བའི་འདུ་བྱེད་དང་ལྡན་པ་ཞེས་བྱ་བ་ནི་དེ་ལྟར་ཏིང་ངེ་འཛིན་བསྒོམས་པའི་མཐུས་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་གྱུར་ཏེ། བརྒྱད་གང ་ཞེ་ན། འདུན་པ་དང། བརྩོན་འགྲུས་དང། དད་པ་དང། ཤིན་ཏུ་སྦྱངས་པ་དང། དྲན་པ་དང། ཤེས་བཞིན་དང། སེམས་པ་དང། བཏང་སྙོམས་དང་བརྒྱད་དེ། ཆོས་འདི་བརྒྱད་ཀྱིས་ཉོན་མོངས་པ་སྤོང་བར་བྱེད་པའི་ཕྱིར་སྤོང་བའི་འདུ་བྱེད་ཅེས་བྱའོ།། ་དེ་ལ་འདུན་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་དང། ཏིང་ངེ་འཛིན་རྣམས་ལ་སྙོམས་པར་འཇུག་འདོད་པའོ། །བརྩོན་འགྲུས་ནི་མི་དགེ་བའི་ཆོས་ཐམས་ཅད་ངེས་པར་སེལ་བར་རྩོལ་ཞིང་འབད་པའོ། །དད་པ་ནི་རྒྱུན་དུ ་ཞུགས་པའི་འབྲས་བུ་ལ་སོགས་པ་འབྲས་བུ་བཞི་དང། ས་བཅུ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་རྣམས་ཐོབ་པར་འདོད་པའོ། །ཤིན་ཏུ་སྦྱངས་པའི་བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། ལུས་དང ་སེམས་ལས་སུ་རུང་བའོ། །དྲན་པ་ནི་བསམ་གཏན་དང་ཏིང་ངེ་འཛིན་ལ་སེམས་མ་རྨོངས་པའོ། །ཤེས་བཞིན་ནི་ཤེས་རབ་ཀྱི་དབང་གིས་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་མི་འབྱུང་བར་བག་བྱེད་པའོ། །སེམས་པ་ནི་སེམས་ཡོངས་སུ་སྤྱོད་པའི་མཚན ་ཉིད་སེམས་མངོན་པར་འདུ་བྱེད་པའོ། །བཏང་སྙོམས་ནི་སེམས་བྱིང་བ་དང་རྒོད་པ་མེད་ཅིང་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ་སྟེ། ཆོས་དེ་བརྒྱད་དང་ལྡན་ན་ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་སྤོང་བར་བྱེད་པའི་ཕྱིར་སྤོང ་བའི་འདུ་བྱེད་དང་ལྡན་པ་ཞེས་བྱའོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ནི་མོས་པའི་ཏིང་ངེ་འཛིན་དེ་ཕྱི་དང་ནང་གི་འདུ་འཛི་དང་བྲལ་བར་གནས་པ་ལ་བྱའོ། །འདོད་ཆགས་དང་བྲལ་བ་ལ་གནས་པ་ཅེས་བྱ་བ་ནི་ཁམས་གསུམ་གྱིས་ཉོན་མོངས་པ་རྣམས ་དང་བྲལ་བ་ལ་གནས་པའོ། །འགོག་པ་ལ་གནས་པ་ནི་ཞེས་བྱ་བ་ནི་སྡུག་བསྔལ་རྣམས་འགག་པར་གྱུར་པའོ། །རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཡོངས་སུ་སྤངས་པར་གྱུར་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན ་ཅེས་བྱ་བ་ནི་མི་དགེ་བའི་ཆོས་སྤོང་བ་ལ་བརྩོན་པ་དང། དགེ་བའི་ཆོས་སྤེལ་བ་ལ་བརྩོན་པའི་བརྩོན་འགྲུས་ལྷུར་བླངས་པའི་དབང་གིས་སེམས་མཉམ་པར་བཞག་ཅིང་རྩེ་གཅིག་ཏུ་གྱུར་པའོ། །སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཞི་གནས་དང་ལྷག། ་མཐོང་ཟུང་དུ་འབྲེལ་བར་སེམས་སྐྱོང་བ་ལྷུར་བླངས་ནས་མཉམ་པར་འཇོག་ཅིང་སེམས་རྩེ་གཅིག་ཏུ་གྱུར་ཏོ། །དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་རྣམ་པར་དཔྱད་པ་ལྷུར་བླངས་ནས་མཉམ ་བར་བཞག་ཅིང་སེམས་རྩེ་གཅིག་ཏུ་གྱུར་པ་ལ་བྱ་སྟེ། སྤོང་བའི་འདུ་བྱེད་དང་ལྡན་པ་དང། དབེན་པ་ལ་གནས་པ་ལ་སོགས་པ་ནི་གོང་དུ་བཤད་པ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དབང་པོ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། དབང་པོ་ལྔ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང་ཆོས་འདི་ལྔ་དང་ལྡན་པའི་དབང ་གིས་འཇིག་རྟེན་ལས་འདས་པའི་ཆོས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང། ས་དང་པོ་ལ་སོགས་པ་འཐོབ་པའི་རྒྱུར་འགྱུར་པའི་ཕྱིར་དབང་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་སྟོབས་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སྟོབས་ལྔ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དད་པ་ལ་སོགས་པའི་དབང་པོ་ལྔ་པོ་དེ་དག་ཉིད་ཡང་དང་ཡང་དུ་བསྒོམས་པའི་མཐུས་བརྟན་ཞིང་མཐུ་དང་ལྡན ་པར་གྱུར་པ་ན་ཉོན་མོངས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་མི་ཚུགས་ཤིང་ཟིལ་གྱིས་མི་ནོན་པའི་ཕྱིར་སྟོབས་རྣམས་ཞེས་བྱའོ། །དབང་པོ་ལྔ་དང་སྟོབས་ལྔ་པོ་དེ་དག་བསྒོམས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་བའི ་དགེ་བའི་རྩ་བ་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན་དོར?་བར་བྱུང་པ་དང། རྩེ་མོ་དང། བཟོད་པ་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ་།དེ་ལ་དྲོ་བར་གྱུར་པ་དང། རྩེ་མོར་གྱུར་པའི་ཚེ་ན་དད་པ་ལ་སོགས་པ་ལ་དབང་པོ་ལྔ་ཞེས་བྱའོ། ། ་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་དང་ལྡན་པའི་ཚེ་ནི་སྟོབས་ལྔ་ཞེས་བྱའོ། །དེ་ལ་ངེས་པར་འབྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ལ་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ངེས་པར་རྟོགས་ཤིང་བྱེ་བྲག་ཕྱེད་པས་ན་ངེས་པར་འབྱེད ་པ་ཞེས་བྱའོ། །དབང་པོ་ལྔ་དང་སྟོབས་ལྔ་བསྒོམས་ཏེ། དྲོ?་བར་གྱུར་པ་དང། རྩེ་མོ་དང། བཟོད་པ་དང། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་དང་ལྡན་པར་གྱུར་ན་ངེས་པར་འབྱེད་པ་ཞེས་བྱ་བས་དང་པོའི་ཚེ་དང་མཐུན་ཞིང། ས་དང་པོ?་འཐོབ་པའི་རྒྱུར་འགྱུར ་བའི་ཕྱིར། ངེས་པར་འབྱེད་པའི་ཚེ་དང་མཐུན་པའི་དགེ་བའི་རྩེ་བ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཀྱི་ཡན་ལག ་བདུན་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་བྱང་ཆུབ་ཅེས་བྱ་བ་ནི་ས་དང་པོ་ལ་བྱང་ཆུབ་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རྟོགས་པ་ལ་བྱའོ། །དྲན་པ་ལ་སོགས་པ་ཆོས་བདུན་པོ་འདི་དག་བྱང་ཆུབ་ཀྱི་རང་བཞིན་དེ་རྟོགས་པར་བྱ་བའི་གྲོགས?་སུ་གྱུར་པ ་འམ། རྒྱུ་འམ་ཡན་ལག་ཏུ་གྱུར་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། དེ་ཡང་དྲན་བ་དང། ཆོས་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ།། ་དེ་ལ་དྲན་པ་ནི་དམིགས་པའི་དངོས་པོ་མ་བརྗེད་ཅིང་སེམས་གསལ་བའོ། །བརྩོན་འགྲུས་ནི་ཆོས་ཀྱི་དབྱིངས་ཉིད་རྟོག་པར་བྱ་བ་ལ་སེམས་སྤྲོ་ཞིང་སྒྲིམ་པ་དང། ལྷོད་པར་མ་གྱུར་བའོ། །དགའ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྔོན་མ་མཐོང་ཞིང་ཉམས་སུ ་མ་མྱོང་བ། ས་དང་པོ་ཐོབ་པའི་ཚེ་མཐོང་ཞིང་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་བ་ལ་བྱའོ། །ཤིན་ཏུ་སྦྱངས་པ་ནི་དམར་ཆོས་ཀྱི་དབྱིང་རྟོགས་ཤིང་ཆོས་ཀྱི་དགའ་བའི་ཉམས་མྱོང་བའི་ཚེ་ལུས་དང་སེམས་ཤིན་ཏུ་སྦྱངས་ཤིང་བསམ་གཏན་ལ་ལས་སུ ་རུང་པའོ། །ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་སུ་སེམས་རྩེ་གཅིག་ཏུ་གནས་པའོ། །བཏང་སྙོམས་ནི་མི་མཐུན་བའི་ཕྱོགས་ཀྱིས་ཟིལ?་གྱིས་མི་ནོན?་བར་ཆོས་ཀྱི་དབྱིངས་རྟོགས་པ་ལ་སེམས་ལྷུན་གྱིས་གྲུབ་པ་སྟེ། ཆོས་བདུན་པོ་དེ་དག་ཆོས་ཀྱི་དབྱིངས་བྱང་ཆུབ ་ཀྱི་རང་བཞིན་དེ་རྟོགས་པར་བྱ་བའི་ཡན་ལག་ཡང་དག་པ་ཡིན་པའི་ཕྱིར་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དབེན་པ་ལ་གནས་པ་དང། འདོད་ཆགས་བྲལ་བ་ལ་གནས་པ་དང། འགོག་པ་ལ་གནས་པ་དང། རྣམ་པར་སྤོང ་བས་ཡོངས་སུ་གྲུབ་པ་ནི། རྫུ་འཕྲུལ་གྱི་རྐང་པའི་སྐབས་སུ་བཤད་པར་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འཕགས ་པའི་ལམ་ཡན་ལག་བརྒྱད་པ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། འཕགས་པ་ཉན་ཐོས་རྒྱུན་དུ་ཞུགས་པ་ཡན་ཆད་དང། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཅད་འཕགས་པ་རྣམས་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་ཕྲ་མོ ་རྣམས་སྤང་བར་བྱ་བ་དང་རྣམ་པར་གྲོལ་བའི་ས་ཐོབ་པར་བྱ་བའི་ཕྱིར་ཡང་དག་པའི་ལྔ་པ་ལ་སོགས་པ་འདི་བརྒྱད་བསྒོམ་སྟེ། འདི་རྣམས་བསྒོམས་པས་ཉོན་མོངས་པ་ཕྲ་མོ་རྣམས་སྤང་ཞིང་རྣམ་པར་གྲོལ་བའི་འབྲས་བུ་འཐོབ་པའི་རྒྱུ་འམ། ལམ་ཡིན་པའི ་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ལྟ་བ་ནི་འཇིག་རྟེན་པའི་ལོག་པར་ལྟ་བ་སྤངས་ནས། ཤེས་རབ་ཀྱིས་མིག་གིས་ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པར་མཐོང་བའོ། །ཡང་དག་པའི་རྟོག་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ ་ཕྱིན་ཅི་མ་ལོག་པར་རྟོག་ཅིང་གཏན་ལ་འབེབས?་པའོ། །ཡང་དག་པའི་དག་ནི་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུས་བརྫུན་དུ་སྨྲ་བ་ལ་སོགས་པ་ལོག་པའི་ཚིག་རྣམས་མི་འབྱུང་ཞིང་ཆོས་ཉིད་དང་མི་འགལ་བའི་ཚིག་གིས་གཞན་ལ་ཆོས་སྟོན་པའོ། །ཡང་དག ་པའི་ལས་ཀྱི་མཛའ་ནི་ཚུལ་ཁྲིམས་ལ་སྐྱོན་མེད་པས་མི་བྱ་བའི་ལས་རྣམས་མི་བྱེད་པའོ། །ཡང་དག་པའི་འཚོ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པས་གཙམ་སྒྱུ་ལ་སོགས་པ་ལོག་པས་འཚོ་བ་མེད་པའོ། །ཡང་དག་པའི་རྩོལ་བ་ནི་བསྒོམ་པའི་ལམ་གྱིས ་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བར་བྱ་བ་དང་དེའི་གཉན་པོ་སྒོམ་པ་ལ་བརྩོན་པའོ། །ཡང་དག་པའི་དྲན་པ་ནི་སྒོམ་བའི་ལམ་གྱིས་སྤང་བར་བྱ་བའི་ཉེ་བའི་ཉོན་མོངས་པ་བྱང་བ་དང། རྒོད་པ་གཉིས་ཀྱི་དབང་དུ་མི་འགྱུར་བར་དྲན་པ་ཉེ་བར་འཇོག་པའི། ཡང ་དག་པའི་ཏིང་ངེ་འཛིན་ནི་ཆོས་ཀྱི་དབྱིངས་ཉིད་ལ་རྣམ་པར་མི་རྟོག་པའི་སེམས་རྩེ་གཅིག་ཏུ་?་པ་དེའི་དབང་གིས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་འཐོབ་པར་བྱེད་པའོ། །དབེན་པ་ལ་གནས་པ་དང། འདོད་ཆགས་དང་བྲལ་བ་ལ་གནས ་པ་དང། འགོག་པ་ལ་གནས་པ་དང། རྣམ་པར་སྤོང་བས་ཡོངས་སུ་གྲུབ་པ་རྣམས་ནི་སྔ་མ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཏིང་ངེ་འཛིན་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ ་པར་ཐར་པའི་སྒོ་གསུམ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ལ་ཏིང་ངེ་འཛིན་གསུམ་ཞེས་ཀྱང་བྱ་སྡེ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་བསྒོམས་ན་ཉོན་མོངས་པའི་སྒྲིབ་པ་དང། ་ཤེས་བྱའི་སྒྲིབ་པ་ལས་གྲོལ་ཞིང་ཐར་པའི་མཚན་ཉིད་མྱ་ངན་ལས་འདས་པར་འཇུག་པའི་སྒོར་འགྱུར་བའི་ཕྱིར་རྣམ་པར་ཐར་པའི་སྒོ་ཞེས?་བྱའོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོགས་པའི་ཚེ ་སེམས་གནས་པ་དེ་ནི་སྟོང་པ་ཉིད་རྣམ་པར་ཟར་པའི་སྒོ་སྟེ་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་དུ་གྱུར་ལ་ཀུན་བརྟགས་པའི་མཚན་ཉིད་དང་བྲལ་པ། ཡོངས་སུ་གྲུབ་པའི་མཚན་ཉིད་བརྗོད་དུ་མེད་ཅིང་སྟོང་པའི་རང་བཞིན་དུ་རྟོགས་ཤིང་སྒོམ་པའི ་ཚེ། སེམས་རྩེ་གཅིག་ཏུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པའི་ཚེ་སེམས་གནས་པ་དེ་ནི་མཚན་མ་མེད་པར་རྣམ་པར་ཐར་པའི་སྒོ་སྟེ་ཞེས ་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གོམས་པས་ཀུན་བརྟགས་པའི་ཆོས་རྣམས་ལ་མཚན་མར་མི་འཛིན་ཅིང། རྣམ་པར་མི་རྟོག་པར་གྱུར་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སྨོན་པ་མེད་པའི ་ཏིང་ངེ་འཛིན་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མེད་དོ་ཞེས་མངོན་བར་འདུ་མི་བྱེད་པའི་ཚེ། སེམས་གནས་པ་དེ་ནི་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་སྟེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་དང། མཚན ་མ་མེད་པར་རྟོག་པས་ཅི་ལ་ཡང་མ་ཆགས་ཤིང་མི་སྨོན་ཏེ། ཚེ་ཕྱི་མ་ལ་ཁམས་གསུམ་དུ་སྐྱེ་ཞིང་ཁམས་གསུམ་གྱི་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཁམས་གསུམ་དུ་སྐྱེ་བའི་རྒྱུར་འགྱུར་བའི་ལས་ཉོན་མོངས་པ་དང་བཅས་པ་རྣམས་མངོན ་བར་འདུ་མི་བྱེད་ཅིང་སེམས་རྩེ་གཅིག་ཏུ་གནས་པར་སྒོམ་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཡེ་ཤེས་བཅུ་གཅིག་སྟེ་ཞེས་བྱ་བ་ལ ་སོགས་པ་ནི་ཡེ་ཤེས་བཅུ་གཅིག་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པའོ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའི་རང་བཞིན་ཅན་དོན་དམ་པར་སྐྱེ་བ ་མེད་པར་ཤེས་པའོ། །དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤང་བར་ཤེས་པའོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པ་རྣམས་རང་བཞིན་མེད་པར་རྟོག་པས་ཕྱིས་མི་འབྱུང་བར་ཤེས་པ ་ཉིད་ལ་ཀུན་འབྱུང་བ་སྤང་བར་ཤེས་པ་ཅེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་པའི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་བ ་ཤེས་པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ་ཞེས་བྱ་བ་ནི་འགོག་པ་མཐོང་བའི་རྒྱུར་གྱུར་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དོན་དམ་པར་དངོས་པོ་མེད་པར་ཤེས་པ་དང། ཀུན་རྫོབ་ཏུ་མྱ་ངན་ལས ་འདས་པ་འཐོབ་པའི་རྒྱུ་དང་ལམ་ཡིན་པར་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཟད་པར་ཤེས་པའོ་ཞེས་བྱ་བ་ནི་ཉན་ཐོས་དགྲ་བཅོམ་པའི་ས་དང་བྱང་ཆུབ་སེམས་དཔའ་ཨི་ས་བརྒྱད་ཐོབ་པ་ཡན་ཆད ་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཟད་པར་ཤེས་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མེད་པར་ཤེས་པའོ་ཞེས་བྱ་བ་ནི་འཕགས་པ་དགྲ་བཅོམ་པ་དང། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ལ ་གནས་པ་དེ་དག་ཉིད་དེ་ལྟར་ཉོན་མོངས་པ་ཟད་པར་གྱུར་པས་ཕྱིས་ཉོན་མོངས་པའི་དབང་གིས་སྲིད་པ་ཕྱི་མ་མི་ལེན་པར་ཤེས་པའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་པའོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ ་མངོན་སུམ་དུ་བྱེད་པའི་ཚེ་ཕུང་པོ་ལྔ་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ཡོད་པ་མ་ཡིན་པ་ལས་སྣང་བ་ནི་སྒྱུ་མ་ལ་སོགས་པ་བཞིན་ནོ་ཞེས་མངོན་སུམ་དུ་རྟོགས་ཤིང་ཤེས་པའོ། །དེ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། ཞེས་བྱ་བ་ནས ་རྒ་ཤི་མི་རྟག་ཅེས་བྱ་བར་ཤེས་པའོ་ཞེས་བྱ་བའི་བར་དུ་ནི་རྗེས་སུ་རྟོགས་པ་ཤེས་པ་བསྟན་པ་སྟེ། རྗེས་སུ་དཔག་པའི་ཤེས་པས་མིག་ལྔ་སོགས་པའི་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དང། སའི་ཁམས་ལ་སོགས་པ་ཁམས་དྲུག་དང ་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འགྱུར་བ་བཅུ་གཉིས་རྣམས་མི་རྟོག་པར་ཤེས་པ་ལ་རྗེས་སུ་རྟོགས་པ་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཤེས་པའོ ་ཞེས་བྱ་བ་ནི་ཤེས་པ་གཞན་ཡང་ཀུན་རྫོབ་ཏུ་ཤེས་པ་ཡིན་མོད་ཀྱི། དོན་དམ་པར་དམིགས་སུ་མེད་པར་ཡང་ཤེས་པར་འགྱུར་བས། སོ་སོའི་དམིགས་པའི་ཡུལ་གང་ཡིན་པ་ལས་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ལ ་སོགས་པ་མིང་གཞན་དུ་བཏགས་སོ། །གཞན་གྱི་སེམས་ཤེས་པ་ནི་སེམས་ཅན་ཕ་རོལ་པོ་ཅི་སེམས་པ་ལ་དམིགས་ནས་འདོད་ཆགས་དང་ལྡན་པ་འམ། མི་ལྡན་པ་ལ་སོགས་པ་ཤེས་པ་སྟེ། གཅིག་ཁོ་ནར་ཀུན་བརྟགས་པའི་རང་བཞིན་ལ ་དམིགས་པའི་ཕྱིར་ཀུན་རྫོབ་ཤེས་པ་ཞེས་བྱའོ། །དེ་ལ་འདྲིས་པ་ཤེས་པ་གང་ཞེ་ན། གང་གིས་ལམ་ཤེས་པ་དང། ཡོངས་སུ་བྱང་བ་ཤེས་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འཕགས་པའི་ལམ་སྒོམ་པ་དང། བསམ་གཏན་དང་ཏིང་ངེ ་འཛིན་ལ་སོགས་པ་སྒོམ་པའི་ཚེ། ཉན་ཐོས་ལྟར་མྱ་ངན་ལས་འདའ་བ་མངོན་སུམ་དུ་བྱ་བའི་ཕྱིར་ནི་མི་སྒོམ་ཀྱི་སེམས་ཅན་གྱི་དོན་དུ་ཆོས་རྣམས་ལ་འདྲིས་ཤིང་ཡོངས་སུ་བྱང་བར་བྱ་བའི་ཕྱིར་སྒོམ་ཞིང་སྦྱོར་བ་ལ་འདྲིས་པ་ཤེས་པ་ཞེས་བྱའོ། །སྒྲ ་ཇི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིད་ཡེ་ཤེས་ཏ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམ་པ་སྣ་ཚོགས་ཇི་ལྟ་བ་བཞིན་དུ་མཁྱེན ་པ་ལ་སྒྲ་ཇི་བཞིན་ཤེས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དབང་པོ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དབང་པོ་གསུམ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ་དེ་ལ ་ཡོ་ཡུམ་ཤེས་པ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བའི་དབང་པོ་གང་ཞེ་ན། སློབ་མའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་རྒྱུན་དུ་འཇུག་པ་དང། བྱང་ཆུབ་སེམས་དཔའ་ ་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ལ་སློབ་མའི་གང་ཟག་ཅེས་བྱ་སྟེ། གང་ཟག་དེ་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་དང། ས་དང་པོ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སྨོ?་བཅིང?་རྒྱུན་དུ་ཞུགས་པའི་འབུས་བུ་དང། ས་དང་པོའི་ཆོ་ཉིད་དང། ཡོན་ཏན ་སྔོན་མི་ཤེས་པ་ལས་ཤེས་ཤིང་མངོན་སུམ་དུ་བྱ་བའི་ཕྱིར་སྒོམ་ཞིང་སྦྱོང་བ་ནི་དང་པ་ལ་སོགས་པའི་དབང་པོ་ལྔ་རྣམས་ལ་ཡོངས་སུ་མ་ཤས་པ་ཡོངས་སུ་ཤེས་པར་བྱའོ། །ཞེས་བྱ་བའི་དབང་པོ་ཞེས་བྱའོ། །ཡོངས་སུ་སྣང་བར་མ་གྱུར་པ་ཞེས་བྱ་བ་ནི་མོས ་པས་སྤྱོད་པའི་ས་ནས་ས་དང་པོ་ལ་འཇུག་པའི་ཚེ་གཟུང་བ་དང་འཛིན་པ་ལ་སོགས་པ་ཀུན་བརྟགས་པའི་ཆོས་རྣམས་དམིགས་ཤད་སྣང་བར་མི་འགྱུར་པ་ལ་བྱའོ། །དེ་ལ་ཡོངས་སུ་ཤེས་པའི་དབང་པོ་གང་ཞེ་ན། གང་ཟག་སློབ་པ་ཡོངས་སུ་ཤེས་པར་གྱུར་པ ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ཡན་ཆད་དང། བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་དགྲ་བཅོམ་པའི་འབྲས་བུ་དང། སངས་རྒྱས་ཀྱིས་ཐོབ་པར་བྱ་བའི་ཕྱིར་སྒོམ་ཞིང་སྦྱོར་བས་ན་གང ་ཟག་དེ་དག་ལ་ཡང་སློབ་པ་ཞེས་བྱའོ། །ཡོངས་སུ་ཤེས་པར་གྱུར་པ་ཞེས་བྱ་བ་ནི་འཕགས་པའི་ས་ཐོབ་ཅིང་ཆོས་ཀྱི་དབྱིངས་ཤེས་པར་བྱ་བ་ས་དང་པོ་ཡན་ཆད་རྟོགས་པར་གྱུར་པ་ལ་བྱ་སྟེ། དེ་དག་གི་དད་པ་ལ་སོགས་པའི་དབང་པོ་ལྔ་ལ་ཡོངས་སུ ་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་ཡོངས་སུ་ཤེས་པས་རྟོགས་པའི་དབང་པོ་གང་ཞེ་ན། གང་ཟག་མི་སློབ་བ་དགྲ་བཅོམ་པ་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི ་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་དང། རང་སངས་རྒྱས་རྣམས་དང། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་དང། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་པར་བྱ་བ་དང། ཐོབ་པར་བྱ་བའི་ཆོས་དང། ཡོན་ཏན་ཐམས་ཅད་ཡོངས་སུ་ ་རྫོགས་པར་མཁྱེན་ཅིང་མཐར་ཕྱིན་པས་དེ་ཡན་ཆད་བསླབ་མི་དགོས་པའི་ཕྱིར་མི་སློབ་པ་ཞེས་བྱ་སྟེ། དེ་དག་གི་དད་པ་ལ་སོགས་པ་དབང་པོ་ལྔ་ལ་ཡོངས་སུ་ཤེས་པར་རྟོགས་པའི་དབང་པོ་ཞེས་བྱའོ། །འཕགས་པ་དེ ་དག་ལ་སློབ་པ་དང། མི་སློབ་པའི་གང་ཟག་ཅེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱིས་གང་ཞིང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང། མི་དགེ་བའི་ཆོས་རྣམས་ཟག་ཅིང་བྱང ་སྟེ། མེད་པར་འགྱུར་བའི་ཕྱིར་གང་ཟག་ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་ཏིང་ངེ་འཛིན་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང། ་གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སེམས་ཀྱི་རྒྱུ་བ་རགས་པ་དང། འབྲིང་དང་ཕྲ་མོའི་ཁྱད་པར་ལས་ཏིང་ངེ་འཛིན་གསུམ་དུ་བཏགས་ཏེ། དེ་ལ་རྟོག་པ་དང་བཅས་དཔྱོད་པ་དང་བཅས ་བའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱི་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན ་དང་པོ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་པའི་ཚེ། སེམས་ཀྱི་རྟོག་པ་དང་རྒྱུ་བ་རགས་པར་འབྱུང་བའི་ཕྱིར་རྟོག་པ་དང ་བཅས་ཤིང་དཔྱོད་པ་དང་བཅས་པ་ཞེས་བྱའོ། །འདོད་པས་དབེན་པ་དང་སྡིག་ཏེ་མི་དགེ་བའི་ཆོས་ཀྱིས་དབེན་པ་དང། དབེན་པ་ལས་སྐྱེས་བའི་དགའ་བ་དང། བདེ་བ་ཅན་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །དེ་ལ་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱིས ་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་བསམ་གཏན་གཉིས་པའི་བར་ཏེ་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལས་འདས་ནས། བསམ་གཏན་གཉིས་པ་ལ་འཇུག་པའི་བར་ལ་བྱ་སྟེ། བསམ་གཏན་དེ་ལ་མཉམ་པར་བཞག་བའི་ཚེ། སེམས་ཀྱི་རྟོག་པ ་རགས་པ་ནི་སྤངས། རྟོག་པ་ཕྲ་མོ་དཔྱོད་པ་ཙམ་ཞིག་ཡོང་བ་ལ་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྟོག་བ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གཉིས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བསམ ་གཏན་གཉིས་པ་ཡན་ཆད་འགོག་བའི་སྙོམས་པར་འཇུག་པ་མན་ཆད་ལ་རྟོག་པ་དང་དཔྱོད་པ་མེད་ཅིང་སེམས་ཀྱི་རྒྱུ་བ་ཕྲ་བར་བསྐྱབས?་རྟོག་པ་དང?་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གཅིག་ཏུ་བསྡུས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བསམ ་གཏན་དང། ཏིང་ངེ་འཛིན་རྣམས་འཇིག་རྟེན་པའི་ཡིན་དུ་ཟིན་གྱིས་ཀྱང་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་མི་དམིགས་པའི་ཚུལ་གྱིས་བསྒོམས་ན་ཐེག་པ་ཆེན་པོར་འགྱུར་བའི་ཕྱིར་ཏིང་ངེ་འཛིན་གསུམ་ཐེག་པ་ཆེན་པོ་ཞེས ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་རྗེས་སུ་དན་པ་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་དྲན་པ་བཅུ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ ་ནི་ཀུན་རྫོབ་དང། དོན་དམ་བའི་ཚུལ་དུ་རྗེས་སུ་དྲན་པ་སྟེ། དེ་ལ་ཀུན་རྫོབ་ཏུ་རྗེས་སུ་དྲན་པ་ནི་ལོངས་སྤྱོད་རློགས?་པའི་སྐུ་དང། སྤྲུལ་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་བ་དང། རིག་པ་དང་ཞབས་སུ་ལྡན་ཞིང་སྐྱས་བུ་འདུལ་བ་དང། ཁ་ལོ་སྒྱུར་བ་ལ ་སོགས་པའི་ཡོན་ཏན་རྣམས་རྗེས་སུ་དྲན་པར་བྱེས?་ནས། དེ་ལ་དད་ཅིང་གུས་པ་བསྐྱེད་པའོ། །དོན་དམ་པར་རྗེས་སུ་དྲན་པ་ནི་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་དབྱིང་ལ་བསམ་གཏན་དུ་བྱེད་ཅིང་སེམས་རྩེ་གཅིག་ཏུ་གནས་པའོ། །ཆོས་རྗེས་སུ་དྲན་བ་ཞེས་བྱ་བ ་ནི་ཆོས་ལ་རྣམ་པ་གཉིས་ཏེ། ལུང་གི་ཆོས་དང། ཐོབ་པར་བྱ་བའི་ཆོས་སོ། །དེ་ལ་ལུང་གི་ཆོས་ནི་ཞལ་ནས་གསུངས་པའི་མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱ་སྟེ། དེ་དག་གི་ཡོན་ཏན་དང། དོན་རྗེས་སུ་དྲན་པའོ། །ཐོབ? ་པར་བྱ་བའི་ཆོས་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང། ས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་འཕགས་པའི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱིར་དེ་དག་གི་དོན་དང་ཡོན་ཏན་རྗེས་སུ་དྲན་ཞིང་གོམས་པར་བྱེད་པའོ། །དགེ་འདུན ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་དགེ་འདུན་ལ་རྣམ་པ་གསུམ་སྟེ། བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པ་འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང། སོ་སོའི་སྐྱེ་བོའི་དགེ་འདུན་ཏེ། དགེ་འདུན་དེ་དག་བསོད་ནམས་ཀྱི ་ཞིང་ཡིན་པ་དང། སྦྱིན་གནས་ཡིན་པ་དང། དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་ཞུགས་པ་ཡིན་པ་དང། ཆོགས་ཤིང་འདུས་པའི་ནང་ན་མཆོག་ཡིན་པར་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་དྲན་པའོ། །ཚུལ་ཁྲིམས?་རྗེས་སུ་དྲན་པ ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང། དགེ་བའི་ཆོས་ལ་སོགས་པའི་ཚུལ་ཁྲིམས་དང། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ནི་སྲོག་གཅོད་པ་ལ་སོགས་པ ་མི་དགེ་བའི་ཆོས་སྤྱོད་པ་ལས་ལྡོག་པའོ། །དགེ་བའི་ཆོས་ལ་སོགས་པའི་ཚུལ་ཁྲིམས་ནི་དམ་པའི་ཆོས་ཉན་པ་དང། སེམས་པ་དང། སྒོམ་པ་ལ་སོགས་པ་ལ་འཇུག་པའོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་མ ་སྨིན་པ་རྣམས་སྨིན་བར་བྱེད་པ་དང། རྣམ་པར་མ་གྲོལ་བ་རྣམས་གྲོལ་བར་བྱེད་པ་སྟེ། དེ་ལྟ་བུའི་ཚུལ་ཁྲིམས་ནི་མཐོ་རིས་དང། མྱ་ངན་ལས་འདའ་བ་འཐོབ་པའི་རྒྱུ་ཡིན་པར་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་ངན་པར་བྱེད་པའོ། །གཏོང་བ་རྗེས་སུ་དྲན་པ ་ཞེས་བྱ་བ་ནི་གཏོང་བ་ལ་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིགས་པ་དང། ཆོས་སྦྱིན་པའོ། །དེ་ལྟ་བུའི་སྦྱིན་པ་བྱས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུར་གྱུར་པ་ཡིན་བར་ཡོན་ཏན་དུ་ལྟ་ཞིང ་རྗེས་སུ་དྲན་པར་བྱེད་པ་ལ་གཏོང་བ་རྗེས་སུ་དྲན་པ་ཞེས་བྱའོ། །ལྷ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་སྔོན་ལས་བཟང་པོ་སྤྱོད་སྤྱོད་པའི་འབྲས་བུ་ཡིན་པ་དང། ལྷ་དེ་དག་དང་མཐུན་པར་སྤྱད་ཅིང་མཉེས་བར་བྱས ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འཐོབ་པར་འགྱུར་བའི་རྒྱུ་ཡིན་པར་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་དྲན་པའོ། །དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི། བསམ་གཏན་དང་ཏིང་ངེ་འཛིན་བསྒོམ་པ་ལ་སེམས་མི་གཡེ་བཞིང་ལམ? ་སུ་ཡུང་པར་བྱ་བའི་ཕྱིར་དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པར་བྱ་བ་ལ་ཡོན་ཏན་དུ་ལྟ་བ་སྟེ། དབུགས་ཕྱི་ནང་དུ་རྒྱུ་བ་ནི་སྔར་བཤད་པ་བཞིན་ནོ། །སྒྱོ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་འཁོར་བ་ལ་མཆགས་ཤིང་སྐྱེ་བར་བྱ་བ་ལ་ཡོན་ཏན་དུ་ལྟ་ཞིང་རྗེས་སུ་དྲན ་པའོ། །འཆི་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ལུས་མི་རྟག་པར་སེམས་ཤིང། ལུས་དང་ལོངས་སྤྱོད་པ་ལ་མ་ཆགས་པར་བྱ་བ་རྗེས་སུ་དྲན་པའོ། །ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་ལུས་ཀྱི་མགོ་ནས་རྟིང་གི་བར་དུ་མི་གཙང་བ་སྣ་ཚོགས་ཀྱིས་གང ་བར་སེམས་ཀྱང་ལུས་ལ་མ་ཆགས་པར་བྱེད་པ་རྗེས་སུ་དྲན་པའོ། །རྗེས་སུ་དྲན་པ་འདི་རྣམས་ཐེག་པ་ཆུང་ངུ་པ་ཡང་སྒོམ་མོད་ཀྱི། བྱང་ཆུབ་སེམས་དཔས་དོན་དམ་པར་མི་དམིགས་པར་ཐུགས་ཆུད་པར་བྱས་ནས་ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན ་པར་བྱ་བ། སེམས་ལ་དབང་དུ་གྱུར་པར་བྱ་བའི་ཕྱིར་བསྒོམས་ན་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བསམ་གཏན་བཞི་དང་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་བཞི ་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། བསམ་གཏན ་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཀྱི་མཚན་ཉིད་དང། ཡོན་ཏན་ནི་གོ་ཆ་ཆེན་པོ་བགོས་པའི་སྐབས་སུ་སྔར་བཤད་ཟིན་ཏོ། །དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེམ་གཟུགས་ཅན་གྱི་གཟུགས ་རྣམས་མཐོང་བ་འདི་རྣམ་པར་ཐར་པ་དང་པོའོ་ཞེས་བྱ་བ་ནི་བསམ་གཏན་པ་དག་གི་ལུས་ཀྱི་ཁ་དོག་པ་ལ་སོགས་པ་ལ་ཆགས་པ་སྤང་བའི་གཉེན་པོར་བདག་གི་ལུས་ལ་ཀླང་པའི་རྒྱས་ནས་རྟིང་པའི་བར་དུ་མི་གཙང་བ་སྣ་ཚོགས་ཀྱིས་གང་བའི ་གཟུགས་ཅན་དུ་ལྟ་ཞིང་བསམ་གཏན་བྱེད་པ་ལ་གཟུགས་ཅན་ཞེས་བྱའོ། །གཟུགས་རྣམས་མཐོང་བ་ཞེས་བྱ་བ་ནི་དེ་ལྟར་ནང་གི་གཟུགས་ལ་མི་གཙང་བར་ལྟ་བའི་ཏིང་ངེ་འཛིན་གྲུབ་པའི་འོག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་རྣམ་པར་བམ ་པ་དང། རྣམ་པར་བརྡོས་པ་ལ་སོགས་པར་ལྟ་ཟིང་མི་སྡུག་པ་བསྒོམ་པའི་ཏིང་ངེ་འཛིན་གྲུབ་པ་ལ་གཟུགས་རྣམས་མཐོང་བ་ཞེས་བྱའོ། །ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་པ་འདི་ནི་རྣམ་པར ་ཐར་པ་གཉིས་པའོ་ཞེས་བྱ་བ་ནི་བསམ་གཏན་པ་ལ་ལ་བདག་གི་ལུས་ལ་མི་གཙང་བ་སྣ་ཚོགས་ཀྱིས་གང་བར་འདུ་ཤེས་པའི་བསམ་གཏན་མི་བྱེད་པར་ཕྱི་རོལ་གྱི་གཟུགས་རྣམས་ལ་རྣམ་པར་བམ་པ་དང། རྣམ་པར་བརྡོས་པ་ལ་སོགས ་པར་འདུ་ཤེས་ཤིང་བསམ་གཏན་བསྒོམ་པའོ། །བཟང་པར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ་ཞེས་བྱ་བ་ནི་བསམ་གཏན་པ་ལ་ལ་ཕྱི་ནང་གི་གཟུགས་མི་སྡུག་པར་སྒོམ་པ་བསྒོམ་པས་སེམས་སྤ་བཀོང་ཞིང་ཞུམ་པར་གྱུར་པ་སེམས ་རྩ་གསོ་ཞིང་གཟེངས་བསྟོད་པའི་ཕྱིར་གཟུགས་བཟང་པོ་ལ་དམིགས་པ་འམ། མི་སྡུག་པ་སྒོམ་བསྒོམ་པ་ལས་གཟུགས་བཟང་པོ་ལ་མོས་ཤིང་བལྟས་ན་ཁ་དོག་ལ་སོགས་པ་ལ་ཆགས་ཤིང་སེམས་གཞན་དུ་འགྱུར་རམ་མི་འགྱུར་སད་པའི་ཕྱིར་ཁ ་དོག་བཟང་པོ་ལ་སོགས་པ་ལ་ལྟ་ཞིང་བསམ་གཏན་བསྒོམ་པའོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་སྔ་མ་བཞིན་ནོ། །འདུ་ཤེས་དང་ཆོན་བ་འགོག་པའོ་ཞེས་བྱ་བ་ནི་འགོག་པའི་སྙོམས་པར ་འཇུག་པ་ལ་བྱ་སྟེ། འཕགས་པ་ཉན་ཐོས་ཕྱིར་མི་འོང་བ་དང། དགྲ་བཅོམ་པ་རྣམས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པར་བྱ་བའི་ཕྱིར་འདུ་ཤེས་དང་ཚོང་བ་ལ་སོགས་པ་རྣམ་པར་རྟོག་པ་རྣམས་མི་འབྱུང་བར ་བཀག་སྟེ། ལུས་དང་སེམས་མཉམ་པར་འཇོག་པ་ལ་བྱ་སྟེ། དེ་ལྟར་རྣམ་པར་ཐར་པ་དང་པོ་གསུམ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་དང། བརྒྱད་པོ་འདི་རྣམས་བསྒོམས་ན་མྱ་ངན་ལས་འདས་པ ་རྣམ་པར་ཐར་པའི་རང་བཞིན་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་པོ་དེ་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དམིགས་པ་དང་བཅས་པར་བསྒོམ། བྱང་ཆུབ་སེམས་དཔའ་དེ་དག་མི་དམིགས་པའི་ཚུལ་གྱིས ་བསྒོམ་ན་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་རྒྱུར་འགྱུར་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་ཉེ་བར་བསྒྲུབས་ཤིང་གནས་ཞེས་བྱ་བ་ནི་རྫོགས་པར་བྱས་ཤིང་སྒོམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ ་ན་ཞེས་བྱ་བ་ནས། དེ་དེ་དག་གི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ་ཞེས་བྱ་བའི་བར་དུ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་སྦྱང་བའི་ཕྱིར་བསམ ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་དགུ་ལ་མཐར་གྱིས་གནས་ཤིང་རིམ་གྱིས་བསྒོམ་པ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་སྟེ། དེ ་དག་གི་མཚན་ཉིད་དང་ཐེག་པ་ཆེན་པོའི་དོན་ནི་སྔ་མ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི ་སྟོབས་བཅུ་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། གནས་དང་གནས་མ་ཡིན་པ་ལ་ཡང་གནས་དང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ལས་དགེ་བ་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་བདེ་བ་མྱོང་བར་འགྱུར་བ ་ནི་གནས་ཡིན་ནོ། །ལས་དགེ་བ་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བ་ནི་གནས་མ་ཡིན་ནོ། །ལས་མི་དགེ་བ་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བ་ནི་གནས་ཡིན་ནོ། །ལས་མི་དགེ་བ་སྤྱད ་པའི་འབྲས་བུ་རྣམ་པར་སྨིན་པ་བདེ་བ་མྱོང་བར་འགྱུར་བ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལས་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་མཐུན་ཞིང་རིགས་པ་དང་མི་མཐུན་ཞིང་མི་རིགས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པས ་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་གནས་པ་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བྱའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ལས་དང། ལས་ཡོངས་སུ་ལེན་པའི་རྣམ་པར་སྨིན་པ་གནས་ཀྱི་རྣམ་པ་དང། རྒྱུའི་རྣམ་པར་ཡང་དག ་པ་ཇི་ལྟ་བ་བཞན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང། ཡིད་ཀྱི་སྒོ་ནས་ལས་ལེགས་ཉེས་སྔོན་ཅི་བྱས་པ་དང། ད་ལྟར་ཅི་བྱེད་པ་དང། ཕྱིས་ཅི་བྱེད་པར་འགྱུར་བ་རྣམས་ཀྱང་མཁྱེན་ཅིང་ལས་དེ་དག་གི་རྣམ་པར་སྨིན ་བཅིར་འགྱུར་བ་ཡང་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཞེས་བྱ་སྟེ། ལས་ཡོངས་སུ་ལེན་པ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ན་བདེ་ལ། ཕྱིས་སྡུག་བསྔལ་ཉམས་མྱོང་བར་འགྱུར་བ་ལེན་པ་འམ། དེ་ལྟར་གྱི་དུས་ནི་མི་བདེ་ལ ་ཕྱིས?་བདེ་བ་མྱོང་བར་འགྱུར་བ་ལེན་པ་ལ་སོགས་པ་མཁྱེན་པའོ། །གནས་ཀྱི་རྣམ་པ་དང་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ལས་ས་ཕྱོགས་དང། ཡུལ་གང་དུ་བྱས་པ་དང། ས་ཕྱོགས་དང་ཡུལ་གང་དུ་རྣམ་པར་སྨིན་པར་འགྱུར་བ་ལ་གནས་ཀྱི་རྣམ་པ ་ཞེས་བྱའོ། །རྒྱུའི་རྣམ་པ་ཞེས་བྱ་བ་ནི་ལས་བྱེད་པའི་རྒྱུ་དགེ་པའི་རྩ་བ་དང་ལྡན་པའི་སེམས་སམ། མི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ལ་རྒྱུའི་རྣམ་པ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་ཅན་ཏེ། འཇིག་རྟེན་གྱི་ཁམས་དུ་མ་པའོ་ཞེས་བྱ་བར ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་བྱ་བ་ནི་འཇིག་རྟེན་མི་རྟག་པ་ལ་གནས་ཤིང་བརྟེན་པའི་ཕྱིར་སེམས་ཅན་ལ་འཇིག་རྟེན་ཞེས་བྱའོ། །ཁམས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་བསམ་པ་འམ་རང་བཞིན་ལ་བྱ་སྟེ། སེམས་ཅན་རྣམས་ཀྱི ་བསམ་པ་འམ། རང་བཞིན་རྣམ་པ་མང་པོ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པས་མི་མཁྱེན་པ་རྣམས་དེ་བཞིན་གཤེགས་པས་སོ་སོའི་བསམ་པ་དང། བག་ལ་ཉལ་བ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར ་མཁྱེན་ནས། དེ་དང་མཐུན་པར་ཆོས་སྟོན་པ་མཛད་པ་ལ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་མོས་པ་སྣ་ཚོགས་དང། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན ་རྣམས་ཀྱི་དད་པ་དང་མོས་པ་རབ་དང། འབྲིང་དང། ཐ་མ་ཐ་དད་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དེ་དང་མཐུན་པར་ཆོས་སྟོན་པ་མཛད་པ་ལ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །སེམས་ཅན་གཞན་དང་གང་ཟག་གི་དབང་པོ་ ་རབ་དང། ཐ་མ་ཤེས་པར་བྱ་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དབང་པོ་རྣོ་རྟུལ་རབ་འབྲིང་གསུམ་དང། དད་པ་ལ་སོགས་པ་དབང་པོ་ལྔ་རྣམས་ཀྱི་ཤས་ཆེ་ཆུང་ཕྱིན་ཅི་མ་ལོག་པར ་མཁྱེན་ནས་དེ་དང་རྗེས་སུ་མཐུན་པར་ཆོས་སྟོན་པ་མཛད་པ་ནི་དབང་པོ་རབ་དང་ཐ་མ་མཁྱེན་པའི་སྟོབས་ཞེས་བྱའོ། །ཀུན་ཏུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་ཡང་དག་པར་ངེས་པ་དང། ལོག ་པར་ངེས་པ་དང། མ་ངེས་པ་དང་ལྡན་པ། ལས་སོ་སོའི་རིགས་དང་མཐུན་པར་ལམ་ལ་འཇུག་ཅིང་འབྲས་བུ་ཐོབ་པར་འགྱུར་བ་ལ་ཀུན་ཏུ་འགྲོ་བའི་ལམ་ཞེས་བྱ་སྟེ། དེ་ལ་ཡང་དག་པར་ངེས་པ་ནི་འཕགས་པའི་ལམ་ལ་འཇུག་པའི་རིགས་དང ་ལྡན་པའོ། །ལོག་པར་ངེས་པ་ནི་འཇིག་རྟེན་པའི་ལྟ་བ་ལ་འཇུག་པའི་རིགས་དང་ལྡན་པའོ། །མ་ངེས་པ་ནི་གཅིག་ཏུ་ཆད་པ་མེད་དེ། གང་ཡང་དྲང་དུ་རུང་བ་སྟེ། དེ་ལྟ་བུའི་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས ་ཞེས་བྱའོ། །དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང། བསམ་གཏན་དང། རྣམ་པར་ཐར་བ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། རྣམ་པར་དགོང་པ་དང། ཡང་དག ་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་དང་པ་ལ་སོགས་པའི་དབང་པོ་ལྔ་དང། སྟོབས་ལྔ་དང། དྲན་པ་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་དང། བསམ་གཏན་དང་པོ་ལ་སོགས་པ་བསམ་གཏན་བཞི་དང། ་གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་ལ་སོགས་པ་རྣམ་པར་ཐར་པ་བརྒྱད་དང། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གསུམ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམས་ཀྱི་མཚན་ཉིད་དང། ཡོན་ཏན་ཤེས་པ་དང། དེ་དག་གི་ཉོན་མོངས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་བསམ་གཏན་ལ་སོགས་པ་བསྒོམས་པའི་འབྲས་བུ་འཁོར་བའི་ལོངས་སྤྱོད་ཐོབ་པར ་བསྒོ་བ་དང། བསམ་གཏན་ལ་སོགས་པའི་རོ་ལ་ཆགས་པ་དང། དམིགས་བ་ཅན་དུ་ལྟ་བ་ལ་སོགས་པའི་སྐྱོན་ཤེས་པ་དང། བསམ་གཏན་ལ་སོགས་པའི་རྣམ་པར་བྱང་བ་ལྷག་མཐོང་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྒོམ་པ་དང། ་མངོན་པར་ཤེས་པ་མངོན་པར་བསྒྲུབ་པ་དང། མི་དམིགས་པ་ཡིད་ལ་བྱེད་པ་རྣམས་ཀྱི་ཡོན་ཏན་རྣམས་སོ་སོར་བྱེ་བྲག་ཏུ་འབྱེད་ཅིང་རྣམ་པར་དགོད་པ་རྣམས་ཕྱིན་ཅི་མ་ལོག་པར་མཁྱེན་པ་ལ་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང ་སྙོམས་པར་འཇུག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་རྣམ་པར་དགོད་པ་མཁྱེན་པའི་སྟོབས་ཞེས་བྱའོ། །དེ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནས་གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ ་ཞེས་བྱ་བའི་བར་དུ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་བསྟན་པ་སྟེ་རང་ལོག་ཏུ་ཟད་དོ། །ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཚེ་འཕོ་དང་སྐྱེ་བ་དག་ཀྱང་མཐོང་ངོ་ཞེས་བྱ་བ་ནས། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས་བདེ ་འགྲོ་མཐོ་རིས་ཀྱི་ལྷའི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་ཤེས་ཞེས་བྱ་བའི་བར་དུ་ནི་ཚེ་འཕོ་པ་དང་སྐྱེ་བ་མཁྱེན་པའི་སྟོབས་བསྟན་པ་སྟེ། རང་ལོག་ཏུ་ཟད་དོ། །ཟག་པ་རྣམས་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་པ་ཟག ་པ་མེད་པ་རང་གི་མངོན་བར་ཤེས་པས་མངོན་སུམ་དུ་བྱ་སྟེ། ཉེ་བར་བསྒྲུབས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཟག་པ་ཟད་བ་མཁྱེན་པའི་སྟོབས་བསྟན་པ་སྟེ། ཟག་བཟང་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར ་གྲོལ་བ་ཟག་པ་མེད་པ་རང་གིས་མངོན་པར་ཤེས་པས་མངོན་དུ་བྱ་སྟེ། ཉེ་བར་བསྒྲུབས་ཤིང་རྣམ་པར་སྤྱོད་དོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་མེད་པ་རྣམས་སྤངས་པས་སེམས་དང་ཤེས་རབ་རྣམ་པར་གྲོལ ་པའི་མཚན་ཉིད་ཟག་པ་མེད་པ་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་བྱས་ནས་གནས་སོ་ཞེས་བྱ་བའི་དོན་ཏོ། །བདག་གི་སྐྱེ་བོ་ནི་ཟད་དོ་ཞེས་བྱ་བ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཐོབ་པའི་རྗེས་ལས་བྱུང་པའི་ཡེ་ཤེས་ཀྱིས ་ཕྱིན་ཆད་འཁོར་བར་མི་སྐྱེ་བར་ཤེས་པའོ། །བདག་གིས་ཚངས་པར་སྤྱོད་པ་ནི་སྤྱད་དོ་ཞེས་བྱ་བ་ནི་ཚངས་བ་ཞེས་བྱ་བ་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་མཐར་ཕྱིན་པར་བསྲུངས་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། ། ་བྱ་བ་བྱས་སོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་སོགས་པ་དོན་དུ་སྒྲུབ་པ་རྣམས་བསྒྲུབས་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་འདི་ལྟ་བུ་གཞན་ནི་མེད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་ཕུང་པོ་འདི་ལྟ་བུ་ཕྱིས ་ལེན་པར་མི་འགྱུར་རོ་ཞེས་བྱ་བ་རྗེས་ལས་བྱུང་བའི་ཡེ་ཤེས་ཀྱིས་མཁྱེན་པ་ལ་བྱ་སྟེ། མཁྱེན་པ་འདི་རྣམས་ལ་སྟོབས་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པ་དང། བདུད ་ཀྱི་སྟོབས་ཐམས་ཅད་རབ་ཏུ་ཟིལ་གྱིས་གཞོན་པ་དང། བདུད་དང་?་རྒོལ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཀྱི་?་གྱིས་མི་ནོན་པའི་ཕྱིར་སྟོབས་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེཾས་དཔའ་སེཾས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི ་འདི་ལྟར་མི་འཇིགས་པ་བཞི་སྟེ་ཞེས་བྱ་བར་སོཌ་བ་ནི་མི་དམིགས་པར་ནི་ཐོག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་?་ཞེས་དམ་བཅས་ན་ཞེས་བྱ་བ་ནས། ཆོས་དང་ལྡན་པར་སུས་ཀྱང་བསྐོར་བར་མི་ནུས་པ ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བའི་བར་དུ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ལ་མི་འཇིགས་པ་བསྟན་པ་སྟེ། དེ་བཞིན་གཤེགས་པས་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ། དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་འཇིག་རྟེན་ན་ཤེས་རབ་རྣོ་ཞིང་མཐུ་དང་རྫུ་འཕྲུལ་དུ་ལྡན་པ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་རོལ་པ་འབྱུང་བར་དགོས་པ་མི་འབྱུང་ཞིང ་བསྙེངས་པ་མི་མངའ་བ་ལ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ཞེས་བྱའོ། །དམ་བཅས་ན་ཞེས་བྱ་བ་ནི་དེ་ལྟར་མངོན་པར་སངས་རྒྱས་པར་གྱུར་པ་ལ་བདག་སངས་རྒྱས་ཡིན་ནོ་ཞེས་ཞལ་གྱིས་འཆེས་པ་ལ་བྱའོ། །ཆོས་དང་ལྡན ་པར་རྒོལ་བ་ཞེས་བྱ་བ་ནི་དགེ་སྤྱོང་དང་བྲམ་ཟེ་ལ་སོགས་པ་སོ་སོའི་ཆོས་དང་གཞུང་ལུགས་གང་ཡིན་པ་ལ་བརྟེན་ནས་ཆོས་དེ་དང་ལྡན་པར་རྒོལ་བའོ། །རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི་དགེ་སྤྱོད་དང་བྲམ་ཟེ་ལ་སོགས་པས་བརྒལ ་བའི་དམིགས་སམ། སྐྱོན་ནམ་འགལ་བའི་རྒྱུ་འམ་མཚན་མ་ཙམ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བདག་བདེ་བ་ཐོབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་མི་དམིགས་པའི་ཡོན་ཏན་བསྟན་པ་སྟེ། བདེ་བ་ཐོབ་པ་ནི་སྐུའི་ཕྲིན་ལས་རྣམ་པར་དག་བའི ་ཕྱིར། སྐུ་བག་འཁུམས་པ་ལ་སོགས་པ་མི་མངའ་བའི་བདེ་བ་དང་ལྡན་པའོ། །བག་ཚ་བ་མེད་པ་འཐོབ་པ་དང་ཞེས་བྱ་བ་ནི་གསུང་གི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་ཚིག་གི་སྐྱོན་འགྱུར་བར་བག་ཚ་བ་མེད་པའོ། །མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད ་ཞེས་བྱ་བ་ནི་ཐུགས་ཀྱི་ཕྲིན་ལས་རྣམ་པར་དག་པའི་ཕྱིར་ཐུགས་ཞུམ?་པ་ལ་སོགས་པའི་སྐྱོན་མེད་པ་བསྟན་པའོ། །བྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའ་འོ། ཞེས་བྱ་བ་ནི་བདེ་བ་ཐོབ་པའི་འབྲས་བུ་བསྟན་པ་སྟེ། ཇི་ལྟར་གླང་ཁྱུ་མཆོག་ལྕེ་འབབ་པ ་དང། སེར་བ་ལ་སོགས་པས་མི་འཇིགས་པ་བཞིན་བདེ་བ་ཐོབ་པས་སྙེམས་པ་དང་བཅས་པར་བསྟན་པའོ། །འཁོར་གྱི་ནང་ན་སེང་གེ་སྒྲང་སྒྲོག་གོ་ཞེས་བྱ་བ་ནི་བག་ཚ་བ་མེད་པ་ཐོབ་པའི་འབྲས་བུ་བསྟན་པ་སྟེ། གསུང་ལ་སྐྱོན་མི་མངའ་ ་པས་ཇི་ལྟར་གཅན་གཟན་གྱི་རྒྱལ་པོ་སེང་གེའི་སྒྲ་ཐོས་པ་ཙམ་གྱིས་གཅན་གཟན་དང། རི་དགས་ཐམས་ཅད་སྤ་ཀོང་ཞིང་ཟིལ་གྱིས་ནོན་པ་བཞིན་དུ། བཅོམ་ལྡན་འདས་ཀི་གསུང་ཐོས་པ་ཙམ་གྱིས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཕས་རྒོལ་བ ་ཐམས་ཅད་སྦ་ཀོང་ཞིང་ཟིལ་གྱིས་གནོན་པའི་སྒྲ་སྒྲོག་གོ་ཞེས་བྱ་བའི་དོན་ཏོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྤྱོད་དམ། བྲམ་ཟེ་འམ་ལྔའམ་བདུད་དམ་ཚངས་པའམ་གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ ་དག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་ནི་མི་འཇིགས་པ་ཐོབ་པའི་འབྲས་བུ་བསྟན་པ་སྟེ། ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སུས་ཀྱང་བསྐོར་མི་ནུས་པ་བསྐོར་རོ་ཞེས་བྱ་བའི་དོན་ཏོ། །བདག་ཟག་པ་ཟད ་དོ་ཞེས་དམ་བཅའ་ན་ཞེས་བྱ་བ་ནས། ཚངས་པའི་འཁོར་ལོ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བའི་བར་དུ་ནི་ཟག་པ་ཟད་པ་ལ་མི་འཇིགས་པ་བསྟན་པ་སྟེ། དེ་བཞིན་གཤེགས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཟག་པ་རྣམས་བག ་ཆགས་ཡན་ཆད་མ་ལུས་པར་སྤངས་ཏེ། ཟག་པར་བྱས་པ་ལ་དགེ་སྤྱོད་དང་བྲམ་ཟེ་ལ་སོགས་པས་ཟག་པ་རྣམས་ཟད་པར་མ་གྱུར་ཏོ་ཞེས་རྒོལ་དུ་དོགས་པ་མི་འབྱུང་ཞིང་བསྙེངས་པ་མི་མངའ་བ་སྟེ། རྒྱུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ལ་སོཌ ་པའི་ཚིག་གི་དོན་གཞན་ནི་སྔ་མ་བཞིན་ནོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་བརྟེན་ན། བར་ཆད་ཀྱི་ཆོས་སུ་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ་ཞེས་བྱ་བ་ནས། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བར་བྱའོ་ཞེས་སུ ་བྱ་བའི་བར་དུ་ནི་བར་དུ་གཅོད་བའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་མི་འཇིགས་པ་བསྟན་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་མྱ་ངན་ལས་འདའ་བའ་ཨི་བར་དུ་གཅོད་པར་འགྱུར་རོ་ཞེས་བཤད་པ་ལ། དགེ་སྤྱོད་དང་བྲམ་ཟེ་ལ ་སོགས་པ་ཕས་རྒོལ་བ་རྣམས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཆོས་ལ་བརྟེན་ཀྱང་པར་དུ་གཅོད་པར་མི་འགྱུར་རོ་ཞེས་རྒོལ་བ་དོགས་པ་མི་འབྱུང་ཞང་བསྙེངས་པ་མི་མངའ་བ་བསྟན་པ་སྟེ། ཚིག་གཞན་ནི་སྔ་མ་བཞིན་ནོ། །གང་ཡང་བདག་གིས ་འཕགས་པའི་ལམ་འབྱུང་བ་རྟོགས་པར་འགྱུར་བ་ཞེས་བྱ་བ་ནས། རབ་འབྱོར་འདི་ཡང་དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞེས་བྱ་བའི་བར་དུ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར ་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པ་བསྟན་པ་སྟེ། དེ་བཞིན་གཤེགས་པས་འཕགས་པའི་ལམ་རྣམས་བསྟན་པ་དེ་དག་ལ་ནན་ཏན་བྱས་ན། སྡུག་བསྔལ་ཟད་པར་གྱུར་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ལ། ་དགྲ་སྤྱོད་ངམ?་བྲམ་ཟེ་ལ་སོགས་པ་ཕས་རྒོལ་བ་རྣམས་འཕགས་པའི་ལམ་དེ་ལ་ནན་ཏན་བྱས་ཀྱང་སྡུག་བསྔལ་ཟད་ཅིང་མྱ་ངན་ལས་འདའ་བ་ཐོབ་པར་མི་འགྱུར་རོ་ཞེས་རྒོལ་པར་དོགས་པ་མི་འབྱུང་ཞིང་བསྙེངས་པ་མི་མངའ་བ་བསྟན་པ་སྟེ། འཕགས ་པའི་ལམ་འབྱུང་བ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་འཁོར་བ་ལས་ཐར་ཞིང་མྱ་ངན་ལས་འདའ་པར་འབྱུང་བར་འགྱུར་པའི་ཕྱིར་འབྱུང་བ་ཞེས་བྱའོ། །རྟོག་པར། འགྱུར་བ་ཞེས་བྱ་བ་ནི་འཕགས་པའི་ལམ་དེ་བསྒོམས་ན་ཆོས་ཀྱི ་དབྱིངས་རྟགས་པར་འགྱུར་བའི་ཕྱིར་རོ། །དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་པ་ཞེས་བྱ་བའི་འཕགས་པའི་ལམ་དེ་བསྒོམས་ན། ལམ་བསྒོམ་པར་བྱེད་པའི་མིའི་སྡུག་བསྔལ་ཡང་དག་པར་ཐད?་པར་འབྱུང་བའི་ཕྱིར་ཚིག་གཞན་ནི་སྔ་མ ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐེག་པ་ཆེན་པོ་ཡིན་པར ་བསྟན་པ་སྟེ། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྟན་པར་བྱ་བའི་དོན་བྱང་ཆུབ་སེམས་དཔའ་ཨི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཨི་?་ཉིད ་ཐོབ་པར་བྱ་བའི་དོན་རྣམ་པ་སྣ་ཚོགས་རྣམས་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ལུང་གི་ཆོས་སུ་གཏོགས་པ་དེ་བཞིན་གཤེགས་པའི་གསུང་རབ་མདོའི་སྔ་དང། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས ་པ་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ལྷ་དང་མི་དང། ལྷ་མ་ཡིན་དང། གནོད་སྦྱིན་དང། དྲི་ཟ?་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་སྐད་རྣམ་པ་སྣ་ཚོགས་རྣམས་ཕྱིན་ཅི་མ་ལོག ་པར་མཁྱེན་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ངེས་པའི་ཚིག་སྣ་ཚོགས་མཁྱེན་པ་དེ་ཉིད་ཀྱིས་སེམས་ཅན་རྣམས་སོ་སོའི་བསམ་པ་དང། བག་ལ་ཉལ་བ་དང། མཐུན་པར་སྐད་སྣ་ཚོགས་ཀྱིས་ཚིག་དང་དོན་དུ་ལྡན་པར་ཆོས ་སྟོན་པ་ལ་ཐོགས་པ་མེད་ཅིང་སྤོབས་པ་རྒྱུན་མི་ཆད་ལ། ཤེས་རབ་གསལ་བ་གཞན་གྱིས་ཟིལ་གྱིས་མི་ནོན་པ་མཁྱེན་པ་ལ། སྔོ་བས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི ་ཐེག་པ་ཆེན་པོ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐེག་པ་ཆེན་པོ་ཡིན་པར་བསྟན་པ་སྟེ། གང་གི་ནམ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་བ་དང། གང་གི་ནམ་ལ་ལྷ་དང་བཅས་པའི་འཇིག་རྟེན་བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང། རང་གི་སྦྱོད་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི ་སྡུག་བསྔལ་ཟད་ཕར་འགྱུར་བའི་ལམ་གྱིས་རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ལི་བར་དུ་དེ་བཞིན་གཤེགས་པའོ། འཁྲུལ་པ་མི་མངའ་ཨོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ ་ལྡན་འདས་དང་པོ་མངོན་པར་སངས་རྒྱས་ནས་མཛའ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་ལ་སོགས་པ་བསྟན་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་ཨོ་ཞེས་བྱ་བ་ནི་སྐུ་དང ་གསུང་དང་ཐུགས་ཀྱི་ཕྲིན་ལས་མཛད་པ་ལ་འཁྲུལ་པ་མི་མངའ་སྟེ། ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་སྔོན་གྱི་བག་ཆགས་མ་བྱེད་པའི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་འཁྲུལ་པ་དང་མི་མཛེས་པ་འབྱུང་བ་དེ་ལྟ་བུ་མི ་འབྱུང་པ་ལ་འཁྲུལ་པ་མི་མངའ་བ་ཞེས་བྱའོ། །ཅ་ཅོ་མི་མངའ་ཨོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ནགས་དགོན་པ་ན་ལམ་སྟོར་ནས་སྔོན་གྱི་བག་ཆགས་ཀྱི་དབང་གིས་ཀུ་ཅོའི་སྐྲ་ཆེན་པོ་འབྱིན་ཅིང་གཅིག་ལ་གཅིག་འབོང ་པ་དེ་ལྟ་བུའི་ཅ་ཅོ་དེ་བཞིན་གཤེགས་པ་ལ་མི་མངའ་བའོ། །དགོངས་པ་ཉམས་བ་མི་མངའ་ཨོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་བ་ཉན་ཐོས་དགྲ་བཅོམ་པ་རྣམས་ཆེད་དུ་མ་དགོངས་པ་བསྙེལ་ཅིང་དོན་བསྒྲུབ་པ་རྣམས་ལུས་ཏེ། མ་བྱས་པ་དང་དུས་ལས་ཡོས?་བ ་ལ་སོགས་པ་འབྱུང་བ་དེ་ལྟ་བུའི་བསྙེལ་བ་དེ་བཞིན་གཤེགས་པ་ལ་མི་མངའ་ཨོ། །འདུ་ཤེས་སྣ་ཚོགས་མི་མངའ་ཨོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་འཁོད་བ་དང་མྱ་ངན་ལས་འདས་པ་གཉིས་ཐ་དད་པར་ལྟ་བ་དང། ཉོན་མོངས་པ ་དང་རྣམ་པར་བྱང་བའི་ཆོས་ལ་སོགས་པ་ལ་ཐ་དད་དུ་ལྟ་ཞིང་འདུ་ཤེས་སྣ་ཚོགས་འབྱུང་བ་དེ་ལྟ་བུ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་མཉམ་པ་ཉིད་དང། ཆོས ་མཉམ་པ་ཉིད་ཐུགས་སུ་ཆུད་པས་སེམས་ཅན་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་དང་མི་ལྡན་པ་འམ། གནོད་པར་བྱེད་པ་འམ། ཕན་འདོགས་པ་ལ་སོགས་པ་ལ་འདུ་ཤེས་སྣ་ཚོགས་མི་འབྱུང་བ་དང། འཁོར་བ་དང་མྱ་ངན་ལས ་འདས་པ་འམ། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ལ་སོགས་པ་ལ་ཐ་དད་དུ་གཟིགས་པ་མི་འབྱུང་པའི་ཕྱིར་འདུ་ཤེས་སྣ་ཚོགས་མི་མངའ་ཞེས་བྱའོ། །ཐུགས་མཉམ་པར་མ་བཞག་པར་མི་མངའ་ཨོ་ཞེས་བྱ་བ་ནི་ཇི་ལྟར་དགྲ ་བཅོམ་པ་དག་ནམ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ཉིད་ཀྱི་ཚེ་སེམས་མཉམ་པར་བཞག་པར་འགྱུར་གྱི་སྙོམས་པར་མ་ཞུགས་པའི་ཚེ་སེམས་མཉམ་པར་བཞག་པར་མི་འགྱུར་པ་དེ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི ་སྙོམས་པར་ཞུགས་ཀྱང་རུང་མ་ཞུགས་ཀྱང་རུང། དུས་ཐམས་ཅད་དུ་མཉམ་པར་བཞག་པ་ཉིད་ཡིན་པའི་ཕྱིར་ཐུགས་མཉམ་པར་མ་བཞག་པ་མི་མངའ་ཞེས་བྱའོ། །མ་བརྟགས་པའི་བཏང་སྙོམས་མི་མངའ་ཨོ་ཞེས་བྱ་བ་ནི་ཇི་ལྟར་འཕགས ་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ཤེས་རབ་ཀྱིས་སོ་སོར་མི་བརྟགས་པར་སེམས་ཅན་གྱི་དོན་ཡལ?་བར་འདུང་?་དེ་ལྟ་བུའི་ཡིན་གྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་དོན་མཛད་པ་ལ། སེམས་ཅན་སྐལ་པ་ཡོད་པ་དང། སྐལ་པ་མེད་པ་དང། ་དུས་ལ་འབབ་པ་དང། དུས་ལ་མི་འབབ་པ་སོ་སོར་བརྟགས་ནས་སྐལ་པ་མེད་ཅིང་དུས་ལ་མི་འབབ་ན། །?་གདོང?་བཏང་སྙོམས་མཛད་ཅིང་ཡལ་བར་འདོད་གྱི་སྐལ་པ་ཡོད་ཅིང་དུས་ལ་བབ་ན་བཏང་སྙོམས་སུ་མི་འཇོག་པ་ལ་མ་བརྟགས ་པའི་བཏང་སྙོམས་མི་མངའ་ཞེས་བྱའོ། །མོས་པ་ཡོངས་སུ་ཉམས་པ་མི་མངའ་ཨོ་ཞེས་བྱ་བ་ནི་ཇི་ལྟར་འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་རང་གིས་ཐོབ་པ་ལས་གོང་དུ་སངས་རྒྱས་ཀྱིས་དང་སངས་རྒྱས་ཀྱི་མཛད་པ་རྒྱ་ཆེན་པོ་ལ་མོས་པ་མི་སྐྱེ་བ་ལྟ ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་རྣམས་ནི་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལ་སོགས་པ་ལ་མོས་ཤིང་འདུན་པ་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བ་ལ་མོས་པ་ཡོངས་སུ་ཉམས་པ་མི་མངའ་འོ་ཞེས ་བྱའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའ་ཨོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སེམས་ཅན་གྱི་དོན་དུ་སྐུ་དང། གསུང་དང། ཐུགས་ཀྱི་ཕྲིན་ལས་མཛད་པ་ལ་བསྙེལ་བ་མི་མངའ་སྟེ། སེམས་ཅན་གཅིག་གི་དོན་དུ་ཡང་བསྐལ་བ་དུ་མར་བརྩོན ་འགྲུས་མི་གསོད?་པ་ལ། བརྩོན་འགྲུས་ཉམས་པ་མི་མངའ་ཞེས་བྱའོ། །དགོངས་པ་ཡོངས་སུ་ཉམས་པ་མི་མངའ་ཨོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དྲན་པའི་དབང་པོ་ཡོངས་སུ་དག་པའི་མཐུས་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་པའི་སེམས་ཅན ་རྣམས་ཀྱི་སྤྱོད་པ་དང། བསམ་པ་དང། བག་ལ་ཉལ་བ་ལ་སོགས་པ་གསལ་བར་དགོངས་ཤིང་དེ་དག་དང་མཐུན་པར་དོན་མཛད་པའི་ཐབས་རྣམ་བ་སྣ་ཚོཌ་ལ་བསྙེལ་བ་མི་མངའ་བ་ལ་དགོངས་པ་ཡོངས་སུ་ཉམས་པ་མི་མངའ་བ་ཞེས་བྱའོ། །ཏིང་ངེ་འཛིན ་ཡོངས་སུ་ཉམས་པ་མི་མངའ་འོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བཞག་པ་སྟེ་སྙོམས་པར་ཞུགས་ཀྱང་རུང་དེ་བཞིན་ཉིད་ལ་སེམས་རྩེ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་ལས་ཉམས་པར་མི་འགྱུར་བ་ལ་ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི ་མངའ་བ་ཞེས་བྱའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་དབང་པོ་ཡོངས་སུ་དག་པས་སེམས་ཅན་གྱི་སྤྱོད་པ་མཁྱེན་པ་མི་ཟད་པ་དང། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ལ་སོགས་པ་དང ་ལྡན་པ་ལ། ཤེས་རབ་ཡོངས་སུ་ཉམས་པ་མི་མངའ་བ་ཞེས་བྱའོ། །རྣམ་པར་གྲོལ་པ་ཡོངས་སུ་ཉམས་པ་མི་མངའ་ཨོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ། ་ཙམ་དུ་ཟད་ཀྱི། དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་བག་ཆགས་ཡན་ཆད་བྱང་སྟེ། སྒྲིབ་པ་ཅུང་ཟད་ཀྱང་མི་མངའ་ཞིང་རྣམ་པ་ཐམས་ཅད་དུ་རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་པ་ཡོངས་སུ་ཉམས་པ་མི་མངའ་ ་ཞེས་བྱའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མི་མངའ་ཨོ་ཞེས་བྱ་བ་ནི་དེ་ལྟར་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའི་ཚེ་རྣམ་པར་མི་རྟོག་པའི་རྗེས ་ལས་བྱུང་བ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་པར་མཁྱེན་ཅིང་གཟིགས་པ་ལྷུན་གྱིས་གྲུབ་པར་འབྱུང་ཞིང་སྒྲིབ་པ་མེད་པ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས ་པ་མི་མངའ་ཨོ་ཞེས་བྱའོ། །རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་གཉིས་རྣམ་པར་གྲོལ་བའི་རང་བཞིན་དུ་ཐ་མི་དད་པའི་ཕྱིར་གཅིག་ཏུ་བགྲང་ངོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ ་འབྲང་ངོ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་དགྲ་བཅོམ་པ་དག་སྔོན་གྱི་བག་ཆགས་མ་བྱང་བའི་དབང་གིས་སེམས་དང་མི་ལྡན་པར་མ་ཚོར་བཞིན་དུ་བྱ་བ་དང་ཁྱེད་པ་དེ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྐུའོ་ཕྲིན་ལས་ཐམས་ཅད་ལ ་ཡེངས་པ་དང་མཚོར་བར་མཛད་པ་མི་འབྱུང་གི་།མཁྱེན་བཞིན་དུ་མཛད་པ་ལ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ཞེས་བྱ་སྟེ། དེ་ལ་ཡེ་ཤེས་སྔོན་དུ་འགྲོ་ཞེས་བྱ་བ་ནི་མཁྱེན་པ་སྔར་བཏང་པའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཡེ ་ཤེས་ཀྱི་རྗེས་སུ་འབྲང་ཞེས་བྱ་བ་ནི་མཁྱེན་པ་དང་མ་བྲལ་ཏེ། མཁྱེན་བཞིན་དུ་མཛད་ཅེས་བྱ་བའི་དོན་ཏོ། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས ་ཀྱང་དོན་མེད་པར་མི་གསུང་ཞིང། སེམས་ཅན་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་བ་དང། རྗེས་སུ་མཐུན་པར་ཆོས་སྟོན་པ་དང། དོན་སྣ་ཚོགས་སྒྲུབ་པ་ཤ་སྟག་འབྱུང་ངོ། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱི་རྗེས་སུ ་འབྲང་ངོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྲིན་ལས་ཀྱང་སྒྲིབ་པའི་བག་ཆགས་ཐམས་ཅད་དང་བྲལ་བས་བྱམས་པ་ཆེན་པོ་དང། ཐུགས་རྗེ་ཆེན་པོའི་དང་དུ་གྱུར་པ་སེམས་ཅན་གྱི་དོན་དུ་སྒྲུབ་པ་འབའ་ཞིག་འབྱུང་ངོ། །ཡེ་ཤེས་སྔོན་དུ ་འགྲོ་བ་དང། ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་སྔ་མ་བཞིན་ནོ། །འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་དུས་གསུམ་ལ་སྒྲིབ་པ་མེད་པ་བསྟན་པ་སྟེ། ་འཕགས་པ་ཉན་ཐོས་དགྲ་བཅོམ་པ་དག་འདས་པའི་དུས་ཡུན་རིང་པོ་ན་སེམས་ཅན་དང། སེམས་ཅན་མ་ཡིན་པའི་དངོས་པོ་ཅིར་གྱུར་པ་རྣམས་མི་མཁྱེན་པ་དང། མ་འོངས་པའི་དུས་ཡུན་རིང་པོ་ན་ཅིར་འགྱུར་བ་རྣམས་མི་མཁྱེན་པ་དང། དེ་ལྟའི་དུས་ན ་ཡང་གང་ལ་དགོངས་ཤིང་དམིགས་པ་ཉིད་ཆེ་མཁྱེན་གྱི་ཆེད་དུ་མ་དགོངས་པ་རྣམས་ལ་ལྷུན་གྱིས་གྲུབ་པའི་མཁྱེན་པ་མི་འབྱུང་བ་ལྟ་བུ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་འདས་པ་དང། མ་འོངས་པའི་དུས་ཡུན་རིང་པོ་དང། ད་ལྟར་བྱུང་བའི ་དངོས་པོ་བརྟག་དཀའ་བ་དང། ཡུལ་ཐག་རིང་པོ་ན་གནས་པ་རྣམས་ལ་སྒྲིབ་པ་དང་ཐོགས་པ་མེད་པར་མཁྱེན་པ་གསལ་ཞིང་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བ་ལ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དུས་ལ་མ་ཐོགས་མ་ཆགས ་པའི་ཡེ་ཤེས་གཟིགས་པ་འཇུག་ཅེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་སྒོ་རྣམས་ཐེག་པ ་ཆེན་པོ་ཡིན་པར་བསྟན་པ་སྟེ། དེ་ལ་གཟུངས་ཞེས་བྱ་བ་ནི་ཡང་དག་པ་ཉིད་ཀྱི་དོན་དང། ཚིག་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་མི་བརྗེད་པར་འཛིན་པ་ལ་གཟུངས་ཞེས་བྱ་སྟེ། ཤེས་རབ་ཀྱིས་ཡང་དག་པའི་དོན་དང་ཚིག་ཕྱིན་ཅི་མ་ལོག་པར་རྟོགས ་ནས་དྲན་པས་གཟུངས་སུ་བཟུང་སྟེ་མ་བརྗེད་པར་བྱེད་པའི་ཕྱིར་དངོས་སུ་ན་ཤེས་རབ་དང་དྲན་པ་གཉིས་ལ་གཟུངས་ཞེས་བྱའོ། །ཤེས་རབ་དང་དྲན་པ་གཉིས་ཀྱིས་ཤེས་ཤིང་དྲན་པར་བྱ་བའི་དམིགས་པའི་ཡུལ་སྔགས་ཀྱི་ཚིག་། ར་པ་ཙ་ཞེས ་བྱ་བ་ལ་སོགས་པ་ལ་ཡབ་གཟུངས་ཞེས་བྱ་སྟེ། གཟུངས་དེ་དག་གིས་གཟུངས་འདིའི་དོན་སྟོན་པའི་གཞིའི་ཡི་གེ་ཨ་ལ་སོགས་པ་ལ་བརྟེན་ནས་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པའི་དོན་རྟོགས་པར་བྱེད་ཅིང། ཤེས་རབ་དང་དྲན་པ ་སྐྱེ་བར་བྱེད་པའི་སྒོ་ཡིན་པའི་ཕྱིར་ཡི་གེ་རྣམས་ལ་གཟུངས་ཀྱི་སྒོ་ཞེས་བྱའོ། །ཡི་གེ་མཉམ་པ་ཉིད་དང། བརྗོད་པ་མཉམ་པ་ཉིད་ཅེས་བྱ་བ་ནི་ཡི་གེ་ཨ་ལ་སོགས་པ་ལ་བརྟེན་ནས་མ་སྐྱེས་པ་ལ་སོགས་པའི་དོན་རྟོགས་པར་གྱུར་པའི་ཚེ་དོན་སྟོན ་པར་བྱེད་པའི་ཡི་གེ་དང། བརྗོད་ཅིང་བསྟན་པར་བྱ་བའི་ཆོས་རྣམས་མ་སྐྱེས་པ་ལ་སོགས་པར་རྟོགས་ཏེ། དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་ཅིང་མཉམ་པ་ཉིད་དུ་གྱུར་པ་ལ། ཡི་གེ་མཉམ་པ་ཉིད་དང་བརྗོད་པ་མཉམ་པ་ཉིད་ཅེས་བྱའོ། ། ་ཡི་གེའི་སྒོ་དང་ཡི་གེ་འཇུག་པ་སྟེ་ཞེས་བྱ་བ་ནི་ཡི་གེ་ཨ་ལ་སོགས་པའི་སྒོ་ནས་མ་སྐྱེས་པ་ལ་སོགས་པ་མཉམ་པ་ཉིད་ཀྱི་དོན་རྟོགས་པར་འགྱུར་ཏེ། དེ་ལྟ་བུའི་དོན་ལ་འཇུག་པའི་སྒོ་ཡི་གེ་རྣམས་ཡིན་པའི་ཕྱིར་ཡི་གེའི་སྒོ་དང་ཡི་གེ་ལ ་འཇུག་པ་ཞེས་བྱའོ། །དེ་བས་ན་དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། དེ་ལ་ཡི་གེའི་སྒོ་དང། ཡི་གེ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་སྐྱེས་པ་ལ་རྒྱ་གར་གྱི ་སྐད་དུ་ཨ་ནུ་ཏ་པ་ནན་ཞེས་བྱ་སྟེ། དེ་ལྟར་མ་སྐྱེས་པའི་དོན་ཡི་གེ་ཨའི་སྒོ་ནས་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཨ་ནི་ཆོས་ཐམས་ཅད་མ་སྐྱེས་པར་སྟོན་པའི་སྒོ་ཡིན་ནོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ ་ནི་རྡུལ་དང་བྲལ་བ་ལ་རྒྱ་གར་གྱི་སྐད་དུ་ར་ཙ་ཨ་པ་ག་ཏ་ཞེས་བྱ་སྟེ། ཡི་གེ་རའི?་སྒོ་ནས་ཆོས་ཐམས་ཅད་རྡུལ་དང་བྲལ་བར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེར་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བ་སྟོན་པའི་སྒོ་ཡིན་ནོ། །པ་ཞེས་བྱ་བའི་དོན་དམ་པ་སྟོན ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དོན་དམ་པ་ལ། རྒྱ་གར་སྐད་དུ་པར་མཱན?་ཞེས་བྱ་སྟེ། ཡི་གེ་པའི་སྒོ་ནས་དོན་དམ་པ་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་པ་ནི་དོན་དམ་པར་ཆོས་ཐམས་ཅད་རོ་གཅིག་པར་རྟོས་པར། བྱེད་པའི་སྒོ ་ཡིན་ནོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཚེ་འཕོ་པ་དང་སྐྱེ་བ་ལ་རྒྱ་གར་གྱི་སྐད་དུ་ཙཡ་བ་ནོ་པ་པ་ཏ་ཏི་ཞེས་བྱ་སྟེ། ཡི་གེ་ཅིའི་སྒོ་ནས་ཆོས ་ཐམས་ཅད་ཚེ་འཕོ་བ་དང་སྐྱེ་བ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཙ་ནི་ཆོས་ཐམས་ཅད་ཚེ་འཐོ་བ་དང། སྐྱེ་བ་མེད་པར་སྟོན་པའི་སྒོ་ཡིན་ནོ། །?་ཞེས་བྱ་བ་ནི་མིང་དང་བྲལ་ཞིང་མིང་གི་རང་བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ ་ཞེས་བྱ་བ་ནི་མིང་དང་བྲལ་བ་ལ་རྒྱ་གར་གྱི་སྐད་དུ་ནཱ་མ་ཨ་བ་ག་ཏ་ཞེས་བྱ་སྟེ། ཆོས་ཐམས་ཅད་མིང་དང་བྲལ་ཞིང་མིང་གི་རང་བཞིན་མེད་པར་ཡི་གེ་ནའི་སྒོ་ནས་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ན་ནི་དོན་དམ་པར་ཆོས་ཐམས་ཅད་མིང་དང་བྲལ ་བསྟོན་པའི་སྒོ་ཡིན་ནོ། །མིང་གི་རང་བཞིན་མ་ཐོབ་མ་སྟོར་ཅེས་བྱ་བ་ནི་མིང་དུ་གདགས་པར་བྱ་བའི་ཆོས་དང། མིང་ཉིད་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་སྟེ། མིང་དུ་གདགས་སུ་ཡང་མེད་པས་མ་ཐོབ་ཅེས་བྱའོ།། ་མིང་དོར་དུ་ཡང་མེད་པས་མ་སྟོར་ཅེས་བྱའོ། །དེ་ལྟར་སྔགས་ཀྱི་ཚིག་ཡི་གེ་འབྲུ་ལྔའོ། ། ར་པ་ཙ་ན་ཞེས་བྱ་བ་ཡི་གེ་འབྲུ་རེ་རེའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པར་རྟོགས་པར་འགྱུར་བའི་ཤེས་རབ་དང་དྲན་པའི ་གཟུངས་སྐྱེ་བར་འགྱུར་བའི་སྒྲོ་ཡིན་པར་བསྟན་ནས། དེ་བཞིན་དུ་གཟུངས་སྔགས་ཀྱི་ཚིག་གཞན་རྣམས་ཀྱང་ཡི་གེ་རེ་རེའི་སྒོ་ནས་ཆོས་ཐམས་ཅད་དོན་དམ་པར་དངོས་པོར་མེད་པར་སྟོན་པའི་སྒོ་ཡིན་པར་བསྟན་པའི་ཕྱིར། ལ་ཞེས་བྱ་བ་ནི་འཇིག ་རྟེན་ལས་འདས་ཤིང་སྲེད་པའི་འཁྲི་ཤིང་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལས་འདས་པ་ལ་རྒྱ་གར་གྱི་སྐད་དུ་ལོ་ཀོཏ་ཏིར་ན་ཞེས་བྱ་སྟེ། དོན་དམ་པའི་རང་བཞིན ་དེ་བཞིན་ཉིད་ནི་ཡོངས་སུ་དག་པ་ཡིན་པས་འཇིག་རྟེན་ལས་འདས་པ་ཡིན་པར་ཡི་གེ་ལའི་སྒོ་ནས་རྟོགས་པར་འགྱུར་བ་དང་སྲེད་པའི་ཁྲིའི་ཤིང་ཞེས་བྱ་བ་ལ་རྒྱ་གར་གྱི་སྐད་དུ་ཏྲིཥྞ་ལ་ཏ་ཞེས་བྱ་སྟེ། ཡི་གེ་ལའི་སྒོ་ནས་ཆོས་ཐམས་ཅད་དོན་དམ་པར་སྲེད ་པའི་འཆིང་བ་དང་བྲལ་བར་རྟོགས་པར་འགྱུར་པའི་ཕྱིར་ཡི་གེ་ལ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ད་ཞེས་བྱ་བ་ནི་དུལ་བ་དང་དུལ་བའི་གནས་སུ་ཡོངས་སུ་ངེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དུལ་བ་ས་རྒྱ་གར་གྱི་སྐད་དུ་དན་ཏ་ཞེས་བྱ ་སྟེ། མ་དུལ་བར་བྱེད་པའི་ཉོན་མོངས་པ་དང། ལས་རྣམས་དོན་དམ་པར་དངོས་པོ་མེད་པར་ཡི་གེ་དེའི་སྒོ་ནས་རྟོགས་པར་འགྱུར་ཏེ། དེ་ལྟར་མ་དུལ་བ་དངོས་པོ་མེད་པར་རྟོགས་ན་དུལ་བ་དང་དུལ་བའི་གནས་སུ་ཡོངས་སུ་ངེས་པར་འགྱུར་པའི་ཕྱིར་ཡི་གེ་བ? ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བ་ཞེས་བྱ་བ་ནི་བཅིངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་བཅིངས་པ་ལ་རྒྱ་གར་གྱི་སྐད་དུ་བནདྷ་ན་ཞེས་བྱ་སྟེ། ཡི་གེ་པའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་བཅིངས་པ་དང་བྲལ་བར ་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཌ་ཞེས་བྱ་བ་ནི་དཀྲུགས་མ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བ་ནི་དཀྲུགས་མ་ལ་རྒྱ་གར་གྱི་སྐད་དུ་ཌ་མར་ཞེས་བྱ་སྟེ། ཡི་གེ་ཌའི་སྒོ་ནས་དོན་དམ་པར་ཆོས ་ཐམས་ཅད་དཀྲུགས་མ་འམ། འཁྲུག་པ་མེད་པར་རྟོག་པར་འགྱུར་པའི་ཕྱིར། ཡི་གེ་ཌ་ནི་ཆོས་ཐམས་ཅད་དཀྲུགས་མེད་པར་རྟོགས་པའི་སྒོ་ཡིན་ནོ། །ས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་པར་ཆགས་པར་མི་འགྱུར། འཆིང་བར་མི་འགྱུར་བའི ་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཆགས་པ་ལ་རྒྱ་གར་གྱི་སྐད་དུ་སང་ག་ཞེས་བྱ་སྟེ། ཡི་གེ་སའི་སྒོ་ནས་ཆོས་ཐམས་ཅད་ཆགས་པ་མེད་པར་རྟོགས་པར་འགྱུར་ཏེ། ཆགས་པ་མེད་ན་ཉོངས་མོངས་བའི་འཆིང་པ་ཡང་མེད་པར་རྟོགས་པར ་འགྱུར་བའི་ཕྱིར། ཡི་གེ་ས་ནི་ཆོས་ཐམས་ཅད་ཆགས་པ་མེད་པ་དང། འཆིང་བ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །བ་ཞེས་བྱ་བ་ངག་གི་ལམ་དང་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དག་གི་ལམ་ལ་རྒྱ་གར་གྱི་སྐད ་དུ་པཱ་ག་བ་ཐཱ་ཞེས་བྱ་སྟེ། ཡི་གེ་བའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དག་གི་ལམ་དང་བྲལ་ཞིང། སྒྲར་བརྗོད་དུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་བ་ནི་ཆོས་ཐམས་ཅད་དག་གི་ལམ་དང་བྲལ་བར་རྟོགས་པར་འགྱུར་པའི་སྒོ་ཡིན་ནོ། །གོང ་དུ་བཅིངས་པ་དང་བྲལ་བའི་སྐབས་སུ་ཡི་གེ་པ་སྨོས་པ་ནི་ཡི་གེ་བའི་རིས་ཀྱི་བ་ཡིན་ནོ། །དག་གི་ལམ་དང་བྲལ་པའི་སྐབས་སུ་སྨོས་པའི་ཡི་གེ་པ་འདི་ནི་ཡི་གེ་ཡའི་རིས་སུ་གཏོགས་པའི་ཡི་གེ་བ་ཡིན་པས་ལན་གཉིས་སུ་ཟློས་པར་ཡང་མི་འགྱུར་ལ་ཡི་གེ་བ ་འོག་མ་ནི་ཡི་གེ་ཝའི་གོར་ཡང་སྦྱར་བའི་ཕྱིར་བྱེ་བྲག་ནི་དེ་ཡོད་དོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་མ་གཡོས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་རྒྱ་གར་གྱི་སྐད་དུ་ཏ་ཐཱ་ཏ་ཞེས་བྱ་སྟེ། ཡི་གེ་ཏའི་སྒོ ་ནས་དོན་དམ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་ཅིང། དེ་ལས་མི་འགྱུར་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཏ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མ་གཡོས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཡ་ཞེས ་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ལ་རྒྱ་གར་གྱི་སྐད་དུ། ཡ་ཐཱ་བར་ཅེས་བྱ་སྟེ། ཡི་གེ་ཡའི་སྒོ་ནས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ ་རིག་པས་བརྟགས་ཤིང་གཏན་ལ་ཕབ་ན་དོན་དམ་པར་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཡ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །སྟ་ཞེས་བྱ་བ་ནི ་ཁེངས་པ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཁེངས་པ་ལ་རྒྱ་གར་སྐད་དུ་སྟམ་བྷ་ཞེས་བྱ་སྟེ། ཡི་གེ་སྟའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་ལ་ང་ལས་རྒྱལ་གྱུར་པའི་ཁེངས་པ་མེད་པར་རྟགས་པར་འགྱུར་བའི་ཕྱིར། ཡི་གེ་ལྟ་ནི ་ཆོས་ཐམས་ཅད་ཁེངས་པ་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་བྱེད་པ་པོ་ལ་རྒྱ་གར་གྱི་སྐད་དུ་ཀ་ར་ཀ་ཞེས་བྱ་སྟེ། ཡི་གེ་ཀའི་སྒོ་ནས ་དོན་དམ་པར་ཆོས་ཐམས་ཅད་ལ་མུ་སྟེགས་ཅན་གྱིས་བརྟགས་པའི་བྱེད་པ་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཀ་ནི་ཆོས་ཐམས་ཅད་ལ་བྱེད་པ་པོ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད ་མི་དམིགས་པས་མཉམ་པ་ཉིད་ལས་མི་འདའ་བའ་ཨི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་མཉམ་པ་ཉིད་ལ་རྒྱ་གར་གྱི་སྐད་དུ་ས་མ་རྟ་ཞེས་ཀྱང་བྱ་སྟེ། ཡི་གེ་སའི་སྒོ་ནས་མཉམ་པ་ཉིད་ཀྱང་དམིགས་སུ་མེད་པར་རྟོགས་པར་འགྱུར་ཏེ། དེ་ལྟར་མཉམ་པ་ཉིད་དུ ་རྣམ་པར་རྟོག་པ་མེད་པ་ཉིད་མཉམ་པ་ཉིད་ལས་མི་འདའ་བ་ཞེས་བྱའོ། །དེ་བས་ན་ཡི་གེ་ས་ནི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་མི་དམིགས་པ་དང། མཉམ་པ་ཉིད་ལས་མི་འདའ་བར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །མ་ཞེས་བྱ་བ་ནི་བདག་གིར་བྱ ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་བདག་གིར་བྱ་བ་ལ་རྒྱ་གར་གྱི་སྐད་དུ་མ་མ་ཀ་ར་ཞེས་བྱ་སྟེ། ཡི་གེ་མའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་བདག་གིར་བྱ་བ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་མ་ནི་ཆོས ་ཐམས་ཅད་བདག་གིར་བྱ་བ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །གཞེས་བྱ་བ་ནི་འགྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་འགྲོ་བ་ལ་རྒྱ་གར་གྱི་སྐད་དུ་ག་མ་ན་ཞེས་བྱ་སྟེ། ཡི་གེ་གའི་སྒོ་ནས་དོན་དམ་པར ་ཆོས་ཐམས་ཅད་དངོས་པོར་མ་གྲུབ་པར་འགྲོ་བ་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ག་ནི་ཆོས་ཐམས་ཅད་འགྲོ་བ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཐ་ཞེས་བྱ་བ་ནི་གནས་མི་དམིགས་པའི་ཕྱིར། ་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་གནས་ལ་རྒྱ་གར་གྱི་སྐད་དུ་ཐ་ན་ཞེས་བྱ་སྟེ། ཡི་གེ་ཐའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པས་གནས་ཀྱང་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཐ་ནི་ཆོས་ཐམས་ཅད་གནས་མི་དམིགས་པར་རྟོགས་པར་འགྱུར ་བའི་སྒོ་ཡིན་ནོ། །ཛ?