| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་ས་ཧ་སྲི་ཀ་པྲཛྙཱ་པཱ་ར་མི་ཏ་པཉྫི་ཀ་སཱ་རོད་ཏ་མ་ནཱ་མ། བོད་སྐད་དུ། འཕཌ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ། ཕྱོགས་བཅུ་མཛའ་ཡས་པ ་ན་རྣམ་པར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་ཉི་མ་མང་པོ་ཕུན་སུམ ་ཚོགས་པ་ཇི་སྲིད་དུ། །འཆར་དང་ནུབ་པས་འཇིག་རྟེན་ཉིན་དང་མཚན་མོར་འགྱུར་བ་ཡིན། །ཡུལ་རྣམས་སོ་སོར་ཁྱབ་པར་བྱེད ་པ་དག་ལྡན་ཐོགས་མེད་པའི། །སངས་རྒྱས་རྟོགས་པའི་ཡོན་ཏན་གཅེས་གཏེར་ཁྱེད་ལ་འབྱུང་གྱུར ་ཅིག་།ཡི་གེ་གང་ཞིག་རྣ་ལམ་དུ། ཅུང་ཟད་འཛིན་པར་བྱེད་པ་ཡང། །བྱང་ཆུབ་ས་བོན་འགྱུར་བ་ཡི། །རྒྱལ་བའི ་ཡུམ་འདི་རྒྱལ་གྱུར་ཅིག་།ཁྱབ་བདག་བྱམས་པ་གང་གི་རྒྱན་གྱི་རང་བཞིན་གྲུས་ནི་གང་ཞིག་རྒྱ་ཆེན་པོ། །མང་པོའི་དོན་གྱི ་རྒྱ་མཚོ་མཉམ་པར་རང་གི་ཡན་ལག་དག་གིས་གཏན་ལ་ཕབ། ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་ལུགས་ཆེན་པོ་གང་ཡིན ་དེ་ནི་བརྒྱད་སྟོང་པ། །རིན་ཆེན་འབྱུང་གནས་དམན་པའི་ཚིག་ཉུང་ཤིན་ཏུ་གསལ་བས་རྣམ་པར་བཤད་པར་བྱ། །ཅི་སྟེ་ཡང་ཅིའི་ཕྱིར་འདི་བཤད ་ཅེ་ན་། བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ནང་ན། མདོ་སྡེ་རིན་པོ་ཆེ་ཉིད་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་གསུང་རབ་ནི་བཅུ་གཉིས་ཏེ། མདོའི་སྡེ་དང། ་དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་བསྟན་པ་དང། ཚིགས་སུ་བཅད་པ་དང། ཆེད་དུ་བརྗོད་པ་དང། གླེང་གཞི་དང། རྟོགས་པ་བརྗོད་པ་དང། ་དེ་ལྟ་བུ་བྱུང་བ་དང། སྐྱེས་པའི་རབས་དང། ཤིན་ཏུ་རྒྱས་པ་དང། རྨད་དུ་བྱུང་བའི་ཆོས་དང། གཏན་ལ་དབབ་པ་དག་གོ་།དེ་ལ་མདོའི་སྡེ་གང ་ཞེ་ན། གང་ཚིག་རྐྱང་པས་ཟབ་པའི་དོན་སྟོན་པའོ། །དབྱངས་ཀྱིས་བསྙད་པ་གང་ཞེ་ན། མདོའི་སྡེ་གང་ཡིན་པ་ཉིད་ལ་བར་དང་ཐ་མར་ཚིགས་སུ་བཅད ་པ་བརྗོད་པའོ། །གང་ཡང་དྲང་བའི་དོན་གྱི་མདོ་སྡེ་དེ་ཡང་དབྱངས་ཀྱིས་བསྙད་པ་ཡིན་ཏེ། རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །ལུང་བསྟན ་པ་གང་ཞེ་ན། གང་དུ་ཉན་ཐོས་འདས་ཤིང་དུས་བྱེད་པར་འགྱུར་པ་སྐྱེ་བ་ལུང་བསྟན་པའོ། །གང་ཡང་དེས་པའི་དོན་གྱི་མདོ་སྡེ་གསལ་བར་དགོངས་པས ་བསྟན་པ་ཡང་ཡིན་ནོ། །ཚིགས་སུ་བཅད་པ་གང་ཞེ་ན། ཚིགས་སུ་སྦྱར་བ་བཤད་པ་གང་ཡིན་པ་སྟེ། ཚིག་རྐང་གཉིས་དང། ཚིག་རྐང་གསུམ་དང། ཚིག ་རྐང་བཞི་དང། ཚིག་རྐང་ལྔ་དང། ཚིག་རྐང་དྲུག་གོ་།ཆེད་དུ་བརྗོད་པ་གང་ཞེ་ན། གང་ཡི་རངས་ནས་བརྗོད་པའོ། །གླེང་གཞི་གང་ཞེ་ན། གང་བསྟེན་པ ་བརྗོད་པ་འམ། བྱུང་བ་དང་བཅས་པའི་བསླབ་པ་བཅས་པ་བརྗོད་པའོ། །རྟོགས་པ་བརྗོད་པ་གང་ཞེ་ན། དཔེ་དང་བཅས་པ་བརྗོད་པའོ། །དེ་ལྟ་བུ་བྱུང་བ་གང་ ་ཞེ་ན་སྔོན་གྱི་སྦྱོར་བ་དག་དང་ལྡན་པའོ། །སྐྱེས་པའི་རབས་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་དང་ལྡན་པའོ། །ཤིན་ཏུ་རྒྱས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་དང་ལྡན་པ་སྟེ་བ་སེམས་ཅན་ཐམས་ཅད་ལ ་ཕན་པ་དང། བདེ་བའི་གནས་ཡིན་པའི་ཕྱིར་རོ། །རྨད་དུ་བྱུང་བའི་ཆོས་གང་ཞེ་ན། གང་དུ་ཉན་ཐོས་དང། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་རྣམས་ཀྱི་ངོ་མཚར་སྨད་དུ་བྱུང་བའི་ཆོས་བསྟན་པའོ། །གཏན ་ལ་དབབ་པ་གང་ཞེ་ན། གང་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་བསྟན་པ་སྟེ། དེ་ལྟར་བསྟན་པ་དེ་དག་གི་ནང་ན་འདི་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེ་རིན་པོ་ཆེ་སྟེ། སྐྱེ་བུ་དམ་པའི་དོན་སྒྲུབ་པ་དང། ཟབ ་པ་དམ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་སྟོན་པའི་ཕྱིར་རོ། །དེ་ནས་ཅི་ཙམ་གྱིས་འདིའི་བརྗོད་པར་བྱ་བའི་དོན་སྟོན། དེ་ཡང་གང་ཡིན་ཞེས་བྱ་བ་ནི་དྲི་བའོ། །བསྟན་བཅོས་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི།། ་དངོས་པོ་བརྒྱད་ཀྱི་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་མཁྱེན་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང། །རྩེ་མོར་ཕྱིན་དང་ན?་ཐར་གྱིས་པ། །སྐད་ཅིག་གཅིག་མངོན ་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །དེ་རྣམ་ཞེས་བྱ་བ་ནི་རྣམ་པ་རང་གི་དོན་ལ་དྷཱའི་རྐྱེན་བྱ་བ་ཡིན་ཏེ། དེ་དག་ནི་བརྒྱད་པོ་འདི་དག་གོ་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་ལ་མངོན་པར་ཕྱོགས་ཤིང ་ཡང་དག་པར་རྟོགས་པ་ནི་མངོན་པར་ཡང་དག་པར་རྟོགས་པའོ། །དེས་ན་དེ་ཉིད་ཀྱི་ཕྱིར་མངོན་པར་རྟོགས་པ་སྟེ། དེ་དག་གིས་ནི་རྟོགས་པའི་དོན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་འདི་མངོན་པར་རྟོགས་པ་ཡིན་ཞེ་ན། གང ་གི་ཕྱིར་རྣམ་པ་བདུན་གྱིས་ཐ་མི་དད་པར་འགྲོ་ཞིང་ཐོབ་པའི་ཕྱིར་རོ། །རྩེ་མོ་ནི་རང་ཀྱི་མཛའ་ཨོ། །དེ་ཐོབ་པ་ནི་རྩེ་མོར་ཕྱིན་པའོ། །མཐར་གྱིས་པ་ནི་གོ་རིམ་སྟེ། དེ་དང་ལྡན་པ་ནི་མཐར་གྱིས་པའོ། །གཉི་གར་ཡང་མངོན་པར་རྟོགས ་པ་ཞེས་བྱ་བ་རྗེས་སུ་འབྲང་ངོ། །ཡང་ན་འདིའི་བསྡུས་པའི་དོན་དྲུག་ཡིན་པའི་ཕྱིར་ཡང་བསྟན་བཅོས་ལས། མཚན་ཉིད་དེ་ཡི་སྦྱོར་བ་དང། དེའི་རབ་དི་ཡི་གོ་རིམ་དང། །དེའི་མཛའ་དེ་ཡི་རྣམ་སྨིན་ན། དོན་བསྡུས་གཞན་ཏེ ་རྣམ་པ་དྲུག་།གང་གི་ཕྱིར་དང་པོ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་མཚན་ཉིད་དོ། །དེ་ནས་བཞི་ནི་འདིའི་སྦྱོར་བ་དང། སྦྱོར་བའི་རབ་དང། སྦྱོར་བའི་གོ ་རིམ་དང། སྦྱོར་བའི་མཐར་ཐུག་པའོ། །དེ་ནས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་དེ་ནི་འདི་རྣམ་པར་སྨོན་པ་སྟེ། གཙོ་བོའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །ཡང་བསྟེན་བཅོས་ལས། ཡུལ་གྱི་རྒྱུ་ནི་གསུཾ་ ་དག་དང། །སྦྱོར་བ་བཞི་ཡི་བདག་ཉིད་དང། །ཆོས་སྐུ་འཕྲིན་ལས་འབྲས་དུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཡང་ན་འདིའི་བསྡུས་པའི་དོན་གསུམ་སྟེ། །འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ནི་སྦྱོར་བའི་ཡུལ་ཏེ ་དེ་བརྒྱའོ། །ཡུལ་ཅན་སྦྱོར་པ་བཞིའི་བདག་ཉིད་དེ། །རྣཾས་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པའོ། །རྒྱུ་དེའི་འབྲས་བུ་ནི་ཆོས་ཀྱི་སྐུ་སྟེ་དེ་ཉིད་ལས་སོ། །དེ་ཉིད་བརྒྱད་དམ་།དྲུག་གམ། གསུམ་ནི་མདོ་འདིའི་དོན་ཏོ། །ཁ་ཅིག་ནི་ཐམས་ཅད་ཀྱང་གཙོ་བོར་དོན་གཅིག་ཉིད་དོ། ། ་བཞིན་དུན་ངག་ཅིག་ཏུ་ཡང་མི་འགྱུར་ཏེ། སེའུ་བཅུ་ལ་སོགས་པའི་ཚིག་གི་ཚོགས་བཞིན་ནོ། །ཕན་ཚུན་ཡན་ལག་གི་དོན་གྱིས་མངོན་པར་རྟོགས་པ་གཅིག་གིས་དོན་དུ་ཉེ་བར་སྦྱོར་བའི་ཕྱིར་ཏེ། དེ་བས་ན་འབྲེལ་བ་དང་ལྡན་པ་དང། རྗེས་སུ་མཐུན་པའི ་ཐབས་དང་ལྡན་པས་ཡང་དག་པར་རྫོགས་བའི་བྱང་ཆུབ་ནི་འདིར་གཙོ་བོ་ཡིན་ནོ་ཞེས་བརྗོད་དོ། །དེ་ནི་བདེན་པ་མ་ཡིན་ཏེ་།གང་གི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང་རབ་ཏུ་རྟོགས་པ་ཉིད་དེ། ཤེས་པར་འདོད་པའི ་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་རྟོགས་པ་ཉིད་དེ། ཤེས་པར་འདོད་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་ཉིད་གཙོ་བོར་བརྗོད་པར་བྱ་བ་ཡིན་ནོ། །འདི་ནི་མོས་པར་དཀའ་བ་སྟེ་ཐོབ་པ་ཡིན་པའི་ཕྱིར་བཅོཾ་ལྡན་འདས་ཀྱི་བཀའ་ལ་ཡང་མོས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཡང་འདི་གཙོར་བཅོམ་ལྡན་འདས་ཀྱིས་གསུང་བར་བྱ་བ་ཡིན་ཏེ། ཇི་ལྟ་ཇི་ལྟར་འདི་ལ་མོས་པ་དེ་ལྟ་དེ་ལྟར་བྱང་ཆུབ་ལ་ཉེ་བར་འགྱུར་ཏེ། དེ་བས་ན་འདི་གཙོར་བརྗོད་པར་བྱ་བ་ཡིན་ནོ། །མངོན་པར་རྟོགས་པ་བརྒྱུད་པོ ་དག་ལ་སྙིང་པོ་ཇི་ལྟ་བ་བཞིན་དུ་འདི་རྒྱ་ཆེར་བརྗོད་པ་ན་ཇི་ལྟར་གཙོ་བོར་མི་བརྗོད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟེ། ལྷག་མ་ཡང་དེ་ཉིད་ལམ་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་དེ་ལྟར་འདི་བརྗོད་པས ་ནི་ཤིན་ཏུ་ཡང་གཙོ་བོར་བརྗོད་པ་མ་ཡིན་ནོ། །དེ་ལྟར་རྒྱ་ཆེར་སྤྲོས་པས་ནི་ཆོ་གོ་།དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མདོ་སྡེ་འདིར་གཙོར?་བསྟན་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མ་ཡིན་ནོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ཉིད་ནི་འབྲས་བུ་དང་བཅས་པས། སྦྱོར་བ་དང་བཅས་པ་གཙོ་བོར་གྱུར་པ་འདི་མདོ་སྡེ་རིན་པོ་ཆེའི་དོན་ཏེ། འདི་ནི་དེ་སྟར་ངེས་པར་གནས་པ་ཡིན་ནོ། །གང་ཡང་ཚད་མ་རྣམ་འགྲེལ་ལས་ཀྱང་སྐྱེས་བུའི་དོན་ནི་ཐོབ་པར་བྱེད་པ ་ཡིན་ཏེ། དེ་བས་ན་དེར་ཡང་མངོན་པར་ཐོབ་པར་བྱེད་པ་ཞེས་བརྗོད་ཀྱི་གཙོར་རྗོད་པར་བྱེད་པ་ནི་མ་ཡིན་ནོ་ཞེས་སྨོས་སོ། །འདི་སྐད་བདག་གིས་ཐོས་ཤེས་བྱ་བ་ལ་སོགས་པ་ལ་།ཅི་སྟེ་གང་གི་ཚིག་ཡིན་ཞེ་ན། སྡུད་པ་པོའི་ཚིག་སྟེ། སྡུད་པ་པོ་ཉིད་ཀྱིས་འཇིག་རྟེན། ་པ་ཡང་དག་པར་ཡིད་ཆེས་པར་བྱེད་པའི་དོན་ཏོ། །དེ་ཅིའི་ཕྱིར་མ་གསུངས་པ་སྨོས་ཤེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ཉིད་ཀྱིས་དེ་འདོན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་བསྡུད་པའི་མདོ་ལས་།དགེ་སློང་དག་འདི་སྐད་བདག ་གིས་ཐོས་པ་ཅེས་གྱིས་ལ་ངའི་དམ་པའི་ཆོས་བསྡུས་བར་བྱའོ། །ཞེས་གསུངས་སོ། །ཅིས་སྟེ་འདིར་སྡུད་པ་པོ་གང་ཡིན་ཞེ་ན། གང་གི་ཕྱིར་དེ་ནི་ལྕང་ལོ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་བསྐལ་བ་བཟང་པོ་པའི་དེ་བཞིན་གཤེགས ་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང། ཆོས་ཀྱི་ཚོགས་བསྲུང་བའི་དབང་དུ་བྱས་བའི་ཕྱིར་གཙོ་བོ་རྗེས་སུ་འབྲང་བར་བརྗོད་དོ། །ཕྱག་ན་རྡོ་རྗེ་དབང་བསྐུར་བའི་མདོ་སྡེ་ལས་བསྟན་པ་གཏད་པ་ཡིན་ནོ། །ཡང་འཕགས་པ་ཀུན་དགའ་བོ་ལ་གཏད་པ་དེ་ནི་ཉན་ཐོས་ཀྱི་འཇིག ་རྟེན་ལ་གཞུག་པར་བྱ་བའི་ཕྱིར་ཡིན་གྱི། སྡུད་པའི་དོན་དུ་ནི་མ་ཡིན་ཏེ། ཇི་ལྟར་ཡང་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་གནས་པའི་ཕྱིར་འཕགས་པ་ཀུན་དགའ་བོ་ནི་མ་ལུས་བ་ཐོས་པ་ཐོབ་པས་ཉན་ཐོས་ཀྱི་སྡེ་སྣོད་སྡུད་པ་པོ་ཡིན་ནོ། །དེ་བཞིན་དུ ་ཕྱག་ན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཀྱི་སྡུད་པ་པོ་ཡིན་ཏེ་དེ་ལྟར་རྒྱ་ཆེར་སྤྲོས་པས་ཆོག་གོ་།མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་བསྟན་པའི་སྟོན་པ་པོ་ལས་འདི་རང་ཉིད་ཀྱིས་ཐོས་ནས་སྡུད་པ་ཡིན་ཏེ། དེས་ན་སྡུད་པ་པོ་མཚོན་པའི་དོན་དུ་ཐོས་པ ་ཞེས་སྨོས་སོ། །བདག་གིས་ཞེས་བྱ་བ་མ་སྨོས་པར་གྲུབ་སྟེ། རང་ཉིད་ཀྱིས་མ་ཐོས་བའི་ཆོས་བསྟན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན་།དེའི་ཕྱིར་གྲུབ་ཀྱང་སྨོས་པ་ནི་ངེས་པར་བྱ་བའི་དོན་ཏོ། བདག་ཉིད་ཀྱིས་བཅོམ་ལྡན་འདས་ལས་ཐོས་ཀྱི་།བདག་གི་བླ་མ་ལ་སོགས་པ་ལས ་ཐོས་པ་ནི་མ་ཡིན་ནོ། །དེ་བས་ན་བདག་ཉིད་ཀྱིས་ཞེས་བྱ་བ་འདིས་ནི་མངོན་སུམ་དུ་ཐོས་པ་ཉིད་དོ་ཞེས་སྟོན་ཏོ། །དེས་ན་འདིས་ནི་བརྒྱུད་བའི་ཐོས་པར་གྱུར་པ་ཡིད་ཆེས་པ་མེད་པའི་དོགས་པ་བསལ་ཏོ། །གལ་ཏེ་མངོན་སུམ་ཐོས་ཀྱང་གཡེད་བ་དང། ལོག་པར་འཛིན་པ་ཡོད ་ན་ཤིན་ཏུ་ཡང་ཡིད་ཆེས་པ་མེད་པར་འགྱུར་ཞེ་ན། དེའི་ཕྱིར་དེ་ཉིད་བསལ་བའི་ཕྱིར་འདི་སྐད་ཅེས་སྨོས་ཏེ། ཇི་ལྟར་བཤད་པ་དེ་བཞིན་དུ་བདག་གིས་ཐོས་པ་ཡིན་ཏེ། རྣམ་པ་འདི་ཉིད་ཀྱིས་གླེང་གཞི་འདི་ཉིད་དང། སྐབས་དང་ཉེ་བར་སྦྱར་བ་དང། མདོའི་ལུས་ཞེས་བྱ་བའི ་དོན་ཏོ། །དེ་ལ་སྟོན་པ་པོ་ལ་སོགས་འབྱུང་པ་ནི་གླེང་གཞི་ཡིན་ཏེ། ཡུལ་གང་དུ་སྟོན་པ་པོ་དང། ཉན་པ་པོ་འདུས་པ་སྟེ། བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཀུན་དགའ་པོ་ཞེས་བྱ་བའི་བར་དའོ། །དེ་ལ་སྐབས་ནི་དེ་ནས་དང། དེ་སྐད་ཅེས་བྱ་བ་ལ་སོགས་པའོ།། ་ཉེ་བར་སྦྱར་བ་ནི་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པའོ། །ལྷག་མ་ནི་མདོའི་ལུས་ཡིན་ནོ། །ཇི་ཙམ་ཁྱོད་ཀྱིས་ཐོས་པར་བྱས་ཞེས་དྲིས་པ་ལ་།དུས་གཅིག་ན་ཞེས་བྱ་བ་སྨོས་ཏེ། དུས་གཅིག་གི་ཚེ་ན་ཞེས་བྱ་བའི་དོན་ཏོ། །དེས་ནི་གདུལ ་བྱ་རྣམས་ཆོས་ལ་གུས་པ་བསྐྱེད་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ལན་ཅིག་བསྟན་པ་དང། བདག་ཉིད་ཀྱང་ཐོས་པ་འཛིན་པ་ཉིད་དུ་མཚོན་པ་ཡིན་ནོ། །གང་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་དེའི་ཆོས་ཡང་དག་པར་གདུལ་བར་བྱ་ཞེས་མདོ་སྡེའི་ནང་དུ ་གསྲུངས་པ་ལ་།དེ་ནི་ཚིག་གི་ཕྱོགས་གཅིག་གིས་ཚིག་རྣམས་མཚོན་པ་ཡིན་ཏེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བའོ་།དེ་ཡང་ཇི་ལྟར་ཟན?་ལ་ཞུགས་ཞེས་བྱ་བ་ལྟ་བུ་སྟེ། ཁྱིམ་དུ་ཞུགས་ནས་ཟན་ཟ་བར་རྟོགས་པར་བྱེད་པ་ཡིན་ནོ། །གླེང་གཞི་མེད་པར ་ནི་སྟོན་པ་མེད་དེ། དེ་བས་ན་གླེང་གཞི་ནི་བཅོམ་ལྡན་འདས་ཤེས་བྱ་བ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་བྱ་བའི་བར་དུ་སྟེ། བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བ་སྦྱར་རོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སམ། ཤེས་རབ་ཀྱི ་བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །ཡང་ན་འདི་དག་བརྟེན་པས་ན་བཅོམ་ལྡན་འདས་ཏེ། རྒྱུ་ཉིད་བྱེད་པ་ཉིད་བརྗོད་པར་འདོད་པའི་ཕྱིར་རོ། །དེ་དག་གང་ཞེ་ན། དབང་ཕྱུག་ལ་སོགས་པ་དྲུག་སྟེ། ཇི་སྐད་དུ་རྣམ་པར་བཤད་པའི་རིགས་པ ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང། །དཔལ་དང་གྲགས་དང་ཡི་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་བཤད་པ་ལྟ་བུ་སྟེ། དེ་ལ་དབང་ཕྱུག་ནི་བཅོམ་ལྡན་འདས་ཏེ་གཞན་དབང་མ་ཡིན་པའོ། ། ་ཕུན་སུམ་ཚོགས་པ་ནི་སྒྲིབ་བྱ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་གཟུགས་ཕུན་སུམ་ཚོགས་པ་སྟེ། །སྐུ་བླ་ན་མེད་པའི་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་ཕྱིར་རོ། །གྲགས་པ་ཕུན་སུམ་ཚོགས་པ་ནི་ཕྱོགས ་དང་ཕྱོགས་མཚམས་སུ་སྒྲ་རྣམ་པར་གྲགས་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་མང་པོ་གང་གིས་བརྟེན་པ་དེ་ནི་དཔལ་ཏེ། བཅོམ་ལྡན་འདས་དེའི་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རིམ་པས་བརྟེན་པ་ཡིན་པའི་ཕྱིར ་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་ཡེ་ཤེས་དག་པ་ཆགས་པ་མེད་པ་དང། ཐོགས་པ་མེད་པའི་ཕྱིར་རོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི་གཞན་གྱི་དོན་རྣམ་པ་ཐམས་ཅད་ལ་བྱ་བ་རྒྱུན་མི་ཆད་པར་བྱེད་པའི་ཕྱིར་རོ། །གཞུགས་ཏེ་ཞེས་བྱ་བ་ལ་ཡང་ན་བཞུགས་ཞེས་བྱ་བའི་སྒྲ་ད་ལྟར་གྱི་དོན་ཡིན་ཡང་ཐོག་ནས་ཏེ་ཞེས་བྱ་བའི་སྒྲ་འདས་པའི་དོན་ལ་ཞུགས་པའི་དབང་གིས་འདས་དོན་དུ་འགྱུར་རོ། །ལད་སྨེ་ཞེས་བྱ་བའི་ཚིག་གི་ལད་ཅེས་པ་དེ་ལྟར་གྱི་རྐྱེན ་གོང་ན་ཡོད་ལ། སྨེ་ཞེས་པ་འདས་པའི་རྐྱེན་འོག་ཏུ་འབྱུང་ན་འོག་ན་ཡོད་པའི་རྐྱེན་གཙོ་བོ་ཡིན་པའི་ཕྱིར་འདས་པའི་ཕྱིར་འདས་པའི་དོན་དུ་སྦྱར་རོ། །ཐུན་མོང་གི་བཞུགས་བ་ནི་སྐུ་གསུང་ཐུགས་མཉམ་པར་བཞག་ནས་ཞེས་བྱ་བའི་དོན་ཏོ། །བཞན་དུ་ན་དགེ་སློང་གི ་དགེ་འདུན་དང་ཐབས་ཅིག་ཅེས་བྱ་བའི་མཚུངས་པའི་བཞུགས་པས་སྟན་ཅིག་པའི་དོན་དུ་མི་འགྱུར་བའི་ཕྱིར་རོ། །ཁྱད་པར་དུ་ནི་སངས་རྒྱས་ཀྱི་བཞུགས་པ་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང། འཆག་པས་བཞུགས་པ་དང། མཉམ་པར་བཞག་པས ་བཞུགས་པ་དང། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །དེ་ལ་སངས་རྒྱས་རྣམས་ཀྱི་སྐུའི་འཕྲིན་ལས་ཐམས་ཅད་ནི་དང་པོའོ། །གསུང་གི་ཕྲིན་ལས་ཐམས་ཅད་ནི་གཉིས་པའོ། །གང་རང་བཞིན་གྱིས་མཉམ་པར་བཞག་པ་དང། ཏིང་ངེ་འཛིན་མངོན་དུ ་མཛད་པའི་ཡིད་ལ་བྱེད་པ་སྟེ། དེ་གཉིས་གསུམ་པའོ། །གང་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་པ་དང། ལྷ་རྣམས་ཉེ་བར་འོང་བར་བྱ་བའི་ཡིད་ལ་བྱེད་པ་སྟེ། དེ་གཉི་ག་ཡང་བཞི་པའོ། །གང་དུ་བཞུགས་ཤེ་ན། རྒྱལ་པོའི་ཁབ་ཅེས ་བྱ་བ་སྨོས་ཏེ། རྒྱལ་པོའི་ཁབ་ཅེས་བྱ་བ་ནི་མ་ག་དྷའི་གྲོང་ཁྱེར་ན་རྒྱལ་པོ་མང་པོས་བཀུར་བའི་ཕོ་བྲང་འཁོར་རོ། །དེའི་ཕྱོགས་གང་དུ་ཞེ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཞེས་སྨས་སོ། །དེ་ཅིའི་ཕྱིར་རྒྱལ་པོའི་ཁབ་ཏུ་སྟོན་ཞེ་ན། །མདོ་སྡེ་འདི་ནི་རྒྱལ་པོ་ཆེན་པོའི་གནས ་ཉིད་དུ་མཚོན་པའི་ཕྱིར་རོ། །ཅིའི་ཕྱིར་བྱ་རྒོད་ཀྱི་ཕུང་པོ་སྟན་ཞེ་ན། ཉན་པ་རྣམས་ལ་ཡང་འདི་རྟོགས་པར་དཀའ་བར་བསྟན་པའོ། །དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཅེས་པ་ལ། ཆེན་པོ་ནི་གྲངས་ཆེན་པོ་དང། ཡོན་ཏན་ཆེན་པོ་ཉིད་དོ། །ཉོན ་མོངས་པ་སྤངས་པའི་དགེ་སློང་དགྲ་བཅོམ་པ་དེ་ནི་འདིར་མི་གཟུང་སྟེ། འཕགས་པ་ཀུན་དགའ་བོ་གཟུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་བསྙེན་པར་རྫོགས་པའི་དགེ་སློང་དེ་འདིར་གཟུང་སྟེ། དེ་ཡང་འདི་རྣམ་པ་གཉིས་ཏེ། གསོལ་པ ་དང། གཞིའི་ལས་དང། ལྔ་པ་ནི་ཚུར་ཤོག་བྱས་པ་དང། མ་བྱས་པའོ། །བྱས་པ་ནི་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག་།ཚངས་པར་སྤྱོད་ཅིག་ཅེས་བྱས་པ་དང། ཚུར་ཤོ་ཅེས་པ་བྱས་པར་དེ་བཞིན་གཤེགས་པས ་དགོངས་པ་ཙམ་གྱིས་སྐྲ་དང་ཁ་སྤུ་རང་ལྷུང་བ་དང། ལུས་ལ་ཆོས་གོས་གྱོན་ཞིང་དབང་པོ་ཞི་བ་དང། སྤྱོད་ལམ་མཛེས?་པ་དང་ལྡན་པར་འགྱུར་བའོ། །དགེ་སློང་གི་དགེ་འདུན་ཞེས་བྱ་བ་ལ་དགེ་འདུན་གྱི་ཚོགས་ཏེ། ཇི་ལྟར་དགེ་འདུན་ཡིན་ཞེ་ན། མི་ཕྱེད་པས ་ན་དགེ་འདུན་ཏེ། གང་ཡང་སངས་རྒྱས་ཆོས་དང་དགེ་འདུན་ནི། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང། །གང་ཕྱིར་གཡེ་བར་མི་ནུས་པས། །དེ་ཕྱིར་དགེ་འདུན་ཞེས་བྱའོ། །ཐབས་ཅིག་ཅེས་བྱ་བ་ནི་ལྷན་ཅིག་པའི་དོན་ཏོ། །དེ་ལ་གྲངས་ཆེན་པོ་ནི་སྟོང་ཉིས་བརྒྱ་ལྔ ་བཅུའི་དགེ་སློང་གི་དགེ་འདུན་ཏེ། ཕྱེད་ཀྱིས་མ་ཚང་བའི་བརྒྱ་ཕྲག་བཅུ་གསུམ་མོ། །འདིར་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པའི་ཚིག་བཅོ་ལྔས་ནི་ཡོན་ཏན་ཆེན་པོ་བསྟན་པ་སྟེ། དགྲ་བཅོམ་པ་ཉིད་ནི་ཉོན་མོངས་པའི་དགྲ་རྣམས་བཅོམ་པ་དང ་ལྡན་པས་ན་དགྲ་བཅོམ་པའོ། །ཡང་ན་མི་སྐྱེ་ཞིང་ཡང་སྐྱེ་བ་མེད་པས་ན་དགྲ་བཅོམ་པའོ། །ཡང་ན་དེ་བཞིན་གཤེགས་པ་ལ་སྒྲུབ་པའི་མཆོད་པ་ཡང་དག་བས་མཆོད་པས་མཆོད་པར་བྱེད་པས་ན་དགྲ་བཅོམ་པའོ། །ཡང་ན་ལྷ་དང་མི་རྣམས་ཀྱི་མཆོད ་པ་དང་སྦྱིན་གནས་སུ་འོས་པས་ན་དགྲ་བཅོམ་པའོ། །དེ་བས་ན་མཆོད་པར་འོས་པ་དང་སྦྱིན་གནས་སུ་གྱུར་པའི་ཡོན་ཏན་གྱིས་ཟག་པ་ཟད་པ་ཅེས་སྨོས་ཏེ། སྐྱེ་བ་དང། ཉོན་མོངས་པའི་དགེ་བའི་རྩ་བ་ནི་ཟག་པ་སྟེ། དེ་དག་ནི་འདོད་པའི་ཟག་པ་སྟེ། སྲིད ་པའི་བྲག་པ་དང་མ་རིག་པའི་ཟག་པ་དང། ལྟ་བའི་ཟག་པ་དང། རྣམ་པ་བཞིའོ། །དེ་ཡང་གོ་རིམ་ཇི་ལྟ་བ་བཞིན་དུ་འདོད་པའི་ལྔ་དང། སྲིད་པའི་གསུམ་དང། མ་རིག་པའི་ཀུན་བརྟགས་པ་དང། ལྷན་ཅིག་སྐྱེས་པ་དང་ལྟ་བ་དྲུག་ཅུ་རྩ་གཉིས་ཏེ། ་ཟག་པ་འདི་རྣམས་ཟད་པས་ན་ཟག་པ་ཟད་པའོ། །དེ་ཡང་གོ་རིམ་བཞིན་དུ་ཚུལ་ཁྲིམས་དང། ཏིང་ངེ་འཛིན་གྱི་ཕུང་པོ་གཉིས་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་ཟག་པ་ཟད་པ་མངོན་སུམ་དུ ་བྱེད་པའོ། །ཡང་དག་པའི་ཏིང་ངེ་འཛིན་དང། ཟད་ལ་མི་སྐྱེ་བའི་ཡེ་ཤེས་དང། ཡང་དག་པའི་རྣམ་པར་གྲོལ་བ་དང། ཡང་དག་པའི་ལྟ་བའོ། །ཡང་འདོད་པའི་རྒྱུ་ཡོངས་སུ་ཤེས་པ་དང། ཕུང་པོའི་རྒྱུ་ཡོངས་སུ་ཤེས་པ་དང། འདུ་བྱེད་ཀྱི་རྒྱུ་ཡོངས་སུ་ཤེས་པ་དང། ཉོན་མོངས་པའི ་རྒྱུ་ཡོངས་སུ་ཤེས་པའོ། །ཡང་སྡུག་བསྔལ་ཀུན་འབྱུང་བའི་བདེན་པ་སྤངས་པ་དང། འགོག་པའི་བདེན་པ་མངོན་སུམ་དུ་བྱ་བ་དང། ལམ་གྱི་བདེན་པ་བསྒོམ་པ་དང། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པའོ། །དེ་བས་ན་ཟག་པ་ཟད་པ་ཉིད་ཀྱིས་རྣམ་པར་དག་པའི ་ཡོན་ཏན་ནི་ཉོན་མོངས་པ་མེད་པ་ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་པ་མེད་པའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི་བཞི་སྟེ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་པ་དང། ཉོན་མོངས་པའི་ཀུན་ནས ་ཉོན་མོངས་པ་དང། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །གང་གིས་ཀུན་ནས་ཉོན་མོངས་ཤིང་སྡུག་བསྔལ་བར་བྱེད་པ་དང། གང་ཀུན་ནས་ཉོན་མོངས་པར་བྱེད་པ་དང། གང་གིས་ཀུན་ནས་ཉོན་མོངས་པར་བྱེད་པ་དང། གང་ཀུན་ནས་ཉོན་མོངས་པའོ། །དེ་ལ་མ ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནི་ལས་ཀུན་ནས་ཉོན་མོངས་པ་མེད་པ་མེད་ཅེས་བསམས་པའོ། །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རིགས་པ་དང། ཚོར་བ་དང་འགགས་པ་ནི་རྣམ་པར ་སྨིན་པའི་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བསམས་པའོ། །ཚོར་བ་འགགས་པས་སྲེད་པ་དང། ལེན་པ་དང། སྲིད་པ་འགགས་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བསམ་པའོ། །སྲིད་པ་འགགས་པས་སྐྱེ་བ་དང། རྒ་བ་དང། འཆི་བ་འགགས་པ ་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བསམས་ལ། ཀུན་ནས་ཉོན་མོངས་པ་ནི་སྡུག་བསྔལ་ཏེ། དེ་བས་ན་ཉོན་མོངས་པ་མེད་པས་སྡུག་བསྔལ་མེད་པའི་ཡོན་ཏན་ནི་དབང་དུ་གྱུར་པ་ཞེས་སྨོས་སོ། །རྫུ་འཕྲུལ་ལ་དབང་བ་དང། དབང་པོ ་ལ་དབང་བ་དང། ཏིང་ངེ་འཛིན་ལ་དབང་བ་དང། ཤེས་རབ་ལ་དབང་བའོ། །ཇི་ལྟར་དེ་དག་ལ་དབང་བ་ཡིན་ཞེ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དག་ལ་ཁྱད་པར་དུ་དབང་དུ་འགྱུར་བ་དང། སྤྱོད་ལམ་དབང་ཐོབ་པས་འཇིག་རྟེན་དགའ་བ་ཉིད། ་ཀྱིས་དེ་དག་དབང་དུ་འགྱུར་བ་དང། དེ་དག་གི་སེམས་དབང་དུ་གྱུར་པ་ཉིད་དང། ཉོན་མོངས་པ་དང། ལས་དང་རྣམ་པར་སྨིན་པ་ཐམས་ཅད་བཅད་པས་འཆིང་བ་ལས་གྲོལ་བ་བཞིན་དུ་རང་ལ་དབང་ཐོབ་པ་ཉིད་དོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སེམས ་རྣམ་པར་གྲོལ་བའོ། །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཤེས་རབ་རྣམ་པར་གྲོལ་བའོ། །དེ་ལ་སྲེད་པའི་ཕྱོགས་ཀྱི་ཉོན་མོངས་པ་སྤངས་པས་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐོབ་པ་ནི་སེམས་རྣམ་པར་གྲོལ་བའོ། །མ་རིག་པའི་ཕྱོགས་ཀྱི་ཉོན་མོངས་པ་དང། ་ཉེ་བའི་ཉོན་མོངས་པ་སྤངས་པས་ཐོབ་པ་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ནི་ཤེས་རབ་རྣམ་པར་གྲོལ་བའོ། །ཅང་ཤེས་པ་ཞེས་བྱ་བ་ནི་འཇིག་པ་མེད་པ་སྟེ། ཅང་ཤེས་པ་རྣམ་པ་ལྔའོ། །འདི་ལྟར་ཐོག་འབབ་པ་ལ་སོགསྤའི་གནོད་པའི་དོགས་པ་མེད་པས་ཁྱུ་མཆོག་ཅང་ཤེས་པའོ། །འཐབ་མོའི་འཇིག་པ་མེད་པས་རྟ་ཅང་ཤེས་དང། གླང་པོ་ཅང་ཤེས་སོ། །ཕ་རོལ་གྱི་གནོད་པའི་འཇིགས་པ་མེད་པས་སེང་གེ་ཅང་ཤེས་སོ། །འཆི་བའི་འཇིགས་པ་མེད་པས་དགྲ་བཅོམ་པ་ཅང་ཤེས་སོ། །དེ་བཞིན་དུ་འདིར་ཡང་འཇིག་པའི་བག་། ་ཚ་བ་བཞི་སྟེ། སྡུག་བསྔལ་གྱིས་བག་ཚ་བ་དང། འཇིགས་པའི་བག་ཚ་བ་དང། འཇིག་རྟེན་གྱི་ཆོས་ཀྱི་བག་ཚ་བ་དང། མི་ཤེས་པའི་བག་ཚ་བའོ། །དེ་དག་མེད་པས་གོ་རིམ་བཞིན་དུ་བདེ་བ་ཐོབ་པ་དང། མི་སྐྲག་བ་ཐོབ་པ་དང། མི་འཇིགས་པ་ཐོབ་པ་དང། ་དབུགས་དབྱུང་བ་ཐོབ་པ་ཞེས་བརྗོད་དོ། །དེ་ལ་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་མེད་པས་སྡུག་བསྔལ་གྱི་བག་ཚ་བ་མེད་དོ། །བདག་གིས་སྨད་པ་དང། གཞན་གྱིས་སྨད་བ་དང། ངན་སོང་དང། འཚོ་བ་མེད་པ་དང། ཆད་པ་དང། མྱ་ངན་དང། ་འཆི་བའི་འཇིགས་པ་མེད་པས་འཇིགས་པའི་བག་ཚ་བ་མེད་དོ། །རྙེད་པ་དང། མ་རྙེད་པ་དང། གྲགས་པ་དང། མ་གྲགས་པ་དང། བསྟོད་པ་དང། དམད་པ་དང། བདེ་བ་དང། སྡུག་བསྔལ་དག་གིས་མ་གོས་པས་འཇིག་རྟེན་གྱི་ཆོས་བག་ཚ་བ་མེད་དོ། །མི་ཤེས་པ་དང། ཐེ ་ཚོམ་གྱི་ཤེས་པ་དང། ལོག་པའི་ཤེས་པ་རྣམས་མེད་པས་མི་ཤེས་པའི་བག་ཚ་བ་མེད་དོ། །དེ་བས་ན་བག་ཚ་བ་དང་བྲལ་བའི་ཕྱིར་ཅང་ཤེས་པའོ། །གླང་པོ་ཆེ་ཞེས་བྱ་བ་ནི་གཙོ་བོ་ཆེན་པོ་སྟེ། ཁ་ཅིག་ནི་གསུམ་རིག་པ་ཁ་ཅིག་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པ། ་ཁ་ཅིག་ནི་མངོན་པར་ཤེས་པ་དྲུག་ཐོབ་པ། ཁ་ཅིག་ནི་ཀུན་ཤེས་པ་བརྡ་སྤྲོད་པ། ཁ་ཅིག་ནི་གཅིག་པུར་གནས་པ་ཐོབ་བ་སྟེ། མཐར་ཐུག་པ་ཐུབ་པའི་ཆོས་རྙེད་པའི་ཕྱིར་གླང་པོ་ཆེན་པོའོ། །བྱ་བ་བྱས་པ། བྱེད་པ་བྱས་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི ་སྒྲུབ་པ་ཡོངས་སུ་རྫོགས་པའོ། །དེའི་ཕྱིར་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ཡོངས་སུ་རྫོགས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་བ་ནི་བྱ་བ་སྟེ་ངེས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདོད་པ་ཆུང་བས་འཚོ་བ་དང། ཆོག་ཤེས་པས་འཚོ་བ་དང། ་སྦྱངས་པའི་ཡོན་ཏན་གྱི་མིག་གིས་འཚོ་བ་དང། ཡང་དག་པར་མགུ་བར་བྱེད་པས་འཚོ་བ་ལ་སོགས་པ་ནི་བྱེད་པ་སྟེ། རང་དགར་སྤྱོད་པ་ཡིན་པའི་ཕྱིར་རོ། དེ་གཉི་ག་ཡོངས་སུ་རྫོགས་པ་ནི་བྱ་བ་བྱས་པ་དང། བྱེད་པ་བྱས་པའོ། །ཁུར་བོར་བ་ཞེས་བྱ་བ་ལ། ་ཁུར་ནི་བཞི་སྟེ། ཕུང་པོའི་ཁུར་དང། ཉོན་མོངས་བའི་ཁུར་དང། དམ་བཅའ་བའི་ཁུར་དང། བརྩོན་པའི་ཁུར་རོ། །ཡོངས་སུ་དེར་བའི་ཕྱིར་དང། རབ་ཏུ་སྤང་བའི་ཕྱིར་དང། མཐར་ཕྱིན་པའི་ཕྱིར་དང། ཡོངས་སུ་རྫོགས་པར་བྱས་པའི་ཕྱིར། །དེ་དག་གོ་ ་རིམ་བཞིན་དུ་བོར་བསྟེ། ཡོངས་སུ་དོར་བ་དང། སྤངས་པ་དང། མཐར་ཕྱིན་པ་དང། ཡོངས་སུ་རྫོགས་བའོ། །དེ་ཡང་སྡུག་བསྔལ་ཡོངས་སུ་ཤེས་བ་དང་།ཀུན་འབྱུང་སྤངས་པ་དང་།ལམ་བསྒོམས་པ་དང་།འགོག་པ་མངོན་སུམ་དུ་བྱས་པས ་སོ། །།དེ་དག་བོར་བས་ཕུང་པོ་མེད་པའི་བདེ་བ་དང།། རྣམ་བར་གྲོལ་བའི་བདེ་བ་དང། རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང། ཉེ་བར་ཞི་བའི་བདེ་བ་ཐོབ་བའོ། །དེ་བས་ན་ཁུར་བོར་བ་ཉིད་ཀྱིས་ཁུར་བོར་བའི་བདེ་བ་ཐོབ་པའི་ཡོན་ཏན་བསྟན་ཏོ། །བདག་གི ་དོན་རྗེས་སུ་ཐོབ་བ་ཅེས་བྱ་བ་ནི་རང་གི་དོན་ཐོབ་པ་ལ་རྣམ་བ་གཉིས་ཏེ། གནོད་བ་སྤངས་པ་དང། །དོན་ཐོབ་པའོ། །དེ་ལ་དང་པོ་ནི་མ་རིག་པ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྤངས་བའོ། །གང་ཡང་རིགས་པ་བསྐྱེད་པས་མྱ་ངན ་ལས་འདས་པ་ཐོབ་བ་སྟེ། དེ་ནི་གཉིས་པའོ། །སྲིད་བར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་བ་ཞེས་བྱ་བ་ནི་སྲིད་པར་ཀུན་ཏུ་སྦྱོར་བ་ནི་དགུ་སྟེ། སྐྱེས་བུ་སྲིད་བར་སྦྱོར་བར་བྱེད་པ་དང་།སྲིད་པར་འཆིང་བ་བྱེད་པའི་ཕྱིར་ལྟ་བ་དང། མཆོག་ཏུ་འཛིན་པ་དང། ་ཐེ་ཚོམ་དང་ཕྲག་དོག་དང་།སེར་སྣ་དང་།ཁོང་ཁྲོ་བ་དང་།ང་རྒྱལ་དང། མ་རིག་བ་དང་།སྲིད་བའི་འདོད་ཆགས་སོ། །ལྟ་བ་ལ་སོགས་པ་ཡང་ཡིན་ཀུན་ཏུ་སྦྱོར་བ་ཡང་ཡིན་པས་ལྟ་བ་ལ་སོགས་པ་ཀུན་ཏུ་སྦྱོར་རོ། །འདི་དག་ཡོངས་སུ་ཟད་པ་གང ་ཡིན་པ་དེ་སྐད་དུ་བརྗོད་དོ། །ཡོངས་སུ་ཟད་པ་ནི་རབ་ཏུ་ཉམས་པའོ། །དེ་ལས་དང་པོ་གསུམ་ནི་ཟད་པ་མེད་པའི་ཡང་དག་པའི་ལྟ་བས་ཟད་པའོ། །བར་མ་གསུམ་དང་དགུ་པའི་ཕྱོགས་གཅིག་འདོད་པའི་ཁམས་ཀྱི་ཕྱོགས་ནི་ཟད་པ་མེད་པའི་ཏིང་ངེ་འཛིན ་ལ་སྙོམས་པར་འཇུག་པས་ཟང་བའོ། །ལྷག་མ་གསུམ་ནི་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱིས་ཟད་པའོ། །ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ལ་ཡང་དག་པའི་ཤེས་པ་ནི་ཡང་དག་བའི་རྟོག་བའོ། །དེས་སེམས ་ཤིན་ཏུ་རྣམ་པར་གྲོལ་བའོ། །ཡང་དག་བར་མོས་བ་སྟེ་གང་དུ་མོས་ཤེས་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་དང། །ཐེག་པ་གསུམ་དང་ལྡན་པ་སྟོན་ག་དག་དང། །བདེན་པ་བཞི་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལའོ། །སེམས་ཀྱི་དབང ་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཞེས་ཐོབ་པ་ཞེས་བྱ་བ་ལ་སེམས་གང་གིས་ཏིང་ངེ་འཛིན་གྱི་དབང་བསྒྱུར་བདེ་ན་སེམས་ཀྱི་དབང་སྟེ། ཐམས་ཅད་ཀྱང་ཡིན་ལ་དེ་ཡང་ཡིན་ནོ། །དེ་དག་ལ་དམ་པའི་ཕ་རོལ་ནི་མཛའ་ཨོ། །ཕྱིན་པ་ནི་འགྲོ་བ་སྟེ་།ེ་མ ་ཞེས་བྱ་བ་ནི་འགྲོ་བའི་དོན་ཡིན་པའི་ཕྱིར་རོ། །དམ་པའི་མཐར་འགྲོ་བའི་ཕྱིར་ཕ་རོལ་ཏུ་སོན་པའོ། །ཇི་ལྟར་ཐོབ་པ་ཡིན་ཞེ་ན་།གང་དུ་འདོད་པ་དང། །གང་གི་ཚེ་འདོད་པ་དང་ན་ཇི་སྲིད་འདོད་པ་དང། །ལུགས་དང་མཐུན་པ་དང་།ལུགས་ལས་ལྡོག་པ་ཞེས་བྱ་བ་ལ ་སོགས་པས་མཐར་གྱིས་སྙོམས་བར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་དང་།གནས་བ་དང་།ལྡང་བ་དང། འགོག་བ་ལ་དབང་བའི་ཕྱིར་རོ། །ཐམས་ཅད་ཀྱང་ཞེས་བཤད་བ་དེ་ལ་འཕགས་པ་ཀུན་དགའ་བོ་ཡང་དེ་ལྟ་བུའི་ཡོན་ཏན་དང་ལྡན་ནམ ་ཞེ་ན་།མ་ཡིན་ཏེ་།གང་ཟག་གཅིག་མ་གཏོགས་པ་ནི་ཞེས་བྱ་བ་ལ་སོགས་བ་སྨོས་སོ། །གཅིག་མ་གཏོགས་བ་ཞེས་བརྗོད་མོད་ཅེ་ན། །གང་ཟག་སྨོས་པ་ནི་དགེ་འདུན་བསྟ་བའི་ཕྱིར་ཏེ། འཕགས་པའི་གང་ཟག་བརྒྱད་ལས་གང་ཡང་རུང་བ ་གཅིག་ཡིན་བའི་ཕྱིར་རོ། །དེ་ཡང་རྒྱུན་དུ་ཞུགས་པ་ཉིད་ཀྱིས་མ་གཏོགས་པ་ཡིན་ཏེ། ཕྱི་རོལ་ཏུ་གཞག་བ་ཡིན་ནོ། །སྒྱིར་བསྟན་པ་ལ་ཁྱད་པར་དུ་བསྟན་བའི་དོན་ནི་འདི་ལྟ་སྟེ་ཞེས་བྱ་བ་ནི་ཚིག་གི་ཕད་གཉིས། །ཁྱད་བར་དུ་བསྟེན་པ་ནི་ཀུན་དགའ་བོ ་ཡིན་ནོ། །ཚེ་དང་ལྡན་བ་ཞེས་བྱ་བའི་རྒྱད་པར་ནི་དགའ་བར་བྱ་བའི་ཕྱིར་ཏེ་།འཇིག་རྟེན་ན་ཚེ་འདི་འདོད་བ་ཡིན་ནོ། །དེ་བས་ན་དེ་དང་ལྡན་པ་ནི་དགའ་བ་ཡིན་ནོ། །དེ་ཡན་ཆད་ནི་ཉན་ཐོས་ཀྱི་དགེ་འདུན་བསྟན་ཏེ། རབ་ཏུ་གྲགས་བའི་འཁོར་ཡིན་པའི་ཕྱིར་དང། ་དེས་པའི་འཁོར་ཡིན་པའི་ཕྱིར་ཏེ། རབ་ཏུ་གྲགས་པ་དང་།རབ་ཏུ་བྱུང་བ་ཡིན་པའི་ཕྱིར་དང་།ངེས་བར་སངས་རྒྱས་ཀྱི་ཉེ་གནས་སུ་རྟག་ཏུ་གནས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་མ་ཡིན་ཏེ། ཁྱིམ་པ་ཡིན་པའི་ཕྱིར་དང་།འདི་ནས་ཀྱང ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་འགྲོ་བ་དང་དེ་ནས་ཀྱང་འདིར་འོད་བའི་ཕྱིར་ཏེ་།དེ་བས་ན་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་འདིར་མདོར་བསྡུས་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་མ་སྨོས་པ་སྟེ། གང་གི་ཕྱིར་འདི་ལྟ་སྟེ། མདོར་བསྡུས་ཏེ་བསྟན་པ་ཡང་བརྒྱད ་སྟོང་པ་འདི་ཡིན་ཏེ། དེ་བས་ན་གླེང་གཞིའི་གཞུང་འདི་ཡང་མདོར་བསྡུས་ཏེ་བསྟན་པའི་གླེང་བཞི་ཡིན་ནོ། །དེ་ནི་ཆོས་བསྟན་པའི་སྐབས་ཀྱིས་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཡོད་པའི་བདུན་པའོ། །དེ་བཞུགས་ནས་ཡང་པའི་ཞེས་བྱ་བའི་དོན་ཏོ། ། ་ཡང་ན་གཞིའི་དོན་ཏེ། འདིར་དགེ་འདུན་གྱི་ནང་དུ་གཏོགས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེས་པར་གཟུང་བ་ཡིན་ཏེ། དགེ་སློང་དེ་དག་ལས་ཞེས་བྱ་བའི་དོན་ཏོ། །དགེ་སློང་གི་ཚིགས་ལས་ཕྱོགས་གཅིག་གི་མིང་ངེས་པར་བཟུང་བ་སྟེ། རབ་འབྱོར་ཞེས་བྱ་བ་ཡིན་ནོ། །དེ་ཡང ་ཇི་ལྟར་གཡུལ་དུ་འཇུག་པའི་ནང་ནས་འཇིགས་སྡེ་ཁྱེར་ལ་ཤོག་།ཅེས་བྱ་བ་ལྟ་བུའོ། །ཚེ་དང་ལྡན་པ་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །གནས་བརྟན་སྨོས་པ་ནི་མཆོད་པའི་དོན་ཏེ་གླང་པོ་ཆེན་པོ་ཡིན་བའི་ཕྱིར་རོ། །དེ་ཡང་དགྲ་བཅོམ་པ་ཉིད་ཡོང་ན་ཉོན་མོངས་པ་མེད་པ ་ལ་གནས་པའི་མཆོག་ཡིན་པའི་ཕྱིར་རོ། །བཀའ་སྩལ་ཏེ་ཞེས་བྱ་བ་ནི་རབ་ཏུ་སྦྱར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན་།སྤོབས་པར་གྱིས་ཤིག་།ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་འབྱོར་ཞེས་བྱ་བ་ནི་བོད་པའི་ཚིག་གོ་།དེ་ཉིད་ལ་གསོལ་བ་གདབ་པའི་ཕྱིར་།སྤོབས་པར ་གྱིས་ཤིག་ཅེས་བྱ་བ་ནི་བྱེད་ཀྱི་བློ་མངོན་དུ་ཕྱོགས་པར་གྱིས་ཤིག་པ་ཡིན་ནོ། །གལ་ཏེ་ཡང་བླ་མ་ལ་གསོལ་བ་གདབ་ཉིད་སློབ་མ་ལ་མ་ཡིན་པ་དེ་ལ་ལྟ་མོད་ཀྱིས་གསླ་བ་གདབ་པ་ནི་ཆོས་ལ་གུས་ལ་བྱ་བ་ཉིད་།དེ་ལྟར་ཡང་གནས་བརྟན་རབ་འབྱོར་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་ལས་བྱ་བ་བྱས་པར་གནས་པ་ཡིན་ནོ། །ཞེས་འཆད་པར་འགྱུར་བས་སོ། །གང་གི་དབང་དུ་བྱས་ཤེ་ན། གསུངས་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྲས་བུ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་སྟེ། ཆོས་ཀྱི་སྐུ་མཛད་པ་དང་བཅས་པའོ། །དེ་ལས་བརྩམས?་པ་ནི་སྐྱེས་བུ་དམ་པའི་དོན་ཉིད་ཀྱི་ཕྱིར་ཏེ་།ཐབས་ལས་བྱུང་བ་ཉིད་པས་དེ་བསྟན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་སྤོབས་བར་བྱེད་ཅེ་ན་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་ཞེས་གསུངས་ཏེ་།དེ་རྣམས་ཀྱི་དོན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེའི་དོན་གྱི་ཕྱིར་རྒྱུ་མཚན་དང་།རྒྱུ་མཚན་ཅན་གྱི་འབྲེལ་པ་སྟེ་།དེ་བས་འབྲེལ་པ་ཙམ་སྨྲ་བར་འདོད་པའི་དྲུག་པོ་ཁྱད་པར་བརྗོད་པར་འདོད་བ་ནི་ཞི་བར་འགྱུར་རོ། །དེ་ནས་གང་གིས་བདག་ཉིད ་དུ་སྤོབས་པར་བྱ་ཞེ་ན་།གསུངས་པ། ཅི་ནས་ཤེས་བྱ་བ་ལ་སོགས་བ་སྟེ། ཅི་ནས་ཞེས་བྱ་བ་ནི་བར་དུའོ། །ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་བ་ཉིད་རྣམ་པ་གསུམ་ཡིན་ཏེ། གང་གི་ཕྱིར་དེ་ནི་ལམ ་ཡིན་ཏེ། ལམ་ཡང་འགྲོ་བའི་གཞི་སྟེ། དེས་པར་འབྱུང་བ་དང་མ་ལུས་པ་འགྲོ་བར་གྱིས་ཤིག་པའོ། །འགྲོ་བ་དེས་ཅིང་འགྱུར་ཞེ་ན། སྦྱོར་བ་དང། སྦྱོར་བའི་རབ་དང་།སྦྱོར་བའི་གོ་རིམ་དང་།སྦྱོར་བའི་མཛའ་ཨོ། །དེ་དག་ལུས་པ་མེད་བར་གྱིས་ཤིག་པའོ ་དེ་ལྟར་ཚིག་གཉིས་པོ་དེས་ནི་མངོན་པར་རྟོགས་པ་བརྒྱད་རབ་ཏུ་སྟོན་ཅིག་པའོ། །གང་ངེས་པར་འབྱུང་བར་འགྱུར་ཞེ་ན་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་བསྟན་བཅོས ་ལས། སེམས་བསྐྱེད་པ་དང་གདམས་ངག་དང། །ངེས་འབྱེད་ཡན་ལག་རྣམ་བཞི་དང། །སྒྲུབ་པ་ཡིན་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང། །དམིགས་པ་དག་དང་ཚད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང། །ཚོགས་ནི་ངེས་བར་འབྱུང ་བཅས་རྣམས་།ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཐུབ་པ་ལ་ནི་དེ་བཞིན་གཤེགས་པ་སྟེ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཉིད་ཀྱིས་དེ་མངོན་སུམ་དུ་མཛད་པའི་ཕྱིར་ལེའུ་དང་པོ ་འདིར་བརྗོད་པར་བྱ་སྟེ། དེ་ཡང་དངོས་པོ་བཅུ་སྟེ། སེམས་བསྐྱེད་པ་དང་། གདམས་ངག་དང། ངེས་པར་འབྱེད་པའི་ཆ་དང་།སྒྲུབ་པའི་རྟེན་དང། དམིགས་པ་དང། ཆེད་དུ་བྱ་བ་དང། སྒྲུབ་པའོ། །སྒྲུབ་པ་ཡང་གང་བྱ་བའི ་དངོས་པོ་ཤེས་པའོ། །དེ་ཡང་རྣམ་བ་བཞི་སྟེ། གང་གི་ཕྱིར་དེ་ནི་གོ་ཆ་དང་འཇུག་པ་ནི་བྱ་བ་གཉིས་སོ། །ཚོགས་དང་ངེས་བར་འབྱུང་བ་དང་བཅས་པ་ནི་གཞན་གཉིས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་དང་པོའི་ཚིག་གཉིས་བོ་འདིས ་སེམས་བསྐྱེད་པ་གསུངས་སོ། །བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁྱད་པར་དུ་གྱུར་པ་དེ་ལ་འདིས་སེམས་དཔའ་པ་དང། བསམ་པ་དང་།འདོད་པ་ནི་བྱང་ཆུབ་སེམས་དཔའ་ཨོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བྱེད་པར ་འདོད་པ་གང་ཡིན་པ་དེ་ནི་ཆེན་པོ་སྟེ། སེམས་ཅན་ཆེན་པོ་ནི་འདིར་སེམས་དཔའ་ཆེན་པོའོ། །དེ་ལྟར་ཡང་བསྟན་བཅོས་ལས་།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །སེམས་བསྐྱེད་པ་ཞེས ་བྱ་བ་ནི་མཚན་གཞིའོ། །ལྷག་མ་ནི་མཚན་ཉིད་དོ། །སེམས་ནི་ཡང་དག་པར་འདོད་ཅིང་དེ་ལྟ་ན་འགྲོ་བར་འདོད་ཅེས་སྨྲ་བ་ལྟ་བུ་སྟེ། །ང་འགྲོ་བར་འདོད་ཆེས་སེམས་པ་ཡིན་ནོ། །དེའི་བསྐྱེན་པ་ནི་སེམས་བསྐྱེད་པའོ། །མངོན་པར་འདོད་པ་དང ་བསྐྱེད་བ་ནི་ཐ་མི་དད་པའི་ཕྱིར་བསྐྱེད་པས་སྨོས་པ་ནི་ཁྱད་པར་ཡོངས་སུ་གཟུང་བའི་དོན་ཏོ། །གཞན་གྱི་དོན་གྱི་ཆད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པ་སེམས་བསྐྱེད་པ་ནི་སེམས་བསྐྱེད་པ་སྟེ། དེ་བས་ན་འདི་ནི་མཚན་ཉིད་དོ།། ་གཞན་གྱི་དབང་དུ་བསྟན་པ་ནི་བཞན་གྱི་དོན་གྱི་ཆེད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའོ།། །འདི་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ནི་འབྲུ་མང་པོ་མ་སྟེ་།དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ནི་འདིར་སེམས་བསྐྱེད་པ་སྟེ། བཅོམ ་ལྡན་འདས་ཀྱིས་འདིར་བཅུ་ལས་དང་པོའི་ངོ་བོ་ཉིད་དུ་གསུངས་ཏེ། དེ་ཙམ་གྱི་དབང་དུ་བྱས་ནས་ཐོབ་པའི་ཕྱིར་རོ། །དབྱེ་བ་ནི་མ་གསུངས་སྐྱད་གནས་སྐབས་ཀྱིས་ཡོད་པ་ཐོབ་པའི་ཕྱིར་རོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ཆེན་པོ ་ལས་གསུངས་ཏེ། དེའི་ཕྱིར་བསྟན་བཅོས་ལས་།དེ་ཡང་ས་གསེར་ཟླ་བ་མེ་།གཏིང་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རིས་སྨན་ཤེས་གཉེན་དང། །ཡིད་བཞིན་ནོར་བུ་ཉི་མ་གླ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །གཞོན ་མ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུའོ་སྦྱིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་ཡང་སེམས་བསྐྱེད་པ་རྣམ་པ་ཉི་ཤུ་རྩ་གཉིས་པའི་དབྱེ་བ་ཡང་གང་ཞེ་ན་།དཔེ་ནི་ས་གསེར་ཟླ་བ་ལ་སོགས་བ་སྟེ་། ས་གསེར་ཟླ་བ་ལ་སོགས་པ་དང ་ཆོས་མཐུན་པའི་ཕྱིར་ས་གསེར་ཟླ་བ་ལ་སོགས་པའོ། །ཁ་ཅིག་སྤྱིའི་སྒྲ་ཡང་ཁྱད་པར་རྟོགས་པར་འགྱུར་ཏེ། སེམས་བསྐྱེད་པ་དང་པོས་དང་འདྲ་བ་ནི་བྱང་ཆུབ་ལ་འདུན་པའི་མཚན་ཉིད་སྐྱེས་པར་གྱུར་པ་ས་དང་འདྲ་བ་སྟེ་། སངས་རྒྱས་ཀྱི་ཆོས ་ཐམས་ཅད་དང། དེའི་ཚོགས་རབ་ཏུ་བསྐྱེད་ཅིང་གནས་པའི་ཕྱིར་རོ། །བསམ་པ་དང་འདྲ་བའི་གསེར་བཟང་པོ་ནི་གསེར་དང་འདྲ་བ་སྟེ་། འགྱུར་བ་མེད་པར་སྟན་པའི་ཕྱིར་རོ། །སྦྱོར་བ་དང་ལྡན་པ་ནི་ཟླ་བ་སྟེ་ཡར་ངོའི་ཟླ་བ་ཚེས་པ་དང་འདྲ་ཞིང ་དགེ་བའི་རྩ་བ་རྣམས་སྐྱེ་ཞིང་འཕེལ་བ་རྙེད་པའི་ཕྱིར་རོ། ཁྱད་པར་རྟོག་པའི་བསམ་པ་ནི་ལྷག་པའི་བསམ་པ་ཡིན་ཏེ། དེ་དང་ལྡན་པ་ནི་མེ་སྟེ་། མེ་དང་འདྲ་ཞིང་དེས་ན་དེ་ཁྱད་པར་དུ་འགྲོ་བའི་ཕྱིར་བུད་ཤིང་གི་ཁྱད་པར་དང་ཕྲད་པའི་མེ་བཞིན་ནོ།། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་གཏེར་ཏེ་། གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཡང་དག་པར་ཚིམ་པར་བྱེད་པ་དང། མི་ཟད་པའི་ཕྱིར་རོ། །ཚུལ་ཁྲིམ ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་རིན་པོ་ཆེའི་འབྱུང་གནས་ཏེ། དེ་དང་འདྲ་བར་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ལས་བྱུང་བའི་ཕྱིར་རོ། །རིན་པོ་ཆེའི་འབྱུང་གནས་ནི་རིན་པོ་ཆེ་སྐྱེ་བ་ལ་སོགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་བ་དང ་ལྡན་པ་ནི་མཚོ་སྟེ། རྒྱ་མཚོ་དང་འདྲ་བར་མི་འདོད་པ་འབབ་པ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རྡོ་རྗེ་སྟེ། རྡོ་རྗེ་དང་འདྲ་བར་སྲ་བ་དང་མི་ཕྱེད་པའི་ཕྱིར་རོ། །བསམ་གཏན ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི་རི་བོ་ཡིན་ཏེ། རི་དང་འདྲ་བསྟེ་མི་གཡོ་བ་དང་མི་འབུལ་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ་དང་འདྲ་བར་སྒྲིབ་པ་ཐམས་ཅད་རབ་ཏུ་ཟད་བར་བྱེད་པའི་ཕྱིར་རོ། །བྱམས ་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་དང་ལྡན་པ་ནི་བཤེས་གཉེན་ཡིན་ཏེ། བཤེས་གཉེན་ཆེན་པོ་དང་འདྲ་བར་གནས་སྐབས་ཐམས་ཅད་དུ་འབྲེལ་པ་བཏང་སྙོམས་སུ་མི་བྱེད་པའི་ཕྱིར་རོ། །མངོན་པར་ཤེས་པ་དང་ལྡན་པ ་ནི་ནོར་བུ་ཡིན་ཏེ་། དེ་དང་འདྲ་བ་ནི་ཇི་ལྟར་མོས་པ་དེ་བཞིན་དུ་འབྲས་བུ་འབྱོར་པས་སོ། །སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་ནི་བསྡུ་བའི་དངོས་པོ་སྟེ། དེ་དང་ལྡན་པ་ནི་ཉི་མ་ཡིན་ཏེ། ཉི་མ་དང་འདྲ་སྟེ། གདུལ ་བྱའི་ལོ་ཏོག་ཡོངས་སུ་སྨིན་པའི་ཕྱིར་རོ། །ཆོས་དང་དོན་དང་། དེས་པའི་ཚིག་དང་སྤོབས་པ་རྣམས་སོ་སོར་རིག་པ་དེ་དང་ལྡན་པ་ནི་གླུ་ཡིན་ཏེ་།དྲི་ཟ་དབྱངས་སྙན་པ་དང་འདྲ་སྟེ་།གདུལ་བྱ་ལ་ཆོས་སྟོན་པས་མགུ་བར་བྱེད་པའི་ཕྱིར་རོ། །དོན་ལ ་ཏོན་ཅིང་ཚིག་འབྲུ་ལེགས་པར་སྦྱར་བ་ལ་སོགས་པ་ནི་མ་ཡིན་ནོ། །ཆོས་ཀྱི་རིག་པ་དེ་ནི་རྗེས་སུ་འབྲང་བར་བྱའི་གནས་བརྟན་ལ་སོགས་པའི་གང་ཟག་ནི་མ་ཡིན་ནོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡེ་ཤེས་དེ་ལ་རྗེས་སུ་འབྲང་བར་བྱའི་རྣམ་པར་ཤེས ་པའི་ཤེས་རབ་ལ་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཆོག་ཏུ་ཚད་མེད་གྱུར་པ་དེས་བསྟན་བ་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ལ་རྟོན་པར་བྱའི་དྲང་བའི་དོན་གྱི་མདོ་སྡེ་ལ་ནི་མ་ཡིན་ཏེ། དེ་དང་ལྡན་པ་ནི་རྒྱལ་པོ་སྟེ་རྣམ་པར་ཉམས་པ ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་མཛད་ཡིན་ཏེ་། བང་མཛོད་དང་འདྲ་བ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ ་རྩ་བདུན་དེ་དང་ལྡན་པ་ནི་ལམ་པོ་ཆེ་ཡིན་ཏེ། རྒྱལ་པོའི་ལམ་དང་འདྲ་བ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་པ་དང་རྗེས་སུ་གཤེགས་པ་ཉིད་ཀྱི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞན་པ་ཡིན་ཞིང་བཞོན་པ་དང་འདྲ ་སྟེ། བདེ་པར་འགྲོ་བའི་ཕྱིར་རོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་ཡིན་ཏེ། བཀོད་མའི་ཆུ་དང་འདྲ་བ་སྟེ་།ཆུ་འཛིན་པ་དང་།མི་ཟད་པའི་ཆུ་མིག་དང་ཆོས་མཐུན་པས། ཐོས་པ་དང་མོ་ཐས་པའི་ཆོས་ཀྱི་དོན་འཛིན་པ་དང ་མི་ཟད་པའི་ཆུ་མིག་དང་འདྲ་བའི་ཕྱིར་རོ། །འདུ་བྱེད་ཐམས་ཅད་མི་རྟག་པ་དང་།ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང། ཆོས་ཐམས་ཅད་བདག་མེད་པ་དང་།མྱ་ངན་ལས་འདས་པ་ཞིག་སྟེ། ཆོས་ཀྱི་མདོ་བཞི་པོ་དེ་དག་དང་ལྡན་པ ་ནི་སྙན་པར་སྨྲ་བ་སྟེ། སྙན་པར་སྨྲ་བའི་སྒྲ་དང་འདྲ་ཞིང་གདུལ་བྱ་ཐར་བ་འདོད་པ་རྣམས་ཀྱིས་ཐོས་པ་ན་དགའ་བའི་ཕྱིར་རོ། །མི་སྐྱེ་བའི་ཆོས་ལ་བརྗོད་པ་ཐོབ་པ་དེའི་ས་པའི་བྱང་ཆུབ་སེམས་དཔའ་ནི་ཐ་དད་པ་མེད་པའི་བྱ་བ་ཕྱེད་པའི་ཕྱིར་བགྲོད་པ་ཅིག་པའི་ལམ ་ཡིན་ཏེ། དེ་དང་ལྡན་པ་ནི་ཆུ་བོ་ཡིན་ལ་།ཆུ་བོའི་རྒྱུན་དང་འདྲ་བ་སྟེ། རང་གི་ངང་གིས་འབབ་པའི་ཕྱིར་རོ། །དགའ་ལྡན་གྱི་གནས་སུ་སྐྱེ་བ་ལ་སོགས་པའི་བསྟན་པའི་ཐབས་ལ་མཁས་བ་དེ་དང་ལྡན་པ་ནི་སྤྲིན་ཡིན་ཏེ། སྤྲིན་དང་འདྲ ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་བགྱི་བ་དེ་ལས་འཇུག་བས་སོ། །སྤྲིན་ལ་སོགས་པ་ནི་སྣོད་ཀྱི་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའོ། །འདི་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཤེས་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་མཚན་མོ་གཉིས་ལས ་སེམས་བསྐྱེད་བ་ཉི་ཤུ་རྩ་གཅིག་བརྗོད་བ་ཡིན་ཏེ། དེ་ལ་དང་པོ་ནི་འདུན་པའི་མཚན་ཉིད་ཀྱི་ཁྱད་པར་རོ། །ལྷག་མ་ནི་དེའི་གྲོགས་ཀྱི་ཁྱེད་པར་རོ། །དེ་ཉིད་སྦྱོར་བ་དང་བསམ་བ་ལ་སོགས་བ་དང་ལྷན་ཅིག་པ་ཡིན་བའི་ཕྱིར་རོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས ་ཐམས་ཅད་ཀྱང་གོ་རིམ་བཞིན་མི་ཟད་པ་བརྒྱད་ཅུར་བརྗོད་དེ་དང་པོ་ནི་སེམས་བསྐྱེད་པ་ཉིད་དོ། །ལྷག་མ་ནི་དེའི་གྲོགས་ཏེ་།སྦྱོར་བ་དང་བསམས་པ་ལ་སོགས་པ་སྣ་ཚོགས་པའོ། །དང་པོའི་སེམས་བསྐྱེད་པ་ནི་གཞི་མི་ཟད་པ་སྟེ། སྦྱོར་བ་མི་ཟད་པ་ནས་ཐབས་ལ་མཁས་པ ་མི་ཟད་པའི་བར་དུའོ། །དེ་ལྟ་མོད་ཀྱི་ཇི་ལྟར་བརྒྱད་ཅུ་བྱ་བ་ཡིན་ཞེ་ན། སེམས་བསྐྱེད་པ་བཅུ་པ་གཉིས་བའི་དབྱེ་བས་ལྷན་ཅིག་ཏུ་བྱས་ནས་དྲུག་ཅུ་རྩ་བརྒྱད་དུ་བྱའོ། །བཅུ་དང་ལྷན་ཅིག་ཚད་མེད་དང། །མངོན་ཤེས་བསྡུས་དངོས་སོ་སོ་རིག་།སྟོན་ཟུར་ཕྱོགས་དང་གཉིས ་གཉིས་དང། །ཆོས་མདོ་བགྲོད་དང་ལྷན་ཅིག་ཏུ། །རྩ་གཉིས་སེམས་བསྐྱེད་བཅུ་པ་ནི། །གཉིས་བའི་དབྱེ་བ་མི་ཟད་པ། །ཕྱོགས་དང་ལྔ་དང་བཞི་དང་ནི། །གཉིས་གཉིས་གསུམ་དག་སེམས་བསྐྱེད་དག་།དེ་ལྟར་བཅོམ་ལྡན་འདས་ཀྱིས་གནས་བརྟན་ལ་གསོལ་བ་བཏབ་ནས་དེ ་ཉིད་ཀྱིས་འདིར་སྟོན་གྱི་སྟོན་བས་ནི་མ་ཡིན་ནོ། །ཞེས་གང་རྟོག་པར་འགྱུར་བ་ལ་།དེ་བསལ་བར་བྱ་བའི་ཕྱིར་སྡུད་པ་པོས་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་རྣམ་བར་རྟོག་པ་བསྐྱེད་པ་སྨྲས་སོ། །མ་ཤཱ་རི་ཞེས་པ་ཡིན་པ་དང་རིགས་ཤཱ་རི?་ཏི་ཡིན་པས་ན་ཤཱ་རིའི་དུ ་དང་ཤཱ་རདྭ?་ཏིའི་བུ་ཞེས་འདིའི་མིང་རྣམ་བ་གཉིས་སུ་བྱས་སོ། །འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་བརྗོད་པར་འགྱུར་བའི་རྣམ་པར་རྟོག་པའོ། །དེ་ཉིད་ཅི་ཚེ་དང་ལྡན་པ་ཞེས་བྱ་བས་སྨྲས་སོ། །བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་ལ་ཡོད་པའོ། །རང་གིས་ཞེས་བྱ་བ་ནི་རང་ལ་རག་ལས ་བའོ། །ཤེས་རབ་དང་སྤོབས་པ་ནི་ཤེས་རབ་ཀྱི་སྤོབས་པའོ། །དེ་ཉིད་ཀྱི་སྟོབས་ནི་རང་བཞིན་གྱིས་དེའི་སྟོབས་ཀྱིས་དེའི་བག་ཆགས་སུ་བརྗོད་དོ། །དེ་བསྐྱེད་པ་ནི་སྔོན་སྐྱེད་བའོ། །དེ་ཉིད་བྱིན་གྱིས་བརླབས་ནི་རབ་ཏུ་སད་པའོ། །འོན་ཏེ་ཞེས་བྱ་བ་ནི་ཅི་ཞིག་ཡིན་ཞེས་བྱ་བའོ། ། ་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་ནས་སངས་རྒྱས་ཀྱི་མཐུས་སོ། །དེ་ནས་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་གྱི་ལན་སྟོན་བ་ཡིན་ནོ། །ཀུན་ཏུ་ཆོལ?་བའི་ཡིད་ཀྱི་བརྗོད་བ་ནི་རྟོག་པའོ། །སེམས་ཉིད་ལ་གནས་ཤིང་མི་སྟོན་པ་དེ་ཉིད་ནི ་ཡོངས་སུ་རྟོག་བའོ། །དེ་བས་ན་སེམས་ཀྱི་རྟོག་པ་ཡོངས་སུ་ཤེས་པ་ནི་ཀུན་ཏུ་ཤེས་པའོ། །སེམས་ཀྱི་ཞེས་བྱ་བ་ནི་སེམས་ཀྱི་རྣམ་གངས་ཞེས་པའི་མངོན་བར་ཤེས་བས་ཡིན་གྱི་ཚིག་གིས་ནི་མ་ཡིན་ནོ། །དེ་སྐད་ཅེས་བྱ་བ་ནི་བརྗོད་བར་འགྱུར་བའི་ལན་ནོ། །སྨྲ་བ ་ཞེས་བྱ་བ་ལ་སོགས་བའི་ཚིག་དྲུག་སྟེ། །དེ་ལ་དང་པོའི་གསུམ་གྱིས་ནི་མདོ་ལ་སོགས་བའི་ཚིག་བརྗོད་།སྨྲ་བ་ནི་བཅོམ་ལྡན་འདས་ཀྱི་འཁོར་རྣམས་ལ་མདོ་ལ་སོགས་བ་སྨྲ་བའོ། །སྟོན་པ་ནི་དེ་ཉིད་དུ་སྲིད་བ་ལ་སོགས་པ་སྨྲ་བའོ། །ལུང་འཕོགས་བ་ནི ་ཕྱོགས་དག་ཏུ་ཉེ་བར་སོང་ནས་གདུལ་བྱ་དེ་དག་ལ་སྨྲ་བའོ། །དེ་ལྟར་གང་དང་གང་ཉིད་ཀྱི་དངོས་བོ་བཅོམ་ལྡན་འདས་ཀྱི་འཁོར་ལ་བརྗོད་པ་ནི་བཅོམ་ལྡན་འདས་ཀྱི་འཁོར་ལ་བསྟན་པའོ། །འཆད་པ་ནི་དེ་ཉིད་དུ་གཞན་དག་ལའོ། །ཡང་དག་བར་རབ་ཏུ་སྟོན་པ་ནི ་ཀུན་ཏུ་སོང་ནས་རང་ཉིད་འཆད་བའོ། །སྨྲ་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐྱེས་ཏུ་བྱེད་བ་དེས་བྱིན་གྱིས་བརླབས་བའི་མཐུ་ཡིན་པའི་ཕྱིར་ཉན་ཐོས་ཀྱི་ནི་མ་ཡིན་ཏེ། རང་དབང་མེད་པས་སོ། །འདི་ཉིད་དུ་རྒྱུ་བཤད་པར་འདོད་ནས ་རང་ཉིད་འདྲི་བར་བྱེད་པ་ནི། ཅིའི་ཕྱིར་ཞེ་ན་། ཞེས་རྒྱུ་སྨྲས་སོ། །ཆོས་གང་ཞེ་བྱ་བ་ལ་སོགས་པ་སྨྲོས་པ་ལ་།ཆོས་གང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་པ་དང་།ཐེག་པ་ཆེན་པོ་པའོ། །བསླབས་ནས་ཞེས་བྱ་བ་ནི་ཐོས་པ་དང། བསམ ་བ་དང། བསྒོམ་པ་དག་གིས་སོ། །དེ་ཞེས་བྱ་བ་ནི་ཉན་ཐོས་སོ། ཆོས་ཉིད་ཅེས་བྱ་བ་ནི་ཇི་ལྟར་ཐོས་པའོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའོ། །འཛིན་ཏོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི། །ཤེས་རབ་རྣམ་པ་གསུམ་ཀྱིས་ཤིན་ཏུ་བརྟན ་པར་དྲན་པའི་ས་བོན་བསྐྱེད་བའི་ཕྱིར་རོ། །ཆོས་ཉིད་ནི་ཇི་ལྟར་ཐོས་པ་སྟེ། དེ་བཞིན་གཤེགས་པའི་ཆོས་སྟོན་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་ཐོས་པ་དང་འདྲ་བ་ནི་རྒྱུ་མཐུན་བ་སྟེ། ཆོས་ཉིད་ཇི་ལྟར་ཐོས་པའོ། །ཆོས་ཉིད་ཅེས་བྱ་བ་ནི་རང་གིས་བསྟན་པ ་དང། དེ་བཞིན་གཤེགས་པས་བསྟན་བའི་རྒྱུ་མཐུན་པ་སྟེ། སྐྱེས་བུའི་བྱེད་བར་བསྟན་ཏོ། །མི་འགལ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་བདག་ཉིད་ཆེན་པོ་དང་གཉིས་ཀྱིས་ཤཱ་རིའི་བུའི་རྣམ་བར་རྟོག་པ་དང་གང་དག་གི་དོགས་བ་བསལ་ཏོ། །འདི་ཡན་ཆད ་ཀུན་གྱིས་ཅི་ཞིག་བསྟན་ཞེ་ན་།རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་ཆོས་ཐམས་ཅད་དོན་དམ་པར་གཟིགས་པ་བཅོམ་ལྡན་འདས་མཆོག་ཏུ་ཚད་མ་ཡིན་པར་བསྟན་ཏོ། །གང་གི་སློབ་མ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ནི་དེས་རྟག་ཏུ་བྱིན་གྱིས་བརླབས་བ ་ཉིད་དེ་།དེས་བྱིན་གྱིས་བརླབས་བའི་ཕྱིར་འདི་ལྟ་བུའི་ཆོས་ཀྱང་ཡང་དག་པར་སྨྲ་བ་ཡིན་ཏེ། གང་གི་ཕྱིར་གང་དེས་བཅོམ་ལྡན་འདས་ཉིད་དམ་།ཉན་ཐོས་ཀྱིས་བསྟན་ཀྱང་དེ་ཐམས་ཅད་ནི་དེ་བཞིན་ཏེ་།གཞན་དུ་མ་ཡིན་ནོ།། ། ་ད་ནི་གདམས་དག་གི་སྐབས་ལ་བབ་ནས། གནས་བརྟེན་རབ་འབྱོར་གྱིས་ཇི་སྐད་བཤད་པ་བཞིན་སྡུད་པ་པོས། དེ་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བྱ་བའི་ཚིག་གཉིས་ནི་དེ་དང ་དེ་ཡིན་ཞེས་རྟོགས་བར་བྱེད་བ་སྟེ། དཔེར་ན་འཇིགས་བ་འཇིགས་བ་ཞེས་བྱ་བ་གང་འཇིགས་བ་ཡིན་ཞེས་བྱ་བ་ལྟ་བུའོ། །ཚིག་བླ་དགས་ནི་མིང་ངོ། །ཆོས་ནི་དངོས་བོའོ། །གང་གི་ཞེས་བྱ་བ་ནི་གང་གི་ཡང་དངོས་པོ་བདག་མ་ཡིན་ཏེ། གཏན ་དུ་མེད་པ་ཡིན་ནོ་ཞེས་བསམས་སོ། །ནང་གི་གཟུགས་ཡོད་དེ། དེ་ཉིད་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེ་ན། བདག་གིས་ཡང་དག་བར་རྗེས་སུ་མ་མཐོང་ངོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་དེ་ནི་ནང་གི་ཕུང་པོ་ལ་སོགས་པའོ། ། ་དེ་ལ་རེ་ཞིག་གཟུགས་ཅན་དེ་དག་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དང། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ནི་གཟུང་བ་དང། འཛིན་བའི་ཁྱད་བར་ཡིན་ན་གཟུང་བ་ནི་མེད་དེ་ཤེས་པ་ལས་ཐ་དད་པ་ཡོད་བ་ནི་མེད་པའི་ཕྱིར ་རོ། །འཛིན་པ་ཡང་མེད་དེ་གཟུང་བ་མེད་ན་དེ་ཡན་མེད་པས་སོ། །ཆོས་དེ་ཡང་ཞེས་བྱ་བ་སྨོས་པ་ལ་།དེའི་ཕྱིར་བྱང་ཆུབ་སེམས་དཔའ་མི་དམིགས་པ་དང། གང་ཟག་ལ་བདག་མེད་བའི་ཡེ་ཤེས་དེ་གཉིས་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཉིད་དེ་།དེ་ཡང་གལ་ཏེ་ཉེ་བར་དམིགས་ན་ནི་གཟུང་བར་འགྱུར་ལ་།དམིགས་པར་བྱེད་བ་ཡང་འཛིན་བར་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་གཉིས་ཉིད་དུ་མེད་དེ་།དེ་བས་ན་གཟུགས་ཅན་དུ་མི་དམིགས་ཀྱི་།རང་གི་ངོ་བོ་ཉིད་ཁོ་ནར ་རང་གསལ་པ་ཡིན་ཏེ། དེ་ཉིད་དེའི་གསལ་བ་ཡང་དག་པར་རིག་བ་ཞེས་བརྗོད་དོ། །གང་དེའི་གསལ་བཞིན་པ་ནི་གང་ཟག་དང། ཆོས་ཀྱི་བག་ཆགས་སྔོན་བསྒོམས་བ་གང་ཡོད་པ་དེ་ལ་ངེས་པར་རྟགས་ཤིང་སྤངས་པ་ན་སྣང་བ་འགོག་པ ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིན་ནོ། །དེ་ལ་དེ་དག་མི་དམིགས་བས་ནི་བདག་མེད་བའི་ཡེ་ཤེས་ཡིན་ཏེ། དཔེར་ན་ཕྱོགས་མཐོང་བ་ནི་གང་དེ་ལ་སྐུད་བ་དང་བུང་བ་མི་སྣང་བའི་ཤེས་པ་སྐྱེས་ན་དེ་མ་མཐོང་བའི་ནི་མི ་སྣང་བ་མཐོང་བ་བཞིན་ནོ། །འདི་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགའ་ཞིག་གཅིག་ཏུ་?་བར་སོང་སྟེ། ལུང་གི་སྤྱོད་པར་བྱེད་པ་སྐྱེ་བ་དེ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །འོན་ཀྱང་གང་ཞིག་ཐེ་ཚོམ་དུ་གྱུར་ན ་རྗེས་སུ་དཔག་པ་ལ་སོགས་པའི་སྟོབས་ཀྱིས་བསྐྱེད་བ་དེ་ནི་རིགས་པ་བསམས་པ་ལས་བྱུང་བའི་ཤེས་རབ་པོ། །དེ་གཉིས་ཀྱི་ཐེ་ཚོམ་རྩ་བ་ནས་བཅད་དེ་འབད་པས་ཏིང་ངེ་འཛིན་ཐོབ་པ་དེ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཏུ་འགྱུར་རོ། །དེ་ལས་དང་པོའི ་གཉིས་བསྟན་བར་བྱ་བའི་ཕྱིར་། དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་ཞེས་བྱ་བ་ནི་ནང་གི་ཕུང་པོ་ལ་སོགས་པའོ། །མ་འཚལ་ཞེས་བྱ་བ་ནི་མི་དམིགས་པའོ། །ཚད་མས་གནོད་པ་ཡིན་པའི་ཕྱིར་རི་བོང་གི་རྭ ་བཞིན་ནོ་ཞེས་བསམས་སོ། །དེ་ཉིད་ལ་གནས་པ་བསྟན་པའི་མི་དམིགས་པ་ཡང་དག་པར་རྗེས་སུ་མ་མཐོང་བྱ་བ་ལ། མི་དམིགས་ཞེས་བྱ་བ་ནི་ཡིད་ཆེས་པའི་ལུང་ལས་སྐྱེས་པ་ངེས་མི་དམིགས་ཤིང་གནོད་པ་ཡིན་ནོ། །ཡང་དག་པར་རྗེས་སུ་མ ་མཐོང་ཞེས་བྱ་བ་ཨནི་མི་བསླུ་བ་དང་མཁས་བའི་སྐྱེ་བོ་དང་ཐུན་མོང་ཡིན་པའི་ཕྱིར་དང། ལྟ་བའི་རྗེས་སུ་འགྲོ་བའི་རྗེས་སུ་དཔག་པའི་གནོད་པས་ཡང་དག་པར་རྗེས་སུ་མ་མཐོང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཞེས་བྱ་བ་ནི་འཛིན་པ་བཀག་ཅིང་མེད་དེ་དེའི ་གཟུང་བ་མེད་པའི་ཕྱིར་རོ། །དེ་ཉིད་དགག་པ་མེད་དེ་གསལ་བ་ཡང་དག་པར་དེ་ཉིད་ལ་གསལ་བའི་གནོད་པ་མེད་པས་སོ། །གང་ཞིག་ཅེས་བྱ་བ་ནི་གང་ཡང་མེད་པ་སྟེ། ཚད་མས་གནོད་པའི་ཕྱིར་རོ་།གང་ལ་ཞེས་བྱ་བ་ནི་གང་ཡང་མེད་པའོ། །དེ་ལ ་ཡོད་པ་ཉིད་ནི་གཙོ་བོ་མ་ཡིན་བའི་ཕྱིར་རོ། །རྟོགས་བའི་ཕྱིར་སྨྲ་བ་ནི་གདམས་པའོ། །རྗེས་སུ་སྦྱར་བའི་ཕྱིར་བསྟན་པ་ནི་རྗེས་སུ་བསྟན་པའོ། །འདིར་མི་དམིགས་ཞེས་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །ཡང་དག་བར་རྗེས་སུ ་མ་མཐོང་ཞེས་བྱ་བས་ནི་རིགས་པས་བསམས་པ་ལས་བྱུང་བའི་ཤེས་རབ་བསྟན་ཏོ། །རིམས་བ་ནི་སྔར་བསྟན་ཏོ། །ཤིང་རྟ་ཆེན་པོ་དག་གིས་ཀྱང་དེ་དང་དེ་དག་ཏུ་རྒྱ་ཆེར་བསྟན་ཏོ། །དེའི་འོག་ཏུ་བསྒོམས་པ་ལས་བྱུང་བའི་ཤེས་རབ་བརྗོད་བར་བྱ་སྟེ། དེ་ཡང ་རྣམ་པ་དགུར་སྒྲུབ་བ་ཞི་གནས་ཡིན། དེ་དང་ལྷན་ཅིག་སྤྱོད་པ་ལྷག་མཐོང་ངོ། །ཞི་གནས་དེ་ཡང་ཞེ་ན། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་དེའི་ནང་ཉིད་ལ་སེམས་འཇོག་བ་དང་།རྒྱུན་ཏུ་འཇོག ་པ་དང། བླ་ན་སྟེ་འཇོག་པ་དང། ཉེ་བར་འཇོག་པ་དང། དུལ་བར་བྱེད་བ་དང། ཞི་བར་བྱེད་པ་དང་།རྣམ་པར་ཞི་བ་བྱེད་བ་དང། རྩེ་གཅིག་ཏུ་བྱེད་བ་དང། སེམས་མཉམ་པར་འཇོག་པའོ། །དང་པོ་དང་མཛའ་མའི་སེམས་ཞེས་སྨོས་པ ་ནི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལ་འཇོག་བ་ནི་ཏིང་ངེ་འཛིན་གྱི་དམིགས་པ་ལ་དེས་པར་གདགས་པའོ། །རྒྱུན་ཏུ་འཛེག་པར་སེམས་ཀྱི་རྒྱུན་ཏུ་འཇུག་བ་དེ་བཞིན་དུ་འཇོག་པ་ཡིན་ཏེ། གཞན་དུ་འགྲོ་བ་དགག་པས་སོ། །བླ་ན་ཏེ་འཇོག་པ་ནི་རང་བཞིན ་གྱི་གཡོ་བའི་ཕྱིར་སེམས་དེ་ཇི་ལྟར་ཡང་གཞན་དུ་འགྲོ་བ་ན་དེ་བླ་ན་ནས་ལེགས་པར་སྡོམ་པའི་ཕྱིར་རོ། །ཉེ་བར་འཇོག་པ་ནི་དེ་ནས་བརྟན་པར་གྱུར་པ་དང་། རང་བཞིན་གྱིས་རིགས་པ་ཉིད་ཀྱིས་གཞན་དག་ཏུ་རྣམ་པར་འཕྲོ ་བ་ན་གོང་ནས་གོང་དུ་འཕྲོ་བར་བྱེད་པས་དེ་ཉིད་དུ་འཇོག་པའི་ཕྱིར་རོ། །དུལ་བར་བྱེད་པ་ནི་རང་བཞིན་གྱིས་གཡེང་བ་ལ་དགའ་བའི་སེམས་ཏིང་ངེ་འཛིན་ལ་དགའ་བར་བྱེད་པའོ། །ཏིང་ངེ་འཛིན་གྱི་ཕན་ཡོན་མཐོང་པའི་ཕྱིར་ཏེ། ཏིང ་ངེ་འཛིན་གྱི་ཕན་ཡོན་ནི་ཡོན་ཏན་ཐམས་ཅད་ཀྱི་ཁྱད་པར་དང་ལྡན་པ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པའི་བར་དུའོ། །ཞི་བར་བྱེད་ཅེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་ཡང་ཏིང་ངེ་འཛིན་ལ་དགའ་བ་མེད་ཅིང་དེའི་སེམས་གཡེང་བ་ལ་དགའ་བར་གྱུར་ན་དེས་ན་དེ་ཞི་བར་བྱེད་བ ་ཡིན་ཏེ། གཡེང་བའི་སྐྱོན་ནི་སྡུག་བསྔལ་ཐམས་ཅད་ཡིན་ཏེ། མནར་མེད་བ་ཐོབ་པར་བྱེད་པའི་བར་དུ་ཡང་ཡིན་ནོ། །རྣམ་པར་ཞི་བར་བྱེད་པ་ཞེས་བྱ་བ་ནི་ལྡན་པའི་དུས་སུ་རྣབ་སེམས་དང། ཡིད་མི་བདེ་བ་ལ་སོགས་པ་ཉེ་བར ་ཞི་བར་བྱེད་པ་ནི་སྡུག་བསྔལ་བཞིན་ནོ། །རྩེ་གཅིག་ཏུ་བྱེད་པ་ནི་དམིགས་པ་གཅིག་པ་ཐགས་འཐག་པ་དང། ཆོས་འཐུན་པས་རྩེ་གཅིག་ཏུ་དེ་ལྟར་བྱེད་བ་རྩེ་གཅིག་ཏུ་བྱེད་པའོ། །སེམས་ཀྱིས་ཞེས་བ་བདུན་གྱིས་གསལ་ནས་འབད་པས་དེ་བཞིན་དུ་རང ་གི་ངང་གིས་འབྱུང་བར་བྱེད་བ་ཞེས་བྱ་བའི་དོན་ཏོ། །མཉམ་པར་འཇོག་པ་ཞེས་བྱ་བ་ནི་རང་གི་ངང་གིས་འབྱུང་བ་གོམས་པར་བྱས་ནས་ལྷུན་གྱིས་གྲུབ་ཅིང་རང་གི་ངང་གིས་འབྱུང་བས་ཡང་དག་པའི་དམིགས་པ་ལ་སེམས་འཛིན་བར་བྱེད་པ་ཞེས་བྱ་བའི ་དོན་ཏོ། །ཡང་མདོ་སྡེ་རྒྱན་ལས་།དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པ་གཡེང་མི་བྱ། །རྣམ་གཡེང་མྱུ་དུ་གཏོགས་བྱས་ནས། །དེ་ལ་སླར་ནི་སླན་བར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས ་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །དེས་ན་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བས། །རང་གི་ངང་གིས་འབྱུང་བ་ཐོབ། ། ་དེ་གོམས་པ་ལས་འདུ་མི་བྱེད། །ཞི་གནས་གྲུབ་པ་ཡོད་ན་དེ་དང་ལྷན་ཅིག་སྤྱོད་པའི་ཤེས་རབ་སྐྱེ་བར་འགྱུར་ཏེ། ལྟ་བ་དང་རིག་པ་དང། བློ་དང། སྣང་བ་དེ་ནི་ལྷག་མཐོང་ཡིན་ཏེ། དེ་གཉི་ག་ཡང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡིན་ཏེ། དེ། ་བས་དེ་བསྟན་པའི་ཕྱིར་།བཅོམ་ལྡན་འདས་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཞེས་བྱ་བ་ནི་ཚིག་གི་ཕྲེང་གཞན་ཡིན་ཏེ། གལ་ཏེ་ཉིད་ཅེས་བྱ་བའི་དོན་ཏོ་།འདི་ལྟར་ཞེས་བྱ་བ་ནི་ཡང་བདག་གིས་ཞེས་བྱ་བ་ལ་སོགས་པའོ། །བཤད ་ཅིང་ཞེས་བྱ་བ་ནི་དང་བོར་ད་ལྟར་བྱུང་བ་ཡིན་ཀྱང་འདས་བའི་ཡུལ་དང་ཉེ་བར་འགྱུར་བས་ལང་ཅེས་བྱ་བའི་རྐྱེན་བྱས་པས་བཤད་ཞེས་བྱ་བ་ཡིན་ནོ། །བཤད་པའི་དོན་དང་བསྟན་པས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་མཚན་ཉིད་དོ། །ལུང་འབོག་པ་ཞེས ་བྱ་བ་ནི་བསམས་པ་ལས་བྱུང་བའོ་ཤེས་རབ་ཀྱི་མཚན་ཉིད་དོ། །མངོན་སུམ་དུ་བྱས་ཞེས་བྱ་བ་ནི་ཚིག་གི་ལྟག་མའོ། །སེམས་མི་ཞུམ་པ་ཞེས་བྱ་བ་ནི་ཇི་ལྟར་ཐོས་པ་དེ་ཉིད་ལ་དོན་ལ་སེམས་པ་ལ་སེམས་ཁྱད་དུ་མི་གསོད་མི་ཞུམ་སྟེ། དེ་ཉིད་དུ ་དེས་པར་བཏགས་པའི་ཕྱིར་རོ། །ཀུན་ཏུ་ཞུམ་པར་མི་བགྱིད་ཅེས་བྱ་ནི་སེམས་ཀྱི་རྒྱུན་འཇུག་བ་ལ་རྗེས་སུ་མི་འབྲ། ཞིང་ཞུམ་བར་མི་བགྱིད་དོ། །མི་གོང་ཞེས་བྱ་བ་ནི་སེམས་རང་བཞིན་གྱིས་གཡོ་བའི་ཕྱིར་གཞན་དུ་སོང་བ་ལ་ཀུན་ནས་ཤེས་པར་བྱས་ནས ་སྡུད་པ་ན་སྐྱོ་བ་མེད་པ་ཡིན་ནོ། །ཡི་གསོད་པར་མི་འགྱུར་ཞེས་བྱ་བ་ནི། སེམས་ཤིན་ཏུ་བརྟན་པར་གྱུར་ན་ཡང་རང་བཞིན་གྱིས་རྟོག་པ་རགས་པ་གཞན་དུ་འཕྲ་བའི་ཕྱིར་གོང་ནས་གོང་དུ་ཕྲ་མོར་བྱེད་པ་ན་སྐྱོ་བ་མེད་པ་ཡིན་ནོ། །དེའི་ཞེས་བྱ་བ་ནི་བྱང་ཆུབ ་སེམས་དཔའ་ཨོ། །ཡིད་ཕྱིར་ཕྱོགས་པར་མི་བགྱིད་ཅེས་བྱ་བ་ནི་ཏིང་ངེ་འཛིན་ལ་གནས་པར་བྱས་པ་ཡིན་ཡང་བར་མར་གནས་པའི་ཕྱིར་ཏེ། དེ་ལྟ་མོད་ཀྱི་དེ་ཉིད་དུ་སེམས་འདུལ་བར་བྱེད་དེ་།ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་མཐོང་བས་སོ། །བཅོམ ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་ཞེས་བྱ་བ་ནི་དེ་ལ་དགའ་བ་མེད་པ་དང་མོས་པ་མེད་པས་རྣམ་པར་གཡེང་པར་བྱེད་བ་མེད་པར་འགྱུར་ཏེ། རྣམ་པར་གཡེང་བའི་སྐྱོན་རྣམས་མཐོང་བའི་ཕྱིར་རོ། །མི་སྐྲག་ཅེས་བྱ་བ་ནི་བརྣབ་སྨས་དང། ཡིད་མི་བདེ ་བ་སྐྱེས་བ་ལ་སོགས་པ་སྐྱེས་པ་ན་ཡང་མི་སྐྲག་པ་ཡིན་ནོ། །འོན་ཀྱང་དེ་ཉིད་འཇོམས་པ་ནི་ཡིན་ཏེ། གཡེང་པའི་སྐྱོན་མཐོང་བའི་ཕྱིར་རོ། །མི་བདངས?་ཞེས་བྱ་བ་ནི་སེམས་སྐྱེན་མེད་པ་རང་གི་ངང་གི་འབྱུང་བ་ཉིད་ཀྱི་དོན་གང་ཡིན་པའི་འདུ་བྱེད་དེ་ལ ་མི་དངངས་ཤིང་དེ་བྱེད་པ་ཞེས་བྱ་བའི་དོན་ཏོ། །དངངས་པར་མི་འགྱུར་ཞེས་བྱ་བ་ནི་སེམས་ཡང་དག་པར་གྱུར་ཏེ། འབད་པ་མེད་པར་རང་གི་འབྱུང་བས་དངངས་པ་དང། ཡང་དག་པར་དངངས་པ་དེ་མེད་པ་དེ་ཡིན་ཏེ། ལྷུན་གྱིས་གྲུབ་པ་ཉིད་དང ་གིས་འབྱུང་བ་འཛིན་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་འདི་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཏིང་ངེ་འཛིན་འདི་ཉིད་བྱང་ཆུབ་སེམས་དཔའ་ཡིན་ཏེ། སེམས་ཀྱི་ཁྱད་པར་ཡིན་པའི་ཕྱིར་རོ། ། ་འདི་ཉིད་ཅེས་བྱ་བ་ནི་དེ་དང་ལྡན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གདམས་པ་ཡིན་ནོ། །གང་དེ་ཉིད་དང་ཡང་དག་པར་ལྡན་པ་ནི་དེ་ལྟར་གནས་ན་ཞེས་བྱ་བ་ལ་ཏིང་ངེ་འཛིན་འདི་ཉིད་ལ་གནས་ན་འདི་མི་གཏོང་པ་ཡིན་ཏེ། དེ་ཉིད་གདམས་པ་དང་རྗེས ་སུ་འབྲེལ་བའི་རྗེས་སུ་བསྟན་པའོ། །དེ་བས?་ན་དེ་ལྟར་སེམས་སྐད་པའི་འོག་ནས་དེ་ནས་ཤེས་བྱ་བ་ལ་སོགས་པ་ནས་གདམས་པ་དང། རྗེས་སུ་བསྟན་པའི་བྱ་བའི་བར་གྱིས་ནི་བསྒྲུབ་པ་ལ་གདམས་པ་བསྟན་ཏེ་།ཇི་ལྟར་ལས་དང་པོ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དེ་ལ་སྤྱད་པར་བྱ་བ་དེའི་སྤྱོད་པ་ནི་བསྒྲུབ་པ་སྟེ། དེ་ལ་གདམས་པ་ནི་བསྒྲུབས་པ་ལ་གདམས་པའོ། །འདི་ཉིད་ལ་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་ནས་བཀའ་སྩལ་པ་ནི་འདི་ཙམ་ཉིད་དེ། དགུ་པོ་གཞན་ནི་ཆ་ཙམ་གསུངས་པ་ཡིན་ནོ། །ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ཏུ་ནི་བཅུ་ཆར་ཡང་རྒྱ་ཆེར་གསུངས་སོ། །དེ་ཡང་བསྟན་བཅོས་ལས། བསྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང། །ལམ་ནི་ཡོངས་སུ ་འཛིན་པ་དང། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང། །བསྒོམ་ཞེས་བྱ་བ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། ཞེས་གསུངས་ཏེ། སྒྲུབ་པ་ལ་གདམས་པ་ཡང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་གཡེང ་བའི་རྣམ་པར་རྟོག་པ་བཅུ་པོའི་གཉེན་པོར་རྒྱ་ཆེར་གསུངས་སོ། །དེ་བདག་གིས་ཀྱང་དག་ལྡན་ཉིད་ལས་རྣམ་པར་བཤད་པ་ཡིན་ཏེ། འདིར་ནི་མ་བརྗོད་དོ། །ད་ནི་འདི་ཉིད་བརྗོད་པར་བྱ་སྟེ། དེ་ལ་གཟུགས་ལ་སོགས་པ་སྟོན་པ་ཉིད་དང་ལྡན་པ་ནི་གང་གི་ཚེ་ཅུང་ཟད་ལྡན ་པ་དང་མི་ལྡན་པར་ཡང་དག་པར་མི་དམིགས་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིན་ནོ། ཞེས་བརྗོད་པར་བྱ་སྟེ་།དེ་ནི་སྡུག་བསྔལ་གྱི་བདེན་པར་གདམས་པའོ། །གཟུགས་ལ་སོགས་པ་སྐྱེ་བ་དང། འགག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ ་པར་བྱང་བའི་ཆོས་ཅན་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་རྣཾ་ཤེས་པ་ཉིད་དེ། དེ་ནི་ཀུན་འབྱུང་གི་བདེན་པ་ལ་གདམས་པའོ། །སྟོང་པ་ཉིད་ནི་འཕེལ་པ་མེད་པའི་བར་དུའོ། །དེ་ལ་ནི་གཟུགས་ལ་སོགས་པ་མེད་།སྡུག ་བསྔལ་མེད། ཀུན་འབྱུང་མེད། འགོག་པ་མེད། ལམ་མེད་པ་ནས་སངས་རྒྱས་མེད། བྱང་ཆུབ་མེད་ཅེས་བྱ་བ་མི་འགོག་པའི་བདེན་པ་ལ་གདམས་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང། ་བདག་ཉིད་ལྡན་པ་འམ། མི་ལྡན་པ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་འདས་པ་ལ་སོགས་པའི་དུས་གསུམ་དུ་མི་སྦྱོར་ཏེ། དུས་གསུམ་སྟོང་པ་ཉིད་ལ་བརྟེན་པའི་ཕྱིར་རོ། །འདི་ནི་ལམ་གྱི་བདེན་པ ་ལ་གདམས་པའོ། །ཕུང་པོ་དང་ཐམས་ཅད་མཁྱེན་པ་ཉིད་མི་སྦྱོར་ཏེ། གང་གི་ཕྱིར་དེ་ཉིད་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ཁམས་ལ་མ་ཡིན་སྐྱེ་མཆེད་ལ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་ལ་མ་ཡིན། བྱང་ཆུབ་ཀྱི་ཕྱོགས་ལ་མ་ཡིན། སངས་རྒྱས ་ལ་མ་ཡིན་།གང་གི་ཕྱིར་དེ་ཉིད་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་དེ་དང་སངས་རྒྱས་སུ་སྦྱོར་བར་མི་བྱེད་དོ། །གང་གི་ཕྱིར་དེ་ཉིད་མི་དམིགས་པས་དེ་དང་དེར་ཡང་མ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ ་ལ་མ་ཡིན། བྱང་ཆུབ་ཀྱང་དེ་ལ་མ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་དེ་ཉིད་སངས་རྒྱས་སོ། །བྱང་ཆུབ་ཉིད་དེའོ། །དེ་ཉིད་བྱང་ཆུབ་ཡིན་ཏེ། དེ་ནི་སངས་རྒྱས་དཀོན་མཆོག་ལ་གདམས་པའོ། །ཅུང་ཟད ་ཇི་ལྟར་ཡང་སྦྱོར་བར་མི་བྱེད། ཇི་ལྟར་ཡང་སྤྱོད་པར་མི་བྱེད། ཇི་ལྟར་གང་གི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་བྱེད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱ་ཆེན་པོའི་བྱ་བ་ནི་སྦྱོར་བ་དམ་པ་ཡིན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ ་འབྱོར་ཡིན་པས་རྣལ་འབྱོར་གཞན་ཐམས་ཅད་ཟིལ་གྱིས་མནན་ནས་གནས་པ་ཡིན་ཏེ། དེ་ནི་ཆོས་དཀོན་མཆོག་ལ་གདམས་པའོ། །འདིར་དགེ་འདུན་དཀོན་མཆོག་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་ཚོགས་ཏེ། དེ་ཡང་གང་ཟག་ཉི་ཤུ་མདོ ་ལས་བསྟན་ཏེ། དེ་བས་ན་བསྟན་བཅོས་ལས། དབང་པོ་རྟུལ་དང་རྣོན་པ་དག་།དད་དང་མཐོང་ཐོབ་རིགས་ནས་རིགས། བར་ཆད་གཅིག་པར་སྐྱེས་ནས་དང། །བྱེད་དང་བྱང་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་འདོད ་ཆགས་བཅོམ་པ་དང། །མཐོང་ཐོབ་ཞི་ལུས་མངོན་སུམ་བྱེད། །སྲེ་རུ་དང་ནི་ཉི་ཤུའོ། །ཞེས་བྱ་བ་ལ་དད་པས་རྗེས་སུ་འབྲང་བ་དང། ཆོས་ཀྱི་རྗེས་སུ་འབྲང་བ་དང། དད་པས་མོས་པ་དང། མཐོང་བས་ཐོབ་པ་དང། ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང། མིའི ་རིགས་ནས་རིགས་སུ་སྐྱེ་བ་དང། བར་ཆད་གཅིག་པ་དང་བདུན་ནོ། །ཚིག་རྣམས་ལ་ཚིག་གི་ཕྱོགས་གཅིག་ཀྱང་འཇུག་པ་ཡིན་ཏེ། དཔེར་ན་འཇིགས་སྡེ་ལ་འཇིགས་པ་ཞེས་པ་ལྟ་བུའོ། །སྤྱིའི་སྒྲ་ལ་ཡང་ཁྱད་པར་དུ་འཇུག་པ་ཡིན་ཏེ། དཔེར་ན་ལྷར་སྐྱེས་པ ་ལྟ་བུའོ། །དེས་ན་བར་མདོར་ཡོངས་སུ་མྱ་ངན་ལས་འདས་པ་དང། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དང། མངོན་པར་འདུ་བྱེད་པས་མྱ་ངན་ལས་འདས་པ་དང། མངོན་པར་འདུ་མི་བྱེད་པས་མྱ་ངན་ལས་འདས་པ་དང། རྣམས་བཞིའོ། །འོག ་མིན་གྱི་བར་དུ་འགྲོ་ཞིང་དེ་ལས་གོང་དུ་མཐར་ཐུག་པར་མ་ཡིན་ཏེ། འོག་མིན་གྱི་མཐར་ཞེས་བྱ་བའི་དོན་ཏོ། །འཕར་བ་ཞེས་བྱ་བའི་མང་པོའི་ཚིག་ནི་དང་པོའི་དོན་ཏོ། །འཕར་བ་དང། ཕྱེད་དུ་འཕར་བ་དང། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་མོ། །སྲིད་པའི་རྩེ ་མོའི་མཐར་ཐུག་པར་འགྲོ་བ་དང། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དང། ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང། རང་སངས་རྒྱས་དང་ལྔའོ། །འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས ་པའི་ཕྱིར་བསྒྲུབ་པ་ལ་གདམས་པར་ཆ་ཙམ་བསྟན་པ་ཡིན་ནོ། །དེ་ནི་དགེ་འདུན་དཀོན་མཆོག་ལ་གདམས་པ་ཡིན་ཏེ། དེ་ལྟར་བསྟན་པ་ནི་དཀོན་མཆོག་གསུམ་ལ་གདམས་པའོ། །བྱང་ཆུབ་སེམས་དཔའ་ལུས་ངག་ཡིད་གསུམ་གྱིས་ཕ་རོལ་ཏུ་ཕྱིན ་པ་དྲུག་ལ་སྤྱོད་ཅིང། ལུས་ངག་ཡིད་གསུམ་ཡང་མི་དམིགས་ལ། ཕ་རོལ་ཏུ་ཕྱིན་པ་དག་ཀྱང་མི་དམིགས་ཏེ་དེ་ནི་མ་ཞེན་པ་ལ་གདམས་པའོ། །གཟུགས་ལ་སོགས་པ་མི་ཤེས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཤེས་པའི་བར་དུ་ནི ་ཡོངས་སུ་མི་ངལ་བ་ལ་གདམས་པའོ། །དེ་ཕྱོགས་རེ་རེར་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་མཐོང་ཞིང་དེ་དག་ལས་ཆོས་བསྟན་པ་ཐོས་པ་དང་།དགེ་འདུན་ལས་བསྙེན་བཀུར་བྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མཐོང་བའོ། །དེ ་ཐམས་ཅད་ཀྱང་བདག་དང་གཞན་ཡང་དག་པར་མི་ཤེས་པ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱང་པ་དང། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་པ་དེ་ཐམས་ཅད་ཀྱང་མི་ཤེས་པ་ཡིན་ཏེ། དེ་ལྟར་སྤྱོད་པ་ཀུན་ནས་ཡང་དག་པར་ཡོངས་སུ་འཛིན ་པའི་ཕྱིར་ལམ་ཡོངས་སུ་འཛིན་པ་ལ་གདམས་བའོ། །དེ་ནས་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་འཐོབ་པར་འགྱུར་ཏེ། དེ་དག་མི་ཤེས་ཏེ་གང་ཡང་ཤེས་པ་དེ་དག་ཐམས་ཅད་ཀྱང་མི་ཤེས་ཤིང་ཡང་དག་པར་མི་དམིགས་སོ། །དེ་ལ་སྤྱན་ལྔ་ནི་ཤའི་སྤྱན་དང། ལྷའི་སྤྱན ་དང། ཤེས་རབ་ཀྱི་སྤྱན་དང། ཆོས་ཀྱི་སྤྱན་དང། སངས་རྒྱས་ཀྱི་སྤྱན་ནོ། །དེ་ལ་ཤའི་སྤྱན་ཀྱིས་ནི་གཟུགས་རྣམས་མཐོད?་པ་ཡིན?་ནོ། །ལྷའི་སྤྱན་གྱིས་ནི་གཟུགས་མེད་པ་རྣམས་དང་འཆིཊ?་ཕོ་དང་བསྐྱེ་བ་མཐོད་པ་ཡིན་ནོ། །ཤེས་རབ་ཀྱི་སྤྱན་གྱིས་ནི་ཆོས ་ཐམས་ཅད་མ་དམིགས་པའོ། །ཆོས་ཀྱི་སྤྱན་གྱིས་ནི་འཕགས་པའི་གང་ཟག་དང་དེའི་ཆོས་རྣམས་ཡང་དག་པར་ན?་དམིགས་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་ན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མི་དམིགས་པ་ཡིན་ཏེ། དེ་ནི་སྤྱན་ལྔ་ལ་གདམས་པའོ། །མངོན་པར་ཤེས ་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་བྱ་བ་དང། ལྷའི་རྣ་བ་དང། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱིས་སྤྱོད་པ་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་གྲན་པ་ཤེས་པ་དང། །ལྷའི་མིག་དང། ཟག་བ་ཟད་པ་ཤེས་པའོ། །ལྷའི་མིག་གི་མངོན་པར་ཤེས་པས་ནི་སེམས་ཅན་རྣམས་ཀྱི་འཆི ་འཕོ་དང་སྐྱེ་བ་ཤེས་པའོ། །འདི་ནི་མངོན་པར་འདུས་བྱས་པ་ཡིན་ལ། སྔ་མའི་ལྟའི་མིག་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །དེ་ནི་མངོན་པར་ཤེས་པ་དྲུག་ལ་གདམས་པའོ། །དེ་ཉིད་བསྒྲུབ་པའི་ཏིང་ངེ་འཛིན་མངོན་དུ་བྱས་ནས། ཆོས་ཐམས་ཅད་བདག་མེད་པར་ཉེ་བར་རྟགས་པ་ནི་ལྷག ་མཐོང་ཡིན་ཏེ། དེ་ཡོངས་སུ་སྨིན་པ་ལས་ལྷུན་གྱིས་གྲུབ་པ་སྤོས་པ་མེད་པའི་སེམས་ཀྱི་ཁམས་མཉམ་པར་བཞག་པ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་ཡིན་ཏེ། དེས་གང་དང་གང་མཐོང་བའི་དོན་དེ་མི་སྣང་བ་ཡིན་ཏེ། དེ་མཐོང་པའི་ལམ་ལ་གདམས་པའོ། །གང་མཐོང་པ ་ཉིད་ཀྱི་རྒྱུན་ཤེས་པ་དེ་ནི་བསྒོམ་པ་ཡིན་ཏེ། དེ་ནི་བསྒོམ་པའི་ལམ་ལ་གདམས་པའོ། །དེ་ལྟར་ན་གདམས་ངག་བསྟན་པ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་ཞེས་བྱ་བ་ལ་ངེས་པར་རྟོགས་པ་ནི་ངེས་པར་འབྱེད་པའོ། །དེའི་ཆ་དང་ཡན་ལག་འདི་ནི་ངེས་པར་འབྱེད་པའི་ཆ་ཡིན་ཏེ། ། ་གཅིག་ཏུ་ངེས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ངེས་པར་འབྱེད་པ་ནི་སོ་སོར་འབྱེད་པ་སྟེ། དེའི་?་བྱེད་པ་ཡིན་ཏེ། དེ་མS?་པར་འབྱེད་པའི་ཆ་དང། མཐུན་པ་དེ་དག་བྱང་སོ་སོར་འབྱེད་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་བརྟན་པ་དང། ཆ་དང་ཐོབ་པ་ནི་བཞི་པོ་འདི་དག་སྟེ། དྲོད་དང། རྩེ ་མོ་དང། བཟོད་པ་དང། འཇིག་རྟེན་ཆོས་གྱི་མཚོག་གོ་།འཇིག་རྟེན་ལས་འདས་བའི་ཡི་ཤེས་གྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བའོ། །ཡུན་རིང་པོར་དགེ་བའི་རྩ་བའི་རྩེ་མོར་གྱུར་པའི་ཕྱིར་རྩེ་མོའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ལ་བཟོད་པས་ན་བཟོད་པའོ། །འཇིག་རྟེན་པ་ཐམས་ཅད་ཀྱི ་ཆོས་ཀྱི་མཆོག་ཡིན་བསན?་ཆོས་ཀྱི་མཆོག་གོ་།དེ་དག་ནི་བདེན་པ་བཞི་ལ་དམིགས་ནས་མི་རྟག་པ་དང། སྡུག་བསྔལ་བ་ལ་སོགས་པའི་རྣམ་པར་ཉན་ཐོས་དང། རང་སངས་རྒྱས་དག་ལ་ཡང་ཡོད་དེ། །དེ་དག་ལས་བྱང་ཆུབ་སེམས་དཔའ་ནི་ཁྱད་པར་རྣམ་པ་ལྔས་ཁྱད་པར་དུ་འཕགས ་པར་བརྗོད་པར་བྱ་སྟེ། དེ་བས་ན་བསྟན་བཅོས་ལས་དམིགས་པ་དང་ནི་རྣམ་པ་དང། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱེ་བ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོའི་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང། །བཅས ་བདག་ལས་ཁྱད་པར་འཕགས། །སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་བསམ་པ་ཡོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡིན་ཏེ། གང་ཆུང་དུ་དང། འབྲེང་བ་དང། ཆེན་པོའི་དྲོ་བ་ལ་སོགས་པའོ། །གང་ཉན་ཐོས་དང། རང་སངས་རྒྱས་དེ་དག་གི་དྲོ་བ་ལ་སོགས་པ་དག་ལས། །ཤིན་ཏུ་ཁྱད་པར་དུ ་གྱུར་པ་རྣམ་པ་ལྔས་ཁྱད་པར་དུ་གྱུར་པ་ཡིན་ཏེ། དམིགས་པ་དང་རྣམ་པ་དང་ཐེག་པ་གསུམ་ཐོབ་བའི་རྒྱུ་དར?། ཡང་དག་པར་ཡོངས་སུ་འཛིན་པ་དང། རྣམ་པར་རྟོག་པ་བཞི་དང་ལྡན་པ་སྟེ། ཇི་ལྟར་རང་གི་དྲོ་བ་ལ་སོགས་པ་འདི་ངག་གི་སོ་སོ་རེ་རེ་ལ་ཡང་ཆུང་དུ་དང། འབྲིང་དང། ཆེན་པོའི་དབྱེ་བས་བཅུ ་གཉིས་སུ་འགྱུར་རོ། །དེ་ལ་དྲོ་བ་ཆུང་ངུའི་དམིགས་པ་ནི་བདེན་པ་བཞི་པ་མི་རྟག་པ་ལ་སོགས་པར་ཤེས་པའོ། །དེའི་རྣམ་པ་ནི་མངོན་པར་ཞེན་པ་ལ་སོགས་པ་འགོག་པ་ཡིན་ནོ། །དེ་ཡང་བསྟན་བཅོས་ལས་སྡུག་བསྔལ་གྱི་བདེན་པ་གཟུགས་མི་རྟག་པ་ལ་སོགས་བར་དམིགས་བ་དང། ་ཀུན་འབྱུང་བའི་བདེན་པའོ། །ཀུན་འབྱུང་སྤང་བར་བྱ་བ་ལ་སོགས་པ་དང། འགོག་པའི་བདེན་པ་ལ་འགོག་པ་མངོན་སུམ་དུ་བྱེད་པ་ལ་སོགས་པའོ། །རྣམ་པ་ནི་དམིགས་བ་དེ་དག་ལ་སོ་སོར་མངོན་པར་ཞེན་བ་མན?་བ་དང། གནས་པ་མེད་པ་དང། བདེན་པ་མ་ཡིན་པར་ཤེས་པའོ། །མངོན་པར ་ཞེན་པ་དང། གནས་པ་དང། བདེན་པའི་ཤེས་པ་ནི་འགོག་པའོ། །ལམ་གྱི་བདེན་པ་ཡང་བཟུགས་ཤེས་པར་བྱ། གཟུགས་དེས་ཀྱང་རློམས་སེམས་སུ་མི་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ངེས་ཀྱང་རློམ་སེམས་སུ་མི་བྱའོ། །ཆོས་ཐམས་ཅད་ཤེས་པ ་ནི་དམིགས་པའོ། །དེས་རློམ་སེམས་སུ་མི་བྱ་བ་ནི་རྣམ་པའོ། །དེ་ཉིད་གཞན་ཡང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གཞན་ཡང་ཞེས་སྨོས་པས་ནི་གདམས་དག་ལ་བལྟོས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བ་ནི་བདེན་པ་གསུམ་དང་འབྲེལ་པའི་མི ་རྟག་པ་ཉིད་ལ་སོགས་པ་ནི་དམིགས་པའོ། །མངོན་པར་ཞེན་པ་མེད་པ་ལ་སོགས་པ་ནི་རྣམ་པ་སྟེ། མི་དམིགས་པར་སྤྱོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པས་ཤེས་བྱ་བ་སྨོས་པ་ནི། རིམ་གྱིས་བསྒོམ་པ་ཞེས་བྱ་བཱི་དོན་ཏོ། །བདེན་པ་གསུམ་གྱི་འོག་ཏུ་ལམ་གྱི ་བདེན་པའི་དམིགས་པ་ནི་དམིགས་པ་མེད་པའོ། །དེས་རློམ་སེམས་མེད་པ་ནི་རྣམ་པ་བསྒོམས་པས་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བསླབ་པར་བགྱིའོ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་ཅིང་རློམ་སེམས་མེད་པ་དེ་ལྟར་བསླབ་པར་བྱའོ། །དེས་ཀྱང་ཞེས་བྱ་བས་ནི་གང་དེའི་སེམས ་མཉམ་པ་མེད་པ་ཡིན་ཏེ་།ཉན་ཐོས་དང། རང་སངས་རྒྱས་ལ་སོགས་པ་དང། ཐུན་མོང་མ་ཡིན་པའི་ཕྱིར་རོ། །སེམས་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་དུ་དུས་ཆད་པ་མེད་པར་སེམས་ཅན་གྱི་དོན་གྱི་བྱ་བ་རྣམས་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་བྱང ་ཆུབ་ཀྱི་བདག་ཉིད་ཀྱི་སེམས་སོ། །ཀྱང་གི་སྒྲ་ནི་ལྷག་བའི་དོན་ཏོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ནི་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡོད་པར་འདོད་དེ། དེས་ཀྱང་རློམ་སེམས་སུ་མི་བྱེད་ན་ཐ་མལ་པའི་སེམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ནི་རྣམ་པ་གང་གིས་དེ་ལ་རློམ་སེམས་མེད་པ་ཡིན་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པས་ལན་སྨས་སོ། །སེམས་དེ་ནི་སེམས་མ་མཆིས་པ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་གཉིས་ལ་སྟེ། མི་སྣང་བའི་ཕྱིར་རོ།། ་གལ་ཏེ་སེམས་མེད་ན་འོན་ཀྱང་དེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཞེས་སྨོས་སོ། །ཇི་ལྟར་འོད་གསལ་བ་ཡིན་ཞེ་ན། གང་གི་ཕྱིར་སེམས་དེ་ནི་འདོད་ཆགས་ལ་སོགས་པ་དང། དང་པོ་ནས་མི་ལྡན་པ་ཡིན་ཏེ་དེ་དག་ནི་རང་བཞིན་གྱིས་གློ་བར་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར ་ཕྱིས་ཀྱང་བྲལ་བ་མེད་དོ། །ཤཱ་རིའི་བུས་འདི་སྐད་སྨྲས་སོ། །ཞེས་བྱ་བ་ནི་དེ་ལྟར་ཤེས་ཀྱང་རབ་འབྱོར་སྟོན་པར་བྱ་བའི་ཕྱིར་དྲིས་སོ། །དེ་སྐད་ཅེས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་གྱིས་དྲིས་པའི་ལན་བསྟན་ཏོ། དེ་ནི་མེད་དོ་ཞེས་བྱ་བ་དེ་ནི་མི་དམིགས་པ་སྟེ། བསྒྲུབ་པར་བྱེད་པ ་མེད་པའི་ཕྱིར་རོ། །དེ་ཉིད་ཡོད་པ་ཡང་མ་ཡིན་ཏེ། གནོད?