་ཞེས་བྱ་བ་ནི་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་སྐྱེ་བ་ལ་རྒྱ་གར་གྱི་སྐད་དུ་ཛཱ་ཏི་ཞེས་བྱ་སྟེ། ཡི་གེ་ཛའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཛ་ནི་ཆོས ་ཐམས་ཅད་སྐྱེ་བ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཤ་ཞེས་བྱ་བ་ནི་དབུགས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དབུགས་ལ་རྒྱ་གར་གྱི་སྐད་དུ་ཤྭ་ས་ཞེས་བྱ་སྟེ། ཡི་གེ་ཤྭའི ་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་ལ་དབུགས་ཀྱི་རང་བཞིན་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཤ་ནི་ཆོས་ཐམས་ཅད་ལ་དབུགས་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ད?་ཞེས་པ་ནི་ཆོས་དབྱིངས་དམིགས་སུ ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ?་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་རྒྱ་གར་གྱི་སྐད་དུ་དྷརྨ་དྷ་ཏུ་ཞེས་བྱ་སྟེ། ཡི་གེ་དྷའི་སྒོ་ནས་དོན་དམ་པར་ཆོས་ཀྱི་དབྱིངས་ཉིད་ཀྱང་མཚན་མར་བཟུང་ཞིང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ་ཡི་གེ་དྷ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཤ་ཞེས་བྱ་བ་ནི་ཞི་གནས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཞི་གནས་ལ་རྒྱ་གར་གྱི་སྐད་དུ་ཤ་མ ་ཐ་ཞེས་བྱ་སྟེ། ཡི་གེ་ཤའི་སྒོ་ནས་དོན་དམ་པར་ཞི་གནས་ཞེས་བྱ་བ་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཤིན་ཆོས་ཐམས་ཅད་ལ་ཞི་གནས་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །བཞེས་བྱ་བ ་ནི་ནམ་མཁའ་དང་མཉམ་པ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་ལ་རྒྱ་གར་གྱི་སྐད་དུ་ཁ་ས་མ་ཞེས་བྱ་སྟེ། ཡི་གེ་ཁའི་སྒོ་ནས་དོན་དམ་པར་ནམ་མཁའ་དང་མཉམ་མོ་ཞེས་བྱ་བར་རྟོག་ཅིང། མཚན ་མང?་བཟུང་བ་ཡང་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཁ་ནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས ་བྱ་བ་ནི་ཟད་པ་ལ་རྒྱ་གར་གྱི་སྐད་དུ་ཀྵ་ཡ་ཞེས་བྱ་བ་སྟེ། ཡི་གེ་ཀྵའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་ལ་མི་རྟག་པའི་མཚན་ཉིད་ཟད་པ་ཞེས་བྱ་བ་དམིགས་སུ་མེད་པར་རྟོགས་བར་འགྱུར་བའི་ཕྱིར། ཡི་གེ་ཀྵ་ནི་ཆོས་ཐམས་ཅད་ལ་ཟད་པ་མི་དམིགས ་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །སྟ་ཞེས་བྱ་བ་ནི་བསྟོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་བསྟོད་པ་ལ་རྒྱ་གར་གྱི་སྐད་དུ་སྟོ་ཏྭ་ཞེས་བྱ་སྟེ། ཡི་གེ་སྟའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་ལ་བསྟོད་པ་མི་དམིགས ་པར་འགྱུར་བའི་ཕྱིར། ཡི་གེ་སྟ་ནི་ཆོས་ཐམས་ཅད་ལ་བསྟོད་པ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཛྙཱ་ཞེས་བྱ་བ་ནི་ཡེ་ཤེས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཡེ་ཤེས་ལ་རྒྱ་གར་གྱི་སྐད་དུ་ཛྙཱ་ན་ཞེས ་བྱ་སྟེ། ཡི་གེ་ཛྙཱའི་སྒོ་ནས་དོན་དམ་པར་ཤེས་པའི་དོན་ཆོས་དམིགས་སུ་མེད་པས་ཤེས་པར་བྱེད་པའི་ཡེ་ཤེས་ཀྱང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཛྙཱ་ནི་ཆོས་ཐམས་ཅད་ལ་ཡེ་ཤེས་དམིགས་སུ་མེད་པར་རྟོགས་པར ་འགྱུར་བའི་སྒོ་ཡིན་ནོ། །རྟ་ཞེས་བྱ་བ་ནི་ཉོན་མོངས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཉོན་མོངས་པ་འམ་མི་བདེ་བ་ལ་རྒྱ་གར་གྱི་སྐད་དུ་ཨརྟི་ཞེས་བྱ་སྟེ། ཡི་གེ་རྟའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད ་པར་ཉོན་མོངས་པ་འམ་མི་བདེ་བ་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་རྟ་ནི་ཆོས་ཐམས་ཅད་ཉོན་མོངས་པ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཧ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ ་ཞེས་བྱ་བ་ནི་རྒྱུ་ལ་རྒྱ་གར་གྱི་སྐད་དུ་ཧེ་ཏུ་ཞེས་བྱ་སྟེ། ཡི་གེ་ཧའི་སྒོ་ནས་དོན་དམ་པ་ཆོས་ཐམས་ཅད་རྒྱུ་དང་བྲལ་བར་རྟོགས་པར་འགྱུར་བའི་ཡི་གེ་ཧ་ནི་ཆོས་ཐམས་ཅད་ལ་རྒྱུ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །བྷ་ཞེས་བྱ་བ་འཇིག་པ ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་འཇིག་པ་ལ་རྒྱ་གར་གྱི་སྐད་དུ་བྷང་ག་ཞེས་པ་སྟེ། ཡི་གེ་བྷའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པས་འཇིག་པ་ཡང་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་བ?་ནི ་ཆོས་ཐམས་ཅད་འཇིག་པ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཚ་ཞེས་བྱ་བ་ནི་མདོག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་མདོག་ལ་རྒྱ་གར་གྱི་སྐད་དུ་ཚིག?་ཞེས་བྱ་སྟེ། ཡི་གེ་ཚའི་སྒོ་ནས་དོན་དམ་པར་ཆོས་ཐམས ་ཅད་དངོས་པོ་མེད་པས་མདོག་བཟང་ངན་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཚ་ནི་ཆོས་ཐམས་ཅད་མདོག་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །སྨ་ཞེས་བྱ་བ་ནི་དྲན་པ་མི་དམིགས་པའི་ཕྱིར་ཆོས ་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་དྲན་པ་ལ་རྒྱ་གར་གྱི་སྐད་དུ་སྨར་ཎ་ཞེས་བྱ་སྟེ། ཡི་གེ་སྨའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་དྲན་པ་ཞེས་བྱ་བ་སེམས་ལས་བྱུང་བའི་ཆོས་དེ་ཡང་མ་དམིགས་པར་རྟོགས་པར་འགྱུར ་པའི་ཕྱིར་ཡི་གེ་སྨ་ནི་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཧ་ཞེས་བྱ་བ་ནི་བོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་བོད་པ་ལ་རྒྱ་གར་གྱི་སྐད་དུ་ཨ་བ་ཧ་ན་ཞེས་བྱ་སྟེ། ཡི་གེ་ཧའི་སྒོ་ནས ་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་མེད་པར་བྱ་བའི་དངོས་པོ་དང་བདེ་བའི་མིང་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཧ་ནི་ཆོས་ཐམས་ཅད་བོད་པ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། ། ་ཏས་ཞེས་བྱ་བ་ནི་མོས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ?་ཞེས་བྱ་བ་ནི་མོས་པ་འམ་སྤྲོ་བ་ལ་རྒྱ་གར་གྱི་སྐད་དུ། ཨུད་ས་ཧ་ཞེས་བྱ་སྟེ། ཡི་གེ་ཏ་དང་སར་སྦྱར་བའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས ་མོས་པ་འམ། སྤྲོ་བ་ཡང་མི་དམིགས་པར་རྟོག་པར་འགྱུར་བའི་ཕྱིར་ཡི་གེ་ཏས་ནི་ཆོས་ཐམས་ཅད་མོས་པ་མི་དམིགས་པར་རྟོག་པར་འགྱུར་བའི་སྒོ་ཡིན་ནོ། །གྷ་ཞེས་བྱ་བ་ནི་སྟུག་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི ་སྟུག་པོ་ལ་རྒྱ་གར་གྱི་སྐད་དུ་གྷ་ན་ཞེས་བྱ་སྟེ། ཡི་གེ་གྷའི་སྒོ་ནས་དོན་དམ་བར་ཆོས་ཐམས་ཅད་ལ་སྟུག་པོ་འམ། སྟུག་པོར་རྟོག་པར་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་གྷ་ནི་ཆོས་ཐམས་ཅད་སྟུག་པོ་མི་དམིགས་པར་རྟོག་པར་འགྱུར ་བའི་སྒོ་ཡིན་ནོ། །ཐ་ཞེས་བྱ་བ་ནི་སྒྲུབ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་སྒྲུབ་པ་ལ་རྒྱ་གར་གྱི་སྐད་དུ། བི་ཐ་པ་ན་ཞེས་བྱ་སྟེ། ཡི་གེ་ཐའི་སྒོ་ནས་དོན་དམ་པར་བསྒྲུབ་པར་བྱ་བའི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟགས ་པར་འགྱུར་བའི་ཕྱིར། ཡི་གེ་ཐ་ནི་ཆོས་ཐམས་ཅད་དུ་བསྒྲུབ་པ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཎ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པས་གང་འགྲོ་བ་མེད་ཅིང་འོང་བ་མེད་དེ། གནས་པ་མེད་ཅིང་འདུག་པ་མེད་ལ། ཉལ་པར་འགྱུར་བ་མེད ་པས་རྣམ་པར་མི་རྟོག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་རྒྱ་གར་གྱི་སྐད་དུ་ར་ཎ་ཞེས་བྱ་སྟེ། ཡི་གེ་ཎའི་སྒོ་ནས་དོན་དམ་པར་ཉོན་མོངས་པ་ཡང་དངོས་པོ་མེད་པས་ཉོན་མོངས་པའི་དབང་གིས་དངོས་པོ་ཡང་འགྲོ་བ ་དང། འོང་བ་དང། གནས་པ་དང། འདུག་པ་དང། ཉལ་བར་འགྱུར་བ་ཡང་མེད་ལ། རྣམ་པར་རྟོག་པ་ཡང་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཎ་ནི་ཆོས་ཐམས་ཅད་ཉོན་མོངས་པ་མེད་པ་དང། འགྲོ་བ་དང། འོང་བ་དང། གནས་པ་དང། ་འདུག་པ་དང། ཉལ་བར་འགྱུར་བ་དང་རྣམ་པར་རྟོག་པ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །?་ཞེས་བྱ་བ་ནི་འབྲས་བུ་དམིགས་སུ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་འབྲས་བུ་ལ་རྒྱ་གར་གྱི་སྐད་དུ། ཕ་ལ་ཞེས་བྱ་སྟེ། ཡི་གེ་ཕའི་སྒོ ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པ། འབྲས་བུ་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཕ་ནི་ཆོས་ཐམས་ཅད་འབྲས་བུ་མེད་པས་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །?་ཞེས ་བྱ་བ་ནི་ཕུང་པོ་དམིགས་སུ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་ཕུང་པོ་ལ་རྒྱ་གར་གྱི་སྐད་དུ་སྐན་དྷ་ཞེས་བྱ་སྟེ། ཡི་གེ་སྐའི་སྒོ་ནས་དོན་དམ་པར་ཕུང་པོ་རྣམས་དམིགས་སུ་མེད་པར་རྟོག་པར་འགྱུར་བའི་ཕྱིར་ཡི་གེ་སྐ་ནི ་ཆོས་ཐམས་ཅད་ཕུང་པོ་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཡས་ཞེས་བྱ་བ་ནི་མི་བདེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་མི་བདེ་བ་ལ་རྒྱ་གར་གྱི་སྐད་དུ་ཡས་ཀ་ར་ཞེས་བྱ་སྟེ། ཡི་གེ ་ཡ་དང་སར་སྦྱར་བའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་མི་བདེ་བ་ཡང་དམིགས་སུ་མེད་པར་རྟོག་པར་འགྱུར་བའི་ཕྱིར་ཡི་གེ་ཡས་ནི་ཆོས་ཐམས་ཅད་མི་བདེ་བ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། ་ཙ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་སྤྱོད་པ་ལ་རྒྱ་གར་གྱི་སྐད་དུ་ཙཨཱརྱ་ཞེས་བྱ་སྟེ། ཡི་གེ་ཙའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཡང ་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར་ཡི་གེ་ཙ་ནི་ཆོས་ཐམས་ཅད་ལ་སྤྱོད་པ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཊ་ཞེས་བྱ་བ་ནི་སྡུག་བསྔལ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་སྡུག ་བསྔལ་ལ་རྒྱ་གར་གྱི་སྐད་དུ་ཊང་ཀར་ཞེས་བྱ་སྟེ། ཡི་གེ་ཊའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་སྡུག་བསྔལ་ལམ་གནོད་པ་ཡང་དམིགས་སུ་མེད་པར་རྟོགས་པར་འགྱུར་བའི་ཕྱིར། ཡི་གེ་ཊ་ནི་ཆོས་ཐམས་ཅད ་སྡུག་བསྔལ་ལམ་གནོད་པ་མི་དམིགས་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ། །ཌཧ་ཞེས་བྱ་བ་ནི་གཡོག་པ་མི་དམིགས་པས་མཛའ་ཐུག་པར་གནས་པར་འཆི་འཕོ་མེད་ཅིང་སྐྱེ་བ་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ནི་གཡོགས་པ་ལ་རྒྱ ་གར་གྱི་སྐད་དུ་ཌཧ་ཀ་ན་ཞེས་བྱ་སྟེ། ཡི་གེ་བྷའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་ཉོན་མོངས་པའི་སྒྲིབ་པས་གཡོགས་ཤིང་ཉོན་མོངས་པའི་དབང་གིས་འཁོར་བའི་མཛའ་ལ་ཐུག་གི་བར་དུ། ཚེ་འཕོ་བ་དང་སྐྱེ་བ་མེད་པར་རྟོགས་པས ་འགྱུར་བའི་ཕྱིར། ཡི་གེ་ཌཧ་ནི་ཆོས་ཐམས་ཅད་གཡོག་པ་མི་དམིགས་པ་དང། ཚེ་འཕོ་བ་དང་སྐྱེ་བ་མེད་པར་རྟོགས་པར་འགྱུར་བའི་སྒོ་ཡིན་ནོ་ཞེས་བསྟན་པའོ། །ཡི་གེའི་འབྲུ་འདི་རྣམས་ཀ་ལ་སོགས་གོ་རིམས་བཞིན་དུ་མ་སྨོས་པ་ནི། གཟུངས ་སྔགས་རྣམས་ལས་གོ་རིམ་མེད་པར་འབྱུང་བའི་ཕྱིར་རོ། །དེ་ལྟར་གཟུངས་སྔགས་ཀྱི་ཚིག་རྣམས་ལས་འབྱུང་བའི་ཡི་གེའི་འབྲུ་རེ་རེའི་ཚིག་གི་དོན་ལ་བརྟགས་ཤིང། བསྒོམས་ན་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པའི་དོན་རྟོགས་པར་འགྱུར ་བའི་གཟུངས་ཞེས་བྱ་བ་ཤེས་རབ་དང་དྲན་པ་སྐྱེ་བར་འགྱུར་བའི་སྒོ་ཡིན་པའི་ཕྱིར། ཡི་གེ་དེ་དག་ལ་གཟུངས་ཀྱི་སྒོ་ཞེས་བྱའོ། །དེ་ཡན་ཆད་ནི་ཡི་གེའི་ཐ་སྙད་མེད་དོ་ཞེས་བྱ་བ་ནི་ཡི་གེའི་སྒོ་ནས་དོན་རྟོགས་པར་བྱ་བའི་ཡི་གེ་རྣམས་ནི་དེར་ཟད་དེ། དེ ་ལས་ལྷག་པ་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་ཡང་གང་གི་ཐ་སྙད་དུ་བྱ་བ་དང། གང་གིས་བརྗོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེའི་ཐ་སྙད་དུ་བྱ་བ་དེ་ལས་ལྷག་པ་གཞན་མེད་པའི་གཏན་ཚིགས ་བསྟན་པ་སྟེ། ཚིག་དང་ཡི་གེར་བརྗོད་པའི་སྒོ་ནས་ཐ་སྙད་དུ་བྱ་བ་དང། བརྗོད་པ་དང་གཞན་ལ་བསྟན་པ་དང། ཡི་གེར་བྲི་བ་དང། སྣང་ཞིང་གསལ་བར་བྱ་བ་དང། བཀླག་པར་བྱ་བ་ཐམས་ཅད་ནི་དེ་དག་ཏུ་ཟད་དོ། །དེ་ལྟ་བུའི་མིང་དུ་བྱ་བ་ཐམས་ཅད ་འདིའི་ཁོངས་སུ་འདུས་ཏེ། དེ་ལས་ལྟག་པ་གཞན་གང་ཡང་མེད་བོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་སྟེ། ཞེས་བྱ་བ་ནི་གཟུངས་ཀྱི་ཡི་གེ་དེ ་རྣམས་ཀུན་རྫོབ་ཏུ་སྒྲ་དང་ཐ་སྙད་དུ་བརྗོད་པའི་སྒོ་ནས་ཆོས་ཐམས་ཅད་ལ་ཁྱབ་པ་དང། དོན་དམ་པར་མཉམ་པ་ཉིད་དུ་རོ་གཅིག་པའི་དཔེ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཨ་ལ་སོགས་པའི ་ཡི་གེ་ལ་མཁས་པར་བྱ་བ་འདི་ཡོངས་སུ་ཤེས་ན། དེ་ནི་སྒྲ་ལ་ཡང་ཆགས་པར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་སྒོ་འདི་ལ་མཁས་པའི་ཡོན་ཏན་བསྟན་པ་སྟེ། སྒྲ་གང་ལ་ཡང་ཆགས་པར་མི་འགྱུར་ཞེས་བྱ་བ་ནི་ཡི་གེ ་བརྗོད་ཅིང་བསྟན་པའི་དོན་རྣམས་མ་སྐྱེས་པ་ལ་སོགས་པར་ཁོང་དུ་ཆུད་པས་དངོས་པོ་དེ་དག་ལ་ཆགས་པར་མི་འགྱུར་བ་བསྟན་པའོ། །དེ་བས་ན་དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར། ཐམས་ཅད་ཆོས་ཉིད་ཀྱིས་ཡང་དག་པར་སྒྲུབ་པར ་འགྱུར་ཞེས་བྱ་བ་གསུངས་ཏེ། ཚིག་དང་ཡི་གེས་བརྗོད་དོ་ཅོག་ཐམས་ཅད་ཡི་གེ་ཨ་ལ་སོགས་པའི་སྒོ་ནས་དོན་དམ་པར་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་ལ་སོགས་པར་རྟོགས་ནས་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་བསྒོམ་པར་འགྱུར་རོ ་ཞེས་བྱ་བའི་དོན་ཏོ། །སྒྲ་ཤེས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ནི་ཡི་གེས་ཚིག་ཏུ་བརྗོད་པའི་སྒྲ་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་མཁས་པར་འགྱུར་བར་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས ་དཔའ་གང་གིས་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱ་འདི་དང་ཞེས་བྱ་བ་ལ་སོགས་པ་ནི་གཟུངས་ཀྱི་སྒོ་འདི་དག་ཐོས་པ་དང། ཉམས་སུ་ལེན་པ་དང། གཞན་ལ་ཡང་སྟོན་བའི་ཕན་ཡོན་རྣམ་པ་ཉི་ཤུ་ཡོད་པ་བསྟན་པ་སྟེ།། ་ཕྱག་རྒྱ་ཞེས་བྱ་བ་ནི་ཨ་ལ་སོགས་པ་ཡི་གེ་འབྲུ་རེ་རེ་ཡང་མ་སྐྱེས་བ་ལ་སོགས་པའི་དོན་སྟོན་པའི་རྟགས་དང་མཚན་མ་ཡིན་པའི་ཕྱིར་རོ། །ཕྱག་རྒྱའི་ཚིག་ཅེས་བྱ་བ་ནི་ཡི་གེ་མང་པོ་བསྡོམས་པ་ལས་སྔགས་ཀྱི་ཚིག་དུ་བརྗོད་དུ་རུང་བ་ལ་བྱའོ། །ཕན་ཡོན ་ཉི་ཤུ་ནི་དྲན་པ་དང་བློ་གྲོས་ནས་སྦོབས་པ་དང་ལྡན་པའི་བར་དུ་ཕན་ཡོན་གཅིག་ཏུ་བགྲང་ངོ། །གཟུངས་ཀྱི་སྒོ་འདི་ཡང་ཉོན་མོངས་པ་མེད་པར་ཐོབ་ཅིང་ཞེས་བྱ་བ་ནས། ཚུལ་བཞིན་དུ་གནས་པར་འགྱུར་བ་དང་ཞེས་བྱ་བའི་བར་དུ་ཡང་ཕན་ཡོན་གཅིག ་ཏུ་བགྲང་ངོ། །སྒྲ་ལ་མཁས་པ་ལ་སོགས་པ་མན་ཆད་ནི་རེ་རེར་བགྲངས་ན་ཕན་ཡོན་ཉི་ཤུར་འགྱུར་རོ། །ཐེག་པ་ཆེན་པོའི་དོན་ནི་སྔར་བཤད་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་པའོ།། །། ་དེ་ལྟར་ཐེག་པ་ཆེན་པོ་གང་ལགས་ཞེས་བཅོམ་ལྡན་འདས་ལ། རབ་འབྱོར་གྱིས་ཞུས་པའི་ལན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་རྣམ་པ་ཉི་ཤུ་རྩ་གཅིག་བསྟན་ནས། དེའི་འོག་ཏུ་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས་ཞེས ་ཞུས་པའི་དོན་བསྟན་པའི་ཕྱིར། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིངས་ནས་སར་འཕར་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་ས་གང་ནས་གོང་དུ་འཕང་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས ་པ་ཡིན་ནོ་ཞེས་བསྟན་པའོ། །འདི་ལྟར་སྟེ་ཆོས་ཐམས་ཅད་འཕོ་བ་མེད་པས་ཆོས་གང་ཡང་འོང་བ་མེད་ཅིང་འགྲོ་བ་མེད་དེ། འཕོ་བ་འམ་ཉེ་བར་འཕོ་བ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་ས་ནས་སར་འཕད་པ་ཡང་ཀུན་རྫོབ་ཏུ་བསྟན་པར་ཟད་ཀྱི། དོན་དམ་པ་རིན ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པས་བྱང་ཆུབ་སེམས་དཔའ་ཨི་ས་དང་འཕར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ཡང་མི་དམིགས་པའི་ཕྱིར་ས་ནས་སར་འཕར་ཞིང་འགྲོ་བ་དང་འཕོ་བ་མེད་དོ་ཞེས་བསྟན་པ་སྟེ། ་འོང་བ་དང་འགྲོ་བ་དང་འཕོ་བ་དང། ཉེ་བར་འཕོ་བ་ཞེས་བྱ་བ་ནི་འཕར་ཞིང་འགྲོ་བ་རྣམ་གྲངས་སོ། །འོན་ཀྱང་ཆོས་ཐམས་ཅད་ཀྱིས་གང་ཡིན་པ་དེ་ལ་རློམ་སེམས་སུ་བྱེད་པའམ་སེམས་པ་མེད་དེ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས ་ཅད་མཉམ་པ་ཉིད་དུ་རོ་གཅིག་སྟེ། འཕོ་བ་མེད་པས་འཕར་ཞིང་འཕོ་བར་བྱ་བའི་གནས་ཀྱིས་རློམ་སེམས་སུ་འགྱུར་བ་འམ་མཚན་མར་འཛིན་པ་མེད་དོ། །ཞེས་བསྟན་པའོ། །ས་ཡོངས་སུ་སྤྱོང་བ་ཡང་མི་བྱེད་པ་མ་ཡིན་ལ་ཞེས་བྱ་བ་ནི་ཀུན ་རྫོབ་ཏུ་བྱང་ཆུབ་སེམས་དཔའ་ཨི་ས་བཅུའི་ཡོན་ཏན་རྣམས་ཐོབ་པར་མི་བྱེད་པ་འམ། མི་མཐུན་པའི་ཕྱོགས་ཀྱི་སྐྱོན་རྣམས་མི་སེལ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་དེ་ལྟར ་ཐབས་མཁས་པས་ཀུན་རྫོབ་ཏུ་ས་ཡོངས་སུ་སྦྱོང་ཡང་དོན་དམ་པར་ས་དེ་ལ་དངོས་པོར་མི་ལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱང་བ་གང་ཞེ་ན། རབ་འབྱོར་ས་དང་པོ་ལ་གནས་པའི ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྤྱད་པ་བཅུ་པོ་འདི་དག་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་སེམས་ཡོངས་སུ་སྦྱང་བ་བཅུ་དང་ལྡན་ན་ཐེག་པ ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པར་བསྟན་པ་སྟེ། བཅུ་གང་ཞེ་ན་དེ་མི་དམིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཐོག་མར་བསམ ་པ་ཡོངས་སུ་དག་པར་བྱ་སྟེ། བསམ་པ་ཡོངས་སུ་དག་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པའི་དགེ་བའི་རྩ་བ་མང་པོ་བསགས་ཤིང་སེམས་ཡོངས་སུ་སྦྱར་བ་ནི་ལྷག ་པའི་བསམ་པ་ཡོངས་སུ་སྦྱང་བ་ཞེས་བྱའོ། །སྩོགས་པའི་ཚིག་གིས་བྱང་ཆུབ་སེམས་དཔའ་ཨི་ས་བཅུའི་ཡོན་ཏན་ཐོབ་པར་བྱ་བ་དང། སྐྱོན་རྣམས་སྤང་བའི་ཕྱིར་སེམས་སྦྱོང་བའོ། །མཚན་མ་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱར་ཞིང ་སེམས་ཅན་མི་དམིགས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱར་བ་དང། ཞེས་བྱ་བ་ནི་སེམས་ཅན་རྣམས་ཐམས་ཅད་ལ་ཉེ་རིང་དང། བྱམས་སྡང་མེད་པར་སེམས་མཉམ་པར་བྱས་ནས། བསྡུ་བ་རྣམ་པ་བཞིའི་དངོས ་པོས་ཕན་འདོགས་ཤིང་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང་ཚད་མེད་པ་བཞི་སྒྲུབ་ཅིང་ཕན་གདགས་པའི་མཚན་མ་དང། སེམས་ཅན་དུ་དམིགས་པ་ཡང་མེད་པར་སེམས་ཡོངས་སུ་སྦྱོང་བ་ནི་སེམས་ཅན་ཐམས་ཅད་ལ་སེམས ་མཉམ་པ་ཉིད་ཡོངས་སུ་སྦྱང་བ་ཞེས་བྱའོ། །སྦྱིན་པ་དང་གཏོང་བ་དང། ལེན་པ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱོང་བ་དང་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐབས་ལ་མཁས་པས་སྦྱིན་པ་ཡོངས་སུ་བཏང་པ་ཡང་དོན་དམ་པར་སྦྱིན་པའི་དངོས་པོ་དང་གཏོང་བ ་པོ་དང། ལེན་པ་པོ་གསུམ་ལ་དངོས་པོར་མི་ལྟ་ཞིང་མཚན་མར་མི་འཛིན་པ་ནི་སྦྱིན་པ་ཡོངས་སུ་སྦྱང་བའོ། །དེས་རློམ་སེམས་སུ་མི་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ ་པར་བྱ་བའི་ཕྱིར། དགེ་བ་ལ་ཡང་དག་པར་བསྐུལ་བ་དང། དགེ་བ་ལ་འཇོག་པ་དང། བཞག་ནས་ཀྱང་དགེ་བ་ལས་ཉམས་པར་མི་བྱེད་པའི་དགེ་བའི་བཤེས་གཉེན་དེ་ལྟ་བུ་ལ་བསྙེན་བཀུར་བྱ་བ་དང། རིམ་གྲོར་བྱ་བ་དང། བཀུར་སྟིར་བྱས་ཤིང་བླ་མར་བྱ ་སྟེ། བསྟེན་ཀྱང་ངེས་རློམ་སེམས་སུ་མི་བྱེད་ཅིང་མི་སྙམས་པ་ནི། དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱར་བའོ། །ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་དེ་ལས་ཐེག་པ་ཆེན་པོའི་ཆོས་མཉེན་པ་དང། བསམ་པ་དང་སྒོམ་པའི་ལུང་གནོད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བྱེད་ལ། དོན་དམ་པར་ཆོས་དེ་དག་ཀྱང ་མི་དམིགས་པ་ནི་ཆོས་བཙལ་བ་ཡོངས་སུ་སྦྱང་བའོ། །ཁྱིམ་མི་དམིགས་པའི་ཕྱིར་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་ཁྱིམ་གྱི་འདུ་ཛི་སྤངས་ཏེ། ཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང ་ཞིང་དེ་ལ་བར་ཆད་མེད་པར་ཡང་བྱེད་ལ། དོན་དམ་པར་འདུ་འཛིའི་གནས་སྤང་བར་བྱ་བའི་ཁྱིམ་ཉིད་ཀྱང་མི་དམིགས་པ་ནི། ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བའོ། །མཚན་དང་དཔེ་བྱད་བཟང་པོའི་མཚན་མ་མི་དམིགས་པའི་ཕྱིར་སངས ་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མཐོང་ནས་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་སངས་རྒྱས་ཡིད་ལ་བྱ་བ་དང་མི་འབྲལ་བར་བྱེད་ཀྱང། དོན་དམ་བར ་མཚན་དང་དཔེ་བྱད་ཀྱི་མཚན་མ་མི་དམིགས་པ་ནི་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བའོ། །ཆོས་ཀྱི་རྣམ་པ་མི་དམིགས་པའི་ཕྱིར་ཆོས་རྣམ་པར་འབྱེད་པ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར ་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་རྣམས་ཀུན་རྫོབ་ཏུ་རྣམ་པར་ཕྱེ་ཞིང་སྟོན་ལ། དོན་དམ་པར་ཆོས་དེ་དག་ཀྱང་མི་དམིགས་པ་ནི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བའོ། །ཆོས་ཀྱི་ཡང་དག་པ་ཉིད་མི་དམིགས་པའི ་ཕྱིར་ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བ་དང་ཞེས་བྱ་བ་ནི་ང་རྒྱལ་དང་ཁེངས་པ་སྐྱེ་བའི་རྒྱུ་དབང་ཕྱུག་དང། མང་དུ་ཐོས་པ་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ཡོད་པ་མ་ཡིན་པར་ཤེས་ནས་ང་རྒྱལ་དང་ཁེངས་པ་སྤངས་པས་ནམ་ཡང ་རིགས་དམའ་པར་མི་སྐྱེ་བར་བྱེད་པ་ནི། ང་རྒྱལ་དང་ཁེངས་པ་བསལ་བ་ཡོངས་སུ་སྦྱང་བའོ། །ཚིག་མི་དམིགས་པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྤྱད་པ་སྟེ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་དེ། རྫུན་དུ་མི་སྨྲ་ཞིང་སེམས་ཅན་མི་སླུ་བ་དང ་དོན་དམ་བར་ཚིག་མི་དམིགས་པ་ནི་བདེན་པའི་ཚིག་ཡོངས་སུ་སྦྱང་བའོ། །རབ་འབྱོར་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་བྱ་བ་དག་གོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ལ ་གནས་པས་ཡོངས་སུ་སྤྱད་པ་བཅུ་པོ་དག་ཡོངས་སུ་སྤྱོད་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག ་ཡང་དང་ཡང་དུ་ཡིད་ལ་བྱ་སྟེ། དེ་ལ་ནན་ཏན་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་ནན་ཏན་དུ་བྱ་བ་བསྟན་པ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས ་ཡོངས་སུ་དག་པ་དང། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་གནས་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པར་བྱ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དེ་ཡང་ཉན་ཐོས་དང ་རང་སངས་རྒྱས་ཀྱི་སེམས་ཡིད་ལ་མི་བྱེད་པ་དང། བླ་ན་མེད་པའི་བྱང་ཆུབ་ལ་བར་ཆད་དུ་འགྱུར་བ་འཆལ་བའི་ཚུལ་ཁྲིམས་ཀྱི་ཆོས་རྣམས་ཡིད་ལ་མི་བྱེད་པའོ། །བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་སྤེལ ་བའི་ཕྱིར་ཕན་པ་ཅུང་ཟད་ཅིག་བྱས་ཀྱང་འཁོར་བའི་མཛའ་ལ་ཐུག་གི་བར་དུ་དྲན་ཞིང་བྱས་པ་ཆུང་མི་གསོན་ན་ཕན་པ་ཆེན་པོ་བྱས་པ་ལྔ་ཅི་སྨོས་ཏེ། དྲིན་དུ་གཟོ་ཞིང་ཕན་པའི་ལན་ལྡོན་པའོ། །བཟོད་པའི་མཐུ་ལ་གནས་པ་དམ ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཉེས་པ་ལ་མི་ལྟ་བ་དང། སེམས་ཅན་རྣམས་ལ་གནོད་སེམས་མེད་ཅིང་འཚེ?་བ་མེད་པའོ། །རབ་ཏུ་དགའ་ཞིང་སྦྲོ་བ་མྱོང་བར་བྱ་བ་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅན་ཐེག་པ་གསུམ་ལ་བཅུད་དེ་ཡོངས་སུ ་སྨིན་པར་བྱས་ན། བདག་གི་སེམས་རབ་ཏུ་དགའ་ཞིང་སྤྲོ་ལ་ཚིམ་པར་འགྱུར་བའོ། །སེམས་ཅན་ཐམས་ཅད་ཡོངས་སུ་མ་གཏང་བ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཕན ་འདོགས་ཤིང་ཡོངས་སུ་སྐྱོ་བ་མི་གཏོང་བའོ། །སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བདག་བདེ་བ་ཕུན་སུམ་ཚོགས་པ་ལ་གནས་ཀྱང། སེམས་ཅན་སྡུག་བསྔལ་བ་མཐོང་ན་སྙིང་རྗེ་ཆེན་པོས་གདུང་སྟེ། སེམས ་ཅན་སྡུག་བསྔལ་བ་འདི་དག་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར་བདག་བསྐལ་བ་དུ་མར་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་བཟོད་བར་བྱ་སྟེ། སེམས་ཅན་དེ་དག་སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སྙིང་རྗེ་ཆེན་པོ་མངོན་དུ་བྱས ་ནས། སེམས་ཅན་གྱི་དོན་ལ་སྤྲོ་ཞིང་སྐྱོ་བ་མེད་པའོ། །བླ་མ་བསྙེན་བཀུར་ཞིང་དང་པས་གུས་པར་བྱ་བ་དང་ཞེས་བྱ་བ་ན་དམ་པའི་ཆོས་སྟོན་པའི་མཁན་པོ་དང། སློབ་དཔོན་ལ་དད་པ་དང་གུས་བ་བསྐྱེད་དེ་བསྙེན་བཀུར་བྱེད་བའོ། །ཕ་རོལ་ཏུ་ཕྱིན ་པ་རྣམས་ལ་བརྩོན་ཤིང་འཚོལ་བ་སྟེ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་བརྩོན་ཞིང་དོན་སྒྲུབ་པའོ། །རབ་འབྱོར་ཆོས་བརྒྱད་པོ་དེ་དག ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་དུ་བྱ་བ་དག་གོ་ཞེས་བྱ་བ་ནི་ཆོས་བརྒྱད་པོ་དེ་དག་ཡང་དང་ཡང་དུ་ཡིད་ལ་བྱེད་ཅིང་དེ་དག་ལ་ནན་ཏན་དུ་བྱེད་ན་ཐེག་པ་ཆེན་པོ་ལ ་ཡང་དག་བར་ཞུགས་པ་ཡིན་ནོ་ཞེས་བསྟན་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས། ཆོས་ལྔ་ལ་གནས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ས་གསུམ་པ་ལ་གནས་པའི་བྱང་ཆུབ ་སེམས་དཔས་གནས་པར་བྱ་བའི་ཆོས་ལྔ་བསྟན་པ་སྟེ། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡི་གེ་ལ་མངོན་པར་མ་ཞེན་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་གསུམ་བ་རང་བཞིན་གྱིས་མང་དུ་ཐོས་པ་འཚོལ་ཏོ། དམ་པའི་ཆོས ་ཚིགས་སུ་བཅད་པ་གཅིག་མཉན་པའི་ཕྱིར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་མར་མར་གྱིས་གང་བ་ཡང་བརྒལ་ཅིང་འགྲོ་བ་ལྟ་བུར་ཀུན་རྫོབ་ཏུ་མང་དུ་ཐོས་པས་ཆོག་མི་ཤེས་པར་བྱེད་ཀྱང་དོན་དམ་པར་ཆིག་དང་ཡི་གེ་ལ ་མཚན་མར་མི་འཛིན་ཅིང་ཆགས་པར་ཡང་མི་བྱེད་བའོ། །ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་ཅིང་དེས་ཀྱང་རློམ་སེམས་སུ་མི་འགྱུར་བ་དང་ཞེས་བྱ་བ་ནི་དེ་ལྟར་མང་དུ་ཐོས་པ་བསགས་ནས་གཞན་ལ་ཆོས་སྟོན་པའི་ཚེ། ཆོས་བསྟན་པ་དེའི ་འབྲས་བུ་བླ་མེད་པའི་བྱང་ཆུབ་ཐོབ་བར་བྱ་བར་ཡང་མི་སེམས་ན་འཇིག་རྟེན་གྱི་རྙེད་པ་དང་བཀུར་སྟི་ཐོབ་པར་བྱ་བར་སེམས་པ་ལྟ་ཅི་སྨོས་ཏེ། དེ་ལྟར་ཆོས་ཀྱི་སྦྱིན་པ་བྱས་པའི་འབྲས་བུར?་བར་མེད་ཅིང་ཆོས་ཀྱི་སྦྱིན་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་པ་ནི་ཟང་ཟིང ་མེད་པར་ཆོས་ཀྱི་སྦྱིན་པ་བྱེད་བའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་ཡང་དེས་རློམ་སེམས་སུ་མི་འགྱུར་བ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བའི་དགེ་བའི་རྩ་བ ་རྣམས་བསྐྱེད་པའི་ཚེ། དགེ་བའི་རྩ་བ་འདིས་ནམ་བདག་སངས་རྒྱས་སུ་འགྱུར་པའི་ཚེ་བདག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང་དེས་ཀྱང་རློམ་སེམས་སུ་མི་བྱེད་ཅིང་མཚན་མར ་མི་འཛིན་པའོ། །དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་ཅིང་དེས་ཀྱང་རློམ་སེམས་སུ་མི་འགྱུར་བ་དང་ཞེས་བྱ་བ་ནི་དགེ་བའི་རྩ་བ་གང་གིས་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག ་བར་འགྱུར་པའི་དགེ་བའི་རྩ་བ་དེ་ལྟ་བུ་བསྐྱེད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་འཁོར་བ་ལ་གནས་ཤིང། འཁོར་བ་ཡུན་རིང་པོས་མི་སྐྱོ་བར་དགེ་བའི་རྩ་བ་བསྐྱེད་ཀྱང་དེས་རློམ་སེམས་སུ་མི ་འགྱུར་བའོ། །ངོ་ཚ་ཤེས་ཤིང་འཁྲེལ་ཡོད་པ་ལ་གནས་ཀྱང་དེས་རློམ་སེམས་སུ་མི་འགྱུར་བ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་བྱ་བ་མི་རིགས་པ་རྣམས་བྱས་ན་ངོ་ཚེ་ཞིང་ཁྲལ་གྱིས་དོགས་པར་འགྱུར་བ་སྟེ། བྱང་ཆུབ་སེམས ་དཔས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེའི་འོག་ཏུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའ་ལ་ཁྲེལ་བ་དང་ངོ་ཚ་བར་འགྱུར་ཏེ། དེ་བས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མི་བསྐྱེད་པ་ནི་བྱང་ཆུབ ་སེམས་དཔའ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ། །རབ་འབྱོར་ཆོས་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསུམ་པ་ལ་གནས་པས་གནས་པར་བྱ་བར་དག་གོ་ཞེས་བྱ་བ་ནི་ཆོས་ལྔ་པོ་དེ་དག་ལ་གནས་ན། ཐེག་པ ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཞི་ལ་གནས་བས་ཆོས་བཅུ་པོ་འདི་དག་ཡོངས་སུ་བླངས་ཤིང་གནས་པར་བྱ་སྟེ། དེ་ལ ་ཡོངས་སུ་གཏང་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པས་སྤྱད་པར་བྱ་བ་བསྟན་པ་སྟེ། དགོན་པ་ལ་གནས་པ་དང་ཞེས་བྱ་བ་ནི་ནགས་ཚོགས་དགོན་པ་ན་གནས་པ་འབའ་ཞིག་ལ་མི་བྱའི། ཉན་ཐོས་དབང? ་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དམན་པ་དན་མ་འདྲེས་པར་གང་ཟག་དང་ཆོས་གཉིག་ལ་བདག་མེད་པར་རྟོགས་ཤིང་ཆོས་གང་ལ་ཡང་དངོས་པོར་མི་འཛིན་པ་ཉིད་སེམས་དཔེན་པ་ལ་གནས་པས་དགོན་པ་ལ་གནས་པ་ཡིན་ནོ། །འདོད་པ་ཆུང་བ་དང་ཞེས ་བྱ་བ་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་ཆགས་པ་དང་འདོད་པ་མི་སྐྱེད་ན། འཇིག་རྟེན་གྱི་ལུས་དང་ལོངས་སྤྱོད་པ་ལ་ལྟ་སྨོས་ཀྱང་ཙི་དགོས་ཏེ། དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལུས ་དང་ལོངས་སྤྱོད་ལ་མ་ཆགས་ཤིང་འདོད་པ་མི་སྐྱེ་བ་ནི་འདོད་པ་ཆུང་བའོ། །ཆོག་ཤེས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཀྱང་དེ་ལ་དངོས་པོར་མི་འཛིན་ཅིང་དེས་རློམ་སེམས་སུ་མི་འགྱུར་ན། འཇིག་རྟེན་གྱི་ལུས ་དང་ལོངས་སྤྱོད་ལ་ཆགས་ཤིང་དེ་བས་ལྷག་པ་གཞན་འཚོལ་བ་ལྟ་ཅི་སྨོས་ཏེ། དེ་ལྟར་སྔ་མ་རྙེད་པ་ཙམ་གྱིས་མཆོག་གིས་གཞན་ལྷག་པ་མི་འཚོལ་བ་ལ་ཆོག་ཤེས་པ་ཞེས་བྱའོ། །སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མི་གཏོང་བ་དང་ཞེས་བྱ་བ་ནི་ཆོས ་ཟབ་མོ་རྟོགས་ནས་ཆོས་རྣམས་ལ་མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་མི་འབྱུང་བར་སྡོམ་པ་མི་གཏོང་བ་སྟེ། དེ་ལྟར་རྣམ་པར་རྟོག་པ་སྦྱོང་བའི་ཡོན་ཏན་དང་ལྡན་པ་ལ་སྦྱངས་པའི་ཡོན་ཏན་ག་ཡི་སྡོམ་པ་ཡོངས་སུ་མི་གཏོང་བ་ཞེས་བྱའི། ཕྱག ་དར་ཁྲོད་པ་ལ་སོགས་པ་འབའ་ཞིག་ལ་ནི་མི་བྱའོ། །བསླབ་པ་ཡོངས་སུ་མི་གཏང་བ་དང་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔས་བསླབ་པ་དོན་དུ་སྒྲུབ་པ་ནི་རྣམ་པར་མི་རྟོག་པར་བསླབ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་བསླབ ་པ་རྣམ་པར་རྟོག་པ་དང་བཅས་པ་རྣམས་ཡིད་ལ་མི་བྱེད་པའོ། །འདོད་པའི་ཡོན་ཏན་ལ་སྨད་པ་དང་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་སྐྱོན་དུ་མཐོང་ཞིང་ཆགས་པའི་སེམས་མི་སྐྱེད་པའོ། །མྱ་ངན་ལས་འདའ་བ་དང ་ལྡན་པའི་སེམས་བསྐྱེད་པ་དང་ཞེས་བྱ་བ་ནི་འཁོར་བའི་རྒྱུར་འགྱུར་བའི་ཆོས་རྣམས་ལ་མངོན་བར་དུ་མི་བྱེད་ཅིང་རྣམ་པར་མི་རྟོག་པའོ། །རྫས་ཐམས་ཅད་ཡོངས་སུ་གཏང་བ་དང་ཞེས་བྱ་བ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་མཚན་མར་མི ་འཛིན་ཅིང་དངོས་པོར་མི་ལྟ་བ་ཉིད་ཡོངས་སུ་གཏོང་བའོ། །སེམས་ཞུམ་པ་མེད་པ་དང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་ལ་སེམས་མི་འབྲང་ཞིང་མ་ཆགས་པ་ལ་སེམས་ཞུམ་པ་མེད་པ་ཞེས་བྱའོ། །དངོས་པོ་ཐམས་ཅད་ལ ་བསྟོད་པ་མེད་པ་སྟེ་ཞེས་བྱ་བ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་དངོས་པོར་མི་ལྟ་ཞིང་ཡིད་ལ་མི་བྱེད་པའོ། །རབ་འབྱོར་ཆོས་བཅུ་པོ་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཡོངས་སུ་གཏོང་བར་མི་བྱ ་ཞིང། ཡང་དག་པར་བླངས་ཏེ་གནས་པར་བྱ་བ་དག་གོ་ཞེས་བྱ་བ་ནི་ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཅུ་པོ་དེ་དག་ལ་གནས་ཤིང་ཡོངས་སུ་མ་བཏང་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན ་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་དྲུག་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་གནས་པས། བྱང་ཆུབ ་སེམས་དཔའ་ཨི་སྐྱོན་དུ་འགྱུར་པའི་ཆོས་རྣམས་ཡོངས་སུ་སྤང་བར་བྱ་བ་བསྟན་པ་སྟེ། ཁྱིམ་པ་དང་བརྟེན་པ་ཡོངས་སུ་སྤང་པར་བྱ་བ་དང་ཞེས་བྱ་བ་ནི་སྐབས་འདིར་ཁྱིམ་པ་དང་ལྷན་ཅིག་ཏུ་འགྲོགས་པ་སྡང་པར་བྱ་བ་འབའ་ཞིག་ལ་ནི་མི་བྱའི། ་ཁྱིམ་གྱི་གནས་འདུ་འཇི་ཅན་སྤངས་ཏེ། རབ་ཏུ་བྱུང་ནས་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་དུར་སྨིག་བགོས་ཏེ། སེམས་ཅན་ག་ཡི་དོན་སྤྱད་པར་བྱ་བའི་ཁྱིམ་གྱི་གནས་བརྟེན་པར་མི་བྱའོ་ཞེས་བསྟན་པའོ། །དགེ་སློང་མ་དང་བསྲེག་པ་དང་ཞེས་བྱ་བ་ནི་འདོད་པའི་འདོད ་ཆགས་ལ་ཆགས་པ་དང། གོས་ལ་སོགས་པ་ཟང་ཟིང་ལ་ཆགས་པའི་སེམས་ཀྱིས་དགེ་སློང་མ་དང་སེ་གོལ་གཏོགས་པ་ཙམ་ཡང་ལྷན་ཅིག་ཏུ་གནས་པར་མི་བྱ་བ་བསྟམ་པའོ། །རིགས་ལ་སེར་སྣ་མེད་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བདག ་ཉིད་རྒྱལ་རིགས་དང། བྲམ་ཟེ་དང། ཁྱིམ་བདག་གི་རིགས་གང་གི་ཁྱིམ་དུ་ཆུད་ཅིང་རྙེད་པ་དང་བཀུར་སྟི་བྱས་པའི་ཁྱིམ་དེར་གཞན་དག་ཆུང་ཅིང་རྙེད་པ་དང། བཀུར་སྟི་བྱས་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། སེམས་ཅན་འདི་དག་བདག་གིས?་བདེ་བའི ་ཡོ་བྱད་ཐམས་ཅད་སྦྱར་བའི་རིགས་པ་ལས། སེམས་ཅན་དེ་དག་བདག་ཅག་རང་རང་གི་བསོད་ནམས་ཀྱིས་བདེ་བར་འགྱུར་ན་དེ་ལ་བདག་གིས་སོར་སྣ་དང་ཕྲག་དོག་མི་བྱའོ་སྙམ་དུ་སེམས་ཤིང་ཕྲ་དོག་མི་སྐྱེད་པའོ། །འདུ་འཇིའི་གནས་དང་ཞེས་བྱ་བ་ནི ་སྐབས་འདིར་མི་མང་པོའི་འདུ་འཇི་སྤང་བ་འབའ་ཞིག་ལ་མི་བྱའི། གང་ན་ཉན་ཐོས་དང་རང་སངས་རྒྱས་ཡོད་པ་འམ་ཉན་ཐོས་སམ་རང་སངས་རྒྱས་ཀྱི་ཐེག་པའི་གཏམ་ཟེར་བ་ཡོད་པ་འམ། ཉན་ཐོས་དང་དང་སངས་རྒྱས་ཀྱི་ཐེག་པའི་སེམས་སྐྱི་བར ་འགྱུར་བའི་གནས་དེ་ལྟ་བུར་བྱང་ཆུབ་སེམས་དཔའ་གནས་པར་མི་བྱ་བ་ལ་འདུ་འཛིའི་གནས་ཡོངས་སུ་སྤང་པ་ཞེས་བྱའོ། །གནོད་སེམས་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ལ་གནོད་པ་དང། འཚེ་བར་འགྱུར་བའི་སམས ་སམ། འཐབ་མོ་དང་རྩོད་པར་འགྱུར་བའི་སེམས་མི་བསྐྱེད་པ་ལ་གནོད་སེམས་ཡོངས་སུ་སྤང་བ་ཞེས་བྱའོ། །བདག་བསྟོད་ཅིང་གཞན་སྤྲོད་པ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་བདག་དང་གཞན་དུ་བྱེ་བྲག་ཏུ་མི ་འབྱེད་ཅིང་ཐ་དང་དུ་མི་ལྟ་བའོ། །ཆོས་དྲུག་པོ་དེ་དག་ནི་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ནི་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་དྲུག་པོ་དེ་དག་ཡོངས་སུ་སྤངས་ན་ཐེག་པ་ཆེན་པོས་ཡང་དག་པར་ཞུགས ་པ་ཡིན་ནོ། །ཞེས་བསྟན་པའོ། །ཡང་ཆོས་བཅོ་བརྒྱད་ཡོངས་སུ་སྤང་བར་བྱ་སྟེ་ཞེས་བྱ་བ་ནི་ས་ལྔ་པ་ལ་གནས་པས་སྤང་བར་བྱ་བའི་ཆོས་དྲུག་པ་དེ་དག་ཏུ་མ་ཟད་ཀྱི། གཞན་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང། ལྷག་པའི་ང ་རྒྱལ་ལ་སོགས་པ་ཆོས་བཅོ་བརྒྱད་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བསྟན་པའོ། །འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ནི་ལུས་ཀྱིས་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར ་སྤྱོད་པ་དང། ངག་གིས་བརྫུན་དུ་སྨྲ་བ་དང། ཕྲ་མ་ཟེར་བ་དང། དག་རྩུབ་མོ་དང། ཚིག་ཁྱལ་བ་ཟེར་བ་དང། ཡིད་ཀྱིས་ལོག་པར་ལྟ་བ་དང། གནོད་སེམས་དང། ཆགས་སེམས་བསྐྱེད་པ་སྟེ། ཆོས་བཅུ་པོ་འདི་དག་སྤྱད་ན་བདེ་འགྲོ་ཐོབ་པར ་བྱ་བ་ལ་ཡང་པར་དུ་གཅོད་པར་འགྱུར་ན། འཕགས་པའི་ལམ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱ་བ་ལྟ་སྨོས་ཀྱང་མི་དགོས་སྙམ་ནས། མི་དགེ་བ་བཅུའི་ལས་ཀྱི་བག་ཆགས་ཡང་ཆད་ཀྱང་ཡོངས་སུ་སྤོང ་པའོ། །ལྷག་པའི་ང་རྒྱལ་དང་ཞེས་བྱ་བ་ནི་རིགས་བཙུན་པ་དང། མང་དུ་ཐོས་པ་ལ་སོགས་པ་ཡོན་ཏན་གང་གིས་ང་རྒྱལ་སྐྱེ་བར་འགྱུར་བའི་ཆོས་དེ་ལྟ་བུ་དོན་དམ་པར་གང་ཡང་དངོས་པོ་ཡོད་བར་མི་ལྟ་བས་དེའི་ཕྱིར་བདག་ཡོན་ཏན་འདི ་ལྟ་བུས་གཞན་ལས་ལྷག་གོ་སྙམ་པའི་ང་རྒྱལ་སྐྱེ་བ་མེད་པ་ལ། ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བ་ཞེས་བྱའོ། །ཁངས་པ་དང་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་བརྙས་པའི་སེམས་ཀྱིས་ཁེངས་བ་སྐྱེས་ཏེ། དེ་ལྟར་བརྙས་པའི་བྱ་བའི ་དངོས་པོ་དེ་ལྟ་བུ་དོན་དམ་པར་མི་དམིགས་པའི་ཕྱིར་ཁེངས་པ་ཡོངས་སུ་སྤོང་བའོ། །ཕྱིན་ཅི་ལོག་རྣམས་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པའི་རང་བཞིན་ཡིན་པ་ལས་དངོས་པོ་ཡོད་པར་ལྟལ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཕྱིན་ཅི་ལོག་ཡིན་ཏེ། ཆོས་ཐམས ་ཅད་ལ་དངོས་པོ་ཡོད་པར་མི་ལྟ་བ་ནི་ཕྱིན་ཅི་ལོག་ཡོངས་སུ་སྤོང་བའོ། །ཐེ་ཚོམ་དང་ཞེས་བྱ་བ་ནི་དེ་བཞིན་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡིད་གཉིས་མི་ཟ་བའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཉམས་བཅས་སུ་མི ་འདོར་བ་ཞེས་བྱ་བ་ནི་དངོས་པོ་གང་ལ་ཆགས་པ་དང། ཞེ་སྡང་དང་གཏི་མུག་པར་འགྱུར་བའི་དངོས་པོ་དང། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོད་པས་དེ་དདྒ་ཉམས་རངས་སུ་མི་གཏོང་བའོ། །ཆོས་བཅོ་བརྒྱ ་བོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་གནས་པས་སྐྱོན་དུ་འགྱུར་བའི་ཆོས་བཅོ་བརྒྱད་པོ་འདི་རྣམས་ཡོངས་སུ་སྤངས་ན་ཐེག་པ་ཆེན ་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། ས་དྲུག་པ་ལ་གནས ་པའི་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང། ཆོས་དྲུག་ཡོངས་སུ་སྤང་?་བྱ་བ་བསྟན་པ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ན་ཤེས་པར ་བྱ་བ་ཐམས་ཅད་ཀྱི་མཐར་ཐུག་པར་འགྱུར་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། ཞེས་བྱ་བ་ནི་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ ་རྫོགས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། བྱང་ཆུབ་སེམས་དཔའ་ཨི་སྐྱོན་དུ་འགྱུར་བའི་ཆོས་དྲུག་ཀྱང་ཡོངས་སུ་སྤང་བར་བྱའོ། །ཞེས་བསྟན་པ་སྟེ། །ཞེས་བསྟན་པ་སྟེ། དེ་དག་ཀྱང་རང་ལོག་ཏུ་ཟད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མི་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པས་བྱ་བ་མ་ཡིན་པ་དང། ཡོངས་སུ་རྫོགས་པར་བྱ་བའི་ཆོས་རྣམས་བསྟན་པ་སྟེ། དེ་ལ་བདག་ཏུ་འཛིན། ་པ་དང་སེམས་ཅན་དུ་འཛིན་པ་དང་སྲོག་ཏུ་འཛིན་པ་དང། གང་ཟག་ཏུ་འཛིན་པ་བཞི་མི་བྱའོ་ཞེས་སྨོས་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་ཏ་བ་རྣམས་ནི་ས་དང་པོ་ལ་སྤངས་ཟིན་པས་སྐབས་འདིར་དེ་དག་སྤངས་པ་ལ་ནི་མི་བྱའི། །ས་བདུན་པའི་བྱང་ཆུབ ་སེམས་དཔའ་མཚན་མ་མེད་པ་ལ་གནས་པ་ཡིན་པའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཡང་བདག་ཏུ་ལྟ་བ་ལ་སོགས་པའི་མཚན་མར་གཟུང་བར་མི་བྱ་བ་བསྟན་པའོ། །ཆད་པ་འཛིན་པ་དང། རྟག་པ་འཛིན་པར་མི་བྱ་བ་ནི་ཆོས་ཐམས་ཅད་སྐྱེ ་བ་དང། འགག་པ་མེད་པར་རྟོགས་པའི་ཕྱིར་རོ། །མཚན་མར་འདུ་ཤེས་སུ་མི་བྱའོ། །ཞེས་བྱ་བ་ནི་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་ལ་གནས་པ་ཡིན་པས་མཚན་མའི་འདུ་ཤེས་བྱུང་ན་བྱང་ཆུབ་སེམས་དཔའ་ཨི ་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །རྒྱུན་ལྟ་བ་དང་ཞེས་བྱ་བ་ནི་རྒྱུ་ལས་འབྲས་བུ་འབྱུང་བར་ལྟ་བའི་མཚན་མ་དང་ཡང་བྲལ་བའི་ཕྱིར་རོ། །མིང་དང་གཟུགས་དང། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང། ཁམས་གསུམ་ལ་མངོན་བར་ཆགས ་པར་མི་བྱ་བ་ནི་དོན་དམ་པར་དེ་དག་དངོས་པོ་ཡོད་པར་མ་གྲུབ་པའི་ཕྱིར་རོ། །ཁམས་གསུམ་ལ་མངོན་བར་ཆགས་པ་དང། མངོན་བར་ཞེན་པ་དང། བརྟེན་པ་དང་གནས་པ་ནི་མངོན་བར་ཆགས་པའི་རྣམ་གྲངས་སུ་ཟད་དོ། །སངས་རྒྱས་ལ ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ་ལ་དངོས་པོར་ལྟ་བ་ལ་བརྟེན་པས། སངས་རྒྱས་མཐོང་བར་མི་འགྱུར་ཏེ་སངས་རྒྱས་ནི་ཆོས་ཉིད་དུ་ལྷའོ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་ལ ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་ཞེས་བྱ་བ་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་ཐོབ་པར་བྱ་བའི་ཆོས་སྟོབས་དང། མི་འཇིགས་པ་ལ་སོགས་པ་ལ་དངོས་པོར་ལྟ་བས་ཆོས་ཀྱི་ཆོས་ཉིད་མཐོང་བར་མི་འགྱུར་ཏེ། དེ་བས་ན ་ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་བར་ཆགས་བར་མི་བྱའོ། །དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་ཞེས་བྱ་བ་ནི་འཕགས་པའི་དགེ་འདུན་དང། སོ་སོའི་སྐྱེ་བོའི་དགེ་འདུན་ལ་དངོས་པོར་ལྟ་བ་ལ་ཆགས་ན་མཚན་མར་འཛིན་པ་ལ ་ཆགས་པས་ཡང་དག་པར་དགེ་འདུན་མཐོང་པར་མི་འགྱུར་གྱི། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་བལྟས་ལ་དོན་དམ་པར་དེ་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པར་བྱའོ་ཞེས་བསྟན་པའོ། །ཚུལ་ཁྲིམས་ལ་བརྟན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང། ཉན་ཐོས་ཀྱི་སྡོམ་པ་རྣམས་ལ་དངོས་པོ་ལྟ་ཞིང་མཚན་མར་འཛིན་ན་ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་གྱི། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་བལྟས་ལ། དོན་དམ་པར་ངེ་ལ་ཡང་དངོས་པོར་མི་ལྟ ་ཞིང་མཚན་མར་མི་འཛིན་ན་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་ཏེ། དེ་བས་ན་ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་བར་མི་བྱའོ། །ཆོས་ཐམས་ཅད་སྟོང་ངོ་ཞེས་ཞུམ་པར་འགྱུར་བ་དང་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས ་ཅད་དངོས་པོ་མེད་དེ་སྟོང་ཡང་ལས་ལེགས་ཉེས་ཀྱི་འབྲས་བུ་སྐྱིད་སྡུག་ཀྱང་མེད་དོ་ཟཉམ་ནས་སྟོང་པས་སྐྲག་ཅིང་སེམས་ཞུམ་པར་མི་བྱ་སྟེ། ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་མེད་བ་མ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་དང་འགལ་བ་སྟེ་ཞེས་བྱ་བ་ནི་སྟོང་པ ་ཉིད་ཅེས་བྱ་བཱི་ཆོས་ཤིག་གུད་ན་ཡོད་ན་ནི། ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བ་དེ་སྟོང་པ་ཉིད་ཀྱི་རང་བཞིན་མེད་པ་མ་ཡིན་པས་འགལ་བར་ཡང་འགྱུར་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའི་ནང་དུ་སྟོང་པ་ཉིད་ཀྱང་མེད ་བར་འདུས་པས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ་འགལ་བ་མེད། དེ་བས་ན་སྟོང་པ་ཉིད་དང་འགལ་བར་མི་བྱེད་དོ། །རབ་འབྱོར་ཆོས་ཉིད་ཤུ་པོ་དེ་དག་ནི་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནི་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ ་ཆོས་ཉི་ཤུ་པོ་དེ་དག་མ་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །དེས་ཆོས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཉི་ཤུ ་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་སྟེ། སྟོང་པ་ཉིད་རྫོགས་པར་བྱ་བ་དང་ནི་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱང་ཡོད་པར་མི་ལྟའོ། །མཚན་མ་མེད་པ་མངོན་དུ་བྱ་བ་དང་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དང་གི་མཚན་ཉིད་ཀྱིས་སྟོང ་པས་མཚན་མ་གང་ཡང་ཡིད་ལ་མི་བྱེད་པའོ། །སྨོན་པ་མེད་པ་ཞེས་བྱ་བ་དང་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ལ་མ་ཆགས་ཤིང་མ་སྨོན་པའོ། །འཁོར་གསུམ་ཡོངས་སུ་དག་པ་དང་ཞེས་བྱ་བ་ནི། སྐབས་འདིར་ལུས་དང་ངག་དང་ཡིད ་གསུམ་གྱི་སྒོ་ནས་ཉེ་བ་དང། སྐྱོན་མི་འབྱུང་བར་དགེ་བ་བཅུ་ཡོངས་སུ་རྫོགས་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །སེམས་ཅན་དེ་དག་ལ་བརྙས ་པར་མི་བྱ་བ་དང། ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་བྱམས་པ་ཆེན་པོ་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་བརྙེས་ཤིང་སྨད་པར་མི་བྱེད་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་དང་ཞེས་བྱ་བ་ནི་འཁོར་བ་དང་མྱ་ངན་ལས་འདས་པ? ་གཉིས་བྱེ་བྲག་ཏུ་མི་འབྱེད་ཅིང་བླང་དོར་མེད་པར་ལྟ་བའོ། །ཡང་དག་པའི་ཚུལ་རབ་ཏུ་རྟོགས་ཤིང་དེས་རློམ་སེམས་དུ་མི་བྱ་བ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་རང་བཞིན་དུ་ཚུལ་གཅིག་ཏུ་རྟོ་གས་ཤིང། དེ་ལྟར་རྟོགས་ཀྱང་རྟོགས ་པར་བྱ་བ་དང། རྟོགས་པར་བྱེད་པ་གཉིས་དམིགས་སུ་མེད་པས་རྟོགས་པ་མེད་པར་ཤེས་བའོ། །མི་སྐྱེ་བ་ལ་བཟོད་པ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། འགག་པ་མེད་པར་རྟོགས་པར་ནུས་ཤིང་སྐྱེ་བ་མེད་པ་དང་འགག་པ་མེད་བས་མི ་སྐྲག་བའོ། །མི་སྐྱེ་བ་ཞེས་པ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་སྐྱེ་བར་བཟོད་བའི་འོག་ཏུ་ཆོས་ཐམས་ཅད་མི་སྐྱེ་བར་ཤེས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་འབྱུང་བའོ། །ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་དང་ཞེས་བྱ་བ་ནི་ཆོས་ཐམས་ཅད ་མེད་པ་དང། རྟག་པ་དང། མི་རྟག་པ་ལ་སོགས་པ་མཛའ་གཉིས་མེད་པ་དང། རྟག་པ་དང། མི་རྟག་པ་ལ་སོགས་པ་མཛའ་གཉིས་སུ་མི་སྟོན་པའོ། །རྟོག་པ་ཡང་དག་བར་བསལ་བ་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས ་བ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ལ་མཚན་མར་འཛིན་ཅིང་རྣམ་པར་རྟོག་པ་མེད་པའོ། །ལྟ་བ་རྣམ་པར་ཟློག་པ་དང་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་དམན་པ་ལས་ལྡོག་པའོ། །ཉོན་མོངས་པ་རྣམ་པར་ཟློག་པ་དང་ཞེས་བྱ་བ་ནི་ཉོན ་མོངས་པའི་བག་ཆགས་ཀྱིས་དབང་གིས་འཁོར་བར་སྐྱེ་བའི་ཉིད་མཚམས་སྦྱོར་བ་མེད་བའོ། །ཞི་གནས་དང་ལྷག་མཐོང་གི་ས་དང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཏིང་ངེ་འཛིན་ལས་ཀྱང་མ་ཉམས་ལ། ལྷག་མཐོང ་གིས་ཆོས་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་དུ་མཁྱེན་པའོ། །དུལ་བའི་སེམས་དང་ཞེས་བྱ་བ་ནི་ཁམས་གསུམ་གྱི་དངོས་པོ་ལ་སེམས་མ་ཡོངས་ཤིང་མ་ཆགས་པའོ། །ཞི་བའི་སེམས་དང་ཞེས་བྱ་བ་ནི་དབང་པོ་དག་ཡུལ་དྲུག་ལ་མ་འཕྲོས་ཤིང ་མ་ཡེངས་བའོ། །ཐོགས་པ་མེད་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་སྤྱན་གྱིས་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཐག་ཐོགས་མེད་པར་མཁྱེན་བའོ། །བྱམས་པའི་སྐབས་ཤེས་པ་དང་ཞེས ་བྱ་བ་ནི་སོ་སོའི་སྐྱེ་བོའི་བྱམས་པ་ལྟར་ཕྱོགས་གཅིག་ལ་བྱམས། ཕྱོགས་གཅིག་ལ་སྡང་བ་ནི་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་ཤིང་བཏང་སྙོམས་འཇུག་པའོ། །གང་དུ་འདོད་བའི་ཞིང་དུ་འགྲོ་བ་ལྟེ་ཞེས་བྱ་བ་ནི ་སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཡོད་པ་དེ་དག་ཏུ་བདག་གིས་ལུས་སྟོན་ཅིང་འགྲོ་བའོ། །རབ་འབྱོར་ཆོས་ཉི་ཤུ་བོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ ་ལ་གནས་བས་ཡོངས་སུ་རྫོགས་པར་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པས། ཆོས་དེ་དག་ཡོངས་སུ་རྫོགས་པར་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རང་འབྱོར ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། ས་བརྒྱད་བ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་རྫོགས ་བར་བྱ་བའི་ཆོས་རྣམས་བསྟན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་ཐང་ཅིག ་ལ་དུས་གཅིག་ཏུ་ཤེས་བའོ། །མངོན་པར་ཤེས་པས་རྣམ་པར་རྩེ་བ་དང། ཞེས་བྱ་བ་ནི་མངོན་པར་ཤེས་པའི་དབང་གིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྫུ་འཕྲུལ་གྱིས་རྒྱུ་ཞིང་སངས་རྒྱས་རྣམས་ལྟ་བའི་ཕྱིར་འགྲོ་བའོ། ། ་སངས་རྒྱས་ཀྱི་ཞིང་ལྟ་ཞིང་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་དེ་དག་ཡོངས་སུ་སྒྲུབ་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་སངས་རྒྱས་ཀྱི་ཞིང་གཅིག་ན་འདུག་ཅིང། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་མཐོང་བར་བྱས་ནས་ཇི་ལྟར་མཐོང་བའི ་སངས་རྒྱས་ཀྱི་ཞིང་དེ་དག་བསྒྲུབ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་སྲིད་ཀྱང་ཡོངས་སུ་བཏང་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་གནས་པར་བྱེད་པའོ། །སངས་རྒྱས་ལ་བསྙན་བཀུར་ཞིང་སངས་རྒྱས་ཀྱི་སྐུ་ཡང་དག ་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་གདགས་བའི་ཕྱིར། དམ་པའི་ཆོས་ཡོངས་སུ་སྨིན་པར་བྱེད་ཅིང། ཆོས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པའོ། །རབ་འབྱོར་བཞི་པ་དེ་དག་ན་ཡོངས་སུ ་རྫོགས་བར་བྱ་བའི་ཆོས་སོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས་ཆོས་དེ་བཞི་ཡོངས་སུ་རྫོགས་བར་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་མེད་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས། གཞན་ཡང་ཆོས་རྣམ་པ་བཞི་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་སྟེ། ་དབང་པོ་རབ་དང་ཐབ་ཤེས་པ་དང་ཤེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་སྦྱོང་བ་ལ་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚེ། སེམས་ཅན་ཆོས་ཟབ་མོའི་སྣོད་དུ་གྱུར་ཏམ། མ་གྱུར་བའི་དབང་པོ་རབ་དང་ཐ་མ ་རབ་ཏུ་རྟོག་པ་ལ་མཁས་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱད་པ་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་བའི་གཞི་འམ་རྒྱུ་ཡིན་པའི་ཕྱིར་སེམས་ཅན་གྱི་སེམས་ཡོངས་སུ་དག་པར་བྱེད་པ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ ་ཞེས་བྱའོ། །སྒ་ཡུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་མཉམ་པར་བཞག་པར་བྱ་བ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་བས་ཕྱི་རོལ་གྱི་དངོས་པོ་མི་བརྩོན་པར་ཏིང་ངེ་འཛིན ་ལ་མཉམ་པར་བཞག་པ་ཙམ་གྱིས་སེམས་ཀྱི་དབང་དུ་གྱུར་བས་བྱ་བ་ཐམས་ཅད་བྱེད་ནུས་པའོ། །སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་སྒྲུབ་བའི་ཕྱིར་ཆེད་དུ་བསམས་ཤིང་སྲིད་པ་ཉེ ་བར་ལེན་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལྷ་དང་མི་དང་ལྟ་མ་ཡིན་ལ་སོགས་པའི་ལུས་དག་གིས་སེམས་ཅན་རྣམས་ཀྱི་ལུས་སྒྲུབ་ནུས་ཤིང། སེམས་ཅན་གྱི་དགེ་བ་འཕེལ་བར་འགྱུར་བ་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང ་བླངས་ཏེ་སེམས་ཅན་གྱི་དོན་མཛད་པའོ། །རབ་འབྱོར་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པའི་ཡོངས་སུ་རྫོགས་པར་བྱ་བའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་གནས་པས ་ཆོས་བཞི་པོ་འདི་དག་ཀྱང་ཡོངས་སུ་རྫོགས་པར་བྱས་ན། ཐེག་པ་ཆེན་པོ་ལ་ཡང་དག་བར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས ་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་སྟེ། འདི་ལྟར་སྨོན་ལམ་མཛའ་ཡས་པ་ཡོངས་སུ་གཟུང་བ་སྟེ། ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར ་ཕུན་སུམ་ཚོགས་པར་འགྱུར་བ་དང་ཞེས་བྱ་བ་ནི་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པས་བྱང་ཆུབ་སེམས་དཔའ་ཨི་སློམ་ལམ་རྒྱ་ཆེན་པོ་བདག་དང་གཞན་གྱི་དོན་ཕུན་སུམ་སོགས? ་པར་བྱ་བའི་ཕྱིར་ཇི་ལྟར་སྨོན་པ་དེ་བཞིན་དུ་འགྲུབ་པའོ། །ལྷ་དང་ཀླུ་དང། གནོད་སྦྱིན་དང་དྲི་ཟ་དང་ལྷ་མེ་ཡིན་དང། ནམ་མཁའ་ལྡིང་དང་མི་འམ་ཅིང་ང་ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་དང་ཞེས་བྱ་བ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས། ལྷ་དང་ཀླུ་ལ ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་ཤིང་དེ་དག་གི་སྐད་དུ་ཆོས་སྟོན་པའོ། །ཡོངས་སུ་རྫོགས་པའི་སྤོབས་པ་དེས་པར་བསྟན་པར་ཤེས་པ་དང་ཞེས་བྱ་བ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་ལྡན་པས། བདུད་དང་མུ་སྟེགས་ཅན་ལ ་སོགས་པ་ཕས་རྒོལ་བ་རྣམས་ཐུལ་བ་དང། རྒྱལ་རིགས་ཆེ་ཞིང་བཙུན་པ་ལ་སོགས་པའི་འཁོར་དུ་ཆོས་སྟོན་པ་ལ་སྤ་མི་འནོན་བའི་སྤོབས་པ་དང་ལྡན་པའོ། །མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་ས ་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་ན་ཡང། ཉོན་མོངས་པའི་དབང་གིས་མའི་མངལ་དུ་མི་སྐྱེ་བར་ཚེ་རབས་ཐམས་ཅད་དང་བརྫུས་ཏེ་སྐྱེ་བའོ། །རིགས་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་དམ་པའི ་ཆོས་སྤྱོད་ནུས་པའི་སྣོད་དུ་གྱུར་བའི་རིགས་བཟང་པོར་སྐྱེ་བའོ། །རྒྱུད་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་རྒྱལ་རིགས་ཆེ་ཞིང་མཐོ་བ་དང་བྲལ་ཟའི་རིགས་ཆེ་ཞིང་མཐོ་བའི་རྒྱུད་དུ་སྐྱེ་བའོ། །རུས་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་དུས་དང ་རིགས་གང་གི་ནང་དུ་སྔོན་བྱང་ཆུབ་སེམས་དཔའ་བྱུང་བར་གྱུར་བའི་རིགས་དེར་སྐྱེས་པའོ། །འཁོར་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ལ་བཀོད ་བས་བྱང་ཆུབ་སེམས་དཔའ་ཨི་འཁོར་དང་ལྡན་པར་གྱུར་པའོ། །ཚེ་ཕུན་སུམ་ཚོགས་པ་དང་ཤེས་བྱ་བ་ནི་ས་དགུ་པའི་བྱང་ཆུབ་སེམས་དཔའ་ནི་སྐྱེས་མ་ཐག་ཏུ་སྔོན་གྱི་བསོད་ནམས་ཀྱིས་མཐུས་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་རྣམས་དང་ཀྱི་སྣང་བས ་ཁྱབ་ཅིང། འཇིག་རྟེན་གྱི་ཁམས་དེ་དག་རྣམ་པ་དྲུག་ཏུ་གཡོ་བར་འགྱུར་བའོ། །མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་རབ་ཏུ་འབྱུང་བའི་ཚེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང ་དུ་མ་དང་ལྷན་ཅིག་ཏུ་རབ་ཏུ་འབྱུང་སྟེ། རབ་ཏུ་བྱུང་བའི་སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་གནས་པར་འགྱུར་བའོ། །བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་ཤིང ་དྲུང་དུ་མངོན་པར་འཚང་རྒྱ་བའི་བྱང་ཆུབ་ཀྱི་ཤིང་གི་རྩ་བ་ནི་གསེར་གྱི་རྒྱུ་ལས་བྱས་པ། ལྷུན་ནི་བཻ་རཱུ་རྱའི་རང་བཞིན་དུ་འདུག་པ། ཡལ་ག་ནི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། མེ་ཏོག་དང་ལོ་མ་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་ཡིན ་ལ། ཤིང་དེའི་དྲི་ཞིམ་པོ་དང་འོད་བཟང་པོས་ནི་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་ཁྱབ་པར་འགྱུར་བའོ། །ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །རབ་འབྱོར་ཆོས་བཅུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་བ་ལ་གནས་པའི་ཡོངས་སུ་རྫོགས་པར་བྱ་བའོ་ཞེས་བྱ་བ་ནི་ས་དགུ་པ་ལ ་གནས་པའི་བྱང་ཆུབ་སེམས་དཔས་ཆོས་བཅུ་གཉིས་པོ་དེ་དག་ཡོངས་སུ་རྫོགས་པར་བྱས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ས་བཅུ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་བྱ་བ་ལས་ས་བཅུ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་ཤིང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར ་རིག་པ་བཞི་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་དྲེས་པ་བཅོ་བརྒྱད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ལ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས ་ཡན་ཚད་སྤངས་པས་སངས་རྒྱས་དང་འདྲ་བའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པ་ནི་གོང་དུ ་ས་བཅུ་རེ་རེ་ལ་ཡོངས་སུ་སྦྱར?་ཞིང་རྫོགས་པར་བྱ་བ་དང། སྤང་བར་བྱ་བའི་ཆོས་རྣམས་མདོར་སྨོས་པ་དེ་དད་རེ་རེ་ནས་ཞིབ་ཏུ་དགོས་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལ་སོགས་པ ་ཡོངས་སུ་སྦྱར་བ་གང་ལགས་ཞེས་བྱ་བ་ནི་དང་པོར་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱང་བ་མདོར་བཤད་པ་དེ་ཉིད་ཞིབ་ཏུ་བཤད་པའི་ཕྱིར། ལྷག་པའི་བསམ་པ་ལ་སོགས་པ་དེ་དག་ཇི་ལྟར་ཡོངས་སུ་སྤྱད་པར་བགྱི་ཞེས་བཅོམ་ལྡན་འདས་ལ ་རབ་འབྱོར་གྱིས་ཞུས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དགེ་བའི་རྩ་བ་མང་པོ་ཡང་དག་པར་སྡུད་པ་འདི ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལ་སོགས་པ་ཡོངས་སུ་སྦྱང་བའོ་ཞེས་བྱ་བ་ནས། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ཡོངས་སུ་སྦྱང་བ་བཅུ ་པོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པས་ཡོངས་སུ་སྦྱང་པར་བྱ་བའི་ཆོས་བཅུ་གོང་དུ་མདོར་སྨོས་པའི་འགྲེལ་བ་སྟེ། དེ་དག་གི་དོན་ནི་སྔར་བཤད་པ་བཞིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན། ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་པའོ་ཞེས་བྱ་པའི་བར་དུ་ནི། ས་གཉིས་པ་ལ་གནས ་པའི་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་ཡིད་ལ་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མི་དམས?་པ་གང་ཞེ་ན། ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ། །ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དགོན་པ་ན་གནས་པ་ཡོངས་སུ་མི་གཏང་བ་གང་ཞེ་ན་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་བལྟོས་པ་མེད་པའི་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས ་བཞི་པ་ལ་གནས་པས་ཆོས་བཅུ་ཡོངས་སུ་བླང་ཞིང་གནས་པར་བྱ་བ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་གང་ཞེན་ཞེས་བྱ་བ་ནས། འདི་ནི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཉམས་རངས་སུ་མི་འདོར་བའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་གནས་པས་ཆོས་དྲུག་དང་བཅོ་བརྒྱད་ཡོངས་སུ་སྤང་བར་བྱ་བ་གོང་དུ་མདོར ་སྨོས་པའི་འགྲེལ་པའོ། །དེ་ལས་ས་དྲུག་ལ་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་གང་ཞེ་ན་ཞེས་བྱ་བ་ནས། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས་ཐོག་མ་སེམས་བསྐྱེད་ནས་ཁ་ཟ་ཡག་གི་སེམས་སུ་མི་བྱའོ། །སྦྱིན་པ་ཡོངས་སུ ་གཏང་བར་བྱའོ། །ཞེས་བྱ་བའི་བར་དུ་ནི། བྱང་ཆུབ་སེམས་དཔའ་ས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང། ཆོས་དྲུག་ཡོངས་སུ་སྤང་པར་བྱ་བ་མདོར་སྨོས་པའི་འགྲེལ་པ་སྟེ། གཞན་གྱི་གོང་དུ་བཤད་པ་བཞིན་ནོ། །ཤེས་པར་བྱ་བ ་ལྔའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པ་ལས་ཤེས་པར་བྱ་བ་ཐམས་ཅད་ལ ་ཐོགས་པ་མེད་པའི་ཡེ་ཤེས་བརྙེས་པར་གྱུར་ཏེ། ཤེས་པར་བྱ་བའི་ནང་ན་ཡང་འདས་པ་དང་མ་འོངས་པའི་དུས་ཡུན་རིང་པོ་ནས་སེམས་ཅན་དང་སེམས་ཅན་མ་ཡིན་པའི་དངོས་པོ་རྣམས་སྡར་ཅིར་གྱུར་བ་དང། ཕྱིས་ཅིར་འགྱུར་བ་དང། ད་ལྟར་གྱི་དངོས་པོ ་བརྟག་ཅིང་བལྟ་དཀའ་བ་རྣམས་དང་།དོན་དམ་པའི་དབྱིངས་ཚིག་གིས་བརྗོད་པའི་ཡུལ་མ་ཡིན་པ་དང། འདུས་མ་བྱས་པའི་དབྱིངས་དང་ཤེས་པར་བྱ་བའི་དངོས་པོ་འདི་ལྔ་ཟབ་ཅིང་བརྟག་དཀའ་སྟེ། གཞན་གྱིས་མཐར་ཕྱིན་པར་མི་ནུས་པའི་ཕྱིར་རྒྱ་མཚོ ་དང་འདྲ་བས་ཤེས་བར་བྱ་བ་ལྔའི་རྒྱ་མཚོ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པར་བྱ་བ་ལྔའི་རྒྱ་མཚོ་མཐར་ཕྱིན་པར་བཤད་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པའི་ཚེ་ལ་མི་བྱའི། ཐེག་པ་གཅིག་ཏུ་བཤད ་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆ་ལ་བྱའོ། །ཁ་ཟ་ཡག་གི་སེམས་སུ་མི་བྱ་ཞེས་བྱ་བ་ནི་སྟོང་པ་འམ་དོན་མེད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མི་བྱ་ཞེ་ན། ཞེས་བྱ་བ་ནས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དུ་འདོད་པའི་ཞིང་དུ་འགྲོ་བ་གང་ཞེ་ན། འཁོར་གྱི་དཀྱིལ་འཁོར་དེ་དང་དེ་དང་དེ་དག་ཏུ་ལུས་སྟོན་པའོ་ཞེས་བྱ་བའི་བར་དུ་ནི་བྱང ་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པས་བདག་ཏུ་འཛིན་པ་ལ་སོགས་པ་ཆོས་ཉི་ཤུ་མི་བྱ་བ་དང། སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ལ་སོགས་པ་ཆོས་ཉི་ཤུ་ཡོངས་སུ་རྫོགས་པར་བྱ་བ་གོང་དུ་མདོར་སྨོས་པའི ་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པ་གང་ཞེ་ན་ཞེས་བྱ་བ་ནས། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པ ་ཡིན་ཞེ་ན། འདི་ལྟ་སྟེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་རྣམ་པ་གཉིས་ཡོངས་སུ་རྫོགས་པར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ཞེ་ན། ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ ་ཚོགས་པའོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ས་དགུ་པ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་བ་གོང་དུ་མདོར་སྨོས་པའི་འགྲེལ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅུ་པ་ལ་གནས་པ་དེ་བཞིན ་གཤེགས་པ་ཉིད་ཅེས་བྱ་བ་གང་ཞེ་ན། ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ་ཞེས་བྱ་བའི་བར་དུ་ནི་ས་བཅུ་པ་ལ་གནས་པའི་བྱང་ཆུབ ་སེམས་དཔའ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་གོང་དུ་མདོར་སྨོས་པའི་འགྲེལ་པ་སྟེ། དེ་དག་གི་དོན་ཀྱང་གོང་དུ་མདོར་སྨོས་པའི་སྐབས་ཉིད་དུ་བཤད་ཟིན་ཏོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་གང ་ན་ཞེས་བྱ་བ་ནས། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུའོ་ཞེས་བྱ་བའི་བར་དུ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་གོང་དུ་སྨོས་པ་ས་བཅུ་ལ་ཇི་ལྟར་གནས་པ་དང། ཇི ་ལྟར་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱ་བའི་དོན་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་ཉིད་བཅོ་བརྒྱད་དང། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལ་སྤྱོད་པའི་ཚེ་ཉན་ཐོས་ཀྱིས་དང། རང་སངས་རྒྱས་ཀྱི་ས་དང། བྱང་ཆུབ་སེམས་དཔའ་ཨི་ས་དགུ་དག་ལས་འདས་ནས་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པ་ལ་གནས་པ་ནི་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ནོ་ཞེས་བསྟན ་པའོ། །དེ་ལ་དཀར་པོ་རྣམ་པར་མཐོང་པའི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་ཚེ་དད་དང་རྩེ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་ན་དང་པོར་རྣམ་པར་བྱང་བའི་ཆོས་དཀར་པོ་རྣམས་མཐོང་བའི་ཕྱིར་དཀར་པོ་མཐོང་བའི་ས་ཞེས་བྱ་བའོ། །རིགས ་ཀྱི་ས་ཞེས་བྱ་བ་ནི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཐོབ་པའི་ཚེ་ཚོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་བྱང་ཆུབ་གསུམ་འཐོབ་པའི་རིགས་དང་ལྡན་པས་ན་རིགས་ཀྱི་ས་ཞེས་བྱའོ། །བརྒྱད་པའི་ས་ཞེས ་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ས་ནས་ཡས་བགྲངས་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གྲངས་བརྒྱད་པ་ལ་འབབ་པས་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇུག་པའི་ས་ལ་བརྒྱད་པ་ཞེས་བྱའོ། །མཐོང་བའི་ས་ཞེས་བྱ་བ་ནི ་གྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པས་ཆོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་མཐོང་བས་ན་མཐོང་བའི་ས་ཞེས་བྱའོ། །བསྲབས་པའི་ས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བས་འདོད་པའི་ཁམས་ཀྱི་འདོད་ཆགས་སྲབ་མོར་བྱས་པས ་ན་བསྲབས་པའི་ས་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་ས་ལ་གནས་པས་འདོད་པའི་ཁམས་ཀྱི་འདོད་ཆགས་མ་ལུས་པར་སྤངས་པའི་ཕྱིར་འདོད་ཆགས་དང་བྲལ་བའི་ས་ཞེས་བྱའོ།། ་བྱས་པ་རྟོགས་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པའི་ས་ལ་གནས་པས་ཁམས་གསུམ་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་ཤིང་དགྲ་བཅོམ་པའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱས་པ་རྣམ་པར་གྲོལ་བ་མཐོང་བའི་ཡེ་ཤེས་ཀྱིས་བྱ་བ་ནི་བྱས་ཟིན། ་ཚངས་པར་སྤྱད་པའི་སྤྱད་ཟིན་ཏེ། འདི་ལས་སྲིང་པ་གཞན་མྱོང་བར་མི་འགྱུར་རོ་ཞེས་རྟོགས་པར་གྱུར་པས་ན་དགྲ་བཅོམ་པའི་ས་ལ་བྱས་པ་རྟོགས་པའི་ས་ཞེས་བྱའོ། །དེ་ལྟར་ཉན་ཐོས་ཀྱིས་ས་རྣམས་དང། བྱང་ཆུབ་སེམས་དཔའ་ཨི་ས ་དང་པོ་ལ་སོགས་པ་ས་དགུ་རྣམས་ལས་ཡོངས་སུ་འདས་ནས་མ་བཅུ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པ་ཡིན་ནོ་ཞེས་བསྟན་པ་སྟེ། སངས་རྒྱས་ཀྱིས་ལ་གནས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་ན་སངས་རྒྱས་དང་འདྲ་པའི་ཕྱིར་སངས་རྒྱས་ཀྱི་ས་ལ་གནས་ཞེས་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར ་རིག་པར་བྱའོ་ཞེས་བྱ་བ་ནི་ས་དང་པོ་ནས་ས་བཅུ་པའི་བར་དུ་བྱང་ཆུབ་སེམས་དཔའ་སྐྱོན་རྣམས་ཡོངས་སུ་སྤང་པ་དང། ཡོན་ཏན་རྣམས་ཡོངས་སུ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་ཡོངས་སུ་སྤྱོད་པ་དེ་དག་ཐེག་པ་ཆེན་པོ་ལ་ཡང་དག ་པར་ཞུགས་པར་རིག་པར་བྱའོ་ཞེས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དོན་གོང་དུ་བཤད་པ་རྣམས་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེ་གང་ནས་འབྱུང་བར་འགྱུར་ཞེས་སྨྲོས་པ ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ཐེག་པ་དེ་གང་ནས་འབྱུང་པར་འགྱུར་ཞེས་བཅོམ་ལྡན་འདས་ལ་ཞུས་པའི་ཚིག་དེ་ཉིད་སྨོས་ནས། ཐེག་པ་ཆེན་པོ་དེ་ཀུན་རྫོབ་ཏུ་ནི་ཁམས་གསུམ་ནས་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས ་པར་འགྱུར་བ་དང། དོན་དམ་པར་ཁམས་གསུམ་ནས་འབྱུང་བ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་ཡང་མེད་པ་བསྟན་པ་སྟེ། དེ་ལ་མི་དམིགས་པའི་ཆུལ་གྱིས་ཁམས་གསུམ་ནས་འབྱུང་བར་འགྱུར་རོ། །རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དེ་ཀུན་རྫོབ་ཏུ་ཁམས་གསུམ་ནས་བྱུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་ཆེན་པོ་གང ་ཡིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་ཐེག་པ་ཆེན་པོ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐ་དད་དུ་དབྱེར ་མེད་པས་ཁམས་གསུམ་ནས་འབྱུང་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་དབྱེར་མེད་པ་བསྟན་པ་སྟེ། ཆོས་དེ་གཉིས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་དོན་དམ་པར་ཐེག་པ་ཆེན་པོ་དང། རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་པ་དང་ཐ་དད་པའི་མཚན་ཉིད་མེད་པར་བསྟན་པ་སྟེ། ལྡན་པ་ཡང་མ་ཡིན་ཞེས་བྱ་བས་ནི་གཅིག་པའི་མཚན་ཉིད་མེད་པ་བསྟན་ཏོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བས་ནི་ཐ་དད་པའི་མཚན་ཉིད་མེད་པ་བསྟན ་ཏོ། །གཟུགས་མེད་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་བ་ནི་དོན་དམ་པར་ཐེག་པ་ཆེན་པོ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐ་དད་དུ་དབྱེར་མེད་པའི་གཏན་ཚིགས ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་ཉིད་མེད་པའི་ཆོས་ནི་འབྱུང་བའམ་འབྱུང་བར་འགྱུར་བ་འམ། བྱུང་བར་གྱུར་བ་མེད་དེ་ཞེས་བྱ་བ་ནི་དེ་ལྟར་ཐེག་པ་ཆེན་པོ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར ་དངོས་པོ་མེད་དེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་ཁམས་གསུམ་ནས་དེ་ལྟར་བྱུང་བ་ཡང་མེད། ཕྱིས་འབྱུང་བར་འགྱུར་བ་ཡང་མེད། སྔོན་བྱུང་བར་གྱུར་པ་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས ་རྣམས་འབྱུང་བར་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་འགོག་པའི་དབྱིངས་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཀྱི་དབྱིངས་སྟོང ་པ་ཉིད་ཀྱི་རང་བཞིན་གྱི་རྣམ་གྲངས་སུ་གཏོགས་པ་དེ་བཞིན་ཉིད་དང། ཡང་དག་པའི་མཛའ་ལ་སོགས་པ་སྨོས་ཏེ། དེ་དག་ལ་དོན་དམ་པར་ཁམས་གསུམ་ནས་འབྱུང་བ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་པ ་ཡང་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་པས་ཁམས་གསུམ་ནས་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་མཚན་ཉིད ་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་གཟུགས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་མཚོར་བས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ ་ལ་སོགས་པ་འཇིག་རྟེན་པའི་ཆོས་མིང་གིས་སྨོས་པ་རྣམས་དེ་དག་གི་རང་བཞིན་གྱིས་སྟོང་པའི་གཏན་ཚིགས་སྨོས་ནས། དེ་དག་ཁམས་གསུམ་ནས་འབྱུང་བ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡང་མེད་པ་དེ ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེའང?་ཁམས་གསུམ་ནས་འབྱུང་པ་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར ་འདོད་པ་དེ་ནི་རྨི་ལམ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་རྨི་ལམ་ལ་སོགས་པར་ཤིན་ཏུ་མཚན་ཉིད་མེད་པའི་ཆོས་མིང་གིས་སྨོས་པ་རྣམས ་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས ་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ངོ་བོ ་ཉིད་ཀྱི་སྟོང་པའི་ཕྱིར་རོ། ཞེས་བྱ་བའི་བར་དུ་ནི་སྦྱིན་པའི་ཕ་རོལ་ཏུ་བྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་མིང་གིས་སྨོས་པ་རྣམས་དོན་དམ་པར་དེ་དག་གི་ངོ་བོ་ཉིད་ཀྱིས་སྟོང་པའི་གཏན་ཚིགས ་སྨོས་ནས། ཆོས་དེ་དག་དོན་དམ་པར་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང ་བ་མེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པ་སྐྱེ་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་ ་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཉན་ཐོས་དགྲ་བཅོམ་པ་དང། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་རྣམས་དོན་དམ་པར་ངོ་བོ་ཉིད་ཀྱིས ་སྟོང་པའི་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐོབ་པར་བྱ་བའི་ཆོས་ཉན་ཐོས་ཀྱི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི ་འབྲས་བུ་བཞི་དང། རང་སངས་རྒྱས་ཀྱི་འབྲས་བུ་རང་བྱང་ཆུབ་དང། བྱང་ཆུབ་སེམས་དཔའ་ཨི་འབྲས་བུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང། དེ་བཞིན་གཤེག་སྤའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི ་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི་མིང་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། གདགས་པ་སྟོང་པ་ཉིད་གདགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་སྟོང་པའི་ཕྱིར་རོ་ཞེས་བྱ་པའི ་བར་དུ་ནི་མིང་དང་མཚན་མ་དང། བརྡ་དང་ཐ་སྙད་དང་གདགས་པ་རྣམས་དོན་དམ་པར་དེ་དག་གི་རང་བཞིན་གྱིས་སྟོང་པའི་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན ་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེའང་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་བསྟན་ཏོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་ནི་སྐྱེ་བ་མེད་པ ་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ནས། མངོན་པར་འདུ་བྱ་བ་མེད་པ་ནི་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གཏོགས་པ་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས ་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་རྣམས་དོན་དམ་པར་དེ་དག་གི་རང་བཞིན་གྱིས་སྟོང་པའི་ཕྱིར་ཁམས་གསུམ་ནས་འབྱུང་བ་མེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པ་དེ ་བཞིན་དུ་ཐེག་པ་ཆེན་པོ་ཞེས་བྱ་བ་དོན་དམ་པར་མཚན་ཉིད་མེད་པའི་ཆོས་དེ་ཡང་ཁམས་གསུམ་ནས་འབྱུང་བ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་རྣམ་གྲངས་འདིས་ན། འདི་ལྟར ་ཐེག་པ་ཆེན་པོ་ནི་ཁམས་གསུམ་ནས་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་ཀྱིས་སྟོང་པའི་ཕྱིར་ཆོས་གང་ཡང་ཁམས་གསུམ་ནས་འབྱུང་བ ་མེད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མེད་པར་རྟོག་པ་ཉིད་ཀུན་རྫོབ་ཏུ་ཁམས་གསུམ་ནས་བྱུང་ནས་རྣམ་པ་ཐཾས་ཅད་མཁྱེན་པ་ཉིད་དུ་གནས་པར་རིག་པར་བྱའོ་ཞེས་བསྟན་པའོ། །གནས་དེ་ནི་བསྐྱོད་དུ་མེད་པའོ་ཞེས་བྱ་བ་ནི ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་དེ་ལ་གནས་ན་མི་མཐུན་པའི་ཕྱོགས་རྣམས་ཀྱིས་བསྐྱོད་དུ་མི་ནུས་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཁྱོད་ཀྱིས་གང་འདི་སྐད་དུ་ཐེག་པ་ཆེན་པོ་དེ་གང་དུ་གནས་པར་འགྱུར་ཞེས་སྨྲས་པ་དེ ་ནི་ཐེག་པ་ཆེན་པོ་གང་དུ་ཡང་གནས་པར་འགྱུར་བ་མེད་དེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་དེ་གང་དུ་ཡང་གནས་པར་འགྱུར་ཞེས་ཞུས་པའི་ལན་དུ། དོན་དམ་པར་ཐེག་པ་ཆེན་པོ་དེ་གང་དུ་ཡང་གནས ་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གནས་མི་དམིགས་པའི་ཕྱིར་མི་གནས་པ་སྟེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དེ་དོན་པར་གང་དུ་ཡང་གནས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས་གནས་མི་དམིགས་པའི་ཕྱིར་གང་དུ་ཡང་མི་གནས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གང་དུ་ཡང་མི་གནས་པའོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ཐེག་པ ་ཆེན་པོ་དེ་ནི་མི་དམིགས་པའི་ཚུལ་གྱིས་གནས་སོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། གང་དུ་ཡང་གནས་པ་མེད་མོད་ཀྱི། ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་གནས་སོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆོས ་ཀྱི་དབྱིངས་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། འགོག་པའི་དབྱིངས་འགོག་པའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་འདུས་མ་བྱས་པའི་ཆོས་མིང་གིས་སྨོས་པ་རྣམས་རང་བཞིན ་གྱིས་སྟོང་པའི་ཕྱིར་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་གནས་པ་དང་མི་གནས་པའི་མཛའ་གཉིས་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་གཟུགས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་ནི ་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ཕུང་པོ་ལྔ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་དེ་དག་གི་རང་བཞིན་གྱིས་སྟོང་པའི་ཕྱིར། གནས་པ་འམ་མི་གནས་པ ་མེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་དེ་ལ་ཡང་གནས་པ་འམ་མི་གནས་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པའི་སྤྲུལ་པ་དེ་བཞིན་གཤེཌ ་པའི་སྤྲུལ་པས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་རྨི་ལམ་ལ་སོགས་པ་ཤིན་ཏུ་མེད་པའི་ཆོས་རྣམས་ལ་གནས་པ་དང་མི་གནས་པ་མེད་པ་དེ་ཐེག་པ་ཆེན་པོ་དེ་ལ་ཡང་དོན་དམ་པར་གནས་པ་དང་མི་གནས་པ་མེད་དེ་ཞེས་བསྟན་པའོ། །རབ་འབྱོར་འདི ་ལྟ་སྟེ་དཔེར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མ་ཡིན་ནོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་བྱ་བའི་ཆོས་རྣམས་དེ་དག ་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དོན་དམ་པར་གནས་པ་དང་མི་གནས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིང་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས་གདགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་མིང་དང་མཚན་མ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་རྣམS ་དོན་དམ་པར་དངོས་པོ་མེད་དེ། རང་བཞིན་གྱིས་སྟོང་པའི་ཕྱིར་གནས་པ་དང་མི་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དོན་དམ་པར་གནས་པ་དང་མི་གནས་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེ་བ་མེད་པ་ནི་གནས་པ་ཡང་མ ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་མི་དོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་མངོན་པར་འདུ་བྱ་བ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས ་ཅད་ཀྱི་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་རྣམས་དོན་དམ་པར་དེ་དག་གི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གནས་པ་དད་མི་གནས་པ་མེད་པ་དེ་བཞིན ་དུ་ཐེག་པ་ཆེན་པོ་དེ་ལ་ཡང་གནས་པ་དང་མི་གནས་པ་མེད་པ་བསྟན་པའོ། །རབ་འབྱོར་རྣམ་གངས་དེས་ན་ཐེག་པ་དེ་ནི་མི་གནས་པར་གནས་པའི་ཚུལ་དང། བསྐྱོད་དུ་མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ། ་མི་གནས་པར་གནས་པའི་ཚུལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དོན་དམ་པར་དངོས་པོ་མེད་པས་མི་གནས་ལ། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་བ་མེད་དོ། །བསྐྱོད་དུ་མེད་པའི་ཚུལ་གྱིས་ཞེས་བྱ་བ་ནི་ཐེག་པ་དོན ་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གང་དུ་གནས་པ་མེད་པ་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མི་འགྱུར་པས་མི་མཐུན་པའི་ཕྱོགས་རྣམས་ཀྱིས་གཞན་དུ་བསྒྱུར་ཞིང་བསྐྱོད་མི་ནུས་པའི་ཕྱིར་རོ། །གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ ་ནི་ཐེག་པ་དེ་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་གང་དཱུང་གནས་པ་མེད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ངེས་སུ་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་ཐེག་པ་དེས་སཱུང་འབྱུང་བར ་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་ངེས་སུ་ཞིག་འབྱུང་བར་འགྱུར་ཞེས་ཞུས་པའི་ཡོན་དུ། ཐེག་པ་ཆེན་པོ་ཉིད་དང་ངེས་འབྱུང་བར་འགྱུར་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ ་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་ཐེག་པ་དེས་སཱུང་འབྱུང་བར་འགྱུར་བ་མེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་ཞེས་བྱ་བ་སོགས་པ་ནི་འབྱུང ་བར་འགྱུར་བ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཐེག་པ་དེ་གང་ཡིན་པ་དང་ཞེས་བྱ་བ་ནི་ཐེག་པ་གང་གིས་འབྱུང་བར་འགྱུར་བའི་ཐེག་པ་ཆེན་པོ་དེ་ལ་བྱའོ། །གང་འབྱུང་བར་འགྱུར་པ་དང་ཞེས་བྱ་བ་ནི་ཐེག་པ་དེ་གང་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས ་དཔའ་ལ་བྱའོ། །གང་གིས་འབྱུང་བར་འགྱུར་བ་དང་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་རྟོཌ་པར་སྒྲུབ་པའི་ཚེས་གང་གནས་ན་འབྱུང་བར་འགྱུར་བ་ལ་བྱའོ། །གང་ནས་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་ཁམས་གསུམ་ལ་བྱའོ། །ཆོས་དེ ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དང། བྱང་ཆུབ་སེམས་དཔའ་དང་སྒྲུབ་པའི་ཆོས་དང། ཁམས་གསུམ་པོ་དེ་དག་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པའི་ཕྱིར། ཆོས་གང་ཞིག་ཆོས་གང་གིས ་འབྱུང་བར་འགྱུར་ཞེས་བྱ་བ་དང་སྦྱར་ཏེ་འབྱུང་བར་བྱེད་པ་དང། འབྱུང་བར་བྱེད་པ་དང། འབྱུང་བར་བྱ་བ་དང། གང་ནས་འབྱུང་བའི་ཆོས་དེ་དག་དོན་དམ་པར་མེད་ཅིང་མི་དམིགས་པས་གང་ཡང་འབྱུང་བར་འགྱུར་བ་མེད་དོ་ཞེས་དོན་མདོར་བསྟན་བའོ།། ་དེ་ཅིའི?་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་ཤིན་ཏུ་རྣམ་པར་དག་པ་དང་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་གྱིས་བདག་ཏུ་བརྟགས་པ་རྣམས་དང། ཆོས་ཀྱི་དབྱིངས་ལ་སོགས་པ་འདུས་མ་བྱས་པའི་ཆོས་རྣམས་དང། བུང་པོ་དང་ཁམས ་ལ་སོགས་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་ཆོས་གང་གིས་ཀྱང་གང་ཡང་འབྱུང་བར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། དེ་ལ་བདག ་ཤིན་ཏུ་རྣམ་པར་དག་པ་དང། ཞེས་བྱ་བ་ནས། མཐོང་བ་པོ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྣམས་ཡང་དག་པར་དངོས་པོ་མེད་དེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་དམིགས་སུ་མེད ་པས་གང་གིས་ཀྱང་འབྱུང་བར་འགྱུར་པ་མེད་ཅིང། གང་ཡང་འབྱུང་བར་འགྱུར་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ཡང་དོན་དམ་པར་ཐེག་པ་ཆེན་པོ་དེས་འབྱུང་པར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར ་ཞེས་བྱ་བ་ནི་ཤིན་ཏུ་སྟོང་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ་ཞེས་བྱ་བ་ནས། བསམ་གྱིས་མི་ཁྱད་པའི་དབྱིངས་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས ་སུ་ག་རྟོགས་པའི་ཆོས་རྣམས་དམིགས་སུ་མེད་པ་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕུང་པོ་རྣམས་དམིགས་སུ་མེད་དོ་ཞེས་བྱ་བ་ནས། རྟེན་ཅིང་འབྲེལ་པར་འབྱུང་པ་དམིགས་སུ་མེད་དེ་ཞེས་བྱ་བའི་བར་དུ་ནི་ཉོན་མོངས་པའི་ཕྱོགས་སུ་གཏོགས ་པའི་ཆོས་རྣམས་དམིགས་སུ་མེད་པ་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་དོ། །ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་དེ་ཞེས་བྱ ་བའི་བར་དུ་ནི་རྣམ་པར་བྱེད་པའི་ཆོས་རྣམས་དམིགས་སུ་མེད་པ་བསྟན་པའོ། །ཤིན་ཏུ་རྣམ་པ་དག་པའི་ཕྱིར་སྐྱེ་བ་མེད་པ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། མངོན་པར་འདུ་བྱ་བ་མེད་པ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཀྱི་དབྱིངས ་ཀྱི་རྣམ་གྲངས་སུ་གཏོགས་པ་སྐྱེ་བ་མེད་པ་དང། འགག་པ་མེད་པ་ལ་སོགས་པ་དམིགས་སུ་མེད་པ་བསྟན་ཏོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྔོན་གྱི་མཛའ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕེལ་བ་དམིགས ་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་དང་འོང་པ་དང་འགྲོ་བ་དང་གནས་པ་དང། ཚེ་འཕོ་བ་དང་སྐྱེ་བ་དང། འགྲིབ་པ་དང་འཕེལ་བ་རྣམས་དོན་དམ་པར་རང་བཞིན་སྟོང་པ་ཉིད་ཡིན་པས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དམིགས་སུ་མེད་པ་བསྟན་པའོ ་གང་མི་དམིགས་པས་ཐམས་ཅད་དམིགས་སུ་མེད་པ་ཡིན་ཞེ་ན་ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཆོས་རྣམས་དམིགས་སུ་མེད་པར་བཤད་པ་ཆོས་དེ་དག་གི་རྒྱུ་མི་དམིགས་པས་དམིགས་སུ་མེད་དམ། འོན་ཏེ་ཆོས་དེ་དག་གི་རང་བཞིན་མི་དམིགས་པས ་དམིགས་སུ་མེད་སམ་དུ་འཁོར་གྱི་ནང་ན་ཁ་ཅིག་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་གང་མི་དམིགས་པས་ཐམས་ཅད་དམིགས་སུ་མེད་པ་ཡིན་ཅེས་བཅོམ་ལྡན་འདས་ཉིད་ཀྱིས་གླངས་པའོ་།ཆོས་ཀྱི་དབྱིངས་མི་དམིགས་པས་ཆོས་ཀྱི་དབྱིངས་དམིགས་སུ་མེད་དོ ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དངོས་པོ་མེད་དེ་མི་དམིགས་པས་ཆོས་ཀྱི་དབྱིངས་དམིགས་སུ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན། མི ་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དམིགས་པ་དང་མི་དམིགས་པ་དག་དངོས་པོ་ཡོད་པ་ལས་བརྗོད་ཀྱི། དངོས་པོ་མེད་པར་དམིགས་པ་དང་མི་དམིགས་པ་ཞེས་བྱ་བའི་ཐ་སྙད་གདགས་སུ་མེད་དོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་དམིགས་སུ་མེད་པ་ལ། ་དམིགས་པ་དང་མི་དམིགས་པའི་ཐ་སྙད་གདགས་སུ་མེད་དོ་ཞེས་བསྟན་པའོ། ཆོས་ཀྱི་དབྱིངས་ལ་ཇི་ལྟར་བཤད་པ་དེ་བཞིན་ཉིད་དང་ཡང་དག་པའི་མཛའ་ལ་སོགས་པ་འགྲིབ་པ་དང། འཕེལ་བ་དམིགས་སུ་མེད་པ་ལ་ཟུག་གི་བར་དུ་སྦྱར་བར་བྱའོ།། ་ས་དང་པོ་མི་དམིགས་པས། ས་དང་པོ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བཅུ་པ་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ ་ལ་སོགས་པ་ཡང་དོན་དམ་པར་དངོས་པོ་མེད་པས་དམིགས་པ་དང་མ་དམིགས་པའི་ཐ་སྙད་གདགས་སུ་མེད་དོ་ཞེས་བསྟན་པའོ། །ས་དང་པོ་ནི་གང་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ས་དང་པོ་ནས་ས་བཅུའི་བར་དུ་དམིགས ་སུ་མེད་དོ་ཞེས་བཤད་པ་ས་བཅུ་ལ་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་ལ་ཡང་ས་བཅུ་ཞེས་བྱའོ། དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་ལ་ཡང་ས་བཅུ་ཞེས་བྱ་ན། ་སྐབས་འདིར་ས་བཅུ་གང་ལ་བྱ་སྙམ་དུ་འཁོར་གྱི་ནང་ན་ཁ་ཅིག་ཐེ་ཚོམ་ཟ་བའི་ཐེ་ཚོམ་བསལ་བའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་མིང་གིས་བརྗོད་པ་བསྟན་པའོ། །དེ་ལ་དཀར་པོ་རྣམ་པར་མཐོད ་པའི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་དང་པོ་ཤེས་རབ་ཀྱིས་རྣམ་པར་བྱང་བའི་ཆོས་རྣམས་མཐོང་བའི་གནས་སྐབས་ལ་བྱའོ། །རིགས་ཀྱི་གནས་ཀྱིས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་དྲོད་པ་དང། རྩེ་མོ་དང་བཟོད་པ་དང་འཇིག་རྟེན ་གྱི་ཆོས་ཀྱི་མཆོག་ལ་གནས་པའི་ཚེ་བྱང་ཆུབ་གསུམ་གྱི་རིགས་དང་ལྡན་པའི་ཕྱིར་རིགས་ཀྱི་ས་ཞེས་ཤེས་བྱའོ། །བརྒྱད་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་གྲལ་དང་པོ་ནས་?་བགྲངས་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན ་སུམ་དུ་བྱ་བའི་ཕྱིར་འཇུག་པ་གྲངས་བརྒྱད་ལ་འབབ་པས་ན་བརྒྱད་པ་ཞེས་བྱའོ། །མཐོང་བའི་ས་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པས་འཇིག་རྟེན་ལས་འདས་པའི་ལམ་གང་ཟག་ལ་བདག་མེད་པའི་ཆོས་མཐོང་བའི ་ཕྱིར་མཐོང་བའི་ས་ཞེས་བ་བྱའོ་།བསྲབས་པའི་ས་ཞེས་བ་བྱ་ནི་ལན་ཅིག་ཕྱིར་འོང་བས་འདོད་པའི་འདོད་ཆགས་སྲབ་མོར་བྱས་བའི་ཕྱིར་ལན་ཅིག་ཕྱིར་འོང་པའི་ས་ལ་བསྲབས་པའི་ས་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་བ་ནི ་ཕྱིར་མཐོང་བས་འདོད་པའི་འདོད་ཆགས་དང། གནོད་སེམས་སྤངས་པའི་ཕྱིར། ཕྱིར་མི་འོང་བའི་ས་ལ་འདོད་ཆགས་དང་བྲལ་བའི་ས་ཞེས་བྱའོ། །བྱས་པ་རྟོགས་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པས་བདག་གིས་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན ་མེད་དོ་ཞེས་བྱ་བ་ལ་སོགས་པར་རྟོགས་པའི་ཕྱིར་དགྲ་བཅོམ་པའི་ས་ལ་བྱས་པ་རྟོགས་པའི་ས་ཞེས་བྱ་སྟེ། ས་དེ་དག་ལས་དཀར་པོ་རྣམ་པར་མཐོང་བའི་ས་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་སའོ། །རིགས་ཀྱིས་ནི་མོས ་པས་སྤྱོད་པའི་ས་ལ་ཉན་ཐོས་དང། བྱང་ཆུབ་སེམས་དཔའ་ཐུན་མོང་གི་སའོ། །བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་དང། འདོད་ཆགས་དང་བྲལ་བའི་ས་དང་བྱས་པ་རྟོགས་པའི་ས་རྣམས་ནི་ཉན་ཐོས་ཀྱི་སའོ། །རང་སངས་རྒྱས་ཀྱི་ས ་ཞེས་བྱ་བ་ནི་གཞན་གྱི་ལུང་ལ་མི་བརྟེན་པར་རང་གི་བློས་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཟབ་མོ་རྟོགས་ནས་འཁོར་དང་ལན་ཅིག་ཏུ་གནས་པ་དང། བསའི་རྭ་ལྟར་གཅིག་དུ?་ཡན་གར་དུ་གནས་པ་ལ་རང་སངས་རྒྱས་ཀྱིས་ཞེས་བྱའོ། །བྱང ་ཆུབ་སེམས་དཔའ་ཨི་ས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ལ་བྱའོ། །སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ལ་བྱའོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམིགས་སུ་མེད་དོ་ཞེས་བྱ་བ་ནས་དངོས་པོ ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ས་བཅུ་པ་དམིགས་སུ་མེད་དོ་ཞེས་བྱ་བའི་བར་དུ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པས་བཅུ་བོ་དེ་དག་རེ་རེ་ལ་ཡང་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ཏེ། དེ་ལྟར་སྟོང་པའི་ཕྱིར་ས་དེ་དག་དམིགས་སུ་མེད་དོ་ཞེས ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ས་དང་པོ་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་བའི་ཕྱིར་ས་བཅུ་པ་དམིགས་སུ་མེད་པ་ནི་དམིགས ་པ་ཡང་མ་ཡིན། མི་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ས་བཅུ་པོ་དེ་དག་དེ་ལྟར་སྟོང་སྟེ། དམིགས་སུ་མེད་པས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དམིགས་པ་དང། མི་དམིགས་པའི་མཛའ་གཉིས་དང་བྲལ་བ་བསྟན་པའོ། ། ་ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན་ནང་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དམིགས་སུ་མེད་དོ་ཞེས་བྱ་བ་ནས། ཤིན་ཏུ་རྣམ་པར་དག་པ་ཉེ་བར་བཟུང་ན་དངོས་པོ་མེད་པའི་ང་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མིག་ལྔ་དམིགས་སུ་མེད་དོ་ཞེས་བྱ་བའི ་བར་དུ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང། དེ་བཞིན་གཤེགས་པའི་སྤྱན་ལྔ་ཡང་དོན་དམ་པར་དངོས་པོ་མེད་དེ། ཤིན་ཏུ་རྣམ་པར་དག་ཅིང་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་ན་དམིགས་སུ་མེད་དོ ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར ་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེ་ན། རབ་འབྱོར་གྱིས་ཞུས་པའི་ལན་མཇུག་བསྡུས་ནས་བསྟན་ཏེ། གོང་དུ་བཤད་པའི་རིམ་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ཁམས ་གསུམ་ནས་བྱུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གཅིག་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེS་བགྱི་བ་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བ་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིད་དོ།། ་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་ཆེན་པོ་དེ་གང་ནས་ཀྱང་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པའི་དོན་སྔར་བཤད་པ་ལས་གླེངས་ནས། ཐེག་པ་ཆེན་པོའི་ངེས་པའི་ཚིག་དང། ཐེག་པ་ཆེན་པོའི་ཆོས་གང་ཡིན་པ་ཞིབ་ཏུ་བཤད་པ་སྟེ། དེ་ལ་ལྷ་དང་མི ་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཞེས་བྱ་བའི་དེས་པའི་ཚིག་བཤད་པ་སྟེ། རྒྱ་གང་གྱི་སྐད་དུ་ཡཱ་ན་ཞེས་བྱ་བ་ཐེག་པ་ལ་ཡང་བ། འབྱུང ་པ་ལ་ཡང་བྱ། འགྲོ་བ་ལ་ཡང་བྱ་སྟེ། སྐབས་འདིར་ལྷ་དང་མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ཏེ་འབྱུང་བས། འབྱུང་བ་ཆེ་བའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཐེག་པ་དེ་ནི་ནམ ་མཁའ་དང་མཉམ་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ཨི་དཔེས་ཐེག་པ་དེ་ཆེ་བ་ཡིན་པ་བསྟན་པ་སྟེ། སྐབས་འབྱེད་པ་ཆེ་བ་དང། འགྲོ་བ་དང་འོང་བ་དང། གནས་པ་མེད་པ་དང། དུས་གསུམ་མེད་པས་ཚེ་བ་ཉིད་བསྟན་པའོ། །དེ་ལ་ཇི་ལྟར་ནམ་མཁའ་ ་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པས། བཅོམ་ལྡན་འདས་རྣམ་གྲངས་ངེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ ་ཆེན་པོ་སྟེ་ཞེས་བྱ་བ་ནི་སླབས་འབྱེད་པ་ཆེ་བ་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་ལ་སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པའི་སྤྱོད་ལམ་ཐམས་ཅད་ཀྱིས་གནས་ཀྱང་དོག་པ་མེད་པའི་གོ་སྐབས་འབྱེད་པ་ཆེ་བ་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ལ་ཡང་སེམས ་ཅན་ཐམས་ཅད་སྐད་ཅིག་གཅིག་ལ་ཅིག་ཅར་ཞུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་ཀྱང་དོག་པ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བསྟན་པའོ། །ཐེག་པ་ཆེན་པོ་དེ་ལ་འགྲོ་བ་དང་འོང་བ་དང་ཞེས་བགྱི་བ་འམ། གནས་པ ་ཡང་མ་མཆིས་ཞེས་བྱ་དང། སྟོན་གྱི་མཛའ་དང་ཕྱི་མའི་མཛའ་དང། དབུས་ཞེས་བགྱི་བ་ཡང་མ་མཆིས་སོ་ཞེས་བྱ་བ་ནི་འགྲོ་བ་དང། འོང་བ་དང། གནས་པ་མེད་པ་དང། དུས་གསུམ་མེད་པའི་མདོ་བསྟན་པའོ། །བཅོམ་ལྡན ་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་འགྲོ་བ་འམ་འོང་བ་ཞེས་བགྱི་པ་ཡང་མ་མཆིས་ལ། གནས་པ་ཡང་མ་མཆིས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་འགྲོ་བ་མི་དམིགས་འབྱུང་བ་མི་དམིགས་གནས་པ་མི་དམིགས་སོ་ཞེས་བྱ་བ་ནི ་ཇི་ལྟར་ནམ་མཁའ་ལ་འགྲོ་བ་དང་འོང་བ་དང་གནས་པ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ལ་ཡང་འགྲོ་བ་དང་འོང་བ་མི་དམིགས་སོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་ཞེས་བྱ་བ ་ནས། བཅོམ་ལྡན་འདས་འདི་ལྟ་སྟེ་ཐེག་པ་ཆེན་པོ་འདི་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་བས། དེའི་སླད་དུ་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་དམིགས་སུ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཡིན་པ ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏོ། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ་ཞེས་བྱ་བ་ལ་སོགས་པ་ནི ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་དེ་ནམ་མཁའ་དང་མཉམ་པར་བཤད་པ་དེ་བདེན་ཏེ། དེ་བཞིན་ནོ་ཞེས་བསྟོད་པ་དང། འཁོར་གྱི་ནང་ནས་ཁ་ཅིག་ཐེག་པ་ཆེན་པོ་དེ་གང་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི ་དག་ལ་སོགས་པ་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་དང། ཏིང་ངེ་འཛིན་རྣམས་དང། སྟོང་པ་ཉིད་རྣམས་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར ་གྱི་ཆོས་དེ་རྣམས་ཀྱི་མཚན་ཉིད་ནི་སྔར་བཤད་པ་བཞིན་ནོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། འབྱུང་བར་འགྱུར་རོ་ཞེས་སྨྲས་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང ་དུ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་དང། ཐེག་པ་དེ་ནམ་མཁའ་དང་མཉམ་མོ་ཞེས་སྨྲས་པ་དང། ནམ་མཁའ་ཨི་དཔེས་སེམས་ཅན་གྲངས་མེད་ཚད་མེད་པ་རྣམས ་ཀྱི་གོ་སྐབས་འབྱེད་པ་དང། ནམ་མཁའ་ཨི་དཔེས་ཐེག་བ་ཆེན་པོ་དེ་ལ་འགྲོ་བ་དང། འོང་བ་དང། གནས་མེད་པ་སྨྲས་པ་དང། ཐེག་པ་དེ་ནམ་མཁའ་དང་མཉམ་མོ་ཞེས་སྨྲས་པ་དང། དུས་གསུམ་མེད་པ་སྨྲས་པའི་ཚིག་རྣམས་སྨོས་ཏེ། དེ་དག་རེ་རེའི་དོན་ཤིབ་ཏུ་བཤད ་པའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གང་ཞེ་ན། འདི་ལྟ་སྟེ་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་ཏེ་ཞེས་བྱ་བ་ནི་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་གྱི་ཁམས་གང་ཡིན་སྙམ་དུ་ཐེ་ཚོམ ་ཟ་བ་བསལ་བའི་ཕྱིར། འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་བའི་ཁམས་ཉིད་ལྷ་དང། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན་མ་ནོར་བ་དེ་བཞིན་གཞན་མ་ཡིན ་པ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འདོད་པའི་ཁམས་དེ་ཡོངས་སུ་རྫོགས་པའི་མཚན་ཉིད་དང། བདེན་བའི་མཚན་ཉིད་དང། འདུས་མ་བྱས་པའི་མཚན་ཉིད་དུ་ཡང་དག་པར་ཡོད་པ་ཞིག་ཡིན་ན་ནི་ཐེག་པ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ ་བཅས་པའི་འཇིག་རྟེན་གྱི་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་པའི་ཡང་མི་རིགས་ན། འདོད་པའི་ཁམས་དེ་རྣམ་པར་བརྟགས་པ་དང། རྒྱུ་དང་རྐྱེན་གྱིས་བསྐྱེད་པ། མི་རྟག་ཅིང་མི་བརྟན་པ་དང། འགྱུར་བའི་ཆོས་ཅན་ཡིན་ཏེ། སྤང་བར་འོས་པའི་ཕྱིར ་ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །འདོད་པའི་ཁམས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་གཟུགས་ཀྱི་ཁམས་དང། གཟུགས་མེད་པའི ་ཁམས་དང། ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང། རྣམ་པར་ཤེས་པ་དྲུག་དང། འདུས་ཏེ་རེག་པ་དྲུག་དང། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར?་བ་དྲུག་དང། ས་ལ་སོགས་པའི་ཁམས་དྲུག་དང། རྟན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ ་གཉིས་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར ་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་ཉིད་བཅོ་བརྒྱད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས ་རྣམས་དང། རིགས་ཀྱི་ས་ནས་སངས་རྒྱས་ཀྱི་སའི་བར་གྱིས་ཆོས་རྣམས་དང། རིགས་ཀྱི་ས་ལ་གནས་པའི་གང་ཟག་ལ་སོགས་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དང། ཆོས་ཀྱི་དབྱིངས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དབྱིངས ་ཀྱི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པར་རྟོགས་པའི་ཕྱིར་ཐེག་པ་ཆེན་པོ་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་ལྷ་དང་མི་དང་ལྷ་མ་ཡིན་དུ ་བཅས་པའི་འཇིག་རྟེན་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བཅུད་ཀྱི་འཇིག་རྟེན་རྣམས་དངོས་པོ་མེད་པར་རྟོགས་པས་ཐེག་པ་དེ་འབྱུང་བར་འགྱུར་བ་བསྟན་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས ་སེམས་དང་པོ་བསྐྱེད་ཕྱིན་ཆད་སྙིང་པོ་བྱང་ཆུབ་ཏུ་འདུག་གི་བར་དུ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ས་བཅུ་པའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཨི་ས་རེ་རེ་ལ་ཡང་སེམས་བསྐྱེད་པའི་ཁྱད་པར་དེའི?་འགྱུར?་?་ཡོད་པ་དང?་ཐམས་ཅད ་དངོས་པོ་མེད་པར་དོགས་པའི་ཕྱིར་ཐེག་པ་ཆེན་པོ་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བ་བསྟན་པའོ། །རབ་འབྱོར་གསལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་དབུ་དངོས་པོ ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་ནས་འཕར་ཏེ་།སངས་རྒྱས་ཀྱི་ས་ལ་འཇུག་པའི་ཚེ་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་བག་ཆགས་ཕྲ་མོ་ཡན་ཆད་མ་ལུས་པར་སྤོང་བའི་ཡེ་ཤེས་ལ་བྱའོ། །བག ་ཆགས་ཀྱི་མཚམས་སྦྱོར་པའི་ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་ཅིང་ཞེས་བྱ་བ་ནི། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པའི་བག་ཆགས་ཉིད་ཉོན་མོངས་པ་ཕྱི་མ་བསྐྱེད་བའི་རྒྱུར་འགྱུར་བའི་ཕྱིར་བག་ཆགས་ཀྱི་མཚམས་སྦྱོར་བ་ཞེས་བྱའོ།། ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ནོའི་མཏན་སུམ་ཅུ་རྩ་གཉིས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་མཚན་སུམ་ཅུ་རྩ་གཉིས་དང། དེ་བཞིན་གཤེགས་པའི ་མཚན་སུམ་ཅུ་རྩ་གཉིས་དངོས་པོ་མེད་པར་རྟོགས་པ་བསྟན་པ་སྟེ། སྐྱེ་བུ་ཆེན་པོའི་མཏན་སུམ་ཅུ་རྩ་གཉིས་ནི་འོག་ནས་གཞུང་ཉིད་ལས་ཞིབ་ཏུ་འཆད་དོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི ་འོད་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་དངོས་པོ་མེད་པར་རྟོགས་པ་བསྟན་པ་སྟེ། འོད་དེ་དངོས་པོ་ཞིག་ཡོད་ན་ནི་ཐོགས་པ་དང་བཅས་པ་ཡིན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ་གངྒཱའི་ཀྲུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་བྱང་ཡང་མི་རུང་གི་དོན་དམ་པར་འོང་དེ་ལ་དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་དེ་བཞིན་གཤེགས་བའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་སྣང་བས་ཁྱབ་པར་མཛད་དོ་ཞེས་བསྟན ་པའོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་གསུང་ཡན་ལག་དྲུག་ཅུ་དང ་ལྡན་པ་དོན་དམ་པར་དངོས་པོ་མེད་པ་བསྟན་པ་སྟེ། གལ་ཏེ་གསུང་དེ་དངོས་པོ་ཡོད་པ་ཞིག་ཡིན་ན་ནི་སྒྲའི་རང་བཞིན་ཐོགས་པ་དང་བཅས་པ་ཡིན་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་མཛད་དུ་ཡང་མི ་རུང་གི་།གསུང་དེ་དོན་དམ་པར་དངོས་པོ་མེད་པ་ལས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་བའི་བྱིན་གྱི་བརླབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བ་མཛད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འདི་སྐད་དུ་ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་འབྱུང ་སྟེ། མཉེན་པ་དང། འཇམ་པ་དང། ཡིད་དུ་འོང་བ་དང། ཡིད་དུ་འཐད་པ་དང། དག་བ་དང། དྲི་མ་མེདཔ་དང། གསལ་བ་དང། སྙན་ཅིང་མཇེབས་བ་དག་དང། མཉན་པར་འོས་པ་དང། མི་ཚུགས་པ་དང། སྙན་པ་དང། དུལ་བ་དང། མི་རྩུབ་པ་དང། ་མི་བརླང་བ་དང། རབ་ཏུ་དུལ་བ་དང། རྣར་སྙན་པ་དང། ལུས་སིམ་པར་བྱེད་པ་དག་སེམས་ཚིམ་པར་བྱེད་པ་དང། སྙིང་དཀའ་བར་བྱེད་པ་དང། དགའ་བ་དང་བདེ་བ་བསྐྱེད་པ་དང། ཡོངས་སུ་གདུང་བ་མེད་པ་དང། ཀུན་ཤེས་པར་བྱ་བ་དང། རྣམ་པར ་རིག་པར་བྱ་བ་དང། རྣམ་པར་གསལ་བ་དང། དགའ་བར་བྱེད་པ་དང། མངོན་པར་དགའ་བར་བྱེད་པ་དང། ཀུན་ཤེས་པར་བྱེད་པ་དང། རྣམ་པར་རིག་པར་བྱེད་པ་དང། རིགས་པ་དང། འབྲེལ་པ་དང། ཟླས་པའི་སྐྱོན་མེད་པ་དང། སེང་གེའི་སྒྲའི་ཤུགས་དང། གླང་པོ ་ཆེའི་སྒྲ་སྐད་དང། འབྲུག་སྒྲའི་སྒྲ་དབྱངས་དང། ཀླུའི་དབང་པོའི་སྒྲ་དང། དྲི་ཟའི་གླུ་དབྱངས་དང། བྱ་ཀ་ལ་བིང་ཀའི་སྒྲ?་དབྱངས་བསྒྲགས་པ་དང། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲག་པ་དང། ལྷའི་དབང་པོའི་སྒྲ་དབྱངས ་ལྟར་སྙན་པ་དང། རྔའི་སྒྲ་དང། མ་ཁེངས་པ་དང། མི་དམའ་བ་དང། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང། ཚིག་ཟུར་ཆག་མེད་པ་དང། མཚང་བ་མེད་པ་དང། མ་ཞུམ་པ་དང། མི་ཞན་པ་དང། རབ་ཏུ་དགའ་བ་དང། ཁྱབ་པ་དང། ཆུབ་པ་དང། རྒྱུན ་ཆཌ?་པ་དང། འབེལ་བ་དང། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང། མ་སྨད་པ་དང། མི་འགྱུར་བ་དང། མ་བརྟགས་པ་དང། འཁོར་ཀུན་ཏུ་གྲག་པ་དང། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས ་བྱ་བ་གསུངས་པ་ལྟ་བུའོ། །དེ་ལ་མཉེན་པ་ནི་ཁམས་དང། དགེ་བའི་རྩ་བ་ཐམས་ཅད་ཉེ་བར་སྟོན་པའི་ཕྱིར་རོ། །འཇམ་པ་ནི་ཚེ་འདི་ཉིད་ལ་བདེ་བ་ལ་རེག་པར་བྱེད་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་པོའི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཚིག་འདྲུ་བཟང་པའི ་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལས་བྱུང་བའི་ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་བ་དང། བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །སྙན་ཅིང་འཇེབས ་པ་ནི་མུ་སྟེགས་ཅན་ཐམས་ཅད་གྱི་ལོག་བའི་བློ་གྲོས་དང། ལྟ་བ་འཇིག་བའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་བསྒྲུབ་པས་ངེས་པར་འབྱིན་པའི་ཕྱིར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བར་མི་ཚོད་པའི་ཕྱིར་རོ། །སྙན་པ་ནི། ་དགའ་བར་བྱེད་པའི་ཕྱིར་རོ། །དུལ་བ་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །མི་རྩུབ་པ་ནི་བསླབ་པ་བཅས་པ་ཐབས་སླ་བའི་ཕྱིར་རོ། །མི་བསླང་བ་ནི་ད?་ལས་འདས་པ་དག་ཡང་དག་པར་འགྱུར་བ་སྟོན་པར་བྱེད་པའི་ཕྱིར་རོ། །རབ ་ཏུ་དུལ་བ་ནི་ཐེག་པ་གསུམ་གྱིས་འདུལ་བ་སྟོན་པའི་ཕྱིར་རོ། །རྣར་སྙན་པ་ནི་གཡེང་བའི་གཉེན་པོར་གྱུར་པའི་ཕྱིར་རོ། །ལུས་སིམ་པར་བྱེད་པ་ནི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་མཆོག་ཏུ་དགའ་བ་ཐོབ་པར་བྱེད་པའི ་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཅོམ?་གཅོད་པའི་ཕྱིར་རོ། །དགའ་བ་དང་བདེ་བ་བསྐྱེད་པ་ནི་ལོག་པར་ངེས་པ་སེལ་བའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །ཀུན་ཤེས་པར་བྱ་བ་ནི་ཐོས་པ་ལས་གྱུར་པའི་ཤེས་པ ་ཕུན་སུམ་ཚོགས་པའི་གཞིར་གྱུར་བའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱི་ཆོས་ཀྱི་དཔེ་མཁྱུད་མེད་པ་ལས་བྱུང་བའི་ཕྱིར་རོ། །དགའ་ ་བར་བྱེད་པ་ནི་བདག་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་རོ། །མངོན་པར་དགའ་བར་བྱེད་པ་ནི་བདག་གི་དོན་མ་ཐོབ་པ་རྣམས་རེ་བར་བྱེད་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། ། ་རྣམ་པར་རིག་པར་བྱེད་པ་ནི་བསམ་དུ་ཡོད་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འདྲེལ་པ་ནི་ཅི་རིགས་པར་འདུལ་བ་ལ་སྟོན་པའི་ཕྱིར་རོ། །ཟློས?་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི ་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་སྒྲ་གསང་མཐོ་བའི་ཕྱིར་རོ། །འབྲུག་སྒྲའི་སྒྲ་དབྱངས་ནི་ཟབ་པའི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། །དྲི་ཟའི་ཀླུའི་དབྱངས་ནི་སྙན ་པའི་ཕྱིར་རོ། །བྱ་ཀ་ལ་བིང་ཀའི་སྒྲ་དབྱངས་བསྒྲགས་པ་ནི་མྱུར་དུ་འགྱུར་བའི་དང་ཚུལ་ཅན་གྱི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་རྒྱང་རིང་དུ་གྲགས་པའི་ཕྱིར་རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་གྲུབ་པ་ཐམས་ཅད་ཐོབ་པར་འགྱུར་བའི་ལྟས ་བཟང་པོ་ཡིན་པའི་ཕྱིར་རོ། །ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་ནི་འགལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྡའི་སྒྲ་ནི་བདུད་ཕྱིར་རྒོལ་བ་ཐམས་ཅད་ཕམ་པར་བྱ་བ་ལ་ཐོག་མར་འགྲོ་བའི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་པས་ཁེངས་པར་མི་འགྱུར་བའི་ཕྱིར་རོ། །མི ་དམའ་བ་ནི་སྨད་པས་ཞུམ་པར་མི་འགྱུར་བའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་རྣམ་པར་བསྒྲུབ་པ་ཐམས་ཅད་དང་སྒྲའི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཚིག་ཟུར་ཆག་པ་མེད་པ་ནི་བརྗེད་བཞིན་དུ་མི་སྨྲ་བའི་ཕྱིར་རོ། །མ ་ཚངས་པ་མེད་པ་ནི་འདུལ་བའི་བྱ་བ་ལས་དུས་ཐམས་ཅད་དུ་སྦྱོར་བའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་རོ། །མི་ཞན་པ་ནི་འཇིགས་པ་མེད་པའི་ཕྱིར་རོ། །རབ་ཏུ་དགའ་བ་ནི་ཐོས་ན་རབ་ཏུ་དགའ་བར་འགྱུར་བའི་ཕྱིར་རོ། །ཁྱབ་པ་ནི ་རིག་པའི་གནས་ཐམས་ཅད་ལ་མཁས་པའི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དོན་མཛའ་དག་བསྒྲུབ་པའི་ཕྱིར་རོ། །རྒུན་ཆགས་པ་ནི་རྒྱུན་མི་འཆད་པའི་ཕྱིར་རོ། །འཕེལ?་བ་ནི་རྣམ་པ་སྣ་ཚོགས་སུ་འབེལ་བའི་ཕྱིར་རོ། །སྒྲ་ཐམས ་ཅད་རྫོགས་པར་བྱེད་པ་ནི་སྒྲ་གཅིག་ལས་སྒྲའི་རྣམ་པར་རིག་པ་དུ་མ་འབྱུང་བའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚམ?་པར་བྱེད་པ་ནི་ཚིག་གཅིག་གིས་དོན་དུ་མ་རྣམ་པར་རིག་པར་བྱེད་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅས་པ་བཞིན་དུ་བྱེད་པའི་ཕྱིར་རོ། །མི་འགྱུར ་བ་ནི་མ་འོངས་པའི་དུས་ན་དེ་བཞིན་དུ་མི་འགྱུར་བའི་ཕྱིར་རོ། །མ་བརྟགས་པ་ནི་ཏབ་ཏབ་པོར་མི་སྨྲ་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲགས་པ་ནི་འཁོར་ཉེ་རིང་ལ་མཚུངས་པར་གྲགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པ ་དང། འཇིག་རྟེན་ལས་འདས་པའི་དོན་དང་དཔེའི་ཆོས་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡོད ་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དོན་དམ་པར་དངོས་པོ་མེད་པར་རྟོགས་པ་བསྟན་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དངོས་པོ་ཞིག་ཡོད་ན་ནི་དགེ་སྤྱོད་དང། བྲམ་ཟེ་དང། ལྷ་དང། བདུད་དང་ཚངས་པ ་ལ་སོགས་པ་ཆོས་ཐམས་ཅད་དངོས་པོ་ཡོད་པར་ལྟ་བ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་རིགས་ན། དངོས་པོ་ཡོད་པར་ལྟ་བ་རྣམས་ཀྱི་སྐོར་མ་ནུས་པ་ལས་ན། དེ་བཞིན་གཤེགས་པས་དོན་དམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དངོས་པོ་མེད་བར་ཐུགས ་སུ་ཆུད་ནས་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་སུས་ཀྱང་བསྐོར་མ་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བསྟན་པའོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་གི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི ་སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་གང་གི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་སེམས་ཅན་དེ་དག་དོན་དམ་པར་དངོས་པོ་མེད་པར་རྟོགས་པས་ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི ་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བསྟན་པ་སྟེ། སེམས་ཅན་དེ་དག་དངོས་པོ་ཡོད་པ་ཞིག་ཡིན་ན་ནི་སེམས་ཅན་གྱི་དངོས་པོ་ལས་ནམ་ཡང་མི་འགྱུར་བས་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས ་བཟླར་ཡང་མི་རུང་བ་ཞིག་ན། སེམས་ཅན་དེ་དག་དོན་དམ་པར་དངོས་པོ་མེད་ལ་ཀུན་རྫོབ་ཏུ་འཁྲུལ་པའི་དབང་གིས་སྒྱུ་མ་ཙམ་དུ་སྣང་བའི་ཕྱིར་སེམས་ཅན་དེ་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་དེས་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ་ཞེས་བསྟན་པའོ། །དེ་ལྟར་ཆོས་དེ་དག་དངོས་པོ་མེད་པར་རྟོགས་པའི་ཕྱིར་ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་གྱུར་ཏོ་ཞེས་བྱ་བའི་ཚིག་ནི་གོང་མ་རྣམས་ལ་ཡང ་སྦྱར་བར་བྱའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ཐེག་པ་ཆེན་པོ་ནམ་མཁའ་དང་མཉམ་མོ་ཞེས་སྨྲས་པའི་དོན་བཅོམ་ལྡན་འདས་ཀྱིས་སྤྲོས ་ནས་བཤད་པ་སྟེ། ཀུན་བརྟགས་པའི་དངོས་པོ་རྣམས་ནི་རྣམ་པ་ཉི་ཤུ་རྩ་བཞིར་རྣམ་པར་བཞག་སྟེ། ཐེག་པ་ཆེན་པོ་འདི་ལ་དེ་ལྟ་བུའི་རྣམ་པར་བཞག་པ་མེད་པའི་ཕྱིར་ནམ་མཁའ་དང་མཉམ་པར་རིག་པར་བྱའོ། །དེ་ལ་རྣམ་པ་ཉི་ཤུ་རྩ་བཞི་ནི་ཕྱོགས་རྣམ་པར་བཞག ་པ་དང། དབྱིབས་རྣམ་པར་བཞག་པ་དང། ཁ་དོག་རྣམ་པར་བཞག་པ་དང། དུས་གསུམ་རྣམ་པར་བཞག་པ་དང། འཕེལ་འགྲིབ་རྣམ་པར་བཞག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་རྣམ་པར་བཞག་པ་དང། སྐྱེ་བ་དང་འགག་པ་ལ་སོགས་པ ་རྣམ་པར་བཞག་པ་དང། དགེ་བ་དང་མི་དགེ་བ་ལ་སོགས་པ་རྣམ་པར་བཞག་པ་དང། མཐོང་བ་དང་ཐོས་པ་ལ་སོགས་པ་རྣམ་པར་བཞག་པ་དང། ཤེས་པར་བྱ་བ་དང། ཤེས་བར་མི་བྱ་བ་ལ་སོགས་པ་རྣམ་པར་བཞག་པ་དང། རྣམ་པར་སྨིན་པ་ལ་སོགས་པ་རྣམ ་པར་བཞག་པ་དང། ཁམས་གསུམ་གྱི་ཁོང་དུ་ཆུད་པ་རྣམ་པར་བཞག་པ་དང། འདོད་ཆགས་དང་ལྡན་པ་ལ་སོགས་པ་རྣམ་པར་བཞག་པ་དང། སེམས་དང་པོ་བསྐྱེད་པ་ལ་སོགས་པ་རྣམ་པར་བཞག་པ་དང། དཀར་པོ་རྣམ་པར་མཐོང་བཱི་ས་ལ་སོགས་པ་རྣམ ་པར་བཞག་པ་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་རྣམ་པར་བཞག་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་སོགས་པ་རྣམ་པར་གཞག་པ་དང། གཟུགས་དང་གཟུགས་མེད་པ་ལ་སོགས་པ་རྣམ་པར་བཞག་པ་དང། རྟག་པ་དང ་མི་རྟག་པ་ལ་སོགས་པ་རྣམ་པར་བཞག་པ་དང། སྟོང་པ་དང་མི་སྟོང་པ་ལ་སོགས་པ་རྣམ་པར་བཞག་པ་དང། ཞི་བ་དང་མ་ཞི་བ་ལ་སོགས་པ་རྣམ་པར་བཞག་པ་དང། སྣང་བ་དང་མུན་པར་རྣམ་པར་བཞག་པ་དང། དམིགས་སུ་ཡོད་པ་དང ་དམིགས་སུ་མེད་པ་རྣམ་པར་བཞག་པ་དང། བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་རྣམ་པར་བཞག་པའོ། །དེ་ལ་རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཤར་ཕྱོགས་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ལ་ཕྱོགས་རྣམ་པར་བཞག་པ་མེད ་པའི་དབེས་ཐེག་པ་ཆེན་པོ་དེ་ནམ་མཁའ་དང་མཉམ་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རིང་པོ་མ་ཡིན་ཐུང་ངུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དབྱིབས་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ ་མཁའ་ནི་སྔོན་པོ་མ་ཡིན་སེར་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཁ་དོག་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་རྣམ་པར་བཞག་པ་མེད་པ་བསྟན་པའོ། ། ་རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་འགྲིབ་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་འཕེལ་འགྲིབ་མེད་པ་བསྟན་པ་སྟེ། འགྲིབ་པ་ནི་ཆེན་པོ་ལས་ཆུང་ངུར་འགྱུར་བའོ། །འབྲི་བ་ནི་རྒྱུན་འཆད་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ཀུན་ནས་ཉོན ་མོངས་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་དང་འགག་པ་ལ་སོགས་པ་རྣམ་པར ་བཞག་པ་མེད་པ་བསྟན་པ་སྟེ། འགག་པ་ནི་སྐད་ཅིག་རེ་རེ་ལ་འཇིག་པའོ། །མཛའ་ཐུག་པ་མེད་པ་ནི་རྒྱུན་ཆད་དེ་མི་སྣང་བ་ལ་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དགེ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པའི་དགེ་བ་དང་མི་དགེ་བ་ལ་སོགས་བསྐལ?་པར ་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་མཐོང་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་མཐོང་བ་དང་ཐོས་པ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཤེས་པར་བྱ་བ་མ་ཡིན་ཞེས་བྱ ་བ་ལ་སོགས་པ་ནི་ཤེས་པར་བྱ་བ་དང། ཤེས་པར་མི་བྱ་བ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པ་སྟེ། དེ་ལ་ཤེས་པར་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་སྒོ་ལྔའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའོ། །རྣམ་པར་ཤེས་པར་མི་བྱ་བ་ཡང་མ་ཡིན ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའོ། །ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལྟར་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པའོ། །མངོན་དུ་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་འགོག་པའི་བདེན་པ་ལྟར་མངོན་སུམ ་དུ་བྱ་བ་ཡང་མ་ཡིན་པའོ། །སྤང་བ་ཡང་མ་ཡིན་ཞེས་བྱ་བ་ནི་ཀུན་འབྱུང་བའི་བདེན་པ་ལྟར་སྤངས་པར་བྱ་བ་ཡང་མ་ཡིན་པའོ། །བསྒོམ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལྟར་བསྒོམ་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ ་དཔེར་ན་ནམ་མཁའ་ནི་རྣམ་པར་སྨིན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྨིན་པ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པ་སྟེ། རྣམ་པར་སྨིན་པ་ནི་འབྲས་བུར་གྱུར་པ་ལ་བྱའོ། །རྣམ་པར་སྨིན་བའི་ཆོས་ཅན་ནི་གདོང་འབྲས་བུར་འགྱུར་བ ་ལ་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདོད་པའི་ཁམས་ཀྱི་ཁོང་དུ་ཆུང་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཁམས་གསུམ་གྱི་ཁོང་དུ་ཆུད་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདོད་ཆགས་དང ་ལྡན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་འདོད་ཆགས་དང་ལྡན་པ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་སེམས་དང་པོ་བསྐྱེད་པ་ལ་སོགས་ ་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་ས་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ།། ་རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམ་པར་བཞག་པ་མེད་པ་བསྟན་པའི། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མེད་དོ ་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་དང་ལྡན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་དང་གཟུགས་མེད་པ་ལ་སོགས་པ ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རྟག་པ་མ་ཡིན་མི་རྟག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་རྟག་པ་དང་མི་རྟག་པ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ ་ནི་སྟོད་པ་མ་ཡིན་མི་སྟོང་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་དང་མི་སྟོང་པ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཞི་པ་མ་ཡིན་མ་ཞི་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཞི་བ་དང་མ་ཞི་བ ་ལ་སོགས་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྣང་བ་མ་ཡིན་མུན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྣང་བ་དང་མུན་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི ་དམིགས་སུ་ཡོད་པ་མ་ཡིན། དམིགས་སུ་མེད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་དམིགས་སུ་ཡོང་པ་དང། དམིགས་སུ་མེད་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མེད་པ ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་དུ་ཡོད་པ་དང། བརྗོད་དུ་མེད་པ་རྣམ་པར་བཞག་པ་མེད་པ་བསྟན་པའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། འདི་ལྟར་ཐེག་པ་ཆེན་པོའི་ཞེས་བྱ་བ་ནི་ཀུན་བརྟགས་པའི་དངོས་པོ ་རྣམས་ལ་རྣམ་པར་བཞག་པ་ཉི་ཤུ་རྩ་བཞི་ཡོད་པ་དེ་ལྟ་བུར་ནམ་མཁའ་ལ་རྣམ་པར་བཞག་པ་མེད་པའི་དཔེས་ཐེག་པ་ཆེན་པོ་དེ་ནམ་མཁའ་དང་མཉམ་པར་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཇི་ལྟར་ནམ་མཁའ་སེམས ་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ་ཞེས་སྨྲས་པ་ནི་དང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ནམ་མཁའ་ལས་དེ་བླངས་ཏེ། གོ་སྐབས་འབྱུང་པ་ཆེ་བའི ་ཕྱིར་ཐེག་པ་ཆེན་པོའོ་ཞེས་བགྱིའོ་ཞེས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་མདོར་སྨོས་ཏེ། དེ་བདེན་ནོ་ཞེས་བསྟོད་ནས་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་པའི་དོན་འགྲེས་ཉི་ཤུ་གཉིས་ཀྱིས་ཞིབ་ཏུ་བཤད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ་རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གོ་འབྱེད་པ་ཆ་བའི་ཕྱིར་ཐེག་པ་ཆེན་པོའོ་ཞེས་བྱ་བའི་གཏན་ཚིགས་བསྟན་པ་སྟེ། འཇིག་རྟེན་པས་ཕྱིན་ཅི་ལོག་ཏུ་བརྟགས་པ་ལྟར་སེམས་ཅན་དང། ནམ་མཁའ་དང་ཐེག་པ ་ཆེན་པོའི་རྣམས་དངོས་པོ་ཡོད་ན་ནི་གཅིག་གི་གོ་གཅིག་གིས་ཆོད་པས་དེ་ལྟར་གོ་སྐབས་ཆེན་པོ་འབྱེད་པར་ཡང་མི་འགྱུར་གྱི། དེ་དག་ཐམས་ཅད་དངོས་པོ་མེད་ཅིང་མི་དམིགས་པས་གཅིག་ལ་གཅིག་ཐོགས་པ་མེད་དེ། །གོ་སྐབས་ཆེན་པོ་འབྱེད་པའི་ཕྱིར་ཐེག་པ ་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང། ནམ་མཁའ་གང་ཡིན་པ་དང། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་དང། ནམ་མཁའ་དང། ཐེག་པ ་ཆེན་པོ་རྣམས་མེད་པའི་གཏན་ཚིགས་བསྟན་པ་སྟེ། དེ་གསུམ་ཆར་ཡང་དོན་དམ་པར་དམིགས་སུ་མེད་པའི་ཕྱིར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་ཚད་མེད་པའི་ཕྱིར་ནམ་མཁའ་ཚད ་མེད་པར་རིག་པར་བྱའོ། །ནམ་མཁའ་ཚད་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཚད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཆད་མེད་གྲངས་མེད་པའི་གོ་འབྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དང། ནམ་མཁའ་དང། ཐེག ་པ་ཆེན་པོ་དེ་དག་དམིགས་སུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དངོས་པོ་ཞིག་ཡོད་ན་ནི་ཚད་འདི་ཙམ་མོ་ཞེས་ཚད་གཟུང་དུ་ཡང་རུང་ན། དེ་དག་དངོས་པོ་མེད་པའི་ཕྱིར་ཚད་མེད་དོ་?་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས ་ཅན་གང་ཡིན་པ་དང། ནམ་མཁའ་གང་ཡིན་པ་དང། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་སེམས་ཅན་དང། ནམ་མཁའ་དང། ཐེག་པ་ཆེན་པོ་ཚད་མེད་པའི་གཏན་ཚིགས་བསྟན་པ་སྟེ། དེ་དག ་འདི་ལྟར་དམིགས་སུ་མེད་པའི་ཕྱིར་ཚད་གཟུང་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དཔག་ཏུ་མེད་པའི་ཕྱིར་ནམ་མཁའ་དཔག་ཏུ་མེད་པར་རིག་པར་བྱའོ། །ནམ་མཁའ་དཔག་ཏུ་མེད་པའི་ཕྱིར་ཐེག་པ་ཆེན་པོ་དཔག་ཏུ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ ་གྲངས་འདིས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་པའི་གོ་འབྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དང། ནམ་མཁའ་དང། ཐེག་པ་ཆེན་པོ་དེ་དག་དམིགས་སུ་མེད་པའི་གཏན་ཚིགས་དཔག་ཏུ་མེད་པ་བསྟན་པ་སྟེ། དངོས་པོ་ཞིག་དམིགས་སུ ་ཡོང་ན་ནི་འདི་ཙམ་ཞེས་དཔག་ཏུ་ཡང་རུང་ན། དངོས་པོར་དམིགས་སུ་མེད་པའི་ཕྱིར་དཔག་ཏུ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སེམས་ཅན་གང་ཡིན་པ་དང། ནམ་མཁའ་གང་ཡིན་པ་དང། ཐེག་པ་ཆེན་པོ ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔག་ཏུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། སེམས་ཅན་དང་ནམ་མཁའ་དང། ཐེག་པ་ཆེན་པོ་དེ་དག་འདི་ལྟར་དམིགས་སུ་མེད་པའི་ཕྱིར་དཔག་ཏུ་མེད་དོ་ཞེས་བསྟན་པ་སྟེ། དེ་དག་ནི་འགྲེས་དང། ་པོའོ། །རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནས་ཆོས་ཐམས་ཅད་མེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་དང། ནམ་མཁའ་དང། ཐེག་པ་ཆེན་པོ ་མེད་པའི་སྟོང་དུ་ཆོས་ཀྱི་དབྱིངས་དང། མི་འཇལ་བ་དང། མི་འགྲངས་པ་དང། མི་དཔོགས་པ་དང། ཆོས་ཐམས་ཅད་མེད་པའི་གཏན་ཚིགས་ཀྱིས་བསྣན་ཏེ། ཐེག་པ་ཆེན་པོ་དེ་གོ་སྐབས་འབྱེད་པ་ཉེ་བར་བསྟན་པ་སྟེ་འགྲེས་གཉིས་པའོ། །དེ་ལ་མི་འཇལ?་པ ་ནི་དངོས་པོ་གང་ཡང་མེད་པས་བྲེ་སྲང་གིས་གཞལ་དུ་མེད་པའི་ཕྱིར་རོ། །མི་འགྲངས་པ་ནི་གངས་གཅིག་གཉིས་ལ་སོགས་པར་བགྲང་དུ་མེད་པའི་ཕྱིར་རོ། །མི་དཔོགས་པ་ནི་རྗེས་སུ་དཔག་པའི་ཚད་མས་ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །རབ་འབྱོར་གཞན ་ཡང་སེམས་ཅན་མེད་པའི་ཕྱིར་དེ་བཞིན་ཉིད་མེད་པར་རིག་པར་བྱའོ། །ཞེས་བྱ་བ་ནས། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་བར་དུ་ནི་ཆོས་ཀྱི་དབྱིངས་ཀྱི་སྐབས་སུ་དེ་བཞིན་ཉིད་སྨོས་པའི་འགྲེས ་ཏེ་གསུམ་པའོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནས། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་བྱང་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་བྱ་བའི་བར་དུ་ནི་དེ་བཞིན་ཉིད་ཀྱི་སྐབས་སུ་མུ་སྟེགས ་ཅན་གྱིས་བརྟགས་པའི་བདག་རྣམས་དང། ཡང་དག་པའི་མཛའ་སྨོས་ནས། དེ་དག་དངོས་པོ་མེད་པར་བསྟན་པའི་འགྲེས་བཞི་པའོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པར་རིག་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་ནི ་ཡང་དག་པའི་མཛའ་ཨི་སྐབས་སུ་བསམ་གྱིས་མི་ཁྱབ་པའི་དབྱིངས་དང། ཕུང་པོ་ལྔས་བསྣན་ཏེ་དེ་དག་དམིགས་སུ་མེད་པ་བསྟན་པའི་འགྲེས་ཏེ་ལྔ་པའོ། །དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་དང་སྦྱར་བའི་འགྲེས་ནི་དྲུག་པའོ། །ཕྱིའི་སྐྱེ ་མཆེད་དྲུག་དང་སྦྱར་བའི་འགྲེས་ནི་བདུན་པའོ། །རྣམ་པར་ཤེས་པ་དྲུག་དང་སྦྱོར་བའི་འགྲེས་ནི་བརྒྱད་པའོ། །འདུས་ཏེ་རེག་པ་དྲུག་དང་སྦྱར་བའི་འགྲེས་ནི་དགུ་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་སྦྱར་བའི་འགྲེས་ནི་བཅུ་པའོ། །སའི་ཁམས་ལ ་སོགས་པ་ཁམས་དྲུག་དང་སྦྱར་བའི་འགྲེས་ནི་བཅུ་གཅིག་པའོ། །མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་།རྣམས་དང་སྦྱར་བའི་འགྲེས་ནི་བཅུ་གཉིས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བའི་འགྲེས་ནི་བཅུ་གསུམ་པའོ། ་སྟོང་པ་ཉིད་བཅོ་བརྒྱད་དང་སྦྱར་བའི་འགྲེས་ནི་བཅུ་བཞི་པའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་སྦྱར་པའི་འགྲེས་ནི་བཅོ་ལྔ་པའོ། །འཕགས་པའི་བདེན་པ་བཞི་ནས་གཟུངས་ཀྱི་སྒོ་རྣམས་ཀྱི་བར་གྱི་ཆོས་རྣམས་དང་སྦྱར་བའི་འགྲེས་ནི་བཅུ་དྲུག་པ ་སྟེ། ཆོས་དེ་རྣམས་རིས་གཅིག་ཏུ་སྨོས་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང། མི་འཇིགས་པ་རྣམས་དང། སོ་སོ་ཡང་དག་པར་རིག་པ་དང་སྙིང་རྗེ ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་དང་སྦྱར་བའི་འབྲེས་ནི་བཅུ་བདུན་པའོ། །རིགས་ཀྱིས་དང་བརྒྱད་པའི་ས་དང། མཐོང་པའི་ས་དང། སྲབ་པའི་ས་དང། འདོད་ཆགས་དང་བྲལ་བའི་ས་དང། བྱས་པ་རྟོགས་པའི་ས ་རྣམས་དང་སྦྱར་པའི་འགྲེས་ནི་བཅོ་བརྒྱད་པའོ། །རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང་སྦྱར་བའི་འགྲེས་ནི་བཅུ་དགུ་པའོ། །རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་སྦྱར་བའི་འགྲེས་ནི་ཤུ་པའོ། །ཐེག་པ་གསུམ ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྦྱར་པའི་འགྲེས་ནི་ཉི་ཤུ་གཅིག་པའོ། །མྱ་ངན་ལས་འདས་པའི་དབྱིངས་ཀྱི་དཔེ་བསྟན་པའི་འགྲེས་ནི་ཉིད་ད་གཉིས་པ་སྟེ། དེ་ལྟར་ཆོས་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པ་རྨ་གྲུབ་སྟེ་དམིགས་སུ་མེད་པས་ནམ ་མཁའ་དང་འདྲ་བའི་ཕྱིར་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་གོ་འབྱེད་དོ་ཞེས་གོ་སྐབས་འབྱེད་པ་ཆེ་བའི་ཕྱིར་ཐེག་པ་ཆེན་པོའོ་ཞེས་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་འོང་བ་འམ་འགྲོ་བ་ཞེས་བྱ་བ་འང ་མེད་གནས་པ་ཞེས་བྱ་བའང་མེད་དོ་ཞེས་སྨྲས་པ་ནི་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་ཐེག་པ་དེ་ལ་འོང་བ་དང། འགྲོ་བ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས ་མདོར་སྨོས་ནས། དེ་བདེན་ནོ་ཞེས་བསྟོད་དེ། ཐེག་པ་ཆེན་པོ་དེ་ལ་འོང་བའང་མེད། འགྲོ་བ་མེད་ཅིང་གནས་པ་མེད་པའི་དོན་ཞིབ་ཏུ་བཤད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མེད་པ་སྟེ། དེ་དག་གང་ནས་ཀྱང་འོང་བ་མེད་དོ།། ་གང་དུ་ཡང་འགྲོ་བ་མེད་དོ་གང་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནས་ཐེག་པ་ཆེན་པོ་དེ་ལ་འོང?་བ་དང་འགྲོ་བ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་ལ་གཡོ་བ་མེད་དེ ་གཞན་དུ་མི་འགྱུར་བས་འོང་བ་དང་གནས་པ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ནི་གང་ནས་ཀྱང་འོང་བ་མེད་དོ། །གང་དུ་ཡང་འགྲོ་བ་མེད་དོ། །གར་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི ་གོང་དུ་ཆོས་ཐམས་ཅད་གཡོ་བ་མེད་པ་སྟེ། འོང་བ་དང་འགྲོ་བ་མེད་པར་བཤད་པ་ནི་ཆོས་ཐམས་ཅད་གང་ཡིན་པ་མིང་གིས་སྨོས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད་ཅེས་བྱ་བ་ལ་སོགས་པ ་ནི་དོན་དམ་པར་གཟུགས་དངོས་པོ་མེད་པའི་རང་བཞིན་སྟོང་པ་ཉིད་ནི་གང་ནས་ཀྱང་འོང་བ་མེད་གང་དུ་ཡང་འགྲོ་བ་མེད། གང་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། གཟུགས་ཀྱི་རང་བཞིན་དང། དེ་བཞིན་ཉིད་དང ་ངོ་བོ་ཉིད་དང་མཆན་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་ཟད་དོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འདུས་མ་བྱས་པ་ལ་ཐུག་གི་བར་དུ་འཇིག་རྟེན ་ལས་འདས་པའི་ཆོས་རྣམས་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ལ་སྔོན་གྱི་མཛའ་འང་མི་དམིགས་སོ། །ཕྱི་མའི་མཛའ་འང་མི་དམིགས་སོ། །དབུས་ཀྱང་མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ ་འབྱོར་ཐེག་པ་དེ་དུས་གསུམ་ལ་འདས་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་མདོར་སྨོས་ཏེ་དེ་བཞིན་བདེན་ནོ་ཞེས་བསྟོད་ནས་ཐེག་པ་དེ་དུས་གསུམ་ལས་འདས་ཤིང་དུས་གསུམ་མཉམ་པ་ཉིད་ཀྱི་དོན་ཞིབ་ཏུ་བཤད་པའོ། ་དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་དེ་ནི་འདི་ལྟར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོད་དོ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་མཉམ་པ་ཉིད་དམིགས་སུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་འདས་པ་དང། མ་འོངས་པ་དང། དེ་ལྟར་བྱུང་བ ་ཞེས་བྱ་བ་དེ་དག་རང་བཞིན་གྱིས་སྟོང་པ་དང། དུས་གསུམ་མཉམ་པ་ཉིད་ཅེས་བྱ་བ་ཡང་ཐ་སྙད་དུ་བརྟགས་པ་ཅོམ་ཟད་ཀྱི་དོན་དམ་པར་མཉམ་པ་ཉིད་ཀྱི་རང་བཞིན་མེད་པ་དང། ཐེག་པ་ཆེན་པོ་དང་ཐེག་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས ་དཔའ་ཡང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་དུས་གསུམ་ཞེས་གྲངས་གཅིག་གཉིས་ལ་སོགས་པར་བགྲངས་ཤིང་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཀྱི ་ཐེག་པ་སྟེ། དེ་ལ་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་ཞེས་བྱ་བ་ནི་མཉམ་པ་དང་མི་མཉམ་པ་ཞེས་ཐ་དད་དུ་མི་འབྱེད་པ་ཉིད་མཉམ་པ་ཉིད་ཀྱི་ཐེག་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་འདོད་ཆགས་དང། འདོད་ཆགས་དང་བྲལ་བར་ཡང་མི་དམིགས་སོ་ཞེས ་བྱ་བ་ནས། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་འདོད་ཆགས་ལ་སོགས་པའི་ཆོས་རྣམས་ཀྱི་མིང་སྨོས་ནས། དེ་དག་ཡོད་པ་དང་མེད་པའི་མཛའ་གཉིས་ཐ་དད་དུ་མི་དམིགས་པ་ཉིད་མཉམ་པ་ཉིད་ཡིན་པར་བསྟན ་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མི་དམིགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཆོས་མིང་གིས་སྨོས་པ་དེ་དག་གི་རང་བཞིན་དོན་དམ་པར་དམིགས་སུ་མེད་པས་དེའི་ཕྱིར་དེ་དག་ལ་ཡོད་པ་དང་མེད་པའི་མཛའ་གཉིས་ཐ ་དད་དུ་དབྱེར་མེད་དེ་མཉམ་པ་ཉིད་དོ་ཞེས་བསྟན་པའོ། །རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་སུ་མདོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པར། དམིགས་སུ ་མེད་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་པར་འགྱུར་པ་ལྟ་ཅི་ཞིག་སྨོས་ཞེས་བྱ་བ་ནི་དོན་དམ་པར་འདས་པའི་གཟུགས་ཀྱི་རང་བཞིན་སྟོང་པ་དང། སྟོང་པ་ཉིད་ཅེས་བྱ་བ་ཡང་ཐ་སྙད་དུ་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་དམིགས་སུ་མེད་པའི ་ཕྱིར་འདས་པའི་གཟུགས་ཀྱང་རང་བཞིན་གྱིས་སྟོང་ལ། སྟོང་པ་ཉིད་ལ་ཡང་འདས་པའི་གཟུགས་དམིགས་སུ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ཕུང་པོ་ལྔ་ཆར་ལ་ཡང་དུས་གསུམ་དམིགས་སུ་མེད་པའི་དོན་སྦྱར་བར་བྱའོ། །རབ་འབྱོར་སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་དུས་གསུམ་དམིགས་སུ་མེད་པ་བསྟན་པའོ། །རབ་ ་འབྱོར་གཞན་ཡང་སོ་སོའི་སྐྱེ་བོ་ནི་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་སོ ་སོའི་སྐྱེ་བོའི་གང་ཟག་དང། འཕགས་པའི་གང་ཟག་རྣམས་ལ་དུས་གསུམ་དམིགས་སུ་མེད་པ་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དུས་གསུམ་མཉམ་པ་ཉིད་ལ་བསླབས ་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་དེ་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱ་བ་དང། ཐེག་པ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི ་འཇིག་རྟེན་ཟིལ་གྱིས་མནན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་འདི་ལེགས་པར་གསུངས་པ་ནི་ལེགས་ཤིང་དགེ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་དེ་ལ ་ཀུན་རྫོབ་ཏུ་དུས་གསུམ་གྱི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ་ལེའུ་བཅུ་གཉིས་པའོ།། །།དེ་ནས་བྱམས་གང་གི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བསྐོ་བ་མཛད་པས། འདི་ནི་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་སོ་ཞེས་བྱ་བ་ནི་གདམས་པ་དང་རྗེས་སུ་བསྟན་པའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྱུང་བར་འགྱུར་བར་སྤོབས་པ་སྐྱེད་ཅིག་ཅེས་སྔར་བཀའ་སྩལ་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་བསྐོས་པའི་ཚིག་གང་པས་སྨོས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐེག་པ་ཆེན་པོ་ཐ་མི་དད་པའི་ཆོས་ཞིང་དུ་བཤད་པའི་སྐབས་དབྱེ་བའི་ཕྱིར་འདི་ནི་ཐེག་པ་ཆེན་པོ་བསྟན་པ་ཙམ་དུ་སེམས་ཞེས་གསོལ་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གམ་གཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་ཐེག་པ་ཆེན་པོ་བསྟན་པར་མ་གྱུར་ལགས་གྲང་ཞེས་བྱ་བ་ནི་རབ་འབྱོར་བདག་ཐེག་པ་ཆུང་དུས་ཡིན་པ་ལས། བཅོམ ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་དུ་བཅུག་པ་འདི་ཐེག་པ་ཆེན་པོ་དང་འགལ་བར་འགྱུར་གྲང་སྙམ་དུ་དོགས་པ་སྐྱེས་ནས་བཅོམ་ལྡན་འདས་ལ་ཞུས་པ་སྟེ། དེ་ལྟར་ཞུས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་མ་གྱུར ་པས། འོག་ནས་བཅོམ་ལྡན་འདས་ཀྱིས་བཤད་པས་འཁོར་རྣམས་རབ་འབྱོར་གྱི་ཚིག་ཚད་མར་འཛིན་དུ་ཞུགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་གྱུར་པའང་མེད་དེ། རབ་འབྱོར་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་རྗེས་སུ་མཐུན་པ་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐེག་པ་ཆེན་པོ་དང་མི་འགལ་བར་རབ་འབྱོར་གྱིས་བཤད་པ་བསྟན་པ་སྟེ། དེ་སྐད་ཅེས་བཀའ་སྩལ་པ་ཡང་རབ་འབྱོར་གཟེངས་བསྟོད་ཅིང་སྤྲོ་བ་བསྐྱེད་པ་དང། རབ ་འབྱོར་གྱིས་བཤད་པ་ལས་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དགེ་བའི་ཆོས་གང་ཡང་རུང་སྟེ། ཉན་ཐོས་ཀྱི་ཆོས་དང། རབ་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའ་ཨི ་ཆོས་སམ། སངས་རྒྱས་ཀྱི་ཆོས་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་ཁོང་དུ་ཆུད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པར་ཐེག་པ་ཆེན་པོ་སྟོན་པའི་གཏན་ཚིགས་བཤད་པ་སྟེ། ཐེག་པ་གསུམ ་དུ་གཏོགས་པའི་ཆོས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་མི་འདུས་པ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་ཆོས་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཉིད་དུ་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ ་པ་བཅོམ་ལྡན་འདས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་ཁོང་དུ་ཆུད་པ་དེ་ལྟ་བུའི་ཉན་ཐོས་ཀྱི་ཆོས་དང། རང་སངས་རྒྱས་ཀྱི་ཆོས་དེ་དག་གང་ལགས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱིས་ཆོས ་གང་དུ་མདོར་སྨོས་པ་རྣམས་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ་དན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་གསུམ་དུ་གཏོགས་པའི་ཆོས ་རྣམས་འདི་དག་ཡིན་ནོ་ཞེས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་མིང་གིས་སྤོས་ཏེ་བསྟན་པའོ། །མི་ཉམས་པའི་ཆོས་ན་ཨིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡོན་ཏན ་ཉམས་པར་མི་འགྱུར་རོ། །རྟག་ཏུ་བཏང་སྙོམས་ཀྱི་རྣམ་པར་སྤྱོད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་སྟེ། རྟོག་ཏུ་མཉམ་པར་བཞག་པས་མི་མཐུན་པའི་ཕྱོགས་ཀྱིས་འདྲེས་པར་མི་ཐོགས་པའི་བཏང་སྙོམས་ལ ་བྱའོ། །རབ་འབྱོར་དེ་ལ་ཐེག་པ་ཆེན་པོ་གང་ཡིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་ཞེས་བྱ་བ་ནས་མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ། གྲངས་མེད་པ ་བསྟན་དུ་མེད་པ་ཐོགས་པ་མེད་པ་འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་བ་ཤ་སྟག་སྟེ། །རབ་འབྱོར་རྣམ་གངས་འདིས་ན་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་ཆོས་མིང་གིས་སྨོས་པ་འདི་དག་ཐམས་ཅད་དོན་དམ་པར་སྟོང?