་པར་བྱེད་པ་ཡོད་པའི་ཕྱིར་རོ། །དངོས་པོ་དང། དངོས་པོ་མེད་པ་ལས་ཡང་དག་པར་འདས་བ་ནི་གནོད་པར་བྱེད་པ་ཡིན་ནོ། །ཡོད་དམ་ཞེས་བྱ་བ་ནི་ཅི་སྟེ་མེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཙམ་གྱིས་ཀྱང་རབ་འབྱོར་གྱིས་བསམ་པས་གསལ ་བོར་མ་གྱུར་ནས། གསལ་བར་བྱ་བའི་ཕྱིར་དྲིས་པ་ནི་དེ་གང་ཡིན་ཞེས་བྱ་བའོ། །རབ་འབྱོར་གྱི་ལན་ནི་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པ་ཞེས་སྨོས་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་དང། འགྱུར་བསམ་གོས་པའི་ཕྱིར་འགྱུར་བ་མེད་པའོ། །སྤྲོས་པ་ཐམས ་ཅད་ཉེ་བར་ཞི་བ་དང། རྣམ་པ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མེད་པའོ། །དེ་ལྟ་བས་ན་དེ་ལྟ་བུའི་སེམས་ཀྱིས་ཀྱང་རློམ་སེམས་སུ་མི་བྱ་སྟེ། དེ་ལྟ་ཡང་སེམས་མེད་པ་ཙམ་གྱི་ཕྱིར་ཏེ། སེམས་སྟོང་པ་ཉིད་ཙམ་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སེམས ་དེ་ཡང་སེམས་མེད་པ་ཡིན་ཏེ་རང་བཞིན་གྱིས་འོད་གསལ་བ་ནི་དམིགས་པའོ། །དེ་ལ་ཡང་རློམ་སེམས་མེད་པ་ནི་རྣམ་པའོ། །ཇི་ལྟར་སེམས་ལ་སེམས་མེད་པ་སྟེ་ཉེ་བར་གཟུགས་ལ་སོགས་པ་ཡང་གཟུགས་ལ་སོགས་པ་མེད་པ་ཉིད་དུ་དོན་གྱིས་ཤེས་པ་ཡིན་ནོ། །དེ་ནས ་ཞེས་བྱ་བ་ནི་སེམས་མེད་པར་ཡང་དག་པར་བསྟན་པའི་རྗེས་ཐོགས་ལའོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་རབ་ཏུ་སྟོན་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་སྟོན་པ་ཡིན་ཞེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་མཆོག་ཉིད་དུ་གསུངས་པ་དེ་ལྟར་སྟོན་པ་ཡིན་ནོ། །གང་དག་གི་མཆོག་ཏུ་གྱུར་ ་བ་ཡིན་ཞེ་ན། ཉོན་མོངས་པ་མེད་པ་ལ་གནས་པའིའོ། །ཉོན་མོངས་པ་མེད་པ་ལ་སྣ་ཡོམས་པར་འཇུག་པ་རྣམ་པ་གཉིས་ལ་ཉོན་མོངས་པའི་གཡུལ་དང་འགལ་བ་གཅིག་པོ་དེ་ནི་འདིར་མི་གཟུང་སྟེ། ས་ན་ཡིས་པ་གནས་སྐབས་ཀྱིས་དེའི་གནས་པས་གནས་པ་ཡིན་པའི ་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་དེ་ལྟར་ན་དམིགས་པ་དང་རྣམ་པའི་ཁྱད་པར་དང་ལྡན་པ་ནི་དྲོ་བ་ཆུབ་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས་བྱ་བ་ངེས་དེའི་གོང་ནས་གོང་དུ་ཡང་འཕེལ་བ་ཡིན་ཏེ། དེ་ནི་ངོ་བ་ཚུད་དུའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ། དྲོ་བ་ཆུང་དུའི ་སྐབས་ཡིན་པའི་ཕྱིར་ཕྱི་མ་དག་ཏུ་ཡང་རྗེས་སུ་འབྲང་བར་བྱའོ། །རྒྱུའི་ཁྱད་པར་བཅུ་གཉིས་ཀྱི་དབང་དུ་ཡང་བྱ་སྟེ། ཐོབ་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའ་ཨི་དྲོ་བ་ལ་སོགས་པའོ། །བསྟན་བཅོས་ལས། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། ཞེས་བཤད་དོ། །གང་ཡང་ཉན་ཐོས་དང། རང་སངས་རྒྱས་དེ ་དག་གི་རང་གི་བྱང་ཆུབ་ཉིད་ཀྱི་རྒྱུ་ཡིན་ནོ། །འདི་ཉིད་ཉན་ཐོས་ཀྱིས་ལ་སློབ་པར། ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལ་ཡོན་ཏན་ཡོད་པས་ན་ས་དང་གཞི་ཡིན་ཏེ། རྒྱུ་མཚན་གྱི་བདུན་པ་ཡིན་ནོ། །ས་ལ་ཞེས་བྱ་བ་ནི་རྒྱུ་མཚན་གྱི་དོན་ཏོ། །སློབ་པར་འདོད་པས་ཞེས་བྱ་བ་ནི་བསྒྲུབ ་པར་འདོད་པས་སོ། །མཉམ་པར་བྱ་བ་ནི་གཞུང་མཉན་པའོ། །གཟུང་བར་བྱ། ཞེས་བྱ་བ་ནི་བཟླས་པར་བྱའོ་བཅད་པར་བྱ་ཞེས་བྱ་བ་ནི་སེམས་པ་གཞག་པར་བྱའོ། །བཀླགས་པར་བྱ་ཞེས་བྱ་བ་ནི་མི་བརྗོད་པའི་དོན་དུ་རྗོད་པར་བྱེད་པའོ། །ཀུན་ཆུབ་པར་བྱའོ། །ཞེས་བྱ་བ་ནི་དོན་དང་ལྡན་པས ་ཐམས་ཅད་ཤེས་པ་ཉིད་དུ་བྱ་པའོ། །རབ་ཏུ་སྟོན་པར་བྱ་བའོ། །ཞེས་བྱ་བ་ནི་གཞན་དག་ལ་དོན་དང་གཞན་གི་དོན་དག་བསྟན་པས་བདག་ཉིད་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་གཞན་དག་རྗེས་སུ་གཟུང་བ་ནི་བྱང་ཆུབ་བའི་དོན་དུ་གནས་པ་ཡིན་ནོ། །སླབ་པར་བྱའོ། ཞེས་བྱ་བ་ནི་སེམས་པས ་སོ་?་རྣལ་འབྱོར་དུ་བྱའོ། །ཞེས་བྱ་བ་ལ་རྣལ་འབྱོར་ནི་ཞི་གནས་དང་ལྟག་ན་ཐོད་དོ། །དེ་བྱའོ་ཞེ་སྐད་བ་ནི་ཐོབ་པར་བྱ་བའོ། །བྱང་ཆུབ་སེམས་དཔའ་ཨི་ས་ལ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྦྱིན་ག་ཡི་བར་རྣམ་པར་ཅུའོ། །ཐབས་མཁས་པ་ནི་འོག་ནས་བཤད་པའི་རྣམ་པ ་ཀུན་མངོན་པར་རྫོགས་པར་རྟོགས་པའི་འཇུག་ནས་འབྱུང་བའི་རྣམ་པ་བཅུའོ། །དེ་དང་ལྡན་པ་ནི་ཡོད་བའོ། །ཡོངས་སུ་བསྒྲུབ་པ་ནི་ཀུན་ནས་མཐར་ཕྱིན་པའོ། །དེ་དག་ནི་རྒྱུ་ཉིད་ཀྱི་ཁྱད་པར་རོ། །བསྟན་བཅོས་ལས། གཟུགས་སོགས་སྐྱེ་འཇིག་གནས་བྲལ་དང། །གནས་དང་བརྟགས་དང་བརྗོད ་དུ་མེད། །ཅེས་བྱ་བ་ནི་གཟུགས་ལ་སོགས་པའི་སྐྱེ་བ་དང་འཇིག་པའི་ཆོས་ཙམ་དུ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་དྲོད་འབྲིང་གི་དམིགས་བ་ཡིན་ནོ། མིང་དེ་ཡང་གནས་པ་མེད་པ་དང་བྲལ་བ་མེད་པ་དེ་ནི་རྣམ་བའོ། །གང་ཡང་འདི་ལྟ་སྟེ་བྱང་ཆུབ་སེམས་པ་ཞེས་བྱ་བ་ཆོས་ཀྱི་བརྡ་ཅན ་བརྟགས་པ་འདི་ནི་དྲོང་ཆེན་པོའི་དམིགས་པ་ཡིན་ནོ། །དེ་ནི་ཕུང་པོ་དང། ཁམས་དང། །སངས་རྒྱས་གྱི་ཆོས་མ་འདྲེས་པའི་བར་དུ་གང་གིས་ཀྱང་ཚིག་གིས་བརྗོད་པར་མི་ནུས་པ་ནི་རྣམ་པའོ། །དེ་ཉིད་དེ?་ནས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། གདག་གིས་མ་འཆལ་ཞེས་བྱ་བ་ནི་དོན་ལས ་མེ་ཤིས་པའོ། །བདག་གིས་དངོས་པོ་མ་འཚལ་ཞེས་བྱ་བ་ནི་འོག་མའི་ཚིག་ལས་སོ། །བདག་གིས་དངོས་པོ་མ་འཚལ། ཞེས་བྱ་བ་ནི་བསྟན་པའོ། །ལྟག་མེ་ནི་ངེས་པར་བཤད་པའོ། །མི་དམིགས་པ་ནི་མད་ན་སུམ་གྱིས་སོ་།ཡང་དག་པར་རྗེས་སུ་མ་བ་ཐོང་བ་ནི་རྗེས་སུ་དཔག་པས་གློབ་ལ ་བཅགས་པའི་དངོས་པོ་ཉིད་ནི་ཡིད་ལ་བཅགས་པ་སྟེ། རིགས་པ་མ་ཡིན་པས་བྱས་པ་ཉིད་ཀྱིས་སོ། །འདུ་བ་དང་འཇིགས་པ་ཞེས་བྱ་བ་ལ་སྒྲ་ལས་རྟོགས་པ་ནི་འདུ་བའོ། །སྒྲ་ལས་གཞན་གྱི་ངེས་བ་སྐྱེས་པ་ནི་འཇིག་པའོ། །མིང་ཙམ་གྱིས་ཞེས་བྱ་བ་ནི་དོན་གྱི་སྟེང་པའི་མིང་སྟེ་འདི་ལྟ་སྟེ ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལྟ་བུའོ། །གང་དག་འདུ་བ་དང་འཇིག་པ་གལ་ཏེ་བྱ་བ་དང། དགག་པ་ཡིན་པར་འདོད་པ་དེའི་ཚེ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་བྱ་བར་གསུངས་པར་འགྱུར་རོ། །འོན་ཀྱང་ཞེས་བྱ་བ་ནི་སྐྱོན་ཤིན་ཏུ་ཆེ་བར་མཚོན་པ ་ཡིན་ནོ། །དེ་ཡང་ཕྱི་ནས་བརྗོད་པར་བྱ་སྟེ། ཕྱི་ནས་ཀྱི་དོན་དེ་ཡང་གང?་གི་སྒྲ་ཡིན་ནོ། །མི་གནས་ཞེས་བྱ་བ་ནི་ཁྱད་པར་དུ་འགྲོ་བ་ལ། ཐེར་ཟུག་ཏུ་གནས་པས་སྟག་པ་མེད་པ་ཞེས་བྱ་བའི་དོན་ཏོ། མི་གནས་པ་ཡང་མ་ལགས། ཞེས་བྱ་བ་ནི་འགྱུར་བའི་གནས་པ་དང་བརྒྱུན?་གྱིས ་རྟག་པས་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །རིགས་པ་འདིས་འདུ་བ་དང་འཇིག་པ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་བསམ་སོ། །དེ་བཞིན་བུ་གནས་པ་མེད་པ་དང་གནས་པ་མེད་པ་མ་ཡིན་པའ། །དེ་ཅིའི་སླད་དུ་ཞེ་ན། བཞི་པོ་དེ་དག་གང་ལས་ཤེ་ན། ལན ་དུ་མི་དེ་མ་མཆི་སྤའི་སླད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་དྲོད་འབྲིང་གི་དམིགས་པ་དང་རྣམ་པའི་ཕྱད་པར་དག་གོ་།དེ་ལྟར་ཞེས་བྱ་བ་ནི་དོན་དང་མིང་གཉིས་མེད་པས་སོ། མི་གནས་ཤིང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་རྣམ་པར་གནས་པ་མ་ཡིན་པའོ། །མི་གནས ་པ་ཡང་མ་ལགས། ཞེས་བྱ་བ་ནི་མི་གནས་པ་ཡང་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ་ཐ་སྙད་ངེས་པར་ཡིན་པའི་པ་ཡིར་དེ་ནི་བརྟགས་པ་ཙམ་ཡིན་ཞེས་བསམས་པ་ཡིན་ནོ། །རྣམ་པར་གནས་པ་ཡང་མ་ལགས་ཞེས་བྱ་བ་ལ་བཏགས་པ་ཙམ་དེ་ཡང་གཟུགས་ལ་རྣམ་པར ་གནས་པ་མ་ཡིན། ཕུང་པོ་དང། ཁམས་ལ་སོགས་པའི་ངོ་བོ་རྣམ་པ་སྣ་ཚོགས་སུ་གནས་པ་མ་ཡིན་ནོ། །གང་གི་ཕྱིར་ངེས་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་བསམ་མོ། །རྣམ་པར་མི་གནས་པ་ཡང་མ་ཡིན་ཏེ། ཞེས་བྱ་བ་ནི་གཏན་དུ་རྣམ་པར་མི་གནས་པ ་ཡང་མ་ཡིན་ཏེ། གང་ཞིག་གིས་ཐ་སྙད་ཙམ་དུ་རྗོད་པར་ནུས་པའི་ཕྱིར་རོ། །དེ་དག་ནི་དྲོད་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དེ་ཏར་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པ་ཇི་ལྟར་བཤད་པ་ལྟར་རོ། །ཟབ ་པོ་ཞེས་བྱ་བ་ནི་མོས?་པར་བཀའ་བའ་ཨོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དྲོང་འབྲིང་དང་ཆེན་པོའི་མཚན་ཉིད་དོ། །བཤད་པའི་ཚིག་ལས་སོ། །སྟོན་བ་ནི་དོན་ལས་སོ། །ཉེ་བར་སྟོན་པ་ནི་དོན་ལའོ། །དེ་ཡང་ཤེས་པ་སྐྱེས་པས་ཞི་གནས་སྐྱེས་པར་སེམས་མ་ཞུམ་ཞེས ་བྱ་བ་ལ་སོགས་པས་དོན་སྔ་མ་བཞིན་དུ་?་བསམ་པ་ནི་ལྷག་པའི་བསམ་པའོ། །དེས་ན་གཅིག་ཏུ་ངེས་པ་ཞེས་བྱ་བའི་དོན་ཏོ། །མོས་པ་ནི་ཞི་གནས་དང་ལྷག་མཐོང་གེ་སྟོབས་ཀྱིས་ངེས་པར་སྐྱེས་པའོ། །མ་དྲལ་བར་ཞེས་བྱ་བ་ནི་དེས་གོང་ནས་གོང་དུ་འགེ ་བ་ཡིན་ནོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཕྱིར་མི་ལྡོག་ཅེས་བྱ་བའི་ཕྱིར་མི་ལྡོག་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྡོག་པར་ངེས་པའོ། །ད་ཉིད་ལ་ཕན་པས་ན་ཕན་པའི་རྐྱེན་ཅན་ནོ་བྱང་ཆུབ་སེམས་དཔའ་ནི་གོ་སྐབས་ཏེ་འདི་ལ་ཡོན་ཏན་གྱི་ཆོགས་ཡོད ་པས་ན་ས་སྟེ?། དེ་ལ་གནས་བའི་ལེགས་པར་གནས་པ་ཞེས་བྱ་བ་ནི་དེ་འདི་ལ་ཡང་དག་པར་གནས་པའོ། །ཇི?་ལྟར་ཞེ་ན། གནས་པའི་ཚུལ་གྱིས་ཏེ། གསུམ་མ་དམིགས་པའི་སྦྱོར་བས་སོ། །དེ་ནི་དྲོང་ཆེན་པོའི་དམིགས་པ་དང་རྣམ་པ་བྱང་པར་དག་གོ་།རྩེ་མཆུར?་དུ་བརྗོད ་བར་བྱ་སྟེ། དེའི་དབང་དུ་བྱས་ན་བསྟན་བཅེས་ལས། གཟུགས་སོགས་མི་གནས་དེ་དག་ནི། །དེའི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག་།དེ་མི་རྟགས་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང། །དེ་དག་གཅིག་གི་རང་བཞིན་དང། །ཞེས ་གསུངས་སོ། གཟུགས་ལ་སོགས་པ་རྣམ་པར་རིག་པའི་ངོ་བོ་ལ་གནས་པ་མེད་པ་ནི་མི་གནས་པའོ། །དེ་ཡང་གང་ཞེ་ན་གཟུགས་ལ་སོགས་པ་དེ་ཉིད་དུ་བརྟག་པ་དང། གཟུགས་ལ་སོགས་པ་གཟུང་བར་རྣམ་པར་བརྟགས་པའི་ངོ་བོས་སྟོང་པ་ཡིན་ཏེ། རྣམ་པར་རིག ་པའི་ངོ་བོས་ནི་མ་ཡིན་ཏེ། རྣམ་པར་རིག་པ་དེ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཆུང་གསོན་བ་ནི་མ་ཡིན་ནོ་ཞེས་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས་གསུངས་པས་སོ། །དེ་བས་ན་རྣམ་པར་རིག་པའི་ངོ་བོ་ལ་གང་གཟུགས་ལ་སོགས་པ་དེ་དག་ཉིད་ཀྱིས་སྟོང ་བར་སྟོན་པ་ཡིན་ཏེ། །དེ་ནི་འདིར་དམིགས་བའོ། །གང་ཡང་དེ་དག་གཅིག་གི་རང་བཞིན་ཞེས་བྱ་བ་ནི་ཕན་ཆུན་གྱི་ངོ་བོ་ཉིད་དེ། དེ་ནི་དེའི་རྣམ་པའོ། །དེ་ལྟར་ན་གཟུགས་ལ་སོགས་པ་ཉིད་སྟོང་པ་ཉིད་དོ། ཆོས་ལས་ཆོས་ཉིད་ཐ་མི་དད་པའི་ཕྱིར་སྟེང་པ་ཉིད་གཟུགས ་ལ་སོགས་བའོ། །གཟུགས?་ལ་སོགས་པ་ཡང་ཡང་དག་པར་སྟོང་པ་ཉིད་གྱི་ངོ་བོ་ཡིན་ཏེ?་རྣམ་པར་དག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དེ་མི་རྟག་པ་ལ་སོགས་པར་མི་གནས། ཞེས་བྱ་བ་ལ་གཟུགས་ལ་སོགས་པ་དེའི་མི་རྟག་པ་སོགས་པར་མི་གནས་པ ་ཡིན་ཏེ། དེ་ཡང་གང་ཞེ་ན་།དེ་ནི་མི་རྟག་པ་ལ་སོགས་པ་ཉིད་ནི་དམིགས་པའོ། །དེ་དག་གཅིག་གི་རང་བཞིན་ཅིག་ཅེས་བྱ་བ་ནི་མི་རྟག་པ་སྟོད་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མི་རྟག་པ་ཉིད་དེ། དེ་ནི་རྣམ་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་དེའི ་མི་རྟག་པ་ལ་སོགས་པ་ནི་མི་གནས་པ་ཡིན་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་བཅོམ་ལྡན་འདས་ཀྱིས་མི་གནས་པ་ཡིན་ནོ་ཞེས་བྱ་ཆེར་གསུངས་སོ། །རྣམ་པ་གཞན་དུ་ཡང་གསུངས་པ་ནི་ཚིག་དེ་ཉིད་དང་ཡི་གེ་དེ་ཉིད་ཀྱིས་དོན་མདོར་བསྟན་པ ་ནི། བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་རྩེ་མོ་ཆུང་དུའི་མཚན་ཉིད་ལའོ། །སྤྱོད་ཅིང་ཞེས་བྱ་བ་ནི་ཐོས་པ་དང་བསམ་པ་དག་གིས་སོ། །དེ་ལ་བསྒོམས་པས། ཞེས་བྱ་བ་ནི་ཞི་གནས་དང་ལྷག ་མཐོང་དག་གིས་སོ། །གཟུགས་ལ་སོགས་པ་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན་།ཞེས་བྱ་བ་ལ་དེ་ལ་མི་གནས་པ་གང་ལས་ཤེས་ཤེ་ན། གཟུགས་མངོན་པར་འདུ་བྱེད་པ་ཞེས་བྱ་བ་ནི། གཟུགས་ལ་རྣམ་པར་རྟོག་པའོ། །འདི་ལ་སྤྱོད་པ་མ་ལགས་སོ།། ་ཞེས་བྱ་བ་ནི་འདི་ལ་རྣམ་པར་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ནི། དེ་ལ་སྤྱོད་པ་མ་ལགས་པ་ག་ལས་ཤེས་ཤེ་ན། ལམ་ནི་མངོན་པར་འདུ་བྱེད་པ་རྣམས་ལ་སྤྱོད་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་འཛིན་པ་མ ་ལགས་།ཞེས་བྱ་བ་ནི་དམིགས་པ་མ་ཡིན་ཞེས་བྱ་བའོ། །རྩོད་པ་ཞེས་བྱ་བ་ནི་རྩེ་མོ་ཆུང་དུ་ཡིན་ནོ། །ཡོངས་སུ་རྫོགས་པར་བགྱིད་པ་ཡང་མ་ལགས། ཞེས་བྱ་བ་ནི་རྩེ་མོ་འབྲིང་ཡིན་ནོ། །ངེས་པར་འབྱུང་བར་ཡང་མི་འགྱུར། ཞེས་བྱ་བ་ནི་རྩེ་མོ་ཆེན་པོ ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་ལ། ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མཁྱེན་པའོ། །ཡོངས་སུ་མི་གཟུང་པ། ཞེས་བྱ་བ་ནི་གཟུང་བར་བྱ་བ་མ་ཡིན་པའོ། །གཟུང་བར་བྱ་བ་མ་ཡིན་པ་ག་ལས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཅེས་བྱ་བ་ལ ་སོགས་པས་ལན་གསུངས་ཏེ། དེ་ནི་གཟུགས་མི་ལགས་ཞེས་བྱ་བ་ནི་གཟུགས་གཟུང་བ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་རྩེ་མོ་ཆུང་ངུ་ལེའོ། །སྤྱད་པར་བགྱིའོ། །ཞེས་བྱ་བ་ནི་རྣལ་འབྱོར་དུ་བྱའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །གལ་ཏེ་གཟུགས་ལ་སོགས ་པ་ལ་གནས་པ་ནི་གཟུགས་ལ་སོགས་པ་མངོན་པར་འདུ་བྱེད་པ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ལགས་ཏེ། ཡོངས་སུ་མི་གཟུང་བས་ཡོངས་སུ་གཟུང་བས་གང་གཟུགས་ལ་སོགས་པ་ལ་མི་གནས་བས་ནི་དམིགས་པ་ཡིན་ནོ། །གཟུགས་ཡོངས་སུ་གཟུང་བ་མེད ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཡོངས་སུ་གཟུང་པ་མེད་པའི་བར་ནི་ཡོངས་སུ་མི་གཟུང་བ་ཡིན་ཏེ། གང་ཡང་གཟུགས་ལ་སོགས་པ་ཡོངས་སུ་མི་འཛིན་ཅིང་གཟུགས་ལ་སོགས་པ་ལས་གཞན་ཡང་མི་འཛིན་པ་ནི་རྣམ་པའོ། །འདི་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཏིང་ངེ ་འཛིན་འདིའི་མི་གསུངས་སོ། །གང་ལ་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མེད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བརྗོད་དོ། །དམིགས་པ་ཡངས་པས་ན་ཡངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བསྔགས་པས་མདུན་དུ་མ་བགྱིས་པའོ། །ཚད་མེད་པ་ནི་སངས་རྒྱས་ཉིད་དོ། །དེ་ལ་ངེས་པ ་ནི་ཚད་མེད་པར་ངེས་པའོ། །དེ་ནི་རྩེ་མོ་ཆུང་ངུའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ་།དེ་ཡང་བཅོམ་ལྡན་འདས་ཀྱིས་འདིར་ནི་མདོར་བསྟན་པར་བཞེད་དེ་འདིར་ཡང་འཇུག་པ་རྣམ་པ་གསུམ་སྟེ། དེ་ནི་རྒྱས་བར་བསྟན་པ་ལ་དགའ་བ་སྟེ་མ་བཤད་པར་རྟོགས་པར་མི་ནུས་པས ་ཚིག་ལྟར་ལེན་པའོ། །གཉིས་པ་ནི་འབྲིང་དུ་བཤད་པ་ལ་དགའ་བ་སྟེ་ཕྱེད་ཙམ་བསྟན་ན་ལྷག་མ་རྟོགས་པར་འགྱུར་བས་རྣམ་པར་སྤྲོས་ཏེ་བཤད་ནས་གོ་བའོ། །གསུམ་པ་ནི་མདོར་བསྡུས་པ་ལ་དགའ་བ་ཡིན་ཏེ། ཅུང་ཟད་བསྟན་ན་ཤིན་ཏུ་མང་པོ་རྟོགས་པར་འགྱུར་པས ་མགོ་སྨོས་པས?་གོ་བའོ། །དེ་དག་ལ་གོ་རིམ་བཞིན་དུ་སྟོང་ཕྲག་བརྒྱ་པ་དང། སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང། སྟོང་ཕྲག་བརྒྱ་པ་དག་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་དེ་ལ་འདིར་ནི་འདོར་བསྡུས་པར་བཞེད་དེ་རྒྱས་པར་ནི་མ་ཡིན་ནོ། །རྩེ་མོ་འབྲིང་གི་དབང་དུ་བྱས་ཏེ། ་བསྟན་བཅོས་ལས། ཆོས་རྣམས་མི་འཛིན་གང་ཡིན་དང། །དེ་དག་མཚན་མར་མི་མཐོང་ཞིང། ཞེས་བྱ་བ་གསུངས་སོ། །གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་པ་དེ་ནི་འདིར་དམིགས་པའོ། །ཆོས་ཀྱི་མཚན་མ་མཐོང་བར་བྱེད་པ་ནི ་རྣམ་པའོ། །འདི་ཉིད་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་ཐམས་ཅད་མཁྱེན་པའོ། །འཛིན་པ་མེད་པས་ན་ཡོངས་སུ་གཟུང་བ་མ་མཆིས་པའོ། །གཟུང་བ་མ་མཆིས་པ་གང་ལས་ཤེ་ན། མཚན ་མར་གཟུང་བ་མ་ལགས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་རྣམས་ཀྱི་མཚན་མ་ནི་ཁྱད་པར་གྱི་མཚན་ཉིད་དེ་གཟུགས་དང། ཚོར་བ་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གལ ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་ཏུ་རྒྱུ་སྡེ་ཅན་ཞེས་བྱ་བ་ནི་ཀུན་རྒྱུའི་མིང་ངོ། །འདི་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པའོ། །ཀུན་ཏུ་རྒྱུ་བདེ་ཅན་ཇི་ལྟ་བུ་ལ་ཞུགས་ཤེ་ན། དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྟེ། རྩེ་མོ་འབྲིང་ལའོ། ། ་དེ་ལྟར་མོས་པར་བྱས་ནས་དེ་ལ་ཡང་དད་པས་རྗེས་སུ་འབྲང་བ་ཡིན་ནོ། །གང་གིས་ཞུགས་པ་ཡིན་ཞེ་ན། །སྤྱི་ལས་ཕྱོགས་གཙིག་གིས་འབྱུང་བ་ཡིན་པས། ཕྱོགས་གཅིག་གིས་ཡེ་ཤེས་ཏེ་རྩེ་མོ་འབྲིང་ལའོ། །དེ་ཞུགས་ནས་གང་བྱས་པ་དེ་བསྟན་པའི་ཕྱིར ་གཞུགས་ལ་སོགས་པ་ཡོངས་སུ་མི་འཛིན་ཞེས་གསུངས་ཏེ། དེའི་མཚན་མ་ཡིད་ལ་མི་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་བའི་དགའ་བ་དང། བདེ་བ་དང་ལྡན་པ་ཞེས་པ་དེ་དག་པ་རྗེས་སུ་མི་མཐོང་ངོ། །ཤེས་བ་དེ་གཟུགས་ཀྱི་ནང་ན་ཡང་དག་པར ་རྗེས་སུ་མི་མཐོང་ཞེས་བྱ་བ་ལ་སོགས་པས་ཀྱང་དེའི་མཚན་མ་ཡིད་ལ་མི་བྱེད་པ་ཉིད་དུ་བསྟན་ཏོ། །གཟུགས་ལས་གཞན་དུ་ཡང་མ་ཡིན་།རྣམ་པར་ཤེས་པ་ལས་གཞན་དུ་ཡང་མ་ཡིན། དེའི་མཚན་མ་ཡིད་ལ་མི་བྱེད་ཀྱང་དེ་དག་སྣང་པའི་ཕྱིར་རོ། ། ་ཚིག་གི་རྣམ་གྲངས་འདི་ལ་ཞེས་བྱ་བ་ལ་ཚིག་ནི་རྩེ་མོའིའོ། །དེའི་རྣམ་གྲངས་ནི་རབ་ཏུ་དབྱེ་བ་སྟེ། རྩེ་མོ་འབྲིང་གི་ཞེས་བྱ་བའི་ཐ་ཚིག་གོ་།མོས་སོ་ཞེས་བྱ་བ་ནི་གཅིག་ཏུ་ངེས་བ་སྐྱེས་པ་ཡིན་ནོ། །འདི་ལ་ཐམས་ཅད་དུ་།ཞེས་བྱ་བ་ནི་བསྟན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས ་ལ། ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་རྩེ་མོ་འབྲིང་ཞེས་བྱ་བའི་དོན་ཏོ། །གང་གིས་དད་པའི་རྗེས་སུ་འབྲངས་པ་ཞེས་བྱ་ཞེ་ན། ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པའི་བསྟན་པ་ཚད་མར་བྱས་ནས་དེ་ལྟར་མོས་པ་ཞེས་བྱའོ། ། ་དམིགས་པ་ཞེས་བྱ་བ་དངོས་བོ་ཉིད་དུ་མཐོང་བའོ། །མྱ་ངན་ལས་འདས་པ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ་།དེ་ལ་ཡང་དེས་དངོས་པོ་ཉིད་དུ་རློམ་སེམས་སུ་མི་བྱེད་ཅིང་མྱ་ངན་ལས་འདས་པ་ལ་རློམ་སེམས་མེད་པ་དེ་ནི་རྩེ་མོ་འབྲིང་གི་དམིགས་པ་དང་རྣམ ་པའི་ཁྱད་པར་དག་གོ་།རྩེ་མོ་ཆེན་པོའི་དབང་དུ་བྱས་ཏེ་བསྟན་བཅོས་ལས། ཐམས་ཅད་དམིགས་པ་མེད་པར་ནི། །ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་རྟོགས་པ་ནི་འདིའི་དམིགས་པའོ། །ཆོས་ཐམས ་ཅད་མི་དམིགས་པ་ནི་རྣམ་པ་སྟེ། འདི་ཉིད་གཞན་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་གང་ཡིན་འདི་གང་གི་ཡིན་ཞེས་བྱ་བ་ནི་སྦྱིར་བཙལ་པའོ། །ཅི་ཆོས་གང་མེད་པ་དང་མི་དམིགས་པ་དེ་ནི་ཁྱད་པར་རོ། །དེ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བ་ལ། གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་གལ་མེད་པ་དང། མི་དམིགས་སུ་ལ་བརྟགས་པ་ནི་རྣམ་པ་དཔྱད་པའོ། །བསམ་པ་ནི་ངེས་པར་ཐོབ་པའོ། །མ་ཞུམ་ཞེས་སྦྱར་བ་ན་ཡེ་ཤེས་ལ་སྦྱར་བར་བྱ་བའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་རྩེ་མ? ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ་བཟོད་པ་ཆུང་ངུའི་དཔང་དུ་བྱས་ནས་བསྟན་བཅོས་ལས། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་གསུངས་སོ། །གཟུགས་ལ་སོགས་པ་དང་བྲལ་བའི་ངོ་བོ་ཉིད་ཀྱིས་ནི་དམིགས་ ་པ་ཡིན་ནོ། །ངོ་བ་ཉིད་དེའི་ངོ་བོ་ཉིད་ནི་རྣམ་པའོ། །དེ་ཡང་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ཉིད་ཀྱང་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བ་ཞེས་བྱ་བ་ནས་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་ཀྱི་མཚན ་ཉིད་དང་བྲལ་བ་ཞེས་བྱ་བ་ནི་དམིགས་པའོ། །ངོ་བོ་ཉིད་ཀྱི་དོན་དང་བྲལ་བ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་དེ་དེ་ནི་རྣམ་པའོ། །གང་འདི་ལ་སློབ་པར་འགྱུར་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ངེས་པར་འབྱུང་བར་འགྱུར་རམ། ཞེས་བྱ་བ་དེ་ནི་བཟོད ་པ་ཆུང་དུའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ། བཟོད་པ་འབྲིང་གི་དབང་དུ་བྱས་ནས་བསྟན་བཅོས་ལས། དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་ཞེས་བྱ་བ་གསུངས་སོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་ངེས་པར་འབྱུང་བ་མེད་པ་ཉིད་དེ་དེ་ནི ་འདིའི་དམིགས་པའོ། །དེའི་ཚེ་ཡང་བྱང་ཆུབ་སེམས་དཔའ་ཨི་ལུས་དང་སེམས་དང་མཚན་དང་གཞི་ཡོངས་སུ་དག་པ་ནི་རྣམ་པའོ། །དེ་ཉིད་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནས་གཞན་ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་བྱ་བ་ལ་སོགས ་པའི་བར་གྱིས་གསུངས་ཏེ། དེ་ནི་བཟོད་པ་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ་།བཟོད་པ་ཆེན་པའི་དབང་དུ་བྱས་ནས་བསྟན་བཅོས་ལས་།དེ་དག་རང་བཞིན་མཚན་ཉིད་མེད་།དེའི་མཚན་མར་མི་བསྟེན་པས། མོས་མིན་འདི་ཤེས་མེད་པ་ཡིན་ཏེ། ་ཞེས་གསུངས་སོ། །དེ་དག་མཚན་ཉིད་མེད་པ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱིས། །རྣམ་པར་དབེན་པ་ཉིད་དེ་ནི་དེའི་དམིགས་པའོ། །གཟུགས་ལ་སོགས་པའི་མཚན་ཉིད་ལ། གཟུགས་ལ་ཞེས་བྱ་བ་ནི་གང་བརྟེན་པ་དང་མོས་པ་དང་འདུ་ཤེས་ཏེ། དེ ་དག་ལས་བཟློག་པ་ནི་རྣམ་པའོ། །དེ་ལ་ཤིན་ཏུ་བརྟན་པར་ལྷག་པར་མོས་པ་ནི་བརྟེན་པའོ། །ངེས་པ་ནི་མོས་པའོ། །ཐ་སྙད་ནི་འདུ་ཤེས་སོ། །དེ་ཉིད་བསྟན་པའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཞེས་བྱ་བ་སོགས་པ་ནས། དེ་ལ་དང་པོ་མི་མཐུན་པའི་ཕྱོགས་བསྟན ་པ་ནི་ཐབས་ལ་མཁས་པར་རིག་པར་བྱའོ། །ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་བས་ན་དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དངོས་སུ་དམིགས་པ་གསུངས་ཏེ། མཚན་མ་ལ་སྤྱོད་པ་བཀག་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་བསྟན་པས་སོ། །མཚན་མ་ལ་སྤྱོད་པ ་བཀག་པ་ནི་གཟུགས་ལ་སོགས་པའི་མཚན་མ་ཡིན་ཏེ། གཟུགས་ལ་སོགས་པ་ལ་བརྟེན་པ་དང། མོས་པ་དང། འདུ་ཤེས་ཀྱི་མཚན་ཉིད་དེ་བས་ན་ཤུགས་ཀྱིས་རྣམ་པ་ཡང་བསྟན་པ་ཡིན་ནོ། །དེ་སྤྱོད་ཀྱང་ཞེས་བྱེ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རློམ ་སེམས་མེད་པ་རྣམ་བརྒྱད་སྟོན་ཏོ། །ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་མི་འཛིན་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་བཟོད་པ་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ། ཆོས་ཀྱིས་མཆོག་ཆུང་དུའི་དབང་དུ་བྱས་ནས་བསྟན་བཅོས་ལ་།ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་གསུངས ་སོ། །ཏིང་ངེ་འཛིན་ཆོས་ཐམས་ཅད་ལ་ལེན་པ་མེད་པ་དེ་ནི་འདིའི་དམིགས་པའོ། །དེའི་བྱེད་པ་ཉིད། ཅེས་བྱ་བ་ནི་རྣམ་པའོ། །དེ་ཉིད་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ནི་།ཞེས་བྱ་བ་ནིའི་སྒྲ་ནི་གཏན་ཚིགས་སོ། །རྗེས་སུ་ཉེ་བར་མ་སོང་ག ་ཞེས་བྱ་བ་ནི་བསྟན་པའོ། །མ་བླངས་པ་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །གང་ལ་ཆོས་ཐམས་ཅད་ཀྱི་ལེན་པ་མེད་པ་དེ་ལ་འདི་སྐད་ཅེས་བྱའོ། །འདི་ཡན་ཆད་ཀྱི་ནི་དམིགས་པ་བསྟན་ཏོ། །ཏིང་ངེ ་འཛིན་འདི་ལ་གནས་ན། ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་བསྟན་ཏེ་དེ་ནི་ཆོས་ཀྱི་མཆོག་ཆུང་དུའི་དམིགས་པ་དང་རྣམ་པའི་བྱད་པར་དག་གོ་།འབྲིང་གི་དབང་དུ་བྱས་ནས་བསྟན་བཅོས་ལས། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། ། ་ཏིང་ངེ་འཛིན་འདི་ལ་གནས་ནས་སངས་རྒྱས་རྣམས་ཀྱི་ལུང་སྟོན་པ་ཡིན་ཏེ་འདི་ནི་འདིའི་དམིགས་པའོ། །གང་འདིའི་ཏིང་ངེ་འཛིན་ལ་རློམ་སེམས་ཟད་པ་དེ་ནི་རྣམ་པའོ། །དེ་ཉིད་དེ་ནས་སངས་རྒྱས་ཀྱི་མཐུས། ཞེས་བྱ་བ་ལ་སོགས་པ་ནས་ལུང་བསྟན་ཏོ། །ཞེས་བྱ་བའི ་བར་གྱིས་དེའི་དམིགས་པ་བསྟན་ཏོ། །དེ་ནས་དེ་ནི་ཏིང་ངེ་འཛིན། ཞེས་བྱ་བ་ནས་ཐམས་ཅད་དུ་མ་མཆིས། །ཞེས་བྱ་བའི་བར་གྱིས་ནི་རྣམ་པ་བསྟན་ཏོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རློམ་སེམས་སོ། །ཐམས་ཅད་ཅེས་པ་ནི་ཡང་མ ་ལུས་པའོ། །ཐམས་ཅད་ནས་ཤེས་བྱ་བ་ནི་ཏིང་ངེ་འཛིན་ཆོས་ཐམས་ཅད་ལེན་པ་མེད་པ་ཡངས་པ་མདུན་དུ་བྱས་བའོ། །བདག་ནི་བྱང་ཆུབ་སེམས་དཔའ་ཨོ། །མཉམ་པར་བཞིག་པའོ། །ཞེས་བྱ་བ་ནི་ལྡོག་པ་མེད་པའོ། །བདག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་།ཅེས ་བྱ་བ་ནི་ཞག་གསུམ་པ་དང་བཞི་པ་ལ་སོགས་པར་སྙོམས་པར་འཇུག་པར་འགྱུར་རོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཆུང་དུའི་ཆུང་དུའི་བར་གྱི་རྣམ་པར་ཡང་ངོ། །ཐམས་ཅད་དུ་།ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པ་ནས་བརྩམས་ཏེ། དེས་ཐམས་ཅད་དུ་མེད་དོ ་ཞེས་བྱ་བའི་ཐ་ཚིག་སྟེ་།དེ་ནི་ཆོས་ཀྱི་མཆོག་འབྲིང་གི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཆེན་པོའི་དབང་དུ་བྱས་ནS་བསྟན་བཅོས་ལས། གསུམ་པོ་ཕན་ཚུན་ངོ་བོ་གཅིག་།ཏིང་ངེ་འཛིན་རྣམ་པར་མི་རྟོག་པ། ཞེས་གསུངས་སོ། །ཏིང་ངེ་འཛིན་དང། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་སེམས་དཔའ་ནི་གསུམ་པའོ། །དེ་ནི་ཕན་ཚུན་གྱི་ངོ་བོ་ཉིད་ནི་འདིའི་དམིགས་པའོ། །ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ནི་རྣམ་པའོ། །དེ་ལ་དེ་སྐད་ཅེས་གསོལ་བ་དང། ཞེས་བྱ་བ་ལ་སོགས་པ་ནས་བྱང་ཆུབ་ཏུ་ལུང་བསྟན ་ཏོ། །ཞེས་བྱ་བའི་བར་གྱིས་ནི་དམིགས་པ་གསུངས་སོ། །དེ་ལྟར་ན་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དོན་དམ་པར་བྱང་ཆུབ་བར་བྱེད་པའི་ཕྱིར་རོ། །དེ་ཉིད་སེམས་དཔའ་སྟེ། འདི་དེའི་བདག་ཉིད་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཨོ། །སྐབས་ཀྱི་ཏིང་ངེ ་འཛིན་ཆེན་པོ་དེ་ཉིད་སེམས་དཔའ་ཡིན་པས་འདི་ཉིད་སེམས་དཔའ་ཆེན་པོའོ། །ཡང་ཇི་ལྟར་ན་འདི་བྱང་ཆུབ་པ་ཉིད་ཡིན་ཞེ་ན་།སྐབས་ཡིན་པའི་ཕྱིར་ཏེ། དེས་ན་གསུམ་པོ་འདི་དག་གི་ཕན་ཚུན་གྱི་ངོ་བོ་ཉིད་དང་ས་ནི་དམིགས་པའོ། །ཏིང་ངེ་འཛིན་དེ་བསྟན་པ ་ནུས་སམ་ཞེས་བྱ་བ་ནས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བའི་བར་གྱིས་རྣམ་པར་བསྟན་ཏོ། །བསྟན་པར་ནུས་སམ། ཞེས་བྱ་བ་ནི་ཚིག་གིས་རབ་ཏུ་བསྟན་པའོ། །ཏིང་ངེ་འཛིན་དེ་ཡང་མི་ཤེས། ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ཡིན་པས་དེ་ལྟར་མི་སྣང་བ ་ཡིན་པའི་རྣམ་པར་མི་རྟོག་པའོ། །ཡང་དག་པར་མི་ཤེས། ཞེས་བྱ་བ་ནི་བརྗོད་པར་མ་ནུས་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ནི་འཇིག་རྟེན་ཆོས་ཀྱི་མཆོག་ཆེན་པོའི་དམིགས་པ་དང་རྣམ་པའི་ཁྱད་པར་དག་གོ། དེ་ནས་བསྟན་བཅོས་ལས། དེ ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །དེས་འབྱེད་ཆ་མཐུན་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་དེ་དག་ཡིན་ཏེ། རེ་རེ་ཡང་ཆུང་དུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་བཅུ་གཉིས་སུ་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ནི་དམིགས་པ་དང ་རྣམ་པ་ཇི་སྐད་བསྟན་པ་ཉིད་ཀྱིས་བཅུ་གཉིས་བདག་གིས་ཇི་སྐད་བསྟན་པ་བཞིན་དུ་སྦྱར་བར་བྱའོ། །དེ་རྣམ་པར་རྟོག་པ་དང་ལྡན་པར་བཤད་པར་བྱ་བའི་དབང་དུ་བྱས་ནས་བསྟན་བཅོས་ལས། གཟུང་བར་རྟོག་པ་རྣམ་པ་གཉིས། །གཞི་དང་དེ་ཡི་གཉེན་པོ་ཡིས། །རྨོངས་དང ་ཕུང་སོགས་བྱེ་བྲག་གིས། དེ་ནི་སོ་སོར་རྣམ་པ་དགུ་།ཞེས་བྱ་བ་གསུངས་སོ། །གཟུང་བར་རྟོག་པ་ནི་གཟུང་བར་རྣམ་པར་རྟོག་པའོ། །དེ་ནི་རྣམ་པ་གཉིས་ཏེ། གཅིག་ནི་དངོས་པོ་ལ་རྣམ་པར་རྟོག་པ་ཡིན་ཏེ། གང་འཇིག་རྟེན་ལ་གྲགས་པའི་དངོས་པོ་ལའོ། །ཅིག་ཤོས་ནི་དེའི་གཉེན ་པོ་སྟེ། དེ་ཡང་སོ་སོར་རྣམ་པ་དགུའོ། །ཇི་ལྟར་རྨོངས་པ་དང་ཕུང་པོ་ལ་སོགས་པའི་བྱེ་བྲག་ནི། མ་རིག་པ་དང་ཕུང་པོ་ལ་སོགས་པའི་བྱེ་བྲག་ཅེས་བྱ་བའི་ཐ་ཚིག་གོ། དེ་ཉིད་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ། ཞེས་བྱ་བ་ལ་སོགས་པས ་ནི་སྟོན་པར་མཛད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ། །ཞེས་གསུངས་པ་དེ་མ་ཐག་ཅེས་བྱ་བའི་ཐ་ཚིག་གོ་།དེ་སྐད་ཅེས་བཀའ་སྩལ་བ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ་དེ་ཉིད་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པར་བསྟན་པར་བྱ་བའི་ཕྱིར་སྐབས་ཀྱིས་ཤཱ་རིའི་བུས་གསོལ་བར་བྱ་བའི་དོན་དུ་སྨྲས་སོ། །ཆོས་གང་ལ་སློབ་པ་ལགས་ཞེས་བྱ་བ་ལ། སྤྱི་སྒྲ་དང་།ཡོན་ཏན་དང། གཙོ་བོ་དང་།སྐྱེས་བུ་ལ ་སོགས་པ་ལ་ཞེས་བྱ་བ་འམ། འོན་ཏེ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལ་སོགས་པའི་ཆོས་ལ་དམིགས་ནས་བསླབ་པར་བྱ། ཞེས་།དགོངས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་གང་ལ་ཡང་མི་སློབ་བོ། ཞེས་བཀའ་སྩལ་ཏེ། ཆོས་ཐམས་ཅད་བདག་མེད་པ ་ལ་སློབ་པའི་ཕྱིར། ཞེས་དགོངས་སོ། །དེ་ཅིའི་ཕྱིར་ཞི་ན། ཞེས་བྱ་བ་ནི་དེ་ཆོས་ཐམས་ཅད་ལ་མི་སློབ་པ་ག་ལས་ཤེ་ན། ལན་ནི་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་དེ་ནི་ཞེས་བྱ་བ་ནི་རྫས་དང། ཡོན་ཏན་དང། ལས་ལ་སོགས་པའོ། །དེ་བཞིན་དུ ་ཞེས་བྱ་བ་ནི་དེའི་ངོ་བོ་ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བུའི་ངོ་བོས་མངོན་པར་ཆགས་ཤིང་བདེན་པ་ཉིད་དོ། །སོ་སོའི་སྐྱེ་བོ་ནི་འཕགས་པ་མ་ཡིན་པ་སྟེ་དེ་ཡང་བྱིས་བའོ། །གང་གི་ཕྱིར་ཐོས་པ་དང་མི་ལྡན་པ་ནི་ཐོས་པ་མང་པོ་མེད་བའོ། །འོ་ན་ཇི་ལྟ་བུར་མཆིས། ཞེས ་བྱ་བ་ནི་ཇི་ལྟ་བུར་རྣམ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མེད་པ། ཞེས་བྱ་བ་ནི་ཡོད་པ་ཡིན་ཏེ། གནོད་པར་བྱེད་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་ཡོད་དེ། ཞེས་བྱ་བ་ནི་མེད་པའི་ཕྱིར་དང། བརྫུན་པའི་ངོ་བོས་སྣང་བ། ཞེས་བྱ་བའི་དོན་ཏོ། ། ་དེ་ལྟར་ཞེས་བྱ་བ་ནི་བཤད་པའི་རིགས་པས་སོ། །མེད་པ་ཞེས་བྱ་བ་ནི་བརྫུན་པའོ། །མ་རིག་པ་ཞེས་བྱ་བ་ནི་མ་རིག་པའི་ཁྱད་པར་ཡིན་པའི་ཕྱིར་མ་རིག་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ། ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་ཡུལ་གྱི་རྣམ་པར་རྟོག་པ་བསྟན་ཏེ ་དེ་ནི་མ་རིག་པའི་རྣམ་པར་རྟོག་པ་དང་པོའོ། །དེ་དག་གིས་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོས་སོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང། སྐྱེ་མཆེད་ལ་སོགས་པའོ། །མེད་པ་ལ། ཞེས་བྱ་བ་ནི་བྱིས་པས་གཟུང་བའི་དངོས་པོ་ཡོད་པའོ། །བརྟགས་སོ ་ཞེས་བྱ་བ་ནི་དེ་བཞིན་དུ་དངོས་པོ་ཉིད་དུ་གཟུང་བའོ། །དེ་ནི་ཕུང་པོར་བརྟགས་པ་སྟེ། རྣམ་པར་རྟོག་པ་གཉིས་པའོ། །མཛའ་གཉིས་ལ། ཞེས་བྱ་བ་ནི་སྐྱེ་བ་དང་འགེག་པའོ། །ཞེན་པས་ཞེས་བྱ་བ་ནི་ཀུན་ནས་གནས་པའོ། །ག་ལས་ཤེ་ན། ཆོས་དེ་དག་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཤེས་ཤེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་ངེས་པར་མི་བྱེད་པ་སྟེ། སྦྱོར་བའི་ལམ་ཐོབ་པ་མེད་པའི་ཕྱིར་རོ། །མི་མཐོང་སྟེ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་རྟོགས་པ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱ་བ་ལ་སོགས་པ་ནས ་མངོན་པར་ཆགས་ཏེ། ཞེས་བྱ་བའི་བར་གྱིས་ནི་འཇུག་བསྡུ་བའོ། །དེ་ནི་མཛའ་གཉིས་ལ་ཆགས་པའི་རྟོག་པ་གསུམ་པའོ། །མངོན་བར་ཆགས་པ། ཞེས་བྱ་བ་ནི་མཛའ་གཉིས་ལ་གནས་པའོ། །དེའི་གཞིས་།ཞེས་བྱ་བ་ནི་རྒྱུའོ། །དམིགས་པ་ཞེས་བྱ་བ་ནི ་ལོག་པའི་ཤེས་པའོ། །གནས་ནས་ཞེས་བྱ་བ་ནི་རྟེན་ནས་སོ། །མིང་དང་གཟུགས་ལ་མངོན་པར་ཞེན་པས། ཞེས་བྱ་བ་ནི་མིང་གི་གཟུགས་ཅན་མ་ཡིན་པའི་ཕུང་པོ་གཟུགས་ནི་གཟུགས་ཀྱི་ཕུང་པོ་ཡིན་ཏེ་།དེ་གཉིས་ཀ་ནི་མིང་དང་གཟུགས་སོ། །དེ་ལ་མངོན ་པར་ཞེན་པ་སྟེ་མིང་དང་གཟུགས་ལ་མངོན་པར་ཞེན་པ་སྟེ་རྣམ་པར་རྟོག་པ་བཞི་པའོ། །ལྔ་པོ་གཞན་ནི་བརྟག་པར་བྱ་བ་ཡིན་ཏེ། གཟུགས་ལ་སོགས་པ་འདི་དག་ནི་ཀུན་ནས་ཉོན་མོངས་པ་འདི་དག་ནི་རྣམ་པར་བྱེད་པའོ་།ཞེས་མི་ཤེས་མི་མཐོང་བ་ཡིན ་ནོ། །ངེས་པར་མི་འབྱུང་ཞེས་བྱ་བ་ནི་ཁམས་གསུམ་དང་ཐེག་པ་ལས་སོ། །དེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་བའི་ནམ་པར་རྟོག་པ་ལྔ་པའོ། །དེ་དག་ནི་སྟོང་ཉིད་ལ་དད་པ་མི་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་དག་ལ་མི་གནས་པ་ཡིན་ཏེ། དེ་ནི ་འཕགས་པའི་ལམ་ལ་མི་གནས་པའི་རྣམ་པར་རྟོག་པ་སྟེ་དྲུག་པའོ། །དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དག་ལ་དམིགས་པ་ནི་ངེས་པར་མི་འབྱུང་སྟེ། །དེ་ནི་ལམ་ལ་དམིགས་པའི་རྣམ་པར་རྟོག་པ་སྟེ་བདུན་པའོ། །དེ་དག་དང་ཆོས་ལ་དམིགས་པ་ཡིན་ཏེ། ་དེ་ནི་བདག་ལ་དམིགས་པའི་རྣམ་པར་རྟོག་པ་སྟེ་བརྒྱད་པའོ། །སྐྱེ་བ་མེད་པ་དང། རབ་ཏུ་སྐྱེ་བ་མེད་པ་ཡིན་པ་དང། མངོན་པར་འདུ་མི་བྱེད་པ་རྣམ་པར་དག་པ་དེ་ནི་རྣམ་པར་དག་པའི་རྣམ་པར་རྟོག་པ་སྟེ་དགུ་པོ་དེ་ནི་དྲོ་བར་རྣམ་པར་རྟོག ་པ་དགུ་བོ་འདི་དག་ནི་སྲབ་མོར་མ་བྱས་པ་དང། མ་སྤངས་པ་དེ་བས་ན་དེ་དག་དང་ལྡན་པ་ཡིན་ནོ། །དེའི་རྣམ་པར་རྟོག་པའི་མུན་པ་སྲབ་པར་བྱས་བའི་ཕྱིར། །སྣང་བ་ཐོབ་པའི་ཏིང་ངེ་འཛིན་ལ་རྟེན་པ་ཞེས་བྱ་བ་བསྟན་ཏེ། དེ་ནི་གཟུང་བའི་རྣམ་པར་རྟོག་པ་དང ་པོ་རྣམ་པ་དགུའོ། །གཉིས་པའི་དབང་དུ་བྱས་ནས་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ། །བརྟགས་སོ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་དབྱེ་བས་རྣམ་པ་དགུ་གཟུང་བ་ཡིན་ནོ། །ཕུང་པོ་ལ ་སོགས་པའི་དངོས་པོར་བརྟགས་པའི་དབྱེ་བས་ཕུང་པོ་ལ་སོགས་པས་རྣམ་པར་རྟོག་པ་ནི་རྣམ་པ་དགུའོ། །དེ་ལ་གཟུགས་སུ་རྣམ་པར་རྟོག་ཅིང་མངོན་པར་ཞེན་པ་ནས་རྣམ་པར་ཤེས་པའི་བར་དུ་ཞེན་པ་ནི་ཕུང་པོའི་དོན་དུ་རྣམ་པར་རྟོག་པའོ། །མིག་ཏུ་རྣམ ་པར་རྟོག་ཅིང་མངོན་པར་ཞེན་པ་ནས་ཆོས་ཀྱི་བར་དུ་མངོན་པར་ཞེན་པ་དེ་ནི་སྐྱེ་བའི་དོན་དུ་རྣམ་པར་རྟོག་པའོ། །མིག་དང་གཟུགས་དང་མི་གིས་རྣམ་པར་ཤེས་པའི་ཁམས་ནས། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མངོན་པར ་ཞེན་པ་དེ་ནི་རིགས་ཀྱི་དོན་དུ་རྣམ་པར་རྟོག་པའོ། །མ་རིག་པ་ནས་རྒ་ཤིའི་བར་ནི་སྐྱེ་བའི་དོན་རྣམ་པར་རྟོག་པའོ། །ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དེ་ནི་སྟོང་པ་ཉིད་ཀྱི་དོན་དུ་རྣམ་པར་རྟོག་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་རྣམ་པར་རྟོག་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་མཐོང་བའི་ལམ་གྱི་རྣམ་པར་རྟོག་པའོ། །བསམ་གཏན་དང་གཟུགས་མེད་པ་དང་སྙོམས་པར་འཇུག་པ་དག་ནི་བསྒོམ་པའི་ལམ་གྱི་རྣམ་པར་རྟོག་པའི། །དེ་བཞིན ་གཤེགས་པའི་སྟོབས་བཅུ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནི་མི་སློབ་པའི་ལམ་གྱི་རྣམ་པར་རྟོག་པའོ། །དེ་དག་གིས་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གི་སྐྱོན་བསྟན་པའོ། །ལམ་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་བདག་མེད ་བའི་ཡེ་ཤེས་སོ། །ཡང་དག་པ་ནི་དེ་ཁོ་ན་ཉིད་དོ། །མཛའ་ནི་མཆོག་དང་རྩེ་མོ་སྟེ། ཡང་དག་པའི་མཛའ་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །གྲངས་སུ་ཞེས་བྱ་བ་ནི་རྩིས་སུའོ། །རྣམ་པར་རྟོག་པ་དགུ་པོ་འདི་དག་ནི་རྩེ་མོའི་འོ། །སྲབ་མོར་བྱས་པ་དང། མ་སྤངས་བ་དེ་བས་ན་དེ་དག་དང ་ལྡན་པས་ནི་སྔ་མའི་རྣམ་པར་རྟོག་པ་དགུ་སྤོང་བ་ཉིད་དོ་།དེ་བས་ན་སྣང་བ་མཆེད་པའི་ཏིང་ངེ་འཛིན་ལ་གནས་པ་ཡིན་ཏེ། དེ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་ལ་རྣམ་པ་དགུ་བསྟན་པ་ཡིན་ནོ། །འཛིན་པའི་རྟོག་པ་གཉིས་ཀྱི་དབང་དུ་བྱས་ནས། བསྟན་བཅོས ་ལས་།བདག་སོགས་རང་དབང་ངོ་བོ་དང། །དེ་བཞིན་ཕུང་སོགས་རྟེན་སྒོ་ནས། །རྫས་དང་བརྟགས་པའི་རྟེན་ཅན་གྱི། །འཛིན་པ་རྣམ་པ་གཉིས་སུ་འདོད། །འཛིན་པ་ནི་འཛིན་པའི་རྣམ་པར་རྟོག་པའོ། །དེ་ནི་རྣམ་པ་གཉིས་ཏེ། རྫས་ལ་བརྟེན་པ་དང། བརྟགས་པ་ལ ་བརྟེན་པའོ། །བརྟེན་པ་ནི་དམིགས་པའོ། །དེ་ཡང་གོ་རིམ་བཞིན་དུ་བདག་ལ་སོགས་པ་རང་དབང་ཅན་དང། ཕུང་པོ་ལ་སོགས་པ་ལ་རྟེན་པ་ཡིན་ནོ། །འདིར་ཡང་དེ་ནི་སོ་སོར་རྣམ་པ་དགུ་ཞེས་རྗེས་སུ་སྦྱོར་རོ། །དེ་ལ་དང་པོའི་དབང་དུ་བྱས་ནས་དེ་དག་ཆོས་བདེན་པ་ལ། ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོའོ། །ཆོས་བདེན་པ་ཞེས་བྱ་བ་ནི་ཡང་དག་པའི་བདེན་པའི་དོན་བདག་མེད་པ་མཐོང་བའོ། །ཡིད་མི་ཆེས་སོ། ཞེས་བྱ་བ་ནི་གུས་པར་མི་བྱེད་པ་སྟེ། བདག་ཉིད་རྣམ་པ་དགུར་རྟོག་པའོ། །ཡང་ཞེས་བྱ་བ ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་ཆོས་གང་ལ་ཡང་ཞེན་པར་ཨེམི་བྱེད་པ་ཡིན་ཏེ། བདག་ཉིད་དུ་དམིགས་བར་མི་བྱེད་པའི་ཕྱིར་རོ། ན།དེ་ཉིད་ཀྱིས་ན་མི་དམིགས་པ་རྣམ་པ་དགུའི་མི་མཐུན་པ་ཉིད་ཀྱིས་རྣམ་པར་རྟོག་པ་དགུའོ། །བདག་དང་སེམས་ཅན་དང་མཐོང་བ་ ་བོའི་བར་དུ་གཉན་དུ་མེད་བའི་ཕྱིར་མི་དམིགས་པས་དེ་ནི་རང་དབང་གི་བདག་ཉིད་དུ་རྣམ་པར་རྟོག་པའོ། །གཟུགས་དང་རྣམ་པར་ཤེས་པའི་བར་གྱིས་བདག་ཉིད་དུ་མི་དམིགས་པས་དི་ནི་ཅིག་གི་བདག་ཉིད་དུ་རྣམ་པར་རྟོག་པའོ། །ཡིག་ནས་ཡིད་ཀྱི་བར་དང ་གཟུགས་ནས་ཆོས་ཀྱི་བར་མི་དམིགས་པས་དེ་ནི་རྒྱུའི་བདག་ཉིད་དུ་རྣམ་པར་རྟོག་པའོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ནས། ཡིད་དང་ཆོས་དང་ཡིད་གྱི་རྣམ་པར་ཤེས་བའི་བར་ནི་ལྟ་བའི་བདག་ཉིད་དུ་རྣམ་པར་རྟོག་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ ་ནས་གཟུགས་མེད་བའི་ཁམས་ཀྱི་བར་ནི་ཀུན་ནས་ཉོན་མོངས་པའི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོག་བའོ། །བསམ་གཏན་དང་པོ་ནས་གཟུགས་མེད་པའི་སྙོམས་པར་འཇུག་པའི་བར་ནི་འདོད་ཆགས་དང་བྲལ་བའི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །འཕགས་པའི ་བདེན་པ་ནི་མཐོང་བའི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །རྣམ་པར་ཐར་པ་བརྒྱད་དང། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསྒོམ་པའི་གཞིའི་རྣམ་པར་རྟོག་པའོ། །སྟོབས་བཅུ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་མི་དམིགས ་པས་དེ་ནི་དོན་བྱས་པ་ཉིད་ཀྱི་གཞིའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །བཟོད་པས་དགུ་པོ་འདི་དག་སྲབ་པར་བྱེད་།སྤོང་བར་མི་བྱེད་དེས་ན་འདི་དག་དང་ལྡན་པས་ནི་སྔ་མ་དེ་དག་ཉིད་སྤོང་བར་བྱེད་པ་ཉིད་དེ་དེ་བས་ན་གཟུང་བར་བྱ་བ་མེད་པ་གཅིག་ཏུ་ངེས་པར་ཡོད་པའི་ཕྱིར ་དེ?་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་ཏུ་ཞུགས་པའི་ཏིང་ངེ་འཛིན་ལ་གནས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བ་ལ་སོགས་པས་ནི་ཤཱ་རིའི་བུས་ཟུར་གྱིས་ཞུས་པ་གསུངས་སོ། །ཞུ་བ་ན་འདི་སྙམ་དུ་སེམས་ཏེ། གལ་ཏེ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ ་པ་དེའི་ཚེ་འདི་ལ་ཇི་ལྟར་མི་དམིགས་པ་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཡང་མི་སློབ་པ་སྟེ། དམིགས་པའི་ཚུལ་གྱིས་ཞེས་བྱ་བར་དགོངས་སོ། །དེ་ལྟར་སློབ་ན་ཞེས་བྱ་བ་ནི་མི་དམིགས་པའི་ཚུལ་གྱིས་སློབ་པའོ། །ཆོས་ཐམས་ཅད་ལ། ཞེས ་བྱ་བ་ནི་ཐམས་ཅད་ཀྱི་ཡོན་ཏན་ཐོབ་པ་ལའོ། །དེ་ལྟར་བསྟན་པ་འདི་འཛིན་པའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུའོ། །དེ་ནས་བཅོམ་ལྡན་འདུས། ཞེས་བྱ་བ་ལ་སོགས་པས་ནི། ཅི་སྒྱུ་མའི་སྐྱེས་བུ་འདི་ཞེས་བྱ་བ་ལ་སོགས་པ་ལ། འདྲི་བའི་བསམ་པ་ནི་འདི་ཡིན་ཏེ། ་གལ་ཏེ་ཆོས་ཀྱི་མཆོག་འདི་ལ་བྱང་ཆུབ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་ནི་སྒྱུ་མའི་སྐྱེས་བུ་དང་འདྲ་བ་ཡིན་ཏེ་།དེ་ལྟ་ན་སྒྱུ་མའི་སྐྱེས་བུ་ཡང་སློབ་པར་འགྱུར་ཞིང་དེ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེ་ན། རབ་འབྱོར་དེ་བས་ན། ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གང་དེ་སྒྱུ་མའི་སྐྱེས་བུ་ལྟ་བུ་ཉིད་དུ་ནི་མི་འདོད་དེ་རྒྱུ་དེ་བས་ནའོ། །ན་ཞེས་བྱ་བ་ནི་ཚིག་གི་རྒྱུན་ཏུ་སྨྲས་པ་ཡིན་ནོ། །ཁྱེད་ཉིད་ལ་དྲི་བར་བྱས། ཞེས་བྱ་བ་ནི་གང་དྲིས་པ་དེ་ཉིད་ལ་དྲི་བར་བྱས་པའོ། །ཅི་ནུས་པ། ཞེས་བྱ་བ་ནི་ཅི་འདོད་པའོ། །སྟོན་ཅིག་ཅེས་བྱ་བ་ནི་ཤོད ་ཅིག་པའོ། །ལྟར་ཉན་པ་དང་ཞེས་བྱ་བ་ནི་བདག་གི་བྱས་པའོ། །འདི་ཞེས་བྱ་བ་ནི་ཚིག་ཉེ་བར་དགོད་པའོ། །ཇི་ཞེས་བགྱི་བ་ནི་དྲི་བའོ། །ཅི་ཕུང་པོ་གཞན་ལ་སྒྱུ་མ་ཡང་གཞན་ནམ་ཞེས་བྱ་བ་ནི་དྲིས་པའི་དོན་ཏོ། །སྒྱུ་མ་ཉིད་ཀྱང་ཕུང་པོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་དྲིས ་པའི་ལན་ནོ། །དོན་གང་སྒྱུ་མ་མཁན་གྱིས་སྤྲུལ་བའི་དངོས་པོའི་དོན་བཞིན་དུ་ཡང་དག་པར་སྣང་བ་མ་ཡིན་ཏེ། དེ་ནི་འདིར་སྒྱུ་མའི་སྒྲའི་དོན་ཏོ། །དེ་བས་ན་སྒྱུ་མ་ཉིད་ཅེས་གསུངས་སོ། །སྒྱུ་མའི་དོན་བསྟན་ནས་སྐྱེས་བུའི་དོན་བསྟན་པའི་ཕྱིར། འདིར་ནི་འདུ་ཤེས་ཀུན་ཤེས ་པ་བཏགས་པ་ཐ་སྙད་ཡིན་ནོ། །ཞེས་བྱ་བ་ལ་ཁྱད་པར་དཔྱོད་པར་བྱེད་པ་ཡིན་པའི་ཕྱིར་འདུ་ཤེས་ཏེ། ཤེས་པ་དང་བློ་ཞེས་བྱ་བའི་དོན་ཏོ། བྱིས་པ་རྣམས་དྲང་བའི་ཚད་དུ་བཏགས་པ་ནི་བཏགས་པ་སྟེ། དེ་དག་ལོག་པ་ཉིད་དུ་མི་ཤེས་པའི་ཕྱིར་རོ། །འཕགས ་པ་དང་འཕགས་པ་མ་ཡིན་པ་ཐམས་ཅད་འདིས་ཐ་སྙད་དུ་བྱེད་པས་ན་ཐ་སྙད་དོ། །དེ་ལ་འཕགས་པས་ནི་བརྟགས་པ་ལོག་པ་ཉིད་དུ་རྟོགས་པས་གཞན་ལ་སྟོན་པར་བྱེད་དོ། །འཕགས་པ་ཡིན་པས་ན་བདེན་པ་ཉིད་དུ་ཤེས་ནས་བདག་ཉིད་ཀྱང་འཇུག་པར་བྱེད་དོ། །འདིར ་ཞེས་བྱ་བ་འདིས་ནི་བསྟན་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ། ཞེས་བྱ་བ་ནི་མིང་ལ་སོགས་པ་རྣམས་རྗེས་སུ་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་དངོས་པོ་མེད་པ་དང་བདག་མེད་པ་དག་ལ་བྱང་ཆུབ་སེམས་དཔའ་ཨོ་ཞེས་བཏགས་པའོ། ། ་དེ་བས་ན་འདི་ནི་སྒྱུ་མའི་སྐྱེས་བུ་ཉིད་དོ། །ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ཞེས་བྱ་བ་ནི་ཡོངས་སུ་དགའ་བའི་ཕྱིར་ལན་གཉིས་སུ་བརྗོད་པ་ཡིན་ནོ། །དེ་བས་ནི། ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ ་སེམས་དཔའ་སྒྱུ་མའི་སྐྱེས་བུ་ཉིད་དུ་སྒྲུབ་ཅིང་བསྟན་པར་བྱ་བའི་ཕྱིར་བརྐལ་བའི་ལན་ཡོངས་སུ་གསལ་བར་བཏབ་བར་མཚོན་པ་ཡིན་ནོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་བསླབ་པར་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལའོ། །སློབ་པས་ཞེས་བྱ་བ་ནི་སློབ་པར་བྱེད ་པའི་སྒྱུ་ལ་ཏེ། དཔེར་ན་བུང་བ་ཉལ་ནས་འཕེལ་བྱེད་ལ། །པདྨའི་རྩ་བ་གནས་ནས་སྐྱེ། །ཞེས་བྱ་བ་སྟེ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་སེམས་དང་ལྡན་པའི་ཕྱིར་ལ་།སྒྱུ་མ་མཁན་གྱི་སྤྲུལ་པའི་སྐྱེས་བུ་ནི་ཡིད་ཤེས་མེད་པ་ཡིན་པའི་ཕྱིར་རོ། ། ་སྒྱུ་མའི་སྐྱས་སུ་ལྟར་།ཞེས་བྱ་བ་ནི་སྒྱུ་མ་མཁན་གྱི་སྤྲུལ་བའི་སྐྱེས་བུ་དང་འདྲ་བར་བདག་ཉིད་མཐོང་བ་ཞེས་བྱ་བའི་དོན་ཏོ། །ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ནི་བདག་ཉིད་དེ་ལྟར་མཐོང་བ་ནི་དཀའ་བ་ཡིན་ན་།ད་ཇི་ལྟར་ཤེས་ཤེ་ན་།སྒྱུ་ལྟར་མཐོང་བ་ནི་དཀའ་བ་ཡིན་ན་།ད་ཇི་ལྟར་ཤེས་ཤེ་ན་།སྒྱུ ་པོའི་དོན་ནི་སྒྱུ་མ་སྟེ། དེ་དང་འདྲ་བའི་སྐྱེས་བུ་ནི་སྒྱུ་མའི་སྐྱེས་བུའོ། །གཟུང་བར་བྱའོ་ཞེས་བྱ་བ་ནི་ངེས་པར་བྱའོ། །གཟུགས་ན་སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་གཟུན་བར་སྣང་བའི་དངོས་པོ་ཡིན་པའི་ཕྱིར་རོ། །གང་ཞེས་བྱ་བ་ནི་གང་དང་འདྲའོ། །དེ་ཞེས་བྱ་བ་ནི་དེ་དང་འདྲ་བའོ།། ་དེ་དག་ཅེས་བྱ་བ་ནི་དེ་དག་དང་འདྲ་བ་སྟེ། འཛིན་པའི་དངོས་པོ་ཡང་མེད་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་མེད་ན་འདི་ལ་སེམས་དང་ལྡན་པ་ཅི་ཞིག་ཅེ་ན། སེམས་དང་ལྡན་པའི་ཕུང་པོ་ལ་སོགས་པ་ནི་འཁྲུལ་པ་ཉིད་དེ། ་ཕུང་པོ་ལ་སོགས་པ་ཡོད་པ་ནི་མ་ཡིན་ནོ། །སྤྲུལ་པའི་སྐྱེས་བུ་ནི་སྤྲུལ་པ་ཡང་མེད་དོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའི་གཞུང་དག་ལ་ཡང་བཤད་པར་བྱའོ། །སྐྱེ་མཆེད་དྲུག་ལ་ཡང་ལ་ལར་སྐྱེས་བུར་བཏགས་ཡོད་དེ། དེ་ནི་ཞར་ལ་དབང་པོ་དྲུག་བཟུང་བ་ཡིན ་ནོ། །སྐབས་ཀྱི་མི་ཕུང་པོ་ལ་སོགས་པ་ལ་སྐྱེས་བུར་བཏགས་པ་ཡིན་ནོ། །ལྷག་མ་ནི་ཅི་རིགས་པར་བཏགས་པར་བྱའོ། །དེ་ལྟར་ན་བཏགས་པའི་རྣམ་པར་རྟོག་པ་དགུའོ། །སྒྱུ་མ་ཉིད་གཟུགས། ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་མི་ཕུང་པོར་བརྟགས་པའི་རྣམ ་པར་རྟོག་པའོ། །སྒྱུ་མ་ཉིད་མིག་ཅེས་བྱ་བ་ནས་ཆོས་ཞེས་བྱ་བའི་བར་ནི་སྐྱེ་མཆེད་རྣམས་སུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་དང། སྒྱུ་མ་ཉིད་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་བར་དང། སྒྱུ ་མ་ཉིད་ནམ་མཁའ་ཨི་ཁམས་ཀྱི་བར་དང། སྒྱུ་མ་ཉིད་རྣམ་པར་ཤེས་པའི་ཁམས་ཀྱི་བར་ནི་ཁམས་སུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། སྒྱུ་མ་ཉིད་མ་རིག་པ་དང། སྒྱུ་མ་ཉིད་འདུ་བྱེད། སྒྱུ་མ་ཉིད་རྒ་ཤི། ་ཞེས་བྱ་བའི་བར་དུ་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་བཏགས་བའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ནི་རྣམ་པར་བྱང་བར་བཏགས་བའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྣོན་པ་མེད་པ ་ཉིད་ཅེས་བྱ་བ་ནི་མཐོང་བའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་བསྒོམ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་སྟོང་པ་ཉིད་ཐམས་ཅད་ཅེས་བྱ་བ་ནི་ཁྱད་པར་གྱི་ལམ་དུ ་བཏགས་པའི་རྣམ་པར་རྟོག་པའོ། །སྒྱུ་མ་ཉིད་སྟོབས་བཅུ་ནས་སྒྱུ་མ་ཉིད་བྱང་ཆུབ་ཅེས་བྱ་བའི་བར་ནི་མི་སློབ་བའི་ལམ་དུ་བརྟགས་པའི་རྣམ་པར་རྟོག་པའོ། །ཆོས་ཀྱི་མཆོག་གིས་དགུ་པོ་འདི་དག་སླབ་པར་བྱེད་ཅིང་མི་འོང་བ་དང། དེ་དག་དང་ལྔོན་པ་ནི་སྔ་མའི་རྣམ་པར ་རྟོག་པ་དགུ་སྤོང་བར་བྱེད་དེ། དེ་ནས་བར་ཆད་མེད་བའི་ཏིང་ངེ་འཛིན་སྟོན་བར་བྱེད་དེ་བར་ཆད་བྱེད་པར་ནུས་པ་ནི་བར་ཆད་དོ། །བར་ཆད་བྱེད་པར་མི་ནུས་པ་ནི་དེ་མ་ཐག་པའོ། །དེ་ག་ལས་ཤེ་ན། དེའི་དེ་མཐག་ཉིད་དུ་མཐོང་བའི་ལམ་སྐྱེ་བ་ཡིན ་ཏེ། དེས་ནི་འཛིན་པར་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་བསྟན་ཏོ། །དེ་ལྟར་འདིས་ནི་རྣམ་པར་རྟོག་པ་བཞི་དང་ལྡན་པའི་ཁྱད་པར་བསྟན་པ་ཡོངས་སུ་འཛིན་པའི་ཁྱད་པར་གྱི་དབང་དུ་བྱས་ནས་བསྟན་བཅོས་ལས། སེམས་མི་འགོང་པ་ཉིད་སོགས་ཀྱི། ངོ ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ་།རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་གསུངས་ཏེ། རྣམ་པ་ཀུན་ཏུ་ཞེས་བྱ་བ་ནི། ཡོངས་སུ་འཛིན་པ་རྣམ་པ་བཞི་སྟེ། ཡོངས་སུ་གཟུང་བས་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་རྗེས་སུ་འགྲོ་ཞིང་ལམ ་ཡིན་བསམ་ཡིན་ཏེ། འདི་ལྟ་སྟེ་ཐབས་མཁས་པས་དང། དགེ་བའི་བཤེས་གཉེན་དང། དེ་གཉིས་ཀྱིས་ཀྱང་མི་མཐུན་པའི་ཕྱོགས་ཡོངས་སུ་མི་སྤོང་ངོ། །དེ་ལ་ཐབས་མཁས་པས་ནི་སེམས་མི་འགོང་བ་ཉིད་ལ་སོགས་པ་ཡིན་ཏེ་རྒྱུལ་འབྲས་བུར་བཏགས་པའི་ཕྱིར ་རོ། །ངོ་བོ་ཉིད་མེད་སོགས་སྟོན་བྱེད་པ་ནི་དགེ་བའི་བཤེས་གཉེན་ཡིན་ནོ། །དེ་ཉིད་ཀྱི་སྐབས་བསྟན་པའི་ཕྱིར་ཐེག་པ་ལ་གསེར་དུ་ཞུགས་པ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་དུ་གྱུར་བས་འཇིགས་པ་ནི་སྒྲག་བའོ། །སྐྲག་ཟིན་པ་ནི་དངངས་བའོ། ། ་དེ་ཉིད་ཀྱི་རྒྱུ་ནི་ཤིན་ཏུ་དངངས་པའོ། །བསྟན་པ་འདི་ཐོས་ནས་།ཞེས་བྱ་བ་ནི་སྐྱེས་བུར་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཨི་ལག་ཏུ་སོང་ན་ནི་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུའི་ལག་ཏུ་སོང་ན་ཞེ་ན། སེམས་དཔའ་ཆེན་པོ་སྡིག་པའི་གྲོགས་པོའི་ལ་ཏུ་སོང་ནའོ ་འཕྱིར་འམ་ཞེས་བྱ་བའི་སྒྲ་རྟོགས་པར་བྱ་སྟེ། སྡིག་པའི་གྲོགས་པའི་ལག་ཏུ་སོང་བར་གྱུར་པ་འམ་ཞེས་བྱའོ། །དེས་པ་མ་ཡིན་པ་དང། མི་མཁས་པ་དང། ཐབས་མཁས་པ་མ་ཡིན་པ་སྟེ། སེམས་དཔའ་ཆེན་པོ་གང་དག་སེམས་དཔའ་ཆེན་པོ་མ་ཡིན་པ་དེ་ལ་དེ ་སྐད་ཅེས་བྱ་སྟེ། དོན་ཀྱིས་དེ་ལྟར་བསྟན་པ་ཡིན་ནོ། །ཐབས་མི་མཁས་པ་ཡོངས་སུ་གཏང་བ་དང། །སྡིག་པའི་གྲོགས་པོ་ཡོངས་སུ་སྟོང་པ་ནི་ཡོངས་སུ་འཛིན་པ་རྣམ་པ་གཉིས་པོ་དག་འོ། །དེ་བས་ན་རབ་འབྱོར་གལ་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དཔའ་ ་མཛངས་པ་ཐབས་མཁས་པ་ཡིན་ཏེ། དེ་གང་དག་ལ་ཆེན་པོ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དགེ་བའི་བཤེས་གཉེན་ཀྱི་ལག་ཏུ་སོང་བའོ། །འདི་ཡང་འམ། ཞེས་བྱ་བའི་སྒྲ་རྟོགས་པར་འགྱུར་རོ། །དེ་སྐད་སྟོན་པ་ཡིན་ཏེ། ཐབས་མཁས་པ་དང། དགེ ་པའི་བཤེས་གཉེན་ནི་ཡོངས་སུ་འཛིན་པ་གཞན་གཉིས་ཡིན་ནོ། །དེ་ལ་གང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ངེས་ཤིང་བརྟན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་མི་དམིགས་པའི་ཡེ་ཤེས་ཀྱིས་དགེ་བའི་ཆོས་རྣམས་སྤྱོད་ཅིང་དེ་དག་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་སུ་བསྔོ་བ་དེ་ནི་ཐབས་མཁས་པའོ། །དེ་ལས་བཟློག་པ་ནི་ཐབས་མི་མཁས་པའོ། །དེ་སྐད་ཅེས་བཀའ་སྩལ་བ་དང། ཞེས་བྱ་བ་ལ་སོགས་པས་ནི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཞུས་པ་ཡིན་ཏེ། ཞུ་བ་ནི་དགེ་བའི་བཤེས ་གཉེན་གང་རྣམས་ལགས། ཞེས་བྱ་བ་ལ་སོགས་པའོ། །ལན་ནི་གང་དེ་ལ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་ཀྱི་ལས་ཉེ་བར་ཏོན་པ་ནི་འདིར་བདུད་ཀྱི་ཉེས་པ་ཡང་བདུད་ཀྱི་ལས་ཡིད་ཏེ། བདུད་ཀྱི་བྱ་བ་ལས་བྱུང་བའི་ཕྱིར་དང། ལས་ཡིན་པའི་ཕྱིར་རོ། ་ཇི་ལྟར་སྟོན་པ་ཡིན་ཞེ་ན། འདི་ལྟ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱིས་བྱིན་གྱིས་བརླབས་ནས་བྱུང་བའི་ལུས་ལ་སོགས་པའི་བྱ་བ་ནི་བདུད་ཀྱི་ཉེས་པའོ། །དེ་ལྟར་དེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་བར་ཆད་བྱེད ་པ་ཉིད་དུ་རིག་པར་བྱའོ། །བདུད་ཀྱི་ཉེས་པ་འདི་དག་ཅེས་བྱ་བ་ནི་གང་ངས་ཁྱོད་ལ་བཤད་པའོ། །བདུད་ཀྱི་ལས་ཞེས་བྱ་བ་ནི་བདུད་རང་ཉིད་སངས་རྒྱས་ལ་སོགས་པའི་ཆ་བྱང་དུ་བྱས་ནས་ལམ་ལོག་པར་སྟོན་པར་བྱེད་པའོ། །དེ་བཞིན་དུ། སྟོན་པ། ཞེས་བྱ་བ། དེ་དག ་གིས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལས་དབེན་པ་ཉིད་དུ་རིག་པར་བྱའོ། །འདི་ནི་ཞེས་བྱ་བ་ནི་ངས་ཁྱོད་ལ་བསྟན་པ་དག་གོ་།འདི་དག་ཅེས་བྱ་བ་ནི་བདུད་ཀྱི་ལས་རྣམ་པ་གཉིས་སོ། །སྟོན་ཞེས་བྱ་བ་ནི་དེ་བཞིན་དུ། ཞེས་བྱ་བའི་དོན་ཏོ། ་དེ་བཞིན་དུ། སྟོན་པ་ཞེས་བྱ་བར་སྦྱར་རོ། །འདི་ནི། ཞེས་བྱ་བ་ལ་སོགས་པ་ནས་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །གང་འདི་ཕ་རོལ་ཏུ་ཕྱིན་པ་ལས་འབྱེད་པར་བྱེད་ཅིང་གང་གང་གི་ཕྱིར་བདུད་ཀྱི་ལས་མི་སྟོན་པ་དེ་དག་ནི་དོན་གྱིས་མི་དག ་བའི་བཤེས་གཉེན་དུ་བསྟན་པར་ཤེས་སོ། །དེ་ནི་ཡོངས་སུ་འཛིན་པའི་ཁྱད་པར་དོ། །དེས་ཕར་ཆ་འབྱེད་པའི་ཆ་དང་མཐུན་པ་རྫོགས་སོ།། །།སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཞེས་བྱ་བའི་དབང་དུ་བྱས་ནས་བསྟན་བཅོས་ལས། །རྟོགས་པ་ཡི་ནི་ཆོས་དྲུག ་དང། །གཉེན་པོ་དང་ནི་སྤོང་བ་དང། །དེ་དག་ཡོངས་སུ་གཟུགས་པ་དང། །ཤེས་རབ་སྙིང་བརྩེར་བཅས་པ་དང། །སློབ་མཐུན་མོང་མིན་ཉིད་དང། །གཞན་གྱི་དོན་གྱི་གོ་རིམ་དང། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །ཞེས ་བྱ་བ་གསུངས་ཏེ། རྟེན་ལ་རིགས་ཤེས་བྱ་བར་སྦྱོར་རོ། །འདིར་རིགས་ནི་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ཨི་རིགས་ཡིན་ཏེ། སོ་སོར་ངེས་པར་གནས་པ་ནི་རྟེན་ཞེས་བྱའོ། །ཇི་ལྟ་སྟེ། ཇི་ཞིག་གང་གང་གི་རིགས་ཡིན་ཞེ་ན། གང་རང་བཞིན་གྱིས་རྣམ་པར ་དག་པ་གློ་བུར་གྱི་དྲི་མས་ཁེབས་པ་དེ་ནི་རིགས་ཡིན་ཏེ། རྡོའི་རིགས་དག་ལ་དྲི་མ་ཐམས་ཅད་སྦྱངས་ནས་ཕྱིས་ཟངས་དང། ལྕགས་དང། གསེར་དང། དངུལ་དག་གི་རིགས་གསལ་བར་འབྱུང་བ་བཞིན་ནོ། །ཇི་སྟེ་རྟེན་པའི་ཆོས་དེ་རྣམས་གང་དག་ཡིན ་ཞེ་ན། རྟོགས་པ་ཡི་ནི་ཆོས་དྲུག་དང། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟོགས་པ་ནི། ཤེས་པའོ། །དེ་ཉིད་ཆོས་དེ་ཡང་རྣམ་དྲུག་ནི་དྲོ་བ་དང། རྩེ་མོ་དང། བཟོད་པ་དང། ཆོས་ཀྱི་མཆོག་དང་།མཐོང་བའི་ལམ་དང། །བསྒོམ་པའི་ལམ ་མོ། གཉེན་པོ་དང་ནི་སྤོང་བ་དང། །ཞེས་བྱ་བ་ལ་གཉེན་པོ་ནི་ཤེས་པའོ། །སྤོང་བ་ནི་མི་མཐུན་པའི་ཕྱོགས་ཟད་བའོ། །དེ་དག་ཡོངས་སུ་གཏུགས་པ་དན། བཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མཐར་ཐུག་པར་འགྲོ་བ་དང། ཚུལ ་ཁྲིམས་འཆལ་བ་ལ་སོགས་པར་མཐར་ཐུག་པར་སྤངས་པ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་སྙིང་བརྩེར་བཅས་པ་དང། ཞེས་བྱ་བ་སངས་རྒྱས་དང་ཐུན་མོང་ན་ཡིན་པའི་ཡེ་ཤེས་སོ། །གཞན་གྱི་ལྟ་བུ་གང་ཡིན་པ་དག་གོ་།སློབ་མཐུན་མོང་ཉིད་དང། །ཞེས་བྱ་བ་ནི་ཉན་ཐོས་དང་རང ་སངས་རྒྱས་དང་ཐུན་མོང་ན་ཡིན་པའི་ཡེ་ཤེས་སོ། །གཞན་གྱི་དོན་གྱི་གོ་རིམ་དང། ཞེས་བྱ་བ་ནི་དུས་ཆད་པ་མེད་པའོ། །ལྷན་གྱིས་གྲུབ་པར་བྱུང་བར་ཡེ་ཤེས་ཀྱང་ཡིན་ཏེ། གང་འདི་དག་གིས་རྟེན་དུ་གྱུར་པ་དེ་དག་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཨི་རིགས་ཏེ། དེ་ཡང ་ཆོས་ཀྱི་དབྱིངས་ཉིད་དོ། །འདི་ལྟར་བསྟན་བཅོས་ལས་རྒོལ་བར་བྱེད་པ་ནི་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཐ་དད་པ་དེ་མེད་པའི་ཕྱིར་རིགས་ཀྱི་དབྱེ་བ་འདི་ནི་སངས་རྒྱས་ཀྱི་རིགས་སོ། །འདི་ནི་རང་སངས་རྒྱས་ཀྱི་རིགས་སོ། །འདི་ནི ་ཉན་ཐོས་ཀྱི་རིགས་སོ། །ཞེས་བྱ་བ་འདི་རུང་བ་མ་ཡིན་ནོ་ཞེ་ན། འདིར་ལན་ནི་བསྟན་བཅོས་ལས་།རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེའི་དབྱེ་བ་འང་ཡོངས་སུ་བརྗོད། །ཅེས་བྱ་བ་གསུངས་སོ། །རྟེན་པ་ནི་སངས་རྒྱས་ལ་སོགས་པའི་ཆོས་ཐ་དད་པ་མ་ཡིན་ཏེ་དེ་བས་ན ་དེའི་དབྱེ་བས་རིགས་ཀྱི་དབྱེ་བ་ཡིན་ནོ། །ནམ་མཁའ་ཐ་དད་པ་མེད་ཀྱང་ལམ་གྱི་དབྱེ་བས་ཐ་དད་ཏེ། དབྱེ་བའི་ལམ་དང། བྱའི་ལམ་དང། ཉི་མའི་ལམ་བཞིན་ནོ། །དེ་ལྟར་འདི་ཐམས་ཅད་མདོར་བསྡུས་ནས་རབ་འབྱོར་གྱིས་ཞུས་པ་སྟེ། དེ་སྐད་ཅེས་གསོལ་པ ་དང། ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་ཞེས་བྱ་བ་ལ་།ཐེག་པ་ཆེན་པོ་ཐམས་ཅད་དུ་ཞེས་བྱ་བ་ལྷག་མ་ཡིན་ནོ། །དེ་ལ་བཞེས་བྱ་བ་ནི་ཚིག་གཉིས་ལའོ། །བྱང་ཆུབ་སེམས་དཔའ་ཞེས་པ་གྱི ་བ། ཞེས་བྱ་བ་ནི་གང་ལ་བྱང་ཆུབ་ཀྱི་སྒྲའི་ཚིག་གི་དོན་དུ་བརྗོད་ཅེས་བྱ་བ་དང། ཚིག་གི་དོན་གང་ལགས་ཞེས་བྱ་བ་རྗེས་སུ་སྦྱར་རོ། །འདིར་རིགས་ཀྱི་དོན་གྱི་དངོས་པོ་གང་ཡིན་ཞེས་བྱ་བའི་དོན་ཏོ། །གང་ལ་བྱང་ཆུབ་སེམས་དཔའ་ཨི་རིགས ་ཡོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨོ། །དེ་ཡང་བདེ་བར་གཤེགས་པའི་བྱང་ཆུབ་ལ་ཡིན་གྱི་རིགས་མེད་པ་ནི་བྱང་ཆུབ་ཀྱི་རྟེན་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཨི་སྒྲ་དེ་ཉིད་ཀྱིས་བྱང་ཆུབ་ཀྱི་རིགས་བརྗོད་པར་བྱ་བའི་ཕྱིར་འཕགས་པ་རབ་འབྱོར་གྱིས་འདི་ཞུས་སོ། ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། རབ་འབྱོར་ཚིག་དོན་མེད་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན། ཞེས་སྨོས་ཏེ། བྱང་ཆུབ་ཀྱི་རིགས་གང་ཡིན་པ་དེ་ཉིད་དོ། །དེས་ན་བྱང་ཆུབ་སེམས་དཔའ་ཨི་ཚིག་གི་དོན། ཞེས་བྱ་བ་གསུངས་ཏེ། དེ་ནི་ཚིག་གི་དོན་མེད ་པ་དང། རིགས་དངོས་པོར་མེད་པར་སྟེ་ཆོས་ཀྱི་དབྱིངS་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་འདིའི་ཐ་སྙད་ཀྱི་ཡུལ་ནི་གང་གྱི་ཕྱིར་གང་ཕུང་པོ་ལ་སོགས་པའི་སྟོང་པ་ཉིད་དང། །ཆོས་ཉིད་དེ་ནི་དེའི་ཆོས་ཉིད་ཀྱི་དབྱིངས་ཏེ། དེ་ཉིད་དག་ཅིང་མཐར ་ཐུག་པ་ནི་བྱང་ཆུབ་ཅེས་བརྗོད་དོ། །དེ་བས་ན་རིགས་ཡིན་ན་ཡང་དངོས་པོར་ཡོད་པ་ནི་མ་ཡིན་ཏེ་དངོས་པོ་མེད་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་དོ། །ཡང་ན་བྱང་ཆུབ་ཀྱི་རིགས་ཡིན་ཡང་རྟེན་ནི་མ་ཡིན་ཏེ་སྔ་ཕྱི་ཐ་མི་དད་པས་སོ། །རྟེན་དང་བརྟེན་པའི་དབྱེ ་བ་ནི་དངོས་པོ་ལ་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ཆོས་ཀྱིས་དབྱིངས་དེ་རིགས་ཉིད་དུ་གང་ལས་ཤེས་ཤེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་སོ། །གང་གི་ཕྱིར་ཆགས་པ་མེད་པ་ལ ་བསླབ་པ་དེའི་ཕྱིར་ཆོས་ཀྱི་དབྱིངས་ཉིད་བྱང་ཆུབ་ཀྱི་རིགས་ཉིད་དེ། ཆོས་ཐམས་ཅད། ཅེས་བྱ་བ་ནི་ཆོས་བཅོ་ལྔ་པོ་ཡིན་ཏེ་རྟོག་པ་ཡི་ནི་ཆོས་དྲུག་དང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆགས་པ་མེད་པ་ཞེས་བྱ་བ་ལ། གནས་པ་ནི་ཡང་དག ་པ་ཡིན་པའི་དངོས་པོ་ལ་དམིགས་པའི་ཕྱིར་མི་མཐུན་པའི་ཕྱོགས་ཡིན་ལ། །དེ་དང་འགལ་བ་ཡིན་པའི་ཕྱིར་ཆགས་པ་མེད་དེ། ཆོས་དེ་རྣམས་ལའོ་།ཅི་རིགས་པར་དེའི་གཉེན་པོ་ཡིན་པའི་ཕྱིར་རམ་དེ་དང་འགལ་བའི་ཕྱིར་རོ། །དེ་དག་ལ་ཆགས་པ་མེད་པར་སློབ་པ་མི ་དགེ་བར་འགྱུར་པ་ཡིན་ནོ། །དེ་བས་ན་དེས་རྣམ་པར་རྟོགས་པ་མ་ལུས་པའི་དྲི་མ་སེལ་བ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མངོན་པར་འབྱུང་བ་ན་བྱང་ཆུབ་གྲུབ་པ་ཡིན་ཏེ། དེ་བས་ན་དེ་ཉིད་བྱང་ཆུབ་ཀྱི་རིགས་ཡིན་གྱིས་ཅིག་ཤོགS་ནི་མ་ཡིན་ནོ། ། ་ཆོས་དེ་དག་གི་ཇི་ལྟར་རྟེན་ཡིན་ཞེ་ན། རིགས་མེད་པ་དང། རིགས་དམན་པ་དེ་དག་གི་ནི་རྟེན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མོས་ཀྱི་འོན་ཀྱང་གཟུགས་མེད་པའི་ཆོས་ཀྱི་དབྱིངས་ཇི་ལྟར་?་དེ་དག་གི་རྟེན་ཡིན་ཞེ་ན། གཟུགས་མེད་པའི་ནམ་མཁའ་ནི་ཟླ་བ་དང་ཉི་མའི ་འོད་དང། མུན་པ་དང་དེ་ཟད་པའི་རྟེན་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །དེ་ནི་བསྒྲུབ་པའི་རྟེན་ནོ། །དམིགས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི ་རྟོགས་པ་དང། །གང་དག་འཇིག་རྟེན་འདས་འདོད་དང། །ཟག་བཅས་ཟག་པ་མེད་ཆོས་དང། །གང་ངག་འདུས་བྱས་འདུས་མ་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་བྱ་བ་གསུངས་སོ། །དགེ་བ་ལ་སོགས་པ། ་ཞེས་བྱ་བ་ནི་དགེ་བ་དང། མི་དགེ་པ་དང། ལུང་དུ་མ་བསྟན་པའོ། །འཇིག་རྟེན་པ་མི་རྟོགས་པ་དང་། ཞེས་བྱ་བ་རྟོག་པར་བྱ་བ་ཡིན་པས་རྟོག་པ་སྟེ་དགེ་བའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བ་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། ། ་དེ་ཉིད་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་པར་རྟོག་པ་བདུན་གྱི་གོ་རིམ་གྱིས་རྟོགས་པར་བྱ་བ་ནི་ཁོང་ཆུད་པ་སྟེ། དེ་ཉིད་ཀྱི་དོན་གྱི་ཐབས་སོ། །འདིས་དོན་རྟོགས་པར་བྱས་པ་དེས་ན། ཆོས་ཐམས་ཅད་ལ ་མ་ཆགས་པ་ཡོད་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ་། གང་གི་ཕྱིར་ཆོས་ཐམས་ཅད་ལ་དམིགས་པ་ནི་སྒྲུབ་པའི་དམིགས་པའོ། །ཆེད་དུ་བྱ་བའི་དབང་དུ་བྱས་ནས་བསྟན ་བཅོས་ལས་། སེམས་ཅན་ཀུན་མཆོག་ཉིད་སེམས་དང། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་འབྱུང་གི་།ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་བྱ་བ་གསུངས་སོ། །རང་འབྱུང་བར་འགྱུར་བས་ན་རང་འབྱུང་བ་སྟེ་བྱང་ཆུབ་སེམས་དཔའ་ཨོ། ། ་དེ་ནི་འདིའི་ཕྱེད་དུ་བྱའོ། །ཆེད་དུ་བྱ་བ་གང་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་ཏེ། འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཐོག་པ་གསུམ་གྱིས་བསྡུས་པའི་གནས་པ་ཡིན་ཏེ་།ཇི་ལྟར་བུའི་ཆེད་དུ་ཞེ་ན། ཆེན་པོ་གསུམ་དག་གི ་གྲངས་སུ་བྱས་པས་ན་ཆེན་པོ་ཉིད་དེ་། སེམས་དང་སྤོང་བ་དང་རྟོགས་པའོ། །དེ་ཉིད་ནི་གསུམ་ཏེ། དེ་ཡང་འདི་སྐད་སྟོན་ཏེ་། ཆེན་པོའི་ཆེད་ཀྱི་ཡེ་ཤེས་ལ་སོགས་པ་ནི་ཆེད་དུ་བྱ་བ་ཆེན་པོ་སྟེ་། ཆེན་པོའི་ཆེད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས ་ཅད་ལ་སེམས་དཔའ་ཨི་སེམས་དཔའ་ཆེན་པོ་འདི་ལ་ཡོད་པས་ན་སེམས་དཔའ་ཆེན་པོའོ། །མངོན་པར་རྟོགས་པའི་རྒྱན་གྱི་ཚིག་འདི་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་དེ་ལྟར་ཚད་དུ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི ་དེའི་སེམས་ཆེན་པོ་ནི་ཡེ་ཤེས་ཆེན་པོ་ཡིན་ནོ་ཞེས་གསུངས་ཏེ། འདིར་ཡང་ཆེད་དུ་བྱ་བ་ནི་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང། སེམས་ཅན་གྱི་རིས་ཆེན་པོའི་གཙོ་བོ་བྱེད་པར་འགྱུར་པས་ན་སེམས་དཔའ་ཆེན་པོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ་ཤཱ་རིའི་བུས་ཞུས་པS་ནི་སྤོང་བ་ཆེན་པོ་བསྟན་ཏོ། །རབ་འབྱོར་གྱིས་ཞུས་པས་ནི་རྟོག་པ་ཆེན་པོ་བསྟན་ཏོ། །དེ་བས་ན་མངོན་པར་རྟོགས་པའི་རྒྱན་གྱིས་ཚིག་གཞན་དུ་བྱས་ཏེ། སེམས་ཅན་ཀུན་མཆོག་ཚོགས་དང་ནི། །ཡོད་དང་རྟོགས་དང་གསུམ་པོ་ལ། ། ་ཆེན་པོ་གསུམ་གྱི་རང་འབྱུང་གི་།ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་བྱ་བ་གསུངས་སོ། །དེ་ཉིད་ཀྱི་སྐབས་སུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་དོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །བྱང་ཆུབ་དོན་དུ་གཉེར་བ་ན་དོན་དང་འདོད ་པའོ། །དེའི་ཆེད་དུ་སེམས་པ་ཉིད་ཡིན་པས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །དེ་བས་ན་སེམས་དཔའ་ཆེན་པོའི་སྒྲ་ནི་ཆེད་དུ་བརྗོད་པ་ཡིན་པས་སོ། །འཕགས་པ་རབ་འབྱོར་གྱིས་ཞུས་པ་ནི་རབ་འབྱོར་གྱིས་བསོལ་པ། ཞེས་བྱ་བ་ལ་སོགས་པའོ། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །སེམས་ཅན་གྱི་རིས་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །དེའི་གཙོ་བོ་ཉིད་ནི་ཐེག་པ་གསུམ་གྱིས་ཡང་དག་པར་བཏུལ་བའི་ས་ཡིན་ཏེ་ཆེད་དུ་བྱ་བའོ། ། ་སེམས་ཅན་གྱིས་ཕུང་པོའི་གཙོ་བོ་ཉིད་ནི་ཆེན་པོ་ཉིད་དེ། དེ་སེམས་ཅན་གྱིS་ཕུང་པོ་ཆེན་པོ་ཉིད་ཀྱིས་ཞེས་བྱ་བར་འགྱུར་ཏེ། དེ་ལྟར་ན་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་།དུས་ལ་ཞེས་བྱ་བ་ནི་སྐབས་སོ། ། ་བདག་ཏུ་ལྟ་བ་ལ་སོགས་པ་ལ་དོན་གཅིག་གོ་།དེ་དག་གི་ལྟ་བ་ནི་གྲུབ་པའི་མཛའ་ཨི་བྱེ་བྲག་གིས་དེའི་དངོས་པོར་མངོན་པར་ཞེན་པའོ། །འབྱུང་བ་ནི་འཁོར་བའོ། །འཇིག་པ་ནི་མྱ་ངན་ལས་འདས་པའོ། །དེ་གཉིས་ཀྱི་ལྟ་བ་ནི་གཙོ་བོ་ཉིད་དུ་ངེས་པའོ། །མྱ་ངན་ལས ་འདས་པ་ཐོབ་པ་ན་ཆད་པ་ཡིན་ནོ། ཞེས་བྱ་བ་ནི་ཆད་པར་ལྟ་བའོ། །བདག་ནི་རྟག་པར་གནས་པ་ཡིན་ནོ་། ཞེས་བྱ་བ་ནི་རྟག་པར་ལྟ་བའོ། །ལུས་ནི་ཕུང་པོ་དང། ཁམས་དང་། སྐྱེ་མཆེད་ལ་སོགས་པའོ། །དེ་དག་གིས་ངོ་བོ་ཉིད་མེད་པ་ལ་ངོ་བོ་ཉིད་དུ་མངོན ་པར་ཞེན་པ་ནི་རང་གི་ལུས་ལ་ལྟ་བའོ། །འདི་ལྟ་བུ་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པའོ། །སོགས་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང?་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པ་ལོག་པའི་ལྟ་བ་རྣམས་ཀྱང་རྟོགས་པར་བྱ་བ་ཡིན་ནོ། །ཆོས་ཞེས་བྱ་བ་ནི་ལམ་ལ་རིགས ་པ་སྟེ། དེ་ནི་སྤོང་བ་ཆེན་པོ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱང་ཆུབ་ཀྱང་ཡིན་སེམས་ཀྱང་ཡིན་པའོ། །ཐམས་ཅད་མཁྱེན་པ་ཡང་ཡིན་སེམས་ཀྱང་ཡིན་ནོ། །ཟག་པོ་མེད་པ་ནི་བག་ཆགས་དང་བཅས ་པའི་ཟག་པ་ཐམས་ཅད་ངེས་པར་སྦྱངས་པའོ། །སོ་སོའི་སྐྱེ་བོ་ཐམས་ཅད་དང་མཉམ་པ་ནི་མཉམ་པ་མེད་པའོ། །མཉེམ་པ་མེད་པའི་སངས་རྒྱས་ད་དང་མཉམ་པ་མི་མི་མཉམ་པ་དང་མཉམ་པའོ། །མ་ཆགས་པ་ནི་བསྟན་པའོ། །ཡོངས་སུ་མ་ཟིན་པ་ནི་རྗེས་སུ་བསྟན ་པའོ་།དེ་ལ་ཡང་རློམ་སེམས་མེད་པའི་ཕྱིར་ཞེས་བྱ་བར་བསམ་སོ། །ཡང་གི་སྒྲ་ནི་གཞན་ལ་ལྟ་ཅི་སྨོས་ཞེས་པའོ། །ལྷག་མ་ནི་རྟོགས་པར་སླ་སྟེ་། བཤད་པ་དང་འདྲ་བ་ཉིད་དེ་དེ་ནི་རྟོགས་པ་ཆེན་པོ་ཉིད་དོ། །སྒྲུབ་པའི་ཆེད་དུ་བྱ་བ་རྫོགས་སོ།། །། ་སྒྲུབ?་པ་ཉིད་བཤད་པར་བྱ་སྟེ་། དེ་ཡང་རྣམ་པ་བཞི་སྟེ། གོ་ཆའི་སྒྲུབ་པ་དང། འཇུག་པའི་སྒྲུབ་པ་དང། ཚོགས་ཀྱི་སྒྲུབ་པ་དང། ངེས་པར་འབྱུང་བའི་སྒྲུབ་པའོ། །དེ་ལ་དད་པོ་གོ་ཆའི་སྒྲུབ་པ་བཤད་པར་བྱ་སྟེ། དེ་ལྟར་ན་གནས་བརྟན་ཤེས་རབ་ཆེན་པོས ་སེམས་དཔའ་ཆེན་པོའི་རྒྱུ་མཚན་དེ་ཉིད་བསྟན་པའི་ཕྱིར། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འཇུག་པ་ཉིད་ནི་འཇིག་པ་ཡིན་ཏེ་གང་གི་ཕྱིར། འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འདེག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའི་ཚིག་གིས ་ས། །གོ་ཆ་ཆེན་པོ་བགོ་པར་སེམས་པས་ན་སེམས་དཔའ་ཆེན་པོའོ། །ཐེག་པ་ཆེན་པ་ལ་གནས་པར་སེམས་པས་ན་སེམས་དཔའ་ཆེན་པོ་སྟེ། བར་གྱི་ཚིག་མི་མདོན་པར་བྱས་པ་ཡིན་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོ ་སོར་གོ་ཆ་ཉེ་བར་སྦྱར་བར་བྱ་སྟེ་། གོ་ཆའི་སྒྲུབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དག་ལས་བྱིས་པ་རྣམས་ཀྱིས་ཀྲོ་ཆ་བཞིན་དུ་བསྟན་ཏོ། །དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རྣམ་པ་དྲུག་།དེ་དག་སོ་སོར་བསྡུས་པ་ཡིས་། ་གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཆེན་དྲུག་གིས་ཇི་བཞིན་བཤད། །ཅེས་བྱ་བ་ཡིན་ཏེ་ཇི་ལྟར་མདོ་ལས། དྲུག་ཚན་དྲུག་གི་བསྟན་བ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདS་ན་འདིར་ནི་བསྟན་བཅོས་ཀྱི་དོན་གཞན་དུ་བརྗོད་པར་བྱ་སྟེ། གོ་ཆ་ཁྲབ་དང་བསྲུང་བ་དང། ་གང་ཕྱིར་བསྒྲུབ་པ་དབུ་མ་ཡིན། །རྣམ་ཀུན་རྣམ་པ་ཐམས་ཅད་ཀྱིས། །ཇི་སྐད་བསྟན་པས་ཕ་རོལ་གནོན། །ཞེས་བྱ་བ་ཡིན་ཏེ། དེ་བས་གོ་ཆའི་མཚན་ཉིད་རབ་འབྱོར་གྱིས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་འདི་སྙམ་དུ་ཞེས་བྱ་བ་ནི་འདི་ལྟར་སེམས་པའོ། །ཇི་ལྟར་ཞེ་ན། སེམས་ཅན་དཔག་ཏུ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡུལ་ཕྱོགས་དང་བྲོང་ཕྱོགས་སུ་ཆད་པ་མེད་པ་ཡིན་ཏེ། དཔག་ཏུ་མེད་པ་དང་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ནི་ལམ ་བསྟན་པས་མྱ་ངན་ལས་འདས་པ་ཐོབ་པར་བྱའོ། །འདི་ཙམ་གྱིས་ནི་ཇི་སྐད་བསྟན་པས་ཕ་རོལ་གནིན?་ཅིང་སྐུར་པ་འདེབས་པའི་གཉེན་པོ་བསྟན་པའོ། །བདག་གིས་སེམས་ཅན་གྲངས་མེད་པ། ཞེས་བྱ་བ་ལ་སོགས་པ་ནི་སྒྲོ་བཏགས་པའི་སྙིང་པོའི་སྒོ་ནས་གསུངས་ཏེ། བྱེད ་པ་དང་ལས་བཀག་པས་བྱ་བ་བཀག་པ་ཡང་རྟོགས་པ་ཡིན་ནོ། །དེ་ལྟར་མཛའ་གཉིས་ཀྱི་གཉེན་པོའི་སྒོ་ནས་དབུ་མའི་ལམ་ཡིན་ནོ། །ཇི་ལྟར་མྱ་ངན་ལས་བཟླ་བའི་བསམ་པའི་དུས་ཇི་ལྟ་བ་མྱ་ངན་ལས་འདས་པའི་དུས་སུ་ཡང་དེ་ལྟར་ཡིན་ནོ་ཞེས་བསྟན་པའི་ཕྱིར་།སེམས ་ཅན་དེ་དག་ཅེས་བྱ་བ་ལ་སོགས་པ་ནས་གང་ཡང་མེད་དེ་སྙམ་དུ་སེམས་སོ་ཞེས་བྱ་བའི་བར་ཏེ། དེས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་དྲི་བར་བྱ་བའིི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་མཛའ་གཉིས་དང་བྲལ་བ་གད་ཤེས་ཇི་ལྟར་རིགས ་ཤེན་།རིགས་པའི་རྒྱུ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏེ་ཞེས་བྱ་བ་སྨས་སོ། །ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །དེ་དག་ནི་མཛའ་གཉིས་དང་བྲལ་བ་ཉིད་དེ་འདི་ནི་ཆོས་ཉིད་ཀྱི་རང་བཞིན་ནོ། །ཇི་ལྟར་ཞེ་ན། སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཞེས་སྨོས ་ཏེ། དེ་ལྟར་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་གསུམ་སྟེ། དང་པོ་ནི་བརྟགས་པ་སྟེ་གཟུང་བ་དང་འཛིན་པས་བསྡུས་པས་ཕུང་པོ་ལ་སོགས་པའོ། །གཉིས་པ་ནི་གཞན་གྱི་དབང་ཡིན་ཏེ་རྒྱུའི་དབང་དུ་གྱུར་པ་རྫས་སུ་ཡོད་པ་བརྟགས་པའི་གཞིའོ། ། ་གསུམ་པ་ནི་ཡོངས་སུ་གྲུབ་པ་སྟེ་དེ་བཞིན་དུ་རྟག་ཏུ་ཡོད་ཅིང་དེ་ཡང་གཞན་གྱི་དབང་ལས་བརྟགས་པས་སྟོང་པ་ཉིད་དེ། །སྒྱུ་མ་མཁན་གྱིས་རྡེའུ་ལ་སོགས་པ་ལ་སྔགས་བཏབ་པའི་བྱ་བས་གླང་པོ་ཆེ་ལ་སོགས་པའི་གཟུགས་མེད་ཀྱང་རྣམ་པ་ནི་འདིར་སྒྱུ་མ་ཡིན་ཏེ། དེ་དང ་ཆོས་མཐུན་པར་རྣམ་པར་རིག་པ་ཙམ་ཉིད་ཡང་དག་པར་ཡོད་ཀྱང་འཁྲུལ་པའི་དབང་གིས་ཕུང་པོ་ལ་སོགས་པའི་ངོ་བོར་སྣང་བ་ན་སྒྱུ་མ་ཞེས་བརྗོད་དོ། །དེའི་ཆོས་ཉིད་ཉེ་བར་གཟུང་བ་ནི་ཞེས་པའོ། །དེ་ལ་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བཟོད་ཀྱི་ཕུང་པོ་ལ་སོགས་བརྫུན་པ། ་ལ་ནི་མ་ཡིན་ཏེ་གང་གི་ཕྱིར་རྫུན་པའི་ཆོས་རྣམས་ཉིད་ཡིན་ན་ནི་དེ་ཡང་རྫུན་པ་ཉིད་དུ་འགྱུར་ཏེ་དོན་དམ་པ་ནི་མ་ཡིན་ནོ། །རྣམ་པར་རིག་པ་ཙམ་ཡང་མེད་ན་ནི་རྒྱུ་མེད་པར་ཡང་ཡེ་ཤེས་དམ་པ་སྐྱེ་བར་མི་འགྱུར་ཏེ། གང་གི་ཕྱིར་དེའི་ཡུལ་དུ་གྱུར་པའི་ཕྱིར་དོན ་དམ་པ་ཡང་ཡོད་པར་འགྱུར་རོ། །གལ་ཏེ་རྣམ་པར་རིག་པ་ཡོད་ཀྱང་དེ་ཉིད་ཀྱི་ཆོས་ཉིད་མེད་ན་ནི་དེའི་ཚེ་དེའི་བདག་ཉིད་མེད་པས་ཡང་དག་པའི་ཡེ་ཤེས་སྐྱེས་ཀྱང་རིག་པར་མི་འགྱུར་ཏེ། དེ་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དམ་པ་གཟིགS ་པར་མི་འགྱུར་རོ། །གཞན་ཡང་སྐྱེས་བུ་རྣམས་ཉིད་ཀྱི་རྣམ་པ་རིག་པ་རང་ཉིད་ལ་ཡོད་ཅིང་ཕུང་པོ་ལ་སོགས་པའི་རྣམ་པ་གལ་ཏེ་མི་སྣང་ན་ནི་དེའི་ཆེ་སྐྱེས་བུ་རྣམས་ཀྱིས་མཐོང་བར་མི་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །ཡང་ན་གང་གཅིག་མཐོང་བར ་འགྱུར་བ་ནས་ཐམས་ཅད་ཀྱང་མཐོང?་བར་འགྱུར་བས་ཐལ་ཆོས་པར་འགྱུར་རོ། །དེ་བས་ན་རྣམ་པར་རིག་པ་ཡོད་ཅིང་ཕུང་བོ་ལ་སོགས་པའི་ངོ་བོས་ནི་མེད་དོ་ཞེས་བརྗོད་ན་ནི་མཛའ་གཉིས་དང་བྲལ་བ་གྲུབ་པོ། །འདི་ཉིད་འཇིག་རྟེན་གྱི་གྲགས་པའི་དཔེས ་རྟོགས་པར་བྱ་བའི་ཕྱིར་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡིན་བ་ནི་འདི་མ་ཡིན་པ་མ་ཡིན་ནོ་།འདི་ལྟ་སྟེ་དཔེར་ན་།ཞེས་བྱ་བ་ལ་དཔེར་ན་ཞེས་བྱ་བ་ནི། །དེ་ཉིད་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་རབ་ཏུ་གྲགས་པའི་དཔེ་བསྟན་པ་ནི་འདི་ལྟའི ་སྒྲའོ། །མཁས་པ་ནི་མཛངས་པའོ། །སྒྱུ་མ་བྱེད་པ་ནི་སྒྱུ་མས་འཚོ་པའོ། །དེའི་ཉེ་གནས་ནི་གང་དེའི་སློབ་མ་ཡིན་གྱི་སྒྱུ་མས་འཚོ་བ་ནི་མ་ཡིན་པའོ། །སྐྱེ་བོའི་ཚོགས་ནི་སྐྱེ་བོའི་ཕུང་པོའོ། །མི་སྣང་པར་བྱས་པར་ནི་ཡང་དག་པར་མ་མཐོང་སྟེ། སྤྲུལ་པ་ཉེ་བར་བསྡུས ་པའི་ཕྱིར་རོ། །དེ་ནི་སྙམ་དུ་སེམས་ཞེས་བྱ་བ་ནི། སྦྱིར་དྲིས་ནས་ཁྱད་པར་འདྲི་བའོ། །དེ་ལ་ཡང་གང་ནི། འོན་ཀྱང་ཞེས་བྱ་བའི་དོན་ཏོ། །བསད་པ་ཅེས་བྱ་བ་ནི་གཞན་གྱིས་བསད་པའོ། །ཤི་བ་ནི་ང་ཤི་པའོ། །བཤིག་པ་ནི་མི་མཐོང་བར་བྱས་པའོ། །མི ་སྣང་བར་བྱས་པ་ནི་རང་ཉིད་མི་སྣང་བར་བྱས་པའོ། །བསམས་པ་ལས་བྱུང་པའི་ཤེས་རབ་བསྟན་ནས་། བསྒོམས་པ་ལས་བྱུང་བའི་ཤེས་རབ་བསྟན་པར་བྱ་སྟེ། བསྒོམ་པ་ཡང་རྣམ་པ་གསུམ་སྟེ་། ཞི་གནས་དང། ལྷག་མཐོང་དང། ཞི་གནས ་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའོ། །དེ་ལ་ཞི་གནས་ཀྱི་དབང་དུ་བྱས་ནས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟ་བུར་བསྟན་པ། ཞེས་བྱ་བ་ནི་ཇི་སྐད་ཐོས་པ་བསམས་པ་ལས་བྱུང་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་རབ་འབྱོར་འདི་ལ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པར་རྒྱ་ཆེར་བསྟན་ཏོ། །དེ་ལ་མི་བསྐྲག་ཅེས་བྱ་བ་ནི་དམིཌ་པ་རྣམ་དྲུག་གིས་སོ། །སེམས་ཡང་དག་པར་བསྡུས་། ཡང་བརྣབ་སེམས་དང་ཡིད་མི་བདེ་བ་ལ་དམིགས་པ་འབྱུང ་བ་ན། །མི་སྐྲག་ཅིང་དེ་ཉིད་སེལ་བར་བྱེད་དེ་གཡེང་བའི་ཉེས་པ་མཐོང་བའི་ཕྱིར་རོ། །མིང་དང་ཞེས་བྱ་བ་ནི་སེམས་ལ་སྐྱོན་མེད་ཅིང་རང་གི་དང་གིས་འབྱུང་བའི་དོན་མངོན་པར་འདུ་བྱེད་པས་མི་དངང་སྟེ་། དེ་བྱེད་ཅེས་བྱ་བའི་ཐ་ཚིག་གོ་།ཤིན་ཏུ་དངང་པར་མི་ ་འགྱུར་བས་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་ཅིང་རང་གི་ངང?་གིས་འབྱུང་པའི་མཉམ་པར་བཞག་པའི་སེམས་ཀྱིས་འབད་པར་མི་བྱེད་པས་ཤིན་ཏུ་དངང་པར་མི་འགྱུར་བའོ། །འདི་ཙམ་གྱིས་ཞེས་བྱ་བ་ནི་ཞི་གནས་འདིས་སེམས་ཅན་ཐམས་ཅད ་ཡོངས་སུ་མྱ་ངན་ལས་འདའ་བ་ལ་གོ་ཆ་བསྟན་པས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པས་ནི་ལྟག་མཐོང་གསུངས་ཏེ། དེ་ཡང་དངོས་པོ་ལ་དམིགས་པ་དང། །དོན་དམ་པའི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་མཐོང་བ་མེད་པ་ཡིན་། གང་དག ་ལ་གང་གི་རྣམ་པས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མ་མཐོང་བའོ། །དོན་བདག་གིས་འཚལ་ཏེ་ཞེས་བྱ་བ་ནི། །དོན་དམ་པར་བདག་གིས་འཚལ་ཏེ་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པའོ། །ཀྱེ་མ་ཞེས་བྱ་བའི་སྒྲ་ནི་དོན་དམ་བསྟན་པའི་འོས་སུ་འགྱུར་བའི ་ཕྱིར་རོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཉིད་རྣམ་པར་དག་པའོ། །དེའི་རང་བཞིན་ཉིད་ཡིན་ཏེ་དེ་བས་ན་དེ་ཁོ་ན་བཞིན་དུ་བཏགས་པས་མ་བྱས་པའོ། །རྣམ་པར་མ་བྱས་པའོ། །རྣམ་པར ་མ་བྱས་ཞེས་བྱ་པ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་གྱི་དྲི་མར་མ་བྱས་པ་ཉིད་དེ། །མངོན་པར་འདུ་མ་བྱས་པ་ཞེས་བྱ་བ་ནི་གཉན་པོས་དག་པར་མ་བྱས་པ་ཉིད་དོ། །སེམས་ཅན་དེ་དག་ཀྱང་ཞེས་བྱ་བ་ནི། དེ་དག་ཀྱང་དོན་དཾ་པ་ཉིད་དུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི ་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་། བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི། རབ་འབྱོར་གྱིས་ཟུང་དུ་འབྲེལ་པར་འཟུག?་པའི་ལམ་བསྟན་པའི་ཕྱིར་སྨས་པའོ?། །དང་པོ་འདིར་ལྷག་མཐོང་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་ཏེ་། འོན་ཀྱང་བརྟགས་པ་དང། ་ཡོངས་སུ་གྲུབ་པའི་ངོ་བོ་དག་གིས་འཆིང་བ་དང་ཐར་བའི་དངོས་པོ་མེད་པར་མཐོང་བའི་ཕྱིར་ལྷག་མཐོང་ངོ། །བཞན་དབང་ལ་དེ་གཉིས་ཀྱི་ངོ་བོར་མཐོང་བའི་ཕྱིར་ཞི་གནས་སོ། །དེ་ལ་ཕུང་པོ་ཉིད་བརྟགས་པ་ཉིད་དེ་ངོ་བོ་ཉིད་ཀྱིས་མེད་པ་ཡིན་ན། དེ་དག་དེ་བཞིན་ཉིད་དུག ་ལ་ཡོད་། དེ་ན་དེ་དང་དེ་ཡང་མ་བཅིངས་མ་གྲོལ་བ་སྟེ། ཡང་དག་པར་མེད་པའི་ཕྱིར་དང་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་ཀྱི་སྐབས་བསྟན་ཏོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར ་གྱིས་ཞི་གནས་སྟོན་པ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་ཞེས་བྱ་བའི་ཚིག་གིས་སོ། །འདི་ལྟར་གང་པོ་ལ་སོགས་པའི་གཟུགས་སུ་སྣང་བའི་ཤིང་རྩ་དང་རྡེའུ་ལ་སོགས་པ་ནི་སྒྱུ་མའོ། །འདིར་ཡང་དེ་དང་ཆོས་མཐུན་པའི་ཕྱིར་རྣམ་པར་རིག་པ་ཉིད་ཕུང་པོ་ལ་སོགས་པའི་གཟུགS ་སུ་སྟོན་བ་ནི་སྒྱུ་མ་ཉིད་དུ་བརྗོད་དོ། །སྒྱུ་མ་ཡང་ཡིན་སྐྱེས་བུ་ཡང་ཡིན་པ་དང། །སེམས་དང་ལྡན་པའི་ཕྱིར་ཏེ། །དེ་བས་སྒྱུ་མའི་སྐྱེས་བུའོ། །དེའི་ངོ་བོ་ཉིད་བཞིན་དུ་ཞི་གནས་ཀྱང་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་དོན་ཏེ། །འདིས་ནི་ཞེས་བྱ་བ་ལ་སོགས་པ ་ནས་གོ་ཆ་ཆེན་པོ། ཞེས་བྱ་བའི་བར་གྱིས་ནི་ཞི་གནས་ཀྱི་མཇུག་སྡུད་དོ། །གོ་ཆ་མེད་པའོ་ཞེས་བྱ་བ་འདིས་ནི་ལྷག་མཐོང་གི་མཇུག་སྡུད་དོ། །དེ་བས་ན་འདི་ནི་ཟུང་དུ་འབྲེལ་པའི་ལམ་མོ། །འདི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང། ཐེག་པ་ཆེན ་པོ་ལ་ཡང་དག་པར་གནས་པ། ཞེས་བྱ་བའི་ཚིག་གིས་ནི་ཐེག་པ་ལ་ཞུགས་པའི་དུས་ན་ཡང་གོ་ཆ་ཡོངས་སུ་མ་བཏང་བའི་ཕྱིར་རོ། །བྱམས་མའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །ཞེས་བྱ་བ་ནི་གཏམ་ཡོངས་སུ་རྫོགས་པའོ། །དེ་ནི་གོ་ཆའི་སྒྲུབ་པའོ། །དེ་ནས་ཡང་བཅོམ ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པས་ནི། །རབ་འབྱོར་གྱིས་ཐེག་པ་ཆེན་པོ་ལ་ཇི་ལྟར་ཞུགས་པ་དང། ཐེག་པ་ཆེན་པོ་ལ་གནས་པ་འདི་འདི་དཔྱད་པའི་ཕྱིར་དེ་གང་ལགས་ཞེས་བྱ་བ་ལ་སོགས་སྨོས་སོ། །འདི་དག་ནི་དྲི་བ་དྲུག་པོ། །འདིས་འགྲོ་བས་ན་ཐེག ་པའོ། །ཐེག་པ་ཆེན་པོ་དེ་གང་ལགས་ཞེས་བྱ་བ་ནི་དྲི་བ་དང་པོའི་དོན་ཏོ། །དེ་གང་ལྟར་ཡང་དག་པར་འཇུག་པ། ཅེས?་བྱ་བ་ནི་རབ་ཏུ་གནས་པ་སྟེ་རབ་ཀྱང་སྒྲ་གོང་ན་ཡོད་ན་འགྲོ་བ་ལ་འཇུག་པ་ཡིན་ནོ། །གང་གིས་འགྲོ་བ་དེ་ནི་ཐེག་པ་སྟེ། །འགྲོ་བ་ནི་བྱ་པའོ། །དེས་ན ་གང་གིས་བྱ་བ་ངེས་འགྲོ་བར་འགྱུར་རོ། ཞེས་བྱ་བའི་དོན་ཏོ། །འགྲོ་བ་ནི་ངེས་པར་འབྱུང་བའི་དོན་ཏོ། །ངེས་ན་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བར་དྲི་བ་ཡིན་ནོ། །འགྲོ་བ་ནི་གང་ཞིག་གི་མཚན་ཉིད་ཡིན་པས་དེས་ན་དེ་གང་གིས ་འཇུག་པར་འགྱུར་ཞེས་དྲིས་པ་ཡིན་ནོ། །འགྲོ་ཞིང་སོང་ནས་ལ་པར་གནས་པའི་དོན་ཡིན་པས་དེས་ན་གང་དུ་གནས་པར་འགྱུར་བ་ཞེས་དྲིས་པ་ཡིན་ནོ། །འདིས་དམན་པའི་རིགས་ངེས་པར་འབྱུང་བ་ཡིན་ཏེ་དེས་ན་དེས་གང་ཞིག་ངེས་པར་འབྱུང་པར་འགྱུར་ཞེས་དྲིས་པ ་ཡིན་ནོ། །དེ་སྐད་ཅེས་གསོལ་བ་དང། ཞེས་བྱ་བ་ལ་སོགས་བས་ནི་བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་ཡིན་ནོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་ཐེག་པ་ཆེན་པོར་གཟུང་ངོ། །དཔག་ཏུ་མེད་པའི་ཚིག་བླ་དགས་ཞེས་བྱ་བ་ནི་རྗོད་པར ་བྱེད་པའོ། །ཚད་མེད་པ་ཞེས་བྱ་བ་ནི་དཔག་ཏུ་མེད་པ་ཉིད་དང་ལྡན་པའོ། །དེ་ལ་དང་པོ་ནི་དགེ་བའི་ཆོས་ཐམས་ཅད་ཀྱིས་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་ནི་གུས་པ་དང་དུས་རིང་བོར་རྒྱུན་མི་འཆད་པ་ལ་སོགས་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་འཇུག་པ། ་ཞེས་བྱ་བ་ནི་གོ་ཆ་བགོས་ནས་རབ་ཏུ་གནས་པ་ཡིན་པས་ཡང་དག་པར་འཇུག་པའོ། །དེས་ན་གོ་ཆའི་ནི་འོག་ངེས་པར་འབྱུང་བའི་ནི་གོང་དཱུང་འགྲོ་བ་དེ་ནི་ཡང་དག་པར་གནས་པའི་སྤྲུབ་པའོ། །ཡང་དག་པར་གནས་པ་དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་པར་འཇུག ་པའི་སྒྲུབ་པ་དང་། ཚོགས་གྱི་སྒྲུབ?