་པ་ཉིད་དུ་རོ་གཅིག་ཅིང། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ། །ཐ་དད་པ་མེད་པའི་ཕྱིར་ཆོས་དེ་དག་གང་བསྟན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན ་པས་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་སྟོན་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་དེ་དག་ལས་ཟིལ་གྱིས་གནོན་པར་སྐྱེ་མཆེད་བརྒྱད་དང། རྒྱས་པའི་སྐྱེ་མཆེད་བཅུའི་མཚན་ཉིད་ནི་ཕྱིས་འཆད་དོ། །གཞན་རྣམས་ཀྱི་མཚན་ཉིད་ནི་སྔར ་བཤད་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་ཡང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས་།རབ ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཆོས་དེ་དག་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད ་གཅིག་པའི་གཏན་ཚིགས་བསྟན་པ་སྟེ། གཉིས་སུ་མེད་དེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག ་པའི་ཕྱིར་གཉིས་སུ་མེད་ཅེས་བྱའོ། །གཉིས་སུ་བྱར་མེད་ཅེས་བྱ་བ་ནི་དེ་ལྟར་སྟོང་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་གོང་དུ་སྨོས་པ་དང་སྦྱར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་དབུས་སུ་མི་དམིགས་ཏེ་ཞེས་བྱ་བ་ནི་གང་ལ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གདམས་ཤིང་རྗེ་སུ་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་མ་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕ་ཡིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ ་ཞེས་འོག་ནས་འབྱུང་བའི་དོན་གླེང་བསླང་པའི་ཕྱིར་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་མི་དམིགས་པ་བསྟན་པའོ། །གཟུགས་ཀུན་ཏུ་མཛའ་ཡས་པའི་སྲད?་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཛའ་ཡས་པར་རིག་པར་བགྱིའོ། །ཞེས་བྱ་བ་ནས། ་རྣམ་པར་ཤེས་པ་ཀུན་ཏུ་མཛའ་ཡས་པའི་སླད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཛའ་ཡས་པར་བགྱིས་ཏེ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་མི་དམིགས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ ་ལྔ་རྣམས་དོན་དམ་པར་རང་བཞིན་གྱིས་སྟོན་པས་དུས་གསུམ་གྱི་མཛའ་གཟུང་དུ་མེད་དེ། མཛའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་ཡང་དུས་གསུམ་དམིགས་སུ་མེད་དེ། མཛའ་ཡས་པར་རིག་པར་བྱའོ་ཞེས་བསྟན་པའོ། །གཟུགས་བྱང་ཆུབ ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་སོ་ཞེས་བྱ་བ་ནས། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བགྱི་པ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་ཏེ། ཞེས་བྱ་བའི་བར་དུ་ནི་དེ་ལྟར་གཟུགས་ཀུན་ཏུ་མཛའ་ཡས་པའི་ཕྱིར་བྱང་ཆུབ་སེམས ་དཔའ་ཀུན་ཏུ་མཛའ་ཡས་པར་རིག་པར་བྱ་ན། འོ་ན་ནི་གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་པར་འགྱུར་རོ་སྙམ་དུ་སེམས་པ་བསལ་པའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགི་བ་དེ་ལྟ་བུ་ཡང་མ་མཆིས་མི་དམིགས་ཞེས་བྱ་བ ་དང་སོགས་པ་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་པའི་རིམ་པ་དེ་ལྟ་བུར་བྱང་ཆུབ ་སེམས་དཔའ་ཡོང་ཡེ་རྣམ་པ་ཐམས་ཅད་དུ་མ་མཐོང་མ་དམིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་བསྟན་པར་བགྱི་ཞེས་བྱ་བ་འོག་ནས་འབྱུང་བ་དང། སྦྱར་རོ།། བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའ་ཞེས་བགྱི་བ་འདི་ནི་མིང་དུ་བས་ཏེ་ཞེས་བྱ་བ་ནས། མངོན་བར་མ་གྲུབ་པ་མངོན་བར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་སུ་མཆིས་སམ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཀུན་རྫོབ་ཏུ་མིང་ཐ་སྙད་ཙམ་དུ་བརྗོད་དུ ་ཟད་ཀྱི་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པའི་དཔེ་མུ་སྟེགས་ཅན་གྱི་བརྟགས་པའི་དཔག་ཏུ་མེད་པ་ལས་བླངས་ཏེ་བསྟན་པའོ། །གལ་ཏེ་དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཛུམ་ཡོངས་སུ་མི་འཛུམ། ་འགྱོད་པར་མི་འགྱུར་ཞིང་ཡིད་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་དེ་ལྟར་དམིགས་སུ་མེད་པའི་ཆོས་ཟབ་མོ་བསྟན་པའི་ཚེ་སེམས ་ཞུམ་ཞིང་སྐྲག་པར་མ་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྤྱོད་པ་ཆུད་དོ་ཞེས་ཆོས་ཟབ་མོས་བགྲོད་པའི་རྗེས་སུ་བསྔགས་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད ་ཅེས་སྨྲས་སོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ། གལ་ཏེ་དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཛུམ་ཡོངས་སུ་མི་འཛུམ། འགྱོར་པར་མི་འགྱུར་ཞིང་ཡིད་མི་འཇིགས་མི་དབང་སྐྲག ་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་?་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་དུས་གསུམ་དུ་མི་དམིཌ་པའི་དོན་འོག་ནས་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་གོང་དུ་རབ་འབྱོར་ཀྱིས་བྱང ་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པ་ལ་སོགས་པ་བཤད་པའི་ཚིག་དེ་དག་ཉིད། ཤཱ་རིའི་བུས་བཟླས་ཏེ། རབ་འབྱོར་ཁྱོད་ཅིའི་ཕྱིར་དེ་སྐད་ཟེར་ཞེས་དྲིས་པའོ། །དེ་སྐད་ཅེས་སྤྲས་པ་དང། ཚེ་དང་ལྡང་པ་རབ་འབྱོར་གྱིས་ཆེ་དང་ལྡན་པ་ཤཱ ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་རང་ལྡན་པ་ཤཱ་རདྭཱ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པའི་དོན་རབ་འབྱོར་གྱིས ་ཞིབ་ཏུ་བཤད་པ་སྟེ། སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཛའ་མི་དམིགས་སོ། །ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་བརྟགས་པའི་བདག་སེམས་ཅན་ཞེས་བྱ་བ་ལ་སོགས་པ་དེ་དག་ཡང་དག་པར་ཡོད་པ་མ་ཡིན་ཏེ། དེ་དག་འདས ་པ་དང། མ་འོངས་པ་དང། ད་ལྟར་གྱི་དུས་གསུམ་ཆར་ན་དམིགས་སུ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་དུས་གསུམ་དུ་དམིགས་སུ་མེད་དོ་ཞེས་བསྟན་པ་སྟེ། སེམས་ཅན་སྟོང་པ་དང། སེམས་ཅན་དབེན་པ་དང། སེམས ་ཅན་རང་བཞིན་མེད་པའི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་བརྟགས་བའི་བདག་ཡང་དག་པར་ཡོད་པ་མ་ཡིན་པའི་རྣམ་གྲངས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པ་ངང་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་དང། བྱང་ཆུབ ་སེམས་དཔའ་དང། དུས་གསུམ་ཀུན་ཀྱང་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་མི་དད་པའི་ཕྱིར་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་གཏན་ཚིགས་བསྟན་པ་སྟེ། དེས་ནི་གང་ཟག་ལ་བདག་མེད་པ་བཤད་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད ་པ་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟུགས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཛའ་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ལ་བདག་མེད་པ་བཤད་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པ་བསྟན་པ་སྟེ། ་ཚིག་གི་དོན་བཤད་པ་ནི་གོང་མ་དང་འདྲའོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་མཁྱེན་པ་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས ་ཅད་དུས་གསུམ་དུ་དམིགས་སུ་མེད་པ་བཤད་པས་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་དམིགས་སུ་མེད་པ་བསྟན་པའོ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ། ཅིའི་ཕྱིར་ཞེ་ན། གཟུགས་ཀུན་ཏུ་མཛའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ ་མཛའ་ཡས་པར་རིག་པར་བྱའོ། །ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པས་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་གཟུགས་ཀུན་ཏུ་མཛའ་ཨི་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་མཛའ་ཡས་པར་རིག་པར་བྱ་ཞེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས། གཟུགས་ལ་སོཌ་པ་སངས ་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ནམ་མཁའ་ཨི་དཔེས་ཀུན་ཏུ་མཛའ་ཡས་པའི་དོན་ཞིབ་ཏུ་བཤད་པ་སྟེ། ཇི་ལྟར་ནམ་མཁའ་དེ་དངོས་པོ་ཡོད་པ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་པའི་ ་ཕྱིར་དེ་ལ་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང་དབུས་མེད་དེ། ཀུན་ཏུ་མཛའ་ཡས་པ་དེ་བཞིན་དུ་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་གྱི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་སྟེ། ནམ་མཁའ་དང་འདྲ་བ་དེ་དག་ལ་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང། དབུས་དམིགས་སུ་མེད་པའི་ཕྱིར་ཀུན་ཏུ་མཛའ་ཡས་སོ། །བྱང་ཆུབ་སེམས་དཔའ་ ་ཡང་དེ་ལྟ་བུར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཀུན་ཏུ་མཛའ་ཡས་པར་རིག་པར་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི ་དམིགས་ན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ཞེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས་གཟུགས་ལ་སོགས་པའི་ཆོས ་ཐམས་ཅད་བྱང་ཆུབ་སེམས་དཔའ་མ་ཡིན་པའི་གཏན་ཚིགས་ཞིབ་ཏུ་བཤད་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་གཟུགས་མེད་བྱང་ཆུབ་སེམས་དཔའ་མེད་དོ་ཞེས་བྱ་བ་ནི་དོན ་དམ་པར་གཟུགས་རང་བཞིན་གྱིས་སྟོང་པས་དེ་ལྟར་སྟོང་པ་ལ་གཟུགས་ཞེས་བྱ་བ་འམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་དེ། དེའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་སོ་ཞེས་བདག་གིས་སྨྲས་སོ་ཞེས ་བཤད་བའོ། །གཟུགས་ཇི་ལྟར་བཤད་པ་དེ་བཞིན་དུ་ཚོར་བ་ནས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་བ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ་བདག་གིས ་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མ་དམིགས་ན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་མ་དམིགས་ན། བྱང་ཆུབ་སེམས་དཔའ་ ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞིག་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་རབ་འབྱོར་ལ་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས་དེའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། ་གཟུགས་ནི་ཚོར་བ་ལ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་དུ་མེད་ཅིང་མི་དམིགས་པས། གདམས་ཤིང་རྗེས་སུ་བསྟན་པ་མེད་པའི་གཏན་ཚིགས་ཞིབ་ཏུ་བཤད་པ་སྟེ། གཟུགས་ལ་སོགས་པ་འཇིག ་རྟེན་དང། འཇིག་རྟེན་ལས་འདས་པའི་ཆོས་ཉན་ཐོས་དང་རང་སངས་རྒྱས་དང། དེ་བཞིན་གཤེགས་པ་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་བདག་གི་དངོས་པོ་ཡང་མེད་ལ། གཞན་གྱི་དངོས་པོ་ཡང་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ ་རྣམ་པ་ཐམས་ཅད་དུ་མེད་ཅིང་མི་དམིགས་པས་བྱང་ཆུབ་སེམས་དཔའ་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་གདམས་ཤིང་རྗེས་སུ་བསྟན་དུ་མེད་དོ་ཞེས་བཤད་དེ། དེ་ལ་གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ་ཞེས་བྱ་བས་ནི་བདག་གི ་དངོས་པོར་མེད་པ་བསྟན་ཏོ། །གཟུགས་ནི་ཚོར་བ་ལ་མེད་ཅིང་མི་དམིགས་སོ་ཞེས་བྱ་བས་ནི་གཞན་གྱི་དངོས་པོར་ཡང་མེད་པ་བསྟན་པ་སྟེ་།དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་བདག་གི་དངོས་པོར་ཡོད་པ་དང། གཞན་གྱི་དངོས་པོར་མེད་པ་ཅི་རིགས་སུ་སྦྱར་བར ་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ། ཅིའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་མིང་ཙམ་ཡིན་ཞེས་ཟེར་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ ་བ་འདི་ནི་མིང་ཙམ་ཡིན་ནོ་ཞེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ཏེ། དེའི་དོན་ཞིབ་ཏུ་བཤད་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས ་པ་སྟེ། དེའི་ཕྱིར་ན་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་མིང་ཙམ་ཞེས་བྱ་བ་ནི་དོན་དམ་པར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོ་ཡོད་པར་མ་གྲུབ་སྟེ། དེ་ལྟར་དངོས་པོ་མེད་པ་ལས་བྱང་ཆུབ་སེམས་དཔའ་ཞེས་མིང་དུ ་བརྗོད་པ་ནི་ཀུན་རྫོབ་ཏུ་གློ་བུར་དུ་ཐ་སྙད་བཏགས་པར་ཟད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པར་མེད་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་གོང་དུ་སྨོས་པའི་དོན་དང་སྦྱར་རོ ་ཚེ་དང་ལྡན་པར་ཤཱ་རདྭཱ་ཏིའི་བུ་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་དང། འདུ་ཤེས་ཞེས་བྱ་བ་དང། འདུ་བྱེད་ཅེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ ་སེམས་དཔའ་ཞེས་བྱ་བ་འབའ་ཞིག་དོན་དམ་པར་མེད་པ་ལས་གློ་བུར་དུ་མིང་དུ་བཏགས་པར་མ་ཟད་ཀྱི། ཕུང་པོ་ལ་ལྔ་སོགས་པ་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཡོད་བ་མ་ཡིན་བ་ལས་གློ་བུར་དུ་མིང་དུ་བཏགས་པར་ཟད་དོ་ཞེས་བསྟན་པའོ། །འདི ་ལྟར་མིང་ནི་གང་ནས་ཀྱང་མ་འོངས་གང་དུ་ཡང་མི་འགྲོ་གདན་ཡང་མི་གནས་སོ། །ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་ཡང་དག་པར་ཡོད་པ་མ་ཡིན་པ་ལས་གློ་བུར་དུ་མིང་དུ་བཏགས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ ་དེ་དག་དོན་དམ་པར་དངོས་པོ་མེད་བས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོངས། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོ་།སྐད་ཅིག་མའི་རང་བཞིན་ཡིན་པས་གང་ན་ཡང་མི་གནས་སོ་ཞེས་བསྟན་པའོ། །མིང་ཙམ་ཞེས་བྱ་བ་གང་ཡིན་པ་དེ་ནི། ་གཟུགས་མ་ཡིན། དེ་ནི་ཚོར་བ་མ་ཡིན། དེ་ནི་འདུ་ཤེས་མ་ཡིན། དེ་ནི་འདུ་བྱེད་མ་ཡིན། དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་དག་པར་ཡོད་པར་མ་ཡིན་པ་ལས་གློ་བུར་དུ་མིང་ཙམ་དུ་བཏགས་པ་དེ་ནི་ཡང་དག་པར་ཕུང་པོ་ལྔའི་རང་བཞིན་མ་ཡིན་ནོ།། ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གིས་རང་བཞིན་གྱིས་སྟོང་ངོ། །སྟོང་པ་གང་ཡིན་པ་དེ་ནི་མིང་མ་ཡིན་ཏེ་ཞེས་བྱ་བ་ནི་གློ་བུར་དུ་བཏགས་པའི་མིང་དི་པུང་པོ་ལྔའི་རང་བཞིན་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། མིང་དེ་རང ་བཞིན་གྱིས་སྟོང་པའི་ཕྱིར་ཕུང་པོ་ལྔའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང། རྣམ་པར་ཤེས་པ་དྲུག་དང། འདུས་ཏེ་རེག་པ་དྲུག་དང། རེག་པའི་རྐྱེན་གྱིས་ཚོར་བ་དྲུག་དང་།སའི ་ཁམས་ལ་སོགས་པ་ཁམས་དྲུག་དང། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་སྟེ། མིང་ལ་ཡང་སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་མེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་དེ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཡོད་པ ་མ་ཡིན་པས་མིང་ཙམ་དུ་བཏགས་པར་ཟད་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མིང་ཙམ་དུ་བཏགས་པར་ཟད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ་དཔེར་ན་བདག་བདག་ཅེས་བྱ་བ་སྟེ། བདག་ཤིན་ཏུ་མངོན་བར་མ་གྲུབ ་པོ་ཞེས་བྱ་བ་ལ་སོགས་བ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་དཔེར་ན་བདག་བདག་ཅེས་བྱ་སྟེ། བདག་ཤིན་ཏུ་མངོན་པར་མ་གྲུབ་བོ་ཞེས་བྱ་བ་ལ་སོགས་པ་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས། མུ་སྟེགས་ཅན་གྱིས་བཏགས ་པའི་བདག་ལ་སོགས་པ་ཤིན་ཏུ་མངོན་པར་མ་གྲུབ་པའི་དོན་ཞིབ་ཏུ་བསྟན་པ་སྟེ། དེ་ལ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བདག་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་བར་འགྲུབ་པར་འགྱུར་བ་ལྟ་གྲ་ལ་ཡོད་ཅེས་བྱ་བ་ནས། མཐོང་བ་པོ ་ཤིན་ཏུ་མེད་ཅིང་མི་དམིགས་ན་དེ་མངོན་བར་འགྲུབ་པར་འགྱུར་བ་ལྟག་ལ་ཡོད་ཅེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིS་ཕྱིན་ཅི་ལོག་ཏུ་བཏགས་པའི་བདག་རྣམས་བྱེད་པ་པོ་ལ་སོགས་བའི་དངོས་པོར་ཡོད་བ་མ་ཡིན་ཏེ། མེད་ཅིང་མི་དམིགས་བས་དེ ་དག་ཉིད་མངོན་བར་འགྲུར་པར་འགྱུར་བ་འམ། དེ་དག་ལས་གཞན་རྣམས་མངོན་བར་འགྲུབ་ཅིང་འབྱུང་བར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བཤད་པ་སྟེ། དེས་ནི་གང་ཟག་ལ་བདག་མེད་བར་བསྟན་ཏོ། །གཟུགས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་མངོན་བར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བའི་བར་དུ་ནི་ཕུང ་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ཏེ། ཤིན་ཏུ་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བསྟན་བ་སྟེ། དེས་ནི་ཆོས་ལ་བདག་མེད་པ་བསྟན་ཏོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་བདག་ཅེས་ཀྱང་བྱ་སྟེ། བདག་ཤིན་ཏུ་མངོན་བར་འགྲུབ་པ་མེད་དོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་དོན་མཇུག ་བསྡུས་ནས་བསྟན་པ་སྟེ། གོང་དུ་བཤད་པའི་ཚུལ་དེས་ན་གང་ཟག་དང་ཆོས་གཉི་ག་ཤིན་ཏུ་མེད་ཅིང་མི་དམིགས་པའི་ཕྱིར་མངོན་བར་འགྲུབ་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཀྱང ་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནམ་ཞེས་ཟེར་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནམ་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས་ཆོས་ཐམས་ཅད ་དངོས་པོ་མེད་བའི་ངོ་བོ་ཉིད་ཡིན་པའི་དོན་ཞིབ་ཏུ་བཤད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས ་ལ་སོགས་བའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་སྟེ། རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བ་གང་ཡིན་པ་དེ་དག་ནི་དོན་དཾ་པ་ངོ་བོ་ཉིད་ཡོད་པ་ཡིན་ནོ་ཞེས་བཤད་པའོ། །ཤཱ་རདྭཱི་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ལ་འདུ་བ་ལས ་བྱུང་བའི་ངོ་བོ་ཉིད་མེད་པ་ཡིན་ཞེས་བྱ་བ་ནི་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་གོང་དུ་སྤྱིར་སྨོས་པ་ཆོས་གང་དང་གང་དག་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་པ་ཡིན་ན་ཞེས་སོ་སོར་ཕྱེ་སྟེ་དྲིས་པའོ། །སྨྲས་པ། གཟུགས་ལ་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་བརྣམས་འདུ་བ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ་སོར་ཕྱེ་སྟེ་མིང་གིས་སྨོས་ནས་ཆོས་འདི་རྣམས་ལ་འདུ་བ་ལས་བྱུང ་བའི་ངོ་བོ་ཉིད་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བསམ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་མི་རྟག་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པའོ། ། ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་དག་གང་ཡིན་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཆོས་ཐམས་ཅད་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་སྤྱིར་སྨྲས་པ་ཆོས་དེ་དག་གང ་དད་གང་ཡིན་པ་སོ་སོར་ཕྱེ་སྟེ་འཆད་དུ་གཞུག་བའི་ཕྱིར་ཤཱ་རདྭཱ་ཏིའི་བུས་རབ་འབྱོར་ལ་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟུགས་མི་རྟག་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ ་སོགས་པའི་ཕུང་བོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བསྟན་པའོ།།དེ་ལ་མི་རྟག་པ་ཞེས་བྱ་བ་ཉན་ཐོས་ཀྱི། ་ཐེག་པའི་ཚུལ་གྱིས་ནི་དངོས་པོ་སྐྱེས་པ་ལས་ཞིག་པ་ལ་བྱའོ། །ཐེག་བ་ཆེན་བོ་འདི་ལ་ནི་མི་རྟག་པའི་མཚནྙིད་དེ་ལྟ་མ་ཡིན་པར་སྟོན་ཏེ། ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་སྟོང་ལ་མི་རྟག་པ་ཞེས་བྱ་སྟེ། རྟག་ཏུ་དངོས་པོ་ཡོད ་པར་མ་གྲུབ་ཅིང་དུས་ཐམས་ཅད་དུ་མེད་པ་ཉིད་ལ་མི་རྟག་པ་ཞེས་བྱའོ། །གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་དངོས་པོ་ཡོད་པ་མ་ཡིན་པས་ཡོད་པའི་དངོས་པོ་གང་ཡང་ཞིག་པར་གྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟར་མི་རྟག་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་ཟད་དེ་ཞེས་བྱ་བ་ནི་མི་རྟག་པའི་དོན་དངོས་པོ་མེད་པར་བསྟན་པའི་གཏན་ཚིགས་བསྟན་པ་སྟེ། །གང་རྟག་ཏུ་ཡོད་པ་མ་ཡིན་པ་ལ་མི་རྟག་པ་ཞེས་བྱ་སྟེ། །དེ་བས་ནི་མ ་རྟག་པའི་དོན་དངོས་པོ་མེད་པ་དང་ཟད་བ་ལ་བྱའོ་ཞེས་བྱ་བའི་དོན་ཏེ། །ཟད་པ་ཞེས་བྱ་བ་ཡང་མེད་པའི་རྣམ་གྲངས་སོ། །ཚེ་དན་ལྡན་པ་ཤཱ་རདྭཱ་ཏའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་སྡུག་བསྔལ་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ ་སོགས་པ་ནི་སྡུག་བསྔལ་བའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གང་གི་ཚེ་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་ཐམས་ཅད་ལ་དངོས་པོ་ཡོད་པར་མངོན་པར་ཞེན་པ་དེའི་ཚེ་སྡུག་བསྔལ་གྱི ་མྱུར་འགྱུར་བས་སྡུག་བསྔལ་བ་ཞེས་བྱའོ། །གང་གི་ཚེ་ཀུན་བརྟགས་པའི་ཆོས་དེ་དག་དོན་དམ་པར་དངོས་པོ་མེད་པར་རྟོགས་ཤིང། མངོན་པར་ཞེན་པར་མ་གྱུར་པ་དེའི་ཚེ་སྡུག་བསྔལ་མེད་བར་འགྱུར་ཏེ། དེ་བས་ན་སྡུག་བསྔལ་བ་ནི་དངོས་པོ་མེད་པ་ལས ་ཡོད་པར་ཕྱིན་ཅི་ལོག་ཏུ་མཐོང་བ་ལས་གྱུར་ཏེ། གང་ཕྱིན་ཅི་ལོག་ཏུ་མཐོང་བ་ལས་བྱུང་བདེ་ཡང་དག་པར་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ནི་སྡུག་བསྔལ་པའོ་ཞེས་བྱ་བས་ཆོས་ཐམས་ཅད་དངོས་པོ་མེད་པར་བསྟན་པར་རིག་པར་བྱའོ། །གང་དང ་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་དངོས་པོ་ཡོད་པོ་གང་དང་ཡང་རལ་བས་སྡུག་བསྔལ་བར་གྱུར་པ་ནི་མ་ཡིན་གྱི། དངོས་པོ་མེད་པ་ལས་ཕྱིན་ཅི་ལོག་ཏུ་མཐོང་བ་ལས་སྡུག་བསྔལ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་དོན་གཅིག་ཏུ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟར ་སྡུག་བསྔལ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་ཟད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པ་ལས་ཕྱིན་ཅི་ལོག་ཏུ་མཐོང་སྟེ། ཡོད་པར་བརྟགས་པ་ལས་སྡུག་བསྔལ་བར་གྱུར་པ་དེ་ནི་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་དངོས་པོ ་མེད་པ་དང་ཟད་པའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བདག་མེད་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན ་པར་སྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་བདག་མེད་པ་ཞེས་བྱ་བ་ནི་ཆོས་དེ་དག་གི་རང་བཞིན་མེད་དེ། སྙོད་པ་ལ་བདག་མེད་པ་ཞེས་བྱའི། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང ་བྲལ་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཞི་བ་སྟེ་གང་དང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཞི་བའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ ་ཉིད་ཡིན་པར་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཆོས་དེ་དག་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་ཅིང་བཟོད་མ་ནས་ཞི་བའི་ཕྱིར་ཞི་བ་ཞེས་བྱའི། དངོས་པོ་ཡོད་པ་ལས་མི ་མཐུན་བའི་ཕྱོགས་དང་བྲལ་བས་ཞི་བར་གྱུར་པ་ནི་མ་ཡིན་ནོ་ཞེས་བསྟན་བའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་བ་ཉིད ་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བསྟན་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཐམས ་ཅད་དོན་དམ་བར་རང་བཞིན་ཡོད་པར་མ་གྲུབ་པས་སྟོང་པ་དང་མཚན་མ་མེད་པ་དང་སྨོན་པ་མེད་བ་ཡིན་གྱི། དངོས་པོ་གཞན་དང་བྲལ་བས་སྟོད་པ་དང། མཚན་མ་དང་བྲལ་བས་མཚན་མ་མེད་པ་དང། སྨོན་པ་དང་བྲལ་བས་སྨོན་པ་མེད་པ་མ་ཡིན་ཏེ ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དགེ་བའི་སྒོ་ནས་གཞུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་དངོས་པོ་མེད་བའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི ་མི་དགེ་བའི་དངོས་པོ་འགའ་ཞིག་མེད་པ་ལས་དེ་དང་བྲལ་བས་དགེ་བ་ཞེས་བཏགས་པ་ནི་མ་ཡིན་གྱི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་སྟོང་སྟེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་དགེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་།?་དང་ལྡན་པ་ཤཱ་རདྭཱ་ཏིའི ་བུ་འདི་ལྟར་གང་དགེ་བའི་དངོས་པོ་མེད་པ་དང་ཟད་པ་སྟེ་ཞེས་བྱ་བ་ནི་དགེ་བ་ཞེས་བྱ་བའི་དོན་དངོས་པོ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ་ལ་བྱ་བ་ཡིན་པར་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཧིའི་བུ་གཞན་ཡང་ཆོས ་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཁ་ན་མ་ཐོ་བ་མེད་པའོ་སྒོ་ནས་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར ་བསྟན་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཞེས་བྱ་བའི་ཆོས་ཤིག་ཡོད་པ་ལས་དེ་དང་བྲལ་བས་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ནི་མ་ཡིན་གྱི། རང་བཞིན་གྱིས་སྟོང་ཞིང་གཙང་བ་ལ་ཁོ་ན་མ་ཐོ་བ་མེད་པ་ཞེས་བྱའོ་ཞེས་བསྟན ་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཟག་པ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཟག་པ་མེད་པའི་སྒོ་ནས་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི ་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། འཁོར་བའི་རྒྱུར་བ་གྱུར་པའི་ཆོས་ཟག་པ་དང་བཅས་པ་རྣམས་དང་བྲལ་བས་ཟག་པ་མེད་པ་ཞེས་བྱ་བ་ནི་མ་ཡིན་གྱི། གཟོད་མ་ནས་དག་པའི་ཕྱིར་ཟག་པ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་དངོས་པོ ་མེད་པའི་ངོ་བོ་ཉིད་མིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་པ་སྟེ། །གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པ་མེད་པའི་སྒོ་ནས་ཆོས་ཐམས་ཅད་དངོས ་པོ་མེདཔའ་ཨི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་བྲལ་བས་ཉོན་མོངས་པ་མེད་པར་གྱུར་པ་ནི་མ་ཡིན་གྱིས། གཟོད་མ་ནས་ཞི་བའི་ཕྱིར་ཉོན་མོངས་པ་མེད་པ་ཡིན་ནོ་ཞེས་བསྟན ་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བྱང་པའི་སྒོ་ནས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། ་མི་མཐུན་པའི་ཕྱོགས་སུ་གཏོགས་པའི་དྲི་མ་དང་བྲལ་བས་རྣམ་པར་བྱང་པར་གྱུར་བ་ནི་མ་ཡིན་གྱི། རང་བཞིན་གྱིས་དག་པའི་ཕྱིར་རོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་འཇིག་རྟེན་ལས་འདས་པ་སྟེ་།གང ་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་ལས་འདས་པའི་སྒོ་ནས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ་འཇིག་རྟེན་པའི་ཆོས་ཡོངས་སུ་མ་དག་པ་རྣམས་དང་བྲལ་བས་འཇིག་རྟེན་ལས་འདས ་པར་གྱུར་པ་ནི་མ་ཡིན་གྱི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་བས་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་འཇིག་རྟེན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་འདུས་མ་བྱས་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། འདུས་བྱས་ཀྱི་དངོས་པོ་ཞིག་ཡོད་ལ། དེ་དང་བྲལ་བས་འདུས་མ་བྱས་པར་གྱུར་པ་ནི་མ་ཡིན ་གྱི་།ཆོས་ཐམས་ཅད་དེ་བཞིན་ཉིད་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་པའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རཝཱ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་རྟག་པ་མ་ཡིན་འཇིག་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རྟོག་པ་མ་ཡིན་པ ་དང། འཇིག་པ་མ་ཡིན་པའི་སྒོ་ནས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་བསྟན་པ་སྟེ། ཀུན་བརྟགས་པའི་ཆོས་འདི་དག་ཐམས་ཅད་ཡོད་པ་ཞིག་ཡིན་ནི་རྟག་པའི་རང་བཞིན་ཏེ། ཐེར་ཟུག་དུ་གནས་པ་ཞིག་གམ། མི་རྟག་པའི་རང ་བཞིན་ཏེ་འཇིག་པའི་ཆོས་ཅན་ཞིག་ཡིན་གྲང་ན། དོན་དམ་པར་ཆོས་འདི་དག་ཐམས་ཅད་དངོས་པོ་ཡོད་པར་མ་གྲུབ་པས་བརྟག་པ་དང་འཇིག་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་བཞིན་ནོ་ཞེས་བྱ་བ་ནི ་གཟུགས་རྟག་པ་མ་ཡིན་འཇིག་པ་མ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར་གཟུགས་རྟག་བ་མ་ཡིན་འཇིག་པ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ཟག་པ་མེད་པའི་ཆོས་ལ་ཐུག ་གི་བར་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་གཟུགས་མངོན་བར་མ་གྲུག་ཅེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་གཟུགས་ལ་སོགས་པའི་ཆོས་རྣམས་ཅིའི་ཕྱིརྨངོན ་བར་མ་གྲུབ་ཅེས་ཟེར་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས། གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་མངོན་བར་འདུ་མ་བྱས་པའི་ཕྱིར་མངོན་པར་མ་གྲུབ་བོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ལ་མངོན་བར་འདུ ་བྱེད་ཅེས་བྱ་བ་ལ་སོགས་པ་ནི་ཆོས་རྣམས་མངོན་བར་འདུ་མ་བྱས་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་མངོན་བར་འདུ་བྱེད་པ་པོ་མེད་པའི་ཕྱིར་མངོན་པར་འདུས་མ་བྱས་པའོ་ཞེས་བསྟན་པའོ། །གཟུགས ་ལ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་གཟུགས་མངོན་བར་མ་གྲུབ་པོ། །ཚོར་བ་མངོན་བར་མ་གྲུབ་པོ། །ཚོར་བ་མངོན་བར་མ་གྲུབ་པོ། །འདུས་ཞེས་མངོན་པར་མ་གྲུབ་པོ། ། ་འདུ་བྱེད་མངོན་བར་མ་གྲུབ་བོ། །རྣམ་པར་ཤེས་པ་མངོན་བར་མ་གྲུབ་པོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་མངོན་པར་འདུ་བྱེད་བའི་བྱེད་པ་པོ་མེད་པའི་ཕྱིར་མངོན་བར་མ་གྲུབ་པོ་ཞེས་མངོན་བར་མ་གྲུབ་པའི་དོན་རབ་འབྱོར་གྱིས ་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་གང་མངོན་བར་མ་གྲུབ་པ་དེ་གཟུགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཅིའི་ཕྱིར་གང་མངོན་བར ་མ་གྲུབ་པ་དེ་གཟུགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས། དེའི་ལན་དུ་གཟུགས་ལ་སོགས་པ་སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་རྣམས་རང་བཞིན་གྱིས་སྟོང་བས་སྐྱེ་བ་དང་འཇིག ་པ་མེད་ཅིང་གནས་པ་ལས་གཞན་དུ་གྱུར་པ་ཡང་མེད་དེ། དེའི་ཕྱིར་གང་མངོན་པར་མ་གྲུབ་པ་དེ་གཟུགས་ལ་སོགས་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན། གང་མངོན་བར་འདུས་མ་བྱས་པ་དེ ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས། གང་མངོན་བར་འདུས་མ་བྱས་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་མངོན་པར་འདུས་མ ་བྱས་པ་སྟེ། དེ་ལྟར་མངོན་པར་འདུས་མ་བྱས་ཤིང་མངོན་བར་མ་གྲུབ་པ་དེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེད་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་གང་གི་རང་བཞིན་ཡང་མ་ཡིན་ནོ་ཞེས་མངོན་པར་མ་གྲུབ ་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་མངོན་བར་མ་གྲུབ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་ཞེས་ཟེར་བཞི་ཞེས་བྱ་བ་ལ ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་མངོན་པར་མ་གྲུབ་པའི་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་བར་མ་གྲུབ་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་པ་ལ། ཤཱ་རིའི་བུས་ཁྱོད་ཅིའི་ཕྱིར་དེ་སྐད་ཟེར་ཞེས་རབ་འབྱོར ་ལ་དྲིས་པའི་ལན་ཤཱ་རིའི་བུ་ལ་རབ་འབྱོར་གྱིས་སྨྲས་པ་སྟེ་།ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟར་མངོན་བར་མ་གྲུབ་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་བར་མ་གྲུབ་པ་སྟེ། དེ་ལྟར་ན ་མངོན་པར་མ་གྲུབ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་གཉི་ག་ཡང་དོན་དམ་པར་དངོས་པོར་མེད་དེ། མངོན་བར་མ་གྲུབ་པར་རང་བཞིན་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་འདི་སྐད་དུ་མངོན་བར་མ་གྲུབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་སྨྲས་སོ། །ཞེས་བྱ་བ་ནི་གོང་དུ་སྨོས་པའི་ཚུལ་གྱིས་ན་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ཡང་དོན་དམ་པར་མངོན་བར་མ་གྲུབ་སྟེ། སྟོང་པ་ཉིད་དུ་རོ་གཅིག་ཅིང་ཐ་དད་དུ་དབྱེར་མེད་པ་ལ ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་བྱ་བ་ནི་སྨྲས་སོ་ཞེས་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན་མངོན་པར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མི ་དམིགས་སོ་ཞེས་ཟེར་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་མངོན་བར་མ་གྲུབ་པ་མ་གཏོགས་པར་གང་བྱང་ཆུབ་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མི་དམིགས་སོ་ཞེས་ཟེར་ཞེས་དྲིས་བའི་ཚིག་དེ་ཉིད་རབ་འབྱོར་གྱིས ་བཟླས་ནས་དེའི་དོན་ཞིབ་ཏུ་བསྟན་པ་སྟེ། དོན་དམ་པར་མངོན་བར་མ་གྲུབ་པ་ཞེས་བྱ་བ་དང། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཐ་དད་དུ་དབྱེར་མེད་དེ། སྟོང་པ་ཉིད་དུ་རོ་གཅིག་པར་བསྟན་པའོ། །ཇི་ལྟར་མངོན་པར་མ་གྲུབ་པ ་དང། བྱང་ཆུབ་སེམས་དཔའ་གཉིས་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དེ་གཉིས་སུ་དབྱེར་མེད་པ་དེ་གཉིས་སུ་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །ཚེ་དང་ལྡན ་པ་ཤཱ་རདྭཱ་ཏིའི་བུ་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཞེས་སྨྲས ་ཞེS་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་ལྟར་བསྟན་པའི་ཆག་ལ་ཏེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སྨྲས ་ཞེས་དྲིས་པའི་ཚིག་རབ་འབྱོར་གྱིས་བཟླས་ནས། དེའི་དོན་ཞིབ་ཏུ་བསྟན་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་བྱེད་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ལ། ཆོས་ཐམས་ཅད་རྨི་ལམ ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པར་བྱེད་པའི་རྒྱུ་གང་ཡང་མེད་པར་རྟོགས་ནས། རྨི་ལམ་དང་སྒྱུ་མ་དང་སྨིག་རྒྱུ་དང། སྒྲ་བརྙན་དང་མིག་ཡོར་དང། སྤྲུལ་པ་དང་འདྲ་བར་ཡང ་དག་པར་རྗེས་སུ་མཐོང་བས་དེའི་ཕྱིར་སྐྱེ་བ་དང་འཇིག་པ་མེད་པའི་ཆོས་ཟབ་མོ་ཐོས་ནས་འཇིགས་ཤིང་སྐྲག་པར་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་སྤྱོད་ན། ཆོས་དེ་དག་ལ་ཡོངས་སུ་རྟོག་པའི་ཚེ་འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་དམིཌ་ཤིང་མི་ལན་མི་གནས་ཏེ་མངོན་པར་ཞེན་བར་མི་བགྱིད?་ལ་འདོཌ?་བར་མི་བགྱིད་དོ ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་ཐ་དད་དུ་དབྱེར་མེད་ཅིང་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་པའི་འབྲས་བུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མ་ཆགས་པར་གྱུར་པ་བསྟན་པ་སྟེ། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པའི་ཚེ་ཞེས ་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གོང་དུ་སྨོས་བ་དེ་དག་ལ་སྟོང་པ་ཉིད་དུ་རོ་གཅིག་པར་ཡོངས་སུ་རྟོག་པའི་ཆོ་ཞེས་བྱ་བའི་དོན་ཏོ། །འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་དམིགས་ཤིང་ཞེས་བྱ་བ་ནི་འདུ་ཤེས་ཀྱིས་མཚན་མར་མི ་འཛིན་པའོ། །མི་ལེན་ཞེས་བྱ་བ་ནི་ཡིད་ཀྱིས་དངོས་པོར་མི་རྟོག་པའོ། །མི་གནས་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་སྟོང་པར་རྟོགས་ནས་དེ་ལ་མི་གནས་པའོ། །མངོན་བར་ཞེན་པར་མི་བགྱིད་ལ་ཞེས་བྱ་བ་ནི་ལྟ་བས་མངོན་པར་ཞེན་པར་མི་བྱེད་པའོ། །འདོགས ་པར་མི་བགྱིད་དོ་ཞེས་བྱ་བ་ནི་ཚིག་གིས་མིང་དང་བརྔར་བརྟགས་ཤིང་གཞན་ལ་མི་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་འཇིག་རྟེན་བའི་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་སྦྱར་བར ་བྱའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་དག་ནི་ཏིང་ངེ་འཛིན་དང། གཟུངས་ཀྱི་སྒོ་ཞེས་བགྱི་བར་ཏིང་ངེ་འཛིན་དང། གཟུངས་ཀྱི་སྒོ་ཐམས་ཅད་ལ་མི་དམིགས ་ཤིང། མི་ལེན་མི་གནས་ཏེ་མངོན་པ་བཞིན་པ་མི་བགྱིད་ལ། འདོགས་པར་མི་བགྱིད་དོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྒོ་དང། གཟུངས་ཀྱི་སྒོར་གྱུར་པའི་ཡི་གེ་ཨ་ལ་སོགས་པ་ཡི་གེའི་འབྲུ་རྣམས་ལ་ཡང་མཚན་མར་མི་འཛིན་ཅིང་མངོན་བར་ཞེན ་པར་མི་འགྱུར་བ་བསྟན་པའོ། །དེ་ཅིའི་སྨད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མི་མཐོང?་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར ་གོང་དུ་སྨོས་པའི་རིམ་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་མངོན་པར་མ་ཆིགས?་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག ་གི་བར་དུ་ཆོས་དེ་དག་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དངོས་པོར་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་དེ་དག་ལ་མཚོན་མར་མི་འཛིན་ཅིང་མངོན་པར་མ་མ་ཆགས་སོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི ་ལྟར་གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བ ་བཤད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་མ་སྐྱེས་པ་ཡིན་པས་མ་སྐྱེས་པ་ལ་གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །དེ་ལྟར་ན་གཟུགས་དང་མ་སྐྱེས་པར་གཉིས་སུ་མ་མཆིས ་ཏེ། གཉིས་སུ་བགྱིར་མ་མཆིས་སོ་ཞེས་བྱ་བ་ནི་གཟུགས་དང་མ་སྐྱེས་པ་གཉིས་དོན་དམ་པར་དངོས་པོ་མེད་པར་རོ་གཅིག་པའི་ཕྱིར་ཐ་དད་དུ་དབྱེར་མདོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག ་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ་ཞེས་བྱ་བ་ནི་མ་སྐྱེས་པ་ཞེས་བྱ་བ་དོན་དམ་པར་དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པ་ལ་ནི་གྲངས་ཀྱིས་བགྲང་བ་འམ། ཐ་དད་དུ་དབྱེར་མེད་དོ་ཞེས ་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་སོ། །ཞེས་བྱ་བ་ནི་མ་སྐྱེས་པ་ལ་གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་བཞིན་དུ་ཚོར་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར ་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །བཅོམ་ལྡན་འདས་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར ་དངོས་པོ་ཡོད་པ་མ་ཡིན་པ་ལས་ཕྱིན་ཅི་ལོག་ཏུ་ཡོད་པར་བརྟགས་པ་ནི་ཕྱིས་གཞན་དུ་འགྱུར་ཞིང་ཉམས་པར་འགྱུར་བའི་ཕྱིར་འགྲིབ་པ་ཞེས་བྱ་བ་སྟེ། དེ་ལྟར་ཡང་དག་པ་མ་ཡིན་པ་ལས་ཀུན་བ་རྟགས་པའི་གཟུགས་འགྲིབ་པའི་རང་བཞིན་ཅན་དེ་དོན་དམ་པར ་གཟུགས་ཡང་དག་པར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གཟུགས་དང་འགྲིབ་བ་དེ་གཉིས་སུམ་མཆིས་ཏེ། གཉིས་སུ་བགྱིར་མ་མཆོས་ཞེས་བྱ་བ་ནི་དོན་དམ་པར་དེ་གཉིས་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དང་དུ་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། ། ་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་སུ་མེད་པའི་གཏན་ཚིགས་བཤད་པ་སྟེ། གཟུགས་ཀྱི་དངོས་པོ་མེད་པ་ལས་ཕྱིན་ཅི་ལོག་ནི་ཡོད་པར་བརྟགས་པ་འགྲིབ ་བའི་རང་བཞིན་ཅན་དེ་ནི་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་གཅིག་དང་དུ་མ་ལ་སོགས་པར་ཐ་དང་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །བཅོམ་ལྡན་འདས་གང་ཡང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམས་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་རྣམས་ཀུན་རྫོབ་ཏུ་གཟུགས་སོ་ཚོར་བའོ་ཞེས་བྱ་བ་ལ་སོགས་པར་གདམས་ཤིང་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི?་དེ་དག ་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རོ་གཅིག་ཅིང་དེ་བཞིན་ཉིད་ལས་ཉམས་པར་མི་འགྱུར་བའི་ཕྱིར་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ་ཞེས། བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་གསོལ་བ་སྟེ། གྲངས་སུ་ཞེས། བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་གསོལ་བ་སྟེ། གྲངས་སུ ་བགྱིས་པའོ་ཞེས་བྱ་བ་ནི་གཉིས་སུ་མེད་ཅིང་ཉམས་པ་མེད་པའི་རང་བཞིན་ནམ་གཉིས་སུ་མེད་པའི་རིས་སུ་གཏོགས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅུ་གསུམ་པའོ།། །། ་དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆོས་འདི་དག་ལ་ནི་ཇི་ལྟར་ཡོངས་སུ་རྟོག། ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང། ཡོངས་སུ་བརྟག་པ་ནི་གང་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ་འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་དམིགས་ཤིང་མི་ལེན་མི་གནས་ཏེ་མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ་ཞེས་བྱ ་བ་ལ་སོགས་པ་རྣམ་པར་མི་རྟོག་པའི་འབྲས་བུ་བསྟན་པ་དེ་ཉིད་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར། ཤཱ་རིའི་བུས་རབ་འབྱོར་ལ་བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང། ཡོངས་སུ་བརྟག་པ་ཡང ་ཡིན་པ་དང། དོན་རྣམ་པ་གསུམ་དྲིས་པའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དན་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨས་སོ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་དེའི་ལན་བྱང་ཆུབ་སེམས་དཔའ་གང་ཡིན་པ་ལ་སོགས་པ ་ཞིབ་ཏུ་བཤད་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་གང་ཞེས་ཟེར་བ་ནི་གང་གི་ཕྱིར་སེམས་ཅན་བྱང་ཆུབ་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཆོས་ཀྱི་སྐུའི་བྱང་ཆུབ་ཆོས ་བྱ་བའི་རང་བཞིན་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བསྟན་པའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཆོས་དེ་དག་ལ་མངོན་བར་ཚོགས་པ་མེད་དོ་ཞེས་བྱ་བ་ནི་ལྟར་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་པ་དེས་ཀུན ་རྫོབ་ཏུ་འཇིག་རྟེན་དང། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་ཤེས་ལ་དོན་དམ་པར་ཆོས་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ཆོས་དེ་དག་ལ་མངོན་པར་ཆགས་པ་མེད་པ་དེ་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས ་བསྟན་པའོ། །ཆོས་གང་གི་རྣམ་པ་ཤེས་ཤེ་ན། གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་བར་ཆགས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག ་རྟེན་ལས་འདས་བའི་ཆོས་གང་དང་གང་གི་རྣམ་པ་ཤེས་ཤིང་དེ་དག་ལ་མངོན་པར་མ་ཚོགས་པ་བསྟན་པའོ། །སྨྲས་པ། ཚེ་དང་འདན་པ་རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་གང་ཡིན་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་པ་སྟེ། དེ་ལ ་མངོན་པར་ཆགས་པ་མེད་དོ་ཞེས་སྨོས་པ་ཆོས་ཐམས་ཅད་ཀྱི་རྣམ་པ་གང་ཡིན་པ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་པ་གང་དང་ཚུལ་གང་དང་མཚན ་མ་གང་གིས་ཆས་རྣམས་རྣམ་པ་ཡོད་པར་བྱ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་རྣམ་པ་དང། ཚུལ་དང། མཚན་མ་གང་གིས་འདི་ནི་གཟུགས་སོ། །འདི་ནི་སྒྲའོ། །འདི་ནི་དྲིའོ། །འདི་ནི ་རོལ་།འདི་ནི་རེག་གོ་།འདི་ནི་ཆོས་སོ་ཞེས་བྱ་བར་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཀུན་རྫོབ་ཏུ་ཆོས་རྣམས་སོ་སོའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་ཆོས་ཀྱི་རྣམ་པ་ཤེས་ཞེས་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ཡང ་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང?་ཡིན་ཞེས་དྲིས་པའི་དོན་བཤད་པ་སྟེ། ཚེ་དང ་ལྡན་པ་ཤཱ་རདྭཱ་ཏིའི་བུ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་རིང་དུ་སོང་བ་སྟེ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཤེས་པའི་མཐར ་ཕྱིན་པ་ལ་རིང་དུ་སོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་རིང་དུ་སོང་བ་ཞེ་ན། ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་ཕུང་པོ་རྣམས་ལས་རིང་དུ་སོང་བས་ན། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། ཕུང་པོ་དང། ཁམས་དང་སྐྱེ་མཆེད་དང། ་ཉོན་མོངས་པ་རྣམས་དང་ལྟ་བའི་རྣམ་པ་ཐམས་ཅད་དང་འགྲོ་བརྒྱད་དྲུག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང། འཇིག་རྟེན་ལས ་འདས་པའི་ཆོས་ཐམས་ཅད་ཀུན་རྫོབ་དང། དོན་དམ་པར་ཤེས་པའི་མཐར་ཕྱིན་ཅིང་ཆོས་དེ་དག་ལ་མ་ཆགས་ཏེ། ཆོས་དེ་དག་ལས་རིང་དུ་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རཱདྭཱ? ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རིང་དུ་སོང་བའོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ཤེས་པའི་མཐར་ཕྱིན་པ་དང། ཆོས་དེ་དག་ལམ་ཆགས་ཏེ་རིང་དུ་སོང་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས ་གོང་དུ་སྨོས་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་རིའི་བུ་གང་ཡང་འདི་སྐད་དུ་ཡོངས་སུ་བརྟགས་པ་གང་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་ཤཱ་རིའི་བུས་རབ་འབྱོར་ལ་ཡོངས་སུ་བཏགས་པ་གང་ཡིན་ཞེས་ངེས་པའི་ལན་ཞིབ་ཏུ ་བཤད་པ་སྟེ། ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། འཇི་རྟེན་ལས་འདས་པའི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པར་རྟོགས་བསད ་དག་ལ་བརྟག་པ་དང། མི་རྟག་པ་དང། བདེ་བ་དང། སྡུག་བསྔལ་པ་དང། བདག་དང་བདག་མེད་པ་དང། སྡུག་པ་དང། མི་སྡུག་པ་དང། སྟོང་པ་དང་མི་སྟང་པ་དང། མཚན་མ་ཡོད་པ་དང། མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང། སྨོན་པ་མེད་པ་དང། ་ཞི་བ་དང་མ་ཞི་བ་དང། དབེན་པ་དང་མི་དབེན་པ་ཞེས་བྱ་བའི་མཛའ་གཉིས་སུ་མི་འཛིན་ཅིང་མི་རྟོག་པ་ཉིད་ལ་ཡང་དག་པར་ཡོངས་སུ་རྟོག་པ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་ཟེར་ཞེས་བྱ་བའི་བར་དུ་ནི་གོང་དུ་རབ་འབྱོར་གྱིས་གཟུགས་ཀྱི་མ་སྐྱེས་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས ་བྱ་བ་ལ་སོགས་པ་བཤད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་དེ་སྐད་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་སྐྱེས་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་མ་ཡིན་ཞེས་ཟེར་ཞེས་དེའི་གཏན་ཚིགས ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་དྲིས་པའི་ལན་རབ་འབྱོར་གྱིས་ཞིབ་ཏུ་བཤད ་པ་སྟེ། གཟུགས་ཀྱི་དོན་དམ་པར་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། ཡོད་པ་མ་ཡིན་པས་དེ་ནི་གཟུགས་མ་ཡིན་ཞིང་སྐྱེ་བ་ཡང་མེད་དེ། དེའི་ཕྱིར་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་སྨྲས་སོ་ཞེས་བསྟན་པའོ། །གཟུགས་ལ ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་ཟེར་ཞེས་བྱ་བའི་བར་དུ་ནི་གོང་དུ་རབ་འབྱོར་གྱིས་གཟུགས་ལ་སོགས་པའི་འགྲིབ་པ་གང་ཡིན་པ་དེ་ནི ་གཟུགས་ལ་སོགས་པ་མ་ཡིན་ནོ་ཞེས་བཤད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་ཁྱོད་ཅིའི་ཕྱིར་དེ་སྐད་དུ་གཟུགས་ལ་སོགས་པའི་འགྲིབ་པ་གང་ཡིན་པ་དེ་གཟུགས་ལ་སོགས་པ་མ་ཡིན་ནོ་ཞེས་ཟེར་ཞེས ་དེའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟར་འགྲིབ་པ་གང་ཡིན་པ་དང། །གཟུགས་གང་ཡིན་པ་དང། གཉིས་སུ་མེད་པ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་དྲིས་པའི་དོན་རབ་འབྱོར ་གྱིས་ཞིབ་ཏུ་བཤད་པ་སྟེ་འགྲིབ་པ་དང་གཟུགས་དང། གཉིས་སུ་མེད་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བརྗོད་དུ་ཟད་ཀྱི་དོན་དམ་བར་ཆོས་དེ་དག་ཐམས་ཅད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བསྟན་དུ་མེད་པ་ཐབས? ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་སྟེ། དངོས་པོ་མེད་པ་མ་ཡིན་པའི་ཕྱིར། གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་སྨྲས་སོ་ཞེས་བསྟན་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་གཟུགས་མ་ཡིན་ཞེས་བྱ་བ་ནས། རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་གོང་དུ་བཤད་པའི་དོན་ཉིད་མཇུག་བསྡུས་ཏེ་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གང་འདི་གཟུགས་ཞེས ་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་བྱ་བ་ནས། གང་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི་གཉི་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་ཟེར་ཞེས་བྱ་བའི་བར་དུ་ནི་གོང་དུ་རབ་འབྱོ་གྱིས་གཟུགས་ལ་སོགས་པའི་ཆོས་རྣམས་གཉིས་སུ་མེད ་པའི་གྲངས་སུ་བྱས་པའོ་ཞེས་སྨྲས་བའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཁྱོད་ཅིའི་ཕྱིར་གཟུགས་ལ་སོགས་པ་གཉིས་སུ་མེད་པའི་གྲངས་སུ་བྱས་ཞེས་དེའི་གཏན་ཚིགས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང ་ལྡན་པ་ཤཱ་རདྭཱ་ཏིའི་བུས་འདི་ལྟར་གཟུགས་ཀྱང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་གཟུགས་ཞེས་བྱ་བ་དེ་ནི ་གཉིས་སུ་མེད་བའི་གྲངས་སུ་བྱས་པའོ་ཞེས་བྱ་བ་ནས། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། །མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་སྐྱེས ་པ་ཉིད་དེ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་གང་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ། །ཞེས་བྱ་བའི་བར་དུ་ནི་ཤཱ་རིའི་བུས་དྲིས་པའི་ལན་གཉིས་སུ་མེད་པའི་གཏན ་ཚིགས་རབ་འབྱོ་གྱིས་བཤད་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་མ་སྐྱེས་པའི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་པའི་ཕྱིར་གཉིས་སུ་མེད་པའི་གྲངས་སུ་བྱས་སོ་ཞེས་བསྟན་པའོ། །དེ་ནས ་ཚེ་དན་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱེད་ཅིང། ཆོས་དེ་དག་པ་དེ་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། ་ཤིན་ཏུ་རྣམ་པར་དག་པའི་སླད་དུ་གཟུགས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་ཞེས་བྱ་བ་ནས་ཤིན་ཏུ་རྣམ་པར་དག་པའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་མཐོང་པར་འགྱུར་ཞེས་བྱ་བའི་བར་དུ་ནི་གོང་དུ་བཤད་པའི་རིམ་པ་ལྟར་ཆོས ་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིགས་པས་གཉིས་སུ་མེད་པར་ཡོངས་སུ་རྟོག་པའི་ཚེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་རྟོགས་པས་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་མཐོང་བར ་འགྱུར་རོ་ཞེས་གཉིས་སུ་མེད་པར་ཡོངས་སུ་རྟོག་པའི་ཕན་ཡོན་བསྟན་པའོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ་སོ་སོའི་སྐྱེ་བོའི་མ་སྐྱེས་བོའི་མ་སྐྱེས་པ་མཐོང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ཡང་གཉིས་སུ་མེད་པར་ཡོངས་སུ་རྟོག་པའི་ཕན་ཡོན་བསྟན་པ་སྟེ། དེ ་ལ་སོ་སོའི་སྐྱེ་བོ་ནི་འཕགས་པའི་ཆོས་མ་ཐོབ་པ་ལ་བྱའོ། །སོ་སོའི་སྐྱེ་བོའི་ཆོས་ནི་འཇིག་རྟེན་པའི་ཚེས་བརྒྱད་ལ་སོགས་པ་ལ་བྱའོ། །རྒྱུན་ཏུ་ཞུགས་པ་ནི་གང་ཟག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པ་ལ་བྱའོ། །རྒྱུན་དུ་ཞུགས ་པའི་ཆོས་ནི་འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་རྣམས་མཐོང་བའི་ལམ་གྱིས་སྤངས་ཤིང་དཀར་པོའི་ཆོས་ཐམས་ཅད་མངོན་སུམ་དུ་མཐོང་བའོ། །ལན་ཅིག་ཕྱིར་འོང་བ་ནི་གང་ཟག་ལན་ཅིག་ཕྱིར་འོད ་བའི་འབྲས་བུ་ལ་གནས་པ་ལྷ་དང་མིའི་ནང་དུ་སྐྱེ་བ་གཅིག་ཅིག་ལེན་པའོ། །ལན་ཅིག་ཕྱིར་འོང་བའི་ཆོས་ནི་བསྒོམ་པའི་ལམ་གྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྲབ་མོར་བྱས་པའོ། །ཕྱིར་མི་འོང་བ་ནི་གང་ཟག་ཕྱིར་མི་འོང་བའི ་འབྲས་བུ་ལ་གནས་པའོ། །ཕྱིར་མི་འོང་བའི་ཆོས་ནི་གང་ཟག་ཕྱིར་མི་འོང་བ་དེས་བསྒོམ་པའི་ལམ་གྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་སྤང་པའི་རང་བཞིན་ཅན་ནོ། །དགྲ་བཅོམ་པ་ནི་གང་ཟག་དགྲ་བཅོམ་པའི་འབྲས་བུ་ལ་གནས ་པ་ཉིད་དོ། །དགྲ་བཅོམ་པའི་ཆོས་ནི་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པས་བྱ་བ་བྱས་ཁུར་བོར་འདི་ལས་སྲིད་པ་གཞན་མེད་དོ་ཞེས་བྱ་བ་ལ་སོགས་པའི་ཆོས་ཅན་ནོ། །རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། འཁོར་དང་ལན ་ཅིག་སྤྱོད་པ་དང། བསེ་རུ་ལྔར་གཅིག་བུ་ཡན་གང་དུ་གནས་པའོ། །རང་སངས་རྒྱས་ཀྱི་ཆོས་ནི་གཞན་ལས་ལུང་ནོད་མི་དགོས་པར་བདག་རང་གི་བློས་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་རྟོགས་ནས། ཚིག་གིS་ཆོས་མི་འཆད་པར་རྫུ་འཕྲུལ་བསྟན་པས་སེམས ་ཅན་གྱི་དོན་བྱེད་པའི་རང་བཞིན་ཅན་ནོ། །བྱང་ཆུབ་སེམས་དཔའ་ནི་ས་དང་པོ་ནས་ས་བཅུའི་བར་ལ་གནས་པ་དག་གོ་།བྱང་ཆུབ་སེམས་དཔའ་ཆོས་ནི་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་ཤིང་འཁོར་བའི་མཛའ་ཇི་སྲིད་ཡོད་ཀྱི་བར་སེམས ་ཅན་གྱི་དོན་གཙོ་བོར་བྱེད་པའི་རང་བཞིན་ཅན་ནོ། །སངས་རྒྱས་ནི་མ་རིག་བའི་གཉིད་སངས་ཤིང་བློ་རྒྱས་པས་ཆོས་ཐམས་ཅད་ཐུགས་སུ་ཆུད་བའི་རང་བཞིན་ཅན་ཏེ། སངས་རྒྱས་ཀྱི་ས་ལ་གནས་པའོ། །སངས་རྒྱས་ཀྱི་ཆོས་ནི་ཡེ་ཤེས་བཞི་ལ་སོགས་པ་དེ ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆོས་རྣམས་ཏེ། ཆོས་དེ་དག་ཀྱང་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་ཅིང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་དག་གི་མ་སྐྱེས་པ་མཐོང་བར་འགྱུར་རོ་ཞེས་བསྟན་པ་སྟེ། མ་སྐྱེས་པ་ཁོང་དུ་ཆུད ་ཅིང་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུས་ཚེ་དང་ལྡནཔ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བདག་གི་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་བའི་དོན་ཤེས་པ་ལྟར་ན། གཟུགས་ཀྱང་མ་སྐྱེས་ལ་ཚོར་བ་ཡང ་མ་སྐྱེས་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱང་སྐྱེ་བ་མེད་སངས་རྒྱས་ཀྱི་ཆོས་ཀྱང་སྐྱེ་བ་མེད་པ་ནི་ཞེས་བྱ་?་དུ་ནི་གོང་དུ་རབ་འབྱོ་གྱིས་ཆོས་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་པར་བཤད་པའི་དོན་དང་ཚིག་ཤཱ་རིའི་བུས ་བཟླས་ཏེ། ཁྱོད་ཀྱིས་དེ་སྐད་དུ་བཤད་པའི་དོན་བདག་གིས་འཇལ་ཏེ། དེ་ལྟར་ཆོས་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་ཏོ་གཅིག་ཅིང་ཐ་མི་དད་ན། ཆོས་གཅིག་རྟོགས་པས་ཐམས་ཅད་རྟོགས་པར་འགྱུར་བས་ཉན་ཐོས་ལ་སོགས་པས་རྒྱུན་ཏུ ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་ཟིན་པར་འགྱུར་རོ་ཞེས་བྱ་བའི་ཚིག་འོག་ནས་འབྱུང་བ་དང་སྦྱར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་རྒྱུན་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ ་ཉིད་ཐོབ་ཟིན་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ཀྱིས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཟིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཟིན་པར་འགྱུར་རོ་ཞེས ་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་མི་དད་ན་གཟུགས་ལ་སོགས་པ་ཆོས་རྣམས་དང། རྒྱུན་ཏུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱི་རིམ་འོང་བ་དང། དགྲ་བཅོམ་པའི་འབྲས ་བུ་རྣམས་དང། རང་བྱང་ཆུབ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དང་གཟུགས་ལ་སོགས་པའི་ཆོས་རྣམས་མཐོང་ཞིང་རྟོགས་པ་ཉིད་ཀྱིས་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་ཀྱང་རྟོགས ་ཤིང་ཐོབ་པར་འགྱུར་བའི་རིགས་ན། ཅིའི་ཕྱིར་དེ་ལྟར་མི་འགྱུར་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་བའོ། །འགྲོ་བ་ལྔ་རྣམས་ཀྱང་ཐ་མི་དད་པར་འགྱུར་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་རོ་གཅིག་སྟེ་ཐ་མི་དད་ན་ལྷ་དང ་མི་དང་དུད་འགྲོ་དང་ཡི་དགས་དང་སེམས་ཅན་དམྱལ་བའི་འགྲོ་བ་འདི་ལྔ་ཡང་ཐ་དད་དུ་དབྱེར་མེད་པར་འགྱུར་རོ་ཞེས་སྨྲས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་བྱང་ཆུབ་ལྔ་ཐོབ་ཟིན་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས ་པའི་འབྲས་བུ་བཞི་དང། རང་བྱང་ཆུབ་དང་བྱང་ཆུབ་ལྔ་པོ་འདི་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་དང། རང་བཞིན་ཐ་མི་དད་པས་བྱང་ཆུབ་སེམས་དཔས་བྱང་ཆུབ་ལྔ་པོ་དེ་དག་མ་བསྒོམས་མ་བསྒྲུབས་པར་ཡང་ཐོབ་ཟིན་པར་འགྱུར་རོ། །ཞེས་སྨྲས་པའོ ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ན། ཅིའི་ཕྱིར་ན་རྒྱུན་ཏུ་ཞུགས་པས་ནི་ཀུན་ཏུ་སྦྱོར་བ་གསུམ་སྤང་བའི་ཕྱིར་ལམ་བསྒོམས་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་གཅིག་སྟེ། ཐ་མི་དད་ན་ཉན ་ཐོས་རྒྱུན་ཏུ་ཞུགས་པས་ཀུན་ཏུ་སྦྱོར་བ་གསུམ་སྤང་བའི་ཕྱིར་འཕགས་པའི་ལམ་བསྒོམ་དུ་ཡང་ཅི་ཞིག་ཡོད་ཅེས་སྨྲས་པ་སྟེ། ཀུན་ཏུ་སྦྱོར་བ་གསུམ་ནི་འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང་བཏུལ?་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ ་དང་གསུམ་མོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་བདག་ཏུ་ལྟ་བ་སྟེ། བདག་ཏུ་ལྟ་བ་ལ་ཆགས་ན་གང་ཟག་ལ་བདག་མེད་པའི་ཆོས་རྣམ་པར་ཐད?་པ་མི་འདོད་པར་འགྱུར་རོ། །ཚུལ་ཁྲིམས་དང་རྟུལ་ཞུགས་མཆོག་ཏུ་འཛིན་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས ་ཆོག་པར་འཛིན་ཏེ། འཕགས་པའི་ལམ་མི་སྒོམ་པར་འགྱུར་རོ། །ཐེ་ཚོམ་གྱིས་ནི་འཕགས་པའི་ལམ་ལ་ཡིད་གཉིས་ཟ་བར་འགྱུར་ཏེ། ཆོས་འདི་གསུམ་འཕགས་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཡིན་ལ། འཁོར་བ ་རྣམས་སུ་སྐྱེ་བར་སྦྱོར་བའི་རྒྱུ་ཡིན་པའི་ཕྱིར་ཀུན་ཏུ་སྦྱོར་བ་ཞེས་བྱའོ། །ལན་ཅིག་ཕྱིར་འོང་བས་ནི་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་སྲབ་བའི་ཕྱིར་ལམ་བསྒོམས་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་ཐ་མི་དང ་ཉན་ཐོས་ལན་ཅིག་ཕྱིར་འོང་བས་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་སྲབ་མོར་བྱ་བའི་ཕྱིར་འཕགས་པའི་ལམ་སྒོམ་དུ་ཡང་ཅི་ཞག་ཡོད། གཟུགས་ལ་སོགས་པའི་ཆོས་རྣམས་མཐོང་བ་ཉིད་ཀྱིས་འཕགས་པའི་ལམ་བསྒོམས་ཟིན་པའི ་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་འོང་བས་ནི་དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤང་བའི་ཕྱིར་ལམ་བསྒོམས་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་ན། དམ་པ་མ་ཡིན་པའི་ཆ་ཅན་གྱི ་ཀུན་ཏུ་སྦྱོར་བ་ལྔ་སྤང་བའི་ཕྱིར་འཕགས་བའི་ལམ་བསྒོམ་མི་དགོས་སོ་ཞེས་སྨྲས་བོ་སྟེ། དམ་པ་མ་ཡིན་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་བྱ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་གོང་མ་གཉིས་པས་ངན་ཅིང་དམན་པའི་ཕྱིར་རོ།། ་དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་ཞེས་བྱ་བ་ནི་འདོད་བའི་ཁམས་སུ་གཏོགས་པའི་ཉོན་མོངས་པ་ལྔ་ལ་བྱ་སྟེ། ཀུན་ཏུ་སྦྱོར་བ་ལྔ་ནི་འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། འདོད ་བའི་འདོད་ཆགས་དང། གནོད་སེམས་དང་ལྔའོ། །ཀུན་ཏུ་སྦྱོར་བའི་དོན་ནི་སྔར་བཤད་པ་བཞིན་ནོ། །དགྲ་བཅོམ་པས་ནི་བླ་མའི་ཆ་ཙན་གྱི་ཀུན་ཏུ་སྦྱོར་བ་རྣམས་སྤང་བའི་ཕྱིར་ལམ་བསྒོམས་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་སྟོང་བ ་ཉིད་ཀྱི་རང་བཞིན་ནི་ཐ་མི་དད་ན། འཕགས་པ་དགྲ་བཅོམ་པས་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་འཕགས་བའི་ལམ་བསྒོམ་དུ་ཡང་ཅི་ཞིག་ཡོད་ཅེས་སྨྲས་པ་སྟེ། བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་ནི ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ལྔ་ལ་བྱ་སྟེ། དེ་དག་ཀྱང་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་རྒོད?་པ་དང་ང་རྒྱལ་དང། མ་རིག་པ་རྣམས་ཏེ་ཀུན་ཏུ་སྦྱོར་བའི་དོན་ནི་སྔར་བཤད་པ ་བཞིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་ནི་རང་བྱང་ཆུབ་ཀྱི་དོན་དུ་ལམ་བསྒོམས་ཞེས་བྱ་བ་ལ་སོགས་པ་ནི་རང་སངས་རྒྱས་ཀྱི་རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པ་དང། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་དུ ་དཀའ་བ་སྤྱད་པ་དང། དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་མངོན་བར་རྫོགས་པར་སངས་རྒྱས་པར་བྱ་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་དུ་ཡང་ཅི་ཞིག་ཡོད་ཅེས་སྨྲས་པའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན ་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བ་ནས། མ་སྐྱེས་པ་ལ་རང་སངས་རྒྱས་ཡོད་པར་མི་འདོད་དོ། །རང་བྱང་ཆུབ་ཡོད་པར་མི་འདོད་དོ་ཞེས་བྱ་བའི་བར་དུ་ནི་ཉན་ཐོས་རྒྱུན་ཏུ་ཞུགས་པ་ལ་སོགས་པར་གདགས་ཤིང་རྣམ་པར་བཞག ་པ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་གདགས་པར་ཟད་ཀྱི་དོན་དམ་པར་དེ་དག་ཡོད་པར་མི་འདོད་དོ་ཞེས་བསྟན་པ་སྟེ། འཐོབ་པ་དང་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་འཐོབ་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་འཐོབ་པར་བྱ་བ་ལ་བྱའོ། །ཁོང་དུ་ཆུད་པ་ནི ་འཕགས་པའི་ལམ་གྱིས་རང་བཞིན་རྟོགས་པ་ལ་བྱ་སྟེ། དོན་དམ་པར་འཐོབ་པ་དང། ཁོང་དུ་ཆུད་པ་དེ་དག་ཀྱང་ཡོད་པར་མི་འདོད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏེའི་བུ་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བའི་སྤྱད་པ ་སྤྱོད་པ་ཡོད་པར་མི་འདོད་དོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་དཀའ་བར་སྤྱད་པའི་དངོས་པོ་ཡོད་པར་མི་ལྟ་བའི་ཕྱིར་རོ། །དོན་དེ་ཉིད་གསལ་བྲ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་ཡང་དཀའ་བར་སྤྱོད་པའི་འདུ་ཤེས་ཀྱིས་མི་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །དོན་དམ་པར་དཀའ་བར་སྤྱད་པའི་དངོས་པོ་ཡང་པར་མི་ལྟ་བ་དང། ཀུན་རྫོབ་ཏུ་ཡང་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕ་མ་ལ་སོགས་པའི་འདུ་ཤེས ་བསྐྱེད་པས་དཀའ་བའི་འདུ་ཤེས་མི་འབྱུང་བའི་ཕྱིར་རོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་སེམས་བསྐྱེད་དེ། ཇི་ལྟར་བདག་བདག་ཅིས་བྱ་བ་ཡང་དེ་ནི་ཐམས་ཅད་རྣམ་པ་ཐམས་ཅད་དུ་མེད་ཅིང་མི་དམིགས་པ་དེ་བཞིན ་དུ། ཕྱི་ནང་གི་ཆོས་རྣམས་ལ་ཡང་འདུ་ཤེས་བསྐྱེད་དེ་དེ་ལྟར་འདུ་ཤེས་བསྐྱེད་ཀྱང་དཀའ་བའི་འདུ་ཤེས་མི་བསྐྱེད་དོ་ཞེས་བྱ་བ་ནི་དོན་དམ་བར་ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པས་དཀའ་བའི་འདུ་ཤེས་མི་སྐྱེ་བའི་ཐབས་བསྟན་པ་སྟེ། མུ་སྟེགས་ཅན་གྱི ་བདག་ཏུ་བཏགས་པ་རྣམས་གང་ཟག་ལ་བདག་མེད་པར་རྟོགས་པའི་ཚེ་བདག་ཏུ་བཏགས་པ་དེ་དག་?་རྣམ་པ?་དུ་ཡོད་?