་པའོ། །དེ་ལ་འགྲོ་བར་རྩམ་པ་ནི་ཆོས་པའོ།། །ལྷག་པར་བྱས་པ་དག་ནི་ལྕི་བའི་ཕྱིར་ཁུར་ཏེ་རྣམ་པ་ཐམས་ཅད་ཀྱི་ཁུར་ཡིན་པས་ཚོགས་སོ། །དེ་གཉིས་ཀས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡང་དག་པར་བསྡུས་པའི་ཕྱིར ་དང། ཕ་རོལ་ཏུ་ཕྱིན་པ་དེའི་ངོ་བོ་ཡིན་པའི་ཕྱིར་དང། ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པའི་ཕྱིར་རམ། ཕ་རོལ་ཏུ་ཕྱིན་པའི་བྲས་བུ་ཡིན་པའི་ཕྱིར་ཅི་རིགས་པར་སྦྱར་རོ། །ཁམས་གསུམ་ནས་ཞེས་བྱ་བ་ནི་གང་ཅུང་ཟད་ཉོན་མོངས་པ་ཅན་ནམ། ཉོན་མོངས ་བ་ཅན་མ་ཡིན་པའི་མི་ཤེས་པ་དེ་ནི་འདིར་ཁམས་གསུམ་པ་ཡིན་ཏེ། ཡང་དག་མ་ཡིན་ཀུན་རྟོག་ནི་། སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་བཤད་པས་སོ། །དེས་ན་ངེས་པར་འབྱུང་བར་འགྱུར་བ་ནི་ཉན་ཐོས་ཀྱི་ཐེག་པ་ནི་ཉོན་མོངས་པ་ཅན་ཉིད་ལ ་ངེས་པར་འབྱུང་པའོ། །དམིགས་པ་མེད་པ་ནི་མི་དམིགས་པ་ཉིད་དེ་ཆོས་ཀྱི་དབྱིངས་སོ། །དེའི་མཚན་ཉིད་ཀྱིས་ཡང་དག་པར་འབྱུང་བ་ནི་ཤིང་དང་ལྷ་ཁང་ལ་སོགས་པ་སྔར་མ་མཐོང་བའི་གྲོང་དུ་འབྱུང་བ་ཡིན་ནོ། །ལན་དྲུག་པོ་འདི་དག་གིས་ཐེག་པ་ཆེན་པོ་རྣམ་པ་དྲུག་ཏུ ་སྨྲས་སོ། །དཔག་ཏུ་མེད་པའི་ཆེན་པོ་ཉིད་དང། ཡང་དག་པའི་འཇུག་པའི་ཆེན་པོ་ཉིད་དང། ངེས་པར་འབྱུང་བའི་ཆེན་པོ་ཉིད་དང། མཚན་ཉིད་ཆེན་པོ་ཉིད་དང། ཐོབ་པའི་ཆེན་པོ་ཉིད་དང་།གནས་ཀྱི་ཆེན་པོ་ཉིད་དོ། །ཡང་རྣམ་པ་བདུན་ཏེ། ་གཞལ་དུ་མེད་པ་དང་དཔག་ཏུ་མེད་པའི་དབྱེ་བས་སོ། །སྐུར་པ་འདེབས་པའི་གཉེན་པ་བསྟན་ནས་སྒྲོ་འདོགས་པའི་གཉེན་པོ་བསྟན་པའི་ཕྱིར། འོན་ཀྱང་གང་ནས་ཞེས་བྱ་བ་ལ་སོགས་པ་ནས། དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བའི་བར་གྱིས་གསུངS ་སོ། །ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ཞུགས་པ་།ཞེས་བསྟན་པ་ལ་དེ་དག་གི་མཚན་ཉིད་ནི་རྣམ་པ་ལྔ་བཤད་པར་བྱ་སྟེ་། གོ་རིམ་བཞིན་དུ་རིགས་དང། སྨོན་ལམ་དང། ལྷག་པའི་བསམ་པ་དང། གཞི་དང། ངོ་བོ་ཉིད་དེ། རིགས ་ནི་ཆོས་ཉིད་དོ། །བཞི་ནི་ཡུལ་ལོ། །ལྷག་མ་ནི་རྟོགས་པར་སླའོ། །གང་བྱང་ཆུབ་སེམས་དཔའ་ཨི་ཆོས་ཉིད་ལ་གནས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་སྙིང་རྗེ་སྔོན་དུ་འགྲོ་བའི་བསམ་པས་དངོས་པོ་ཐམས་ཅད་གཏོང་པ་དང། །དེ་བཞིན་དུ་སྤོང་བ་ཐམས་ཅད་ཅིག ་ཅར་བསྲུང་བ་དང། དེ་བཞིན་དུ་རྣམ་པ་ཐམས་ཅད་དུ་སྡུག་བསྔལ་ཐམས་ཅད་ལ་ཇི་མི་སྙམ་པའི་བཟོད་པ་དང་། དེ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཛའ་ཨི་དགེ་བའི་ཆོས་ཐམས་ཅད་ཀྱི་ཆོ་གས་སྒྲུབ་བྱེར?་བྱེད་པ་ཉིད་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱིན་པ ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བཞིན་དུ་ལས་ཐམས་ཅད་ལ་ལུས་དང་དག་དང་ཡིད་རྣམ་པ་ཐམས་ཅད་དུ་དབང་དུ་བྱས་ནས་རྣམ་པ་ཐམས་ཅད་དུ་སེམས་གནས་པ་དང། ་ཆོས་ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་དག་ནི་གོ་རིམ་བཞིན་དུ་བསྟན་པ་དང། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་འཇུག་པའི་སྒྲུབ་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། །བསམ་གཏན་གཟུགས་མེད་སྦྱིན། ་སོགས་དང། །ལམ་དང་བྱམས་ལ་སོགས་པ་དང། །དམིགས་པ་མེད་དང་ལྡན་པ་དང། །འཁོར་གསུམ་རྣམ་པར་དག་པ་དང། །ཆད་དུ་བྱ་དང་མངོན་ཤེས་དྲུག་།རྣམ། པ་ཀུན་མཁྱེན་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་དག་ནི་སྒྲུབ་པ་རྣམ་པ་དགུ་སྟེ། །ཡུལ་གྱི་དབྱེ་བས་སོ། །ཡུལ་གྱི་བདུན་པ་ཡིན་ཏེ། བསམ་གཏན་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་བསམ་གཏན་བཞི་ལས་དང་པོ་ལ་ཡན ་ལག་ལྔ་སྟེ། རྟོག་པ་དང་དཔྱོད་པ་ནི་གཉེན་པོའི་ཡན་ལག་གོ་།དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ་།སེམས་རྩེ་གཅིག་པ་ཉིད་ནི་ཞི་གནས་ཀྱི་ཡན་ལག་གོ། །གཉིས་པ་ནི་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་གོ ་ལྷ?་མ་ནི་སྔ་མ་བཞིན་ནོ། །གསུམ་པ་ནི་ཡན་ལག་ལྔ་སྟེ། །བཏང་སྙོམས་དང། །དྲན་པ་དང། །ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ་།བདེན་པ་ནི་ཕན་ཡོན་གྱི་ཡན་ལག་གོ་།ལྷག་མ་ནི་སྔ་མ་བཞིན་ནོ། །བཞི་པ་ནི་ཡན་ལག་བཞི་སྟེ། ་བཏང་སྙོམས་ཡོངས་སུ་དག་པ་དང། །དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ་།སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ། ལྷག་མ་ནི་སྔ་མ་བཞིན་ནོ། །གཟུགས་མེད་པ་ནི་རྣམ་མ་བཞི་སྟེ། རྣམ་པ་ཐམས་ཅད་དུ་གཟུགས ་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ནས་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཛའ་ཡས་སོ་སྙམ་པ་ནི་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དོ། །ནམ་མཁའ་ཨི་འདུ་ཤེས་ལས་ཡང་དག་པར ་འདས་ནས་རྣམ་པར་ཤེས་པར་མཛའ་ཡས་སོ་སྙམ་པ་ནི་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དོ། །ཤེས་བྱ་དང། ཤེས་པའི་འདུ་ཤེས་དག། ལས་ཡང་དག་པར་འདས་ནས་ཅི་ཡང་མེད་དོ་སྙམ་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །ཅི་ཡང་མེད་པའི ་འདུ་ཤེས་ལས་ཀྱང་ཡང་དག་པར་འདས་ནས་ཕྲ་བ་ནི་འདུ་ཤེས་མེད་པ་དང་འདྲ་བ་ཡང་དག་པར་སྤྱོད་པའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ་སྲིད་པའི་རྩེ་མོའོ། །དེ་དག་གིས་བསམ་གཏན་དང་གཟུགས་མེད་པའི་འཇུག་པའོ། །སྦྱིན ་སོགས་ཞེས་བྱ་བ་ནི་སྔར་བཤད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཉིད་དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་འཇུག་པའོ། །ལམ་དང་ཞེས་བྱ་པ་ལ་ལམ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ཏེ། དེ་དག་བསྒོམ་པ་ནི་ལམ་གྱི་འཇུག་པའོ།། ་བྱམས་པ་ལ་སོགས་པ་ཞེས་བྱ་བ་ལ། ཚད་མེད་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་ཚད་མེད་པའོ། །དེ་ལ་རྣམ་པ་བཞི་སྟེ་། བྱམས་པ་དང། །སྙིང་རྗེ་དང། དགའ་བ་དང། །བཏང་སྙོམས་དང། དེ་དག་གི ་གོ་རིམ་བཞིན་དུ་བདེ་བ་དང་ལྡན་པར་འདོད་པ་དང། སྡུག་བསྔལ་དང་བྲལ་བར་འདོད་པ་དང་། བདེ་བ་དང་མི་འབྲལ་བར་འདོད་པ་དང། །ཀུན་ནས་ཉོན་མོངས་པ་མེད་པར་འདོད་པའོ། །ཀྱེ་མ་སེམས་ཅན་ཐམས་ཅད་ནི་བདེ་བ་དང་ལྡན་པར་འགྱུར ་ཅིག་སྙམ་པ་དང། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་དང། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པ་དང། །ཀུན་ནས་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག་སྙམ་པའོ། །དེ་ལྟར་བུའི་རྣམ་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་ཚད་མེད་པའི ་པའི་འཇུག་པའོ། །སྟོང་པ་ཉིད་ཉི་ཤུས་ཆོས་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་བསྒོམ་པ་ནི་མི་དམིགས་པ་དང་ལྡན་པའི་འཇུག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྦྱིན་པར་བྱ་བ་དང། སྦྱིན་པ་པོ་དང། ་ལེན་པ་པོ་མི་དམིགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བྱང་ཆུབ་སེམས་དཔའ་དང་ཡིད་ལ་བྱེད་པ་མི་དམིགས་པའི་བར་དེ་ནི་འཁོར་གསུམ་ཡོངས་སུ་དག་པའི་འཇུག་པའོ། །སྒོམ་པ་པོའམ་། བསྒོམ་པར་བྱ་བའམ། སྒོམ ་པ་གང་ཡང་མེད་པ་དེ་ནི་སྒོམ་པ་མི་དམིགས་པ་སྟེ་སྒོམ་པ་རྣམ་པར་འཇིག་པའོ། །དེའི་དོན་དང་དེའི་ཆེད་དུ་གང་དགེ་བའི་ཆོས་ཐམས་ཅད་བསྒོམ་པ་དེ་ནི་ཆེད་དུ་བྱ་བའི་འཇུག་པའོ། །མངོན་པར་ཤེས་པ་དྲུག་གིས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འགྲོ་ཞིང ་དེར་སངས་རྒྱས་རྣམས་ལ་མཆོད་པ་དང། དེ་དག་ལ་ཐེག་པ་ཆེན་པོའི་ཆོས་ཉན་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང། །རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ནི་མངོན་པར་ཤེས་པ་དྲུག་གི་འཇུག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས ་སུ་ཐོབ་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བསྔགས་པ་ནི་རྣམ་པ་ཀུན་མཁྱེན་པའི་འཇུག་པ་སྟེ་། འཇུག་པའི་སྒྲུབ་པ་ཡང་རྫོགས་སོ།། །།ཚོགས་ཀྱི་སྒྲུབ་པའི་དབང་དུ་བྱས་ནས་བསྟན ་པ་ཆོས་ལས། བརྩེ་དང་སྦྱིན་ལ་སོགས་པ་དྲུག་།ཞི་གནས་ལྷག་མཐོང་བཅས་པ་དང། །ཟུང་དུ་འབྲེལ་པའི་ལམ་གང་དང། །ཐབས་ལ་མཁས་པ་གང་ཡིན་དང། །སེམས་པ་དང་ནི་བསོད་ནམས་དང། །ལམ་དང་གཟུངས་དང་ས་བཅུ་དང། །གཉེན་པོའི ་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཚོགས་རྣམས་ཀྱི་མཐར་ཇི་ལྟར་སྲིད་པའི་ཆོས་ཉིད་གང་ཡིན་པ་ལ་སོ་སོར་རྟོག་པ་ནི་བརྩེ་པ་ལ་སོགས་པའི་ཚོགས་སོ། །དེ་ལ་དམྱལ་བ་དང་ཡི་དགས་དང། དུད་འགྲོར ་སྐྱེས་པ་ལ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་དང། སངས་རྒྱས་རྣམས་ལ་དད་པ་དང། །ལྷ་དང་མི་རྣམས་སུ་སྐྱེ་བར་འདོད་པ་ནི་སྐྱེ་བའི་ཚོགས་སོ། །སྦྱིན་པ་ལ་སོགས་པའི་ཚོགས་དྲུག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་དོ། །ཞི་གནས་དང་ལྷག་མཐོང ་དང་བཟུང་དུ་འབྲེལ་པའི་ཚོགས་གསུམ་པོ་ནི་གོ་ཆའི་བསྒྲུབ་པ་དང་འདྲའོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དག་ལ་སྤྱོད་པ་གཞན་དག་ལ་ཡང་དག་པར་འཛིན་དུ་འཇུག་པ་དེ ་ནི་ཐབས་ལ་མཁས་པའི་ཚོགས་སོ། །གང་སྟོང་པ་ཉིད་ཉི་ཤུ་དག་ཡོངས་སུ་ཤེས་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་ཀྱང་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་རྒྱ་ཆེར་གསུངས་ཏེ། ནང་སྟོང་པ་ཉིད་དད་།ཕྱི་སྟོང་པ་ཉིད་དང། །ཕྱི་ནང་སྟོང་པ་ཉིད་དང། ་སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང་།དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཛའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་པ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་།དོར་བ ་མེད་པ་སྟོང་པ་ཉིད་དང། །རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚོན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་སྟོང་པ་ཉིད་དང། དངོས་པོ ་མེད་པ་སྟོང་པོ་ཉིད་དང། །རང་གི་ངོ་བོ་ཉིད་སྟོང་པ་ཉིད་དང། །གཞན་གྱི་ངོ་བོ་ཉིད་སྟོང་པ་ཉིད་དེ། འདི་དག་རེ་རེའི་རིགས་པ་ཡང་ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཞེས ་གསུངས་པ་ཡིན་ནོ། །གང་གི་ཕྱིར་འདི་དག་ཇི་ལྟར་རིག་པར་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་ཀྱིས་སྟོང་པ་ཉིད་དེ་དེ་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །བརྟགས་པ་ཡང་ཐེར་ཟུག་ཏུ་གནས་པ་དང། འཇིག་པའི་ཆོས་ཅན་མ་ཡིན་ཏེ་དེ་དག་གི་རང་བཞིན་ནི་རྣམ་ ་པ་གཉིས་པོ་དེ་དག་གོ་།དེ་བས་ན་དེ་ནི་དེའི་སྟོང་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་ངེས་བའི་སྟོང་པ་ཉིད་དེ་གང་ལས་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ་།དེའི་རང་བཞིན་ཞེས་བྱ་བ་ལ་སོགས་པས་ནི་གང་ལས་ཀྱང་མི་སྐྱེ་བ ་ཞེས་སྟོན་ཏོ། །དེ་ལ་ནང་གི་ཆོས་རྣམས་ནི་མིག་ལ་སོགས་པ་དྲུག་སྟེ། །དེ་དག་གིས་ནི་ནང་སྟོང་པ་ཉིད་དོ། །ཕྱིའི་ཆོས་རྣམས་ནི་གཟུགས་ལ་སོགས་པ་དྲུག་སྟེ། དེ་དག་གིས་སྟོང་པ་ཉིད་སྟོང་པ་ཉིད་དོ། །མིག་ལ་སོགས་པ་ནི་གཟུགས་ལ་སོགས ་པ་དེ་དག་གིས་སྟོང་པ་ཉིད་དེ། དེའི་ཡུལ་ཉིད་ཀྱིས་སྟོང་པ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཡང་མིག་ལ་སོགས་པས་སྟོང་པ་ཉིད་དེའི་ཡུལ་ཅན་ཉིད་ཀྱིས་སྟོང་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་སྟོང ་པ་ཉིད་?་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ནི། ཕྱོགས་རྣམས་ཀྱི་སྟོང་པ་ཉིད་དོ། །དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ་དེ་ངེས་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདུས་བྱས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི ་ལགས?་ཏེ་དེ་དག་གིས་སྟོང་པ་ནི་འདུས་བྱས་སྟོང་པ་ཉིད་དོ། །གང་སྐྱེ་བ་མེད་པ་དང། འགག་པ་མེད་པ་དང། གནས་པ་མེད་པ་དང། མི་འགྱུར་བ་ཉིད་དེ་ནི་འདུས་མ་བྱས་ཏེ་དེའི་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །གང་གི་མཛའ་མི་དམིགS ་པ་རྣཾ?་ནི་མཛའ་ལས་འདས་པ་སྟེ། ངེས་མཛའ་ལས་འདས་པ་སྟོང་པ་ཉིད་དོ། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་ཀྱི་དངོས་པོས་འོང་བ་དང་འགྲོ་བ་མེད་པས་ཐོག་མ་དང་བར་དང་ཐ་མ་ཡང་མེད་དེ། དང་པོ་དང་བར་མ་དད་ཐ་མས་སྟོང་པ་དེ་ནི་ཐོག ་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །གང་ལ་སྤངས་པ་དེ་ནི་ངོར་བ་སྟེ། དེས་སྟོང་པ་ནི་ངོར?་བ་སེང?་གེ?་སྟོང་པ་ཉིད་དོ། །གང་ལ་ཚས་ཐམས་ཅད་ནི་རང་བཞིན་གྱིས་ཉན་ཐོས་ལ་སོགས་པ་མ་བྱས་པས་མི་འགྱུར་བ་ཉིད་དོ། །ངེས་སྟོང་པ་ནི་རང་བཞིན ་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གཟུགས་སུ་རུང་བ་ནི་གཟུགས་ཀྱི་མཚན་ཉིད་དོ། །ཚོར་བའི་མཚན་ཉིད་ནི་མྱོང་བའོ། །འདུ་ཤེས་ཀྱི་མཚན་ཉིད་ནི་མཚན་མར་འཛིན་བའོ། ། ་ཞེས་ཤེས་པར་བྱ་སྟེ། ཆོས་དེ་དག་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཕན་ཚུན་མི་དམིགས་པ་ཡིན་ཏེ། ཐོག་མ་ནས ་རྣམ་པར་དག་པའི་ཕྱིར་རོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ་དེ་ལྟར་ན་ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པས་ཡང ་དག་པར་སྦྱོར་བས་སྟོང་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ་དེས་སྟོང་པ་ནི་དངོས་པོ་སྟོང་པ་ཉིད་དོ། །དངོས་པོ་མེད་པ་ནི་འདུས་མ་བྱས་ཏེ་དེས་སྟོང་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །རང་གི་ངོ་བོ ་ཡིན་པས་ན་རང་གི་ངོ་བོ་སྟེ་དེས་སྟོང་པ་ནི་རང་གི་ངོ་བོ་སྟོང་པ་ཉིད་དོ། །གཞན་གྱི་ངོ་བོ་ནི་ཆོས་ཉིད་དེ་ཆོས་ཀྱི་དབྱིངས་སོ། །ངེས་སྟོང་པ་ནི་གཞན་གྱི་ངོ་བོ་སྟོང་པ་ཉིད་དོ། །དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་དང། སེང་གེ་རྣམ་པར་རོལ་པ་ལ་སོགས་པ་ཞི་ཏིང ་ངེ་འཛིན་གྱི་ཚོགས་སོ། །ལམ་གྱི་ཚོགས་ནི་བྱང་ཆུབ་ཀྱི་ཕྱོགས་རྣམ་པ་མང་པོ་ཡིན་པས་དེ་བཤེད?་པར་བྱའོ། །དེ་ཡང་དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དེ་ལ་གང་གི་རྗེས་སུ་ལྟ་བས་དྲན་པ་ཉེ་བར་གནས་པ་དེ་ནི་དྲན་པ་ཉེ་བར་བཞག་པའོ། །དམིགས་པའི་བྱེ་བྲག་གིས་ནི་བཞི་སྟེ ་ལུས་དྲན་པ་ཉེ་བར་བཞག་པ་དང། ཚོར་བ་དྲན་པ་ཉེ་བར་བཞག་པ་དང། སེམས་དྲན་བ་ཉེ་བར་བཞག་བ་དང། ཆོས་དྲན་པ་ཉེ་བར་བཞག་པའོ། །དེ་ལ་ནད་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དང། ལུས ་དང་ལྡན་པའི་རྣམ་པར་རྟོག་བས་རྣམ་པར་རྟོག་པ་ཡང་མི་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་རྫུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་སོ། །དེ་བཞིན་དུ་ཕྱིའི་ལུས་དང། དེ་བཞིན་དུ་ནང་དང་ཕྱིའི་ལུས་དང། དེ་བཞིན་དུ་ནང་དང་ཕྱི ་དང་ཕྱི་ནང་གི་ཚོར་བ་དང། སེམས་དང། ཆོས་དང། ཚོར་བའི་རྗེས་སུ་ལྟ་བ་ནས། ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བའི་བར་དུ་སྟེ། ཆོས་དང་ལྡན་བའི་རྣམ་བར་རྟོག་པས་རྣམ་པར་རྟོག་པར་ཡང་མི་བྱེད་ལ། དེ་ཡང་མི་དམིགས ་པའི་ཚུལ་གྱིས་རྟུན་པ་ཤེས་བཞིན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་ཕན་བའི་སེམས་དང། ཡིད་མི་བདེ་བ་རྣམ་པར་བསལ་ནས་སོ། །འདིར་ནང་གི་ལུས་ནི་རང་གི་མིག་ལ་སོགས་པ་དྲུག་གོ་།ཕྱི་རོལ་གྱི་ལུས་ནི་རང་གི་ལུས་ལ་ཕྱི་རོལ་གྱི་འདུས ་བྱས་སོ། །ཕྱི་ནང་གི་ལུས་ནི་ལྷག་མ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རང་གི་ལུས་སུ་གཏོགས་པའོ། །ཚོར་བ་ལ་སོགས་པ་ཡང་ལུས་ལ་དམིགས་པའི་དབྱེ་བས་རྣམ་པ་གསུམ་སྟེ། ཚོར་བ་ནི་བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན ་སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཆོས་ནི་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བའོ། །ལུས་ལ་སོགས་པ་ལ་རྗེས་སུ་བལྟ་བ་ནི་ལུས་ལ་སོགས་པའི་ཆོས་ཉིད་ལ་རྗེས་སུ་བལྟ་བའོ། །ལུས་ལ་སོགས་པ་དང་ལྡན་པ་ནི་ལུས་ལ་སོགས་པའི་མིང་དང་ལྡན་པའོ། ། ་འདི་ནི་བདག་གི་ལུས་ཏེ་བདག་གི་ལུས་ལ་རྟག་བ་དང་མི་རྟག་དང། བདེ་བ་དང་སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པས་རྟོག་བ་ནི་རྣམ་པར་རྟོག་པའོ། །དེ་ལ་ཡང་མི་དམིགས་པའི་ཚུལ་གྱིས་རྗེས་སུ་ལྟ་བ་ནི་རྣམ་པར་མི་རྟོག་བའོ། །གུས་པར་བྱེད་པ་དང ་རྟག་ཏུ་བྱེད་བའི་སྦྱོར་བ་ཡིན་བས་ན་རྟུན་པའོ། །རྗེས་སུ་བལྟ་བ་དང་ཤེས་བཞིན་གྱི་སྦྱོར་བས་ན་ཤེས་བཞིན་ནོ། །མི་བརྗེད་པའི་བདག་ཉིད་དང། རྒྱུན་ཏུ་སྲུང་བར་བྱེད་བའི་བདག་ཉིད་དང། ཕྱི་རོལ་ཏུ་མི་གཡེང་བར་བྱེད་བའི་བདག་ཉིད་ཀྱི་དྲན་པ་དང་ལྡན་པའོ། །འདི ་དག་ཉིད་བརྩོན་འགྲུས་དང་ཤེས་རབ་དང་དྲན་པ་ཡིན་ཏེ། འདི་ངག་གི་ཕན་ཡོན་བསྟན་བའི་ཕྱིར་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་བསལ་ཏོ། ཞེས་བྱ་བ་གསུངས་སོ། །བསལ་ཏེ་ཞེས་བྱ་བ་ནི་སྤངས་པའོ། །འཇིག་རྟེན་ནི་འཇིག་རྟེན་གྱི་ཆོས་ལ་ལའོ། ། ་རྙེད་པ་དང་གྲགས་བ་དང་བདེ་བ་དང་བསྟོད་པ་ལ་ནི་བརྣ་བ་སེམས་སོ། །མ་རྙེད་པ་དང་མ་གྲགས་པ་དང་སྡུག་བསྔལ་བ་དང་སྨད་པ་ལ་ནི་ཡིད་མི་བདེ་བའོ། །འདི་དག་ཡེ་ཤེས་ཡང་དག་པར་འཛིན་པས་ན་ཡང་དག་པར་འཛིན་པའོ། །ཡང་ན་ཡང་དག་པར་སྤོང་པའོ། །དེ ་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་བ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་བརྩོམ་མོ། །ཡེ་ཤེས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་དང། དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆོས ་རྣམས་མ་སྐྱེས་པ་མི་སྐྱེད་པའི་ཕྱིར་འདུན་བསྐྱེད་དོ། །ཞེས་བྱ་བ་ལ་སོགས་པ་དང། །དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། ཞེས་བྱ་བ་དང། དེ་བཞིན་དུ་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང། ཕྱིར་ཞིང་འབྱུང་བའི་ཕྱིར་འདུན་པ ་བསྐྱེད་དོ། །ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གོ་ཆའི་བརྩོན་འགྲུས་ཀྱིས་འདི་ལྟར་བྱའོ་སྙམ་བའི་འདུན་པ་བསྐྱེད་དོ། །ཞེས་བྱ་བའོ། །སྦྱོར་བའི་བརྩོན་འགྲུས་ཀྱིས་ནི་འབད་དོ། །སྐྱེ་བ་མེད་བའི་བརྩོན་འགྲུས་ཀྱིས་ནི་བརྩོན་འགྲུས་བརྩོམ་མོ། །ཐབས་ཀྱིས་བརྩོན ་འགྲུས་ཀྱིས་ནི་ཡེ་ཤེས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇིག་གོ་།དེ་ལ་བྱེད་པ་ལ་ནི་སེམས་རབ་ཏུ་འཛིན་བས་མཐོ་བར་བྱེད་དོ། །རྒོད་པ་ལ་ནི་མངོན་པར་བསྡུས་པས་སེམས་ཡང་དག་པར་རབ་ཏུ་འཇོག་གོ་།རྫུ་འཕྲུལ་ནི་འཇིག་རྟེན་ལས་འདས་པའི ་ཆོས་རྣམས་ནི་རྫུ་འཕྲུལ་གྱི་གནས་ཡིན་བའི་ཕྱིར་རྫུ་འཕྲུལ་གྱི་རྐད་བའོ། །དེ་ཡང་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་དང། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང། སེམས་ཀྱི་ཏིང་ངེ་འཛིན་དང། དཔྱོད་པའི་ཏིང་ངེ་འཛིན་ཏོ། ། ་འདི་ལྟར་ལ་ལ་ནི་འདུན་པ་དྲག་པོ་དང་ལྡན་པས་རྩ་གཅིག་བ་ཉིད་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་བའོ། །ལ་ལ་ནི་ཡང་དག་པར་སྤོང་བའི་བརྩོན་འགྲུས་ཀྱིས་མི་དགེ་བའི་ཚོགས་བསྐྱེད་པ་ཉིད་དང་ལེན་པར་བསྟན་ཏོ། །ལ་ལ་ནི་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང ་སྙོམས་ཀྱི་མཚན་ཉིད་ཀྱིས་སེམས་ཡོངས་སུ་འཛིན་ཏོ། །ལ་ལ་ནི་མི་དགེ་བའི་ལས་ཕྲ་མོ་ཡང་དག་པར་སྦྱོར་ངམ་འོན་ཏེ་ཡང་དག་པར་མི་སྤྱོད་ཅེས་གང་བདག་ཉིད་ཡོངས་སུ་དཔྱོད་པ་དེས་ནི་ཡང་དག་པར་ངེས་པར་དབྱོད་དོ། །དེ་དག་གིས་ཀུན་ནས་དཀྲིས་པ་ཐག་རིང ་དུ་གྱུར་ནས་བག་ལ་ཉལ་སྤང་པའི་ཕྱིར་གོང་དུ་ཡང་དག་པར་སྤོང་བ་བཞི་པོ་དག་གིS་བརྩོན་འགྲུས་བརྩོམ་པ་ན་སྤོང་བའི་འདུ་བྱེད་བརྒྱད་མངོན་པར་འབྱུང་བ་ཡིན་ཏེ། འདུན་པ་དང། བརྩོན་འགྲུས་དང། དད་པ་དང། ཤིན་ཏུ་སྦྱངས་པ་དང། དྲང་པ ་དང། ཤེས་བཞིན་དང། སེམས་པ་དང། བཏད་སྙོམས་སོ། །དེ་ལ་ནམ་ཞིག་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྙོམས་བར་འཇུག་བ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་འདུན་བའོ། །མི་དགེ་བའི་ཆོས་ཐམས་ཅད་ངེས་བར་འཇོམས་པ་ནི ་བརྩོན་འགྲུས་སོ། །གོང་མའི་ཆོས་ཏོག་པར་བྱ་བ་ལ་དད་པ་ནི་དད་པའོ། །དེ་སྔོན་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་བའོ། །དེ་ལ་ཞི་གནས་ཀྱི་ཕྱོགས་ནི་དྲན་པའོ། །ལྷག་མཐོང་གི་ཕྱོགས་ནི་ཤེས་བཞིན་ནོ། །དེ་ལ་སེམས་མངོན་བར་འདུ་བྱེད་པ་ནི ་སེམས་པའོ། །ཀུན་ནས་ཉོན་མོངས་པ་མ་ཡིན་པ་ནི་བཏང་སྙོམས་སོ། །འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དེ་དབེན?་པ་ལ་གནས་པ་དང། འདོད་ཆགས་དང་བྲལ་བ་ལ་གནས་པ་དང། ་འགོག་པ་གནས་པ་དང། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པར་བྱེད་དོ། །དེ་ལ་དབེན་པ་ནི་ཉོན་མོངས་པ་ལས་སོ། །འདོད་ཆགས་དང་བྲལ་བ་ནི་སྲེད་པ་ལས་སོ། །འགོག་པ་ནི་སྡུག་བསྔལ་ལས་སོ། །རྣམ་པར་སྤོང་པ་ནི་ཕུང་པོ་ཐམས ་ཅད་སྤངས་པ་སྟེ། དེ་ནི་རྣམ་པར་སྤོང་པས་ཡོངས་སུ་བསྒྱུར་བའོ། །དབང་བྱེད་པ་ནི་དབང་པོ་སྟེ་དད་པ་ལ་སོགས་པ་ལྔ་ཡིན་ནོ། །འཇིག་རྟེན་ལས་འདས་བའི་ཆོས་སྐྱེད་པ་ལ་དབང་ཐོབ་པའི་ཕྱིར་དབང་པོ་རྣམས་སུ་འགྱུར་བ་ཡིན་ཏེ། དད་པའི ་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་དུའོ། །རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པའི་རྟགས་མཐོང་བས་ཁྱད་པར་གྱི་ཆོས་འབྱུང་བ་ལ་རེ་བ་སྐྱེས་ཏེ་སྟོན་པ་དང་ཉན་ཐོས་ཀྱི་ཐོབ་པ་ལ་ཡིད་ཆེས་པ་སྐྱེའོ། །ཡིད་ཆེས་པ་དེ་གོང་དུ་འཇིག་རྟེན་ལས་འདས་པའི་ཆོས་འབྱུང ་པ་ལ་དབང་བྱེད་པས་དད་པའི་དབང་པོ་ཞེས་བྱའོ། །དབང་པོའི་སྟོབས་ཀྱིས་ཀྱང་བརྩོན་འགྲུས་ལ་སོགས་པ་ཤིན་ཏུ་ལྷག་པར་སྐྱེ་སྟེ་།ངེས་དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་འབྱུང་བ་ལ་དབང་བྱེད་པས་བརྩོན་འགྲུས་ལ་སོགས་པའི་དབང་པོ་ཞེས་བྱའོ། ། ་དེས་ན་དབང་པོ་ལྔར་འགྱུར་རོ། །དབང་པོ་ལྔ་སྒོམ་པ་ལ་ཇི་ལྟར་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་མི་ཚུགས་ཤིང་ཐུབ་པར་དགའ་བ་དེ་ལྟར་འཕེལ་བས་སྟོབས་ཞེས་བྱ་བ་མང་དུ་འགྱུར་ཏེ། དད་པའི་སྟོབས་ནས་ཤེས་རབ་ཀྱི་སྟོབས་ཀྱི་བར་རོ། ། ་མཐོང་བའི་ལམ་ལ་ཡང་དག་བར་ཇི་ལྟ་བ་བཞིན་དུ་རྟོགས་ན་བྱང་ཆུབ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་ཡན་ལག་གི་ཡང་དག་བར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། །དྲན་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། ཆོས་རྣམ ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་དང། ཏིང་ངེ་འཛིན་ཡང ་དག་བྱང་ཆུབ་ཀྱི་ཡན་ལག་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།དེ་ལ་ཆོས་རྣམ་པར་འབྱེད་པ་ལ་སོགས་པ་གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང ་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ། །དེ་དག་ཐོབ་པས་བདག་གིས་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་སྤངས་པར་མཐོང་ནས། སྒོམ་བས་སྤང་བྱ་དེ་དག་པའི་ཕྱིར་འཕགས་པའི་ལམ་ཕུང་པོ་གསུམ་དུ་སྒོམ་པར་བྱེད་དེ། ཡང་དག་པའི་བལྟ་བ་དང། ་ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་དང་པོ ་གཉིས་དང་ཡང་དག་པར་རྩོལ་བ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ལྷག་མ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་སྟེ། དེ་ཡང་དབུས་དང་མཛའ་རྣམ་པར་འབྱེད་པ་ལས། །རང ་བཞིན་ཡན་ལག་གནས་ཡན་ལག་།གསུམ་པ་དེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག་།འདི་ལས་བཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བརྟགས་པ་ཡིན། །ཞེས་བྱ་བ ་གསུངས་སོ། །དེ་ལ་དྲན་པ་ནི་བྱང་ཆུབ་ཀྱི་གནས་སོ། །ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་ནོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའོ། །དགའ་བ་ནི་ཕན་ཡོན་ནོ། །ཀུན་ནས་ཉོན་མོངས་པའི་གནས་ངན་ལེན་གྱི་རྒྱུ་ལས་བྱུང་བའི་ཕྱིར་ཤིན་ཏུ ་སྤྱངས་བ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་སྟེ་དེ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་གནས་སོ། །བཏང་སྙོམས་ནི་ངོ་བོ་ཉིད་དོ། །ཡོངས་སུ་གཅོད་དང་གོ་བྱེད་དང། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས ་ཀྱི་གཉེན་པོར་མི་།ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །དེ་ལ་མཐོང་བའི་ལམ་ལ ་ཡོངས་སུ་གཅོད་པ་ནི་ཡང་དག་པའི་ལྟ་བའོ། །གཞན་གོ་བར་བྱེད་པའི་ནི་ཡང་དག་པའི་རྟོག་པའོ། །ཡར་དག་པའི་དག་ཀུན་ནས་སློང་བར་གོ་བར་བྱེད་པའི་ཕྱིར་རོ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ནི་རྣམ་པ་གསུམ་སྟེ། ཡང་དག ་པའི་ངག་དང། །ལས་ཀྱི་མཛའ་དང་འཚོ་བའོ། །དེ་དག་གིས་ནི་གོ་རིམ་བཞིན་དུ་གསུམ་ལ་ཡིད་ཆེས་པར་འགྱུར་རོ། །གཏམ་དང་འབྲེལ་བའི་གཏམ་རྣམ་པར་ངེས་པས་ཤེས་རབ་ལ་ཡིད་ཆས་པར་འགྱུར་རོ། །མི་བྱ་བ་མི་བྱེད་པའི་ཕྱིར ་ཚུལ་ཁྲིམས་སོ། ཆོས་ཀྱི་རིམ་པར་ཆོས་གོས་ལ་སོགས་པ་ཚོལ་བ་ནི་ཡོ་བྱད་བསྙུངས་པའོ། །མི་མཐུན་པའི་གཉེན་པོའི་ཡན་ལག་ནི་རྣམ་པ་གསུམ་སྟེ། ཡང་དག་བའི་ཚོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི ་ཏིང་ངེ་འཛིན་ཏོ། །དེ་དག་ནི་གོ་རིམ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་བྱིད་བ་དང། རྒོད་པ་དང། མི་མཐུན་པའི་ཕྱོགས་ཁྱད་པར་ཅན་གྱི་ཡོན་ཏན་མངོན་པར་བསྒྲུབ་པ་ལ་གེགས་བྱེད་པའི ་གཉེན་པོའི་དོན་ཏོ། །དེ་དག་ནི་དྲན་བ་ཉེ་བར་གཞག་པ་ལ་སོགས་པ་རེ་རེའི་དབྱེ་བ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འགྱུར་རོ། །ཟད་ལ་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་བོ། །དེའི་ཕྱོགས་ནི་རྗེས་སུ་མཐུན་པ་སྟེ། དེ་དག ་ནི་བྱང་ཆུབ་ཀྱི་ཕྱོགས་སོ། །དེ་དག་ནི་འདི་ལ་ལམ་ཡིན་ཏེ་ཐམས་ཅད་ཀྱང་ལམ་གྱི་ཚོགས་ཏེ། ཅི་རིགས་པར་བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་བསྡུས་པ་ཡིན་ནོ། །གཟུངས ་ཞེས་བྱ་བ་གཅིག་གིས་ཚིག་ཏུ་བྱས་པ་ནི་རིགས་ཀྱི་དབང་དུ་བྱས་པ་ཡིན་ཏེ། གཟུངས་རྣམས་མ་ལུས་པ་གཟུངས་ཀྱི་ཚིག་གོ་། ར་པ་ཙ་ན་ལ་སོགས་པའི་ཡི་གེ་དེ་དག་ལ་དེའི་དོན་དེ་བཞིན་ཉིད་དུ་འཇུག་པར་བསྒོམ་པ་ན ་སྒོམ་པ་ཡོངས་སུ་རྫོགས་པ་ན་དེའི་དོན་ལ་བཟོད་པ་བསྐྱེད་པར་འགྱུར་ཏེ། དེ་ནི་བཟོད་པའི་གཟུངས་སོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་དང། བྱང་ཆུབ་སེམས་དཔས་བསྟན་པའི་ཆོས་ཀྱི་ཕུང་པོ་འཛིན་པའི་རྒྱུར་གྱུར་པ་ནི་ཆོས་ཀྱི་གཟུངས་སོ། ། ་དེ་ནས་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །དེ་ནས་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་སྔགས་དོན་ཡོད་པ་སྟོན་པ་ལ་དབང་བ་ནི་སྔགས་ཀྱི་གཟུངས་ཏེ། དེ་ལ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་བྱ་བ ་ལ་། ཨའི་སྒོ་ནས་ཐབས་ཏེ། ཆོས་ཐམས་ཅད་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ཤེས་ཞེ་ན་ཆོས་ཐམས་ཅད་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནམ་མཁའ་དང་མཉམ ་སྟེ། དེས་ནི་སྐྱེ་པ་མེད་ཅིང་དང་པོ་ཉིད་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ནས་ཀྱང་སྐྱེ་བ་མེད་པ་ཡིན་ཏེ། དེ་བས་ན་དེ་བཞིན་བ་ཉིད་ལ་སྐྱེ་བ་མེད་པ་ཉིད་ཀྱིས་ཡི་གེ་ཨའི་དོན་ཏོ། །ཡི་གེ་རའི་སྒོ་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་ཕྱིར་ཏེ། །དེ ་བས་ན་ཇི་ལྟར་ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་དེ་བཞིན་དུ་དེ་ཡང་ཉོན་མོངས་པའི་དོན་གྱིས་ཏེ། འདི་ནི་ཡི་གེ་རའི་དོན་ཏོ། །ཡི་གེ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་དོན་དམ་པར་ཁྱད་པར་མེད་པའི་ཕྱིར་། འདི་ནི་ཆོས་ཐམས་ཅད་དོན་དམ་པར ་ཁྱད་པར་མེད་དེ་། དེ་ཡང་དེ་བཞིན་ཉིད་དུ་དེ་ལྟ་བུ་ཡིན་ཏེ་། དེ་ནི་པའི་དོན་ཏོ། །ཡི་གེ་ཙ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། འཆི་འཕོ་དང་སྐྱེ་བ་མི་དམིགས་པས་འདི་ནི་དེ་བཞིན་ནི་ཉད་ལ་འཆི་བ་དང་སྐྱེ་བ་མེད་པའི་ཕྱིར་ཙའི་དོན་ཏོ། །ཡི་གེ་ན་ནི ་ཆོས་ཐམས་ཅད་ཀྱི་སྒོ་སྟེ་མིང་དང་བྲལ་བས་ན་བདག་གི་མིང་མེད་པའི་ཕྱིར་ནའི་དོན་ཏོ། །དེ་བཞིན་དུ་ཡི་གེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་གཟུངས་ཀྱི་ཚོགས་སོ། །ས་བཅུ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ ་འཕགས་པ་རྣམས་ཀྱིས་ནི་བཅུ་སྟེ། དེ་དག་ནི་སའི་ཆོགས་སོ། །དེ་ཡང་རབ་ཏུ་དགའ་བ་དང། དྲི་མ་མེད་པ་དང། འོད་བྱེད་པ་དང། འོད་འཕྲོ་བ་དང། སྦྱད་དཀའ་བ་དང། མངོན་དུ་གྱུར་པ་དང། རིང་དུ་སོང་བ་དང། ་མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྤྲིན་ནོ། །དེ་ལ་གང་གི་ཕྱིར་དང་པོ་ལ་བདག་དང་གཞན་གྱི་དོན་བསྒྲུབ་པ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པས་རབ་ཏུ་དགའ་བ་སྟེ། དེས་བྱང་ཆུབ་སེམས་དཔའ་འདི་རབ་ཏུ་དགའ་ ་བའོ། །དེ་ནས་འདི་ལ་ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བ་དེ་བས་ན་དྲི་མ་མེད་པའོ། །གང་གི་ཕྱིར་འདི་ལ་ཏིང་ངེ་འཛིན་མ་ཉམས་པ་ལ་བརྟེན་ནས་ཆོས་སྣང་བ་བདེ་བས་ན་འོད་བྱེད་པའོ། །གང་གི་ཕྱིར་འདི་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཉོན་མོངས་པའི ་བུད་ཤིང་བསྲེག་པ་ན་འོད་འཕྲོ་བའོ། །གང་གི་ཕྱིར་འཇིག་རྟེན་ལས་འདས་པའི་མ་རིག་པ་དང། བདེན་པའི་ཤེས་པ་ཕན་ཚུན་འགལ་བ་དཀའ་བས་སྦྱོང་བར་བྱེད་པ་དེ་བས་ན་སྦྱང་དཀའ་བའོ། །གང་གི་ཕྱིར་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་པ ་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ཆགས་པ་མེད་པའི་བདེ་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་འགྱུར་ཞིང་གནས་པ་དེ་བས་ན་མངོན་དུ་གྱུར་པའོ། །གང་གི་ཕྱིར་འདི་ལ་བྱང་ཆུབ་ཀྱི་ཕྱོགས་དང། །བདེན་པ་དང། རྟེན་ཅིང་འབྲེལ་པར ་འབྱུང་བ་ལ་དམིགས་ནས་མཚན་མ་མེད་པ་ལ་གནས་ཤིང་རྩོལ་བ་དང་བཅས་པ་དེ་བས་ན་རིང་དུ་སོང་བའོ། །གང་གི་ཕྱིར་འདི་ལ་དེ་ཉིད་རང་གི་དང་གིས་འབྱུང་བའི་ཕྱིར་མི་གཡོ་བ་སྟེ། དེ་བས་ན་མི་གཡོ་བའོ། །གང་གི་ཕྱིར་འདི་ལ་སོ་སོར་ཡང ་དག་པར་རིག་པ་དག་གིས་བྱང་ཆུབ་སེམས་དཔའ་ལེགས་པར་སྟོན་པས་ལེགས་པའི་བློ་གྲོས་སོ། །གང་གི་ཕྱིར་འདི་ལ་བྱང་ཆུབ་སེམས་དཔའ་རྒྱལ་འཚབ་དུ་དབང་བསྐུར་བ་དེ་བས་ན་ཆོས་ཀྱི་སྤྲིན་ནོ། །འདི་དག་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཡང་དག་པར ་བསྡུས་པ་ཡིན་ནོ། །དེ་ལ་གོ་རིམ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུར་ཡང་བྱ་བ་ཡིན་ཏེ། བཅུ་གང་ཞེ་ན། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྨོན་ལམ། སྟོབས། ཡེ་ཤེས་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས ་ཉེ་བར་བསགས་པ་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཡོངས་སུ་བསྔོ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་།ཐབས་དེས་དེ་མི་ཟད་པར་བྱེད་པའི་ཕྱིར་རོ། །དེ་ཡང། བྱང་ཆུབ་བསྔོས་པའི་དགེ་བའི་ནི། །བྱང་ཆུབ་བར་དུ་ཟད་པ་མེད། །རྒྱ ་མཚོར་ཆུ་ཐིག་གཏོར་བ་ཡང། །འཇིག་པའི་བསྐལ་པར་གནས་པ་བཞིན། །ཞེས་སྨོས་སོ། །བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པ་དང། གང་གིས་སྐྱེ་བ་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྒོམ་པའི་སྟོབས་དང། སོ ་སོར་བརྟགས་པའི་སྟོབས་དང། གང་ཡང་ཉིན་རེ་འམ་།སྐད་ཅིག་རེ་རེ་ལ་དེ་དག་སྤྱོད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དགོངས་པ་ཇི་ལྟ་བ་བཞིན་རྣམ་སྒྲ་ཇི་བཞིན་པ་མ་ཡིན་པར་ཐེག་པ་ཆེན་པོ་ཡོངས་སུ་ཤེས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ས་རྣམས ་ནི་ས་བཅུ་པ་ལ་སོགས་པ་ལས་རྒྱས་པར་བསྟན་ཏོ། །ས་སྤྱོད་བ་ནི་ཡང་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལ་བརྟགས་པ་དང་རྗེས་སུ་བསྟན་པ་ཡིན་ནོ། །ས་རྣམས་སྦྱོང་བའི་དབང་དུ་བྱས་ནས། །བསྟན་བཅོས་ལས་ཚིགས་སུ་བཅད་པ་ཉི་ཤུ་གསུམ་སྟེ། དེ་དག་ཀྱང་ས་ཇི ་ལྟ་བ་བཞིན་དུ་སོ་སོར་བཤད་པར་བྱ་སྟེ། ཡོངས་སུ་སྤྱོད་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང། །དམ་ཆོས་དམིགས་པ་འཚོལ ་པ་དང། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང། །སངས་རྒྱས་བསྐུར་བསྟོང་དགའ་བ་དང། །ཆོས་བསྟན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས ་བྱ་བ་ལ་རྣམ་པ་བཅུ་ནི་རྣམ་པ་བཅུ་སྟེ། །དེ་ཡང་བསམ་པ་ལ་སོགས་པ་སྟེ་།བསམ་པ་ནི་དད་པ་དང་བདུན་པའོ། །ཕན་པའི་དངོས་པོ་ཉིད་ནི་ཐམས་ཅད་ལ་ཕན་པར་འདོད་པའི་རྒྱུ་ཉིད་ནི་འདི་ལ་སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དོ། །གཏོང ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འཚོལ་བ་ནི་ཡོངས་སུ་འཚོལ་བའོ། །དེ་ཡང་དམ་པའི་ཆོས་རྣམས་ལ་དམིགས་པ་སྟེ། ཆོས་ཡོངས་སུ་འཚོལ་བ་ཞེས་བྱ་བའི་དོན་ཏོ། །ངེས་པར་འབྱུང་བ་ནི་ཁྱིམ་གྱི་གནས་ནས་ངེས་པར་འབྱུང་བའོ། །ངེས་པར ་འབྱུང་བ་དེ་ལ་སེམས་པ་ཉིད་དེ་འདོད་པ་ཉིད་དོ། །དགའ་བ་ཞེས་བྱ་བ་ལ་ཡང་འདིར་རྟག་ཏུ་ཞེས་བྱ་བ་རྗེས་སུ་སྦྱར་རོ། །བདེན་པའི་ཚིག་ཅེས་བྱ་བ་ནི། བདེན་པའི་དག་སྟེ་དེ་དག་ནི་བཅུའོ། །འདི་དག་ཅེས་བྱ་བ་ནི་བསམ་པ་ལ་སོགས་པའོ། །ཚུལ ་ཁྲིམས་བྱས་པ་གཟོད་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་གུས་པར་ཉན་པ་དང། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས་བྱ་བ་ལ་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །བཟོད་པ་ནི་བཟོད་པའི་སྟོབས་སོ། །རབ ་ཏུ་དགའ་བ་ཉིད་ནི་རབ་ཏུ་དགའ་བའོ། །སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏབ་པ་ནི་སྙིང་བརྩེ་བ་ཆེན་པོའོ། །བཀུར་སྟི་བཀུར་བར་བྱ་བར་འོས་པའོ། །གུས་པར་ཉན་པ་ནི་དགེ་བའི་བཤེས་གཉེན་རྣམས་ལ་བརྟེན་པའི་འདུ་ཤེས་སོ་།སྦྱིན་པ ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དག་པའོ། །བརྒྱད་པ་སྨོས་པ་ནི་ཡོངས་སུ་སྦྱར་བ་གཉིས་པ་ཉིད་བརྒྱད་ཡིན་ནོ། །ཐོས་པས་མི་དོམ་ཉིད་དང་ནི། །ཟད་?་མེད་པར་ཆོས་སྦྱིན་དང། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང། །འཁོར་པས ་ཡོངས་སུ་མི་སྐྱོ་དང། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམས་ལྔ། །ཞེས་བྱ་བ་ལ་ཐོས་པས་ཞེས་བྱ་བ་ནི་མང་དུ་ཐོས་པས་སོ། །ཞིང་ཀུན་སྦྱོར་ཞེས་བྱ་བ་ནི་ཡོངས་སུ་དག་པར་རོ། །དེ་ལ་དེ་དག་ཉིད་བསོད ་ནམས་ཡོངས་སུ་བསྔོ་བས་རློམ་སེམས?་པའི་བདག་ཉིད་དེ་ངེས་རློམ་པ་མེད་པས་དེ་རྣམ་ལྔ་ཞེས་བྱ་བའི་ཚིག་གིས་སོ། །ཡོངས་སུ་སྦྱོང་པ་ལྔ་པ་ཉིད་ནི་གསུམ་པ་ཡིན་ནོ། །ནགས་གནས་འདོད་ཆུད་ཆོག་ཤེས་དང། །སྦྱངས་པ་ཡང་དག་སྡོམ་རྟེན་དང།། ་བསླབ་པ་ཡོངས་སུ་མི་གཏོད་དང། །འདོད་པ་རྣམས་ལ་སྨོད་པ་དང། །མྱ་ངན་འདས་དང་བདག་ཀུན་གཏོང། །མི་ཞུམ་བ་དང་བལྟོས་པ་མེད། །ཅེས་བྱ་བ་ལ། ནགས་གནས་ནི་དགོན་པ་ན་གནས་པ་བམ། ཡང་ན་དེ་བྱེད་པའོ། །ཆོག་ཤེས ་བ་ནི་ཡང་དག་པར་དགའ་བའོ། །སྦྱངས་པ་ཡང་དག་སྡོམ་བསྟེན་དང། །ཞེས་བྱ་བ་ནི་མི་གཏོད་བའོ། །སྨོད་པ་ཞེས་བྱ་བ་ནི་སྐྱེ་བའོ། །བདོག་ཀུན་གཏོང་ཞེས་བྱ་བ་ནི་བདོག་པ་ཐམས་ཅད་གཏོང་བའོ། །མི་ཞུམ་པ་དང་བལྟོས་པ་མེད། །ཅེས་བྱ ་བ་ནི་མ་ཞུམ་པའི་སེམས་ཉིད་དང་དངོས་པོ་ཐམས་ཅད་ལ་བལྟོས་པ་མེད་པ་སྟེ། ཞུམ་པ་མེད་པ་དང་བགའ་ཁྱམས?་པ་མེད་པའི་ཕྱིར། རྣམ་པ་བཅུ་པོ་འོག་ནས་བཤད་པ་དག་ཀྱང་འདིར་རྗེས་སུ་འབྲངས་ཏེ། དེས་ན་ཡོངས་སུ་སྦྱོང་བ་བཅུ་པོ་ཉིད་ནི་བཞི་པ ་ཡིན་ནོ?། །འདྲིས་དང་ཁྱིམ་ལ་འཁྲེན?་པ་དང། །འདུ་འཇིར་གྱུར་བའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང། །མི་དགེ་ལས་ཀྱི་ལམ་བཅུ་དང། །རློམ་པས་ཁེངས་དང་ཕྱིན་ཅི་ལོག་།ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ ་འདི་ནི?་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །ཅེས་བྱ་བ་ལ་འདྲིས་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་དང་དོ་ཁྱིམ་ལ་འཁྲེན་པ་ནི་ཁྱིམ་དུ་སོང་ནས་སེར་སྣ་བྱེད་པའོ། །འདུ་འཇིར་གྱུར་པ་ནི་གཏམ་མི་འདྲ་བ་སྣ་ཚོགས་སོ། །བསྟོད ་བ་ནི་བསྟོད་པར་བྱེད་པའོ། །བརྙས་པ་ནི་སྨོད་པའོ། །ལས་ཀྱི་ལམ་ནི་ལས་ལམ་མོ། །རློམ་པ་ནི་མཐོ་བར་སེམས་པའོ། །ཁེངས་པ་ནི་བླ་མ་རྣམས་ལ་ལུས་ཀྱི་མི་འདུད་པའོ། །ཕྱིན་མི་ལོག་ནི་ཕྱིན་ཅི་ལོག་གི་དོན་འཛིན་པའོ། །ཡིད་གཉིས་ནི་ཐེ་ཆེམ་མོ། ། ་ཉོན་མོངས་པ་བཟོད་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བག་ཆགས་ལྷག་པར་བསྒོ་བ་སྟེ། དེ་དག་ནི་འདྲིས་པ་ལ་སོགས་པའོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ?་རུ ་ལ། །དགའ་དང་སྐྲག་པའི་སེམས་སྤངས་པ། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང། །དབུ་ལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེས་རབ་ཏུ ་རྫོགས་བ་ཞེས་བྱ་བ་ནི་དྲུག་གོ། །ཉན་ཐོས་ལ་དགའ་བ་དང། རང་སངས་རྒྱས་ལ་དགའ་བ་དང། སྐྲག་བའི་སེམས་ཡོངས་སུ་སྤང་བ་དེ་ནི་གསུམ་མོ། །བསླངས་ནས་མི་ཞུམ་པའི་སེམས་ཉིད་དང། །བདག་པ་ཀུན་བཏང་ཡང་མི་དགའ་བ་ཉིད་དང། ་དབུལ་ཡང་སྤོང་བ་མ་སྤོང་བ་དེ་ནི་གསུམ་སྟེ་ཆོས་བཅུ་གཉིས་པོ་དེ་དག་གིས་ནི་ས་དྲུག་པ་འཐོབ་པ་ཡིན་ནོ། །བདག་དང་སེམས་ཅན་འཛིན་པ་དང། །སྲོག་དང་གང་ཟག་ཆེད་རྟག་དང། །མཚན་མ་རྒྱུ་དང་ཕུང་པོ་དང། །ཁམས་དང་སྐྱེ་མཆེད ་དག་དང་ནི། །ཁམས་གསུམ་པ་ལ་ཆགས་གནས་དང། །སེམས་ནི་ཀུན་ཏུ་ཞུམ་པ་དང། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་དང། །དེར་ལྟ་བ་ལ་མངོན་ཞེན་དང། །སྟོང་པ་ཉིད་དང་རྩོད་བ་དང། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང ་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོག་།རྣམ་ཐར་སྒོ་གསུམ་ཤེས་པ་དང། །འཁོར་གསུམ་རྣམ་པར་དག་ཉིད་དང། །སྙིང་རྗེ་དང་ནི་རློམ་མེད་དང། །ཆོས་མཉམ་ཉིད་དང་ཚུལ་ཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང། །ཆོས ་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང། །ཞི་གནས་ངེས་པར་སེམས་པ་དང། །ལྷག་མཐོང་ལ་ནི་མཁས་པ་དང། །སེམས་དུལ་བ་དང་ཐམས ་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང། །ཆགས་པའི་ས་མིན་གང་འདོད་པར། །ཞིང་གཞན་དུནི་མཉམ་འགྲོ་བས། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོང་པ་ཉིད་དང་ཉི་ཤུའོ། །གཉིས་པ་ཉི་ཤུའི་སྒྲ་ལ་ནི་ཡོན་ཏན་ཉི་ཤུས་ལྷག་པ ་ཡིན་ཏེ། ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ལྷག་མ་སྟེ། བདག་ཏུ་འཛིན་པ་ལ་སོགས་པ་ཉེས་པ་ཉི་ཤུའོ། །ཉེས་པ་ནི་དྲི་མའོ། །གང་ལ་རྣམ་པར་ཆད་པ་ནི་རབ་ཏུ་ཉམས་པའོ། །རྣམ་ཐར་སྒོ་གསུམ་ཤེས་པ་དང། ཞེས་བྱ་བ་ལ་སོགས ་པ་ཡང་ཡོན་ཏན་ཉི་ཤུ་ཡོངས་སུ་རྫོགས་པས་ནི་ས་བདུན་པ་འཐོབ་པ་ཡིན་ནོ། །ཞེས་མདོར་བསྡུས་པའི་དོན་ཏོ། །འཛིན་པ་ཞེས་བྱ་བ་ནི་མངོན་པར་ཞེན་པའོ། །དེའི་ཁྱད་པར་ནི་བདག་ལ་སོགས་པ་ནས་སྐྱེ་མཆེད་ཀྱི་བར་དུའོ། །རྟག་པ་ཞེས་བྱ་བ་ནི ་གཅིག་ཏུ་བསྡུ་བའི་དབྱེ་བ་ཡིན་ཏེ། རྣམ་པར་དབྱེ་བ་བདུན་པར་བྱས་སོ། །དཀོན་མཆོག་གསུམ་དང་ཞེS་བྱ་བ་ལ་སོཌ་པ་ལ་སངས་རྒྱས་དཀོན་མཆོག་ལ་སོགས་པ་ནས་སངས་རྒྱས་དཀོན་མཆོག་ལ་སོགས་པ་ལ་ལྟ་བའི་བར་དུའོ། །དེ་ལ་མངོན་པར་ཞེན ་པ་ནི་ངེས་པའོ། །ཡིད་འབྱུང་བ་ནི་སྐྱོ་བའོ། །དེ་དང་འགལ་བ་ནི་སྟོང་པ་ཉིད་ལ་གནོད་པའོ། །མཉམ་པ་ནི་ལྷན་ཅིག་པའི་དོན་ཏོ། །དེ་ལ་ཉེས་པ་བསྟན་པའི་དོན་ནི་བདག་ཏུ་འཛིན་པ་དང། སེམས་ཅན་དུ་འཛིན་པ་དང། སྲོག་ཏུ་འཛིན་པ་དང། ་གང་ཟག་ཏུ་འཛིན་པ་དང། ཆད་པར་འཛིན་པ་དང། རྟག་པར་འཛིན་པ་དང། མཚན་མར་འཛིན་པ་དང། རྒྱུད་འཛིན་པ་དང། ཕུང་པོར་འཛིན་པ་དང། ཁམས་སུ་འཛིན་པ་དང། སྐྱེ་མཆེད་དུ་འཛིན་པ་དང། ཁམས་གསུམ ་པ་ལ་གནས་པ་དང། ཁམས་གསུམ་པ་ལ་རྣམ་པར་གནས་པ་དང། ཁམས་གསུམ་པ་ལ་ཆགས་པ་དང། སངས་རྒྱས་ལ་ལྟ་བ་ལ་གནས་པ་དང། ཆོས་ལ་ལྟ་བ་ལ་གནས་བ་དང། དགེ་འདུན་ལ་ལྟ་བ་ལ་གནས་པ་དང། ་ཚུལ་ཁྲིམས་ལ་ལྟ་བ་ལ་གནས་པ་དང། སྟོང་པ་ཉིད་ཀྱི་ཆོས་ཉིད་ལ་ཡིད་འབྱུང་བ་དང། སྟོང་པ་ཉིད་ལ་འགལ་བ་དག་གོ་།ཡོན་ཏན་རྗེས་སུ་སྟོན་པའི་དོན་ནི་སྟོང་པ་ཉིད་ཡོངས་སུ་རྫོགས་པ་དང། མཚན་མ་མེད་པ་མངོན་སུམ་དུ་བྱེད ་པ་དང། སྨོན་པ་མེད་པ་ཤེས་པ་དང། འཁོར་གསུམ་ཡོངས་སུ་དག་པ་དང། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ལ་བརྩེ་བའོ། །དེ་དག་ལ་ཡང་རློམ་སེམས་མེད་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་བལྟ་བ་དང། ཐེག་པ་ཡང་དག་པར ་རབ་ཏུ་རྟོགས་པ་དང། མི་སྐྱེ་བ་ལ་བཟོད་པའི་ཤེས་པ་དང། ཐེག་པ་གཅིག་ཏུ་སྟོན་པ་དང། ཆོས་ཐམས་ཅད་ཀྱི་རྟོག་པ་ཀུན་ཏུ་འཇོམས་པ་དང། འདུ་ཤེས་དང། ལྟ་བ་སྤོང་བ་དང། ཉོན་མོངས་པ་སྤོང་བ་དང་། ཞི་གནས་ངེས་པར ་སེམས་པ་དང་། ལྷག་མཐོང་ལ་མཁས་པ་དང། སེམས་དུལ་བ་དང་། ཐམས་ཅད་དུ་ཐོག་པ་མེད་པའི་ཡེ་ཤེས་དང་། ཆགས་པའི་ས་མ་ཡིན་པ་དང། ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང། སངས་རྒྱས་ཀྱི་འཁོར ་གྱི་དཀྱིལ་འཁོར་དེར་ཡང་དག་གི་ངོ་བོ་ཡང་དག་པར་སྟོན་པའོ། །སེམས་ཅན་ཀུན་ཡིད་ཤེས་པ་དང། །མངོན་པར་ཤེས་པས་བརྩེ་བ་དང། །སངས་རྒྱས་ཞིང་བཟང་བསྒྲུབ་པ་དང། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས ་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང། །བསམས་བཞིན་སྲིད་པ་ལེན་པ་དང། །ལས་ནི་རྣམ་པ་འདི་བརྒྱད་བཤད། །བཟང་བསྒྲུབ་ཅེས་བྱ་བར་སྦྱར་ཏེ་ཡོངས་སུ་དགའ་ཞེས་བྱ་བའི་དོན་ཏོ། །རྣམ་བརྒྱད་ཅེས་བྱའི་ཚིག་གིས་ནི་རྣམ་པ ་བརྒྱད་ཉིད་དེ་ཡོངས་སུ་སྦྱར་བ་བརྒྱད་ལའོ། །འདི་ལྟ་ཚེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་བའི་རྗེས་སུ་འཇུག་པ་དང། མངོན་པར་ཤེས་པས་རྣམ་པར་བརྩེ་བ་དང། སངས་རྒྱས་ཀྱི་ཞིང་བསྒྲུབ་པ་དང། ་སངས་རྒྱས་རྣམས་ལ་བརྟེན་པ་དང། ཡོངས་སུ་བརྟག་པ་གཅིག་ཏུ་བྱས་པ་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ ་སྙོམས་པར་འཇུག་པ་དང་སྲེད་པར་བསམས་བཞིན་དུ་སྐྱེ་པའོ། །སངས་རྒྱས་ཀྱི་ཞིང་ནི་རྣམ་པ་གཉིས་ཏེ། དང་པོ་ནི་སྣོད་ཀྱི་འཇིག་རྟེན་ཕྱི་མ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །སྨོན་ལམ་དག་ནི་མཛའ་ཡས་དང། །ལྷ་ལ་སོགས ་བའི་སྐད?་ཤེས་དང། །སྤོབས་བ་ཆུ་བོ་ལྟ་བུ་དང། །མདལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཚོ་འབྲང་དང། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན།། ་བརྒྱད་ཀྱི་འོག་ཏུ་དགུ་པ་ཡིན་ཏེ། །དེའི་ཡོངས་སུ་སྤྱོད་པ་ནི་བཅུ་གཉིས་ཏེ། སྨོན་ལམ་མཛའ་ཡས་པ་དང། །ལྷ་ལ་སོགས་པའི་སྐྱད་ཤེས་པ་དང། །སྤོབས་པ་ཆུ་བོ་ལྟ་བུ་དང། མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་དང། རིགས ་ཕུན་སུམ་ཚོགས་པ་དང། རུས་ཕུན་སུམ་ཚོགས་པ་དང། ཚེ་འབྲང་ཕུན་སུམ་ཚོགས་པ་དང། འཁོར་ཕུན་སུམ་ཚོགས་པ་དང། སྐྱེ་བ་ཕུན་སུམ་ཚོགས་པ་དང། ངེས་པར་འབྱུང་བ་ཕུན་སུམ་ཚོགས་པ་དང། ་བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་དང། ཡོན་ཏན་ཕུན་སུམ་ཚོགས་པའོ། །ས་དགུ་འདས་ནས་ཡེ་ཤིས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ས ་དགུ་ནི་རིགས་ལ་སོགས་པའི་སའོ། །དེ་ལ་རིགས་ཀྱི་ས་ནི་མྱ་ངན་ལས་འདས་པའི་རིགས་ཅན་ནོ། །བརྒྱད་པའི་ས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པའོ། །མཐོད་པའི་ས་ནི་རྒྱུན་ཏུ་ཞུགས་པའོ། །སྲབས་པའི་ས་ནི་ལན་ཅིག་ཕྱིར་འོང ་བའི་འབྲས་བུའོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའོ། །བྱ་བ་བྱས་སོ་ཞེས་ཁོང་དུ་ཆུད་པའི་ཕྱིར་དེའི་ས་ནི་བྱས་བརྟོགས་པ་ཅན་གྱི་སའོ། །ཉན་ཐོས་ཀྱི་ས་ནི་ཉན་ཐོས་ཁོ་ན་རྣམ་པ་དྲུག་པའོ། །རང་སངས་རྒྱས་ཀྱི་ས་ནི་རང ་སངས་རྒྱས་ཀྱི་སའོ། །བྱང་ཆུབ་སེམས་དཔའ་ཨི་ས་ནི་སྔར་བཤད་པའི་ས་རྣམས་སོ། །ས་དགུ་པོ་འདི་དག་འདས་ནས་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་གང་གིས་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་པ་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པའོ། །དེ ་དག་ནི་སའི་ཚོགས་སོ། །གཉེན་པོའི་ཚོགས་ཀྱི་དབང་དུ་བྱས་ནས། བརྟན་བཅོས་ལས། མཐོང་དང་གོམས་པའི་ལམ་དག་ལ། །གཟུད་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། ་ཞེས་བྱ་བ་གསུངས་ཏེ། གོམས་བ་ནི་སྒོམ་པའོ། །གཟུང་བ་ནི་མཐོང་བའི་ལམ་ལ་གཟུད་པའི་རྣམ་པར་རྟོག་པ་གཉིས་ཏེ། དངོས་པོ་ཙམ་ལ་གནས་པ་དང། གཉེན་པོ་ལ་གནས་པའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། གང ་ཟག་རྫས་ལ་བརྟེན་པ་དང། གང་ཟག་རྫས་ལ་བཏགས་པའི་གཞི་ལ་བརྟེན་བའོ། །དེ་དག་ནི་སྒོམ་པའི་ལམ་ལ་ཡང་ངོ། །བརྒྱད་པོ་འདི་སྤང་བའི་ཕྱིར་གཉེན་པོ་བརྒྱད་ནི་གཉེན་པོའི་ཚོགས་སོ། །དེ་ལ་མཐོང་བའི་ལམ་ནི་དེ་བཞིན་ཉིད་ལ ་སོགས་པ་དང། གཟུགས་ལ་སོགས་པ་དང། རྨི་ལམ་ལ་སོགས་པའི་གཟུད་པའི་དངོས་པོ་ལ་དམིགས་པ་ནི་རྣམ་པར་རྟོག་པ་སྟེ། དེའི་ཆོས་ཉིད་ལ་དམིགས་པའི་མཚན་ཉིད་མི་དམིགས་པ་ནི་དེའི་གཉེན་པོའོ། །སྦྱིན་པ་ལ་སོགས་པ་ནས ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་གྱི་གཉེན་པོའི་དངོས་པོ་ལ་དམིགས་པ་ནི་རྣམ་པར་རྟོག་པའོ། །མི་དམིགས་པ་ནི་གཉེན་པོའོ། །དགྲ་བཅོམ་པའི་སྦྱིན་པ་ལ་སོགས་པ་དང་གང་ཟག་གི་རྫས་རྣམས་ལ་དམིགས་བ་ནི ་རྣམ་པར་རྟོག་པའོ། །མི་དམིགས་པ་ནི་གཉེན་པོའོ། །མིང་དང་བརྡ་དང་ཐ་སྙད་ལ་སོགས་པ་ལ་དམིགས་པ་ནི་རྣམ་པར་རྟོག་པའོ། །མི་དམིགས་པ་ནི་གཉེན་པོའོ། །སྒོམ་བའི་ལམ་ལ་གནས་བ་མེད་པ་དང་གནས་བ་མེད་པ་མ་ཡིན་པ་ནི་ཆོས ་ཐམས་ཅད་གནས་པ་མེད་པའི་ཚུལ་གྱིས་ཏེ་ཆོས་ཀྱི་དབྱིང་ཀྱི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་གཟུང་བའི་དངོས་པོ་མི་དམིགས་པའོ། །སྦྱིན་པ་ལ་སོགས་པའི་གཉེན་པོའི་དངོས་པོ་ནི་མི་དམིགས་པའོ། །རྒྱུན་ཏུ་ཞུགས་པ་ལ་སོགས ་པ་གང་ཟག་གི་རྫས་མི་དམིགས་པ་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ་ཞུགས་པ་དང། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་གང་ཟག་བཏགས་པའི་གཞེ་རྣམས་ལ་དམིགས་པ་སྟེ། དེ་དག་ནི་གཉེན་པོའི་ཚོགས་སོ། །ཚོགས ་ཀྱི་སྒྲུབ་པ་རྫོགས་སོ།། །།འདིར་ངེས་པར་འབྱུངས་བ་ན་ངེས་པར་འབྱུང་བའི་སྒྲུབ་པའི་སྐབས་སོ། །དེའི་དབང་དུ་བྱས་ནས་བསྟན་བཅོས་ལའོ། །ཆེད་དུ་བྱ་དང་མཉམ་ཉིད་དང། །སེམས་ཅན་དོན་དང་འབད་མེད་དང། །ཤིན་ཏུ་ངེས ་བར་འབྱུང་བ་དང། །ཐོབ་བའི་མཚན་ཉིད་ངེས་འབྱུང་དང། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང། །ངེས་འབྱུང་ལམ་གྱི་སྤྱོད་ཡུལ་ཅན། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་བྱ་བ་གསུངས་སོ། །འདི་ཉིད ་དེ་སྐད་ཅེས་བཀའ་སྩལ་བ་དང། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་གྱིས་གསོལ་བ། ཞེས་བྱ་བ་ནི་ཙ་ཞིག་གསོལ་བ་ཡིན་ཞེ་ན། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་འདིས་ལྷ་དང་མི་དང་ལྷ་མ ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཐེག་པ་འདི་ཐེག་པ་ཆེན་པོ་ཅེས་བརྗོད་དོ། །དེ་ཅིའི་ཕྱིར་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནན་པར་འགྱུར་ཞེ་ན། དེས་བདག་ཉིད ་ཆེན་པོ་མི་ཐོབ་པ་ཐོབ་པའི་ཕྱིར་རོ། །དེ་ཡང་གང་ཡིན་ཞེ་ན། སེམས་ཅན་གྱི་ཚོགས་ཉིད་ཀྱི་མཆོག་ཉིད་དུ་བསྒྲུབ་པ་ཡིན་ཏེ། སེམས་ཆེན་པོ་ཉིད་དང། སྤོང་བ་ཆེན་པོ་ཉིད་དང། རྟོགས་པ་ཆེན་པོ་ཉིད་ཀྱི་ཆེན་པོ་ཡིན་ཏེ་དེ་ལྟར་འདི་ནི་ཆེད ་དུ་བྱ་བའི་ངེས་པར་འབྱུང་བའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དེ་ཐེག་པ་ཆེན་པོ་ཡིན་ཏེ། དེ་བས་ན་ཐེག་བ་དེ་ནི་ཐེག་པ་ཆེན་པོ་ཞེས་བརྗོད་དོ་ཅེས་སྦྱོར་རོ། །ནམ་མཁའ་དང་མཉམ་པ་ཉིད་ཅེས་བྱ་བ་ལ་ཇི་ལྟར་མཉམ་པ་ཉིད་ཡིན་ཞེ་ན། ཇི་ལྟར་ནམ་མཁའ་ལ ་ཕྱོགས་ཀྱི་བྱེ་བྲག་མེད་དེ་ཁ་དོག་མ་ཡིན། དབྱིབས་མ་ཡིན། ཐོགས་པ་མེད་པ། བསྟན་དུ་མེད་པ། མཛའ་མེད་པ། དབུས་མེད་པ། བྲི་བ་མེད་པ། འཕེལ་པ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། འདོད་པའི་ཁམས་སུ་གཏོགS ་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་བའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །ཐེག་པ་ཆེན་པོ་ཡང་དེ་བཞིན་ནོ། །དེ་བས་ན་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དེ་ནི་ཐེག་པ་ཆེན་པོ་ཡིན་ཏེ། དེའི་ཕྱིར་མཉམ ་པ་ཉིད་ཀྱིས་ངེས་པར་འབྱུང་བའོ། །ཇི་ལྟར་ནམ་མཁའ་ལ་ཞེས་བྱ་བ་ལ་སོགས་པས་ནི་ནམ་མཁའ་ནི་གོ་སྐབས་འབྱེད་པ་ཡིན་ཏེ། ཐེག་པ་ཆེན་པོ་ལ་གོ་སྐབས་ཡོད་པ་དེས་ན་དེ་དག་འབྱེད་པའི་ཕྱིར་འཇིག་རྟེན་གྱི་ཁམས་དང། གྲངས་དང། ཕྱོགས ་སུ་ཡོངས་སུ་ཆད་པ་མེད་པས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་སྟེ། རྣམ་གྲངས་འདི་ས་ཞེས་བྱ་བའི་རྣམ་པ་འདིས་སོ། །འདི་ལྟར་སེམས་ཅན་འདི་སྙེད་ཀྱི་གོ་སྐབས་འབྱེད་པ་ཡིན་ཞེ་ན། གང་གི་ཕྱིར་སེམས་ཅན་མེད་པས་ནམ་མཁའ་མེད་དོ། ། ་ནམ་མཁའ་མེད་པས་ཐེག་པ་ཆེན་པོ་མེད་དོ། །ཐེག་པ་ཆེན་པོ་མེད་པས་ཆོས་ཐམས་ཅད་མེད་དོ། །དེ་བས་ན་སེམས་ཅན་དང། ནམ་མཁའ་དང། ཐེག་པ་ཆེན་པོ་དང། ཆོས་ཐམས་ཅད་ནི་གཟུགས་མེད་པ། བསྟན ་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པས་འདི་ལྟ་སྟེ། །མཚན་ཉིད་མེད་པའོ། །དེ་ལྟར་དེ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་གོ་འབྱེད་པས་ན་ཐེག་པ་ཆེན་པོ་ཡིན་ཏེ། དེ་བས་ན་དེ་ནི་སེམས་ཅན་གྱི་དོན་གྱི་ངེས་བར་འབྱུང ་བའོ། །འདི་ལ་ཞེས་བྱ་བ་ལ་སོགས་པ་ལ་འོང་བས་ན་འོང་བའོ། །ངེས་པར་འགྲོ་བས་ན་ངེས་པར་འགྲོ་བའོ། །གནས་པ་ནི་འགྲོ་བ་ལས་ལྡོག་པའོ། །ཐེག་པ་ཆེན་པོ་ལ་གསུམ་པོ་དེ་དག་མེད་པའོ། །གང་གི་ཕྱིར་ཆོས་ཐམས་ཅད་ནི་གཡོ ་བ་མེད་པ་སྟེ། གང་གི་ཕྱིར་དེ་དག་རང་བཞིན་གྱིས་གང་དུ་ཡང་འགོ་བ་མེད་ཅིང་གང་ནས་ཀྱང་འོང་བ་མེད་པ་གང་དུ་ཡང་གནས་པར་འགྱུར་བ་མེད་དོ། གཡོ་བ་དང་འགུལ་བ་དེས་འབད་པ་མེད་པའི་ངེས་པར་འབྱུན་བའོ། །བཅོམ་ལྡན་འདས ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཞེས་བྱ་བ་ནི་ནམ་མཁའ་ཉིད་དོ། །འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལའོ། །སྔོན་གྱི་མཛའ་ཞེས་བྱ་བ་ནི་འདས་པའི་དུས་སོ། །ཕྱི་མའི་མཛའ་ཞེས་བྱ་བ་ནི་མ་འོངས་བའི་དུས་སོ། །དབུས ་ཞེས་བྱ་བ་ནི་དེ་ལྟར་བྱུང་བའོ། །གསུམ་པོ་འདི་ཡང་ཐེག་པ་ཆེན་པོ་ལ་མི་དམིགས་ཏེ། དེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་སྟེ། དེ་བས་ན་ཐེག་པ་ཆེན་པོའོ། །ཇི་ལྟར་དུས་གསུམ་མཉམ་པ་ཉིད་ཡིན་ཞེ་ན། གང་གི་ཕྱིར ་འདས་བའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང། མ་འོངས་པའི་དུས་ཀྱང་མ་འོངས་པའི་དུས་ཀྱིས་སྟོང། །ད་ལྟར་བྱུང་བའི་དུས་ཀྱང་ད་ལྟར་བྱུན་བའི་དུས་ཀྱིས་སྟོང་སྟེ། དུས་གསུམ་མཉམ་པ་ཉིད་གྱིས་སོ། །ཐེག་པ་ཆེན་པོ ་ཡང་ཐེག་པ་ཆེན་པོས་སྟོང། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང། །སྟོང་པ་ཉིད་ལ་ནི་འདས་བ་འམ། །མ་འོངས་པ་འམ། དེ་ལྟར་བྱུང་བ་མེད་དོ། །དེ་ལ་ཀུན་ནས་ཉོན་མོངས་པ་མེད་དོ། །རྣམ་པར་བྱང་བ་མེད་དོ། །འཁོར་བ་མེད ་དོ། །མྱ་ངན་ལས་འདས་བ་མེད་དོ། །དེ་བས་ན་ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་དེ། །དེ་ནི་བསྟན་དུ་མེད་པས་ཤིན་ཏུ་དེས་པར་འབྱུང་བའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་རབ་འབྱོར་གྱིས་ཐེག ་བ་ཆེན་པོའི་སྒྲའི་དོན་བསྟན་པ་ལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནས། འདི་ལ་བསླབ་པས་ཞེས་བྱ་བ་ལ་སོགས་པས་ནི་ཐོབ་པའི་མཚན་ཉིད་ཀྱིས་ངེས་བར་འབྱུང་བའི་སྐབས་སྟོན་ཏོ། །འདིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ ་ནི། །ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས་ཐེག་པ་ཆེན་པོ་སྟོན་པ་ནི་སྐབས་མ་ཡིན་པ་ཉིད་ཀྱིས་གཞན་དག་གིས་དོགས་པ་སྤང་བའི་ཕྱིར། །གང ་པོས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །རྗེས་སུ་མཐུན་པར་སྟོན་ཏོ་ཞེས་བྱ་བ་ནི་གང་གི་ཕྱིར་ཁྱོད་ཀྱིས་ཆོས་ཐམས་ཅད་དང། ཐེག་པ་ཆེན་པོའི་ངོ་བོ་ཉིད་སྟོན་པ་ནི་དངོས་པོ་མེད་པ་ཉིད་ཀྱི་ཡེ ་ཤེས་ཏེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། དེ་བས་ན་རྗེས་སུ་མཐུན་པར་སྟོན་ཏོ་ཞེས་བྱ་བར་དགོངས་སོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པའི་སྐབས་ཉིད་ཀྱིས་ནི་ཐོབ་པའི་མཚན་ཉིད་ཀྱིས་ངེས་པ ་འཁྱུང?་བའི་དབང་དུ་བྱས་ནས། དེ་ལ་ཐོབ་བ་རྣམ་བ་བཅུ་གཉིས་ཀྱི་བྱེ་བྲག་གིས་ཚིག་བཅུ་གཉིས་སྨྲས་སོ། །དེ་ནས་དེ་གཉིས་ཀྱི་ཁྱད་པར་བསྟན་བའི་དོན་དུ་ནི་ཡང་གི་སྒྲའོ། །དེ་ལ་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི ་དང་པོའི་ཚིགས་སྟོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་སོགས་པས་ནི་གཉིས་པའོ། །གཟུགས་བྱང་ཆུབ་སེམས་དཔའ་ཨོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པའོ། །བཅོམ་ལྡན་འདས་དེ་ལྟར་ཞེས་བྱ ་བ་ལ་སོགས་པས་ནི་བཞི་པའོ། །བཅོམ་ལྡན་འདས་སངས་རྒྱས་ཞེས་བགྱི་བ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པའོ། །ཇི་ལྟར་བདག་ཅེས་བགྱི་བ་ལ་སོགས་པས་ནི་དྲུག་པའོ། །ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ ་ཞེས་བྱ་བས་ནི་བདུན་བའོ། །གང་གཟུང་དུ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པས་ནི་བརྒྱད་པའོ། །དེ་ལྟར་ཆོས་དེ་དག་གིས་ཞེས་བྱ་བ་ལ་སོགས་པས་ནི་དགུ་པའོ། །དེ་ཅི་ཞེས་བྱ་བ་ལ་སོགས་པས་ནི་བཅུ་པའོ། །བཅོམ་ལྡན་འདས ་མངོན་པར་མ་གྲུབ་པ་ལས་རྒུང་ན་ཞེས་བྱ་བ་ལ་སོགས་པས་ནི་བཅུ་གཅིག་པའོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་བཅུ་གཉིས་པའོ་།བརྟགས་པ་ལ་མངོན་པར་ཞེན་པའི་གོམས་པ་མཐར་ཐུག་པ་ནི་མངོན་པར་ཞེན་པ་སྐྱེ?་པ ་ནི་གཞན་གྱི་དབང་སྟེ། དེ་རྣམ་པ་ཐམས་ཅད་དུ་ལྡོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ནི་བྱང་ཆུབ་སེམས་དཔའ་འཐོབ་པ་ཡིན་ཏེ། དེ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། འདིར་ཡང་བཅོམ་ལྡན་འདས་ཀྱི་ཐེག་པ་ཆེན ་པོ་འདི་ལ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབས་ནས་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་བོ། །རྗེས་སུ་འཐོབ་པར་འགྱུར་རོ། །རྗེས་སུ་འཐོབ་བོ་ཞེས ་གསུངས་སོ། །དེ་ལ་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང། དབུས་མི་དམིགས་པ་སྟེ། དེ་བས་ན་སེམས་ཅན་མེད་པ་དང། ཆོས་ཐམས་ཅད་མེད་པ་དང། བྱང་ཆུབ་སེམས་དཔའ་མེད་པ་ཡིན་ཏེ། དེ་ལྟར་སེམས་ཅན ་མེད་པ་དང། ཆོས་ཐམས་ཅད་མེད་པ་དང། བྱང་ཆུབ་སེམས་དཔའ་མེད་པ་ནི་སྔོན་གྱི་མཛའ་དང། ཕྱི་མའི་མཛའ་དང། དབུས་འདི་དག་ཐམས་ཅད་གཉིས་སུ་བྱར་མེད་དེ་དེ་བས་ན་སྔོན་གྱི་མཛའ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ ་ཉེ་བར་མི་མཆིས་ཞེས་བྱ་བ་འདི་ནི་དང་པོའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ལ་སྔོན་གྱི་མཛའ་ཞེས་བྱ་བ་ལ་སོགས་པ་དེ་གང་ལས་ཤེ་ན། གཏན་ཚིགས་ནི་གཟུགས་སུ་མ་མཆིས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གཟུགས ་ལ་སོགས་པ་ནི་ནམ་མཁའ་དང་མཉམ་པ་ཡིན་ཏེ། གང་གི་ཕྱིར་གཟུགས་ཀྱིས་སྟོང་པ་ཉིད་ལ་རྟེན་པ་དེས་ན་འདི་དག་ནི་མུ་མ་མཆིས་པ་སྟེ། སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དང་དབུས་ཀྱི་མཛའ་དང་བྲལ་བ་ཉིད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས ་བྱ་བ་ནི་གཉིས་པའི་དོན་ཏོ། །གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་ཉེ་བར་མི་མཐི་ཞེས་བྱ་བ་ནི་ཉེ་བར་མི་འགྲོ་བ་སྟེ། གང་གི་ཕྱིར་འདི་དག་ཀྱང་མེད་ཅིང་མི་དམིགས་ཏེ། གཟུགས་ལ་སོགས་པ་སྟོང་པ་ཉིད་ལ་བརྟེན་ནས་གང ་གི་ཕྱིར་སྟོང་བ་ཉིད་དང། གཟུགས་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཞིང་བྱང་ཆུབ་སེམས་དཔའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་གཟུགས་སྣང་བ་ནའོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་ཞེས་བྱ་བ་ནི་བྱང་ཆུབ ་སེམས་དཔའ་ཞེས་བྱ་བའི་གཟུགས་ལ་སོགས་པའོ། །ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་ཀྱི་སྡེ་ཚན་གྱི་བྱེ་བྲག་གིS་ཐམས་ཅད་དོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཇི་ལྟར་བ་བཞིན་ཐམས་ཅད་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས ་པའི་སྡེ་ཚན་ནོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་སྡེ་ཚན་དེ་ཐམས་ཅད་ལ་རེ་རེ་ཞིང་ཡང་ཐམས་ཅད་དོ། རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་རང་རང་གི་ཕན་ཚུན་ཐམས་ཅད་མི་དམིགས་པ་སྟེ། དེ་དག་སྟོང་པ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་ཀྱང ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ། །བཅོམ་ལྡན་འདས་དེ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་དེ་ཞེས་བྱ་བ་ནི་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ཞེས་རྟོགས་པར་བྱེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ། །ཆོས་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཆོས་གང་གིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སོ། །ཆོས་གང་ལ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད ་མཁྱེན་བ་ཉིད་ཅེས་བྱ་བ་ཐོབ་པར་བྱ་བའོ། །གདམས་པར་བགྱི་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་ཕྱིར་ཏེ། གང་ཞིག་གང་གིས་གང་དུ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གདམས་པ་མེད་པས་རྗེས་སུ་སྒྲུབ་པ་མིད?་བའི་ཕྱིར། གང་ཞིག་གང་ལ་གང་དུ ་ཐོབ་བ་མེད་ཅེས་བྱ་བ་ནི་བཞི་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཉིད་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །མིང་ཙམ་ཞེས་བྱ་བ་ནི་དོན་གྱིས་སྟོང་པ་ནི་མིང་སྟེ། དེའི་ཕྱིར་དོན་མེད་པའི་ངོ་བོ་ནི་མིང་ཡིན་ཏེ། ་བརྔའི་སྔ་རོལ་ཏུ་དོན་ཙམ་དུ་མཐོང་བའི་ཕྱིར་རོ། །མིང་ལ་ཡང་དོན་གྱི་རང་གི་ངོ་བོ་མེད་དེ་དོན་མི་ཤེས་པ་ཡང་མིང་ཙམ་ཤེས་པ་ཡོད་དོ། །དོན་མེད་ཀྱང་སྒྲ་སྦྱོར་བའི་ཕྱིར་མིང་དོན་མེད་དོ། །དེ་ཉིད་ཀྱི་ཕྱིར་མིང་དེ་ཡང་མངོན་པར་མ་གྲུབ་སྟེ། མིང ་ཉིད་མངོན་པར་མ་གྲུབ་པོ། །དེ་ནས་བྱང་ཆུབ་སེམས་དཔའ་ཨི་མིང་མངོན་པར་མ་གྲུབ་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མིང་མངོན་པར་མ་གྲུབ?་པས་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་ལྔ་བའི་དོན་ཏོ། །དེ་ལྟར་རེ་ཞིག་ཚིག་ལྔས་ནི་ཆོས ་བདག་མེད་བའི་སྒོ་དང། མིང་ཙམ་གྱི་སྒོ་ནས་བཏགས་པའི་བྱང་ཆུབ་སེམས་དཔའ་ཨི་ཐོབ་པ་དགག་པ་ཡིན་ནོ། །གང་ཟག་ལ་བདག་མེད་པའི་སྒོ་ནས་དེ་དགག་པའི་ཕྱིར་ནི་ཚིག་དྲུག་བ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་བདག་བདག་ཅེས ་གསུངས་པ་དང། བཅོམ་ལྡན་འདས་བདག་ཤིན་ཏུ་མངོན་པར་མ་གྲུབ་པ་ཞེས་བྱ་བ། ཤིན་ཏུ་ཞེས་བྱ་བ་ནི་གཅིག་ཏུ་མངོན་པར་མ་གྲུབ་བ་ཡིན་ཏེ་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་ཏེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པ་དེ་བཞིན་དུ་སྒྲ་དང ་སྐབས་ཀྱིས་རྟོགས་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཡང་མེད་པ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་མེད་པའི་དབང་དུ་བྱས་ནས་ཚིག་བདུན་པ་སྨྲས་ཏེ། དེ་བཞིན་དུ་ཆོས་རྣམས་ངོ་བོ་ཉིད་མ་མཆིས་པ་ལ་ཞེས་བྱ་བ ་ལ་འདི་གང་ལས་ཤེས་ཤེ་ན། གང་གི་ཕྱིར་བཅོམ་ལྡན་འདས་མ་ཆེན་མོ་དག་ལས་རབ་འབྱོར་གྱིས་ཚིག་བཅུ་གཉས་ཀྱིས་བསྟན་ཏེ། །དེས་ན་བཅུ་གཉིས་པོ་འདི་དག་གི་མིང་དང་རྒྱུ་ཐོབ་པ་ལ། ཤཱ་རིའི་བུས་དྲི་བ་བྱས་པ་ལ་གནས་བརྟན་རབ ་འབྱོར་གྱིས་གཏན་ཚིགས་ཀྱི་རིམ་པས་བཤད་པ་ནི་ཚིག་བདུན་བ་ལ། རྒྱུ་གང་གིས་ཆོས་རྣམས་ངོ་བོ་ཉིད་མེད་བ་འདྲིལ་བ་ལ་རྗེས་སུ་དྲིས་པ་ནི་ངོ་བོ་ཉིད་མེད་པས་གཏན་ཚིགས་བསྟན་ནས། ཤཱ་རིའི་བུས་རྣམ་གྲངས་འདིས་ཆོས་ཐམས་ཅད་དངོས་པོ་མེད ་པའི་ངོ་བོ་ཉིད་ཡིན་ནོ་ཞེས་མཇུག་བསྡུ་བར་བྱས་སོ། །དེ་ནས་འདིར་ཡང་ཤེས་པར་བྱ་བ་ནི་འདྲི་བ་དང། རྗེས་སུ་དྲིས་པ་དང། གཏན་ཚིགས་བརྗོད་པ་དང། དེའི་མཇུག་བསྡུ་བའོ། །དེ་ནི་དོན་གྱིས་ཤེས་པར་བྱེད་པ་ཡིན་གྱི་ཆེད་དུ་བསྟན་པ་ནི ་མ་ཡིན་ནོ། །ཆེད་དུ་བསྟན་ན་ནི་བདུན་བའི་ཆིག་པ་ལ་ཆེར་ཉམས་པར་འགྱུར་ཏེ། གང་གི་ཕྱིར་ཚིག་ཉམས་པ་རྣམ་པ་གསུམ་དུ་འགྱུར་ཏེ། དུས་ཀྱིས་བྱུང་པ་ནི་ཚིག་འོག་མ་དང་ཚིག་གཅིག་ཏུ་འགྱུར་བ་ནི་ཉམས་པ་དང་པོའོ། །ཚིག་གཅིག ་ཏུ་བྱས་བའི་དོན་ལ་རྣམ་པར་དབྱེ་བ་དང་པོ་བསལ་ནས་དྲུག་པའི་རྣམ་པར་དབྱེ་བ་བྱས་པ་ནི་ཉམས་པ་གཉིས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་བསལ་ནས་ངོ་བོ་ཉིད་མ་མཆིས་པ་ཞེས་བརྗོད་པ་ནི་ཉམས་པ་གསུམ་པའོ། །དོན་བཤད ་པར་བྱ་སྟེ། དེ་བཞིན་དུ་ཞེས་བྱ་བ་ནི་གཞན་དབང་གི་ངོ་བོས་སོ། །འདི་དག་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ཡོང་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ཆོས་ཐམས་ཅད་དོ། །གང་ཡང་གསུངས་པ། འདུ་པ་ལས་བྱུང ་བའི་རང་གི་ངོ་བོ་ནི་མེད་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རོ། །རྒྱུ་ཉེ་བར་གནས་པ་ནི་འདུས་པའོ། །དེ་ལ་གང་དག་ཡོད་པ་དེ་ནི་འདུས་པ་ལས་བྱུང་བའོ། །འདུས་པ་ལས་བྱུང་པ་གང་ཡིན་པ་དེ་ནི་རང་གི་ངོ་བོ་མིང་དེ་རྒྱུ་དང་བྲལ ་པ་ཡོད་ན་མེད་པའི་ཕྱིར་རོ། །གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་མི་རྟག་པའི་ཕྱིར་རོ། །ཕྱི་ནས་མེད་དེ་ཡོད་པ་དག་ནི་ཕྱི་ནས་མེད་པར་མི་རིགས?་ཏེ་འགལ་བ་དེ་བས་ན་སྐད་ཅིག་གཅིག་ཉིད་ལ་དངོས་པོ་གང་ཡིན་པ་དེ་ནི་སྐད་ཅིག ་ལས་གཞན་དུ་རང་གི་ངོ་བོ་མེད་དེ། དེ་བས་ན་དངོས་པོ་མེད་པ་འདི་དག་གི་རང་གི་ངོ་བོ་ཡིན་ནོ། །གཞན་ཡང་གང་མི་རྟག་བ་དེ་ནི་སྡུག་བསྔལ་བ་ཡིན་ལ། སྡུག་བསྔལ་བ་ལ་ཡང་སྤང་བར་བྱ་བ་ཡིན་ནོ། །ངེས་ན་ཡང་འདི་དག་ནི ་དངོས་པོ་མེད་བའི་ངོ་བོ་ཡིན་ཏེ། དེའི་ཕྱིར་གཞན་གྱི་དབང་གི་རང་གི་ངོ་བོས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ། །ཞེས་བྱ་བ་འདི་ནི་བདུན་པའི་དོན་ཡིན་ནོ། །དངོས་བོ་མེད་པའི ་རང་གི་ངོ་བོ་ཉིད་བརྟགས་པ་འདིས་ཀྱང་གཟུགས་ལ་སོགས་པ་བ་ཐོབ་པ་མ་ཡིན་ནམ། གང་གི་ཕྱིར་རྫ་མཁན་གྱིས་བུམ་པ་དང། ཐ་ག་པས་རས་ལ་སོགས་པ་བསྐྱེད་པར་སྣང་ངོ་ཞེ་ན། ངེས་ན་གཟུགས་དེ་གང་ལགས་ཞེས་བྱ་བ་ལ ་སོགས་པ་སྨྲས་སོ། །བརྟགས་བའི་གཟུགས་ལ་སོགས་པ་གང་མངོན་པར་གྲུབ་པ་དེ་གང་ལེགས?་ཞེས་བྱ་བ་ནི་ཅི་ཡང་མེད་པ་ཉིད་དེ། བརྟགས་པ་ཐམས་ཅད་ནི་འདུས་མི་བྱས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་བསྟན་བའི་ཚིག། ་ནི་རབ་འབྱོར་གྱིས་རིགས་པ་སྨྲས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་འདུས་མ་བྱས་ཡིན་ཏེ། འདི་ནི་འདུ་བྱེད་མེད་པའི་ཕྱིར་རོ། །རྫ་མཁན་དང་ཐེག་པ་ལ་སོགས་པ་ཡང་བརྟགས་པ་ཡིན་པས་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བརྟགས ་པ་ལ་སྐྱེ་བ་དང། འགག་པ་ལ་སོགས་པ་བཀག་པ་ཡིན་ནོ་ཞེས་བྱ་བ་ནི་བརྒྱད་པའི་དོན་ཏོ། །བཅོམ་ལྡན་འདས་མ་འདི་ལས་ནི་བརྟགས་པའི་གཟུང་བ་ཡང་བཀག་པཡིན་ཏེ། དེ་ནི་བྱིས་པས་གཟུང་བ་ཡིན་པའི་ཕྱིར་རོ། །བརྒྱད་པའི ་འོག་ཏུ་ཚིག་གསུམ་གྱིས་ཡོངས་སུ་གྲུབ་པའི་རང་གི་ངོ་བོའི་དབང་དུ་བྱས་ནས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལྟར་ཞེས་བྱ་བ་འདི་ལྟར་བརྟགས་པའི་རང་གི་ངོ་བོས་སོ། །དེ་དག་གི་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོས་སོ། །གང ་རང་གི་ངོ་བོ་ཉིད་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པའོ། །དེ་ནི་ཡོངས་སུ་གྲུབ་པའི་རང་གི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་དེའི་ཚེ་ཆོས་ཉིད་ལས་ཆོས་ཅན་ཐ་དད་པ་མེད་པའི་ཕྱིར་འཁྲུལ་པར་ཟད་ན་སྟོང་པ་ཉིད ་ཀྱང་ཟད་པ་ཡིན་ལ། ཅི་སྟེ་སྟོང་པ་ཉིད་ནི་བརྟག་པ་ཡིན་ན་དེའི་ཚེ་དེ་དང་ཐ་མི་དད་པས་འཁྲུལ་པར་ཡང་བརྟག་པར་འགྱུར་རོ་ཞེ་ན། གང་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གང་ཡང་ཡོངས་སུ་གྲུབ་པའི་ངོ་བོ་དེ་ནི་འཁྲུལ་པའི་རང་གི་ངོ་བོ་མ ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དང། གཞན་དབང་ཐ་མི་དད་པ་བཀག་པ་ནི་དགུ་པའི་དོན་ཏོ། །དེ་ཅི་ཞེས་བྱ་བ་ལ་སོགས་པས་ནི་ཐ་མི་དད་པ་བཀག་པའི་ཐ་དད་པའི་ཕྱིར་རེ་ཅི་ཞེས་སྨོས་ཏེ། དེའི་ཚེ་ཇི་ལྟར་མངོན་པར་མ་གྲུབ་པ་ཞེས་བྱ ་བ་ནི་སྟོང་པ་ཉིད་ཙམ་གྱི་བྱང་ཆུབ་སེམས་དཔས་སོ། །མངོན་པར་མ་གྲུབ་པ་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བགྱི་ཞིང་གང་གིས་ཀྱང་མ་ཡིན་པའོ། །གང་གི་ཕྱིར་སྐྱེ་བ་མེད་པ་ལ་གདམས་པར་མི་ནུས ་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐ་དད་པ་བཀག་པ་ནི་བཅུ་པའི་དོན་ཏོ། །གཞན་དབང་གི་ངོ་བོ་ནི་འཁྲུལ་པ་ཉིད་དེ་འཁྲུལ་པ་ལས་ལྡོག་པ་དེའི་ཚེ་སྟོང་པ་ཉིད་ཀྱི་གཞི་ཅི་ཞིག་ཡིན། ཅི་སྟེ་གཞི་མེད་ན་དེ ་ལྟར་ན་གང་ཞིག་ཆོས་ཉིད་ཡིན། །རི་བོང་གི་རྭ་དང་འདི་ཁྱད་པར་ཅི་ཞིག་ཡོད། །རི་བོང་གི་རྭ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་ཨི་ཐོད་པ་ནི་གང་ཞིག་ཡིན་ཞེ་ན། །དེའི་ཕྱིར་བཅོམ་ལྡན་འདས་མངོན་པར་མ་གྲུབ་པ་ལས་གུང་ན་ཞེས་བྱ་བ་ལ་སོགས་པ་། ་གསུངས་སོ། །ཆོས་ཐམས་ཅད་དམ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཤེས་པར་བྱ་བ་རྣམས་སོ། །སངས་རྒྱས་ཀྱི་ཆོས་སམ་ཞེས་བྱ་བ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐོབ་པའོ། །བྱང་ཆུབ་སེམས་དཔའ་ཨི་ཆོས་སམ་ཞེས་བྱ་བ་ནི་སྔར་ཐོབ་པའི ་ཡོན་ཏན་རྣམས་སོ། །གང་ཡང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ཡང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །འདི་དག་ཐམས་ཅད་ནི་ཐོབ་པའི་དུས་ན་མངོན་པར་མ་གྲུབ་པ་ལས་གྲུབ་ན་སྟོང་པ་ཉིད་ཐ་དད་པར་མི་དམིགས་ཏེ། ཤིན་ཏུ་རྣམ་པར་དག་པའི་ཤེས ་པ་ལས་ཐ་མི་དད་ཅིང་ཐམས་ཅད་སྟོང་པ་ཉིད་བཞིན་དུ་དེའི་ཚེ་སྣང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་འདིས་སྟོན་པ་ཡིན་ཏེ། གང་འདིའི་སངས་རྒྱས་ཀྱི་བྱང་ཆུབ་དང། སེམས་ཅན་དང། སོ་སོའི་སྐྱེ་བོའི་གནས་སྐབས་ན་རྗེས་སུ་འཇུག་པའི་ཕྱིར ་ཆོས་ཀྱི་དབྱིངས་བཞིན་དུ་རྟག་པར་སྣང་བ་ཡིན་ཏེ། དེའི་ཆོས་ཉིད་དེ་ནི་ཇི་སྲིད་གཞན་གྱི་དབང་ཡོད་པ་དེ་སྲིད་དུ་ཆོས་ཉིད་ཅེས་བརྗོད་དོ། །ཕྱི་ནས་སུ་གཞན་ན་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱི་སྐུ་སངས་རྒྱས་བརྗོད་དོ། །དེ་ནི་འདིར་བཅུ ་གཅིག་པའི་དོན་ཏོ། །བཅུ་གཉིས་པའི་ཚིག་ནི། གལ་ཏེ་ཞེས་བྱ་བ་ནས་བརྩམས་ནས། དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བའི་བར་གྱིས་བསྟན་ཏེ། འདིར་སེམས་མི་ཞུམ་ཞེས་བྱ་བ་ལ་སོགས་པའི་ཚིག་ལྔས་ནི་ཞི་གནས་རྣམ་པ་ལྔ་བསྟན་ཏོ། ། ་ཅིའི་ཕྱིར་བཅོམ་པར་མི་དབྱིད?་ཅེས་བྱ་བའི་ཚིག་གཅིག་གིས་རྣམ་པ་བཞི་བརྗོད་དེ་ཞི་བར་བྱད་དོ། ཉེ་བར་ཞི་བར་བྱེད། །རྒྱུན་ཅིག་ཏུ་བྱེད། སེམས་མཉམ་པར་འཇོག་པར་བྱེད་པའོ། །ཏིང་ངེ་འཛིན་གྱི་སེམས་ལ་འདི་དག་མེད་ན་ཡན་ལག་སྔར ་ཐལ་བར་འགྱུར་བས་དེས་ན་བཞི་པོ་དེ་ཉིད་ཀྱི་ཕྱིར་བཅོམ་པ་བཀག་པས་ཡིད་ཕྱིར་བཅོམ་པར་མི་བགྱིད་ཅེས་བྱ་བ་ཡིན་ཏེ། དེ་ལྟར་ཚིག་དྲུག་གིས་ཞི་གནས་རྣམ་པ་དགུ་བསྟན་ཏོ། །ཡང་དག་པ་ལ་སོ་སོར་རྟོག་པའི་སྣང་བ་ནི་གསལ་བའོ། །གསལ་བ ་དེ་ལ་སྐྲག་པར་མི་བྱེད་པ་ནི་མི་སྐྲག་པ་སྟེ་དེ་འགོག་པར་བྱེད་པའོ། །དེས་ནི་མི་སྐྲག་ཅེས་བྱ་བའི་ཆོག་གཅིག་གིས་ནི་ལྷག་མཐོང་བསྟན་ཏོ། །མིང་དང་ཤིན་ཏུ་དངང་པར་མི་འགྱུར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་ཟུང་དུ་འབྲེལ་པའི་ལམ་བསྟན་ཏོ། ། ་དེའི་ཕྱིར་མི་དངང?་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་མི་དངང?་བ་ཡིན་ཏེ། །དེ་མེད་པའི་ཕྱིར་དེ་ནི་ཞི་གནས་གྱི་ཡན་ལག་གོ་།ཡང་དག་པའི་ཡེ་ཤེས་ལས་དངང་བ་ནི་ཤིན་ཏུ་དངང་བའོ། །དེ་མི་སྐྱེ་བ་ནི་ལྷག་མཐོང་གི་ཡན་ལག་གོ་།འདི་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་རྗེས་སུ་བསྟན་པའོ། །བསྒོམ་པའོ་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །ཉེ་བར་དམིགས་པའོ་ཞེས་བྱ་བ་ནི་ཉེ་བར་རྟོག་པ་ནི་ངེས་པར་སེམས་པ་ཡིན་ཏེ་ཟུང་དུ་འབྲེལ་བའི་ལམ་གྱིས་སོ། ། ་དེ་ནི་བཅུ་གཉིས་པའི་དོན་ཏོ། །འདིའི་འཐད་པ་བསྒྲུབ་པའི་ཕྱིར་ཚིག་བཅུ་གསུམ་པས་བསྟན་པ་ནི། དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ནི་དྲིས་པའོ། །ལན་ནི་བཅོམ་ལྡན་འདས་གང་གི་ཚེ་ཞེས་བྱ་བ་ལ། ཆོས་འདི་དག་ཅེས་བྱ་བ་ནི་ཆོས ་ཐམས་ཅད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པ་ལའོ། །གཟུགས་བརྟགས་པ་ནས་རྣམ་པར་ཤེས་པའི་བར་དང། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཉེ་བར་མི་འགྲོ་ཞེས་བྱ་བ་ནི་ཉེ་བར་དམིགས་པ་སྟེ། དེ་སྣང ་པ་མེད་པའི་ཕྱིར་ཉེ་བར་མི་འགྲོ་བའོ། །ཉེ་བར་མི་རིགས་ཞེས་བྱ་བ་ནི་རྣམ་པ་རྟོག་པར་མི་བྱེད་པ་སྟེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་བཀག་པ ་ཡིན་ནོ། །ཁྱད་པར་གྱི་རྣམ་པར་རྟོག་པ་དགག་པའི་ཕྱིར་གཟུགས་ལ་སོགས་བ་སྐྱེ་བ་དང་འགག་བ་མེད་དེ་གཟུགས་ལ་སོགས་པ་སྔར་ནི་སྐྱེས་པ་དངང་ལྟར་ནི་འགག་པ་ཡིན་ནོ་ཞེས་མི་མཐོང་སྟེ། གང་གི་ཕྱིར་བརྟགས་པ་ནི་མཚན་ཉིད་ཇི་ལྟ་བ་བཞིན ་དུ་མེད་པའི་ཕྱིར་སྐྱེ་བ་དང་འགག་པ་མེད་དེ་དེ་བས་ན་གཉིས་ཀ་ཡང་མི་མཐོང་ངོ། །གཞན་ཡང་ལྡོག་པ་མེད་པར་ལན་བཏབ་པ་དཀའ་བ་མ་ཡིན་ནམ། བརྟགས་པར་རབ་ཏུ་སྣང་བས་ནི་དེ་ཉེ་བར་མི་འགྲོ་བ་གང་ལས་ཤེ་ན། དེ་ནས་ཚིག་དྲུག ་གིས་ནི་བརྟགས་པ་ལ་མངོན་པར་ཞེན་པ་ན་སྐྱེ་བ་ཡིན་ལ། མི་བརྟེན་པ་དང་མངོན་པར་ཞེན་པ་མེད་པ་དེའི་ཚེ་ནི་ལྡོག་པར་འདོད་དོ། །སྔོན་སྐྱེ་བ་མེད་པའི་ཕྱིར་དང། སྔ་མ་ནི་རང་གི་ངང?་གི་འཇིག་པའི་ཕྱིར་དེ་ལྟ་ན་དེ་དག་ནི་སྐྱེ་བ ་མེད་པ་དང་འཇིག་པ་མེད་པ་དེའི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བའི་ཚིག་གཞན་དབང་གི་རང་གི་ངོ་བོའི་དབང་དུ་བྱས་པ་ཡིན་ནོ་སྙམ་པ་འདི་ཐམས་ཅད་སེམས་ལ་བཞག་ནས་དྲི་བ་ནི། དེ་ཅིའི་སླད་དུ ་ཞེ་ན། །ཞེས་བྱ་བ་སྨོས་སོ། །ལན་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གཟུགས་ལ་སོགས་པ་སྐྱེ་བ་མེད་པ་དང་འཇིག་པ་མེད་པ་དེ་དག་ནི་དེའི་དངོས་པོ་མེད་བ་དག་སྟེ། དངོས་པོ་མེད་པ་ཡང་སྐྱེ་བ་དང། འཇིག་པའི ་དངོས་པོའི་ངོ་བོ་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །གང་ཡང་དངོས་པོ་མེད་པའི་རང་གི་ངོ་བོ་གཞན་དབང་ཡིན་ནོ་ཞེས་གསུངས་པ་ནི་དངོས་པོ་མེད་པ་གཉིས་མེད་ན་ནི་མི་འབྱུང་བའི་དོན་གྱིས་ཏེ། དེ་ལས་གཅིག་ཏུ་འགལ་བའི་ཕྱིར་རོ། །དེ་ལྟར ་ཐ་མི་དད་པ་བཀག་ནས་ཐ་དད་པ་ཡང་དག་པར་སྨྲས་པ་དེ་ནི་སྐྱེ་བ་མེད་པ་དང། འཇིག་པ་དང་གཟུགས་ལ་སོགས་པས་འདི་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་པའོ། །གཟུགས་ལ་སོགས་པ་མེད་པར་གྱུར་པ་དེའི་ཆོ་ག་ཉིས་སུ ་བགྱིར་མ་མཆིས་ཞེས་བྱ་བ་མི་རིག་པ་མ་ཡིན་ནམ་ཞེ་ན། འདིར་དེའི་ཕྱིར་གང་ཡང་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་འདི་སྨྲས་སོ། །གཞན་གྱི་དབང་ནི་གཟུགས་ལ་སོགས་པ་མི་གཟུང་སྟེ། ཇི་ལྟར་ཞེ་ན། གང་གཉིས་སུ་མེད་པ་ནི ་སྐྱེ་བ་དང་འཇིག་པ་དང་བྲལ་བས་ཡོངས་སུ་གྲུབ་བོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཡོངས་སུ་གྲུབ་པ་ནི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོའི་བརྟགས་པ་མེད་པའི་མཚན་ཉིད་སྐྱེ་བ་མེད་པ་དང། འཇིག་པ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་མེད་པའི་མཚན ་ཉིད་དོ། །དེས་ནས་གསུམ་པོ་འདི་དག་ནི་གཉིས་སུ་མེད་པའི་ངོ་བོ་ཡིན་ནོ་ཞེས་བསམས་ཏེ། དེ་ནི་ཐོབ་པའི་མཚན་ཉིད་ཀྱི་ངེས་པར་འབྱུང་བའོ། །ང་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ངེས་པར་འབྱུང་བའི་མཚན་ཉིད་ཀྱི་དབང་དུ་བྱས ་ནས་བརྗོད་པར་བྱ་སྟེ། དེ་ལ་དང་པོ་ཆོས་བཞི་ཉེ་བར་དྲི་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན། ཉེ་བར་ཡོངས་སུ་རྟོག་པ་གང་ཡིན ་ཞེ་ན། དེ་ལ་བྱང་ཆུབ་ཉིད་སེམས་དཔའ་སྟེ་དེས་ན་བྱང་ཆུབ་སེམས་དཔའ་ཨོ། །དེས་ཆོས་ཐམས་ཅད་རྟོགས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་ཏེ་མངོན་པར་ཞེན་པ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣཾ་པར ་རྟོག་པ་ལས་སྲུང་བར་བྱེད་པས་ནད་པ་སྟེ། རྣམ་པར་རྟོག་པའི་གཉེན་བོའི་ཆོས་རྣམས་སོ། །རྣམ་པར་རྟོགས་པ་དག་ལས་ཆགས་བ་མེད་པ་ནི་ཨ་བ་ར་མི་ཏ་ཏེ་ཆགས་བ་དང་བྲལ་བའོ། །དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འདིར ་ཤེས་རབ་ཀྱང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཐམས་ཅད་རྟག་པ་དང་། བདེ་བ་དང། གཙང་པ་དང། བདག་དང། སྟོད་པ་མ་ཡིན་པ་དང།། ་མཚན་མ་དང་། སྨོན་པ་དང་། མི་དབེན་པ་དང་། སོ་སོར་ཡང་དེ་ལས་ཟློག་པ་རྣམ་པ་བཅུ་དྲུག་གིས་བཟློག་ཅིང་བཀག་པས་ཉེ་བར་རྟོག་པའོ། །དེ་ལ་འདིར་ཉེ་བར་བརྟག་པ་འདི་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་གསུངས ་ཏེ་། དེའི་འོག་ཏུ་ཉེ་བར་བརྟག་པ་གཞན་ཡང་དེ་དག་ལས་གསུངས་སོ། །དེ་ཉིད་འདི་ལས་བསྟན་པའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན ་ནི་སྔ་མ་བཞིན་ནོ། །དེ་ནས་ཚེ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ་། དེའི་ཕྱིར། ཞེས་བྱ་བ་ནི་གང་གི་ཕྱིར་འདི་གཉིས་སུ་མེད་པའི་གྲངས་སུ་བྱས་པ་སྟེ་གཉིས་སུ་མེད་པ་ཡང་ཆོས་ཀྱི་དབྱིངས་ཡིན་ཏེ་། རྒྱུ་དེས་ན་བྱང་ཆུབ་སེམས ་པ་ཡང་སྐྱེ་བ་མེད་པ་ཡིན་ཏེ་། སྐྱེ་བ་དང་བྲལ་བའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། །གཞན་དབང་གི་རང་གི་ངོ་བོ་ནི་འདིར་མ་གྲུབ་སྟེ་། དེ་ནི་དོན་དམ་པ་མ་ཡིན་པའི་ཕྱིར་ལ། འདི་ནི་དམ་པའི་དབང་དུ་བྱས་པའི་ཕྱིར་རོ། ། ་གལ་ཏེ་འདིར་ཉེས་པ་ཅིར་འགྱུར་ཞེ་ན་། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དཀའ་པའི་ལས་ལ་སྤྱོད་པ་ནི་སྤྱོད་པའོ་།དེ་ཅིའི་ཕྱིར་སྤྱོད་ཅེ་ན། སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །སྦྱོར་པའི་བརྩོན་འགྲུས ་ལྟ་ཞོག། སེམས་ཅན་རྣམས་ཀྱི་ཕྱིར་ལག་པ་དང་། རྐང་པ་དང་། མགོ་དང་ལུས་སྦྱིན་པ་ལ་སོགས་པའི་སྡུག་བསྔལ་གང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རོ། །དེ་དག་སོ་སོར་མྱོང་བར་བྱ་བའི་ཕྱིར་དུ་ཅིའི་ཕྱིར་སྤྲོ་བར ་བྱེད་ཅེ་ན། གོ་ཆའི་བརྩོན་འགྲུས་ཀྱིས་སྦྱོར་བར་བྱེད་པ་ཡིན་ཏེ། དེས་ན་དཀའ་བའི་སྤྱོད་པ་མི་བྱེད་པ་སྟེ་དེ་ལ་བརྩོན་པ་མ་ཡིན་ནོ། །དེའི་རྒྱུ་གཞན་དབང་ཉིད་ཀྱིས་དོན་དམ་པ་མ་ཡིན་པའི་ཕྱིར་ལ། དོན་དམ་པ་མ་ཡིན་པ་ལ་ནི་གོམས་པར ་མི་བྱེད་ཅིང་ཁྱད་པར་དུ་ཡང་དཀའ་བ་སྤྱོད་པར་མི་བྱེད་དོ་ཞེས་བརྒོལ?་བ་ལ་། དེ་སྐད་ཅེས་སྨྲས་པ་དང། ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱི་ལན་ནོ། །དེ་ལ་དང་པོའི་ཚིག་གིས་ནི་ཁས་མི་ལེན་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ ་ལ་སོགS་པ་སྨྲས་སོ། །གང་དཀའ་བ་སྤྱོད་པར་འདོད་པ་དེ་ནི་དེ་ལ་མི་འདོད་པ་སྒྲུབ་པ་ཞེས་བྱ་བའི་སྐྱོན་དུ་འགྱུར་ན་། བདག་མི་འདོད་ཏེ་གང་ལ་སྨི་འདོད་པར་བྱེད་ཅེ་ན་། དཀའ་པའི་འདུ་ཤེས་ཀྱིས་དཀའ་བ་སྤྱོད་ན་ནི་ཡིད་ལ་གཅགས་པར་འགྱུར་ཏེ། ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཟློག་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པའི་ལན་ཡིན་ཏེ་། མི་སྤྱོད་ཅེས་བྱ་བ་ནི་སྤྱོད་པར་མི་འགྱུར་བ་དང་ཟིན་པར་མི་འགྱུར་ཞེས ་བྱ་བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གཉིས་པའི་ལན་ནོ། །ཚེ་དང་ལྡན་པ་ཤཱ་རའི་བུ་བཞན?་ཡང་ཞེས་བྱ་བ་ལ་སོགས་པས་ནི་བཞི་པའི་ལན་ནོ། །ཅི་ནས་ཀྱང་བདག་ཐམས་ཅད་ནས་ཞེས་བྱ་བ་ལ་སོགས་པ་སྡུག་བསྔལ་ཐམས་ཅད་ལས ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ཐམས་ཅད་ལས་སོ། །དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱའོ། །ཐམས་ཅད་ནས་ཞེས་བྱ་བ་ནི་ཁམས་དང་འགྲོ་བ་དང། སྐྱེ་གནས་ཀྱི་བྱེ་བྲག་ཐམས་ཅད་ནས་སོ། །ཐམས་ཅད་ཅེས་བྱ་བ་ནི ་ཐམས་ཅད་ཇི་ལྟ་བའི་སྡུག་བསྔལ་གསུམ་ལས་སོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྩོལ་བ་ཐམས་ཅད་ལས་སོ། །ཐམས་ཅད་དུ་ཞེས་བྱ་བ་ནི་མ་ལུས་པ་མཛའ་དག་ལས་ཐར་བར་བྱའོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ ་གྱི་ཚོགས་སོ། །གནོད་སེམས་ནི་ཁོང་ཁྲོ་བའོ། །ཇི་ལྟར་བདག་མེད་ཅེ་ན་ཐམས་ཅད་ནས་ཞེས་བྱ་བ་ནི་བདག་དང། སེམས་ཅན་དང། སྲོག་དང། གསོ་བ་དང་། སྐྱེས་བུ་ལ་སོགས་པའི་དབྱེ་བ་ཐམས་ཅད ་ནས་སོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་ཇི་ལྟར་མཐོང་བ་དང་མ་མཐོང་བའི་བྱེ་བྲག་གིས་ཡོད་པའོ། །རྣམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་དབྱེ་བ་འམ་དབྱེ་བ་མ་ཡིན་པས་སོ། །ཇི་ལྟར་དབྱེ་བ་མ་ཡིན་ཞེ་ན་། ཐམས་ཅད ་དུ་ཞེས་བྱ་བ་ནི་ཇི་ལྟར་ཡོད་པའི་སྡེ་མཚན་བསྡུས་པ་འམ། ཐ་དད་པ་སྟེ་། ཇི་ལྟར་བདག་དེ་ལྟར་ཆོས་ཐམས་ཅད་མེད་པ་ཡིན་ནོ། །ཡང་ཐམས་ཅད་ནས་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་ལ་སོགས་པའི་སྡེ་ཚན་གྱི་དབྱེ་བ་ཐམས་ཅད ་ནས་སོ། །ཐམས་ཅད་ནི་ཇི་ལྟར་ཡོད་པའི་སྡེ་ཚན་རྣམས་ཡོངས་སུ་རྫོགས་པའི་ཡན་ལག་གི་ཕྱིར་རོ། །རྣམ་པ་ཐམས་ཅད་ནི་ཇི་ལྟར་ཡོད་པའི་སྡེ་ཚན་སོ་སོ་དེ་དག་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཐམས་ཅད ་ཀྱི་བྱེ་བྲག་གིས་བདག་དང་གཞན་དག་ལ་བསྡུས་པ་འམ་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཏར་དཀའ་བ་སྤྱོད་པ་མེད་པར་ཐལ་བར་འགྱུར་པ་ལ་ལན་བཞི་སྨྲས་པ་ཡིན་ནོ། །ལན་བཞི་པ་ལ་འདི་ལྟར་ཡང་བསྟན་པ་ཡིན་ཏེ། དཀའ་ ་བ་སྤྱོད་པ་ཡང་སྐྱེ་བ་མེད་པ་ཉིད་ཀྱི་དེ་བཞིན་ཉིད་མཐོང་ནས་། དེ་སྤྱད་པར་བྱ་སྟེ་། གང་གི་ཕྱིར་དེ་ནུས་པ་དང་འབྲས་བུ་ཆེན་པོར་འགྱུར་པའི་ཕྱིར་རོ། །སྐྱེ་བ་མེད་པ་ལ་ནི་སྡུག་བསྔལ་ཐམས་ཅད་སྣང་བ་མེད་པ་དང། དེ་ཉིད་མཐོང་བ ་དང། རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་བཀག་པས་སོ། །ཚེ་དང་ལྡན་པ་གནས་བརྟན་ཤཱ་རིའི་བུས་གང་ཡང་ཞེས་བྱ་བ་ནས་བ་རྩམས་ནས། དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བའི་བར་གྱིས་བསྟོན་ཏོ། ། ་འདིར་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་དང། །སངས་རྒྱས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་ནས་ཐོབ་པའི་རྣམ་པར་རྟོག་པ་དགག་པའི་ཕྱིར་དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རིའི ་བུ་དེ་བཞིན་དུ་སོ་སོར་སྣང་བ་ཉིད་དོ་ཞེས་བྱ་བའི་བར་དུ་སྨྲས་སོ། །ཐམས་ཅད་མཁྱེན་པ་ཉིད་ཀྱང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ངོ། །རྗེས་སུ་ཐོབ་པ་ཉིད་ཅིས་བྱ་བ་ནི་དང་པོ་ཉིད་ནས་ཆོས་ཐམས་ཅད་ཆོས་ཀྱི་དབིངས་ཉིད་ཀྱི་ཕྱིར་ཏེ། ་ཆོས་ཀྱི་དབྱིངས་རང་བཞིན་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་བསམས་པའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱི་ལན་ནོ། །སྐྱེ་པ་མེད་པའི་ཆོས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་སོ ་ཐོབ་པར་ཞེས་བྱ་བ་ནི་ཐོབ་པར་རོ། །ཁོ་བོ་མི་འདོད་དོ་ཞེས་བྱ་བ་ནི་རྟོག་བ་མེད་པའོ། །གལ་ཏེ་ཐོབ་པར་འདོད་ན་ནི་དེའི་ཚེ་ཁོ་བོ་སྐྱེ་བར་འདོད་པ་ཡིན་ཏེ་ཐོབ་པར་འགྱུར་ན་དེ་མི་འདོད་དེ། རིགས་པ་མེད་པས་ཐོབ་པར་ཐལ་བར་འགྱུར་རོ། ། ་རིགས་པ་མེད་པའི་ཕྱིར་ཆོས་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཆོས་ཐམས་ཅད་ཉིད་ལ་སྐྱེ་བ་མེད་པ་ཞེས་བྱ་བའི་ཕྱོག་ལ་ནི་ཐལ་བ་ཡིན་ཏེ་། དེ་ལ་སྐྱེ་བ་མེད་པའི་བྱང་ཆུབ་སེངའ?་སྐྱེ་བ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ཐོབ་པར་འགྱུར་ཏེ་རིགས་པ་མེད་པའི་ཕྱིར་རོ་ཞེས་བསམས་པའོ། །གཉིས་ཀ་ཡང་ཐོ་མ་མེད་པ་ནས་ཐོབ་པ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཞེས་བྱ་བ་ལ་སོགས་པ་ལ་གང་གཉིས་ཀ་ཡང་སྐྱེ་བ་མེད་པ་ཉིད ་ཡིན་པས་མི་རིགས་པའོ། །དེ་ཅི་གཉིས་པ་གང་ཡང་རུང་བ་ལས་སྐྱེ་ན་ནི་རིགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱི་གཉིས་པོ་གང་ཡང་རུང་བ་ལས་སྐྱེས་པའི་ཕྱོགས་བསལ་བའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཞེས་བྱ་བ་ལ་སོགས ་པ་སྨྲས་སོ། །ཉིད་ནི་རིམ་པ་བཞིན་དུ་གོང་གི་མཛའ་ཡང་སྦྱར་བར་བྱའོ། །སྐྱེ་པ་མེད་པའི་ཆོས་ཕྱིས་སྐྱེ་བར་འགྱུར་བ་འམ་ཕྱིས་མ་སྐྱེས་པ་ཉིད་དེ་བཞིན་དུ་འགྱུར་པའོ། །དེ་ལ་རྣམ་པར་རྟོག་པ་གཉིས་པ་ལ་ནི་?་ཇི ་ལྟར་གཞན་དུ་སྐྱེ་བར་འགྱུར་བ་དང་། རྣམ་པར་རྟོག་པ་དང་པོ་ལ་ནི་ཆོས་ཀྱི་དབིངས་ལ་ནི་སྐྱེ་བ་འགལ་བ་ཡིན་ནོ་ཞེས་བྱ་བར་བསམས་ཏེ་། དེ་བས་ན་གཉིས་ག་ཡང་སྐྱེ་བ་མེད་པ་ཡིན་པའི་ཕྱི་ལེགས་པར་སྨྲས་པ་ཡིན་ནོ། །སྐྱེ་བ་མེད ་པ་ནི་ཆོས་ཀྱི་སྐྱེ་བ་མེད་པའི་ཆོས་ཐོབ་པར་ཡང་མི་རིགས་ཏེ་། དེ་ནི་ཐོབ་པའི་རྣམ་པར་རྟོག་པ་དགག་པ་སྟེ་། དེ་བས་ན་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སོ། །དེ་ཡང་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང། ཐོག་མ་དང། ། ་ཐ་མ་མེད་པའི་ཕྱིར་ཐོབ་པ་ཡང་མེད་ལ་། ཐོབ་པར་བྱ་བ་ཡང་མེད་པར་ལྟ་བར་བྱ་བ་ཁོ་ནའོ། །གང་དེ་ཉིད་ནི་ཀུན་བརྟགས་ཀྱི་ཆོས་རྣམས་མི་དམིགས་པ་ཉིད་དེ་། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པའོ། །དེས་ཀུན་བརྟགས་པའི་མངོན ་པར་ཞེན་བཟང་པ་དེ་ནི་མངོན་པར་ཞེན་པའི་རྒྱུ་ཟད་པ་། སྒྲིབ་པ་ཐམས་ཅད་བསྡུས་པ་དང་ལྡན་པ་ཡང་དག་བ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱི་གཞན་དབང་ཞེས་བྱ་བ་ཟད་པར་འགྱུར་ཏེ། སྔ་མ་དག་རང་གྱི་དང་གིས་འགགས་ལ་རྒྱུ ་མེད་པས་གཞན་སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་རང་བཞིན་གྱིས་འོད་གསལ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱི་དབྱིངས་ལ་། གློ་བུར་གྱི་སྒྲིབ་པའི་དྲི་མས་དྲི་མ་ཅན་དུ་བྱས་པ་ལ་ངེས་དེ་དག་ཟད་པ་ཡོད་ན། དེ་ཟད ་པའི་མཚན་ཉིད་དཀི་རྣམ་པར་དག་པ་ནི་སྔ་ན་མེད་པར་ཐོབ་པར་འགྱུར་ཏེ་། དཔེར་ན་རང་བཞིན་གྱིས་རྣམ་པར་དག་པའི་ན་མཁའ་ལ་གློ་བུར་གྱིས་བརྩེ་བ་དང་། ཐུབ་དང་། མུན་བ་དང། སྤྲིན་དང། དུ་བ་ལ་སོགས་པའི་སྒྲིབ ་པའི་དྲི་མས་དྲི་མ་ཅན་དུ་བྱས་པ་བཞིན་ཏེ་། ཕྱི་ནས་དེའི་ཐབས་ཀྱི་མཚན་ཉིད་ཀྱིས་རྣམ་པར་དག་པ་དེས་ཐོབ་པར་འགྱུར་ཏེ། འཁྲུལ་པ་ཐམས་ཅད་ལྡོག་པ་ན་ཤིན་ཏུ་རྣམ་པར་དག་པར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་མཚན ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྔ་ན་མེད་པ་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར་ཏེ། དེ་ཉིད་དེའི་རྣམ་པར་དག་པའི་བདག་ཉིད་དོ། །ཡང་དག་པར་རིག་པའི་ཕྱིར་ཐོབ་པའི་མངོན་པར་རྟོགས་པ་གྲུབ་པ་ཡིན་ཏེ་། དེ་ན ་གྲུབ་པའི་མཛའ་ཨོ། །དེ་ལ་དེ་ནི་གློ་བུར་གྱི་སྒྲིབ་པ་རྣམ་པར་དག་པར་བྱ་བའི་ཕྱིར་གནས་བརྟན་གཉིས་ཀྱིས་བརྗོད་པར་བྱ་བ་ནི་དེ་ལ་ཤཱ་རིའི་བུ་ལས་བརྩམས་ནས་ཤཱ་རིའི་བུས་སྨྲས་པ། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ་སྐྱེས་པས་ན་སྐྱེ་བ་ཡིན ་ཏེ་གཞན་དབང་གི་རང་གི་ངོ་བོའོ། །ཡང་དེ་ཅི་ཕྱི་ནས་མི་སྐྱེས་པར་འགྱུར་བའི་རྒྱུ་མེད་པའི་ཕྱིར་སྐྱེ་བ་མེད་པའི་ཕྱོགས་གཅིག་གོ་།འོན་ཏེ་མ་སྐྱེས་པ་ལ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་ཆོས་སྔར་མ་སྐྱེས་པ་ཡིན་པ་ཕྱིས་སྐྱེ་བར་འགྱུར་རམ ་ཞེས་བྱ་བ་ནི་གཉིས་པའི་ཕྱོགས་སོ། །དེ་ལ་དང་པོ་ནི་སྐྱེ་བ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་ཐོབ་པ་ག་ལ་ཡོད། གཉིས་པའི་ཕྱོགས་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་བརྗོད་པར་བྱ་སྟེ་། ཡང་དག་པ་མ་ཡིན་པའི་ཀུན ་ཏུ་རྟོག་པ་ཡང་བརྟག་པ་ཡིན་པས་ཟད་པ་མེད་དོ་ཞེས་བྱ་བར་སེམས་སོ། །རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ནི་ལན་སྨྲས་པའོ། །སྐྱེ་བ་ནི་སྐྱེས་པའི་ཆོས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཀྱིའོ། །མི་སྐྱེ་བ་ནི་སྐྱེ་བའི་ཆོས་ཏེ། ཡང་དག་བ་མ ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་ཏེ། འདི་གཉིས་ཀྱི་དབྱེ་བ་ཡིན་ནོ། །དེ་ནི་མི་སྤོངས་སོ་ཞེས་བྱ་བ་ནི་སྨྲ་བར་ཏེ་བརྗོད་པར་མི་འདོད་པའོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་སེམས་ཀྱི་རྒྱུད་ལ་དམིགས་པ་ན་འཁྲུལ་པ་ཐམས་ཅད་ལྡོག་པར་འགྱུར་བ ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བའོ། །དེས་ན་འདི་ལ་རྒྱུ་མེད་པར་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་ལ་ཡང་དག་བ་མ་ཡིན་པའི་ཀུན་ཏུ་རྟོག་པར་རྟོག་པ་ཡང་མེད་དོ་ཞེས་བྱ་བར་བསམས ་པའོ། །ཤཱ་རིའི་བུས་སྨྲས་ཞེས་བྱ་བ་ནི། སྨྲ་བའི་རྣམ་པར་རྟོག་པ་དགག་པའི་ཕྱིར་སྨྲས་པའོ། །སྐྱེ་བ་མེད་པའི་ཆོས་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ་སྐྱེ་བ་མེད་པ་ནི་ཚད་མས་གྲུབ་པ་ཡིན་པའི་ཕྱིར་སྤོབས་པར་འདོད་པ་ཉིད་དེ། སྨ ་བར་ནུས་པ་ཡིན་པས་དེ་ཡང་སྨྲ་བར་ནུས་སོ། །གང་གི་ཕྱིགས་པོབས་པར་མི་ནུས་ཞེས་བྱ་བ་ནི་ཟུར་གྱིས་དྲིས་པའོ། །སྨྲས་ཨོས་ཞེས་བྱ་བ་ནི་རང་འབྱོར་གྱིས་ལན་སྨྲས་པའོ། །སྐྱེ་བ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་སྨྲ་བ་ཞེས་བྱ་བ་ནི་ཡིད ་ཀྱི་སྒྲའོ། །སྤོབས་པ་ཞེས་བྱ་བ་ནི་སྨྲ་བའི་བརྗོད་པའི་དངོས་པོའོ། །ཡང་སྤོབས་པ་ཞེས་བྱ་བ་ནི་ཡང་དག་པར་སྨྲ་བའི་བློའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་གསུམ་པོ་འདི་དག་ཀྱང་སྐྱེ་བ་མེད་པ་ཉིད་དེ། ཆོས་ཉིད་ཀྱི་ངོ་བོ་ཉིད་ཁོ ་ན་ཆོས་ཐམས་ཅད་དེ་ལ་སོ་སོར་སྣང་ངོ་ཞེས་བསམས་སོ། །དེ་བཞིན་དུ་སོ་སོར་སྣང་ངོ་ཞེས་བྱ་བས་ནི་མཇུག་སྡུད་པ་ཡིན་ནོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བའོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་? ་པས་ནི་། ཤཱ་རིའི་བུས་སྐབས་ཉིད་ཀྱིས་རབ་འབྱོར་གྱི་ཚིག་ལ་བསྟོད་ནས་ལམ་གྱི་ངེས་པར་འབྱུང་བའི་སྐབས་སྟོན་པར་བྱེད་དེ། བཞག་པར་བྱའོ་ཞེས་བྱ་བ་ནི་། ཐེ་ཚོམ་མེད་པར་བགྲང་བར་བྱའོ། །གང་དང་གང་ཉིད་ལ་ཞེས་བྱ་བ་ནི། ་གང་དེའི་གནས་ལས་ངེས་པར་འབྱུང་བ་དང་། རྒལ་བ་དང་། མི་གཡོ་བ་དང་། མི་ཉམས་པ་དང། ། འགལ་བར་མི་བྱེད་པ་དང། འཁྲུག་པར་མི་བྱེད་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཞེས་བྱ་བ་ནི་དེ་ལྟར་སྐབས ་འབྱེད་པ་ཡིན་ནོ། །འདི་སྐད་ཅེས་བྱ་བ་ནི་ལམ་གྱི་ངེས་པར་འབྱུང་བའོ། །མི་གནས་བ་ནི་གང་ལ་ཡང་མངོན་པར་ཞེན་པ་མེད་པའི་ཆོས་དེ་ལ་དེ་སྐད་ཅེས་བཤད་དོ། །མི་འདའ་ཨོ་ཞེས་བྱ་བ་ནི་མི་ཉམས་པའོ། །དེ་སྐད་ཅེས་སྨྲས་པ་དང། ཞེས ་བྱ་བ་ལ་སོགས་བ་ལ་ཆོས་ཐམས་ཅད་ལ་མི་དམིགས་པ་ནི་གྲོལ་བའོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བསྟན་པའོ། །ཆོས་ཐམས་ཅད་ལ་མི་གནས་པ་ཡང་ཡིན་། ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །གང་ཡིན ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་གང་ཡིན་ཞེས་པའོ། །ཐེག་པ་ཐམས་ཅད་པ་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་ཐུན་མོང་ངོ། །གལ་ཏེ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ན་དེ་ལྟན་གཞན་ནི་མ་ཡིན་ནོ་ཞེ་ན། ཆོས་ཐམས ་ཅད་མི་གནས་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་ནི་རྟོག་པར་སླའོ། །དེ་ལྟར་ན་ཞེས་བྱ་བ་ནི་གང་གི་ཕྱིར་དེ་བས་ན་ཞུམ་པར་འགྱུར་བ་ཞེས་བྱ་བ་ནི་སེམས་འཁུམས་པར་འགྱུར་བའོ། །ནེམ་ནུར་དུ་འགྱུར་ཞེས་བྱ་བ་ནི་ཐེ་ཚོམ་དུ་འགྱུར་བའོ། ། ་རྨོངས་པར་འགྱུར་བ་ནི་རྟོག་པ་མེད་པའོ། །གཞན་དུ་གྱུར་བ་ནི་རྒྱབ་ཀྱིས་ཕྱོགས་པའོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་ཡིད་ཀྱིས་སོ། །ཚེ་དང་ལྡན་འཇི་ལྟར་?་བྱེད་པ་དང་མ་བྲལ་བར་འགྱུར་ཞེས་བྱ་བ་ལ་། ཤཱ་རིའི་བུས ་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་ཡིན་པར་ཤེས་ནས་དྲིས་པ་འདི་ནི་ཡིད་ལ་བྱེད་པ་ལ་གནས་པ་ཡིན་ནོ། །ཞེས་བྱ་བའི་བར་དུའོ། །དེའི་འོག་ཏུ་དེ་སྐད་ཅེས་སྨྲས་ཡང་དེ་ཞེས་བྱ་བ་ལ་སོགས་པས་ནི་། རབ་འབྱོར་གྱི་ལེགས་སོ་ཞེས་བྱ་བའི་ཚིག། ་སྔོན་དུ་འགྲོ་བ་སྟེ། དེ་ནི་རྒྱས་པར་འདྲི་བ་ཡིན་པའི་ཕྱིར་། ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་བ་ནི་ལན་ནོ། །དོན་དེ་ཉིད་ཅེས་བྱ་བ་ནི་འདི་འདོད་པ་ཉིད་དེ་མཚན་ཉིད་ཀྱི་ཕྱིར་ལན་ནོ། །ཡང་དག་པའི་ ་ཚིག་ཏུ་བརྗོད་པས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཡིད་ལ་བྱེད་པའི་མི་མཐུན་པ་ཡང་དག་པའི་ཚིག་སྟེ་ཡང་དག་པའི་དངོས་པོའོ། །དེའི་རྗོད་པ་ནི་རྒྱས་པ་དང་བཅས་པའོ། །ངེས་པར་གྱུར་པ་ཡང་མ་ཡིན་པ་ལ་ནི་རྒོལ་པའོ། །ངེས ་པར་བརྗོད་པ་ཞེས་བྱ་བ་ནི་དྲིས་པའོ། །དེ་ནི་རིགས་པ་སྟོན་པར་འདོད་པ་ཡིན་ཏེ་རང་ཉིད་འདྲི་བ་སྟེ་། དེ་ཅིའི་ཕྱིར་ཞེ་ན་། ཞེས་བྱ་བ་སྨྲས་ཏེ་། ཡང་དག་པའི་ཚིག་དེ་ག་ལས་ཤེས་ཤེ་ན་། སེམས་ཅན་ནི་བདག་སྟེ་དེ་ནི་འདིར་དཔེའོ། །ཡིད་ལ ་བྱེད་པ་ནི་རྣམ་པར་རྟོག་པ་སྟེ་དེ་ནི་དཔེ་ཅན་ནོ། །ངོ་བོ་ཉིད་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཏན་ཚིགས་བརྟག་པར་བྱའོ། །དེ་ལ་ངོ་བོ་ཉིད་མེད་པ་ནི་རང་གི་མཚན་ཉིད་དང་སྟོང་པ་ཉིད་ཀྱི་མཚན་ཉིད་དག་གི་འཛིན་པར་བྱེད་པ་ཉིད་དོ། ། ་དེས་ན་ཡང་ཇི་ལྟར་བདག་ངོ་བོ་ཉིད་མེད་པ་དེ་བཞིན་དུ་ཡིད་ལ་བྱེད་པ་ཡང་འཛིན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིག་སོ། །ལྷག་མ་རྣམས་ལ་ཡང་ངོ་བོ་ཉིད་མེད་པ་ཞེས་བྱ་བའི་གཏན་ཚིག་སུ་སྦྱར་རོ། །དངོས་པོ་ཡོད་པ་ནི་དངོས་པོ་ཉིད ་དོ། །དེ་དང་བྲལ་བ་ནི་མེད་པ་ཉིད་དོ་དབེན་པ་ནི་དངོས་པོ་ཉིད་དོ། །བསམ་གྱིས་མི་ཁྱབ་པ་ནི་དེའི་བསམ་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །མངོན་པར་བྱང་ཆུབ་པ་ནི་ཡང་དག་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པ་ཉིད་དེ་། ཡང་དག་པའི་ཇི ་ལྟ་བ་བཞིན་ནི་མ་ཡིན་པ་ཉིད་ཀྱིས་དོན་གྱིས་ཏེ་།མངོན་པར་བྱང་ཆུབ་བ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་མ་ཡིན་པ་ནི་སླབ་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟ་བུ་ཞེས་བྱ་བ་ནི་འདི་སྐད་བསྟན་པའོ། །ཡང ་འདི་ལྟ་བུས་ཞེས་བྱ་བ་ནི་ཡང་དག་པའི་དོན་ལེ་སོ་སོར་རྟོག་པས་སོ། །གནས་པ་ཞེས་བྱ་བ་ནི་ཞི་གནས་ཀྱི་ཚུལ་གྱིས་སོ། །འདོད་དོ་ཞེས་བྱ་བའི་སྒྲས་ནི་ལེའུ་ཡོངས་སུ་རྫོགས་པའི་དོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱད་པ་སྤྱོད་པ ་སེམས་བསྐྱེད་པ་ལ་སོགས་པ་བཅུའི་དོན་ཏོ། །དེ་གསལ་བར་བྱེད་པའི་ལེའུ་ནི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དགའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ ་ལས་ལེའུ་དང་པོའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནས་བརྩམས་ཏེ་ལམ་ཤེས་པ་བརྗོད་པར་བྱ་སྟེ། དེ་ཡང་དངོས་པོ་བཅུ་གཅིག་གིས་བསྟན་ཏེ། གང་གི་ཕྱིར་བསྟན་བཅོས་ལས་། མོག་མོག་པོར་བྱེད་ལ་སོགས ་དང་། སློབ་མ་བསེ་རུའི་ལམ་གང་དང། །འདི་དང་གཞན་པའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང། །བསྟོད་དང་བཀུར་དང་བསྔགས་པ་དང། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ ་མེད་དག་།སྒྲུབ་པ་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་བྱ་བ་གསུངས་ཏེ། ཉན་ཐོས་ཀྱི་ལམ་དང། རང་སངས་རྒྱས་ཀྱི་ལམ་དང། ་ཕན་ཡོན་ཆེ་བ་བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་དང། བསྒོམ་པའི་ལམ་གྱི་བྱེད་པ་དང། མོས་པ་ཡིད་ལ་བྱེད་པ་དང། བསྟོང་པ་དང། བཀུར་བ་དང། བསྔགས་པ་དང་། བསྔོ་པ་ཡིད་ལ་བྱེད་པ་དང་། རྗེས་སུ་ཡི་རང་བ་ཡིད ་ལ་བྱེད་པ་དང། སྒྲུབ་པ་དང། ཤིན་ཏུ་དག་པ་སྟེ་དངོས་པོ་བཅུ་གཅིག་པོ་དེ་དག་ནི་ལམ་ཤེས་པ་ཉིད་དེ་དེ་ཡང་བྱང་ཆུབ་སེམས་དཔའ་ཨི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་མོད་མོད་པོར་བྱེད་ལ་སོགས་དང་ཞེས་བྱ་བ་ལ་གང ་གི་ཕྱིར་བསྟན་བཅོས་ལས་། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང། །ཡུལ་ངེས་པ་དང་ཁྱད་པ་དང། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་བྱ་བ་གསུངས་ཏེ། རུང་བར་བྱ་བ་ཞེས་བྱ་བ་ནི་སེམས་བསྐྱེད ་པ་སྟེ། དང་པོའོ། །ཕྱིར་ཞེས་བྱ་བ་ནི་དེའི་དོན་དུའོ། །མོག་མོག་པོར་མཛད་ཅེས་བྱ་བ་ནི་ལྷ་རྣམས་ཀྱི་འོད་དམན་པའོ། །འོད་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་འོད་ཀྱིས་ཏེ་དེ་ནི་དོན་གཉིས་པའོ། །ཡུལ ་ངེས་པ་ཞེས་བྱ་བ་ནི་ཉིད་ཀྱི་ཡུལ་སོ་སོར་ངེས་པ་སྟེ་དོན་གསུམ་པའོ། །ཡུལ་ལ་ཁྱབ་པ་ནི་བཞི་པའོ། །རང་བཞིན་ལྔ་པའོ། །ལས་ནི་དྲུག་པའོ། །གལ་ཏེ་འདི་དག་དོན་དྲུག་ཡིན་ན་ཇི་ལྟར་དངོས་པོ་གཅིག་ཡིན་ཞེ་ན། འདི་ལམ་ཤེས་པའི་གཞི ་ནི་སེམས་བསྐྱེད་པ་སྟེ་དེ་དང་བྲལ་ན་དེ་མི་རུང་བའི་ཕྱིར་རོ། །དེས་ན་དེ་ཉིད་རུང་བ་ཞེས་བརྗོད་དེ་དེ་ཉིད་ནི་དེ་ལ་གཙོ་བོ་ཡིན་ནོ། །ལྷག་མ་ནི་དེའི་འཁོར་རོ། །གཙོ་བོ་ཡང་དངོས་པོ་གཅིག་ལ་གཙོར་འདོགས་པ་ཡིན་ནོ། །དེ་ལ་མོག་མོག་པོར་མཛད་པའི་དབང་དུ ་བྱས་ནས་ཡང་དེའ་ཚེ་ཞེས་བྱ་བ་གསུངས་སོ། །དེའི་ཚེ་ཞེས་བྱ་བ་ནི་དེའི་དུས་སུ། །ཡང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་དོན་མངོན་པར་རྟོག་པའི་ཁྱད་པར་གྱི་བྱེ་བྲག་གོ། །འདུས་ཏེ་ཞེས་བྱ་བ་ནི་ཚོགས་པའོ། །འཁོར་པ་ནི་འདུག་པའོ། །སུམ་ཅུ་རྩ་གསུམ་རིས་ཞེས་བྱ་བ ་ནི་སྟེ་ཚན་ནོ། །དེའི་དངོས་པོ་ནི་སུམ་ཅུ་རྩ་གསུམ་པའོ། །རྒྱལ་པོ་ཆེན་པོ་བཞི་ནི་རྣམ་ཐོས་སྲས་དང། ཡུལ་འཁོར་སྐྱོང་དང་།འཕགས་སྐྱེས་པོ་དང། མིག་མི་བཟང་ལ་སོགས་ཏེ་བྱང་ལ་སོགས་པའི་ཕྱོགས་རྣམས་ཀྱིའོ། །དེ་དག་གི་ཚོགས་ཀྱི་དངོས ་པོ་ནི་རིས་སོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ན་ཨིད་མི་མཛད་དེ་དེའི་བདག་པོ་ནི་ཚངས་པའོ། །དེའི་ཚོགས་ནི་དེའི་རིས་སོ། །བསམ་གཏན་བཞི་པའི་གོང་དུ་གནས་གཙང་མ་ལྔ་སྟེ། མི་ཆེ་བ་དང། མི་གདུང་བ་དང། གྱ་ནོམ་སྣང་བ་དང། ཤིན་ཏུ ་མཐོང་བ་དང། འོག་མིན་ནོ། །གཙང་མའི་གནས་གང་ཞེ་ན། འཕགས་པ་རྣམས་འདི་ཉིད་དུ་སྐྱེ་བའི་ཕྱིར་རོ། །དེ་དག་ནི་རིགས་ལྔ་དག་ལས་སྟོང་ཕྲག་ལྔ་ཡིན་ཏེ། གཟུགས་ཁམས་ཀྱི་ལྷའི་རིས་ལས་འདི་ཙམ་ཉིད་དེ། གོང་མ་ཇི་ལྟ་བ་བཞིན་དུ་འོད་དང་ནུས་པ་ལས ་ཁྱད་པར་དུ་གྱུར་པ་ཡིན་ནོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་དེ་ཡང་འཁོད་པ་སྟེ། གང་དེ་དག་གི་འོད་དེ་ཡང་ཟིལ་གྱིས་མནན་ཏེ་ཞེས་བྱ་བ་ནི་མོག་མོག་པོར་བྱས་པར་གྱུར་པའོ། །གང་ཡང་དེ་ཞེས་བྱ་བ་ནི་དུས་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རུང ་པར་བྱ་བ་ཡིན་ཞེ་ན་སེམས་བསྐྱེད་པ་དེའི་དོན་དུ་མོག་མོག་པོར་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མངོན་པར་ཟིལ་གྱིས་མནན་པར་ཤེས་པ་ནི་དེ་ལ་ཐམས་ཅད་ཀྱང་དད་པ་སྐྱེ་པའི་ཕྱིར་རོ། །འདི་ནི་སྣང་པའོ། །རང་གི་ལས་ཀྱི་རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པའོ། །དེ ་ལས་སྐྱེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། མངོན་པར་འདུ་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །གང་གི་རྒྱུས་ཟིལ་གྱིས་མནན་པ་ཡིན་ཞེ་ན་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ། །བྱེད་པ་གང་གིས་ཞེ་ན་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཏེ། སངས་རྒྱས་བཅོམ་ལྡན་འདས ་ཀྱི་རང་བཞིན་གྱི་འོད་ཀྱིས་སོ། །དེ་དག་ཀྱང་མཐུ་ཆེན་པོ་ཡིན་ན་ཅིའི་ཕྱིར་སླར་ཟིལ་གྱིས་གནོན་པ་བྱེད་པ་མ་ཡིན་ཞེ་ན། སངས་རྒྱས་ཀྱི་མཐུས་ཞེས་གསུངས་ཏེ་།སངས་རྒྱས་ཀྱི་མཐུ་ནི་ཐམས་ཅད་པས་མཐུ་ཆེ་བ་ཡིན་ཏེ་།དེ་དག་གི་མཐུ་ཟིལ་གྱིས་གནོན་པར་བྱེད་དོ ་ཞེས་བྱ་བར་བསམས་ཏེ་དེ་ནི་མོག་མོག་པར་བྱེད་པ་ཉིད་དོ། །ཡང་དེའི་?་ཞེས་བྱ་བ་ལ་སོགས་པ་ལ། དྲུང་ནས་ཞེས་བྱ་བ་ནི་ཉེ་བར་ལས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་འདི་དང་སྦྱར་ཏེ་ལམ་ཤེས ་པ་ཞེས་བྱ་བའི་དོན་ཏོ། །མན་ངག་ཅེས་བྱ་བ་ནི་ཉེ་བར་སྟོན་པ་དེ་ཉིད་ཀྱི་དོན་ཏེ་རྟོགས་པའི་ཕྱིར་སྨྲ་བ་ནི་མན་ངག་གོ་།དེ་དང་རྗེས་སུ་འབྲལ་བར་བྱ་བའི་ཕྱིར་བསྟེན་པ་ནི་རྗེས་སུ་བསྟན་པའོ། །དེ་དང་ལྷན་ཅིག་པའི་བསྟན་པ་ནི་རྗེས་སུ་བསྟན་པ་ཞེས་ཚིག་བསྡུས་པའོ། །གནས ་པར་བགྱི་ཞེས་བྱ་བ་ནི་ངོས་པ་ལས་བྱུང་བའི་ཤེས་རབ་བོ། །བསླབ་པར་བགྱི་ཞེས་བྱ་བ་ནི་བསམས་པ་ལས་བྱུང་བའོ། །རྣལ་འབྱོར་དུ་བགྱི་ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བའོ། །མཐུ་ཞེས་བྱ་བ་ལ་སོགས་པ་འོད་ལ་སོགས་པའི་རྣམ་གྲངས་སོ། །དེ་ལ་མཐུ ་ཞེས་བྱ་བ་ནི་བསྟན་པའོ། །ཅིག་ཤོས་གཉིས་ནི་རྗེས་སུ་བསྟན་པའོ། །གཟི་བརྗིད་ཅེས་བྱ་བ་ནི་སྤོབས་པ་དང་ནུས་པ་སྐྱེད་པར་བྱེད་པའི་འོས་ཀྱིས་སོ། །བྱིན་གྱིས་བརླབས་ནི་རབ་ཏུ་སད་པར་བྱེད་པའོ། །དེ་ཡན་ཆད་ཀྱི་ཚིག་གི་ནི་རུང་བ་ཉིད་ཀྱི་སྐབས་སུ ་བྱས་ནས། བྱང་ཆུབ་སེམས་དཔའ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་རུང་བ་ཉིད་དོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམན་པའི་ལམ་གྱིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་ཡང་དག་པ་ཉིད་དོ། །དེ ་ལ་ངེས་པ་ནི་ཡང་དག་པ་ཉིད་དུ་ངེས་པའོ། །དེ་ལ་ཞུགས་པ་ནི་ཐོབ་པའོ། །མཚམས་བཅད་པ་ནི་ཟབ་པ་བཅད་པའོ། །གང་ཡང་དཔེར་ན་རྒྱུན་ཏུ་ཞུགས་པ་སྲིད་པ་ལན་བདུན་པ་དང། སྐྱེ་བ་གཉིས་པ་དང། གསུམ་པ་འཁོར་བར་རིགས་ནས་རིགས་སུ་སྐྱེ་བ་དེ་ལ་ནི་བླ ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་མཚན་གྱི་སེམས་བསྐྱེད་པའི་སྐལ་བ་མེད་དེ། དེ་ནི་ཉན་ཐོས་ཞི་བ་གཅིག་ཏུ་ངེས་པའི་ཐེག་པས་བྱང་ཆུབ་བྱེད་པར་མི་ནུས་ཏེ། ནམ་ཡང་འདོད་པ་མེད་པའི་ཕྱིར་རུང་བ་ཉིད་ཀྱིས་ཡུལ་ངེས་པའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས ་པ་ནས་རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བའི་བར་གྱིས་ཁྱབ་པར་བསྟན་ཏོ། །ཉན་ཐོས་བྱང་ཆུབ་རྗེས་སུ་བཟུང་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །དེ་དག་གིས་རང་གི་བྱང་ཆུབ་རྟོགས་པར་བྱས་ནས་ཀྱང་སངས་རྒྱས་དང་བྱག་ཆུབ་སེམས ་དཔའ་འཇིག་རྟེན་ལས་འདས་པའི་འབྱོར་པ་མཐོང་ནས་རང་ཉིད་ཀྱིས་བསླུས་པ་བཞིན་དུ་སེམས་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་མི་གཡོ་བའི་ས་པའི་བྱང་ཆུབ་སེམས་དཔའ་བཞིན་དུ་སྤྲུལ་པའི་གཟུགས ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྤྱད་ནས་བྱང་ཆུབ་མཆོག་རྟོགས་པ་ནི་ཁྱབ་པའོ། །དེ་དག་གི་དགེ་བའི་ཕྱོགས་ལ་ཁོ་བོ་བར་ཆད་མི་བྱེད་དོ། །ཞེས་བྱ་བ་ནི་རང་བཞིན་ནོ། །དགེ་བའི་ཕྱོགས་དེ་ནི་དགེ་བའི་ཚོགས་ཏེ་དགེ་བའི་ཆོས་ཡང་དག་པར་སྡུད་པའི ་ཕྱིར་བསྐྱེད་པ་སྟེ་དེའི་ཕྱིར་དགེ་བའི་ཕྱོགས་སྐྱེ་བར་རུང་བ་ཉིད་ཀྱི་རང་བཞིན་ནོ། །ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་བའི་ཆོས་རྣམས་ལ་ལྷག་པར་དམིགས་པར་། ཞེས་སྨོས་པ་ནི་དེའི་ལས་སོ། །ཁྱད་པར་དུ་འཕགས་པ་ལས ་ཞེས་བྱ་བར་སྦྱར་ཏེ་དེས་ནི་བྱང་ཆུབ་ཀྱི་སེམས་བཟུང་ཏེ་དེ་ལས་བྱུང་བས་ནི་རྒྱུའི་ལྔ་པའོ། །ཆོས་རྣམས་ལས་། ཞེས་བྱ་བ་ནི་འབྲས་བུ་དང་རྒྱུར་གྱུར་པའི་ཐེག་པ་ཆེན་པོའི་ཆོས་བཟུང་བ་ཡིན་ནོ། །དམིགས་པར་བྱ་ཞེས་བྱ་བ་ནི་ཐོབ་པར་བྱའོ། །དེ་བས་ན་ཁོ་བོ་བར ་ཆད་མི་བྱེད་དོ། །ཞེས་བྱ་བ་ནི་གང་གི་ཕྱིར་གྱི་སྒྲའི་དོན་ཏོ། །ཐེག་པ་ཆེན་པོ་ནི་རྣམ་པ་གཉིས་ཀ་ཐོབ་པར་བྱ་བ་ཡིན་ཏེ་། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །བྱང་ཆུབ་ཀྱི་སེམས་འདི་ཉིད་བསྐྱེད་པའི་ཕྱིར་སྤྲོ་བར་བྱེད་པ་ནི་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ ་ཡང་དག་པར་མགུ་བར་བྱེད་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་གཉིས་པ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་བ་ཡིན་ལ། ལམ་ཤེས་ཉིད་ལ་སྤྲོ་བར་བྱེད་པ་ཡིན་ཏེ་དེས་ན་དེས་དེ་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ ་སོགས་པ་གསུངས་སོ། །ཁྱོད་ལེགས་སོ། ཞེས་བྱ་བ་ནི་གཞན་གྱི་དོན་ཆེན་པོ་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་དྲིན་གཟོ་བར་བགྱི། ཞེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་གྱི་ཉན་ཐོས་རྣམས་ཀྱིས་རྒྱལ་བའི་སྲས་ལ་བཀུར་བསྟི ་མང་དུ་བྱས་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀུར་སྟི་བྱའོ། །ཞེས་བྱ་བ་ནི་བྱས་པ་གཟོ་པའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། ཞེས་བྱ་བ་ནི་བྱས་པ་གཟོ་བ་དེ་ཉིད་རྒྱུ་གང་གིས ་སོ། །སྔོན་ཞེས་བྱ་བ་ནི་སྔ་མའོ། །ཚངས་བ་ནི་མྱ་ངན་ལས་འདས་པའོ། །དེའི་ཕྱིར་སྤྱོད་པ་ནི་ཚངས་པར་སྤྱོད་པའོ། །དེ་སྤྱོད་པ་ནི་བྱང་ཆུབ་ཀྱི་ཕྱིར་ཏེ་།དེ་བས་ན་བྱང་ཆུབ་ཀྱི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་ཅེས་བྱ་བའི་དོན་ཏོ། །གཞན་དག་གིས། ་ཞེས་བྱ་བ་རྣམ་པར་དབྱེ་བ་དང་འདྲ་བའི་ཚིག་གི་ཕྲང་དེ་ཇི་ལྟར་གྱི་དོན་ཏོ། །རྗེས་སུ་བཟུང་བར་བགྱིའོ། །ཞེས་བྱ་བ་ནི་གདམས་པར་བྱའོ། །རྗེས་སུ་ཡོངས་སུ་བཟུང་བར་བགྱིའོ། །ཞེས་བྱ་བ་ནི་རྗེས་སུ་བསྟན་པར་བྱའོ། །ཚིག་འོག་མ ་དག་ལས་སམ། ཞེས་བྱ་བའི་སྒྲ་ནི་ཡང་དག་པའི་དོན་ཏོ། །བདག་ཅག་གིས་ཀྱང། ཞེས་བྱ་བ་ནི་ཉན་ཐོས་ཀྱིས་ཀྱང་ངོ། །བདག་ཅག་ཅེས་བྱ་བ་ནི་རིགས་འཐུན་པ་དག་གི་ནང་གི་ཐ་སྙད་དོ། །ལེགས་པར་ཉོན་ལ། ཞེས་བྱ་བ་ནི་རྩེ་གཅིག་པར་ཉོན་ཅིག ་པའོ། །ཤིན་ཏུ་ཞེས་བྱ་བ་ནི་རྩེ་གཅིག་པའི་ཡིད་ཀྱིས་སོ། །ཡིད་ལ་ཟུང་ཞིག་ཅེས་བྱ་བ་ནི་བསམས་པ་དང་བསྒོམས་པ་ལས་བྱུང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བའོ། །ཞེས་བྱ་བ་ནི་ལམ་ཤེས་པར་བྱ་བ་ལ་སྤྱད་པར་བྱ ་པའོ། །དེ་ལ་དང་པོ་ཉན་ཐོས་ཀྱི་ལམ་ལ་མཐོང་བའི་ལམ་གྱི་དབང་དུ་བས་ནས། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཆེན་པོས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྟོང་པ་ཉིད་ལ་གནས་པ། ཞེས་བྱ་བ་བདེན་པ་བཞི་ནི་ཕྱིན་ཅི་མ་ལོག་པ་ཡིན་པའི ་ཕྱིར་འཕགས་པ་རྣམས་ལ་བདེན་པ་ཉིད་ཀྱིས་སོ་སོར་སྣང་གི་བྱིས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་དེ་ཉིད་འཕགས་པའི་བདེན་པ་ཡིན་ཏེ། སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་མོ། དེ་ལ་སྡུག་བསྔལ་ནི་འཁོར་བར ་གཏོགས་པའི་ཕུང་པོ་རྣམས་སོ། །སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་ངོ། །སྡུག་བསྔལ་ཟད་པ་ནི་འགོག་པའོ། །དེ་ཐོབ་པར་བྱེད་པའི་ཤེས་པ་ནི་ལམ་མོ། །འཕགས་པའི་བདེན་པ་བཞི་པོ་འདིའི་རྣམ་པ་གང་ཡིན་པ་དེ་དག་གི་སྟོང་པ་ཉིད་ལ་གནས་པ་ནི་སྟོང ་པ་ཉིད་ལ་གནས་པའོ། །དེ་ལྟ་བུའི་སྟོང་པ་ཉིད་མཐོང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་། ཞེས་བྱ་བ་ནི་ཉན་ཐོས་ཀྱི་མཐོང་བའི་ལམ་ལ་གནས་པར་བྱ་བ་སྟེ། མཉམ་པར་བཞག་པའི་སེམས་ཀྱིས་སོ། །སྟོང་པ་ཉིད་མཐོང་བ་ཡང་མི་དམིགS ་པའོ། །དེ་བཞིན་དུ་བསྟན་བཅོས་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི་།རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་ནི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ལ་བདེན་པ་ནི་རྣམ་པ་བཅུ་དྲུག་ཏུ་བརྗོད་དེ། ་འདི་ལྟ་སྟེ་སྡུག་བསྔལ་ནི་མི་རྟག་པ་སྟེ། སྡུག་བསྔལ་བ་དང། བདག་མེད་པ་དང། སྟོང་པ་སྟེ་དེ་ནི་ཤེས་པར་བྱའོ། །ཀུན་འབྱུང་བ་ནི་རྒྱུ་དང་།ཀུན་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་དང། འགོག་པ་ནི་འགོག་པ་དང། ཞི་བ་དང། གྱོ་ནོམ་པ་དང། ངེས་པར་འབྱུང ་བ་དང། ལམ་ནི་ལམ་དང། རིགས་པ་དང། བསྒྲུབ་པ་དང། ངེས་པར་འབྱིན་པའོ། །དེ་དག་ནི་སྤང་བ་དང། མངོན་སུམ་དུ་བྱ་བ་དང། བསྒོམ་པ་དག་གོ་རིམ་བཞིན་ཏེ། དེ་དག་ནི་འདིར་མི་གཟུང་ངོ། །གང་ཡང་བཅོམ་ལྡན་འདས་མ་ཆེན་མོ་བག་ལས་གསུངས་པ་དེ ་འདིར་གཟུང་སྟེ་།ཉན་ཐོས་ཀྱི་བྱང་ཆུབ་དེ་ནི་མྱུར་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་ལ་རྣམ་པ་བཞིས་ཡིད་ལ་བྱེད་པ་ནི་སྔ་མ་བཞིན་ཏེ། མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དད་བཞི་པའོ། །རིམ་པ་བཞིན་དུ་སྐྱེ་བ་དང་འཇིགས་པ་དང ་འབྲེལ་པའི་ཕྱིར་དང། མི་མཐུན་པའི་ཕྱིར་དང། བདག་གི་མཚན་ཉིད་མ་ཡིན་པའི་ཕྱིར་དང། བདག་གིས་སྟོད་པའི་ཕྱིར་དབ། བདག་གི་ཕྱིར་བདག་ཉིད་ཀྱིས་སྟོང་པ་ནི་ཞི་བ་སྟེ། ཤི་བའི་རོ་བཞིན་ནོ། །ཀུན་འབྱུང་ལ་རྣམ་པ་བཅུ་གཅིག་ཏུ་མཛད་ནས་བསྟན་ཏེ། དེས་ན་རྣམ ་པ་བཞི་སྤང་བར་བྱ་བའི་དོན་དུ་ནད་དང། ཤུ་བ་དང། ཟུག་རྡུ་དང། སྡིག་པའོ། །སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིར་དང། སྡུག་བསྔལ་གྱི་ཁྱད་པར་ཅན་གྱི་རྒྱུ་ཉིད་ཀྱི་ཕྱིར་དང། དེ་འབྱུང་དཀའ་བའི་ཕྱིར་དང། འདི་དང་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་སྡིག་པ་དང་ཆོས་འཐུན ་པའོ། །ཡང་བཞིས་བདེན་པ་ཉིད་ཡོངས་སུ་ཤེས་པའི་དོན་དུ་དགྲ་དང། འཇིག་པའི་ཆོས་ཉིད་དང། གཡོ་བ་དང། རབ་ཏུ་འཇིག་པ་ལས་སོ། །གང་གི་ཕྱིར་བདག་འཇིག་པར་ནུས་པས་དགྲའོ། །སྐད་ཅིག་རེ་རེ་ལ་འཇིག་པའི་ཕྱིར་འཇིག་པའི་ཆོས་ཉིད་དོ། །དགྲ་བཅོམ་ ་པས་ལམ་གྱི་རང་བཞིན་གྱིས་རྩ་བ་ནས་བཏོན་བའི་ཕྱིར་གཡོ་བའོ། །འཇིག་པར་བྱེད་བའི་ཕྱིར་རབ་ཏུ་འཇིག་པའོ། །རྟུན་བའི་དོན་ཡང་རྣམ་པ་གསུམ་སྟེ། འཇིག་པ་དང། འཚོ་བ་དང། འགོ་བའི་ནད་དེ་ཐོག་འབབ་པ་ལ་སོགས་པ་འཇིག ་པའི་རྒྱུར་གྱུར་པའི་ཕྱིར་དང། འབྱུང་པོ་དང། སྲིན་པོ་ལ་སོགས་པ་དང། ཆོས་འཐུན་པའི་ཕྱིར་དང། མུ་གེ་དང། ཕ་རོལ་གྱི་དམག་ཚོགས་ལ་སོགས་པ་དང་ཆོས་འཐུན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་ཟློག་པ་མ་རིགས་པ ་གནས་འདུ་བྱེད་འགག་པ་ནས་བརྩམས་ནས། དེ་བཞིན་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འདི་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་དེ་ལ་འགོག་པས་ན་འགོག་པ་སྟེ་།འགོག་པའི་བདེན་པའོ། །འདིས་འགོག་པས་འགོག་པ་སྟེ་ལམ་གྱི་བདེན་པའོ། ། ་དེ་ལ་འགོག་པའི་བདེན་པ་ནི་རྣམ་པ་བདུན་ཏེ། བདག་མེད་པ་དང། ཞི་བ་དང། རྣམ་པར་དབེན་པ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུས་མ་བྱས་པའོ། །གང་གི་ཕྱིར་རྣལ་འབྱོར་བའི་བདག་ཉིད་ནི་སྡུག ་བསྔལ་གྱི་ཕུང་པོའི་བདག་ཉིད་དོ། །དེས་ན་སྡུག་བསྔལ་མེད་པས་བདག་མེད་པའོ། །ཉོན་མོངས་པ་ཉེ་བར་ཞི་བས་ཞི་བའོ། །སྡུག་བསྔལ་བ་དང་ཉོན་མོངས་པ་ནི་གཙང་བའོ། །དེ་དག་ཉེ་བར་ཞི་བས་རྣམ་པར་དབེན་པ་སྟེ་གཙང་བ་ཞེས་བྱ་བའི་དོན་ཏོ། །བདག ་དང་བདག་གི་དང་བྲལ་བས་ན་སྟོང་པ་ཉིད་དོ། །འདུས་བྱས་ཐམས་ཅད་ཀྱི་རྒྱུ་མཚན་མེད་པས་མཚན་མ་མེད་པའོ། །ཁམས་གསུམ་དུ་སྨོན་པ་ནི་སྨོན་པ་སྟེ། དེ་ཟད་པ་ནི་སྨོན་པ་མེད་པའོ། །མ་འོངས་པའི་ལས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་མངོན་པར་འདུ ་མི་བྱེད་བའོ། །འགོག་པ་ཐོབ་པར་བྱེད་པའི་ལམ་གྱི་བདེན་པ་ལ་ཡང་རྣམ་པ་བདུན་པོ་དེ་དག་ཉིད་དེ་དེས་ན་བདག་མེད་པ་དང། ཞི་བ་དང། རྣམ་པར་དབེན་བ་ལ་སོགས་པ་ཐོབ་པར་བྱེད་པས་ལམ་ལ་ཡང་བདག་མེད་པ་དང། ཞི་བ་དང། རྣམ་པར་དབེན་པ ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་མི་བྱེད་པ་སྟེ་།རྣམ་པ་ཉི་ཤུ་རྩ་དགུ་པོ་དེ་དག་དང་ལྡན་པས་ཉན་ཐོས་ཀྱི་ལམ་གྱིས་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་བའི་ཕྱིར་རོ། །དེ་དག་གི་རྣམ་པ་ཐམས་ཅད་མི་དམིགས ་བས། ལམ་ཤེས་པ་ཉིད་ལས་འཇུག་པར་འགྱུར་ཏེ་དེས་ན་ཀཽ་ཤི་ཀ་དེའི་ཕྱིར། ཞེས་བྱ་བ་ནི་གང་གི་ཕྱིར་ཐེག་པ་དམན་པའི་ལམ་བསྒོམས་པས་བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པས་དམན་པའི་བྱང་ཆུབ་ཏུ་ལྟུང་བར་འགྱུར་རོ་ཞེས་དོགས་པར་བྱས་ནས། ་ཀཽ་ཤི་ཀ་དེའི་ཕྱིར་ལམ་ཤེས་པ་འདི་ལ་གོ་ཆ་ཆེན་པོ་ནི་ཐབས་ལ་མཁས་པ་ཆེན་པོའོ། །དེ་གྱོན་པ་ནི་བགོས་པ་སྟེ་བདག་ཉིད་བསྲུང་བའི་དོན་དུའོ། །དེ་ལ་གོ་ཆ་ཆེན་པོ་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་བསྒོམ ་པར་བྱེད་པའོ། །ལངས་ནས་ཀྱང་དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ་།དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །དེ་ནི་ཉན་ཐོས་ཀྱི་མཐོང་བའི་ལམ་མོ། །འདིའི་འོག་ཏུ་ངེས་པར་འབྱེད་བའི་ཆ་དང་འཐུན ་པ་བཤད་པར་བྱ་སྟེ། གཟུགས་ལ་གནས་པར་མི་བྱའོ། །ཞེས་བྱ་བ་ནས་བཙམས་ནས། འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལ་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ། །ཞེས་བྱ་བའི་བར་གྱིས ་ནི་དྲོ་བ་བསྟན་ཏོ། །དེའི་འོག་ཏུ་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ། །ཞེས་བྱ་བའི་བར་གྱིས་ནི་རྩེ་མོ་བསྟན་ཏོ། །དེ་ནས་རྣམ་པར་ཤེས་སྟོང་བའོ། །ཞེས་དམིགས་པས་གནས་པར་མི་བྱའོ། །ཞེས་བྱ་བའི་བར་གྱིས་ནི་བཟོད་པ་བསྟན་ཏོ། །ལྷག ་མས་ནི་ཆོས་ཀྱི་མཆོག་གོ་།དེ་ལ་གཟུགས་ལ་སོགས་པ་ལ་གནས་པ་མེད་པ་ལ་མངོན་པར་ཞེན་པ་མེད་པས་དྲོ་བའོ། །གཟུགས་ལ་སོགས་པ་དེ་དག་གི་མཚན་ཉིད་མི་དམིགས་པ་ནི་རྩེ་མོའོ། །གཟུགས་ལ་སོགས་པ་ལ་གཉིས་སུ་མི་དམིགས ་བ་ནི་བཟོད་པའོ། །དམིགས་པར་བྱེད་པས་ན་དམིགས་པ་སྟེ་དེ་བས་ན་སྟོང་པ་ཉིད་ལ་དམིགས་པ་ཉིད་ཀྱང་གཉིས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཁྱད་པར་དག་ལ་མི་གནས་པ་ནི་ཆོས་ཀྱི་མཆོག་གོ། །བཅོམ་ལྡན ་འདས་ཡུམ་དེ་དང་དེ་ཡི་བསྟན་བཅོས་གཞན་དུ་དྲང་བར་བྱ་སྟེ། གཟུགས་སོགས་མི་གནས་པ་ནི་དྲོང། །དེ་བཞིན་ཞེས་གང་རྩེ་མོ་ཡིན། །གཟུགས་སོགས་རྟག་དང་མི་རྟག་ཅེས། །མི་གནས་དེ་ནི་བཟོད་པ་ཡིན། །འདིར་ནི་སྐྱེས་བུ་འཕགས་འབྲས ་དང། །ཁྱ་པར་དག་ལ་མི་གནས་པ། །དེ་ཉིད་ཆོས་མཆོག་ཅེས་བྱ་སྟེ། །འཕགས་པ་ཉན་ཐོས་ལམ་ཡིན་ནོ། །འདིར་མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བྱའོ། །ཞེས་བྱ་བ་ནི། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ཚོགས་པ་གང ་ཡིན་པའི་བདེ་བ་ལ་སོགས་པ་དང་འཐུན་པའི་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་འདྲ་བ་ཙམ་གྱིས་དེ་བདེ་བ་ལ་སོགས་པ་བསྐྱེད་བའི་སེམས་ལས་བྱུང་བའི་རེག་པ་ལ་བརྗོད་དོ། །དབང་པོའི་འགྱུར་བ་དང་འདྲ་བའི་རེག་པ། ཞེས་བྱ་བ་ནས། དེས ་ན་དབང་པོའི་དྱེ་བས་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རིག་པའི་བར་དུ་ཡིན་ཏེ། དེ་ཡང་ཆོས་མངོན་པ་ལས་གསུམ་འདུས་པ་ལས་དབང་པོའི་འགྱུར་བ་ཡོངས་སུ་གཅོག་པ་ནི་རེག་པ་ཏེ་ཚོར་བ་སྐྱེད་པའི་ལས་ཅན་ནོ། །ཞེས་གསུངས་སོ།། ་སྡུག་པ་ཞེས་བྱ་བ་ནི་གཙང་བའོ། །མི་སྡུག་པ་ནི་མི་གཙང་བའོ། །འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ། ཞེས་བྱ་བ་ནི་ཉོན་མོངས་པ་མ་རིག་པ་ཟད་པ་ནས་འདུས་མ་བྱས་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་འདིར། ཞེས་བྱ་བ་མི་འདོད་པའི་ཁམས་སུའོ། །དེ་ཉིད་དུ ་ཞེས་བྱ་བ་ནི་ང་ཉིད་དུ་སྐྱེ་བའོ། །ཕུང་པོའི་ལྷག་མ་མ་ལུས་པ། ཞེས་བྱ་བ་ནི་ཕུང་པོ་ནི་ཚོགས་སོ། །དེ་ལྷག་མ་ཡིན་པས་ཕུང་པོའི་ལྷག་མའོ། །དེ་ལས་ཟློག་བའི་ཕྱིར་ཕུང་པོའི་ལྷག་མ་མེད་པའོ། །སངས་རྒྱས་ཀྱི་མྱ་ངན་ལས་འདའ་བ། ཞེས་བྱ་བ་ནི ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ཏེ། རིམ་པ་བཞིན་དུ་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཟད་པས་ཟག་པ་མེད་པའི་ཆོས་ལ་འགྲོ་བ་མཛའ་ཡས་པའི་དོན་དུ་ནམ་མཁའ་ཨི་མཐས་གཏུགས་པའི་བར་དུ་གནས་པའོ། །བཞེངས་པ་ཡང་མ་ཡིན་ནོ། །ཞེས ་བྱ་བ་ནི་ཐོབ་པ་ཉམས་པ་མེད་པའི་ཕྱིར་རོ། །མི་གནས་ཤིང་མི་གནས་པ་ཡང་མ་ཡིན། ཞེས་བྱ་བ་ནི་གནས་པ་མེད་པའི་ཡིད་ཀྱི་ཕྱིར་དང་གཞེངས་པ་མེད་པའི་ཕྱིར་རོ། །རྣམ་པར་མི་གནས་ཤིང་རྣམ་པར་མི་གནས་པ་ཡང་མ་ཡིན་པ། ཞེས་བྱ་བ་ནི་སྤོང་བའི་ཚུལ ་གྱིས་སྔ་མ་བཞིན་ནོ། །ལྷག་མ་ནི་རྟོག་པར་སླ་སྟེ། དེ་ནི་ཆོས་ཀྱི་མཆོག་གོ་།དེ་ལྟར་ཉན་ཐོས་ཀྱི་ལམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་མཐུས་བསེ་རུའི་ལམ་གྱི་གནས་སྐབས་ལ་ལྷའི་བུ་ཁ་ཅིག་རྣམ་པར་རྟོག ་པ་འདི་ལྟ་བུར་གྱུར་ཏེ། དེའི་དབང་དུ་བྱས་ནས་དེ་ནས་འཁོར་དེའི་ནང་ནས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁ་ཅིག་།ཅེས་བྱ་བ་ནི་གང་རབ་འབྱོར་གྱིས་བསྟན་པའི་ཉན་ཐོས་ཀྱི་ལམ་ཡང་ཟབ་བར་བསམས་པའོ། །ཇི་ལྟར་གནོད་སྦྱིན་རྣམས། ཞེས་བྱ ་བ་ནི་དེ་དག་གིས་བརྗོད་བའོ། །ཇི་ལྟར་གནོད་སྦྱིན་རྣམས་ཀྱི་བརྗོད་པ་ནི་བསྟན་པ་དེ་དག་གིས་སྐད་ཀྱིས་སོ། །དེ་ལ་སྒྲ་དེ་དག་དང། ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་རྗེས་སུ་བསྟན་པའོ། །ཚིག་ནི་དག་གོ་།བརྗོད་པ་ནི་དག་གི་ཚོགས་སོ། །ཚིག་ཏུ་སྨྲ་བ་ནི་ཚིག་དང ་དག་གིས། །སྨྲ་བ་ནི་དག་གི་ཚོགས་ཀྱིས། །བཤད་པ་ནི་རྟོགས་པར་བྱེད་བའོ། །དེ་ནས་ཚེ་དང་ལྡན་པ། ཞེས་བྱ་བ་སོགས་པ་སྟེ། འདི་ནི་ཞེས་བྱ་བ་ནི་སྐབས་ལ་བབ་བའི་ཕྱིར་བློ་ལ་གནས་པའི་བསེ་རུའི་ལམ་སྟོན་པར་བྱེད་དོ། །ཤེས་པར་མི་རུང་ཤེས་པར ་མི་རུང། ཞེས་བྱ་བའི་ཚིག་གཉིས་ནི་ངེས་པར་བཟུང་བའི་དོན་ཏོ། །སྲིད་པ་ཐ་མ་གཞན་ལས་རྣམ་པར་མི་ཤེས་པ་ནི་བསེ་རུ་ཏེ། བསེ་རུའི་ཐེག་པ་དེ་དག་ལ་ནི་གཞན་གྱིས་བསྟན་པ་དོན་མེད་དེ། གང་གི་ཕྱིར་དེ་དག་ནི་རང་བྱུང་བ་ཉིད་ཀྱིས་རང་གི་མངོན་སུམ་དུ ་འགྱུར་བ་ཡིན་ཏེ། དེ་བས་ན་གཞན་གྱིས་བསྟན་པ་དོན་མེད་དོ། །འདི་ལྟར། ཞེས་བྱ་བ་ནི་འདི་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་ཅུང་ཅད་ཀྱང། ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་བསེ་རུའི་ཐེག་པ ་ལའོ། །ཕུང་པོ་དང། ཁམས་དང། སྐྱེ་ཆེད་ལ་སོགས་པ་ཅུང་ཟད་ཀྱང་སྨོས་པ་མེད་དེ། ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཆོས་གང་ཡང་མེད་བས་སོ། །ཐོས་པ་ནི་ཉན་པ་པོ་སྟེ། ཆོས་ཐམས་ཅད་རང་རང་གི་ངོ་བོ་མེད་པའི་ཕྱིར་ཏེ་།དཔེར་ན་སངས་རྒྱས་ཀྱི་སྤྲུལ་པས ་སྤྲུལ་པའི་འཁོར་རྣམས་ལ་ཆོས་བཤད་པ་ན་ཅུང་ཟད་ཀྱང་བསྟན་པ་མེད་ལ། སུས་ཀྱང་སྟོན་པ་མེད་ཅིང་གང་ཡང་ཉན་པ་མེད་པ་བཞིན་ནོ། །དེ་ནས་ལྷའི་བུ་དེ་དག་ལ་སོགས་པ། ཞེས་གསུངས་སོ། །གསལ་བ་ནི་ཟབ་པ་མ་ཡིན་པའོ། །ལན་གཉིས་བརྗོད་པ་ནི ་དགའ་བས་སོ། །འདི་ནི་ཞེས་བྱ་བ་ནི་བདག་ཅག་གི་རྣམ་པར་རྟོག་པའོ། །འཕགས་པ་མ་ཡིན་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་རིང་བའི་ཕྱིར་དང། སྤྲོས་པ་མེད་པ་ཉིད་ཀྱིས་ཕྲ་བའི་ཕྱིར་རོ། །གཟུང་བར་དཀའ་བ་ཉིད་ཀྱི་ཟབ་བོ། །ཉན་ཐོས་ཀྱི་ལམ་གྱི་ཡེ་ཤེས་ཀྱི ་སེམས་པས་ཆེས་རིང་བ་དང། ཆེས་ཕྲ་བ་དང། ཆེས་ཟབ་པས་རབ་ཏུ་འཇུག་པའོ། །སྟོན་པ་ནི་ཚིག་གིས་།འཆང་པ་ནི་དོན་གྱིས་སོ། །འདི་ལྟར་དེ་ལ་ཅུང་ཟད་ཀྱང་སྨོས་པ་མེད་དོ། ཞེས་གསུངས་པ་དེ་ནི་ཤེས་པ་ཟབ་པ་ཉིད་དུ་བསྟན་ཏོ། །དེས་ན་བསྟན་བཅོས་ལས། ་གཞན་གྱིས་བསྟན་ཡང་མི་དགོས་ལ། །རང་བྱུང་བདག་ཉིད་རྟོགས་བའི་ཕྱིར། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་གསུངས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཞེས་བྱ་བ་ནས། བཟོད་པ་འདི་ལམ ་བཏན་བར། ཞེས་བྱ་བ་དང། དེ་ལྟར་འདི་ལ་ཅུང་ཟད་ཀྱང་སྨོས་པ་མེད་དེ། ཞེས་བྱ་བ་ལ་སོགས་པ་གསུངས་པས་ནི་ཤེས་པའི་གཟུང་བ་མེད་པས་ཐོབ་པ་མེད་པ་ཉིད་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དེས་ན་ཉན་ཐོས་ཤེས་པ་ཡང་བླང་བར་བྱ་བ་ཡིན། དེ་བཞིན་གཤེགས ་བའི་ཡང་བླད་བར་བྱ་བ་ཡིན། བསེ་རུ་ལྟ་བུའི་ཡང་ཤིན་ཏུ་རྟོགས་པར་བྱ་བ་ཡིན་ནོ་ཞེས་བསམས་སོ། །དེ་ནི་བསེ་རུ་ལྟ་བུའི་གཟུང་བའི་རྣམ་པར་རྟོག་པ་སྤང་བའོ། །དེ་ནས་ཡང་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། ཞེས་བྱ་བ་ལ་སོགས་པ་ལ་སྔགས་ལ་སོགས ་པའི་སྟོབས་ཀྱིས་ལོག་པའི་སྐྱེས་བུ་སོ་སོར་སྣང་བ་ནི་སྒྱུ་མའོ། །འདྲ་བར་སྟོན་པ་ནི་སྤྲུལ་པ་སྟེ་དེ་གཉིས་ལྟ་བུའོ། །དེ་གཉིས་དང་འདྲ་བ་ནི་སྒྱུ་མ་དང་འདྲ་བའི་སེམས་ཅན་དེ་སྒྱུ་མ་ཉིད་ནི་མ་ཡིན་ནོ། །ལོག་པ་ཉིད་ནི་སྒྱུ་མ་ཉིད་དུ་བསམས་སོ། །ཡང་རབ?་འབྱོར་གྱི་བསམས་པ ་ནི་ལོག་པའི་ཁྱད་བར་གྱི་སྒྱུ་མ་དང་རྨི་ལམ་སྟེ། དེ་གཉིས་དང་འདྲ་བ་ནི་ལོག་པ་ཉིད་དོ། །དེ་བས་ན་སྒྱུ་མ་དང་སེམས་ཅན་ནི་ལོག་པ་ཉིད་དུ་གཉིས་སུ་མེད་པ་ཡིན་ཏེ་ཁྱད་བར་མེད་པ་ཡིན་ནོ། །དེ་ཉིད་ཀྱིས་སྒྱུ་མའི་སྐྱེས་བུའི་རྫས་མེད་པ་བསྟན་ཏོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ ་ནི་སྐྱེས་བུའི་ཆོས་ཐམས་ཅད་ཀྱང་སྒྱུ་མ་དང་འདྲ་བ་སྟེ། སྐྱེས་བུའི་དེའི་རྫས་མེད་ན་ཆོས་ཀྱང་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་བ་ཤཱ་རིའི་བུ་དང། ཞེས་བྱ་བ་ལ་སོགས་པ་ནས། འདི་ལ་ཡང་དག་པར་འཛིན་པ་སུ་ཡང་མི་འབྱུང་ངོ། ཞེས་བྱ་བའི་བར་གྱིས་ནི་གནས་བརྟན ་རབ་འབྱོར་གྱིས་ཆོས་ཉན་པ་བཞིན་དུ་ཡང་དག་པར་འཛིན་པ་ཡང་མེད་དོ། །ཞེས་བསྟན་ཏོ། །སྐྱེས་བུ་བཞིན་དུ། རབ་ཏུ་འཛིན་པར་བྱེད་པས་ཡང་དག་པར་འཛིན་པའོ། །དེ་མེད་པ་ནི་ཡང་དག་བར་འཛིན་པའི་རྫས་མེད་པའི་ཕྱིར་རོ། །མ་སྨོས་པ། ཞེས་བྱ་བ་ནི་གསལ ་བར་མ་བཤད་པའོ། །ཡོངས་སུ་སྣང་བ་ཞེས་བྱ་བ་ནི་གསལ་བའོ། །བཅས་པ་ཞེས་བྱ་བ་ནི་སྟོན་པ་རང་ཉན་པའི་ཐ་སྙད་དོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་སྐྱེས་བུའི་རྫས་ནི་མེད་དེ་ནང་གི་ཕུང་པོ་ལ་སོགས་པ་མ་འདྲེས་པ་ཉིད་ལ་སྐྱེས་བུར་བསྟན་ཏེ། དེས་ན་སྐྱེས་བུར ་བརྟགས་པ་ལ་བརྟེན་པ་ཕུང་པོ་ལ་སོགས་པ་འཛིན་པར་འཛིན་པ་འདི་དག་ཡོད་པ་ཡིན་གྱི། བསེ་རུ་ལྟ་བུའི་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་ནི་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཞེས་བྱ་བ་ནས་གང་མ་སྐྱེས་པ་ནི་མེ་ཏོག་ཀྱང་མ ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་ནི་བསེ་རུ་ལྟ་བུའི་རིགས་བརྗོད་དོ། །འདིར་ཆོས་ཀྱི་རྣམ་གྲངས་འདི། ཞེས་བྱ་བ་ནི་ཆོས་ཀྱི་བྱེ་བྲག་བསེ་རུའི་ལམ་མོ། །རབ་འབྱོར་ལ་མངོན་པར་གཏོར་རོ་ཞེས་བྱ་བ་ནི་ཆོས་འཆད་པ་ལ་མཆོད་པས་ནི་ཆོས་ལ་མཆོད ་པའི་ཕྱིར་རོ། །བརྒྱ་བྱིན་ལ་རྗེས་སུ་བརྗོད་པའི་ཕྱིར། ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཤེས་ནས་བཤད་བའི་ཕྱིར་རོ། །འདི་སྙམ་དུ་སེམས་ཏེ། ཞེས་བྱ་བ་ནི་འོག་ནས་བརྗོད་བའི། །རྣམ་པར་རྟོག་པ་ལ་སེམས་དཔའ་ཨོ། །འདི་དག་ནི། ཞེས་བྱ་བ་ནི་ད་ལྟར་གྱིའོ། །མེ་ཏོག་ནི་དྲི་མ་མེད ་བ་ཉིད་ཀྱིས་མེ་ཏོག་དང་ཆོས་འཐུན་པའི་ཕྱིར་ཏེ། བསེ་རུ་ལྟ་བུའི་ལམ་གྱིས་ཡང་དག་པར་བསྡུས་པའི་དགེ་བ་རྣམས་སོ། །ལྷའི་གནས་ན་ཡོད་པ། ཞེས་བྱ་བ་ནི་སྲིད་བའོ། །མ་མཐོང་ཞེས་བྱ་བ་ནི་ཟག་པ་མེད་པ་ཉིད་ཀྱིས་ལམས་གསུམ་དུ་ལྷུང་བ་མེད་པའི་ཕྱིར་རོ ་ཞེས་བསམས་སོ། །མངོན་པར་གཏོར་བ། ཞེས་བྱ་བ་ནི་འཁོར་རྣམས་ལ་སྤྲུལ་བའི་མེ་ཏོག་མཚོན་པ་ཡིན་ནོ། །སྤྲུལ་པ་ནི་ཇི་ལྟར་སྣང་བ་བཞིན་དུ་མེད་པའི་ཕྱིར་རོ། །གང་ལས་ཤེ་ན། འདི་དག་ནི། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡིད་ལ་འབྱུང་བ། ཞེས ་བྱ་བ་ནི་མཇུག་སྡུད་བ་ཡིན་ཏེ། ཡིད་ཀྱིས་སྤྲུལ་བ་ཞེས་བྱ་བའི་དོན་ཏོ། །བརྒྱ་བྱིན་གྱིས་ཡིད་ལ་བྱུང་བ་ཉིད་ཀྱང་དགག་པའི་ཕྱིར་འདི་དག་ནི་མ་བྱུང་བ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཇི་ལྟར་གཟུང་བའི་ཤིང་ལ་སོགས་པ་ནི་མེད་དེ། དེ་བས་དེ་དག་ལས་བྱུང་བ་འང ་མ་ཡིན་ལ། དེ་བཞིན་དུ་ཡིད་ཀྱང་མེད་དེ་འཛིན་པ་མེད་བའི་ཕྱིར་རོ། །དེ་བས་ན་དེ་ལས་བྱུང་བ། ཡང་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་མ་སྐྱེས་བ་ནི་མེ་ཏོག་ཀྱང་མ་ཡིན་ནོ། །ཞེས་བྱ་བ་ནི་གང་དང་དེ་ནི་རྟག་ཏུ་འབྲེལ་བ་ཡིན་པའི་ཕྱིར་དེ་ནི་མེ་ཏོག ་ཀྱང་མ་ཡིན། །བསེ་རུའི་ལམ་ཡང་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་སེམས་ཏེ་ཁྱད་པར་མེད་པར་འབྱུང་བ་ནི་སྐྱེ་བའོ། །དེ་ནས་འབྲས་བུ་ནི་རིགས་འདྲ་བ་ལ་བརྟེན་པ་ཡིན་ཏེ་རྒྱུ་ལ་གནས་པས་བསེ་རུའི་རྟེན་ནི་བསེ་རུའི་ལམ་མོ། །བསེ་རུ་ནི་འདུས་བྱས་ཀྱི་ཆོས ་ཀྱི་ལམ་ལ་བརྟེན་པར་རིགས་པ་མ་ཡིན་ཏེ་ཟག་པ་དང་བཅས་པ་ནི་རིགས་མི་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདུས་བྱས་ཀྱང་ཟག་པ་མེད་པ་དང་ལྡན་པ་ནི་དེ་དང་ལྡན་པའི་ཕྱིར་དང་པོ་ཉིད་ནས་ཟག་པ་མེད་པ་ཡང་སྐྱེ་བར་ཐལ་བར་འགྱུར་རོ། །དེ་བས་ན་ཟག་པ་མེད་པ་ཉིད་ཀྱིས་རིགས་འདྲ ་བ་ནི་བསེ་རུའི་ཆོས་ཀྱི་དབྱིངས་ཉིད་དེ། བསེ་རུའི་ལམ་ནི་གནས་དང། གཞི་དང། རྟེན་དང། རིགས་ཡིན་ཏེ། དེ་ནི་བསེ་རུའི་ལམ་གྱི་རྟེན་ཡིན་ནོ། །འདིར་བསྟན་བཅོས་ལས། གཟུང་བའི་རྟོག་པ་ཉམས་ཕྱིར་དང། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ ་ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ནས་བསེ་རུ་རྣམས་ནི་ཇི་ལྟར་གཞན་གྱི་དོན་བྱེད་པ་ཡིན་ཞེ་ན། འདོད་བ་ཙམ་གྱིས་དེ་འགྲུབ་པ་ཡིན་ནོ། །དེ་དག་ལས་ཇི་ལྟར་ཉན་པར་བྱེད་ཅེ་ན། གུས་བར་ཉན་བ་ཙམ་གྱིས་ཏེ། གང་གི་ཕྱིར་བསྟན་བཅོས་ལས། ་གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་དེ་དང། །དེ་ལ་སྒྲ་མེད་ཀྱང་དོན་དེ། །དེ་ནི་དེ་ལྟ་དེ་ལྟར་སྣང། །ཞེས་གསུངས་སོ། །གང་དང་གང་ཞེས་བྱ་བ་ནི་གདུལ་བྱ་ལའོ། །དོན་གང་དང་གང་ལ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆཱམ་འཕགས་པའི་ལམ་ཉིད་དོ། །ཇི་ལྟ་ཇི་ལྟར ་ཞེས་བྱ་བ་ནི་གང་དང་གང་གི་རྣམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཞེས་བྱ་བ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བའི་བར་གྱིས་ནི་ངེས་པར་འབྱེད་བའི་ཆ་དང། །འཐུན་པ ་བསྟན་པ་ཡིན་ཏེ་།དེ་ལ་གང་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་ཚད་མེད་པ་ལ་སློབ་བོ། །ཞེས་བྱ་བའི་བར་གྱིས་ནི་དྲི་བ་བསྟན་ཏོ། །མིང་དང་ཚིག་ཏུ་བཏགས་པ། ཞེས་བྱ་བ་ནི་ཐ་སྙད་དེ། །དེ་སྟོན་པ་དང་འགལ་བར་མི་བྱེད་པ་དང། དེ་ཉིད་གསལ་བར་བྱེད་པ་དང། དེ་ཉིད་ཉེ ་བསྟན་ཏོ། །མིང་དང་ཚིག་ཏུ་བཏགས་པ། ཞེས་བྱ་བ་ནི་ཐམས་ཅད་བཏགས་པ་ཙམ་ཉིད་དུ་ཨོ། །སངས་རྒྱས་ཀྱིས་ཆོས་དཔག་ཏུ་མེད་ཚད་མེད་པ་ལ་སློབ་བོ། །ཞེས་བྱ་བ་ནས། དེ་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །ཞེས་བྱ་བའི་བར ་གྱིས་ནི་རྩེ་མོ་བསྟན་ཏོ། །ཇི་ལྟར་མི་སློབ་པ་ཡིན་ཞེ་ན། དམིགས་པ་མེད་པའི་ཕྱིར་ཏེ། དེ་ནི་རྩེ་མོའོ། །གང་གཟུགས་འཕེལ་བར་བྱ་བ་དང། འགྲིབ་བར་བྱ་བའི་ཕྱིར་མི་སློབ་པ་དང། ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བའི ་བར་གྱིས་ནི་བཟོད་བ་བསྟན་ཏོ། །དེ་ལ་གཟུགས་ལ་སོགས་པ་ཡོངས་སུ་གཟུང་བ་མེད་པའི་རིགས་པ་ནི་བཅོམ་ལྡན་འདས་མཆེན་མོ་ལས་བསྟན་ཏོ། །ནང་སྟོང་བ་ཉིད་ནས་དངོས་པོ་མེད་བའི་ངོ་བོ་ཉིད་ཀྱི་བར་ལ་བསྟེན་པ་ནི་བཟོད་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ ་རའི་བུ་ཞེས་བྱ་བ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སསྨྲས་སོ། །ཞེས་བྱ་བའི་བར་གྱིས་ནི་ཆོས་ཀྱི་མཆོག་སྟོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་བློ་ལ་གནས་བའི་སྒྱུ་འདྲེན་པར་བྱེད་པའོ། །དེ་ལྟར་ཡང་བཅོམ་ལྡན་འདས་མ་ཆེན་མོ་ལས ་གསུངས་ཏེ། དེས་གཟུགས་ཀྱི་སྐྱེ་བ་མི་མཐོང། འགག་པ་མི་མཐོང། བླང་བ་མི་མཐོང། །དོར་བ་མི་མཐོང། ཀུན་ནས་ཉོན་མོངས་བ་མི་མཐོང། རྣམ་པར་བྱང་བ་མི་མཐོང། འཕེལ་བ་མི་མཐོང། འགྲིབ་བ་མི་མཐོང། སྩོགས་པ་མི་མཐོང། འབྲི་བ་མི ་མཐོང། ཞེས་འབྱུང་བ་ནི་ཆོས་ཀྱི་མཆོག་གོ་།དེ་ལྟར་ཡང་བསྟན་བཅོས་ལས། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོང་གྱུར་བ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་པ་སོགས་པས་ཕྱེ། །ནང་སྟོད་ཉིད་ལ་སོགས་པ ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག་།ཅེས་བསྟན་ཏེ་རང་སངས་རྒྱས་ཀྱི་ལམ་མོ། །བྱང་ཆུབ་སེམས་དཔའ་ཨི་ལམ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན ་བཅོས་ལས། བདེན་དདང་བདེན་ལ་བཟོད་པ་དང། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་བྱ་བ་གསུངས་སོ། །འདིའི་མདོར་བསྡུས་བའི་དོན་ནི་བདེན་པ་རེ་རེ་ལ་བཟོད་པ་གཉིས ་དང་ཤེས་པ་གཉིས་ཏེ། སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་ཆོས་ཤེས་པ་དང། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང། སྡུག་བསྔལ་རྗེས་སུ་ཤེས་པ་དང། དེ་བཞིན་དུ་ཀུན་འབྱུང་དང། འགོག་པ་དང། ལམ་ལ་ཡང་སྦྱར་རོ། །བདེན ་པ་རྣམ་པ་བཞི་སོ་སོའི་སྐད་ཅིག་མ་ནི་བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་གྱི་ལམ་ཤེས་པ་ཉིད་དུ་བརྗོད་དོ། །ཕན་ཡོན་དང་བཅས་པའི་སྐད་ཅིག་མ་འདི་དག་གི་ཁྱད་པར་གྱིས་མཚན་ཉིད་ཀྱི་དབང་དུ་བྱས་ནས། བསྟན་བཅོས་ལས། ཚིགས་སུ་བཅས་པ ་ལྔ་སྟེ། དེ་བཞིན་ཉིད་དང་སངས་རྒྱས་དག་།ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང། །ཆེན་པོ་ཚད་མེད་ཉིད་དང་བཅས། །དཔག་མེད་མཛའ་ཉིད་མེད་པ་དང། དེར་གནས་གཟུགས་ལ་སོགས་པ་ལ། སངས་རྒྱས་ཉིད་དུ ་ངེས་འཛིན་དང། །བླང་མེད་དོར་བ་མེད་སོགས་དང། བྱམས་ལ་སོགས་དང་སྟོང་ཉིད་དང། །སངས་རྒྱས་ཉིད་ནི་འཐོབ་པ་དང། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང། །སངས་རྒྱས་རྣམས་ཀྱིས ་གསུང་བ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག་།འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས་ཏེ། ལམ ་ཤེས་ཉིད་བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་གྱི་སྐད་ཅིག་མ་ཞེས་བྱ་བའི་དོན་ཏོ། །ཡུལ་འདིའི་དབང་དུ་མཛད་ནས་དང་པོའི་ཚིག་རྐང་པ་གསུམ་དོན་གཞན་དུ་བྱས་པ་ནི་དང་པོའི་སྐད་ཅིག་མཚིག་རྐང་བ་གཉིས་ཀྱིས་སོ། །དམ་པའི་དོན་དུ་གཟུགས་ལ ་སོགས། །ཤེས་པ་མ་ཡིན་གཞན་ཚིག་མིན། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་དེ་ནི་གཟུགས་ལ་སོགས་པ་ལས་མཚན་ཉིད་ཀྱི་དབྱེ་བས་ཐ་དང་བ་མ་ཡིན་ཏེ། དོན་དམ་པར་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ནོ། །དེ་ལྟར་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང། གཟུགས་ལས་སོགས་པ་གང་ཡིན་པ་དེ་ནི་དེ་དེ་བཞིན་ཉིད་དེ། གང་ཡང་ཆོས་འདི་དག་ཐམས་ཅད་ཡོངས་སུ་འཚལ་ན་ནི་ཡང་དག་པར་ལྡན་པ་ཡང་མ་ཡིན། ཡང་དག་པར་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ ་མེད་པ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་དང་ལྡན་པའོ་།ཡང་དག་པར་ལྡན་པ་ཡང་མ་ཡིན། ཡང་དག་པར་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཅིག་པ་ཡང་མ་ཡིན་པ་དང་ཐ་དང་པ་ཡང་མ་ཡིན་པ་སྟེ། བརྟགས་པ་རྣམས་ནི་མེད་པས་གཟུགས ་ལ་སོགས་པའི་ཆས་ཐམས་ཅད་ནི་ཐ་དད་པ་དང། ཐ་དང་བ་མ་ཡིན་པ་མེད་བའི་རང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་དེ་བས་ན་གཟུགས་ཀྱི་ཕུང་པོ་མེད་པ་ནས་གཟུགས་མེད་པའོ། །མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་བསྟན་དུ་མེད་པའོ། །རང་དང་གཞན ་ཀྱི་སྐྱོན་འབྱུང་བའི་འཆིང་བ་མེད་པའི་ཕྱིར་ཐོགས་པ་མེད་པའོ། །བྱེ་བྲག་སོ་སོར་སྣང་བ་ནུབ་པའི་ཕྱིར་མཚན་ཉིད་དང་ལྡན་པ་སྟེ། འདི་ལྟར་མཚན་ཉིད་མེད་པ་ཡིན་ཏེ། དེ་ནི་དེ་བཞིན་ཉིད་ཙམ་གྱི་མཚན་ཉིད་དོ། །དེས་ན་འདིའི་དང་པོ་མཚན་ཉིད་ཀྱི་སྐབས་བསྟན་པ་ནི ་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨས་སོ། །ཞེས་བྱ་བ་ནས། ཅིའི་ཕྱིར་ཞེ་ན། ཞེས་བྱ་བའི་བར་དང། དེའི་འོག་ཏུ་དང་པོའི་སྐད་ཅིག་མ་དེ་སྐད་ཅེས་སྨྲས་པ་དང། ལྷའི་དབང་པོ། ཞེས་བྱ་བའི་བར་གྱིས་ནི་སྡུག་བསྔལ་ལ ་ཆོས་ཤེས་པའི་བསོད་པ་བསྟན་ཏོ། །སྐད་ཅིག་མ་དེ་དག་གི་ཁྱད་པར་གྱི་མཚན་ཉིད་ནི་བསྟན་བཅོས་ལས། ཆེན་པོ་ཚད་མེད་ཉིད་དང་བཅས། །དཔག་དང་མཛའ་ཉིད་མེད་པ་དང། །དེ་དག་གཟུགས་ལ་སོགས་པར་སྦྱོར། །ཞེས་བྱ་བ་ལ་ཆེན་པོ་དང་ཚད་མེད་པ ་དང་ལྷན་ཅིག་བ་ནི་ཆེན་པོ་ཚད་མེད་པ་འདི་དང་བཅས་པའོ། །དེ་ཉིད་ཆེན་པོ་ཚད་མེད་པ་ཞེས་བྱ་བའི་དོན་ཏོ། །མཛའ་ཉིད་ནི་མཛའ་ཁོ་ནའོ། །དཔག་པ་དང་མཛའ་གཉིས་ནི་དཔག་པ་དང་མཛའ་དག་གོ་།དེ་གཉིས་མེད་པ་ནི་དཔག་ཏུ་མེད་པ་དང་མཛའ་མེད་པ་ཞེས་བྱ ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆེན་པོ་ལ་སོགས་པ་ནི་གང་གཟུགས་ལ་སོགས་པ་དང་སྦྱར་རོ། །གཟུགས་ལ་སོགས་པ་དེ་ལ་ཆེན་པོ་ལ་སོགས་པ་དམིགས་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆེན་པོ་ལ་སོགས་པས་ཕ་རོལ་ཏུ ་ཕྱིན་པ་ཆེན་པོ་ཉིད་དང། ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང། དཔག་ཏུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་མཛའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །འདི་ཡང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལ་སོགས་པའི་ཤེས་པ་ནི་མངོན་པར་ཞེན་པ་མེད་པར་ལྟ་བར ་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ཆེན་པོ། ཞེས་བྱ་བ་ནི་ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའོ་ཞེས་མངོན་པར་ཆགས་པར་མི་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་གིས་གསུངས་སོ། །དེ་ནས་དེ་སྐད་ཅེས་སྨྲས་པ་དང། ལྷའི་དབང་པོ། ཞེས་བྱ་བ་ལ་སོགས་པས་ནི ་བརྒྱ་བྱིན་གྱིས་བསྟན་ཏོ། །གནས་བརྟན་རབ་འབྱོར། ཞེས་བྱ་བ་ལ་སོགས་པས་རབ་འབྱོར་གྱིས་བསྟོད་པ་ལ་རྗེས་སུ་བརྗོད་པ་ཡིན་ནོ། །དེ་བས་ན་རབ་འབྱོར་ཉིད་ཀྱི་རྗེས་སུ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་གཟུགས་ལ་སོགས་པ་ཆེན ་པོ་ཉིད་ནི་དུས་འདི་ལ་ཡོད་དོ། །དུས་འདི་ལ་མེད་དོ་ཞེས་བྱ་བ་ཉིད་དུ་དུས་ཡོངས་སུ་ཆད་པ་མེད་པ་ཉིད་དོ། །དེ་ལ་མི་དམིགས་པའི་ཕྱིར་དེ་ནི་ཆེན་པོ་ཉིད་ཡིན་ཏེ། དེ་བས་ན་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་ནི་ནམ་མཁའ་ལྟ་བུ་སྟེ། ཚད་ཀྱིས་ཡོངས་སུ ་བཅད་དུ་མེད་པའི་ཕྱིར་ཚད་མེད་པ་ཡིན་ཏེ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །གྲངས་ཡོངས་སུ་བཅད་པ་མེད་པ་ནི་དཔག་ཏུ་མེད་པ་ཡིན་ཏེ། དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཡུལ་ཕྱོགས་ཡོངས་སུ་བཅད་པ་མེད་པའི་ཕྱིར་མཛའ་ཡས་པ་འམ་དམིགས ་པ་མཛའ་ཡས་སོ། །གང་གི་ཕྱིར་དམིགས་པ་ནི་ཆོས་དེ་དག་ཐམས་ཅད་ཀྱི་མཛའ་ཡོད་པ་མ་ཡིན་ཏེ། གྲངས་ལས་འདས་པའི་ཕྱིར་རོ། །གཞན་ཡང་ཆོས་ཐམས་ཅད་ནི་མེད་པ་ཉིད་ཀྱི་མཛའ་ཡས་པ་ཡིན་ཏེ། དེ་དག་ནི་སྐྱེ་བ་དང། འཇིགས་པའི་མཛའ་གཉིས་མེད་པའི་ཕྱིར་རོ། །དམིགས ་བ་དེ་གཉིས་ཀ་ཡང་བདག་མེད་པའི་ཤེས་པ་སྟེ། སེམས་ཅན་ལ་དམིགས་པ་ནི་བདག་མེད་པ་གཉིས་ཀ་ཡིན་ཏེ། དེ་ཡང་མཛའ་ཡས་བའོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་ཇི་ལྟར་མཛའ་ཡས་པ་ཡིན་ཞེ་ན་།རབ་འབྱོར་གྱིས་སྨྲས་བ་ནི་བགྲང ་བའི་ཚུལ་གྱིས་ཀྱང་མ་ཡིན། བགྲང་བ་མང་པོས་ཀྱང་མ་ཡིན། ཞེས་བྱ་བ་ནི་བགྲང་བ་ལས་འདས་པ་ཉིད་ཀྱིས་ཀྱང་མ་ཡིན། གྲངས་མཛའ་ཡས་བས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ། །འོ་ན། ཇི་ལྟར་ཞེས་བྱ་བ་ལ། འོ་ན་ཞེས་བྱ་བའི་སྒྲིན་མི་གཟིགས། ཆོས ་ཀྱི་ཚིག་བླ་དགས་ཀྱང་མ་ཡིན། ཞེས་བྱ་བ་ལ་སོགས་ནི་བདག་གི་རྫས་སོ། །དེའི་ཚིག་བླ་དགས་མ་ཡིན་པ་ནི་དེ་མེད་པའི་ཕྱིར་ཏེ། ཆོས་ཉིད་ཀྱིས་རང་གི་དོན་མི་སྒྲུབ་བས་ན་ཆོས་ཀྱི་ཚིག་བླ་དགས་མ་ཡིན་ནོ། །མིང་དུ་བཏགས་པ། ཞེས་བྱ་བ་ནི་རྨོངས་པ ་དང་ལྡན་པས་སོ། །དེ་ག་ལས་ཤེ་ན། གང་གི་ཕྱིར་གློ་བུར་དུ་བྱུང་བ་ཡིན་ཏེ། རྣམ་པར་སྤྱོད་པ་ཡོད་ན་གཡོ་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་མེད་པ་ནི་བདག་གི་རྫས་མེད་པས་སོ། །བདག་དང་འབྲེལ་བ་ཡོད་ན་ནི་བདག་ཅེས་ཅུང་ཟད་བརྗོད་ན་དེ་ཡང་མེད་ན ་བདག་ཅེས་བྱ་བ་གཏན་དུ་མེད་བའི་ཕྱིར་དེ་ནི་བདག་མེད་བའོ། །ཡང་ན་བདག་ཏུ་བཏགས་པའི་ཡུལ་ཕུང་པོ་ལ་སོགས་པ་ནི་བདག་གི་ཡིན་ན་དེ་ཡང་མེད་པས་བདག་གི་མེད་དོ། །ཡང་ན་མིང་དང་འདུ་ཤེས་སོ། །གང་དེའི་འདུ་ཤེས་མེད་པའི་ཕྱིར་བདག་གི་མེད་པའོ།། ་དམིགས་པའི་ཡུལ་དེ་མེད་པའི་ཕྱིར་དམིགས་སུ་མེད་པའོ། །འདི་ལ་ཞེས་བྱ་བ་ནི་སྟོན་པའི་བསྟན་བའོ། །དེ་ཡང་ཡིད་ཆེས་བའི་ལུང་གིས་ཀྱང་བདག་མེད་པ་གྲུབ་པར་བསྟན་བའི་ཆེད་དུ་གང་ལ་སེམས་ཅན་མཛའ་ཡས་པ་ཡོད་དམ་ཞེས་སྨྲས་ཏེ། བགྲང་བ་ལས ་འདས་པ་ཉིད་ཀྱིས་གོང་ཡང་མེད་དོ་ཞེས་བསམས་སོ། །བདག་མེད་པ་ཚད་མས་གྲུབ་པ་ཡིན་ཡང་ཡིད་ཆེས་པའི་ལུང་གིས་ཀྱང་བདག་མེད་པ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ། ཀཽ་ཤི་ཀ་གལ་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཞུགས་ཏེ། ཞེས ་བྱ་བ་ནི་ངལ་གསོ་བ་མེད་པའོ། །གསུང། ཞེས་བྱ་བ་ནི་ཚིག་གིས་སོ། །མཛའ་ཡས་པ། ཞེས་བྱ་བ་ནི་འཇིག་རྟེན་ནོ། །གོ་བར་བྱེད་པ། ཞེས་བྱ་བ་ནི་དོན་གོ་བར་བྱེད་པའི་དབྱངས་དེ་སྒྲ་གང་ལ་དེ་ཡོད་པ་དེ་ལ་སྐད་དེ་ཅེས་བྱའོ། །འབྲུག་སྒྲ་ལྟ་བུ་ནི་ཟབ་པའོ། །དབྱངས་ནི ་རོལ་མོའི་དབྱངས་བཞིན་དུ་སྣ་ཚོགས་པའོ། །གང་ལ་དེ་ལྟ་བུའི་སྒྲ་ཡོད་བ་དེ་ལ་དེ་སྐད་ཅེས་བྱའོ། །ཟིན་ཀྱང། ཞེས་བྱ་བ་ནི་འོན་ཀྱང་ངོ། །ཐོག་པ་ནས་དག་པའི་ཕྱིར། ཞེས་བྱ་བ་ནི་དང་པོ་ཉིད་ནས་སེམས་ཅན་མེད་པའོ། །ཡོངས་སུ་དག་པའི་ཕྱིར། ཞེས་བྱ་བ་ནི་ཐམས་ཅད ་དུ་སེམས་མེད་པའོ། །རྣམ་གྲངས་འདིས་ཀྱང། ཞེས་བྱ་བ་ནི་རྣམ་པས་སོ། །མཛའ་ཡས་བའི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱ་བ་ལ། དེ་གང་ཡིན་ཞེ་ན། དེ་ནི་སེམས་ཅན་མཛའ་ཡས་པའི་ཕྱིར། ཞེས་བྱ་བས་ནི་སེམས་ཅན་རྣམས་སྐྱེ་བ་དང། འགག་བ་དང་དྲལ་བའི ་ཕྱིར་སེམས་ཅན་མཛའ་ཡས་བའོ། །དེ་ལྟར་ཡང། ཞེས་བྱ་བ་ནི་དེ་བཞིན་དུ་གྲངས་ལས་འདས་པའོ། །དེ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང། ཞེས་བྱ་བ་ལ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་གང་ཡིན་པ་དེ་ལ་སངས་རྒྱས་ཉིད་དུ་ངེས་པར་གཟུང་བ་ནི་དེ་ཉིད་སངས་རྒྱས་སུ་བལྟ་བར་བྱ་བ་སྟེ། འདི་ནི་སྐད་ཅིག་མ་དྲུག་པའོ། །དེའི་སྐབས་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་དབང་པོར་བཅས་པ། ཞེས་བྱ་བ་ལ་སོགས་པ ་གསུངས་སོ། །དབང་པོ་ནི་བརྒྱ་བྱིན་ནོ། །ཚངས་པ་ནི་མི་མཛད་ཀྱི་བདག་པོའོ། །སྐྱེ་དགུའི་བདག་པོ་ནི་འཇིག་རྟེན་གྱི་སྐྱོད་པ་རྣམས་སོ། །ཁྱད་པར་གྱི་ཆོས་ཐོས་ནས་རབ་ཏུ་དགའ་བའི་ཕྱིར་འབད་པ་མེད་པར་འབྱུང་བའི་ཚིག་ནི་ཆེད་དུ་བརྗོད་པའོ། །ཆེད་དུ་བརྗོད་དེ། ཞེས་བྱ་བ ་ནི་བརྗོད་པར་གྱུར་བའོ། །ེ་མ་ཧོ། །ཞེས་བྱ་བ་ནི་ངོ་མཚར་ཏོ། །ཆོས་ཞེས་བྱ་བ་ནི་བཤད་པའི་ཆོས་སོ། །ཡང་ཆོས་ནི་ཆོས་རབ་ཏུ་སྟོན་པ་སྟེ་མཐོང་བའི་ལམ་མོ། །དེ་ཉིད་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པ་འབྱུང་བ་སྟེ། འདི་ནི་སྨྲ་བ་ནི་དེ་བཞིན་གཤེགས་པ་གང ་ཡིན་བའོ། །འབྱུང་བ་ནི་སྐྱེབ་སྟེ་ཟག་པ་མེད་པའི་ཤེས་པའི་མཚོན་ཉིད་དོ། །ས?་བ་ཞེས་བྱ་བ་ནི་དེའི་ཚིག་དང་པོ་ཅུང་ཟད་ཙམ་ཤེས་པའོ། །དེ་ནས་རིམ་གྱིས་གསལ་བ་དང་།རབ་ཏུ་གསལ་བ་དང། ཤིན་ཏུ་གསལ་བར་རབ་ཏུ་རྟོགས་པ་ཡིན ་ཏེ། བརྗོད་ཅིང་བསྟན་ཏེ། བཤད་པ་རབ་ཏུ་བཞག་པའོ། །བཅོམ་ལྡན་འདས་དེ་སླན་ཆད་ཅེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་མ་དྲུག་པ་ཉིད་སྨྲས་སོ། །དེ་སླན་ཆད་ཅེས་བྱ་བ་ནི་དེ་ནས་གཟུང་བའོ། །འཛིན་ཏོ། །ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །མ་བྲལ་བ་ནི ་ཐོབ་པ་མཉམས་སོ། །གནས་པ་ནི་མངོན་སུམ་དུ་གྱུར་པས་སོ། །དེ་བཞིན་གཤེགས་པ་ལགས་པར་འཛིན་ཏོ། །ཞེས་གང་གསུངས་པ་ནི། དེ་བཞིན་གཤེགས་པ་ཡིན་ནོ། །ཞེས་ཁྱད་པར་གྱི་བློ་ཐོབ་པའི་ཕྱིར་རོ། །དེ་ཐོབ་པས་ཀྱང་ལུང་བསྟན་པ་ཡིན་ཏེ། དེས་ལྟའི་བུ ་དག་གང་གི་ཚེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ན་ཚོད་ཆུང་ཞིང་གཙང་བ་གང་ཡིན་པ་དེ་ནི་བྲམ་ཟེའི་ཁྱེའུ་ཞེས་བརྗོད་དེ། དེ་ལ་བོད་པ་ནི་བྲམ་ཟེའི་ཁྱེའུའོ། །སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །ཞེས་བྱ་བ་ནི་རང་ཉིད་མངོན་པར་བྱང་ཆུབ་པས་སམ། བློ ་ཁྱད་པར་དུ་འཕགས་པ་འདི་ལ་ཡོད་པས་ན་སངས་རྒྱས་སོ། །དེ་ལྟ་བུ་ནི་རང་སངས་རྒྱས་དག་ལ་ཡང་ཡོད་དེ་ཞེ་ན། རྣམ་པར་བཅད་པའི་ཕྱིར་བཅོམ་ལྡན་འདས། ཞེས་སྨོས་སོ། །སྐལ་བ་དྲུག་དང་ལྡན་པའི་དོན་གྱིས་བཅོམ་ལྡན་ནོ། །དེ་ནི་བྱང་ཆུབ་སེམས ་དཔའ་ལ་ཡང་ཡོད་དོ་ཞེ་ན། དེ་རྣམ་པར་བཅད་པའི་ཕྱིར་སངས་རྒྱས། ཞེས་སྨོས་ཏེ། དེ་ནི་མངོན་པར་སངས་རྒྱས་པའི་ཕྱིར་རོ། །ཆོས་ཇི་ལྟ་བ་དེ་བཞིན་དུ་གསུངས་བས་ན་དེ་བཞིན་གཤེགས་པའོ། །ཉོན་མོངས་པའི་དགྲ་བཅོམ་པས་ན་དགྲ་བཅོམ་པའོ། ་ཡང་དག་པ་ནི་ཕྱིན་ཅི་མ་ལོག་པའམ། ཐམས་ཅད་དེ་སངས་རྒྱས་འདིས་ཡང་དག་པར་རྫོགས་པར་སངས་རྒྱས་པའོ། །འདིས་ནི་སྟོན་པ་ཉིད་ཕུན་སུམ་ཚོགས་པར་བསྟན་པའོ། །མི་སྟོན་པ་འམ་ཕྱིན་ཅི་ལོག་ཏུ་སྟོན་པ་ནི་སྟོན་པ་མ་ཡིན་ཏེ། ཕྱིན་ཅི་ལོག་གི་ཚིག་ནི ་ཉོན་མོངས་པའམ་ཡི་ཤེས་པའི་དབང་གིས་ཀྱང་འབྱུང་ན། དེ་གཉིས་ཀ་ཡང་འདི་ལ་མེད་དེ། གོ་རིམ་བཞིན་དུ་དགྲ་བཅོམ་པ་ཡང་དག་པར་སངས་རྒྱས་པའི་ཕྱིར་རོ། །འཁོར་བ་ན་གཞུག་པས་ཇི་ལྟར་འདི་ལྟ་བུའི་ནུས་པ་ཡོད་ཅེ་ན། བདེ་བར་གཤེགས་པ། ཞེས་གསུངས ་ཏེ། གཤེགས་པ་ནི་སྲིད་པ་ལས་གྲོལ་བའོ། །བདེ་བའི་སྒྲ་ནི་རབ་ཏུ་བསྔགས་པ་དང། ཡང་ལྡོག་པའི་དོན་ཏོ། །ཕྱི་རོལ་པ་དང། སློབ་པ་དང། མི་སློབ་པ་རྣམ་པར་གཅད་པའི་ཕྱིར་གོ་རིམ་བཞིན་དུ་གཟུགས་བཟང་པོ་ལྟ་བུ་དང། རིམ་ངན་ལེགས་པར་བྱ་བ་ལྟ་བུ་དང། བུམ་པ ་ལེགས་པར་གང་བ་ལྟ་བུ་ཡིན་པར་སྦྱར་རོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱི་ས་གཤེགས་པའི་ཕྱིར་རབ་ཏུ་བསྔགས་པའི་གཤེགས་པ་ནི་བདེ་བར་གཤེགས་པའོ། །ཕྱི་རོལ་གྱི་ཐར་བ་དེ་ནི་ཚད་མས་གཅད་པ་ཉིད་ཀྱིས་ཐ་མ་ཡིན་པའི་ཕྱིར་རོ། །བསྐྱེ་དང་སྐྱོན་ནི་ཡང ་དག་འབྱུང། །སླར་ལྡོག་པ་ཞེས་བསྟན་པ་ཡིན། །དེ་གཉིས་ནི་སློབ་པ་ཡིན་ནོ། །དེ་བས་ན་ལྡོག་པ་མེད་པར་གཤེགས་པ་ནི་བདེ་བར་གཤེགས་པའོ། །ཉོན་མོངས་པའི་ནང་གྱིས་ལྷག་མ་མེད་པ་སྟེ་ལམ་བསྟེན་པས་སྐུ་གསུང་ཐུགས་སྐྱོན་སྤངས་པའི་ཕྱིར་རོ། །མི་སློབ་པ ་ཡིན་ན་དེ་ནི་ཐེག་པ་དམན་པའི་དགྲ་བཅོམ་པ་ཉིད་ལས་ཇི་ལྟ་བ་བཞིན་དུ་ཡོད་པ་ཡིན་ལ། བཅོམ་ལྡན་འདས་ལ་ནི་དེ་ཡོད་པ་མ་ཡིན་ཏེ། དེས་ནི་ལྷག་མ་མེད་པར་གཤེགས་པའི་ཕྱིར་བདེ་བར་གཤེགས་པའོ། །སུའི་སྒྲ་གཅིག་གི་གསུམ་དུ་ཇི་ལྟར་འགྱུར་ཞེ་ན། ཐག་པའི ་ཐབས་ཀྱི་རིགས་པ་སྨྲས་པ། དཔེར་ན། ཤྭ་ཏེ་ཏྲ་པ་ཏི། ཨ་ལམ་བུ་ཡཱ་མ་ནཱི་ཡ་ཏེ་།ཞེས་བྱ་བས་དཀར་པོ་རྒྱུགས་ཏེ་སོང་ངོ་ཞེས་བྱ་བ་དང། ཁྱི་འདི་ནས་རྒྱུགས་ཏེ་སོང་ངོ་ཞེས་བྱ་བ་དང། སྐུ་བའི་གྲོང་དུ་སོང་ངོ་ཞེས་བྱ་བ་དང། ཕུབ་མའི་གྲོང་དུ་མ་འགྲོ་ཞེས་བྱ་བ་ལྟ ་བུའོ། །ཇི་ལྟར་བདེ་བར་གཤེགས་པ་ཡིན་ཞེ་ན། གང་གི་ཕྱིར་རིག་པ་དང་ཞབས་སུ་ལྡན་པ་ཞེས་སྨོས་ཏེ། རིག་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་བའོ། །ལྷག་པའི་ཚུལ་ཁྲིམས་དང་སེམས་ནི་རྐང་པའོ། །རིག་པ་ནི་རྐང་པ་དེ་གཉིས་ཀྱི་སྔོན་དུ་འགྲོ་བ་ཡིན་ཏེ། དེས་ན ་རིགས་པའི་མིག་གཉིས་ཀྱིས་བལྟ་ཞིང། ཅིག་ཤོས་གཉིས་ཀྱི་རྐང་པས་འགྲོ་བ་ལྟར་དེ་བཞིན་གཤེགས་པས་ན་བདེ་བར་གཤེགས་པའོ། །དེ་ལ་ཚིག་གཉིས་པོ་འདིས་ནི་སྟོན་པ་ཕུན་སུམ་ཚོགས་པ་ཉིད་ཀྱི་རྒྱུ་བསྟན་ཏོ། །འཇིག་རྟེན ་རིག་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་གདུལ་བའི་དུས་ལ་སོགས་པ་ཡོངས་སུ་མཁྱེན་པས་ནི་འཇིག་རྟེན་རིག་པའོ། །སྐྱེས་བུ་ཉིད་འདུལ་བ་ཡིན་པས་སྐྱེས་བུ་འདུལ་བའོ། །དེའི་ཁ་ལོ་བསྒྱུར་པ་ནི་ཡང་དག་པར་འདུལ་པའོ། །དེ་དང་འདྲ་པ་ཁ་ལོ་བསྒྱུར་བ་ཉིད་གཞན ་ཡང་ཡོད་དེ་བདེ་བར་གཤེགས་པའོ། །དེ་ལས་ལྷག་པ་མེད་དོ་ཞེས་བསྟན་པའི་ཕྱིར་བླ་ན་མེད་པའི་སྐྱེས་བུ་འདུལ་བའོ་ཁ་ལོ་བསྒྱུར་བ་ཞེས་སྨོས་སོ། །ཚིག་གཉིས་པོ་འདི་ནི་སྟོན་པ་ཕུན་སུམ་ཚོགས་པའི་ལམ་བསྟན་ཏོ། །ཅི་སྟེ་འདི་ལས་ཀྱི་ཡུལ་ངན་སོང་གི ་འགྲོ་བ་ཡང་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་ལྟ་དང་མི་རྣམས་ཀྱི་སྟོན་པ་ཞེས་སྨོས་སོ། །དེ་ནི་ཀུན་འབྱུང་ལ་ཆོས་ཤེས་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་།ཅེས་བྱ་བ་ནི་སྐད་ཅིག་མ་བདུན་པ་གསུངས་ཏེ། ཇི་སྲིད་ཅེས་བྱ་བས་ནི་ཡོངས་སུ་མཐར ་ཐུག་བའི་བར་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཀུན་མཁྱེན་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྡུད་པ་ཅེས་བྱ་བ་ནི་འདྲེན་པའོ། །རྗེས་སུ་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ ་རྗེས་སུ་ཤེས་བྱ་བ་ནི་འཐུན་པའི་དོན་ཏོ། །འཐུན་པ་ནི་རིགས་པ་དང་འཐད་པའོ། །ངོ་མཚར་ཏོ་ཞེས་བྱ་བ་ནི་ཡོངས་སུ་སྡུད་པའོ། །ཤིན་ཏུ་ངོ་མཚར་ཏོ་ཞེས་བྱ་བ་ནི་རྗེས་སུ་ཡོངས་སུ་སྡུད་པའོ། །བླང་པ་དང་དོར་བ་མེད་པ་དང་ལྡན་པ་ནི། བླང་བ་མེད་པ་དང ་དོར་བཤད?་པ་དག་གི་ལྷར་ཅིག་པ་དང། འཐུན་པས་ལེན་པ་མེད་པ་སྟེ། དེ་ནི་བླང་བ་མེད་བའོ། །དཔེར་ན་ཇི་ལྟར་ཡོངས་སུ་མི་ལེན་མི་གཏོང་བ་དེ་ལྟར་ཡོངས་སུ་ལེན་པ་ཞེས་བྱ་བའི་དོན་ཏོ། །འདི་བསྟན་བཅེས་ལས། བླང་མེད་དོར་བ་མེད་སོགས་དང། ཤེས ་གསུངས་ཏེ། དང་པོ་ནི་མིང་ལ་སོགས་པ་ཡོངས་སུ་ལེན་པའོ། །བླང་མེད་ནི་རྣམ་པར་རྟོག་པའི་བླང་བ་མེད་པའི་དོན་ཏོ། །དོར་བ་མེད་པ་ཉིད་ནི་དོར་བར་མེད་པའོ། །འདི་ནི་དོར་བ་མེད་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་ལེན་པར་བྱེད་པའི་བཅོམ་ལྡན ་འདས་མ་དེ་ཡོངས་སུ་ལེན་པར་བྱེད་དོ། །དེ་ནི་ཀུན་འབྱུང་བ་རྗེས་སུ་ཤེས་པའི་བཟོད་པའོ། །བརྒྱ་བྱིན་གྱིས་སྐབས་ཡིན་པའི་ཕྱིར་ངེས་རྗེས་སུ་མཚོན་པའི་ལེའུ་ནི་བརྒྱ་བྱིན་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཀའ་འགྲེལ་སློབ་དཔོན་རིན་ཆེན ་འབྱུང་གནས་ཞི་བས་རྣམ་པར་སྦྲང་བ། སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་གཉིས་པའོ།། །།བསྟན་བཅོས་ལས་། བྱམས་པ་ལ་སོགས་པ་ཞེས་བྱ་བ་ནི་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་དང། ཚད་མེད་པ་དེ་དག་ནི་བྱམས ་པ་ལ་སོགས་པའོ། །དེ་དག་ནི་བདག་ཉིད་མཐོང་བ་ནི་སྐད་ཅིག་མ་བརྒྱད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་སྟོན་པའི་གླང་གཞི་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བཀའ་སྩལ་པ། ཞེས་བྱ་བའི་བར་གྱིས་ནི་སྡུད་པ་པོས་སྨྲས་པ་ཡིན་ནོ། །སྐད་ཅིག་མ་བརྒྱད ་པ་མངོན་སུམ་དུ་བྱ་བ་ལ་ཐེག་པར་མན་པར་ལྟུང་པའི་གཉེན་པོ་ལ་ལྷག་པར་གུས་པ་བསྐྱེད་པའི་ཕྱིར་སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་ཀྱིས། ལྷའི་བུ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སྐབས་ཀྱི་མཐོང་པའི་སྐད་ཅིག་མའི་ཤེས་རབ་ཀྱི་ཕ་རོལ་ཏུ། དེ་ཉིད་ཀྱི་ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །གང་གི་ཕ་རོལ་ཞེ་ན། ཐེག་པ་དམན་པར་ལྟད་པའི་སའོ། །དེ་ཡང་གང་ཡིན་ཞེ་ན། ཚད་མེད་པ་བཞིའོ་བདག་ཉིད་མཐོང ་བའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེ་དག་ཐོབ་ན་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པ་ཉིད་དུ་མཐོང་ནས་སྐྱབས་ཀྱི་འོས་སུ་གྱུར་པ་ཡིན་ཏེ། བདག་ཉིད་ཁོ་ན་ལ་ཕན་པར་སྤྱོད་པ་ནི་མ་ཡིན་ནོ། །ཐེག་པ་དམན་པ་གང་དུ་ལྟུང་བ་ལ་བྱམས་པ ་ལ་སོགས་པའི་ངོ་པོ་མཐོང་ཙམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་།དེ་ཉིད་སྐད་ཅིག་མ་བརྒྱད་པའོ། །གང་ལ་ལ་དེ་འཛིན་ཏམ། ཞེས་བྱ་བ་ནས་ཀུན་ཆུབ་པར་བྱེད་པ། ཞེས་བྱ་བའི་བར་གྱིས་ནི་མངོན་སུམ་དུ་བྱེད་པས་སོ། །རབ ་ཏུ་འདོན་པར་བྱེད་ན། ཤེས་བྱ་བ་ནི་གཞན་དག་ལ་རབ་ཏུ་འདོན་པའི་ཕྱིར་ངེས་ནི་འཛིན་པ་ནས་རབ་ཏུ་འདོན་པར་བྱེད་ན། ཞེས་བྱ་བའི་བར་དུའོ། །དེ་ལ་བདུད་དམ་བདུད་ཀྱི་རིས་ཀྱིས་ལྷ་དག་གི་གླགས་རྙེད་པར་མི་འགྱུར་རོ། ཞེས་བྱ་བ་ནས། རབ་ཏུ་འདོན ་པར་འགྱུར་། ཞེས་བྱ་བའི་བར་གྱིས་ནི་ཕན་ཡོན་བསྟན་ཏེ་། དེ་ནི་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པའོ། །བསྟན་བཅོས་ལས་སྟོང་ཉིད་ཐོབ་པ་ནི་སྟོང་པ་ཉིད་བཅུ་དྲུག་གིས་མཐོང་བས་གང་ཐབ་པའི་ཐབས་ཀྱིས་མ་ཐོབ་པ་དེ་ནི་སྐད་ཅིག་མ་དགུ་པའི་དོན་ཏོ། །དེ ་ཡང་ལྷའི་བུ་དག་ཡང་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ། །ཞེས་བྱ་བ་ནས། མི་འབྱུང་མི་སྐྱེ། ཞེས་བྱ་བའི་བར་དུ་གསུངས་སོ། །འདིར་ཡང་མཐོང་བའི་སྐད་ཅིག་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེ་ན། ་སྟོང་པ་ཉིད་བཅུ་དྲུག་པོ་འདི་དག་མཐོང་བས་སོ། །འདིར་ཕན་ཡོན་ནི་དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་གཉིས་པའི་སྒྲའི་དབང་དུ་བྱས་པས་སོ། །བཀབ་པ་མེད་པའི་ཕྱོགས་ནི་བླ་གབ་མེད་པའོ། །ཉལ་བ་ནི་གཉིད་ལོག་པའོ། །འབྱུང་བ་ནི་རྒྱུན་གྱིས་འཇུག ་པའོ། །བསྲུང་བ་དང། བསྐྱབ་པ་དང། ལྷན་ཅིག་པའི་སྦ་བ་ནི་བསྲུང་བ་དང་བསྐྱབ་པ་དང་སྦ་པའོ། །སྔགས་ལ་སོགས་པས་ནི་བསྲུང་བའོ། །གཞན་ལ་སྒྲོ་བས་ནི་བསྐྱབ་པའོ། །རང་ཉིད་ཉེ་བར་སོང་ནས་བྱིན་གྱིས་རློབ་པ་ནི་སྦའོ། །ཡང་ན་ལུས་ཀྱིས་བདེ་པའི་ཡོ ་བྱང་ཐམས་ཅད་ཉེ་བར་སྦྱོར་བ་ནི་བསྲུང་བའོ། །ཕྱི་རོལ་གི་ཉེ་བར་འཚེ་བ་བཟློག་པ་ནི་བསྐྱབ་པའོ། །ནང་གི་ནང་ལ་སོགས་པ་བཟློག་པ་ནི་སྦའོ། །དེ་དག་བྱ་བ་ནི་ཚིག་གམ་ཡིད་ཀྱིས་ཡང་དག་པར་སྤྱོད་པའོ། །དེ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །སངས ་རྒྱས་ཉིད་ཀྱིས་ཡོངས་སུ་གཟུང་བ་སྟེ་སངས་རྒྱས་ཀྱི་དངོས་པོ་ནི་སངས་རྒྱས་ཉིད་དོ། །གང་གི་སངས་རྒྱས་སུ་གྱུར་པ་ངེས་ཡོངས་སུ་གཟུང་བ་དེ། མཚན་དང་འོད་དང་ཏི་ངེ་འཛིན་དང་གཟུགས་ལ་སོགས་པའི་ཕུན་སུམ་ཚོགས་པ་འམ། སངས་རྒྱས་མི་བཞུགས་པའི་སངས། ་རྒྱས་ཀྱི་ཞིང་དག་ཏུ་སངས་རྒྱས་ཀྱི་སྐུའི་བདག་ཉིད་ཅན་ནོ། །དེ་ཉིད་དེ་ནས་བཅོམ་ལྡན་འདས་ལྷའི་དབང་པོ། ཞེས་བྱ་བ་སོགས་པ་སྨོས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་པའོ། །ཡོན་ཏན་འདི། ་ཞེས་བྱ་བ་ནི་མཚན་ཕུན་སུམ་ཚོགས་པ་ལ་སོགས་པའོ། །འདི་དག་ཅེས་བྱ་བ་ནི་མངོན་པར་མཐོ་བ་རྣམས་སོ། །མཐོང་བའི་ཆོས་། ཞེས་བྱ་བ་སྐྱེ་བས་ཐོབ་པ་སྟེ་དེ་ལ་ཡོད་བའོ་།མཐོ་བ་ནི་བསྟན་པའོ། །ཡོངས་སུ་འཇིག་པ་ནི་རྗེས་སུ་བསྟན་པའོ། །དེ་ནི་འགོག ་པ་ལ་ཆོས་ཤེས་པའོ། །རྣམ་པར་བྱང་བ་ཀུན་ཞེས་བྱ་བས་ནི་སྐད་ཅིག་མ་བཅུ་ཅིག་བསྟོན་ཏེ། འདིས་རྣམ་པར་བྱང་བར་བྱེད་པས་ནི་རྣམ་པར་བྱང་པ་ཡིན་ཏེ། སྤྲིན?་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཡོངས་སུ་གཟུང་བ་ཡིན་ཏེ། དེ་བསྟེན་པའི ་ཕྱིར་བཅོམ་ལྡན་འདས་ཡང་ཅི། །ཞེས་བྱ་བ་ནས། ཀཽ་ཤི་ཀ། ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །ཉམ་ང་བ་དང་ནད་ཀུན་སེལ། །ཞེས་བྱ་བ་ལ། ཉམ་ད་བ་ནི་ཕོངས་པའོ། །མུ་སྟེགས ་ཅན་དང་མངོན་པའི་ང་རྒྱལ་ཅན་དང་ལྷན་ཅིག་བརྩོད་པ་དང། བརྒོལ་བ་དང། རྒལ་བར་བྱེད་པ་དེ་དག་སེལ་བའོ། །དེ་བཞིན་དུ་ཇི་ལྟར་བསལ་ནས་དེ་ཡང་འདི་ཐོས་པ་དང། ཐེག་པ་གསུམ་གྱི་ཉོན་མོངས་པ་དང། ངན་སོང་དང་འཁོར་བའི་ནད་རྣམས་ཟད ་པར་འགྱུར་ཏེ། དེ་བས་ན་ཉམ་བ་དང་ནད་ཀུན་སེལ། ཞེས་བྱ་བས་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་ཅིག་པ་བསྟན་ཏེ། །དེ་ཉིད་བསྟན་པའི་ཕྱིར་ཀོའུ་ཤིག་གཞན་ཡང། ཞེས་བྱ་བ་ལ་སོགས་པ་ནས། གནས་པར་མི་འགྱུར་རོ་ཞེས་བྱ་བའི་བར ་གྱིས་སོ། །ཆོས་ཤེས་བྱ་བ་ནི་བསྟན་པའོ། །བརྩོད་པ་ནི་སུན་དབྱུང་བས་སོ། །རྒོལ་བ་ནི་འཐོབ་བས་སོ། །རྒལ་བར་བྱེད་པ་ནི་ཕན་ཚུན་ཞེ་སྡང་གིས་སོ། །དེ་དག་གི་བསམ་པ་ནི་རྩོད་པ་ལ་སོགས་པའི་བསམ་པའོ། །དེ་ནི་འདི་ལྟར ་འགྱུར་ཏེ། ཞེས་བྱ་བ་ནི་གང་གི་ཕྱིར། འདི་ཉིད་ཀྱི་ཆོས་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་གཉིས་པའི་མཚན་ཉིད་དོ། །རྩེ་ཞེས་བྱ་བ་ལ་ཨུ་ཤ་ནི་བུས་པའོ། །དེ་འཛིན་པ་ནི་བུས་པ་འཛིན་པ་སྟེ་རྩེ་མ་གིའོ། །གདུག་པ་ནི་སྒྲུབ ་གྱི་གདུག་པ་སྟེ་ཆེ་བའོ། །དེའི་དུག་འདི་ལ་ཡོད་པ་ནི་སྤྲུལ་གདུག་པའོ། །སྐྱེ་བོ་ཞེས་བྱ་བ་ནི་ལུས་ཅན་ནོ། །སྲོག་ཆགས་སུ་གྱུར་པ་ནི་དུད་འགྲོའི་བྱེ་བྲག་གོ་།གཟི་བརྗིད། ཅེས་བྱ་བ་ནི་ནུས་པས་སོ། །སྟོབས་ནི་གནོད་པར་བྱེད་པ་ཉིད་ཀྱིས་སོ། །མཐུ་ནི་གནོད་པ ་ཉིད་ཀྱིས་སོ། །སྟོབས་བསྐྱེད་པས། ཞེས་བྱ་བ་ནི་དེའི་སྦྱར་བས་དེའི་ནུས་པ་སྐྱེས་པའི་ཕྱིར་ཏེ། དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །མྱ་ངན་འདས་འཛིན་ཞི་ཉིད་དང། །ཞེས་བ་ད་ལ། འཛིན་པ་ནི་མངོན་པར་ཞེན་པའོ། །འདི་ཉིད་བསྟན་པའི་ཕྱིར་དེ་ཅིའི་ཕྱིར ་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། །ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་གཉིས་ཉིད་བསྟན་ཏེ། དེ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །སངས་རྒྱས་རྣམས་ཀྱི་བསྲུང་བ། ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས ་རྣམས་ཀྱི་བསྲུང་བའོ། །སོགས་པའི་སྒྲས་ནི་ལྷ་ལ་སོགས་པ་ཡིན་ཏེ། འདི་ཉིད་བསྟན་པའི་ཕྱིར་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང། ཞེས་བྱ་བའི་བར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱ་བ་ནི་སྐད ་ཅིག་མ་བཅུ་བཞི་པ་བསྟན་ཏེ། དེ་ནི་ལམ་ལ་ཆོས་ཤེས་པའོ། །སྲོག་མི་གཅོད་པ་ལ་སོགས་པ། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། བདག་ཉིད་གནས་ཏེ་སེམས་ཅན་དག་།འགོད་དང་ཞེས་བྱ་བ་ལ། སྲོག་གཅོད་པ་སྤོང་བ་ནི་སྲོག་མི་གཅོད་པའོ། །དེའི་དབང་དུ ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གནས་པ་དང། དེ་ཉིད་ལ་གང་གཞན་དག་འགོད་པ་དེ་ནི་སྐད་ཅིག་མ་བཅོ་ལྔ་པའོ། །འདི་ཉིད་བསྟན་པའི་ཕྱིར་།ཀཽ་ཤི་ཀ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱ་བ་ནི་སྐད་ཅིག་མ་བཅོ་ལྔ་པའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཞན་དག་ལ་སྟོན་པའི་ཚིག་གོ་།གཟུང་བར་འོས་པ་ནི་དེ་གཟུང་བར་འོས་པར་འགྱུར་རོ། །རང་ཉིད་ཀྱང་དེ་ལ་གནས་པ་ཡིན་པས་དེ་བས་ནི་གཟུང་བར་འོས་པའི ་ཚིག་གོ་།འདི་ལ་འཇམ་ཞིང་སྙེན་པའི་ཚིག་ཡོད་པ་ནི་ཚིག་འཇམ་པའོ། །སྦྱིན་པ་ལ་སོགས་པ་དེ་དག་ལ་ཡང་གནས་ཤིང་དེ་དག་གི་བསྔགས་པ་སྨྲ་བས་ན་ཚིག་རིམ་པར་སྨྲ་བ་ཉིད་དོ། །ཚིག་འཆལ་བ་མེད་པ་ནི་ཕན་པ་དང་མི་ཕན་པར་དྲེང་པའི་ཚིག་མི་སྨྲ ་བ་ཡིན་ནོ། །དེ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །སྦྱིན་པ་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ལམ་ཤེས་པ་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་པའོ། །དེ་ཉིད་བཤད་པའི་ཁྲོ་བས་ཟིལ་གྱིས་གནོན་པར་མི་འགྱུར། ཞེས་བྱ་བ་ལ་སོགས་པ ་ནས། ཁ་ཏོན་དུ་བྱེད་པར་འགྱུར་བའི་བར་གྱིས་གསུངས་སོ། །ཡོངས་སུ་འདུལ་བར་བྱེད་ཅེས་བྱ་བ་ནི་ཁེངས་པའི་མཚན་ཉིད་ཀྱི་ང་རྒྱལ་ཟད་པར་བྱ་བའི་ཕྱིར་རོ། །ཁོ་ན་དུ་འཛིན་པ་ནི་འདུད་པར་མི་འཛིན་པའོ། །གནོད་སེམས་ནི་སེམས་ལ་ཞེ་སྡང་པའོ། །བག་ལ་ཉལ་བ་ནི་ཁོན་དུ ་འཛིན་པའོ། །དྲན་པ་དང་བྱམས་པ། ཞེས་བྱ་བ་དེ་གཉིས་ལ་དྲན་པ་བཤད་བའི་ཕྱིར་དེ་ནི་འདི་སྙམ་དུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ཞེས་བྱ་བ་ནི་གནོད་སེམས་ཀྱིས་སོ། །འཁྲུག་པ་ཞེས་བྱ་བ་ནི་རྣམ་པར་འགྱུར་པའོ། །འདིས་ནི་ཞེ་སྡང་ང་རྒྱལ ་འཁོར་དང་བཅས་པ་སྤོང་བར་བསྟན་ཏེ་གང་གི་ཕྱིར་ཞེ་སྡང་གིས་ནི་གཞན་དག་རྗེས་སུ་འཛིན་པར་མི་བྱེད་པའི་ཕྱིར་རོ། །དེ་མེད་ཀྱང་ང་རྒྱལ་ཅན་གིས་ནི་བདག་དང་མཉམ་པར་རྗེས་སུ་འཛིན་པར་མི་བྱེད་དེ། དེ་བས་ན་གཉིས་ཀ་ཡང་སྤངས་པའི་ཕྱིར་རོ། །བདག ་*།།གིས་ཐེག་པ་གསུམ་གྱི་སྦྱིན་པ་ལ་སོགས་པའི་དགེ་བའི་?