་མེད་པ་དེ་བཞིན་དུ། ཆོས་ལ་བདག་མེད་པར་རྟོགས་པའི་ཚེ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཕྱི་ནང་གི་ཆོས་རྣམས ་ཀྱང་རྣམ་པ་ཐམས་ཅད་དུ་མེད་ཅིང་མི་དམིགས་པར་ཤེས་པར་བྱ་ལ་དཀའ་བའི་འདུ་ཤེས་ཀྱང་མི་བསྐྱེད་དོ་ཞེས་བསྟན་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཆོས་གང་ཡང་མི་ལེན་ཡི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དཀའ་བའི་འདུ་ཤེས་མི་སྐྱེ་བའི ་གཏན་ཚིགས་བསྟན་བ་སྟེ། དོན་དམ་པར་དཀའ་བའི་འདུ་ཤེས་སྐྱེ་བར་འགྱུར་བའི་ཆོས་གང་ཡང་མཚན་མར་མི་འཛིན་ཅིན་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བདག་ནི་མ་སྐྱེས་པ་ལ་དེ་བཞིན་གཤེགས་པ་ཡོད ་པར་མི་འདོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོད་པར་མི་འདོད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་པ། དེ་བཞིན་གཤེགས་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མ་སྐྱེས་པའི་རང་བཞིན་ཡིན་པའི ་ཕྱིར་དངོས་པོ་ཡོད་པར་མི་འདོད་དོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར་ན། མ་སྐྱེས་པའི་ཆོས་ཀྱིས་འཐོབ་པ་འམ་འཐོབ་པར་བྱ་བ་མེད་དོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པའོ་ཞེས ་བཤད་པ་དང་སྦྱར་ན་དོན་དམ་པར་མ་སྐྱེས་བའི་ཆོས་ཀྱི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱེད་པའང་མ་སྐྱེས་ལ་ཐོབ་པར་བྱ་བའི་འབྲས་བུ་དེ་རྣམས་ཀྱང་མ་སྐྱེས་པའི་ཕྱིར་འཐོབ་པ་འམ་འཐོབ་པར་བྱ་བ་མེད་དོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང ་ལྡན་པ་རབ་འབྱོར་ཁྱོད་ཆོས་སྐྱེས་བས་འཐོབ་པ་དང། འཐོབ་པར་བྱ་བ་འདོད་དམ་ཞེས་བྱ་བའི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་གང་ཟག་རྣམས་དངོས་པོ་ཡོད་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་དངོས་པོ་མེད་པའི་རང་བཞིན་ཐོབ་བར་འདོད་དམ ་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །འོན་ཏམ་མ་སྐྱེས་པའི་ཆོས་ཀྱིས་འཐོབ་པར་འདོད་ཅེས་བྱ་བ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་གང་ཟག་དངོས་པོ་མེད་པ་ཞིག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་དངོས་པོ་ཡོད་པ་རྣམས ་ཐོབ་པར་འདོད་ཅེས་དྲིས་པ་སྟེ། དངོས་པོ་ཡོད་པས་དངོས་པོ་མེད་པ་འཐོབ་པ་དང། དངོས་པོ་མེད་པས་དངོས་པོ་ཡོད་པའི་ཐོབ་པ་གཉི་ག་ལ་ཡང་མི་རིགས་པར་མཐོང་ནས་གལ་བཟུང་སྟེ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བདག ་ནི་དེ་ལྟར་མི་འདོད་དོ། །མ་སྐྱེས་པའི་ཆོས་ཀྱིས་ཀྱང་འཐོབ་པར་མི་འདོད་དོ་ཞེས་བྱ་བ་ནི་དངོས་པོ་ཡོད་པས་དངོས་པོ་མེད་པ་འཐོབ་པ་དང། དངོས་པོ་མེད་པས་དངོས་པོ་ཡོད་པ་འཐོབ་པ་གཉི་ག་ཡང་མི་རིགས་པས་དེ་ལྟར་མི་འདོད་དོ་ཞེས་སྨྲས་པའོ། །སྨྲས་པ། ་ཚེ་དང་ལྡན་པ་རབ་འབྱོར་ལོན་ཐོ་པ་མེད་ལ། མངོན་པར་རྟོགས་པ་མེད་དམ་ཞེས་བྱ་བ་ནི་དེ་ལྟར་རྣམ་པ་གཉི་གར་མི་འདོད་ན་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་གང་ཟག་རྣམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་འཐོབ་པ ་དང་ལམ་སྒོམ་ཞིང་མངོན་པར་རྟོགས་པ་ཡང་མེད་དམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འཐོབ་པ་ཡང་ཡོད་མངོན་པར་རྟོགས་པ་ཡོད་དེ་དེ་གཉིས་ཀྱིས་ནི་མ་ཡིན་གྱི་ཞེས་བྱ་བ་ནི་འཐོབ་པ་མངོན་པར་རྟོགས་པ་དག ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་ཙམ་ལ་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་ཙམ་དུ་ཡོད་པར་འདོད་ཀྱི། དངོས་པོ་ཡོད་པས་མེད་པ་འཐོབ་པ་དང། དངོས་པོ་མེད་པས་ཡོད་པ་འཐོབ་པ་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པའོ། །དོན་དེ ་ཉིད་གསལ་བར་བཤད་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འཐོབ་པའང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པའོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། རྒྱུན་ཏུ་ཞུགས་པའོ་འབྲས་བུ་ལ་སོགས་པ་འཐོབ་པར་བྱ་བ་རྣམས་ནི་ཀུན ་རྫོབ་ཏུ་བཏགས་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཐོབ་པ་དང། མངོན་པར་རྟོགས་པར་བྱ་བ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ་བ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད ་ཀྱི་དོན་དམ་པར་མ་ཡིན་ནམ་ཞེས་བྱ་བ་ནི་གོང་དུ་འགྲོ་བ་ལྔ་རྣམས་ཀྱང་ཐ་མི་དད་པར་འགྱུར་རོ་ཞེས་བརྒལ་བའི་དོན་ཞིབ་ཏུ་བཤད་པའི་གླེང་བསློང་བའི་ཕྱིར་ཇི་ལྟར་ཐོབ་པ་དང་མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་ཀྱི། དོན་དམ་པར་མེད ་པ་དེ་བཞིན་དུ་འགྲོ་བ་ལྔ་ཡང་འཇིག་རྟེན་གྱི་སྙད་དུ་ཐ་དད་ཀྱི་དོན་དམ་པར་ཐ་མི་དད་དམ་ཞེས་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཐོབ་པ་དང། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ་འགྲོ ་པ་ལྔ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་དུ་ཐ་དད་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་དེ་དག་ཐམས་ཅད་མ་སྐྱེས་པའི་རང་བཞིན་དུ་རོ་གཅིག་པ་ཐ་དད་དུ་དབྱེར་མེད་པ་ལས་ཀུན་རྫོབ་ཏུ་སེམས་ཅན་རྣམས་དྲང་ཞིང་བཀྲི་བའི་ཕྱིར་མིང་དང་མཚན་མར ་བཟུང་ཞིང་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ ་པར་བྱང་བ་ཡང་མེད་དོ་ཞེས་བྱ་བ་ནི་འགྲོ་བ་ལྔ་རྣམས་དོན་དམ་པར་ཐ་མི་དད་པའི་གཏན་ཚིགས་བསྟན་པ་སྟེ། འགྲོ་བ་ལྔ་ཞེས་བྱ་བ་ནི་ལས་ལེགས་པར་སྤྱད་པ་དང་ཉེ་པར་སྤྱད་པའི་རྣམ་པར་སྨུན་པ་ལས་ལྷ་དང་མི་དང་དུད་འགྲོ་དང་ཡི་དགས་དང། སེམས ་ཅན་དམྱལ་བ་དང་ལྔར་ཐ་དད་དུ་དབྱེ་ཞིང་གདགས་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་མེད་པས་ན་འགྲོ་བ་ལྔ་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ ་བར་འགྱུར་རམ། འོན་ཏམ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མ་སྐྱེས་པ་ལས་ཀྱང་མི་སྐྱེ་བ་དང། སྐྱེས་པ་ལས་ཀྱང་མི་སྐྱེ་བའི་གཏན་ཚིགས་ཞིབ་ཏུ་འཆད་དུ་གཞུག་པའི་ཕྱིར་ཤཱ་རིའི ་བུས་རབ་འབྱོར་ལ་དྲིས་པ་སྟེ། མ་སྐྱེས་པའི་ཆོས་ནི་དངོས་པོ་མེད་བ་སྟེ། རི་བོང་གི་རྭ་དང་འདྲ་པས་སྐྱེ་བར་འགྱུར་བའི་མི་རིགས་པ་དང། སྐྱེས་པའི་ཆོས་ནི་དངོས་པོ་ཡོད་པར་གྱུར་ཟིན་པས་གདོད་སྐྱེ་མི་དགོས་པའི ་ཕྱིར་དེ་སྐད་དྲིས་སོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་བདག་ནི་མ་སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད། སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད་དོ་ཞེས་བྱ་བ་ནི་དོན་དམ་པར་སྐྱེས་པ་དང་མ་སྐྱེས་པ་གཉི་ག་རང་བཞིན་གྱིས་སྟོང་པའི་ཕྱིར ་གཉི་ག་ཡང་སྐྱེ་བར་འདོད་དོ་ཞེས་མདོར་སྨྲས་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ཞེས་བྱ་བ་གང་ཡིན་པ་མིང་གིས་སྨོས་ཏེ་འཆང་དུ་གཞུག་པའི་སྐབས ་དབྱེ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །ཚེ་དང་ལྡནཔ་ཤཱ་རདྭཱ་ཏིའི་བུ་བདག་ནི་གཟུགས་མ་སྐྱེས་པ། རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་བདག་ནི་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་མ་སྐྱེས་པར་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བའི་བར་དུ་ནི་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་ཤཱ་རིའི་བུས་དྲིས་པའི་ལན་རབ་འབྱོར་གྱིས་བཤད་པ་སྟེ། ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན ་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་ཆོས་དེ་དག་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་པའི་ཕྱིར་སྐྱེ་བར་མི་འདོད་དོ་ཞེས་བསྟན ་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་སྐྱེས་པ་སྐྱེ་བར་མི་འདོད་པ་གང་ཞེས་བྱ་བ་ནི་ཆོས་སྐྱེས་པ་ཡང་སྐྱེ་བར་མི་འདོད་དོ་ཞེས་རབ་འབྱོར་གྱིས་གོང་དུ་སྨྲས་པ་དེ་ཆོས་གང་ཡིན་པ་མིང་གིས་སྨོས་ཏེ་འཆད་དུ་གཞུག་པའི་ཕྱིར་ཤཱ ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །སྨྲས་པ། ཚེ་དང་ལྡན་པ་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེས་པ། རང ་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་སྐྱེས་པ་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་དྲིས་པའི་ལན་དུ་ཕུང་པོ་ལྔ་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ལ་ཐུག་གི་བར་དུ། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྐྱེས་པར་རྣམ་པར་བརྟགས་པ་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་སྟོང་པའི་ཕྱིར་སྐྱེ་བར་མི་འདོད་དོ་ཞེས་བསྟན་པའོ། །དེ་ལྟར་གཟུགས་ལ་སོགས་པ་འཇིག ་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་པ་དང། མི་སྐྱེ་བའི་ཆོས་ཅན་རྣམས་དོན་དམ་པར་སྐྱེ་བ་མེད་པ་བསྟན་ན། དེའི་འོག་ཏུ་སྐྱེ་བ་ཞེས་བྱ་བ་དང། མི་སྐྱེ་བ་ཞེས་བྱ་བའི་ཆོས་ཉིད་ཀྱང་སྐྱེ་བ་མེད་པར་བསྟན་པའི་ཕྱིར། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སྐྱེ ་བ་སྐྱེ་འམ། འོན་ཏམ་མི་སྐྱེ་བ་སྐྱེ་ཞེས་བྱ་བ་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་སྐྱེ་པ་ཡང་མི་སྐྱེ། མི་སྐྱེ་བ་ཡང་མི་སྐྱེའོ་ཞེས་བྱ་བ་ནི་སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བ་དེ་དག་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བརྗོད་དུ་ཟད་ཀྱི། ་དོན་དམ་པར་དེ་གཉི་ག་ཡང་དངོས་པོ་ཡོད་པར་མ་གྲུབ་པས་མི་སྐྱེའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟར་སྐྱེ་བ་གང་ཡིན་པ་དང། སྐྱེ་བ་མེད་པ་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ ་ཡང་མ་ཡིན། གཟུགས་མེད་པ་ལྟར་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བ་ནི་སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་དག་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་ཅིག་མི་སྐྱེ་པའི་གཏན་ཚིགས ་བསྟན་ཏེ། ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་དངོས་པོ་ལྟར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་སེམས་དང་མི་ལྡན་པའི་འདུ་བྱེད་ཀྱི་དངོས་པོ་ལྟར་ཡོད་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན ་ཏོ། །གཟུགས་མེད་པ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལྟར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །བལྟར་མེད་པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་རང་བཞིན་དུ་བསྟན་དུ་མེད་པའོ་ཞེས་བྱ་བའི་དོན་ཏོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་མིག་གི་དབང ་པོ་ལ་སོགས་པ་ལྟར་ཐོགས་པ་དང་བཅས་པའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བ་ནི་དེ་ལྟར་ལྡན་པ་དང་མི་ལྡན་པ་དང། གཟུགས་ལ་སོགས་པ་གང་གི་མཚན ་ཉིད་ཀྱང་མ་ཡིན་ཞིང་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཚན་ཉིད་གཅིག་གོ་ཞེས་བྱ་བའི་དོན་ཏོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམས་གྲངས་ངེས་ན་སྐྱེ་བ་ཡང་མི་སྐྱེ། མི་སྐྱེ་བ་ཡང་མི་སྐྱེའོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་གོང་དུ་བཤད་པའི་དོན ་མཇུག་བསྡུས་ནས་བསྟན་པ་སྟེ། མི་སྐྱེ་བའི་གཏན་ཚིགས་དེ་ལྟ་བུ་ཡིན་པའི་ཕྱིར་སྐྱེ་བ་ཞེས་བྱ་བ་དང་མི་སྐྱེ་ཞེས་བྱ་བའི་ཆོས་དེ་དག་ལ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བསྟན་པའོ། །ཤཱ་རདྭཱ་ཏིའི་བུས་སྨྲས་པ། ཚེ་དང་དན་པ་རབ་འབྱོར་མ་སྐྱེས་པའི་ཆོས་མ ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པ་ཁྱོད་ཀྱིས་སྤོབས་སམ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་དག་དོན་དམ་པར་དངོས་པོ་མེད་དེ། མི་སྐྱེ་བ་ཡིན་ནམ་སྐྱེས་ཞེས་བྱ་བའི་ཚིག་གི་བརྗོད་དུ་ཡང་ཅི་ཡོད་ཅེས་དྲིས་པའོ། །ཚེ་དང་ལྡན་པ་རབ ་འབྱོར་ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་བརྗོད་དུ་སྤོངས་པར་འགྱུར་རམ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་སྐྱེ་བ་མེད་པའི་ཆོས་ཅན་རྣམས་ཀྱང་དོན་དམ་པར་དངོས་པོ་མེད་དེ་སྐྱེ་བ་མེད་པ་ཡིན་ན། དེ་ལྟར་དངོས་པོ་མེད་པ་ལ་སྐྱེ་བ་མེད་དོ ་ཞེས་བརྗོད་དུ་ཡང་རུང་ངམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུམ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པར་ཁྱོད་ཀྱིས་སྤོབས་སམ་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་མ་སྐྱེས་པའི་ཆོས་མ ་སྐྱེས་པའི་ཆོས་ཞེས་བྱ་བ་བརྗོད་པ་ལ་བདག་གིས་སྤོབས་པ་མད་དོ་ཞེས་བྱ་བ་ནི་ཤཱ་རིའི་བུས་དྲིས་པ་གོང་མའི་ལན་བཏབ་པ་སྟེ། སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བའི་ཆོས་དོན་དམ་པར་དངོས་པོ་མེད་པ་དེ་དག་མི་སྐྱེའོ། །ཞེས་བདག་གོས་བརྗོད་པ་ནི་ཀུན་རྫོབ་ཏུ ་ཚིག་གིས་དོན་བསྟན་པའི་ཕྱིར་བརྗོད་པ་ཙམ་དུ་ཟད་ཀི་དོན་དམ་པར་བརྗོད་པར་སྤོབས་པ་མེད་དོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ཆོ་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་བདག་གིས་ནི་བརྗོད་པར་སྤོབས་པ་མེད་དོ་ཞེས་བྱ་བ་ནི་ཤཱ་རིའི་བུས་དྲིས ་པ། འོག་མའི་ལན་བཏབ་པ་སྟེ། གཟུགས་ལ་སོགས་པ་སྐྱེ་བ་མེད་པའི་ཆོས་ཅན་རྣམས་སྐྱེ་བ་མེད་དོ་ཞེས་བརྗོད་པ་ཡང་ཀུན་རྫོབ་ཏུ་ཚིག་གིས་དོན་བསྟན་པའི་ཕྱིར་བརྗོད་པ་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་བརྗོད་པར་སྤོབས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར ་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལྟར་མ་སྐྱེས་པའི་ཚོས་གང་ཡིན་པ་དང། སྐྱེ་བ་མེད་པ་གན་ཡིན་པ་དང། སྤོབས་པ་གང་ཡིན་པ་དང། བརྗོད་པ་གང་ཡིན་པ་དང། མི་སྐྱེ་བའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། ་གཟུགས་མེད་པ་ལྟར་མེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བ་ནི་མ་སྐྱེས་པའི་ཆོས་ཞེས་བྱ་བར་བརྗོད་པར་སྤོབས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་མ་སྐྱེས་པ་ཞེས ་བྱ་བ་དང། སྐྱེ་བ་མེད་པ་ཞེས་བྱ་བའི་ཆོས་དང། སྤོབས་པ་དང་བརྗོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི། དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་སྟེ་།ལྡན་པ་དང་མི་ལྡན་པ ་ལ་སོགས་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བརྗོད་པ་ནི་སྐྱེ་བ་མེད་ཅེས་བྱ་བ་ཡིན་ཏེ། སྤོབས་པ་ཡང་སྐྱེ་བ་མེད་ལ་ཆོས་ཀྱང་སྐྱེ་བ་མེད་དེ། གང་ལས་བརྩམས་ཤིང་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པ ་ཡིན་ནམ་ཞེས་བྱ་བ་ནི་བརྗོད་པ་དང། སྤོབས་པ་དང། སྐྱེ་བ་དང། མི་སྐྱེ་བ་ཞེས་བྱ་བའི་ཆོས་དང་གཟུགས་ལ་སོགས་པའི་ཆོས་གང་ལས་བརྩམས་ཏེ་བརྗོད་པས་སྤོབས་པར་འགྱུར་བའི་ཆོས་དེ་དག་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། ་གཟུགས་མེད་པ་ལྟར་མེད་པ་ཐོགས་པ་མེད་པ་ཡིན་པར་ནི་འཇལ་ན། ཅི་དེ་དག་སྐྱེ་བ་མེད་པ་ཡང་ཡིན་ནམ་ཞེས་ཤཱ་རིའི་བུས་དྲིས་པའོ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ཏེ། བརྗོད་པ་ནི་མ་སྐྱེས་པའོ ་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་པ་ལ་སོགས་པ་ཆོས་མིང་གིས་སྨོས་པ་དེ་དག་དོན་དམ་པར་མ་སྐྱེས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ནི་འདི་ལྟར་གཟུགས་སྐྱེ་བ་མེད་དོ། །ཚོར་བ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོཌ ་པ་ནི་བརྗོད་པ་དང་སྤོབས་པ་ལ་སོགས་པ་འདི་དག་འགའ་ཞིག་དོན་དམ་པར་སྐྱེ་བ་མེད་པར་ཟད་ཀྱི། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་པར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་སྐྱེ་བ་མེད་དོ ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་བརྗོད་པ་ནི་སྐྱེ་བ་མེད་སྟེ། སྤོབས་པ་ཡང་སྐྱེ་བ་མེད་ལ། ཆོས་ཀྱང་སྐྱེ་བ་མེད་དེ། གང་ལས་བརྩམས་ཤིང་བརྗོད་པ་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པའོ་ཞེས་བྱ་བ་ནི་གོང་དུ ་བཤད་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་དེ་དག་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་ཡིན་ཏེ། བརྗོད་པ་ལ་སོགས་པ་ཡང་ཆོས་དེ་དག་གི་ནང་དུ་གཏོཌ ་པས་དེའི་ཕྱིར་བརྗོད་པ་ལ་སོགས་པ་འདི་དག་ཀྱང་དོན་དམ་པར་སྐྱེ་བ་མེད་པ་ཨིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དག་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བའི་ནང་ན་མཆོག་ཏུ་བྱ་བར་འོས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ནི་གང་དང ་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ་ཞེས་བྱ་བ་ནི་ཤཱ་རིའི་བུས་རབ་འབྱོར་ལ་བསྟོད་པ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སོགས་པའི་དོན་གང་དང་གང་དྲིས་པ་དེ་དག་གི་ལན་ཐགས་ཐོག་སྨེད་པར་ཐེབས་པས། དེའི་ཕྱིར་འཕགས་པ་ཉན ་ཐོས་ཆོས་འཆད་པ་རྣམས་ཀྱིས་ནང་ན་རབ་འབྱོར་ཁྱོད་མཆོག་ཏུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆོས་ཐམས་ཅད་ལ་གནས་པ་མེད་པ་དག་གི་ཆོས་ཉིད་དེ། དེ་དག ་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་གནས་པའི་དོན་འོག་ནས་འབྱུང་བ་གླེང་བསླང་པའི་ཕྱིར་རབ་འབྱོར་གྱིས་སྨྲས་པ་སྟེ། བཅོམ་ལྡན་འདས་ཀྱི་ཉོན་ཐོས་ཆོས་ཐམས་ཅད་ལ་གནས་པ་མེད་པ་དག ་གི་ཆོས་ཉིད་དེ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་དགྲ་བཅོམ་པ་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་ཆོས་དེ་དག་གང་ལ་ཡང་མི་གནས་ཤིང། མ་ཆགས་པར་གྱུར་པ་རྣམས་ཀྱི་རང་བཞིན ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཆོས་ཐམས་ཅད་ལ་གནས་པ་མེད་པའི་གཏན་གསིགས་བསྟན་པ་སྟེ། འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཕྱི་ནང་གང་ལ་ཡང་མི་གནས་པའི་ཕྱིར་འཕགས་པ་ཉན་ཐོས་དེ་དག་ཀྱང་ཆོས་ཐམས་ཅད་ལ་གནས་པ་མེད་དོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས ་ཐམས་ཅད་མི་གནས་པ་ཡིན་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཇི་ལྟར་མི་གནས་པའི་གཏན་ཚིགས་ཞིབ་ཏུ་བཤད་དུ་གཞུག་པའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི ་བུ་གཟུགས་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་གནས་སོ། །ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་རང་བཞིན་མེད་པས་ནང་གི་དབང་པོ་རྣམས་ལ་ཡང་མི་གནས། ཕྱི་རོལ་ ་གྱི་ཡུལ་རྣམས་ལ་ཡང་མི་གནས། ཕྱི་ནང་གཉིས་ལ་མ་གཏོགས་པའི་དངོས་པོ་གཞན་ཡང་མེད་པས་དེ་ལ་ཡང་མི་གནས་སོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་མི་གནས་པའོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ ་པར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཕྱི་ནང་གང་ལ་ཡང་མི་གནས་སོ་ཞེས་གོང་དུ་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་དེ ་ལྟར་གཟུགས་ཡོངས་སུ་སྤྱད་བར་བྱའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྦྱད་པར་བྱའོ། ཞེས་བྱ་བའི་བར་དུ་ནི་དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཕྱི་ནང་གང་ལ་ཡང་མི་གནས་པར་རྟོགས་པ ་ཉིད་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་རང་བཞིན་རྟོགས་པ་ཡིན་ཏེ། དེ་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡོངས་སུ་སྦྱང་བར་བྱའོ་ཞེས ་བསྟན་པ་སྟེ། དེ་ལྟར་ཡོངས་སུ་དག་པར་རྟོགས་པར་བྱའི་ཞེས་བྱ་བའི་དོན་ཏོ། །དེ་ནས་ཡང་ཚེ་དང་ལྡན་པ་ཤཱ་རིའི་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་པ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པ་ཡིན་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་གནས་པ་མེད་པའི་དོན་བསྟན་ནས། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱང་པའི་ཐབས་བསྟན་པའི་ཕྱིར་ཇི་ལྟར་བྱང་ཆུབ་ཀྱི ་ལམ་ཡོངས་སུ་སྦྱོང་བ་ཡིན་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པའོ། །ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་ནི་ཕ ་རོལ་ཏུ་ཕྱིན་པ་དྲུག་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ་དང། འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པའི་བྱེ་བྲག་ཞིབ་ཏུ་ཕྱེ་སྟེ་བསྟན་ནས། གང་འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ནི་འཇིག་རྟེན་པ ་ཡིན་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་མ་ཡིན་གྱི། འཁོར་གསུམ་ཡོངས་སུ་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ནི་འཇིག་རྟེན་ལས་འདས་པ་ཡིན་པས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོང་པ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ ་འབྱོར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང། འཇིག་རྟེན་ལས་འདས་པ་ནི་གང། ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་ཡོད་དོ་ཞེས་མདོར་སྨོས་པ། ཤཱ་རིའི་བུས ་འཇིག་རྟེན་པ་ནི་གང། འཇིག་རྟེན་ལས་འདས་པ་ནི་གང་ཞེས་བྱེ་བྲག་ཏུ་ཕྱེ་སྟེ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་བྱེད་ཅིང་སྦྱིན་བདག་ཏུ་གྱུར་བ་ཞེས་བྱ་བ་ལ ་སོགས་པས་ནི་རབ་འབྱོར་གྱི་འཇིག་རྟེན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཤད་པ་སྟེ། དགེ་སྦྱོང་དང་བྲམ་ཟེ་དང་ཕོངས་པ་དང། ལྟོགས་པ་དང། འདྲོན་པ་དང། སྲོང་བ་ཞེས་བྱ་བ་ནི་སྦྱིན་པའི་གནས་ལེན་པ་པོའི་དམིགས་པ་བསྟན་པའོ། །ཟད་འདོད ་པ་ལ་ཟས། སྐོམ་འདོད་པ་ལ་ནི་སྐོམ་ཞེས་བྱ་བ་ལ་སོགས་པ་ནི་ཟང་ཟིང་གི་སྦྱིན་པའི་རྫས་བསྟན་པའོ། །ཟང་ཟིང་གི་སྦྱིན་པ་ལ་ཡང་རྣམ་པ་གསུམ་སྟེ། སྦྱིན་པ་ཐ་མལ་པ་དང། སྦྱིན་པ་ཆེན་པོ་དང། དཀའ་བའི་སྦྱིན་པའོ། །དེ་ལ་སྦྱིན་པ་ཐ་མལ་པ་ནི། ་ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ་ཞེ་བྱ་བ་ནི་མིའི་ཡོ་བྱད་གཞན་ཅི་ཡང་རུང་བའི་བར་དུ་ཡོངས་སུ་ག་རྟོག་སྟེ་ཞེས་བྱ་བའི་བར་གྱིས་བསྟན་ཏེ། ཐེག་པ་ཞེས་བྱ་བ་ནི་བཞོན་པ་ལ་བྱའོ། །སྦྱིན་པ་ཆེན་པོ་ནི། བུ་པོ་འདོད་པ་ལ ་ནི། བུ་པོ་ཡོངས་སུ་གཏོང། བུ་མོ་འདོད་པ་ལ་ནི་བུ་མོ་ཡོངས་སུ་གཏོང། ཆུང་མ་འདོད་པ་ལ་ནི་ཆུང་མ་ཡོངས་སུ་གཏོང། རྒྱལ་སྲིད་འདོད་པ་ལ་ནི་རྒྱལ་སྲིད་ཡོངས་སུ་གཏོང་བྱ་བས་བསྟན་ཏོ། །དཀའ་བའི་སྦྱིན་པ་ནི། མགོ་འདོད་པ་ལ་ནི་མགོ་ཡོངས་སུ་གཏོང། མིག ་འདོད་པ་ལ་ནི་མིག་ཡོངས་སུ་གཏོང། ཡན་ལག་དང་ཉིད་ལག་འདོད་པ་ནི་ཡན་ལག་དང་ཉིད་ལག་ཡོངས་སུ་གཏོང། ཤ་དང་ཁྲག་དང་རྐང་འདོད་པ་ལ་ནི་ཤ་དང་ཁྲག་དང་རྐང་ཡོངས་སུ་གཏོང་ཞེས་བྱ་བས་བསྟན་ཏོ། །དེ་ཡང་གནས་ཤིང་ཡོངས་སུ་གཏོང་ལ་ཞེས ་བྱ་བ་ནི་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་དང་བཅས་པར་སྦྱིན་པ་ཡོངས་སུ་གཏོང་ཞེས་བྱ་བའི་དོན་ཏོ། །དེ་འདི་སྙམ་དུ་བདག་ནི་ཡོངས་སུ་གཏོང་བའོ། །འདི་ནི་ལེན་པའོ་ཞེས་བྱ་བ་ནས་འདི་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ ་ཞེས་བྱ་བའི་བར་དུ་ནི་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་ཅན་གྱིས་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བ་བསྟན་པའོ། །དེ་ཅིའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་མི་གཡོ། མི ་འཕག་མི་འདའ་བས་དེའི་ཕྱིར་འཇིག་རྟེན་གྱི་སྦྱིན་པར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་བྱ་བ་ནི་དེ་ལྟར་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་ཅན་གྱི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར ་བའི་གཏན་ཚིགས་བསྟན་པ་སྟེ། འཇིག་རྟེན་ལས་མི་གཡོ་ཞེས་བྱ་བ་ནི་བདག་ཏུ་འདུ་ཤེས་པ་ལ་ཆགས་པའི་ཕྱིར་རོ། །མི་འཕག་ཅེས་བྱ་བ་ནི་གཞན་དུ་འདུ་ཤེས་པ་ལ་ཆགས་པའི་ཕྱིར་རོ། །མི་འདའ་བས་ཞེས་བྱ་བ་ནི་སྦྱིན་པར་འདུ་ཤེས་པ་ལ་ཆགས ་པའི་ཕྱིར་ཏེ། དེ་ལྟར་འཁོར་གསུམ་ཡོངས་སུ་མ་དག་ཅིང་དམིགས་པ་དང་བཅས་པའི་སེམས་ཀྱིས་སྦྱིན་པ་བྱས་པ་ནི་འཇིག་རྟེན་ལས་མི་མངའ་སྟེ། འཁོར་བའི་ལོངས་སྤྱོད་ཀྱི་རྒྱུར་འགྱུར་བའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའི། འཇིག་རྟེན ་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་བར་མི་ཆུད་བས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་ཕ་རོལ ་ཏུ་ཕྱིན་པ་ཞེས་བྱའོ། །དམིགས་པ་དང་བཅས་ཤིང་འཁོར་གསུམ་ཡོངས་སུ་མ་དག་པའི་ཕྱིར་འཇིག་རྟེན་ལས་འདས་པར་མ་ཆུད་དོ། །དེ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ་ཞེས ་བྱ་བ་ལ་སོགས་པས་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པ་སྟེ་།སྦྱིན་པ་དེ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་སྟེ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ་བྱས་པའི་བསོད་ནམས་ཀྱང་ཀུན ་རྫོབ་ཏུ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕོག་ལ་འདའ་བས། དེའི་ཕྱིར་འཇིག་རྟེན་ལས་འདས་པའི ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ནི་བདག་མི་དམིགས་པའི་ཕྱིར་འཇིག་རྟེན་ལ་གཡོའོ། །གཞན་མི་དམིགས་པའི་ཕྱིར་འཇིག་རྟེན་ལས་འཕག་གོ། སྦྱིན་པ་མི་དམིགས་པའི་ཕྱིར་འཇིག་རྟེན་ལས་འདའ་ཨོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་ལ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་ར་དྭཱ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོད་པ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ན ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་གོང་དུ་བཤད་པའི ་རིམ་པས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་ཡོངས་སུ་དག་པར་བྱེད་པ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་བསྟན་པའོ། ། ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ནི་དངོས་ཁོ་ནར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པར་མི་ཆུང་ཀྱང་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུར་འགྱུར་བའི་ཕྱིར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱོད་པའི་ཉིད་ནས་བརྒྱུད་པའི་རྒྱུ་ཡིན ་པར་རིག་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ཡིན་ཞེས་བྱ་བ་ནི་གོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ ་ཞེས་བཤད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་བྱང་ཆུབ་ཀྱི་ལམ་སྦྱོང་བ་ཡིན་ན། བྱང་ཆུབ་ཀྱི་ལམ་ཉིད་གུད་ན་ཡོད་དམ་སྙམ་དུ་སེམས་པའི་ཐེ་ཚོམ་བསལ་བའི་ཕྱིར་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ ་ཤཱ་རདྭཱ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་མོ ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་ཀྱི་ལམ་ཞེས་བྱ་བ་གཞན་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ཉིད ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །དེ་ལས་གུང་ན་བྱང་ཆུབ་ཀྱི་ལམ་མེད་དེ། འདི་དག་ཉིད་བྱང་ཆུབ་ཀྱི་ལམ་ཡིན་ནོ་ཞེས་བསྟན་པའི ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །དེ་ཕ་རོལ་ཏུ་ཕྱིན་པ་གང་གིས་མཐུ་ཡིན་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ཉིད་བྱང་ཆུབ་ཀྱི་ལམ་དུ་འགྱུར་བར་བཤད་པ་ལེགས་སོ་ཞེས་བསྟོད་ནས། དེ ་ལྟར་འགྱུར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ན་གང་གི་མཐུ་ཡིན་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་སྟེ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ནང་ན ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིག་དང་འདྲ་སྟེ། གཙོ་བོ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན་འཁོར་གསུམ་ཡོངས་སུ་དག་པར་འགྱུར་བའི་ཕྱིར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་ཡིན་ནོ་ཞེས་བསྟན་པའོ།། ་དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་དང། རང་སངས་རྒྱས་ཀྱི་ཆོས་དང་བྱང་ཆུབ་སེམས་དཔའ་ཨི་ཆོས་དང། སངས་རྒྱས་ཀྱི་ཆོས་དང། དགེ་བའི་ཆོས་ཐམས་ཅད་སྐྱེའོ་ཞེས་བྱ ་བ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་ཡིན་ཞིང་དེའི་མཐུ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། བསྐྱེད་པའོ་ཞེས་བྱ་བ་ནི་དགེ་བའི་ཆོས་ཐེག་པ་གསུམ་དུ་གཏོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི ་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྡུད་ཅིང་ཡང་དག་པར་སྡུད་པའོ་ཞེས་བྱ་བ་ནི་ཐེག་པ་གསུམ་དུ་གཏོགས་པའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་ཡོངས་སུ་ཁྱབ་བོ་ཞེས་བྱ་བའི་དོན་དོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་སྔོན་གྱི ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་དོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཞེས་བྱ་བ་ལ ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་རྒྱུའི་གཙོ་བོ་ཡིན་པར་བསྟན་པའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་གལ་ཏེ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་རམ་རྨོངས་པར་མི་འགྱུར་ན། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་སེམས་ཅན་ཐམས་ཅད ་བསྐྱབ་པ་དང། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཕྱིར་དེ་མི་དམིགས་པའི་ཚུལ་གྱིས་རྣམ་པར་སྤྱོད་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་འཁོར་གསུམ་ཡོངས་སུ་དག་པར ་སྤྱད་ན་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་པར་བཤད་པའི་ཆོས་ཟབ་མོ་དེ་བཤད་པའི་ཚེ་དང་ཅིང་ཡིད་ཆེས་པས་ནེམ་ནུར་མེད་པ་དང། ཤེས་རབ་རྣ་བས་རྨོངས་པར་མ་གྱུར་ན་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི ་ལ་རྣམ་པར་སྤྱོད་བར་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་ཡང་སེམས་ཅན་ཐམས་ཅད་བསྐྱབ་པ་དང། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བར་ནུས་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བ་དེ་དང་མ་བྲལ་བར་ཤེས་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ལ་རྣམ་པར་སྤྱོད་ཅིང་སེམས་ཅན་ཐམས་ཅད་བསྐྱབ་པ་དང། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ ་ད་ནི་བྱང་ཆུབ་སེམས་དཔའ་ཨི་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་ལྡན་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་ཅིང་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འདོད་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ན་ནི་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་ཐམས་ཅད་ཀྱང་ཡིད་ལ་བྱ་བ་དང་མ ་བྲལ་ལོ་ཞེས་བྱ་བ་ནི་སྙིང་རྗེ?་ཆེན་ནོ་ཡིད་ལ་བྱ་བ་དང་མ་བྲལ་བ་རབ་འབྱོར་གྱིS?་སྟོང་ལ་ཤཱ་རིའི་དུས་དོན་དཾ་བ་ལས་བསམ་ནས་བརྒལ་བ་སྟེ། ཡིན་ལ་བྱེད་པ་ནི་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོགས་པ་དང་བཅས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པར་མི་ནུས་པ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས ་མི་བྱའོ། །དེ་སྟེ་ཡིད་ལ་བྱེད་པ་དང་མ་བྲལ་ཞིང་རྣམ་པར་རྟོག་པ་དང་བཅས་པ་ཡང་བྱང་ཆུབ་སེམས་དཔར་འདོད་ན་ནི་སེམས་ཅན་ཐམས་ཅད་ཀྱང་འདི་ལ་བྱེད་པ་དང་མ་བྲལ་ཞིང། རྣམ་པར་རྟོག་པ་དང་བཅས་པས་བྱང་ཆུབ་སེམས་དཔར་འགྱུར་བའི་རིགས་ན། ་དེ་ལྟར་འགྱུར་པ་ཡང་མི་སྲེད་དེ་པས་ཡིད་ལ་བྱ་བ་དང་མ་བྲལ་བ་ལ་དེ་སྐད་བསྟོད་པ་མི་རིགས་སོ་ཞེས་བརྒལ་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་ལེགས་སོ་ལེགས་སོ། །དེའི་དྲིའོ་སྙམ?་པའི་དོན་དེ་ཉིད། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས ་ཡང་དག་པའི་ཚིག་བརྗོད་པས་ཡོངས་སུ་བཟུང་ངོ་ཞེས་བྱ་བ་ནི་ཤཱ་རིའི་བུས་བརྒལ་བའི་དོན་དམིགས་སུ་ཕེབས་ཏེ་དྲིས་ཤིང་བརྒལ་བར་འོས་པའི་དོན་ཐོག་ཏུ་ཕེབས་ཤིང་ལེགས་པ་དྲིས་སོ་ཞེས་བསྟོད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚེ་དང་ལྡན་པ ་ཤཱ་རདྭཱ་ཏིའི་བུ་སེམས་ཅན་མེད་པའི་ཕྱིར་ཡང་ལ་བྱེད་པ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་དངོས་པོ་ཡོད་པར་མ་གྲུབ་པས་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོའི་བྱུང་པའི་ཡིད་ལ་བྱ་བ་ཡང་དོན་དམ་པར་མེད་པ་ལས་ ་ཡིད་ལ་བྱེད་པ་འབྱུང་བ་མི་རིགས་པར་གལ་བཟུང་སྟེ་དྲིས་པ་དམིགས་སུ་ཕེབས་ཏེ་ལེགས་སོ་ཞེས་བྱ་བ་དང་སྦྱར་རོ། །སེམས་ཅན་དངོས་པོ་མེད་པ་དང། སེམས་ཅན་རང་བཞིན་མེད་པ་དང། སེམས་ཅན་སྟོང་པ་ཉིད་དང། ་སེམས་ཅན་དབེན་པ་ཞེས་བྱ་བ་ཡང་མེད་པའི་དོན་གྱི་རྣམ་གྲངས་ཟད་དོ། །སེམས་ཅན་མངོན་བར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་འཚང་མི་རྒྱ་བར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་མེད་པས་དོན་དམ་པར་སེམས ་ཅན་དེ་དག་མངོན་བར་འཚང་རྒྱ་བ་ཡང་མེད་ཅིང་ཡིད་ལ་བྱེད་པ་ཡང་དོན་དམ་པར་མེད་པས་ཡིད་ལ་བྱེད་པ་ངེས་མངོན་བར་འཚང་རྒྱ་བར་འགྱུར་བ་ཡང་དོན་དམ་བར་མེད་དོ་ཞེས་བྱ་བའི་དོན་ཏེ། སེམས་ཅན་མེད་པ་དང། སེམས་ཅན་དངོས ་པོ་མེད་པ་དང། སེམས་ཅན་རང་བཞིན་མེད་པ་དང། སེམས་ཅན་སྟོང་པ་ཉིད་དང། སེམས་ཅན་དབེན་པ་དང། སེམས་ཅན་མངོན་བར་རྫོགས་པར་འཚང་མི་རྒྱ་བ་ཞེས་བྱ་བ་དེ་དག་གིས་ནི་གང་ཟག་ལ་བདག་མེད་པར་བསྟན་པའོ། །ཚེ་དང་ལྡན ་པ་ཤཱ་རདྭཱ་ཏིའི་བུ་གཟུགས་མེད་པའི་ཕྱིར་ཡིད་ལ་བྱ་བ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་ཉིད་དང་མི་འབྲལ ་བར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་འཇིག་རྟེན་པའི་ཆོས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། བླ་ན་མེད་པའི་བྱང་ཆུབ་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་བའི་ཆོས ་ཐམས་ཅད་ཀྱང་མེད་པ་དང། དངོས་པོ་མེད་པ་དང། རང་བཞིན་མེད་པ་དང། སྟོང་པ་ཉིད་དང། དབེན་པ་དང། མངོན་བར་རྫོགས་པར་འཚང་མི་རྒྱ་བའི་དོན་གོང་མ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ནི་ཆོས་ལ་བདག་མེད་པའི་དོན་བསྟན་ཏེ། དེ་ལྟར ་དོན་དམ་པར་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་པ་ཉིད་ཀྱི་མཐུ་དང་བྱིན་གྱི་རླབས་ཀྱིས་ཡིད་ལ་བྱེད་པ་མེད་ཅིང་རྣམ་པར་མི་རྟོག་པར་ལྷུན་གྱིས་གྲུབ་པ་ཉིད་དུ་སེམས་ཅན་ཐམས་ཅད་བསྐྱབ་པ་དང། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོག? ་པར་གྱུར་པ་ཉིད་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་མ་བྲལ་བར་རིག་པར་བྱའོ། །ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལགས་སོ་ཞེས་བྱ་བ་གནང་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་དོན་ཟབ་མོ་དེ་ལྟ་བུ་རབ་འབྱོར་གྱིས་ཤཱ་རིའི་བུ་ལ་བཤད་པའི་དོན་འཁོར་རྣམས་ཐེ་ཚོམ་མེད་པར་འཛིན་དུ་གཞུག་པའི་ཕྱིར་དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱིས་བརླབས་ཀྱིས་ཁྱོད་ཀྱིས་དེ་ལྟར་བཤད་པ་ལེགས་ཀྱིས་གཞན་གྱིས་ཀྱང་དེ་ལྟ ་བསྟན་ཅིང་བསླབ་པར་བྱའོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམས་དྲུག་ཏུ་གཡོས་ཏེ་ཞེས་བྱ་བ་ལ་སོགས་པས་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་ལོག་པར་བཤད་པའི་རྟགས་སུ་མཐུ་དང་ཆོ་འཕྲུལ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ་ཞེས་བྱ་བ་ལ་སོགས་བས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས ་མེད་པ་དགན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་མཛད་དོ་ཞེས་བསྟན་པ་སྟེ། དེ་སྐད་བསྟན་པ་དང་འཁོར་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ ་དད་པ་བསྐྱེད་ཅིང་རྗེས་སུ་ཡི་རང་དུ་གཞུག་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པའི་ཚེ་ལྷ་དང་མིའི་སྐྱེ་དགུ་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་བཤད་པའི་དོན་མེད་པ་མ་ཡིན་ཞིང། འབྲས་བུ་ཆེན་པོ་དང་བཅས་པ་ཡིན་པར་བསྟན་པ་སྟེ། དེ་ཡན་ཆད་ཀྱིས་ནི་འབྲིང་དུ་བཤད་པས་འདུལ་བའི་གདུལ་བྱ་རྣམས་ཀྱི་དོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་དོན་འབྲིང་དུ་བཤད་པ་བསྟན་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།འདི་མན་ཆད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱས་པར་བཤད་པ་འབྱུང་སྟེ། ་རྒྱས་པར་བཤད་པ་དེ་ཡང་འདུལ་བའི་འགྲོ་བ་ཡོངས་སུ་མ་སྨིན་པ་རྣམས་ཀྱི་ཐེ་ཚོམ་སྐྱེས་པ་བསལ་བས་ཡོངས་སུ་སྨིན་པར་བྱས་ནས་ཡོངས་སུ་སྨིན་པ་རྣམས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་ཚུལ་རྣམ་པ་གཉིས་ཀྱིས ་བསྟན་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷ་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཞེས་བྱ་བ་ལ་སོགས་པ་ནི ་རྒྱལ་པོ་ཆེན་པོ་བཞི་དང། སུམ་ཅུ་རྩ་གསུམ་པའི་ལྷ་ལ་སོགས་པ་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་ཀྱི་ལྷའི་གཙོ་བོ་རྣམས་ཆོས་འཆད་པའི་འཁོར་དེ་ཉིད་ནས་འཁོད ་པར་བསྟན། ལྟ་དེ་དག་འཁོར་དེ་ན་འཁོད་པར་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་པ་འདི་འཇིག་རྟེན་པའི་ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩམས་པའི་ཕྱིར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་དང་མཐུ་བསྟན་པ་སྟེ། དེ་ཡང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་རང་བཞིན་གྱིས་ལུས་བཟང་ཞིང་འོད་གསལ་? ་སྙེམས་པ་རྣམས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ཟིལ་གྱིས་མནན་ནས་དེ་དག་ང་རྒྱལ་བཅག་སྟེ། དེ་བཞིན་གཤེགས་པ་ལ་ཆོས་གུས་པར་ཉན་དུ་གཞུག་གོའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ ་འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་བཤད་པ་གླེང་བསླང་བའི་ཕྱིར་བརྒྱ་བྱིན་གྱིས་སྨྲས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར ་བྱ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་མི་གནས་པའི་ཚུལ་གྱིས་གནས་པར་བྱ་བ་འོག་ནས་ཞིབ་ཏུ་བཤད་པ་དྲིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་བྱ་བ་ནི ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་གྱིས་འཇུག་པ་དང། བྱང་ཆུབ་སེམས་དཔའ་ཨི་ཚུལ་གྱིས་འཇུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོག་ནས་ཞིབ་དུ་བཤད་པ་དྲིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་ནི་ཇི་ལྟར་བསླབ་པར་བྱ་ཞེས་བྱ་བ་ནི་དོན་དམ་པར་ཆོས་གང་ལ་ཡང་བསླབ་ཏུ་མེད་པའི་ཚུལ་གྱིས་བསླབ་པར་བྱ་བ་འོག་ནས་ཞིབ་ཏུ་བཤད་པའི་དྲིས་པའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི ་སྐད་ཅེས་སྨས་སོ། །ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང། ཇི་ལྟར་གནས་པར་བྱ་བ་དང། ཇི་ལྟར་བསླབ་པར་བྱ་བ་དང། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་པར་བྱ་བ་རྣམས་སངས་རྒྱས་ཀྱི་མཐུ་དང། སངས་རྒྱས་ཀྱི་བྱིན་གྱིས་བརླབས་གྱིས་བསྟན་པར་བྱས། ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག་ཅེས་བྱ་བའི་ཚིག ་གོང་མ་དང་སྦྱར་རོ། །གང་ཡང་དག་པ་སྐྱོན་མེད་བར་ཞུགས་བར་གྱུར་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྒྱུན་ཏུ་ཞུགས་པ ་ཡན་ཆད་ལ་ཡང་དག་པར་སྐྱོན་མེད་བར་ཞུགས་པ་ཞེས་བྱ་སྟེ། དེ་ལྟར་ཐེག་པ་ཆུང་དུ་ལ་སེམས་ངེས་པར་གྱུར་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་སོ་ཞེས་བྱ་བའི ་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་གཅད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཉན་ཐོས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་པའི་གཏན་ཚིགས་བསྟན་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི ་སེམས་ཅན་ཀྱི་དོན་དུ་འཁོར་བ་མི་སྤོང་བར་འདུལ་བའི་དབང་གིས་འཁོར་བར་སྐྱེ་ཞིང་འཁོར་བ་ན་གནས་ཏེ། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་རླབས་ཆེན་པོ་རྣམས་ཡུན་རིང་དུ་སྤྱད་དེ། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར ་བྱེད་ཀྱི། ཉན་ཐོས་རྣམས་ནི་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས་འཁོར་བ་སྤངས་ཏེ། མྱུར་དུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདའ་བ་ལ་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པ་ཞེས་བྱ་སྟེ། དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ་ཞེས་བསྟན་པའོ། །འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྣམས་ལ་ཡང་བླ་ན་མེད ་པའི་བྱང་ཆུབ་ཏུ་གྲུབ་པར་འགྱུར་བའི་བསྐལ་པ་ཡོད་པ་བསྟན་པ་སྟེ། ཉན་ཐོས་ཞི་བ་ཕྱོགས་གཅིག་པ་ལ་གནས་བ་ལས་སྐལ་པ་དང་སྦྱར་ནས་དེ་བཞིན་གཤེགས་པའི་འོད་ཀྱིས་བསྐུལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་དག་ཀྱང་ཡོད་དེ། དེ་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་འགྱུར་པས་།དེ ་དག་གི་དགེ་བའི་ཕྱོགས་ལ་བདག་ནི་བར་ཆད་མི་བྱེད་དོ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྣམས་འཇིག་རྟེན་པ་ཕལ་དང། མུ་སྟེགས་ཅན་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། ཉན་ཐོས་ལས་ཀྱང་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འཕཌ ་པ་ཡིན་ཏེ། དེ་ལྟར་ཉན་ཐོས་ལས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པ་སྲིད་པས་དེ་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པར་བྱའི། ཉན་ཐོས་རྣམས་བཀྲོལ་ཏེ་བཞག་བར་ནི་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་དེ་ལ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས ་པའི་ཚུལ་གྱིས་གཟུགས་ནི་མི་རྟག་པ་ཡིད་ལ་བྱའོ། །ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་དྲིས་པའི་ལན་དུ་རབ་འབྱོར་གྱིས་ཉན ་ཐོས་དང་རང་སངས་རྒྱས་ཀྱི་སའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་འཇུག་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་རྟག་པ་དང་སྡུག་བསྔལ ་བ་ལ་སོགས་པར་ཡིད་ལ་བྱས་ན་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་གཟུགས་ནི་མི་རྟག་པར་ཡིན་ལ་བྱའོ་ཞེས་བྱ་བ་ནི་མ་བྱུང་བ་ལས་བྱུང་བ་དང། བྱུང་ནས་ཀྱང་? ་པར་འགྱུར་བའི་ཕྱིར་མི་རྟག་པ་ཞེས་བྱའོ། །གཟུགས་ནི་སྡུག་བསྔལ་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་གནོད་པ་སྣ་ཚོགས་དང་ལྡན་པའི་ཕྱིར་རོ། །གཟུགས་ནི་བདག་མེད་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་བརྟཌ ་བའི་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །གཟུགས་ནི་ཞི་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་དོན་དམ་པར་སྡུག་བསྔལ་ཐམས་ཅད་ཞི་བའི་ཕྱིར་རོ། །གཟུགས་ནི་དབེན་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་དོན་དམ་པར་ཉོན་མོངས་བ་དང་བྲལ་བའི་ཕྱིར་རོ། ་གཟུགས་ནི་ནད་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་རྐྱེན་དུ་མས་གསོ་དགོས་པ་དང། ལུས་དང་ཡིད་ཀྱི་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ནང་དུ་ཡིད་ལ་བྱའོ། །གཟུགས་ནི་ཤུ་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་གནོད་པ་དང་ལྡན་པ ་པ་དང། ཉོན་མོངས་པའི་རྣག་ཁྲག་ཟག་པའི་ཕྱིར་ཤུ་བ་དང་འདྲ་བས་ཤུ་བར་ཡིད་ལ་བྱའོ། །གཟུགས་ནི་ཟུག་རྡུར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཕྱི་ནང་གི་གནོད་པས་ཟུག་པར་བྱེད་ཅིང་བཅོས་དཀའ་བའི་ཕྱིར་ཟུག་རྔུ་དང་འདྲ་བས་ཟུག་རྔུར་ཡིད་ལ་བྱའོ། ། ་གཟུགས་ནི་སྡིག་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་སྨྲད་པར་བྱ་བ་དང། མ་རུངས་པར་འགྱུར་བའི་ཕྱིར་སྡིག་པ་དང་འདྲ་བས་སྡིག་པར་ཡིད་ལ་བྱའོ། །གཟུགས་ནི་ན་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཡུན་རིང་པོའི་གནོད་པ་དང་ལྡན་པའི་ཕྱིར་ནང་རྙིང ་ན་བ་དང་འདྲ་བས་ན་བར་ཡིད་ལ་བྱའོ། །གཟུགས་ནི་དགར་ཡིད་ལ་བྱའོ་ཞེས་བྱ་བ་ནི་མི་བདེ་བ་དང་གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དགྲ་དང་འདྲ་བས་དགྲར་ཡིད་ལ་བྱའོ། །གཟུགས་ནི་འཇིག་པའི་ཆོས་ཅན་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི ་ནད་དང། རྒས་པ་དང་འཆི་བ་རྣམ་ཀྱི་རབ་ཏུ་འཇིག་པའི་རང་བཞིན་ཡིན་པའི་ཕྱིར་འཇིག་པའི་ཆོས་ཅན་ཞེས་བྱའོ། །གཟུགས་ནི་མི་བརྟན་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་སྐྱེ་བ་དང་རྒས་བ་ལ་སོགས་པའི་གནས་སྐབས་དང་གཞན་དུ་འགྱུར་ཞིང་མལ ་གཅིག་ན་མི་གནས་པའི་ཕྱིར་མི་བརྟན་པའོ། །གཟུགས་ནི་འཇིག་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་རང་གི་དང་གིས་འཇིག་པ་དང། འཇིག་པར་བྱེད་བའི་རྐྱེན་རྣམས་ཀྱིས་འཇིག་པའི་ཕྱིར་འཇིག་པའོ། །གཟུགས་ནི་འཇིགས་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཕྱིའི་དགྲ་དང་ནང ་གི་ནད་ལ་སོགས་པ་འཇིགས་པ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །གཟུགས་ནི་འགྲོ?་བའི་ནད་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་གནོད་པ་རྣམ་པ་མང་པོ་དང་འདྲ་བ་དང། འགྲོ?་བའི་ནད་དང་འདྲ་བའི་ཕྱིར་འོག་པའི་ནད་དོ། །གཟུགས་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་ནང་གི ་བྱེད་པ་པོ་མེད་པའི་ཕྱིར་སྟོང་པའོ། །གཟུགས་ནི་བདག་གི་བ་མེད་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའི་ཆོས་རྣམས་ལ་བདག་གི་བར་འཛིན་པའི་ལྟ་བ་མེད་པའི་ཕྱིར་རོ། །གཟུགས་ནི་ཡིད་བརྟན་དུ་མི་རུང་བར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ཡང ་དག་པ་མ་ཡིན་པ་ལས་ཀུན་བརྟགས་པ་ཡིན་ཏེ། འགྱུར་ཞིང་མི་བརྟན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གཟུགས་ནི་གནོད་པར་ཡིད་ལ་བྱའོ་ཞེས་བྱ་བ་ནི་ལུས་དང་སེམས་ལ་མི་བདེ་བ་དང། གནོད་པ་སྣ་ཚོགས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་གནོད་པར ་ཡིད་ལ་བྱའོ་ཞེས་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས་ཚོར་བ་ནི་མི་རྟག་པར་ཡིད་ལ་བྱའོ་ཞེས་བྱ་བ་ནས། རྒ་ཤི་ནི་གནོད་པར་ཡིད་ལ་བྱའོ་ཞེས་བྱ་བའི་བར་དུ་ཡང་མི་རྟག་པ ་ལ་སོགས་པའི་དོན་དེ་བཞིན་དུ་སྦྱར་བར་བྱ་སྟེ་།དེ་དག་གིས་ནི་ཉན་ཐོས་པ་རང་སངས་རྒྱས་ཀྱི་ཟག་པའི་ཚུལ་གྱིས་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་པ་ལམ ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ ་སྤྱོད་དོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་བྱ་བའི་བར་དུ་ནི་ཀུན་རྫོབ་ཏུ་བདག་དང། སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱ་བའི་སེམས་བསྐྱེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ ་སྤྱོད་ལ། དོན་དམ་པར་དེ་ཡང་མི་དམིགས་པར་སྤྱོད་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་མོ་ཞེས་བྱ་བའི་བར་དུ་ནི་དྲན་པ་ཉེ་བར ་གཞག་པ་བཞི་ལ་སོགས་པ་རྣམ་པར་བྱང་པའི་ཆོས་རྣམས་སྒོམ་པའི་ཚེ་ཀུན་རྫོབ་ཏུ་བདག་དང་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དང་ལྡན་བས་སྒོམ་ཞིང ་དོན་དམ་པར་དེ་འང་མི་དམིགས་པར་སྒོམ་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདི་ལྟར་སོ་སོ་ཡང་དག་པར་སློབ་སྟེ་ཞེས་བྱ་བ་ལ་སོགས་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དང་གང་ཟག་ལ་བདག་མེད་པའི་རང་བཞིན ་ལ་ཡང་དག་པར་རྟོག་ཅིང་སློབ་པ་བསྟན་པ་སྟེ། འདི་ལྟར་ཆོས་རྣམས་མངོན་བར་རླན་པར་བྱེད་པ་དང། ཡོངས་སུ་རླན་པར་བྱེད་པ་དང། ཡོངས་སུ་རྫོགས་པར་བྱེད་པ་དང། ཡོངས་སུ་རྒྱས་པར་བྱེད་པ་དང། ཡོངས་སུ་དཔྱོད་པར་བྱེད་པ་དེ་དག་ནི་ཆོས་ཁོས་ནར་ཟ་དེ་།དེ ་ལ་བདག་གམ་བདག་གི་མེད་དོ་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པ་བརྟག་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱམས་པ་དང། སྙིང་རྗེའི་དབང་གིས་སེམས་ཅན་འདོད ་ཆགས་དང་ཞེ་སྡང་དང། གཏི་མུག་གིས་གདུངས་པ་རྣམས་ཀྱི་སེམས་ཀྱི་རྒྱུད་བྱམས་པ་དང། སྙིང་རྗེ་ལ་སོགས་པའི་རང་བཞིན་ཅན་དུ་བྱས་ཏེ། དུལ་ཞིང་ཞི་བའི་སེམས་སུ་བྱེད་བ་ནི་བྱང་ཆུབ་ཀྱི་སེམས་དང། དགེ་བའི་རྩ་བ་དང། ཡོངས་སུ་བསྔོ་བའི ་སེམས་ཀྱི་ཆོས་ཉིད་ཙམ་དུ་ཟད་ཀྱི་མུ་སྟེགས་ཅན་གྱིས་ཡོངས་སུ་བརྟགས་པའི་བྱེད་པ་པོ་བདག་ལ་སོགས་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །ཆོས་རྣམས་མངོན་པར་རླན་པར་བྱེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་འདོད ་ཆགས་ལ་སོགས་པས་གདུངས་ཤིང་ཁེངས་པ་རྣམས་བྱང་ཆུབ་ཀྱི་སེམས་དང་དགེ་བའི་རྩ་བ་དང་ཡོངས་སུ་བསྔོ་བའི་སེམས་ཀྱིས་བྱམས་པ་དང་།སྙིང་རྗེ་ལ་སོགས་པ་མངོན་པར་བརླན་ཅིང་དུལ་བར་བྱས་ནས་དང་པོ་སྦྱིན་པ་ལ་སོགས་པ་བསྡུ་བ་རྣམ ་པ་བཞི་ལ་འཇུག་པའི་སེམས་བསྐྱེད་པའོ། །ཡོངས་སུ་བརླན་པར་བྱེད་པ་ཞེས་བྱ་བ་ནི་དེ་ལྟར་སེམས་བསྐྱེད་ནས་སྦྱིན་པ་ལ་སོགས་པ་དངོས་སུ་བྱེད་དུ་འཇུག་པའོ། །ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དེ་དག་འཁོར་གསུམ ་ཡོངས་སུ་དག་ཅིང་མཐར་ཕྱིན་པར་བྱེད་པའོ། །ཡོངས་སུ་རྒྱས་པར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་གྲུབ་པར་ཡོངས་སུ་བསྔོ་ཞིང་ཁྱབ་པར་བྱེད་པའོ། །ཡོངས་སུ་དཔྱོད་པར་བྱེད ་པ་ཞེས་བྱ་བ་ནི་དེ་ལྟར་སྦྱིན་པ་ལ་སོགས་པ་བྱེད་པའི་སྔོན་རོལ་ལམ། བྱས་ཟིན་པའི་འོག་ཏུ་ཤེས་རབ་ཀྱི་སྦྱིན་པ་བྱེད་པ་དང། སྦྱིན་པའི་རྫས་དང། ལེན་པ་པོ་རྣམས་མི་དམིགས་པར་དཔྱོད་པའོ། །དེ་དག་ནི་ཆོས་ཁོ ་ནར་ཟད་དེ་ལ་བདག་གམ་བདག་གི་མེད་དོ་ཞེས་བྱ་བ་ནི་དེ་ལྟར་མངོན་པར་རླན་པར་བྱེད་པ་ལ་སོགས་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཆོས་རྣམས་ཀྱི་བྱས་པར་ཟད་ཀྱི། བདག་ལ་སོགས་པའི་བྱེད་པ་པོ་གང་གིས་ཀྱང་བྱས་པ་མེད་དོ་ཞེས ་གང་ཟག་ལ་བདག་མེད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ན་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་ལ་བདག་མེད་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་བ་སྟེ། བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་སེམས་དང། ་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སེམས་ཀྱིས་སེམས་ཅན་རྣམས་ཀྱིས་རྒྱུད་མངོན་པར་བརླན་པ་ལ་སོགས་པ་བྱེད་པའི་བྱང་ཆུབ་ཀྱི་སེམས་དང། ཡོངས་སུ་བསྔོ་བའི་སེམས་དེ་གཉི་ག་ཡང་དོན་དམ་པའི་དངོས་པོ་མེད་པས་གཅིག་ལ ་གཅིག་གནས་པ་འམ། ཕན་ཚུན་འཕྲད་ཅིང་འགྲོགས་པ་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ ་བའི་སེམས་ལ་མེད་ཅིང་མི་དམིགས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་གཉིས་ཕན་ཚུན་དུ་མི་འཕྲད་ཅིང་མི་འགྲོགས་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་བར་དེ་གཉིས་ཀའི་དངོས་པོ་མེད་ཅིང་མི ་དམིགས་པའི་ཕྱིར་གཅིག་ལ་གཅིག་བརྟེན་ཅིང་འགྲོགས་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་གང་དེ་ལྟར་ཆོས་ཐམས་ཅད་ལ་ཡང་རབ་ཏུ་རྟོག་ལ། ཆོས་གང་ལ་ཡང་རྣམ་པར་རྒྱུ་བ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གང་ཟག་དང་ཆོས་ལ་བདག་མེད་པར་རྟོག་ཀྱང་དོན་དམ་པར་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་ཆགས་པ་མེད་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་སྐད ་ཅེས་སྨྲས་པ་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་དང་འགྲོགས་བ་མ་ཡིན་།ཇི་ལྟར་ན་བྱང་ཆུབ་སེམས་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས ་པ་མ་ཡིན་།ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་དང། བྱང་ཆུབ་ཀྱི་སེམས ་གཉིས་དོན་དམ་པར་དངོས་པོ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན་།བྱང ་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་སེམས་མ་ཡིན་ཏེ། དེ་ལྟར་ན་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། སེམས་མ་ཡིན་པ་ནི་སེམས་མ་ཡིན་པ་ནི་ཡོངས་སུ ་བསྔོ་བ་མེད། བསམ་གྱིས་མི་ཁྱབ་པ་ཡང་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྔོ་བ་མེད། དེ་ལྟར་ན་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ་།ཀཽ་ཤི་ཀ་འདི ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སེམས་དང། བྱང་ཆུབ་ཀྱི་སེམས་གཉི་ག་ཡང་དོན་དམ་བར་ཡོད་པར་མ་གྲུབ་བས་སེམས ་མ་ཡིན་ཏེ། དེ་ལྟར་སེམས་མ་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་སེམས་མ་ཡིན་པ་དེ་ལ་ཡོངས་སུ་བསྔོ་བ་མེད་བར་ཡོངས་སུ་རྟོགས་ནས་རྣམ་པར་མི་རྟོག་པར་གྱུར་བ་དེ་ཉིད་བྱང་ཆུབ་སེམས ་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་སྟོན་ཅིང་མོས་པ་སྐྱེད་པ་ལེགས་སོ་ལེགས་སོ། །རབ་འབྱོར་ལེགས་སོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྟན་པ་ལེགས་སོ་ཞེས་བསྟོད་པ་དང། བཀའ་དྲིན་དྲན་བར་བྱ་བའི་ཚིག་འོག ་ནས་འཆད་པ་གླེང་བསླང་བའི་ཕྱིར་གསུངས་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་བདག་གིས་ནི་བཀའ་དྲིན་དྲན་པར་བགྱིས་ཏེ། བཀའ་དྲིན་མི་དྲན་པར་མི་གྱིའོ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་རབ ་འབྱོར་ལ། ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་མོས་པ་སྐྱེད་པ་ལེགས་སོ་ཞེས་བསྟོད་པའི་ལན་དུ། བདག་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་འདི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་སྔོན་བྱང་ཆུབ་སེམས་དཔར་གྱུར་བའི་ཚེ་ཡང་སྔོན་གྱི་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པ་དང། རྗེས་སུ་བསྟན་བ་བགྱིས ་བ་ལས་བྱང་ཆུབ་སེམས་དཔའ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་སངས་རྒྱས་པར་གྱུར་ཏེ། དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་བ་དང། རྗེས་སུ་བསྟན་པ་ལ ་སོགས་པ་བགྱིས་ན་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དེའི་རིམ་པས་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་བར་འཚང་རྒྱ་བར་འགྱུར་ཞིང། དེ་ལྟར་བདག་གིས་བསྟན་ན་སྔོན་གྱི་འཕགས་བ་ཉན་ཐོས་དགྲ་བཅོམ ་པ་རྣམས་དང་སྤྱོད་པ་མཐུན་པར་སྤྱད་པས་སྔོན་གྱི་འཕགས་པ་རྣམས་ཀྱི་རྗེས་སུ་བསླབས་པ་ཉིད་བཀའ་དྲིན་དྲན་པར་བྱས་ཤིང། དྲིན་ལ་ལན་ལོན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་གདམས་པ་ནི་སྡིག་པ་མི་དགེ་བའི་ཆོས་ལ་སོགས་པ་བྱར་མི་རུང་བ་རྣཾས ་མ་བྱེད་ཅིག་ཅེས་དང་པོ་གདམས་པའོ། །རྗེས་སུ་བསྟན་པ་ནི་དགེ་བའི་ཆོས་འདི་དག་བྱོས་ཤིག་ཅེས་དགེ་བ་ལ་གཟུང་བའོ། །དགྱེས་པར་བྱས་པ་ནི་ནན་ཏན་དུ་སྦྲུབ་པའི་དམིགས་མི་ཤེས་པ་ལ་སྒྲུབ་ཅིང་སྒོམ་པའི་དམིགས་བསྟན་པས་དགའ་བར་བྱས ་པའོ། །ཡང་དག་པར་བསྐུལ་བ་ནི་སྒོམ་ཞིང་སྒྲུབ་པ་ལ་ཞུགས་པའི་ཚེ་ལུང་དང་མན་ངག་ལེགས་པར་མ་ཐོབ་པས་འཁྲུལ་ཅིང་ལོག་པར་སྒོམ་པ་ལས་མ་འཁྲུལ་ཅིང་ཡང་དག་པར་སྒོམ་པ་ལ་སྦྱོར་བའོ། །ལེགས་པར་གཟངས་བསྟོད་པ་ནི་ལེ་ལོ ་ལ་སོགས་པའི་སྐྱོན་གྱིས་སྒྲུབ་པ་དང། སྒོམ་པ་ལ་མི་བརྩོན་པ་རྣམས་སྤྲོ་བ་བསྐྱེད་ཅིང་བརྩོན་འགྲུས་རྩོམ་དུ་འཇུག་པའོ། །རབ་ཏུ་དགྱེས་པར་བྱས་བ་ནི། ལེགས་པར་སྒྲུབ་ཅིང་ཕྱིན་ཅི་མ་ལོག་པར་སྒོམ་པ་ལ་ལེགས་སོ་ཞེས་བསྟོད་ནས ་སྒོམ་པ་ལ་སྤྲོད་ཞིང་དགའ་བ་བསྐྱེད་པའོ། །བཀོད་པ་དང་ཞེས་བྱ་བ་ནི་དེ་ལྟར་བསྒྲུབས་ཤིང་བསྒོམས་པའི་ཐ་མ་འཕགས་པའི་ལམ་ལ་བཀོད་པའོ། །ཤིན་ཏུ་བརྟན་པ་བགྱིས་པས་ཞེས་བྱ་བ་ནི་ལམ་བསྒོམས་བའི་འབྲས་བུ་ཐོབ་བར ་བྱས་ཤིང་དེ་ལ་བརྟན་པར་གནས་པར་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨས་སོ། །ཀཽ་ཤི་ཀ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ ་ཟུང་ཞིག་དང། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང?་ཇི་ལྟར་མི་གནས་པར་བྱ་བ་བདག་གིས་བཤད་དོ་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས ་རབ་འབྱོར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་དྲིས་པའི་ལན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས ་པར་བྱ་བའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་པོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཆོས་མིང་གིས་སྨོས་པ་རྣམས་དོན་དམ་པར་དེ་དག་གི་རང་བཞིན་གྱིས་སྟོང་ལ། དེ་ལྟར་སྟོང་པར་རྟོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་བྱང་ཆུབ་སེམས་དཔའ་ཨི་ངོ་བོ་ཉིད་ཀྱིས ་སྟོང་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་སྟོང་པ་ཉིད་དང། བྱང་ཆུབ་སེམས་དཔའ་ཨི་སྟོང་པ་གང་ཡིན་པ་དེ་དག་སྟོང་བ་ཉིད་དུ་རོ་གཅིག་སྟེ་ཐ་མི་དད་པས་དེ་དག་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པར་རྟོགས་ཤིང ་གནས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ? ་དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གནས་པར་མི་བྱ་བ་ཡོངས་སུ་སྤང་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་བསྟན་པ་སྟེ། གནས་པར་མི་བྱ་བ་དང་གཟུགས་ལ་སོགས་པ་རྣམ་པ ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པའི་བར་གྱི་ཆོས་རྣམས་ལ་དམིགས་པའི་ཚུལ་གྱིས་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ནོ་ཞེས་བསྟན་པའོ། །དམིགས་པའི་ཚུལ་གྱིས་གཟུགས་ཞེས་བྱ་བ་གནས་བར་མི་བྱའོ? ་ཞེས་བྱ་བ་ནས། དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལ་དམིགས་པའི་ཚུལ་གྱིས་མི་གནས་པ་ཉིད་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ཀྱང་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་ཞིང་ཐོགས་པ་དང་བཅས་པའོ། །ཚོར་བའི་མཚན་ཉིད་ནི་བདེ་བ་དང། སྡུག་བསྔལ་མྱོང ་བའི་རང་བཞིན་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ཆོས་རྣམས་སོ་སོའི་མཚན་ཉིད་གང་ཡིན་པ་ལ་ཇི་ལྟར་རིགས་པར་སྦྱར་རོ། །དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱེ་བར་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ ་ནི་གཟུགས་ལ་སོགས་པའི་ཆོས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པ་བསྟན་པ་སྟེ། ཆོས?་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཡང་ཐམས་ཅད་ཤེས་པ་ཉིད ་ཀྱི་ཕྱོགས་སུ་གཏོགས་པ་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང་གསུམ་མོ། །དེ་ལ་དམིགས་པའི་ཚུལ་གྱིས་གཟུགས་རྟགS ་ཅེས་བྱ་བ་དང། མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི ་བར་དུ་ནི་ཐམས་ཅད་ཤེས་པ་ཉིད་ཕྱོགས་སུ་གཏོགས་པའི་ཆོས་ཉིད་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་ཞེས་བྱ་བ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཐེག་པ་ཆུང་དུ་འཚུལ་གྱིས ་ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱ་བའི་ཕྱིར། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་པ་ཐུག་གི་བར་གྱི་ཆོས་རྣམས་ལ་རྟག་པ་དང་མི་རྟག་པ་དང། བདེ་བ་དང་སྡུག་བསྔལ་པ་དང། བདག་དང་བདག་མེད་པ་དང་སྡུག ་པ་དང་མི་སྡུག་པ་དང་ཞི་བ་དང་མི་ཞ?་བ་དང། དབེན་པ་དང་མི་དབེན་པ་དང། སྟོང་པ་དང་མི་སྟོང་པ་དང། མཚན་མ་ཡོངས་པ་དང་མཚན་མ་མེད་པ་དང། སྨོན་པ་ཡོད་པ་དང་སྨོན་པ་མེད་པའི་ཆོས་ཉིད་དུ་དམིགས་པའི་ཚུལ་གྱིས་རྟོག་ཅིང ་གནས་ཏེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་གནས་པར་མི་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་འདུས་མ་བྱས་པ་ལས་གདགས་ཞེས་བྱ་བར་དམིགས་པའི ་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུས་མ་བྱས་པ་ལས་གདགས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ཡང་རྒྱུན་ཏུ་ཞུགས་པ ་ལ་སོགས་པའི་ཆོས་ཉིད་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་དང། རང་བྱང་ཆུབ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་རྣམས་ཀྱི་ཆོས་ཉིད་ནི་མྱ་ངན་ལས་འདས་པ་འདུས་མ་བྱས་པ་ཞེས་བྱ་བ་ལ་དམིགས་ཤིང་བསྒོམ་བསྒོམ་པ་ལས་རྒྱུན་ཏུ་ཞུགས་ལ་སོགས་པའི་འབྲས་བུ་ཐོབ་པར་གྱུར་པ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་འདུས་མ་བྱས་པ་ལ ་གདགས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །རྒྱུན་ཏུ་ཞུགས་པ་སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སྦྱིན་པའི་གནས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ཡང་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་ཆོས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པ་སྟེ། རྒྱུན་ཏུ་ཞུགས་པ ་དང། ལན་ཅིག་བྱར?་འོང་བ་དང། ཕྱིར་མི་འོང་པ་དང། དགྲ་བཅོམ་པ་དང། རང་བྱང་ཆུབ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ནི་སྦྱིན་པའི་གནས་ཡིན་ནོ་ཞེས་བྱ་བར་དམིགས་པའི ་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས ་སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོང་པར་བྱའོ་ཞེས་བྱར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་སྤྱོད་པ ་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་ལ་རིམ་པས་གནས་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བ་དང། བྱང་ཆུབ་ཀྱི་ཕྱོགས ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་འཇུག་པ་དང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱ་བ་དང། མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱ་བ་དང། སངས་རྒྱས་བཅོམ་ལྡན ་འདས་རྣམས་ལ་བསྙེན་བཀུར་བྱ་ཞིང་ཆོས་ཉན་པ་དང། ཆོས་ཐོས་པ་རྣམས་གཞན་ལ་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པར་འགྲོ་བར་བྱ་བ་དང། སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཅི་འདྲ་བ་དེ ་འདྲ་བ་ཉིད་དུ་ཡོངས་སུ་བསྒྲུབ་བྱ་བ་དང། སེམས་ཅན་རྣམས་བྱང་ཏུ་སྨིན་པར་བྱ་བ་དང། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་ལ་མེ་ཏོག་དང། ཕྲེང་བ་ལ་སོགས་པས་མཆོད་ཅིང་རིམ་གྲོར་བྱ་བ་དང། སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱས་ནས་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་རྣམ་པ་ཤེས་པ་ཐོབ་པར་བྱེད་པ ་དེ་དག་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །མིག་ལྔ་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ལ་དཔེ ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་སྒྲུབ་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་སྤྱོད་པ་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་?་སངས་རྒྱས་ཀྱི་ས་ལ་གནས་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྤྱན་ལྔ་སྒྲུབ་པ་དང། ཏིང་ངེ་འཛིན་རྣམས་སྒྲུབ་པ་དང། ཏིང་ངེ་འཛིན་རྣམས་ཀྱིས་རྣམ་པར་རྩེ ་བ་དང། གཟུངས་ཀྱི་སྒོ་རྣམས་སྒྲུབ་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པ་དང། ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཡོངས་སུ་བསྒྲུབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་དེ་དག་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །དད་པའི་རྗེས་སུ་འབྲང་པའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གང་ཟག་དང། བྱང་ཆུབ་སེམས་དཔའ་ཨི་གང་ཟག་དང། དེ་བཞིན ་གཤེགས་པའི་གང་ཟག་རྣམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པར་བསྟན་པ་སྟེ། དེ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང། ལམ་གྱི་རྣམ་པ་ཤེས ་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པར་རིག་པར་བྱའོ། །དེ་ལ་དང་པའི་རྗེས་སུ་འབྲང་པའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། རང་སངས་རྒྱས་སོ་ཞེས ་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་པའི་བར་དུ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གང་ཟག་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པ་སྟེ། དེ་ལ་དད་པའི་རྗེས་སུ་འབྲང་པ་ཞེས་བྱ་བ་ནི་ཉན་ཐོས་ཤེས་རབ་རྟུལ ་བོ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་ལ་བྱ་སྟེ། གང་ཟག་དེ་དབང་པོ་རྟུལ་བས་བདག་ཉིད་ཀྱི་བློས་རྟོགས་པ་ནི་མེད་ཀྱི། ལུང་ལས་ཐོབ་པ་བཞིན་དུ་དད་པས་འཐགས་པའི་ལམ་གྱི ་རྗེས་སུ་འཇུག་པས་ན་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་གང་ཟག་དབང་པོ་རྣོན་པོ་ལ་བྱ་བ་སྟེ། དེ་དག་དབང་པོ་རྣོ་བས་གཞན་གྱི་དྲིང ་ལ་མི་འཇོག་ཅིང་ཆོས་ཀི་ཚུལ་དང་མཐུན་པར་རིགས་པ་དང། སྦྱོར་བས་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །བརྒྱད་པ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའི་གང་ཟག་དགྲ་བཅོམ་པའི་འབྲས ་བུ་ནས་ཡས་པ་གྲངས་ན་རིམ་པ་བརྒྱད་ཀྱི་ཐ་མ་ལ་འབབ་པས་བརྒྱད་པ་ཞེས་བྱའོ། །རྒྱུན་ཏུ་ཞུགས་པ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་པོ་ཐོབ་པའི་གང་ཟག་ལ་བྱའོ། །དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱ་བ་ནི ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པའི་གང་ཟག་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ཟད་པས་མི་དང་ལྷའི་ནང་དུ་ལ་བྱའོ། །གཅིག་གིས་ཆོད་པའོ་ཞེས་བྱ་བ་ནི་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱའོ།། ་རིགས་ནས་རིགས་སུ་འགྲོ་བ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པའི་གང་ཟག་ལ་ལ་ཚེ་གཉིས་སམ་གསུམ་གྱི་བར་དུ་འཁོར་བ་ན་གནས་ཤིང་ལྷ་དང་མིའི་རིགས་བཟང་པོར་སྐྱེ་བ་ལ་བྱའོ། །གཅིག་གིས་ཆོད་པའོ་ཞེས་བྱ་བ་ནི ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ལན་ཅིག་ཕྱིར་འོང་པའི་འབྲས་བུ་ཐོབ་པར་བྱ་བ་ལ་སྐྱེ་བ་གཅིག་གིས་བར་ཚོད་པ་ལ་བྱའོ། །རྣམ་པ་གཅིག་ཏུ་ན་མྱ་ངན་ལས་འདས་པ་འཐོབ་པ་ལ་སྐྱེ་བ་གཅིག་གིས་བར་ཆོད ་པ་ལ་ཡང་བྱ་སྟེ། མྱ་ངན་ལས་འདས་པ་ལ་ཚེ་ཕྱི་མ་འབའ་ཞིག་གིས་ཐགས་པའོ་ཞེས་བྱ་བའི་དོན་ཏོ། །གང་ཟག་མགོ་མཉམ་པ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ཚེ་དང་ལས་དང་ཉོན་མོངས་པ་རྣམས་དུས་གཅིག ་ཏུ་མགོ་མཉམ་དུ་ཟད་ནས། ཐལ་བྱུང་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བ་ལ་བྱའོ། །ཚེ་ཟད་པའོ་ཞེས་འམ་ཉོན་མོངས་པ་ཟད་པའོ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་གད ་ཟག་ལ་ལ་ཚེ་དང་ཉོན་མོངས་པ་སྔ་ཕྱིར་ཟད་པར་འགྱུར་བ་ལ་བྱའོ། །རྒྱུན་ཏུ་ཞུགས་པ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ལན་ཅིག ་ཕྱིར་འོང་བའི་འབྲས་བུ་ཐོབ་དུ་ཉེ་བ་ལ་བྱའོ། །ལོག་པར་ལྟུང་བ་མེད་པའི་ཆོས་ཅན་ནོ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་གང་ཟག་ངན་སོང་གསུམ་དུ་ལྟུང་པའི་ལས་མི་བྱེད་ཅིང་སྔོན་ངན་སོང་གསུམ་དུ་ལྟུང་བའི་ལས་བྱས་པ ་ཡང་གཉེན་པོ་བསྒོམས་པས་ལས་དེའི་འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་པའི་ཆོས་ཅན་ལ་བྱའོ། །ལན་ཅིག་ཕྱིར་འོང་བ་སྟེ། འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་སྡུག་བསྔལ་མཐར་དབྱུང་ངོ་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་འབྲས ་བུ་མ་གནས་པའི་གང་ཟག་ལྷའི་འཇིག་རྟེན་ནས་མི་ཡུལ་གྱི་འཇིག་རྟེན་འདིར་མིའི་ནང་དུ་ལན་ཅིག་གཅིག་སྐྱེས་ནས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པ་ལ་བྱའོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱ་བ་ནི ་ལན་ཅིག་ཕྱིར་འོང་བའི་གང་ཟག་དེ་ཉིད། ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཏུ་ཉེ་བ་ལ། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱའོ། །ཕྱིར་མི་འོང་བ་སྟེ། དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། ཞེས་བྱ་བ་ནི་ཕྱིར་མི ་འོང་བའི་འབྲས་བུ་ལ་གནས་པའི་གང་ཟག་གང་དུ་སྐྱེས་པའི་གནས་དེ་ཉིད་དུ་ཆོས་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ལ་བྱའོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ། །ཞེས་བྱ་བ་ནི ་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའི་གང་ཟག་དེ་ཉིད་དགྲ་བཅོམ་པའི་འབྲས་བུ་ཐོབ་དུ་ཉེ་བའི་ཚེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཞེས་བྱའོ། །དགྲ་བཅོམ་པ་སྟེ། ཚེ་འདི་ཉིད་ལ་ཕུང་པོ་མ་ལུས་པའི་མྱ་ངན་ལས ་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །ཞེས་བྱ་བ་ནི་དགྲ་བཅོམ་པའི་གང་ཟག་དགྲ་བཅོམ་པའི་ཕུང་པོ་དེ་ཉིད་ལ་གནས་པའི་ཚེ། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་ནས་ཕུང་པོ་དེ་བོར་མ ་ཐག་ཏུ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདའ་བར་འགྱུར་བ་ལ་བྱའོ། །རང་སངས་རྒྱས་སོ་ཞེས་བྱ་བ་ནི་རང་སངས་རྒྱས་ལ་རྣམ་པ་གཉིས་ཏེ། འཁོར་དང་ལྷན་ཅིག་ཏུ་གནས་པ་དང། བསེ་རུ་ལྟར་གཅིག་པུ་ཡན་འགར་གནས ་པ་ལ་བྱ་སྟེ། དེ་ལྟ་བུའི་ཉན་ཐོས་དང། རང་སངས་རྒྱས་ཀི་གང་ཟག་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོནས་སུ་གཏོགས་པ་རྣམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས ་བསྟན་པའོ། །ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱིས་ལས་འདས་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་ལ་གནས་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་བྱ་བ་བྱས་ཏེ། འཇིག་རྟེན ་གྱི་ཁམས་ཚད་མེར་གྲངས་མེད་པར་སོང་སྟེ། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི ་གང་ཟག་ལ་གནས་པར་མི་བྱ་བ་བསྟན་པ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའ་རྣཾས?