་སེམས་ཅན་ཐམས་ཅད་ཡོངས་སུ་མྱངན་ལས་བཟླ་བར་བྱ་བའི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ ་ཐ་མ་བཅུ་དྲུག་པར་བསྟན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་དུ་བསྟན་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་ཉིད་བསྒོམ་པའི་ལམ་ཡང་ཡིན་ཏེ། དེ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང། འཇིག་རྟེན་ལས ་འདས་པའོ། །དེ་གཉིས་ཀ་ཡང་གོ་རིམ་བཞིན་ཕྱི་ནས་བརྗོད་པར་བྱ་སྟེ། དང་པོ་ཉིད་དུ་འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་གྱི་བྱེད་པ་ནི་ཚིག་ཉུང་བས་བརྗོད་པར་བྱ་སྟེ། དེ་ནི་བསྟན་བཅོས་ལས། ཀུན་ནས་ཞི་དང་ཐམས་ཅད་ནས། །བདུད་དང་ཉོན ་མོངས་ལས་རྒྱལ་དང། །གནོད་པས་རྫིབ་མེད་ཉིད་དང། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་གསུངས་སོ། །འདུད་པ་ནི་འདུད་པའོ། །ཐམས་ཅད་ནས། ཞེས་བྱ་བ་ནི་རྗེས་སུའི་སྒྲའི་དོན་ཏེ། ཡོངས་སུ་ཞི་བ་དང། ཡོངས་སུ་འདུད་པའི་དོན་ཏོ། །དེ་གཉིས་ཀ་ཡང ་གོ་རིམ་བཞིན་དུ་ཞེ་སྡང་དང། ང་རྒྱལ་དག་ཡོངས་སུ་ཟད་པའི་ཕྱིར་ཏེ། དེ་གཉིས་ཀྱང་དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བ་ནས། ཉེ་བར་གནས་པ་ངོ་མཚར་ཏོ་ཞེས་བྱ་བའི་བར་གྱིས་སྨྲས་སོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་གི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པའི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པའི་ལམ་སྟོན་ཏེ། གང་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡོངས་སུ་ཞི་བ་དང། ཡོངས་སུ་འདུད་པའི་ལས་སོ། །ཐམས་ཅད་ནས་ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བ་ནི་ཉོན་མོངས་པ་ལས་ཤིན་ཏུ་རྒྱལ་བའི་ཕྱིར ་ཏེ་དེ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་སོགས་པ་ནས། འདི་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །སྲོག་གི་བར་ཆད་དུ་འགྱུར་བ་ཞེས་བྱ་བ་ནི་དེ་དག་ལ་མཚོན་གྱིས་བཏབ་པའོ། །གཞན་གྱིས་གནོད་པར་བྱེད་པS། ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་ནང་དུ་སོང་བ་ན་གཞན་གྱི་གནོད་པ་གང་ཡིན་པ་དེ་ནི་བཞག་གྱིས་སོ། །གང་གི་ཕྱིར་དེས་ནི་འདི་ནི་བཅོམ་ལྡན་འདས་མ་ངེས་བདག་དང་གཞན་གྱིས་ཉོན་མོངས་པ་ལས་རྒྱལ་བ་སྟེ་།དེ་ནི་འདིའི་རྒྱུ་འཐུན་པ་ཡིན། ཞེས་བསམས་སོ།། ་འདི་ནི་ཉོན་མོངས་པ་ལས་རྒྱལ་བའི་ལས་སོ། །སྲོག་གི་བར་ཆད་བྱ་བའི་ཕྱིར་གཞན་གྱིས་གནོད་པ་བྱ་བར་མི་ནུས་པ་དེ་བས་ན་གནོད་པས་བརྫི་བ་མེད་པ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར། ཀོའུ་ཤི་ཀ་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནས། གཉི་ག་ལ་གནོད་པ་བྱ་བར ་ཡང་མི་སེམས་སོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་ལུས་ལའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ལུས་ལ་ཕོག་བར་མི་འགྱུར་བས་ག་ལས་ཤེས་ཞེས་བྱ་བའི་ཐ་ཚིག་གོ་།ལན་ནི་རིགས་སྔགས་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད ་དུ་ཡུལ་ཐམས་ཅད་ལ་མི་མཐུན་པའི་ཕྱོགས་ཐམས་ཅད་ཐོག་པ་མེད་པའི་མཐུ་ཡོད་པས་ན་གོ་རིམ་བཞིན་དུ་ཆེན་པོ་དང། ཚད་མེད་པ་དང། གཞལ་དུ་མེད་པའོ། །དེ་བས་ཀྱང་ལྷག་པའི་མཐུ་ཡོད་པའི་ཕྱིར་བླ་ན་མེད་པའོ། །མཉམ་པ་མེད་པས་ནི་མི་མཉམ་པའོ། ། ་མི་མཉམ་པ་མེད་པ་དང་མཉམ་པས་ན་མི་མཉམ་པ་དང་མཉམ་པའོ། །མཉམ་པ་དང་མཉམ་པ་ནི་མཉམ་པ་དང་མཉམ་པ་སྟེ་ཅུང་ཟད་དམའ་བོ། །དེ་ཡང་མེད་པ་ནི་མི་མཉམ་པ་དང་མཉམ་པའོ། །བདག་ལ་གནོད་པ་ནི་ཉེ་བར་གནོད་པ་བྱེད་པའོ། །དེ་བཞིན་དུ ་གཞན་དག་དང་གཉིས་ཀ་ལ་ཡང་ངོ། །དེ་ནུས་ཀྱང། མི་སེམས་པ་ནི་སེམས་ཀྱི་བྱ་བ་མིན་ནོ། །དེ་བས་ན་གཞན་གྱི་གནོད་པས་རྫི་བ་མེད་ཉིད་ནི་འདིའི་ལས་ཡིན་ཏེ། དེ་ནི་གནོད་པས་རྫིབ་མེད་པའི་ལས་ཀྱིས་སོ། །བྱང་ཆུབ་དང་ནི། ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཡིན་ཏེ་ལས་ལྔ་པའོ། །དེ་བསྟན་པའི་ཕྱིར་གཉིས་ཀ་ལ་མི་སེམས་པ་ནི་འོག་ནས་ཞེས་པ་ནས། གཞན་ཡང་ཀོའུ་ཞི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གསུངས་སོ། །དེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་པའི ་སེམས་སོ། །རྣམ་པར་ལྟ་བར་འགྱུར་རོ། །ཞེས་བྱ་བ་ནི་གདུལ་བྱ་ལ་སོགས་པའི་དོན་དུའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་ག་ལས་ཤེས་ཞེ་ན། གང་མ་ཐོབ་པ་དེ་ནི་གང་ཡང་མེད་དེ། ཞེས་བྱ ་བ་ནི་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཏེ། དེ་ཡང་སོ་སོར་རང་གི་རིག་པ་ཡིན་ནོ། །གལ་ཏེ་འདིས་ཐོབ་པར་མ་གྱུར་ན་ནི་འདི་ཐམས་ཅད་མཁྱེན་པའི་སྔགས་དང་ཡང་མི་ལྡན་པར་མི་འགྱུར་ན། གང་གི་ཕྱིར་འདིས་མ་ཐོབ་པར་གྱུར་པ་དེ ་གང་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཐམས་ཅད་ཤེས་པ་ཡིན་ཏེ། དེས་ན་གང་འདིས་ཤེས་པར་མ་གྱུར་པ་དེ་ནི་གང་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་མི་ཤེས་པ་ཡང་མ་ཡིན་ནོ། །རབ་ཀྱི་མཐར་ཕྱིན་པ་དང། མངོན་སུམ་གྱི་ཤེས་པ་འདིར་གཟུང་སྟེ། དེས་ན་གང་འདིར ་མངོན་སུམ་དུ་མ་བྱས་པར་གྱུར་བ་དེ་གང་ཡང་མེད་དོ་ཞེས་གསུངས་སོ། །འམ་གྱི་སྒྲ་ནི་ཕན་ཚུན་རྣམ་པར་རྟོག་པ་ལ་སྟོད་པའི་དོན་ཏོ། །དེའི་ཕྱིར་དེ་ནི་ཐམས་ཅད་མཁྱེན་པ་དང། ཡེ་ཤེས་ཐམས་ཅད་དང། དེ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་སྟེ། དེ ་ལྟར་ན་ཐམས་ཅད་ཤེས་པ་ནི་རྫོགས་པའི་བྱང་ཆུབ་པོ། །ཡང་དག་པ་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་པ་ཡིན་ཏེ། དེ་ཉིད་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །ཐམས་ཅད་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་དང ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ནི་ཐ་སྙད་ཙམ་དུ་ཐ་དད་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །མངོན་པར་རྫོགS་བ་སངས་རྒྱས་པ། ཞེས་བྱ་བ་ནི་ཐོབ་པའོ། །དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལས་སོ། །རྟེན་མཆོད་ཉིད། ཅེས་བྱ་བ་ལ། རྟེན་ནི ་རྣམ་པ་གཉིས་ཏེ། གཅིག་ནི་གླེགས་བམ་དུ་བྱས་པའོ། །དེ་ལས་གཞན་པ་ནི་འཛིན་པ་ནས་ཁ་དོན་བྱེད་བར་འགྱུར་ཞེས་བྱ་བའི་བར་རོ། །དེ་བས་ན་མཆོད་པ་ཉིད་དེ་དེ་ལྟར་ན་དེ་ནི་རྣམ་པ་གཉིས་སོ། །དེར་ཕྱོགས་པའི་སེམས་ཅན་གཞན་དག་ལ་རྣམ་པར་མི་འཚེ ་བ་ཡིན་ཏེ། དེ་གཉིས་ཀྱང་གོ་རིམ་བཞིན་དུ་གནས་བ་ཀོའུ་ཤི་ཀ་ཞེས་བྱ་བའི་ཚིག་གཉིས་པོའི་ཕན་ཡོན་འདི་དག་ཀྱང་ཡོངས་སུ་འཛིན་ཏོ། །ཞེས་བྱ་བའི་བར་གྱིས་གསུངས་སོ། །ཆུང་དུ་ན། ཞེས་བྱ་བ་ནི་མཆོག་ཏུ་མ་གུས་པའོ། །བཞག་པ་ནི་འོག་ཏུ་བཀུར་བསྟི་མི་བྱེད ་པའོ། ཀླགས་ནི་མཐོང་བ་དང་སྐབས་སོ། །མ་གཏོགས། ཞེས་བྱ་བ་ནི་སྐྱེ་བ་སྔ་མའི་ལན་གྲངས་གཞན་ལ་མྱོང་བ་དང། མྱོང་བར་མ་ངེས་པའི་རྣམ་པར་སྨིན་པའི་མི་དགེ་བའི་ལས་ནི་སྔོན་གྱི་ལས་སོ། །དེའི་རྣམ་པར་སྨིན་པ་ནི་མི་འདོད་པའི་འབྲས་བུའོ། །འདི་ལ་ཞེས ་བྱ་བ་ནི་ཇི་སྐད་བསྟན་པའོ། །དཔེར་ན། ཞེས་བྱ་བ་ལ་སོགས་པ་ནི་དཔའ་ཨོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་དཔེར་དང་ལྡན་པར་བསྟན་ཏོ། །བྱང་ཆུབ་ཀྱི་སྙིང་པོའི་ནང་ན་འདུག་པ། ཞེས་བྱ་བ་ལ། བྱང་ཆུབ་ཀྱི་དོན་?་སྙིང་པོ་ནི་བྱང་ཆུབ་ཀྱི་སྙིང་པོའོ། །སྙིང་པོ་ནི ་སྲ་བ་སྟེ་དེ་ལས་བཞུགས་ནས་བྱང་ཆུབ་རྟོག་པའི་ཕྱིར་རོ། །གང་གིས་བསྲ་བ་ཡིན་ཞེ་ན། གསེར་གྱི་རང་བཞིན་གྱིས་སོ། །དེ་ལྟར་ན་བསྐལ་པ་དང་པོ་ཆགས་པ་ནི་གསེར་གྱི་རང་བཞིན་གྱི་ས་གཞི་དང། རིན་པོ་ཆེ་སྣ་བཞིའི་རི་རབ་དང། གསེར་གྱི་རི་བདུན་དང། རོལ ་པའི་མཚོ་བདུན་གྲུབ་ཏེ། ཕྱི་རོལ་ཏུ་ནི་རྒྱ་མཚོ་ཆེན་པོ་དང། ལྕགས་ཀྱི་རི་མངོན་པར་གྲུབ་པོ། །གསེར་གྱི་རང་བཞིན་གྱིས་ལ་རྡོ་རྗེའི་རང་བཞིན་གྱིས་སྲ་བ་གྲུབ་པ། །གང་སའི་རང་བཞིན་གྱི་གླིང་བཞི་དང་གླིང་ཕྲིན་བརྒྱད་གྲུབ་པའོ། །གང་ན་ཛམྦུའི་གླིང་གི་ལྟེ ་པར་གྱུར་པ་ཡིན་ཏེ། དེ་ཡང་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་དང། བྱང་ཆུབ་པའི་གནས་ཡིན་པའི་རྡོ་རྗེའི་གདན་ཞེས་བརྗོད་དོ། །བྱང་ཆུབ་ཀྱི་སྙིང་པོ་དེར་འདུག་པ་ནི་ཕྱིན་པའོ། །ཀུན་གྱི་དངོས་པོ་ནི་ཀུན་ནས་སོ། །ཁོར་ཡུག་ནི་ཀུན་ནས་ཡངས་སུ་འཁོར་བའོ།། ་ནང་མ་ཞེས་བྱ་བ་ནི་དབུས་སོ། །བྱང་ཆུབ་ཀྱི་ཕྱིར་གྱི་ཤིང་ནི་བྱང་ཆུབ་ཀྱི་ཤིང་ངོ། །དེའི་དྲུང་ན་བཞུགས་ནས་བྱང་ཆུབ་རྟོགས་པའི་ཕྱིར་རོ། །དེའི་རྩ་བའི་ཉེ་འཁོར་དེ་ན་འདུག་པའོ། །འམ་གྱི་སྒྲ་ནི་རྣམ་པར་རྟོག་པའི་དོན་དུ་ཕན་ཚུན་བལྟོས་པ་ཡིན་ནོ། །བཀྱལ་ཀ་ཞེས ་བྱ་བ་ནི་རྣམ་པར་འཚེ་བའོ། །གསོད་བ། ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གནོད་པར་བྱེད་པ་ཞེས་བྱ་བ་ནི་འབྱུང་པོ་དང། ཤ་ཟ་ལ་སོགས་པས་གནོད་པར་བྱེད་པའི་ཕྱིར་རོ། །མི་འཇིགས་པ་དང། ། ་ཁོ་ན་མེད་པ་དང། མི་སྐྲག་པ་ནི་བྱམས་པ་ཆེན་པོའི་མིང་ཅན་གྱི་ཚད་མེད་པའོ། །སྟོན་བ། ཞེས་བྱ་བ་ནི་བདུད་དཔུང་དང་བཅས་པ་ཡོད་བཞིན་དུ་རྣམ་པར་གནོན་པའི་ཕྱིར་རོ། །བརྗོད་པ། ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའོ། །མཆོད་རྟོན་དུ་གྱུར་པ། ཞེས་བྱ་བ་ལ། དེ་དང ་འདྲ་བར་གྱུར་པ་ནི་དེར་གྱུར་པའོ། །དྲི་མ་མེད་པར་བྱ་བ་ལ་སོགས་པས་སལ་བར་འོས་པའི་ཕྱིར་ནི་གསོལ་པའོ། །གང་གི་ཕྱིར་མཆོད་རྟེན་དུ་གྱུར་པ་ངེས་ན་དེར་འདུག་པ་ལ་གཞན་གྱིས་ཀླན་ཀ་མི་བྱེད་དེ། །གང་གི་ཕྱིར་སྐྱབས་ལ་སོགས་པ་ཡིན་པ་ངེས་ན ་དེར་འདུག་པ་ལ་གནོད་པ་མེད་པར་འགྱུར་རོ། །དེར་ཉེ་བར་གནས་པ་ལ་སྐྱབས་མེད་པས་ན་སྐྱོབ་པའོ། །འཇིགས་པས་ཉེན་ཏེ་ཉེ་བར་འོངས་པ་ནི་སྐྱབས་སོ། །མི་འཇིགས་པའི་དོན་དུ་འདིར་གནས་པས་ན་གནས་སོ། །མཚོང་དུ་བགྲོད་པའི་གནས་ཡིན་པས་ན ་དཔུང་གཉེན་ཏེ། མཆོད་དུ་བགྲོད་པའོ། །དེ་ནི་རྟེན་གྱི་མཆོད་པ་སྟེ་ལས་དྲུག་པའོ། །འཇིག་རྟེན་པའི་བསྒོམ་པའི་ལམ་དང་པོ་འཇོད་པར་བྱ་སྟེ། དང་པོ་ཡིན་པའི་ཕྱིར་རོ། །དེ་ཡང་རྣམ་པ་གཉིས་ཏེ། མོས་པ་ཡིད་ལ་བྱེད་པ་དང། བསྔོ་བ་ཡིད་ལ་བྱེད་པ་དང། ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའོ། །དེ་ལ་མོས་པ་ཡིད་ལ་བྱེད་པའི་དབང་དུ་བྱས་ནས་བསྟན་བཅོས་ལས་། མོས་པས་རང་གི་དོན་དང་ནི། རང་གཞན་དོན་དང་གཞན་དོན་དང། །རྣམ་གསུམ་ཤེས་བྱ་ཞེས་བྱ་བ་ལ། །དད་ནི་རང་ཉིད་དོ། །རང་དང་གཞན་དང ་གཞན་ཁོ་ནའི་ཞེས་བྱ་བའི་དོན་ཏེ། །དོན་དང་གཙོ་བོ་དང་བསམ་ས་པ་གང་ལ་ཡོད་པ་དེ་ནི་གོ་རིམ་བཞིན་དུ་ནང་གི་དོན་དང། རང་གཞན་གྱི་དོན་དང། གཞན་གྱི་དོན་ཉིད་དོ། །བསྟན་བཅོས་ལས། དེ་ཡང་སོ་སོར་རྣམ་པ་གསུམ། །ཆུང་དང་འབྲིང་དང་ཆེན་པོ་སྟེ། ་འདོད་།ཅེས་གསུངས་ཏེ། དེ་ཡང། ཞེས་བྱ་བ་རང་གི་དོན་ལ་སོགས་པའོ། །རྣམ་པ་གསུམ། ཞེས་བྱ་བ་ནི། གསུམ་གྱི་དབྱེ་བས་སོ། །དེ་ཡང་བསྟན་བཅོས་ལས། ཆུང་དུའི་ཆུང་སོགས་དབྱེ་པ་ཡིས། །ཞེས་སྨོས་ཏེ། དེ་ཡང་རྣམ་པ་གསུམ་སྟེ། ཆུང་དུའི་ཆུང་བུ་ལ ་སོགས་པ་སོ་སོར་ཆུང་དུའི་ཆུང་དུ་ལ་སོགས་པའི་དབྱེ་བ་སྟེ། དཔེར་ན་རང་གི་དོན་ལ་མོས་པ་ལ་ཡང་ཆུང་དུའི་ཆུང་དུ་དང། ཆུད་དུའི་འབྲིང་དང། ཆུང་དུའི་ཆེན་པོ་དང། འབྲིང་གི་ཆུང་དུ་དང། འབྲིང་གི་འབྲིང་དང། འབྲིང་གི་ཆེན་པོ་དང། ཆེན་པོའི་ཆུང་དུ་དང། ཆེན ་པོའི་འབྲིང་དང། ཆེན་པོའི་ཆེན་པོ་དང། དེ་བཞིན་དུ་རང་དང་གཞན་གྱི་དོན་དང། དེ་བཞིན་དུ་གཞན་གྱི་དོན་ལ་ཡང་གསུམ་གསུམ་དུ་སྦྱར་ཏེ། དེ་ལྟར་དེ་ཡང་ཉི་ཤུ་བདུན་དུ་འདོད་པ་ཡིན་ནོ། །དེ་ཡང། ཞེས་བྱ་བ་ནི་དེ་ལྟར་ན་གསུམ་ཡིན་ཏེ་གསུམ་དུ་དབྱེ་བས་ཉི་ཤུ ་རྩ་བདུན་དུ་འདོད་དོ། །མོས་པ། ཞེས་བྱ་བ་ནི་དང་པ་དང་བདུན་པ་སྟེ། རིགས་པ་དང་ལྡན་པའི་མཚན་ཉིད་ལ་མོས་པའོ། །མདོ་དང་མདོའི་དོན་གྱི་ངོ་བོ་ནི་བཅོམ་ལྡན་འདས་མ་དང། དེའི་སྤྱད་པའི་ཡི་གེ་འདྲི་བ་ལ་སོགས་པའི་ལུས་དང། དེ་ལ་མཆོད་པ་མེ་ཏོག་ལ ་སོགས་པས་རྣམ་པ་མང་པོ་དག་གིས་སོ། །སྤྱོད་པ་དང་མཆོད་པ་ལས་བྱུང་བའི་བསོད་ནམས་ནི་མདོ་ཇི་ལྟ་བ་བཞིན་དུ་སྟེ། དེ་ལ་དང་པོ་ནི་དེ་སྐད་ཅེས་སྩལ་བ་དང། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཞེས་བྱ་བ་ལ་སོགས་པ་ནས། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མཆོད་པས་མཆོད་པར་འགྱུར། ཞེས་བྱ་བའི་བར་གྱིས་གསུངས་སོ། །བྲིས་ནས། ཞེས་བྱ་བ་ནི་རང་གིས་སོ། །གླེགས་པ་མ་དུ་ཆུང་པར་བགྱིས་པ་ནི་གཞན་གྱིས་སོ། །ལྷའི། ཞེས་བྱ་བ་ནི་ཁྱད་པར་དུ་གྱུར་པ་སྟེ། དྲི་ངན་པ་ལ ་སོགས་པ་སྤང་བའི་ཕྱིར་ཏེ། མེ་ཏོག་ནི་གསིལ་མའོ། །ཕྱེ་མ་ནི་མེ་ཏོག་གི་ཕྲང་བའོ། །དྲི་ནི་ཤིང་དྲི་ཅན་ནོ། །བྱུག་པ་ནི་སྦྱར་བའི་དྲིས་བྱུག་པའོ། །ཕྱེ་མ་ནི་ཨ་ཀ་རུ་དང་ཙན་དན་ལ་སོགས་པའོ། །མ་བཟའ་ནི་གོས་གྱི་བྱེ་བྲག་།མཆོད་པ་མང་པོ་ནི་ཞ ་ཟས་ལ་སོགས་པའོ། །རྣམ་པ་མང་པོ་ནི་བཟའ་བ་དང། སྟན་ལ་སོགས་པའི་བྱེ་བྲག་དག་གིས་སོ། །མེ་ཏོག་ལ་སོགས་པ་དག་གིས་བཀུར་སྟི་བགྱིས། ཞེས་བྱ་བར་སྦྱར་སྟེ། མཆོད་པར་བྱས། ཞེས་བྱ་བའི་དོན་ཏོ། །བླ་མར་བགྱིས་བ་དང། ་ཞེས་བྱ་བ་ནི་གུས་པའོ། །རི་མོར་བགྱིས་ཞེས་བྱ་བ་ནི་དང་བས་སོ། །མཆོད་པ་ཞེས་བྱ་བ་ནི་རབ་ཏུ་འདུད་པ་དང། ཐལ་མོ་སྦྱར་བ་དང། བསྟོད་པ་ལ་སོགས་པ་དག་གིས་སོ། །བརྗོད་པ་ནི་གཡས་ཕྱོགས་སུ་བསྐོར་བའོ། །གསོལ་བ་ནི་མེ་ཏོག་རྙིངས་པ་ལ ་སོགས་པ་འཕྱག་པ་དང་བསལ་བའོ། །སྐུ་ཞེས་བྱ་བ་ནི་སྐུ་གདུང་ངོ། །མཆོད་རྟེན་གྱི་ནང་དུ་ཞེས་བྱ་བ་ནི་མཆོད་པའི་གནས་ཀྱི་ནང་དུའོ། །རྩལ་ཏེ་ཞེས་བྱ་བ་ནི་བཞག་པའོ། །ཡོངས་སུ་འཛིན་ཅིང། ཞེས་བྱ་བ་ནི་ཟ་མ་ཏོག་ལ་སོགས་པའི་ནང་དུ ་བཅུག་པའོ། །བཅངས་པ་ལ་ཡང་ཟ་མ་ཏོག་ལ་སོགས་པར་བཅུག་པ་བཅངས་ཤིང་བཀུར་བའོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་རྟེན་མཆོད་དང་བཅས་པ་ཟབ་ཏོག་ལ་སོགས་པའོ། །གང་འདི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐུ། ཞེས་བྱ་བ་ནི་ཐམས་ཅད་མཁྱེན ་པའི་བདག་ཉིད་ཀྱི་དངོས་པོའོ། །དེང་མངོན་པར་གྲུབ་པ་ལམ་གདལ་བསླབས་བས་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བའི་བར་དུའོ། །ཐམས་ཅད་མཁྱེན་པ་ཉིད་དེ་གང་ཡིན་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཐམས་ཅད་མཁྱེན ་པ་ཉིད་མངོན་པར་གྲུབ་པ་ཞེས་སྨྲས་སོ། །མངོན་པར་གྲུབ་པ། ཞེས་བྱ་བའི་དོན་གང་ཡིན་ཞེ་ན། མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་སྨྲས་སོ། །འདིའི་དོན་ཡང་མ་སྐྱེས་ཞེས་བྱ་བ་སྨྲས་སོ། །འདི་ཉིད། ཅེས་བྱ་བ་དེ་ཁོ་ནའོ། །བདག་གི་དངོས་པོ་ལ་ཡང ་ཡིན་ལ་བདག་ཏུ་བརྟགས་པ་ཡང་ཡིན་པའི་སྐུ་ནི་གཟུགས་ཀྱི་སྐུའོ། །དེ་བཞིན་གཤེགས་པར་འགྲོ་སྟེ་གང་དུ་འགྲོ་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཕྱིར་རོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་གཉིས་ལས་བྱུང ་བ་ཡིན་ན་ནི་རབ་ཏུ་དབྱེ་པ་གཞི་སྟོན་པ་ཡིན་ཏེ། རབ་ཏུ་དབྱེ་བ་ནི་འཇིག་རྟེན་ལས་གྲངས་པའོ། །དེ་ཉིད་ནི་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པའོ། །དེའི་གཞི་ལས། ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་ལ་མཆོད་པ་བྱེད་པ་ལས་སོ། །ལྷག་མ་རྟོགས་པར་སླའོ།། ་དེ་ནི་རང་གི་དོན་ལ་མོས་པ་ཆུང་དུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཞེས་བྱ་བ་ལ་སོགས་པ་ནས། ཤེས་རབ་དམན་པ་ཞེས་བྱ་པའི། །བར་གྱིས་ནི་གཉིས་པ་བསྟན་ཏོ། །འདྲི་བར་བགྱི། ཞེས་བྱ་བ་ནས་རབ་ཏུ ་འདོན་པར་བགྱིད་ཅེས་བྱ་བའི་བར་དུ་རང་གི་དོན་ཏོ། །དེའི་འོག་ཏུ་གཞན་གྱི་དོན་ནི་དེ་ལ་འཆད་པར་བྱེད་པ་ནི་བསྟན་པའོ། །གསུམ་གྱིས་ནི་རྗེས་སུ་བསྟན་པའོ། །འཆད་པར་བྱེད་པ་ནི་དོན་ལས་སོ། །ལུང་ནོད་པར་བགྱིད། །ཅེས་བྱ་བ་གདམས་ངག་ཏུ་བྱེད་པའོ། །ཉེ་བར ་སྟོན་པ་ནི་ཚིག་ལས་སོ། །ཁ་ཏོན་དུ་བྱེད་ཅེས་བྱ་བ་ནི་ཁ་ཏོན་དུ་གོམས་པར་བྱེད་པའོ། །མ་བགྱིད་ན་དེ་ལྟར་འགྱུར་ན་ནི་འབྲས་བུ་ཆེ་བ་ཉིད་དུ་འགྱུར་པའོ། །རྟོགས་པར་མ་གྱུར་པ་ནི་ཐོས་པར་མ་གྱུར་པ་སྟེ་སྒྲ་ལས་སོ། །རིག་པར་མ་གྱུར། ཞེས་བྱ་བ་ནི་གླེགས་པ་མ་ལས ་མ་ཐོབ་བའོ། །འོན་ཏེ། ཞེས་བྱ་བ་ནི་ཕྱོགས་གཞན་རྟོག་པར་བྱེད་པའོ། །རིག་པར་བྱེད། ཅེས་བྱ་བ་ལ། ཤེས་པས་ན་རིག་པ་སྟེ་དོན་རིག་པའོ། །དེ་བྱེད་པས་ན་ཤེས་པར་བྱེད་པའོ། །རྟོགས་ནས། ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་ལྡན་པ ་རྣམས་ཤེས་ནས་སོ། །དང་པོ་ནི་སེམས་ལ་ཡོད་པའི་ཆོས་ཏེ། གང་གི་སེམས་ལ་ཤིན་ཏུ་དྲི་མ་མེད་པར་བྱེད་པ་ཆུ་རྙོག་པ་ཅན་ལ་རྙོག་པ་དང་བྲལ་བུར་བྱེད་པའི་ནོར་བུ་བཞིན་ནོ། །རྒྱུན་ཏུ་ཞུགས་པ་ཉིད་རྒྱན་ཏུ་ཞུགས་པའི་འབྲས་བུའོ། །ལན་ཅིག་ཕྱིར་འོང་བ་དང་ཕྱིར ་མོ་འོང་བའི་འབྲས་བུ་ཉིད་ལ་མ་མོ། །དགྲ་བཅོམ་པའི་དངོས་པོ་ནི་དགྲ་བཅོམ་པ་ཉིད་དེ། འབྲས་བུ་བཞི་པའོ། །དེ་བདག་ཅིག་བུ་སོ་སོར་རྟོགས་པས་ནི་རང་སངས་རྒྱས་སོ། །རྒྱས་པར་བྱ་བ་ནི་འཕེལ་བར་བྱ་པའོ། །ཕྱིར་མི་ལྡོག་པ་ལ་ཕན་པ་ནི་ཕྱིར་མི་ལྡོག་པའོ། །བསྒྲུབ ་དཀའ་བ་ནི་རྙེད་པར་དཀའ་བའོ། །བརྩོན་འགྲུས་ནི་དགེ་བའི་ལས་ལ་བརྩོན་པའོ། །ལེ་ལོ་ནི་ལས་ངན་པ་ལ་ཞེན་པའོ། །སེམས་སྟོབས་ནི་རྟེན་པའོ། །ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཏོ། །འདུ་ཤེས་ནི་དྲན་པའོ། །མོས་པ་ནི་དང་པོའོ། །དེ་ཁོ ་ན་ཉིད་རྣམ་པར་འབྱེད་པ་ནི་ཤེས་རབ་པོ། །དང་པ་ལ་སོགས་པའི་དབང་པོ་ཉམས་ཆུང་བ་ནི་བརྩོན་འགྲུས་ཞན་པ་ལ་སོགས་པའི་ཚིག་ཏུ་བརྗོད་དོ། །དེ་ལ་བརྩོན་འགྲུས་ཞན་པ་དང་ལེ་ལོ་ནི་བརྩོན་འགྲུས་ཀྱི་དབང་པོ་ཉམས་ཆུང་བའོ། །སེམས་སྟོབས་ཞན ་པ་དང། སེམས་དམན་པ་ནི་ཏིང་ངེ་འཛིན་གྱི་དབང་པོའི་འོ། །འདུ་ཤེས་དམན་པ་ནི་དྲན་པའི་དབང་པོའི་འོ། །མོས་པ་དམན་པ་ནི་དང་པའི་དབང་པོའི་འོ། །ཤེས་རབ་དམན་པ་ནི་ཤེས་རབ་ཀྱི་དབང་པོའི་འོ། །འཐད་པ་དང་བཅས་པས་བཅོམ་ལྡན་འདས་མ ་རྟོགས་པར་དཀའ་བར་ཤེས་པ་ནི་དཔྱོད་པ་ཤས་ཆེ་བའོ། །བསོད་ནམས་ཤེས་ཆེ་བ་ནི་བརྟགས་པར་བྱ་བ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནི་རང་གི་དོན་ལ་མོས་པ་ཆུང་དུའི་འབྲིང་ངོ། །ཀོའུ་ཤི་ཀ་དེ་བས་ན། ཞེས་བྱ་བ་ལ་སོགས་པ་ནས་རབ་ཏུ ་འདྲང་བར་བྱའོ། །ཞེས་བྱ་བའི་བར་གྱིས་ནི་གསུམ་པའོ། །རྒྱུན་མི་འཆད་པར་མཉམ་པར་བྱ་བ་ལ་སོགས་པ་ནས་ཡོངས་སུ་འདྲི་བར་བྱེད། ཅེས་བྱ་བའི་པར་ཡང་ཐེ་ཚོམ་ཆད་པའི་དོན་ཏོ། །རབ་ཏུ་འབྲང་བར་བྱའོ། །ཞེས་བྱ་བའི་མཛའ་ན་འདུག་པ་ཡང་འཐད ་པ་དང་བཅས་པའི་ཤེས་པ་སྟེ། དེ་ནི་སྤྱོད་པ་ལྷག་མའོ། །བསོད་ནམས་ལྷག་པ་ནི་བརྟག་པར་བྱ་བ་སྟེ། ལྷག་པ་ནི་སྔ་མ་བཞིན་ཏེ་།དེ་ནི་རང་གི་དོན་ལ་མོས་པའི་ཆུང་དུའི་ཆེན་པོའོ། །ཀོའུ་ཤི་ཀ་དེ་བས་ན། ཞེས་བྱ་བ་ལ་སོགས་པ་ནས་བསོད་ནམས ་མང་དུ་བསྐྱེད་དོ། །ཞེས་བྱ་བ་གཉིས་པའི་བར་གྱིས་ནི་བཞི་པ་བསྟན་ཏོ། །རིན་པོ་ཆེ་སྣ་བདུན་དག་ནི་གསེར་དང། དངུལ་དང། བཻཌཱུརྱ་དང། མུ་ས་ལ་གར་བ་དང། པདྨ་རཱ་ག་དང། མུ་ཏིག་དང། ཀེ་ཀེ་རུའོ། །དེའི་གཞི་ལས། ཞེས་བྱ་བ་ནི་དའི་རྒྱུ ་ལས་སོ། །བཅོམ་ལྡན་འདས་མ་ལ་དད་ཅིང་མོས་པ་ནི་སེམས་དང་པའོ། །ལྷག་པའི་བསམ་པ་ནི་སེམས་བསྐྱེད་པའོ། །ཉན་པ་ལ་སོགས་པ་དང། འདིའི་དོན་རྣམ་པར་འགྲེལ་བ་དང། ཡིད་ཀྱི་རྗེས་སུ་རྟོག་པ་དང། ཡོངས་སུ་དཔྱོད་པ་དང། གླེགས་བམ་དུ་ཆུད་པར་བྱས་པ ་དང། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང། ཚུལ་དང་མ་བྲལ་བས་བཞག་པ་ནི་སྤྱོད་པ་ལྷག་པའོ། །བསོད་ནམས་ལྷག་པ་ནི་གཞུང་ཇི་ལྟ་བ་བཞིན་ཏེ། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་རང་གི་དོན་དུ་མོས་པ་འབྲིང་གི་ཆུང་དུའོ། །ཀོའུ་ཤི་ཀ་རིན་པོ་ཆེ་སྣ་བདུན་གྱི ་མཆོད་རྟེན་ལྟ་ཞོག་།ཅེས་བྱ་བ་ནས། བསོད་ནམས་མང་དུ་བསྐྱེད་དོ། །ཞེས་བྱ་བ་གཉིས་པའི་བར་གྱིས་ནི་བསྔོ་བ་བསྟན་ཏོ། །གླིང་ཆེན་པོ་རྫ་རྔ་ཙམ་གྱི་འབྲས་བུ་ཡོད་པའི་ཤིང་ཛམ་བུས་མཚོན་པའི་ཕྱིར་དམྦུའི་གླིང་ངོ། །དེའི་གཞི། ཞེས་བྱ་བ་ནི་འདི་ལས་སྐྱེ་བ་གང ་ཡང་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །ལྷག་མ་ནི་རྟོགས་སླའོ། །འདི་ལ་སོགས་པ་གང་དུ་ཕན་ཡོན་བརྗོད་པ་ནི་སྤྱོད་པ་ལྷག་པའོ། །དེ་ལ་གང་ཇི་སྐད་བསྟན་པའི་ཕན་ཡོན་གྱིས་དད་པ་ལྷག་པར་བསྐྱེད་པ་དེ་ནི་སྤྱོད་པ་ལྷག་པ་སྟེ། དེ་ནི་རང་དོན་ལ་མོས་པའི་འབྲིང་གི ་འབྲིང་ངོ། །ཀོའུ་ཤི་ཀ་གླིང་ཆེན་པོ་བཞི་པ་ལྟ་ཞོག་གི་།ཞེས་བྱ་བ་ལ་སོགས་པ་ནས། བསོད་ནམས་མང་དུ་བསྐྱེད་དོ། །ཞེས་བྱ་བ་གཉིས་པའི་བར་གྱིས་ནི་དྲུག་པ་བསྟན་ཏོ། །འདི་ལ་གླེང་ཆེན་པོ་ཡོད་པས་ན་གླིང་ཆེན་པོ་བཞི་པའོ། །འཇིག་རྟེན་འཛིན་པས་ན་འཇིག ་རྟེན་གྱི་ཁམས་སོ། །ལྷག་མ་ནི་སྔ་མ་བཞིན་ཏེ་།དེ་ནི་རང་གི་དོན་ལ་མོས་པ་འབྲིང་གི་ཆེན་པོའོ། །ཀོའུ་ཤི་ཀ་སྟོད་སྤྱི་ཕུང་ཀྱི་འཇིག་རྟེན་གྱི་ཁམས་ལྟ་ཞོག་ཅེས་བྱ་བ་ལ་སོགས་པ་ནས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་བྱ་བའི་བར་གྱིས་ནི་བདུན་པའོ། །འདི་ལ ་གླིང་བཞི་པ་སྟོད་གི་ཚད་ཡོད་པ་དེ་ནི་གླིང་བཞི་པ་སྟོང་ངོ། །དེ་ཉིད་ཚད་པས་སྤྱི་ཕུང་དང་ལྡན་པའི་ཕྱིར་སྦྱི་ཕུང་སྟེ། དེ་ནི་རང་གི་དོན་ལ་མོས་པ་ཆེན་པོའི་ཆུང་དུའོ། །དེ་གཉིས་ནི་བརྒྱད་པའོ། །འདི་བླ་སྟོང་གཉིས་ཀྱི་ཚད་ཡོད་པ། དེ་ནི་སྟོང་གཉིས་པ་སྟེ། སྟོང་སྤྱི་ཕུང ་སྟོང་ཞེས་བྱ་བའི་དོན་ཏོ། །དེ་ནི་བར་མ་ཡིན་ཏེ། སྟོང་ཆུང་དུ་དང། སྟོང་ཆེན་པོའི་བར་ཡིན་པའི་ཕྱིར་རོ། །དེ་ནི་རང་གི་དོན་ལ་མོས་པ་ཆེན་པོའི་འབྲིང་ངོ། །དེ་ནས་དེའི་འོག་ཏུ་ནི་དགུ་པའོ། །འདི་ལ་སྟོང་གསུམ་ཡོད་པ་ནི་སྟོང་གསུམ་སྟེ། སྟོང ་གཉིས་པ་སྟོང་ཞེས་བྱ་བའི་དོན་ཏོ། དེ་ཉིད་སྟོང་ཆེན་པོ་ཡིན་ཏེ། དེ་ནི་རང་གི་དོན་ལ་མོས་པ་ཆེན་པོའི་ཆེན་པོའོ། །ཀོའུ་ཤི་ཀ་སྟོང་གསུམ་གྱི་སྟོབ་ཆེན་པོའི་ལྟ་ཞོག་གི་།ཞེས་བྱ་བ་ལ་སོགས་པ་ནས་གསལ་བར་གྱུར་ཏོ། །ཞེས་བྱ་བའི་བར་གྱི་ས་ནི་བཅུ་པ ་བསྟན་ཏོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཐམས་ཅད་མི་ལུས་ཐོབ་བོ། །འདི་ལ་སྔ་མ་མེད་པ་དང། ཕྱི་མ་མེད་པ་ནི་སྔ་ཕྱི་མེད་པ་སྟེ། ལྷན་ཅིག་ཅེས་བྱ་བའི་དོན་ཏོ། །སེམས་ཅན་སྔ་ཕྱི་མེད་པར་ལྷན་ཅིག་སྐྱེ་བར་རྗེས་སུ་ཤེས ་པའོ། །ལྷག་མ་ཡོངས་སུ། ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་མཆོད་རྟེན་ལ་མཆོད་པ་བྱེད་པའོ། །འདིར་ཡང་བསྐལ་པ་འམ་།བསྐལ་བ་ལས་ལྷག་པར་འདི་ལ་ཡང་སིལ་སྙན་དང། གླུ་དབྱངས་ཐམས་ཅད་དང། གང་ལ་སོགས་པ་དང། མེ་ཏོག ་ལ་སོགས་པ་ཐམས་ཅད་ཀྱི་མཆོད་རྟེན་ལ་མཚོར་བ་ལྷག་པའོ། །བཅོམ་ལྡན་འདས་མ་ལ་སོགས་པའི་བསོད་ནམས་ལྷག་པ་དང། རིགས་པའི་ཤེས་བའི་མཛའ་བར་གྱིས་བསྟན་ཏོ། །དེ་ནི་འདིར་སྦྱོང་བ་དང་མཆོད་པ་ལྷག་པ་སྟེ། དེ་ནི་རང་དང ་གཞན་གྱི་དོན་ལ་མོས་པ་ཆུང་དུའི་ཆུང་དུའོ། །བཅོམ་ལྡན་འདས་རྣམ་གྲངས་འདི་ལྟ་བུ་ལྟ་ཞོག་གི་།ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་མཚོ་ཆེན་པོ་འདི་ལས་སྐྱེས་སོ། །ཞེས་བྱ་བའི་བར་གྱིས་ནི་བཅུ་གཅིག་པ་བསྟན་ཏེ། །སྟོང ་གསུམ་གྱི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་།ཞེས་བྱ་བ་ནི་མཆོད་རྟེན་ལ་མཆོད་པའི་ཁྱད་པར་རོ། །ལྷག་མ་ནི་བཅུ་བ་བཞིན་ནོ། །བཅོམ་ལྡན་འདས་མ་ལ་མཆོད་པ་དང་མཆོད་པ་རིགས་པ་དང་བཅས་པའི་ཕན་ཡོན་རྒྱ་ཆེན་ཡོངས་སུ་ཤེས་པ་ནི་ལྷག་མའོ། ། ་འདི་ལྟ་བུ་ཉིད་དུ་བསམ་པ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་བོ། །འདྲ་བ་མེད་པའི་ཕྱིར་མཚུངས་པ་མེད་པའོ། །མངོན་པར་འདུ་བྱེད་པ། ཞེས་བྱ་བ་ནི་བསོད་ནམས་ཀྱི་ལས་སོ། །བརྒྱའི་ཆར་ཡང་ཞེས་བྱ་བ་ལ་སོགས་པ་ནས་སྟོང་གི་ཚར་ཡང་ཉེ་བར་མི་འགྲོའོ། །ཞེས་བྱ ་བའི་བར་གྱི་ཚིག་ལ་ཡང་ཆ་ཞེས་བྱ་བར་སྦྱར་བའི་དོན་ཏོ། །འདིར་ཆ་ནི་ཆ་ཤས་སོ་ཞེས། ཉེ་བར་མི་འགྲོ། ཞེས་བྱ་བ་ནི་མི་ཐོབ་པའི་དོན་ཏོ། །ཆར་ཡང་ཉེ་བར་མི་འགྲོ་བར་མ་ཟད་ཀྱི། འོན་ཀྱང་མཚུངས་བའི་དོན་དུ་གྲངས་དང་ཆར་ཡང་ཉེ་བར་མི་འགྲོ་བ་ཡིན་ནོ། །ཡང་གི་སྒྲ ་ནི་ཕན་ཚུན་ལྟོས་བའི་བསྡུ་བའོ། །ཇི་ལྟར་ཆར་ཡང་ཉེ་བར་མི་འགྲོ་ཞེས་བསྟན་པ་ལྟར་ཇི་ལྟར་གྲངས་སུ་ཉེ་བར་མི་འགྲོ་ཞེ་ན། གྲངས་ལས་ལྷག་པར་ཡང་མཚུངས་པ་མེད་པས་སོ། །བསོད་ནམས་སྔ་མ་དེས་བརྒྱ་དང་སྟོང་དང་བྱེ་བ་བརྒྱ་སྟོང་གིས་ཀྱང་ཕྱི་མའི་བསོད ་ནམས་དང་མཚུངས་པར་མི་བཟོད་པ་ཡིན་ནོ། །གྲངས་ནི་བགྲང་བ་སྟེ་སྐྱེ་འབྲི་ལ་སོགས་པའོ། །ཇི་ལྟར་མི་འགྲོ་ཞེ་ན། དེ་ཤིན་ཏུ་ཤས་ཆེ་ཡང་མཉམ་པ་མེད་བའི་ཕྱིར་རོ། །སྔ་མའི་བསོད་ནམས་དེས་ལྔ་ཕྲག་གམ། བཅུ་ཕྲག་གམ། ཉི་ཤུ་ཕྲག་གམ། འབུམ་ཕྲག ་གམ། བྱེ་བ་ཕྲག་གིས་ཀྱང་ཕྱི་མའི་བསོད་ནམས་ལ་མཉམ་པར་མི་བཟོད་པའོ། །དཔེ་དང། དཔེས་བསྟན་པར་བྱ་བ་དང། རྒྱུར་ཡང་ཉེ་བར་མི་བཟོད་དོ་ཞེས་བྱ་བར་སྦྱར་རོ། །དཔེ་ཡིན་པས་དཔེར་ཡང་ངོ། །དེ་ཉིད་དཔེས། ཞེས་བྱ་བ་ནི་དཔེས་བསྟན་པར ་བྱ་བའོ། །རྒྱུ་ཉིད་ནི་རྒྱུའོ། །དཔེ་ཐ་དད་པས་ན་དཔེའོ། །གྲངས་ཀྱི་དཔེ་ནི་དཔེས་བསྟན་པར་བྱའོ། །གྲངས་ཀྱི་དཔེས་ཡིན་པས་རྒྱུའོ། །དེ་དག་གསུམ་གྱིས་ཀྱང་མཉམ་པ་མེད་པ་ནི་བཟོད་པའོ། །དཔེར་ན་བཅུའི་གྲངས་ཀྱི་དཔེ་འམ། བཅུ་ལྔ་པ་ལ་སོགས་པའི་གྲངས ་ཀྱི་དཔེ་འམ། བསྐལ་པའི་གྲངས་ཀྱི་དཔེས་ཀྱང་མཉམ་པར་མི་བཟོད་པས་སོ། །རྒྱུར་དད་ཉེ་བར་མི་བཟོད་དོ། །ཞེས་བྱ་བ་ནི་དེ་ལྟར་ཤིན་ཏུ་མཚུངས་པ་མེད་པར་མཉམ་པའི་དོན་དུ་མཚུངས་པ་མེད་པས་གནས་པ་སྟེ། དེ་ལ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན ་དོན་ཏོ། །གྲོགས་པོ་ཞེས་བྱ་བ་ནི་ཇོ་བོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་རྒྱུ་བ་ཞེས་བྱ་བ་ནི་བསམ་པའོ། །དྲན་པར་བྱོས་ཤིག། ཅེས་བྱ་བ་ནི་དྲན་པའོ། །ཁ་ཏོན་དུ་བྱོས་ཤིག་།ཅེས་བྱ་བ་ནི་ཡིད་ཀྱིས་བརྗོད་པའོ། །རིག་སྔགས་ཆེན་མོ། །ཞེས ་བྱ་བ་ལ་སོགས་པའི་ཚིག་གསུམ་ནི་སྔར་བཤད་ཟིན་ཏོ། །དེས་ན་རིག་པ་འདི་ལས་ལྷག་པ་མེད་པའི་ཕྱིར་བླ་ན་མེད་པའོ། །ཆོས་འདི་ལས་ལྷག་པ་མེད་པའི་ཕྱིར་གོང་ན་མེད་པའོ། །རིག་པ་འདི་དང་མཚུངས་པ་མེད་པའི་ཕྱིར་རོ་མཉམ་པ་མེད་པའོ། །མི་མཉམ ་པ་དེ་བཞིན་གཤེགས་པ་རྣམས་ཏེ། དེ་དང་མཉམ་པའི་ཕྱིར་མི་མཉམ་པ་དང་མཉམ་པའོ། །རབ་ཏུ་འབྱེད་དོ། །ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་ཡང་དག་པར་ལྡན་པར། ཞེས་བྱ་བ་ནི། དེ་ལ་བརྟེན་པའི་ཕྱིར་དེས་ཡོངས་སུ་བཟུང ་བ་དང་གནས་པའོ། །སངས་རྒྱས་རྣམས་ཀྱི་ཤེས་པ་ནི་ཡེ་ཤེས་སོ། །རང་ཉིད་འབྱུང་བས་རང་འབྱུང་ངོ། །བསམ་པ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །སྔོན་ཐོས་བའི། ཞེས་བྱ་བ་ནི་སྔོན་ཐོས་པ་ལས་བྱུང་བ་དེའི་སྤྱོད་པའོ། །སྨན་དང་སྐར ་མ། ཞེས་བྱ་བ་ནི་སྨན་དང་སྐར་མ་དག་གོ་།སང་བར་བྱེད། ཅེས་བྱ་བ་ནི་གསལ་བར་བྱེད་པར་དག་གོ་།ཆོས་ནི་མྱ་ངན་ལས་འདས་པ་སྟེ། ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་ཉིད་མཚུངས་པ་སྟེ། ཉོན་མོངས་པ་དང་སྡུག་བསྔལ་ཞི་བར ་བྱེད་པའི་ཕྱིར་ཏེ་དེ་ནི་སྤྱོད་པའོ། །དགེ་བ་ནི་བཟང་པོ་སྟེ་དེའི་སྤྱོད་པའོ། །ཡང་བ་མ་སྤངས་པས་འཆི་བ་དེའི་རྒྱུ་སྤངས་པ་ནི་ཡང་བ་ཡོངས་སུ་སྤངས་པ་འདི་ན་བསྟན་པའོ། །ལྷག་མ་ནི་རྗེས་སུ་བསྟན་པའོ། །དབྱིག་པས། ཞེས་བྱ་བ་ནི་དབྱུག་པ་ལ་སོགས་པའོ། །ཡོངས་སུ་བཟུང་པའི། ཞེས ་བྱ་བ་ནི་རབ་ཏུ་བཟུང་བའི་ཕྱིར་རོ། །ཉེ་བར་གནས་པར་འགྱུར། །ཞེས་བྱ་བ་ནི་དེའི་མཐུས་དེ་ལྟར་འགྱུར་བའི་ཕྱིར་རོ། །གདུག་པ་ནི་རི་དགས་གདུག་པའོ། །སྡིག་སྤྲུལ། ཞེས་བྱ་བ་ནི་སྤྲུལ་ཏེ། ཡོན་པོར་འགྲོ་བས་སྟེ་དེ་དག་གིས་དགོན་པའོ། །མ་གཏོགས་པར། ཞེས་བྱ་བ་ནི ་གང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཉིད་ལ་སོགས་པ་བོར་བའོ། །དྲན་པས་བསམས་པ། ཞེས་བྱ་བ་ནི་ཡིད་ལ་བྱ་བས་སོ། །ཞེས་འགྲས་པའི་སེམས་ཀྱིས། །ཞེས་བྱ་བ་ནི་སེམས་ཅན་ལ་ཞེ་སྡང་བའི་སེམས་ཀྱིས་སོ། །སེམས་མི་རྩོལ་བ་ནི་ཡིད་ལ་བྱེད་པའོ། །མིག་གིS ་མི་རྩོལ་བ་ནི་ཡིད་ལ་བྱེད་པའོ། །དཔུང་གི་ཚོགས་ནི་དམག་གི་ཕུང་པོའོ། །དེ་ནི་གླང་པོ་དང། རྟ་དང། རྐང་ཐང་དང། ཤིང་རྟ་སྟེ་རྣམ་པ་གཞིའོ། །བཀོད་པ་ནི་འདུས་པས་སོ། །གཟུགས་ཅན་སྙིང་པོ་ནི་མ་ག་དྷའི་བདག་པོའོ། །གསལ་རྒྱལ་ནི་མཉན་ཡོད་ཀྱི་བདག་པོའོ།། ་ཤཱཀྱ་ནི་ཤཱཀྱའི་རིགས་སུ་སྐྱེས་པའོ། །ལི་ཙ་བྱི་ནི་རྒྱལ་རིགས་ཡངས་པ་ཅན་གྱི་བདག་པོའོ། །སླར་ལོག་པ་ནི་ལོག་པར་གྱུར་བའོ། །བར་སྣང་གི་ནམ་མཁའ་ལ་འདུག་ནས། ཞེས་བྱ་བ་ནི་ནམ་མཁའ་ནས་ནམ་མཁར་འདུག་པའོ། །ཡུན་རིང་ནི། ཡུན་རིང་མོ་ཞིག་གིས་སོ། ནང་དུ ་བྱུང་ངོ། །ཞེས་བྱ་བ་ནི་ཡང་བྱུང་བའོ། །ངན་དོན་མ་ཡིན་པ་ནི་བསྐལ་བར་བསགས་པས་དགེ་བའི་རྩ་བས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ན་དེ་བཞིན་ཉིད་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་དུ་འཚོལ་བ་ལས། ཞེས་བྱ་བ་ནི་རང་དང་གཞན་གྱི ་དོན་ལ་མོས་པ་ཆུང་དུའི་འབྲིང་ངོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས། །ཞེས་བྱ་བ་ལ་སོགས་གནས་ཡོངས་སུ་འདྲེན་པ་གཉིས་པའི་བར་གྱིས་ནི་བཅུ་གཉིས་པ་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ནས་འདྲེན་པ་ལ་སོགས་པ ་ཉིད་ཀྱིས་ཞེས་པ་རིགས་པ་དང་བཅས་པ་ནི་སྤྱོད་པ་ལྷག་པ་ཡིན་ནོ། །བསོད་ནམས་ལྷག་པ་ནི་རྟག་པར་བྱ་བ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །ཡོན་ཏན་ནི་བསྟོད་པ་འམ་སྔགས་པའོ། །སྔོན་དུ་འགྲོ་བ་ནི་ཐོག་མར་འགྲོ་བའོ། །བདེན་པ་ཞེས་བྱ་བ་ནི་ཡང་དག་པར ་སྡུད་པར་བྱེད་པའོ། །ཡོངས་སུ་འདྲིན་པ། ཞེས་བྱ་བ་ནི་ཡང་དག་པར་འཕེལ་བར་བྱེད་པའོ། །ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རང་ཉིད་མཆོག་ཏུ་གྱུར་པ་ཉིད་པས་ཕ་རོལ་ཏུ་ཕྱིན་པའོ། །གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པ་ཉིད་ཀྱིས་སོ། །ལྷག་མ་ནི་རྟོགས ་པར་སླ་སྟེ། དེ་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆུང་དུའི་ཆེན་པོའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན། ཞེས་བྱ་བ་ལ་སོགས་པ་ནས། ཡོན་ཏན་ངས་བཤད་བར་བྱའོ། །ཞེས་པའི་བར་གྱིས་བཅུ་གསུམ་པ་བསྟན་ཏོ།། ་གང་འདི་གླེགས་བམ་དུ་ཆུད་པར་བྱ་སྟེ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གཞན་ལ་མཆོད་པ་བྱེད་པ་འདི་ཐམས་ཅད་ནི་ཕན་ཡོན་ཏེ། དེ་ལྟར་ཤེས་པ་ཙམ་ནི་སྤྱོད་པ་ལྷག་པ་ཡིན་ཏེ། འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་དུའོ། ་དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཞེས་བྱ་ལ་སོགས་པ་གཉིས་པའི་བར་གྱིས་ནི་བཅུ་བཞི་པ་བསྟན་ཏོ། །སྦྱོད་པ་ལྷག་མ་ནི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །འདི་ནི་རང་དང་གཞན་གྱིས་དོན་ལ་མོས་པ་འབྲིང་གི ་འབྲིང་ངོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡང་ཀཽ་ཤི་ཀ་ཕྱོགས་གང་དུ་ཡང། ཞེས་བྱ་བའི་བར་གྱིས་ནི་བཅོ་ལྔ་པ་བསྟན་ཏོ། །རྒལ་བ། ཞེས་བྱ་བ་ནི་དྲི་བ་ཡིན་ཏེ། འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་བསྟན་ཏོ། །ཡང་ཀཽ་ཤི་ཀས ་ཕྱོགས་གང་དུ། ཞེས་བྱ་བ་ལ་སོགས་པ་ནས་དེ་སྐད་ཅེས་བཀའ་སྩལ་བ་དང། ཞེས་བྱ་བ་ལ་སོགས་པ་ནས་བཅུ་དྲུག་པ་བསྟན་ཏོ། །ལྷ་ལ་སོགས་པ་ཐམས་ཅད་དད་པ་དང་ལྡན་པས་འོངས་ནས་དེ་རྣམས་ལ་ཆོས་ཀྱི་སྦྱིན་པ་མཛད་པ་ནི་སྤྱོད་པ་ལྷག་པའོ།། ་འདི་རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་དུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བ་ལ་སོགས་པ་ནས། འདི་ལ་ཡོན་ཏན་འདི་དག་ཡོངས་སུ་འཛིན་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་ནི་བཅུ་བདུན་པ་བསྟན་ཏོ། །ལྷ་ལ་སོགས་པ་འོངས ་པ་ནས་མཆོད་པར་ཤེས་པ་དང། དགའ་བ་སྐྱེས་བ་དང། དད་པ་ལ་སོགས་པ་ནི་བཅོམ་ལྡན་འདས་མའི་མཐུ་ཡིན་ཏེ་དེ་ནི་སྤྱོད་པ་ལྷག་པའོ། །མཐོང་ན་ཞེས་བྱ་བ་ནི་ཡང་དག་པར་ཤེས་པའོ། །ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་རོ། །རྟོགས་པར་བྱའོ།། ་ཞེས་བྱ་བ་ནི་ཤེས་པར་བྱའོ། །མི་མ་ཡིན་པའི་དྲི། ཞེས་བྱ་བ་ཉིད་ཀྱི་དངོས་པོ་ནི་མིའོ། །དེ་མ་ཡིན་པ་ནི་མི་མ་ཡིན་པའོ། །མི་གཙང་བ་མེད་པ་ནི་ངོ་ཚ་བ་ཕྱེད་པའོ། །མེ་ཏོག་ལ་སོགས་པ་དང་ལྡན་པའི་ཕྱིར་གཙང་སྦྲའོ། །འབྱོལ་བར་སེམས་དཔའ་ནི་འགྲོ་བར ་སེམས་དཔའ་ཨོ། །ངལ་བ་ནི་གནོད་པའོ། །རྒྱ་ཆེན་པོ། ཞེས་བྱ་བ་ནི་ཤིན་ཏུ་རྒྱ་ཆེ་བའོ། །བདེ་བར་འགྲོ་བར་གྱུར། ཅེས་བྱ་བ་ནི་བདེ་བ་དང་འདའ་བར་འགྱུར་བའོ། །བརྐམ་པ་ནི་མངོན་པར་འདོད་པའོ། །འདུ་ཤེས་ནི་དྲན་པའོ། །འདི་ནི་རང་དང་གཞན ་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ངོ། །ཀོའུ་ཤི་ཀ་གཞན་ཡང། ཞེས་བྱ་བ་ལ་སོགས་པ་ནས་ལེའུ་རྫོགས་ཀྱི་བར་གྱིས་ནི་བཅོ་བརྒྱད་པ་བསྟན་ཏོ། །སྤྱོད་པ་ལྷག་པ་ནི་མདོ་ཇི་ལྟ་བ་བཞིན་དུ་སྦྱར་ཏེ་འདི་ནི་རང་དང་གཞན་གྱི་དོན་ལ་མོས་པ་ཆེན ་པོའི་ཆེན་པོའོ། །དཔག་ཏུ་མེད་པ། ཞེས་བྱ་བ་ལ་སོགས་པ་ལ། འདིར་མཆོད་རྟེན་ནི་མཆོད་པའི་གནས་སོ། །ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཛིན་པ་ནི་རྣམ་པ་གསུམ་ཏེ། གླེགས་བམ་དུ་ཆུད་པར་བྱས་ནས་གང་བསྲུང་ཞིང ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་བཞག་པ་དང། གང་འཛིན་པ་དང་འཆང་བ་ལ་སོགས་པས་བདག་ཉིད་ལ་བཞག་པ་ནི་གཉིས་པའོ། །གང་ལ་དཔག་ཏུ་མེད་པའི་ཡོན་ཏན་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐད་དུ་གསུངས་པའི ་འབྲུ་མང་པོ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ཏེ་དེ་དང་མཆོད་རྟེན་ཟླས་དབྱེ་བར་བྱའོ། །དེ་གཉིས་ཀ་ལ་བསྙེན་བསྐུར་བ་མེ་ཏོག་ལ་སོགས་པས་མཆོད་པའོ། །དེ་བརྗོད་པའི་ལེའུ་ནི་དཔག་ཏུ་མེད་པ་ཡོན་ཏན་བཟུང་བ་དང། ཕ་རོལ་ཏུ་ཕྱིན་པ་དང་མཆོད་རྟེན ་ལ་རི་མོར་བྱ་བའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་གསུམ་པའོ།། །།མོས་པའི་དབང ་དུ་བྱས་ནས་དེ་ལ་བདག་གི་དོན་དགུ་དང། བདག་དང་གཞན་གྱི་དོན་དགུ་བསྟན་ཏོ། །ལེའུ་འདིར་ཡང་གཞན་གྱི་དོན་དགུ་བཤད་པར་བྱ་སྟེ། དེ་ལ་དང་པོ་དེ་བཞིན་གཤེགས་པའི་སྐུ་གདུད་དེ་དག་ལ། ཞེས་པའི་བར་གྱིས་ནི་བཅུ་དགུ་པ ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་ལྷག་པར་ཆོས་ཀྱི་ཕྱིར་དེ་ལྟར་གཟུགས་ཀྱི་སྐུལ་ནི་མ་ཡིན་ཏེ། འཇིགས་ཚོགས་ཡིན་པའི་ཕྱིར་རོ། །འདི་ལྟར་དེས་ན་དོན་དེ་ལ་དད་པ་དང། དད་པ་ཤུགས་ཀྱིས་ལྷག་པར་རྟོགས་པ་ཡིན ་ཏེ། དེ་ནི་འདིར་སྤྱོད་པ་ལྷག་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་གདུང་དག་གོ་།དྲུག་པ་ནི་བྱས་པའི་དྲུག་པར་བྱས་ཏེ། དེས་ཕྱུར་བུར་བལྟམས་པའོ། །ཇི་དེ་ཉིད་མཉམ་པའམ་ཞེ་ན། མ་ཡིན་ཏེ། ཕྱུར་བུར་ཞེས་སྨྲས་སོ། །བཞག་སྟེ་ཞེས་བྱ་བ་ནི་ཉེ་བར་བགོད ་པའོ། །འདི་གཉིས་ལས་གཅིག་ཁྱེར་ཅིག། ཅེས་བྱ་བ་ནི་སེམས་ལ་ཁྱེར་ཅིག་པའོ། །རི་མོར་བགྱི། ཞེས་བྱ་བ་ནི་ལྷག་པར་གུས་པའོ། །དེ་དག་ལས་བཅོམ་ལྡན་འདས་མ་ནི་བླ་མ་དམ་པ་ཡིན་ཏེ། གང་གི་ཕྱིར་འདིའི་སྐུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་ཡང་དག་པའི་དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏེ་དེ་དང་ལྡན་པ་ནི་ཡང་དག་པའི་དོན་ཅན་ནོ། །འཇིག་ཚོགས་ནི་གཟུགས་ཀྱི་སྐུ་སྟེ། འཇིག་པས་ན་འཇིག་པ་སྟེ་མི་རྟག་པའོ། །འཇིག་པ་ཡང་ཡིན། ཚོགས་པ་ཡང་ཡིན་པས་ན་འཇིག་ཚོགས་ཏེ་གཟུགས ་སྐུའོ། །ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ་འདིར་ཆོས་ནི་འཕགས་པའི་ལམ་སྟེ་དེ་ཡང་རབ་ཀྱི་མཐར་ཕྱིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་མི་རྟག་པ་ཡང་མ་ཡིན་ཏེ། རྒྱུན་རྟག་པའི་ཕྱིར་རོ། །ཡང་དག་པའི་མཛའ་རབ་ཏུ་ཕྱེ་བ་ལ་ཡང ་དག་པ་དེ་ནི་ཁོ་ན་ཉིད་དོ། །དེ་དག་གི་མཛའ་ནི་རྩེ་མོའོ།།དེ་ལས་ལྷག་པའི་དེ་ཁོ་ན་ཉིད་ནི་མེད་པས་དེ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ལ་དེའི་བདག་ཉིད་དུ་ཐ་སྐད་བརྟགས་པའི་ཕྱིར་རོ། །སྐུ་གང་ཡིན་ཞེ་ན་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན ་ཉིད་ཙམ་གྱི་དོན་དམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ལས་ཐ་དད་པ་ནི་མ་ཡིན་ནོ་ཞེས་བསམས་སོ། །དེ་བཞིན་གཤེགས་པའི་སྐུ་གདུད་ཉིད་ལ་རི་མོར་མི་བགྱིད་པ་ཉིད་མ་ཡིན་ནམ་ཞེ་ན། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས ་པའི་སྐུ་བདུང་ལ་།ཞེས་བྱ་བ་ལ་སོགས་པས་ནི་རྟོགས་པར་སླ་སྟེ། འདི་ནི་གཞན་གྱི་དོན་ལ་མོས་པ་ཆུང་དུའི་ཆུང་དུའོ། །འོན་ཀྱང་བཅོམ་ལྡན་འདས་།ཞེས་བྱ་བ་ལ་སོགས་པ་ནས། ཡང་བཅོམ་ལྡན་འདས་ཛམྦུའི་གླིང་བལྟམས་པ་ལྟ་ཞོག། ་ཅེས་བྱ་བའི་བར་གྱིས་ནི་ཉི་ཤུས་པ་བསྟན་ཏོ། །འོན་ཏེ། ཞེས་བྱ་བ་ནི་ཁྱད་པ་གྱི་དོན་ཇི་ལྟར་ཡང་དག་དེ་དག་ལ་རི་མོར་བྱེད་པ་དེ་ལྟ་མོད་ཀྱི་ཞེས་བྱ་བའི་དོན་ཏོ། །ཡང། ཞེས་བྱ་བའི་སྒྲ་ནི་སྔར་ཡང་ཁྱད་པར་བསྟན་པའི་ཕྱིར་རོ། །སྐྱེས་ཏེ། ཞེས་བྱ་བ་ནི་ཁྱད ་པར་གྱིས་ཀྱང་གཏན་ཚིགས་སུ་གཏོགས་ཏེ། སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་དཔེར་ན། ཞེས་བྱ་བ་ལ་སོགས་པས་ནི་དཔེ་བསྟན་ཏོ། །ལྷ་རྣམས་འདུ་བའི་དབང་དུ་བྱས་པའི་ཕྱིར་ལྷའི་འདུན་ས་སྟེ་གནས་ཆེན་པོའོ། །གང་ལ་འདུག་ནས་བརྒྱ ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་པ་སྟེ། འདི་དེ་ཉིད་ལ་ཆོས་བཟང་ཞེས་བརྗོད་དོ། །དེ་ཡང་གྲོང་ཁྱེར་ལྟ་ན་སྡུག་གི་ལྷོ་ནུབ་གྱི་ཕྱོགས་ཀྱི་ཆན་ཡོད་དོ། །ི་ཤ་ནི་སྐེས་བུ་ཆེན་པོའོ། །དེའི་གྲགས་པ་དང་སོ་སོར་སྣང་བ་དང་འདོད་པ ་དང། དེ་ལ་ཆེན་པོ་འདི་ལ་ཡོད་པས་ནི་མཐུ་ཆེ་བ་སྟེ། སེམས་དཔའ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིར་ཤེས་པའི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དང་རྐྱེན་དུ་གྱུར་བ་རྒྱུའི་ངོ་བོ་དང། རྐྱེན་གྱི་ངོ་བོ་དེས་ན་དེ་ཉིད་ཀྱི་ཕྱིར་དེ་བཞིན ་གཤེགས་པ་ལ་སོགས་པ་གསུངས་སོ། །དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བརྒྱ་བྱིན་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྐུ་གདུད་དག་ནི་རྒྱུ་དང་རྐྱེན་དུ་གྱུར་པ་མ་ཡིན་ཏེ། བརྒྱ་བྱིན་དེའི་བསྟན་བཞིན་དུ་གཟུགས་ཀྱི་སྐུ་ནི་སྔར་ཆོས་ཀྱི་སྐུའི ་གཞིར་གྱུར་པ་ཉིད་ཡིན་ན་ཞེས་བསྟན་ཏེ། འདིར་ཡང་མཐུ་ཆེ་བའི་ཡེ་ཤེས་ཀྱི་སྐུའི་རྟེན་དང་འདྲ་བ་ཡིན་ཏེ། འདི་ལྟར་འདིའི་དོན་ལ་དད་པ་དང། དད་བ་གང་ཡིན་པ་དེ་ནི་སྤྱོད་པ་ལྷག་པ་སྟེ། འདི་ནི་གཞན་གྱི་དོན་ལ་མོས་པ་ཆུ་དུའི ་འབྲིང་ངོ། །ཡང་བཅོམ་ལྡན་འདས་ཛམྦུའི་གླིང་ཕྱུར་བུར་བལྟམ་པས་ལྟ་ཞོག་།ཅེས་བྱ་བ་ནས་།དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ། ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་གཅིག་པ་བསྟན་ཏོ། །བཅོམ་ལྡན་འདས་མའི་བདག་ཉིད་ཆེན་པོ་འདིར ་བསྟན་པར་འདོད་པ་དང། དང་བ་སྐྱེས་པ་ཡིན་པ་དེ་ཉིད་འདིར་སྤྱོད་པ་ལྷག་པ་ཡིན་ཏེ་འདི་ནི་གཞན་གྱི་དོན་ལ་མོས་པ་ཆུང་དུའི་ཆེན་པོའོ། །འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གདུང་དག་ནི། ཞེས་བྱ་བ་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་སྐུ་གདུང ་དེ་དག་།ཅེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་གཉིས་པ་བསྟན་ཏོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པའི་ཕྱིར་མཆོད་པའི་འོས་ཤིན་ཏུ་མཆོད་པར་བྱ་བ་ཡིན་ལ་དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནོ། །དེ་བས ་ན་གང་གི་ཚེ་སྐུ་གདུང་ནི་དེའི་གཞིར་གྱུར་པའི་ཕྱིར་མཆོད་པ་ཡིན་པ་དེའི་ཚེ་དེ་སྐྱེད་པར་བྱེད་པ་ནི་དེ་བས་ཀྱང་མཆོད་པར་བྱ་བ་ཡིན་ཏེ། སྐུ་གདུང་རྣམས་ནི་དེ་ལྟ་མ་ཡིན་ནོ། །དོན་འདི་ལ་ལྷག་པར་དད་པ་ནི་སྤྱོད་པ་ལྷག་པ་ཡིན་ཏེ། འདི་ནི་དོན་ལ་མོས་པ་འབྲིང་གི་ཆུང་ངུའོ། །འོན་ཀྱང་བཅོམ་ལྡན ་དུའོ། །འོན་ཀྱང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣོད་དུ་གྱུར་བའོ། །ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་གསུམ་པ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི ་ཡེ་ཤེས་ཀྱི་ཡོན་ཏན་འདིར་བསྟན་པ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བར་ཤེས་པར་བྱ་སྟེ། རིན་པོ་ཆེ་དེ་ཕྱུང་ཡང་ནོར་བུ་རིན་པོ་ཆེ་ཟ་མ་རྟོག་གང་ལ་རེ་བ་སྐྱེ་བ་ཡིན་ཏེ། དེ་བཞིན་དུ་སངས་རྒྱས་དང། དེའི་ཡུམ་གྱི་ཡོན་ཏན་གྱི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས ་འདས་ཀྱང་སྐུ་གདུང་རྣམས་མཆོད་པར་འགྱུར་ཏེ་དེ་ནི་འདི་ལ་དད་པ་ལྷག་པ་དང། སྤྱོད་པ་ལྷག་པ་ཡིན་ཏེ། གཞན་གྱི་དོན་ལ་མོས་པ་འབྲིང་གི་འབྲིང་ངོ། །བཅོམ་ལྡན་འདས་ཡང་ཇི་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས ་པའི་སྐུ་གདུང་དེ་དག་ལ། ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་བཞི་པ་བསྟན་ཏོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་ཆོས་སྟོན་པ་དང། གཞན་ཆོས་སྟོན་པ་ན་ཡང། མཆོད་པར་འགྱུར་ཏེ། རྒྱལ་པོའི་སྐྱེས་བུ་རྒྱལ་པོའི་མཐུ་གང་ལས་ཀྱང་མི་འཇིགས ་པར་ཀུན་གྱིས་མཆོད་པ་ཡིན་ཏེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་ཕྱིར་དེའི་མཐུས་སྐུ་གདུང་རྣམས་ཀྱང་མཆོད་པ་ཡིན་ཏེ། དེ་ལྟར་ན་འདིར་འདིའི་དོན་བསོད་ནམས་ཡོད་པ་ལ་དད་པ་ལྷག་པ་དང་སྤྱོད་པ་ལྷག་པ་ཡིན་ནོ། །འདི་ནི་གཞན་གྱི་དོན་ལ ་མོས་པས་འབྲིང་གི་ཆེན་པོའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི། ཞེས་བྱ་བ་ལ་སོགས་པ་ནས་མཆོད་པར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་ནི་ཉི་ཤུ་རྩ་ལྔ་པ་བསྟན་ཏོ། །བཅོམ་ལྡན་འདས་མ་ལ་མཆོད་པས་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ ་ཐམས་ཅད་ལ་མཆོད་པར་འགྱུར་རོ། །དེས་ན་འདིའི་དོན་ལ་དད་པ་ལ་སོགས་པ་ནི་སྤྱོད་པ་ལྷག་མ་ཡིན་ཏེ། འདི་ནི་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་དུའོ། །གཞན་ཡང་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དང། ཞེས་བྱ་བ་ལ་སོགས་པ་ནས་ཡང ་དག་པར་མཐོང་བ་གཉིས་པའི་བར་གྱིས་ནི་ཉི་ཤུ་རྩ་དྲུག་པ་བསྟན་ཏོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མཐོང་བར་བྱེད་པ་ཡང་བཅོམ་ལྡན་འདས་མ་ཡིན་ཏེ། དོན་འདི་ལ་དད་པ་ལ་སོགས་པ་སྤྱོད་པ་ལྷག་པའོ། །ཆོས་ཉིད་ཅེས་བྱ་བ ་ལ་སོགས་པས་ནི་ཆོས་ཀྱི་སྐུའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་བསམས་སོ། །བརྒྱ་བྱིན་གྱི་ཚིགས་མ་རྫོགས་པ་ཉིད་དུ་བཅོམ་ལྡན་འདས་ཀྱི་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནས་ད་ལྟར་ང་ཡང་མངོན་པར་རྫོགས་པར་སངས་རྒྱས་སོ། ་ཞེས་བྱ་བའི་བར་གྱིས་གསུངས་སོ། །རྟན་ནས། ཞེས་བྱ་བ་ནི་ཐོབ་པའི་རྒྱུར་བྱས་པའོ། །གཞུང་འདི་ཙམ་གྱིས་ནི་བཅོམ་ལྡན་འདས་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་བསྟན་པའོ། །ཆོས་ཀྱི་སྐུ་ནི་མ་ཡིན་པའི་ཕྱིར་རོ། །དེ ་བསྟན་པའི་ཕྱིར་ཡང་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཡང་དག་པར་རབ་ཏུ་མཁྱེན་ཏོ། །ཞེས་བྱ་བ་ནི། སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས་མཁྱེན་ཏོ་ཞེས་བྱ་བའི་དོན ་ཏོ། །ཡང་དག་པར་གཟིགས་སོ། །ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གཟིགས་པའི་དོན་ཏོ། །འདིར་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་དོན་ལ་མོས་པ་ཆེན་པོའི་འབྲིང་བསྟན ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཞེས་བྱ་བ་ལ་སོགས་པ་ནས་ལེའུ་རྫོགས་པའི་བར་གྱིས་ནི་ཉི་ཤུ་རྩ་བདུན་པ་བསྟན་ཏོ། །ཐེག་པ་ཆེན་པོ་དེ་དག་ཐམས་ཅད་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཡང་དག་པར་བསྡུས ་པ་ཡིན་ལ། བཅོམ་ལྡན་མ་ནི་གཙོ་བོ་ཡིན་ཏེ། དེ་དག་གི་མངོན་ཤེས་འགྲོ་བའི་ཕྱིར་དང། ཡང་དག་པར་བསྡུས་པ་ཡིན་པའི་ཕྱིར་རོ། །འདིའི་དོན་ལ་དད་པ་ལ་སོགས་པ་ནི་སྤྱོད་པ་ལྷག་པ་ཡིན་ནོ། །ཐབས་མཁས་པས་ཡོངས་སུ་ཟིན་པ། ཞེས་བྱ་བ་ནི ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡོངས་སུ་བསྔོས་པ་རྣམས་ལ། ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རང་བཞིན་གྱི་དཔེ་ནི་མེ་ཏོག་ལ་སོགས་པའི་ཤིང་རྣམས་སོ། ། ་གྲིབ་མ་ནི་འདིར་དེ་དག་གི་གྲིབ་མར་རོ་གཅིག་པ་སྟེ། དེ་དག་ནི་ཐབས་མཁས་པས་ཡོངས་སུ་ཟིན་པའི་དཔེའོ། །འདི་ནི་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོའོ། །ཡོན་ཏན་ནི་སྐབས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་དག་ཡོངས་སུ་བརྗོད ་པའི་ལེའུ་དེ་སྐད་ཅེས་བགའ་སྩལ་བ་དང། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཞི་པའོ།། །།བྱེད་པ་དང་མོས ་པ་བསྟན་ནས། བསྟོད་པ་དང་བསྐུར་བ་དང་བསྔགས་པ་བརྗོད་པར་བྱ་སྟེ། བསྟོད་ནི་བསྟོད་པའོ། །བཀུར་བས་ནི་བཀུར་བའོ། །བསྔགས་པས་ནི་བསྔགས་པ་སྟེ་དེ་གང་ལ་ཡོད་པ་ནི་བསྔགས་པ་སྟེ། རབ་ཏུ་བསྔགས་པའི་དོན་ནོ། །དེས་ན་བསྟན་བཅོས་ལས། ཤེས ་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་དག་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང། །བཀུར་བ་དང་ནི་སྔགས་པར་འདོད། ཅེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པས་ནི་གང་སྔར་བཤད་པ་སྟེ། རང་གི་དོན་དང་གཉིས ་ཀའི་དོན་དང་གཞན་གྱི་ཆེའི་དབྱེ་བས་དགུ་ཚན་གསུམ་གྱིས་རིམ་པ་བཞིན་དུ་བསྟོད་པ་དང། བཀུར་བ་དང་བསྔགས་པར་འདོད་པ་ཡིན་ཏེ། འདོད་པ་ཞེས་བྱ་བ་ནི་བསྟོན་པ་ལ་སོགས་པ་རེ་རེ་ལ་སྦྱར་བར་བྱའོ། །དེ་ལ་ཡོན་ཏན་བརྗོད་པ་ནི་ཆུང་དུ་དང་འབྲིང་དང་ཆེན ་པོའི་དབྱེ་བས་བསྟོད་པ་དང་བཀུར་བ་དང་བསྔགས་པ་ཡིན་ཏེ། དེ་བདག་ཏུ་ཡང་སོ་སོར་ཆུང་དུའི་ཆུ་དུ་ལ་སོགས་པ་དང་ཆེན་པོའི་ཆེན་པོ་ལ་སོགས་པའི་བར་གྱི་དབྱེ་བས་དགུ་ཚན་གསུམ་གྱི་ཞེས་བྱ་བའི་དོན་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔའ་ཨི་རྒྱུ་ནི་རྣམ་པ་གཉིས ་ཏེ། གཞན་གྱི་དོན་བྱེད་པའི་ནུས་པ་དང། གཞན་གྱི་དོན་བྱེད་པ་ལ་གཙོ་བོའོ། །དེ་ལས་དང་པོ་དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཀོའུ་ཤི་ཀ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་དག། ཅེས་བྱ་བའི་བར ་གྱིས་ནི་དང་པོ་བསྟན་ཏོ། །འདིས་ནི་གཞན་གྱི་དོན་བྱེད་པའི་ནུས་པ་དངོས་པོ་གསུམ་ལ་མོས་པ་ཤིན་ཏུ་བརྟན་པར་བྱ་བ་བསྟན་ཏེ། གཞན་གྱི་བྱ་བ་ལུང་འབོག་པ་དང། བཅོམ་ལྡན་འདས་མའི་ཡོན་ཏན་དང། རང་ཉིད་དེ་ཉིད་བྱེད་པ་ལའོ། །དེ་ལ་དང་པོ་བཅོམ ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པ་ནས། ལྷག་པར་མོས་ཤིང་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་འདི་ལ་མངོན་པར་དད་ཅིང་རྟོག་ལ་མོས་ཏེ་ཞེས་བྱ་བར་སྦྱར་རོ། །གང་གིས་མོས་པར་བྱ་ཞེ་ན། འདི་ལ་མངོན་པར་དད་ཅིང། །ཞེས་བྱ་བ་ལ་སོགས་པ་ནས་ཚུལ་དང་མ་བྲལ་བར་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པ་བསྒྲུབ་པར་བགྱིས་པར་འགྱུར་ ་བར་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན་བྱང་ཆུབ་ཀྱི་ཕྱིར་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ཇི་ལྟ་བུ་ཞེ་ན་།འདི་ལ་སེམས་དང་བ་ཉིད་ཀྱིས་སོ། །ཇི་ལྟར་མོས་པ་ཡིན་ཞེ་ན། འདི་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་རབ་ཏུ་གཟུང་བར་བྱ་བའི ་ཕྱིར་ཏེ། དེ་ཡང་དད་པས་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་མངོན་པར་དད་ཅིང་རྟོག་ལ། ཞེས་བྱ་བ་གསུངས་ཏེ། དེ་ནི་དེ་ཉིད་དེ་འདི་ཉིད་ལ་དད་པས་ཞེས་བྱ་བའི་དོན་ཏོ། །འདི་ལ་དགེ་བའི་ཆོས་རྣམས་གནས་པས་ན་ལྷག་པའི་བསམ་པ་སྟེ་ཆུའི་གནS ་བཞིན་ནོ། །དེ་ཡང་དང་པ་དང་འདུན་པའོ། །ལྷག་པ་དང་ཁྱད་པར་གྱི་བསམ་པ་ནི་ལྷག་པའི་བསམ་པའོ། །དེས་ཉན་པ་ནི་ཚིག་དང་དོན་ལས་སོ། །འཛིན་པ་ནི་ཟློས་པ་ལས་སོ། །འཆང་བ་ནི་སེམས་ལ་བཞག་པས་སོ། །ཀློག་པ་ནི་ཚིག་ཏུ་བརྗོད་པས་སོ། །ཀུན ་ཆུབ་བར་བགྱིད་པ་ནི་རྣམ་པ་ཐམས་ཅད་དུ་རྟོགས་པར་བྱེད་པའོ། །འདི་དག་གིས་ནི་རང་གི་དོན་བསྟན་ཏོ། །རབ་ཏུ་འདོན་དམ། ཞེས་བྱ་བ་ནི་གཞན་དོན་དུ་འཇུག་པའོ། །འདི་ནི་བསྟན་པའོ། །གཞན་གྱི་རྗེས་སུ་བསྟན་པའོ། །སྟོན་ཏམ། ཞེས་བྱ་བ་ནི་ཚིག ་ལས་སྟོན་པའོ། །ཉེ་བར་སྟོན་ཏམ། ཞེས་བྱ་བ་ནི་དོན་ལས་སོ། །ལུང་ནོད་དམ་ཞེས་བྱ་བ་ནི་དོན་ལས་སོ། །ལུང་དོན་དམ་ཞེས་བྱ་བ་ནི་གདམས་པས་སོ། །འདི་དག་ནི་གཞན་གྱི་དོན་ཏོ། །ཁ་ཏོན་བགྱིད་དམ། ཞེས་བྱ་བ་ནི་ཤིན་ཏུ་གོམས་པ་ཡང་ནས་ཡང་དུ་རང་གི་དོན་དུ་བྱེད་པས་སོ། །གཞན ་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཏམ། ཞེས་བྱ་བ་ལ་རྟག་ཏུ་ཚིག་ལས་སྟོན་པ་དང། རྒྱ་ཆེར་ཞེས་བྱ་བ་ནི་མང་པོ་དག་སྟོན་པའི་ཕྱིར་རོ། །རྣམ་པར་འགྲེལ་བ། ཞེས་བྱ་བ་ནི་རྒྱ་ཆེར་ཞེས་བྱ་བར་སྦྱར་རོ། །ཡིད་ཀྱི་རྗེས་སུ་རྟོག་པ། ཞེས་བྱ་བ་ནི་སེམས་བརྟགས་ནས་ལྟ ་བ་ལ་ཡང་དག་པར་སྦྱར་བ་སྟེ། དེ་ནི་ཞི་གནས་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་དཔྱོད་པར་བགྱིད་ཅིང། ཞེས་བྱ་བ་ནི་རྣམ་པར་དཔྱོད་པ་སྟེ། ལྷག་མཐོང་བསྐྱེད་པའི་ཕྱིར་རོ། །འདི་དག་གིས་ནི་སྤྱོད་པ་བསྟན་ཏོ། །འདི་མེད་ན་ཕྱོགས་གཞན་གྱི་གླེགས་བམ་དུ་ཆུད་པར ་བྱ་བ་ལ་སོགས་པ་གསུངས་ཏེ་།འདི་ཉིད་ཀྱིས་ན་ཆུང་དུ་ན། ཞེས་སྨྲོས་སོ། །འཆང་ངམ། ཞེས་བྱ་བ་ནི་མི་འཇིགས་པར་བྱ་བའི་ཕྱིར་རོ། །འཇོག་པར་ཞེས་བྱ་བ་ནི་རང་གི་ཁྱིམ་ལ་སོགས་པར་རོ། །བསྔགས་པ་གསུམ་དང་ལྡན་པ་ནི་དམ་པ་སྟེ། འཕགས་པའོ། །དེ ་ནི་ཆོས་ཀྱི་ལམ་ནི་དམ་པའི་ཆོས་སོ། །དེ་ཡུན་རིང་དུ་གནས་པ་ནི་དེའི་རྒྱུ་དང་དེའི་དོན་ནོ། །གང་གི་ཕྱིར་འདི་ནི་ཐུན་མོང་གི་དམ་པའི་ཆོས་ཡིན་ཏེ་།དེ་ནི་འདིའི་ཕན་ཡོན་དང་པོའོ། །འཕགས་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས། སངས་རྒྱས་ཞེས་བྱ་བ་ནི། ། ་འཇིག་རྟེན་གྱི་བླ་མ་རྣམས་སོ། །དེ་དག་ལ་བདག་གིས་བྱས་པ་གཟོ་བར་བྱས་ཏེ། དེ་དག་གི་ཚུལ་འདི་ནི་བྱང་ཆུབ་ཐོབ་པར་བྱེད་པ་སྟེ། དེ་དག་གི་བསྐལ་བ་གྲངས་མེད་པ་གསུམ་གྱིས་ཚད་མེད་པའི་སངས་རྒྱས་བསྐྱེད་ནས་མ་འོངས་པའི་སྐྱེ་བོ་རྣམས ་ཀྱི་དོན་དུ་རང་གི་རིགས་བཞག་པ་ཉིད་དེ། བདག་གི་བར་དུ་ཡང་ཉེ་བར་གནས་པ་ཡིན་ནོ། །དེ་བས་ན་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་ཅེས་འདི་ཡང་འཇོམས་པ་ཡིན་ཏེ་འདི་ནི་འདིའི་ཕྱོགས་གཉིས་ཏེ་སངས་རྒྱས་ཀྱི་དབང་དུ་བྱས་པའོ། ། ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པར་བསྒྲུབ་པར་བགྱིས་པའོ། །དེ་ཡང་འདིས་འགྱུར་བ་དང། འཇོག་པ་དང། ཚུལ་དང་མ་བྲལ་བས་ཤེས་པར་བྱ་བས་སོ། །འདི་ཡང་འདི་ལྟར་འཇོག་པ་ཞེས་བྱ་བ་ནི་འདིའི་ཕན་ཡོན་གསུམ་པ ་སྟེ། བྱང་ཆུབ་སེམས་དཔའ་ཨི་དབང་དུ་བྱས་བའོ། །བས། ཞེས་བྱ་བའི་སྒྲ་ནི་གོང་མར་ཡང་སྦྱར་རོ། །མ་གྱུར་ཞེས་བྱ་བ་འདིས་ནི་རྣམ་པ་གཉིས་ཀྱི་བྱ་བ་བསྟན་ཏེ། །དེ་ལྟར་བསྟན་པ། ཞེས་བྱ་བས་ནི་།བྱ་བ་བསྟན་པ་དང། འདི་ལྟར་དོན་ཆེ ་བ་ལ་སོགས་པ་སྨོས་སོ། །ཆེ་བའི་དོན་དང་འབྲས་བུ་འདི་ལ་ཡོད་པ་ནི་དོན་ཆེ་བ་སྟེ་འདི་ནི་བསྟན་པའོ། །གཞན་ནི་རྗེས་སུ་བསྟན་པའོ། །ཕན་ཡོན་ཆེ་བ་ནི་ཇི་སྐད་བསྟན་པའི་ཕན་ཡོན་རྣམས་ཀྱིས་སོ། །འབྲས་བུ་ཆེ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར ་འོང་བ་དང། ལན་ཅིག་ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་དང། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྣམ་པར་སྨིན་པ་ཆེ་བ་ནི་འཕགས་པ་ཐམས་ཅད་ཀྱི་འབྱོར་བ་དག་གིས་ཏེ། སྟོན་པ་མང་པོ་དང་ལྡན་པ་ཉེ་བར་བསྒྲུབ་པ་སྟེ། ་འདི་ཙམ་གྱིས་ནི་བཅོམ་ལྡན་འདས་མའི་ཡོན་ཅན་བསྟན་ཏོ། །མི་བཏང་ངོ། །ཞེས་བྱ་བ་ནི་ཡོངས་སུ་གཟུང་བ་དང་མི་སྤོང་བའི་ཕྱིར་རོ། །བསྲུང་བར་བྱའོ། །ཞེས་བྱ་བ་ནི་མེ་དང་བྱི་བ་ལ་སོགས་པ་རྣམས་སོ། །བཙའ་བར་བྱས་པ་ནི་ཆོམ་རྐུན་ལ་སོགས་པས་སོ། །གང་གི ་ཕྱིར་གང་རྙད་པར་དཀའ་བས་འདི་ཙམ་གྱིས་ནི་བདག་ཉིད་ཀྱིས་བྱ་བར་བསྟན་ཏོ། །ཞེས་བྱ་བ་ནི་དངོས་པོ་གསུམ་པོ་འདི་ལ་ལྷག་པར་མོས་པ་སྟེ། དེ་བཞིན་དུ་རྣམ་པར་འཛིན་པས་སོ། །རབ་ཏུ་འཇུག་པ་མེད་པར་ནི་མོས་པ་བསྟན་པར་ནི་འགྱུར་ཏེ། དེས་ནི་འདི་ཙམ་གྱིས་དོན ་བྱེད་པ་ནུས་པ་བསྟན་ཏོ། །དེ་ཡོད་ཀྱང་གང་གཞན་གྱི་དོན་ཉུང་ཟད་བྱེད་པ་འམ་ཉུང་ཟད་ཀྱང་མི་བྱེད་བ་དེ་ནི་བསོད་ནམས་དམན་པ་ཡིན་ནོ། །དེ་ལས་གཞན་པ་ནི་བསོད་ནམས་ཤིན་ཏུ་མང་པ་ཡིན་ནོ། །འདི་ནི་དེའི་བསྟོད་པ་དང་བཀུར་བ་དང་བསྔགས་པ་ཡིན་ཏེ་དེ་བས་ན ་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། ཞེས་བྱ་བ་ལ་སོགས་པ་ནས། རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་བྱ་བའི་བར་གྱིས་ནི་བསྟོང་པ་དང་པོ་བསྟན་ཏོ། །བདག་ཉིད་ཀྱང་ཞེས་བྱ་བ་ལས་ཀྱང་ནི་གང། ཞེས་བྱ་བ ་འདིར་ཀྱང་རྗེས་སུ་འདྲེན་པའི་དོན་ཏོ། །གཞན་མཆོད་པ་བྱེད་དུ་འཇུག་པ་ནི་མ་ཡིན་གྱི། བདག་ཉིད་བྱེད་པ་ནི་རང་ཉིད་ཀྱི་དོན་ནོ། །དོན་དུ་གཉེར་བར་འཚལ་བ་ནི་མཆོད་པར་འདོད་བའོ། །དེ་དང་ལྡན་པས་ནི་དོན་དུ་གཉེར་བར་འཚལ་བའོ། །ལྷག་པའི་བསམ་པ་དེ་དང་ལྡན་པ་ནི ་འདུན་བ་ཅན་ནོ། །སློང་པ་ནི་བཅོམ་ལྡན་འདས་མ་ལ་མཆོད་པའི་དོན་དུ་གཉེར་བའི་ཕྱིར་རོ། །སྩལ་བ་ཞེས་བྱ་བ་ནི་དང་དུ་བླངས་བའོ། །ཉེ་བར་སྤྲད་བ། ཞེས་བྱ་བ་ནི་མདུན་དུ་བསྟབས་པའོ། །གཏད་པ། ཞེས་བྱ་བ་ནི་ལེན་དུ་བཅུག་བའོ། །ཡོངས་སུ་གཏད་པ། ཞེས་བྱ་བ་ནི ་ཡོངས་སུ་གཏང་ནས་ཀྱང་ཡིད་ལ་གཅགས་པ་མེད་པའི་ཕྱིར་རོ། །ཐན་ཞེས་བྱ་བ་ནི་ཆུད་དུ་ན་ཞེས་བྱ་བའི་དོན་ཏོ། །གླེགས་བམ་དུ་ཆུད་པར་བྱས་ནས་ཞེས་བྱ་བ་ནི་རང་གི་བྲིས་སམ་གཞན་གྱིས་བྲིས་སམ། དེའི་རང་གིས་སམ། རིན་མ་ཡིན་པས་བྲིས་ཀྱང་རུང་བའོ། །ཡོངས་སུ ་གཏོང་བ་ནི་སྦྱིན་པའོ། །དེ་ལ་འདོད་པའི་བློ་ཡོད་པ་ནི་བློ་དང་ལྡན་པའོ། །ཡང་དག་པར་སྟོན་པར་བྱེད། ཅེས་བྱ་བ་ནི་སྟོན་དང་རང་གི་ངོ་བོ་ལས་སོ། །རྩོལ་ཞིང་ཞེས་བྱ་བ་ནི་མཆོད་པའི་ཕྱིར་ཡང་དག་པར་འགེད་པ་ནི་མང་དུ་ཤས་ཆེར་ཡོད་ན་མཉམ་པར་སྤྱིན་པའོ། །རྒྱས་པ་ནི ་ཡངས་པའོ། །དེས་སྤྱོད་པ་ནི་རྒྱས་པར་བྱེད་པའོ། །བདག་ཉིད་སོ་སོ་ནས། ཞེས་བྱ་བ་ནི་བདག་ཉིད་ཁོ་ནའོ། །ལྷག་མ་ནི་རྟོགས་བར་སླ་སྟེ། འདི་ནི་ཆུང་དུ་ཆུང་དུ་ནི་བསྟོད་པའོ། །གཞན་ཡང་ཀོའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་།ཅེས་བྱ་བ་ནས། གཞན ་ཡང་ཀོའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། །ཞེས་པ་གཉིས་པའི་བར་གྱིས་ནི་སྤྱོད་པ་གཉིས་པ་བསྟན་ཏོ། །དེ་བས་ཞེས་བྱ་བ་ནི་བསྟོད་པ་དང་པོ་ལས་སོ། །འདི་ནི་ཆུང་དུའི་འབྲིང་གི་བསྟོད་པའོ། །གཞན་ཡང་ཀོའུ་ཤིང་ཀ་རིགས་ཀྱི་བུ་འམ། ཞེས་བྱ་བ་ལ ་སོགས་པ་ནས། ཡང་ཀོའུ་ཤིག་བསོད་ནམས་ལྟ་ཞོག་།ཅེས་བྱ་བའི་བར་གྱིས་ནི་གསུམ་པ་བསྟན་ཏོ། །ཡང་དག་པར་བཅུད་ཅིང། ཞེས་བྱ་བ་ནི་ཡང་དག་པར་འཛིན་དུ་བཅུག་པའོ། །བཀོད་ན། ཞེས་བྱ་བ་ནི་འདའ་བ་མེད་བར་རོ། །མངོན་པར་དང་བས། ཞེས་བྱ་བ་ནི་བཅོམ ་ལྡན་འདས་མའི་ཡོན་ཏན་དག་ལའོ། །གཞན་དུ་ཡང་དག་པར་རྗས་སུ་མ་ཡིན་པར་འགྱུར་རོ། །མངོན་པར་དང་པར་བྱེད་ཅེས་བྱ་བ་ནི་གཞན་དུ་ན་སྣོད་པ་ཡིན་པར་འགྱུར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་ཤེས་པར་བྱའོ། །ལེ་ལོ་ནི་ངན་པ་ལ ་བརྩོན་པ་སྟེ་།ལེ་ལོ་མ་ཡིན་པ་ནི་བརྩོན་པའོ། །དེ་བསྒྲུབ་པ་ནི་ཇི་སྐད་བཤད་པ་བཞིན་བྱའོ། །ཉེ་བར་བརྩོན་པ་ནི་མངོན་པར་བརྩོན་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་མ་འཛིན་དུ་འཇུག་པའོ། །དེ་ཡང་བྱང་ཆུབ་བསྒྲུབ་པ་ཉིད་དུ་སྟོན་པར ་བྱེད་བའི་ཕྱིར་རོ། །བྱང་ཆུབ་དེ་བཞིན་དུ་རིགས་བ་དག་གིས་ཡང་དག་པར་སྟོན་པ་སྟེ། དེ་ནས་ཡང་དག་པར་འགོད་པ་ནི་ཀློག་པ་དང་མཆོད་པ་ལ་སོགས་པ་ལ་གཞུག་པའོ། །ཞུགས་པ་དག་པ་ནི་ཡང་དག་པར་གཟེངས་བསྟོད་པ་དང?། སྤྲོ་བར་བྱ་སྟེ། བརྩོན་འགྲུས ་དང་?། །ལེ་ལོ་གཉིས་ཀྱི་ཡོན་ཏན་དང་སྐྱོན་བསྒྲགས་པས་སོ། །བརྩོན་འགྲུས་བརྩམས་པ་ནི་བསྟོད་པ་དག་གིས་ཡང་དག་པར་དགའ་བར་བྱའོ། །འདི་དག་ལ་འཇིག་རྟེན་དག་ནི་ཕྱིན་ཅི་ལོག་པ་ཡིན་ཏེ་འདི་བསྟོད་པར་ནུས་པ་མ་ཡིན་ནོ་ཞེ་ན། ཚིག་མཚོན་པ་དང ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ནི་རྣམ་པ་གསུམ་སྟེ་།དང་པ་དང་ལྡན་པ་དང། དང་པ་མེད་པ་དང། བཏང་སྙོམས་པའོ། །དེ་ལ་དད་པ་ལ་ནི་ཚིག་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། དེ་ནི་ཡང་དག་པར་བཤད་པ་ནི་ཚིག་ཉིད་ཀྱིས་རྟོགས་པར་འགྱུར་རོ།། ་དད་པ་མེད་པ་ལ་ནི་རྣམ་པར་མཚོན་པས་རྣམ་པར་རྟོག་པར་འགྱུར་ཏེ་ལྟ་བ་ངན་པ་དག་ལ་རིགས་པས་གནོད་པར་བྱས་པའི་ཕྱིར་རོ། །གཏང་སྙོམས་པ་ལ་ནི་རྗེས་སུ་མཚོན་པས་རྟོགས་པར་འགྱུར་ཏེ། རྗེས་སུ་དགའ་བར་བྱེད་ཅིང་བཅོམ་ལྡན་འདས་མ་དེའི་ཡོན ་ཏན་བསྟན་པས་སོ། །དེ་ལྟར་སྣོད་དུ་བྱས་པའི་ཕྱིར་འདིའི་དོན་དེ་ལ་ཡང་དག་པར་སྟོན་པ་ཡིན་ཏེ་།ད་ལྟར་ཡང་ཞེས་བྱ་བ་ནི་ཡང་དག་པར་བསྟན་པ་འདིའི་སེམས་སྦྱོང་བར་བྱེད་དེ་ལྟ་བ་ངན་པ་ལས་བཟློག་པའི་ཕྱིར་རོ། །འོན་ཀྱང་ཐེ་ཚོམ་ཅན་རྣམས་ཐེ་ཚོམ ་མེད་པར་བྱེད་དེ་རིགས་བ་གཞན་དག་གིས་སོ། །སློབས་ཤིག་།ཅེས་བྱ་བ་ནི་སླབ་པ་རྣམ་པ་གསུམ་གྱིས་སོ། །འདི་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་གསུངས་སོ། །བསླབས་ཤིང། ཞེས་བྱ་བ་ནི་སེམས་ཀྱིས་སོ། །སྤྱད་དེ། ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །འབད ་ན་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། སེམས་ཅན་གྱི་ཁམས་ཞེས་བྱ་བ་ནི་སེམས་ཅན་གྱི་ཕུང་པོའོ། །གཏན་དུ་ཡིན་པའི་ཕྱིར་བླ་ན་མེད་པའོ། །ཕུང་པོ་ནི་ཚོགས་ཏེ་ཟག་པ་དང་བཅས་པའམ། །ཟག་པ་མེད་པ་དེ་དག་ཟད་བ་ནི་ཐམས་ཅད་ཟད་པ་སྟེ་དེའི་ཆེད་དུའོ།། ་མངོན་པར་གནས་པ་ནི་སྒྲིབ་ཐམས་ཅད་ཟད་པའི་ཕྱིར་རོ། །ཡང་དག་པའི་མཛའ་རབ་ཏུ་འབྱེད་པ། ཞེས་བྱ་བ་ནི་དེ་ཙམ་གྱིས་ལྷག་པར་ཡོད་པས་སོ། །ཡོངས་སུ་གཏོང་བའི་བློ་དང་ལྡན་པ། ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱིས་གཏོང་བའི་བློ་དང་ལྡན་པའོ། །དེ་བས ་ཀྱང། ཞེས་བྱ་བ་ནི་བསྟོད་པ་གཉིས་པའི་བསྟོད་པས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་པ་ཡིན་པའི་ཕྱིར་ཏེ། དེ་ནི་ཆུང་དུའི་ཆེན་པོའི་བསྟོད་པའོ། །དེའི་འོག་ཏུ་བསྟོད་པ་ལྔ་ནི་ཀོའུ་ཤི་ཀ་རྣམ་གྲངས་འདིས་གླིང་བཞི་པའི། །ཞེས་བྱ་བ་ལ ་སོགས་པ་ནས། ཡང་དག་པར་བཙུད་ཅིང་བཀོད་པ་དང། ཞེས་བྱ་བའི་བར་གྱིས་ནི་དང་པོའི་ཆ་དང། དེའི་འོག་ཏུ་ཀོའུ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ནས། གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང། ཞེས་བྱ་བའི་བར་གྱིས་ནི་གཉིས་པའི་ཆ་བསྟན་ཏོ། །མདོ་འདི ་དག་ལས་གསུངས་པ་ནི་བསོད་ནམས་ལྷག་པས་ནི་དད་པ་ལ་སོགས་པ་སྐྱེ་བ་ཡིན་ཏེ། ཤུགས་ཀྱིས་རྟོག་པ་ནི་བསོད་ནམས་ཀྱི་ཆ་ལྟག་པར་སྤྱོད་པ་ལྷག་པ་ཡིན་ནོ། །རྣམ་གྲངས་འདིས་ཤེས་པ་ནི་རྣམ་པ་སྟེ། དངོས་པོ་གསུམ་ལ་མོས་པ། ཞེས་བྱ་པི་ནི་གནས ་བ་ཞེས་བྱ་བའི་དོན་ཏོ། །འདི་ནི་རིམ་པ་བཞིན་འབྲིང་གི་ཆུང་དུ་དང། འབྲིང་གི་འབྲིང་དང། འབྲིང་གི་ཆེན་པོའོ། །ཆེན་པོའི་ཆུང་དུ་དང། ཆེན་པོའི་འབྲིང་གི་བསྟོད་པའོ། །གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་ན། ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཀོའུ ་ཤི་ཀ་ཛམྦུའི་གླིང་ན། ཞེས་བྱ་བའི་བར་ནི་ལྟ་ཞོག་།ཅེས་བྱ་བ་ལྔ་ཡོད་པས་བསྟོད་པ་དགུ་པ་བསྟན་ཏོ། །གཅིག་པོ་དེ་ཉིད་དགུ་པའི་རིམ་པས་འཆད་པའི་ཕྱིར་ཏེ། དེ་ལྟ་མོད་ཀྱི་བརྒྱད་པ་ལས་ཁྱད་པར་ཆེན་པོ་མེད་པ་ཡིན་ནམ་ཞེ་ན། ་འདི་ལ་ནི་ཉེས་པ་མེད་དེ། འཇིག་རྟེན་གྱི་ཁམས་གཅིག་གངྒཱའི་ཀླུང་གི་བྱེ་མ་སྙེད་གྱི་འཇིག་རྟེན་གྱི་ཁམས་བཞིན་ནོ། །མདོ་ལས་གསུངས་པའི་བསོད་ནམས་ལྷག་མས་ནི་དད་པ་ལ་སོགས་པ་ལྷག་པའོ། །དེ་ལས་ནི་སྤྱོད་པ་ལྷག་པ་ཡིན་ནོ། །ཚིག་ཉམས་པ་སྔ ་ཕྱི་ལ?་བསྐང་བར་བྱའོ། །བསམ་གཏན་བཞི་ལ། ཞེས་བྱ་བ་ལ། འདིར་མདོ་ལས་འདོད་པ་དག་ལས། དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན ་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ཞིང་མང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་བ་མེད་པའི་ཏིང་ངེ་འཛིན་ལས་གྱུར་པའི་དགའ་བ། བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནS ་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན ་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་མི་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། ། ་འདོད་བདག་ལས་དབེན་པ། ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པ་དང་མི་ལྡན་པའི་ཕྱིར་དང། དངོས་པོའི་འདོད་པ་དག་ལ་དམིགས་པ་མེད་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། ཞེས་བྱ་བ་ནི་ཉོན་མོངས་པའི་འདོད་པའི་རྒྱུ་ལས ་བྱུང་བའི་ལུས་དང། དབང་དང། ཡིད་ཀྱིས་ཉེས་བར་སྤྱོད་པའོ། །རྣམ་པར་རྟོག་པ་དང་བཅས་དཔྱོད་པ་དང་བཅས། །ཞེས་བྱ་བ་ནི་འདོད་པའི་གཉེན་པོ་རྣམ་པར་རྟོག་པ་དང། དཔྱོད་པ་དག་དང་ལྡན་པའི་ཕྱིར་རོ། །དབེན་པར་པས?་སྐྱེས་པའི། །ཞེས་བྱ་བ་ནི་འདོད་པ་ལས་དབེན་པ་ལས་སྐྱེས ་པའོ། །དགའ་བ་དང་བདེ་པ་ནི་འདོད་པའི་དོན་གྲུབ་པ་སྟེ་གནས་སོ། །ཞེས་བྱ་བ་ལུས་དང་དག་དང་ཡིད་གསུང་ཤིན་ཏུ་སྦྱངས་པའི་དགའ་བ་དང། བདེ་བ་དང་ལྡན་པའོ། །བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ། ཞེས་བྱ་བ་ནི་བསྒྲུབས་ནས་གནས་པ་སྟེ། ཉེ་བར་བསྒྲུབས་པ་ནི་ཡང་དག་པར ་བསྒྲུབ་བའོ། །གནས་སོ། །ཞེས་བྱ་བ་ནི་མྱོང་བའོ། །ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་རྣམ་པར་རྟོག་པ་དང། རྣམ་པར་རྟོག་པས་སེམས་འཁྲུག་པ་ཉིད་ཀྱི་སྐྱོན་མཐོང་བ་སྟེ། དེ་ལས་བཟློག་ནས་ཏིང་ངེ་འཛིན་ལ་བཞག་པའོ། །རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ཞིང། ཞེས་བྱ་བ་ནི་ཏིང ་ངེ་འཛིན་གྱི་སྟོབས་ཀྱིས་སེམས་གཅིག་ཏུ་གྱུར་པའི་ཕྱིར་ཏེ། དེ་ནི་རྣམ་པར་རྟོག་པ་དང་དཔྱོད་པ་རྒྱུན་མི་འཆད་པ་འཇུག་པ་མེད་པའོ། །རྣམ་པར་རྟོག་པ་མེད་པ་དཔྱོད་པ་མེད་པ། ཞེས་བྱ་བ་ནི་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་འཛིན་པ་མེད་པས། དགའ་བའི་འདོད་ཆགས ་ཞེས་བྱ་བ་ནི། རིགས་པ་ཉིད་ཀྱི་ཕྱིར་དེ་བཏང་སྙོམས་ཡིན་ཏེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ལ་དགའ་བ་ལ་ཡང་བཏང་སྙོམས་པའི་ཕྱིར་རོ། །དྲན་པ་དང་ཤེས་བཞིན་ཅན། ཞེས་བྱ་བ་ནི་དགའ་བའི་གོ་སྐབས་མི་སྦྱིན་ཞིང་ཞེས་རབ་ལན་མང་དུ་བྱེད་པའི་ཕྱིར་རོ།། ་བདེ་བ་ནི་མྱོང་བའི་བདེ་བ་དང། ཤིན་ཏུ་སྦྱང་པའི་བདེ་པའོ། །ལུས་ཀྱིས་།ཞེས་བྱ་བ་ནི། གཟུགས་ཀྱི་ལུས་དང། ཡིད་ཀྱི་ལུས་ཀྱིས་སོ། །འཕགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །བདེ་བ་ལ་གནས་པ་ནི་བསམ་གཏན་པ་འདི་ཉིད་ཡིན་ནོ་ཤེས་བྱ་བ་ནི ་ལྷག་མའོ། །དེ་ལ་བདེ་བ་སྤོང་བར་བྱེད་པ་ནི་བསམ་གཏན་བཞི་པའོ། །སྡུག་བསྔལ་དང་པོས?་སོ། །དེས་ནི་བདེ་ཉིད་སྔ་ནས། ཞེས་བྱ་བ་སྨྲས་ཏེ། ཡིད་མི་བདེ་བ་ནི་གསུམ་པས་སོ། །ཡིད་མི་བདེ་བ་ནི་གཉིས་པས་སོ། །སྔ་ནས། ཞེས་བྱ་བ་ནི་འདིར་ཡང་སྦྱར་རོ། །བཏང་སྙོམས་ནི་འདིར ་འཚོལ་བ་སྟེ། དེས་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ། ཞེས་སྨྲས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། ཞེས་བྱ་བ་སྟེ་པ་ཉིས་འདིར་གཏན་དུ་རྣམ་པར་དག་པ་ཐོབ་བས་སོ། །དེ་ལ་བསམ་གཏན་དང་པོ་ལ་ནི ་ཡན་ལག་ལྔ་སྟེ། རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་ནི་གཉེན་པོའི་ཡན་ལག་གོ་།དགའ་བ་དང། བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ་།སེམས་རྩེ་གཅིག་པ་ནི་དེ་གཉིས་ཀའི་གནས་ཀྱི་ཡན་ལག་གོ་།གཉིས་པ་ལ་ནི་ཡན་ལག་བཞི་སྟེ། ནང ་ཡོངས་སུ་དང་བ་ནི་གཉེན་པོའི་ཡན་ལག་གོ་།ཡན་ལག་ལྷག་མ་ནི་སྔ་མ་བཞིན་ནོ། །གསུམ་པའི་ཡན་ལག་ནི་ལྔ་སྟེ། བཏང་སྙོམས་དང། རྔན་པ་དང། ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ་།བདེ་བ་ནི་ཕན་ཡོན་གི་ཡན་ལག་གོ་།གནས་ཀྱི་ཡན་ལག ་ནི་བླ་མ་བཞིན་ནོ། །བཞི་པའི་ཡན་ལག་ནི་བཞི་སྟེ། བཏང་སྙོམ་ཡོངས་སུ་དག་པ་དང་།དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་ཕན་ཡོན་གྱི་ཡན་ལག་གོ། གནས་ཀྱི་ཡན་ལག་སྔ ་མ་བཞིན་ནོ། །ཁས་མ་གཏན་བཞི་པོ་འདི་དག་ལ་བཀོད་པའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་ཆེན་པོའི་ཆེན་པོའི་བསྟོད་པའོ། །གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་ན། ཞེས་བྱ་བ་ནས་རབ་ཏུ་འབྱེད་པ་ལ་འདུལ་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་ནི་བཀུར ་བ་དང་པོ་བསྟན་ཏོ། །མ་འཚང་བ་ནི་སྔ་མ་བཞིན་དུ་བྱ་སྟེ། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་པ་དང། བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད ་པའི་སྙོམས་པར་འཇུག་པ་དང། མངོན་པར་ཤེས་པ་ཐམས་ཅད་ཀྱི་བར་ལ་བཀོད་ན། ཞེས་བྱ་བ་ནི་བསམ་གཏན་རྣམས་ནི་བསྟན་ཟིན་ཏོ། །བྱམས་པ་ལ་སོགས་པ་ནི་འདོད་པ་ན་སྤྱད་པའི་སེམས་ཅན་ལ་དམིགས་པའི་ཚངས་པའི་གནས་བཞི་ཡིན་ཏེ། སེམས ་ཅན་ཚད་མེད་པ་ལ་དམིགས་པས་ན་ཚད་མེད་པ་ཡིན་ཏེ། བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་སོ། །ཀྱེ་མའོ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་སྨོན་པ་དང། སྡུག་བསྔལ་དང་བྲལ་བར་སྨོན་པ་དང། བདེ་བ་དང་མི་འབྲལ་བར་སྨོན་པ་དང། ཀུན་ནས་ཉོན་མོངས ་པ་ལས་གྲོལ་བར་སྨོན་བ་ཞེས་བྱ་བ་རྣམ་པ་སྟེ། །བདེ་བ་དང་ལྡན་པའི་བསམ་པ་དང། སྡུག་བསྔལ་དང་བྲལ་བའི་བསམ་པ་དང། དེ་བ་དང་མི་འབྲལ་བའི་བསམ་པ་དང། ཀུན་ནས་ཉོན་མོངས་པ་མེད་པའི་བསམ་པའོ། །མོས་པས་སྤྱོད་པའི་ས་ལ་ནི་བཞི་ཆར་ཡང་སེམས་ཅན་ལ ་དམིགས་པའོ། །རབ་ཏུ་དགའ་བ་ལ་སོགས་པ་བདུན་ལ་ནི་དེ་བཞིན་ཉིད་ལ་དམིགས་པའོ། །མི་གཡོ་བ་ལ་སོགས་པ་ལ་ནི་དམིགས་པ་མེད་པའོ། །ཚད་མེད་པ་རྣམས་ལ་མདོ་ལས་བྱམས་པ་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེ་བ། མི་གཉིས་པ། ཚད་མེད་པ། །བརྫུགས?་པ ་མེད་པ། ?་བ་མེད་པ། སྒྲིབ་པ་མེད་པ། གནོད་པ་མེད་པ། ཐམས་ཅད་དུ་འགྲོ་བ། ཤིན་ཏུ་བསྒོམས་པ། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱི་ཀླས་པ། ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པའི་ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཕྱོགས་བཅུ་ཁྱབ་པར་བྱས་ཏེ། ཡོངས་སུ་རྫོགས་པར ་བྱས་ནས་གནས་ཏེ། ཕྱོགས་བཅུ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང། དེ་བཞིན་དུ་དགའ་བ་དང་ལྡན་པ་དང། དེ་བཞིན་དུ་བཏང་སྙོམས་དང་ལྡན་པ་ལ་ཡང་སྦྱར་རོ། །དེ་ལ་བྱམས་པ་དང་ལྡན་པའི་སེམས། ་ཞེས་བྱ་བ་ནི་ཡོན་ཏན་ཅན་བསྟན་ཏོ། །ལྷག་མས་ནི་ཡོན་ཏན་བསྟན་ཏོ། །ཡང་པ། ཞེས་བྱ་བས་ནི་བསམ་བ་རྒྱ་ཆེ་བ་བསྟན་ཏེ། །རྒྱ་ཆེ་བ། ཞེས་བྱ་བ་ནི་འཕེལ་བས་སོ། །ཚད་མེད་པ། ཞེས་བྱ་བ་ནི་དམིགས་པ་ལས་སོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི་གཅིག་གི་བདག ་ཉིད་ཀྱིས་རྣམ་པར་མི་རྟོགས་པའི་ཕྱིར། །བཅུགས་པ་མེད་པ་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་རོ། །དེ་ལ་བྱམས་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ནི་རིམ་པ་བཞིན་དུ་གནོད་སེམས་དང། རྣམ་པར་འཚེ་བ་དང། མི་དགའ་བ་དང། རྗེས་སུ་ཆགས་པ་དང། ཁོང ་ཁྲོ་བ་དང། ལྷོད་པ་མེད་ཞེས་བྱ་བ་ནི་གཉིད་དང་རྨུགས་པ་ཉེ་བར་ཞི་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ཞེས་བྱ་བ་ནི་རྒོད་པ་དང་འགྱོད་པ་ཉེ་བར་ཞི་པས་སོ། །གནོད་པ་མེད་པ་ཞེས་བྱ་བ་ནི་གསུམ་པོ་འདི་དག་ཉིད་ཀྱིས་སེམས་དྲི་མར་མ་བྱས་པས་སོ།། ་ཐམས་ཅད་དུ་འགྲོ་བ་།ཞེས་བྱ་བ་ནི་འཛའ་བོ་དང་བར་མ་དང། དགྲ་པོ་གསུམ་ལ་ཡང་རབ་ཏུ་འཇུག་པའོ། །ཤིན་ཏུ་བསྒོམས་པ། ཞེས་བྱ་བ་ནི་དུས་གསུམ་ལ་ཡང་མཉམ་པོར་འཇུག་པའི་ཕྱིར་རོ། །དེ་ལྟར་བསྟན་པའི་རྣམ་པས་ཁྱབ་པ་ནི་རྒྱས་པར་རོ། །འཇིག་རྟེན ་ནི་སེམས་ཅན་ནོ། །ཐམས་ཅད་དང་ལྡན་པ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་དབྱེ་བས་ཐམས་ཅད་དང་ལྡན་པས་སོ། །ཕྱོགས་གཅིག་ནི་ཕྱོགས་ཀྱི་ཆའོ། །གང་དུ་ཞེ་ན། འཇིགས་རྟེན་ཞེས་སྨོས་ཏེ་སྣོད་ཀྱི་འཇིག་རྟེན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཀླས་པ། ཞེS ་བྱ་བ་ནི་ཆོས་ཀྱི་དབྱིངས་དང་འདྲ་བའི་མཛའ་འོ། །འདི་ལ་ནམ་མཁའ་དང་འདྲ་བའི་མཛའ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་བྱ་བ་ནི་སེམས་ཏིང་ངེ་འཛིན་ལ་གནས་པ་སྟེ། འཕགས་པའི་གནས་པས་སོ། །ཕྱོགས་བཅུ་ཞེས་བྱ་བ ་ནི་ཕྱོགས་བཅུའི་རྣམ་པ་སྟེ། ལྷག་མ་ནི་རྟོགས་པར་སླའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་གཟུགས་མེད་པ་རྣམ་པ་བཞི་སྟེ། དེ་དག་ཀྱང་མདོ་ལས་དེ་རྣམས་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ ་ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཛའ་ཡས་སོ། །ཞེས་ཏེ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཉེ་བར་བགྲུབས་ཏེ་གནས་སོ་།དེ་རྣམས་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཡང ་དག་བར་འདས་ཏེ། རྣམ་པར་ཤེས་པ་མཛའ་ཡས་སོ། །ཞེས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ། །ཞེས་ཅི་ཡང ་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་གྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་བཅུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །གཟུགས་ཀྱི་འདུ་ཤེས་ནི་སྔོན་པོ་དང་སེར་པོ་ལ ་སོགས་པའི་འདུ་ཤེས་ཏེ། དེ་ལ་མ་ཆགས་པ་ནི་ཐམས་ཅད་དུ་ནམ་མཁའ་ཨི་འདུ་ཤེས་པས་སོ། །དེ་ལས་ཡང་དག་པར་འདས་པ་ནི་སོ་སོར་སྣང་བ་མེད་པས་སོ། །ཐོགས་པའི་འདུ་ཤེས་ནི་རྩིག་པ་དང་ར་བ་ལ་སོགས་པའི་སྒྲིབ་པའི་འདུ་ཤེས་སོ། །སྣ་ཚོགས་པའི་འདུ་ཤེས་ནི་ཁང་བཟང ་དང་བསྐྱེད་མོས་ཚལ་དང། རི་དང། མཚོ་དང། ཟླ་བ་དང། ཉི་མ་ལ་སོགས་པའི་འདུ་ཤེས་སོ། །ནམ་མཁའ་མཛའ་ཡས་སོ་ཞེས་དེ་ལྟར་འདི་ལ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དུ་དམིགས་པ་ཡོང་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག ་པར་འདའ་བར་བྱ་ཞེ་ན། དེ་ཤེས་པ་གང་གིས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་མོས་པ་དང་ལྡན་པ་མཛའ་ཡས་པ་དེ་ཉིད་ལ་མོས་པར་བྱས་ནས། ཐམས་ཅད་དུ་ནམ་མཁའ་འདུ་ཤེས་ལས་བཟློག་པའི་ཕྱིར་རོ། །རྣམ་ཤེས་མཛའ་ཡས་སྐྱེ་མཆད་ལས་ཡང་དག་པར་འདས་ནས་ཞེས ་བྱ་བ་ནི། དེ་དེ་ལས་བསྐྱོན་ནི་ས་ཅུང་ཟད་ཀྱང་མིན་ཐོང་སྟེ། དོན་མེད་པ་དང། རྣམ་པར་ཤེས་པ་མེད་དེ། ཅུང་ཟད་ཙམ་ཉིད་དུ་དམིགས་པར་བྱས་ནས་ཐོབ་པའོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཀྱང་འདོད་ཆགས་དང་བྲལ་ནས་དེ་ཡང་ཟློག་པ་ཡིན་ཏེ། ཅུང་ཟད་མེད ་བའི་སྐྱེ་མཆེད་ནི་སྔར་ལོག་པ་དེ་ནས་འདུ་ཤེས་མེད་པ་ཡང་མ་ཡིན་ཏེ། འདུ་ཤེས་ནི་རབ་ཏུ་ཕྲ་བར་འཇུག་པ་ཁོ་ན་སྟེ། ངེས་ན་འདུ་ཤེས་མེད་པ་ནི་འདུ་ཤེས་ཉིད་མ་ཡིན་ཏེ། གང་འདུ་ཤེས་མེད་པ་ཡང་མ་ཡིན་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ།། ་མངོན་པར་ཤེས་པ་ལྔ་ལ། རྫུ་འཕྲུལ་གྱི་བྱང་ཤེས་པ་དང། ལྷའི་རྣ་བ་དང། གཞན་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང། ལྷའི་མིག་གོ་།འདིར་མདོ་ལས་ཏེ་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉིད་དུ་མྱོང་བར་བྱེད་ངེས་ཡང་གཡོ་བར་བྱེད། གཅིག་ ་ཏུ་འགྱུར་ཞིང་མང་པོར་འགྱུར་བ་དང། མང་པོར་ཡང་གྱུར་ནས་གཅིག་ཏུ་འགྱུར་བ་དང། སྟེང་དུ་འབྱུང་བ་དང། ནུབ་པ་ཡང་ཉམས་སུ་མྱོང་བར་བྱེད་དོ། །ཐད་ཀར་རྩིག་པ་དང། ཐད་ཀར་ར་བ་དང། ཐད་ཀར་རི་ལ་ཡང་ཐོགས་པ་མེད་པར་འགྲོའོ། ། ་ནམ་མཁའ་ལ་ཡང་ཐོགས་པ་མེད་པར་འགྲོ་བ། །ས་ལ་ཡང་འབྱུང་བ་དང། བྱི་ཟུལ་བྱེད་དོ། ཆུ་ལ་ཡང་ས་བཞིན་དུ་འགྲོའོ། །དུ་བ་འཐུལ་བར་བྱེད། འབར་བར་ཡང་བྱེད་དོ་ཞེས་རྒྱས་པར་ཡང་བརྗོད་དོ། །དེ་ལྷའི་རྣ་བའི་ཁམས་ཀྱི་མི་ལས་འདས་པའི་སྒྲ་ཡང་ཐོས ་ཏེ་ལྷ་དང་མི་དག་གིས་སོ། །དེ་སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས། སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་པ་དང། གཏི་མུག་དང་བཅས་པ་དང། གཏི་མུག་དང་བྲལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས། བླ་ན་མེད་པའི ་སེམས་ལ་བླ་ན་མེད་པའི་ཡེ་ཤེས་སོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་སྐྱེ་བ་གཅིག་རྗེས་སུ་དྲན་པ་ནས་གཉིས་དང། གསུམ་ནས་བྱེ་བ་ཕྲག་བཅུ་དང་།བརྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག ་ནས་གཉིས་དང། གསུམ་ནས་བསྐལ་པ་བྱེ་བ་ཕྲག་བཅུ་དང། བརྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། །བདག་ནི་ཆེ་གེ་མོ་ཞིག་ན་གནས་མིང་ནི་འདི་ཞེས་བྱ་།དེ་བཞིན་དུ་རུས་དང། དེ་བཞིན་དུ་རིགས་དང། དེ་བཞིན་དུ་ཟད་དང། དེ་བཞིན་དུ་གནས་པའི ་ཡུན་རིང་ཐུང་དང། དེ་བཞིན་དུ་ཚེའི་མཛའ་ཨོ། །དེ་ནས་བདག་ཤི་འཕོས་ནས་ཚེ་གེ་མོར་སྐྱེས་སོ། །ཞེས་བྱ་བ་ནས་།དེ་ནས་འདིར་སྐྱེས་སོ། །ཞེས་བྱ་བའི་བར་དང། རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས་པ་རྣམ་པ་དུ་མ་ཤེས་པའི་བར་དུ་ནི་སྔོན་གྱི་གནས ་རྗེས་སུ་དྲན་པའོ། །དེ་ལྷའི་མིག་རྣམ་པར་དག་བ་མི་ལས་འདས་པས་སེམས་ཅན་རྣམས་ཀྱི་འཆི་བ་དང། སྐྱེ་བ་དང། སྐྱེས་བ་དང། ཁ་དོག་བཟང་པོ་དང། ཁ་དོག་ངན་པ་དང། དམན་པ་དང། གྱ་ནོམ?་པ་དང། བདེ་འགྲོ་དང། ངན་འགྲོ་དང། སེམས་ཅན་ལས་ཇི་ལྟ་བ་བཞིན་དུ ་ཉེ་བར་འགྲོ་བ་མཐོང་ཤིང་རབ་ཏུ་ཤེས་པ་ཡིན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང། དག་གིས་ལེགས་པར་སྤྱོད་པ་དང། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་འཕགས་པ་རྣམས་ལ་སྐུར་བ་མི་འདེབས་པ་ཡང་དག་པའི་ལྟ་བ་དང ་ལྡན་པ་དག་སྟེ། ལུས་དང་ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པའི་རྒྱས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཡང་སེམས་ཅན་འདི་དག་ནི། ལུས་ཀྱི་ཉེས་པར་སྤྱོད་པ་དང། དག་གི་ཉེས་པར་སྤྱོད་པ་དང། ཡིད་ཀྱི་ཉེས་པར ་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་ལྟ་པ་དག་སྟེ། དེ་དག་ལ་ལོག་པར་ལྟ་བའི་ལས་ཡང་དག་པར་བླངས་པའི་རྒྱས་ལུས་ཞིག་པའི་འོག་ཏུ་ཤི་ནས་ཀྱང་གོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར ་འགྱུར་རོ། །དེ་ལྟར་ལྷའི་མིག་མི་ལས་འདས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཀླས་པ་ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་སྐྱེ་བ་ཨང། འཆི་བ་ཡང་དག་པ་ཇི་ལྟ་བ ་བཞིན་དུ་རབ་ཏུ་ཤིས་པ་ཡིན་ཏེ། བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དང། མངོན་པར་ཤེས་པ་སོ་སོ་དང། ཐ་དད་པ་འདི་དག་ལ་རབ་ཏུ་བཀོད་པ་ཞེས་བྱ་བར་སྦྱོར་རོ། །ལྷག་མ་ནི་རྟོག་པར་སླ་སྟེ་འདི་ནི་བཀུར་བ་དང ་པོའོ། །དེའི་འོག་ཏུ་ཀོའུ་ཤི་ཀ་ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་རྣམ་གྲངས་འདི་ལྟ་བུར་བཀོད་པ་ལྟ་ཞོག་།ཅེས་བྱ་བ་ནས་བསམ་གཏན་བཞི་པ་ལ་བཀོད་ན་།ཞེས་བྱ་བའི་བར་དང། སོ་སོའི་མཐར་ཡང་དེ་ཇི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས ་པ་ནས་ཡང་དག་པར་མཛའ་རབ་ཏུ་འབྱེད་པ་ལ་འདུལ་བར་འགྱུར་རོ། །ཞེས་བྱ་བའི་བར་དང་བཅས་པའི་གོ་རིམ་བཞིན་དུ་གཉིས་པ་དང། གསུམ་པ་དང། བཞི་པ་དང། ལྔ་པ་དང། དྲུག་པའི་བཀུར་བའོ། །དེ་ནི་ཆུ་འདུའི་འབྲིང་དང། ཆུང་དུའི ་ཆེན་པོ་དང། འབྲིང་གི་ཆུང་དུ་དང། འབྲིང་གི་བྲིང་དང། འབྲིང་གི་ཆེན་པོའི་བསྐུར་བའོ། །གཞན་ཡང་ཀོའུ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་ནས་གཞན་ཡང། ཞེས་བྱ་བའི་བར་གྱིས་ནི་བདུན་པ་བསྟན་ཏོ། །བཅོམ་ལྡན་འདས་མ་གཞན་དག་ལ་བྱིན་པ་ནི ་སྔ་མ་དག་ལས་ཀྱང་ཡོད་དེ་འདིར་ནི་རང་ཉིད་ཀློག་པ་དང། གཞན་དག་ལ་བྱིན་ནས་ཀྱང་ལྷག་པ་ཡིན་ཏེ། དེ་ནི་ཆེན་པོའི་ཆུང་དུའི་བཀུར་བའོ། །གཞན་ཡང་ཀོའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀི་བུ་མོ་དོན་ལ་མཁས་པ། ཞེས་བྱ་བ་ལ་སོགས་པ་ནས ་གཞན་ཡང་ཀོའུ་ཤི་ཀ། ཞེས་བྱ་བའི་བར་གྱིས་ནི་བརྒྱད་པ་བསྟན་ཏོ། །འདིའི་དོན་རྣམ་པར་འགྲེལ་བ་དང་ཞེས་གང་སྔར་གསུངས་པ་དང། དོན་ལ་མཁས་པ། ཞེས་བྱ་བ་སྟེ་གན་ཡིས་ལས་སྔ་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་སེམས ་ཉམས་པ་རགས་པའི་ངོ་བོར་འཛིན་པ་དག་ལ་དང་བ་བསྐྱེད་པར་བསམ་པ་ཡིན་ལ། འདིར་ནི་མཛའ་གསུམ་དུ་མི་དམིགས་པ་ལ་སོགས་བ་དོན་དམ་པར་བསམས་པ་ཡིན་ཏེ། དེ་ལ་དོན་ལ་མཁས་པའི་ཚིག་ནི་དོན་ཡིད་ལ་བྱེད་པའི་ཚིག་གིས་སོ། །དོན་དང ་བཅས་པ་ནི་དེ་ཉིད་ཀྱི་དོན་དང་ལྡན་པའོ། །ཚིག་འབྲུ་དང་བཅས་པ་ནི་དེ་ཉིད་ཀྱི་དོན་གྱི་ཚིག་འབྲུ་དང་ལྡན་པའོ། །སྟོན་པ་ནི་དེའི་དོན་མདོས་ཡང་དག་པར་སྟོན་པས་སོ། །ཡོངས་སུ་གསལ་བར་བྱེད་བ་ནི་རིགས་པ་དག་གིས་སོ། །འདི་ཞེས་བྱ་བ་ནི་བརྒྱད་པའོ་སྤྱོད་པ་ལྷག་པ ་སྟེ། འདི་ནི་བརྒྱད་པའི་སྐབས་ཡིན་པས་སོ། །དེ་བས་ཞེས་བྱ་བ་ནི་བདུན་པའི་སྤྱོད་པ་ལས་སོ། །འདི་ཡང་བསྟན་པར་བགྱི་བ་ལགས་སོ། །ཞེས་བྱ་བ་ནི་ཟུང་གིས་སམ། །ལུས་ཀྱི་བརྫས་དྲིས་པ་སྟེ། བསྟན་པར་བྱ་བ་ནི་མ་ཡིན་ཏེ་གསལ་བའི་ཕྱིར་རོ། །ཞེས་བསམས་སོ།། ་ཁོང་དུ་ཆུད་བ་དག་ལ། ཞེས་བྱ་བ་ནི་ཤེས་པ་བླུན་པ་སྟེ། དེ་ནི་རིགས་པ་དང་ལུང་དག་ཡང་དག་པར་མ་ཟིན་པ་གཞན་གྱི་ཚིག་གི་གཡོ་བར་བྱེད་པའི་ཕྱིར་རོ། །འདི་གང་གིས་གཡོ་བར་བྱེད་ཅེ་ན། དེ་ཉིད་བསྟན་པའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་སྨྲས་སོ། །འདིར་ལན་ནི ་ཀོའུ་ཤ་ཀ་མ་འོངས་པའི་དུས་ན། ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་མ་ཉིད་ཕྱིན་ཅི་ལོག་པའི་དོན་སྟོན་པ་གང་ཡིན་པ་དེ་ནི་དེའི་གཟུགས་བརྙན་ཡིན་ཏེ། དེ་ཉིད་ཀྱིས་ནི་བླུན་པའི་དད་པ་དང་ལྡན་པའི་ཚིག་གིས་སོ། །དེ་ལ། ཞེས་བྱ་བ་ནི་དེ་ལྟར་ཐོས་ནས་ཆུད་ཟོས་བར ་གྱུར་ན་མི་རུང་ངོ་ཞེས་སྨོས་པ་ལ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལས་རབ་ཏུ་ཉམས་པ་དང། ཞིག་པར་མི་འགྱུར་བའི་དོན་དུའོ། །ཇི་ལྟར་ཡང་འདི་ལས་གཟུགས་བརྙན་དུ་འགྱུར་བ་དང། ཇི་ལྟར་ཡང་མི་འགྱུར་བ་དེ་གཉིས་ཀ་བཅོམ་ལྡན་འདས་མ་ཆེན་མོ་དག་ལས ་རྒྱ་ཆེར་གསུངས་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནི་མི་རྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། མི་གཙང་བའི་རྣམ་པ་དང། མཚན་མ་དང། དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་སྒོམ་པར་བྱེད་དེ། ངེས་ན་བྱང་ཆུབ་སེམས་དཔའ་ཨི་ས་དང་པོ་ནས་བཅུ་པའི་བར་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ་ཞེས་གང་དེ་ལྟར་སྟོན་པ་དེ་ནི་གཟུགས་བརྙན་དུ་སྟོན་པ་ཡིན་ནོ། །ཇི་ལྟར་མི་རྟོག་པ་ཡིན་ཞེ་ན། གཟུགS ་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ། གང་ཡང་གཟུགས་ཀྱི་རང་བཞིན་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ན་དེ་ལ་གཟུགས་ཉིད་མེད་ན་དེ་ལ་རྟག་པའམ་མི་རྟག་པ་གལ་ཡོད་དེ་ཞེས་བྱ་བ་ལ་སོགས་པའོ། །གང་ལ་དེ ་ལྟར་སྟོན་པ་དེ་ནི་གཟུགས་བརྙན་སྟོན་པ་མ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན། ཞེས་བྱ་བ་ལ་སོགས་པས་ནི་གཟུགས་བརྙན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བརྒྱ་བྱིན་གྱིས་ཞུས་པའོ། །ཀོའུ་ཤི་ཀ་མ་འོངས་པའི ་དུས་ན། ཞེས་བྱ་བ་ལ་སོགས་བས་ནི་ལན་བཀའ་སྩལ་ཏོ། །གཟུགས་ཅན་གྱི་དབང་པོ་ལྔ་ནི་ལུས་ཀྱི་ཡང་དག་པར་བསྡུས་པའི་ཕྱིར་རོ། །ཡང་ན་རྡུལ་ཕྲ་རབ་བསགས་པའི་ལུས་སོ། །དེ་དག་མ་བསྒོམས་པ་ནི་ཡང་དག་ལ་མ་གོམས་པ་དང། མ ་བསྡམས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བརྗོད་དོ། །དབང་པོ་མ་བསྡམས་པའི་ཚུལ་ཁྲིམས་མ་བསྒོམས་པའོ། །དེས་ན་སེམས་མ་བསྒོམས་བ་ནི་ཏིང་ངེ་འཛིན་མ་གོམས་པའོ། །དེས་ན་ཤེས་རབ་མ་བསྒོམས་པ་ནི་མཉམ་པར་བཞག་པའི་སེམས་ཁོ་ནས་ཡང་དག་པ་ཇི ་ལྟ་བ་བཞིན་དུ་མི་ཤེས་པའོ། །དེས་ན་ཤེས་རབ་འཆལ་བ་ནི་ཕྱིན་ཅི་ལོག་ཏུ་མཐོང་བའོ། །དེས་ན་ལུག་ལྟར་ལྐུགས་པ་ནི་གཞན་ལས་ལེགས་པར་གསུངས་བ་མི་ཉན་པའི་ཕྱིར་དང། རང་ཉིད་ལེགས་པར་གསུངས་པ་མི་འཆད་པའི་ཕྱིར་རོ། །དེས་ན་ཤེས་རབ་ཉམས ་པ་ནི་ཡང་དག་པའི་ལྟ་བ་ཉམས་པའི་ཕྱིར་རོ། །གཟུགས་མི་རྟག་པ་ནི་མཚོན་པ་ཙམ་ཡིན་ཏེ། སྡུག་བསྔལ་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །ཐེག་པ་ཆེན་པོའི་རྟག་པ་མེད་པ་ནི་མི་རྟག་པའོ་ཞེས་གསུངས་སོ། །དེ་རྣམ་པར་བཅད་པའི་དོན་དུ་འཇིགས་པ། ཞེས་སྨོས་ལ། ་འཇིག་པའི་མཚན་ཉིད་ནི་མི་རྟག་པའི་དོན་གང་གི་ཕྱིར་མེད་པའམ་མ་སྐྱེས་བ་ལ་ནི་འཇིག་པ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་འཇིག་པ་སྟོན་པར་བྱེད་པ་ནི་དངོས་པོ་གསུམ་མི་དམིགས་པ་ཡིན་ཏེ། ཡོད་པ་དང། སྐྱེ་བ་དང། འགགས་པའོ། །དེ་བས་ནི་དེ་ལྟར ་རྟོག་པ་ལ་སོགS་པ་ཕྱིན་ཅི་ལོག་པ་བཞིའི་གཉེན་པོར་ཐེག་བ་དམན་པར་བསྡུས་པའི་ཡང་དག་པའི་ལྟ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་གང་སྟོང་པ་དེ་ལ་གཟུགས་བརྙན་དུ་སྟོན་པ་ཡིན་ནོ། །ཅི་སྟེ་གཟུགས་ལ་སོགས་པ་ནི་མི་རྟག་པ་དང། སྡུག་བསྔལ་ལ ་སོགས་པར་བྱང་ཆུབ་སེམས་དཔའ་བསྒོམས་པ་མ་ཡིན་ནམ་ཞེ་ན་བསྒོམས་པ་མ་ཡིན་ཏེ། ཡང་ཀོའུ་ཤི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྟའོ། །ཞེས་བྱ་བ་ནི་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྒོམས་ན་སྐྱོན་ཅིར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ། ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་བརྙན་ལ་ཞེས་བྱ་བ་ནི་ཐེག་པ་དམན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་མའི་གཟུགས་བརྙན་མདོར་བསྡུས་པ་བསྟན་ནས། དེའི་སྤྱོད་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །ཇི་ལྟར་གཟུགས་བརྙན་མ་ཡིན་པ་དེ་ནི་གོང་ཉིད ་དུ་དོན་ལ་མཁས་པས་བཀླག་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །གང་ཡང་རང་གི་ངོ་བོ་ཉིད་མེད་པ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཚིག་རྣམས་ལ་གནས་པ་མེད་པ་དེ་ནི་ཐེག་པ་ཆེན་པོ་ལ་གོམས་པ་དག་གི་གཉེན་པོ་སྟེ། ཆོས་ཀྱི་སྐུའི་མཛད་པའི་རབ་ཏུ་བྱེད ་པ་ལ་ཕྱིན་ཅི་མ་ལོག་པའི་མཛད་པར་བཅོམ་ལྡན་འདས་མཚན་མོ་དག་ལས་གསུངས་སོ། །བཅོམ་ལྡན་འདས་མ་འདི་ལས་ནི་ཕྱིན་ཅི་མ་ལོག་པའི་མཛའ་དག་ངེས་པར་འབྱུང་བ་བརྒྱད་ལས། །ཐོབ་པའི་ངེས་པར་འབྱུང་བ་དང། ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར ་འབྱུང་བ་ཉིད་དུ་ཐབ་པ་དང། ཡོངས་སུ་གསལ་བར་བསྟན་ཏེ་དེ་བས་ན་དེ་ལ་ངེས་པར་གཟུང་བར་བྱའོ། །དེ་ནི་བཀུར་བ་ཆེན་པོའི་འབྲིང་ངོ། །གཞན་ཡང་ཀོའུ་ཤི་ཀ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང། ཞེས་བྱ་བ་ལ་སོགས་པ་ནས་ལྟ་ཞོག་།ཅེས་བྱ་བ་ལྔ་བོའི་འོག ་གི་གཞན་ཡང། ཞེས་བྱ་བའི་བར་གྱིས་ནི་བཀུར་བ་དགུ་པ་བསྟན་ཏོ། །རྒྱུན་ཏུ་ཞུགས་པ་ཉིད་ནི་འབྲས་བུ་ཡིན། རབ་ཏུ་འབྱེད་དོ། །ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་གྲུབ་པ་དེའི་བར་དུ། ཞེས་བྱ་བ་ནི་བཀུར་བ་ཆེན་པོའི་ཆེན་པོའོ། །གཞན་ཡང་ཀོའུ་ཤི་ཀ ་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་གང་གིས་ཞེས་བྱ་བ་ནས། གཞན་ཡང་ཀོའུ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ། །ཞེས་བྱ་བའི་བར་གྱིས་ནི་བསྔགས་པ་དང་པོ་བསྟན་ཏོ། །ལན་ཅིག་ཕྱིར་འོང་པའི་འབྲས་བུ་ཞེས་བྱ་བས་ནི་བསྡགས་པ་ཆུང་དུའི ་ཆུང་དུ་བསྟན་ཏོ། བཞན་ཡང་ཀོའུ་ཤི་ཀ་ཛ་སྦུའི་གླིང་ན་།ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་ན། ཞེས་བྱ་བའི་བར་གྱིས་ལྟ་ཞོག་།ཞེས་བྱ་བ་ལྔ་པ་ནི་བསྔགས་པ་གཉིས་པ་བསྟན་ཏོ། །ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བས་ནི ་བསྔགས་བ་ཆུང་དུའི་འབྲིང་བསྟན་ཏོ། །གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་ན་ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་གི་ཞེས་བྱ་བའི་བར་གྱིས་ལྟ་ཞོག་།ཅེས་བྱ་བ་ལྔ་ནི་བསྔགས་པ་གསུམ་པ་བསྟན་ཏོ།། ་དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱི་དངོས་པོའོ། །དེ་ནི་བསྔགས་པ་ཆུང་དུའི་ཆེན་པོའོ། །གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་གི། ཞེས་བྱ་བ་ལ་སོགས་པ་ནས་འདུ་བྱེད་པ་ལྟ་ཞོག་།ཅེས་བྱ་བའི་བར་གྱིས་ནི་བསྔགས་པ་བཞི་པ་བསྟན་ཏོ། །རང་ཉིད་མངོན་པར ་རྫོགས་པར་སངས་རྒྱས་པའི་ཕྱིར་སངས་རྒྱས་སོ། །བདག་ཉིད་གཅིག་པུ་སངས་རྒྱས་པས་ན་རང་སངས་རྒྱས་སོ། །དེ་ནི་བསྔགས་པ་འབྲིང་གི་ཆུང་དུའོ། །གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད། ཅེས་བྱ་བ་ལ་སོགས་པ་ནས་ལྟ་ཞོག། ཅེས་བྱ ་བ་ལྔས་ནི་བསྔགས་པ་བསྟན་ཏེ། དེ་ནི་བསྔགས་པ་འབྲིང་གི་འབྲིང་ངོ། །གཞན་ཡང་ཀོའུ་ཤི་ཀ་ཛམྦུའི་གླིང་གི་སེམས་ཅན། །ཞེས་བྱ་བ་ནི་འདུ་བྱེད་པ་ལྟ་ཞོག། ཅེས་བྱ་བའི་བར་གྱིས་ནི་བསྔགས་པ་དྲུག་པ་བསྟན་ཏེ། གང་ལ་ལ། ཞིག་ཅེས་བྱ་བས་ནི་དང་པོ་བསྟན ་ཏོ། །གཞན་གང་ཞིག་ཅེས་བྱ་བས་ནི་གཉིས་པ་བསྟན། གང་གིས་ཞེས་བྱ་བས་ནི་གསུམ་པ་བསྟན་ཏེ། ཉེ་བར་གཏད་དེ། ཞེས་བྱ་བ་ནི་བྱིན་པའོ།།བསམ་པ་གང་གིས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འཕེལ་བ་ལ་སོགས་པར་གྱུར་པ་ནི་ཐོབ་པའོ། །འདི། ཞེས་བྱ་བ་ནི་གསུམ་པའོ། །དེ་བས་ན། ཞེས་བྱ་བ་ནི་དང་པོ་དང་གཉིས་པ་སྟེ་དེ་ནི་བསྔགས་པ་འབྲིང་གི་ཆེན་པོའོ་ཞེས་བྱ་བ་ལ་སོགས་པ་ལྔས་ནི་བསྔགས་པ་བདུན་པ་བསྟན་ཏེ། །དེ་ནི་བསྔགས་པ་ཆེན་པོའི ་ཆུང་དུའོ། །གཞན་ཡང་ཀོའུ་ཤི་ཀ་ཞེས་བྱ་པ་ལ་སོགས་པ་ནས་བསོད་ནམས་མང་དུ་བསྐྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བསྔགས་པ་བརྒྱད་པ་བསྟན་ཏེ། བཅོམ་ལྡན་འདས་གྲངས་བཟུང་བ་ཞེས་བྱ་བ་ལ་སོགས་པ། དེ་ལ་གྲངས་ནི་སྔ་མ་ལས་ཕྱི་མའི་བསོད ་ནམས་ལྔ་དང། བཅུ་དང་བརྒྱད་དང། སྟོང་ལྡབ་ལ་སོགས་པའོ། །བགྲང་པར་ཡང་ཞེས་བྱ་བ་ནི། བཅུ་དང། བརྒྱད་ལྔ་བ་ལ་སོགས་པའོ། །དཔེ་ནི་གངྒཱའི་བྱེ་མ་ལྡབ་ལ་སོགས་པའོ། །ཟླ་ནི་གངྒཱའི་གླུང་གི་བྱེ་བ་བཅུའི་ལྡབ་པ་ལ་སོགས་པའོ། །རྒྱུ་ནི་བཅུ་ལྡབ་བརྒྱའི་གངྒཱའི ་ཀླུང་གི་བྱེ་མ་ལྡབ་ལ་སོགས་པའོ། །ཤིན་ཏུ་ཚད་ཡོད་པ་མ་ཡིན་པའི་ཕྱིར་ཉེ་བར་མི་འགྲོ་བ་སྟེ། ཉེ་བ་ནི་ཡོད་པས་ཉེ་བའི་རྒྱུ་འོ། །དེ་ཡང་གཟུང་སློབ་མ་ཡིན་ནོ། །འདི་ནི་བསྔགས་པ་ཆེན་པོའི་འབྲིང་ངོ། །ལྟ་ཞོག་ཅེས་བྱ་བ་ལ་སོགས་པ་ལྔ་ནི་བསྔགས་བ་དགུ་པ་བསྟན ་ཏོ། །ཇི་ལྟ་ཇི་ལྟར་།ཞེས་བྱ་བ་ལ་སོགས་པ་ནི་ཀོའུ་ཤི་ཀས་བསོད་ནམས་ལྷག་པའི་རིགས་པ་སྨྲས་པ་ཡིན་ནོ། །ལེགས་སོ་ལེགས་སོ། །ཞེས་བྱ་བ་ནི་རབ་འབྱོར་གྱིས་རིགས་པ་དང་བཅས་པ་སྤྲོས་པ་བསྐྱེད་པ་ཡིན་ཏེ། འདི་ནི་བསྔགས་པ་ཆེན་པོའི་ཆེན་པོའོ། །བསོད ་ནམས་ཀྱི་རྣམ་གྲངས་ནི་རབ་ཏུ་དབྱེ་བ་སྟེ། དེ་གསལ་བར་བྱེད་པའི་ལེའུ་ནི་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་སྦྱར་བ་ལས་ལེའུ་ལྔ་བའོ།། ། ་བསྟོད་བ་དང་བཀུར་བ་དང་བསྔགས་པ་བསྟན་ནས། ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན ་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་མཁས་མཚན་མ་མེད་པ་དང། སངས་རྒྱས་རྗེས་སུ་ཡི་རང་དང། ཁམས་གསུམ་གཏོགས་པ་མ་ཡིན་དང། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་དང། །བསོད་ནམས ་ཆེ་འབྱུང་བདག་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པ་དང། ཚུལ་ཁྲིམས་དང། བསྒོམ་པ་ལས་བྱུང་བའི་བསོད་ནམས་དེ་ལས་འདི་མཆོག་ཏུ་བྱེད་པས་ན་ཁྱད་པར་ཅན་ནོ། །དེ་ཡང་འདི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དབང་དུ་བྱས་ ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་དོན་ཡིན་ཏེ་ཡུམ་ཆེན་པོ་དག་ལས་སེམས་ཅན་ཐམས་ཅད་ལས་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་དེ་ཡང་མི་དམིགས་པའི་ཚུལ ་གྱིས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཁྱད་པར་དེས་ཡོངས་སུ་བསྔོ་བ་ནི་ཡོངས་སུ་བསྔོ་བ་ཁྱད་བར་ཅན་ནོ། །དེ་ཡང་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་། ཞེས་བྱ་བ་ནི། བྱང་ཆུབ་ཏུ་སེམས ་བསྐྱེད་པ་དང་ལྡན་བ་སྟེ་ཇི་སྐད་དུ་བཤད་པས་སོ། །ཁྱད་བར་གྱི་ཁྱད་པར་ཅན་དུ་གྱུར་བ་ནི་སེམས་དཔའ་ཆེན་པོ་སྟེ། འདི་ལ་ཡོངས་སུ་བསྔོ་བའི་འབད་པ་ལྷག་བ་ཡོད་པ་ནི་སེམས་དཔའ་ཆེན་པོའོ། །རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་ནི་རྗེས་སུ་ཡི་རང་བ་ཡིན ་ཏེ། དེ་ཡང་དང་པོར་འདི་ལ་མི་དམིགས་པའི་ཡོངས་སུ་བསྔོ་བ་བསྟན་ཏེ། རྒྱ་ཆེར་འོག་ནས་འཆད་དེ་དེ་དང་ལྡན་པ་ནི་དེའི་ཡོངས་སུ་བསྔོ་བའོ་།འདི་ཉིད་ཅེས་བྱ་བ་ནི་བསོད་ནམས་བྱ་བའི་དངོས་པོའི་སྒྲ་དང་སྦྱར་རོ། །དེ་དག་ལས། ཞེས་བྱ་བ་ནི་སེམས་ཅན་ཐམས ་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལས་བྱུང་བའི་བསོད་ནམས་ཀྱི་བདག་ཉིད་ལས་སོ། །དམ་པ་ཞེས་བྱའོ། །ཞེས་བྱ་བ་ནས་མི་མཉམ་བ་དང་མཉམ་པ་ཞེས་བྱ་བ་ལ། ཅིའི་ཕྱིར་དམ་པ། ཞེས་བྱ་ཞེ་ན་འབྲས་བུ་མཆོག་ལ་སོགས་པའི་རྒྱུའི་ཕྱིར་རོ། །དེ་ཡང་གང་ལས་ཤེས ་ཤེ་ན་དེ་ཡང་རིམ་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར། རབ་ཏུ་དགའ་བ་ལ་སོགས་པས་བཅུ་ཅིག་པ་ཡང་དག་པར་སྡུད་པ་ཡིན་ནོ། །རྣམ་གྲངས་ཡིན་ཡང་ཐམས་ཅད་གཟུང་བའི་ཤུགས་ཀྱིས་མི་མཉམ་པའི་སངས་རྒྱས ་དེ་དག་དང་ཐུན་མོང་དུ་གྱུར་པའི་ཁྱད་པར་གྱིས་ནི་མཉམ་པ་དང་མི་མཉམ་པ་སྟེ། འདི་ནི་ཀུན་ཏུ་འོད་ཀྱི་སའོ། །ཇི་ལྟར་ཆོས་ཀྱི་སྤྲིན་མི་མཉམ་བ་ཞེས་བྱ་ཞེ་ན་མི་མཉམ་པ་དང་མཉམ་པ་དང་ཆོས་འཐུན་པ་སྟེ། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་པ་ནི་སངས ་རྒྱས་སུ་བལྟ་བར་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་གིས་སོ། །དེ་ཉིད་དམ་པ་ལ་སོགས་པའི་ཚིག་སྔ་མའི་གཞུང་གིས་ཡོངས་སུ་བསྔོ་བའི་ཁྱད་པར་བསྟན་ནས། དམ་པ་ལ་སོགས་པའི་ཚིག་དེ་ཉིད་ནི་བྱེད་པ་མཆོག་ཡིན་ཏེ་དེ་ནི ་ཡོངས་སུ་བསྔོ་བའི་ཁྱད་པར་ཅན་བྱེད་པ་དང་བཅས་བའོ། །དེ་སྐད་ཅེས་སྨྲས་པ་དང། ཞེས་བྱ་བ་ལ་སོགས་པས་ནི་མི་དམིགས་པའི་ཡོངས་སུ་བསྔོ་བ་གསུངས་ཏེ། འདི་ལ་ཕྱོགས་བཅུ་ཡོད་བས་དེ་ནི་ཕྱོགས་བཅུའི་འཇིག་རྟེན་ཏེ། ནམ་མཁའ་ཨི་ཚད་ཀྱི་སྣོད་ཀྱི་འཇིག་རྟེན་ནོ། །ཐམས ་ཅད་དུ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུའོ། །ཐམས་ཅད་གཏོགས་པ། ཞེས་བྱ་བ་ནི་ཁྱབ་བ་སྟེ། བར་མེད་པ། ཞེས་བྱ་བའི་དོན་ཏོ། །དཔག་ཏུ་མེད་པ། ཞེས་བྱ་བ་ལ་སོགས་བཟློས་པ་ནི་ཕྱོགས་རེ་རེ་དང་འབྲེལ་བའི་དོན་ཏོ། །མཛའ་ཡས་མུ་མེད་པ་དག་ཏུ། ཞེས་བྱ་བ་ནི་མཛའ་ ་ཡས་མུ་མེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་འདིར་དོན་ལྷག་པ་ལས་འདས་པ་ཡིན་ཏེ་སྒྲ་ལས་ནི་མ་ཡིན་ནོ། །དེ་དག་ནི་འདིར་ཕྱོགས་རིང་བསམ?་ཆད་པའི་ཕྱིར་ཚད་མེད་ཅིང་གྲངས་མེད་པས་གྲངས་མེད་པའོ། །ཕྱོགས་ཡངས་པས་ཡོངས་སུ་མཆད་བའི་ཕྱིར་གཞལ་དུ ་མེད་བའོ། །སོ་སོར་བསམ་པར་མི་ནུས་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །བསམ་པར་བྱ་བ་དེ་དག་ལ་བསམ་བར་མི་ནུས་པས་ན་མཛའ་ཡས་བའོ། །དེ་ལྟར་ཕྱོགས་མ་ལུས་པར་སོ་སོར་སྟོང་གསུམ་གྱིས་མཛའ་ཡས་བདག་ལ་ཕྱོགས་རེ་རེར་ཡང་སྟོང་གསུམ་གང་ཡིན ་པ་སྟེ། དེ་ལ་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པ་ནས། མཛའ་ཡས་མུ་མེད་པའི་བར་གྱིས་དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བར་སྦྱར་རོ། །འདིར་ཡང་ཟླ་བ་སོ་སོར་སྟོང་གསུམ་དང་འབྲེལ་བར་བྱ་བ་ཡིན་ནོ། །སྟོང་གསུམ་གཅིག་ཉིད་ལ་ནི་དེ་བཞིན་གཤེགས་པ་དཔག་ཏུ ་མེད་པ་མ་ཡིན་ནོ་ཞེ་ན། འདས་བའི་དུས་ན། ཞེས་བྱ་བ་གསུངས་ཏེ། དེང་དེ་བཞིན་གཤེགས་པ་གཅིག་ཏུ་ཐམས་ཅད་མ་ཡིན་ཡང་འདས་པའི་དུས་ལ་ཐོག་མ་མེད་པའི་ཕྱིར་དཔག་ཏུ་མེད་པའོ། །དེས་ན་འཇིག་རྟེན་གྱི་ཁམས་གཅིག་ཡིན་ཡང་འདས་པའི་དུས་སུ ་དེ་བཞིན་གཤེགས་པ་ཚད་མེད་པ་སྟེ། དུས་རིང་བས་ཡོངས་སུ་མི་ཆད་པའི་ཕྱིར་རོ། གྲངས་ཀྱང་དེ་ཙམ་དུ་ཡོངས་སུ་མཆད་པས་གྲངས་མེད་བའོ། །ཡིད་ཀྱིས་ཐད་ཀ་དང། དབྱིབས་ཡངས་པ་ཡོངས་སུ་མ་ཆད་པས་ན་གཞལ་དུ་མེད་པའོ། །དེ་དེ་ནས་བསམ ་དུ་མེད་བས་བསམ་གྱིས་མི་ཁྱབ་བའོ། རེ་རེ་ནས་བསམ་བ་མཛའ་ཡས་ཤིང་རྟོགས་པ་མེད་བས་ན་མཛའ་ཡས་པའོ། །འདི་ལྟ་བུའི་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་བ། ཞེས་བྱ་བ་ནི་བཞུགས་པ་མ་ཡིན་པའོ། །ཉོན་མོངས་པའི་སྒྲ་རྣམས་དེས ་བཅོམ་པ་དང་ལྡན་པས་དགྲ་བཅོམ་བའོ། །ཕྱིན་ཅི་མ་ལོག་པར་ཐམས་ཅད་མཁྱེན་པ་ནི་ཡང་དག་བར་རྫོགས་བའི་སངས་རྒྱས་སོ། །ཚིག་གཉིས་པོ་འདིས་ནི་སྤེངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །འཁོར་བའི་ལམ་ཡིན་བའི་ཕྱིར་ལམ་དེ་དའོ? ་རྙམ་བའི་ང་རྒྱལ་ལོ། །འཁོར་བའི་ལམ་ཡིན་པའི་ཕྱིར་འཇུག་པ་ནི་སྲིད་བ་སྟེ། ཇི་སྐད་དུ། ཕ་ནི་ད་སྙམ་ང་རྒྱལ་ཏེ། །མ་ནི་སྲིང་བ་ཡིན་པར་བརྗོད། །ཅེས་བསྟན་ཏོ། །དེ་དག་རྩད་ནས་བཅད་པའི་ཕྱིར་ལམ་ཆད་པ་དང་འཇུག་བ་ཆད་བའོ། །སྤྲོས་བ་ནི་གཉིས་རྣམ་པར ་རྟོག་བའོ། །སྲིད་པ་ནི་འཁོར་བའོ། །དེ་དག་ལྷག་པར་འདྲེན་པ་ནི་ཆོས་ལ་ལྟ་བ་དང། གང་ཟག་ཏུ་ལྟ་བའོ། །དེ་དག་ཡོངས་སུ་ཟད་བའི་ཕྱིར་སྤྲོས་པ་དང་སྲིད་པར་འདྲེན་བ་ཆད་བའོ། །མཆི་མ་ཟད་པ་ཅེས་བྱ་བ་ནི་སྲིད་པ་མེད་བས་ཡང་གཉེན་ནི་མེད་ཅིང་མྱ་ངན་མེད་དེ། དེས་ན ་མཆི་མ་ཡོངས་སུ་ཟད་པའོ། །ཚེར་མ་དང་ཆོས་འཐུན་པའི་ཕྱིར་ཚེར་མ་སྟེ་ལྟ་བ་ངན?་བའོ། དེ་དག་སྤངས་པ་ནི་ཚེར་མ་བཅོམ་པའོ། །ལྷག་མ་ནི་གླེང་གཞི་ཉིད་དུ་བསྟན་ཏོ། །དང་པོ་སེམས་བསྐྱེད་བ་ནི་གོངས་དང་འདྲའོ། །དེ་གཟུང་བ་ནི་དེ་ནས་བཙམས་བའོ། །དེའི་བར་ཞེས ་བྱ་བ་ནི་ཙམ་གྱི་སྐབས་སུའོ། །ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ནི་ཚུལ་ཁྲིམས་ལ་སོགས་པའི་ཚོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྟོབས་ལ་སོགས་པ་ཡོད་མོད་ཀྱི་དེ་དག་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ཏེ། དེས་ན་དེ་རྣམ་བར་བཅད་པའི་ཕྱིར ་ཕ་རོལ་ཏུ་ཕྱིན་པ་སྨོས་སོ། །ཟག་པ་མེད་བའི་ལམ་ཡོངས་སུ་ཤེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། སྔོན་གྱི་ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་དང་ཡང་དག་པར་ལྡན་པས་ན་ལྡན་བའོ། །གང་ཡིན་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས ་ཀྱི་ཡོན་ཏན་ལ་སོགས་པ་ཡོང་གསུངས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་བདེ་བ་སྟེ་ཉེ་བར་ཞི་བའི་བདེ་བ་ཡིན་བའི་ཕྱིར་རོ། །ཆོས་ཐམས་ཅད་ལ་དབང་ཕྱུག་ནི་དབང་བས་སོ། །རྫུ་འཕྲུལ་མངོན་པར་འདུ་བྱེད་བ་ཡང་ངོ། །དག་བ་ཉིད་ཀྱི་ཕྱིར་སྒྲིབ་བ་མེད་པའོ། །བལྟོས་པ་མེད ་པ་ཉིད་ཀྱི་ཕྱིར་མ་ཆགས་པའོ། །ཐམས་ཅད་དུ་ཤེས་པའི་རྣམ་པ་ཐམས་ཅད་ལ་འཇུག་བས་ཐོགས་པ་མེད་བའོ། །རྗེས་སུ་དཔག་པའི་དོན་དུ་དཔེའི་ཁྱད་པར་མེད་པའི་ཕྱིར་དཔེ་མེད་བའོ། །ཡོངས་སུ་རྣམ་པར་དཔྱོད་བ་ནི་དཔག་པའོ། །ཁྱད་པར་གྱི་བྱེ་བྲག་མ་ལུས་པའི་ངོ་བོ་གསལ ་བར་འཛིན་པ་ནི་མངོན་སུམ་མོ། །གཞན་དག་ནི་ངེས་དེ་ལ་དབག་བར་བྱ་བ་མ་ཡིན་ཏེ་ཤི་བ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་དག་བའི་ལྟ་བའི་ཡེ་ཤེས་ནི་ཡང་དག་བའི་ཡེ་ཤེས་སོ། །དེ་ཉིད་སྟོབས་ཡིན་ཏེ་ཐམས་ཅད་ཟིལ་གྱིས་གནོན་བ་ཉིད་ཀྱི་ཕྱིར ་རོ། །གང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས། ཞེས་བྱ་བ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྟོབས་ནི་ནུས་པ་སྟེ། དུས་ཆད་པ་མེད་བར་དོན་སྣ་ཚོགས་རྣམ་པ་ཐམས་ཅད་བྱེད་བའི་ཕྱིར་རོ། །སྟོབས་ནི་གང་སངས་རྒྱས་ཀྱི་ཡེ་ཤེས་མཐོང་ཞིང་ཐོབ་པ་མངོན་སུམ་དུ་བྱེད་པའོ།། ་མི་འཇིགས་པ་བཞིས་ལེགས་པར་ཁོང་དུ་ཆུད་པ་ནི་རང་གི་ཆོས་དང། གང་ཡང་ཆོས་རྣམས་ཁོང་དུ་ཆུད་པར་ཞེས་བྱ་བར་སྦྱར་རོ། །དེ་ཇི་ལྟར་ཞེ་ན་ཆོས་ཐམས་ཅད་དོན་དམ་བར་ཡང་དག་པའི་ཡེ་ཤེས་ཀྱི་མངོན་པར་བསྒྲུབ་ཅིང་བསྒྲུབས་པའོ། །འཇིག་རྟེན་ལས་འདས་པའི ་ཡེ་ཤེས་ཀྱི་ཆོས་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དེ་ཉིད་འཁོར་ལོ་སྟེ། ལྷ་དང་མི་རྣམས་ལ་འཕོ་བའི་ཕྱིར་རོ། །དེ་བསྐོར་བོ་ནི་ཕྱོགས་བཅུ་དག་ཏུའོ། །དེ་ནི་བསྟན་པའོ། །འདིའི་བཤད་པ་ནི་ལན་དགུ་སྟེ། ཆོས་དེ་ཉིད་གསལ་པོར་བྱེད་བའི་ཚིག་ནི་ཆོས་ཀྱི་སྒྲོན་མའོ། །དེ ་ཐོགས་པ་ནི་ཡིད་ལ་རྣམ་པར་བཞག་པའོ། །ཚིག་དེ་ཉིད་ནི་ཆོས་ཀྱི་རྔ?་བོ་ཆེ་སྟེ། དེ་ཡང་དག་བར་བརྡུང་བ་ནི་གདུལ་བྱའི་སྐྱེ་པོ་ཉན་བའོ། ཚེ?་གང་ཉིད་ནི་ཆོས་ཀྱི་དུང་སྟེ་ཡིད་འགེངས་པའོ། །དེ་འབུད་པ་ནི་གདུལ་བྱ་ཉིད་ཀྱིས་ཤེས་པའོ། །དེའི་དུ? ་སྒྲོགས་པ་ནི་དེ་ཉིད་ལ་དམིགས་ནས་དེའི་དོན་ཡིད་ལ་བྱེད་ཅིང་ཡིད་ལ་བྱེད་པ་ན་བསམས་པ་དང། བསྒོམས་པའི་དོན་ཡོངས་སུ་རྫོགས་པར་འགྱུར་རོ། །བསྒོམ་བའི་སྟོབས་ལས་བྱུང་བའི་འཇིག་རྟེན་ལས་འདས་བའི་ཡེ་ཤེས་དེ་ཉིད་ཆོས་ཀྱི་རལ་གྲི་ཏེ་དེ་འདེབས་པ་ནི། ་ཉོན་མོངས་པ་རྣམ་པར་འཇོམས་པའོ། །དེ་ཉིད་སེམས་ཅན་མང་པོ་ལ་འབབས་པས་ན་ཆོས་ཀྱི་ཆར་ཏེ་དེ་རབ་ཏུ་འབབས་བའི?། །དེ་ཉིད་གཏན་པ་མེད་པའི་ཕྱིར་མཆོད་སྦྱིན་ཏེ་དེ་ལ་མཆོད་པའོ། །དེ་ལ་ཆོས་ཀྱི་སྦྱིན་པས་ནི་སེམས་ཅན་ཐམས་ཅད་ཚིམ་པའོ། །ཡང ་དག་པར་སྟོབས་པ་ནི་ཡོངས་སུ་སྟོབས་བའོ། །བཏུལ་བ་ནི་བདེན་པ་དག་ལ་བཀོད་བས་དྲན་བ་ཉེ་པར་བཞག་པའོ། །བསླབས་པ་ནི་ཡང་དག་བར་སྤོང་བ་དང། རྫུ་འཕྲུལ་གྱི་རྐང་པ་དག་ལའོ། །མོས་པ་ནི་དབང་པོ་དང་སྟོབས་དག་ལའོ། །གཅིག་ཏུ་དེས་པ་ནི་ངེས་པར ་གྱུར་བའོ་།སངས་རྒྱས་རྣམས་ཀྱི་འཁོར། ཞེས་བྱ་བ་ནི་ཐ་དེང་པའི་དབང་དུ་བྱས་པའི་དྲུག་པའོ། །མྱ་ངན་ལས་འདས་པ། ཞེས་བྱ་བ་ནི་སྐལ་བར་བྱེད་པའོ། །སངས་རྒྱས་ལ་སོགས་པ་ལ་བརྟེན་པ་ནི་ཞིང་དུ་བྱས་པའོ། །ཡིད་ཀྱིས་བསྒོམས་པ་ནི་བསྒོམས་པའོ། །དེ ་ལན?་པ་ནི་ཡིད་ལ་བསྒོམས་ཏེ། དད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །མ་ལུས་པ་ལ་མངོན་པར་བསྡུས་པ་ནི་མ་ལུས་པ་ལ་རྗེས་སུ་ཡི་རང་ངོ་ཞེས་བྱ་བར་སྦྱོར། གཅིག་ཏུ། ཞེས་བྱ་བ་ནི་ཕུང་པོ་གཅིག་གིས་སོ། །མངོན་པར་བསྡུས། ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི ་བསྡོམས་པའོ། །གཞལ་ནས། ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་ཀྱིས་ངེས་པར་བརྟགས་པའོ། །རྗེས་སུ་ཡི་རང་བ། ཞེས་བྱ་བ་ནི་དགའ་བར་དམིགས་པར?་དམིགས་བྱས་པས་སོ། །རྗེས་སུ་ཡི་རང། ཞེས་བྱ་བ་ནི་དགའ་བ་བསྐྱེད་བར་བྱེད་པའོ། །མཆོག་ནི་རབ་མཆོག ་གོ་།དེ་ལྟར་ན་ཇི་ལྟར། ཚིག་བཅུ་ཅིག་ཡིན་ཞེ་ན། དམིགས་པ་རྣམ་པ་བཅུ་གཅིག་ཏུ་ཁྱད་པར་དུ་གྱུར་པ་ཡིན་པས་སོ། །དེ་ག་ལས་ཤེས་ཤེན། དབུས་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དེ་དག་འཁོར་དང་བཅས་བའི་དགེ་བའི་རྩ་བ་དེ་ལ་དེ་དམིགས་པར་བྱེད་པའི ་ཕྱིར་རོ། ཇི་ལྟར་ཡོངས་སུ་སྔོ་བར་བྱེད་ཅེ་ན། དེའི་ཕྱིར་བྱང་ཆུབ་སྡུད་པར་གྱུར་ཅིག་།ཅེས་སྨོས་ཏེ་འདེན་པར་གྱུར་ཅིག་ཅེས་པའི་དོན་ཏོ། །དེ་ཉིད་གནས་བརྟན་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་ཨི་ཇི་ལྟར་ཡི་རང་བ་དང། ཇི་ལྟར་ཡོངས་སུ་སྔོ་བར་བྱེད་བ་ནི་སྒང་ཅེས་སྣས ་སོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་ཏོ། །ཇི་ལྟར་ཡང་དེ་ལ་དམིགས་པའི་སྦྱོར་བ་བྱ་བ་དེ་ཉིད་ཉེ་བར་བསྟན་པའི་ཕྱིར། བྱམས་པ་དེ་ལ། ཞེས་བྱ་བ་ལ་སོགས་པ་དྲིས་ཏེ་དངོས་པོ་གང་དག་གིས། ཞེས་བྱ་བ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དག་གིས ་སོ། དམིགས་པ་གང་དག་གིས་།ཞེས་བྱ་བ་ནི་དེ་དག་གིས་དགེ་བའི་རྩ་བ་དག་གིས་སོ། །རྣམ་པ་གང་གིས། ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་སོགས་པ་དག་གིས་སོ། །སེམས་དེ། ཞེས་བྱས་ནི་རྗེས་སུ་ཡི་རང་པའི་སེམས་སོ། །མཚན་པར་བྱས་པ། ཞེས་བྱ ་བ་ནི་རྟོགས་པར་བྱེད་པ་སྟེ། གཞན་དུ་ན་རྗེས་ཡི་རང་བའི་ཡོངས་སུ་བསྔོ་བའི་འགྲེལ་བ་མེད་པའི་ཕྱིར་རོ། །འོན་ཀྱང་དམིགས་པར་ནུས་སམ། ཞེས་བྱ་ནི་དྲི་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བཙུན་པར་བ་འབྱོར། ཞེས་བྱ་བ་ལ་སོགས ་པས་སྨྲ་སོ། །དེ་ལྟར་ན་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། མེད་པ་ལ་མཚན་མར་འཛིན་པ་དང། །འཇིག་པ་དང། ངེས་པར་རྟོག་པ་དང། གི་རིམ་བཞིན་དུ་འདུ་ཤེས་དང། སེམས་དང། ལྟ་བ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འདི་དག་བསྒྲུབ་པའི་ཕྱིར་འདོད་ཆགས་ཀྱི ་དཔེ་བསྟན་ཏེ། འདི་ལྟར་ཡང་ཞེས་བྱ་བ་ནི་གཞན་གྱི་གཞུང་འདོད་པ་ལ་རྟོག་པ་དབང་དེ། གནོད་སྦྱིན་ཇི་ལྟ་བ་བཞིན་དུ་གཏོར་མ་ཡང་དེ་བཞིན་ནོ། །ཞེས་བྱ་བར་བསམས་སོ། །སེམས། ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་སོ། །ཆོས་ཐམས་ཅད ་ཀྱང་ཞེས་བྱ་བ་ནི་བསྟན་པའོ། །ཁམས་ཐམས་ཅད་ཅེས་བྱ་བ་ནི་བཤད་པའོ། །གལ་ཏེ་དངོས་པོ་ཇི་ལྟ་བ་ཞེས་བྱ་བ་ལ་སོགས་པས་ནི་སྐྱོན་བསྟན་བར་ཏེ། །དངོས་པོ་དེ་གང་ཡིན་ཞེས་བྱ་བ་ལ་སོགས་པ་རྡོ་རྗེས་ཡི་རང་བའི་སེམས་དང ་ལྡན་པའོ། །སེམས། ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་སོ། །དེ་ཡང་ངོ་བོ་ཉིད་མེད་པ་ཉིད་ཀྱི་ཕྱིར། གང་ཞིག་གང་ལ་ཡོངས་སུ་བསྔོ་བའི་ཕྱིར་རོ། །ཞེས་བྱ་བར་བསམས་སོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་བྱམས་པས་འཕགས་པ་རབ་འབྱོར། ཞེས་བྱ་བ་ལ་སོགས ་པ་སྨས་སོ། །གང་ཡང་རྗེས་སུ་ཡིད་པར?་དང་ཡོངས་སུ་བསྔོ་བ་ལ་སོགས་པ་ཡོད་པར་གྱུར་ཀྱང་ངོ། །བརྩམ་།ཞེས་སྨོས་པ་ནི་བསྒྲུབ་པ་རྣམ་པར་བཅད་པའི་ཕྱིར་རོ། །དད་པ་ནི་ཡང་དག་ཡིད་ཆེས་པའོ། །དགའ་བ་ནི་མགུ་བའོ། །དང་པོ་ནི་?་པ་དང་བྲལ་བའོ། གུས་པ་ནི ་སྲི་ཞུའོ། །ཉེ་བར་བརྟན་པ་ནི་བསྟན་པར་བྱས་པའོ། །སེམས་ཞུམ་པར་མི་འགྱུར་བ་ནི་བག་མི་འབུམས་པའོ། །ཡང་དག་པར་ཞུམ་པ་ནི་ཀུན་ཏུ་ཞུམ་པའོ། །ཡི་གསོད་ནི་སྐྱོ་བའོ། །མི་གསབ་བ་ཐོབ་པ་ནི་སྐྱེ་བའི་རབ་ཏུ་གདུད་བའོ། །ག་པར་བརྩོམ། །ནི་? ་ཀུན་ནས་སྐྲག་བ་ནི་དངང?་བའོ། །དེའི?་རྒྱུ་ནི་ཤིན་ཏུ་དངང་བ་ཡིན་ཇི་ལྟར། ཞེས་བྱ་བ་ན་ཞུམ་པ་ལ་སོགས་པ་ཡོད་པ་མ་ཡིན། །གས་གིས། ཅེས་བྱ་བ་ལ་སོགས་པ་ལ། གང། ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའི་སེམས་སོ། །ཟད་པ་ཞེས་བྱ་བ་ནིང། །རྣ་པའ། །འགགས ་པ་ནི་རྣམ་པར་ཞིག་པ་ཉིད་ཀྱི་ཕྱིར། །པྲལ་བ་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་གྱུར་པ། ཞེས་བྱ་བ་འདི་ཡང་སྐྱེ་བ་མེད་པའི། །གང་ཡིན། ཞེས་བྱ་བ་ནི་ཅི་ཡང་ན། ངད་རང་གི་ངོ་བོ་མེད་པ་ཉིད་ཀྱི་ཕྱིར་རོ། འགྲེགས་པ་ནི་དུས་མཉམ་པ་ཉིད་དོ། །སེམས་འགགས ་ཀྱང་སེམས་ཀྱི་ཆོས་ཉིད་ཐེར་བུག་པ་ཡིན་ནོ་ཞེ་ན། སེམས་གྱི་ནང་བཞིན། ཞེས་བྱ་བ་ལ་སོགས་པ་གསྟ་བ་ཏེ། ད་ནི་འདུས་མ་བྱས་ཡོངས་བ་སུ་བསྔོ་བ་དང་བྲལ་པའོ། །ལེགས་པར་གཟུང་བའི་ཚིག་དེ་ཉེས་པར་གཟུང་པ་ལག་པར་ཡོངས་སུ་བསྔོས་པ་ཉིད་དང ་བྲལ་བ་ཉིད་ཀྱི་ཕྱིར་།བརྩམས་ཏེ། ཞེས་བྱ་བ་ནི་དབང་དུ་བས་པའོ། །ཇི་ལྟར་ཞེ་ན་།གཞིར་བྱ་སྟེ་།ཞེས་བྱ་བ་སྨོས་ཏེ་དྲི་བའི་གཞིར་བྱས་པའོ། །ཁྲི་ལྟར་ཞེ་ན། འཆས་བ་འདི་ལས། །ཞེས་བྱ་བ་ནི་གཅོད་པའི་ཚིག་ཏེ། བྱམས་པ་འདི་ལ། ཞེས་བྱ་བ་ནས་བརྩམས་ཏེ་ཇི་ལྟར་ལྟ ་བ་ཕྱིན་ཅི་ལོག་པར་མི་འགྱུར་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །དེ་ལྟར་དྲིས་པ་ལ་འཕགས་པ་བྱམས་བས་ལན་དེ་འཕགས་པ་རབ་འབྱོར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྣས་ཏེ། སེམས་གང་གི་གང་ཡོངས་སུ་བསྔོ་བ?། ཞེས་བྱ་བ་ནི། སེམས་གང་གིས་གང་ཡོངས་སུ་སྔོ ་བར་བྱེད་པའོ། །དེ་ལ། ཞེས་བྱ་བ་ནི་གཉིས་ག་ལའོ། །ཇི་ལྟར། ཞེས་བྱ་བ་ནི་ལེགས་པར་ཡོངས་སུ་གཟུང་བ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་བསྔོ་བ། ཞེས་བྱ་བ་ནི་འགེས་པར་ཡོངས་བསྦས་པ་ཡིན། །དེ་ཉིད་གསལ་བར་བྱད་པའི་ཕྱིར་དམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་འཇུག་བསྐ་བའོ། །དེ་ལྟར་ན་གང་གི་ཕྱིར་ཕྱིན་ཅི་ལོག་ཏུ་གྱུར་ཞེ་ན། དེའི་ཕྱིར་ཇི་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡན་ཆད་ཀྱིས་ནི་བྱིན?་ཅི་ལོག་ཏུ་ཐལ་བར་འགྱུར་བར་རྒོལ་བ་ལན་གདབ་པར་བྱས་ནས་མི་དམིགས ་པ་བརྟན་པར་བྱ་བའི་ཕྱིར་གལ་ཏོ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཤེས་ཤིང། ཞེས་བྱ་བ་ནི་བསྟན་པའོ། །འདི་སྟར་སེམས་ཏེ། ཞེས་བྱ་བ་ནི་བཤད་པ་སྟེ། ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཞེས་བྱ་བ་ལ་སོགས་པ ་ལས་མས་དེ་ཉིད་བསམ་པ་ཞེས་བྱ་བ་དང་སྦྱོར། །འདས་པ་ཉིད་ཀྱི་ཕྱིར་ཟད་པའོ། །ཟད་པ་ལ། ཞེས་བྱ་བ་ལ་སོགས་པའི་རྣམ་གངས་ཀྱི་?་བལ་བྱེད་པའོ། །དམི་ནུས། ཞེས་བྱ་བ་ནི་ར་བོང?་གི་སྭ?་བཞིན་དུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཆོས་ཉིད། ཅེས་བྱ་བ་ནི་ངོ་བོ་ཉིད་མེད ་པ་ཉིད་དོ། །ཆོས་གང་དག་གིས། ཞེས་བྱ་བ་ནི་སེམས་ལས་བྱུང་བ་དག་གིས་སོ། །ཆོས་གང་དག་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལའོ། །གལ་ཏེ། ཞེས་བྱ་བ་ལ་སོགས་པ་ན་མཇུག་སྡུད་པའོ། །ད་ལྟར། ཞེས་པར་ནི་མི་དམིགས་པ་སྟེ་ཐམས་ཅད་དུར་གཅིག ་བར་ཡིད་ལ་བྱེད་པར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ནི་འཕགས་པ་བྱམས་པས་འདས་པའི་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ནས་གཞན་ཡང་འཕགས་པ་རབ་འབྱོར། ཞེས ་བྱ་བ་ལ་སོགས་པ་གསུངས་སོ། །ད་ལྟར་བྱུང་བའི་དབང་དུ་བྱས་ནས་གཞན་ཡང་འཕགས་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་དམིགས་པའི་ཡོངས་སུ་བསྔོ་བ་སྟེ་གཉིས་པའོ། །གཞན་ཡང་འཕགས་པ་རབ་འབྱོར། ཞེས་བྱ་བ་ལ་སོགས་པ་གསུངས ་བ་ཡ། དུས་གསུམ་གྱི་སངས་རྒྱས་ལ་སོགས་བའི་བསོད་ནམས་རྗེས་སུ་ཡི་རང་བ་ནི་མདོར་བསྡུས་པའོ། །མཆོག་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདིར་ཕྱིར་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར་ཇི་ལྟར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྙམ་དུ ་སེམས་ཏེ། ཞེས་བྱ་བ་ནི་སེམས་དཔའ་སྟེ་ཡང་དག་པར་ཡིད་ལ་བྱེད་པའོ། །ཆོས་དེ་དག། ཅེས་བྱ་བ་ནི་གང་ཡོངས་སུ་བསྔོ་བར་བྱ་བ་དག་གོ། ཆོས་དེ་ཡང་མི་ཟད་པའོ། །ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆོས་ཉིད་ཤིན་ཏུ་རྣམ་པར་དག ་པའི་མཚན་ཉིད་དོ། །དེ་ལྟར་ཡོངས་སུ་བསྔོ་བ་ཡིན་ནོ། །ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཞེས་དགོངས་སོ། །ཆོས་འདི་ནི་ཆོས་ལ་ཡོངས་སུ་མི་བསྔོའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར། ཞེས་བྱ་བ་ནི་དེ་ལྟར་ཡང་དེ་ལྟ་སྡམ ་བཞིན་ནོ་།དེ་ཉིད་ཕྱིར་བཅུ་ནི་པ་རབ་འབྱོར། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གསུངས་སོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །འདི་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་བསྔོ་བ་སྟེ་གསུམ་པའོ། ། ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་བསོད་ནམས་མངོན་པར་འདུ་བྱེད་པ་ནི་བསོད་ནམས་ཀྱི་ལས་སོ། །མངོན་བར་ཆགས་པ་ནི་འདུ་ཤེས་པའོ། །འོ་ན་ཇི་ལྟར་ཡོངས་སུ་སྔོ་བར་བྱེད་ཅེན། གལ་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབེན་པ་དང་ཞི་པ་ནི་གོ་རིམ་བཞིན ་དུ་རང་དང་གཞན་དང། རང་དང་གཞན་གྱི་མཚན་ཉིད་ཀྱང་སྟོང་བ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དེ་ཉིད་བསྟན་པའི་ཕྱིར་གསུངས་པ། དབེན་པ་དང་ཞེས་བ་ཉིད་དུ་ཤེས་ན་ཡང་གལ་ཏེ་མངོན་པར་ཞེན་པ་ཡོད་པར་གྱུར་ན་དེའི་ཚེ་ཡང་དག ་པར་ཡོངས་སུ་སྔོ་བར་བྱེད་པ་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་མཇུག་བསྡུ་བའོ། །དེ་ཉིད་ཡང་དག་བའི་ཡོངས་སུ་བསྔོ་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱ་བའི་ཚིག་སྨོས་སོ། །འདི་ནི་དབེན་པའི་བསྔོ་བ་སྟེ་བཞི་པའོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་དྲན ་པར་བྱེད་བའོ། །ཇི་འདྲ་བ་བཞིན་དུ། །ཞེས་བྱ་བ་ལ་སོགས་པས་ནི་རྟག་པ་སྟེ། གང་འདྲ་བ་ཉིད་དུ་ཡོངས་སུ་བསྔོ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་རོ། །དེ་འདྲ་བ་ཉིད་ཅེས་བྱ་བ་ནི་གང་དང་དེ་ཉིད་རྟག་ཏུ་འབྲལ་བས་ཆོས་ཀྱི ་དབྱིངས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། དེ་འདྲ་བ་དེ་ནི་དགེ་བའི་རྩ་བ་ཡིན་ཏེ། གང་རྗེས་སུ་ཡི་རང་བ་དང་ལྡན་པའོ། །གང་གིས་ཀྱང། ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་ཀྱིས་སོ། །དེའི་རིགས་ཅན། ཞེས་བྱ་བ་དེ་ཉིད་རིགས་ཏེ་གང་གི་སྦྱིའོ། །དེའི་མཚན་ཉིད་ཅན། ཞེས ་བྱ་བ་ནི་གང་ཅི་དེའི་མཚན་ཉིད་དོ། །དེའི་རིགས། ཞེས་བྱ་བ་ནི་དེའི་ཚོགས་སོ། །དེའི་རང་བཞིན་ཞེས་བྱ་བ་ནི། དེའི་ངོ་བོ་ཉིད་ཅན་ནོ། །གལ་ཏེ་དེ་ལྟར་ཤེས་ན། ཞེས་བྱ་བ་ནི་གལ་ཏེ་འདིས་ཀྱང་དེ་འདྲ་བ་ཉིད་ལ་སོགས་པར་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་མ་དེའི་ཚེ་ཡང ་དག་པའི་ཡོངས་སུ་བསྔོ་བ་མ་ཡིན་ནོ། །གང་འདས་པ། ཞེས་བྱ་བ་ལ་སོགས་པས་ནི་དེ་ཁོ་ནའི་རྣམ་པར་རྟོག་པ་གཞན་དུ་གསུངས་ཏེ། མ་ཕྱིན་པ་ནི་མ་སྐྱེས་པའོ། །གནས་པ་ནི་ཡོད་པ་མ་ཡིན་ཏེ། རང་བཞིན་གྱིས་འཇིག་པ་ཉིད་ཕྱིར་རོ། །དེའི་ཕྱིར་གསུམ་ཆར་ཡང་མི་དམིགས ་ཏེ། །དེ་བས་ན་ཡོད་པ་མ་ཡིན་ནོ། །གང་ག་ཕྱིར་མཚན་མ་ཡང་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ། །རྒྱུ་མེད་པ་མི་ཡུལ་ཡང་མ་ཡིན་ནོ། །གལ་ཏེ། ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར། ཞེས་བྱ་བ་ནི་ཟད་པ་ཉིད་ལ་སོགས་པའོ། །དེས་ན་དེ་མཚན་མར་བྱེད་ཅིང་ཉེ ་བར་མི་དམིགས་པ་དེའི་ཚེ་ཡང་དག་པར་སེམས་པ་མ་ཡིན། ཡང་དག་པར་ཡིད་ལ་བྱེད་པ་མ་ཡིན་པ་སྟེ་དེའི་ཕྱིར་ཡང་དག་པར་སྔོ་བར་བྱེད་པ་མ་ཡིན་ནོ། །དེ་ལྟ་ན་གང་གི་ཚེ་ཁོང་དུ་མ་ཆུད་བའམ་དྲན་པ་དང་བྲལ་བས་མཚན་མར་མི་བྱེད་པ ་དེའི་ཚེ། ཡང་དག་བའི་ཡོངས་སུ་བསྔོ་བར་འགྱུར་རོ་ཞེ་ན་དེ་སྟེ། ཞེས་བྱ་བ་ལ་སོགས་བའོ། །དེ་ལྟར་ན། ཞེས་བྱ་བ་ནི་དེ་ལྟར་མཚན་མར་མི་བྱེད་པ་ཡོངས་སུ་སྔོ་བར་བྱེད་པ་མ་ཡིན་ནོ། །ཡོངས་སུ་བསྔོ་བ་ཙམ་ཡང་མེད་ཞེས་བྱ་བར་དགོངས་སོ། །འོ་ན་གང་གི་ཚེ་ཡང་དག་པར ་ཡོངས་སུ་བསྔོ་བ་ཡིན་ཞེ་ན། དེ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྟེ། ཞེས་བྱ་བའི་སྒྲ་ནི་གལ་ཏེ། ཞེས་བྱ་བའི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་དེ་འདྲ་བ་ཉིད་ལ་སོགས་པ་སྟེ། མཚན་མ་མེད་པ་དང་ཡུལ་མེད་པའོ། །མཚན་མ་ཞེས་བྱ་བ་ནི་ཤེས ་པ་ལ་ཡང་དག་པར་དམིགས་པ་དང། ཡང་དག་པར་སེམས་པ་ཡིན་ཏེ། དེ་ནི་ཡང་དག་པར་ཡིད་ལ་བྱེད་པའོ། །མཚན་མར་མི་འཛིན། ཞེས་བྱ་བ་ནི་ཡང་དག་པར་མི་ཤེས་ཤིང་མངོན་པར་མ་ཞེན་པའོ། །དེ་ལྟར་ན། ཞེས་བྱ་བ་ལ་སོགས་པ་ནི་མཇུག ་བསྡུ་བའོ། །དེ་བཞིན་དུ་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་རྗེས་སུ་ཡི་རང་བ་ལ་སོགས་ཀྱི་ངོ་བོ་ཉིད་གང་ཡིན་པའི་ཆོས་ཉིད་གང་ཡིན་པའི་རྗེས་སུ་ངན་པ་དེ་ནི་སངས་རྒྱས་ཀྱི་བསོད་ནམས་ཀྱི་རང་བཞིན་རྗེས་སུ་དྲན་པའི་ཡོངས་སུ་བསྔོ་བ་སྟེ། ལྔ་བའོ། །འདི་ལ་ཞེས ་བྱ་བ་ལ་སོགས་པ་ལ། འདི་ལ། ཞེས་བྱ་བ་ནི་གང་དེ་གཉིས་ཀ་སྟེ་དེ་ཉིད་ཡིད་ལ་བྱེད་ཅིང་མཚན་མར་མི་བྱེད་བའོ། །དེ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་གྲགས་པ་སྟེ། ཐབས་ལ་མཁས་པ་གང་ཡིན་པར་རབ་ཏུ་གྲགས་པ་དེའོ། །གང་ཞེས་བྱ་བ་ལ་སོགས་པས་ནི ་ཕན་ཡོན་གསུངས་སོ། །ཇི་སྟེ་འདིར་ཐབས་ལ་མཁས་པའི་ཐབས་གང་ཡིན་ཞེ་ན། དེའི་ཕྱིར་འདིར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་ཅེས་བྱ་བ་ནི་མདོའི་བདག་ཉིད་དོ། །ཐོས་པ་དང་མི་ལྡན་པ། ཞེས་བྱ་བ་ནི་འདི་མ་ཐོས་པ་ཞེས་བྱ་བ་ནི་ལྷག་མའོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྔོ་བ་བསོད་ནམས་བྱ་བ་དེ་ཉིད་དེ་འདི་ལ་འཇུག་པས། །འཛིན་བར་མི་ནུས་ཞེས་བྱ་བར་སྦྱོར་ཏེ། དེ་ལ་ནི་དེ་ལྟར་ཡིན་ན་ཡང་དེ་སྐད་མ་ཟེར་ཅིག་ཅེས་བརྗོད་པར་བྱ་བ་རིགས་སོ་།གང་ལ་ཞེ་ན། གང་འདི་སྐད་དུ། ཞེས་བྱ་བ ་ལ་སོགས་པ་བསུངས་སོ་།དེ་ནི་ཐབས་དང་བཅས་པའི་ཡོངས་སུ་བསྔོ་བ་སྟེ་དྲུག་པའོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་འདི། ཞེས་བྱ་བ་ལ་སོགས་པ་ལ་གསུངས་པ་ལ་དེ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལུས་ནི་བདག་ཉིད་ཀྱི་དངོས་པོའོ། འདུ ་བྱེད་ནི་དགེ་བའི་རྩ་བདག་གོ། དེའི་ཕྱིར་དེ་དག་ནི་ཞི་བ་དབེན་པ་སྟེ། ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་དོན་ཏོ། །དེའི་ཕྱིར་ཡང་དམིགས་པ་ནི་བྲལ་བ་ནི་མི་དམིགས་པ། ཞེས་བྱ་བའི་དོན་ཏོ། །གཞན་དུ་ན། ཞེས་བྱ་བ་ནི་གལ་ཏེ་ཡང་མི་དམིགས་པ་དེ་ལྟར་ན་ཡང ་དོ། །ཡང་དག་པ་ཇི་ལྟ་བ་ནི་ཕྱིན་ཅི་མ་ལོག་པ་དང། འགག་པ་ལ་སོགས་པའོ། །མཚན་མར་བྱས་ཤིང། ཞེས་བྱ་བ་ནི་འཛིན་པའོ། །རྣམ་པར་རྟོག་པ། ཞེས་བྱ་བ་ནི་མངོན་པར་ཞེན་པའོ། །ཡང་དག་པ་ཇི་ལྟ་བ་མ་ཡིན་པ་ནི་རྣམ་པར་རྟོག་པའི་སྣང་བའོ།། ་ཡང་དག་པ་ཇི་ལྟ་བ་ནི་འགགས་པ་ལ་སོགས་པའོ་།དམིགས་པའི་བདག་ཉིད་ཀྱི་འདུ་ཤེས་ཀྱི་མི་དམིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ན་ངེས་ཅིར་འགྱུར་ཞེ་ན། དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཡོངས་སུ་མྱ་ངན་ལས་འདས་པ། ཞེས་བྱ་བ་ལ། ཡང་གི་སྒྲ་ནི་ལྷག་པའི་ཞེས་བྱ་བའི་དོན་ཏེ་དེ་ནི་ཤིན་ཏུ་ཡང་མཚན་མར་བྱེད་པ་མི་རིགས་པའི་ཕྱིར་རོ། །དུག་དང་བཅས་ཟུག་རྔུ་ངར?་བཅས་ཞེས་བྱ་བ་ནི་དེ་དང་ཆོས་འཐུན་པའི་ཕྱིར་རོ། །དེ་ནི་མཚན་མ་མེད ་པའི་ཡོངས་སུ་བསྔོ་བ་སྟེ་བདུན་པའོ། །འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པ་ལ། བཟང་པོ་ནི་ཁ་དོག་ལ་སོགས་པ་ཁྱད་པར་དུ་གྱུར་བའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཞེས་བྱ་བ་ནི་དེ་ལྟ་མོད་ཀྱི་ཞེས་བྱ་བའི་དོན ་ཏོ། །སེམས་ཏེ། ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་ལ་ཆགས་པའི་ཕྱིར་རོ། །མྱང་བ་ནི་མྱང་བ་སྟེ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ཞུ་བའི་ཚེ་ཞེས་བྱ་བ་ནི་ཐ་མར་གྱུར་པའོ། །རྣམ་པར་སྨིན་པ་ནི་འབྲས་བུའོ། །ལོག་པར་ཟིན་པ། ཞེས་བྱ་བ་ནི ་ལོག་པར་ཐོས་པས་སོ། །ལོག་པར་རིག་པ། ཞེས་བྱ་བ་ནི་རྣམ་པར་མ་རྟགས་པའོ། །ལོག་པར་ཁ་ཏོན་དུ་བྱས་པ། ཞེས་བྱ་བ་ནི་ལོག་པར་གོམས་པས་སོ། །ལེགས་པར་གསུངས་པ་དེ་ནི་སངས་རྒྱས་ཀྱིས་གསུངས་པའོ། །ན་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་དོན ་ཏེ། །དེ་དེ་ལྟར། ཞེས་བྱ་བ་ནི་གང་འདི་གསུངས་པའོ། །ཡང་བར་འགྱུར་ཏེ། ཞེས་བྱ་བ་ནི་འདིར་ཕུང་ཁྲོལ་བྱེད་པ་སྟེ་དུག་གོ་།དེས་ན། ཞེས་བྱ་བ་མཇུག་སྡུད་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དྲི་བའོ། །འདི་ལ། ཞེས་བྱ་བ་ནི་ལ་སོགས་པ་ནི་ལན་ནོ། །སྐུར་བ ་གདབ་པ་ནི་སྨོད་པ་སྟེ་ཡང་དག་པ་མ་ཡིན་པའི་སྨྲ་བས་བརྗོད་པའི་ཕྱིར། ཡོངས་སུ་གཟུང་བར་བྱ། ཞེས་བྱ་བ་ལ་སོགས་བའི་ཚིག་སྨོས་པ་ནི་རྗེས་སུ་ཡི་རང་བ་མཚོན་ཏེ་བར་མ་ཆད་པར་བྱུང་བ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཀྱི་ཡེ་ཤེས་མཁྱེན་པ། ཞེ་བྱ་བ་ནི་སངས་རྒྱས ་ཀྱི་སྤྱན་གྱིས་གཟིགས་པ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་ན་དེའི། ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་ཡིན་ཏེ། དུག་མེད་པ། ཞེས་བྱ་བ་ལ་སོགས་པ་ཐམས་ཅད་གང་ལས་ཤེས་ཞེ་ན། ལྷག་པའི་བསམ་བས། ཞེས་བྱ་བ་ལ་སོགས་པས་གསུངས་སོ། །དེ་ནི་སངས ་རྒྱས་ཀྱིས་རྗེས་སུ་གནང་བའི་ཡོངས་སུ་བསྔོ་བ་སྟེ་བརྒྱད་པའོ། གཞན་ཡང་རིགས་ཀྱི་བུ་འམ། ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོའོ། །མ་གཏོགས་པ་མ་འདུས་པ་སྟེ་དུས ་གསུམ་དང། ཁམས་གསུམ་དུ་མ་གཏོགས་པ་ཉིད་ཀྱི་ཕྱིར་ཏེ། དེ་དག་གི་ཚུལ་ཁྲིམས་ལ་སོགས་པ་ནི་ཆོས་ཀྱི་དབྱིངས་ཙམ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །ཡོངས་སུ་བསྔོ་བ་ཡང། ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའོ། །ཆོས་འདི་ལ་ཡང། ཞེས་བྱ་བ་ནི་ཡང་དག ་པར་རྫོགས་པའི་བྱང་ཆུབ་ལའོ། །ཆུད་མ་ཟོས་པར། །ཞེས་བྱ་བ་ནི་མཉམས་པའོ། །སངས་རྒྱས་ཀྱིས་གནང་བ་དང་མ་གཏོགས་པ་ཡོངས་སུ་བསྔོ་བ་དག་གི་ཆོས་ཀྱི་དབྱིངས་དང། ཡོངས་སུ་བསྔོ་བ་མཉམ་པ་ཉིད་དུ་བསྟན་པའི་ཕྱིར་དེ་ལ། ཞེས་བྱ་བ་སོགས་པ་གསུངས་ཏེ། འདི ་ནི། ཞེས་བྱ་བའི་སྒྲ་ནི་གཉིས་པ་ནི་ཡང་གི་དོན་དུ་གཏོགས་པར་བྱའོ། །གང་ཆོས་ཀྱི་དབྱིངས་དང་མཉམ་པའི་ཡོངས་སུ་བསྔོ་བ་འདི་ནི་ཡང་དག་པའི་ཡོངས་སུ་བསྔོ་བ་སྟེ། འདི་ནི་ཡང་དག་པའི་ཡོངས་སུ་བསྔོ་བ་ཡིན་ནོ་ཞེས་སྦྱར་རོ། །གང་ཞེ་ན་འདིས་ནི། ཞེས་བྱ་བ་སྨོས་ཏེ་འདས ་མ་ཐག་ཏུ་བསྟན་ཏེ། མ་གཏོགས་པའི་ཡོངས་སུ་བསྔོ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་སངས་རྒྱས་ཀྱིས་གནང་བའི་ཡོངས་སུ་བསྔོ་བ་ཞེས་བྱ་བ་དོན་ཏེ། །དེ་ལྟར་ཡང། ཞེས་བྱ་བ་ལ་སོགས་པ་ནི་མཇུག ་སྡུད་པའོ། །འདི་ནས་ཁམས་གསུམ་མ་གཏོགས་པའི་ཡོངས་སུ་བསྔོ་བ་སྟེ་དགུ་བའོ། །དེ་ནས། ཞེས་བྱ་བ་ལ་སོགས་པ་ལ་གང་ཡིན་པ་ཞེས་བྱ་བ་དེ་ནི། ཞེས་བྱ་བ་ནི་གང་མ་གཏོགས་པ་མ་ཡིན་པར་བསྟན་པའོ། །འདི་ལ་ཡང་ཞེས་བྱ་བ་ནས་ཡོངས་སུ་བསྔོ་བ། ཞེས་བྱ་བའི ་བར་གྱིས་སངས་རྒྱས་ཀྱི་རྗེས་སུ་གནང་བའི་ཡོངས་སུ་བསྔོ་པ་བསྟན་པ་ཡིན་ནོ། །འདིར། ཞེས་བྱ་བ་ནི་འདིར་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་དང་གཉིས་ཀྱིའོ། །མཆོག་།ཅེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པས་བཅུ་ཅིག་གི་ཁྱད་པར་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ ་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་བ་ཞེས་བྱ་བའི་བར་ནི་གོ་སླའོ། །འདིར་བསྟན་པ་བསོད་ནམས་ཆེན་པོ་འབྱུང་བའི་རྒྱུར་གྱུར་པ་དད་པ་ལ་སོགས་པ་ནི་སྡམ་བས་ཀྱང་ཁྱད་པར་དུ་གྱུར་པའི་རྒྱུ་ཡིན་ནོ། །འདི་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆུང་དུ ་སྟེ་བཅུ་བའོ། །བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག། ཅེས་བྱ་བ་ནས་རང་སངས་རྒྱས་སུ་འགྱུར་རོ། །ཞེས་བྱ་བའི་བར་ནི་རྟགས་པར་སླའོ། །འདིར་བསྟན་པའི་བསོད་ནམས་ལྟག་པས་དང་པོ་ལ་སོགས་པ་སྔ་མ་བས་ཁྱད་པར་དུ་གྱུར་པ་ཡིན་ཏེ། དེ་ནི་བསོད་ནམས ་ཆེན་པོ་འབྱུང་བ་ཡོངས་སུ་བསྔོ་བ་འབྲིང་སྟེ་བཅུ་ཅིག་པའོ། །ཡང་རབ་འབྱོར། ཞེས་བྱ་བ་ལ་སོགས་པ་ནས་སྦྱིན་པ་བྱིན་ལ་ཞེས་བྱ་བའི་བར་ནི་བསྟན་པའོ། །རྣམ་གྲངས་དེ་ལྟ་བུར། ཞེས་བྱ་བ་ནས་བྱིན་ལ། ཞེས་བྱ་བའི་བར་ནི་བཤད་པའོ། །དེ་ལྟ་བུར ་ཞེས་བྱ་བ་ནི་འཆད་པར་འགྱུར་བས་སོ། །ན་བ་ནི་ནད་ནོ། །དེའི་གསོ་སྨན་ནི་དེའི་རྐྱེན་ནོ། །ཡོ་བྱད་ནི་ཆུ་ཚགས་ལ་སོགས་བའོ། །བདེ་བའི་རྒྱུད་ག་ནི་བདེ་བའོ། །དེ་དག་སྦྱར་ན་བཏབ་བའོ། །བདེ་བ་ལ་རེག་པ་ནི་བདེ་བ་ཡོངས་སུ་མྱོང་བའོ། དེས་གང་གནས་པ་ནི་ཆགས་པ་ལ་སོགས ་པའོ། །དེ་སེམས་ཅན་རེ་རེ་ལ་ཡང་སོ་སོར་བཞག་པ་སྟེ་རིམ་གྲོ་བྱེད་པར་རྟག་གོ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རེ་རེར་ཡོངས་སུ་བརྟག་སྟེ་ཞེས་བྱ་བའི་རྗེས་སུ་འཇུག་སྟེ། བྱང་ཆུབ་སེམས་དཔའ་རེ་རེ་བསྙེན་བཀུར་བ་ཉིད་དུ་སོ་སོ་བཞག་པ་སྟེ་དེ་ནི་ཉེར་བར་གནས་ཞེས ་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཉེ་བར་གནས་ཤེ་ན་རང་བཞིན་གྱི་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རེ་རེས་སེམས་ཅན་རེ་རེ་ལ་ཞེས་བྱ་བ་ནི། ངེས་བར་གཟུང་བའི་དྲུག་པའོ། །དེ་དག་ནི་ནང་དུ་རིས་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་སྦྱིན་པ་བྱིན ་བའོ། །ཡུན་རིང་དུ་དེ་ཙམ་དུ་བསམས་པ། ཞེས་བྱ་བ་ནི་དུས་རིང་པོ་དེ་ཙམ་བསགས་པའོ། །དེ་ལྟར་རྒྱ་ཆེར་ཡང་དག་བར་བསྡུས་པ། ཞེས་བྱ་བ་ནི་རྒྱ་ཆེར་བསྐྱེད་བ་ཞེས་བྱ་བའི་བར་དུའོ། །ལྷའི་བུ་དག། ཅེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་གྱི་ཁམས་གངྒཱའི ་ཀླུང་གི་བྱེ་མ་རྙེད་དག་ན་ཡོད་བའི་བྱང་ཆུབ་སེམས་དཔའ་ནི་བསྙེན་བཀུར་བྱེད་པའོ། །འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རེ་རེ་ནས་བསྙེན་བཀུར་བྱེད་བའོ། །འདིར་བསྙེན་བཀུར་བྱེད་པའི་བྱང་ཆུབ་སེམས ་དཔའ་དེ་སྙེད་དང། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རེ་རེ་ཞེས་བྱ་བ་ནི་ལྷག་མའོ། །སེམས་ཅན་ཐམས་ཅད་རེ་རེ་ཡང་དེ་སྙེད་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བརྟག་པ་ནི་སྔ་མ་བཞིན་ནོ། །ལྷག་མ་ནི་རྟོགས་བར ་སླ་སྟེ། འདི་ནི་བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་ཆེན་པོའོ། །བསོད་ནམས་ཆེན་པོ་འབྱུང་བའི་ཡོངས་སུ་བསྔོ་བ་སྟེ་བཅུ་གཉིས་པའོ། །ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་རྫོགས་ནས། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་བཤད་པ་བྱ་སྟེ་དེའི་དབང་དུ ་བྱས་ནས་བསྟན་བཅོས་ལས། ཐབས་དང་མི་དམིགས་པ་དག་གིས། དགེ་བའི་རྩ་བ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་བྱ་བ་གསུངས་སོ། །འདི་ཉིད་དེ་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ ་ལུས་པ། ཞེས་བྱ་བ་ནི་ལུས་པ་མེད་པར་བྱེད་པའོ། །མཆོག་ཉིད་ལ་སོགས་པ་བཅུ་བཞི་པ་གསུངས་པ་ཇི་ཙམ་གྱིས་ན་མཆོག་ཏུ་གྱུར། ཅེས་བྱ་བ་ནི་དྲིས་པའོ། །དེ་ཙམ་གྱིས་མཆོག་ཏུ་འགྱུར་ཞེས་བྱ་བ་ནི་ལན་ནོ། །འདིར་བསམ་པ་གང་ཡིན་ཞེ་ན། བསམ ་པ་འདི་ཡིན་ཏེ། མཆོག་ཉིད་ལ་སོགས་པའི་ཕྱོགས་བཅུ་དང། དབུས་དང་དུས་གསུམ་གྱི་དགེ་བའི་རྩ་བ་དམིགས་ནས་རྣམ་པ་བཅུ་བཞིར་འབྱུར་བ་ཡིན་ནོ། །དེ་ལྟར་གང་དུ་ཚིག་བཅུ་གསུམ་ཡོད་པ་དེར་ཡང་ཕྱོགས་བཅུ་དང་ཅུས་གསུམ་གྱི་དབྱེ་བས་རྣམ་པ ་བཅུ་གསུམ་དུ་འགྱུར་རོ། །དེར་དབུས་ཀྱི་འཇིག་རྟེན་གྱི་ཁམས་ཇི་ལྟར་འདུས་ཤེ་ན། དབུས་དེ་ནི་ཚར་བཅད་པ་བྱས་ནས་འདུས་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ནི་ཕྱོགས་གཅིག་དག་ལ་ཡང་འཇིག་རྟེན་གྱི་ཁམས་ཞེས་ཐ་སྙད་འདོགས་ཏེ་དཔེར་ན་ཟླ་བ་བརྒྱད ་དམ་དགུ་འདས་ནས་བུ་བཙའ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། གང་གི་ཚེ་ཞག་སུམ་ཅུ་ལ་ཟླ་བ་ཡིན་པ་དེའི་ཚེ་ཟླ་བ་བརྒྱད་པ་ཡིན་ལ། གང་གི་ཚེ་གཅིག་ལ་ཟླ་བ་ཡིན་པ་དེའི་ཚེ་ནི་དགུ་ཡིན་ནོ། །མི་འཛིན་པ་ནི་གཟུང་བ་ཉིད་དུ་སོ་སོར་མི་སྣང་བའི་ཕྱིར་རོ།། ་རློམ་སེམས་སུ་མི་བྱེད་པ་ནི་དངོས་པོ་ཉིད་དུ་མི་སྣང་བའི་ཕྱིར་རོ། །མི་དམིགས་པ་ནི་རང་གི་ངོ་བོ་ཉིད་མི་སྣང་བའི་ཕྱིར་རོ། །མི་རྟོག་པ་ནི་སྤྱིའི་མཚན་ཉིད་ཀྱིས་སོ། །རྣམ་པར་མི་རྟོག་པ་ནི་ཁྱད་པར་གྱི་མཚན་ཉིད་དག་གིས་སོ། །མི་མཐོང་བ་ནི་མཐོང་ཡང་མངོན་པར ་ཞེན་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྗེས་སུ་མི་མཐོང་བ་ནི་རྒྱུན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །བརྟགས་པ་ནི་ཡང་དག་པར་མ་ཡིན་པར་ཀུན་ཏུ་རྟོག་པའོ། །དེས་རྣམ་པར་བསྒྲུབས་པ་ནི་ཡང་དག་པར་སྟོན་པའོ། །མ་སྐྱེད་པ་ནི་ས་བོན ་མེད་པའི་ཕྱིར་རོ། །ངེས་པར་མ་སྐྱེས་པ་ནི་གྲུབ་པ་མེད་པའོ། །འོང་བ་མེད་པ་ནི་མ་འོངས་པའི་དུས་སམ་འཇིག་རྟེན་སྔ་མ་ནས་སོ། །འགྲོ་བ་མེད་པ་ནི་འདས་པར་རོ། །དེ་བཞིན་དུ་འགགས་པ་ཡང་མེད་དོ། །ཞེས་བྱ་བ་ལ་ངོ་བོ་ཉིད་མེད་པ་དང། ཡོངས་སུ་བརྟགས ་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་བཞིན། ཞེས་བྱ་བ་ནི་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱིས་དེ་ལྟ་བུར་གྱུར་པའོ། །ཆོས་དེ་དག། ཅེས་བྱ་བ་ནི་དགེ་བའི་ཆོས་གཞན་གྱི་དབང་གི་ངོ་བོའོ། །ཆོས་ཉིད་ནི་བྱིས་པའི་བློའི་སྤྱོད་ཡུལ་གྱི་ངོ་བོ་སྟོང་པ་ཉིད་དོ། །རྗེས་སུ ་ཡི་རང་བའི་སྐབས་ཡིན་ན་ཡང་དེ་ལྟར་རྗེས་སུ་ཡི་རང་ནས་དེ་བཞིན་དུ་ཡོངས་སུ་བསྔོ་བར་བྱེད་ཅེས་བྱ་བའི་ཚིག་གིས་ངེས་པར་ཡོངས་སུ་བསྔོ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་རྒྱུར་མི་བཟོད་དོ་ཞེས་བྱ་བའི་བར་ནི་བཤད་པ་ཉིད་དོ། །དེ་ནི་མི་དམིགས་པའི་རྗེས་སུ ་ཡི་རང་བ་སྟེ་དང་བོའོ། །གཞན་ཡང་རབ་འབྱོར་།ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་གྲོལ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་དོན་དམ་པ་ཉིད་དོ། །སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱང་དེ་བཞིན་ནོ ་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་སྲེད་པའོ། །དེ་མེད་པ་ནི་མ་ཆགས་པའོ། །སྲེད་པའི་རྒྱུ་ཅན་ནི་སྐྱེ་བ་མེད་བས་ནམ་བཅིངས་པ་སྟེ་མ་གྲོལ་བའོ། །མི་བསྔོ་བའི་ཚུལ་གྱིས། ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན། མི་འཕོ་བ་དང་མི་འཇིག ་པ་ཞེས་གསུངས་སོ། །དེ་ལྟར་ན་གནས་སྐབས་གཞན་དུ་འཕོ་བ་འམ་སྔ་མ་འཇིག་ཅིང་ཕྱི་མ་སྐྱེ་བ་ནི་ཡོངས་སུ་བསྔོ་བ་ཡིན་ན། ཆོས་ཀྱི་དབྱིངས་ནི་གནས་སྐབས་དེ་ལྟ་བུ་ཡང་མ་ཡིན་ཏེ་འཕོ་བ་མེད་ཅིང་འཇིག་པ་མེད་པའི་ཕྱིར་རོ། །ཡང་དག་པར་བླངས་ཏེ། ་ཞེས་བྱ་བ་ནི་བླ་མེ་དམ་པ་དེ་ལས་ཡང་དག་པར་བླངས་པའོ། །སྤྱོད་པས་ནི་ཁ་ཟེར་བའོ། །བརྡེག་པས་ནི་བསྣུན་པའོ། །རྒྱད་པ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པའོ། །བཅས་པ་ནི་ལྡན་པ་ཞེས་བྱ་བའི་དོན་ཏོ། །རྨུགས་པ་ནི་ཉིད་ཀྱི་ཟིལ་གྱིས ་གནོན་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྨུགས་པ་ནི་སེམས་ལས་སུ་མི་རུང་ཞིང་ཞུམ་པ་སྟེ་སེམས་ལས་སུ་མི་རུང་ཞིང་གང་ཞུམ་པའི་མཚན་ཉིད་ཅན་ནི་རང་གི་དམིགས་པ་མི་རྟོགས་པ་སྟེ་རྨུགས་པའོ། །གཉིད་ནི་འཇུག་པ་རང་མེད་པར་སེམས་སྡུད་པ་སྟེ། ་སེམས་སྡུད་པ་ཡང་མིག་ལ་སོགས་པའི་དབང་པོའི་སྒོ་ནས་འཇུག་པ་མེད་པའོ། །སེམས་འཇུག་པར་དབང་མེད་པ་ཉིད་ནི་གཉིད་ཉིད་དོ། །ལྷག་མ་ལེའུ་རྫོགས་པའི་བར་ནི་རྟོག་པར་སླའོ། །ཐབས་ནི་རྣམ་པར་གྲོལ་བ་དང་འདྲའོ། །དེས་ན་ཆོས་ཀྱི་དབྱིངས་ལ་མི ་དམིགས་པའི་རྗེས་སུ་ཡི་རང་བ་འདི་ནི་ཐབས་ཀྱི་རྗེས་སུ་ཡི་རང་བ་སྟེ་གཉིས་པའོ། །རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བ་ནི་དེ་དག་གོ་།དེ་དག་རྗོད་པར་བྱེད་པའི་ལེའུ་ནི་རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད ་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་དྲུག་པའོ།། །།འཇིག་རྟེན་པའི་བསྒོམ་པའི་ལམ་ཡིད་ལ་བྱེད་པ་རྣམ་པ་གསུམ་བཤད་ནས། འཇིག་རྟེན་ལས ་འདས་པའི་བསྒོམ་པའི་ལམ་སྒྲུབ་པ་དང། ཤིན་ཏུ་དག་པར་བྱ་བ་སྔར་ཡང་བསྟན་ནས། དེ་ལ་སྒྲུབ་པའི་རང་གི་ངོ་བོའི་དབང་དུ་བྱས་ནས་བསྟན་བཅོས་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་དུ་མི་བྱེད་དང། །ཆོས་དབྱིངས་དམིགས་པ་མེད་པར་ནི ་གཏོར་པར་བྱེད་པ་དོན་ཆེན་ཉིད། །ཅེས་བྱ་བ་གསུངས་ཏེ། སྒྲུབ་པ་དེའི་ཡན་ལག་ནི་ལྔ་སྟེ། བསྒོམ་པའི་ལམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་པ་ལ་སོགས་པ་དང། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ ་སོགས་བ་ནི་དེའི་ངོ་བོ་ཉིད་དོ་མཆོག་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་པར་བསྒྲུབ་པའོ། །ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་ནི་ཀུན་ལ་མངོན་པར་འདུ་མི་བྱེད་པའོ། །ཆོས་ཐམས་ཅད་ལ་མི་དམིགས་བར་གཏོང་བར་བྱེད་བ་ནི་གཏོང ་པར་བྱེད་བའོ། །ཆོས་ཐམས་ཅད་མི་དམིགས་བ་ཉིད་ཀྱི་བྱང་ཆུབ་འཐོབ་པ་ནི་དོན་ཆེན་བོ་ཉིད་དོ། །དེའི་ཕྱིར་དེ་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་སྒོམ་པའི་ལམ་གྱི་རང་གི་ངོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལས་ཐམས་ཅད་མཁྱེན་བའི་ཡེ་ཤེས་ཡོངས་སུ་རྫོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད། ཅེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱར་བ་སྤངས་པའི་ཡེ་ཤེས་ཏེ། ་སྤངས་པ་ཕུན་སུམ་ཚོགས་བ་དང་ལྡན་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དེ་དེ་ཉིད་ཀྱི་རིགས་པ་ནི་འདིར?་གསལ་བར་བྱེད་ལ་ལེགས་སོ་ཞེས་བྱ་བ་ཡིན་སྟེ། སྒྲིབ་པ་མུན་བ་ཐམས་ཅད་སྤངས་པ་ནི་གསལ་བ་སྟེ ་དེ་བྱེད་པའོ། །འདི་སྤངས་པ་ཕུན་སུམ་ཚོགས་བའོ། །ཆོས་ཐམས་ཅད་དོན་དམ་པར་སྣང་བ་ནི་གསལ་བ་སྟེ། དེ་བྱེད་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེས་ན་དེ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ད་ལྟར་གྱི་དུས་སོ། །ཕྱག་བགྱི་བར་འོས་པ། ཞེས་བྱ་བ་ནི་རྒྱུན་དུ་མ་འོངས་པའི ་དུས་སོ། །ཚིག་གཅིག་པོ་དེས་ནི་ཕུན་སུམ་ཚོགས་པ་གཉིས་བསྟན་ཏོ། །ད་ནི་ཚིག་གཉིས་ཀྱི་སྤངས་པ་ཕུན་སུམ་ཚོགས་པ་གསུངས་ཏེ། མ་གོས་བ་ཞེས་བྱ་བ་ནི་སྒྲིབ་བའི་དྲི་མ་ཐམས་ཅད་ཟད་བའི་ཕྱིར་རོ། །འཇིག་རྟེན་ཐམས་ཅད་ཀྱི་གོས་པ་དང་བྲལ་བ་ཞེས་བྱ་བ་ནི ་ཁམས་གསུམ་པའི་དྲི་མ་ཐམས་ཅད་ཟད་པའོ། །དེ་ནི་ཚིག་གཉིས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་གསུངས་ཏེ། ཆོས་ཐམས་ཅད་དོན་དམ་བར་སྣད་བའི་སྣད་བ་སྟེ་བྱེད་བའོ། །ཚིག་འོག་མ་གཉིས་ནི་གཏན་ཚིག་གསུངས་ཏེ་རབ་རི་བ་ནི་མི་ཤེས་བའོ། །དེ་ལས་བཟློག ་པ་ནི་རབ་རིག་དང་གྲལ་བསྟེ། ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ནི་མ་ལུས་པའོ། །ཁམས་གསུམ་གྱི་དོན་དམ་པ་དེ་ལ་རབ་རིབ་དང་ཁྲལ་བར་བྱེད་པ་དེ་ནི་དམིགས་པས་ཁྱབ་པའོ། །ཉོན་མོངས་པ་དང་ལྟ་བ་དེ་དག་ཉིད་མུན་པ་སྟེ་ཐམས་ཅད་ཀྱང་ཡིན་དེ་དག་ཀྱང་ཡིན་པས ་དེ་དག་ཐམས་ཅད་དོ། །དེ་དག་སེལ་བ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་ཟད་པའོ། །འདི་ཐམས་ཅད་ཀྱིས་ནི་རང་གི་ངོན་ཕུན་སུམ་ཚོགས་པ་བསྟན་ཏོ། །གཞན་གྱི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟེན ་པར་བགྱི་བ་ལགས་སོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས་སོ། །མཆོག་གི་ཚིག་གིས་ནི་རྒྱུན་ཏུ་ཞུགས་པ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། རང་བྱང་ཆུབ་ཀྱི་བར་དུ་དེ་བྱེད་པའོ། །དེ་དག་གི་ཐབས་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ ་རྩ་བདུན་ནོ། །དེ་དག་བདེ་བར་བགྱིད་པ་ནི་བར་ཆད་སེལ་བའི་ཕྱིར་རོ། །ཇི་སྲིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་ཐོབ་བོ་དེ་སྲིད་དུ་ལྡོར་ས་བའོ། །དེ་དག་གིས་སྐྱེད་པར་བྱེད་པའི་ཕྱིར་སྣང་བར་བགྱིད་པའོ། །འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་སྤོང་བར་བྱེད་པ་དེ ་ནི་སྣང་བ་སྟེ། འཇིག་རྟེན་ལས་འདས་པའི་བསྒོམ་པའི་ལམ་ཉིད་དོ། །འདི་ཙམ་གྱིས་ནི་ཐེག་པ་དམན་པའི་དོན་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཨི་དོན་གྱི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་དོན་གྱི་ཕྱིར་གཙོ་བོ་སྟེ་དེ ་ལ་དེ་ཉིད་སྒྲུབ་བ་ནི་དམིགས་པའི་བྱེ་བྲག་གིས་སྤྱན་ལྔ་སྟེ་འཁོར་རོ། །ཐ་མི་དད་པས་ནི་དེ་ཉིད་སྤྱན་ཏེ་ཆོས་ཐམས་ཅད་དོན་དམ་པར་གཟིགས་པའི་ཕྱིར་རོ། །ཁྱད་པར་གཟིགས་པ་ལ་བར་ཆད་གསུམ་སྟེ། གཏི་མུག་དང། མུན་པ་དང། རབ་རིབ་པོ། །དེ་ལ་གཏི་མུག་ནི་མི ་ཤེས་པའོ། །མུན་པ་ནི་མུན་ནག་གོ་།རབ་རིབ་ནི་མིག་གི་ནད་དོ། །དེ་དག་རབ་རི་བ་མ་མཆིས་བར་བགྱིད་བ་ནི་རྣམ་པར་འཇིག་པར་བྱེད་དོ། །རབ་རིབ་དད་བྲལ་བར་བགྱིད་པ་ནི་མདོར་བསྡུས་པ་སྟེ། ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཅི་ཞིག་སྐྱེད་པར་བྱེད་པ་ཡིན་ན། དེའི ་ཕྱིར་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །དེ་དག་གི་ངོ་བོ་ཉིད་གསུམ་སྟེ་ཀུན་བརྟགས་བ་དང། གཞན་དབང་དང། ཡོངས་སུ་གྲུབ་པའོ། །བརྟགས་པ་ནི་མི་བྱེད ་པ་སྟེ། དེ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་རོ། །གཞན་དབང་ནི་ཡང་དག་པ་མ་ཡིན་པ་ལ་ཀུན་ཏུ་རྟོག་པ་སྟེ། དེའི་གཉེན་པོ་ཉིད་ཡིན་པའི་ཕྱིར་དེ་མི་བྱེད་པའོ། །ཡོངས་སུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཏེ། ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་དེ་ཡང་མི ་བྱེད་བའོ། །གལ་ཏེ་ཡང་དག་པའི་ཤེས་པ་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐོག་མ་མེད་པ་ནས་སེམས་ཀྱི་རྒྱུད་ལ་འཁྲུལ་པ་ལྡོག་པ་ཉིད་ནི་ཡང་དག་པའི་ཡེ་ཤེས་གྲུབ་བོ། །འོ་ན་ཅི་ཞིག་བྱེད་ཅེ་ན། བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལམ་ལོག ་པར་ཀུན་ཏུ་རྟོག་པ་དེ་དག་ལམ་དུ་བསྒོམས་པས་ཆོས་བདག་མེད་པའི་ཡེ་ཤེས་ལ་འཛུད་པར་བྱེད་དོ། །གང་གིས་ལམ་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་ཀྱིའོ། །འདི་ཙམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་སྟེ་རྫོགས་སོ་ཞེས་བསྟན་ཏོ། །དེ་ནི ་གཞན་གྱི་དོན་དུ་ཡང་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་གསུངས་བ་དེ་ནི་གཞན་གྱི་དོན་དུ་ཡང་ཐམས་ཅད་མཁྱེན་པ་ཉིད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་དེའི་ཚེ་དེ་ནི་ཐམས་ཅད་མཁྱེན་པ ་ཉིད་ཅེས་བྱ་བའི་དོན་ཏོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་བསྐྱེད་པ་དང་འགོག་པར་བྱེད་ཅིང་སྐྱེ་བ་དང་འགོག་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་མི་བསྐྱེད་པ་ཞེས་བྱ་བ་ནི་རྣམ་པར་དག་གོ། ཆོS ་ཐམས་ཅད་ནི་འགོག་བ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དག་སྟེ་དོན་དམ་པར་སྐྱེ་བ་དང་འགོག་པ་མེད་པ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་སྣང་ངོ། །ཞེས་བྱ་བར་དགོངས་སོ། །དེ་དག་དོན་དམ་པར་ནི་ཆོས་ཀྱི་དབྱིངས་ཏེ། དེའི་ཕྱིར་བྱིས་པ་ལ་སྣང་པའི་དངོས་པོ་དེ་དག་ནི་ཐོག་མ ་མེད་པ་ནས་གཏན་དུ་མེད་པས་སྐྱེ་བ་དང་འགག་པ་དེ་དག་ནི་མེད་དེ་དེའི་ཕྱིར་དེ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཉེ་བར་གཟུང་བ་སྟེ། ཡང་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་གསུམ་པ་གཟུང་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཡུམ་ནི་སྐྱེད་པར་བྱེད་པའོ། །གང་གི་ཕྱིར་ཞེ་ན། ཆོས་རིན་པོ་ཆེ་དེ་དག་ཉིད་ཐམས་ཅད་སྦྱིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་རྒྱུའི་གནས་སྐབས་མ་ལུས་པར་བྱང་ཆུབ་སེམས་དཔའ་ཨི་ངོ་བོ་ཉིད་དེ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བསྐྱེད་པའོ། །སངས་རྒྱས་མ་སྨོས་པ་དེ་ནི་སངས་རྒྱས ་སྐྱེད་བར་བྱེད་པ་ཉིད་དུ་དོན་གྱིས་ཤེས་ཏེ། ཡང་དེ་ཙམ་གྱིས་སངས་རྒྱས་ཀྱི་ཡུམ་ནི་ཁྱད་པར་དུ་རྟོགས་པས་སོ། །དེའི་ཕྱིར་ཡང་ཡོན་ཏན་གྱི་ཁྱད་པར་དེ་ཉིད་སྟོབས་བཅུ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་བྱེད་པའོ། །གང་ཞེ ་ན། བཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡན་པ་གསལ་བར་མཁྱེན་པའི་སྟོབས་དང། སྔོན་གྱི་གནས་རྗེས་སུ་དྲན་པ་རྗེས་སུ་མཁྱེན་པའི ་སྟོབས་དང། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས་དང། དེ་དག་གི་མཚན་ཉིད་ནི། བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །དེ་ལ་སྲིད་པ་དང་མི་སྲིད་པ་ནི་གནས་དང་གནས་མ་ཡིན ་པ་སྟེ་དཔེར་ན་ཉེས་པར་སྤྱོད་པ་དག་ལས་རྣམ་པར་སྨིན་པ་མི་འདོད་པ་ནི་གནས་ཡིན་ལ། །འདོད་པ་ནི་གནས་མ་ཡིན་པ་ལྟ་བུའོ། །ལས་དང་རྣམ་པར་སྨིན་པ་ནི་ལས་དང་རྣམ་པར་སྨིན་པའོ། །ཁམས་སྣ་ཚོགས་པ་ནི་བསོད་ནམས་དད་བསོད་ནམས་མ་ཡིན ་པ་ལ་སོགས་པ་སྐྱེད་པར་བྱེད་པའི་བསམ་པའོ། །མོས་པ་སྣ་ཚོགས་ནི་འདི་ལྟ་སྟེ། འདོད་ཆགས་དད་ཞེ་སྡང་ལ་སོགས་པ་ལ་དགའ་བར་རོ། །དབང་པོ་ནི་དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་སྟེ་དེ་དག་གི་མཆོག ་དང་མཆོག་མ་ཡིན་པ་ཉིད་ནི། འདིས་ནི་དབང་པོ་རྣོན་པོའོ། །འདི་ནི་དབང་པོ་འབྲིང་ངོ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་ནི་འདི་ནི་འདོད་ཆགས་ཀྱི་གཉེན་པོའི་ལམ་མོ། །འདི་ནི་ཞེ་སྡང་གི་གཉེན་པོའི་ལམ་མོ། །ཞེས་བྱ་བ་ལ་སོགས་པའོ།། ་བསམ་གཏན་བཞི་དང། རྣམ་བར་ཐར་པ་བརྒྱད་དང། རྟོག་པ་དང་བཅས་ཤིང་དཔྱོད་པ་དད་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། ཀུན ་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བ་ལ་སོགས་པའོ། །རྣམ་པར་བྱེད་པ་ནི་མི་དམིགས་པ་ལ་སོགས་པའོ། །ལྡང་བ་ནི་སེང་གེ་རྣམ་པར་བསྒྱིངས་པའམ་འདུག་པའོ། །སྔོན་གྱི་གནས་ནི་སྔོན་གྱི་སྐྱེ་བའོ། །དེ་རྗེས་སུ་དྲན་པ་ནི་དྲན ་པའོ། །འཆི་འཕོ་བ་དང་སྐྱེ་བ་ནི་སེམས་ཅན་རྣམས་ཀྱི་འཆི་བ་དང་སྐྱེ་བའོ། །ཟག་པ་ནི་ཉོན་མོངས་པའོ། གང་དེ་དག་ལས་གང་གིས་ཟད་པར་བྱེད་པ་དང། དེ་གཉིས་ཀ་ནི་ཟག་པ་ཟད་པའོ། །སེམས་ཅན་འདི་དག་ནི་གནས་དང་གནས་མ་ཡིན་པ་ལ་སོགས་པ་ཐམས ་ཅད་དུ་ཡང་དག་པར་ཤེས་པ་ནི་འདིར་གནས་དང་གནས་མ་ཡིན་པ་ལ་སོགས་པ་མཁྱེན་པའོ། །དེ་ཉིད་སྟོབས་ཏེ་གཞན་གྱི་མི་གནོད་ཅིང་ཟིལ་གྱི་གནོན་བར་མི་ནུས་པ་གང་ལས་ཤེ་ན། མི་འཇིགས་པ་བཞི་བགྱིས་པའི་སླད་དུའོ། ཞེས་གསུངས་ཏེ། རིགས ་པ་སྨྲ་བ་ལས་སེང་གེ་ལྟར་ཤིན་ཏུ་འཇིགས་པ་མེད་པ་སྟེ། དེའི་དངོས་པོ་ནི་མི་འཇིགས་པ་ཉིད་དོ། །མི་འཇིགས་པ་ནི་བཞི་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང། ཟག་བཟད་པ་ལ་མི་འཇིགས་པ་དང། བར་དུ་གཅོད་པ་ལ་མི ་འཇིགས་པ་དང། ངེས་པར་འབྱུང་བའི་ཆོས་རྣམས་ལ་མི་འཇིགས་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ་དེ་གཉིས་ནི་རང་གི་དོན་ཏོ། །བར་དུ ་གནོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་མི་མཐུན་པའི་ཕྱོགས་སོ། །ངེས་པར་འབྱུང་བའི་ཆོས་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་སྟེ། འདི་གཉིས་ནི་གཞན་གྱི་དོན་ཏེ་གཞན་ལ་དེ་དག་སྟོན་པའི་ཕྱིར་རོ། མི་འཇིག་པ་ནི་དེའི་དམ་བཅས་པ་དེ་དག་ལས་འཇོག ་པ་ཞེས་བྱ་བའི་དོན་ཏེ་དེ་བྱེད་པའོ། །མགོན་མེད་པ་ནི་སེམས་ཅན་ཐོག་མ་མེད་པ་ནས་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་དེ་དག་ཏུ་ཡང་སྐྱེ་བ་མེད་པས་དེ་དག་གི་མགོན་དང། སྐྱབས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་མཛད་པའོ། །འདི་ཙམ་ནི་ཐམS ་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་འདི་སྒྲུབ་པ་ཡིན་ནོ། །འདི་ཉིད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པའི་ཕྱིར། བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་སོ། །དེའི་གཉེན་པོ་ནི ་འཛོམས་པའོ། །ཆོས་ཀྱི་དབྱིངས་ཉིད་དེའི་བདག་ཉིད་ཆེན་པོ་མ་ཡིན་ནམ་ཞེ་ན། ཐེར་ཟུག་ཏུ་གནས་པ་མ་མཆིས་པའོ། །ཞེས་བྱ་བ་གསུངས་ཏེ་།གལ་ཏེ་ཆོས་ཀྱི་དབྱིངས་གཉེན་པོ་ཡིན་ན་ནི་ཐེར་ཟུག་ཏུ་གནས་པ་ཐོག་མ་དང་ཐ་མ་མེད་པར་ངོ་བོ་གཅིག་བ་ཉིད ་ཀྱི་ཕྱིར་དེའི་ཚེ་དང་པོ་ཉིད་ནས་འཁོར་བ་མེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོག་མ་ཡོད་པ་ཡིན་ཏེ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཡིན་པས་སེམས་དེའི་གཉེན་པོ་ཡིན་ནོ། །འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ནས། ཡེ་ཤེས ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་དོན་དམ་པའོ། །དེ་བསྟན་པ་ནི་དེ་སྣང་བར་བྱེད་པའི་ཕྱིར་ཏེ། རང་དང་གཞན་གྱི་དོན་ཏོ། །གཞན་གྱི་དོན་གྱི་དབང་དུ་བྱས་ནས་ ་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་གིས་ཉམས་སུ་མྱོང་བ་མེད་བའི་ཕྱིར་ཡོངས་སུ་རྫོགས་པའོ། །ཆོས་ཀྱི་འཁོར་ལོ་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་ནི་བསྟན་པའོ། །དེ་ཉིད་ནི་འཁོར་ལོ་སྟེ་གདུལ ་བྱའི་རྒྱུད་ལ་འཕོ་བའི་ཕྱིར་རོ། །དེ་བསྐོར་བ་ནི་སྐོར་བ་བྱེད་པ་སྟེ་།སངས་རྒྱས་རྣམས་ཀྱི་དེ་ཉིད་དེར་བསྐོར་བའོ། །དེ་ལ་ཆོས་ཀྱིས་འཁོར་ལོ་ནི་བདེན་པ་བཞིའོ། །དེ་ལན་གསུམ་དུ་བསྐོར་བ་སྟེ། འདི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ ་འགོག་བའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སྟེ། བདེན་པ་བཞིའི་ངོ་བོ་ཉིད་ཡོངས་སུ་གཅོད་པ་སྟེ་བསྐོར་བ་དང་པོའོ། །དེ་ཉིད་གོ་རིམ་བཞིན་ཤེས་པར་བྱ་བ་དང། སྤངས་པར་བྱ་བ་དང། མངོན་སུམ་དུ་བྱ་བ་དང། བསྒོམ་པར་བྱ་བ་ཡོངས་སུ་གཅོད ་པ་ནི་བསྐོར་བ་གཉིས་པའོ། །དེ་ཉིད་བདག་གིས་ཡོངས་སུ་ཤེས་པ་ཉིད་དང། སྤངས་པ་དང་མངོན་སུམ་དུ་བྱས་པ་དང། བསྒོམ་པར་ཡོངས་སུ་གཅོད་པ་ནི་བསྐོར་བ་གསུམ་པའོ། །སྡུག་བསྔལ་གྱི་བདེན་པའི་ངོ་བོ་དང། སྡུག་བསྔལ་ཉིད་དུ་ཤེས་པར་བྱ་བ་དང། སྡུག་བསྔལ་ཉིད ་དུ་ཤེས་པ་དེ་ནི་རྣམ་པ་གསུམ་མོ། །ཀུན་འབྱུང་གི་བདེན་པའི་ངོ་བོ་ཉིད་དང། སྤང་བར་བྱ་བ་ཉིད་དང། སྤངས་པ་ཉིད་དེ་ནི་རྣམ་པ་གསུམ་མོ། །འགོག་པ་བདེན་པའི་ངོ་བོ་ཉིད་དང། མངོན་དུ་བྱ་བ་ཉིད་དང། མངོན་སུམ་དུ་བྱས་པ་ཉིད་དེ་ནི་རྣམ་པ་གསུམ་མོ། །ལམ ་གྱི་བདེན་པ་དེའི་ངོ་བོ་ཉིད་དང། བསྒོམ་པར་བྱ་བ་ཉིད་དང། བསྒོམས་པ་ཉིད་དེ་ནི་རྣམ་པ་གསུམ་ཏེ་དེའི་ཕྱིར་རྣམ་པ་བཅུ་གཉིས་སོ། །རྟེན་ཅིང་འདྲེལ་བར་འབྱུང་བའི་ངོ་བོ་ཉིད་ལ་ཡང། ཀུན་ནས་ཉོན་མོངས་བ་ནི་འགོག་པ་མ་ཡིན་ཏེ་།འཇིག་པའི་རྒྱུ་རྣམས་ཀྱིས ་ཅུང་ཟད་ཀྱང་བྱས་པ་མེད་པའི་ཕྱིར་རོ། །རྣམ་པར་བྱེད་པ་རྣམས་བསྐྱེད་པ་ཡང་མེད་དེ་ལོག་བའི་ཤེས་པ་ལེག་པས་སེམས་ཙམ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་ཉིད་སྐྱེ་བ་མ་ཡིན་ནམ་ཞེ་ན། འཐའི་སྐད་ཅིག་མ་བསྐྱེད་པ་ཉིད་ཀྱི་རྒྱུན་འགོག་བ་ཉིད་ཀྱི་ཕྱིར་ཏེ་མེ ་འགག་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལོག་བའི་ཤེས་པ་སྔར་འགོག་བན་ཡང་དག་པའི་ཡེ་ཤེས་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར། འགོག་པ་དངོས་པོ་མེད་པ་ལ་རྒྱུ་ཉིད་མི་རིགས་པའི་ཕྱིར་ལ་སེམས་ཉིད་མི་མཐུན་པའི་ཕྱོགས་འགག་པ་ནི་ཡང་དག་པའི ་ཡེ་ཤེས་ཀྱི་ཕྱིར་རོ། །གཞན་དུ་འཁྲུལ་པ་ཐམས་ཅད་ལོག་པའི་དུས་སུ་ཡང་དག་པའི་ཤེས་པ་མེད་པར་འགྱུར་རོ། །དེ་ནི་སྒོམ་པའི་ལམ་གྱི་ངོ་བོ་ཉིད་དོ། །བཅོམ་ལྡན་འདས་ཇི་ལྟར། ཞེས་བྱ་བ་ལ་སོགས་པ་ནས་མཁྱེན་པ་ཐོབ་པ། ཞེས་བྱ་བའི་བར་གྱིས་ནི་མཆོག་བསྟན་ཏོ། །གནS ་པར་བགྱི་།ཞེས་བྱ་བ་ནི་མཆོད་པ་དག་གིས་འཇུག་པར་བྱའོ། །ཡིད་ལ་བགྱི། ཞེས་བྱ་བ་ནི་བླ་མ་རྗེས་སུ་དྲན་པའོ། །ཕྱག་འཚལ་བར་བགྱི། ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱིས་སོ། །བཞི་ནི་སྐབས་སོ། །འདྲི་བ་ནི་གཏན་ཚིགས་སོ། །བཅོམ་ལྡན་འདས་མ་མཆོག ་ཉིད་ནི་བྱང་ཆུབ་སེམས་དཔའ་ཨི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པས་ཡོངས་སུ་ཟིན་པ་ནི་དམིགས་པ་ཅན་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཕ་རོལ་ཏུ་ཕྱིན་པ་ལྔའི་བདག་ཉིད་ཀྱི་བསོད་ནམས་ལས ་ཁྱད་པར་དུ་གྱུར་པ་ནི་མཆོག་སྟེ། གཞི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ནི་དེ་དག་གིས་ཡོངས་སུ་འདྲེན་པ་སྟེ་དེ་ནི་ཆོག་ཉེད་ཀྱི་རྒྱུའོ། །ཡོངས་སུ་འདྲེན་པ་མེད་པ། ཞེས་བྱ་བ་ནི་ཡོངས་སུ་འདྲེན་པ་དང་བྲལ་བའོ། །སྐལ་བ་མེད་པ་ནི ་མི་རུང་བའོ། །དམུས་ལོང་ནི་དེ་དང་འདྲའོ། །ལྷག་མ་ནི་རྟོགས་པར་སླ་སྟེ་དེ་ནི་མཆོག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས། ཞེས་བྱ་བ་ལ་སོགས་པ་ནས་བཀའ་སྩལ་པ་གཉིས་པ་ནི་ཡན་ཆད་ཀྱི་མངོན་པར་སྒྲུབ་པར་བསྟན་ཏེ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒོམ་པའི་ལམ་མོ། །གང་ཕུང་པོ་ལྔ་ནས་ཆོས་ཐམས་ཅད་ཀྱི་བར་དུ་མངོན་པར་འདུ་མི་བྱེད་པ་ནི་མངོན་པར་བསྒྲུབ་པའོ། །ཡན་ལག་གི་དོན་ནི་རྟོགས་པར་སླའོ། །དེ་ནི་མངོན་པར་འདུ་མི་བྱེད་པ་ནི་སྒྲུབ་པའོ། །དེ་སྐད་ཅེས་བཀའ་སྩལ་པ། ་ཞེས་བྱ་བ་ནས་གྲངས་སུ་འགྲོ་བོ་ཞེས་བྱ་བ་ལ་།ཆོས་གང་ཞེས་བྱ་བ་ནི་ཟག་པ་མེད་པའོ། །ཆོས་གང་ཡང་ཐོབ་པར་བྱེད་པ་མེད་།ཅེས་བྱ་བ་ནི་ཆོས་རྣམས་མི་དམིགས་པས་ཐོབ་བར་བྱེད་པ་ནི་གཏོད་པའོ། །དེ་ནས་བཅོམ་ལྡན་འདས་ལ། ཞེས་བྱ ་བ་ནས་ཤཱ་རིའི་བུ་།ཞེས་བྱ་བ་ཡན་ཆད་ཀྱིས་ནི་དོན་ཆེན་པོ་བསྟན་ཏེ། གལ་ཏེ་ཆོས་གང་ཡང་ཐོབ་བར་མི་བྱེད་ན། འོ་ན་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པ་མ་ཡིན་ནོ་ཞེས་བསམས་ནས། ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ཐོབ་པར ་མི་བྱེད་པ་རྣམ་གྲངས་འགའ་ཞིག་གིས་ཐོབ་བར་བྱེད་པའོ། །ཞེས་བཅོམ་ལྡན་འདས་ཀྱི་ཀོའུ་ཤི་ཀ་ཇི་ལྟར། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་པ་ནི་བྱིས་པས་གཟུང་བའི་དངོས་པོའོ། །མིང་ནི་འདུ་ཤེས་སོ། །འདུ་བྱེད་ནི་རྟག་པའོ། །ཇི་ལྟར་ཐོབ་པར ་བྱེད་པ་དེ་ཞུས་པ་ནི་འོ་ན། ཞེས་བྱ་བ་ལ་སོགས་པའོ། །ལན་ནི་ཀོའུ་ཤི་ཀ་ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་ཐོབ་པར་མི་བྱེད་པ་དེ་ལྟར་ཆོས་རྣམས་ཐོབ་པ་སྟེ། གང་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པར་རོ་? ་བཅོམ་ལྡན་འདས་ཇི་ལྟར། ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །མི་སྐྱེ་བ་དང་མི་འགོག་པ། ཞེས་བྱ་བ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་ཞེས་བྱ་བའི་དོན་ཏོ། །དེས་ན་གནས ་པ་ཡང་མ་ལགས་པ། ཞེས་བྱ་བ་ནི་ཅུང་ཟད་ཀྱང་བྱེད་པའི་ཕྱིར་རོ། །དེ་ལྟ་བུར་ཡང། ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཉིད་དུ་མ་འཚལ་བར་བགྱིད་པའོ། །རིང་དུ་བགྱིད། ཅེས་བྱ་བ་ནི་ཡང་དག་པར་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །གསོག? ་ཏུ་བགྱིད་པ། ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་ཀྱང་ཡེ་ཤེས་དེའི་མཚན་ཉིད་མེད་པའི་ཕྱིར་རོ། །གསོབ་ཏུ་བགྱིད། ཅེས་བྱ་བ་ནི་དའི་འབྲས་བུ་མེད་པའི་ཕྱིར་རོ། །མི་བགྱིད། ཅེས་བྱ་བ་ནི་བསྐྱེད་པར་མི་བྱེད་པའོ། །རྣམ་གྲངས་འདི་ཡོད་དོ། །ཞེས་བྱ་བ་ནི ་ཇི་ལྟར་ཁྱོད་ཀྱིས་བསྟན་པ་ལྟར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་དེ་རིང་དུ་བྱེད་པ་ལ་སོགས་པ་ག་ལས་ཤེས་བྱ་བའོ། །ཡོངས་སུ་གསལ་བར། ཞེས་བྱ་བ་ནི་བསྟན་པ་སྟེ། གཟུགས་ནས་སངས་རྒྱས་ཉིད་ཀྱི་བར་དུ་གསལ་བར་བྱས་པ་མ་ཡིན་པའོ། །གཟུགས་ནས ་སངས་རྒྱས་ཉིད་ཀྱི་བར་དུ་མ་ཡིན། ཞེས་བྱ་བ་ནི་ཆོས་གང་ཡང་མེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཆོས་ཅུང་ཟད་མཐོད་ན་ནི་རིང་དུ་བྱེད་པར་འགྱུར་ཏེ། མི་བགྱིད་པར་འགྱུར་རོ། །ཞེས་བྱ་བའི་བར་དུའོ། །རྣམ་གྲངས་གང་གིས་ཞེས་བྱ་བ་ནི་ཆེན་པོ་ཉིད་གང ་ལགས་ཞེས་བྱ་བར་བསམས་པའོ། །རབ་འབྱོར་གྱིས་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་ཞུས་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བསམས་པའོ། །མ་གཡེངས་པ། ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར ་ཡང། ཞེས་བྱ་བ་ནི་དོན་ཆེན་པོ་ཉིད་ཡིན་ན་ཡང་ངོ། །ཡང་གི་སྒྲ་ནི་ལྟགས་བའི་བསམ་པའི་དོན་ཏོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱུ་མཐུན་བ། ཞེས་བྱ་བ་ནི་དེའི་རྗེས་ལས་སྐྱེས་པའི་ངེས་པའི་ཤེས་པ་སྟེ་།གང་སེམས་ཅན་ལ་དམིགས་པ ་ཞེས་བྱ་བ་དང་སྦྱར་རོ། །སེམས་ཅན་དང། གང་ཟག་དང། རྫས་དེ་དང་འདྲ་བར་ངོ་བོ་ཉིད་མེད་པའི་རང་བཞིན་ཅན་ཏེ། ངོ་བོ་ཉིད་ནི་མཚན་ཉིད་དོ། །རང་བཞིན་ནི་སྐྱེ་བ་སྟེ་དེ་དག་མེད་པའོ། །སེམས་ཅན་ངོ་བོ་ཉིད་མེད་པ། ཞེས་བྱ་བ་ལ་སོགས་བ་ནི་འདི་ཉིད་ཀྱི་བཤད ་པའོ། །སེམས་ཅན་གྱི་རང་བཞིན་སྐྱེ་བ་མེད་པ་ངེས?་ན་ལྷག་མ་གཞན་ཡང་རྟོག་པར་སླའོ། །དབེན་པ་ཞེས་བྱ་བ་ནི་སྟོང་པའོ། །བསམ་པ་ནི་དམིགས་པའོ། །མངོན་པར་རྫོགས་པར་འཚང་རྒྱ་བ་ནི་མངོན་སུམ་དུའོ། །དེ་མེད་པ་ནི་མངོན་པར་རྫོགས་པར་འཚང་མི་རྒྱ་བ ་ཉིད་དོ། །དོན་ཇི་ལྟ་བ་ནི་ཡང་དག་པར་ཡོད་པའི་དོན་ཏོ། །དེ་མངོན་པར་རྫོགས་པར་འཚད་མི་རྒྱ་བར་ནི་མི་འཛིན་བའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟར་སེམས་ཅན་སྟོབས་ཡང་དག་པར་སྒྲུབ་པ་ནི་སྟོབས་རྫོགས་པ་ཅུང་ཟད་ཀྱང་མེད་དེ། དེ ་བཞིན་དུ་དེ་བཞིན་གཤེགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ། །མངོན་པར་སྒྲུབ་པའི་ཡན་ལག་ལྔ་བསྟན་ནས། དྲུག་པ་མོས?་པའི་རྒྱུ་དང། བདུན་པ་སྤོང་བའི་རྒྱུ་ཡང་བསྟན་ཏེ་དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སངS ་རྒྱས་རྟེན་དང་སྦྱིན་སོགས་དང། །ཐབས་ལ་མཁས་པ་གང་ཡིན་དང། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱིས་ཐིབས་ཀྱིས་ནོན་པ་དང། །ཟབ་མོའི་ཆོས་ལ་མ་མོས་དང། །ཕུང་པོ་ལ་སོགས་མངོན་ཞེན་དང ་སྡིག་པའི་གྲོགས་པོས་ཟིན་པའོ། །ཞེས་གསུངས་ཏེ། ཚིག་གསུམ་གྱིས་ནི་མོས་པའི་རྒྱུ་གསུམ་བསྟན་ཏོ། །ཚིག་གཞན་ལྔ་ནི་སྤོང་བ་སྟེ་ཆོས་ཀྱིས་འོངས་པའི་གྱུ་བཞི་བསྟན་ཏོ། །མ་མོས་པ་ནི་མོས་པའོ། །འདི་ལ་མོས་པ་ནི་བསྒོམ་པའི་ལམ་འདི ་ཉིད་ལ་མོས་པའོ། །དེ་ཉིད་དེ་ནས་བཅོམ་ལྡན་འདས་ལ། ཞེས་བྱ་བ་ལ་སོགས་པ་ནས་རྨོངས་པར་མི་འགྱུར། ཞེས་བྱ་བའི་བར་གྱིས་གསུངས་ཏེ། མོས་པ་ཞེས་བྱ་བ་ནི་ངེས་པའི་དངོས་པོ་ཉིད་ལ་དེ་བཞིན་དུ་ཡིན་གྱི་།གཞན་དུ་ནི་མ་ཡིན་ནོ། །ཞེས ་བྱ་བ་ནི་མོས་བ་སྟེ་དེ་བྱེད་པར་འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཚིག་གསུམ་གྱིས་རྣམ་པ་གཞན་བཀག་པས་དེ་ལ་མོས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ནེམ་ནུར་ནི་གནོད་པར་བྱ་བ་དང། །གནོད་པར་བྱེད་པ་མེད་པའི་ཕྱིར་ནེམ་ནུར་མེད་པའོ། ། ་ཐེ་ཚོམ་ནི་ཡིད་གཉིས་སོ། །རྨོངས་པ་ནི་མི་ཤེས་པའོ། །དེ་ནི་རྣམ་པ་གཞན་གསུམ་སྟེ་དེ་ནི་མོས་པའོ། །མོས་པ་རྒྱུ་ནི་གསུམ་སྟེ་།དེ་ལ་དྲན་པ་གཉིས་ནི་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་དང། ཡུན་ཇི་སྲིད་གཅིག་ཏུ་སྤྱད་པའོ། །དེ་ཞེས ་བྱ་བ་ནི་གང་མོས་པར་བྱེད་པ་དང། མོས་པ་དང། མོས་པར་བྱ་པའི་མཚོན་པའོ། །དེའི་ཕྱིར་དེ་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཉིད་ཅེས་བྱ་བ་ནི་མངོན་པར་རྟོག་པ་བརྒྱད་པོ་དག་གོ་།དོན་གྱི་ཚུལ། ཞེས་བྱ་བ་ནི ་ཇི་ལྟར་དེ་དག་གི་རང་ཉིད་ཀྱི་དངོས་པོ་རྣམས་སོ། །ཆོས་ཉིད་ཅེས་བྱ་བ་ནི་མིང་དང་ཚིག་དང་ཡེ་གེ་འདི་རྣམས་ཉིད་ཀྱིས་སོ། །ཆོས་ཉིད་ཀྱི་ཚུལ། ཞེས་བྱ་བ་ནི་བསྟས?