་ལ་བྱ་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་བསམ་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས ་བཟླས་ཏེ། བྱང་ཆུབ་སེམས་དཔའ་ཨི་ས་ལ་གནས་པར་བྱ་བ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་བྱ་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་བར་བྱ་བ་དང། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མངོན་པར ་རྫོགས་པར་སངས་རྒྱས་ནས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པར་བྱ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་དང། སངས ་རྒྱས་ཀྱི་བྱ་བ་བྱས་ཏེ། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་འགྲོ་བ་དང། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་པར་བྱ་བའི་སྤྱོད་པ་དང། བསམ་པ་དེ་ལྟ་བུ་དག་ལ་མཚན་མར་འཛིན་ཅིང་དམིགས་པའི་ཚུལ་གྱིས་གནས་པར་མི ་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་རྣམས་གང་ལ་སྙོམས་པར་ཞུགས་པས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ ་འཛིན་ལ་མཉམ་པར་གཞོག་གོ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ་གཏོགས་པའི་གང་ཟག་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་སུ ་གཏོགས་པའི་གང་ཟག་ཅེས་བྱ་བ་ཡང་སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་དབང་ཐོབ་པ་ལ་སོགས་པ་ལ་མཚན་མར་འཛིན་ཏིང་ངེ་འཛིན་ལ་དབང་ཐོབ་པ་ལ་སོགས་པ་ལ་མཚན་མར་འཛིན་ཅིང་དམིགས་པའི་ཚུལ་གྱིས་གནས ་པར་མི་བྱ་བ་བསྟན་པ་སྟེ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་རྣམས་གང་ལ་སྙོམས་པར་ཞུགས་པས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར ་གཞག་གོ་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པ་སྟེ། འདུན་པ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་ལ་གནས ་ཏེ། ཏིང་ངེ་འཛིན་ལ་དབང་དུ་གྱུར་པས་བསྐལ་པ་དུ་མར་ཡང་ཏིང་ངེ་འཛིན་ལས་ཉམས་པར་མི་འགྱུར་ཞིང་སེམས་ཅན་གྱི་དོན་ཀྱང་ལྷུན་གྱིས་གྲུབ་པ་ཉིད་དུ་མཛད་པར་འགྱུར་བ་དེ་ལྟ་བུའི་མཐུ་དང་ཡོན་ཏན་མངའ་བའི་གང་ཟག་སངས་རྒྱས ་བཅོམ་ལྡན་འདས་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །བདག་གི་ཚེ་ནི་ཚད་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཚེ་ལ་དབང་ཐོབ་པའི་ཡོན་ཏན་དེ་ལྟ་བུ ་ཐོབ་པར་བྱ་བ་ལ་ཡང་བྱང་ཆུབ་སེམས་དཔས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །བདག་གི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་མཚན་རེ་རེ་ཞིང་ཡང། བསོད་ནམས་བརྒྱས་ཡོངས་སུ་གྲུབ་པར་གྱུར་ཅིག་ཅེས་བྱ་བ ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལས་ཡང་རེ་རེ་ཡང་བསོད་རྣམས་ཀྱི་ཚོགས་ཆེན་པོའི་རྒྱུ་ལས་བྱུང་པར་གྱུར་པ་དེ་ལྟ་བུ་བདག་གིས་ཀྱང་ཐོབ་པར་འགྱུར ་ཅིག་ཅེས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བསྟན་པའོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་ཕྱེ་མ་སྙེད་ལ་རྒྱ་ཇི་ཙམ་ཡོད་པ་དང་ཞེས་བྱ་བ་ནས། ནུབ་བྱང་གི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྐྱེད་ལ་རྒྱ་ཚནད?་མ་ཡོད ་པ་དེ་ཙམ་ཡོད་ཀྱི་ཟག་གྱུར་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་བསྒྲུབ་པོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དེ་ལྟ་བུ་དག་གིས་གྲུབ་པར་གྱུར་ཅིག་ཅེས་དམིགས་པའི་ཚུལ་གྱིས ་གནས་པར་མི་བྱ་བ་བསྟན་པའོ། །བདག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེའི་རྒྱུ་ལས་གྲུབ་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བས་ནི་བདག་གི་སངས་རྒྱས་ཀྱི་ཞིནྔ་བདུད ་དང་པས་རྒོ་ལ་པ་ལ་སོགས་པས་སུན་མི་ཕྱིན་ཅིང་མི་ཤིགས་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གིས་གནས་པར་ནི་བྱའོ་ཞེས་བསྟན་པའོ། །བདག་གི་བྱང་ཆུབ་ཀྱི་ཤིང་ལས་དྲི་སེམས་ཅན་གང་གིས་ཚོར་ཡང་རུང་སྟེ། དེ་དག་ལ ་འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་གནོད་པ་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་བདག་ནམ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་འཚང་རྒྱ་བའི་ཚེ་བྱང་ཆུབ་ཀྱི་ཤིང་ལས་སྤོས་ཀྱི་དྲི་ཞིམ་པོ་བྱུང་པ ་སེམས་ཅན་གང་གིས་ཚོར་བའི་སེམས་ཅན་དེ་དག་ཀྱང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་གཅོད་པ་དང་བྲལ་ཞིང་བྱང་ཆུབ་ཀྱི་སྐལ་པ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བར་སྨོན་ལམ་དུ་གདབ་ཅིང་སྔོ་པ་ཡང་ཀུན་རྫོབ་ཏུ་བྱར་ཟད་ཀྱི། དོན་དམ་པར་དེ ་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །ཉན་ཐོས་ཀྱི་སེམས་དང། རང་སངས་རྒྱས་ཀྱི་སེམས་སྐྱེད་པར་མ་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དེའི་དི་ཚོར ་བའི་སེམས་ཅན་དེ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་སྐྱེད་པར་མ་གྱུར་ཅིག་ཅེས་སྨོན་ལམ་དུ་བཏགས་པ་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་དེའི་དྲི་ཚོར་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས ་སྨོན་ལམ་དུ་གདབ་པ་དེ་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །སེམས་ཅན་གང་དག་བྱང་ཆུབ་ཀྱི་ཤིང་གི་དྲི་དེ་ཚོར་བར་གྱུར་པ་དེ་དག་གི་ལུས་ཡིན?་སེམས་ལ་ནད་གང་ཡང་མེད་པར་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ ་གྱིས་གནས་པར་མི་བྱའོ་ཞེས་བྱ་བས་ནི་བདག་མངོན་པར་སངས་རྒྱས་བའི་ཚེའི་བྱང་ཆུབ་ཀྱི་ཤིང་དེའི་དྲི་ཚོར་བའི་སེམས་ཅན་དེ་དག་གིས་ལུ་སྣ་དང་སེམས་ལ་ནད་གང་ཡང་མེད་པར་གྱུར་ཅིག་ཅེས་སྨོན་ལམ་དུ་གདབ་པ་དེ་ལ་ཡང་དོན་དམ་པར་དམིགས ་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་བའོ། །བདག་གི་སངས་རྒྱས་ཀྱི་ཞིང་དང་གཟུགས་ཀྱི་སྒྲ་ཡོད་པར་མ་གྱུར་ཅིག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་སྒྲ་ཡོད་པར་མ་གྱུར་ཅིག་ཅེས ་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་?་དུ་ནི་བདག་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་དོན་དམ་པར་ཕུང་པོ་ལྔ་ལ་སོཌ་བ་སངས་རྒྱས་ཀྱི་ཐར་འབུ?་ཞི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས ་ལ་མཚན་མར་འཛིན་པའི་སྒོ་ནས་སྒྲ་ཡང་ཡོད་པར་མ་གྱུར་ཅིག་ཅེས་སྨོན་ལམ་དུ་གདབ་པ་དེ་ལ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་གང་དག་པར་རྫོགS ་བའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བས་ནི་གོང་དུ་ཆོས་ཐམས་ཅད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ ་བཤད་པའི་གཏན་ཚིགས་བསྟན་པ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་འགའ་ཞིག་དངོས་པོ་ཡོད་ཅིང་དམིགས་སུ་ཡོད་ན་ནི་དེ་དག་ལ་དམིགས་པའི་ཚུལ་གྱིས་གནས་པའི་ཡང་རིགས་ན་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་ཚེ་ཡང་དོན་དམ་པ་ཆོས་གང་ཡང་དངོས་པོ་ཡོད་པར་མི་དམིགས་ཏེ། དེའི་ཕྱིར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བསྟན་པའོ། །ཀོ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བས་ནི་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བའི་དོན་རབ་འབྱོར་གྱིས་མཇུག་བསྡུས་ནས་བརྒྱ་བྱིན་ལ་བསྟན་པ་སྟེ། དེ་ལྟར་ཆོས་ག་དྲལ?་ཡང་མི་གནས ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་འདི་སྙམ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་?་བྱ་སྙམ་པ་དང་ཞེས་བྱ ་བ་ནི་གོང་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གནས་པར་མི་བྱའོ་ཞེས་ཀྱང་བཤད་?་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་ཀྱང་བཤད་པ་སྟོང་པ་ཉིད་ལ་ནི་གནས་སུ་ཡང་མི་རུང་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས ་པར་བྱ་སྙམ་དུ་རྟོག་པར་གྱུར་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་སྨྲས་པ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ཇི་སྙམ་དུ ་སེམས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོས་པའི་སངས་རྒྱས་ཅི་ཞིག་ལ་གནས་ཞེས་བྱ་བ་ནི་ཅི་ལ་ཡང་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པར་བསྟན་པའི་ཕྱིར། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་དེ ་བཞིན་གཤེགས་པ་ཅི་ལ་གནས་ཤེས་དྲིས་པ་སྟེ། དེ་བཞིན་གཤེགས?་པ་དགྲ་བཅོཾ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་ཐུགས་སུ་ཆུད་ནས་ཆོས་གང་ལ་ཡང ་དམིགས་པའི་ཚུལ་གྱིས་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་གནས་པ་མ་ཡིན་ནོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པ་ཅི ་ཞིག་ལ་གནས་ཞེས། རབ་འབྱོར་གྱིས་དྲིས་བའི་ལན་ཤཱ་རིའི་བུས་བཏབ་པ་སྟེ། ཆོས་གང་ལ་ཡང་མི་གནས་སོ་ཞེས་བྱ་པའི་དོན་ཏོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ནི་མི ་གནས་བ་སྟེ་ཞེས་བྱ་བ་ནི་ཅི་ལ་ཡང་མི་གནས་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་གཤེགས་པའི་ཐུགས་ནི་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང། དམིགས་པའི་ཚུལ་གྱིས་གནས་པ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ལ་གཟུགས ་ལ་མི་གནས། ཚོར་བ་ལ་མི་གནས་ཤེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་གནས་སོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པའི་ཐུགས་ཅི་ལ་ཡང་མི་གནས་ཞེས་བྱ་བ་དེ་ཆོས་གང་དང་གང་ལ་མི་གནས་པའི་དམིགས ་བསྟན་པ་སྟེ། གཟུགས་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་ཆོས་དེ་དག་ལ་དེ་བཞིན་གཤེགས་པའི་ཐུགས་དམིགས་པའི་ཚུལ་གྱིས་མི ་གནས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྟེ་ཞེས་བྱ་བའི་བར་དུ་ནི་གནས་པ་དང་མི ་གནས་པའི་མཛའ་གཉིས་སྤང་བ་བསྟན་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་དེ་ལྟར་བྱའོ་ཞེས་བསྟན་པའོ། ་།གནས་པ་ཡང་མ་ཡིན་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། གནས་པར་བྱར་མི་རུང་བའི་ཕྱིར་རོ། །མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་བརྗོད ་ཅིང་གདགས་པ་ལ་སོགས་པ་ལ་གནས་པའི་ཕྱིར་མི་གནས་པ་ཡང་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོS་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ ་གནས་པར་བྱའོ་ཞེས་བྱ་བས་ནི་མཛའ་གཉིས་དང་བྲལ་བའི་དོན་གོང་དུ་བསྟན་པ་མཇུག་བསྡུས་ནས་བཤད་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་གནས་པ་དང། མི་གནས་པའི་མཛའ་གཉིས་སྤངS་ཏེ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་བསླབ་ཅིང་གནས་པར་བྱའོ་ཞེས་བསྟན་པའོ། །དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཚིག ་གིས་ཐོག་ཏུ་མི་ཕེབས་ཤིང་བརྗོད་དུ་མེད་པ་ཡིན་པར་བསྟན་པ་སྟེ། གང་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་ཚིག་དང། གནོད་སྦྱིན་གྱི་སྐད་དང། གནོད་སྦྱིན་གྱི་སྒྲ་དང། གནོད་སྦྱིན་གྱི་བརྗོད་པ་དེ་དག་ནི་སྨྲས་པ་གྱུར་ན་ཤེས་པར་རུང་།གང ་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང། བརྗོད་པ་དང། སྟོན་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། གཏན་ལ་དབབ་པར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་ཞེས་བྱ་བས་ནི་ཆོས་ཐཾས་ཅད ་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངས་པ་ཡིན་པས། དེ་ལྟར་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ་ཞེས་རབ་འབྱོར་གྱིས་བཤད་པའི་འཁོར་གྱི་ནང་ནས་ལྷའི་བུ་ཁ་ཅིག་གིས ་ཐོས་ནས་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་པའི་ཚིག་ཟབ་ཅིང་རྟགས་པར་བྱ་དཀའ་ཨོ་སྙམ་དུ་རྟོག་པར་གྱུར་པ་སྟེ། གནོད་སྦྱིན་གྱི་ཚིག་དང། གནོད་སྦྱིན་གྱི་སྐད་ལ་སོགས་པ་མིའི་ཚིག་དང་སྐད་མ་ཡིན་པ་རྣམས་ཀྱང ་བསླབས་ན་ལོབས་ཤིང་ཤེས་པར་རུང་གི་།ཅི་ལ་ཡང་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ནོ་ཞེས་བཤད་པ་དང། ཆོས་ཐམས་ཅད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་རབ་འབྱོར་གྱིས ་བཤད་པའི་ཚིག་གི་དོན་ཤེས་པར་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་གང་སྨྲས་པ་དེ ་ཤེས་པར་མི་རུང་དམ་ཞེས་བྱ་བ་ནི་གོང་དུ་ལྷའི་བུ་དག་རྟོག་པ་སྐྱེས་པ་དེ་ཚིག་ཏུ་མ་སྨྲས་ཀྱང་རབ་འབྱོར་གྱིས་སེམས་ཀྱིས་རྟོགས་ནས་ཅི་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་པའི་ཚིག་དེ་དག་ཤེས་པར་མི་རུང་ངམ་ཞེས ་སླར་རྟག་ཅིང་དྲིས་པའོ། །ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་དོན་རབ་འབྱོར་འཆད་དུ་གཞུག་པའི་ཕྱིར་སྨྲས་པའོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དེ་དག་ནི་འདི ་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་ཀྱིས། གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ། །གང་ཐོས་པ་རྨི་རུང་བ་དེ་ནི་ཤེས་པར་མི་རུང་ངོ་ཤེས་པར་མི་རུང་ངོ་ཞེས་བྱ་བ་ནི་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི་སེམས་ཅན་རྣམས་བཀྲི་ཞིང་དྲང་བའི་ཕྱིར་ཀུན་རྫོབ་ཏུ ་ཚིག་དང་ཡི་གེ་རྣམས་ཀྱིས་སྒྲོ་བཏགས་ཏེ་བཤད་པར་ཟད་ཀྱི། དོན་དམ་པར་ནི་ཚིག་དང་ཡི་གེ་བརྗོད་པས་ཐོག་ཏུ་ཕེབས་པར་མི་འགྱུར་པའི་ཕྱིར་ཡེ་གེ་གཅིག་ཀྱང་མ་བརྗོད་དེ། དེ་ལྟར་ཚིག་དང་ཡི་གེར་མ་བརྗོད་པ་དེ་ཐོས་པ་དང་ཤེས་པར་ཡང ་མི་རུང་ངོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ། དེ་ལ་སུ་ཡང་སྟོན་པ་དང། ཉན་པ་དང་ཤེས་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་ཡི་གེ་གཅིག་ཀྱང་མ་བརྗོད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚིག་དང་ཡི་གེའི་རང་བཞིན་ཡང་མ་ཡིན་ལ། ཚིག་དང་ཡི་གེས་བསྟན་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལྟའི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྣམས་ཀྱི་བྱང་ཆུབ་ནི་ཡི་གེ་མེད་པའོ་ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིག་དང་ཡི་གེའི་རང་བཞིན་མ་ཡིན་པ་དང་ཚིག་དང་ཡི་གེས་བསྟན་དུ་རུང་བའི་གཏན་ཚིགས་བསྟན་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱང་ཚེག་དང་ཡི་གེའི་རང ་བཞིན་ཡང་མ་ཡིན་ལ། ཚིག་དང་ཡི་གེས་བསྟན་པས་ཐོག་ཏུ་ཕེབས་པ་ཡང་མ་ཡིན་གྱི། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་རང་བཞིན་ཡིན་པའི་ཕྱིར་དོན་དམ་པར་ཡི་གེ་གཅིག་ཀྱང་མ་བརྗོད་དོ་ཞེས་བསྟན་པའོ། །ལྷའི་བུ་དག ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པྲ་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་བ་ཞིག་སྤྲུལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སྤྲུལ་པ་དང་རྨི་ལམ་དང་སྒྲ་བརྙན་དང་སྒྱུ་མའི་དཔེ་དོན་དམ་པར་ཆོས་ཐམས་ཅད་ཚིག་དང ་ཡི་གེས་བསྟན་ཅིང་བརྗོད་དུ་མེད་པ་བསྟན་པའོ། །དེ་ནས་ལྟའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱིས་གནས་བརྟན་རབ་འབྱོར་འདི་ནི་གསལ་བར་བྱེད་པ་སྟེ་ཞེས་བྱ་བ་ནི། སྤྲུལ་བ་ལ་སོགས་པའི་དངོས་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཚིག་དང་ཡི་གེས་བརྗོད་ཅིང་བསྟན་པ་དང། ཐོག་ཏུ་མི་ཕེབས་པ་བཤད་པས་ལྷའི་བུ་རྣམས་མགུ་ནས་གནས་བརྟན་རབ་འབྱོར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གསལ་བར་སྟོན་པའོ་ཞེས་རབ་འབྱོར་ལ ་བསྟོང་པའོ། །ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་བྱེད་ཀྱང་ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་གོ་ཞེས་བྱ་བ་ནི་དེ་ལྟར་གསལ་བར་བྱེད་དུ་ཟིན་ཀྱང་ཤེས ་རབ་རྣོ་ལ་བློ་ཟབ་ཅིང་ཕྲ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཤིན་ཏུ་ཟབ་བ་སྟོན་ཅིང་ཤིན་ཏུ་ཕྲ་བ་ལ་འཇུག་གོ་ཞེས་བསྟོད་པ་སྟེ། ཟབ་པ་བས་ཀྱང་ཤིན་ཏུ་ཐབ་པ་སྟོན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་ཅིང་གཏིང ་དཔག་དཀའ་བ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་རྟོགས་པར་མི་ནུས་པ་གཞན་ལ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཕྲ་བ་ལ་བརྟག་དཀའ་བ་རྣམ་པར ་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བ་ལ། སོ་སོ་རང་གིས་རིག་པའི་ཚུལ་དུ་བདག་གི་བློ་འཇུག་གོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ཏེ། ་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ལྷའི་བུ་རྣམས་འཕགས་པ་རབ་འབྱོར་འདི་ནི་ཤིན་ཏུ་ཟབ་པ་སྟོན་ཅིང། ཤིན་ཏུ་ཕྲ་བ་ལ་འཇུག་གོ་སྙམ་དུ། ་སེམས་ཤིང་རྟོག་པ་ཚིག་ཏུ་མ་སྨྲས་ཀྱང། རབ་འབྱོར་གྱིས་སེམས་ཀྱིས་ཤེས་ནས་ཟབ་ཅིང་ཕྲ་བ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་ཅིང་བརྗོད་དུ་མེད་པ་ཡིན་པར་བསྟན་པ་སྟེ། ཟབ་ཅིང་ཕྲ་བ་ཞེས་བྱ་བ་ཞིག་ཡོད་ན་ནི་གཟུགས་ལ་སོགས་པ་འཇིག ་རྟེན་གྱི་ཆོས་རྣམས་སམ་།ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤིག་ཡིན་གྲང་ན། གཟུགས་ཀྱི་ཕུང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས ་སྟོང་སྟེ། གང་རང་བཞིན་གྱིས་སྟོང་པ་དེ་ནི་ཟབ་པ་ཡང་མ་ཡིན། ཕྲ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཆོས་བསྟན་པ་འདི་ལ་ནི་གཟུགས་སུ་བཏགས་པ་མེད་དེ་ཞེས་བྱ་བ་ལ་སོགས ་པ་ནི་གོང་དུ་སྤྲུལ་པ་ལ་སོགས་པའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་སུས་ཀྱང་བསྟན་པ་མེད། སུས་ཀྱང་ཐོས་པ་མེད་དོ་ཞེས་བཤད་པ་དང། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཟབ་པ་ཡང་མ་ཡིན་ཕྲ་བ་ཡང་མ་ཡིན ་པར་བཤད་པ་འཁོར་གྱི་ནང་ན་འཁོད་པའི་ལྷའི་བུ་དེ་དག་གིས་ཐོས་ནས་དེ་ལྟར་ཆོས་ཐམས་ཅད་སྨྲ་བསམ་ལས་འདས་ཏེ་བརྗོད་དུ་མེད་པ་ཡིན་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་པ་འདི་ལ། །གཟུགས་ལ་སོགས་པ་ནས་སངས ་རྒྱས་དང་བྱང་ཆུབ་དང། ཡི་གེ་རྣམས་སུ་ཡང་བཏགས་པ་མེད་དམ་ཅི་སྙམ་དུ་སེམས་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བདེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི ་བྱང་ཆུབ་ནི་བརྗོད་དུ་མེད་དོ། །སྨྲར་མེད་དོ། །དེ་ནི་སུས་ཀྱང་བསྟན་པ་མདོ་སུས་ཀྱང་ཐོས་པ་མེད་དོ། །སུས་ཀྱང་ཤེས་པ་མེད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་གང་ཡིན་པ་དེ་དོན་དམ་པར་ཆོས་གང་གི་རང་བཞིན་ཡང་མ ་ཡིན་པས་ཚིག་དང་ཡི་གེ་ལ་སོགས་པར་བརྗོད་ཅིང་བསྟན་དུ་ཡང་མེད་ལ། ཚིག་དང་ཡི་གེ་ལ་སོགས་པའི་སྒོ་ནས་སུས་ཀྱང་ཐོས་ཤིང་ཤེས་པར་བྱར་རུང་བ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་དོན ་དམ་པར་བྱང་ཆུབ་ཀྱི་རང་བཞིན་དང་ཐ་མི་དད་པས་གཟུགས་ལ་སོགས་པར་བཏགས་པ་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་དེ་ལྷ་བས་ན་ལ་ལ་ཞིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་ཅིང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བར ་འདོད་ན་ཡང་བཟོད་པ་འདི་ལ་མི་རྟེན་དུ་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང། རང་བྱང་ཆུབ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་གཟུགས་ལ་སོགས་པའི་ཆོས ་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པས་སྨྲ་བསམས་ལས་འདས་ཤིང་ཐ་སྙད་དུ་གདགས་པའི་བཟོད་པ་འདི་ལ་མ་བརྟན་པར་ཐེག་པ་གསུམ་གྱི་འབྲས་བུ་ཐོབ་པར་མི་འགྱུར་གྱི། ཆོས་ཟབ་མོ་རྟོགས་པའི་བཟོད་པ་འདི་ལ་བརྟེན་ན་གདོད་ཐེག་པ ་གསུམ་གྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བསྟན་པའོ། །ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པས་ན་བརྗོད་པ་དང་མཉན་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས ་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱི་ཆོས་ཐམས་ཅད་སྨྲ་བསམས་ལས་འདས་ཤིང་ཚིག་དང་ཡི་གེར་བྲལ་བར་རྟོགས་ཏེ། མཚན་མ་གང་ལ་ཡིད་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་གྱིས། སེམས་དང ་པོ་བསྐྱེད་ནས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཅོ་ལྔ་པའོ།། །།དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར ་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་ཞེས་བྱ་བ་ནི་སེམས་དང་པོ་བསྐྱེད་པ་ནས་བརྗོད་པ་དང་མཉན་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་བར་བྱའོ་ཞེས་གོང་དུ་རབ་འབྱོར་གྱིས་བཤད ་པ་ལྟའི་བུ་རྣམས་ཀྱིས་ཐོས་ནས་དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ནོ། །ཆོས་འཆད་པ་དང་ཆོས་ཉན་པ་ཡང་མེད་པས་ཆོས་བཤད་པ་ཡང་མེད་པ་འགྱུར་ན། གནས་བརྟན་རབ་འབྱོར་གྱི་ཆོས་བཤད་པ་རྣམ་པ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར་སྙམ ་དུ་ཐེ་ཚོམ་སྐྱེས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱི་སེམས་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཡོངས་སུ་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བདག་གི་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་སྟེ། ལྷའི་བུ་དག་བདག ་ལ་ཆོས་ཉན་པ་ཡང་སྒྱུ་མ་ལྟ་བུར་བཙལ་བར་བྱའོ་ཞེས་བྱ་བ་ནི་ཆོས་སྟོན་པ་དང། ཆོས་ཉན་པ་དང། ཆོས་བཤད་པར་བྱ་བ་རྣམས་ནི་ཀུན་རྫོབ་ཏུ་བརྗོད་པར་ཟད་ཀྱི། དོན་དམ་པར་དེ་དག་ཐམས་ཅད་ཀྱང་དངོས་པོ་མེད་།དངོས་པོ་མེད་པ་ལས་ཡོད་པ ་ལྟ་བུར་སྣང་བ་ནི་སྒྱུ་མ་ལྟ་བུ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ། ལྷའི་བུ་དག་བདག་གི་ཆོས་བསྟན་པ་ནི་སྤྲུལ་པ་ལ་བྱ་སྟེ། བདག་ལ་ཆོས་ཉན་པ་ཡང་སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེ་དག་ནི་ཅི་འང་ཉན་པ་མེད་ཅིང་མངོན་དུ་བྱེད་པ་མེད་དོ་ཞེས་བྱ ་བ་ནི་སྟོན་པ་དང་ཉན་པ་དང་བཤད་པར་བྱ་བ་གསུམ་ཆར་དོན་དམ་པར་ཡོད་པ་མ་ཡིན་པའི་དཔེ་སྤྲུལ་པ་ལས་བླངས་ནས་བསྟན་པ་སྟེ། དེ་དག་ནི་?་ཉན་པ་མེད་ཅིང་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱིས་མཉན་པ་མེད་དོ་ཞེས་བསྟན་པའོ། །མངོན་དུ་བྱེད ་པ་མེད་དོ་ཞེས་བྱ་བ་ནི་བསྒོམས་པའི་ཤེས་རབ་ཀྱིས་འབྲས་བུ་མངོན་སུམ་དུ་བྱས་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནས་ལྟའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་སྟེ། ་ཆོས་ཉན་པ་དེ་དག་སྒྱུ་མ་ལྟ་བུ་ཡིན་ནམ་སེམས་ཅན་དེ་དག་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུ་ཡིན་ནམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང། སྤྲུལ་པ་ལྟ་བུ་དང། རྨི་ལམ་ལྟ་བུ་ཡིན་པར་འཆད་དུ ་གཞུག་པའི་སྐབས་དབྱེ་བའི་ཕྱིར་ཆོས་ཉན་པའི་སེམས་ཅན་དེ་དག་དང། བཤད་པར་བྱ་བའི་ཆོས་དེ་དག་ཀྱང་སྒྱུ་མ་དང་སྤྲུལ་པ་ལྟ་བུ་ཡིན་ནམ་ཞེས་ལྷའི་བུ་རྣམས་ཀྱིས་རབ་འབྱོར་ལ་དེས་པའོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ནོ། །དེ་དེ ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ་ཆོས་ཉན་པ་དེ་དག་སྒྱུ་མ་ལྟ་བུའོ། །སེམས་ཅན་དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ནི་སྒྱུལ་པ་སྟ་བུའོ་ཞེས་བྱ་བ་ནི་གོང་དུ་ལྷའི་བུ་རྣམས་ཀྱིས་དྲིས་པའི་དོན་དེ་ལྟ་བུ་ཡིན་ནོ་ཞེས་རབ ་འབྱོར་གྱིས་ལན་བཏབ་བའོ། །ལྟའི་བུ་དག་སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་གཟུགས་?་མིའི་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ནས། ལྷའི་བུ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་བྱ ་བའི་བར་དུ་ནི་ཆོས་སྟོན་པ་དང། ཉན་པ་དང་བཤད་པར་བྱ་བའི་ཆོས་རྣམས་འབའ་ཞིག་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ཡིན་པར་མ་ཟད་ཀྱི། ཕུང་པོ་ལྔ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་འཇིག་རྟེན་དང། འཇིག ་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་དང། སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར ་བཤད་ན་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་དམ་ཞེས་བྱ་བ་ནི་ཐེག་པ་ཆུང་དུ་བ་ལ་སོགས་པ་ཁ་ཅིག་མྱ་ངན་ལས་འདས་པ་དངོས་པོ་ཡོད་པར་འཛིན་པ་བསལ་བའི་ཕྱིར་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ་ལྷའི་བུ་དག་བདག་ནི་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུར་སྨྲས་ཏེ། དེ་བས་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ལ་བདྡག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས ་བྱ་བ་བཤད་ཅིང་བརྗོད་པ་ནི་ཀུན་རྫོབ་ཏུ་ཐ་སྙད་ཙམ་དུ་བཏགས་པར་ཟད་ཀྱི། དོན་དམ་པར་མྱ་ངན་ལས་འདས་པ་ཞེས་བྱ་བ་དངོས་པོ་ཡོད་པར་མ་གྱུར་ཏེ། དངོས་པོ་མེད་པ་ལས་ཡིད་པ་སྐད་དུ་བཤད་པ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུར་མངོན་ནོ་ཞེས་བྱ་བའི་དོན་ཏོ ་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་དེ་ལ་བདག་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ་ཞེས་བྱ་བ་ནི་ལ་དོར་བའི་ཚིག་སྟེ། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ལྟ་མེད་མོད་ཀྱི། ་གལ་ཏེ་བརྒྱ་ལ་དེ་ལྟ་བུ་ཞིག་ཡོད་ན་དེ་ཡང་ཀུན་རྫོབ་ཏུ་ཡོད་པར་བཏགས་སུ་ཟད་ཀྱི། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ན་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི ་ལྟར་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང། མྱ་ངན་ལས་འདས་པ་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་དང་སྒྱུ་མ་དག་ཡང་དག་པར་ཡོད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་རྗོད་བཙམ་དུ ་ཟད་ཀྱི། དོན་དམ་པར་དངོས་པོ་མེད་པ་ཡིན་ཏེ། དེ་བས་ན་རྨི་ལམ་སྲུངས་ཆེན་པོ་དང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མས། པོ་མེད་པར་རོ་གཅིག་པས་ཐ་དང་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་ནས་ཆ་དང་ལྡན་པ་ཤཱ་རདྭཱ་རིའི་བུ་དང། ཚེ་དང ་ལྡན་པ་མོངྒལ་གྱི་བུ་ཆེན་པོ་དང། ཚེ་དང་ལྡན་པ་མཛོད་ལྡན་ཆེན་པོ་དང། ཚེ་དང་ལྡན་པ་ཀ་ཏའི་བུ་ཆེན་པོ་དང། ཚེ་དང་ལྡན་པ་བྱམས་གང་གི་བུ་དང། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མས། ཚེ་དང་ལྡན་པ་རབ ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ་འདི་ལྟར་གསལ་བ། འདི་ལྟར་ཕྲ་བ། འདི་ལྟར་བཟང་བ ་འདི་ལ་སུ་དག་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུར་ཟབ་ཅིང་རྒྱ་ཆེ་བ་འདི་ཀུན་རྫོབ་ཏུ་སུ་དག་ཡིད་ཆེས་པར་འགྱུར་བ་དང། དོན་དམ་པར་སུ་ཡང ་ཡིད་ཆེས་པར་འགྱུར་བ་མེད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་འཕགས་པ་ཉན་ཐོས་ཆེན་པོ་དགྲ་བཅོམ་བ་རྣམས་དང། བྱང་ཆུབ་སེམས་དཔའ་མང་པོ་རྣམས་ཀྱིས་རབ་འབྱོར་ལ་དྲིས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་ལྟར་ཟབ་པ་ཞེས་བྱ་བ་ནི་ཐེག་པ་ཆུང་དུ་པ་བློ་ཞན་ཏེ་མ་དང། མུ་སྟེགས་ཅན་བདག་ཏུ་ལྟ་བའི་རྟ་བའི་རྩིད?་དགེ་མ་རྣམས་ཀྱི་བློས་གཏིང་དཔག་དཀའ་བའི་ཕྱིར་ཟབ་པའོ། །འདི་ལྟར་བལྟ་དཀའ་བ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་རབ ་ལྔའི་ཡུལ་མ་ཡིན་པའི་ཕྱིར་ལྟ་དཀའ་བའོ། །འདི་ལྟར་རྟོགས་པར་དཀའ་བ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་ཨོ། །འདི་ལྟར་ཞིབ་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད ་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །འདི་ལྟར་གསལ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་ལ་མཁས་ཤིང་གསལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་གསལ་བའོ། །འདི་ལྟར་ཕྲ་བ་ཞེས་བྱ་བ་ནི་རྣམ་པར་རྟོག ་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཕྲ་བའོ། །འདི་ལྟར་བཟང་བ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་བཟང་བའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཉན་ཐོས་ཆེན་པོ་དེ་དག་དང། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་དཀའ་བ?་ལྟར་བརྟག་པའི་སྤྱོད ་ཡུལ་མ་ཡིན་པ་འདི་ལྟར་ཕྲ་བ། འདི་ལྟར་གསལ་བ་འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་བཟང་བ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་ཤིང་ཤེས་རབ་རིག་བར་བྱ་བ་འདས་ཡིད་ཆེས་པར ་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཏུ་ཕྱིན་པའི་དོན་འདི་ཟབ་ཅིང་རྒྱ་ཆེ་བ་དེ་ལ། ས་བརྒྱད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཡིད་ཆོས་པར་འགྱུར་ཞེས་བསྟན་པ་སྟེ། ཟབ་པ་དང་པར་བ་དང་གསལ་བ་དང་བལྟ་ཨདཀའ་ ་བ་དང། རྟོགས་བར་དཀའ་བ་དང། ཞི་བ་དང་བཟང་པའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །འོད་ལྟར་རྟག་དཀའ་བ་ཞེས་བྱ་བ་ནི་སོ་སོ་རང་གི་རིག་པ་ཡིན་པའི་ཕྱིར་བརྟག་དཀའ་བའོ། །འདི་ལྟར་བརྟག་བའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་སེམས་ཀྱིས ་བསམ་པས་ཐོག་ཏུ་མི་ཕེབས་པའི་ཕྱིར་བརྟག་པའི་སྤྱོད་ཡུལ་མ་ཡིན་པའོ། །འདི་ལྟར་ཤིན་ཏུ་འཕགས་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་འགྱུར་བའི་གནས་ཀྱི་མཆོག་ཡིན་པའི་ཕྱིར་ཤིན་ཏུ་འཕགས་པའོ། །འདི་ལྟར ་མཁས་ཤིང་ཤེས་པས་རིག་པས་བྱ་བ་ཞེས་བྱ་བ་ནི་མཚན་མར་འཛིན་ཅིང་རྟོག་པ་དང་བཅས་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་གྱི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཁས་ཤིང་ཤེས་པ་རྣམས་ཀྱིས་ཐོག་ཏུ་ཕེབS ་ཤིང་རིམ་པར་བྱ་བ་ཡིན་པའི་ཕྱིར་མཁས་ཤིང་ཤེས་པས་རིག་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེ་ལྟར་བུར་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་མ་ཡིད་ཆེས་པ་མེད་པ་མ་ཡིན་གྱི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ ་རྣམས་དེ་ལ་ཡིད་ཆེས་པར་འགྱུར་རོ་ཞེས་བསྟན་པའོ། །བདེན་པ་མཐོང་བའི་གང་ཐག་པ་འམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པ་འམ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ཀྱི་ནང་ན་ཡང་རྒྱུན་ཏུ་ཞུགས ་པ་ལ་སོགས་པ་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང། འཕགས་པ་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། ཁུར་བོར་བ་རྣམས་ལས་ཀྱང་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྒྱ་ཆེ་བ་འདི་ལ་ཡིད ་ཆེས་པར་འགྱུར་བ་དག་ཡོད་དོ་ཞེས་བྱ་བ་དང་སྦྱར་རོ། །སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་སེམས་ཅན་སངས་རྒྱས་བྱེ་བ་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་སྐྱེད་པ་དག་དང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ནང་ན་ཡང་ཚེ་རབས་སྔ་མ་ལ་སངས་རྒྱས་མང་པོ ་ལ་བསྙེན་བཀུར་བྱས་ཤིང། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉན་པའི་འཕྲོ་ཡོད་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་རྒྱ་ཆེ་བ་འདི་ལ་ཡིད་ཆེས་ནས་དད་ཅིང་ཉམས་སུ་ལེན་པ་ཡང་ཡོད་དོ་ཞེས་བྱ་བའི་དོན་ཏོ། །རིགས་ཀྱི་བུ་དང་རིགས་ཀྱི ་བུ་མོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་གང་ཞེས་བྱ་བ་ནི་སོ་སོའི་སྐྱེ་པོའི་ནང་ནས་ཁ་ཅིག་སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པའི་ལས་ཀྱི་འཕྲོ་མེད་ཀྱང་ཚེ་འདི་ཉིད་ལ་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཡོན་ཏན ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་ཅིང་བརྟག་དཀའ་བ་ལ་ཡིད་ཆེས་ཤིང་སྤྱོད་པར་འགྱུར་བ་ཡོད་དོ་ཞེས་བསྟན་པའོ། །དེ་དག་ནི་གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་སྟོང་པ་ཉིད་གཟུགས་ཞེས་བྱ་བར་རྣམ་པར ་རྟོག་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་བདེན་པ་མཐོང་བ་དང། དགྲ་བཅོམ་པ་དང་སོ་སོའི་སྐྱེ་བོ་སྔོན་གྱི་བསོད་ནམས་ཀྱི་འཕྲོ་ཡོད་པ་དང། སོ་སོའི་སྐྱེ་བོ་དགེ་བའི་བཤེས ་གཉེན་གྱིས་ཡོངས་སུ་ཟིན་པ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་ཅིང་བརྟག་དཀའ་བ་ལ་དད་ཅིང་ཡིད་ཆེས་པར་འགྱུར་བ་ཡང་ཀུན་རྫོབ་ཏུ་དད་ཅིང་ཡིད་ཆེས་པར་འགྱུར་དུ་ཟད་ཀྱི་དོན་དམ་པར་ནི་གཟུགས་ལ་སོགས་པའི་ཆོས་གང ་ལ་ཡང་དངོས་པོར་འཛིན་ཅིང་རྣམ་པར་རྟོག་པར་འགྱུར་བ་མེད་དོ་ཞེས་བསྟན་པ་སྟེ། སྐབས་འདིར་ཡང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། ་ཞི་བ་དང། དབེན་པར་རྣམ་པར་རྟོག་པར་མི་འགྱུར་ལ། སྟོང་པ་ཉིད་ལ་སོགས་པ་དེ་དག་ཀྱང་གཟུགས་ལ་སོགས་པ་ཡིན་པར་རྣམ་པར་རྟོག་པར་མི་འགྱུར་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། ་སྨོན་པ་མེད་པ་དང། སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། དབེན་པ་རྣམས་ཀྱང་གཟུགས་ལ་སོགས་པ་ཡིན་པར་རྣམ་པར་རྟོག་པར་མི་འགྱུར་བ་ནི་དོན་དམ་པར་དེ་དག་ཐམས་ཅད་དངོས་པོ་མིང་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ ་ལ། སྟོང་པ་ཉིད་ལ་སོགས་པའི་ཆོས་བདུན་དང་སྦྱར་ཏེ། ཇི་ལྟར་བཤད་པ་དེ་བཞིན་དུ་མིག་ལ་སོགས་པ་ཕྱི་ནང་གི་སྐྱེ་མཆོད་བཅུ་གཉིས་དང། རྣམ་པར་ཤེས་པ་དྲུག་དང། འདུས་ཏེ་རེག་པ་དྲུག་དང། རེག་པ་ལས་བྱུང་བའི་ཚོར་བ་དྲུག་དང། ་སའི་ཁམས་ལ་སོགས་པ་ཁམས་དྲུག་དང། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང། ཕ་རོལ་ཏུ་ཕྱིན་པ་དྲུག་དང། སྟོང་པ་ཉིད་བཅོ་བརྒྱད་དང། དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང ་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར ་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། མངོན་པར་ཤེས་པ་རྣམས་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང། ས་སོ ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དང། རང་བྱང་ཆུབ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་དང། རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་དང། འདུས་བྱས་ཀྱི་ཁམས་དང། འདུས་མ་བྱས་ཀྱི་ཁམས་ལ་ཐུག་གི་བར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ལྷའི་བུ་དག་རྣམ་གྲངས་འདིས་ན་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་ཟབ་པ། དེ་ལྟར་བརྟག་ཏུ་མི་རུང་བ། དེ་ལྟར་བརྟག་ཏུ་མི་རུང་བའི་སྤྱོད་ཡུལ། དེ་ལྟར་ཕྲ་བ། དེ་ལྟར་གསལ་བ། དེ་ལྟར་བལྟ་དཀའ་བ་དེ་དེ་ལྟར་རྟོགས་པར་དཀའ་བ། དེ་ལྟར་ཞི་བ། དེ་ལྟར་ཤིན་ཏུ་འཕགས་པ ་དེ་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་དེ་ལ་ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དེ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པར་མི་འགྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་བརྟག་དཀའ་བ་འདི་ཡང་དོན་དམ་པར ་རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་དོན་དམ་པར་ཡིད་ཆེས་པར་བྱེད་པ་སུ་ཡང་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་བྱ་བ་ནི་རྣམ་པར་རྟོག་པར་མི་འགྱུར་ཞིང། ཡིད་ཆེས་པར ་མི་བྱེད་པ་སུ་ཡང་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆོས་གང་ཡང་མདོར་བརྗོད་པ་ཡང་མེད། ཞིང་ཏུ་བཤད་པ་ཡང་མེད་པའི་ཕྱིར། ཡིད་ཆེས་པར་བྱེད་པ་སུ་ཡང་མདོ་ཞེས་བྱ་བའི་དོན་ཏོ། །ཇི ་ལྟར་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་པ་དེ་བཞིན་དུ་འདི་ལ་སེམས་ཅན་གང་ཡང་ཡིད་ཆེས་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་ཡིད་ཆོས་པར་བྱ་བའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་བསམ་བརྗོད་མ་བཤད་པ་དེ་བཞིན་དུ་ཡིད་ཆེས ་པར་བྱེད་པའི་སེམས་ཅན་ཡང་དོན་དམ་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ ་པོ་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་ཆེར་རྣམ་པར་མ་བཀོད་དམ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རབ་འབྱོར་གྱིས་འདི་ལ་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་སྨྲས ་ཏེ། ཆོས་སྟོན་པ་དང། ཉན་པ་གཉིག་མེད་པར་བསྟན་པ་གཞུང་ལས་ནི་ཐེག་པ་གསུམ་ལ་སོགས་པ་རྒྱ་ཆེར་རྣམ་པར་བཀོད་ཅིང་བཤད་ལ། རབ་འབྱོར་གྱིས་ནི་ཆོས་གང་ཡང་མ་བརྗོད་མ་བཤད་དོ་ཞེས་སྨྲས་པ་གཞུང་དང་འགལ་བའི་གལ་གཟུང་སྟེ་དྲིས ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བཟུང་བ་ཡང་མ་བསྟན་ཏམ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་ས་དང། པོ་ནས་ས་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡོངས་སུ་རྫོགས་པར་བྱ་བ་བསྟན་པ་ལ། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བ་ཞེས་བྱ་བ་སྟེ། དེ་ཉིད་གསལ་བར་བསྟན་པའི་ཕྱིར། སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་བའི་བར་གྱི་བྱང་ཆུབ་སེམས་དཔའ་ཨི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དང་པོ་བསྐྱེད་པ་ཞེས་བྱ་བ་ནི་ས་དང་པོ་ཐོབ་པ་ལ་བྱའོ། །སེམས་བཅུ་པ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པོ་ལ་བྱའོ། །དེ་ལྟར་ས་དང་པོ་ནས་ས་བཅུ་པ་ཡོངས་སུ་རྫོགས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཀྱང་མ་བསྟན་ཏམ་ཞེས་རབ་འབྱོར་ལ་དྲིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱིས་རྣམ་པར་ཆེ་བ ་རྣམས་ཀྱང་མ་བསྟན་ཏམ་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་འཕགས་ཤིང། ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་ཞེས་མི་བྱ་འམ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་མངོན་པར་ཤེས་པ་དང། ་རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྫུས་ཏེ་སྐྱེ་བ་འགྱུར་བ་དང། མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པ་མེད་པའི་ཆོས་ཅན་དུ་འགྱུར་བ་དང། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ ་འདོད་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་བཀུར་སྟི་བྱེད་ནུས་པའི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐམས་ཅད་ཐོས་པ་ཡང་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་མི་བརྗོད་ཅིང་རྒྱུན་འཆད་པར་མི་འགྱུར་བ་དང། རྟག་ཏུ་སེམས་མཉམ་པར་བཞག་པ་དང། སྤོབས་པ་ཐམས་ཅད་ཕུན་སུམ་ཚོགས་པ་དག་ཀྱང་གཞུང་ལས་མ་བཤད་དམ་ཞེས་དྲིས་པ་སྟེ། དེ་ལ་ཐོགས ་པ་མེད་པའི་སྤོབས་པ་ཞེས་བྱ་བ་ནི་ཤེས་རབ་དང། དྲན་པ་ཕུན་སུམ་ཚོགས་པས་ཆོས་སྟོན་པའི་ཚེ་དན་དང་ཚིག་གཉི་ག་ལ་ཐག་ཐོགས་མེད་པའོ། །རྒྱུན་ཆད་པ་མེད་པའི་སྤོབས་པ་ཞེས་བྱ་བ་ནི་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའོ ་མཉམ་པར་བཞག་པའི་སྦོབས་པ་ཞེས་བྱ་བ་ནི་དྲན་པ་ཉམས་པ་མེད་ཅིང་འདོད་ཆགས་ལ་སོགས་པའི་ཡུལ་ལ་གཡང་བ་མེད་པར་ཆོས་སྟོན་པའི་སྟོབས་དང་ལྡན་པའོ། །རིགས་པའི་སྤོབས་པ་ཞེས་བྱ་བ་ནི་ཚད་མ་གང་མི་འགལ་བར་ཆོས ་སྟོན་པའི་སྦོབས་པ་དང་ལྡན་པའོ། །འབྲེལ་བའི་སྤོབས་པ་ཞེས་བྱ་བ་ནི་ལུས་དང་མི་འགལ་ཞིང་དོན་དང་ཚིག་སྔ་ཕྱི་འབྲེལ་བར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །དོན་དང་ལྡན་པའི་སྤོབས་པ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱིས་འབྲས་བུ་ཐོབ་པར ་འགྱུར་བའི་དོན་དང་ལྡན་པར་ཆོས་སྟོན་པའི་སྤོབས་པ་དང་ལྡན་པའོ། །འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་ལས་འཕགས་ཤིང་འཇིག་རྟེན་ལས་འདས་པའི་ལམ་ཁྱད་པར ་ཅན་སྟོན་པའི་སྤོབས་པ་དང་ལྡན་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ནོ་ཇི་སྐད་སྨྲས་པ་དེ་བཞིན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་ཀྱང་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤཱ་རིའི་བུས་གོང་དུ་དྲིས་པའི་ཆོས་དེ ་དག་ཐམས་ཅད་རབ་འབྱོར་གྱིས་བཟླས་ནས་ཆོས་དེ་དག་གཞུང་ལས་བཤད་པ་ནི་བདེན་ན་ཀུན་རྫོབ་ཏུ་བསྟན་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་ཆོས་དེ་དག་ཐམས་ཅད་དམིགས་སུ་མེད་དེ། དེ་ལྟར་དོན་དམ་པར་དམིགས་སུ་མེད་པ་ལས་ཀུན་རྫོབ་ཏུ་སྒྲོ་བཏགས་ཏེ ་བཤད་པ་ནི་ཡང་དག་པར་བརྗོད་པ་འམ་བཤད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གང་མི་དམིགས་པའི་ཚུལ་གྱིས་ཤེ་ན། བདག་མི་དམིགས་པའི་ཚུལ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ ་དེ་ལྟ་བུར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་གཞུང་ལས་བཤད་པ་དེ་དག་དོན་དམ་པར་མེད་ཅིང་མི་དམིགས་པ་བསྟན་པ་སྟེ། མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང། སེམས་ཅན་ལ་སོགས་པའི་གང ་ཟག་རྣམས་དང་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་མེད་ཅིང་མི་དམིགས་པ་ལས་སེམས་ཅན་རྣམས་དང་བའི་ཕྱིར་ཀུན་རྫོབ་ཏུ་སྒྲོ་བཏགས་ཏེ་བརྗོད་ཅིང ་བཤད་པ་ཙམ་དུ་ཟད་ཀྱི་ཡང་དག་པར་བརྗོད་ཅིང་བཤད་པ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འདི་ལས་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཅེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པ་ཡིན་ཞེས་བྱ་བའི་ཕར་དུ་ནི་ཐེག་པ་གསུམ ་ལ་སོགས་པའི་ཆོས་གོང་དུ་སྨོས་པ་དེ་དག་ཅིའི་ཕྱིར་མི་དམིགས་པའི་ཆུལ་གྱིས་བསྟན་པའི་གཏན་ཚིགས་དེིས་པའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བ་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས ་བྱ་བའི་བར་དུ་ནི་སྟོང་པ་བཅོ་བརྒྱད་དང་སྦྱར་ཏེ་དེ་ལྟར་སྟོང་པའི་ཕྱིར་མི་དམིགས་པའི་ཚུལ་གྱིས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་ཐེག་པ་གསུམ་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན་པའི་གཏན་ཚིགས་བསྟན་པའོ། ། ་ནང་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་ཕྱིར་ཆོས་བསྟན་པ་དང། ས་དང་པོ་ནས་ས? ་བཅུའི་བར་དུ་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་རྣམས་བསྟན་པ་དང། བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་མངོན་པར་ཤེས་པ་དང། རྫུ་འཕྲུལ་གྱིས་རྣམ་པར་རྩེ ་དང། རྫས་ཏེ་སྐྱེ་བར་འགྱུར་བ་དང། མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པ་མེད་པའི་ཆོས་ཅན་དུ་འགྱུར་བ་དང། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་བཀུར་སྟེ ་ལ་སོགས་པ་བྱེད་ནུས་པའི་དགེ་བའི་རྩ་བ་ཕུན་སུམ་ཚོགས་པར་འགྱུར་བ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་མི་བརྗོད་ཅིང་རྒྱུན་ཆད་པར་མི ་འགྱུར་བ་དང། རྟག་ཏུ་སེམས་མཉམ་པར་བཞག་པ་དང། སྦོབས་པ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བདག་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་བཅོ་བརྒྱད་རེ་རེ་དང་སྦྱར་ཏེ། དེ་ལྟར་སྟོང་པའི་ཕྱིར་ཆོས་དེ་དག་མི་དམིགས་པའི ་ཚུལ་གྱིས་བསྟན་(ཏོ་ཞེས་མི་དམིགས་བའི་ཚུལ་གྱིས་བསྟན)་པའི་གཏན་ཚིགས་བཤད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་དྲུག་པའོ།། །།དེ་ནས་ལྟའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན ་རབ་འབྱོར་གྱིས་དེ་ལྟར་ཆོས་ཀྱི་ཆར་བ་འདྲི་ཕབ་སྟེ་བསྟན་ན། དེ་ལ་བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ། འདི་ལ་མཆོད་པར་བྱ་བའི་ཕྱིར་མེ་ཏོག་མངོན་པར་སྤྲུལ་པ་བྱ་སྟེ། །སངས་རྒྱས་བཅོམ་ལྡན་འདས་དང། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་དང། དགེ་སློང་གི་དགེ་འདུན་རྣམས་དང། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོར་བར་བྱའོ་སྙམ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་སྨོས་པའི་རིམ ་པས་མི་དམིགས་པའི་ཚུལ་གྱིས་ཆོས་ཟབ་མོ་བཤད་པ་ལ། ལྷའི་དབང་པོ་བརྒྱ་བྱིན་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ལ་དད?་པ་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པ་དང། ཉན་པ་ལ་མཆོད་པར་བྱ་བར་སེཾས་པ་བསྟན་པ་སྟེ། གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོང་བར་བྱའོ་ཞེས་ལན་གསུམ་སྨོས་པ་ནི་དད་པའི ་ཤུགས་ཀྱིས་མེ་ཏོག་ལན་གསུམ་དུ་བཟླས་ཏེ་གཏོར་བར་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་དབང་པོ་བརྒྱ་བྱིན་དང ་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱིས་དེ་ལྟར་སེམས་བསྐྱེད་པའི་འོག་ཏུ་ལྷ་རྫས་ཀྱི་མེ་ཏོག་མན་དར་བ་མངོན་བཔར་སྤྲུལ་དེ་མཆོད་པ་བྱས་པ་བསྟན་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པ་སྐྱེས་ནས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང། ཉན་པ་ལ་མཆོད་པ་བྱ་བ་བསྟན་པ་དང། མ་འོངས་པའི་དུས་ཀྱི་སྐྱེ་བོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དེ་སྟོན་ཅིང་ཉན་པ་ལ་མཆོད་པ་དང། རིམ་གྲོ་བསྐྱེད་དུ་ཞུགས་པའི་ཕྱིར་རོ། །མེ ་ཏོག་དེ་དག་གིས་གཏོར་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཞི་མེ་ཏོག་གིས་ཁེངས་པར་གྱུར་ནས། སྟེང་གི་བར་སྣང་ལ་ཡང་མེ་ཏོག་གི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་ཙམ་མདངས་དགའ་ཞིང་ཡིད་དུ་འོང་བ་ཀུན་ནས་གནས་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་ལྷ་རྣམས་དད་པ་སྐྱེས་ནས་མེ་ཏོག་སྤྲུལ་པ་ཕུལ་བ་སེམས་ལ་རྒྱུ་མེད་ཅིང་བསམ་པ་དག་པས་ཕུལ་བའི་རྟགས་སུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ཀྱི་གཞི་མེ་ཏོག་གིས་ཁེངས་པར་གྱུར་བ་དང། སྟེང་གི་བར་སྣང་ལ་མེ་ཏོག་གི་ཁང་བ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་པར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་བསྟན་པ་སྟེ། དེ ་ལྟར་བསྟན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དེ་སྟོན་པ་དང་ཉན་པ་ལ་མཆོད་བ་བྱས་པ་དོན་མེད་པར་མི་འགྱུར་བའི་རྟགས་བསྟན་པའོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི ་དེ་ལྟར་ལྷ་རྣམས་ཀྱི་མངོན་པར་སྤྲུལ་པའི་མེ་ཏོག་དེ་རྣམས་དེ་ལྟར་རྒྱ་ཆེ་ཞིང་གྲངས་མང་ལ་བཟང་བ་འཇིག་རྟེན་ན་ཡོད་པ་མི་སྲིད་དེ། མེ་ཏོག་དེ་དག་ལྡུམ་བུ་ལས་སྐྱེས་པའི་མཆུ་དང་ཐང་ལས་སྐྱེས་པ་ནི་མ་ཡིན་གྱི་སྤྲུལ་པ་སྟེ། ཡིད་ལས ་བྱུང་བ་ཡིན་ནོ་སྙམ་དུ་སེམས་པར་གྱུར་པ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ནི་མ་བྱུང་བ་སྟེ། མེ་ཏོག་འདི་དག་ཡིད་ལས་བྱུང་བ་མ་ཡིན་ནོ། ་ལྡུམ་པོ་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་མེ་ཏོག་འདི་དག་བཟང་ལ་དཀོན་པ་བསྔགས་པའི་ཕྱིར་སྤྲུལ་པ་སྟེ། ཡིད་ལས་བྱུང་བ་ཡིན་པར་བསྔགས་པ་བརྒྱ་བྱིན་གྱིས་དོན་དམ་པ་དང་སྦྱར་ཏེ། མེ་ཏོག་དེ་དག་ནི ་ཡང་དག་པར་མ་བྱུང་བས་ཡིད་ལས་བྱུང་བ་ཡང་མ་ཡིན་ན་ལྡུམ་བུ་ལས་བྱུང་བ་མ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་སྐད་དུ་མེ་ཏོག་འདི་དག་མ་སྐྱེས་པ་སྟེ། མེ་ཏོག་འདི་དག་ཡིད་ལས ་བྱུང་བ་མ་ཡིན། ལྡུམ་བུ་ལས་བྱུང་བ་མ་ཡིན་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་ལྟར་མ་སྐྱེས་པ་ནི་མེ་ཏོག་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་བརྒྱ་བྱིན་གྱིས་དོན་དམ་པར་མེ་ཏོག་དེ་དག་མ་སྐྱེས་པར་བསྟན་པས་ཀྱང་ལྷག་པར་ཟབ་པ་བསྟན་པ་སྟེ། དེ་ལྟར ་མ་སྐྱེས་པ་ཡིན་ན་མ་སྐྱེས་པ་ནི་དངོས་པོ་མེད་པ་ཡིན་པས་མེ་ཏོག་ཀྱང་མ་ཡིན་པ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་ཟད་དམ། འོན་ཏམ་གཟུགས་ཀྱང་མ་བྱུང་ཞེས ་བྱ་ལ་སོགས་པ་མི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མ་བྱུང་ཞིང་དངོས་པོ་མེད་པར་བསྟན་པའི་གླེང་བསླང་བའི་ཕྱིར་དེ་སྐད་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། །ཀཽ་ཤི་ཀ་འདི་དག་ཉི་ཚེ་མ་བྱུང་བར་མ་ཟད་ཀྱི། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང ་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནས་དེ་བཞིན་གཤེགས་པ་ལ་ཐུག་གི་བར་གྱི་ཆོས་མིང་གིས་སྨོས་པ་དེ་དག་ཐམས་ཅད་ཀྱང་དོན་དམ་པ་མ་བྱུང་བ་སྟེ། མ་བྱུང་བ་གང ་ཡིན་པ་དེ་ནི་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་དེ་ལྟར་བཏགས་པ་དང་ཡང ་མི་འགལ། ཆོས་ཉིད་ཀྱང་སྟན་པ་དེ་ནི་ཤེས་རབ་ཟབ་པོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པར་བསྟན་ནས། མ་བྱུང་མ་སྐྱེས་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མ་ཡིན་ནོ ་ཞེས་བསྟན་པའི་དོན་བརྒྱ་བྱིན་གྱིས་རྟོགས་ནས་རབ་འབྱོར་དེ་ལྟར་ཤེས་རབ་ཟབ་པ་ངོ་མཚར་དུ་གྱུར་པ་བསྟན་པ་སྟེ། བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཅེས་བྱ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་ཡང་མི་འཕགས ་པར་སྟོན་ལ། དོན་དམ་པར་ཆོས་དེ་དག་མ་བྱུང་མ་སྐྱེས་ཤིང་དངོས་པོ་མེད་པར་བསྟན་པ་ནི་ཆོས་ཉིད་ཀྱང་སྟོན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་བ། དེ་དེ་བཞིན་ཏེ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །གནས་བརྟན་རབ ་འབྱོར་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་སྟེ། དེ་ལྟར་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཏོ་ཞེས་བྱ་བ་ནི་བརྒྱ་བྱིན་གྱིས་བསམ་བའི་དོན་དེ་བདེ་ནོ་ཞེས་བཀའ་སྩལ་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་པ་འདི་སྐད ་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་གནས་བརྟན་རབ་འབྱོར་འདི་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པ་ལགས་ཞེས་བྱ་བ་ནི་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པའི་དོན་འཁོར་ཐམས་ཅད་ཀྱིས་ཤེས་པར་བྱ་བའི ་ཕྱིར་བཅོམ་ལྡན་འདས་ལ་ཞུས་པའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས ་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལྔ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་ལ། ཐ་སྙད་ཙམ?་དུ་བཏགས་པ་གང་ཡིན ་པ་དེ་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ལྟར་དོན་དམ་པ་དངོས་པོ་མེད་པ་དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས་ཡང་དག་པ་ཉིད་ཡིན་ནོ། །དེ་ལྟ་བུའི་ཡང་དག་པ་ཉིད་དང་མི་འགལ་བར་བསྟན་པ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་མེད་པར ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མི་འགལ་རྣམ་པར་མི་འགོལ་ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་ནི་དངོས་པོ་དེ་གཉིས་མཚན་ཉིད་མི་མཐུན་པས་ཕན་ཚུན་ཏུ་འགལ་བ་ཡང་སྲིད ་ན། དོན་དམ་པར་ཆོས་དེ་དག་དངོས་པོ་མེད་པར་རོ་གཅིག་པས་ཕན་ཚུན་དུ་འགལ་བ་དང་རྣམ་པར་འགལ་བ་མེད་དོ་ཞེས་བསྟན་པའོ། །གང་མི་འགལ་རྣམ་པར་མི་འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ་ཞེས་བྱ་བ་ནི་གནས ་བརྟན་རབ་འབྱོར་གྱིས་དེ་ལྟར་ཀུན་རྫོབ་དང་དོན་དམ་པ་གཉིས་ཕན་ཚུན་མི་འགལ་བར་ཆོས་བསྟན་པ་དང། དོན་དམ་པར་ཡང་འགལ་བའི་དངོས་པོ་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ?་དེ་ལྟར།?་གནས་བརྟན་རབ ་འབྱོར་ནི་བརྟགས་པ་དང་ཡང་འགལ་བར་མི་བྱེད་ལ། ཆོས་ཉིད་ཀྱང་སྟོན་ཏོ་ཞེས་བྱ་བ་ནི་དེ་ལྟར་རབ་འབྱོར་གྱིས་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ཚུལ་འགལ་བ་མེད་པར་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ལྟར་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་ཞེས་དྲིས་པའི་ལན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་གནས་པ་ཡིན་པ་བསྟན་ནས། དེའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་པའི་ལན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་བའི་དོན་ཞིབ་ཏུ་བཤད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་བཏགས་པ་ཙམ་དུ་བསྟན་ཏོ་ཞེས་བྱ་བ་ནི་གོང་དུ་ལྷའི་དབང་པོ་བརྒྱ ་བྱིན་གྱིས། །ཀྱེ་མ་གནས་བརྟན་རབ་འབྱོར་འདི་དེ་ལྟར་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་པོ་སྙམ་དུ་བསམས་པའི་དོན་རབ་འབྱོར་གྱིས་ཤེས་ནས་བདག་གིས་ཆོས་ཐམས་ཅད་བཏགས་པ་དང་ཡང་མི་འགལ་བར ་བཤད་པ་ལ་ཆོས་ཉིད་ཀྱང་བསྟན་པ་ནི་བདེན་ཏེ། དེ་དེ་བཞིན་ནོ་ཞེས་སྨྲས་པ་སྟེ། དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་བཤད་ཅིང་ཆོས་ཉིད་ཀྱང་བསྟན་པ་ནི་བདག་གིས་རང་བཟོ་བྱས་པ་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས ་ཀྱང་ཆོས་ཐམས་ཅད་བཏགས་པ་ཙམ་དུ་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་བྱའོ ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བྱ་བའི་ཐབས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པ་ལས་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་པར་ཤེས་པར་བྱ་སྟེ། དེ་དག་ལ་དངོས་པོར ་མི་ལྟ་ཞིང་མ་ཆགས་པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་གཟུགས་ལ་མི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཆོས་ཐམས་ཅད་བཏགས་བ་ཙམ་དུ་རིག་པར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དེས་གཟུགས་ལ་སོགས་པ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་ཏེ། དངོས་པོ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་གཟུགས་ལ་སོགས་པའི་ཆོས་དེ་དག་ལ་དངོས་པོར་འཛིན་པའི་ཚུལ ་གྱིས་མི་སློབ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོས་ཅིའི་ཕྱིར་ན་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཅིའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་བའི་གཏན་ཚིགས་དྲིས་པའོ། །རབ་འབྱོར ་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས་དོན་དམ་པར་ཆོས་དེ་དག་རང ་བཞིན་གྱིས་སྟོང་པའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་མཐོང་བར་བྱ་བ་དང། ་མཐོང་བར་བྱེད་པ་གཉིག་རང་བཞིན་གྱི་སྟོང་པའི་ཕྱིར་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་ལྟར་གང་སྟོང་པ་ཉིད་འདི་ལ་མེ་སློབ་པ་དེ་ནི་གཉིས་སུ་མེད་པས་སྟོང་པ་ཉིད་ལ་སློབ་སྟེ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ལ་སོགས ་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། དོན་དམ་པར་ཡང་དག་པར་རྗེས་སུ་མི་མཐོང་བས་དངོས་པོར་འཛིན་པའི་ཚུལ་གྱིས་མི་སློབ་པ་ཉིད་དོན་དམ་པའི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་གཉིས་སུ་བྱར་མེད ་པར་གཟུགས་སྟོང་པ་ཉིད་ལ་སློབ་བོ?་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ལ་མཚན་མ་དང། དངོས་པོ་ཡོད་པར་ལྟ་ཞིང་མི་སློབ་པ་ཉིད་གཟུགས་ལ་སོགས་པའི ་སྟོང་པ་ཉིད་ལ་སློབ་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གཟུགས་པ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས ་སྟོང་པ་ཉིད་ལ་གཉིས་སུ་མེད་པར་སློབ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་གཉིས་སུ་བྱར་མེད་ཅིང་འཁོར་གསུམ་ཡོངས་སུ་དག ་པར་སློབ་པ་ཡིན་ནོ་ཞེས་བསྟན་པའོ། །གཉིས་སུ་བྱར་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་ཞེས་བྱ་བ་ནས། དེ་ནི་གཉིས་སུ་བྱར་མེད་པར་སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་ལ་སློབ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ། གཉིས་སུ་བྱར་མེད་པར་བསློབ་པ་གང་ཡིན་པ་དེའི་ཕན་ཡོན་བསྟན་པ་སྟེ། སྦྱིན་པ་ལ་སོགས་པའི་ཆོས་མེད་གིས་སྨོས་པ་རྣམས་ལ་དེ་ལྟར་གཉིས་སུ་བྱར ་མེད་པར་བསླབས་ན་དེ་ལས་གཞན་པའི་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཚད་མེད་གྲངས་མེད་པ་རྣམས་ལ་ཡང་བསླབས་པར་འགྱུར་རོ་ཞེས་བསྟན་པ་སྟེ། ཆོས་རྒྱ་ཆེན་པོ་དེ་དག་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གཉིས་སུ་བྱར་མེད་པར་སངས་རྒྱས ་ཀྱི་ཆོས་ཆེད་མེད་གྲངས་མེད་པ་ལ་གང་སློབ་པ་དེ་ནི་གཟུགས་འཕེལ་བར་བྱ་བ་དང། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པོ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཚད་གྲངས་མེད་པ་ལ་གཉིས་སུ་བྱར་མེད་པར་སློབ་པ་གང ་ཡིན་པ་དེས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་ཅིང། གཉིས་སུ་དབྱེར་མེད་པར་རྟོགས་པས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་བར་གྱི་ཆོས་རྣམས་ལ་ཡང་དཀར་པོའི་ཕྱོགས་འཕེལ་བར་བྱ་བ་དང། ནག་པོའི ་ཕྱོགས་འགྲིབ་པར་བྱ་བའི་ཕྱིར་དངོས་པོར་དམིགས་ཤིང་མི་སློབ་བོ་ཞེས་བསྟན་པའོ། །དེ་ལྟར་ན་གང་གཟུགས་འཕེལ་བར་བྱ་བ་དང། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པ་དང་ཞེས་བྱ་བ་ནས། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ལ་ཐུག་གི་བར་གྱི་ཆོས་རྣམས་ཡོངས་སུ་གཟུང་བ་དང། མེད་པར་བྱ་བའོ་ཕྱིར་མི་སློབ་པོ་ཞེས་བྱ་བའི་བར་དུ་ནི་ཅོས་ཐམས་ཅད་འཕེལ་བ་དང། འགྲིབ་པ་མེད་པར་རྟོགས་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་བླང་དོར་མེད་པར་རྟོགས་པས་གཟུཌ? ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱིས་ཆོས་རྣམས་ལས་བཟང་པོ་རྣམས་ནི་ཡོངས་སུ་གཟུང་ཞིང་བླང་བ་དང། ངན་པ་རྣམས་སྤང་ཞིང་མེད་པར་བྱ་བའི་ཕྱིར་མི་སློབ་བོ་ཞེས་བསྟན་པའོ། །དེ་ནས ་ཚེ་དང་ལྡན་པ་ཤཱ་རརྭཱ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན་ནམ ་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་བཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པའི་གཏན་ཚིགས་ཞིབ་ཏུ་འཆད་དུ་གཞུག་པའི་ཕྱིར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་དེ་ལྟར་ཡོངས་སུ་བཟུང་བ་དང། མེད་པར་བྱ ་བའི་ཕྱིར་མི་སློབ་པ་ཡིན་ནམ་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི ་ཕྱིར་མི་སློབ་བོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡོངས་སུ་གཟུང་བ་དང། མེད་པར་བྱ་བའི་ཕྱིར་དེ་ལྟར་མི་སློབ་པོ་ཞེས་ཤཱ་རིའི་བུ་ལ་རབ་འབྱོར་གྱིས་སྤྲས་པའོ། །སྨྲས་པ ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅིའི་ཕྱིར་ན། གཟུགས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན་ཞེས་བྱ་བ་ལ་སོཌ་པ་ནི་གཟུགས་ཀྱི་ཕུང་པོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ ་ཐུག་གི་བར་དུ་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་དེ་ལྟར་མི་སློབ་པ་ཅིའི་ཕྱིར་མི་སློབ་བའི་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ད་ནི་འདི་ལྟར་གཟུགས་ལ་ཡོངས་སུ་འཛིན་པ་མེད་དེ། ཕྱི་ནང ་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ཡོངས་སུ་མི་འཛིན་ཏོ་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་འཛིན་པ་དང་མེད་པར་བྱ་བའི་ཕྱིར་མི་སློབ་པའི་གཏན་ཚིགས་རབ་འབྱོར་གྱིས་བཤད་པ་སྟེ། གཟུགས་ལ་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི ་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་ཕྱི་ནང་གཉིས་ཀ་རང་བཞིན་གྱིས་སྟོང་སྟེ། གཟུང་བའི་རང་བཞིན་ཀྱང་མེད་ལ། འཛིན་པའི་རང་བཞིན་ཀྱང་མེད་པས་ཡོངས་སུ་གཟུང་བ་དང་མེད་པར་བྱ་བའི་ཕྱིར་དེ་ལྟར་མི་སློབ་བོ་ཞེས་བསྟན་པའོ། ། ་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར ་གཟུང་བ་དང་འཛིན་པ་མེད་པར་རྟོགས་པས་ཆོས་གང་ལ་ཡང་མཚན་མས་མི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་འཛིན་པ་མེད་པའི་ཕན་ཡོན་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡིན་ནམ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་དུ་འབྱུང་ངོ་ཞེས་འཛིན་པ་མེད་པའི་ཕན་ཡོན་བསྟན་པ་འཁོར་རྣམས་བསྟན་པར་འཛིན་དུ་གཞུག་པའི་ཕྱིར་དེ་ལྟར་ཡིན་ནམ་ཞེས་ཤཱ་རིའི་བུས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང། ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བ་ནི་ཤཱ་རིའི་བུས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ཡིན་ནམ་ཞེས་དྲིས་པའི་ལན་དུ། དེ་ལྟར་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཏེ། དེ་ཡང་མཚན་མར་ཡོངས་སུ་འཛིན་པའི་ཚུལ་གྱིས་ནི་མ་ཡིན་པ་ཞེས ་བསྟན་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་དང། མེད་པར་བྱ་བ་མེད་པའི་ཕྱིར་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར ་འབྱུང་བར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་ལ་གཟུང་བ་དང། འཛིན་པ་མེད་པར་བསླབས་པའི་ཕན་ཡོན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་གཏན་ཚིགས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི ་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཀྱི་སྐྱེ་བ་མི་མཐོང་འགག་པ་མི་མཐོང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་བའི་གཏན་ཚིཌ ་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། དངོས་པོ་མེད་པ་ལ་སྐྱེ་བ་དང་འགག་པ་དང། བླང་བ་དང་དོར་བ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། སོགས་པ་དང་བྲི་བ་དང། འགྲིབ ་པ་དང་འཕེལ་བ་ཡང་མེད་པའི་ཕྱིར་སྐྱེ་བ་དང་འགག་པ་ལ་སོགས་པ་ཡོད་པར་མི་ལྟ་ཞིང་མཚན་མར་མི་འཛིན་ཏོ། །དེ་དག་གང་ལ་ཡང་མ་ཆགས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ལ་གཟུགས ་ཀྱི་སྐྱེ་བ་མི་མཐོང་ཞེས་བྱ་བ་ནི་དོན་དམ་པར་གཟུགས་དངོས་པོ་མེད་པས་སྐྱེ་བ་ཡང་མི་སྲིད་པའི་ཕྱིར་རོ། །འགག་པ་མི་མཐོང་ཞེས་བྱ་བ་ནི་སྐྱེ་བ་མེད་པས་འགག་པ་ཡང་མེད་པའི་ཕྱིར་རོ། །བླང་བ་མི་མཐོང་ཞེས་བྱ་བ་ནི་དོན་དམ་པར་གཟུགས ་ཀྱི་དངོས་པོ་མེད་པས་བླང་བ་འམ་ཐོབ་པར་བྱ་བ་མེད་པའི་ཕྱིར་རོ། །དོར་བ་མི་མཐོང་ཞེས་བྱ་བ་ནི་དེ་ལྟར་བླང་བ་མེད་པས་བླང་བའི་ཟླས་འགྲུབ་པའི་དོར་བ་ཡང་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་བ་མི་མཐོང་ཞེས་བྱ་བ་ནི་དེ་ལྟར་དོར་བ་མེད་པས་སྐྱོན་དང ་བཅས་པའི་དངོས་པོ་ཀུན་ནས་ཉོན་མོངས་པའི་རང་བཞིན་ཅན་སྤང་བར་བྱ་བ་མེད་པའི་ཕྱིར་རོ། །རྣམ་པར་བྱང་བ་མི་མཐོང་ཞེས་བྱ་བ་ནི་ད་ལྟར་ཀུན་ནས་ཉོན་མོངས་པ་མེད་པས་དེའི་ཟླས་འགྲུབ་པའི་རྣམ་པར་བྱང་བ་ཡང་མེད་པའི་ཕྱིར་རོ། །སོགས་པ་མི ་མཐོང་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་དངོས་པོ་མེད་པས་རྡུལ་ཕྲ་རབ་ལ་སོགས་པ་བསགས་ཤིང་བརྩེགས་པ་ལས་ཕུང་པོར་འགྱུར་བ་མེད་པའི་ཕྱིར་རོ། །འབྲི་བ་མི་མཐོང་ཞེས་བྱ་བ་ནི་དེ་ལྟར་སོགས་པ་མེད་པས་དེའི་ཟླས་འགྲུབ་པའི ་འབྲི་བ་ཡང་མེད་པའི་ཕྱིར་རོ། །འགྲིབ་པ་མི་མཐོང་ཞེས་བྱ་བ་ནི་ཉོན་མོངས་བའི་རང་བཞིན་ཅན་གྱི་གཟུགས་ཀྱི་དངོས་པོ་མེད་པས་ཉོན་མོངས་པའི་དབང་གིས་ཡོན་ཏན་ལ་སོགས་པ་འགྲིབ་ཅིང་ཉམས་པར་འགྱུར་བ་མེད་པའི་ཕྱིར་རོ། །འཕེལ་བ་མི ་མཐོང་སྟེ་ཞེས་བྱ་བ་ནི་དོན་དམ་རྣམ་པར་བྱང་བའི་དངོས་པོ་མེད་པས་ཡོན་ཏན་ལ་སོགས་པ་འཕེལ་ཞིང་རྒྱས་པར་འགྱུར་བ་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་གཟུགས་ཀྱི་རང་བཞིན་གྱིས་མེད་ཅིང་མི་དམིགས་སོ་ཞེས ་བྱ་བ་ནི་གཟུགས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཟུགས་ཀྱི་རང་བཞིན་མེད་ཅིང་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། བླང་བ་མེད་པ་དང། དོར་བ་མེད་པ་དང། ཀུན་ནས ་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་དང། སོགས་པ་མེད་པ་དང་འདྲི?་བ་མེད་པ་དང། འགྲིབ་པ་མེད་པ་དང། འཕེལ་བ་མེད་པའི་ཕྱིར་མི་སློབ་མི་འབྱུང་བའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས་བྱ་བ་ནི་གང་དུ་ཆོས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་མི་མཐོང་ཞིང་མཚན་མར་མི་འཛིན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ་ཞེས་བཤད་པའི་དོན་མཇུག ་བསྡུས་ནས་བསྟན་པ་སྟེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཅིང། མི་དམིགས་པའི་ཆོས་དེ་དག་སྐྱེ་བ་དང། འགག་པ་ལ་སོགས་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་དུ་འབྱུང་བར་འགྱུར་བ་ཡང་དོན་དམ་པར་བསླབས་པ་དང། འབྱུང་བ་གཉི་ག་མི་དམིགས་པའི་ཚུལ་གྱིས་འབྱུང་ངོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རདྭཱ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ ་ཤཱ་རདྭཱ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་ཞེས ་གང་དུ་བཤད་པར་དོན་བརྒྱ་བྱིན་གྱིས་རྟོགས་ནས་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་གང་ནས་བཙལ་བར་བྱ་ཞེས་དྲིས་པའོ། །ཤཱ་རདྭཱ་ཏིའི་བུས་སྨྲས་པ། ལྷའི་དབང་པོ ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་བྱ་བ་ལ། རབ་འབྱོར་གྱི་ལེའུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འབྲིད?་དུ་བཤད ་པ་ཐམས་ཅད་ལ་རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ། གོང་དུ་རབ་འབྱོར་གྱི་ལེའུ་དེ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བཤད་པའི་ཕྱིར་རབ་འབྱོར་གྱི་ལེའུ་དེ་ལས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པར་ཙལ་བར་བྱའོ་ཞེས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ནི་དེར་བརྟགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྟའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ ་འབྱོར་འཕགས་ཤཱ་རདྭཱ་ཏིའི་བུས་འདི་སྐད་དུ། བྱན་ཆུབ་སེམས་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་སྨྲས་ཏེ། དེ་ནི་ཁྱོད་ཀྱི་མཐུའོ། །ཁྱོད་ཀྱིས་བྱིན་གྱིས་བརླབས་སོ ་ཞེས་བྱ་བ་ནི་ཤཱ་རིའི་བུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་སྨྲས་པ་དེ། རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པའི་དོན། ཤཱ་རིའི་བུས་རྟོགས་ནས་ཁུངས་དེར་བསྟན་པ་ནི་རབ་འབྱོར ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན། ཤཱ་རིའི་བུ་ལ་ལེགས་པར་བཤད་པའི་མཐུ་དང། བྱིན་གྱིས་བརླབས་ཀྱིས་ཤཱ་རིའི་བུས་དེ་སྐད་སྨྲས་སོ་ཞེས་རབ་འབྱོར་ལ་བསྟོད་པའོ། །རབ་འབྱོར་གྱིས་སྨྲས་པ་ཀཽ་ཤི་ཀ་དེ་ནི་དེ་བཞིན་གཤེགས་པའི་མཐུའོ ་དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ནི་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བཤད་པ་ཡང་དེ་བཞིན་གཤེགས་པའི་མཐུ་དང། བྱིན་གྱིས་བརླབས་ཀྱི་བཤད་དོ་ཞེས་བྱ་བའི་དོན་ཏོ། །བརྒྱ་བྱིན་གྱིས་སྨྲས ་པར་བཙུན་པ་རབ་འབྱོར་ཆོས་ཐམས་ཅད་བྱིན་གྱིས་བརླབས་མེད་ན། ཅིའི་ཕྱིར་དེ་སྐད་དུ་འདི་ནི་དེ་བཞིན་གཤེགས་པའི་མཐུའོ། །འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཞེས་སྨྲ་ཞེས་བྱ་བ་ལ། མཐུ་དང་བྱིན་གྱིས་བརླབས་ཞེས་བྱ་བ་ནི ་དངོས་པོ་འགའ་ཞིག་ཡོད་ན་དེའི་མཐུ་དང་བྱིན་གྱིས་བརླབས་ཀྱིས་ཆོས་བཤད་པ་ལ་སོགས་པ་འབྱུང་ན། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་ཅིང། བྱིན་གྱིས་བརླབས་ཀྱིས་དངོས་པོ་མེད་ན་ཅིའི་ཕྱིར་དེ་སྐད་སྨྲ ་ཞེས་བརྒྱ་བྱིན་གྱིས་རབ་འབྱོར་ལ་སྨྲས་པའོ། །བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་ལས་གུང་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་ལ་ཞེས་བྱ་བ་ནི་དོན་དམ་པར་བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་དང་དེ་བཞིན ་གཤེགས་པ་གཉི་ག་ཡང་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་ལས་གུང་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་སོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་ཐ་དད་དུ་དབྱེ ་མེད་པ་ཉིད་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ཏེ། དེ་བཞིན་གཤེགས་པ་ཡང་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་ལས ་གུང་ན་ཡང་དེ་བཞིན་གཤེགས་པ་ཡོད་པ་མི་དམིགས་ལ། དེ་བཞིན་ཉིད་ལས་གུང་ན་ཡང་དེ་བཞིན་གཤེགས་པ་ཡོད་པར་མི་དམིགས་སོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་དང། དེ་བཞིན་ཉིད་དང། དེ་བཞིན་གཤེགS ་པ་རྣམས་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་དད་དུ་དབྱེར་མེད་བའི་དོན་བརྒྱ་བྱིན་གྱིས་བཤད་པ་དེ་བཞིན་ནོ་ཞེས་སྨྲས་པའོ། །བྱིན་གྱིས་བརླབས་མེད་བའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་ལ། དེ་བཞིན ་གཤེགས་པ་ལ་ཡང་བྱིན་གྱིས་བརླབས་མེད་པའི་ཆོས་ཉིད་མི་དམིགས་སོ། །དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་མི་དམིགས་སོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་མེད ་པའི་ཆོས་ཉིད་དང། དེ་བཞིན་ཉིད་དང། དེ་བཞིན་གཤེགས་པ་རྣམས་ཐ་མི་དད་པ་ཡང་གཅིག་ལ་གཅིག་གནས་དང་བསྟེན་པའི་ཚུལ་གྱིས་གནས་ཤིང་དམིགས་པ་ནི་མ་ཡིན་གྱི། སྟོང་པ་ཉིད་དུ་རོ་གཅིག་པའི་ཚུལ་གྱིས་ཐ་མི་དད་དོ་ཞེས་བསྟན ་པའོ། །གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང། ཆོས་ཉིད་དང། ་དེ་བཞིན་གཤེགས་པ་རྣམས་ཀྱང་གཅིག་ལ་གཅིག་གནས་དང་བརྟེན་པའི་ཚུལ་གྱིས་གནས་ཤིང་དམིགས་པ་ནི་མ་ཡིན་གྱི། དེ་བཞིན་ཉིད་དང་ཆོས་ཉིད་ཀྱི་ཚུལ་གྱིས་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་དད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གཟུཌ ་ལ་སོགས་པའི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་རིག་པར་བྱའོ། །ཀཽ་ཤི་ཀ་དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་དེ་བཞིན་ཉིད་དང་ལྡན་པ་ཡང་མ་ཡིན་བྲལ ་བ་ཡང་མ་ཡིན་ནོ། །གཟུགས་ཀྱི་ཆོས་ཉིད་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ། །གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན ་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་སྐུའི་ངོ་བོ་ཉིད་ལ་བྱ་སྟེ། ཆོས་ཀྱི་སྐུའི་ངོ་བོ་ཉིད་ནི་དངོས་པོར་དམིགས་སུ་མེད་ལ། གཟུགས་ཀྱི་དེ་བཞིན་ཉིད་དང། གཟུགས་ཀྱི་ཆོས ་ཉིད་དང། དངོས་པོ་མེད་པ་ལ་བྱ་བའི་ཕྱིར་དེ་དག་ཐ་དད་དུ་དབྱེར་མེད་པས་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་བཤད་པའོ། །གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན་བྲལ་བ་མ་ཡིན་པ་དང། གཟུགས ་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ཡང་དེ་བཞིན་གཤེགས་པ་ཞེས་བྱ་བ་ཆོས་ཀྱི་སྐུའི་རང་བཞིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་གཟུགས་ཀྱི་དེ་བཞིན་ཉིད་དང ་གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་པའི་ཆོས་ལྟ་དོན་དམ་པྲ་མེད་མོད་ཀྱི། བརྒྱ་ལ་དེ་ལྟ་བུ་ཞིག་ཡོད་དུ་ཟིན་ན་ཡང་དེ་དང་ཡང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་པར་བྱའོ། །ཀཽ་ཤི་ཀ་འདི་ནི་གང་ཆོས་འདི་དག་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་བྲལ་པ་ཡང་མ་ཡིན་པ་དེའི་མཐུ་སྟེ། བྱིན་གྱིས་བརླབས་མེད་པ་དེའི་ཚུལ་གྱིས་དེའི་བྱིན་གྱིས་བརླབས ་ཞེས་བྱ་བ་ནི་གོང་དུ་འདི་ལྟ་བུའི་ཆོས་ཟབ་མོ་བཤད་པ་དེ་བདག་གི་མཐུ་མ་ཡིན་གྱི། དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱིས་བརླབས་ཡིན་ནོ་ཞེས་རབ་འབྱོར་གྱིས་བཤད་པའི་དེ་བཞིན་གཤེགས་པ་དེ་ཡང་དོན་དམ་པར་དེ་བཞིན་ཉིད་དང ་ཆོས་ཀྱི་སྐུའི་རང་བཞིན་ཏེ། ཆོས་གང་དང་ཡང་ཐ་མི་དང་ཅིང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་དེའི་མཐུ་དང་དེའི་བྱིན་གྱིས་བརླབས་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ནས་བཙལ་བར་བྱ་ཞེས་ཟེར་བ་ནི་ཀཽ་ཤི་ཀ་གཟུགས་ལས་ཀྱང་བཙལ་བར་མི?་བྱ། གཟུགས་ལས་གཞན་དུ་ཡང་བཙལ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནིགོང་དུ་བརྒྱ་བྱིན་གྱིས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་བ་ཞེས་དྲིས་པའི་ལན། ཤཱ་རིའི་བུས་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་ཁུངས་བསྟན་པའི་དོན་རབ་འབྱོར་གྱིས་ཞིབ་ཏུ་བཤད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ལ་བྱ་སྟེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་དེ་ཡང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པས་གཟུགས་ལ་སོགས་པ་ལས་སུ་བཙལ་དུ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར ་གཟུགས་གང་ཡིན་པ་དང། ཚོར་བ་གང་ཡིན་པ་དང། འདུ་ཤེས་གང་ཡིན་པ་དང། འདུ་བྱེད་གང་ཡིན་པ་དང། རྣམ་པར་ཤེས་པ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང། བཙལ ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བལྟར་མེད་པ་ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་གཟུགས་ལ་སོགས་པ་ལས་བཙལ་དུ་མེད་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང། ཚོར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་དང། བཙལ་བར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཆོས་དེ་དག་ཐཾས་ཅད ་དངོས་པོ་མེད་པའི་ཕྱིར་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ་བལྟར་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་གཅིག་པ་མེད་པའོ་ཞེས་བྱ་བ་བསྟན་ཏ། དེ་ལ་ལྡན་པ་ཡང་མ་ཡིན ་ཞེས་བྱ་བ་ནི་ཆོས་དེ་དག་དོན་དམ་པར་དངོས་པོ་མེད་པས་གཞི་དང་རྟེན་པའི་ཚུལ་དུ་མི་གནས་པའི་ཕྱིར་ལྡན་པ་ཡང་མ་ཡིན་མི་ལན་པ། ཡང་མ་ཡིན་ཞེས་བྱ་བ་ནི། དེ་ལྟར་དངོས་པོ་མེད་པས་ལྡན་པའི་ཟླས་འགྲུབ་པའི་མི་ལྡན་པ་མེད་པའི་ཕྱིར་མི ་ལྡན་པ་ཡང་མ་ཡིན་ནོ། །གཟུགས་མེད་པ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་དངོས་པོ་མེད་པས་གཟུགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་གཟུགས་མེད་པའོ། །བལྟར་མེད་པ་ཞེས་བྱ་བ་ནི་དེ་ནི་འདི་ཡིན་ནོ་ཞེས་བསྟན་དུ་མི་རུང་བའི་ཕྱིར ་བལྟར་མེད་པའོ། ཐོགས་པ་མེད་པ་ཞེས་བྱ་བ་ནི་གཟུགས་ཅན་གྱི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ་ཞེས་བྱ་བའི་ཆོས་དེ་དག་དོན་དམ་པར་རང་བཞིན་མེད་པར་རོ་གཅིག་? ་པའི་ཕྱིར། མཚན་ཉིད་མེད་པའི་རང་བཞིན་དུ་མཚན་ཉིད་གཅིག་གོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་པར་བྱའོ། དེ་ཅིའི ་ཕྱིར་ཞེ་ན་།ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ལྡན་པ་ཡང?་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་བསྟན་པའི་གཏན་ཚིགS ་བཤད་པ་སྟེ། དོན་དམ་པར་གཟུགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉི་ག་དངོས་པོ་ཡོད་པར་མ་གྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གཟུགས་ལ་སོགས་པའི་ཆོས་དེ་དག་ཐམས་ཅད་དང་ལྡན་པ་ཡང་མ་ཡིན ་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལ་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ་གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་པ་ནི་དོན་དམ་པར་དེ་གཉིས་དངོས་པོ་མེད་པར་རོ་གཅིག་པས་ཐ་དད་དུ་དབྱེར་ཡང་མེད་དོ་ཞེས་བསྟན་པའོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་མ་ཡིན་ཞེས་བྱ་བ་ནི་གཟུགས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་ཞེས་བྱ་བ་ནི་གཟུཌ ་ཀྱི་དེ་བཞིན་ཉིད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉི་ག་ཡང་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིགས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་ནི་གཟུགས་ཀྱི་ཆོས ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ནི་གཟུགས་ཀྱི་ཆོས་ཉིད་ཅེས་བྱ་བ་སྟོང་པ་ཉིད་དང། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉི་ག་ཡང་སྟོང་པ་ཉིད་དུ་རོ་གཅིག་པས་ཐ་དད་དུ་དབྱེར་མེད་དོ་ཞེས་བསྟན་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ ་དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པ་སྟེ། དེ་ལྟར་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པས་ན་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་གཟུགས་ཀྱང་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ལས་གུད་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཅིའི་ཕྱིར་དེ་སྐད་དུ་བསྟན་པའི་གཏན་ཚིགས་བཤད་པ་སྟེ། ཀུན་བརྟགས་པའི་གཟུགས་དང། གཟུགས་ཀྱི་དེ ་བཞིན་ཉིད་དང། གཟུགས་ཀྱི་ཆོས་ཉིད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་དེ་དག་ཐམས་ཅད་དོན་དམ་པར་མེད་ཅིང་མི་དམིགས་པའི་ཕྱིར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གཟུགས་ལས་གུད་ན ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་གོང་དུ་སྨོས་པའི་ཚིག་རྣམས་བཟླས་ཏེ་བསྟན་པའོ། །དེ་ལ་ཆོས་དེ་དག་མེད་ཅིང་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ལ ་སོགས་པའི་ཆོས་དེ་དག་གིས་རང་བཞིན་ཡོད་པར་མ་གྲུབ་པའི་ཕྱིར་རོ། །མི་དམིགས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དྲུག་གིས་དམིགས་པར་བྱ་བའི་ཡིལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས ་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་སོགས་པ་ནི་གོང་དུ་བཤད་པའི་ཚུལ ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དོན་དམ་པར་གང་ནས་ཀྱང་བཙལ་དུ་མེད་ལ། ཆོས་གང་གི་དངོས་པོ་ཡང་མ་ཡིན་དུ་ཟིན་ཀྱང། ཀུན་རྫོབ་ཏུ་དེ་ལ་བསླབས་ན་དུས་གསུམ་གྱི་ཉན་ཐོས་དང་རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས ་སོ་སོའི་འབྲས་བུ་ཁྱད་པར་ཅན་ཐོབ་པར་འགྱུར་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་དང། ཚད་མེད་པ་དང། མཛའ་ཡས་པ་ཡིན་ནོ་ཞེས་ངོ་མཚར་དུ་བཟང་བའི་ཡོན་ཏན་བསྟན་པ་སྟེ། དེ་ལ་བསླབས་ཤིང་རྒྱུན་ཏུ་ཞུགས་པ་རྣམས ་ཀྱིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ་འཐོབ་བོ། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོག་པར་འཚང་རྒྱའོ་མངོན་པར་རྫོགས་པར་སངས་རྒྱས་པར ་འགྱུར་རོ་ཞེས་བྱ་པའི་བར་དུ་ནི་དུས་གསུམ་གྱི་འཕགས་པ་ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ན་སོ་སོའི་འབྲས་བུ་ཁྱད་པར་ཅན་རྣམས་ཐོབ་པར་འགྱུར་བའི ་ཡོན་ཏན་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ེ་དེ་བཞིན་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱས་པར་འགྱུར་རོ་ཞེས་བྱ ་པའི་བར་དུ་ནི་བརྒྱ་བིན་བཤད་པའི་དོན་དང་ཚིག་རྣམས་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། རབ་འབྱོར་གྱིས་བཟླས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་དང། ཚད་མེད་པ་དང། མཛའ་ཡས་པའོ་ཟེར་བ་དེ་བདེན་ནོ་ཞེས་བསྟན་པའོ།། ་ཀཽ་ཤི་ཀ་གཟུགས་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཛའ་མི་དམིགས་ཕྱི་མའི་མཛའ་མི་དམིགས ་དབུས་མི་དམིགས་སོ་ཞེས་བྱ་བ་ནས་ཀཽ་ཤི་ཀ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྒྱ་ཆེ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དངོས་པོ་མེད་པ་ལ་སྟོན་གྱི་མཛའ་དང་ཕྱི་མའི་མཛའ་ ་དང། དབུས་མི་དམིགས་ཏེ། གང་དེ་ལྟར་མཛའ་དང་དབུས་མི་དམིགས་པའི་ཆོས་རྣམས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་ཅིང་ཐ་མི་དང་པས་གཟུགས་པ་སོགས་པ་ལ་དུས་གསུམ་དམིགས་སུ ་མེད་ཅིང་ཡོངས་སུ་ཆད་པ་མེད་དེ་རྒྱ་ཆེ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དུས་གསུམ་དམིགས་སུ་མེད་པའི་ཕྱིར་རྒྱ་ཆེ་བ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཟུགས་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མེད་པ་སྟེ་ཞེས་བྱ་བ་ནས། ཀཽ་ཤི་ཀ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཚད་མེད་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ ་པའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ ་པས་དེ་དག་གི་ཚད་འདི་ཙམ་མོ་ཞེས་ཚད་གཟུང་དུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་ཆོས་དེ་དག་དང་ཐ་མི་དད་པའི་ཕྱིར་དཔེ་ནམ་མཁལ་ལས་བླངས་ཏེ་ཚད་མེད་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཟུགས་མཛའ་ ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཛའ་ཡས་བ་སྟེ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཛའ་ཡས་པའི་ཕྱིར་མཛའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོར་མ་གྲུབ་པས ་དེ་དག་ལ་སྐྱེ་བའི་མཛའ་དང། འགག་པའི་མཛའ་ཡང་མེད་ལ། མཛའ་གཉིས་མ་གྲུབ་པས་དབུས་ཀྱང་དམིགས་སུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་ཆོས་དེ་དག་དང་ཐ་མི་དད་པའི་ཕྱིར་མཛའ་ཡས་པའོ་ཞེས ་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་དམིགས་པ་མཐ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཛའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས ་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་མཛའ་ཡས་པ་དང། ཆོས་ཀྱི་དབྱིངས་ལ་དམིགས་པ་མཛའ་ཡས་པ་དང། དེ་བཞིན་ཉིད་ལ་དམིགས་པ་མཛའ་ཡས་པ་དང། སེམས་ཅན་མཛའ་ཡས་པའི ་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་བསྟན་པ་སྟེ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ནི་དམིགས་པ་མཛའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི ་མཛའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ་ཞེས་བྱ་བ་ནི་དམིགས་པ་མཛའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པའོ་ཞེས་རབ་འབྱོར་གྱིས་བཤད་པའི་གཏན་ཚིགས་དྲིས་པའོ། །རབ་འབྱོར ་གྱིས་སྨྲས་པ། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པ་མཛའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཛའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ ་ཞེས་བྱ་བ་ནི་ཅིའི་ཕྱིར་དམིགས་པ་མཛའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམིགས་པར་བྱ་བའི་ཡུལ་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་དོན་དམ་པར་དངོས་པོ་མེད་པའི་རང་བཞིན་ཏེ། དེ་ལ་སྐྱེ་བའི་མཛའ་འམ། འགག་པའི་མཛའ་མེད་པས་མཛའ་ཡས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་དེ་དང་ཐ་མི་དད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང ་མཛའ་ཡས་པའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་ཆོས་དམིགས་པ་མཛའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས ་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ལ་དམིགས་པ་མཛའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པར་བྱ་བའི་ཡུལ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་དེ་ ་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་དེ་ལ་སྐྱེ་བ་དང་འགག་པའི་མཛའ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་ཐ་མི་དད་པའི་ཕྱིར་མཛའ་ཡས་པའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང ་དེ་བཞིན་ཉིད་དམིགས་པ་མཛའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཛའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་ལ ་དམིགས་པ་མཛའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམིགས་པའི་བྱ་བའི་ཡུལ་དེ་བཞིན་ཉིད་ཅེས་བྱ་བ་དེ་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན ་པས། དེ་ལ་སྐྱེ་བའི་མཛའ་དང་འགག་པའི་མཛའ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་ཐ་མི་དད་པའི་ཕྱིར་མཛའ་ཡས་པའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་སེམས་ཅན་མཛའ་ཡས་པའི་ཕྱིར་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཛའ་ཡས་སོ་ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་མཛའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པ་བསྟན་པ་སྟེ། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་སེམས་ཅན་གང་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བའི་སེམས་ཅན་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་དེ་ལ་སྟོན་ཀྱི་མཛའ་?་ཕྱི་མའི་མཛའ་མེད་དེ་མཐ་ཡས་པ་དེ་བཞིན་དུ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མཛའ་ཡས་པའོ་ཞེས་བསྟན་པ་སྟེ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་འདི་ལྟ་སྟེ། སེམས་ཅན་སེམས་ཅན་ཞེས་བྱ་པ་དེ་ཆོས ་གང་གི་ཚིག་བླ་དགས་ཡིན་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་དངོས་པོ་མེད་པའི་གཏན་ཚིགས་ཆད་དུ་གཞུག་པའི་ཕྱིར་བརྒྱ་བྱིན་ལ་དྲིས་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་ཆོས་ཀྱི་ཚིག་བླ་དགས་ཀྱང་མ་ཡིན་ཆོས་མ་ཡིན ་པའི་ཚིག་བླ་དགས་ཀྱང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སེམས་ཅན་ཞེས་བྱ་བ་འདི་ནི་གློ་བུར་དུ་མི་དུ་བཏགས་པ། དངོས་པོ་མེད་པར་མིང་དུ་བཏགས་པ་དམིགས་པར་མེད་པར་མིང་དུ་བཏགས་པའོ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་དངོས་པོ ་མེད་པའི་ཕྱིར་མཛའ་ཡས་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཞེས་བྱ་བའི་དངོས་པོ་འགའ་ཞིག་ཡོད་ན་ཆོས་དེའི་ཚིག་བླ་དགས་སོ་ཞེས་བྱང་ཡང་རུང་ན། དོན་དམ་པར་ཆོས་ཞེས་བྱ་བའི་དངོས་པོ་གང་ཡང་མེད་པས་སེམས་ཅན་འདི་དག ་ཆོས་དེའི་ཚིག་བླ་དགས་ཡིན་ནོ་ཞེས་བྱར་ཡང་མི་རུང་ལ། དེ་ལྟར་ཆོས་ཡོད་པར་མ་གྲུབ་པས་དེའི་ཟླས་འགྲུབ་པ་ཆོས་མ་ཡིན་པ་ཡང་མེད་པའི་ཕྱིར། ཆོས་མ་ཡིན་པའི་ཚིག་བླ་དགས་ཡིན་ནོ་ཞེས་བྱང་ཡང་མི་རུང་སྟེ། དེ་བས་ན་སེམས་ཅན་ཞེས་བྱ ་བ་འདི་དག་ནི་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པ་ལས། ཀུན་རྫོབ་ཏུ་གློ་བུར་དུ་མིང་དུ་བཏགས་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས ་སེམས་ཅན་དུ་བཤད་པ་གང་ཡང་ཡོད་དམ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཀྱང་དོན་དམ་པར་སེམས་ཅན་ཡོད་པར་མ་བཤད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ལ་སེམས་ཅན ་དུ་བཤད་པ་གང་ཡང་མེད་པ་དེ་ལ། སེམས་ཅན་མཛའ་ཡས་པ་ཡོད་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སེམས་ཅན་དངོས་པོ་ཡོད་པར་བཤད་པ་ཉིད་དངོས་པོ་མེད་པ་ཡིན་པས་མཛའ་ཡས་པ་ཡིན་ནོ་ཞེས་བསྟན་པའོ?། ་ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ། སེམས་ཅན་སེམས་ཅན་ཞེས་གསུང་དུ་བརྗོད་ན་ཀཽ་ཤི་ཀ་དེ ་ཇི་སྙམ་དུ་སེམས། དེ་ལ་སེམས་ཅན་གང་ཡང་སྐྱེ་བ་འམ་འགག་པར་གྱུར་པ་ཡོད་དམ་ཞེས་བྱ་བ་ནི་སེམས་ཅན་ཞེས་བྱ་བ་ཀུན་རྫོབ་ཏུ་ཚིག་ཏུ་བརྗོད་ཙམ་པ་གྱིས་ཡང་དག་པར་དངོས་པོ་ཡོད་པ་མ་ཡིན་པའི་དོན་བསྟན་པའི་ཕྱིར་བརྒྱ ་བྱིན་ལ་དྲིས་པའོ། །སྨྲས་པ་བཙུན་པ་རབ་འབྱོར་དོན་མེད། ཅིའི་ཕྱིར་ཞེ་ན། སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་སེམས་ཅན་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱི་སྟོང་པ་གང་ཡིན་པ་དེ་ནི་ཐོག་མ ་ནས་རྣམ་པར་དག་པའི་ཕྱིར་སྐྱེ་པ་འམ་འགག་པར་གྱུར་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ལྟར་རྣམ་གྲངས་དེས་ན་སེམས་ཅན་མཛའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པར་རིག ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་སེམས་ཅན་དངོས་པོ་མེད་པས་སྐྱེ་བ་དད་འགག་པའི་མཛའ་གཉིས་ཀྱང་མེད་དེ། དེ་ལྟར་སེམས་ཅན་མཛའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད་པ་ཡིན་པས་མཛའ་ཡས་པར ་རིག་པར་བྱའོ་ཞེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛའ་ཡས་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང། ཚངས་པ་དང་བཅས་པའི་ལྷ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བཤད་པ་ལྷའི་དབང་པོ་བརྒྱ་བྱིན་དང། ཚངས་པ་ལ་སོགས་པ་ཆོས་འཆད་པའི་འཁོར་ནས་འཁོར་པའི་ལྷ་དང་མི་རྣམས་ཀྱི་དོན་དང་ཚིག་རྣམས་རྟོགས་ནས་དང་པ་སྐྱེས་ཤིང་དམ་སྟེ། ་དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱིས་བརླབས་ཀྱིས་རབ་འབྱོར་གྱིས་ཆོས་ཟབ་མོ་བཤད་པ་དེ་ལེགས་པར་བཤད་དོ་ཞེས་ཆེད་དུ་བརྗོད་པ་བསྟན་པ་སྟེ་།ཆེད་སུ་བརྗོད་པ་ཞེས་བྱ་བ་ནི་མགུ་ཆེས་ནས་དམ་སྟེ། སུས་ཀྱང་སྨར་མ་བཅུག་པར་དགའ་ ་ཞིང་མགུ་པའི་ཤུགས་ཀྱིས་ཚིག་ཏུ་བརྗོད་པའོ། །དེ་བཞིན་གཤེགས་པ་འབྱུང་བའི་དོན་དུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཐོས་ཤིང་རྟོགས་པ་ལས་དེ་བཞིན་གཤེགས་པ་ཉིད་དུ་འབྱུང་བའི་ཕྱིར་རོ། །བཤད་ཅིང་བརྗོད ་དེ་བསྟན་པ་ཞེས་བྱ་བ་ལ་བཤད་པ་ནི་མདོར་བཤད་པའོ། །བརྗོད་པ་ནི་འབྲིང་དུ་བཤད་པའོ། །བསྟན་པ་ནི་རྒྱ་ཆེར་བཤད་དོ། །ཆོས་འདི་ནི་ཀྱེ་མ་ལེགས་པར་བཤད་དོ། །ཀྱེ་མ་ཆོས་འདི་ནི་ལེགས་པར་བཤད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་མདོ་སྡེ་འདིའི་ཚིག་གི་རང་བཞིན་གྱིས་ཆོས་འདི་ལེགས་པར་བཤད་དོ་ཞེས་མགུ་བའི་ཤུགས་ཀྱིས་ལན་གཉིས་སུ་བཟླས་ཏེ་སྨྲས་པའོ། །ཀྱེ་མ་ཆོས་ཀྱི་ཆོས་ཉིད་ནི་ལེགས་པར་བཤད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་དོན་དེ་བཞིན་ཉིད་ལེགས་པར་བཤད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང ་བར་བགྱིའོ་ཞེས་བྱ་བ་ནི་དེ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་དང། བསམ་པ་དང། བསྒོམ་པའི་ཤེས་རབ་ཀྱིས་དོན་རྟོགས་པའི་སྒོ་ནས་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི་གདོན་མི་ཟ་བར ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་པའི་ཕྱིར་དེ་བཞིན་གཤེགས་ཉིད་དུ་གཟུང་བར་བྱའོ་ཞེས་དབང་པོ་ལ་སོཌ་པའི་ལྷ་དང་མི་རྣམས་ཀྱིས་སྨྲས་པའོ། །ཆོས་གང་ཡང་དམིགས་སུ་མཆིས་ཏེ། གཟུགས་སམ་ཚོར་པ་འམ་ཞེས་བྱ་བ་ནས ་ཐེག་པ་གསུམ་རྣམ་པར་དགོད་པ་མ་མཆིས་ཏེ་ཞེས་བྱ་བའི་བར་དུ་ནི་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ཐབས་དང་ཤེས་རབ་དུ་ལྡན་པས་ལེགས་པར་བཤད་པའི་གཏན་ཚིགས་བསྟན་པ་སྟེ། ་ཤེས་རབ་ཀྱིས་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་དམིགས་སུ་མེད་པར་རྟོག་ཀྱང། ཐབས་ཀྱིས་ཀུན་རྫོབ་ཏུ་ཐེག་པ་གསུམ་སེམས་ཅན་གྱི་ཡིད་དང་སྦྱར་ཏེ་བཤད ་པ་ལེགས་པར་བཤད་དོ་ཞེས་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་སྨྲས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་པོ་དང་བཅས་པ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །ཇི་ལྟར་སྤྲས་པ་དེ་བཞིན་ནོ་ཞེས་བྱ་བ་ནས། ཆོས ་གང་ཡང་མི་དམིགས་མོད་ཀྱི་ཐེག་པ་གསུམ་རྣམ་པར་དགོད་པ་ཡང་ཡོད་དོ་ཞེས་བྱ་པའི་བར་དུ་ནི་དབང་པོ་དང་བཅས་པའི་ལྷ་རྣམས་སྨྲས་པའི་ཚིག་རྣམས་འཁོར་ཐམས་ཅད་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས ་ཚིག་དེ་དག་ཉིད་བཟླས་ཏེ། དེ་དེ་བཞིན་ནོ་ཞེས་བཀའ་སྩལ་པའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི་དེ་བཞིན ་གཤེགས་པ་ཉིད་དུ་གཟུང་བར་བྱའོ་ཞེས་བྱ་བ་ནི་གོང་དུ་ལྷ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི་བདག་ཅག་གིས་དེ་བཞིན་གཤེགས་པ་ཉིད ་དུ་གཟུང་བར་བྱའོ་ཞེས་སྨྲས་པའི་དོན་འཁོར་ཐམས་ཅད་ཀྱི་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་དེ་ཉིད་བཟླས་ཏེ་བཀའ་སྩལ་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས ་ཐེག་པ་གསུམ་རྒྱ་ཆེར་བསྟན་པ་འདི་ལྟ་བུ་དང་མ་བྲལ་ན་དེ་བཞིན་གཤེགས་པ་ཉིད་དུ་གདོན་མི་ཟ་པར་འགྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེཌ་པ་ཉིད་དུ་གཟུང་བར་བྱའོ། །ཞེས་བསྟན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན ་དུ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བའི་བྱང་ཆུབ་སེམས ་དཔའ་དེ་དག་ཀྱང་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་སངས་རྒྱས་ཀྱི་ཆོས་ཀྱི་མིང་གིས་སྨོས་པ་དེ་རྣམས་དང་ཐ་མི་དད་དེ། དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར་སངས་རྒྱས་ཀྱི ་ཆོས་དེ་རྣམས་ལས་གཞན་དུ་བཙལ་དུ་མེད་དོ་ཞེས་བསྟན་པའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་འདི་དག་ཐམས་ཅད་ལས་སློབ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སློབ་པོ་ཞེས་བྱ་བ་ནས། ལྷའི་བུ་དག་དེ་བས་ན་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མི་བྲལ་བར་སྤྱོད་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་སྟེ་ཞེས་བྱ་བའི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་དག་དེ ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བ་དང། དེ་བཞིན་གཤེགས་པ་དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་ལས་གཞན་དུ་མི་དམིགས་སོ་ཞེས་གོང་དུ་བཤད་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ན་ཡིད་ལ་ཐུག་གི་བར་གྱི་སངས་རྒྱས་ཀྱི་ཆོས་མིང་གིས་སྨོས་པ་རྣམས་ལ་སློབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ལ། དོན་དམ་པར་སངས་རྒྱས ་ཀྱི་ཆོས་དེ་རྣམས་དང་དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་ཉིད་དུ་རོ་གཅིག་སྟེ་ཐ་མི་དད་པས་ཆོས་ཀྱི་སྐུའི་རང་བཞིན་གྱི་དེ་བཞིན་གཤེགས་པ་ཉིད་དུ་རིག་པར་བྱའོ་ཞེས་བསྟན་པའོ། །ལྷའི་བུ་དག་གང་གི་ཚེར?་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཞབས་འབྲིང་བྱེད་ཅིང། རྒྱལ་པོའི་ཁབ་པདྨ་ཡོད་པའི་ནང་གི་ཚོང་འདུས་ཀྱི་དབུས་ན་འདུག་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ་ཞེས་བྱ་བ ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ལ་གསང་དུ་སློབ་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་རྣམས་ཀྱང་གདོན་མི་ཟ་བར་སངས་རྒྱས་ཉིད་དུ་འགྱུར་བར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས། སངས ་རྒྱས་ཤཱཡ་ཐུབ་པ་སྔོན་བྲམ་ཟེའི་ཁྱེའུ་མཛད་པའི་ཆེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་དང་མ་བྲལ་བར་གྱུར་པ་གཟིགས་ནས་ལུང་བསྟན་པའི་དཔེ་བཤད་པ་སྟེ། ད་སྔོན་བྲམ་ཟེའི་ཁྱེའུ་བྱེད་པའི་ཚེ་སྦྱིན ་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་མཉན་པ་དང། སེམས་པ་དང་སྒོམ་པའི་སྒོ་ནས་མ་བྲལ་བར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་གཟིགས་ནས། ད་ལ་ཁྱེའུ་ཁྱོད་མ་འོངས་པའི་དུས་ཀྱི་བསྐལ་པ? ་གྲངས་མེད་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་ལུང་བསྟན་པ་དང་སྦྱར་ན། བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དག་མ་བྲལ་བ་དེ་ཡང་གདོན་མི་ཟ་བར་དེ་བཞིན་གཤེགས་པ་ཉིད་དུ ་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་རིག་པར་བྱའོ། །དེ་ལ་བསྐལ་པ་བཟང་པོ་ཞེས་བྱ་བ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་བསྐལ་པ་བཟང་པོ་འདི་ལ་བྱའོ། །འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཞེས ་བྱ་བ་ནི་མི་མཛེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་ལ་བྱའོ། །ཤཱཀྱ་ཐུབ་པ་ཞེས་བྱ་བ་ནི་ཤཱཀྱའི་རིགས་ལས་བྱུང་ཞིང་མི་རིགས་པ་མི་བྱེད་པར་ཐུབ་པ་ལ་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་ཀྱི ་རང་བཞིན་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མཁྱེན་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་གཤེགས་ཤིང་ཕྱིན་པ་དེ་བཞིན་དུ་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པའི་ཕྱིར་རོ། ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་གཏི་མུག་གི་གཉིད་ལས་སངས་ཏེ། བློ་རྒྱས་པས་ཆོས་ཐམས་ཅད་མ་ལུས་བར་ཐུགས་སུ་ཆུད་པ་ལ་བྱའོ། །མཁྱེན་པ་དང་རྐང་པར་ལྡན་པ་ཞེས་བྱ་བ་ལ་མཁྱེན་པ་ནི་ཆོས་ཐམས་ཅད་ཡང ་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ལྷག་པའི་ཤེས་རབ་དང་ལྡན་པའོ། །རྐང་པ་ནི་ལྷག་པའི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་གྱི་རང་བཞིན་ལྷག་པའི་སེམས་དང་ལྡན་པ་ལ་བྱ་སྟེ། ཤེས་རབ་ཀྱི་མིག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ ་བཞིན་དུ་མཐོང་ནས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་རྐང་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཕྱིན་པར་བྱེད་པའི་ཕྱིར་མཁྱེན་པ་དང་རྐང་པར་ལྡན་པ་ཞེས་བྱའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་བདེ ་བར་ཞུགས་ཏེ། ཕྱིར་མི་ལྡོག་པའི་ཚུལ་དུ་གཤེགས་པས་ན་བདེ་བར་གཤེགས་པ་ཞེས་བྱའོ། །འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ལ་གཟིགས་ཤིང་སྐལ་པ་ཡོད་པ་དང། སྐལ་པ་མེད་པ་དང། འདུལ་བའི་དུས་ལ་བབ་མ་བབ?་ ་མཁྱེན་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཐོག་ཏུ་བབ་བར་མཁྱེན་པ་ལ་བྱའོ། །བླ་ན་མེད་པ་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ་ཞེས་བྱ་བ་ནི་སེམས་ཅན་འདོད་ཆགས་ཀྱི་ཤས་ཆེ་བ་དང། ཞེ་སྡང་གི་ཤས་ཆེ་བ?་དང ་གཏི་མུག་གི་ཤས་ཆེ་བ་རྟ་རྒོད་དང་འདྲ་བ?་གདུལ་དཀའ་བ་རྣམས་ཐབས་བཟང་ཞིང་སླ་བས་སོ་སོའི་ཐབས?་ཐབས་བཞིན་དུ་བཏུལ་ནས་དོན་དུ་བསྒྲུབ་པའི་མཆོག་མྱ་ངན་ལས་འདས་པ་ལ་གནས་པར་ཁ་ལོ་བསྒྱུར་ཞིང་འཇོག་པའི་མཆོག ་ཡིན་པའི་ཕྱིར་རོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ལ་ཡང་དག་པའི་ཆོས་སྟོན་ཅིང། ལྷ་དང་མི་རྣམས་ཀྱིས་ཀྱང་སྟོན་པའམ་མཁན་པོར་གཟུང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་ཞིང ་གཟུགས་དང་གྲགས་པ་དང། དབང་ཕྱུག་དང། དཔལ་དང། ཡེ་ཤེས་དང། བརྩོན་འགྲུས་ཏེ། ལེགས་པ་འདི་དྲུག་དང་ལྡན་པ་ལ། འཇིག་རྟེན་པའི་སྟོན་པ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ལས་འཕགས་ཤིང་འདས་པའི་ཕྱིར་བཅོམ་ལྡན ་འདས་ཞེས་བྱའོ། །དེ་ནས་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་གཟུགས་མི་ལེན་མི ་མི་འདོར་བའི་ཚུལ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ལེན་མི་འདོར་བའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་མཐུན་པར་ཡོངས་སུ་འཛིན་པ་ནི་ངོ་མཚར ་ཆེའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ལྷའི་བུ་རྣམས་ཀྱིས་ཐོས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་རྟོགས་ན་དོན་དཾ་པར ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བླང་དོར་མེད་པར་ཡང་རྟོགས་ལ། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཅིང་ཐོབ་པར་འགྱུར་བ་ངོ་མཚར་ཆེའོ་ཞེས་ལྷའི་བུ་རྣམས་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའོ། ་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མའི་འཁོར་བཞི་དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་ཅིང་བསྒོམ་པ་ལ་སོགས་པའི་ཕན་ཡོན་བདུད་ལ་སོཌ་པས ་བར་ཆད་བྱ་མི་ནུས་པ་བསྟན་པ་སྟེ། དེ་ལ་འཛིན་པ་ནི་གཞན་ལས་མཉན་ཏེ། དོན་དང་ཚིག་རྣམས་མ་བརྗེ?་དཔའ་?་འཛིན་པའོ། །འཆང་བ་ནི་གླེགས་བམ་དུ་བྲིས་ཏེ་མཆོད་ཅིང་འཆང་བའོ། །ཀློག་པ་ནི་གླེགས་བམ་དུ་བྲིས་པ་ཀློག་པའོ། །ཀུན ་ཆུབ་པར་བྱེད་པ་ནི་བསམ་པའི་ཤེས་རབ་ཀྱིས་དོན་རྟོགས་པར་བྱེད་པའོ། །བསྒོམ་པ་ནི་སྒོམ་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་གོམས་པར་བྱེད་པའོ། །གཞན་ལ་རྒྱ་ཆེར་འཆང་བ་ནི་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པ་དང། རྒྱ་ཆེར ་འཕེལ་བར་བྱ་བའི་ཕྱིར་དོན་དང་ཚིག་ཞིབ་ཏུ་བཤད་པའོ། །ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་མི་མཐུན་པའི་ཕྱོགས་ཀྱི་བསམ་པ་ངན་པ་དང་མ་འདྲེས་ཤིང། འཕགས་པའི་ལམ་དང་མཐུན་པར་ཡིད་ལ་བྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་དེ་ལྟར་མཉན་པ་དང་བསམས་པ་ལ་སོགས་པའི་འབྲས་བུ་འཇིག་རྟེན་པའི་ལོངས་སྤྱོད་པ་དང། ཐེག་པ་དམན་པར་མི་བསྔོ་བར། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར ་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དེ་དག་གིས་གཟུགས་སྟོང་པ་ཉིད་ཤིན་ཏུ་བྱིན་གྱིས་བརླབས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བདུད་ཀྱིས་གླགས་རྙེད་པར་མི་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། གླགས་བཙལ་བར་བྱ་བ ་དང། གླགས་འཚོལ་བར་བྱེད་པ་གཉིས་ཀ་ཡང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལས་གུང་ན་མེད་དེ། ཕུང་པོ་ལྔ་པོ་དེ་དག་སྟོང་པ་ཉིད་དུ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་གླགས་བཙལ་བ་དང། གླགས ་འཚོལ་བ་གཉིས་ཀ་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། མཚན་མ་མེད་བས་མཚན་མ་མེད་པ་ལ་གླགས་མི་རྙེད། སྨོན་པ་མེད་པས་སྨོན་པ་ལ ་གླགས་མི་རྙེད་དོ་ཞེས་བྱ་བ་ནི་གླགས་བཙལ་བ་དང་གླགས་འཚོལ་བ་གཉིས་ཀ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའི་རང་བཞིན་དུ་རོ་གཅིག་པའི་ཕྱིར་དེ་ལྟར་གླགས་བཙལ་དུ་མེད་དོ་ཞེས་བསྟན་པའོ། །གཟུགས་ལ་སོཌ ་པའི་ཕུང་པོ་ལྔ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གླགས་རྙེད་པར་འགྱུར ་གང་དུ་གླགས་རྙེད་པར་འགྱུར་བ་དང། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་གླགས་བཙལ་བ་དང་གླགས་འཚོལ་བ་དང། གླགས་བཙལ་བའི་གནས་གསུམ་ཆར་དོན་དམ་པར་དངོས་པོ་མེད ་པར་བསྟན་པ་སྟེ། གང་གིས་གླགས་རྙེད་པར་འགྱུར་བ་དང་ཞེས་བྱ་བ་ནི་བདུད་ཀྱིས་གླགས་རྙེད་པར་འགྱུར་བའི་ལས་དང། བདུད་ཉིད་དངོས་པོ་མེད་པར་བསྟན་པའོ། །གང་དུ་གླགས་རྙེད་པར་འགྱུར་བ་དང། ཞེས་བྱ་བ་ནི་ལྷ་ཡུལ་ལམ ་མི་ཡུལ་གྱི་གནས་གང་དུ་བདུད་ཀྱིས་གླགས་རྙད་པར་འགྱུར་བའི་གནས་དེ་ཡང་དངོས་པོ་མེད་དོ་ཞེས་བསྟན་པའོ། །གང་ལ་གླགས་རྙེད་པར་འགྱུར་ཞེས་བྱ་བ་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ ་དེ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པའི་ཕྱིར་གླགས་མི་རྙེད་དོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ནི་མི་འམ་མ་ཡིན་པ་གླགས་པ་ལྟ་ཞིང་གླགས་འཚོལ་བ་དག་གིས་གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མི་དང་མི་མ་ཡིན་པས་གནོད་པ་བྱ་མི་ནུས་པའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་འདིས་དེ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས ་ཅད་ལ་བྱམས་པ་དང། སྙིང་རྗེ་དང་དགའ་བ་དང། བཏང་སྙོམས་ཤིན་ཏུ་བསྒོམས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མི་དང་མི་མ་ཡིན་པས་གླགས་མི་རྙེད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ལ་ཉན་ཅིང་སེམས་པ་ལ་སོགས་པའི་སྒོ་ནས་སྤྱོད་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཚད་མེད་པ་བཞི་དང་ལྡན་པར་འགྱུར་བས་དེའི་ཕྱིར་མི་དང་མི་མ་ཡིན་པ་དག་གིས་གནོད་པར་བྱ་བའི་གླགས་རྙེད་པར་མི་འགྱུར་རོ་ཞེས་བསྟན་པའོ། ། ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཉམ་ང་བ་མ་སྤང་པར་དུས་བྱེད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་དུག་དང་མཚོན་ལ་སོགས་པའི་གནོད་པས་དུས་མ་ཡིན་པར་ཚེ་འཕོ་བར་འགྱུར་བ ་མེད་པའི་ཕན་ཡོན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྤང་བས་བསྙེན་བཀུར་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་གདོན་མི་ཟ་བར་སྦྱིན་པས་ཀྱང་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཅིང། དུག་དང་མཚོན་ལ་སོགས་པ་སེམས་ཅན་ལ་གནོད་པར་འགྱུར་བ་རྣམས་ལེགས་པར་སྤངས་ཤིང། གནོད་པ་མ་བྱས་པའི ་ཕྱིར་ཉམ་ང?་བ་མ་སྤངས་པས་དུས་བྱེད་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་ལྷ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཀྱི་སེམས་དང་ཡང་བྲལ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་ཅིང་བསམས་ན་བདུད་དང་མི་དང་མ་ཡིན་པ་དག་གིས་གླགས་མི་རྙེད་ཅིང། ཉམ་ང་བ་མ་སྤངས་པར་དུས་བྱེད་པར་མི་འགྱུར་བའི ་ཕན་ཡོན་དང་ལྡན་པའི་ཕྱིར་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ལྷ་བླ་ན་མེད་པའི་བྱང་ཆུབ་ཏུ་ཞུགས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་མཉན་ཞིང་བསམས་པ་ལ་སོགས་པ་བྱས་པ་རྣམས་ཀྱིས་ཀྱང་ད་རུང་ཡང་མཉན་ཅིང་བསམས ་པ་ལ་སོགས་པ་བྱའོ། །ལྷའི་བུ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྔོན་མ་ཐོས་མ་བསམས་པ་དེ་དག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པར་བྱ་སྟེ། མཉན་ཅིང་བསམས་པ་ལ་སོགས་པ ་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་མི་དམིགས་པའི་ཚུལ་གྱིས ་ཤིན་ཏུ་བསྒོམས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང། ཁྱིམ་སྟོང་པ་ལ་སོགས་པ་འཇིགས་པའི་གནས་ངན་པ་ན་འདུག་ཀྱང་དེ་དག་གིས་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅོ་བརྒྱད ་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པས་འཇིགས་པའི་མཚན་མ་དང་བྲལ་བའི་ཕྱིར་འདྲེ་གདོན་ལ་སོགས་པས་འཇིགས་པར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་བྱ་བ་ནས་བཅོམ་ལྡན་འདས་རྣམ་གྲངས་དེས་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྲུང་པ་དང་བསྐྱང་བ་དང་བསྐྱབ་པར་བགྱིའོ་ཞེས་བྱ་བའི ་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཅིང་སེམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡོད་ན་དེའི་ཕན་ཡོན་འཇིག་རྟེན་དུ་ངན་སོང་གསུམ་རྒྱུན་ཆད་པར་འགྱུར་བ་དང། ལྷ་དང་མིའི་ནང་ན་མི་བདེ་བ་དང་ནད་ལ་སོགས་པ་གནོད་པ་ཐཾས་ཅད ་རྒྱུན་ཆད་པར་འགྱུར་བ་དང། དགེ་བ་བཅུ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་དཀར་པོའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་པ་དང། རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པ་འདོད་པའི་ཁམས་ཀྱི ་མི་ཡ་རབས་དང་ལྷ་རྣམས་དང། གཟུགས་ཁམས་ཀྱི་ལྷ་རྣམས་འབྱུང་བར་འགྱུར་བ་དང་རྒྱུན་ཏུ་ཞུགས་པ་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཐུག་གི་བར་དུ་འཇིག་རྟེན་ལས་འདས་པའི་འཕགས་པ་རྣམས་དང། འཕགས་པའི ་མཐུ་དང། ཡོན་ཏན་རྣམས་འབྱུང་བར་ལྷ་རྣམས་ཀྱིས་རྟོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཅིང་སེམས་པའི་བྱང་ཆུབ་སེམས་དཔའ་ལ། ལྷ་རྣམས་ཀྱིས་རྟག་ཏུ་བསྲུང་བ་དང། བསྐྱང་བ་དང་བསྐྱབ་པར་ཁས་བླངས་པར་བསྟན་པ་སྟེ། དེ ་བསྲུང་བ་ནི་ཕྱི་རོལ་གྱི་གནོད་པ་མི་འབྱུང་བར་བསྲུང་བའོ། །བསྐྱང་བ་ནི་ལུས་ཀྱི་བདེ་བ་ཐམས་ཅད་བསྒྲུབ་པའོ། །བསྐྱབ་པ་ནི་ནང་གི་ནད་ལ་སོགས་པ་ལ་སྐྱོབ་པའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ ་འདི་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བ་ནས། དེ་བས་ན་ལྷ་དང་མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོ་བྱའོ། །བཀུར་སྟིར་བྱའོ། །པུ་དུད་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་རྒྱུན་མི ་འཆད་པར་དེ་ལ་བསྲུང་བ་དང་བསྐྱང་བ་དང་བསྐྱབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ལྷ་རྣམས་ཀྱིས་གསོལ་པའི་ཚིག་བཅོམ་ལྡན་འདས་ཀྱིས་བཟླས་ཏེ་བཀའ་སྩལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་དང། ་སེམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡོད་ན་འཇིག་རྟེན་དུ་ཕན་ཡོན་དེ་དག་འབྱུང་བ་བདེན་གྱིས་བྱང་ཆུབ་སེམས་དཔའ་དེ་ལ་རིམ་གྲོ་ལ་སོགས་པ་བྱ་ཞིང་བསྲུང་བར་བྱ་བའི་རིགས་སོ་ཞེས་བཀའ་སྩལ་པ་སྟེ། དེ་ལ་རིམ་གྲོ ་བྱ་བ་ནི་བཟའ་བ་དང། བགོ་བ་ལ་སོགས་པ་སྦྱིན་པས་རིམ་གྲོར་བྱ་བའོ། །བཀུར་སྟི་བྱ་བ་ནི་དག་ཉན་ཅིང་བྱ་བ་ཐམས་ཅད་ལ་གཡོག་བྱ་བས་བཀུར་སྟིར་བྱ་བའོ། །ཕུ་དུད་དུ་བྱ་བ་ནི་སྟན་ལས་ལྡང་ཞིང་ཕྱག་བྱ་བ་ལ་སོགས་པའོ། །མཆོད ་པར་བྱ་བ་ནི་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པའོ། །ཀཽ་ཤི་ཀ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱ་བ་དང། བཀུར་སྟིར་བྱ་བ་དང། མཆོད་པར་བྱ་བར་སེམས་པ་དེ་ནི་ང་ལ་རིམ ་གྲོར་བྱ་བ་དང། བཀུར་སྟིར་བྱ་བ་དང། ཕུ་དུད་དུ་བྱ་བ་དང། མཆོད་པར་བྱ་བར་སེམས་སོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉན་ཅིང་སེམས་པ་ལ་སོགས་པའི་སྒོ་ནས་ནན་ཏན་དུ་བྱེད་ཅིང། ཉམས་སུ ་ལེན་པའི་བྱང་ཆུབ་སེམས་དཔའ་དེ་གདོན་མི་ཟ་བར་དེ་བཞིན་གཤེགས་པར་འགྱུར་བའི་ཕྱིར་དེ་ལ་རིམ་གྲོ་ལ་སོགས་པ་བྱས་ན་དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱས་པ་དང་འདྲའོ། །ཞེས་བསྟན་པའོ། །ཀཽ་ཤི་ཀ་སྟོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་སྟེ། དཔེར་ན་འདམ་བུའི་ཚལ་ལམ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉན་པ་དང་སེམས་པ་ལ་སོགས་པའི་སྒོ་ནས་ཉམས་སུ་ལེན་པའི་བྱང ་ཆུབ་སེམས་དཔའ་ཉན་ཐོས་དང། རང་སངས་རྒྱས་རྣམས་ལས་ཡོན་ཏན་ཁྱད་པར་དུ་འཕགས་པ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བརྒྱ་ཆེར་བཤད་པ་ལས། ལེའུ་བཅུ་བདུན་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་དང ་སེམས་པ་ལ་སོགས་པའི་ཡོན་ཏན་དང་ཕན་ཡོན་ཚེ་འདི་ལ་ཐོབ་པར་འགྱུར་བ་བརྒྱ་བྱིན་གྱིས་འཁོར་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་བསྟན་པ་སྟེ། དེ་ཡང་ཚེ་འདི་ཉིད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་ནུས་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར ་བྱ་ནུས་པ་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་ནུས་པ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ། རིམ་གྲོ་དང་བཀུར་སྟི་བྱ་ནུས་པའི་དགེ་བའི་རྩ ་ཕུན་སུམ་ཚོགས་པར་འགྱུར་བ་དང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པ་ཡང་མངོན་པར་སངས་མ་རྒྱས་ཀྱི་བར་དུ་བརྗོད་པར་མི་འགྱུར་བ་དང། རིགས་ཕུན་སུམ་ཚོགས་པ་ལ་སོགས་པ་དང་ལྡན་པར་འགྱུར་བ་བསྟན་པ་སྟེ། ་དེ་ལ་རིགས་ཕུན་སུམ་ཚོགས་པ་ནི་རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པའི་རིགས་སུ་སྐྱེ་བར་འགྱུར་བའོ། །སྐྱེ་བ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཡུམ་མཆོག་དམ་པའི་ལྷུམས་ནས་སྐྱེ་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཤཱཀྱ ་ཐུབ་པའི་ཡུམ་སྒྱུ་མའི་ལྷ་མོ་ལྟ་བུའོ། །ཚེ་ཕུན་སུམ་ཚོགས་པ་ནི་ཚེ་རིང་ཞིང་གློ་བུར་དུ་ཚེ་མི?་འཕོ་བའོ། །འཁོར་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་དེའི་འཁོར་དམ་པའི་ཆོས་ལ་ཕྱོགས་ཤིང་ཞི་བ་དང་དུལ་བ་ཤ་སྟག་སྟེ། དཔེར་ན་བཅོམ་ ་ལྡན་འདས་ཤཱཀྱ་ཐུབ་པའི་འཁོར་འཕགས་པ་ཀུན་དགའ་བོ་ལ་སོགས་པ་ལྟ་བུའོ། །མཚན་ཕུན་སུམ་ཚོགས་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །འོད་ཕུན་སུམ་ཚོགས་པ་ནི་དད?་བ་ན་བཅོམ ་ལྡན་འདས་ཤཱཀྱ་ཐུབ་བའི་འོད་འདོམ་གང་བ་དང་ལྡན་པ་ལྟ་བུའོ། །མིག་ཕུན་སུམ་ཚོཌ་པ་ནི་དེ་བཞིན་གཤཌ?་པའི་སྤྱན་ལྔ་དང་ལྡན་པར་འགྱུར་བའོ། །དབྱངས་ཕུན་སུམ་ཚོཌ་པ་ནི་དེ་བཞིན་གཤེཌ་པའི་གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའོ། །ཏིང་ངེ་འཛིན་ཕུན་སུམ་ཚོཌ་པ་ནི་དཔའ་བར་འགྲོ་བའི ་ཏིང་ངེ་འཛིན་ལ་སོཌ་པ་དང་ལྡན་པའོ། །གཟུངས་ཕུན་སུམ་ཚོགས་པ་ནི་དོན་དང་ཚིག་མི་བརྗེད་པའི་དྲན་པ་དང་ཤེས་རབ་ཀྱི་གཟུངས་དང་ལྡན་པའོ། །ཐབས་མཁས་པས་བདག་ཀྱང་སངས་རྒྱས་ཀྱི་སྐུར་མངོན་པར་སྤྲུལ་ཆིང། འཇིག་རྟེན་གྱི་ཁམས་ནས་འཇིག ་རྟེན་གྱི་ཁམས་སུ་མཆེ་བ་དང། གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེ་ཞིང་འབྱུང་བར་མ་གྱུར་པ་དེ་དང། དེ་དག་ཏུ་མཆིས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་དང་ཞེས་བྱ་བ་ནས། ཐབས་མཁས་པས་སེམས་ཅན ་རྣམས་ལ་ཆོས་སྟོན་པ་དང། སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། སངས་རྒྱས་ཀྱི་ཐེག་པ་དང། ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་ནི་ཐབས་མཁས་པས་སངས ་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སོང་ཞིང། སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་སྟོན་ནུས་པའི་ཕན་ཡོན་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་བ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཡོངས་སུ་གཟུང་བར་འགྱུར་བ་ཡང་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉན་ཅིང་བསམ་པ་ལ་སོགས་པའི་ནན་ཏན་བྱས་ན་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ནན་ཏན་བྱས་ཤིང་ཡོངས་སུ་གཟུང་བར་འགྱུར་བའི་ཕན་ཡོན ་བསྟན་པའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་ཕན་ཡོན་བསྔགས་པའི་འཁོར་རྣམས་བསྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར། དེ་དེ་བཞིན་ནོ་ཞེས་བཟླས་ཏེ་བཀའ་སྩལ་པའོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང། ཡོངས་སུ་བཟུང་བ་དང་ཞེས་བྱ་བ་ལ་སོཌ ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང། སེམས་པ་ལ་སོགས་པའི་སྒོ་ནས་ནན་ཏན་བྱེད་པ་ལ། བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཚེ་འདི་ལ་བར་ཆད་བྱ་མི་ནུས་པའི་ཕན་ཡོན་བསྟན་པ་སྟེ། བརྒལ་བ་ཞེས་བྱ་བ་ནི་དམག་འགྱེད་ཅིང་འཐབ ་མོར་བརྒོལ་བའོ། །དབྲལ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་དུ་མི་སྟེར་ཅིང་བྲལ་བར་བྱེད་པའོ། །བརྩོད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་གཞུང་ལས་བརྟེན་ནས་ཤགས་སུ་རྒོལ་པའོ། །བརྒལ་བར་འདོད་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་གལ་དང་སྐྱོན་འཛིན་ཅིང་སུན་འབྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་བདུད་དང་མུ ་སྟེགས་ཅན་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་རྒྱུ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེས་ཡུན་རིང་པོར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱིས་དོན་དུ་སྦྱིན་པ་ལ་སོགས ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་འཐབ་པ་དང། རྩོད་པ་དང། འཁྲུག་པ་དང། ཤགས་སུ་འགྱུར་བའི་ཕྱི་ནང་གི་ཆོས་རྣམས་ཡོངས་སུ་བཏང་སྟེ། སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་དེ ་ལྟ་བུའི་བར་ཆད་བྱེད་པ་རྣམས་མི་འབྱུང་ངོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གང་གི་དོན་དུ་སེམས་ཅན་དེ་དག་འདི་ལྟ་སྟེ། བག་ལ་ཉལ་བ་དང་ཀུན་ནས་ལྡང་བས་འཁོར་བ་ན་འཁོར་བར་གྱུར་བའི་བག་ལ་ཉལ་བ་དང། ཀུན་ནས་ལྡང་བ་དེ་དག་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་བཅིལ་ཏེ། སེམས་ཅན་དག་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ་ཞེས་བྱ ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ། བདུད་དང་མུ་སྟེགས་ཅན་ལ་སོགས་པས་བར་ཆད་བྱེད་མི་ནུས་པའི་ཕན་ཡོན་གྱི་རྒྱུ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི ་བྱང་ཆུབ་སེམས་དཔའ་ངེས་སེམས་ཅན་རྣམས་འཐབ་ཅིང་རྩོད་པར་འགྱུར་བའི་རྒྱུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་མི་ལྡང་བར་བཅིལ་ཏེ། སེམས་ཅན་དེ་དག་ཐམས་ཅད་བསམ་གཏན་བཞི་ལ་སོགས་པ་རྣམ་པར ་བྱང་བའི་ཆོས་ཐམས་ཅད་ལ་ཡང་དག་པར་བསྐུལ་ཏེ་སྤྱོད་ཡུལ་དུ་བཅུག་པའི་ཕྱིར་བདུད་ལ་སོགས་པས་བར་ཆད་བྱེད་ནུས་པར་འགྱུར་རོ་ཞེས་བསྟན་པ་སྟེ། དེ་ལ་བག་ལ་ཉལ་བ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ ་བག་ཆགས་ཀྱི་ཚུལ་དུ་གནས་པའོ། །ཀུན་ནས་ལྡང་བ་ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་མངོན་དུ་འབྱུང་བའོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེཾས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ཚེ་འདི་ལ་ཡོན་ཏན་དེ་དག་འབྱུང་བ་ཞེས་བྱ་བ ་ནི་བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པའི་ཕན་ཡོན་ཚེ་འདི་ལ་འབྱུང་བ་གོང་དུ་སྨོས་པ་རྣམས་མཇུག་བསྡུས་ཏེ་བསྟན་པའོ། །ཚེ་རབས་གཞན་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས ་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་ཕན་ཡོན་ཚེ་རབས་ཕྱི་མ་དག་ལ་འབྱུང་བ་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་སའི་ཕྱོགས་གང་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང ་འཆང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་ཕན་ཡོན་བདུད་དང་མུ་སྟེགས་ཅན་ལ་སོགས་པས་ཕྱོགས་ཙམ་དུ་ཡང་ཉེ་བར་འོང་མི་ནུས་པ་དང། ཚེ་རབས་གཞན་ལ་ཐེག་པ་གསུམ་གྱིས་བྱུང་ནས་སྡུག་བསྔལ ་མཐར་ཕྱིན་པའི་ཕན་ཡོན་རྩིའི་དཔེ་དང་བཅས་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདུད་སྡིག་ཏོ་མི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཕན་ཡོན ་ཆེ་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཞི་བར་བྱེད་པའི་མཐུ་དང་ལྡན་པ་བསྟན་པ་སྟེ། སྡིག་ཏོ་མི་དགེ་བའི་ཆོས་ཞེས་བྱ་བ་ཡང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་དང ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་དང་མྱ་ངན་ལས་འདས་པ་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་དངོས་པོ་ཡོད་པར་ལྟ་ཞིང་མཚན་མར་འཛིན་པ་རྣམས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་སྒྲིབ་པར་འགྱུར་བའི ་ཕྱིར་སྡིག་པ་མི་དགེ་བའི་ཆོས་ཀྱི་ནང་དུ་བགྲོང། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་ཆེན་པོ་བཞི་དང། ལྷའི་དབང་པོ་བརྒྱ་བྱིན་དང་ཞེས་བྱ་བ་ནས། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་འཇིག་རྟེན་གྱི་ལྷ་རྣམས ་གྱིས་རྟག་ཏུ་བསྲུང་ཞིང་བསྐྱབ་པར་འགྱུར་བ་དང། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུང་ཞིང་བསྐྱབ་པར་འགྱུར་བ་དང། མི་དགེ་བའི་ཆོས་ཡོངས་སུ་སྤངས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་དགེ་བའི་ཆོས་རྣམས་དང་ལྡན་པར་འགྱུར་ཞིང། དགེ་བའི་ཆོས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དར་བར་འགྱུར་གྱི་ནམ་ཡང་རྒུད་པར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །དེའི ་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནས། བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཡང་དག་པར་བསྐུལ་བར་འགྱུར། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་ལེགས་པར་བརྗོད་པར་འགྱུར། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན་ཡང་དེ་དག་གི་ལེགས་པ་བརྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དག་དང་ཡིད་ཀྱི་སྐྱོན་རྣམས་མེད་པར་འགྱུར་བ་དང། བདག་ཀྱང་མི་དགེ་བ་བཅུའི་ལས་རྣམས་སྤངས་ཤིང། དགེ་བ་བཅུའི་ལས་དང་ལྡན་པར་འགྱུར་བ་ལ། གཞན་རྣམས་ཀྱང་མི་དགེ་བ་བཅུའི་ལས ་སྤངས་ཏེ། དགེ་བ་བཅུའི་ལས་ལ་འཛུད་ནུས་པར་འགྱུར་བ་དང། བདག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་སྤྱོད་པར་འགྱུར་ཞིང། གཞན་རྣམས་ཀྱང་ཆོས་དེ ་དག་ལ་སྤྱོད་དུ་འཛུད་ནུས་པར་འགྱུར་པའི་ཕན་ཡོན་བསྟན་པའོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བ་དེ་དག་གིས་ཚེ་འདི་དང་ཚེ་རབས་གཞན་ལ་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཕ་རོལ ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་ཅིང། དེའི་བསོད་ནམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་བ་དང། ཕ་རོལ ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས་ན་ཉས་དམིགས་གང་དང་གང་དུ་འགྱུར་བཤེས་ཤིང། དེ་ལྟ་བུའི་དྲན་པ་སྐྱེ་བར་འགྱུར་བའི་ཕན་ཡོན་ཚེ་འདི་དང་ཚེ་རབས་གཞན་ལ་ཐོབ་པར་འགྱུར་བ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་ང་རྒྱལ་མ་མཆིས་པར་འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཚེ་འདི་དང། ཚེ་རབས་གཞན་ལ་ཐོབ་པར་འགྱུར་བའི་ཕན་ཡོན་རྣམས་བརྒྱ་བྱིན་གྱིས་རྟོགས་ནས་དེ་ལྟ་བུའི་ཡོན་ཏན་རྣམས་ཐོབ་པར་གྱུར་ཀྱང། ཡོན་ཏན་དེ་དག་གིས ་དྲེགས་ཤིང་ང་རྒྱལ་སྐྱེ་བར་མི་འགྱུར་བའི་དོན་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང། ང་རྒྱལ ་མ་མཆིས་པར་འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་གསོལ་པའོ། །བཅོམ་ལྡན་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ཡོངས་སུ་འདུལ་བ་དང་ང་རྒྱལ་མེད་པའི་དོན་དུ་ཉེ་བར་གནས་པ་ཡིན་ཞེས་བྱ་བ་ནི་དེ་བརྒྱ་བྱིན་ཉིད་འཆད་དུ་གཞུག་པའི་ཕྱིར་དྲིས་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འཇིག་རྟེན་པའི་ཆོས་རྣམས་ལ་སྤྱོད་བའི་ཚེ་བདག་དུ་བགྱི་བ་ལ་མངོན་བར་ཆགས ་པས་ང་རྒྱལ་དུ་འགྱུར་ཏེ། དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འདུལ་བ་དང། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག ་གི་བར་གྱི་ཆོས་རྣམས་ལ་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ་ནི། ཡོངས་སུ་མ་དུལ་ཞིང་ང་རྒྱལ་ཅན་དུ་གྱུར་པ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་རྟོགས་ན་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པS ་ཡོངས་སུ་འདུལ་བ་དང་ང་རྒྱལ་མེད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། དེ་ན? ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་དམིགས་པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ ་འདུལ་བ་དང། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མཚན་མ་དང་བཅས་ཤིང་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པའི་གཉེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ ་སོགས་པ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ཉིད་མཚན་མ་ཅན་དུ་སྤྱོད་པ་ཡོངས་སུ་འདུལ་བ་དང་ང་རྒྱལ་མེད་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་བཅོ་བརྒྱད་པའོ།། །། ་དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། ཀཽ་ཤི་ཀ་རྣམ་གྲངས་དེས་ན ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་གཡུལ་དུ་ཕྱིན་པའི་ཚེ་ལུས་ལ་མཚོན་ཏམ་མངས་ཕོག་ཅིང་ཟུག་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་སྒོ་ནས་ནན་ཏན་དུ་བྱེད་ཅིང ་གཡུལ་ངོར་འགྲོ་བའི་ཚེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྐབས་གང་ཡང་རུང་བ་ནས་ཅི་ལེབས་པ་ཁ་ཏོན་དུ་བྱས་ཏེ་སོང་ན་དེ་དགྲ་ལས་རྒྱལ་ཞིང་མཚོན་གྱིས་མི་ཕོག་པའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། ད་ལྟར་བྱུང་བའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་ ་པ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ ་ལ་སོགས་པའི་སྒོ་ནས་ཉམས་སུ་བླངས་ཏེ། སྔགས་ཀྱི་ཚུལ་དུ་དམིགས་ཤིང་བརྟེན་ཏེ་བཅངས་ན་གཞན་གྱིས་དུག་དང་མཚོན་ལ་སོགས་པའི་གནོད་པ་སྣ་ཚོགས་བྱས་ཀྱང་གནོད་པ་དེ་དག་ཐམས་ཅད་ཀྱིས་མི་ཚུགས་པའི་ཕན་ཡོན ་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་མ་བྱས། ཁ་ཏོན་མ་བྱས་ཀླགས་པ་དང་ཀུན་ཆུབ་པར་མ་བྱས་ཚུལ་བཞིན་ཡིད་ལ་མ་བྱས་ཀྱང། གང་ན་བྲིས་ཤིང་འཆང་བའི་ཁྱིམ་འམ་གྲོང་དམ ་གྲོང་བརྡལ་ལམ། གྲོང་ཁྱེར་དེར། མི་འམ་མི་མ་ཡིན་པ་གླགས་ལྟ་པས་གླགས་རྙེད་པར་མི་འགྱུར་རོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་ལྟར་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་བཅངས་ན་དེ་ལ་ཡང་ཚེ་འདིའི་ཡོན་ཏན ་དང་ལེགས་པ་དེ་དག་ཡོད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་ཅིང་མཉན་པ་ལ་སོགས་པའི་ནན་ཏན་མ་བྱས་པར་གླེགས་བམ་དུ་བྲིས་ཏེ་བཅངས་པ་ཙམ་གྱིས་ཀྱང་མི་དང་མི་མ་ཡིན་པ ་གནོད་པ་བྱ་བར་གླགས་ལྟ་བ་རྣམས་ཀྱིས་གླགས་མི་རྙེད་པའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ། དཔེར་ན་སྙིང་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ། དཔེར་ན་སྙིང་བྱ་བ་ནས། ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་བྱས་པ་མེ་ཏོག་དང་འཕྲེང་བ་དང་སྤོས་དང་བྱུག་པ་དང། ཕྱི་མ་དང། ན་བཟའ་དང། གདུགས་དང། རྒྱལ་མཚན་མང་པོས་ཕྱག་བྱ་བ་དང། འདུད་པ་དང ་ཕུ་དུད་དུ་བྱ་བ་དང། རིམ་གོར་བྱ་བ་དང། བཀུར་སྟིར་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་དུ་ནི་མི་དང་མི་མ་ཡིན་པས་ཀླགས་མི་རྙེད་པའི་དཔེ་བསྟན་པ་སྟེ། བྱང་ཆུབ་ཀྱི་སྙིང་པོ་གང་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས ་ཤིང། སེམས་ཅན་གྱི་དོན་སྣ་ཚོགས་མཛད་པར་གྱུར་པའི་ས་ཕྱོགས་དེ་འམ། དེའི་ཉིན་ཀོར་ན་འཁོད་པའི་སེམས་ཅན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་ཡན་ཆད་ལ་ཡང། མི་དང་མི་མ་ཡིན་པ་ལ་སོགས་པས་གནོད་པར་བྱ་མི་ནུས་པ་དེ་བཞིན་དུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ་གཞག་པའི་ཁྱིམ་འམ་གྲོང་དེར་ཡང་མི་དང་མི་མ་ཡིན་པས་གླགས་རྙེད་པར་མི་འགྱུར་རོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི ་བུ་མོ་གས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ། བཅངས་ལ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང ་འདི་ལས་བྱུང་ངོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བཅུག་གམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བཅུག་སྟེ། མཆོད་ཅིང་རིམ་གྲོ་བྱས་པ་བས་ཀྱང། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་བཟུང་བ་དང། བཅངས་པ་ལྔ་སོགས་པའི་སྒོ་ནས་ནན་ཏན་བྱས་པ་ལྷགས་པར་བསོད་ནམས་ཆེ་པའི་ཕན་ཡོན་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུ་གླིང་གི་མི་གང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོར་མི་བགྱིད། བཀུར་སྟེར་མ་བགྱིད། ཕུ་དུད་དུ་མི་བགྱིད། མཆོད་པར་མི་བགྱིད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་དེ་ལྟར་མཐུ་ཆེ་བར་འཚལ་ཏམ་ཞེས་བྱ་བ་ནས། དེ་བས་ཀྱང་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འདོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་ཞེས་བྱ་བའི་བར་དུ་ནི་འཛམ་བུ་གླིང་འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་ཅིང་བཀུར་སྟེ་འབྱེད་པ་དང། སངས་རྒྱས་དང ་ཆོས་དང་དགེ་འདུན་ལ་དད་པ་ཆེ་བ་དང། ནམ་ནུར་མེད་པ་དང། ཤིན་ཏུ་རྟེན་པའི་སེམས་ཅན་དགེ་བ་ནི་ཉུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་ཅིང་རིམ་གོར་མི་བྱེད་པ་དང། དཀོན་མཆོག་གསུམ་ལ་མ་དད་ཅིང་ཐེ་ཚོམ་ཟ་བ་དང། མི ་བརྟེན་པའི་སེམས་ཅན་དམན་པ་མང་བ་གཏན་ཚིགས་དང་བཅས་ཏེ་བསྟན་པ་སྟེ། དེ་ལ་ཀུན་ཏུ་སྦྱོར་བ་གསུམ་ཞེས་བྱ་བ་ནི་འཇིག་ཆོགས་སུ་ལ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་གསུམ་ལ་བྱ་སྟེ། ་ཉོན་མོངས་པ་དེ་གསུམ་གྱིས་སེམས་ཅན་རྣམས་གྲོལ་ཐར་པར་མི་འགྱུར་འདི?་འཁོར་བར་ཀུན་ཏུ་སྦྱོར་བའི་ཕྱིར་ཀུན་ཏུ་སྤྱད་པ་ཞེས་བྱའོ། །དམ་པ་མ་ཡིན་པའི་ཆ་ཀུན་ཏུ་སྦྱོར་བ་ལྔ་ནི་འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན ་པ་དང། ཐེ་ཚོམ་དང། འདོད་པ་ལ་བདུན་པ་དང། གནོད་སེམས་རྣམས་སོ་།བླ་མའི་ཆ་ཀུན་ཏུ་སྦྱོར་བ་ལྔ་ནི་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང། རྒོད་པ་དང། ང་རྒྱལ་དང། མ་རིག་པ་རྣམས་སོ། །ཀཽ ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིངས་པ་མེད་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནས་སེམས་ཅན་ཚད་མེད་པ་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང། རང་སངས་རྒྱས་ཀྱིས་ལ་གནས་པར་འགྱུར་བ་མཐོང་ངོ་ཞེས་བྱ་? ་ཀཽ་ཤི་ཀ་?་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མེད་པ་སྟེར་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྟེང?་དག་ན་སེམས་ཅན་ཚད་མེད་པ་གངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན་བརྩོན་འགྲུས་མེད་པ། བསམ་པ་ཞན་པ། མོས་པར་དཀའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱི་བསྒྲུབ་པར་དགའ་ཨོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་ཐེག ་པ་ཆུང་དུ་ལ་སྤྱོད་པ་ནི་མང་གི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་དང་ལྡན་པར་ཐེག་པ་ཆེན་པོ་ལ་སྤྱོད་པ་ཉུང་ཞིང་དཀོན་པ་བསྟེན་པའོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་མྱུར་ཞིང་བདེ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཆང་རྒྱ་བར་འདོད་ན་ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉན་པར་བྱའོ་ཞེས་བྱ་བ་ནས། སངས ་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གང་ཇི་སྙེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་པ་དེ་དག་ཀྱང་བཟུང་བར་བྱའོ་།བཅང་བར་བྱའོ། །བཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ ་བཞིན་དུ་ཡིད་ལ་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕན་ཡོན་ཚེ་པའི་ཕྱིར་ཡང་དང་ཡང་དུ་མཉན་པ་དང་བཟུང་བ་དང། བཅད་པ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འདི་ལྟར་ཤེས་པར་འགྱུར་ཏེ་ཞེས་བྱ་བ་ནས། རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕ་རོལ་ཏུ་ཕྱིན་ཏོ། །ཕ་རོལ་ཏུ་ཕྱིན་པར་འགྱུར་ཞེས་བྱ་བར་ཤེས་པར ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉན་པ་ལ་སོགས་པ་བྱ་བའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་འདིའི་ནང་དུ། གཏོཌ?་པའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བསླབས་པས་སངས་རྒྱས་ཀྱི་ཆོས་ཐཾས་ཅད་ཀྱི་མཐར་ཕྱིན་པར་གྱུར་པར་ཤེས་པར་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་འདིའི་ནང་དུ་འདུས་པའི་སངས་རྒྱས་ཀྱི་ཆོས་ཐམས ་ཅད་ལ་མཉན་པ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནས། དེ་དག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ཉན་ཐོས་དང། རང་སངས་རྒྱས་དང། བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ་ཞེས་བྱ་པའི་བར་དུ་ནི་དེ་ལྟར་གང་དུ་སྨོས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་སངས ་སངས་ཀྱི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བསྟན་པ་ཡོན་ལ། དམ་པའི་ཆོས་སྤྱོད་པ་རྣམས་ཀྱིས་སྟོན་པ་ཡིན་ཏེ། ཆོས་འདི་དག་ལ་སློབ་སློབ་པས་ཆོས་ཐམས་ཅད་ཀྱི་མཐར་ཕྱིན་པར ་གྱུར་པ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་འདི་རྣམས་ལ་བསྟན་པར་བྱའོ་ཞེས་ཉན་ཐོས་དང་རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང་ལྷ་དང་མི་དང་ལྷ་མ་ཡིན་གྱི ་འཇིག་རྟེན་དུ་བཅས་པའི་རྟེན་ཡིན་པའི་ཕྱིར་གཏན་ཚིགས་དང་བཅས་ཏེ་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར་རིན་པོ་ཆེ་སྣ ་བདུན་གྱི་མཆོད་རྟེན་འཕང་དུ་དཔག་ཆད་ཙམ་ལ་རྒྱར་དཔག་ཚད་ཕྱེད་པར་བྱ་སྟེ་ཞེས་བྱ་བ་ནས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་སྟེ། དེ་ལ་བསླབས་ཤིང་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་ཉན་ཐོས་དང། རང ་སངས་རྒྱས་དང། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕྱིན་ཏོ། །ཕྱིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་གཅིག ་བྱས་ཏེ། མཆོད་པ་དང། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་ལྟ་བུས་འཛམ་བུའི་གླིང་བཀང་སྟེ་མཆོད་པར་བྱས་པ་དང། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་བཀང་སྟེ་མཆོད་པ་བྱས་པ་དང། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་བཀང་སྟེ ་མཆོད་པ་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བཀང་སྟེ་མཆོད་པ་བྱས་པ་དང། སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རེ་རེས་མཆོད་རྟེན་དེ་སྙེད་བྱས་ཏེ་མཆོད་པ་དང། ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རེ་རེས་ཀྱང་དེ་སྙེད་ཀྱི་མཆོད་རྟེན་བྱ་སྟེ། བསྐལ་པ་འམ་བསྐལ་པ་བས་ཀྱང་ཡུན་ཡུན་རིང་དུ་མཆོད་པ་སྣ་ཚོགས་བྱས་པ་བས་ཀྱང། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་ལ་སོགས་པ་དང། མཆོད་པ་སྣ་ཚོགས་བྱས་པ་བསོད་ནམས་ཆེ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་དགུ་པའོ།། །། ་དེ་ནས་བཅོམ་ལྡན་འདས་ཀྱི་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བ་ནས། བསོད་ནམས་མངོན་པར་འདུ་བྱ ་པ་འདི་ལ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མས། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང། བརྒྱ་ཕྲག་སྟོང་གི་ཆ་དང། བྱེ་བའི་ཆ་དང། བྱེ་བའི་ཆ་དང། བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ཆ་དང། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང། གྲངས་དང་ཆ ་དང། བགྲང་བ་དང། དཔེར་ཡང་ཉེ་བར་མི་འགྲོ་།རྒྱུར་ཡང་ཉེ་བར་མི་བཟོད་དོ་ཞེས་བྱ་བའི་བར་དུ་ནི་གོང་དུ་བསོད་ནམས་ཆེ་བར་བཤད་པའི་གཏན་ཚིགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱུང་བ་སྨོས ་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་མང་པོ་བྱས་ཤིང། མཆོད་པའི་བསོད་ནམས་སྔ་མ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཅངས་པ་ལ་སོགས་པའི་བསོད་ནམས་རབ་ཏུ་ཆེ་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ཅིའི ་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྲིད་དུ་འཇམ་བུའི་གླིང་ན་གནས་པ་དེ་སྲིད་དུ་སངས་རྒྱས་དཀོན་མཆོག་ནུབ་བར་མི་འགྱུར་རོ་ཞེས་བྱ་བ་ནས། སེམས་ཅན་ཡོངས་སུ་སྨིན་པ་ཡོད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ ་ཡོད་དོ་ཞེས་བྱ་བའི་བར་དུ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་ཤིང་བཅད་པ་ལ་སོགས་པའི་བསོད་ནམས་ཆེ་བའི་གཏན་ཚིགས་གཞན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་?