་པ་དང་རྒྱས་པ་ལ་སོགས་པ་རྣམས་ཀྱིས་སོ། །རྗེ་སུ་རྟོགས་པའི་ཕྱིར་རྗེས་སུ་འགྲོ་བའོ། །དེ་བཞིན་དུ་ཞེས ་བྱ་བའི་ཕྱིར་རྗེས་སུ་འཚལ་བའོ། །རྫོགས་པར་བགྱིད་པ། ཞེས་བྱ་བ་ནི་དེ་ཁོ་ན་བཞིན་དུ་གཞན་རྣམས་ལའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྟགས་གང་གི་ཕྱིར། །ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པས་ན་རྟགས་གསུངས་ཏེ་།བདག་གིས་མཐོང་ངོ་ཞེས་བྱ་བ་ནི་བདག ་གིས་མཐོང་བའོ། །བརྗོད་པར་འདོད་པ་དག་ལ་འགྲོལ་བའི་དྲུག་པ་ཡིན་ཏེ། དཔེར་ན་ལེགས་པར་བཤད་པའི་སློབ་པ་དང། མི་རྣམས་ཀྱིས་ཤིང་གིས་མི་ཅོག་ཅེས་བྱ་བ་ལྟ་བུའོ། །རྣ་བ་སླགས་པ། ཞེས་བྱ་བ་ནི། རྩེ་གཅིག་པ་དང་ལྡན་པར་བྱེད་པའོ། །གུས་པར ་བྱ་སྟེ། ཞེས་བྱ་བ་གུས་པའམ་འདོད་པ་ཉིད་དོ། །རྣམ་པར་བཅད་པར་མི་བྱེད་པའི་ཕྱིར་བར་ཆད་མི་བྱེད་པའོ། །ཤཱ་རིའི་བུ། ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །འདི་ལ་བསྲུང་བའི་ངང་ཚུལ་ཡོད་པས་ན་ཡུན་རིང་པོར་སྤྱད་པ་ཅན་ནོ། །གང་གིས་སངས ་རྒྱས་མེད་པོ་ལ་བསྙེན་བཀུར་བྱས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེ་ནི་སངས་རྒྱས་ལ་རྟེན་པ་དང། སྦྱིན་པ་ལ་སོགས་པ་ལ་སྤྱད་པ་དག་གོ་།མོས་པའི་རྒྱུ་གསུམ་ཐབས་ལ་མཁས་པ་སྟེ། དེ་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་ནས། གནS ་བརྟེན་རབ་འབྱོར་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ནུས་སམ། ཞེས་བྱ་བ་ནི་ཟུར་གྱིས་དྲིས་པའོ། །མཉམ་པ་ནི་ཚིག་ལས་སོ། །རྟོག་པ་ནི་དོན་ལས་སོ། །བསམ་པ་ནི་དུས་ཕྱི་མར་དྲན་པའོ། །བསྐྱེད་པ་ནི་བསམ་པའི་དུས་སོ། །སྒོམ་དུས་སུ་སེམས་ལ་རྟན ་པར་བྱེད་པའི་ཕྱིར་ཉེ་བར་གཟུང་པའོ། །འདིའི་ཞེས་བྱ་བ་ནི་སོ་སོར་སྣང་བའོ། །དེ་འདི་ན་ཞེ་འམ། ཞེས་བྱ་བ་ནི་སྣང་བ་ནའོ། །འདིས་ནི། ཞེས་བྱ་བ་ནི་སོ་སོར་སྣང་བས་སོ། །རྣམ་པ་ནི་མཚོན་པས་སོ། །དཔེར་ན་བ་ལང་གི་ལྐོག་ཤལ་ལ་སོགས་པ་དང ་ལྡན་པས་སོ། །རྟགས་ནི་བཅོས་པའི་མཚན་པ་སྟེ། །དཔེར་ན་བ་ལང་བུམ་པ་དང་ལྡན་པ་ལ་སོགས་པ་དང་ལྡན་པས་སོ། །མཚན་མ་ནི་ངོ་བོ་ཉིད་ཀྱིས་མཚོན་པ་སྟེ། དཔེར་ན་བ་ལང་དཀའ་པོ་ཉིད་ལ་སོགས་པའོ། །བསྟན་པ་ནི་གཞན ་དག་ལའོ། །མཉན་པ་ནི་གཞན་དག་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་སོ། །ཕུང་པོ་ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་སོ། །ཡང་ན་གཟུགས ་ཀྱི་ཕུང་པོ་ནས་ཆོས་ཀྱི་བར་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དབེན་པ་ཉིད་ཀྱིས་ཕྱིར། ཞེས་བྱ་བ་གསུངས་སོ། །དེ་ཡང་ག་ལས་ཤེ་ན། དེ་དག་རང་གི་ངོ་བོ་ཉིད་མེད་པའི་ཕྱིར་ཀུན་བརྟགས་པའི་ཆོས་ཀྱི་ངོ་བོ་ཉིད་ཅེས་བྱ་བར་དགོངས་སོ། །གཞན ་ཡང་མེད་པ། ཞེས་བྱ་བ་ལ་གཞན་ནས་མེད་པ་དེ་ནི་དོན་དམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་དྲིས་པའོ། །ཕུང་ཕོ་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །ཕུང་པོ་ལ་སོགས་པ་ཉིད་རྣམ་པར་རིགས་པའི་ངོ ་བོ་སྟེ་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དུ་རྣམ་པར་ཀུན་ཏུ་བརྟགས་པ་ནི་སྟོང་པའོ། །དེ་ལ་ངེས་སྟོང་པ་ཉིད་རྣམ་པར་རིག་པ་ཙམ་སྟེ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་བས་ན་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་ལ་སྟོང་པ་ཉིད་ཀྱི་མཚན ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཞེ་ན། སྟོང་ཞིང་དབེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།དམིགས་སུ་མེད་པ་ནི་ཕུང་པོ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །གང་ཆོས་ཐམས་ཅད་མི་དམིགས་པ། ཞེས་བྱ་བ་ལ་གསལ་བ ་ཙམ་ནི་དམིགས་པའི་མཚན་ཉིད་དོ། །དེ་ལ་སོགས་པ་ཙམ་ནི་མི་དམིགས་པའོ། །གང་ཡང་རྟོགས་པར་བྱ་བ་དང། རྟོག་པར་བྱེད་པའི་རྒྱུ་ཉིད་དུ་མི་འགྱུར་ཞེས་བྱ་བའི་ཚིག་གིས་སོ། །གང་མི་དམིགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཕུལ་དུ་བྱུང་བའི་ཤེས ་པ་ཉིད་ཀྱི་ཕྱིར་དང། ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ན་ནི་གལ་ཏེ་ཕུང་པོ་ལ་སོགས་པའི་སྟོང་པ་ཉིད་ཉམས་སུ་མོང་ཡང་ཕུང་པོ་ལ་སོགས་ལ་ཤེས་པར་འགྱུར་ཏེ། ཉ་ཕྱིས་མཐོང་ན་དངུལ་ལ་སོགས་པར་ཤེས་པ ་བཞིན་ནོ། །འདི་ཉིད་བསྟན་བའི་ཕྱིར་གང་གི་ཚེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་མི་དམིགས་པ་ཇི་ལྟར་ཉམས་སུ་མྱོང་ཞིང་ངེས་པར་སྐྱེ་བ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། ཚད་མ་ཡིན་པའི་ཕྱིར་དེ་གྲུབ ་པས་ཕུང་པོ་ལ་སོགས་པ་མེད་པར་ངེས་སོ། །ཉ་ཕྱིས་མཐོང་ནས་ཉ་ཕྱིས་ལ་ངེས་པ་སྐྱེས་པ་བཞིན་ཏེ། །དེ་ཉིད་ཇི་ལྟར་ཡོད་པ་དང། མེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་ཡོད་པ་དང། མེད་པ་དེ་ཐམས་ཅད་ཡང་དག་པར་རྟོགས་པ་ནི་ཐབས་ལ་མཁS ་པ་སྟེ། མོས་པའི་རྒྱུ་གསུམ་པའོ། །ཆོས་ཀྱི་ཕོངས་པ་བརྗོད་པར་བྱ་སྟེ། དེ་ཡང་དམ་པའི་ཆོས་སྤོང་བའོ། །ག་ལས་ཤེ་ན་ཆོས་ཀྱིས་ཕོངས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་ཕོངས་བ་ནི་རྒུད་པ་སྟེ། ངན་སོང་དུ་ཡིན་རིང་པོར་གནས་པས་དེ་ཐོས་པ་མེད་དེ། ཡུན་རིང ་པོར་ངན་སོང་དུ་གནས་པའི་རྒྱུ་ཉིད་ཀྱི་ཕྱིར། ཆོས་ཀྱིས་ཕོངས་པའི་རྒྱུ་ཉིད་དོ། །དེའི་ཕྱིར་ཆོས་ཀྱིས་ཕོངས་པའོ། །དེ་ཉིད་ནི་ཆོས་ཀྱི་ཕོང་པར་འགྱུར་བ་ལས་སོ། །དེར་འགྱུར་བ་ནི་ངེས་བྱས་པའོ། །སྐབས་དེ་ཉིད་ནི་གནས་བརྟན་རབ་འབྱོར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་སྒོམ་པའི་ལམ་མོ། །དེ་ལ་རྣལ་འབྱོར་དུ་བགྱིད་པ་ནི་མཉམ་པར་གཞག་པ་ཐོབ་པའོ། །རྣམ་པར་ཕྱེ་སྟེ། ཞེས་བྱ་བ་ལ་ཇི་ལྟར་རྣམ་པར་དབྱེ་ཞེ་ན། གང་དག་ཡུན་རིང་བོ་ཇི་སྲིད་ཅིག་ནས་སྤྱོད་པ་དང་གང་དག ་མི་སྤྱོད་པའོ། །ག་ལས་ཤེས་ཤེ་ན། དད?་པ་ལ་སོགས་པའི་དབང་པོའི་རིམ་པ་སྣ་ཚོགས་པས་སོ། །དེ་ཉིད་རབ་འབྱོར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་མ་དད་པ་དེ་དག་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་རྣམས་ཀྱིས་དྲུང་དུ་ཞེས་བྱ་བ་དེ་ནི་ཉེ་ ་བ་དན?་ཞེས་བྱ་བའི་དོན་ཏོ། །ས་དང་བ། ཞེས་བྱ་བ་ནི་མ་གུས་པ་ཉིད་དོ། །མ་དང་པས་ནི་བཅོམ་ལྡན་འདས་མ་ལ་བསྙེན་བ་ཀུར་མི་བྱེད་པའོ། །མི་འདྲི་བ་ཉིད་ནི་སངས་རྒྱས་རྣམས་སོའོ། །དེའི་ཕྱིར་ཞེས་བྱ་བ་ན་དང་བ་རབ?་བྲལ་བའི་ཕྱིར་རོ། །ཆོས ་ཀྱིས་ཕོངས་བར་འགྱུར་བའི་ལས་བྱས་བ་ནི་དམ་པའི་ཆོས་སྤོང་བ་ཏེ་ལན་ཅིག་བྱས་བའོ། །བསགས་པ་ནི་ཡང་དང་ཡང་དུ་བྱེད་པའི་ཕྱིར་རོ། །ཀུན་ནས་བསགས་བ་ནི་ཡོངས་སུ་རྫོགས་པའོ། །ཉེ་བར་བསགས་པ་ནི་རྣམ་པར་སྨིན་བ་འབྱིན་བའི་ནུས་པ་ཐོབ་པའོ། ། ་ལུས་ཀྱིས་ཉན་དུ་འགྲོ་བ་ནི་མཐུན་བར་མི་བྱེད་པའོ། །སེམས་གྱིས། ཤེས་བྱ་བ་ནི་རྣམ་པར་གཡེངས་པ་སྟེ། གང་གིས་ནི་སྐབས་མ་ཡིན་པའི་ཚིག་བརྗོད་པའོ། །དེ་ལྟར་མཐུན་པ། ཞེས་བྱ་བ་ནི་ཡང་དག་པར་ཉན་པའོ། །མི་མཐོང་བ་ནི་དོན་ནོ། །ཁོང་དུ་མི་ཆུད་པ་ནི ་ངོ་བོ་ཉིད་གསུམ་གྱི་དབྱེ་བའོ། །དེས་ན་མི་རིག་གོ། ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་རྟོག་པའོ། །མ་དད་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེ་དག་གི་མཇུག་སྡུད་བ་ནི་དེ་དག་ཆོས་ཀྱིས་ཕོངས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤངས་པར་འགྱུར ་ཞེས་བྱ་བ་ནི་ཡིད་ཀྱིས་ཡོངས་སུ་དོར་བའོ། །དབང་གཟས་བ་ནི་ཚིག་གིས་སོ། །མི་སྙན་བར་བརྗོད་པ་ནི་སྨོད་པའོ། །མ་རུངས་པར་བྱས་པ་ནི་སུན་བར་བྱས་པའོ། །བསྲེགས་བ་ནི་དགེ་བའི་རྩ་བ་བསྲེགས་པའི་ཕྱིར་རོ། །མོས་པ་ནི་དབང་དུ་བྱེད་པའོ། །དེ་ཟློག་བ་ནི་ལྟོད་པའོ། ་དེའི་ཕྱིར་མོས་པ་ཟློག་པ་ནི་ལྟོད་བར་བྱེད་བའི་ཕྱིར་རོ། །འབྲལ་བར་བྱེད་དེ། ཞེས་བྱ་བ་ནི་ཡིད་ཀྱིས་གཏོང་བར་བྱེད་པའོ། །ལྡོག་བར་བྱེད་པ་ནི་ཡང་མི་འཛིན་པའི་ཕྱིར་རོ། །འདི་ཡན་ཆད་ཀྱིས་ནི་སྤུངས་བར་འགྱུར་བ་བསྟན་ཏོ། །དབང་གཟས་པར་འགྱུར་བ་ནི ་འདི་ལ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་སྙན་པར་བརྗོད་པར་འགྱུར་བ་ནི་འདི་ནི། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱོལ་བར་འགྱུར་བ་དང། ཡོངས་སུ་འཕང་བར་འགྱུར་བ་དང། ཕྱི་རོལ་ཏུ་འགྱུར་བ། ཞེས་བྱ་བ་ནི་དོན་གཅིག་གོ་།ཐམས་ཅད་ཇི་ལྟ ་བ་དང། དེ་བཞིན་དུ་ཐམས་ཅད་ཀྱི་ཡན་ལག་དང། ཐམས་ཅད་ཇི་ལྟ་བ་ཡིན་པ་དང། དེ་བཞིན་དུ་ཐམས་ཅད་དོ། །ཉེ་བར་གནས་བ་ནི་བྱས་པའོ། །ཀུན་ནས་བསླང་པ་ནི་ཉེ་བར་བསགས་པའོ། །སྡུད་པ་ནི་རབ་ཏུ་འཇིག་པ་སྟེ། འོག་ནི་མནར་མེད་པ་ནས་བ?་ཚངས ་བའི་འཇིག་རྟེན་གྱི་བར་དུ་མེས་ཟད་བའོ། །འདོར་བ་ནི་མེས་འཇིག་པ་ནི་སྲིད་པ་བར་མ་རོའི?་ལུས་ཀྱིས་སོ། །སྐྱེ་བ་ནི་བར་མདོའི་ལུས་ཀྱིས་སོ། །ལྷན་ཅིག་ཏུ། ཞེས་བྱ་བ་ནི་ཡོད་པའོ། །གང་ལ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་ལ་དེ་སྐད་ཅེས་བྱའོ། །གཟུགས ་བསྙན་ལ་སོགས་བའི་ཚིག་གསུམ་ནི་དོན་མཐུན་ནོ། །དེ་དག་ལས་གང་གི་དོན་དུ་རྙེད་པ་དང་བཀུར་སྟི་བྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་དེ་དག་ལ་མི་ལྟ་བ་དེ་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ལོ་འདབ་ཤམ་པ་ཀ་ཞེས་བྱ་བ་ཡོངས་སུ་སྨིན་པ་ན། དེས་རག ་བའི་ལོ་མ་རྣམས་ཀྱང་ཉམས་པར་བྱེད་དོ། །རང་བཞིན་ནི་སྐྱེ་བའོ། །གང་ལ་ཤམ་པ་ཀ་ལྟ་བུའི་རང་བཞིན་ཡོད་པ་ནི་ཤམ་པ་ཀ་ལྟ་བུའི་རང་བཞིན་ཅན་ནོ། །ནག་པོ་ནི་རྩཝའི་ཁྱད་བར་རོ། །ཐ་མལ་པའི་སྐད་དུ་ནི་ཀ་ཎ་ཎ?་ཞེས་བྱའོ། །དེ་ཡང་ཞིང་ལས་མ་གསལ་ན་ནི ་ཞིང་རླག་པར་བྱེད་དོ། །རང་བཞིན་ཅན་ནི་གྲུབ་པའོ། །དེ་དག་ལ་ནག་པོ་དང་འདྲ་བ་ཡོད་པས་ན་ནག་པོའི་རང་བཞིན་ཅན་ནོ། །སྤྲུལ་ནག་པོ་ནི་སྤྲུལ་ནག་པོ་སྟེ་དུག་དང་བཅས་བའོ། །ངེས་རག་པ་དང་བལྟས་པ་ཙམ་གྱིས་གསོད་པའོ། །ཚུལ་མ་ཡིན་པས་ཞེས་བྱ་བ ་ནི་དད་པ་དང། མཉམ་པ་ལ་སོགས?་པའི་ལམ་མ་ཡིན་པས་སོ། །བརླག་པ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལོ་མི་བཟད་པ་དང་ནང་ཅེས་བྱ་བ་ནི་ཆེན་པོ་དང་ནད་དོ། །འགྱུར་བ་ཞེས་བྱ་བ་ནི་རིག་བའོ། །རེག་པ་ནི་ཐོབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྣང ་བ་ནི་སྐབས་ཀྱི་ལས་ཀྱི་རྣམ་བར་སྨོན་པ་ཞེས་པའོ། །དཀར་པོའི་སྐལ་པ་ཅན་ནི་དགེ་བའི་རྩེ་བའི་ཆའོ། །དེ་དང་ལྡན་པ་ནི་དཀར་པའི་སྐལ་པ་ཅན་ནོ། །ཕྲད?་པ་ནི་ལྡན་པའོ། །ལྷག་མ་ནི་རྟོགས་པར་སཱ?་སྟེ་དེ་ནི་ཆོས་ཀྱིས་ཕོངས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་བདུད་ཀྱིས་བྱིན་གྱིས་བརླབས་པ། ཞེས་བྱ་བ་ནི་བདུད་ཀྱི་བྱིན་གྱི་བརླབས་པ་གསུངས་སོ། །ཆོས་ཟབ་མོ་དག་ལ་མ་མོས་པ་ནི་དེ་དག་ལ་དད་པ་དང་དང་བ་མེད་པར་བསྟན་ཏོ། །གཞན་ཡང་རབ་འབྱོར། ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་རྣམ་པ་བཞི་གསུངས་ཏེ། བདག་ལ་བསྟོད་པ་དང། གཞན་ལ་ལ་སྨོད་པ་དང། ཉེས་པའི་ཀླན་ཀ་ཆོལ་བ་ཚོམས་གཅིག་ཏུ་བྱས་ཏེ། དེ་ཉིད་ཀྱི་ཕྱིར་རྣམ་པ་བཞི་པོ་དེ་དག་དང་ལྡན་པ། ཞེས་བྱ་ལ་སོགས་པ་གསུངS ་སོ། །དེ་ལ་ཕོངས་པའི་རྒྱུ་ནི་དྲུག་ཏུ་གསུངས་པ་ལས་བསྟན་བཅོས་ལས་ནི་མདོར་བསྡུས་ནས་བཞིར་བསྟན་ཏེ། ལྷག་མ་ནི་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པའི་ནང་དུ་འདུས་པའི་ཕྱིར་རོ། །འདི་ནི་སྒྲུབ་པའི་ལེའུ་ཡིན་ཏེ་སྒྲུབ་པའི་ཡན་ལག་བདུན ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དམྱལ་བའི་གཞུང་ཤས་ཆེ་བའི་ཕྱིར་དམྱལ་བའི་ལེའུ་ཞེས་བརྗོད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས ་ནམ་བ་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བདུན་པའོ།། །།འཇིག་རྟེན་ལས་འདས་པའི་སྒྲོམ?་བའི་ལམ་གྱི་སྡུབ་བའི་ལེའུ་བདུན་པ་བསྟན་ནས། བརྒྱད་པ་དག་པ་བཤད་པར་བྱ་སྟེ། དེའི་དག་པ་ནི་རེ་ཞིག་དག་པ་ཤིན་ཏུ་མོས ་པར་དཀའ་བ་དེ་ནས། བཅོམ་ལྡན་འདས་ལ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་འདོད་པ་ཞེས་བྱ་བ་ནི་མོས་པ་དམན་པའོ། །ཉེ?་བར་བསྟན་པ། ཞེས་བྱ་བ་ནི་བགེགས་བྱས་པའོ། །སྲི་ཞུ་ཆུང་བ་དང་མི་འདྲི་བའི་རང་བཞིན་ཅན་ཞེས་བྱ་བ་ནི ་དགེ་བའི་བཤེས་གཉེན་དག་ལའོ། །རབ་འབྱོར་གྱིས་ཞུས་པ་ནི་བཅོམ་ལྡན་འདས་ཨེ་མ་ཞེས་བྱ་བ་ལ་སོགས་པའོ། །ཇི་ཙམ་དུ་ཟད་པ། ཞེས་བྱ་བ་ནི་གང་གི་ཕྱིར་མོས་པར་དཀའ་བ། ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཟུགས་ནི། ཞེས་བྱ་བ ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་ལན་ཏེ། གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པའི་སྔོན་དང། ཕྱི་མ་དང། དེ་ལྟར་བྱུང་བའི་མཛའ་མ་བཅིངས་མ་གྲོལ་བའོ། །ཡང་ན་རང་བཞིན་གྱིས་དུས་གསུམ་དུ་ངོ་བོ་ཉིད་མེད་ཅེས་བྱ་བའི་དོན་ཏོ། །ཤིན་ཏུ ་མོས་པར་དཀའ་ཨོ། །ཞེས་བྱ་བ་ནི་མཆོག་ཏུ་ཟབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །སྔར་འཇུག་པ་ཡིན་པའི་ཕྱིར་འཆིང་བ་སྟེ། སྔ་མདག་བའོ། །ཕྱིས་དེ་འོག་བའི་མཚན་ཉིད་ནི་ཐར་པའོ། །དག་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པའོ། །འདིར་ནི་འཆིང་བ ་དང་གྲོལ་བ་དག་གཏན་ཏུ་མེད་དེ། དག་པ། ཞེས་བྱ་བ་ནི་ཤིན་ཏུ་ཟབ་པའོ། །ཤིན་ཏུ་རྣམ་ཡང་དག་པ་ནི་བསྟན་བཅོས་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང། །གཅད་དུ་མེད་པས་དག ་པར་བརྗོད། །ཅེས་བྱ་བ་གསུངས་ཏེ། འབྲས་བུ་རྣམ་པར་དག་པ་མི་བསྒྲུབ་པར་བྱ་བ་སྟེ། དེ་ཡང་གཟུགས་ལ་སོགས་པའི་དག་པ་ཉིད་དོ། །གང་གི་ཕྱིར་དེ་གཉིས་ཐ་མི་དད་ཅིང་གཅད་དུ་མེད་པ་ནི་དག་པ་ཞེས་བརྗོད་དོ། །དག་པའི་མཚན་ཉིད་ཀྱང་མདོ ་ལས་གསུངས་ཏེ། དག་པ་ཡང་གང་ཞེ་ན། གང་ལ་མོས་པར་དཀའ་པའི་མཚན་ཉིད་མདོ་ལས་གསུངས་པ་ལ། དེ་ཅིའི་ཕྱིར། ཞེས་བྱ་བ་ནི། དེ་ལ་འདིའི་མོས་པར་དཀའ་བ་ཉིད་ག་ལས་ཤེས་ཞེས་བྱ་བའི་དོན་ཏོ། །རབ་འབྱོར། ཞེས་བྱ་བ་ལ ་སོགས་པ་ནི་ལན་ཏེ། འདི་ལྟ་སྟེ། འདི་ནི་དེའི་མཚན་ཉིད་ཅེས་བྱ་བར་དགོངས་སོ། །དེའི་བདག་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའོ། །འཁྲུལ་པ་མེད་པའི་ཕྱིར་གཉིས་སུ་བྱར་མེད་པའོ། །འདི་ཉིད་ཀྱིས་ནི་ཐ་དད་བ་མ་ཡིན་ཞིང་གཅད་དུ་མེད་པ་བསྟན ་ཏོ། །གང་ཞེས་བྱ་བ་ནི་བརྗོད་པའོ། །དེ་ཞེས་བྱ་བ་ནི་བྱ་བའོ། །བརྗོད་པ་ནི་ཆོས་ཡིན་ལ་བྱ་བ་ནི་ངེས་པ་ཡིན་ནོ་ཞེས་བརྗོད་དོ། །དེས་ན་བཞི་མཐུན་པ་ཡིན་པའི་ཕྱིར་དེ་གཉིས་ཐ་མི་དད་པའོ། །གཅིག་ལ་གཅིག་ངེས་པའི་ཕྱིར་ཕན་ཚུན་འཁྲུལ་པ ་མེད་དེ་དེའི་ཕྱིར་དེ་གཉིས་མཆོད་པའོ། །དེའི་ཕྱིར་དེ་ལྟར་གང་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ། །འབྲས་བུ་རྣམ་པར་དག་པར་དེ་ཉིད་ཕུང་པོ་ལ་སོགས་པ་རྣམ་པར་དག་པའོ། །ཕན་ཚུན་འཁྲུལ་པ ་མེད་བའི་ཕྱིར་གཅིག་ལ་གཅིག་རྟགས་སུ་གྱུར་པ་ཡིན་ནོ། །འཁྲུལ་པ་མེད་པ་དེ་ཡང་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རབ་འབྱོར་དེ་ལྟར། ཞེས་བྱ་བ་ལ་སོགས་པ་ནས། གཞན་ཡང་རབ་འབྱོར། ཞེས་བྱ་བ་ཡན་ཆད་ཀྱི་རྣམ་པར་དག་པའི ་མཚན་ཉིད་གསུངས་སོ། །བཅོམ་ལྡན་འདས་མ་ཆེན་མོ་ལས་ཐམས་ཅད་ཡང་དག་པར་བསྡུ་བའི་ཕྱིར། རྣམ་པར་དག་པ་བཞི་དབྱེ་བ་གསུངས་ལ། བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་དབང་དུ་བྱས་པའི་ཕྱིར་འདིར་ནི་མ་གསུངས་སོ། །ལམ་གྱི་རྣམ་པར་དག་པ་བརྗོད་པར ་བྱ་སྟེ། དེ་ཡང་ས་དང་ས་ནས་ཉེས་པ་ཆེན་པོའི་ཆེན་པོ་ལ་སོགས་པའི་རྣམ་པར་དབྱེ་བ་དགུ་དང། གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རྣམ་པར་དབྱེ་བ་དགུ་ཉིད་ཀྱིས་རྣམ་པར་དག་པར་བྱེད་པ་སྟེ་དེ་ཡང་དགུ་ཉིད་དེ། གཟུགས་དང་གཟུགས་མེད་པ་བརྒྱད་དང། ་འདོད་པའི་ཁམས་སོ། །དེའི་ཕྱིར་བསྟན་བཅོས་ལས། ས་དགུ་པ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོའི་སྒོ་ནས་ཆུང་ངུ་ཡི། །ཆུང་ངུ་ལ་སོགས་ལམ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། དེའི་ལམ་རྣམ་པ་དགུ་ལ་གཞན་ཡང་རབ་འབྱོར། ཞེས་བྱ ་བ་འང་སོགས་པ་ནས། །ཤིན་ཏུ་སྐྱེ་བ་མ་མཆིས་པའོ། །ཞེས་བྱ་བའི་བར་དུ་གསུངས་པ་ལ། ཐམས་ཅད་མཁྱེན་པ། ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ། ཕུང་པོ་ལ་སོགས་པ་སོ་སོར་རྣམ་པར ་དག་པ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྣམ་པར་དག་པ་སྟེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ། །གང་ཡང་དེ་ནི་དེ་དག་གི་སྟེ་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང། ནང་སྟོང་པ་ཉིད་ལ་སོགས་པ ་དང། ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ། ཞེས་བྱ་བའི་བར་དུ་གང་སོ་སོར་རྣམ་པར་དག་པ་དང། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ནི་ཐམས་ཅད་ནི་ཐ་མི་དད་དེ་མ་ཆད་པའོ ་ཞེས་བྱ་བ་ནི་གཉིས་པའོ། །གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདིར་མ་བསྟན་ཀྱང་ཉེ་བར་མཚོན་པའི་ཕྱིར་དེ་ནི་གཟུང་བར་བྱའོ། །དེ་ནི་ལམ་ཆུང་ངུའི་ཆུང་དུ་དང་ཆུང་ངུའི་འབྲིང་ངོ?། །དེ་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་ལ། ་དེ་ནས་གཟུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཇི་སྙེད་སྨོས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །དེ་ཟབ་པ་ནི་རྟོགས་པར་དཀའ་བ་སྟེ་ཆོས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དང། ཤིན་ཏུ་སྟོང་པ་ཉིད་ཀྱི ་ཕྱིར་རོ། །དེ་ནི་ལམ་ཆུང་ངུའི་ཆེན་པོའོ། །གསལ་པར་བགྱིད་པ་མི་མུན་པ་སེལ་བ་སྟེ་ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་རོ། །དེ་ནི་ལམ་འབྲིང་གི་ཆུང་ངུའོ། །དེ་སྣང་བ་ནི་མཐོང་བ་སྟེ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །དེ་ལམ་འབྲིང་གི་འབྲིང་ངོ། །དེ་མཚམS ་སྦྱོར་བ་མ་མཆིས་བ་ནི་སྲིད་པ་བར་མདོར་འཐོབ?་མེད་པ་སྟེ། རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ལམ་འབྲིང་གི་ཆེན་པོའོ། །དེ་ཀུན་ནས་ཉོན་མོངས་པ་མ་མཆིས་པ་ནི་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའོ། ། ་དེ་ནི་ལམ་ཆེན་པོའི་ཆུང་ངུའོ། །དེ་ཐོབ་པ་མ་མཆིས་པ་དང། མངོན་པར་རྟོག་པ་མ་མཆིས་པ་རྣམ་པར་དག་པ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་ཐོབ་པ་མེད་པ་དང། མངོན་པར་རྟོགས་པ་མེད་པ་ཉིད་དོ། །འདི་ནི་ལམ་ཆེན་པོའི་འབྲིང་ངོ། །དེ་མངོན་པར་གྲུབ་པ ་མ་མཆིམ་པ་ནི་རྣམ་པར་དག་པ་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་མངོན་པར་གྲུབ་པ་མེད་པ་ཉིད་དོ། །དེ་ནི་ལམ་ཆེན་པོའི་ཆེན་པོའོ། །ཤཱ་རིའི་བུས་གསོལ་པ། ཞེས་བྱ་བ་ནས་ཤིན་ཏུ་སྐྱེ་བ་མ་མཆིས་བ་ཞེས་བྱ་བ་ལ་སོགས་པ་དེ་ནི་ལམ་ཤེས་པ་ཉིད་ཡོངས་སུ ་རྫོགས་པ་སྟོན་ཏེ། འདིར་བསྟན་བཅོས་ལས། ཁམས་གསུམ་པ་ཡི་གཉེན་པོ་ཉིད། །གཞལ་དང་གཞལ་བྱ་མཉམ་ཉིད་དང། ཀླན་ཀ་ཡོངས་སུ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་བོར་འདོད། །ཅེས་བྱ་བ་གསུངས་ཏེ། དེ་ནི་ཁམས ་གསུམ་གྱི་གཉེན་པོ་ཉིད་དེ། གང་ཤིན་ཏུ་སྐྱེ་བ་མ་མཆིས་པའོ། །ཞེས་གསུངས་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདོད་པའི་ཁམས་ལ་སོགས་པར་རྣམ་པར་དག་པའི་ཕྱིར་འདོད་ཁམས་པ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་དེ། །ཁམས་གསུམ་པའི་གཉེན་པོའོ།། ་འདིར་ཡང་ཤཱ་རིའི་བུས་གསོལ་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་འཚལ་ཞེས་བྱ་བ་ནི་མི་འཛིན་པའོ། །ཡང་དགྲ་བར་མ་འཚལ། ཞེས་བྱ་བ་ནི་རྣམ་པར་མི་རྟོག་བའོ། །དེ་ཉིད་གསལ་བར་བྱེད་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས ་ཞུས་སོ། །གཟུགས་ལ་སོགས་པ། ཞེས་བྱ་བ་ནི་ལན་ནོ། །ཤིན་ཏུ་རྣམ་པར་དག་བའི་ཕྱིར་རོ། །ཞེས་བྱ་བ་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །ཇི་ལྟར་ཤེས་པར་བྱ་བ་དེ་ཉིད་འཛིན་པ་བོ་མ་ཡིན་པ་དེ་བཞིན་དུ་འདི་ཡང་དེའི་འཛིན་པར་བྱེད་པ་མ་ཡིན་ཏེ། དེ་བས་ན ་ཤེས་བྱ་དང་ཤེས་པ་མཉམ་པ་ཉིད་དོ། །གང་རྣམ་པར་དག་པའི་མཚན་ཉིད་འདི་ནི་བསྒོམ་པའི་ལམ་དུ་རིགས་པ་མ་ཡིན་ནོ་ཞེ་ན། གང་གི་ཕྱིར་འདི་ལ་སྐྱོན་བརྒྱད་དུ་རྟོག་པ་དེའི་ཕྱིར་།ཀླན་ཀ་ཡོངས་སུ་སྤངས་པ་ཡིས། །ལམ་ནི་དེའི་གཉེན་པོར་འདོད། །ཅེས་བྱ་བ ་གསུངས་ཏེ། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་དང། རིམ་པ་བཞིན་དུ་སྦྱར་བའོ། །ཀླན་ས་ཞེས་བྱ་བ་ནི་རིགས་ཀྱི་དབང་དུ་བྱས་ནས་གཅིག་གི་ཚིག་གོ་།བསྒོམ་པའི་ལམ་ཁོ་ན་དེའི་གཉེན་པོར་འདོད་དེ། འདི་མན་ཆད་ནི་རྒོལ་བ་དེ་རྣམས་ཀྱི་ལན་ཞེས་བྱ ་བའི་དོན་ཏོ། །འདིར་ཡང་གྲུབ་པའི་མཛའ་པ་ཉིད་ཀྱིས་དགོས་པ་དེ་ཅིའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ལ་བལྟོས་པ་དང་བཅས་བས་རྒོལ་བ་སྟོན་པ་ནི་ཀླན་ཀའོ། །སྒྲུབ་པའི་མཛའ་པའི་གཏན་ཚིགས་ནི་ལན་ནོ། །དེ་ལ་གཉིས་ནི་ཤཱ་རིའི་བུའི་དྲི་བའོ། །དྲུག ་པ་ནི་རབ་འབྱོར་གྱིའོ། །ལན་བརྒྱད་ནི་བཅོམ་ལྡན་འདས་ཀྱིའོ། །གནོད་པར་ཡང་མི་བགྱིད་ཕན་པར་ཡང་མི་བགྱིད་ཅེས་བྱ་བ་ནི་གྲུབ་པའི་མཛའ་ཨོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཅི་ཡང་མི་བྱེད་ན་ཇི་ལྟར་ལམ་དུ་འགྱུར་ཞེས་བྱ་བ་ནི་རྒལ་བའོ། །རྣམ་པར་དག་པའི ་ཕྱིར་རོ། །ཞེས་བྱ་བ་ནི་ལན་ནོ། །ཐམས་ཅད་མཁྱེན་པ་ཉིད་དང་ཆོས་ཀྱི་དབྱིངས་ནི་རྣམ་པར་དག་པ་སྟེ། དེ་རྣམ་པར་དག་པ་ཡང་རང་བཞིན་གྱིས་རྣམ་པར་དག་པའོ། །དེའི་ཕྱིར་འདི་ལ་ཅུང་ཟད་ཀྱང་མི་བྱེད་པ་སྟེ། གློ་བུར་གྱི་སྒྲིབ་པ་ཟད་པར་བྱེད་པ་ཁོ་ནའོ། ་ཡོངས་སུ་མི་འཛིན་པ་དང། ཡོངས་སུ་མི་གཏོང་བ་གྲུབ་པའི་མཛའ་ཨོ། །དེ་ག་ལས་ཤེས་ཤེ་ན། གལ་ཏེ་ཡོངས་སུ་འཛིན་ན་ནི་རྣམ་པར་རྟོག་པར་འགྱུར་བའི་ཕྱིར་རོ། །ཇི་སྟེ་མི་འཛིན་ན་ནི་ཤེས་རབ་ཉམས་པར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བ་ནི་དྲི་བའོ། །རྣམ་པར་དག ་པའི་ཕྱིར་རོ། །ཞེས་བྱ་བ་ནི་ལན་ནོ། །དེ་ལྟར་ན་གང་གི་ཕྱིར་ཆོས་དེ་ཉིད་ཆོས་ཀྱི་མཚན་ཉིད་དུ་མི་མཐོང་བ་དེས་ན་དེ་ཉིད་ཆོས་ཉིད་མཐོང་བ་ཡིན། །དེ་ཉིད་རྣམ་པར་དག་པ་སྟེ་རྣམ་པར་དག་པའི་ཕྱིར་མི་འཛིན་མི་གཏོང་བ་ཡིན་ཏེ་དེ་པས་ན་ཕུང་པོ་རྣམ་པར་དག ་པ་དང། འབྲས་བུ་རྣམ་པར་དག་པ་དང། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་གསུངས་སོ། །དེ་དག་གི་རྣམ་པར་དག་པ་དེ་ཡང་བདག་རྣམ་པར་དག་པ་སྟེ། ཇི་ལྟར་བདག་རྣམ་པར་དག་པ་ནི་གཏན་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དེ ་རྣམས་ཀྱི་ཡོད་པ་ནི་གྲུབ་བའི་མཛའ་ཨོ། །དེ་ཅིའི་ཕྱིར་ཞེ་ན་།དེ་ག་ལས་ཤེས་ཤེ་ན། གལ་ཏེ་ཕུང་པོ་དང། འབྲས་བུ་དང། ཐམས་ཅད་མཁྱེན་པ་ཉིད་རྣམས་ཤིན་ཏུ་མེད་ན་ནི་དེ་བས་འདི་ཅུང་ཟད་མེད་པར་འགྱུར་རོ། །ཞེས་བྱ་བ་ནི་རྒོལ་བའོ། །ཤིན? ་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་བྱ་བ་ནི་ལམ་ཏེ། རང་གི་མཚན་ཉིད་ཤིན་ཏུ་མེད་པ་ཁྱོ?་ནའི་ཆོས་སྟོང་པ་ཉིད་ཀྱི་ཆོས་ཉིད་འདི་ཁོ་ན་ཡང་ངོ་ཞེས་བྱ་བའི་དོན་ཏོ། །བདག་རྣམ་པར་དག་པས་ཐོབ་བ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ ་མཆིས། ཞེས་བྱ་བ་ནི་གྲུབ་པའི་མཛའ་ཨོ། །དྲིས་པ་ནི་སྔ་མ་བཞིན་ནོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་པ་ནི་ལན་ནོ། །གང་གི་ཕྱིར་ཆོས་ཁོ་ནའི་མཚན་ཉིད་ཀྱི་ཆོས་ནི་མེད་དེ་དེ་ཉིད་ཀྱི་ཆོས་ནི་ཡོད་དོ། །དེ་ཡང་རང་བཞིན་ཁོ་ནས་རྣམ ་པར་དག་པ་སྟེ། དེ་རྣམ་པར་དག་པ་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་ཕྱིར་ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་ཅེས་བྱ་བའི་དོན་ཏོ། །བདག་མུ་མ་མཆིས་པས་གཟུགས་ལ་སོགས་པ་མུ་མ་མཆིས་པར་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཨོ། ་དེ་ག་ལས་ཤེས་ཤིང་མཐོང་སྟེ་ཕུང་པོ་ལ་སོགས་མུ་མེད་པ་དེ་ཇི་ལྟར་མུ་མེད་པ་ཡིན། །ཞེས་བྱ་བ་ནི་རྒོལ་བའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་བྱ་བ་ནི་ལན་ཏེ། ཇི་ལྟར་བདག་ཤིན་ཏུ་མེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ཀྱང་རང ་གི་མཚན་ཉིད་ཀྱིས་མེད་ན་དེ་རྣམས་ཀྱི་མུ་ཇི་ལྟར་ཡོད། གལ་ཏེ་ཆོས་ཉིད་དུ་ཡོད་དོ་ཞེ་ན། དེ་ནི་ཤིན་ཏུ་ཡང་མུ་མེད་དེ་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་སོགས་པའི་བྱེ་བྲག་ནི་དོན་དམ་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་གཟུགས ་ལ་སོགས་པའི་རྣམ་པར་དག་པ་དེ་ཉིད་འབྲས་བུ་རྣམ་པར་དག་པ་དང། ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །གང་དེ་ལྟར་ཆོས་ཐམས་ཅད་གཏན་དུ་མེད་པ་དེ་བཞིན་དུ ་རྟོགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གྲུབ་པའི་མཛའ་ཨོ། །དེ་ག་ལས་ཤེས་ཏེ། གལ་ཏེ་དེ་ནི་དེ་ལྟར་རྟོགས་མོད་ཀྱི། དེ་ནི་རྣམ་པར་དག་པ་མ་ཡིན་ནོ། །ཞེས་བྱ་བ་ནི་རྒོལ་བའོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་བྱ་བ ་ནི་ལན་ནོ། །འདི་ལ་དེ་ཉིད་ཤིན་ཏུ་རྣམ་པར་དག་པ་སྟེ། གང་འདི་ལ་ཆོས་ཐམས་ཅད་ཤིན་ཏུ་མེད་པར་རྟོགས་པ་དང། སྣང་བ་དང། གསལ་བར་སྟོན་པ་སྟེ། ཆོས་ཐམས་ཅད་ཤིན་ཏུ་མེད་པས་ངེས་པ་སྐྱེ་ཤིང་དངོས་པོར་རྟོག་པ་མེད་པ་ཞེས ་བྱ་བ་ནི་རྒོལ་བའི་ལན་ནོ། །སྒོམ་པའི་ལམ་ཤིན་ཏུ་རྣམ་པར་དག་པའི་ལམ་གྱི་དབང་དུ་བྱས་པ་རྫོགས་སོ།། །།ལེའུ་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ནས། །ལེའུ་ཕྱེད་དང་བདུན་གྱིས་ནི་ལམ་ཤེས་པ་ཉིད་བསྟན་ཏེ། ལེའུ ་བརྒྱད་པའི་ཕྱི་དང་དགུ་པའི་ཕྱེད་ཀྱིས་ནི་ཐམས་ཅད་ཤེས་པ་ཉིད་བཤད་པར་བྱ་སྟེ། དེ་ལ་ནི་བརྒྱད་ཡོད་དེ། དེ་ཇི་སྲིད་དུ་སྔར། ཤེས་པས་སྲིད་ལ་མི་གནས་ཤིང། །སྙིང་རྗེས་ཞི་ལ་མི་གནས་ཏེ། །ཐབས་མ་ཡིན་པས་རིང་བ་དང། །ཐབས་ཀྱིས་རིང་བ་མ ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང། །སྒྱོར?་དང་དེ་ཡི་མཉམ་ཉིད་དང། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གསུངས་ཏེ་དེའི་ཕྱིར་བསྟན་བཅོས་ལས། ཕ་རོལ་ཚུ་རོལ་མཛའ་ལ་མིན། །དེ་དག་བར ་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར་རོ། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །ཚུ་རོལ་མཛའ་ལ་མིན་ཞེས་བྱ་བ་ནི་འཁོར་བ ་ལའོ། །ཕ་རོལ་མཛའ་ལ་མིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལའོ། བདེ་དག་བར་ན་མི་གནས་པ་སྟེ། གསུམ་པོ་མི་དམིགས་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་མཉམ་པ་ཉིད་ཤེས་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཆོས་ཉིད ་ཀྱིས་དུས་གསུམ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི་ཇི་ལྟ་བུ་ཡང་མི་དམིགས་པའི་ཕྱིར་རོ། །འདི་ཉིད་གསོལ་པ། བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་སྔར་ཕྱིར་བསྟན་པ་ཉིད་དོ། །འདི ་ལ་ཞེས་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བ་ཉིད་བརྗོད་པའོ། །དེ་ཉིད་ཀྱི་ཕྱིར་རྒྱང་རིང་པོ་ཞེས་བྱ་བ་གསུངས་ཏེ། ཁྱད་པར་ལ་འཇུག་པ་འམ་ཁྱད་པར་གྱི་སྐབས་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་གང་གི་ཕྱིར་མི་གནས་ཤེ་ན། ་རྒྱང་རིང་བའི་ཕྱིར་ཏེ་གསུམ་པོ་མི་དམིགས་པས་གནོད་པའོ། །བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པས་བསྟན་ཚིགས་གསུངས་ཏེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མེད་པའི ་མཚན་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་རང་གི་སྡུག་བསྔལ་ཟད་པ་ཙམ་འཚོལ་བ་ནི་འཁོར་བར་ཡོངས་སུ་གཏོགས་པ་ལ་ཤིན་ཏུ་སྤྱོ་ཞིང། མྱ་ངན་ལས་འདས་པར་ཡོངས་སུ་རྟོག་པ་ལ་ནི་ཤིན་ཏུ་མས་ཏེ། མྱུར་བ་མྱུར་བར་ཡོངས ་སུ་མྱ་ངན་ལས་འདའ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པས་གནས་པའོ། །བསྟན་བཅོས་ལས། དེ་ནི་མཚན་བཅས་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། ། ་ཞེས་བྱ་བ་གསུངས་ཏེ། མཚན་མ་དང་བཅས་པར་དམིགས་པ་ནི་ཐབས་མ་ཡིན་པ་ཏེ། དེས་དེ་རྒྱད་རིང་བ་ཡིན་ནོ། །དེ་ནི་རབ་འབྱོར། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་ཅེས་བྱ་བ་ནི་མིང་དང་མཚན་མ་ལས་སྐྱོང། མདོར་བར་འགྱུར་རོ། །ཞེS ་བྱ་བ་ནི་སྤངས་པ་སྟེ་མིང?་?་ཆགས་པར་འགྱུར་བའོ། །རྒྱང་རིང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་མཚན་མ་ལས་ཏེ། དེ་ལས་རྒྱང་རིང་དུ་འགྱུར་བའོ། །བསྟར་བཅོས་ལས། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་བྱ་བ ་ལ། ཡང་དག་པར་ཆགས་པ་མེད་པར་འཇུག་པ་ནི་ཐབས་ལ་མཁས་པ་ཡིན་ཏེ་དེས་ན་ཉེ་བར་འགྱུར་ཏེ། དེ་ནི་དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆགས་པ་ནི་མིང་དང་མཚན་མ་ལ་ཞེན་པའོ། །དེ་ནི་ཀུན་ཏུ་རྟོག ་པའོ། །དེ་དག་གི་དོན་ཡང་དག་པར་མེད་པའི་ཕྱིར་རོ། །ལེགས་པར་བཤད་པ་ནི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གིས་སོ། །ལེགས་པར་བསྟན་པ་ནི་སྦྱོར་བ་བཅུ་གཉིས་སོ། །ཤིན་ཏུ་མཐར་གཏུགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས ་པ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་ཡོངས་སུ་དག་པ་ནི་ཆགས་པའི་མཛའ་རྣམས་སྤངས་པའི་ཕྱིར་རོ། །གང་ལ་ཞེས་བྱ་བ་ནི་དེ་ལའོ། །ནི་ཞེས་བྱ་བ་ནི་ཚིག་གི་རྒྱན་ནོ། །མིང་ཞེས་བྱ་བ་ནི་ངོ་མཚར་རོ། །འདི་ཡང། ཞེས་བྱ་བ་ནི་ཆགས་པ་སྟེ་དེ་ཡང་འོག་ནས་འཆད་པར་འགྱུར་རོ།། ་ཆགས་པ་སྤངས་པ་ནི་ཐབས་ལ་མཁས་པ་སྟེ་དེའི་ཕྱིར་ཉེ་བར་འགྱུར་རོ། །ཆགས་པའི་ཐུན་མོང་གི་ངོ་བོ་ཡང་བསྟན་ནས་བྱད་པར་བརྗོད་པར་བྱ་སྟེ་དེའི་ཕྱིར་བསྟན་བཅོས་ལས། གཟུགས་སོགས་བུང་པོ་སྟོང་ཉིད་དང། དུས་གསུམ་རྟོགས་པའི་ཆོས་རྣམས་དང། སྦྱིན ་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། ཞེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པ་ནི་ཆོས་ཐམས་ཅད་དོ། །ཕུང་པོ་ནི་ཚོགས་ཏེ་དེའི་སྟོང་པ་ཉིད་དོ། །དུས་གསུམ་ནི་དུས་གསུམ་གྱི་ཆོས་རྣམས་ལའོ། །སྤྱད་པའི་སྒྲ་ནི་སྤྱོད ་པའི་རྣམ་གྲངས་སོ། །ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཡུལ་རྣམས་ལ་གང་སྤྱོད་པའི་འདུས་ཤེས་སམ་མཚན་མ་དེ་ནི་མི་མཐུན་པའི་ཕྱོགས་སོ། །མི་མཐུན་པའི་ཕྱོགས་དེ་ནི་ཆགས་བ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དེ་ནས་ཚེ་དང་ལྡན་པ ་ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་མ་འདིར་ནི་སྤྱོད་པའི་འདུ་ཤེས་རྒྱ་ཆེར་མི་སྟོན་ཏེ། དེ་ནི་ཉེ་བར་མཚོན་པ་བརྗོད་པས་རྟོགས་པར་འགྱུར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི ་བར་དང། དྲན་པ་ཉེ་བར་གཞག་བ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ?་བདག་སྤྱོད་དོ་སཱ་མ་པའི་འདུ་ཤེས་ནི་ཆགས་པའོ་ཞེས་བྱ་བ་ལྟ་བུའོ། །འདིར་ཆགས་པ་མང་དུ་གསུངས་ཤིང་འདི་ཙམ་ཞིག་ཅེས་བྱ་བ་ལ་སོགས་པས་ཆགས་པ་གསུངས ་ན། ཇི་ལྟར་ཆགས་པ་དེ་མ་གསུངས་ཏེ། དེ་བས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲིས་པ་ནི་འཕགས་པ་རབ་འབྱོར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་གྲངས་ཞེས་བྱ་བ་ནི་རྣམ་པས་སོ། །འདི་ནི་དེའི་བྱང་ཆུབ་ཀྱི་སེམས་དང་པོའི་ཞེས་བྱ་བ་འདི་ནི ་ཆགས་པའི་རྣམ་པར་རྟོགས་པ་དང་པོའོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །ཞེས་བྱ་བ་འདི་ནི་ཆགས་པའི་རྣམ་པར་རྟོག་པ་གཉིས་པའོ། །དེ་གཉིས་ཇི་ལྟར་ཆགས་པ་ཡིན་ཞེ་ན། སེམས་འདས་པ་དེ་ནི་མེད་པ་ཉིད་ཀྱི་ཕྱིར་དང། མ་འོངས་བ ་ནི་མ་བྱུང་བ་ཉིད་ཀྱིས་སོ། །གལ་ཏེ་སེམས་ཀྱི་རང་བཞིན་ནི་རྟག་ཏུ་མོད་དོ་ཞེ་ན། །སེམས་ཀྱི་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ནུས་སོ་ཞེས་བྱ་བ་ནི་རྟག་པ་ལ་ནི་ཡོངས་སུ་བསྔོ་བ་མི་རིགས་པའི་ཕྱིར་ཏེ། དེའི་ཕྱིར་གཉིས་ག་ཡང་ཡང ་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །ལྷག་མ་ནི་ཇི་ལྟར་ཆགས་པ་དེ་བཞིན་དུ་སྔར་བསྟན་ཏོ། །ཐོས་པ་བྱས་པས་ཆགས་པ་དེ་དག་སྤོང་བ་ནི་ཤུགས་ཀྱིས་བསྟན་པ་ཡིན་ཏེ་དེའི་ཕྱིར་བསྟན་སོགས་པའི་དུས་སོ། །ཡང་དག་པར་སྟོན་པ། ཞེས་བྱ་བ་ནི་སྔོན་སྦྱོར་བྱེད་པ། འདི་ནི་ཆགས་པའི་མཛའ་འགོག་པ། །ཞེས་བྱ་བ་གསུངས་ཏེ། སྦྱིན་པ་ལ་སོགས་པ་ལ་ངར་འཛིན་མེད་པ་སྔར་ཤུགས་ཀྱིས་བསྟན་ཏོ། །གཞན་དེ་དག་ལ་སྦྱོར་བར་བྱེད་པ། ཞེས་བྱ་བ་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ ་བསམ?་ཞེས་བྱ་བ་ནི་རང་གི་ཆགས་པ་རྣམ་པར་སྤོང་བར་བྱེད་པས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་གཞན་དག་ལ་སྟོན་པ་ལ་སོགས་པའི་དུས་སོ། །ཡང་དག་པར་སྟོན་པ། ཞེས་བྱ་བ་ནི་སྔོན་མ་ཐོས་པ་དག་ལ་ཐོས་པ་དང་ལྡན་པར་བྱེད་པའོ། །ཡང་དག་པར ་འཛུད?་པར་བྱེད་བ་ནི་སྒྲུབ་པ་ཡང་དག་པར་འཛིན་པར་བྱེད་པའོ། །ཡང་དག་པར་གཟེངས་བསྟོན་པ་ནི་སེར་སྣ་ཅན་སྤྲོ་བ་སྐྱེད་པར་བྱེད་པའོ། རབ་ཏུ་དགའ་བར་བྱེད་པ། ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་རྣམས་ལ་ལགས་སོ་ཞེས་བྱ་བ་བྱིན་པའོ། ། ་ཡང་དག་པ་ཉིད་རྗེས་སུ་རྟོགས་པ་ནི་ཆགས་པ་སྤངས་བས་སོ་།ཡང་དག་པར་འཛུད་པ་བཞན་གྱི་དོན་དུ་བསྟན་པའི་ཆེད་དུ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་པར་མི་བྱེད་ཞེས་བྱ་བ་ནི་སངས་རྒྱས་ལ་གནོད་པར་མི་བྱེད་པའོ། །རང ་ཉིད་ཡང་དག་པར་རྗེས་སུ་རྟོགས་པའི་ཕན་ཡོན་ནི་རིགས་ཀྱི་བུ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་སྦྱིན་པ་ལ་སོགས་པ་དེ་ཉིད་ལ་ངར་འཛིན་པ་མེད་པ་དང། གཞན་དག་དེ་ལ་སྦྱོར་བ་རྣམས་འདི་གཉིས་ནི་ཆགས་པའི་མཛའ་རགས་པ་འགོག་པའོ། །དེ་ནས ་བསྟན་བཅོས་ལས། རྒྱལ་ལ་སོགས་པ་ཆགས་པ་པྲ། །ཞེས་བཤད་པ་ལ་གང་སངས་རྒྱས་ལ་སོགས་པ་ལ་ཆགས་པ་དེ་ནི་ཕྲ་བ་སྟེ། དེ་ཉིད་དེ་ནས་བཅོམ་ལྡན་འདས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཡོངས་སུ་བསྔོ་བར་ནུས་སོ། །ཞེས་བྱ་བ་ནི ་དུས་གསུམ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མཚན་མར་བྱར་མི་རུང། དམིགས་པར་མི་རུང་ཞེས་བྱ་བ་ནི་སྔོན་མ་བྱུང་བ་ཉིད་ཀྱི་ཕྱིར་དང། རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་མཐོང་བ་དང། ཐོས་པ་དང། རྟོགས་པ་དང། རྣམ་པར ་རིག་པ་མ་ཡིན་པ་མིག་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་ཤེས་པ་ཉིད་ཀྱི་ཕྱིར་ཏེ་གོ་རིམ་བཞིན་ནོ། །ཟབ་བ་ནི་དབེན་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་གྱིས་ཟབ་བ་ནི་རང་བཞིན་གྱིས་དབེན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཕྱག་འཚལ ་བར་འོས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱང་རང་བཞིན་གྱི་དབེན་པ་སྟེ་གང་དེ་དག་རང་བཞིན་གྱི་དབེན་པ་ཉིད་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་གིས་ཕྱིར་བཅོམ་ལྡན་འདས་ནི་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེའི་ཕྱིར་མངོན་པར ་རྫོགས་པར་སངས་རྒྱས་པའོ། །གང་གིས་ཕྱིར་དེ་ནི་རང་བཞིན་གྱིས་གང་ཡང་མེད་དེ་འདིའི་རང་བཞིན་གང་ཡིན་པ་དེ་ནི་མེད་དོ། །གང་རང་བཞིན་མེད་བ་དེ་ནི་དེ་དག་གིས་རང་བཞིན་ཏེ་འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། ། ་དེ་ལྟར་ན་ཆགས་པའི་མཛའ་མ་ལུས་པར་སྤངས་པར་འགྱུར་བ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ། ཞེས་བྱ་བ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མེད་པ་དེ་ནི་བསམ་པ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་རྟོགས་པར་སླའོ། །མཐོང་བ་དང ་ཐོས་པ་དང། རྟོགས་པ་དང། རྣམ་པར་རིག་པ་ཡང་མེད་པ་ནི་ཇི་སྐད་བསྟན་པའོ། །འདི་བསྟན་བཅོས་ལས། ཆོས་ཀྱི་ལམ་ནི་རང་བཞིན་གྱིས་།དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི་།ཤེས ་པས་ཆགས་པ་སྤོང་བ་ཡིན། །མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པ་དཀའ་བར་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་བྱ་བ་གསུངས་ཏེ། དབེན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་དབེན ་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཀྱི་ལམ། ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་སྟེ། ཆོས་རྣམ་ཤེས་པ་ཞེས་བྱ་བར་སྦྱར་རོ། །གང་ལ་རང་བཞིན་གཅིག་པ་ཡོད་པར་སྟོན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །མི་མཐུན་པ་དང་གཉེན་པོ་བསྟན་པར་བྱ་བའི་ཕྱིར། །ཆགས ་པ་དང་མ་ཆགས་པ་གང་གི་ཕྱིར་སྟོན་པར་བྱེད་ཙན་བསྟན་བཅོས་ལས། །དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་ཕྱོགས་དང་གཉེན་པོ་དག་།རྣམ་པར་དབྱེ་བ་མ་འདུས་པ་།ཇི་སྐད་བཤད་པ་འདི་ཞེས་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལྟར། ཞེས ་བྱ་བ་ནི་ཆགས་པ་དང། མ་ཆགས་པ་སྟོན་པར་བྱེད་པའོ། །ཇི་སྐད་བཤད་པ་ནི་གང་རྣམ་པར་དབྱེ་བའི་བཤད་པའོ། །ཀུན་ཤེས་ཉིད་ལུགས་ལ། ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་འདི་ཐམས་ཅད་ཤེས་པར་བྱའོ། །དེ་ལྟར་ན་ཆག ་པ་ནི་དམིགས་པའི་རྣམ་པར་རྟོགས་པའོ། །མ་ཆགས་པ་ནི་མི་དམིགས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་ཆགས་པ་ནི་མི་མཐུན་པའི་ཕྱོགས་སོ། །མ་ཆགས་པ་ནི་གཉེན་པོ་སྟེ། དེ་ནི་མི་མཐུན་པ་དང་གཉེན་པོའི་ཕྱོགས་སོ། ། ་སྦྱོར་བ་དང་དེའི་མཉམ་པ་ཉིད་བཤད་པར་བྱ་སྟེ་དེའི་ཕྱིར་བསྟན་བཅོས་ལས། གཟུགས་སོགས་དེ་མི་རྟག་སོགས་དང། །དེ་མ་རྫོགས་དང་རབ་རྫོགས?་དང། །སྦྱོར་བ་བཀག་པས་སྤྱོད་པ་ནི། །དེ་ལ་ཆགས་པ་མེད་ཉིད་དང། །མི་འགྱུར་བྱེད་པ ་མེད་ཉིད་དང། །སྦྱོར་བ་དག་པ་རྣམ་གསུམ་དང། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །དེ་ཡི་འབྲས་བུ་ཡོད་འདོད་དང། །གཞན་ལ་རག་ལས་མིན་གང་དང། །ཤེས་བྱེད་རྣམ་བདུན་སྣང་བ་ལ། །ཞེས་བྱ་བ་གསུངས་ཏེ། དེ་ནི་མི་རྟག་པ་སོགས་ཞེས་བྱ་བ ་ནི། གཟུགས་ལ་སོགས་པ་དང་མི་རྟག་ལ་སོགས་པའོ། །མ་ཆགས་པའི་མི་མཐུན་པའི་ཕྱོགས་ཡིན་པས། དེ་ལ་ཞེས་བྱ་བའི་སྒྲས་ནི་ཆགས་པ་གཟུང་ངོ། །གཅིག་ཏུ་བསྡུས་བའི་ཟླས་དབྱེ་བ་ཡིན་པས་ཆགས་པ་དང། །མ་ཆགས་པ་ཞེས་བྱ ་བའི་དོན་ཏོ། །གཟུགས་ལ་སོགས་པ་དང། གཟུགས་ལ་སོགས་པའི་མི་རྟག་པའི་དོན་ཉིད་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ཡོངས་སུ་མ་རྫོགས་པ་དང། རབ་ཏུ་རྫོགས་པ་ཉིད་དག་སྟེ། གཟུགས་ལ་སོགས་པ་ཆགས་པ་དང། མ་ཆགས་པའོ།། ་སྤྱོད་པ་ནི་སྤྱད་པ་སྟེ། དེ་བཀག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །སྦྱོར་བ་ནི་གཟུགས་ལ་སོགས་པ་དང། མི་རྟག་པ་ལ་སོགས་པ་རྣམ་པ་བཞི་པོ་འདི་དག་དང། འོག་ནས་བརྒྱད་དེ། མི་འགྱུར་བ་དང་བྱེད་པ་མེད་པ་དང། ཆེད་དུ ་བྱ་བར་དཀའ་བ་དང། སྦྱོར་བ་དཀའ་བ་དང། བྱེད་པ་དཀའ་བ་དང། འབྲས་བུ་ཡོད་པ་དང། གཞན་ལ་རག་ལས་པ་མ་ཡིན་པ་དང། ཤེས་པར་བྱེད་པ་རྣམ་པ་བདུན་དུ་སྣང་བ་སྟེ། །རྣམ་པ་བཅུ་གཉིས་སོ་།དེའི་སྦྱོར་བ་དྲིས་པ་ནི་དེ་ལྟར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྤྱད་པར་བགྱི། ཞེས་བྱ་བ་ནི་སྦྱོར་བ་ཇི་ལྟར་བྱ་བའོ། །འདིར་གཟུགས་ལ་སོགས་པ་ནི་ཆོས་ཐམས་ཅད་དེ་ཕུང་པོ་ཉེ་བར་མཚོན་པའོ། །གཟུགས་ནས་རྣམ་པར་ཤེས་པའི་བར་ལ་མི་སྤྱོད་པ། ཞེས་བྱ་བ་ནི ་གཟུགས་ལ་སོགས་པ་ཡང་དག་པར་མི་སྤྱོད་པ་ཞེས་བྱ་བའི་དོན་ཏེ། དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནི་གཟུགས་ལ་སོགས་པའི་སྦྱོར་བའོ། །གལ་ཏེ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མི་རྟག་ཅེས་བྱ་བ་དང། དེ་བཞིན་དུ ་རྟོག་པ་དང། སྡུག་བསྔལ་བ་དང། བདེ་བ་དང། སྟོང་པ་མི་སྟོང་པ་དང། བདག་དང་བདག་མེད་པ་དང། སྡུག་པ་དང་མི་སྡུག་པ་ལ་མི་སྤྱོད་ན་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། །ད་ནི་གཟུགས་ལ་སོགས་པ་མི ་རྟག་པ་ལ་སོགས་པའི་སྦྱོར་བའོ། །རབ་འབྱོར་གལ་ཏེ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མ་རྫོགས་པ་དང། ཡོངས་སུ་རྫོགས་པ་སྟེ། གང་ཡོངས་སུ་མ་རྫོགས་པ་དང། ཡོངས་སུ་རྫོགས་པ་དེ་གཉིས་ལ་མི་སྤྱོད་ན་དེའི་ཚེ་འདི་བ་སྦྱོང་བ་ཡིན་ནོ། །དེ་ན་མ ་རྫོགས་པ་དང་ཡོངས་སུ་རྫོགས་པའི་སྦྱོར་བའོ། །དེ་སྐད་ཅེས་བཀའ་སྩལ་བ་དང། ཞེས་བྱ་བ་ནི་བཞི་པའི་སྐབས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་སྟེ་གཟུགས་ལ་ཆགས་པ་དང་བཅས་པ། ཞེས་བྱ་བ་ནི། དེ་ལ་སྦྱོད་པར་བྱེད་པའོ། །འདིར་དེ ་ལྟར་སྤྱོད་ན། ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་སྤྱོད་པར་བྱེད་པའོ། །འདིར་དེ་ལྟར་སྤྱོད་ན། ཞེས་བྱ་བས་ནི་ཕན་ཡོན་གསུངས་ཏེ། མ་ཆགས་པ། ཞེས་བྱ་བ་ལ་སོགས་པ་ལ། ཆགས་པ་ཐམས་ཅད་མེད་པ་ནི་མ་ཆགས་པའོ། །དེ་ལྟར། ཞེས་བྱ ་བ་ལ་སོགས་པ་ནི་མཇུག་སྡུ་བའོ། །དེ་ནི་གཟུགས་ལ་ཆགས་པ་དང་མ་ཆགས་པའི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་བ། ཞེས་བྱ་བ་ལ་སོགས་པ་ནས། འཕེལ་བར་མི་འགྱུར། ཞེས་བྱ་བའི་བར་གྱིས་ནི་ལྔ་པ་བསྟན་ཏེ། འགྲིབ་པ་དང། འཕེལ ་བ་མེད་པས་མི་འགྱུར་ཏེ། ནམ་མཁའ་བཞིན་ནོ། །བསྔགས་པ་ནི་ཡོན་ཏན་ཏེ་།དེ་ནི་མི་འགྱུར་བའི་སྦྱོར་བའོ། །རབ་འབྱོར་འདི་ལྟ་སྟེ། ཞེས་བྱ་བ་ནས་།དེ་སྙེད་དུ་ཟད་དོ། །ཞེས་བྱ་བའི་བར་གྱིས་ནི་དྲུག་པའོ། །དང་པོའི་ཀུན་ནས་ཉོན་མོངས་བའི་སྒྲའི་དོན ་ནི་འགྲིབ་བར་འགྱུར་རོ། །གཉིས་པ་ནི་རྗེས་སུ་ཆགས་པའོ། །བསྟན་པས་འགྲིབ་པ་དང། འཕེལ་བར་མི་བྱེད་པ་ནི་བྱེད་པ་མེད་པའི་སྦྱོར་བའོ། །གནས་བརྟན་རབ་འབྱོར་གྱི་གསོལ་པ་ཞེས་བྱ་བ་ལ་སོགས་པ་ནས། འཚང་རྒྱལ་བར་འཚལ་བ། ཞེས་བྱ་བའི ་བར་གྱིས་ནི་བདུན་ཏེ། བཅོམ་ལྡན་འདས་མ་སྒོམ་པ་ནི་བཀའ་རྣམ་པ་གསུམ་བསྟན་ཏེ། བཀའ་བ་བྱེད་པའི་ཕན་ཡོན་གསུངས་པ་ནི་ཚེད་དུ་བྱ་བ་ལ་སོགས་པ་དེ་ལ་གནས་བའོ། །སྤྱོད་པ། ཞེས་བྱ་བ་ནི་ནུས་པའོ། །ཞུམ་པ་ནི་བྱིང་བའོ། །ཡ་ཡ་པོ་ནི་རྒོད་པའོ། ། ་ཕྱིར་མི་ལོག་ན། ཞེས་བྱ་བ་ནི་ནམ་མཁའ་སྒོམ་པ་སྟེ། མཚན་ཉིད་གཅིག་པར་སྣང་བའི་ཕྱིར་རོ། །གོ་ཆ་འདི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །ནམ་མཁའ་། ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་ཚུལ་གྱི་ཏེ། དེ་མི་གཏོང ་བའི་ཕྱིར་རོ། །དེས་ན་དཀའ་བ་སྤྱོད་པ་ནི་སེམས་ཅན་མི་དམིགས་པ་དང། མཛའ་ཡས་པའི་ཕྱིར་རོ། །དེའི་སླད་དུ་གོ་ཆ་འཚལ་བ་ནི་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་བྱང་ཆུབ་པའོ། །དེ་ནི་ཆེད་དུ་བྱ་བ་དཀའ་བའི་སྦྱོར་བའོ། །ནམ་མཁའ་ཡོངས་སུ་ཐར་བར་འཚལ། །ཞེས་བྱ ་བ་ནི། གོ་ཆ་ཆེན་པོ་ཐོབ་པ་ལགས་སོ། །ཞེས་བྱ་བའི་བར་གྱིས་ནི་བརྒྱད་པ་སྟེ། ཡོངས་སུ་ཐར་བ་ནི་གོང་དུ་འགྲོ་བ་ལ་བགེགས་བྱེད་ཅིང་ལྟུང་བ་ལགས་སོ། །གྱེན་དུ་འཁྱེར་བ་ནི་འདེགས་པའོ། །སེམས་ཅན་དེ་སྙེད་ཀྱི་དོན་དུ་སྦྱོར་བ་དེ་ཡང་དགའ་བ་བྱེད་པ་སྟེ། ནམ ་མཁའ་བཞིན་དུ་སེམས་ཅན་གྱི་ཚོགས་མཛའ་ཡས་བའི་ཕྱིར་དང། གཟུགས་མེད་པའི་ཕྱིར་དང། རྫས་སུ་མེད་པ་ཉིད་ཕྱིར་རོ། །དེ་ནི་སྦྱོར་བ་དཀའ་བའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ལ། །ཞེས་བྱ་བ་ནས། འགོག་པར་མི་བགྱིད་དོ། །ཞེས་བྱ་བའི ་བར་གྱིས་ནི་དགུ་བ་སྟེ། སྦྱོར་བའི་འབྲས་བུ་ནི་བྱེད་པ་སྟེ་ཀུན་ནས་ཉོན་མོངས་པ་དང་བཅས་པའི་ཆོས་སྤོང་བ་དང། །རྣམ་པར་བྱང་བའི་ཆོས་བསྐྱེད་པའོ། །དེ་གཉི་ག་ཡང་དཀའ་བ་སྟེ། བཅོམ་ལྡན་འདས་མ་ནི་དེ་དག་མི་བྱེད་པའི་ཕྱིར་རོ། །དེ་ན་བྱེད་པར་དཀའ་ ་བའི་སྦྱོར་བའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར། ཞེས་བྱ་བ་ལ་སོགས་པ་ནས། འདོད་དོ། །ཞེས་བྱ་བའི་བར་གྱིས་ནི་བཅུ་པ་སྟེ། གང་འདི་ལ་རྣལ་འབྱོར་དུ་བྱེད་པ། ཞེས་བྱ་ནི་རྒྱུའི་གནས་སྐབས་སོ། །དེ་ཅི་ལ། ཞེས་བྱ་བ་ནི་འབྲས་བུའི་གནས་སྐབས ་དག་ལའོ། །ནམ་མཁའ་ལ། ཞེས་བྱ་བ་ནི་སྐར་མའི་ལམ་གྱི་ནམ་མཁའ་ལའོ། །འདི་ནི་དེ་དང་ཆོས་མཐུན་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་བོ། །བླ་གབ་མེད་པ་།ཞེས་བྱ་བ་ནི་ས་ཀླ་སྟེ་མ་བཀབ་བའི་ཕྱོགས་ཀྱི་གནས་སོ། །འདིར་ནི་དེ་དང་ཆོས ་མཐུན་པའི་ཕྱིར་དམན་པའི་བྱང་ཆུབ་སྟེ། དེ་གཉིས་འབྲས་བུའོ། །དེ་ནི་སྐལ་བ་ཇི་བཞིན་དུ་འབྲས་བུ་ཐོབ་བའི་སྦྱོར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་གླགས་རྙེད་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་ནི་བཅུ་གཅིག་པ་སྟེ། བརྒྱ་བྱིན་གྱིས་བྱང་ཆུབ་སེམས ་དཔའ་ལ་བསྲུང་བ་དང། བསྐྱབ་པ་དང། སྤེད་པར་འདོད་པ། བསྲུང་བ་དང། བསྐྱབ་པ་གཉིས་དང་ལྡན་པས་སྦེད་བ་དེ་ལ་དེ་སྐད་ཅེས་བྱ་བ། །དེ་ལ་རབ་འབྱོར་གྱིས་ཇི་སྟེ་ཁྱོད་ཀྱིས་མཐོང་དམ་ཞེས་སྨྲས་ཏེ། །དེས་མ་ཡིན་ནོ། །ཞེས་སྨྲས་སོ། །དེས་ན་ཇི་ཞིག ་ཏུ་འགྱུར་ཞེ་ན། གལ་ཏེ་དེ་ལྟར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་དམིགས་པས་སོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ལྟར་རྗེས་སུ་འགྲོ་བ་དང། ལྡོག་པ་དག་གིས་རྗེས་སུ་བརྗོད་པ་ན་དེ་ལ་སྲུང་བ་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་བ་ཁོ་ན་ལ་རག་ལས་ཀྱི། གཞན་ལ་རག་པ་ནི་མ་ཡིན་ནོ། །དེ་ནི་གཞན་དག་ལ་རག་ལས་བའི་སྦྱོར་བའོ། །ཀོའུ་ཤི་ཀ་།གཞན་ཡང། ཞེས་བྱ་བ་ནས་ཡོངས་སུ་ཤེས་བའོ། །ཞེས་བྱ་བའི་བར་གྱིས་ནི་བཅུ་གཉིས་པ་སྟེ། བཅོམ་ལྡན་འདས ་མ་ཆེན་མོ་ལས་ནི་རྣམ་པ་བདུན་དུ་སྟོན་ཅིན་བརྗོད་དེ། །ཆོས་ཐམས་ཅད་ནི་སྒྱུ་མ་དང་།སྨིག་རྒྱུ་དང་།རྨི་ལམ་དང། བག་ཅ?་དང། མིག་ཡོར་དང། གཟུགས་བསྙན་དང། དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །ཞེས་བྱ་བ་གསུངས་ཏེ། གང་ཡང་རྣམ་པ་བདུན ་བསྟན་པ་དེ་ནི། ཆོས་ཐམས་ཅད་ཉིད་ཀྱི་ངོ་བོས་སྟོང་བར་གནས་པ་ལ། གཉིས་སུ་སྣང་བ་ནི་གཞན་གྱིས་དབང་གི་ངོ་བོ་ཉིད་དོ། །དེ་ནི་དཔེ་གཅིག་གིས་བསྟན་པར་ནུས་ཏེ། ཇི་ལྟར་སྒྲ་ཡོད་ནི་སྒྲ་བརྙན་མེད་ཀྱང་སྣང་བ་ལྟར། དེ་བཞིན་དུ་གཉིས་ཀྱིས ་སྟོང་བའི་རང་གི་ངོ་བོའི་ཆོས་ཡོད་ཀྱང་གཉིས་སུ་མེད་པའི་ངོ་བོའི་ཆོས་སྣང་བ་ཡིན་ནོ། །དེ་བས་བཅོམ་ལྡན་འདས་མ་འདི་ལས་ནི་བྲག་ཅ་ལྟ་བུ་ཁོ་ན་བརྗོད་དོ། །དེའི་ཕྱིར་བསྟན་བཅོས་འདི་ལ་ནི་ཚིག་གཞན་དུ་བརྗོད་པར་བྱ་སྟེ། ཤེས་བྱེད་གཞན་དུ་སྣང་བ་ལ་ཞེས་བྱ ་བར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པ་དང། དག་པ་འཇིག་རྟེན་པ་སྟེ། འདི་ལྟར་རྣམ་པར་མི་རྟོག་པར་འཇིག་པའི་གཟུངས་ལས། རྣམ་པར་མི་རྟོག་བའི་དབྱིངས་ལ་གནས་པའི་བྱང་ཆུབ་སེམས་དཔས ་ནི། ཆོས་ཐམས་ཅད་ཅེས་བྱ་བ་དང། ཁྱད་པར་མེད་བའི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་དང་མཚུངས་པར་མཐོང་ངོ། །དེའི་རྗེས་ལས་ཐོབ་པའི་ཤེས་བས་ནི་ཆོས་ཐམས་ཅད་སྒྱུ་མ་དང། སྨིག་རྒྱུ་དང། རྨི་ལམ་དང། མིག་ཡོན ་དང། བྲག་ཅ་དང། གཟུགས་བརྙན་དང། ཆུ་ཟླ་དང། སྤྲུལ་པ་དང་མཚུངས་པར་མཐོང་ངོ། །ཞེས་མཚུངས་པ་ལྟ་བུའོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ནས། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དག་པ་འཇིག ་རྟེན་བའི་དབང་དུ་བྱས་ནས་།དེ་ཇི་སྙམ་དུ་སེམས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་ཤེས་པ། ཞེས་བྱ་བ་ནི་དེས་ན་དེ་ལ་ཇི་སྣང་བ་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ནི་ཤེས་བྱེད་གཞན་དུ་སྣང་བའི་སྦྱོར་བའོ། ། ་སྦྱོར་བ་བཤད་ནས་སྦྱོར་བའི་མཉམ་པ་ཉིད་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་།བསྟན་བཅོས་ལས། གཟུགས་ལ་སོགས་པ་རློམ་མེད་པ། རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་བའི་གནས་རྣམ་བ ་བཞི་ལ་རྨོལ་པ་མེད་བའི་སྦྱོར་བ་ནི་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་ཆེན་མོ་ལས་ཇི་སྐད་དུ་གཟུགས་རློམ་སེམས་སུ་མི་བྱེད། །གཟུགས་གྱིས་རློམ་སེམས་སུ་མི་བྱེད། །གཟུགས་ལ་བདག་གི་ཞེས་རློམ་སེམས་སུ་མི་བྱེད། ་གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་མ་འདིར་ནི་བསྟན་བཅོས་ལས། གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བརྒྱད་དེ་ཡི ་མཉམ་པ་ཉིད། །ཅེས་ཚིག་གཞན་དུ་བརྗོད་པར་བྱའོ། །འཛིན་བའི་རྣམ་པར་རྟོག་པ་རྣམ་པ་བཞི་དང། གཟུང་བའི་རྣམ་པར་རྟོག་པ་བཞི་ནི་སྦྱོར་བའི་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཡང་དེ་བས་ན་ཞེས་བྱ་བ་ནས། སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ་དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་བྲག་ཅ་ལྟ་བུ་དིའི་ཕྱིར་རོ། དེ་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལའོ། །རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་དངོས་པོ་ལ་ངོན་པར་ཞེན་བའོ། །ཡང་དག་བར་རྗེས་སུ་མི་མཐོང་བ་ལའོ། །མི་ཤེས་པ་ནི་གཟུང་བ ་ལའོ། །ཀུན་ཏུ་མི་ཤེས་པ་ཞེས་བྱ་བ་ནི་རྟོག་པ་སྟེ། འཛིན་པའི་རྣམ་བར་རྟོག་པ་རྣམ་བ་བཞིའོ། །གཟུང་བའི་རྣམ་པར་རྟོག་པ་བཞི་ནི་ཆོས་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདེ་ཅེས་བྱ་བ་ནི་ཡོད་བར་རློམ་སེམས་མེད་པའོ། ། ་ཡང་དག་པར་མི་སྣང་ཞེས་བྱ་བ་ནི་མཐོང་བ་ལའོ། །ཡང་དག་པར་མེད་ཅིང་ཞེས་བྱ་བ་ནི་འཛིན་བ་མེད་པའོ། །མི་དམིགས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པར་ཏེ། དེ་ལྟར་གཟུང་བ་དང་འཛིན་པར་རྟོག་པ་མེད་པ་རྣམ་པ་བརྒྱད་ཀྱིས ་སོ། །གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སྦྱོང་བའོ། །དེས་ཅིར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་བར་སླའོ། །དེ་ནི་སྦྱོར་བའི་མཉམ་པ་ཉིད་དོ། །འདིར་སྦྱོར་བའི་མཉམ་པ་ཉིད་ཀྱི་ཞར་ལ། ཆོས ་སྟོན་པའི་མཉམ་པ་ཉིད་ཀྱང་བསྟན་ཏེ། མངོན་བོར་ཡིད་ཆེས་པར་བྱ་བའི་ཕྱིར་དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ལ་སོགས་པ་ནས། ལེའུ་རྫོགས་ཀྱི་བར་གྱིས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་མི་མཛད་འདི་ཉིད་ནས ་སངས་རྒྱས་སྟོང་ཞེས་བྱ་བ་ནི་གང་མི་མཇེད?་འདི་ཉིད་དུ་བསྐལ་བ་བཟང་པོ་འདི་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེ་ལ་དང་པོ་ལོག་པར་དང་སེལ་དང། གསེར་ཐུབ་དང། འོད་སྲུངས་དང། ཤཱཀྱ་ཐུབ་པ་བཞི་མངོན་པར་རྫོགས་པར་སངས་རྒྱས་ཏེ། ་དེ་དག་གིས་ཐམས་ཅད་མཁྱེན་པ་ཉིད་དུ་སྟོན་པ་ལ་མཉམ་པ་ཉིད་དུ་སྟོན་པའི་ཕྱིར་མིང་འདི་དག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས། །བྱམས་པ་ཡང་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་དེའི་ཕྱི་མ་གཞན་དགུ་བརྒྱད་གུ་བཅུ་རྩ་ལྔ་ཡང་བསྡུས་ཏེ། འདི་ཉིད་བསྟན་པ ་མཉམ་པ་ཉིད་དོ། །གཙོར་རྣམ་པར་དག་པ་སྟོན་ཅིང་བརྗོད་བའི་ལེའུ་ནི་རྣམ་པར་དག་པའི་ལེའུ་འོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འཕྱུང་གནས་ཞི་བས་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས ་ལེའུ་བརྒྱད་པའོ།། །།ལེའུ་བརྒྱད་བར་ཐམས་ཅད་མཁྱེན་བ་ཉིད་སྟོན་པའི་མཉམ་བ་ཉིད་བསྟན་ནས། འདི་ཉིད་དུ་བསྐལ་པ་བཟང་པོའི་ཆོས་སྟོན་པ་གསལ་བར་བྱེད་པའི་ཕྱིར། ལེའུ་འདིར་རབ་འབྱོར་གྱིས་གང་བཤད་པ་དེ། དེ་ནས་བཅོམ ་ལས་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མིང་ཙམ་མོ་ཞེས་བྱ་བ་ནི་མིང་ཡིན་གྱི་དོན་མ་ཡིན་ཏེ། མིང་དང་དོན་ནི་འབྲེལ་པ་མེད་པ་ཉིད་གྱི་དེ་དག་ལས་དོན་རྟོག་པ་མེད་དོ། གཞན་དུ་ན་བདག་ཉིད་ནི་ལྷ་ཡིན་ནོ་ཞེས་སྨས་ན། ལྟ་ཉིད་དུ་འགྱུར་བ ་ཐལ་བར་འགྱུར་རོ། །དེ་ལྟ་མོད་ཀྱི་མིང་ཙམ་ན་ཡོད་དོ་ཞེ་ན། དེའི་ཕྱིར་མིང་དེ་ཡང་ཞེས་བྱ་བ་ལ་སོགས་བ་གསུངས་སོ། །འདི་ཞེས་བྱ་བ་ནི་མིང་ཙམ་ཉིད་ཀྱིས་སོ། །མི་དམིགས་པ་ཞེས་བྱ་བ་ནི་དོན་གྱིས་སྟོང་བའི་སྒྲ་ལ་མི་རིགས་པའི་ཕྱིར་རོ། ། ་དེ་ཅིའི་ཕྱིར་ཞེ་ན། དག་གི་དངོས་པོ་ཞེས་བྱ་བ་ནི་བརྗོད་པར་བྱེད་པ་བརྗོད་པར་བྱ་བའི་དོན་དང་བཅས་ཞེས་བྱ་བའི་དོན་ཏོ། །དོན་དང་བཅས་ཀྱང་རུང་དོན་མེད་ཀྱང་རུང་སྟེ། མིང་དེ་ཉིད་མི་རིགས་ཏེ་མེད་པར་གྲུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ནི་ཡོད་དོ་ཞེ་ན་།དེ་ཡང་མ་མཆིས་ཞེས་བྱ་བ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། མི་དམིགས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟར་དེ་མི་དམིགས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མིང་དང། ་དོན་ནི་མིང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བའི་ཕྱིར་རོ། །དེ་ལ་དེའི་དོན་ཀྱང་མེད་དེ། དོན་དང་འབྲེལ་བའི་སྒྲ་ལས་ནི་དོན་རྟོགས་པ་མེད་དེ། གལ་ཏེ་དངོས་བོ་དང་འབྲེལ་བ་མེད་པའི་ཕྱིར་དོན་ནི་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་སྒྲ་ལས་དངོས ་པོ་གོ་བར་མི་འགྱུར་ཏེ། དོན་གྱི་དངོས་པོ་ལ་ཡང་འཇུག་བར་མི་འགྱུར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་དང་དོན་མེད་པ་སྟེ། དོན་མི་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའོ། །དེའི་ཕྱིར་འདི་གཉིས་མཉམ་པ ་ཉིད་དུ་བསྟན་པའི་ཕྱིར་མིང་ཇི་ལྟ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེ་གཉིས་མཉམ་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཆོས་འདི་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བསྒྲུབས་ཏེ། སྟོན་པ ་མཉམ་པ་ཉིད་གསལ་བར་བྱ་བའི་ཕྱིར་། བཅོམ་ལྡན་འདས་ཅིའི་སླད་དུ་ཞེས་བྱ་བ་གསུངས་ཏེ། ཅིའི་སླད་དུ་ཞེས་བྱ་བ་ནི་རྣམ་པ་གང་གིས་མངོན་པར་རྫོགས་པར་སངས་རྒྱས་ནས། མིང་འདི་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་བར་འགྱུར་ཏེ། ་གང་གིས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ། མེད་པ་ལ་ནི་མངོན་པར་རྫོགས་བར་འཆད་རྒྱ་བར་མི་ནུས་སོ་ཞེས་བྱེ་བར་དགོངས་སོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་ལན་གསུངས་ཏེ། ཇི་ལྟར་ཁྱོད་ཀྱིས་ཆོས ་རྣམས་སྟོང་བ་ཉིད་དུ་བསྟན་པ་དེ་ཁོ་ན་བཞིན་དུ། དེ་སྔོན་པར་རྫོགས་པར་སངས་རྒྱས་ནས་སྟོན་པར་འགྱུར་རོ། །ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་སྒྲའི་དོན་ཏོ། །དིའི་ཕྱིར་མཐོང་བའི་ལམ་གྱི་དབང་དུ་བྱས་ནས། བསྟན་བཅོས་ལས། ་སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་བཟོད་དང། །ཤེས་པའི་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་བྱ་བ་གསུངས་ཏེ། འདི་ནི་ཀུན་ཤེས་བའི་ཚུལ་ལ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དོ།། ་གང་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ། །སོ་སོ་སྐད་ཅིག་མ་བཞིའི་བདག་ཉིད་དོ། །ཆོས་ཤེས་བྱ་བ་དང་རྗེས་སུ་ཤེས་པའོ། །དེ་ཉིད་ཀྱི་སྐད་ཅིག་མ་ནི་དའི་བདག་ཉིད་དོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། སྡུག ་བསྔལ་ལ་ཆོས་ཤེས་པ་དང། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཀུན་འབྱུང་བ་དང། འགོག་པ་དང། ལམ་ལ་ཡང་དེ་བཞིན་ནོ། །དེ་ཉིད་ནི་སྐད་ཅིག་མ་བཅུ་དྲུག་སྟེ། གོ་རིམ་བཞིན་དུ་བསྟན་བཅོས ་ལས། གཟུགས་རྟག་མ་ཡིན་མི་རྟག་མིན། །མཛའ་ལས་འདས་དན་རྣམ་དག་དང། །མ་སྐྱེས་མ་འགགས་ལ་སོགས་དང། མཁའ་འདྲ་ཆགས་པ་སྤངས་པ་དང། །ཡོངས་སུ་འཛིན་ལས་གྲོལ་བ་དང། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང། །གང་ཕྱིར་འདིའི ་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང། །དམིགས་པ་མེད་པར་བྱེད་པ་དང། །ཤིན་ཏུ་རྣམ་དག་ནང་མི་འབྱུང། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱས་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འགྲེལ་དང། དངོས་དང་མིང་དང་གཉིས་པོ ་ལ། ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྟག་པ་མ་ཡིན་མི་རྟག་མིན་ཞེས་བྱ་བ་ནི་སྐད་ཅིག་མ་དང་པོའོ། །མཛའ་ལས་འདས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་སྟེ་གཉིས་པའོ། །རྣམ་པར ་དག་བ་ནི་ཡོངས་སུ་དག་པ་ཞེས་བྱ་བ་སྟེ་གསུམ་བའོ། །མ་སྐྱེས་བ་དང་མ་འགག་པ་ཞེས་བྱ་བ་ལ་སོགས་བ་ནི་བཞི་པའོ། །ནམ་མཁའ་དང་འདྲ་ཞེས་བྱ་བ་ནི་ལྔ་པའོ། །ཆགས་པ་སྤངས་པ་ཞེས་བྱ་བ་ནི་དྲུག་བའོ། །ཡོངས་སུ་འཛིན་པ་ལས་གྲོལ་བ་ཞེས་བྱ ་བ་ནི་བདུན་པའོ། །ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་བ་ཞེས་བྱ་བ་ནི་བརྒྱད་བའོ། །བརྗོད་དུ་མེད་པ་དང་གྲོལ་བ་ཞེས་བྱ་བའི་རྗེས་སུ་འབྲངས་ཏེ། ག་ལས་ཤེ་ན། གང་ཕྱིར་འདིའི་གཞན་དག་ལ་སྦྱིན་དུ་མེད་པ་ཞེས་བྱ་བ་དེ་ནི་དགུ་བའོ། །དམིགས་པ ་མེད་བར་བྱེད་པ་ཞེས་བྱ་བ་ནི་བཅུ་བའོ། །ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་བཅུ་གཅིག་པའོ། །ནད་མི་འབྱུང་བ་ཞེས་བྱ་བ་ནི་བཅུ་གཉིས་བའོ། །ངན་སོང་ཆད་བ་དང་མི་རྟོག་པ་ཞེས་བྱ་བ་ལ། ངན་སོང་ཆད་པ་ནི་བཅུ་གསུམ་པའོ། །མི་རྟོག་བ་ནི་བཅུ ་བཞི་བའོ། །འབྲས་བུ་མངོན་སུམ་དུ་བྱ་བ་རྟོགས་བ་དང། མཚན་མ་དག་དང་མ་འབྲེལ་བ་ནི་བཅོ་ལྔ་པའོ། །དངོས་པོ་དང་མིང་གཉིས་ལ་ཤེས་པ་སྐྱེ་བ་མེད་པ་ནི། དེ་དག་ནི་ཀུན་ཤེས་པ་ཉིད་ཀྱི་བདག་ཉིད་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་པའོ།། ་དེ་ལ་དང་པོ་འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་མ་གཉིས་གསུངས་ཏེ། གཟུགས་ལ་སོགས་པ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། བཅིངས་པ་ཡང་མ་ཡིན་གྲོལ་བ་ཡང་མ་ཡིན། རང་ཉིད་མེད་པ་དེ་ལ་ནི་རྟག་བ་ལ ་སོགས་པ་མི་རིགས་ཏེ་།དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །གཟུགས་ལ་སོགས་པ་ནི་རྟག་ཏུ་ཤིན་ཏུ་རྣམ་པར་དག་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་བའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་ཡོངས་སུ་དག་པའོ་ཞེS ་བྱ་བའི་བར་གྱིས་ནི་སྐད་ཅིག་མ་གསུམ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡོངས་སུ་དག་བའི་ཕྱིར་ཏེ། དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའི་བཟོད་བའོ། །རབ་འབྱོར་གཟུགས་སྐྱེ་བ་མེད་པ་དང ་ཞེས་བྱ་བ་ནས། ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་ནི་བཞི་པ་སྟེ། དེ་ཡང་དེ་དག་རྣམ་པར་དག་བས་སྐྱེ་བ་དང། འགག་པ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་མེད་བའི་མཚན་ཉིད་དེ། དེ་ནི་སྡུག་བསྔལ་ལ་རྗེས་སུ ་ཤེས་པའོ། །རབ་འབྱོར་ནམ་མཁའ་ཞེས་བྱ་བ་ནས། ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱིས་ནི་ལྔ་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་སྐྱེ་བ་ལ་སོགས་པ་མེད་དེ། ནམ་མཁའ་ལྟར་རྣམ་པར་དག་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་ནི ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་བའོ། །རབ་འབྱོར་གཟུགས་གོས་པ་མེད་པ་ཞེས་བྱ་བ་ནས། ཡོངས་སུ་དག་པའོ་ཞེས་བྱ་བའི་བར་གྱི་ནི་དྲུག་པ་དང་བདུན་པ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་གོས་བ་མེད་པ་སྟེ། ནམ་མཁའ་ལྟར་གོས་པ་མེད་པའི་ཕྱིར་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །དེ་ནི་ཀུན་འབྱུང་ལ་ཆོས་ཤེས་བའོ། །ཆོས་ཐམས་ཅད་ནམ་མཁའ་ལྟར་ཡོངས་སུ་འཛིན་བ་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་སྟེ་དེ་ནི་ཀུན་འབྱུང་གི་རྗེས་སུ་བའི་བཟོད་བའོ། །ནམ་མཁའ་དང། ་ཐག?་ཅ་ཞེས་བྱ་བ་ནས་ཡོངས་སུ་དག་བའོ་ཞེས་བྱ་བའི་བར་གྱིས་ནི་བརྒྱད་བ་དང་དགུ་བ་དང་བཅུ་པ་བསྟན་ཏེ། ཚིག་ཏུ་མེད་པ་དང། བརྗོད་དུ་མེད་པ་ནི་ཇི་ལྟར་བྲག་ཅ་ནི་རི་དང། རི་ཕུལ?་དུ་ནམ་མཁའ་ལྟར་ཅུང་ཟད་ཀྱང་བརྗོད་བ་མེད་པ་སྟེ། དེ་བཞིན་དུ་ཆོས ་ཐམས་ཅད་ཀྱང་ནམ་མཁའ་ལྟར་བརྗོད་དུ་མེད་པ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་བའོ། །དེ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །རྟོག་པར་བྱེད་པ་ནི་བརྗོད་པ་སྟེ། བརྗོད་པ་གང་གིས་ཕ་རོལ་ལ་དོན་རྟོགས་པར་བྱེད་པ་ནི་བརྗོད་པའོ། །བྲག ་ཆ་ནི་ནམ་མཁའ་ལྟར་ཅུང་ཟད་ཀྱང་བརྗོད་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའ་ལྡར་བརྗོད་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་བའོ། །དེ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའོ། །གང་མི་དམིགས་པ་དི་ནི་དམིགས་སུ་མེད་པ ་སྟེ། འདིར་བྲག་ཅིའི?་སྒྲ་ནི་སྒྲ་དང་སྒྲ་བརྙན་གཉི་ག་ལ་འཇུག་སྟེ། དེའི་དབྱེ་བ་སྟོན་པར་མི་བྱེད་པའི་ཕྱིར་རོ། །ཚིག་མེད་པ་ཡང་ཡིན་ལ་བརྗོད་དུ་མེད་པ་ཡང་ཡིན་ཞེས་བསྡུའོ། །བྲག་ཅ་ཡང་ཡིན་ལ་ཚིག་མེད་པ་ཡང་ཡིན་བརྗོད་དུ་མེད་པ་ཡང ་ཡིན་ཞེས་གསུམ་ཡང་བསྡུ་བར་བྱའོ། །དེ་དག་ཀྱང་ཡིན་ལ་དམིགས་པ་ཡང་ཡིན་ཞེས་བསྡུ་བར་བྱའོ། །གང་གི་ཕྱིར་ནམ་མཁའ་ཡང་དེ་དང་འདྲ་སྟེ། དེ་ནི་མཚོན་ཆ་སྔོ་བ་སངས་ཀྱི་བསྡུ་བ་བཞིན་ནོ། །དེ་དག་གི་དངོས་པོ་ནི་དེ ་ཉིད་དོ། །དེས་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཇི་ལྟར་ནམ་མཁའ་ནི་ཅུང་ཟད་ཀྱང་དམིགས་སུ་མེད་པ་ཉིད་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དམིགས་སུ་མེད་དེ་།དེས་ནམ་མཁའ་ལྟར་དམིགས་སུ་མེད་པས་ཡོངས་སུ་དག་པ་སྟེ་།དེ་ནི་འགོག་པ་ལ་ཆོས་ཤེས ་བའོ། །རབ་འབྱོར་ཞེས་བྱ་བ་ནས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །ཞེས་བྱ་བའི་བར་གྱིས་ནི་བཅུ་གཅིག་པ་བསྟན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱིས་གོས་བ་ནི་ཉེ་བར་གོས་བའོ། །རྣམ་པར་བྱང་བའི་ཆོས་ཀྱིས་མ་གོས་པ་ནི་གོས་པ་མེད་པའོ།། ་ཉེ་བར་གོས་བ་དང་གོས་བ་ནི་ཉེ་བར་གོས་པ་དང་གོས་པ་མེད་པའོ། །དེ་དག་ཀྱང་ཡིན་པ་ཆོས་ཀྱང་ཡིན་པས་ན་ཆོས་དེ་དག་གོ་།ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་བས་ཆོས་ཐམས་ཅད་དོ། །དེ་དག་གིས་གོས་བ་མེད་པ་ནི་གོས་པ་མེད་བའོ། ། ་གཉིག་དམིགས་པ་ནི་མི་དམིགས་པ་ཡིན་ཏེ། གཉི་ག་དམིགས་བ་ནི་གཉིག་ཡོངས་སུ་དག་པ་སྟེ། དེ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེ་སྐད་ཅེས་བཀའ་སྩལ་བ་ཞེས་བྱ་བ་ནས། དུས་མི་བགྱིད་དོ་ཞེས་བྱ་བའི་བར་གྱིས་ནི་བཅུ་གཉིས ་བ་བསྟན་ཏེ། གང་གི་ཕྱིར་རྙེད་པ་ལེགས་པར་རྙེད་པ་ཡིན་ཞེ་ན། རྣ་ལམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།དུས་ཞེས་བྱ་བ་ནི་འཆི་བའོ། །དེ་ནི་འགོག་པ་ལ་རྗེས་སུ་ཤེས་བའོ། །དེ་དག་ལ་ལྷའི་བུ་ཞེས་བྱ་བ་ནས། དགྲ་ཇི་ལྕི་བར་འགྱུར་ཏེ ་ཞེས་བྱ་བའི་བར་གྱིས་ནི་བཅུ་གསུམ་བ་བསྟན་ཏེ། ཡུམ་ཆེན་མོ་དག་ལ་ནི་རྣམ་པར་དབྱེ་བ་བདུན་པར་བརྗོད་ལ། འདིར་གཉིས་བར་བྱས་པ་ཡིན་ཏེ། དེ་ཡང་ཤིན་ཏུ་དང་བ་དང་ལྡན་ན་གཉིས་པ་ཞེས་བྱ་བར་ཁ་ཅིག་འདོད་དོ། །དུས་དང ་དངོས་པོ་དང་ལས་དང་འགྲོ་བ་ན་ནི་ལས་མ་ཡིན་ཡང་ལས་ཀྱི་མིང་ཅན་ཏེ། ལས་མ་ཡིན་ཡང་ལས་ཀྱི་མིང་དུ་འགྲོའོ་ཞེས་ལ་ལ་དག་འདོད་དོ། །དེ་བས་ཀྱང་ཞེས་བྱ་བ་ནི་བླ་ན་མེད་པའི་རིན་པོ་ཆེ་བསྲུང་བས་ཀྱང་ངོ། །རིན་པོ་ཆེ་ཆེན་པོ་འདི་ཉིད་བསྲུང་བ ་ཆེན་པོ་ཡིན་གྱི། འདི་ལས་གཞན་པའི་བསྲུང་བ་ནི་མེད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཡང་རིན་པོ་ཆེ་ཆེན་པོ་དེ་ལྟ་ཡིན་ཡང་གི་སྒྲའི་དོན་ཏོ། །དགྲ་ནི་ཕྱིར་རྒོལ་བའོ། །ཅི་ཙམ་དུ་གཅེས ་པ་ཞེས་བྱ་བ་ནི། ཇི་ལྟར་ཁྱད་པར་དུ་གྱུར་པའོ། །འདིར་བསོད་ནམས་ཁྱད་པར་དུ་གྱུར་པ་བསྟན་པས་ནི་ངན་སོང་ཆད་པར་དོན་གྱིས་བསྟན་པར་འགྱུར་ཏེ། དེ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ ་ནས། མེད་ཅིང་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་བཅུ་བཞི་པ་བསྟན་ཏེ། ཅིའི་ཕྱིར་བླ་ན་མེད་པ་ཞེས་བྱ་ཞེ་ན། ཕན་པ་དང་བདེ་བའི་ཕྱིར་ཞུགས་པར་གྱུར་བ་ཞེས་བྱ་བ་གསུངས་ཏེ། འདི་ཉིད་ཀྱི་རྣམ་པར་འགྲེལ་པ་ནི་ཆོས་ཐམས་ཅད་ཅེས ་བྱ་བ་ལ་སོགས་པའོ། །མི་འཇིགས་པའི་ཚུལ་གྱིས་བྱ་བ་ནི་རྟག་བའི་ཚུལ་གྱིས་སོ། །ཉེ་བར་གནས་པ་ནི་ཉེ་བར་གནས་པའོ། །གལ་ཏེ་ཕན་པ་དང་བདེ་པའི་ཕྱིར་ཉེ་བར་གནས་ན་དེ་ལྟ་ན་ནི་རྣམ་པར་རྟོག་པར་འགྱུར་རོ་ཞེ་ན། རབ་འབྱོར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞུམ་པར་མི་འགྱུར་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པའོ། །མི་སྦྱོར་ཞེས་བྱ་བ་ནི་མི་གནས་པའོ། །ཡོངས་སུ་མི་འཛིན་ཞེས་བྱ་བ་ནི་ཡང་དག་པར་མི་ཤེས་པ་སྟེ། དེའི་ཕྱིར ་རྣམ་པར་མི་རྟོག་པ་ནི་རྣམ་པ་གསུམ་དུ་རྣམ་པར་མི་རྟོག་པའོ། །དེ་ནི་ལམ་ལ་ཆོས་ཤེས་པའོ། །འབྲས་བུ་མངོན་དུ་བྱ་བ་ལ་མཚན་མ་དག་དང་མ་འབྲེལ་བ་དེ་ནི་སྐད་ཅིག་མ་བཅོ་ལྔ་པ་སྟེ། དེའི་དབང་དུ་བྱས་ནས་རབ་འབྱོར་མ་སྐྱེས་པ་ཞེས་བྱ་བ ་ནས་མ་གོས་པའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འབྲས་བུ་སྐྱེས་བ་ལ་མི་དམིགས་པ་ནི་མ་སྐྱེས་པའོ། །རྒྱུ་དེས་ན་བཅོམ་ལྡན་འདས་མ་ནི་འབྲས་བུ་སྐྱེས་བའི་མཚན་མའི་དྲི་མས་མ་གོས་པའོ། །འདི་ཇི་ཞིག་གིས་མ ་གོས་པ་ཡིན་ཞེ་ན། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་གི་ཕྱིར་མགོས་པ་དེའི་ཕྱིར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཉེ ་བར་གོས་པར་གྱུར་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་མི་འགྱུར་རོ། །ཇི་ལྟར་གོས་པ་ཡིན་ཞེ་ན། དེའི་ཕྱིར་རབ་འབྱོར་འདི་ལྟར་ཞེས་བྱ་བ་གསུངས་ཏེ། འབྲས་བུ་རྣམས་སྐྱེ་བ་ན་ཡང་ཆོས་ཐམས་ཅད་ཀྱི་མཚན་མའི་དྲི་མ་ནུབ་བའི་ཕྱིར་མ་གོས ་པའོ། །དེ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དངོས་དང་མིང་དང་གཉིས་པོ་ལ་ཤེས་པ་སྐྱེ་བ་མེད་པ་དེ་ནི་སྐད་ཅིག་མ་བཅུ་དྲུག་པ་སྟེ། དེའི་དབང་དུ་བྱས་ནས་གལ་ཏེ་ཞེས་བྱ་བ་ནས་སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ལྟར་ཡང་ཞེས ་བྱ་བ་ནི་ཤིན་ཏུ་ཕྲ་བའི་དངོས་པོ་དང་མིང་གཉིས་ལ་འདུ་ཤེས་བའོ། །དེ་ལྟར་ཅེས་བྱ་བ་ནི་མདོར་བསྡུས་པའི་དོན་སྟོན་བར་བྱེད་བའོ། །བཅོམ་ལྡན་འདས་མ་ཆེན་པོ་དག་ལས་ནི་འདི་ཉིད་རྒྱས་པར་སྟོན་ཏོ། དེ་ལྟར་ཡང་མི་ཤེས་།དེ་ཡང་རྣམ་པར་མི་རྟོག་། ་དེ་ལྟར་ཡང་མི་དམིགས། དེ་ལྟར་ཡང་སྤྲོས་བར་མི་བྱེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་སྤྱོད་དོ་ཞེས་བྱ་བ་ནས། ཐམས་ཅད་ཤེས་པ་ཉིད་ཐོབ་པར་ཡང་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། དེ་ལ་དེ་ལྟར་ཡང་མི་ཤེས་ཞེས་བྱ་བ་ནི་ཆོས ་ཉིད་ཙམ་སྣང་གི་ཆོས་ཐམས་ཅད་སྣང་བ་ཡང་མ་ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་ཤེས་པ་མི་བསྐྱེད་བའོ། །དེ་ལྟར་ཡང་རྣམ་པར་མི་རྟོག་ཅེས་བྱ་བ་ནི་བརྗོད་པ་ཐམས་ཅད་སྣང་བ་མེད་བས། མིང་གི་ཤེས་པ་མི་བསྐྱེ་བའོ། །མ་འདྲེས་པ་དྲི་མ ་མེད་པ་། ནམ་མཁའ་ལྟར་མཛའ་ཡས་པ་ཆོས་ཉིད་ཤེས་པ་ལ་ནི་རིག་པར་བྱ་བ་དང། རིག་པར་བྱ་བའི་བྱེ་བྲག་མི་སྣང་བ་སྟེ། གཟུང་བ་དང། འཛིན་པར་ཤེས་པ་སྐྱེ་བ་མེད་དེ། །དངོས་པོ་དང། མིང་དང། གཉིས་སུ་སྣང་བ་འདི་གསུམ་ཡང་ཕྱིན་ཅི་ལོག་ཡིན ་བའི་ཕྱིར་སྤང་བར་བྱ་བ་སྟེ། ཕྱིན་ཅི་ལོག་ནི་སྤྲོས་པའོ། །དེའི་ཕྱིར་དེ་དག་མེད་པ་ཉིད་ཀྱང་སྤྲོས་པར་མི་འགྱུར་རོ། །ཞེས་གསུངས་སོ། །ལྷག་མ་ནི་རྟོགས་པར་སླ་སྟེ། དེ་ནི་ལམ་ལ་རྗེས་སུ་ཤེས་པའོ། །ཐམས་ཅད་ཤེས་པ་ཉིད་འདི་ཡང་འཁོར་བ་དང་མྱ་ངན་ལས་འདས ་པ་ལ་མི་གནས་པ་ཉིད་ལ་སོགས་པའི་ཚུལ་ཡོད་ན་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ལ། དེ་མེད་ན་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་པ་རྫོགས་སོ།། །།དེ་ལྟར་ཐམས་ཅད་ཤེས་པ་ཉིད ་གསུམ་གྱི་མཚན་ཉིད་བསྟན་ནས། མཇུག་བསྡུ་བའི་ཕྱིར་ཐོབ་བར་བྱེད་པ་མེད་དོ་ཞེས་བྱ་བའི་བར་དུ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ལམ་ཤེས་པ་ཉིད་དང། ཐམས་ཅད་ཤེས་པ་ཉིད་དོ།། ་དེ་ཞེས་བྱ་བ་ནི་དེ་ཉིད་དེ་རྣམ་པ་གསུམ་མོ། །འདི་དག་ནི་ལེའུ་རྣམ་པ་དགུས་རྒྱ་ཆེར་བསྟན་ཏེ། ལེའུ་གཅིག་དང། ཕྱེད་དང་བདུན་དང། ཕྱེད་དང་གཉིས་ནི་གོ་རིམ་བཞིན་དུ་བསྟན་ཏོ། །ཆོས་གང་ཡང་ང?