་བཅང་བ་ལ་སོགས་པ་བྱས ་ནས་མཆོད་པ་བྱས་ཏེ། ཇི་སྲིད་དུ་འཇིག་རྟེན་ན་གནས་པ་དེ་སྲིད་དུ་དཀོན་མཆོག་གསུམ་ཡང་འཇིག་རྟེན་ན་གནས་ཤིང་ནུབ་པར་མི་འགྱུར་ལ། དགེ་བ་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བ་དང། རྒྱལ་རིགས་ཆེ་ཞིང་མཐ? ་བ་ལ་སོགས་པ་འཇིག་རྟེན་གྱི་མི་ཡ་རབ་རྣམས་དང། རྒྱལ་ཆེན་བཞིའི་ལྷ་ལ་སོགས་པ་འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་དང། རྒྱུན་ཏུ་ཞུགས་ག་ལ་སོགས་པ་འཇིག་རྟེན་ལས་འདས་པའི་འཕགས་པ་རྣམས ་འཇིག་རྟེན་དུ་འབྱུང་ཞིང་གནས་པར་འགྱུར་བའི་ཕན་ཡོན་བསྟན་པའོ་།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ལྷའི་དབང་པོ་བརྒྱ་བྱིན་གྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་བཅད?་བ་ལ་སོགས་པ་བྱས་ནས་སངས་རྒྱས་ཀྱི་བསྟན་པ ་འཇིག་རྟེན་ན་ཡུན་རིང་དུ་གནས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་གྱིས་ཁྱེད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་ལ་སོགས་པ་བྱོས་ཤིག་ཅེས་སྐུལ་མ་བཏབ་པ་བསྟན་པའོ། །དེ་ནས ་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ་ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཆོངས་ཤིག་ཅེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་ཉན་ཐོས་ཀྱི་ཆོས་སམ། རང་སང ་རྒྱས་ཀྱི་ཆོས་སམ་བྱང་ཆུབ་སེཾས་དཔའ་ཨི་ཆེས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ཕྱོཌ་ཀྱི་ཆོས་ཐཾས་ཅད་བདུས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅང་པ་ལ་སོགས་པ་བྱས་ན། ལྷ་མ་ཡིན་གྱི་དགྲ་སླར་ལྡོག་པར་འགྱུར་བ་དང། ལྷའི་བུ་དང་ལྷའི་བུ་ ་མོ་དག་ཆོ་འཕོ་བའི་ཚེ་ངན་སོང་དུ་སྐྱེ་བའི་ལྟས་བྱུང་ན་ཡང། ངན་སོང་དུ་མི་སྐྱེ་བར་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་ཙམ་གྱིས་དགེ་བའི་རྩ་བས་ཀྱང་རིམ་གྱིས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དང། དུས་གསུམ་གྱི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི ་ཕ་ཡོན་རྣམས་སྨོས་ནས། ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་ཕྱིར་བརྒྱ་བྱིན་ཁྱོད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་བཅང་བ་ལ་སོགས་པ་བྱས་ཤིག་ཅེས་བརྒྱ་བྱིན་ལ་གཏད་པ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའི་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་སྔགས་ཀྱི་མཐུས་དུག་དང་མཚོན ་ལ་སོགས་པས་མི་ཚུགས་ཤིང། དགྲ་ལས་རྒྱལ་བར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་ལ་སོགས་པ་བྱས་པའི་མཐུས་དུག་དང་མཚོན་ལ་སོགས་པས་མི་ཆུགས་ཤིང། དགྲ་ལས་རྒྱལ་བར་འགྱུར ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་རིག་སྔགས་ཡིན་ཞིང་མཐུ་ཆེ་བའི་ཕན་ཡོན་བསྟན་པ་སྟེ། དེ་ལ་རིག་སྔགས་ཆེན་མོ་ཞེས་བྱ་བ་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་དོ། །བླ་ན་མེད་པའི ་རིག་སྔགས་ཞེས་བྱ་བ་ནི་རིག་སྔགས་དེའི་གོང་ན་དེ་དང་འདྲ་བ་གཞན་མེད་པའི་ཕྱིར་རོ། །མི་མཉམ་པ་དང་མཉམ་པའི་རིག་སྔགས་ཞེས་བྱ་བ་ལ། མི་མཉམ་པ་ནི་བླ་ན་མེད་པའི་བྱང་ཆུབ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཅི་དང་ཡིད ་མི་མཉམ་པ་དེ་ཐོབ་པར་བྱེད་ཅིང། དེ་དང་མཉམ་པར་འགྱུར་བའི་མཐུ་དང་ལྡན་པའི་ཕྱིར་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཡོད་ན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མཐུ་དང་ཡོན་ཏན ་ཆེ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་གང་ན་གནས་པའི་ཡུལ་ཕྱོགས་དེ་ན་དགེ་བ་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྤྱོད་ཅིང་དང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཀཽ ་ཤིག་འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་ཡོད་ན་རྩི་དང། སྒྱུ་སྐར་ངང། སྐར་མ་ཐམས་ཅད་གདགས་སུ་ཡོད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆེས་སུ་ཐོབ་པར་བྱེད་པའི་ཐབས་མཁས་པ་དེ་ཡང་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལས་འབྱུང་བར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཟླ་བའི་དཀྱིལ་འཁོར་གྱི་དཔེས་བྱང་ཆུབ་སེམས་དཔའ་ཨི་མཐུ་དང་ཡོན་ཏན་ཆེ་བ་བསྟན་པ་སྟེ། ཟླ་པའི་དཀྱིལ་འཁོར་ནི། བདུད་རྩིའི་རང་བཞིན་ཅན་ཡིན་ལ་གཟའ་དང ་རྒྱུ་སྐར་ལ་སོགས་པའི་རྒྱལ་པོ་ཡང་ཡིན་པས་ཟླ་བའི་དཀྱིལ་འཁོར་གྱི་མཐུ་དང་བརྒྱ་བྱིན་གྱི་རྩི་དང་སྨན་རྣམས་ཀྱང་མ་ཐུ་ཆེ་པར་འགྱུར་ཞིང། གཟའ་དང་སྐར་མ་རྣམས་ཀྱང་མཐུ་དང་གཟི་བྱིན་ཆེ་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་ལྡན་པ་ཡོད་ན་དཀར་པོའི་ཕྱོགས་སུ་གཏོགས་པའི་ཆོས་ཐམས་ཅད་འཇིག་རྟེན་ན་གནས་ཤིང་དང་བར་འགྱུར་རོ་ཞེས་བསྟན་པའོ། །ཀོའུ་ཤི་ཀ་གཞན་ཡང་རིགས་ཀྱི ་བཱུམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་དེའི་ཚེ་འདི་ཡི་ཡོན་ཏན་འདི་དག་དང། ཚེ་རབས ་གཞན་གྱི་ཡོན་ཏན་འདི་དག་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནས། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་འདིའི་ཡོན་ཏན་དང། ཚེ་རབས་གཞན་གྱི་ཡོན་ཏན་དེ་དག་དང ་ལྡན་པར་འགྱུར་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་ནན་ཏན་བྱེད་པ་དེའི་ཚེ་འདི་ལ་དུག་དང་མཚོན་ལ་སོགས་པའི་གནོད་པས་དུས་བྱེད་པར་མི་འགྱུར་བ་དང། རྒྱལ་པོའི་ཆད ་པའི་འཇིགས་པ་མེད་ཅིང། རྒྱལ་པོའི་འཁོར་གྱི་རྣམས་དགའ་བར་འགྱུར་བ་ལ་སོགས་པའི་ཕན་ཡོན་ཐོབ་པར་འགྱུར་བ་དང། ཚེ་རབས་གཞན་ལ་དགེ་བ་བཅུ་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་དང་བྲལ་བར་མི་འགྱུར་བ ་དང། ངན་སོང་དུ་མི་ལྟུང་བ་དང། ཡན་ལག་ཉམས་པར་མི་འགྱུར་བ་དང། མི་དབུལ་པོ་ལ་སོགས་པ་རིགས་དམན་པ་རྣམས་སུ་མི་སྐྱེ་བ་དང། སྐྱེས་བུ་ཆེན་པོའི་མཚན་ཕུན་སུམ་ཚོགས་པ་དང། བརྫུས་ཏེ་སྐྱེ་བ་དང། སངས་རྒྱས ་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་ནུས་པ་ལ་སོགས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤེས་རབ་ཀི་ཕ་རོལ ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། ལེའུ་ཉི་ཤུ་པའོ།། །།དེ་ནས་མུ་སྟེགས་ཅན་གཞན་དང་ཀུན་ཏུ་རྒྱུ་བ་དང། གླགས་བལྟ་བའི་བསམ་པ་ཅན་བརྒྱ་ཙམ་ཞིག་བཅོམ་ལྡན་འདས་གང་ན་བདེ་ལོགས་སུ་དོང་བ་དང་ཞེས་བྱ ་བ་ནས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་?་དག་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་དང། ལྷ་དང་ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་གང་གི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་པ་ཤ་སྟག་གོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་ཁ་ཏོན་དུ་བྱས་ན་མུ་སྟེགས་ཅན་ཆོས་ཀྱི་པར་ཆད་བྱེད་པར་གླགས་ལྟ་བ་རྣམས་ཀྱིས་མི་ཚུགས་པའི་ཕན་ཡོན་དང ་གཏན་ཚིགས་དང་བཅས་པར་བསྟན་པའོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་གྱུར་ཏེ་ཞེས་བྱ་བ་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསལ་བར་བརྗོད་པ་དེ་ལྟ་དེ་ལྟར་བདུད་སྡིག་ཏོ་ཅན་དེ་དག་ལམ་དེ ་ཉིད་དང་སྒོ་དེ་ཉིད་ནས་ཕྱིར་ལོག་གོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་བསམས་ཏེ་ཁ་ཏོན་དུ་བྱས་ན་བཏུད་ཀྱིས་བར་ཆད་བྱ་བར་མི་ནུས་པའི་ཕན་ཡོན་བསྟན་པའོ། །དེ་ནས་འཁོར་དེར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང ་འོག་མིན་གྱི་ལྷའི་བར་དུ་ཇི་སྙེད་ཅིག་འཁོད་པ་དེ་དག་གིས་ཞེས་བྱ་བ་ནས། ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་ངས་ཤེས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛམ་བུའི་གླིང་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ་དཀོན ་མཆོག་གསུམ་ནུབ་པར་མི་འགྱུར་ཞིང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཁྱད་པར་ཅན་དར་བར་འགྱུར་བ་དང། ཡུལ་ཕྱོགས་གདན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ་འཆད་པའི་ཡུལ་ཕྱོགས་དེ་བཀྲ་ཤིས་ཤིང་བྱིན ་ཅན་དུ་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་མང་པོ་མངོན་པར་སྦྲུལ་ནས། བཅོམ་ལྡན་འདས་གདན་བ་དེར་མངོན་པར་གཏོར་ཏེ་འདི་སྐད་ཀྱི་ཚིག་བརྗོད་དོ་ཞེས་བྱ་བ་ནས་།དེ་ནི་སྟོན ་པ་འམ་སྟོན་པ་དང་མཚུངས་པ་ཙམ་དུ་བདག་ཅག་སེམས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཟིན་ཅིང་འཆང་བ་ལ་སོགས་པ་བྱེད་པའི་མི་ལ་ལྷ་རྣམས་ཀྱིས་སྟོན་པར་འདུ་ཤེས་བསྐྱེད་དེ། རྟག་ཏུ་བསྲུང་ཞིང་བསྐྱབ་པར ་ཁས་འཆེས་པའི་ཕན་ཡོན་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པའི་མི་དེ་དགེ ་པའི་རྩ་བ་ཅུང་ཟད་ཙམ་གྱིས་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་ནུས་པར་འགྱུར་བ་མ་ཡིན་གྱི། སྔོན་གྱི་རྒྱལ་བ་རྣམས་ལ་དགེ་བའི་རྩ་བ་བསྐྲུན་པ་དང། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང། སྔོན་དགེ་བའི་བཤེས་གཉེན་གྱིས ་ཡོངས་སུ་ཟིན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་ནུས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བགྱིའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གོམས་པར་བྱས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བགྱིའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་རྟོག་པ་ལ་དམིགས་པ་ལས་ཤེས་རབ་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། ་བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད ་ཀྱི་རང་བཞིན་དུ་རོ་གཅིག་ཅིང་ཐ་དད་དུ་དབྱེར་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོཌ་པ་ནི་གོང་དུ་བརྒྱ་བྱིན་གྱིས་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་གཅིག་གི་རྒྱུ་གཅིག་ཡིན་པར་བསྟན་པ་དང། དོན་དམ་པར་དེ་གཉིས་ཐ་དད་དུ་དབྱེར་མེད་པ་བསྟན་པའི་ཚིག་བཅོམ་ལྡན་འདས་ཀྱིས་བཟླས་ནས་དེ་དེ་བཞིན་ནོ་ཞེས་བཀའ་སྩལ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ ་ཆེར་བཤད་པ་ལས། ལེའུ་ཉི་ཤུ་གཅིག་པའོ།། །།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བརྗོད་པ་མཛད་པ་དེ ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་ཅེས་བྱ་བ་ནས་དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་བསྟན་པའི་གླེང་བསླང་བའི་ཕྱིར་བཅོམ་ལྡན་འདས་ལ་ཀུན་དགའ་བོས་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གི་ཡོན་ཏན་བསྔགས་ལ། སངས་རྒྱས་ཀྱི་ཆོས་གཞན་རྣམས་ཀྱི ་ཡོན་ཏན་ཙམ་དུ་མི་བསྔགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་དང། སྟོང་པ་ཉིད་ཐམས་ཅད་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས ་པ་བཅོ་བརྒྱད་དག་གི་ཐོག་མར་འགྲོ་པའོ། །ཀུན་ཏུ་འདྲེན་པའོ་ཞེས་བྱ་བའི་བར་དུ་ནི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གི་ཡོན་ཏན་བསྔགས་ཏེ། སངས་རྒྱས་ཀྱི་ཆོས་གཞན་རྣམས་ཀྱི་ཡོན་ཏན་དེ་ཙམ་དུ་མ་བསྔགས ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བསྟན་པའོ། །དགའ་ཨོ་དེ་ཇི་སྙམ་དུ་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་ན་སྦྱིན་པ་ལ་སོགས་པ་བྱས་ཀྱང་འཁོར་གསུམ་ཡོངས་སུ ་མ་དག་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་མ་བསྔོས་པས་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ནག་དོད་སྦྱིན་པ་སོགས་པ་ཡང་ཕ་རོལ་ཏུ་ཕྱིན་པར་འགྱུར་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི ་སྤྱན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་ནོ་ཞས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ན། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པ་ལགས་ཤེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་བྱ་བའི་བར་དུ་ནི་སྦྱིན་པ་ལ་སོགས་པ་ཇི་ལྟར་འཁོར་གསུམ་ཡོངས་སུ་དག་ཅིང་ཕ་རོལ་ཏུ་ཕྱིན་པར་འགྱུར ་པའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་པོ་གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་ནས། མི་སྐྱེ་བའི་ཚུལ་དང། མི་དམིགས ་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྡོས་པའི་ཤེས་རབ་ནི་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པ་ལ་སོགས་པ་བྱེད་པའི་ཚེ། དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་དམིགས་སུ་མེད་པས་སྟོང་པ་ཉིད་དུ་རོ ་གཅིག་སྟེ། གཉིས་སུ་མེད་པས་རྟོགས་པར་གཏོང་བ་དང། ལེན་པ་དང། སྦྱིན་པའི་དངོས་པོ་དང་གསུམ་ཆར་ལ་མཚན་མར་མི་འཛིན་པར་བྱས་ནས་ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་? ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང། ཇི་ལྟར་མི་སྐྱེ་བའི་ཚུལ་དང། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས ་བྱ་བ་ནས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང། ཇི་ལྟར་མི་སྐྱེ་བའི་ཚུལ་དང། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཤེས་བྱ་བའི་བར་དུ་ནི་དོན ་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་དམིགས་སུ་མེད་པས་གཉིས་སུ་མེད་པར་རྟོགས་པར་བྱ་སྟེ། འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ་ལ་སོགས་པ་བྱས་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ཐབས་ཇི་ལྟར་བྱས་ན་འགྱུར་ཞེས་བཅོམ་ལྡན་འདས་ལ ་དགའ་བོས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གཉིས་སུ་མེད་པའི་ཚུལ་དང་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མེད་པའི་ཚུལ་གྱིས་སོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་སྟེ། གཉིས་སུ་མེད་པར་རྟོགས་པར་བྱས་ལ། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་སྦྱིན་པ་ལ་སོགས་པ་ ་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་བ་བཅོམ་ལྡན་འདས་ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་ཞེས་བྱ་བ་ནས། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མ་མཆིས ་བའི་ཚུལ་གྱིས་ལགས་ཞེས་བྱ་བའི་བར་དུ་གཉིས་སུ་མེད་པའི་ཚུལ་ཞེས་བྱ་བ་ཉིད་ཆོས་གང་དང་གང་དག་སྟོང་ཞིང། ཇི་ལྟར་གཉིས་སུ་མེད་པའི་དོན་ཞིབ་ཏུ་བཤད་པའི་ཕྱིར་བཅོམ་ལྡན་འདས་ལ་དགའ་བོས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་བ། ཇི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མེད ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་གྱིས་ལགས་ཞེས་དགའ་བོས་ཞུས་པའི་ལན་བཀའ་སྩལ་བ་སྟེ། དོན་དམ་པར་གཟུགས་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ལ་ཐུག་གི་བར་གྱི་ཆོས ་དེ་དག་གི་རང་བཞིན་སྟོང་ལ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་བར་རོ་གཅིག་པ་རྣམས་ལ་ཐ་དད་དུ་དབྱེ་ཞིང་གཉིས་སུ་མེད་པའི་ཕྱིར་ཆོས་དེ་དག་ལ་མཚན་མར་མི་འཛིན་ཅིང་།འཁོར ་གསུམ་ཡོངས་སུ་དག་པར་སྦྱིན་པ་ལ་སོགས་པ་བྱས་ན། ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བསྟན་པའོ། །དགའ་བོ་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཞེས ་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་གཉིས་སུ་མེད་པར་རྟོགས་ཏེ། འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ ་ལ་སོགས་པ་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ཡིན་ནོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྷག་པར་བསྔགས་པ་སྔར་བཤད་པའི ་དོན་མཇུག་བསྡུས་ཏེ་བསྟན་པའོ། །དགའ་བོ་འདི་ལྟ་སྟེ་དཔེར་ན་ས་ཆེན་པོ་ལ་ས་བོན་བཏབ་པ་རྒྱུ་རྐྱེན་ཆོགS་པར་གྱུར་ནས་རྣམ་པར་འཕེལ་བར་འགྱུར་བ་ཡང་ས་ཆེན་པོ་ནི་དེ་དག་གི་གནས་ཏེ། ས་ཆེན་པོ་དེ་ལ་གནས་བརྟེན་ཅིང་ས་བོན་དེ་དག་སྐྱེ་བར་འགྱུར་རོ ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ཏེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཀྱི ་ཆོས་ཐམས་ཅད་སྐྱེ་ཞིང་འཕེལ་བར་འགྱུར་བའི་དཔེས་ས་ཆེན་པོ་ལས་བླངས་ཏེ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་ཡིན་པས་བསྟན་པའོ། །དགའ་བོ་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ལ་བརྟེན་ཅིང་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས ་ཡོངས་སུ་བསྒྲུབ་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་བྱ་བའི་ཡུལ་གྱི་ཚུལ་གྱིས་བརྟེན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་བ་བསྟན་པའོ། །དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཡོངས་སུ་བསྒྲུབ་བའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྒྲུབ་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས ་ཀྱི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་དང། ཡོངས་སུ་འདྲེན་པ་དང། ཡོངས་སུ་སྒྲུབ་པ་ཡིན་ནོ་ཞེས་སྔར་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་བདག་གིས་བཅོམ་ལྡན་འདས་ལས་ཐོས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང། ཀློག་པ་དང་ཡོངས་སུ་ཆུབ་པར་བགྱིད་པ་དང། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་ཡོན་ཏན་གང་ཇི་སྙེད་ཅིག་མཆིས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་དང་གང་ཇི་སྙད་ཅིག ་བདག་གིས་བཅོམ་ལྡན་འདས་ལས་བཟུང་སྟེ། བཅངས་པ་དང། ཀླགས་པ་དང། ཀུན་ཆུབ་པར་བགྱིད་པ་དང། སྤེལ་བ་དེ་དག་ཐམས་ཅད་བཀའ་མ་སྩལ་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང། ཕན་ཡོན་གོང་དུ་བཤད ་པ་བས་ཀྱང་རྒྱ་ཆེ་ཞིང་གྲངས་མང་བ་དང། དཔག་ཏུ་མེད་པར་བཤད་པའི་སྐབས་དབྱེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་འདིར་ཡང་མ་བསམ་ན་བཅོམ་ལྡན་འདས་ཀྱིས་ཡོན་ཏན་དེ་དག་ཐམས་ཅད་བདག་ལ་བཀའ་མ་སྩལ་ཏེ ་དེ་བཞིན་དུ་བཤད་བའི་རིགས་སོ་ཞེས་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་གླེངས་ཤིང་བསྐུལ་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང། བཅངས་པ་དང། ཀླགས་པ་དང། སྤེལ་བ་དང། ཚུལ་བཞིན་དུ་ཡིད་ལ ་བགྱིས?་པས་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་བཟུང་བ་དང་བཅང་བ་ལ་སོགས་པ་བྱས་པའི་ཡོན་ཏན་དང་ཕན་ཡོན་དགེ་བ་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དང། རྒྱལ་རིགས་ཆེ?་ཞིང་མཐོ་བ་ལ་སོགས་པ་མི་དང་ལྷའི་ཆེན་པོ་རྣམས་འཇིག་རྟེན་ན ་ཡོད་པར་འགྱུར་བ་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པ་འཕགས་པ་རྣམས་འཇིག་རྟེན་ན་བཞུགས་པར་འགྱུར་བ་རྣམས་བརྒྱ་བྱིན་གྱིས་མགོ་ཙམ་ཞིག་གླེངས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀཽ་ཤོ་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང། བཅངས་པ་དང། ཀླགས་པ་དང། ཀུན་ཆུབ་པར་བྱས་པ་དང། ཚུལ་བཞིན་དུ་ཡིད་ལ་བྱས་པ་དེའི་ཡོན་ཏན་དེར་ཟད་པར་ཡང་མ་བཤད་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བརྒྱ་བྱིན་གྱིས་བཅོམ ་ལྡན་འདས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཐམས་ཅད་བཀའ་མ་སྩལ་ཏོ་ཞེས་གསོལ་བའི་ལན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ཕན་ཡོན་གོང་དུ་བཤད་པར་ཡང་མ་ཟད་དེ། དེ་བཞིན་གཤེགས་པའི་ཟག་པ་མེད་པའི ་ཕུང་པོ་ལྔ་ལ་སོགས་པ་དང་ལྡན་པར་འགྱུར་བའི་ཡོན་ཏན་དང་ཕན་ཡོན་གཞན་ཡང་ཚད་མེད་གྲངས་མེད་པ་དང་ལྡན་པར་འགྱུར་བ་བསྟན་པ་སྟེ། ཀཽ་ཤི་ཀ་དེ་ཟིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱས་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ཕུང་པ་ཚད་མེད་པ་དང་ལྡན་པར་འགྱུར་རོ ་ཞེས་བྱ་བ་ནས། དེ་དག་ནི་དེ་བཞིན་གཤེགས་པའི་དོན་དུ་ཞུགས་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱས་ན་དེ་བཞིན་གཤེགས་པའི་སྤྱོད་པ་ལ་ཞུགས ་བ་ཡིན་པས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བའི ་ཕན་ཡོན་བསྟན་པ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་མཚན་ཉིད་སྔར་བཤད་ཟིན་ཏོ། །ཀཽ་ཤི་ཀ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཞེས་བྱ་བ་ནས། དཔེར་ཡང་ཉེ་བར་མི་འགྲོ། སྒྱུར་ཡང་མི ་བཟོད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་རྒྱུས་དེ་བཞིན་གཤེགས་པའི་ཟག་པ་མེད་བའི་ཕུང་པོ་ལྔ་ཐོབ་པར་གྱུར་པ་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཟག་པ་མེད་པའི་ཕུང་པོ་ལྔས ་བརྒྱ་སྟོང་དུ་མའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། ཤིན་ཏུ་ཁྱད་པར་ཆེ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་སེམས་རྣམ་པར་གྲོལ་ཡང་ཆོས་གང་ཡང་ཡོངས་སུ་ཤེས་པ་མེད ་དེ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། དེ་དག་ཀུན་རྫོབ་ཏུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་དམན་པ་ལས་ཀྱང་སེམས་རྣམ་པར་གྲོལ་ལ། དོན་དམ་པར་ཐེག་པ་ཆེན་པོའི་ཆོས་ལ་ཡང་མཚན་མར་མི་འཛིན་པའི ་ཕྱིར་དེ་ལྟར་ཁྱད་པར་ཆེ་བར་གྱུར་ཏོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་ལ་སོགས ་པ་བྱེད་པའི་མི་དེ་དག་ལ་མཆོད་ཅིང་བཀུར་སྟིར་བྱེད་པའི་མི་དེ་དག་ཀྱང་འཛིན་ཅིང་འཆང་བ་ལ་སོགས་པའི་ཐོབ་པར་འགྱུར་བའི་ཡོན་ཏན་དེ་དག་ཉིད་དང་ལྡན་པར་འགྱུར་རོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བཱུམ་རིགས་ཀྱི ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་འཆང་བ་ལ་སོགས་པའི་མི་དེ་དག་ལ་བརྒྱ་བྱིན་གྱིས་རྟག་ཏུ་བསྲུང་བ་ལ་སོགས་པ་བྱ་བར་ཡི་དམ་བཅས་པ་བསྟན་པའོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པའི་ཚེ་ཞེས་བྱ་བ་ནས། ཚེ་འདིའི་ཡོན་ཏན་འདི་ཡང་ཡོངས་སུ་ཟིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་འདི་ཁ་ཏོན་དུ་བྱེད་པའི་ཚེ་ལྷའི་བུ་བརྒྱ་སྟོང་མང་པོ་དག་སྤོབས་པ་སྐྱེ་བར་མཐུ་གཏོང་བ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་སྨྲ་ཞིང་སྟོན་ནུས་པ་རྣམས་སྙམ་ལས་བྱེད་ཅིང་འཆད་མི་འདོད་པར་གྱུར་ན་ཡང་ལྷའི་བུ་མང་པོ་དེ་དག་ཆོས་ཀྱི་མཁན ་པོ་དེ་ལ་སྤོབས་པ་སྐྱེད་ཅིང་ཆོས་འཆང་པར་སྤྲོ་བའི་མཐུ་གཏོང་པའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་འཁོར་བཞི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཚེ་ཞེས་བྱ་བ་ནས། དེ་ལ་སུས་ཀྱང་གླགས ་བལྟ་བ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པའི་མཁན་པོ་ལ་བདུད་དང་མུ་སྟེགས་ཅན་ལ་སོགས་པས་གླགས་མི་རྙེད་པའི་ཕན་ཡོན་བསྟན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་བྱིན་གྱིས་བརླབས ་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་ཆོས་ཐམས་ཅད་འདུས་པ་དང། ཆོས་བསྟན་པའི་མི་དེ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་རྟོགས་པས་གླགས་ཚོལ་བ་དང། གླགས་ལྟ་བའི་སྐྱོན་དང། གླགས་བལྟ་བར་བྱ་བའི་མིང་དེ་ཉིད་ཀྱང་ཡང ་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་གླགས་བལྟ་བར་འགྱུར་དུ་འོང་ངོ་ཞེས་བྱ་བར་སེམས་ཞུམ་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན ་ཅིང་འཆང་པ་དང། ཀློག་པ་དང་ཞེས་བྱ་བ་ནས། དེ་དག་གི་ཚེ་འདིའི་ཡོན་ཏན་འདི་དག་ཡོངས་སུ་ཟིན་པར་འབྱུང་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པ་དང། གླེགས་བམ་དུ་བྲིས་ཏེ་མཆོད ་ཅིང་བཀུར་སྟི་ལ་སོགས་པ་བྱེད་པ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཐེག་པ་དམན་པ་ལ་འཇུག་པའི་སེམས་ཞུམ་པ་མི་སྐྱེ་བའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། དེས་ཚེ་འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པ་ལ་ཕ་མ་དང་གཉེན ་བཤེས་དང། རྒྱལ་པོ་དང་བློན་པོ་ལ་སོགས་པ་བྱམས་པར་འགྱུར་བ་དང། ཕྱོགས་བཅུའི་འཕགས་པ་རྣམས་ཀྱིས་སྤྱན་རས་ཀྱིས་བཙལ་བར་འགྱུར་བ་དང། འཇིག་རྟེན་གྱི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་འགོ་བར ་འགྱུར་བ་དང། སྤོབས་པ་ཕུན་སུམ་ཚོགས་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱིས་བར་ཆད་བྱ་མི་ནུས་པ་དང། བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བ་ཐམས ་ཅད་ཐུབ་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ ་འཆང་བ་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི ་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། སེམས་ཅན་ཐམས་ཅད་བསྒྲུབ་པ་དང། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང། སེམས་ཅན་ཐམས་ཅད་ལ་ཕན་པ ་དང་བདེ་བའི་དོན་དུ་ཉེ་བར་གནས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་བྲིས་ཤིང་གླགས་བམ་དུ་བྱས་ཏེ་འཆང་བ་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་རྣམས་དང། ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་གྱི་ལྷ་རྣམས་ལྷགས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་པ་དང། གཟུང་བ་ལ་སོགས་པ་བྱས་ནས་སླར་འདོང་བར་སེམས་པའི་ཕན་ཡོན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་འཇོག་པའི་མི་དེས་ཀྱང་ལྷ་དེ་དག ་ལ་ཆོས་ཀྱི་སྦྱིན་པ་བྱ་བའི་བསམ་པ་སྐྱེར་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཆང་བའི་མི་དེ་དག་བསྲུང་བར་བྱ་བའི་སེམས་པ་དང། གནོད་པར་བྱེད་པ་རྣམས་ཀྱིས་གླགས་མི་ཐོས་བའི་ཕན་ཡོན་ཚེ་འདི་ལ་ཐོབ་པར་འགྱུར་བར ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་འདིར་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་པ་དང་བཟུང་བ་དང་ཀུན་ཆུར་བར་བྱ་བ་དང། ཕྱག ་བྱ་བ་དང། འདུད་པ་དང། རིམ་གྲོར་བྱ་བ་དང། བཀུར་སྟིར་བྱ་བ་དང། ཕུ་དུད་དུ་བྱ་བ་དང། མཆོད་བའི་ཕྱིར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འདས་སོ། ཞེས་བགྱི་བ་དང་ཞེས་བྱ་བ་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེར་འདི་རིན?་ལྷ་བཐུ་བོ་ཆེ་རྫུ་འཕྲུལ་ ་ཆེ་བ་གཟི་བརྗིད་ཆེ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་པ་དང། བཅད་བ་དང། ཀུན་ཆུབ་པར་བྱ་བ་དང། ཕྱག་བྱ་བ་དང་།འདུད་བ་བྱ་བ་དང། རིམ་གྲོར་བྱ་བ་དང། བཀུར་སྟིར་བྱ་བ་དང། ཕུ་དུད་དུ་བྱ་བ་དང། མཆོད ་པའི་ཕྱིར་ལྟགས་སོ་ཞེས་བྱ་བར་ངེས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་བཞག་པའི་ཕྱོགས་དེའི་ཕྱོགས་བཅུའི་ལྷ་མཐུ་ཆེན་པོ་རྣམས་ཀློག་ཅིང?་མཆོད་པ་བྱེད་དུ ་འོང་བའི་ལྟས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཙང་སྤྲིའི་སྤྱོད་པ་དང་ལྡན་ན་དེའི་གཙང་སྤྲའི་སྤྱོད་པ་དེས་ལྷ་དེ་དག་ཀྱང་ཉེ་བར་འོངས་ཤིང་ཞེས་བྱ་བ་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ ་མོ་དེས་ནི་སེམས་བདེ་བ་དང། སེམས་ཡང་བ་དང་སེམས་བསལ་བ་ཡང་ཉཾས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀློག་པའི་མི་དེ་ཁྲུས་དང་གཙང་སྤྲ་བྱས་ཏེ་བཀླགས་ན་ལྷ་མཐུ་ཆེན་པོ ་རྣམས་འོང་ཞིང་འགོ་བར་འགྱུར་བ་དང། ལྷ་ཕྲ་མོ་གནོད་པར་སེམས་པ་རྣམས་གུང་དུ་འདོད་པར་འགྱུར་བ་དང། ལྷ་ཐུ་ཆེན་པོ་རྣམས་ལྷགས་ན་དོར?་མ་ཀློག་བར་མི་མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་བ་དང། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ཀློག་པའི་ས་ཕྱོགས་གཙང་སྒྲ་ཆེད་བྱས་ཏེ་མཆོད་པ་དང། རྒྱན་སྣ་ཚོགས་བྲེ་བ་དང། ལྷ་རྣམས་ལྷགས་ཤིང་གཙང་སྒྲ་དང། མཆོད་པ་དེ་ལྟར་བྱས་ན་ཀླག?་པའི་མི་དེ་ལུས་དང་སེམས་ལས་སུ་རུང་པའི་ཕན ་ཡོན་རྣམས་བསྟན་པའོ། །དེ་ནས་ནུབ་མོ་ཉལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་འདི་ལ་བསམ་བས་མོས་པར་བྱས་ན་སྡིག་ཏོའི་རྨི་ལམ་མཐོང་བར་མི་འགྱུར་རོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ ་མོ་དེ་དག་གིས་རྨི་ལམ་བཟང་པོ་དེ་ལྟ་བུ་དག་མཐོང་པར་འགྱུར་ཏེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཙང་སྒྲ་དང་མཆོད་པ་དང། །བཀུར་སྟི་ཆེར་བྱ་སྟེ། བསམ་པ་དག་པས་བཀླགས་ན་རྨི་ལམ་དྲན་པ་མི་རྨི་ཞིང། རྨི་ལྟས ་བཟང་པོ་མཐོང་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །རྨི་ལམ་བཟང་པོ་ཡང་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་བ་དམ་པའི་ཆོས་སྟོན་བ་མཐོང་བ་དང། དེ་བཞིན་གཤེགས་པ་དེ་ལས་ཕ་རོལ་ཏུ ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་མདོར་བཤད་པ་དང། རྒྱས་པར་བཤད་པ་བདག་གིས་ཐོས་པ་རྨི་ལམ་དུ་མཐོང་བ་དང། བྱང་ཆུབ་ཀྱི་ཤིང་དང། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང ་དྲུང་དུ་འགྲོ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་མངོན་བར་འཚང་རྒྱ་བ་དང། མངོན་བར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཆོས་རྣམ་བ་སྣ་ཚོགས་འགྲོ་བ་མཛད་པ་རྨི་ལམ་དུ་མཐོང་བ་དང། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན ་འདས་རྣམས་ཆོས་སྟོན་པའི་སྒྲ་ཐོས་པར་འགྱུར་བ་དང། ཕྱོགས་བཅུའི་སངས་རྒྱས་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དང། ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པ་དག་རྨི་ལམ་དུ་མཐོང་བར་འགྱུར་བ་བསྟན་པའོ།། ་དེ་དག་བདེ་བར་ཉལ་ཞིང་བདེ་བར་ལྡང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀློག་ཅིང་འཆང་པའི་མི་ལུས་ཀྱི་ཉམས་བདེ་བ་མང་པོ་མྱོང་བར་འགྱུར་བ་དང། ཟས་དང་གོས་ལ་སོགས་པའི་ཡོ་བྱད ་རྣམས་ལ་ཆགས་པའི་ཤས་ཆུང་བར་འགྱུར་བ་དང། ཤར་ཕྱོགས་ནས་སྟེང་གི་ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། ལྷ་དང་ཀླུ་ལ་སོགས་པ་མཐུ་གཏོང་ཞིང་གཟི་མདངས་སྐྱེད་པར་འགྱུར་བའི་ཕན་ཡོན་བསྟན་པའོ། ་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཚེ་འདི་ཉིད་ལ་ཡོན་ཏན་འདི་དག་ཡོངས་སུ་གཟུང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིན་ནན་ཏན་དུ་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་བ་ནི་དེ་ལྟར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འདི་ཕན་ཡོན་ཚེ་བས་བཀླག་པ་དང་མཉན་པ་ལ་སོགས་པ་ནན་ཏན་དུ་བྱའོ་ཞེས་གདམས་ངག་དུ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བརྒྱ་ཆེར་བཤད་པ་ལས། ལེའུ་ཉི་ཤུ་གཉིས་པའོ།། །།དེ ་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུང?་བུས་གང་བ་ཞིག་ཀྱང་རྙེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་ལས ་བྱིན་ན། དེ་ལས་གང་བླང་བར་བྱ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྐུ་གདུང་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ལགས་པས་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རིམ་གྲོར་བགྱི་བ་ལགས ་བཀུར་སྟིར་བགྱིས་པ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས། བསྲུང་ཞིང་རིམ་གྲོ་དང་བཀུར་སྟི་དང་ཕུ་དུད་དང། མཆོད་པར་བགྱིད་དོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས ་གང་བ་རྙེད་དེ། དེ་ལ་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་ནམས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ལ་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་ནམས་ཆེ་བ་བསྟན་པ་སྟེ། དེ ་བཞིན་གཤེགས་པའི་སྐུ་གདུང་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པའི་རྒྱུ་མ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ལོས?་ཐམས་ཅད་སྒྲུབ་པའི་རྒྱུའི་གཙོ་བོ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་སྐུ་གདུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱ་བྱིན་གྱིས་གདམས་པ་བསྟན་པའོ། །དེ་ནས་ཆེ་དང་ལྡན་པ་ཤE་རདྭཱ་ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྒྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་གོང་དུ་བརྒྱ་བྱིན་གྱིས་ཛམྦུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གི་གང་བ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དུ་གང་ལ ་པ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ། བཟང་ངན་དུ་འབྱེད་ཅིང་བླང་དོར་མེད་པ་ལས། བརྒྱ་བྱིན་གྱིས་བླང་དོར་ཅན་གྱི་ཆོས་སུ་བྱས་པ་མི་རིགས་པར་གལ་བཟུང་ནས། ཅིའི་ཕྱིར་དེ་ལྟར་བླང་དོར་ཅན་དུ་སེམས ་ཤེས་དྲེས་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤཱ་རདྭཱ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མི་གཉིས་པའོ་ཞེས་བྱ་བའི ་བར་དུ་ནི་གོང་དུ་ཤཱ་རིའི་བུས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ལ་ཡང་བཟང་དོན་མི་བྱེད་ཅིང། བླང་དོར་མེད་པའི་ཡོན་ཏན་བསྟན་པའི་ཚིག་བརྒྱ་བྱིན་གྱིས་བཟླས་ཏེ། དེ་དེ་བཞིན་ཞེས་སྨྲས་ནས་དོན་དམ་པར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་སྟོང་པ་ཉིད་དུ་རོ་གཅིག་པས་གཉིས་སུ་མེད་དེ་བཟང་ངན་དེ་བྱ་ཞིང་བླང་དོར་ཅན་དུ་ཤེས་བར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ ་བྱིན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ་དེ་དེ་བཞིན་ཏེ་།ཇི་སྐད་སྨྲས་པ་དེ་བཞིན་ནོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་དང་།བསམ་གྱིས་མི་ཁྱབ་བའི་དབྱིངས ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཟང་ངན་དུ་དབྱེར་མེད་པ་དང། བླང་དེར་མེད་པའི་དོན་བརྒྱ་བྱིན་གྱིས་བཤད་པ་ལ་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་བསྟོད་ནས ་དེའི་དོན་འཁོར་རྣམས་ཀྱིས་བསྟན་པར་ཤེས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་དང་དེ་དེ་བཞིན་ཉིད་དང་ཡང་དག་པའི་མཛའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམས་ལ་གཉིས་སུ་དབྱེར་མེད་དེ། སྟོང་པ་ཉིད་དུ་རོ་གཅིག་པ་དེ་བཞིན་དུ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ལ་ཡང་གཉིས་སུ་མེད་པའི་ཕྱིར་བླང་དོར་མེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་བརྣན་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད ་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་དོན་དམ་པར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བླང་དོར་དང་བཟང་ངན་དུ་འབྱེད་པ་མེད་དུ་ཟིན་ཀྱང། ཀུན་རྫོབ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསླབས་ན། བྱང་ཆུབ་སེམས་དཔའ་རྣམས་དུས་གསུམ་དུ་མངོན་བར་རྫོགས་བར་ཚང་རྒྱ་བར་འགྱུར་བ་དང། ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ལ་ལྷ་རྣམས་མཆོད་ཅིང་རིམ་གྲོ་བྱེད་དུ་འོང་བའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་བྲིས་ཤིང་འཆད་བ་ལ་སོགས་པ་བྱེད་པའི་ཕྱོགས་དེར་ཕྱོགས་བཅུའི་ལྷ་དང་ཀླུ་ལ་སོགས་པ་ཡང་དེ་བཞིན ་གཤེགས་པ་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ལ། སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ངོ་ཞེས་ནས་མཆོད་ཅིང ་ཕྱག་འཚལ་བར་འགྱུར་བ་དང། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མཆོད་པར་འོས་པར་འགྱུར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་མཆོད་པར་འོས་པར་གྱུར་བ་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་མཁྱེན་པ ་ཡེ་ཤེས་བརྙེས་པར་འགྱུར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པ་ལས་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཅངས་པ་ལ་སོགས་པ་བྱ་བ་དང་།མཆོད་ཅིང་རིམ་གྲོ་ལ་སོཌ་པ་བྱ་བར་རིགས་གང་ན་ཚིགས་བསྟན? ་པ་སྟེ། བཅོམ་ལྡན་འདས་དེ་ལྟ་བས་ན་ཆ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ་ཞེས་བྱ་བའི་གོང་དུ་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་བཀང་བ་ཞིག་ཀྱང་རྙེད་ལ་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་གླེགས་བམ་དུ་བྲིས་ཏེ་བྱིན་ན། དེ་གཉིས་ལས་གང་བླང་ཞེས་བྲིས་པའི་ལན་མཇུག་བསྡུས་ཏེ། དེ་གཉིས་ལས་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གཟུང་བ་ལ་སོགས་པ་བྱས་ན ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གང་གི་ཚེ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ་ཆོས་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱིས་ཁ་ཏོན་བགྱིད་པ་དེའི་ཚེ་འཇིགས་པ་འམ་བག་ཚ་བའི་མཚན ་མ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ་ཆོས་ཟབ་མོ་ལ་དད་ཅིང་ཡིད་ཆེས་པའི་བསམ་པས་ཀླགས་ཤིང་ཁ་ཏོན་བྱས་ན་འཇིགས་ཤིང་བག་ཚ་བར་འགྱུར་བའི་རྒྱུ་ལམ ་མཚན་མ་ཡང་མི་འབྱུང་བའི་ཕན་ཡོན་བསྟན་པ་སྟེ། དེ་ལྟར་འཇིགས་ཤིང་བག་ཚ་བ་ཙམ་ཡང་མི་འབྱུང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དོན་དམ་པར་མཚན་མ་དང། རྟགས་དང། བརྗོད་པ་དང། སྨོས་པ་མེད ་པའི་ཕྱིར་ཏེ། དེ་ལ་མཚན་མ་མེད་པ་ནི་རྣམ་པར་རྟོག་པའི་སྤོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྟགས་མེད་པ་ནི་དངོས་པོའི་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །བརྗོད་དུ་མེད་པ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན ་པའི་ཕྱིར་རོ། །སྨོས་སུ་མེད་པ་ནི་སྒྲའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་སྤྱད་བར་བྱའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་མཚན་མ་མཆིས་པ་ཞིག་ལགས་ཏེ་མཚན་མ་མཆིས་པ་མ་ལགས་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་མཚན་མ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་གཤེགས་པས ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་ནས་སངས་རྒྱས་ལ། སེམས་ཅན་རྣམས་ལ་ཡང་མཚན་མ་མེད་པའི་ཆོས་བསྟན་པ་དང་སྦྱར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་མཚན་མ་མེད་པར་མངོན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཚོན་མ་མེད་པ་ཡིན་པས་འདི་འཛིན་ཅིང་ཀློག་པ་ལ་སོགས་པ་བྱེད་པ་ལ། འཇིགས་ཤིང་བག་ཚ་བའི་མཚན་མ་ཙམ་ཡང་མི་འབྱུང་བ་སྟེ། དེའི་ཕྱིར་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག ་རྟེན་གྱིས་མཆོད་ཅིང་བཀུར་སྟི་ལ་སོགས་པར་བྱ་བར་འོས་པའི་ཡོན་ཏན་དང་ལྡན་པ་བསྟན་པའོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ནས ་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱས་པ་དང། གླེགས་བམ་དུ་བྲིས་ཏེ་མཆོད་ཅིང་བཀུར་སྟི?་བྱས་ན་ངན་སོང་རྒྱུད་གསུམ་དུ་མི་ལྟུང་བ་དང། ཐེག་པ་དམན་པའི་ལྟ ་བ་ཅན་དུ་མི་འགྱུར་བ་དང། དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བར་འགྱུར་བ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པའི་མཐུ་དང་ལྡན་པར་འགྱུར་བ་དང། དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་དང། བཀུར་སྟི་བྱེད་ཅིང་སངས་རྒྱས་ཀྱི་ཞིང ་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ནུས་པའི་མཐུ་དང་ལྡན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གི་བྱུང་བུས་བལྟམས་པ ་ཞིག་ཀྱང་སྩལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་སྩལ་ན། བཅོམ་ལྡན་འདས་དཀོན་མཆོག་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན ་གཤེགས་པའི་སྐུ་གདུང་གིས་བཀང་སྟེ་མཆོད་པའི་བསོད་ནམས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་མཆོད་པའི་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེཌ ་པ་རྣམས་དང་།དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཏེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་གཤེགས་པ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱི་དེ་མ་མཆིས་སོ་ཞེས་བྱ་བའི་བར་དུ་དེ་བཞིན་གཤེགས་པ་རྣམས་དང་།དེ་བཞིན ་གཤེགས་པའི་སྐུ་གདུང་རྣམས་མཆོད་པར་འོས་པར་གྱུར་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་མཆོད་བར་འོས་པར་འགྱུར་ལ། དེ་བཞིན་གཤེགས་པ་དང། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱེད་པའི་རིགས་ ་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཀྱང་ངན་སོང་དུ་མི་ལྟུང་ཞིང་མཐོ་རིས་ཀྱི་ལོངས་སྤྱོད་མྱོང་ནས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན། དེ་དག་འབྱུང་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད ་ཅིང་རིམ་གྲོ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་དང་འདྲ་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་ལ་བཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པས་གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་ཀུན་ཆུབ་པར ་བྱ་སྟེ་གཞན་?་བསྟན་པའི་བསོད་ནམས་དང། ཡོན་ཏན་མཚུངས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། དེ་ལ་ཆོ་འཕྲུལ་གསུམ་ནི་གཞན་གྱི་ཡིད་ལ་ཙ?་སེམས་པ་མཁྱེན་ནས་དེ་དང་རྗེས་སུ་མཐུན་པར་ཆོས་སྟོན་པ་དང། རྫུ་འཕྲུལ་སྣ ་ཚོགས་ཀྱིས་སེམས་ཅན་རྣམས་ཡིད་ཆེ་བར་བྱ་སྟེ་ཆོས་སྟོན་པ་དང། བདེན་པ་གཉིས་སྒོ་ནས་ཆོས་ཐཾས་ཅད་གཏན་ལ་དབབ་པར་བཀྲོལ་ཏེ་གདམས་པ་དང། ཚར་བཅད་པའི་ཚུལ་གྱིས་ཕན་པ་ལ་གཟུང་པ་དང། གནོད་པ་ལས་བཟློག ་བའི་ཕྱིར་ཆོས་སྟོན་པ་སྟེ། རྣམ་པ་འདི་གསུམ་ངོ་མཚར་ཚེ་ཞིང་རྨད་དུ་བྱུང་བས་སེམས་ཅན་མང་པོ་དད་ཅིག་འདུན་པར་མཛད་པས་ན་ཆོ་འཕྲུལ་གསུམ་ཞེས་བྱའོ། །བཅོམ་ལྡན་འདས་གཞན་ཡང་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཆོ་འཕྲུལ་གསུམ་པ་གནས་ཏེ་གསུང་རབ་ཡན་ལག་བཅུ་གཉིས་བཤད ་པ་དང། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་ཀུན་ཆུབ་པར་བྱ་སྟེ། གཞན་ལ་བསྟན་པ་གཉིས་བསོད་ནམས་མཚུངས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས ་བཅུ་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་? ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་པ་སྣ་ཚོགས་བྱས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི ་གླེགས་བམ་དུ་བྲིས་ཏེ་མཆོད་པ་སྣ་ཚོགས་བྱས་པ་གཉིས་བསོད་ནམས་མཚུངས་པར་འགྱུར་པའི་ཕན་ཡོན་བསྡན་པའོ། །བཅོམ་ལྡན་འདས་གཞན་ཡང་རོགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆད ་བ་དང་ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང། ཚུལ་བཞིན་ཡིད་ལ་བགྱིད་ཅིང་གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེས་ནི་སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ་ཞེས་བྱ་བ་ནས། ནང་ཐམས་ཅད་རབ་ཏུ་སེལ་བའོ་ཞེས་བྱ་བའི ་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པ་མི་ཐ་མལ་བ་མ་ཡིན་གྱི། སྔོན་གྱི་དགེ་བའི་རྩ་བ་བསགས་པས་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ངན་སོང་རྒྱུད་གསུཾ ་དང་ཐེག་པ་དམན་པར་མི་ལྟུང་ཞིང་འཇིགས་པ་ཐམས་ཅད་དང་ནད་ཐམས་ཅད་སེམས་པའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ ་དང་ཞེས་བྱ་བ་ནས། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ལྟེ། ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་ལ་སོགས་པ་བྱས་ན ་འཇིགས་པ་མེད་པར་འགྱུར་བའི་དཔེ་མི་ཕྱུག་པོ་རྒྱལ་པོ་ལ་བརྟེན་པ་ལས་བླངས་ཏེ་བསྟན་པ་དང། དེ་བཞིན་གཤེགས་པའི་སྐུ་གདུང་དང། དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སོག?་ཡང་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལས་བྱུང་བས་མཆོད་པའིི་གནས་སུ་གྱུར་པའི་ཕྱིར་དེ་དག་གང་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཆོག་ཏུ་གྱུར་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གྲོང་དམ་གྲང་རྡལ་ལམ་ཞེས་བྱ་བ་ནས། འཇིག ་རྟེན་གྱི་ཁམས་དེར་ནི་སངས་རྒྱས་འབྱུང་བ་དང་འདྲ་བར་བལྟའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡུལ་ཕྱོགས་གང་ན་བྲིས་ཏེ་འཆང་བ་ལ་སོགས་པ་བྱེད་པའི་ཡུལ་ཕྱོགས་དང་མི་འམ་མི་མ་ཡིན་པ་ལ་སོགས་པའི ་གནོད་པར་མི་འབྱུང་པ་དང། འཛིན་ཅིང་འཆད་པའི་མི་དེ་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་སྐལ་པ་ཅན་དུ་འགྱུར་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་རྣམས་ལས་སངས་རྒྱས་ཀྱི་དོན་སྒྲུབ ་པར་མཛད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་བཞུགས་པའི་འཇིག་རྟེན་གྱི་ཁམས་དེ་ན་སངས་རྒྱས་མངོན་སུམ་དུ་བཞུགས་པ་དང་འདྲ་བའི་ཕན་ཡོན་རྣམས་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན ་ནོར་བུ་རིན་པོ་ཆེ་ཆེན་པོ་མིང་པོགས་རིན་ཆེན་བགྱི་བ་མཆིས་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ལྷ་རྗེས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དང་འདྲ་བར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ ་སྟེ་སྡིག་པ་ཐམས་ཅད་སེལ་བའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་འདྲ་བར་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ཕུན་སུམ་ཚོཌ་པར་འགྱུར་བའི་དཔེ་ལྷ་?་ཀྱི་ནོར་བུ་རིན ་པོ་ཆེ་ལས་བླངས་ཏེ་བསྟན་པ་སྟེ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་དེ་གང་དུ་གཞག་པའི་ས་ཕྱོགས་དེར་མི་མ་ཡིན་པའི་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པ་དང། ནོར་བུ་རིན་པོ་ཆེ་མཐོང་ན་ནད་རྣམ་པ་སྣ་ཚོགས་དང། མི་བདེ་བ་རྣམ་པ་སྣ་ཚོགས ་མེད་པར་འགྱུར་བ་དང། ནོར་བུ་རིན་པོ་ཆེ་དེ་གང་དུ་བཞག་པར་མུན་པ་ལས་སྣང་བར་འགྱུར་བ་དང། ཚ་བ་ལས་བསིལ་བར་འགྱུར་བ་དང། གྲང་བ་ལས་དྲོ་བར་འགྱུར་བ་དང། སེམས་ཅན་གདུག་པ་རྣམས་མེད་པར་འགྱུར་བ་དང། ཆུའི་ནང་དུ ་བཅུག་ན་ཡང་ཆུའི་རྙོག་མ་ཐམས་ཅད་དངས་པར་འགྱུར་བ་དང། ནོར་བུ་རིན་པོ་ཆེ་དེ་གོས་སྣ་ཚོགས་ཀྱིས་དཀྲིས་ཏེ་ཆུང་བཅུག་ན་ཡང་ནོར་བུ་རིན་པོ་ཆེ་དེའི་མཐུ་དང་བྱིན་གྱིས་ཆུ་དེ་གོས་དེ་དང་ཁ་དོག་འདྲ་བར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་སེལ་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ཆ་དང་ལྡན་པ་དགའ་བོས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲོས་ཞེས་བྱ་བ་ནས། ཛམ་བུའི་གླིང་གི་ནོར་བུ་རིན་པོ་ཆེ་དེ་དག་གིས ་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་དེའི་གྲངས་སམ་ཆ་འམ་བགྲང་བར་ངམ། དཔེ་འམ་རྒྱུར་ཉེ་བར་མི་འགྲོའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ཕུན་སུམ་ཚོགས་པའི་ནོར་བུ་རིན་པོ་ཆེ་ལས་བླངས་པ་མི་ཡུལ་གྱི་ནོར་བུ་རིན ་པོ་ཆེ་པ་ལ་མ་ཡིན་གྱི་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་སྟེ། ནོར་བུ་རིན་པོ་ཆེ་པ་ལ་ལས་ཁྱད་པར་དུ་འཕགས་པ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས ་ཁྱད་པར་དུ་འཕགས་ཤིང། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོར་བུ་རིན་པོ ་ཆེ་དེ་སྣོད་ལ་ལ་ཞིག་ཏུ་སྩལ་བ་ལས། སྣོད་དེ་ནས་བྱུང་ཡང་སྣོད་དེ་ནི་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་གྱིས་ཡིིད་དུ་མཆིས་པར་འགྱུར་ཏེ། གཞན་ཡངསྣོད་དེ་ལ་མོས་བ་སྐྱེད་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་སྣོད་དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མང་པོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྟག་ཏུ་བཏང་སྙོམས་ལ་གནས་པ་དང། ་མི་ཉལ་བའི་ཆོས་ཉིད་ལ་ཐུག་གི་བར་གྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡོན་ཏན་ཚད་མེད་ཅིང་བརྗོད་ཀྱིས་མི་ལང་བས་ཆོས་དེ་དག་གི་གཞི་དང་སྣོད་དུ་གྱུར་པ་དེ་བཞིན་གཤེགས་པའི་སྐུ་གདུང་ཡང་མཆོད་པར་འོས་པ་ཡིན་ན་ཆོས་དེ ་དག་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཞེས་ནོར་བུ་རིན་པོ་ཆེའི་སྣོད་ལས་དཔེ་བླངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཆེ་བ་བསྟན་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན ་མོངས་པ་མ་མཆིས་པ་དང། རྣམ་པར་བྱང་བ་མ་མཆིས་པའི་སྣོད་དེ་ཞེས་བྱ་བ་ནས། དེ་བས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའ་ཨོ་ཞེས་བྱ་བའི་བར་དུ་ནི་དེ ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པ་དང། སྐྱེ་བ་དང་འགག་པ་མེད་པ་དང། བླང་བ་དང་དོར་བ་མེད་པ་དང། དབྲི་བ་དང་བསྣན་པ་མེད་པ་དང། འོང?་བ ་དང། འགྲོ་བ་མེད་པ་དང། ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་དང། ཟབ་མོ་དེ་ལྟ་བུའི་སྣོད་དང་གཞི་ཡིན་ཞིང་ཆོས་ཟབ་མོ་དེ་ལྟ་བུའི་བག་ཆགས་ཡོད་པའི་ཕྱིར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་སྐུ་གདུང་དེ་དག་མཆོད་པའི་གནས་སུ ་གྱུར་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་གཉིས་སུ་མེད་པའི་ཡོན་ཏན་བསྟན་པའོ། །གཞན་ཡང་སྟོང་གསུམ་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་ཡོངས་སུ་བལྟམ ་པ་ཞོག་གི་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་རིམ་པྲོ་དང། བཀུར་སྟི་དང། ཕུ་དུང་དང་མཆོད་པ་བགྱིས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གླའི་ཀླུང་གི་བྱེ་མ་སྙེད ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བཀང་སྟེ། མཆོད་ཅིང་བཀུར་སྟི་བྱས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅིངས་པ་ལ་སོགས་པའི་བསོད་ནམས་དང་ཕན་ཡོན་ཆེ་བ་གཏན་ཚིགས་དང་བཅས་པར་བསྟེན་པ ་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཡིན་ལ། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་ཅིང་བཀུར་སྟི་བྱས་པ་ནི། ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་ནས ་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར་མྱ་ངན་ལས་འདའ་བར་འགྱུར་བ་ཙམ་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ཞིང་བཅངས་པ་ལ་སོགས་པའི་ཕན་ཡོན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང། ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་ནས། སེམས་ཅན་ཡོངས་སུ་སྨིན་པར་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདས་ནས། བྱང་ཆུབ་སེམས་དཔའ་ཨི་ས་ལ་འཇུག་པ་དང། ་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་མངོན་པར་ཤེས་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཤིན་ཏུ་བསགས་པ་དང། ་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་མཆོད་ཅིང་བཀུར་སྟི་བྱས་པར་འགྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་ཞིང་ད་ཅང་ག་ལ་སོགས་པའི ་ཕན་ཡོན་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་ཚེའི། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་ཅིང་བཀུར་སྟི་བྱས་པ་ནི་བདག་འབའ་ ་ཞིག་གི་དོན་དུ་འགྱུར་བས། དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་དག་ན་ཞེས་བྱ་བ་ནས། དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པS་སྤྱོད་པ་དེས་ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་བཅང་བ་ལ་སོགས་པ་བྱས་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྣམས་མཐོང་བ་དང། མཆོད་པ་བྱས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། དེ་ལ་ཆོས་ཀྱི་སྐུ་ནི་ཆོས་ཀྱི་དབྱིང་རྣམ་པར་མི་རྟོག་པའི་རང་བཞིན་ནོ། །གཟུགས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང ་སྤྲུལ་པའི་སྐུའོ། །ཡེ་ཤེས་ཀྱི་སྐུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ་ཞེས་བྱ་བ་ནི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྒོམ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང། ཡེ་ཤེས་ཀྱི་སྐུ་བསྒོམས་པར་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོབས ་པའི་སངས་རྒྱས་དེ་དག་མཐོང་བར་འཚལ་བས་ཞེས་བྱ་བ་ནས། འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བའི་བར་དུ་ནི། གོང་དུ་ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པར་བགྱིའོ་ཞེས་བརྒྱ་བྱིན་གྱིས་སྨྲས་པ་ཆོས་ཉིད་གང་ཡིན་པ་ཞིབ་ཏུ་བཤད ་པའི་གླེང་བསླད་པའི་ཕྱིར་བརྒྱ་བྱིན་གྱིས་སྨྲས་པའོ། །བཅོམ་ལྡན་འདས་གཉིས་པོ་འདི་དག་ནི་ཆོས་ཉིད་དེ། གཉིས་གང་ཞེ་ན། འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དང། འདུས་མ་བྱས་ཆོས་རྣམས་ཀྱི་ཉིད་དོ་ཞེས་བྱ་བ་ནི། ཆོས་ཉིད་ཅེས་བྱ་བ་དེ་ཡང་ཡེ་ཤེས ་ཀྱི་རང་བཞིན་འདུས་བྱས་ཀྱི་ཆོས་ཉིད་དང། ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པའི་རང་བཞིན་སྟོད་པ་ཉིད་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་ཡིིན་ནོ་ཞེས་མདོར་བསྟན་པའོ། །བཅོམ་ལྡན་འདས་དེ་ལ་འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། ནང་སྟོང་པ ་ཉིད་ཀྱི་ཡེ་ཤེས་དང་ཞེས་བྱ་བ་ནས། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡེ་ཤེས་གད་ལགས་པ་དེནི་འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཡེ་ཤེས་ཀྱི་རང་བཞིན་འདུས་བྱས་ཀྱི་ཆོས་ཉིད་བསྟན་པ་སྟེ། སྟོང་པ་ཉིད ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང། དགེ་བ་དང་མི་དགེ་བ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དམིགས་པའི་ཡེ་ཤེས་རྣམ་པར་རྟོག་པ་དང་བཅས ་པ་ལ་འདུས་བྱས་ཀྱི་ཆོས་ཉིད་ཅོས་བྱའོ་ཞེས་བསྟན་པའོ། །དེ་ལ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཞེ་ན་ཞེས་བྱ་བ་རྣམས་འདི་ནི་འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བགྱིའོ་ཞེས་བྱ་བའི་བར་དུ་ནི་འདུས་མ་བྱས་ཀྱི་ཆོས་ ་ཉིད་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པ་ཉིད་དུ་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ ་བཞིན་ཏེ་ཞེས་བྱ་བ་ནས། རང་བྱང་ཆུབ་ཐོབ་བོ་འཐོབ་པ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་བཅངས་ན་ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པར་བྱས་པར་འགྱུར་བ་དེ་བདེན་ཏེ། དུས་གསུམ་གྱི ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སོ་སོའི་འབྲས་བུ་ཐོབ་པ་རའགྱུར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་ཐོབ་པ་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཐམས་ཅད་རྒྱ་ཆེར་བསྟན་ཏེ་ཞེས་བྱ་བ་ནས། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་བསྟན་གྱི་དོན་དམ་པར་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་སངས་རྒྱས ་བཅོམ་ལྡན་འདས་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་སོ་སོའི་འབྲས་བུ་ཐོབ་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་མཚན་མ་མེད་པ་དང། དམིགས་སུ་མེད་པ་ལ་སོགས་པར་རྟོགས་ནས་སོ་སོའི ་འབྲས་བུ་ཐོབ་པར་འགྱུར་ཏོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་སོང་བ་མ་ཡིན་ཞེས་བྱ་བ་ནས། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན་ནོ་ཞེས་བྱ་པའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན ་དམ་པར་ཕ་རོལ་དང་ཚུ་རོལ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ་ཞེས་བྱ་བ་ནས། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དུ་ཉེ་བར་གནས་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པས་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཐམས་ཅད་ཀྱང་ཤེས་ལ། དོན་དམ་པར་སེམས་ཅན་དག ་སེམས་ཅན་དུ་གདགས་པའི་ཐ་སྙད་ལ་སོགས་པ་རྱང་དམིགས་པ་མེད་པར་འགྱུར་ཏེ། དེ་ལྟར་བདག་དང་སེམས་ཅན་ལ་སོགས་པ་མུ་སྟེགས་ཅན་གྱིས་བརྟགས་པའི་གང་ཟག་རྣམས་ལ་བདག་མེད་པར་རྟོགས་ཏེ། གང་ཟག་ཏུ་མི་དམིགས་པ་དང་གཟུག ་ལ་སོགས་པའི་ཆོས་ཐམས་ཅད་ལ་བདག་མེད་པས་ཆོས་སུ་དམིགས་ཏེ། དེ་ལྟར་གང་ཟག་དང་ཆོས་གཉི་ཤ་ལ་བདག་མེད་པར་རྟོགས་ཤིང། མི་དམིགས་པའི་རྒྱུ་ཡང་ཡིན་ལ། །ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཐམས་ཅད་ཤེས ་པར་འགྱུར་པའི་རྒྱུ་ཡང་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པར་གཉི་གའི་ཡོན་ཏན་ཆེ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་གིས་དམིགས་པར་བགྱི་བ་དང། གང་ལ་དམིགས ་པར་བགྱི་བ་དང། གང་དུ་དམིགས་པར་བགྱི་བ་དེ་ལྟ་བུའི་ངོ་བོ་ཉིད་དེ་ལམ་མཆིས་སོ་ཞེས་བྱ་བ་ནི་གང་ཟག་དང་ཆོས་གཉི་ག་ལ་མི་དམིགས་པའི་གཏན་ཚིགས་བསྟན་པ་སྟེ། མཚན་མར་འཛིན་ཅིང་དམིགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ ་དང། གང་ལ་དམིགས་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། འཇིག་རྟེན་གྱི་ཁམས་གང་དུ་དམིགས་པར་བྱ་བའི་དངོས་པོ་དེ་ལྟ་བུ་དོན་དམ་པར་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་པའི་ཚུལ་དུ་ཉེ་བར་གནས་པ་མ་ལགས་སོ་ཞེས ་བྱ་བ་དང་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩ་པ། ཀཽ་ཤི་ཀ་དེ་དེ་བཞིན་ཏོ། དེ་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མི་དམིགས་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུན་རིང་པོར་སྤྱད་པས་དེས་བྱང་ཆུབ་ཀྱང་མི་དམིགས ་ན། སངས་རྒྱས་ལྟ་ཅི་སྨོས་སངས་རྒྱས་ཀྱི་ཆོས་ལྟ་ཡང་ཅི་སྨོས་ཞེས་བྱ་བ་ནི་གོང་དུ་བརྒྱ་བྱིན་གྱིས་ཆོས་ཐམས་ཅད་དམིགས་སུ་མེད་པའི་དོན་བཤད་པ་དེ་བདེན་ནོ་ཞེས་བསྟོད་ནས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པ་དེས་ཚེ་རབས་སྔ་མ་ལ་ཡང་དམིགས་སུ་མེད་པའི་དོན་ཡུན་རིང་དུ་བཤད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དུ་གཉེར་པའི་མཆོག་བླ་ན་མེད་པའི་བྱང་ཆུབ་ཀྱང་མི་དམིགས་ན། དེ་ལས་གཞན་པ་སངས་རྒྱས་དང། ་སངས་རྒྱས་ཀྱི་ཆོས་ལ་སོགས་པ་གཞན་ལ་མི་དམིགས་པ་ལྟ་སྨོས་ཀྱང་ཅི་དགོས་ཤེས་ཐམས་ཅད་ལ་མི་དམིགས་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེཾས་དཔའ་ ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱི། དེ་མ་ལགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་མི་སྤྱོད་དམ་ཞེས་བྱ་བ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཆེར་བཤད་པ་བརྒྱ་བྱིན་ཐོས་ནས་འཁོར་རྣམས་ཀྱི་ཐེ་ཚོམ་བསལ ་བ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་འཁོར་གསུམ་ཡོངས་སུ་དགཔར་སྤྱད་པའི་གླེང་བསླང་པའི་ཕྱིར་བརྒྱ་བྱིན་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ ་ཕྱིན་པ་དྲུག་པོ་ཀུན་ལ་ཡང་དེ་མི་དམིགས་པའི་ཚུལ་གྱིས་སྤྱོད་དོ་ཞེས་བྱ་བ་ནས། ཤེས་རབ་ཀྱང་མི་དམིགས། ཤེས་རབ་དང་ལྡན་པ་ཡང་མི་དམིགས། ཤེས་རབ་འཆལ་པ་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན ་པ་དྲུག་ཅར་ལ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་པ་མ་ཡིན་ནོ་ཞེས་བརྒྱ་བྱིན་གྱིས་ཞུས་པའི་ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ཀཽ་ཤི་ཀ་འོན་ཀྱང་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མི་དམིགས་པའི་ཚུལ་དང་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པར་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ ་འགྲོ་བའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་འཁོར་གསུམ་ཡོངས་སུ་དག་པས་ཡོངས་སུ་རྫོགས་པར་བྱེད་པ་ཡང་ཤེས་རབ་ཀྱིས་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པར་གྱུར་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ ་ཀུན་གྱི་གཙོ་བོ་ཡིན་པར་བསྟན་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ། དཔེར་ན་འཛམ་བུའི་གླིང་གི་ཤིང་རྣམས་ལོ་མ་སྣ་ཚོགས་ཅན་ཞེས་བྱ་བ་ནས་ཁྱད་པར་རམ་བྱེ་བྲག་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཕ་རོལ་ཏུ་ཕྱིན་པ་གཞན ་པས་གཙོ་བོ་ཡིན་པའི་དཔེ་ཤིང་དང་གྲིབ་མ་ལས་བླངས་ཏེ། བསྟན་པ་སྟེ། ཤིང་གི་ཁ་དོག་དང། དབྱིབས་ལ་སོགས་པ་སྣ་ཚོགས་ལས་ནི། ཤིང་གི་མིང་དང། རིགས་བྱེ་བྲག་ཏུ་དབྱེར་རུང་གི། ཤིང་དེ་དག་ལ་བརྟེན་ཏེ་བྱུང་བའི་གྲིབ་མ་རྣམས་ལས་ནི་ཤིང ་གི་རིགས་དང། མིང་གི་བྱེ་བྲག་དབྱེར་མི་རུང་བ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིང་དང་འདྲ་སྟེ། གཙོ་བོ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ནི་གྲིབ་མ་དང་འདྲ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའོ་ཞེས་བསྟན་པའོ།། ་བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་སླད་དུ། ཡོན་ཏན་ཆེན་པོ་དང་ལྡན་པའོ་ཞེས་བྱ་བ་ནས། ཡོན་ཏན་ཀུན་ཏུ་མཛའ་ཡས་པ་དང་ལྡན་པའོ་ཞེས་བྱ་བའི་བར་དུ ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་པས། ཡོན་ཏན་ཆེན་པོ་དང་ལྡན་པ་དང། ཡོན་ཏན་ཚད་མེད་པ་དང་ལྡན་པ་དང། ཡོན་ཏན་ཀུན་ཏུ་མཛའ་ཡས་པ་དང་ལྡན་པ་བསྟན་པའོ། །བཅོམ་ལྡན་འདས་རིགས ་ཀྱི་བཱུམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང། གླེགས་བམ་དུ་བགྱིས་ཏེ་ཞེས་བྱ་བ་ནས། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། ཆོས་ཀྱི་དགའ་བས་གཞན་བྱིན་ན། ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེ་བར་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང། གླེགས་བམ་དུ་བྱས་ཏེ། བདག་གིས་བཅངས་ཤིང་སྤྱད་པ་བས་ཀྱང། གླེགས་བམ་དུ་བྲིས ་ཏེ་གཞན་ལ་བྱིན་པ་བསོད་ནམས་ཆེ་བ་དེ་བཞིན་གཤེགས་པའི་སྐུ་གདུང་ལ་བདག་གིས་མཆོད་པ་བྱས་པ་བས། གཞན་ལ་བྱིན་ཏེ་མཆོད་པ་བྱེད་དུ་བཅུག་ན། བསོད་ནམས་ཆེ་བ་ལས་དཔེ་བླངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི ་གཞན་ལ་བྱིན་ཏེ། སྤྱོད་དུ་བཅུག་པ་བསོད་ནམས་ཆེ་བ་བསྟན་པའོ། །ཀཽའུ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པ་བཞིན་དུ། གཞན་གྱི་དྲུང་དུ་སོང་སྟེ། བཤད་ཅིང ་བསྟན་པ་དང་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། མེ་ཏོག་དང། ཕྲེང་བ་དང། སྤོས་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། སིལ་སྙན་སྣ་ཚོགས་ཀྱི་རིམ་གྲོར་བྱེད་དོ།། ་བཀུར་སྟིར་བྱའོ། །ཕྱུ་དུད་དུ་བྱའོ། །མཆོད་པར་བྱའོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱས་པ་དང། གླེགས་བམ་དུ་བྲུས་ཏེ། གཞན་ལ་བྱིན་པའི་བསོད་ནམས་དང། ཕན་ཡོན་སྔ་མ ་བས་ཀྱང་དོན་དང་ཚིག་གཞན་ལ་བསྟན་ཅིང། བཀྲོལ་ཏེ་གསལ་བར་བྱས་པའི་བསོད་ནམས་དང་ཕན་ཡོན་ཆེ་བ་བསྟན་ཏེ། དེ་ལྟར་སྟོན་པ་ཕན་ཡོན་ཆེ་བའི་གཏན་ཚིགས་ཀྱང་དེ་ལྟར་སྟོན་པའི་བྱང་ཆུབ་སེམས་དཔའ་དེ། སངས་རྒྱས ་བཅོམ་ལྡན་འདས་འདྲ་བར་སྟོན་པའི་བྱ་བ་བྱེད་པ་དང། དོན་དམ་པར་བསྟན་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྟོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་གཉིས་ཐ་མི་དད་པ་བསྟན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པས ་དུས་གསུམ་ཀྱི་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱིས་སོ་སོའི་འབྲས་བུ་ཐོབ་པར་གྱུར་པ་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་ཅིང་བཤད་པ་ལས་ཐོབ་པར་གྱུར་པའི་ཕྱིར། དེ་ལྟར་བཤད ་པ་བསོད་ནམས་ཆེར་འཕེལ་ལོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་ངས་དོན་དེ་ཉིད་ཀྱི་དབང་ཡང་དག་པར་མཐོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཉན་ཐོས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ ་མོ་དང་།རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང། ཕྲེང་བ་དང། སྤོས་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གདུགས་དང།རྒྱལ་མཚན་དང། བ་དན་དང། ་སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱ་བ་དང། བཀུར་སྟིར་བྱ་བ་དང། ཕུ་དང་དུ་བྱ་བ་དང། མཆོད་བར་བྱ་བ་ལྟ་ཅི་སྨོས་ཞེས་བྱ་བའི་བར་དུ་ནི། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པས་ཆོས་གང་ལ། མཆོད་ཅིང་བསྟེན་པར་བྱ་སྙམ་དུ ་དགོངས་ན་ཡང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བསྟེན་ཏེ། བདག་གིས་མངོན་པར་སངས་རྒྱས་པར་གྱུར་པས། འདི་ཉིད་ལ་ངས་རིམ་གྲོ་དང། བཀུར་སྟི་ལ་སོགས་པ་བྱའོ། སྙམ་དུ་བསམས་ཏེ། འཇིག་རྟེན་ན་ད་དང་འདྲ་བ་འམ། ད་ལས ་ལྷག་པ་སུ་ཡང་མེད་དེ་ད་ལྟ་བུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། རིམ་གྲོ་དང། བཀུར་སྟི་བྱ་བར་སེམས་ན་དེ་ལས་གཞན་བ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ ་རྣམས་ཀྱིས། མཆོད་ཅིང། བཀུར་སྟི་ལ་སོགས་པ་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་དོན་ཆེན་པོ་གཟིགས་ནས། དོན་དེ་ཉིད་དབང་དུ་བྱ་སྟེ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ལ། མཆོད་ཅིང་རིམ་གྲོ་ལ་སོག་པ་ལྷག་པར་བྱ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་སོ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ཀྱིས། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ། །འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འདི་ཐེག་པ་གསུམ་ཆར་གྱི་།རྒྱུའི་གཙོ་བོ་ཡིན་པས་། དེའི་ཕྱིར་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱས་ན། བསོད་ནམས་ལྷག་པར་ཆེའོ་ཞེས་བསྟན་པའོ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་། ལེའུ་ཉི་ཤུ་གསུམ་པའོ། །། །། ་