་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་མཚུངS ་བར་ལྡན་བའོ། །འཇུག་པར་བྱེད་བ་ནི་དམིགས་པ་ལ་ཉེ་བར་འཇོག་པར་བྱེད་པའོ། །དེས་པར་འཇོག་པར་བྱེད་པ་ནི་དེ་ཉིད་ལ་འཇོག་ཅིང་ཞི་གནས་སྐྱེད་བར་བྱེད་བའོ། །ཡང་དག་པར་སྟོན་པར་བྱེད་པ་ནི་ལྷག་མཐོང་སྐྱེད་བར་བྱེད་པའོ། །ངེས་པར་སྟོན་པར་བྱེད ་བ་ནི་མངོན་སུམ་དུ་བྱེད་པས་སོ། །ཡོངས་སུ་ཐོབ་པར་བྱེད་པ་ནི་འབྲས་བུར་གྱུར་པའི་ཆོས་ཐོབ་པར་བྱེད་པའོ། །ངེས་པར་ཐོབ་བར་བྱེད་བ་ནི་དེ་ཉིད་མཐར་ཕྱིན་པར་འདྲེན་པ་སྟེ། ཐམས་ཅད་ཀྱང་མེད་དོ་ཞེས་བྱ་བ་དང་སྦྱར་རོ། །དེ་ཐམས་ཅད་ག་ལས་ཤེ་ན། ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །འདི་སྟོན་བ་ཐོས་ནས་ལྷ་རྣམས་ཀྱི་གང་བྱས་པ་དེ་ནི། དེ་ནས་ལྷའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེ་བོ་མང་པོའི་ཚོགས་དགའ་བསྐྱེས་ནས་ཅ་ཅོ་ནི་ཀུ་ཅོའོ། །དེ་ཉིད་ནི་ག་ཞ་ཡིན ་ཏེ་།སྐད་ཤིན་ཏུ་མཐོན་པོར་འབྱིན་པའོ། །འདི་ནི་ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་བསྐོར་བ་མ་ཡིན་ཏེ། གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ། །ཆོས་གང་ལ་ཡང་མང་དོ་ཞེས་བྱ་བ་ནི་།ཆོས་ཀྱི་འཁོར་ལོས་གཞན་པ་ཡང་ངོ། །གང་ལས་ཆོས ་ཐམས་ཅད་ལ་ཆགས་པ་མེད་པ་ཞེས་བྱ་བ་ནི་ཆགས་པའི་དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གང་བླ་ན་མེད་ཅེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །ཆོས་ཐམས་ཅད་ནི་དམིགས་པ་མེད་དེ། གང་གི་ཕྱིར་བྱང་ཆུབ་པར་འགྱུར་བའི་ཆོས ་གང་ཡིན་པ་དེ་ཡང་མེད་དོ་ཞེས་སྟོན་ཏོ། །གང་གི་ཕྱིར་རྣམ་པར་བྱང་བའི་ཆོས་གང་ཞིག་གང་ལ་སྟོན་པར་འགྱུར་བ་ནི་མེད་དོ། །མངོན་པར་མ་གྲུབ་པ་ནི་མ་སྐྱེས་བའོ། །ཆོས་གང་ཡང་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའོ། །སྟོང་པ་ཉིད་ལ་སོགས་བའི ་ཏིང་ངེ་འཛིན་གསུམ་ནི་རྣམ་པར་བྱང་བ་རྣམས་ཀྱི་དཔེར་བརྗོད་པའོ། །བསྟན་པ་ནི་དོན་དམ་པ་བརྟན་པའོ། །སུས་ཀྱང་བསྟན་པ་མེད་ཅེས་བྱ་བ་ལ་སོགས་པ་ནས། སྦྱིན་པའི་གནས་སུ་བྱས་པ་མེད་དེ་ཞེས་བྱ་བ་ག་ལས་ཤེས་ཤེ་ན། གང་ཟག་གི་དངོས་པོ ་འདི་ཉིད་མེད་པའི་ཕྱིར་ཞེས་དགོངས་སོ། །ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་བསྟན་ནས། སྦྱོར་བ་བསྟན་པར་བྱ་སྟེ། དེ་ཡང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཡིན་ལ། དེ་བསྟན་པའི་ཕྱིར་དུ་བསྟན་བཅོས་ལས། རྣམ ་པ་སྦྱོར་བ་བཅས་པ་དང། །ཡོན་ཏན་སྐྱོན་མི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང། །ཞིང་དག་བླ་ན་མེད་པ་ནི་།རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ།། ་འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པར་དག་དང་སྦྱོར་བ་དག་དང། ཡོན་ཏན་དག་དང། སྐྱོན་དག་དང། མཚན་ཉིད་དག་དང། ཐར་པའི་ཆ་དང། མཐུན་པ་དང། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། ཕྱིར་མི ་ལྡོག་པའི་དགེ་འདུན་དང། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང། ཐབས་ལ་མཁས་པ་སྟེ། དངོས་པོ་བཅུ་གཅིག་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །ཇི་ལྟར་བསྟན་པ་བཤད་པ་ལ། ་དང་པོའི་རྣམ་པ་བཤད་པ་ནི་བསྟན་བཅོས་ལས། གཞི་དང་ཡེ་ཤེས་རྣམ་པ་ཡི། །རྣམ་པ་ཤེས་བྱ་མཚན་ཉིད་དོ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་བྱ་བ་གསུངས་ཏེ། གཞི་ནི་དམིགས་པ་སྟེ། འཕགས་པའི ་བདེན་པ་བཞི་ལ་སོགས་པའོ། །དེའི་ཡེ་ཤེས་དེ་ཉིད་རྣམ་པ་ནི་རྣམ་པ་གང་གིས་དེ་ཡོངས་སུ་ཤེས་པར་བྱའོ། །དེ་དག་གི་རྣམ་པ་ཞེས་བྱ་བའི་མཚན་ཉིད་ནི་མིང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་རྣམས་ཞེས་བྱ་བའི་ཚིག་ཡིན་ཡང་།རིགས་ཀྱི་དབང་དུ ་བྱས་ནས་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་རྣམ་པ་གསུམ་ཇི་ལྟར་ཡིན་ཞེ་ན་། ཐམས་ཅད་ཤེས་པ་ཉིད་དང། ལམ་ཤེས་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ལ་དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན ་ཏེ། འདིར་བསྟན་བཅོས་ལས། མེད་པའི་རྣམ་བ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོར་ལ་བཞི་དང། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་གསུངས་ཏེ། འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་མེད་པའི་རྣམ་པ ་ནས་བརྩམས་ནས་།མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་མི་གཡོ་བའི་རྣམ་པའི་བར་རོ། །དེ་དག་ལས་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དག་ལ་བཞི་བཞི་དང། ལམ་གྱི་བདེན་པ་ལ་ནི་ལྷག་མ་བཅོ་ལྔའོ། །མ་མཆིས ་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པས་ན། མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་འོག་མ་དག་ལ་ཡང་སྦྱར་རོ། །དེ་ལ་སྡུག་བསྔལ་གྱི་གཞི་ནི་མེད་པ་དང། མཉམ་པ་ཉིད་དང། དབེན་པ་དང་། མི ་རྫི་བའོ། །ནམ་མཁའ་མ་མཆིས་པ་ཞེས་བྱ་བ་ནི་ནམ་མཁའ་མ་མཆིས་པ་བཞིན་དུ་གཟུགས་ལ་སོགས་པ་མེད་པ་སྟེ། ཇི་ལྟར་ན་མཁའ་གཟུགས་ཅན་གྱི་རྫས་མེད་པའི་མཚན་ཉིད་ཡིན་པ་དེ་བཞིན་དུ། གཟུགས་ལ་སོས་པ་རང་གི་མཚན་ཉིད་མེད ་པའོ། །ཆོས་ཐམས་ཅད་དམིགས་སུ་མ་མཆིས་པ་དང་མཉམ་པ་ཞེས་བྱ་བ་བདེ་བ་དང། སྡུག་བསྔལ་གྱི་ཆོས་ཐམས་ཅད་དམིགས་སུ་མེད་བར་མཉམ་པ་ཉིད་དོ། །ཤིན་ཏུ་སྟོང་པ་ཞེས་བྱ་བ་ནི་གང་ཟག་གི་ངོ་བོས་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ། །གནོད ་པར་བྱེད་པ་ནི་སྡུག་བསྔལ་ལོ། །གནོད་པ་བྱང་རུང་བ་ཡིན་པར་རྫི་བའི་བདག་ཉིད་དོ། །མི་རྫི་བའི་བདག་ཉིད་ནི་བདག་མེད་པ་སྟེ། དེའི་རྣམ་བ་ཡིན་པའི་ཕྱིར་མི་རྫི་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་གནོད་པར་བྱ་བ་དང་།གནོད་པར ་བྱེད་པ་རྣམས་དམིགས་སུ་མེད་པ་ཉིད་ཀྱིས་མི་དམིགས་པ་ཉིད་དོ། །ཀུན་འབྱུང་གི་གཞི་ནི། འདི་ལྟར་གནས་ནི་རྒྱུ་སྟེ། སྔོན་གྱི་ཕུང་པོ་རྣམས་སོ། །ངོ་བོ་ཉིད་ནི་བདག་ཉིད་ཀྱི་དངོས་པོ་སྟེ། ལུས་ཀྱི་ལས་སོ། །བརྗོད་པ་ནི་ངག་གི་ལས་སོ། ། ་མིང་ནི་ཡོད་ཀྱི་ལས་དང་ཉོན་མོངས་པའོ། །འདི་བདག་མེད་པའི་གོ་རིམ་བཞིན་དུ་། གནས་མེད་པ་དང། ངོ་བོ་ཉིད་མེད་པ་དང། བརྗོད་པ་མེད་པ་དང། མིང་མེད་པ་སྟེ། དེ་དག་གི་ངོ་བོ་ཉིད་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །མིང་མ་མཆིས ་ཤིང་ལུས་མ་མཆིས་པ་ཞེས་བྱ་བ་ལ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོའོ། །ལུས་ནི་གཟུགས་ཅན་གྱི་ཕུང་པོ་སྟེ། དེ་གཉིས་མེད་པ་ནི་མིང་མེད་ཅིང་ལུས་མེད་པའོ། །འགྲོ་བ་དང་འོང་བ་ནི་ལུས་ཀྱི་ལས་སོ། །དེ་མེད་པ་ནི་འགྲོ་བ་དང ་འོང་བ་མེད་པའོ། །བརྗོད་པའི་རྒྱུ་ནི་རྟགས་པའོ། །དེ་མེད་པ་ནི་རྟོགས་ཕ་མེད་པའོ། །འགོག་པའི་གཞི་ནི་འདི་ལྟར་འགྲོ་བ་འམ། ཟད་པ་འམ། སྐྱེ་བ་འདི་དག་མེད་པ་ནི་གོ་རིམ་བཞིན་དུ་འགྲོ་བ་མེད་པ་དང། གཟུང་བ་མེད་དང། ཟད་པ་མེད་པ་དང། སྐྱེ་བ ་མེད་པ་སྟེ་དེའི་ངོ་བོ་ཉིད་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་འགྲོ་བ་མེད་པ་སྟེ། འགྲོ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུང་དུ་མེད་པ་སྟེ། ཆོས་ཀྱི་ཆོས་མི་འཛིན་པའི་ཕྱིར་རོ། །ཟད་པ་ཉིད་ནི་ཆོས་ཏེ་རྒྱུ་དང་མི་ལྡན་པའི ་ཕྱིར་རོ། །དེ་མི་ལྡན་པ་ནི་མི་ཟད་པ་དང་ལྡན་པའི་ཕྱིར་རོ། །མངོན་པར་གྲུབ་པ་ནི་སྐྱེས་པ་སྟེ་། དེ་མེད་པ་ནི་མངོན་པར་མ་གྲུབ་པའོ། །ལམ་གྱི་བཅོ་ལྔ་ནི་བྱེད་པ་པོ་དང། ཤེས་པ་པོ་དང། མཐོང་བ་པོ་མེད་པ་དང། འཕོ་བ་མེད་པ་དང། འཇིག ་པ་མེད་པ་དང། རྨི་ལམ་དང། སྒྲ་བརྙན་དང་།མིག་ཡོར་དང། སྨིག་རྒྱུ་དག། སྒྱུ་མ་དང། ཀུན་ནས་ཉོན་མོངས་པ་མེད་པ་དང། རྣམ་པར་བྱང་བ་མེད་པ་དང། གོས་པ་མེད་པ་དང། སྤྲོས་པ་མེད་པ་དང། རློམ་བ་མེད་པ ་དང། གཡོ་བ་མེད་པ་སྟེ་བྱེད་པ་པོ་མེད་པ་ལ་སོགས་པ་ནི་བྱེད་པ་པོ་མེད་པའི་ཕྱིར་དེ་ནི་ཕ་རོལ་ཏུ་ཕྱིན་པའོ། །ལམ་ནི་བྱེད་པ་པོ་མེད་པ་སྟེ། དེས་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། །ལམ་ནི་ཤེས་པ་པོ་དང་མཐོང་བ་པོ་མེད་པ་སྟེ། དེས་ཤེས ་པ་པོ་དང་མཐོང་བ་པོ་དམིགས་སུ་མེད་པའི་ཕྱིར་རོ། །ལམ་ནི་འཕོ་བ་མེད་པ་སྟེ་དེས་འཆི་འཕོ་དང་སྐྱེ་བ་མེད་པ་མཐོང་བའི་ཕྱིར་རོ། །ལམ་ནི་འཇིགས་པ་མེད་པ་སྟེ་དུས་གསུམ་གྱི་ཆོས་རྣམས་རང་བཞིན་གྱིས་འཇིག་པ་མེད་པར་རྟོགས་པའི་ཕྱིར་རོ།། ་རྨི་ལམ་ལ་སོགས་པ་དང་འདྲ་བའི་ཕྱིར་རྨི་ལམ་ལ་སོགས་པའོ། །ལམ་ནི་རྨི་ལམ་སྟེ་མཐོང་བར་བྱ་བ་མེད་ཀྱང་དོན་མཐོང་བའི་ཕྱིར་རོ། །ལམ་ནི་བྲག་ཅ་སྟེ་སྒྲ་མེད་ཀྱང་སྒྲར་དམིགས་པའི་ཕྱིར་རོ། །ལམ་ནི་མིག་ཡོར་ཏེ་གཟུགས་བརྙན་ནོ། །དེ་ནི་དོན ་མེད་ཀྱང་དོན་མཐོང་བའི་ཕྱིར་རོ། །ལམ་ནི་སྨིག་རྒྱུ་སྟེ་ཆུའི་ཕུང་པོ་མེད་ཀྱང་། སྐོམ་གྱིས་གདུངས་པའི་འཇིག་རྟེན་རྣམས་ལ་སྣང་བའི་ཕྱིར་རོ། །ལམ་ནི་སྒྱུ་མ་སྟེ་མཚན་མ་མེད་ཀྱང་སྣང་བའི་ཕྱིར་རོ། །སྐྱེ་བ་མ་མཆིས་ཤིང་རྣམ ་བདག་བར་མི་བགྱིད་པ་ཞེས་བ་ནི་གང་གི་ཕྱིར་ལམ་ནི་ལྔ་པོ་དག་ཀྱང་སྐྱེ་བ་མེད་པར་སྟོན་བ་སྟེ། སྣང་བའི་རྒྱུ་མེད་པར་ཡང་དེ་ལྟ་དེ་ལྟར་སྣང་ཕྱིར་རོ། །ལམ་ནི་ཀུན་ནས་ཉོན་མོངས་པ་མེད་པ་སྟེ་དེས་འདོད་ཆགས་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། ། ་ལམ་ནི་རྣམ་པར་བྱང་བ་མེད་པའི་སྟེ་དེས་ཀུན་ནས་ཉོན་མོངས་པའི་སེམས་ཅན་མི་དམིགས་པའི་ཕྱིར་རོ། །ལམ་ནི་གོས་པ་མེད་པ་སྟེ་དེས་ནམ་མཁའ་ལྟར་ཆོས་རྣམས་ལ་གོས་པ་མེད་པར་མཐོང་བའི་ཕྱིར་རོ། །ལམ་ནི་སྤྲོས་པ་མེད་པ་སྟེ་སྤྲོས་པའི་གཉེན་པོ་ཡིན ་པའི་ཕྱིར་རོ། །ལམ་ནི་རློམ་སེམས་མེད་པ་སྟེ་རློམ་སེམས་ཅན་ཐམས་ཅད་ཡང་དག་པར་བཅོམ་པ་ཉིད་ཀྱི་ཕྱིར་རོ། །ལམ་ནི་གཡོ་བ་མེད་པ་སྟེ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་པས་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པའོ། །དེ་ནས་ལམ ་ཤེས་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དྲུག་ནི་ཡང་བསྟན་བཅོས་ལས། །རྒྱུ་དང་ལམ་དང་སྡུག་བསྔལ་དང། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་བྱ་བ་གསུངས་ཏེ། རྒྱུ་ནི་ཀུན་འབྱུང་སྟེ། དེ ་བས་ཀུན་འབྱུང་བ་དང། ལམ་དག་ནི་དང་པོས་བསྟན་ཏེ་འབྲས་བུའི་ཐབས་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་དང་འགོག་པ་ནི་ཕྱིས་བསྟན་ཏེ་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གི་རྣམ་པ་ནི་གོ་རིམ་བཞིན་དུ་བརྒྱད་དང། བདུན་དང། ལྔ་དང། །བཅུ ་དྲུག་ཏུ་བསྒྲགས་པ་ནི་གསུངས་པ་སྟེ། མདོ་ལས་སོ། །དེ་ལ་ཀུན་འབྱུང་གི་བརྒྱད་ནི་འདོད་ཆགས་དང་བྲལ་བ་དང། ཀུན་ནས་ལྡང་པ་མེད་པ་དང་། ཞི་བ་དང། སྐྱོན་མེད་པ་དང། ཉོན་མོངས་པ་མེད་པ་དང། སེམས་ཅན་མེད་པའོ།། ཇི་ལྟ་ཡིན་ཞེ་ན། ་སྐྱོན་མེད་པ་ཞེས་བྱ་བ་ནི་འདོད་ཆགས་མེད་པ་དང་། ཞེ་སྡང་མེད་པ་དང། གཏི་མུག་མེད་པ་གསུམ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་ནི་སྔོན་གྱི་ཕུང་པོ་ལྔ་རྣམས་སོ། །ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་ཆགས་པ་ནི་འདོད་ཆགས་ཏེ། གང་ལས་འདོད ་ཆགས་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བ་སྟེ་ཀུན་འབྱུང་ངོ། །ཆོས་ཐམས་ཅད་མ་ལོག་པའི་དེ་བཞིན་ཉིད་ཀྱི་སླད་དུ་ཞེས་བྱ་བ་ལ། ལོག་པ་ཉིད་དུ་བརྟགས་པའི་ངོ་བོ་ཉིད་ཀྱི་སྟོང་པའོ། །ཀུན་ནས་ལྡང་བ་ནི་ཉོན་མོངས་པའི་རྒྱུ་རྣམ་པར་རྟོགས་པའོ། དེ་འདི ་ལ་ཡོད་པ་མ་ཡིན་པས་ཀུན་ནས་ལྡང་པ་མེད་པ་སྟེ་ཀུན་འབྱུང་ངོ། །ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་འཛིན་པ་མེད་པ་ཉིད་ཀྱི་ཕྲ་རོ། །ཞི་བ་ནི་ཀུན་འབྱུང་འགགས་པ་ཞེས་བྱ་བའི་དོན་ཏོ། །དེ་ག་ལས་ཤེས་ན། ཆོས་ཐམས་ཅད་ཀྱི་མཚན་མ་ནི ་ཆོས་ཐམས་ཅད་མི་སྣང་བ་སྟེ་དོན་དམ་པར་སྣང་བ་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདོད་ཆགས་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང། ཞེ་སྡང་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང། གཏི་མུག་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ ་ནི་འདོད་ཆགས་དང། ཞེ་སྡང་དང་།གཏི་མུག་ཟད་པའི་ཕ་རོལ་ཏུ་ཕྱིན་པའོ། ཉོན་མོངས་བ་ཐམས་ཅད་མེད་པ་ནི་ཉོན་མོངས་པ་མེད་པ་སྟེ་ཀུན་འབྱུང་ངོ། །ཡོངས་སུ་རྟོག་པ་མ་མཆིས་ཞེས་བྱ་བ་ནི་ཉན་ཐོས་ཀྱིས་ཡོད་པར་རྟོགས་པའོ། །གཞན་ཡང་སེམས་ཅན ་ཉིད་ནི་ཉོན་མོངས་པ་དང། སྡུག་བསྔལ་བར་འགྱུར་པ་ཡིན་ཏེ།། དེ་མེད་པས་ན་སེམས་ཅན་མེད་པའོ། །ཡང་དག་པའི་མཛའ་ཞེས་བྱ་བ་ནི་ཆོས་དང་གང་ཟག་གི་སྟོང་པ་ཉིད་དོ། །ལམ་གྱི་བདུན་ནི་ཚད་མེད་པ་དང། མཛའ་གཉིས་སུ་མི་རྟོག་པ་དང། ཐ་མི་དད་པ ་དང། མཆོག་ཏུ་མི་འཛིན་པ་དང། མི་རྟོག་པ་དང། དཔག་ཏུ་མེད་པ་དང། ཆགས་པ་མེད་པའོ། །ལམ་ནི་ཚད་མེད་པ་སྟེ་།ཆོས་ཐམས་ཅད་ཀྱི་ཀུན་ནས་ལྡང་བའི་ཀུན་ནས་ལྡང་བ་མེད་པ་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར་རོ། །ལམ་ནི་མཛའ་གཉིས་སུ་མི ་རྟོག་བ་སྟེ། ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་དེའི་སྟོང་པ་ཉིད་སྣང་ཞིང་རྟོགས་པའོ། །ཐ་དད་པ་མེད་པ་ནི་ལམ་མོ། །དབྱེར་མ་མཆིས་པ་ཞེས་བྱ་བ་ནི་དབྱེ་བ་མི་དམིགས་པའི་ཕྱིར་རོ། །ལམ་ནི་མཆོག་ཏུ་མི ་འཛིན་པ་སྟེ། དེས་དམན་པའི་ཐེག་པ་ལ་མི་རིག་པའི་ཕྱིར་རོ། །མི་རྟོགས་པ་ནི་ལམ་མོ། །རྣམ་པར་རྟོག་པ་མཉམ་པ་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མི་དམིགས་པའི་ཕྱིར་རོ། །དཔག་ཏུ་མེད་པ་ནི་ལམ་མོ། །ཆོས་ཉིད་ཚད་མ་མཆིས་པ་ཉིད་ཀྱི་སླད་དུ་ཞེས ་བྱ་བ་ནི་ཆོས་ཉིད་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །ཆགས་པ་མེད་པ་ནི་ལམ་མོ། །ཆོས་ཐམས་ཅད་ལམ་ཆགས་པ་ཞེས་བྱ་བ་ནི་དམིགས་པ་མེད་པའོ། །སྡུག་བསྔལ་གྱི་ལྔ་ནི་མི་རྟགས་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད ་པ་དང། མཚན་ཉིད་མེད་པ་སྟེ། སྡུག་བསྔལ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔའོ། །དེ་ལ་མི་རྟག་པར་རྟག་པ་མ་ཡིན་པའོ། །སྡུག་བསྔལ་ནི་སྡུག་བསྔལ་སྟེ་མི་མཐུན་པའི་ཕྱོགས་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །སྡུག་བསྔལ་ནི་སྟོང་པ་ཉིད་དེ ་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །སྡུག་བསྔལ་ནི་བདག་མེད་པ་ཉིད་དེ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་རོ། །འདུས་བྱས་ཀྱི་ཆོས་གསུམ་ནི་སྐྱེ་བ་དང། རྒ་བ་དང། མི་རྟག་པའོ། །དམར་པ་ནི་མཚན་ཉིད་ ་མེད་པ་སྟེ་སྡུག་བསྔལ་ལོ། །མངོན་པར་མ་གྲུབ་པ་ཞེས་བྱ་བ་ནི་ཇི་ལྟར་སྣང་བ་དང། ཇི་ལྟར་དོན་དམ་པ་ནི་འདུས་མ་བྱས་པའི་ཕྱིར་རོ། །འགོག་པའི་ནི་བཅུ་དྲུག་སྟེ། དེའི་ཕྱིར་འགོག་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་དག་པ་ཡིན་ཏེ་སྟོང་པ་ཉིད་དང་ཐ་མི་དད་ཅིང ་ཐ་དད་པར་བྱེད་པ་མི་དམིགས་པའི་ཕྱིར་རོ། །དེ་བས་ན་ནམ་མཁའ་བཞིན་དུ་མཛའ་ཡས་མུ་མེད་པའོ། །དུས་གསུམ་དང་རྒྱ་ཆེར་ཡོངས་སུ་མ་ཆད་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་ཡིན་ལ། །དེས་ན་གོ་རིམ་བཞིན་དུ་སྦྱར་ཏེ། དེ་ནི་འདི་རོ་གཅིག་པ་ཡིན་ནོ། ། ་དེའི་ཕྱིར་སྟོང་པ་ཉིད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་མཛའ་ཡས་མུ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལ། དེ་ནི་ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་བར་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །དེ་བས་ན་འགོག་པའི ་བདེན་པ་ནི་རྣམ་པ་བཅུ་དྲུག་ཡིན་ཏེ། དེ་ནི་ལམ་ཤེས་པའི་རྣམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་ནི་བརྒྱ་རྩ་བཅུ་སྟེ། །གང་གི་ཕྱིར་བསྟན་བཅོས་ལས། །ཀུན་མཁྱེན་ཉིད་གསུམ་བྱེ་བྲག་གིས། །ལམ་གྱི་བདེན་པ་དང་མཐུན་པར། །དྲན་པ་ཉེར་གཞག ་ནས་བཟུང་སྟེ། ཐ་མ་སངས་རྒྱས་ཉིད་རྣམ་པར། །སློབ་མ་བྱང་ཆུབ་སེམས་དཔའ་དང། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད།། ཅེས་བྱ་བ་གསུངས་ཏེ། དེའི་དབང་དུ་བྱས་ནས། བཅོམ ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་ནས་ལེའུ་རྫོགས་པའི་བར་གྱིས་གསུངས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ ་སྡེ་མཚན་རྣམ་པ་བདུན་རེ་རེ་ནས་ཕྱོ་བས། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དུ་འགྱུར་ཏེ་། དེ་དག་རེ་རེ་ལ་ཡང་མི་དམིགས་པའི་རྣམ་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །ལུས་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་ནས་ཡང་དག་པའི ་ཏིང་ངེ་འཛིན་ཞེས་བྱ་བའི་བར་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ལམ་ལོ་བརྟེན་པའོ་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་སུམ་ཅུ་རྩ་བདུན་ནོ། །དེ་ནས་རྣམ་པར་ཐར་པའི་སྒོ་གསུམ་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མཚན་མ་མེད ་པའི་ཕ་རོལ་ཏུ་ཕྱིན་པ་དང། སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མི་དམིགས་པའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ནི་དང་པོའི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང། གཉིས་པའི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ ་དང། སྡུག་བའི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང་།ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང། ཅུང ་ཟད་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་དང། །འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་རྣམ ་པར་ཐར་པ་བརྒྱད་མི་དམིགས་པའི་ཕྱིར་རོ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་དེའི་ཕྱིར་བསམ་གཏན་དང་པོ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ནས་བསམ་གཏན་བཞི་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་བར་དང། ནམ ་མཁའ་མཛའ་ཡས་སྐྱེ་མཆེད་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ནས་འདུ་ཤེས་དང་ཚོར་བ་འགོག་པ་ལ་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ཏེ། བསམ་གཏན་དང་པོ་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །སྡུག་བསྔལ་གྱི་ཕ་རོལ ་ཏུ་ཕྱིན་པ་དང། ཀུན་འབྱུང་གི་ཕ་རོལ་ཏུ་ཕྱིན་པ་དང། འགོག་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བདེན་པ་བཞི་མི་དམིགས་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། །དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས ་ཐབས་དང་སྨོན་ལམ་དང། སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་།དེ་དག་གི་མི་མཐུན་པའི་ཕྱོགས་དེ་མི་དམིགས་པའི་ཕྱིར་རོ། དེ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་ལ་གནས་པའི་རྣམ་པ་སུམ་ཅུ་རྩ་བཞིའོ། །སྟོབས་ཀྱི་ཕ་རོལ་ཏུ ་ཕྱིན་པ་ནི་སྟོབས་བཅུ་སྟེ་དེའི་ཕྱིར་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའོ། །མི་རྫི་བའི་སླད་དུའོ་ཞེས་བྱ་བ་དེ་ནི་ཡང་སྟོབས་ཀྱི་དོན་ཏོ། །མི ་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་བཞི་སྟེ། །མངོན་བར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་དང། །ཟད་པ་ཟད་པ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་དང། ངེས་པར་འབྱུང་བའི་ཆོས་རྣམས་ལ་མི་འཇིགས་པའི ་ཕ་རོལ་ཏུ་ཕྱིན་པ་དང། །བར་དུ་གཅོད་པའི་ཆོས་རྣམས་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའི་ཤིན་ཏུ་མ་ཞུམ་པ་ཞེས་བྱ་བ་ནི་མི་འཇིགས་པའི་དོན་ཏེ། །སོ་སོ་ཡང་དག་པར་རིག་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་དང། ་དོན་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་དང་།སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་དང་།དོན་དང། ངེས་པའི་ཚིག་དང ་སྤོབས་པ་རྣམས་ཤེས་ཤིང་ཡང་དག་པར་རིག་པའོ། །དེ་ལ་ཆགས་པ་མེད་པ་དང། ཐོག་པ་མེད་པ་ཞེས་བྱ་བ་ནི་དེ་ལ་ཆགས་པ་མེད་པ་དང། ཐོག་པ་མེད་པར་ནུས་པའོ། །དེ་ནི་སོ་སོར་ཡང་དག་པར་རིག་པའི་དོན་ཏོ། །སངས་རྒྱས་ཀྱི་ཆོས ་མ་འབྲེས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། །སངས་རྒྱས་གྱི་ཆོས་ཀྱང་ཡིན་ལ་མ་འདས་པ་ཡང་ཡིན་པས་ན་།སངས་རྒྱས་ཀྱི་ཆོས་མ་འདྲེས་བའོ། །གཞན་དག་དང་ཐུན་མོང་མ་ཡིན་པའི་ཕྱིར་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། ་ཐམས་ཅད་ཀྱང་ཡིན་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་དོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཅེས་བྱ་བའི་དོན་ཏོ། །དེ་དག་གི་རྣམ་པ་ཉིད་ཀྱིས་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །འདི་ལྟ་སྟེ། འཁྲུལ་པ་མེད་པ་དང་།ཅ་ཅོ་མེད་བ་དང། ་དྲན་པ་ཉམས་པ་མེད་པ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་གསུམ་དང། ཐུགས་མཉམ་བར་བཞག་ཕ་མི་མངའ་བ་དང། །ཐ་དད་བའི་འདུ་ཤེས་མི་མངའ་བ་དང། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་དད། འདུན་པ ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང། ལུས་དང། ངག་དང། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན ་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་གསུམ་དང། དུས་གསུམ་ཐམས་ཅད་ལམ་ཆགས་པ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་གསུམ་སྟེ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན ་པའོ། །འགྲང་བའི་ཚུལ་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ལ། འདྲ་བར་སེམས་པ་ནི་བགྲང་བའོ། །དེའི་ཚུལ་ནི་ལྡན་པ་སྟེ་འདྲེས་པའོ། །དེ་ལ་ཤིན་ཏུ་འདས་པ་ནི་འདས་པ་སྟེ། དེ་ནི་མ་འདྲེས་པའི་དོན་ཏོ། །ཇི་ལྟ་བའི་ཆོས་དེ་ཁོ་ན་བཞིན་དུ ་གསུངས་པས་ན་དེ་བཞིན་གཤེགས་པའོ། །དེའི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་ཉིད་དེ་དེའི་ངོ་བོ་ཉིད་དེའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་ནི་སངས་རྒྱས་ཐམས་ཅད་ཀྱི་བཀའ་ཨོ། །དེ་དག་གི་མ་ལོགས་པ་དེ་བཞིན་ཉིད་ནི་བདེན ་པ་ཉིད་ཀྱི་ཕྱིར་རོ། །རང་བྱུང་གི་ཕ་རོལ་ཏུ་ཕྱིན་བ་ཞེས་བྱ་བ་ལ་བྱུང་ཞེས་བྱ་བའི་སྒྲ་ནི་འཇུག་པའི་དོན་ལ་འཇུག་སྟེ། དོན་གཞན་ལ་འཇུག་པ་ཞེས་བྱ་བའི་ཁོངས་སུ་གཏོག་པའི་དོན་ཏོ། །རང་ཞེས་བྱ་བ་ནི་བདག་ཉིད་དེ་སེམས་ཞེས་བྱ་བའི་དོན་ཏེ། ་སེམས་ཀྱིས་ཆོས་ཐམས་ཅད་ལ་འཇུག་པར་བྱེད་པའི་ཕྱིར་རང་འབྱུང་ངོ། །དེའི་ངོ་བོ་ཉིད་ནི་དེའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་ཕྱིར་ཡུམ་ཆེན་མོ་ལས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་ཞེས་གསུངས་ཏེ། འདིའི་དོན་བསྟན་པ་ནི་དོན ་གཞན་རྣམ་བདག་ཅད་པའི་ཕྱིར། །བཅོམ་ལྡན་འདས་མ་ལས་གཏན་ཚིགས་འདི་གསུང་སོ། །ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པའི་སླད་དུ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནི་རང་གི་ངོ་བོ་ཉིད་མེད་པ་ཉིད་དོ། །གལ་ཏེ་འདི་ངོ ་བོ་ཉིད་ཡོད་པར་གྱུར་ན་ནི་དེའི་ཚེ་སེམས་ཕྱིན་ཅི་ལོག་པར་འགྱུར་ན། གང་གི་ཕྱིར་སེམས་ཕྱིན་ཅི་ལོག་པ་དེ་པས་ན་དེ་བཞིན་གཤེགས་པ་རྣམས་དབང་སྒྱུར་རོ་ཞེས་བསམས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སངས་རྒྱས་ཉིད་ཅེས་བྱ་སྟེ་དོན་གཅིག་གོ་།དེའི་ཕྱིར ་ཡུམ་ཆེན་མོ་དག་ལས་སངས་རྒྱས་ཉིད་ཀྱི་རྣམ་པ་ཞེས་ཐ་མར་གསུངས་སོ། །འདིར་ནི་རྣམ་པ་ཐམས་ཅད་མཁྱེན་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང། རྣམ་པ་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ཐམས་ཅད ་དོ། །དེ་དག་མཁྱེན་བ་ནི་དེའི་ངོ་བོ་སྟེ། དེ་ཉིད་དེ་དེའི་སླད་དུའོ། །སངས་རྒྱས་ཀྱི་ལམ་ལ་བརྟེན་པ་སུམ་ཅུ་རྩ་དགུ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པའོ། །རྣམ་ཀུན་མཁྱེན་ཉིད་རྣམ་པ་ལ། །གཅིག་ཏུ་བསྡུས་ནས་བརྒྱ་དང་བཅུ། །ཐམས་ཅད་མཁྱེན་ཉིད་རྣམ ་གསུམ་ལ། །བརྒྱད་བདུན་ཅུ་རྩ་གསུམ་མོ། །བཅོམ་ལྡན་འདས་མ་ལ་རྣམ་པ་འདི་རྣམས་ཀྱིས་བསྟོང་དེ་དེས་ན་བསྟོད་པའི་དོན་གྱི་ལེའུ་ནི་བསྟོན་པའི་ལེའུ་འོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་། ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་དགུ་པའོ། །།རྣམ་པ་བསྟན་ནས་དེ་དག་གི་སྦྱོར་བ་བཤད་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་མཐོས་པ་ཡང་རྙོད་པར་དཀའ་ན། རབ་ཏུ་སྦྱོར ་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་ལས། །སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་ཤེས་ཀྱིས་མགོན་བཅས་པ། འདི་མཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བསྟེན་དང་ཀུན་འདྲི ་དང། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་རྡོ་རྗེ་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བྱ་བ་གསུངས་ཏེ། གང་དག་སྔོན་གྱི་སངས་རྒྱས་ལ་ལྷག་པར་བྱ་བ་བྱས་ཤིང་བསོད་ནམས་བསགས་པ་དང། ཚུལ་ཁྲིམས ་དང་ཐོས་པ་ལ་སོགས་པས་དགེ་བའི་རྩ་བ་བསྐྱེད་པ་དང། དགེ་བའི་གཤེགས་གཉེན་གྱི་ཡོངས་སུ་བཟུང་བ་དེ་ཉིད་ནི་བཅོམ་ལྡན་འདས་ཡུམ་འདི་ཉན་པ་ལ་ཐོས་པ་སྣང་བའི་སྣོད་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་ཡང་སྔོན་གྱི ་སྐྱེ་བདག་ཏུ་སངས་རྒྱས་མང་པོ་ལ་བསྙེན་བཀུར་དང། ཡོངས་སུ་འདྲི་བ་དང་ལྡན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་དེ་བཞིན་དུ་བཅོམ་ལྡན་འདས་ཡུམ་འཛིན་པ་ནས་དེ་བཞིན་ཉིད་དུ་སྒྲུབ་པའི་བར་གྱི་སྣོད་དུ་འགྱུར་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ཉིད ་ཀྱི་ཕྱིར་བཅོམ་ལྡན་འདས་ཡུམ་འདི་འཛིན་པ་ནས་དེ་བཞིན་ཉིད་དུ་རྣ་ལམ་དུ་གྲགས་ཅིང་རྟོག་པ་ནི་ངེས་པར་དེ་དག་གིས་ལྷག་པར་བྱ་བ་བྱས་པ་ལ་སོགས་བ་ཡོན་ཏན་གསུམ་དང་ལྡན་པ་ཡིན་ནོ། །དེ་དག་འཛིན་པ་ལ་སོགས་པ་སྣང་བ་དང། དེ་བཞིན་ཉིད ་དུ་སྒྲུབ་པ་དེ་དག་ནི་ལྷག་པར་བྱ་བ་བྱས་བ་ལ་སོགས་པ་ཡོན་ཏན་གསུམ་དང་ལྡན་པ་དང། སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལ་སོགས་པར་ངེས་པ་ཡིན་ཏེ། དེ་བས་ན་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས། དེ་ལྟར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གང་གསུངས་པ་ལ། དེ་བཞིན་ཉིད་དུ་སློབ་པ་དང་ཞེས་བྱ་བ་ནི་ཞི་གནས་ཀྱིས་སོ། །སྒྲུབ་པ་དང་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། །རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གིས ་སོ། །དད་པ་མ་མཆིས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པས་གསུངས་པ་ཡིན་པའི་ཕྱིར། །དེ་ཁོ་ན་ཉིད་མ་ཡིན་པར་ཡང་དག་པར་ཡིད་ཆས་དེ་ནི་དད་པའོ། །འཛིན་པར་འདོད་པ་ནི་བཟོད་པའོ། །སྤོང་བར་མི་འདོད་པ་ནི་བཟོད་པའོ། ། ་ཚིག་དང་དོན་ཉན་པར་འདོད་བ་ནི་འདུན་པའོ། །བརྩོན་འགྲུས་ནི་སྤྲོས་པའོ། །དགེ་བའི་རྩ་བའི་བར་དུ་གཅོད་པ་ཆགས་པ་དང། ཞེ་སྡང་དང། གཏི་མུག་དང། ལེ་ལོའི་གཉེན་པོ་ནི་བག་ཡོད་པའོ། །མངོན་སུམ་དང། རྗེས་སུ་དཔག་པ་དང། ཡིད་ཆེས་པའི ་ལུང་གིས་ངེས་པའི་དངོས་པོ་ལ་འདི་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་ནི་མོས་པའོ། །མི་འཕྲོག་པའི་རྟེན་བྱེད་པའི་ལས་ཅན་ཏེ། དེ་གཙོ་བོར་བྱེད་པ་ནི་ཕ་རོལ་རྟོལ་བ་ལ་སོགས་པས་མི་འཕྲོགས་པའི་ཕྱིར་རོ། །ཡོངས་སུ་དྲིས་པ་དང། ་ཡོངས་སུ་དྲི་བར་བགྱིས་པ་ཞེས་བྱ་བ་ནི་ཐེ་ཚོམ་གྱི་གནས་ཐམས་ཅད་ཡོངས་སུ་དྲིས་པ་དང། གང་གིས་ཐེ་ཚོམ་གྱི་ལན་དེ་བྱས་པས་ནི་ཡོངས་སུ་དྲ་བར་བྱས་པའོ། །དེ་ལྟར་ངོ་མཚར་ཅི་ཆེ་ཞེས་བྱ་བ་ནི་འདིར་ཅི་ཞིག་ངོ་མཚར་དུ་འགྱུར་བའོ། །འདི་ལ་མོས་པར་མི ་འགྱུར་བ་ཞེས་བྱ་བ་གང་ཡིན་པ་དེ་དག་སྦྱར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་དེ་ལྟར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཕན་ཚུན་རྒྱ་ཉིད་དུ་ངེས་པར་བསྟན་པ་ལ་ཕྱག་བྱ་བའི་དོན་དེ་དེ་ནི་རྙེད་པར ་དཀའ་བ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་སྤོབས་བ་སྐྱེས་སོ་ཞེས་བྱ་བའི་བར་གྱིས་ནི་སྦྱོར་བའི་སྐབས་འབྱེད་དོ། །སྦྱོར་བའི་དབང་དུ་བྱས་ནས་བསྟན་བཅོས་ལས། །གཟུགས་ལ་སོགས་ལ་མི་གནས་ཕྱིར། །དེ་ལ་གནས་པ་བཀག་པའི་ཕྱིར། ་དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང། །ཚེགས་ཚེན?་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང། །ངེས་འབྱུང་བར་ཆད་མེད་བཅས་དང། །བྱང་ཆུབ་ཉིད་དང་མྱུར་བ་དང། ། ་དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང། །ཚེགས་ཚེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང། །ངེས་འབྱུང་བར་ཆད་མེད་བཅས་དང། །བྱང་ཆུབ་ཉེ་དང་མྱུར་བ་དང།། ་གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང། །གཟུགས་སོགས་བསམ་མི་ཁྱད་མི་མཐོང། །གཟུགས་སོགས་དེ་ཡི་མཚན་མ་དང། །དེ་ཡི་ངོ་བོར་རྣམ་མི་རྟོག་།འབྲས་བུ་རིན་ཆེན་སྦྱིན་བྱེད་དང། །དེ་ནི་དྲེགས་? ་མཚམས་དང་བཅས། །ཞེས་བྱ་བ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་སྦྱར་བ་སྟེ། རྣམ་པ་བསྟན་ནས་དེ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ལ་མི་གནས་པ་ནི་སྦྱོར་བ་སྟེ། དེ་ལ་གནས་པ་བཀག་པའི་ཕྱིར་རོ། །གཟུགས་ལ ་སོགས་པ་ལ་མི་སྦྱོར་བ་ནི་སྦྱོར་བ་སྟེ་དེ་ལ་སྦྱོར་བ་བཀག་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱང་ཐབ་པའི་ཕྱིར་ཟབ་པའི་ཕྱིར་ཟབ་པའི་སྦྱོར་བའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་གཏིང་དཔག་དཀའ་བའི་སྦྱོར་བའོ། །དེ་བཞིན་ཉིད་དུ་ཚད་མེད ་པ་ཡིན་པའི་ཕྱིར་ཚད་མེད་པའི་སྦྱོར་བའོ། །དང་ཞེས་བྱ་བ་ནི་དེ་ལ་སྦྱོར་བ་བཀག་པའི་ཕྱིར་ཞེས་བྱ་བ་དང་སྦྱོར་རོ། །དེ་ལ་ཞེས་བྱ་བ་ནི་ཟབ་པའི་ཕྱིར་དང། །རྟོགས་པར་དཀའ་བའི་ཕྱིར་དང། ཚད་མེད་པའི་ཕྱིར་དེ་དག་ལ་སྦྱོར་བ་བཀག་པ་ནི་སྦྱོར་བ ་གསུམ་སྟེ། ཟབ་པ་ཉིད་དུ་མི་སྦྱོར་བའི་སྦྱོར་བ་དང། རྟོགས་པར་དཀའ་བ་ཉིད་དུ་མི་སྦྱོར་བ་དང་། ཚད་མེད་པ་ཉིད་དུ་མི་སྦྱོར་བའོ། །གང་ལ་སྦྱོར་བ་ཟབ་པ་ལ་སོགས་པས་སྤངས་པའི་ཕྱིར་ངན་སོང་དུ་ཡིན་རིང་དུ་གནས་ནས་ཚོགས་ཆེན ་པས་ཡུན་རིང་པོ་ནས་མངོན་པར་རྟོགས་པ་དེ་ནི་ཚོགས་ཆེན་པོས་ཡུན་རིང་བོ་ནས་མངོན་པར་རྟོགས་པའི་སྦྱོར་བའོ། །ལུང་བསྟེན་པ་ཞེས་བྱ་བ་ནི་གང་གི་ཕྱིར་སྦྱོར་བས་རིང་པོར་མི་ཐོགས་པར་ལུང་བསྟན་པ་ཐོབ་པར་འགྱུར་ཏེ། དེ་ནི་ལུང་བསྟན་པ་ཐོབ ་པའི་སྦྱོར་བའོ། །ཕྱིར་མི་ལྡོག་བ་ཉིད་དང་ཞེས་བྱ་བ་ནི་གང་གི་ཕྱིར། །ཕྱིར་མི་ལྡོག་པ་ཉིད་ཐོབ་པ་དེ་ནི་ཕྱིར་མི་ལྡོག་པའི་སྦྱོར་བའོ། །ངེས་འབྱུང་ཞེས་བྱ་བ་ནི་ཡུན་རིང་པོར་བར་དུ་གཅོད་པའི་ས་ལས་ངེས་པར་འདས་པའི་སྦྱོར་བ་ནི། ངེས་པར་འབྱུང་བའི ་སྦྱོར་བའོ། །བར་ཆད་དང་ལྡན་པ་ནི་བར་ཆད་དང་བཅས་བའོ། །བར་ཆད་མེད་པར་ལུང་བསྟན་པ་ནི་བར་ཆད་མེད་པའི་སྦྱོར་བའོ། །བྱང་ཆུབ་ཉེ་དང་ཞེས་བྱ་བ་ནི་གང་གི་ཕྱིར་ཉེ་བར་རྟོགས་པ་དེ་ནི་ཉེ་བར་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའོ། ། ་སྣང་བ་ཞེས་བྱ་བ་ནི་བྱང་ཆུབ་ཅེས་བྱ་བར་སྦྱར་ཏོ། གང་གི་ཕྱིར་རིང་པོར་མི་ཐོགས་པར་འདིས་བྱང་ཆུབ་འདི་རྟོགས་པར་འགྱུར་ཏེ། དེ་ནི་མྱུར་བར་རྫོགས་བར་བྱང་ཆུབ་པའི་སྦྱོར་བའོ། །གཞན་གྱི་དོན་གྱི་སྦྱོར་བ་ནི་གཞན་གྱི་དོན་གྱི་སྦྱར་བའོ། ། ་གང་དུ་ཕུང་པོ་ལ་སོགས་པ་རྣམས་ཀྱི་འཕེལ་བ་དང། འགྲིབ་པ་མེད་པར་མཐོང་བར་དེ་ནི་འཕེལ་བ་དང། འགྲིབ་པ་མེད་པའི་སྦྱོར་བའོ། །ཆོས་དང་ཆོས་མིན་སོགས་མི་མཐོང། །ཞེས་བྱ་བ་ནི་གང་གི་ཚེ་ཆོས་ལ་སོགས་པ་ཉིད་ཀྱིས་ཆོས་རྣམས་མི་མཐོང་བ་དེའི ་ཆེན་ཆོས་ལ་སོགས་པ་མི་དམིགས་པའི་སྦྱོར་བའོ། །གཟུགས་ལ་སོགས་པ་དེ་ཡི་མཆན་མ་དང། །དེ་ཡི་ངོ་བོར་རྣམ་མི་རྟོག་།ཅེས་བྱ་བ་ནི་གཟུགས་ལ་སོགས་པ་མ་འོངས་པའི་བདག་ཉིད་ཀྱི་ངོ་བོ་?་ནི་དེའི་ངོ་བོའོ། །གསུམ་པོ་འདི་དག་ལ་སྟོང་པ་ཉིད ་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རྣམ་པར་མི་རྟོག་པའི་སྦྱོར་བའོ་།འབྲས་བུ་རིན་ཆེན་སྦྱིན་བྱེད་དང། །ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་འབྲས་བུ་རིན་པོ་ཆེ་དེ་དག་སྦྱིན་པར ་བྱེད་པ་ནི་བཅོམ་ལྡན་འདས་ཡུམ་འདི་ཉིད་ཀྱི་སྦྱོར་བ་སྟེ། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་པའོ། །དག་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་འདི་ཉིད་དག་བའི་ཕུང་པོའི་སྦྱོར་བའོ། །རྣམ་དར་དག་པའི་སྦྱོར་བའོ། །མཚམས་དང་བཅས་ཞེས་བྱ་བའི་སྦྱོ ་པ་ནི་དུས་ཇི་ཙམ་གྱིས་བཅོམ་ལྡན་འདས་ཡུམ་བྲིས་པ་ལ་སོགས་པ་དེ་དེ་ཙམ་གྱིས་འགྲུབ་པའོ། །བརྩོན་འགྲུས་བསྟན་པ་གང་གིས་སྦྱོར་བ་བྱེད་པ་ནི་མཚམས་དང་བཅས་པའི་སྦྱོར་པའོ། །དེ་ལྟར་འདི་དག་ནི་སྦྱོར་བ་ཉིད་ཤུ་རྩ་གསུམ་མོ། །ཀོ་ཤི་ག་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་རིམ་གྱིས་གསུངས་ཏེ། སྤྱོད་པ་ཞེས་བྱ་བ་ནི་ཡིད་ལྔ་བྱེད་པའོ། །གཟུགས་ལ་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའོ། །གཟུགས་སོ་ཞེས་མི་གནས་སོ་ཞེས་བྱ་བ་ལ་སོགས ་པ་ནི་བཤད་པ་སྟེ། མངོན་པར་ཞེན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མི་གནས་པ་དེའི་ཕྱིར་རྣལ་འབྱོར་དུ་བྱེད་པ་ནི་སྦྱོར་བ་ཐོབ་པའོ། །དེ་ནི་གཟུགས་ལ་སོགས་པ་ལ་མི་གནས་པ་ལ་སྦྱོར་བའོ། །ཀཽ་ཤི་ཀ་གཟུགས་ཞེས་བྱ་བ་ལ་སོགས་པ་ལ་མི་སྤོང ་བ་མིང་དང་མཚན་མ་དག་ལའོ། །དེ་ལྟར་ན་མི་གནས་སོ་ཞེས་བྱ་བ་ནི་ཡང་དག་པར་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་མི་གནས་སོ་ཞེས་བྱ་བ་ནི་རྣམ་པར་མི་རྟོགས་པའི་ཕྱིར་རོ། །འདི་ནི་གཟུགས ་ལ་སོགས་པ་ལ་མི་སྐྱོར་བའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་ནས་ཟབ་མོ་ཞེས་བྱ་བ་ཡན་ཆད་ཀྱིས་ནི་ཟབ་པའི་སྦྱོར་བ་གསུངས་ཏེ། འདིར་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཞེས་བྱ་བ་ལ། གཟུགས ་ལ་སོགས་པ་ཟབ་པ་ནི་དེ་བཞིན་ཉིད་ཀྱི་ཟབ་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་སོ། །འདི་ནི་ཟབ་པའི་སྦྱོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་ཨོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྟོགས་པར་དཀའ་བའི་ཕྱིར་རོ་ཞེས ་དགོངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངེས་པར་རྟོགས་པར་ནུས་པ་མ་ཡིན་ནམ། ཅིའི་ཕྱིར་རྟོགས་པར་དཀའ་ཞེ་ན། གཟུང་བར་དཀའ་ཨོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།གང་གི་ཕྱིར་ངེས་པ་ལས་ནི་མཚན་མར་འཛིན་པའོ། །དེ་ལས་ནི་རྣམ་པར ་རྟོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པ་སྟེ། དེའི་ཕྱིར་རྟོགས་པར་དཀའ་བའོ། །འདི་ནི་རྟོགས་པར་དཀའ་བའི་སྦྱོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མ་མཆིས་བཞེས་བྱ་བ་ནི་གཟུགས་ལ་སོགས ་པ་ཚད་མེད་པའི་ཕྱིར་ཏེ་། དེ་བས་ན་ཚད་མེད་པའི་སྦྱོར་བའོ། །གཟུགས་ཟག་པོ་ཞེས་བྱ་བ་ལ་སོགས་པ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བའི་བར་གྱིས་ནི་ཟབ་པ་ལ་མི་སྦྱོར་བའི་སྦྱོར་བའི་སྦྱོར་བའོ། །འདིར་མི་གནས་སོ་ཞེས་བྱ་བ་ནི་མངན ་པར་ཞེན་པ་མེད་པའོ། །རྣལ་འབྱོར་དུ་མི་བྱེད་བཞེས་བྱ་བ་ནི་ཡང་དག་པར་མི་ཤེས་པའོ། །རྣལ་འབྱོར་དུ་བྱེད་པ་ཞེས་བྱ་བ་ནི་སྦྱོར་པ་སྟེ། དེ་ནི་ཟབ་པ་ལས་མི་སྦྱོར་བའི་སྦྱོར་བ་དང། དེ་བཞིན་དུ་རྟོག་པར་དཀའ་པ་ལ་མི་སྦྱོར་བའི་སྦྱོར་བ་དང། དེ་བཞིན ་དུ་ཚད་མེད་པ་ལ་མི་སྦྱོར་བའི་སྦྱོར་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་ནས་ཉེས་པ་ཅིར་འགྱུར། ཞེས་བྱ་བའི་བར་གྱིས་ནི་ཚེགས་ཆེན་པོས་ཡུན་རིང་པོ་ནས་རྟོགས་པའི་སྦྱོར་བ་གསུངས་སོ། །འདིར་ཉེས་པ་ཅིར་འགྱུར་ཞེས་བྱ་བ་ནི་དྲིས ་བའོ། །ལན་ནི་ཡུམ་ཆེན་མོ་དག་ལས་གསུངས་པ་དྲན་པར་བྱེད་དེ་དེ་ཉིད་ཀྱི་དོན་བསྡུས་ནས་བཤད་པ་ནི་དེ་ཐོས་ནས་མ་དང་ཅིང་སྤོང་སྟེ། དེས་ན་ངན་སོང་དུ་ཡུན་རིང་པོས་ཆེགས་ཆེན་པོས་མངོན་པར་རྫོགས་པར་བྱང་ཆུབ་པོ། །དེ་ནི་ཆེགས་ཆེན་པོས་ཡུན་རིང་པོ ་ནས་མངོན་པར་རྟོགས་པའི་སྦྱོར་པའི། །དེ་སྐད་ཅེས་སྣས་པ་དང། ཞེས་བྱ་བ་ལ་སོགས་པ་ནས་ལུང་བསྟན་པ་ཐོབ་པར་འགྱུར་བ་རིགས་པར་བགྱིའོ། །ཞེས་བྱ་བའི་པར་གྱིས་ནི་ལུང་བསྟན་པའི་སྦྱོར་བ་གསུངས་ཏེ། དེའི་ཕྱིར་གཅིག་གམ་གཉིས་ཞེས་བྱ་བ་ནི་ཡང ་དག་པར་བརྗོད་པའོ། །གཅིག་གམ་གཉིས་མ་ཡིན་ཞེས་བྱ་བ་ནི་ལོགས་པའི་བརྗོད་པའོ། །མཉེས་པར་བྱེད་པར་འགྱུར་ཞེས་བྱ་བ་ནི་ཐོབ་པར་འགྱུར་བའོ། །ཐུགས་དབྱུང་བར་བྱེད་པར་མི་འགྱུར་ཞེས་བྱ་བ་ནི་མགུ་བར་བྱེད་པར་འགྱུར་རོ། །ཇི་སྲིད་ཐོབ་པ་ཞེས་བྱ་བ ་ལ་ཕྱིས་ཞེས་བྱ་བ་ནི་ལྷག་མ་སྟེ་རྟོགས་པར་སླའོ། །དེ་ནི་ལུང་བསྟན་པ་དང་ཞེས་བྱ་བའི་སྦྱོར་བའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་བསགས་པ་ལེགས་སོ་ཞེས་བྱ་པའི་བར་གྱིས་ནི་ཕྱིར་མི་ལྡོག་པའི་སྦྱོར་བ་གསུངས་ཏེ། རྙེད་པར་འགྱུར་པ་ནི་ཐོབ་པར ་འགྱུར་བའོ། །ཕལ་ཆེར་ཞེས་བྱ་བ་ནི་མང་དུའོ། །མི་མཐུན་པ་ཞེས་བྱ་བ་ནི་རྒྱབ་ཀྱི་ཕྱོགས་པའོ། །གཡོས་པར་འགྱུར་རོ་ཞེས་བྱ་བ་ནི་ལྡོག་པར་འགྱུར་བའོ། །རབ་ཏུ་འཇུག་པའི་ཞེས་བྱ་བ་ནི་འཇུག་པའི་ཚུལ་གྱིས་སྦྱོར་བར་བྱེད་པའོ། །རྟོག་པ་མེད་པ་ནི་རབ་ཏུ ་གནོན་པའོ། །དེ་ལྟར་སེམས་རབ་ཏུ་འཇུག་པ་དང། །རབ་ཏུ་གནོན་པ་སྟེ་འདི་ནི་ཕྱིར་མི་ལྡོག་པའི་སྦྱོར་བའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ནས་ཐོབ་པའི་སླད་དུ་ཞེས་བྱ་བའི་བར་གྱིས་ནི་ངེས་པར་འབྱུང་བའི་སྦྱོར་པ་གསུངས་ཏེ། །འདི ་ལ་དཔག་ཚད་བརྒྱའི་ཚད་ཡོད་པས་ན་དཔག་ཚད་བརྒྱ་པའོ། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་ངེས་པར་འབྱུང་བའི་སྦྱོར་བའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས་གཉེན་པོ་ཐོབ་པའི་སླད་དུ་ཞེས་བྱ་བའི་བར་ཆད་མེད་པ ་དང་བཅས་པའི་སྦྱོར་བ་གསུངས་ཏོ། །ལྡུམ་བུ་ནི་ཡལ་གའོ། །ལྡུམ་བུ་དང་རི་དག་གི་མཚན་མ་ནི་རྩེ་མོ་ལ་སོགས་པའོ། །གང་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་ཞེས་བྱ་བའི་དོན་ཏོ། །བསྙེན་ཏེ་ཞེས་བྱ་བ་ནི་ངེས་པར་ཕྱིན་པ་འམ་ཐོབ་པའོ། །མི་རིང་ངོ ་ཞེས་བྱ་བ་ནི་ཡང་ངོ། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་བར་ཆད་མེད་པའི་སྦྱོར་བའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས་མགུ་བ་སྐྱེས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་དང་ཉེ་བའི་སྦྱོར་བ་གསུངས་ཏེ་།ལམ?་དང་འདབ ་མ་ལྷགས་པ་ནི་སྙིངས་པ་སྟེ། གང་དག་ལ་ལོ་མ་ལྷགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་བྱང་ཆུབ་དང་ཉེ་བའི་སྦྱར་བའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་།དཔེར་ན་ཞེས་བྱ་བ་ལ་སོགས་པ་ནས་ཁྱོད་སྤོབས་པར ་གྱུར་ཏོ་ཞེས་བྱ་བ་བའི་བར་གྱིས་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་གསུངས་ཏེ་།སྦྲུམ?་མ་ནི་སྦུམ་མའི་བུད་མེད་དོ། །བསྐྱེད་པ་ཞེས་བྱ་བ་ནི་སྐྱོ་བའོ། །སྙོམ་པ་ཞེས་བྱ་བ་ནི་ན་བའོ། །སྨྲ་བ་ཉིད་ནི་སྨྲ་བའོ། །ཡང་ན་སྨྲ་བར་བྱེད་པའོ། །སྟོབ་ནི ་མཐུའོ། །སྡུག་བསྔལ་ནི་ཚོར་བའོ། །འགྲོགས་པ་ནི་སྐྱེས་པ་དང་ལྷན་ཅིག་ཉལ་བའོ། །ཇི་ལྟར་འགྲོགས་པ་ལ་དང་ཆེ་བར་མི་འགྱུར་ཞེ་ན། སྔོན་གྱི་ཚུལ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཞེས་བྱ ་བ་ནི་འདོད་ཆགས་དང་བཅས་པའི་རྒྱུའི་རྣམ་བར་རྟོག་པའོ། །ཀུན་ཏུ་བསྟན་པ་ཞེས་བྱ་བ་ནི་དེ་བསྐྱེད་པའི་ཕྱིར་རོ། །ངེས་པར་བརྟེན་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སྤྱོད་པའོ། །བསྒོམ་པ་ཞེས་བྱ་བ་ནི་ཡང་དག་པར་ཕྲད་པའི་ཕྱིར་རོ། །མང་དུ་བྱས་པས ་ཞེས་བྱ་བ་ནི་ཡང་དང་ཡང་དུ་དེ་ལྟར་བྱེད་པའི་ཕྱིར་རོ། །དགའ་ནི་རབ་ཏུ་དགའ་བའོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ནི་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་ནས་ཆོས་སྟོན་པར་འདོད་དོ ་ཞེས་བྱ་བ་ནི་བར་གྱིས་ནི་གཞན་གྱི་དོན་གྱི་སྦྱོར་བ་གསུངས་ཏེ། གང་གི་ཕྱིར་གཞན་དག་ལ་ཕན་འདོགས་པ་ངོ་མཚར་དུ་གྱུར་བ་སྟེ། ཇི་ཞིག་ལ་ངོ་མཚར་དུ་གྱུར་པ་ནི་ཞེ་ན་།འདི་ལྟར་འདི་དག་ཁོ་ན་མ་ཡིན་གྱི་ཡང་དག་པར་སྟོན་པ་དང། ཡང་དག་པར ་འཛིན་དུ་བཅུག་པ་དང། ཡང་དག་པར་གཟེངས་བསྟོད་པ་དང། ཡང་དག་པར་བྱེད་པ་ནས་ལེགས་པར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་རྗེས་སུ་གཟུང་བའི་ཕྱིར་དང། ཡང་དག་པར་བདག་གིར་བྱ་བའོ། །ལེགས་པར་སྦྱངས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ་ཆེན་པོ་དག་ལ་མཉན་པའི་ཕྱིར་ཡང་དག་པར་གཏོད་པ་ལ་སྦྱོར་བར་བྱེད་པའོ། །ལེགས་པར་ཡོངས་སུ་གཏད་པ་ནི་དེ་དག་བསླབ་པའི་ཕྱིར་སྦྱོར་བར་བྱེད་པ་སྟེ། སྙིང་བརྩེ་བའི་ཕྱིར་ཞེས་འོག་ནས་འབྱུང་བ་དང་སྦྱོར་རོ། །ལྷག་མ་ནི་རྟོགས་པར་སླ་སྟེ། དེ་ནི ་གཞན་གྱི་དོན་གྱི་སྦྱོར་བའོ། །རབ་འབྱོར་གྱི་གསོལ་པ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་ནི་འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བའོ། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནས་བསྒོམ་པ་ཡོངས་སུ་རྫོགས ་པར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་མཐོང་བའི་སྦྱོར་བ་གསུངས་ཏེ། ཆོས་དང་ཆོས་མ་ཡིན་པ་ནི་མཚོན་པ་སྟེ། དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པ་ལ་སོགས་པའི་ཆོས་རྣམས་ཀྱང ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ནི་སྟོང་པ་དང། གསོག་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ་འདི་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི ་བར་གྱིས་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་མཐོང་བ་མེད་པའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་བྱ་བ་ལ་སོགས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོའོ། ། ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་མི་རྟོག་པའི་སྦྱོར་བ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ཀྱང་ཐམས་ཅད་མཁྱེན་པ་ཐམས་ཅད་མཁྱེན་པའི་ཆོས་ཀྱང་ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་ཆོས་གཞན་རྣམས་ལྟ་ཅི་སྨོས་ཞེས་པའོ། །ཆོས་གཞན ་རྣམས་མི་རྟོག་ཅེས་བྱ་བ་ནི་རྣམ་པར་མི་རྟོགས་པ་སྟེ། གཟུགས་ལ་སོགས་པའི་གཟུང་བར་བྱ་བ་རྣམས་མི་རྟོག་པའི་ཕྱིར་དང། དེའི་མཚན་མ་མི་སྣང་བའི་ཕྱིར་དང། གཟུགས་ལ་སོགས་པ་དོན་དུ་གཉེར་བ་མི་མཐོང་བའི་ཕྱིར་ཏེ། སྟོང་པ ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་རྣམས་བརྟགས་པ་དང། ཡོངས་སུ་གྲུབ་པ་དང། གཞན་གྱི་དབང་གིས་ངོ་བོ་ཉིད་རྣམས་ཡང་དག་པར་རིགས་པ་དང། གོ་རིམ་བཞིན་ནོ། །དེ་ནས་བཅོམ ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པས་ནི་འདི་ཉིད་ཟབ་པ་ཉིད་དུ་བསྟན་ཏེ་འདི་ནི་རྣམ་པར་མི་རྟོག་པའི་སྦྱོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོའོ་ཞེས་བྱ་བ་ནི་འབྲས་བུ་རིན་པོ་ཆེ་ནི་ཡང་དག་པར ་རྫོགས་པའི་བྱང་ཆུབ་ནས་།ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ནི་འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པའི་སྦྱོར་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནས་དག་པའི་ཕུང་པོའོ། །ཞེས་བྱ་བའི་བར་གྱིས་ནི་རྣམ ་པར་དག་པའི་སྦྱོར་བ་གསུངས་ཏེ། དེ་དག་ཉིད་འབྲས་བུ་ཡིན་ཏེ་ནམ་མཁའ་བཞིན་དུ་རྣམ་པར་དག་པར་མཐོང་བའི་ཕྱིར་རོ། །འདི་ནི་རྣམ་པར་དག་པའི་སྦྱོར་བའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་ཞེས་བྱ་བ་ནས་བར་ཆད་མི་ནུས་སོ ་ཞེས་བྱ་བའི་བར་གྱིས་ནི་ས་མཚམས་དང་བཅས་པའི་སྦྱོར་བ་གསུངས་ཏེ། དྲིས་སམ་ཞེས་བྱ་བ་ནི་དྲི་བར་ནུས་པའོ། །དྲི་བར་བྱ་ཞེས་བྱ་བ་ནི་དེ་ཙམ་ཉིད་ཀྱི་དུས་ཀྱི་བྲི་བར་བྱ་བ་ཡིན་ནོ། །ཡི་དམ་ལ་བརྟན་པར་བྱས་ན། གེགས་མེད་དོ་ཞེས་བྱ་བར་དགོངས་སོ། ། ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྟོགས་པ་འདི་ག་ལས་ཞེས་བྱ་བའི་དོན་ཏོ་འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །འདི་ལྟ་བུ་ནི་ཆོས་ཉིད་དེ་ཞེས་བྱ་བར་དགོངས་སོ། །འོན་ཀྱང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ། །མི་ནུས་སོ་ཞེས་བྱ་བ་ནི་མི་ནུས་པ་མེད་པའོ། །ཡི་དམ ་མ་ཉམས་པའི་ཞེས་བྱ་བ་ནི་ཡི་དམ་མ་ཞིག་པ་ཡིན་ཏེ་དེ་ནི་བྱང་ཆུབ་ལས་མ་འདས་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་མཚམས་དང་བཅས་པའི་སྦྱོར་བའོ། །སྦྱོར་བ་བསྟན་ནས་ཡོན་ཏན་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། །བདུད་ཀྱི་མཐུ ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་བྱ་བ་གསུངས་ཏེ། ཡོན་ཏན་ནི་སྦྱོར་བའི་ཡོན་ཏན་ཏེ་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་ཕན་ཡོན་བཅུ་བཞིའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་ཡོངས་སུ་གཟུང་བར་འགྱུར་ཏེ་ཞེས་བྱ་བའི ་བར་གྱི་ནི་དང་པོ་གསུངས་ཏེ། །སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་ནི་དེས་བདུད་ཀྱི་མཐུ་རྣམ་པར་འཇོམས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཉེ་བར་མཐོང་བ་མེད་པས་འདྲི་བ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ། །དགོངས་པར་འགྱུར་ཞེས་བྱ་བ་ནི་མི་བསྙེལ་བར་འགྱུར ་པའོ། །ཡོངས་སུ་གཟུང་བར་འགྱུར་ཞེས་བྱ་བ་ནི་རྗེས་སུ་མཐུན་པས་བཞུགས་པའི་ཕྱིར་ཏེ། འདི་ནི་བདུད་ཀྱི་མཐུ་འཇོམས་པའི་ཡོན་ཏན་ནོ། །ཤཱ་རིའི་བུ་ཞེས་བྱ་བ་ནས་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དགོངས་པའི་ཡོན་ཏན་གསུངས་སོ། ། ་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ཏེ། ཞེས་བྱ་བའི་བར་གྱིས་ནི་སངས་རྒྱས་ཀྱི་རྣམ་པར་གཟིགས་པའི་ཡོན་ཏན་གསུངས་ཏེ། སངས་རྒྱས་ཀྱི་མཐུ་ནི་སྟོབས་སོ། །བྱིན་གྱིས་བརླབས་ནི་ནུས་པ ་ལྷག་པར་བསྐྱེད་པའོ། །ཡོངས་སུ་གཟུང་བ་ནི་བདག་གིས་བྱེད་པའོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང། སངས་རྒྱས་ཀྱིས་ཡོངས་སུ་གཟུང་བ་དེ་དག་གང་གི་ཕྱིར་ཞེ་ན། དེའི་ཕྱིར་དེ་དག་ནི་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁྱེན ་པ་ནི་ཡང་དག་པར་དགོངས་པའོ། །བྱིན་གྱིས་བརླབས་པ་ནི་བདག་གིར་མཛད་པའོ། །གཟིགས་པ་ནི་ཤའི་སྤྱན་གྱིས་སོ། །རྣམ་པར་གཟིགས་པ་ནི་སངས་རྒྱས་ཀྱི་སྤྱན་གྱིས་སོ། །འདི་ནི་སངས་རྒྱས་ཀྱི་རྣམ་པར་གཟིགས་པའི་ཡོན་ཏན་ནོ། །བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་གང་དག་ཅེས་བྱ་བ་ནས་ཉེ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་དང་ཉེ་བར་འགྱུར་བའི་ཡོན་ཏན་གསུངས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་གྱི་དོན་དུའོ། །འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན ་ཏན་ནོ། །ཤཱ་རིའི་བུ་གང་དག་ཅེས་བྱ་བ་ནས་ཉེ་བར་གནས་སོ་ཞེས་བྱ་བའི་བར་གྱིས་ནི་དོན་ཆེན་པོ་ལ་སོགས་པའི་ཡོན་ཏན་གསུངས་ཏེ། དོན་ཆེན་པོ་ཞེས་བྱ་བ་ནི་ཕྱི་མ་ལ་བྱང་ཆུབ་སེམས་དཔའ་ཨི་སའོ། །ཕན་ཡོན་ཆེན་པོ་བྱང་ཆུབ་སེམས་དཔའ་ཨི་ཕུན་སུམ་ཚོགས ་པའོ། །འབྲས་བུ་ཆེན་པོ་ནི་ཕྱི་ནས་བླ་ན་མེད་པའི་བྱང་ཆུབ་བོ། །རྣམ་པར་སྨིན་པ་ཆེན་པོ་ནི་སྲིད་པ་ཐ་མ་ལ་རིགས་དང་དུས་ཀྱི་མཚན་ཉིད་ལ་སོགས་པ་ཕུན་སུམ་ཚོགས་པའོ། །འབད་པ་ནི་བསྒྲུབ་པའོ། །ཡོངས་སུ་གཡོ་བ་ནི་བྱ་བའོ། །འདི་ནི་དོན་ཆེན་པོ་ལ་སོགས་པའི ་ཡོན་ཏན་ནོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་འདི་དག་ནི་ཞེས་བྱ་བ་ནས། ཆེས་ཉུང་བར་འགྱུར་ཏེ་ཞེས་བྱ་བའི་བར་གྱིས་ནི་ཡུལ་དབྱེད་པའི་ཡོན་ཏན་གསུངས་ཏེ། མདོ་སྡེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས ་བའོ། །འདས་ནས་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །བར་ཏ་ནི་ཞེས་བྱ་བ་ནི་ཤར་ཕྱོགས་སོ། །ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ན། དེ་ལས་གཞན་དུ་ཇི་ལྟར་འབྱུང་ཞེས། དེའི་ཕྱིར་སྙིང་པོ་གསར ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་པོ་གསར་བ་ནི་མངོན་པར་གསར་པའོ། །འདུ་ལ་བྱ་འདིས་ཆོས་འདུལ་བ་དེ་ཐོབ་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །བསྟན་པའི་ཆོས་ཉིད་ཡིན་པའི་ཕྱིར་ཆོས་ཀྱང་ཡིན། ཉོན་མོངས་པ་ལ་སོགས་པ་འདུལ་བའི་ཕྱིར་འདུལ ་བ་ཡང་ཡིན་པས་ཆོས་འདུལ་བའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་གནས་པའི་དུས་ནི་ལོ་ལྔ་སྟོང་ངོ། །དེའི་ཕྱིར་ནུབ་པའི་དུས་ནི་དེའི་དུས་དང་ཉེ་བའོ། །དེ་ལས་ཅིར་འགྱུར་ཞེ་ན་དགོངས་སོ་ཞེས་བྱ་བ་གསུངས་སོ། །བྱང་ཕྱོགས་ཞེས ་བྱ་བ་ནི་ཕྱོགས་གཞན་རྣམ་པར་གཅད་པའི་ཕྱིར་རོ། །བྱང་ཕྱོགས་ཀྱི་གནས་ཞེས་བྱ་བ་ནི་དེའི་ཡང་དབུས་ཀྱི་ཆར་རོ། །རྒྱས་པར་སྤྱོད་པ་ནི་རྒྱས་པར་འགྱུར་བའོ། །བྱང་ཕྱོགས་པ་ཞེས་བྱ་བའི་ཚིག་གིས་ལྷོ་ཕྱོགས་པ་ལ་སོགས་པ་རྣམ་པར་གཅད་པའི་ཕྱིར་རོ། །མང་དམ ་ཞེས་བྱ་བའི་ཉུང་ངུའི་ཕྱོགས་ལས་བལྟོས་པའོ། །ཤིན་ཏུ་མང་བ་ཞེས་བྱ་བ་ནི་ཁྱད་པར་མེད་པའོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ། །ལྷག་མ་ནི་རྟོགས་སླའོ། །འདིར་རྒྱུ་ཞེས་བསྟན་པ་འགྲིབ་པར་བཤད་དེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་དང ་སྙིང་པོ་གསར་དུ་ཐོབ་པ་དང། ནུབ་པའི་དུས་དང་ཉེ་བ་དང་།བསྟན་པར་བྱྡ་པ་ཉུང་བའོ། །དེ་ལྟ་མོད་ཀྱི་བསྟན་པའི་སྟོབས་ནི་འབྲི་བ་མ་ཡིན་ནོ། །འདི་ནི་བསྟན་པའི་སྟོབས་ཀྱི་ཡོན་ཏན་ནོ། །ཐེག་པ་ལ་ཡུན་རིང་པོ་ནས་ཞུགས་པ་ཞེས་བྱ་བ་ནས་སྐྱེ་བོ་མང་པོའི་དོན་བྱེད ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ན་དཀར་པོའི་ཆོས་ཡོངས་སུ་རྫོགས་པའི་ཡོན་ཏན་གསུངས་ཏེ། དྲིས་པ་ནི་ཞུས་པའོ། །ཡོངས་སུ་དྲིས་པ་ནི་དེའི་རྒྱུའོ། །ཡོངས་སུ་དྲི་བ་བྱས་པ་ནི་ཡོངས་སུ་ཤེས་པར་བྱས་པའོ། །ཡོངས་སུ་ཤེས་པར་འདི་བ་ནི་ཡོངས་སུ་འདྲི་བ་སྟེ། དེ་བཞིན ་དུ་བྱེད་པའི་ཕྱིར་ཡོངས་སུ་འདྲི་བ་ཉིད་དོ། །དྲིས་པའི་ལན་བཏབ་པར་བྱས་པ་ནི་ཡོངས་སུ་འདྲི་བར་བྱས་པའོ། །ཚུལ་ཁྲིམས་དག་ཅེས་བྱ་བ་ལ། མང་པོའི་ཚིག་ནི་ཚོགས་པའི་དོན་ཏེ། ཚུལ་ཁྲིམས་ལ་སོགས་ཞེས་བྱ་བའི་དོན། །འདི་ནི་དཀར་པོའི་ཆོས་ཡོངས་སུ ་རྫོགས་པའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནས་དགའ་བར་འགྱུར་ཞེས་བྱ་བའི་བར་གྱིས་ནི། སྨྲ་བའི་སྐྱེས་བུའི་ཡོན་ཏན་གསུངས་ཏེ། ཚེ་རབས་འཕོས་ཀྱང་ཞེས་བྱ་བ་ནི་ཚེ་འདི་དང་ཚེ་རབས་ཕྱི་མ་འདས་ཀྱང་ཡང་དག་པར་སྤྱོད་པ ་ལ་སྦྱོར་རོ། །མངོན་པར་དགའ་བ་ནི་མངོན་པར་འདོད་པའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་སྨྲ་བའི་སྐྱེས་བུའི་ཡོན་ཏན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་དབྱེ་བ་ལྟ་ཅི་སྨོས་ཞེས་བྱ་བ་ནི་མི་ཕྱེད་པའི་ཡོན་ཏན་གསུངས་ཏེ། །འདུན་པ་འམ ་སྔགས་ཀྱིས་ཞེས་བྱ་བ་ནི་བསམ་པའམ་ཚིག་གིས་སོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་མི་ཕྱེད་བའི་ཡོན་ཏན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་སྐྱེ་བོ་མང་པོའི་དགེ་བའི་རྩ་བ་བསྐྱེད་པའི་ཡོན་ཏན་གསུངS ་སོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནས་རྗེས་སུ་ཡི་རང་བར་བྱས་སོ་ཞེས་བྱ་བའི་བར་གྱིས་ནི་དམ་བཅས་པ་བཞིན་དུ་གཞན་གྱི་དོན་བསྒྲུབ་པའི་ཡོན་ཏན་གསུངས་ཏེ། ཡང་དག་པར་གཟུང་པར་བྱའོ་ཞེས་བྱ་བ་ནི་གཞུག་པ་ཙམ་མོ། །ཡང་དག་པར་རབ་ཏུ ་དབྱེ་བར་བགྱིའོ་ཞེས་བྱ་བ་ནི་སྒོམ་པ་རབ་ཀྱི་མཐར་སྒྲུབ་པའི་ཕྱིར་རོ། །བཞག་པར་བགྱིའོ་ཞེས་བྱ་བ་ནི་བསྟན་པར་བྱ་བའོ། ལྷག་མ་ནི་རྟོགས་སླའོ། །འདི་ནི་དམ་བཅས་པ་བཞིན་དུ་ཕ་རོལ་གྱི་དོན་བསྒྲུབ་པའི་ཡོན་ཏན་ནོ། །དེ་ལྟར་ཞེས་བྱ་བ་ནས་ལྡན་པ ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཕྱི་རོལ་གྱི་དོན་སྒྲུབས་པ་ཡོད་ནའོ། །མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཞེས་བྱ་བ་ནི་ཇི་ལྟར་ཡུམ ་ཆེན་མོ་ལས་བཤད་པ་ཇི་ལྟ་བུ་སྟེ། དེ་ཉིད་མདོར་བསྡུས་ནས་བཤད་པ་ནི་དེ་མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་ཞེས་བྱ་བའོ། །གཟུགས་དང། སྒྲ་དང། དྲི་དང། རོ་དང། རེག་བྱའི་ཆོས་རྒྱ་ཆེན་པོ་ལྡན་པའི་སྦྱིན་པ་བྱིན་པ་དག ་ནི་དགེ་བའི་རྩ་བ་རྒྱ་ཆེན་པོ་མངོན་པར་འདུས་བྱས་པས། རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ནི་སེམས་ཅན་གྱི་དོན་དུ་རྣམ་པར་སྨིན་པ་ཡོངས་སུ་འཛིན་པར་འགྱུར་པའོ། །འདི་ནི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་ནོ། །དེ་དག་གི ་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་རྒྱ་ཆེན་པོ་སྒྲུབ་པའི་ཡོན་ཏན་གསུངས་ཏེ། གང་ཞེས་བྱ་བ་ནི་གང་གི་ཕྱིར་མོས་པ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ལྷག་པར་དམིགས་པ་ཞེས་བྱ་བ་ནི་ཀུན་ཏུ་འགྲོ་བའོ།། ་ལྷག་མ་ནི་རྟོགས་སླའོ། །འདི་ནི་རྒྱ་ཆེན་པོ་སྒྲུབ་པའི་ཡོན་ཏན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་ལེའུ་རྫོགས་པའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་འཐོབ་པའི་ཡོན་ཏན་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་དག་གི་ཕྱིར་ཞེས་བྱ་བ་ནི་དེའི་དོན་དུ ་སྟེ། དེ་དག་ཡོངས་སུ་དག་པའི་ཆེད་དུའོ། །དོན་དུ་ཞེས་བྱ་བ་ནི་ཕན་པའི་ཚད་དུའོ། །འཚོ་ལ་ཞིང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ག་ལས་རྙེད་སྙམ་པའོ། །ཡོངས་སུ་འཚོལ་བ་ཞེས་བྱ་བ་ནི་ཕན་ཚུན་ཀུན་ཏུ་སོང་ནས་སོ། །འཚོལ་བར་འགྱུར་ཞེས ་བྱ་བ་ནི་འདི་ནས་རྙེད་པར་འགྱུར་བའོ། །མདོ་མངོན་པར་བརྗོད་པ་ནི་ཡང་དག་པར་བརྗོད་པའོ། །ཉེ་བར་འོང་བ་ནི་ཐག་ཉེ་བའོ། །ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་འབད་པ་ཡོད་ན་ཐོབ་པར་འགྱུར་བའོ། །གཞོལ་བར་འགྱུར་རོ་ཞེས་བྱ་བ་ནི་འབད་པ་མེད་པར་ཐོབ་པར ་འགྱུར་བའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ངེས་པར་འཐོབ་པའི་ཡོན་ཏན་ནོ། །དེ་ལྟར་ཡོན་ཏན་བསྟན་ནས་དེ་སྐད་བཤད་པའི་སྦྱོར་བ་ལ་སེམས་བཞག་པ་ནི་འཛིན་པའོ། །དེའི་ཡོན་ཏན་ནི་ཕན་ཡོན་ཏེ་བཅུ་བཞི་པའོ། །འདི ་ནི་དེ་དག་ཡོངས་སུ་བརྗོད་པ་ཡང་ཡིན་ལེའུ་ཡང་ཡིན་པས་ནི་ཡོངས་སུ་བརྗོད་པའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འགྱུར་གནས་ཞི་བས་རྣམ་པར་སྦྱར་བ་སྙིང?་པོ་མཆོག་ ་ཅེས་བྱ་བ་ལས་ལེའུ་བཅུ་པའོ།། །།སྦྱོར་བའི་བར་དུ་བཅོད་པའི་སྐྱོན་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་བྱ་བ་གསུངS ་ཏེ། སྐྱོན་བཞི་བཅུ་རྩ་དྲུག་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ཅི་ཙམ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་གང་ཞེས་ཟུར་གྱིས་འདྲི་བ་སྟེ། །དོན་གྱི་ཚིག་གི་སྒྲ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །མང་དུ ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་སྦྱོར་བ་གསུངས་པ་ཡིན་ནོ། །ཁྱད་པར་ཤེས་པར་འདོད་ནས་ཞུས་པ་ནི། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། འཆད་པར་འགྱུར་བའི་བཞི་བཅུ་རྩ ་དྲུག་གོ་ཞེས་བྱ་དགོངས་སོ། །འཆད་པ་ཞེས་བྱ་བ་ནི་སེམས་ཅན་གྱིས་སྤྱོད་པ་ཉེ་བར་མཚོན་པའོ། །སྤོབས་པ་རི་མོ་ཞིག་ན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་ཡུན་རིང་མོ་ཞིག་ནས་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་འགྱུར་བའོ། །དེ་ནི་སྤོབས་པ་ཡུན ་རིང་པོའི་སྐྱོན་ནོ། །རབ་འབྱོར་ཞེས་བྱ་བ་སོགས་པ་ལ། །གཡེང་པར་འགྱུར་བ་ཞེས་བྱ་བ་ནི་རྒོད་པར་འགྱུར་བའོ། །སྤོབས་པ་ཧ་ཅང་མྱུར་དུ་སྐྱེ་བ་ནི་ཐབས་ལ་མི་མཁས་པའི་དགེ་བའི་རྩ་བས་ང་རྒྱལ་སྐྱེ་སྟེ། །དེས་ན་བྱང་ཆུབ་སེན་ས་དཔའ་གཞན་ལ ་བརྙས་པས་འདིའི་དགེ་བའི་རྩ་བ་ཡང་མི་སྐྱེ་ཞིང་བྱང་ཆུབ་ཀྱང་ཡུན་རིང་བ་ཁོ་ནར་འགྱུར་རོ། །འདི་ནི་སྤོབས་པ་མྱུར་པའི་སྐྱོན་ནོ། །གླལ་བ་ཞེས་བྱ་བ་ནི་ཁ་གདངས་པ་ལུས་བརྐྱང་པའོ། །རྒོད་པ་ཞེས་བྱ་བ་ནི་གང་བརྒྱངས་བྱེད་པའོ། །སྟེག་པ་ཞེས ་བྱ་བ་ནི་དགའ་བས་ལངས་བར་བྱེད་པ་སྟེ། །འདི་ནི་ལུས་ཀྱི་ལས་ཀྱི་སྐྱོན་ནོ། །སེམས་རྣམ་པར་གཡོང་པ་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའོ། །རྣམ་པར་ཤེས་པ་ཕན་ཚུན་ཆགས་པ་དང་ལྡན་པ་ཞེས་བྱ་བ་ནི་གཞན་རྣམས་ནི་དྲན་པར་བྱེད ་པ་ལ། རང་ལ་ནི་དྲན་པ་མི་ཐོབ་སྟེ། ལམ་མ་ཡིན་པ་ཐ་དད་པ་དག་ལ་ཡང་འཇུག་ཅིང། །བསྟན་པ་བརྗོད་པ་དེ་འདི་ནི་སེམས་ཀྱི་སྐྱོན་ནོ། །རབ་འབྱོར་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ལ། །ཅོ་འདྲི་བར་ཞེས་བྱ་བ་ནི་ཕན་ཚུན་སློང་བར་བྱེད་པའོ། །མིག་གཡེང་བ་ནི ་ཕན་ཚུན་དུའོ། །མི་མཐུན་པར་གྱུར་ན་ཞེས་བྱ་བ་ནི་ཇི་སྲིད་གླེག་བམ་ལེན་བ་འོངས་པ་དེ་སྲིད་ན་ཚོགས་པ་དང་ལྡན་ནོ་ཞེས་ཟེར་བའོ། །འདི་ནི་རིག་པ་མ་ཡིན་པས་བྱས་པའོ། །ཁ་ཏོན་ལ་སོགས་པའི་སྐྱོན་ནོ། །རབ་འབྱོར་བདག་གིས་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས ་བྱ་བའི་བར་གྱིས་གསུངས་ཏེ། དང་པོ་སེམས་བསྐྱེད་པ་དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའོ། །ངེས་པར་མི་འབྱུང་བ་ནི་ཐོབ་པར་འགྱུར་བའོ། །འདི་ནི་ཕྱིར་ཕྱོགས་པའི་མཚན་ཉིད་འཛིན་པའི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་འཇུག་པར་སེམS ་སོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ལུས་དང་ངག་གི་ངེས་པར་འབྱུང་བའི་བསླབ་པ་མཐར་ཕྱིན་པར་འགྲོ་བ་སྤངས་ནས་སེམས་དབེན་པའོ། །འདི་ནི་རྒྱུ་མཚན་ཉམས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། །རློམ་སེམས་སུ་མི ་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ་ཟན་ནི་ཟས་སོ། །བཏང་སྟེ་ཞེས་བྱ་བ་ནི་བོར་བའོ། །ཁམ་ཞེས་བྱ་བ་ནི་ཁམ་ཅིག་གོ་།ལོ་མ་དང་འདབ་མ་ཞེས་བྱ་བ་ནི་ལོ་མའི་ཚོགས་སོ། །འདབ་མ་ལྟ་བུའི་མདོ་སྡེ་དག་ལ་མངོན་པར་བརྩོན་པའོ། །དུལ་བར་བྱ་བ་ནི ་དབང་པོ་ལྔ་དུལ་བའི་ཕྱིར་རོ། །ཞི་བར་བྱ་བ་ནི་སེམས་དུལ་བའི་ཕྱིར་རོ། །ཡོངས་སུ་མྱ་ངན་འདས་པར་བྱ་བ་ནི་ཡང་སྲིད་པ་ཟད་པའི་ཕྱིར་རོ། །དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ནི་རྒྱུ་མཐུན་པས་སོ། །དེའི་དོན་དུ་སྦྱོར་བ་ནི་བྱ་བའོ། །ངེས་ཀྱང་རློམ་སེམས་སུ་མི ་བྱའོ་ཞེས་བྱ་བ་ནི་དེའི་བདག་ཉིད་ལ་དམིགས་པ་མེད་པའི་ཕྱིར་རོ། །འདི་ནི་གྱ་ནོམ་བའི་རོ་མྱང་བ་ལས་ཉམས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་དེ་ལྟ་བུར་བདུད་ཀྱི་ལས་སུ་རིག་པར་བྱ་བའི་བར་དུ་གསུངས་པ་ལ། སྣང་བ་ག་ལ་བ་ནི་སྣང་བ ་དང་བཅས་པའོ། །བརྟགས་ཏེ་ཞེས་བྱ་བ་ནི་མཐོད་བའོ། །ཁ་དོག་དང་དབྱིབས་ཞེས་བྱ་བ་ནི་མདོག་དང་རྣམ་པའོ། །འདི་ནི་ཐེག་པ་མཆོག་ལས་ཉམས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར ་བྱ་བ་གསུངས་པ་ལ། །བདག་གཅིག་བུ་དུལ་བ་དང། །ཞི་བ་དང། ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་བསྔགས་པ་བྱ་བའི་རྗེས་སུ་འབྲང་ངོ། །འདི་ཡང་ཞེས་བྱ་བ་ལ་སོགས་པ་ལ་ནང་དུ་ཡང་དག་པ་འཇོག་པ་ནི་ཏིང་ངེ་འཛིན་ཏོ། །དེ་ནི་ཞེས་བྱ་བ་ནི་བདག ་ཉིད་དུལ་བ་དང། །ཞི་བ་དང། ཡོངས་སུ་མྱ་ངན་ལས་འདས་པའི་བསྔགས་པ་འབྱུང་བའོ། །དེའི་འོག་མ་རྣམས་ནི་རྟོགས་སླའོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ། ཚེ་འདི་ཉིད་ནི་ཐོབ་པའི་སྐྱེ་བའོ། །ལེན་བ་མེད་པ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་ཡོངས་སུ་མི ་འཛིན་པའོ། །སྐྱེ་བོ་སོ་སོ་ལ་ཡོང་བའི་ཕྱིར་རྟག་ཏུའོ། །ཉིན་རེ་ཞིང་ཡོད་པའི་ཕྱིར་རྒྱུན་མི་འཆད་པ་སྟེ་དེ་ནི་རྟག་ཏུ་རྒྱུན་མི་མཆད་པའི་ཕྱིར་རོ། །ལྷག་མ་ནི་རྟོག་པར་སླ་སྟེ། །དེ་ནི་ཆེད་དུ་བྱ་བ་ཉམས་པའི་སྐྱོན་ནོ། །འདི་ནི་བཅུ་ཆེན་དང་པོའོ། །རབ་འབྱོར ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་རིགས་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལས། །ཤིང་མཁན་ཞེས་བྱ་བ་ནི་ཐེག་སྐུད་འཆད་པའོ། །རི་རབ་ཀྱི་སྟེང་ན་གྲོང་ཁྱེར་ལྟན་སྡུག་ཅེས་བྱ་བ་ལ་གསེར་ལས་གྲུབ་པ་དེའི་དབུས་ན་བརྒྱ་བྱིན་གྱི་ཁང་བཟངས་རྣམ ་པར་རྒྱལ་བ་ཞེས་བྱ་བ་ཡོད་དེ། །ངོས་རེ་རེ་ལ་དཔག་ཚད་ཉི་བརྒྱ་ལྔ་བཅུ་ཡོད་པ་མཛའ་སྐོར་དུ་དཔག་ཚད་སྟོང་ཡོད་དོ། །ཉི་མ་དང་ཟླ་བ་ནི་རི་རབ་ཀྱི་ཕྱི་རོལ་གྱི་ཕྱེད་ནས་ནམ་མཁའ་ལ་འགྲོ་སྟེ། ཤེལ་གྱི་རང་བཞིན་གྱི་གཞལ་མེད་ཁང་ཟླུམ་པོ་གོ་རིམ ་བཞིན་དུ་དཔག་ཚད་ལྔ་བཅུ་དུ་གཅིག་དང་ལྔ་བཅུ་སྟེ། དབུས་ཐིག་གིས་བཅས་ནི་དེ་དག་གི་དབུས་པས་རྣམ་པར་རྒྱལ་བའི་ཁངས་བཟད་གི་སའི་ཚད་ནི་ཤིན་ཏུ་ཆེ་སྟེ། དེའི་ཚད་ཀྱང?་བོར་ནས་དེ་དག་གི་གཞལ་མེད་ཁང་གི་ཚད་ནི་བརྗོད་པར་བྱའོ། ། ་སྤྲུལ་པ་ནི་ཁྱད་པར་ཅན་དུ་བྱ་བའོ། །ཐོབ་པར་བྱེད་པ་ནི་མངོན་དུ་བྱེད་པའོ། །འདི་ནི་ཐབས་ལ་རྨོངས་པའི་སྐྱོན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་དེ་མ་ལགས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། །འཇིག་རྟེན་དུ་འཁོར་ལོ་བསྐོར་བས་ན་འཁོར་ལོ ་སྒྱུར་བའོ། །འཁོར་ལོ་དེ་ཡང་ལྕགས་ཀྱི་ངོ་བོ་རྩིབ་སྟོང་དང་ལྷན་པ། །ལྟེ་བ་དང། མུ་ཁྱུད་དང་བཅས་པ་ནམ་མཁའ་ལ་འགྲོ་བ་སྟེ། ལྕགས་སམ། ཟངས་མའམ། དངུལ་ལམ། གསེར་ཅི་རིགས་པར་རོ། །ཁ་དོག་ནི་འཛམ་བུ་ན་དཱའི་འོད་ལྟ་བུའོ། །དབྱིབས ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །གཟི་བརྗིད་ནི་མི་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་དང་འོད་ཀྱི་དཀྱིལ་འཁོར་རོ། །རྫུ་འཕྲུལ་ནི་ཕུན་སུམ་ཚོགས་པའོ། །རིན་པོ་ཆེ་སྣ་བདུན་གྱི་ཁྱད་པར་ནི་འཁོར་ལོ་རིན་པོ་ཆེ་དང། །གླང་པོ ་རིན་པོ་ཆེ་དང། །རྟ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། བློན་པོ་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། །ནོར་བུ་རིན་པོ་ཆེ་དང། བུལ་བ་ནི་རྨོངས་པ་སྟེ། ཡོངས་སུ་མི་གསལ་བའི་ཕྱིར་དང། །བློ་ཆུང་བའི་ཕྱིར་ཏེ། དེ་ནི་བུལ་བའི་རྒྱུ་གང་ལས ་བྱང་ཆུབ་འབྱུང་བ་དེ་ནི་བྱང་ཆུབ་ཡང་དག་པར་འབྱུང་བའོ། །ཐོབ་པ་ནི་རྙེད་པ་ཙམ་གྱིས་སོ། །བསྒྲུབས་པ་ནི་ཐོས་པ་ལ་སོགས་པའོ། །བོར་བ་ནི་སྤངས་པ་སྟེ་རྒྱབ་ཀྱིས་ལྟས་པར་གྱུར་པའོ། །དེ་ནི་འཁོར་ལོ་སྒྱུར་བ་དང་ཆོས་ཐུན་པའི་ཕྱིར་དང། །སྤྲུལ་པའི་སྐུ་ལས ་ཉམས་པའི་སྐྱོན་ནོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་བྱ་བའི་བར་དུ་གསུང་བ་ལ། །དེ?་ནི་རྫས?་དྲུག་གིས་དབྱེ་བ་སྟེ་ཕན་ཚུན་འདུས་པ་ལས་བརྒྱད་འགྱུར་རོ། །དེ་ནི་ཁ་ཟས་རོ་བརྒྱ་བའོ་དྲུག་ཅུ་པ ་ཞག་ཅུས་སྨིན་པའོ། །དེའི་ཆ་ནི་ཞག་དྲུག་ཅུའི་འབྲས་ཆེན་ནོ། །བཏང་བ་ནི་སེམས་ཀྱིས་སོ། །བོར་བ་ནི་ལུས་ཀྱིས་ཏེ?་དེ་ནི་ཁ་ཟས་རོ་བརྒྱ་པ་དང་ཆོས་མཐུན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་ལས་ཉམས་པའི་སྐོན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས ་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། །དོན་དམ་པའི་མཆེག?་ཡིན་བའི་ཕྱིར་ཟབ་པའོ། །མཆོག་ཏུ་དྲི་མ་མེད་པར་སྣང་པའི་ཕྱིར་འོད་གསལ་བའོ། །འདི་ནི་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན ་པའི་ཕྱིར་ཆོས་སྐུ་ལས་ཉམས་པའི་སྐྱོན་ནོ། །དེའི་འོག་ཏུ་བཅོམ་ལྡན་འདས་མ་ལས་ཚིག་རྐང་པ་གཉིས་པའི་ཕྱིན་ཅི་ལོག་ལྔ་བཀག་སྟེ། གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ་སྤོབས་པ་མར་བཞེས་བྱ་བ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བར་ལ་སྤོབས?་པ་རྣམས་སོ། །བཅོམ་ལྡན་འདས་མང་པོའི་ཕྱིར་སེམས་འཁྲུག་པར་བྱེད་པ་དེ་ནི་དེ་དང་དེའི་དངོས་པོ་ལ་སྤོབས་པའི་སྐྱོན་ནོ་།དེ་སྐད་ཅེས་བཀའ་སྩལ་པ ་དང་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་གསུངས་པ་ལ། གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིག་འབྲུར་ཞེས་བྱ་བ་དང། མེད་པ་དག་ཡི་གེ་དག་དང་ཡི་གེ་མེད་པ་དག་ལ་ཆགས་པ་དེ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །འདི ་ལྟར་དེ་བྲི་བར་ནི་མི་བྱ་སྟེ། གཟུགས་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །མེད་པ་མ་ཡིན་ཏེ་དོན་དམ་པར་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་ནི་མེད་དེ་ཆོས་ཐམས་ཅད་ལ་ཡི་གེ་མེད་པ་ཉིད་ཀྱི་ཕྱིར་རོ། །ཡི་གེ་མེད་པ་ཡང་མ་ཡིན་ཏེ། ཡི་གེ་འདི་དག་གི ་དེ་སྐྱེད་བར་བྱེད་པའི་ཕྱིར་ཏེ། དེ་བདག་ཉིད་ཀྱིས་ཀྱང་དེ་སྟོན་པར་བྱེད་པའི་ཕྱིར་དང། །འདི་དག་ཉིད་ཀྱིས་དོན་དུ་གཉེར་བ་དང། ཁོར?་དུ་ཆུད་པར་བྱ་བའི་ཕྱིར་རོ། །དེ་ཉིད་ནི་ཡི་གེར་འདྲི་བ་ལ་མངོན་པར་ཞེན་པ་དང། །མེད་པ་ལ་མངོན་པར་ཞེན ་པ་དང། ཡི་གེ་ལ་མངོན་པར་ཞེན་པ་དང། ཡི་གེ་མེད་པ་ལ་མངོན་པར་ཞེན་པ་ཞེས་བྱ་བ་སྟེ་སྐྱོན་བཞིའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ་ཡུལ་ནི་མང་བ་ལ་སོགས་པ་ཡུལ་བརྒྱ་ཕྲག་སྟོང་གི་གྲངས་དང་ལྡན་པའོ། །གྲོང?་མི་ཁྱིམ ་དང་སྐྱེད་མོས་ཚལ་གནས་པའོ། །སྟོང་ངམ་གྲངས་བཟུང་བ་ན་དམ་པ་རྣམས་གནས་པ་ནི་གྲོང་ཁྱེར་རོ་གྲོང་ཁྱེར་ཉིད་ཀྱི་ཚོང་པའི་ལམ་ནི་གྲོང་རྡལ་ལོ། །ཡུལ་ཀ་ཤི་ལ་སོགས་པ་ནི་ལྗོངས་སོ། །དེའི་ཚོགས་ནི་ཡུལ་འཁོར་ལོ། །རྒྱལ་པོ་བཞུགས་པའི་གྲོང ་ཁྱེར་ནི?་རྒྱལ་པོའི་ཕོ་བྲང་ངོ། །ཀུན་བསྟན་པ་ནི་ཚིགས་སུ་བཅད་པ་སྦྱར་བའི་སྙན་དང་གསོ། །ལ་གཅན་ནི་ཤོ་གམ་གྱི་གནས་སོ། །སང་ནི་ཡམ་པོ་ཆེའོ། །ཁྱོགས་ནི་བཞོན་བའི་གཞིའི་མཚོན་བའི་དོན་གྱི་ཡོ་བྱད་ནི་འཚོ་བའི་ཡོ་བྱད་དོ། །དེ་ལྟ་བུ་བྱུང་བ ་ནི་སྔོན་བྱུང་བའོ། །ལྷག་ན་ནི་རྟོགས་སླའོ། །འདི་ནི་འདི་ལྟར་བྱའོ། །ཞེས་བྱ་བ་ནི་དོན་སྣ་ཚོགས་ཡིད་ལ་བྱེད་པ་རྣམ་པར་གཡེང་བའི་སྐྱོན་ནོ། །འདི་ནི་བཅུ་ཚན་གཉིས་པའོ། །གཞན་ཡང་རབ་འབྱོར་རྒྱལ་པོ་ཞེས་བྱ་བ་ནས་བདུད་ཀྱི་ལས་རིག་པར ་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྣམ་པར་གཡེང་བའི་སྐྱོན་བསྟན་ཏོ། །གཞན་ཡང་རབ་འབྱོར་ཞེས་བྱ་ལ་སོགས་པས། མེ་ལ་སོགས་པ་ཐོབ་པར་བྱ་བ་ཉིད་ལ་བྱེད་པ་ནི་རྣམ་པར་གཡེང་བའི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་གཞན་ཡང ་རབ་འབྱོར་ཞེས་བྱ་བའི་བར་གསུངས་པ་ལ། བར་དུ་གཅོད་པ་ནི་བགེགས་སོ། །རྙང?་བ་ནི་ཆོས་གོས་ལ་སོགས་པ་ཐོབ་པའོ། །བཀུར་སྟིར་ནི་གུས་པར་བྱེད་པའོ། །ཚིགས་སུ་གཅད་པ་ནི་སྙན་པའོ། །དེ་མྱང་བར་བྱ་བ་ནི་དགའ་བའོ། །སེམས་ལ་གདུང་བ་ནི ་ཆོས་གོས་ལ་སོགས་པའི་བར་ཆད་བྱ་བ་འདི་ནི་གདུང་བ་དང་ཉམས་སུ་མྱོང་བའི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་པ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། །གཞན་ཡང་ཞེས་བྱ་བ་ནི་གང་ཡང་ངོ། །ཐབས ་མཁས་པ་ཞེས་བྱ་བ་ནི་གང་གིས་དམན་བའི་བྱང་ཆུབ་ལ་ལྷུང་བ་མེད་པའོ། །དེ་དག་ཐབས་ལ་མཁས་པ་དང་བྲལ་ན་མདོ་སྡེ་ཟབ་མོ་དག་དང་ལྡན་ཡང་ལམ་དེ་སྤངས་པའི་སྐྱོན་ཡིན་ནོ། །དེའི་འོག་ཏུ་ཕལ་ཆེར་ཚོགས་པ་དང་མི་ལྡན་པ་བརྗོད་པར་བྱ་སྟེ་དེ ་དག་ནི་ཆོས་འཆད་པ་དང་ཉན་པ་དེ་ལྷན་ཅིག་ཚོགས་པ་མེད་པའོ། །ཆོས་སྨྲ་བ་ནི་སྟོན་པར་བྱེད་པའི་བླ་མའོ། །འདི་དག་ལ་ཆོས་ཉན་པའི་དགོངས་པ་ཡོད་པ་དེ་ནི་ཆོས་ཉན་པ་སྟེ་སློབ་མའོ། །ཚོགས་པའི་དངོས་པོ་ཚོགས ་པ་པོ། །དེ་ལ་ཚིག་གཉིས་ཀའི་ཡང་སྙོམས་པ་ཞེས་བྱ་བ་ནི་ལེ་ལོ། །བྱ་བ་མང་པོ་དང་ལྡན་པ་ནི་ཁྱིམ་གྱི་སྟེ། དེ་ཡང་ལེ་ལོ་ཉིད་དོ། །འདུན་པ་དང་སྙོམས་ལས་ཀྱིས་ཚོགས་པ་དང་མི་ལྡན་པའོ། །དེ་ནས་གཞན་ཡང་ཞེས་བྱ་བའི་ཚིག་གཉི ་གསུངས་པ་ལ་ཐ་ན་ཞེས་བྱ་བ་ནི་གཞན་མེད་ཀྱང་ཡེ་ཤེས་རྩ་བར་འདོད་པའོ། །སྒྲ་ཤེས་པའི་ཕྱིར་རྟོག་པ་དང་ལྡན་པའོ། །དོན་ཤེས་པའི་ཕྱིར་བློ་དང་ལྡན་པའོ། །གཉིས་ཀ་འཛིན་པའི་ཕྱིར་དྲན་པ་དང་ལྡན་པའོ། །བཏང་བ་ཞེས་བྱ་བ་ནི་འགྲོ་བར་འགྱུར ་རོ་ཞེས་བྱ་བའི་དོན་ཏོ། །སྤྱི་མོས་པ་བྱས་ན་ཁྱད་པའི་ཤེས་པའི་ཕྱིར་མགོ་སྨོས་པས་གོ་བའོ། །ཅུང་ཟད་རྣམ་པར་བཤད་པས་མ་ལུས་པར་ཤེས་པའི་ཕྱིར་རྣམ་པར་སྤྲོས་པས་གོ་བའོ། །མི་ཤེས་པ་ནི་ཚིག་ལྷུར་ལེན་པ་སྟེ། །དེས་ཀྱང་གང་བརྗོད་པ་དེ ་ཉིད་ཤེས་ཀྱི་ལྷག་མ་ནི་མ་ཡིན་པའོ། །ཚོགས་དང་མི་ལྡན་པ་དེ་ནི་བཞི་སྟེ། །ཡུལ་གཞན་དུ་འགྲོ་བར་འདུན་པས་ཚོགས་པ་དང་མི་ལྡན་པ་དང། །མགོ་སྨོས་པས་གོ་བ་མ་ཡིན་པས་ཚོགས་པ་དང་མི་ལྡན་པ་དང། །རྣམ་པར་སྤྲོས་པས་གོ་བ་མ ་ཡིན་པས་ཚོགས་པ་དང་མི་ལྡན་པ་དང། །མངོན་པར་མི་ཤེས་པ་མ་ཡིན་པས་ཚོགས་པ་དང་མི་ལྡན་པའོ། །འདི་ནི་བཅུ་ཚན་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་སོགས་པ་ལ། ཟང་ཟིང་ནི་རྫས་སོ། །དེ་ལྟར་ལེན་པ་ནི་ཟང ་ཟིང་འདི་དག་ལ་འདུ་བ་ནི་ལྷུར་ལེན་པའོ། །གོས་ལ་སོགས་པ་ལྷུར་ལེན་པ་ཡང་དེ་བཞིན་ནོ། །ཅི་ཙམ་གྱིས་རང་ཉིད་འཚོ་བ་དེ་ཙམ་འདོད་པ་ནི་འདོད་པ་ཆུང་བའོ། །ཆོ་ག་ཤེས་པ་ནི་ནོར་མི་འདོད་པའོ། །ཁྱིམ་ན་གནས་པ་དང་འབྲེལ་པ་མེད་པའི ་ཕྱིར་རབ་ཏུ་དབེན་པའོ། དེ་ཡན་ཆད་ཀྱིས་ནི་རབ་ཏུ་བྱུང་བ་ལ་སྦྱིན་པའི་ནུས་པ་མེད་པ་བསྟན་ཏོ། །ཡང་ན་སྦྱིན་པར་མི་འདོད་བ་ཞེས་བྱ་བ་ནི་སེར་སྣས་བཟུང་བའི་ཕྱིར་ནོར་ཡོད་ཀྱང་ངོ། །དེ་ནི་ཟང་ཟིང་དོན་དུ་གཉེར་བ་ལ་སྦྱིན་པ་དོན་དུ་མི་གཉེར་བའི་ཚོགས་དང་མི་ལྡན་པའོ། ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། དད་པ་ནི་དད་པར་འགྱུར་བའོ། །དེ་ལས་ཉན་པར་བྱེད་པ་ནི་སྒྲའོ། །ཁོང་དུ་ཆུད་པར་འདོད་པ་ནི་དོན་ནོ། །ནོར་སྦྱིན་པར་འདོད་པ་ནི་ནོར་ཡོངས་སུ་གཏོང་བར་འདོད་པ་སྟེ། བལྟོས ་ནི་མེད་པར་སྦྱིན་པའི་ཕྱིར་རོ། །ཆོས་སྨྲ་བ་ནི་འཆད་པར་མི་འགྱུར་ཏེ། དད་པ་མེད་པ་ཉིད་གྱི་ཕྱིར་རམ། ནོར་མི་འདོད་པ་ཉིད་ཀྱི་ཕྱིར་རམ། ཆོས་ལ་སེར་སྣ་བྱེད་པའི་ཕྱིར་རོ། གསུམ་པོ་འདི་དག་ནི་ཚོགས་པ་དང་མི་ལྡན་པ་སྟེ། དད་པ་མེད་པས་ཚོགས་པ་དང་མི་ལྡན ་པ་དང། སྦྱིན་པ་དོན་དུ་གཉེར་བ་ལ་ལེན་པ་དོན་དུ་མི་གཉེར་བའི་ཚོགས་པ་དང་མི་ལྡན་པ་དང། ཉན་པར་འདོད་པ་ལ་ཆོས་ཆེན་པོ་ལ་སེར་སྣ་བྱེད་པས་ཚོགས་པ་དང་མི་ལྡན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མདོ་སྡེ་དག་ཅེས་བྱ་བ ་ནི་གང་མཉན་པར་འདོད་པའོ། །ཆོས་ཀྱི་བར་ཆད་ཅེས་བྱ་བ་ནི་ཆོས་ཀྱིས་ཕོངས་པ་སྟེ། སྐྱེ་བ་སྔ་མར་དམ་པའི་ཆོས་སྤོང་བ་དེ་འདི་ལ་ཡོད་པའི་ཕྱིར་རོ། །ཆོས་ཀྱི་བར་ཆད་དུ་གྱུར་པ་དེའི་དངོས་པོ་ནི་དེ་ཉིད་དོ། །མེད་པ་ཞེས་བྱ་བ་ནི་ཡང་དག་པར་མེད་བའོ། །མི་འཇུག ་པ་ནི་གཞན་ནས་འོང་བར་མི་འགྱུར་བའོ། །ཆོས་སྨྲ་བ་ལ་མ་ཐོབ་པ་ཞེས་བྱ་བ་ནི་ཆོས་སྨྲ་བ་ལ་ཐོབ་པར་མ་གྱུར་པའོ། །བཟློག་པ་ནི་བཏང་བའོ། །མདོ་སྡེ་མེད་ན་དེ་དོན་དུ་གཉེར་བས་ཚོགས་པ་དང་མི་ལྡན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ལ། གང་ཉན་མི་འདོད་པར་འགྱུར་ཞེས་བྱ་བ་ནི་ཆོས་གཞན་ལ་ཆགས་པས་སོ། །དེའི་ཕྱིར་འདིར་ནི་འདུན་པ་དང་ལེ་ལོས་ཚོགས་པ་དང་ནི་ལྡན་པ་སྟེ། གཞན་ལ་འདུན་པ་དང། མི་འདུན་པའི་ཚོགས་པ་དང་མི་ལྡན་པའོ། །དེ་ནས་གཞན་ཡང་དབང་ ་འབྱོར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་གཉིད་དང་ལུས་ལྕི་བའི་འདུན་པས་ཚོགས་པ་དང་མི་ལྡན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པས་སྲིད་པའི་སྡུག ་བསྔལ་གྱི་སྐྱོན་ནོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་པ་ལ། བདེ་འགྲོའི་བདེ་བ་ཡང་སྡུག་བསྔལ་བའི་ཕྱིར་སྲིད་པ་ལ་རྒྱབ་ཀྱིས་མ་ལྟས་པའི་སྐྱོན་ནོ། །དེ་ནས་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་གཅིག ་པུ་དང་འཁོར་ལྷུར་ལེན་པའི་ཚོགས་པ་དང་མི་ལྡན་པ་དང། བསྙེན་པར་མི་བྱེད་པ་དེ་དག་ལ་སྐབས་མི་བྱེད་པའི་ཚོགས་པ་དང་མི་ལྡན་པ་དང་།མུ་གེ་ལ་སོགས་པའི་ཕྱོགས་སུ་འགྲོ་བ་དང་། མི་འགྲོ་བའི་ཚོགས་པ་དང་མི་ལྡན་པའོ། །དེ་ལ་གཅིག་པུ་དང ་འཁོར་ལྷུར་ལེན་པའི་ཚོགས་པ་དང་མི་ལྡན་པ་ནི་བཅུ་ཚན་བཞི་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བའོ་ཚིག་གཅིག་གིས་ནི་འཇིགས་པ་དང་བཅས་པའི་ཕྱོགས་སུ་འགྲོ་བ་དང། མི་འགྲོ་བའི་ཚོགས་པ་དང་མི་ལྡན་པས་གསུངས་སོ། །གཞན ་ཡང་རབ་འབྱོར་དགེ་སློང་ཆོས་སྨྲ་བ་ཞེས་བྱ་བ་ལ་སོགས་པ་ནི་ཁྱིམ་ལ་ལྟ་བ་དང། བྱ་བ་མང་བས་ཆོས་ཉན་པ་སྤོང་བའི་སྐྱོན་གསུངས་སོ། །དེ་ལྟར་དེ་ལ་སོགས་པའི་བདུད་ཀྱི་ལས་མང་པོ་རྟོགས་པར་བྱས་ནས་རྣམ་པར་སྤང་པར་བྱ་སྟེ། བདུད་དེ་དག་ཀྱང་དེ ་དག་ལ་མངོན་པར་བརྩོན་པར་འགྱུར་རོ་ཞེས་བརྟན་བའི་ཕྱིར། གཞན་ཡང་རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དགེ་སྤྱོད་གི་ཆ་བྱད་གྱི་གཞུང་ལུགས་འབྲལ་བར་བྱེད་བའི་སྐྱོན་གསུངས་སོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི ་བདུད་རང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་དང་བཅས་པའི་སངས་རྒྱས་ཀྱི་ཆ་བྱང་དུ་སྤྲུལ་ནས་ཟབ་མའི་ཆོས་སྤྱོད་པ་རྣམས་བྱང་ཆུབ་དམན་བོར་ལུང་སྟན་པའི་སྐྱོན་གསུངས་སོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ནས་ལེའུ་རྫོགས་པའི་བར་གྱིས་ནི་དོན་བཞི ་གསུངས་ཏེ། བདུད་ཀྱི་ལས་མང་པོ་དང། དེའི་རྒྱུ་རྣམས་དང་བདུད་ལ་སོགས་པ་ལས་ཉན་པ་དང། བློ་ཆུང་དུ་ལ་སོགས་པ་ཡིད་ཆེས་པར་བྱེད་པ་དང། བདུད་ཇི་ལྟར་དེ་དག་ལ་མངོན་བར་བརྩོན་པར་བྱེད་པ་དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱང་ཡོངས་སུ་འཛིན་པར་མཛད་པ་མ་ཡིན་ནོ། །དེ་ནི་བདུད་ཀྱི་ལས་བཞི་བཅུ་རྩ་དྲུག་སྟེ། བདུད་ཀྱི་ལས་ཉིད་བར་དུ་གཅོད་པའོ། །དེ་གསལ་བར་བྱེད་པའི་ལེའུ་ནི་དེའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད ་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལེའུ་བཅུ་གཅིག་པའོ།། །།སྐྱོན་བསྟན་ནས། མཚན་ཉིད་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས། བསྟན་བཅོས་ལས། ་གང་གིས་མཚན་ཏེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་ཤེས་པ་དང། །ཁྱད་པར་བྱེད་དང་རྣམ་གསུམ་དང། །མཚོན་བྱ་ངོ་བོ་ཉིད་གང་ཡང། ཞེས་བྱ་བ་གསུངས་ཏེ། གང་གིས་མཚོན་པར་བྱེད་པ་དེ་ནི་མཚན་ཉིད་དོ། །དེ་ཡང་རྣམ་པ་གསུམ་སྟེ། ཤེས ་པ་དང། ཁྱད་པར་དང། བྱེད་པ་པའོ། །ངོ་བོ་ཉིད་ཀྱི་མཚན་ཉིད་དང་རྣམ་པ་བཞི་སྟེ། དེ་ལས་དང་པོ་ཤེས་པ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་ཐམས་ཅད་ཤེས་པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པ་འབྱུང་བ་དང། འཇིག་རྟེན་འཇིག་མེད་བདག་ཉིད་དང ་སེམས་ཅན་སེམས་ཀྱི་སྤྱོད་པ་དང། །དེ་བསྡུས་པ་དང་ཕྱིར་བལྟས་དང། །མི་ཟད་པ་ཡི་རྣམ་པ་དང། །ཆགས་བཅས་སོགས་དང་རྒྱ་ཆེན་དང། །ཆེན་པོར་གྱུར་དང་ཚད་མེད་དང། །རྣམ་ཤེས་བསྟན་དུ་མེད་པ་དང། །སེམས་ལྟར་མེད་དང་ཤེས་པ་དང།། ་གཡོ་བ་ལ་སོགས་ཤེས་བྱ་དང། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པ་དེ་བཞིན་ཉིད་རྟོགས་དང། །གཞན་བསྟན་པ་ཞེས་བྱ་པ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱིས། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། ་ཞེས་གསུངས་ཏེ། ཤེས་པ་སྨོས་པ་ནི་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །བཅོམ་ལྡན་འདས་མ་ལས་དེ་བཞིན་གཤེགས་པའི་ཡེ་ཤེས་སྐྱེས་ཏེ་དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཀྱིས ་ཞེས་བྱ་བ་ལ་སོགས་པ་ནས་འཇིག་རྟེན་ཀུན་རྫོབ་སྟོན་པར་བྱེད་དོ། །ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་དང་པོ་དཔེ་ནི་བདག་གིར་བྱེད་དོ་ཞེས་བྱ་བའི་བར་དུ་གསུངས་སོ། །མན་པར་གྱུར་ཞེས་བྱ་བ་ནི་མ་ན་པར་གྱུར་པ་ཡོད་ནའོ། །རེག་པ་ལ་གནས ་པ་ནི་རེག་པ་ལ་སྤྱོད་པའོ། །མི་བདེ་བ་ནི་ཡིད་དུ་མི་འོང་བ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །ལེགས་པར་གཟུང་བར་འཛིན་པ་ནི་གསོ་བ་ལེགས་པར་གོམས་པ་ཅི་ནས་ཀྱང་ཉམས་པར་འགྱུར་བའོ། །སྤ་བ་ནི་སྲུང་པའོ། །བཅོས་པ་ནི ་དག་པར་བྱེད་པ་སྟེ་ནད་སེལ་བའི་ཕྱིར་རོ། །སྡུག་བསྔལ་གྱི་རེག་པ་འམ། ཞེས་པ་ལ་དབང་པོ་དང་རྣམ་པར་ཤེས་པའི་འདུས་པ་ལས་བྱུང་བ་ནི་རེག་པ་སྟེ་། དེ་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པས་སྡུག་བསྔལ་ལོ། །མིག་ལ་ཞེས་བྱ་བ་ནི་ལྔ་བའོ།། ་ཡེ་འཕྲོག་ནི་མི་རྣམས་ཀྱི་ཕྱི་ནས་འབྱུང་བའི་གློག་ལ་སོགས་པའོ། །བདག་གིར་བྱེད་པ་ནི་བདག་གིར་བྱེད་པས་སོ། །དགོངས་ཏེ་ཞེས་བྱ་བ་དེ་དག་ལས་ཤེས་ཤེ་ན། གང་ཡང་དེ་དག་ཅེས་བྱ་བ་ལ་སོགས་གསུངས་ཏེ། དེ་བཞིན་གཤེགས་པ་ནི ་ཤཱཀྱ་ཐུབ་པའོ། །གང་ཞེས་བྱ་བ་ཤཱཀྱ་ཐུབ་པ་དེ་ཁོ་ན་མ་ཡིན་པའོ། །བཞུགས་ཏེ་ཞེས་བྱ་བ་ནི་ཡོད་པའོ། །འཚོ་བ་ནི་ཡང་དག་པར་གནས་པའོ། །གཞེས་པ་ནི་སྐུ་ཚེ་ཇི་སྲིད་ཡོད་པའི་བར་དུའོ། །དགྱེས་པ་ཐོབ་ཅིང་དགོངས་པ་ཇི་ལྟ་བུ ་ཞེ་ན། ཇི་ལྟ་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡུམ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བསྐྱེད་པ་ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པ་འདིའི་སྟོན་པ་ནི་ཐོབ་པར་བྱེད་པའོ། །དེ་ལྟར་ཞེས་བྱ་བ་ནི་བསྐྱེད་པ་ཉིད་དོ། །འདི་ནི་དེ་བཞིན ་གཤེགས་པ་འབྱུང་བ་ཤེས་པ་སྟེ་དང་པོའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ། །ཞེས་གསུངས་པ་ལས། དེའི་ཕྱིར་ཞུས་པ་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལན་ནི་དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པའོ།། ་འཇིག་རྟེན་ཞེས་གསུངས་པ་ནི་འཇིག་པ་ནི་རྣམ་པར་འཇིག་པའོ། །སྐད་ཅིག་མ་ཡིན་པའི་ཕྱིར་འཇིག་པ་དང་རབ་ཏུ་འཇིག་པ་ནི་རྒྱུན་འགགས་སྟེ། འཇིག་རྟེན་ནོ། །ཇི་ལྟར་འཇིག་རྟེན་སྟོན་པ་ཡིན། གལ་ཏེ་འཇིག་པ་སྟེ་འཇིག་རྟེན་ཡིན་ན། དེ་འདི ་ལས་ཁྱད་པར་ཅི་ཞིག་ཡོད་ཅེས་བྱ་བར་དགོངས་སོ། །ཇི་སྟེ་དེ་ཡང་སྟོན་པར་བྱེད་པ་ཞེས་བྱ་བ་འཇིག་རྟེན་པའི་དོན་ལས་གཞན་པ་གང་གི་ཕྱིར་ལྷག་པ་ཞེས་བྱ་བའི་དོན་ཏོ། །ལམ་ནི་རབ་འབྱོར་མི་འཇིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན ་འདི་ཕན་ཚུན་འགལ་བ་ཉིད་མ་ཡིན་ནམ་ཞེ་ན། མི་འཇིག་རབ་ཏུ་མི་འཇིགས་པས་ན་ཞེས་བྱ་བ་གསུངས་ཏེ། དེ་བས་ན་འཇིག་རྟེན་དང་འགལ་བ་མེད་དེ། གང་གིས་ཕྱིར་འདི་ཡང་སྦྱར་བར་བྱ་སྟེ། འཇིག་རྟེན་ནི་ཕུང་པོ་ལྔ་པོ་དེ་དག་གོ་།དེ་བཞིན ་གཤེགས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་འཇིག་རབ་ཏུ་མི་འཇིག་པ་ཡིན་ནོ་ཞེས་སྟོན་པའོ། །དེ་ཅིའི་ཕྱིར་ཞེས་ན་ཞེས་བྱ་བ་ལ་སོགས་པ་ནི་ཞུས་པའོ། །རབ་འབྱོར་ཕུང་པོ་ལྔ་པོ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། སྟོང་པ་ཉིད་ཇི་ལྟ་བ ་བཞིན་དུ། རབ་འབྱོར་མཚན་མ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་མི་འཇིག་ཅེས་གསུངས་པ་ལ། དེའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་འཇུག་བསྡུས་པའོ། །འཇིག་རྟེན་ཤེས་པ་དེ་ནི་གཉིས་པའོ། །སེམས ་ཅན་ཡེ་ཤེས་ཀྱི་སྤྱོད་པ་ཞེས་བྱ་བ་འདིས་ནི་སེམས་ཅན་དཔག་ཏུ་མེད་པ་ཚད་མེད་པའི་སྤྱད་པ་ཤེས་པ་བསྟན་ཏེ། སེམས་ཅན་དཔག་ཏུ་མེད་པ་ཤེས་པ་མེད་པར་ནི་དེ་མེད་དེ་དེ་བས་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་སེམས ་ཅན་ཚད་མེད་དཔག་ཏུ་མེད་པ་ཤེས་པ་བསྟན་ནས། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་དེའི་སྤྱོད་པ་ཞེས་གསུངས་ཏེ། དེ་ལ་ཇི་ལྟར་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་ཤེས་པ་ཡིན་ཞེ་ན། ་གང་གི་ཕྱིར་དེ་ཁོ་ན་ཉིད་ནི་དངོས་པོ་མེད་པ་ཡིན་པས། ཚད་མེད་གྲངས་མེད་པའོ། །ཇི་ལྟར་སེམས་ཀྱི་སྤྱོད་པ་མཁྱེན་པ་ཡིན་ཞེ་ན། སེམས་ཅན་མེད་པ་དེ་དག་གི་སྤྱོད་པ་འང་མེད་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་འཇིག་རྟེན་ཡིན ་པའི་ཕྱིར་འཇིག་རྟེན་སྟོན་པར་བྱེད་པའོ། །སེམས་ཅན་ཚད་མེད་དཔག་ཏུ་མེད་པའི་སྤྱོད་པ་ཤེས་པ་དེ་ནི་གསུངས་པའོ། །དེ་བསྡུས་པ་དང་ཕྱིར་བལྟས་དང་ཞེས་བྱ་བ་ལ། ཕྱིར་བལྟས་པ་ནི་རྣམ་པར་གཡེང་བའོ། །དེའི་སེམས་བསྡུས་པ་དང ་བཅས་པའི་ཕྱིར་བལྟས་པ་ནི་དེ་བསྡུས་པ་དང་ཕྱིར་བལྟས་པའོ། །དེའི་ཕྱིར་སེམས་ཀྱིས་བསྡུས་པ་དང་རྣམ་པའི?་གཡེང་པར་ཤེས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་གསུམ་པ་ལ། བསྡུས་པ་ནི་ཟད་པའོ་གཡངS ་པ་ནི་ཟད་པ་སྟེ་དེ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའོ། །བསྡུས་པ་ནི་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པ་སྟེ་དེ་ཡང་ཟད་པ་ཉིད་དོ། །སེམས་ཀྱི་རང་བཞིན་དེ་ཡང་མི་ཟད་པ་སྟེ་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པས་བསྡུས ་པ་ནི་ཟད་པ་ཉིད་དུ། གཡེངས་པ་ནི་མི་ཟད་པ་ཉིད་དུ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཉིད་ལ་བལྟོས་ནས་རྣམ་པར་གཡེང་བ་སྟེ། ཕྱི་རོལ་ཏུ་བལྟས་པའི་ཕྱིར་རོ། །རབ་ཏུ་མཁྱེན་པ ་ནི་རང་གི་མཚན་ཉིད་ལ་བལྟོས་པའོ། །དེ་ཇི་ལྟ་བུ་ཞེ་ན་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཟད་པ་ནི་ཟད་པ་མེད་པའོ། །རྣམ་པར་མི་ཟད་པ་ཡང་མ་ཡིན་ཏེ། དེ་བས་ན་སེམས་བསྡུས་པ་མེད་པ་ནི་རྣམ་པར་གཡེངས་པ ་སྟེ་དེ་མེད་དོ། །གཡེངས་པ་མེད་པ་ཡང་གང་ལས་ཤེས་ན་མཚན་ཉིད་མེད་པ་ཞེས་གསུངས་ཏེ་། གང་གི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་པ་ཞེས་བྱ་བའི་དོན་ཏེ། །སེམས་བསྡུས་པ་དང་གཡེངས་པ་ཤེས་པ་དེ་ནི་བཞི་པའོ། །མི་ཟད་བའི་རྣམ་པ་དང་ཞེས་བསྟན ་བཅོས་ལས། འདོན་པ་ནི་ཡུམ་ཆེན་མོ་དག་ལས་བཤད་དོ། །འདི་ནི་དཔག་ཏུ་མེད་པ་དང། ཚད་མེད་པ་དང། མི་ཟད་པ་ཞེས་བརྗོད་དེ། སེམས་དཔག་ཏུ་མེད་པ་དང། མི་ཟད་པ་ཞེས་བྱ་བ་འདིའི་བཤད་པ་ནི་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཇི་ལྟར་ན་ཞེས་བྱ་བ་ནི་དྲིས་བའོ། །རབ་འབྱོར་དེའི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་ནམ་ཡང་མི་གནས་པ་ནམ་ཡང་མི་གནས་པ་མ་ཡིན་པ་སྟེ་ཆོས་ཉིད་ནི་ཐོག་མ་དང་ཐ་མ་དང་མེད་པ་ནི་ཞེས ་བྱ་བའི་དོན་དུ་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འདུས་བྱས་ཀྱིས་མཚན་ཉིད་མེད་པས་སྐྱེ་བ་དང། འགག་བ་མེད་པའོ། །གནས་མེད་པ་དང། རྟེན་མེད་པ་ནི་དེ་ལ་དབང་པོ་དྲུག་གི་བྱ་བ་མེད་པའི་ཕྱིར་རོ། །ཚད་མེད་བའི་ཕྱིར་གཞལ་དུ་མེད་པའོ། །ཟག་པ་མེད ་པའི་ཕྱིར་མི་ཟད་པའོ། །གང་གིས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལ་སོགས་པའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་ནམ་མཁའ་དཔག་ཏུ་མེད་ཅིང་མི་ཟད་པ་ནི་དེ་བཞིན་དུ་སེམས་ཀྱང་ངོ། །རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་མཇུག ་བསྡུ་པའོ། །གཞལ་དུ་མེད་པ་དང་མི་ཟད་པ་ཤེས་པ་དེས་ནི་ལྔ་པའོ། །གཞལ་དུ་མེད་པ་དང་མི་ཟད་པ་ཞེས་བྱ་བའི་སྒྲས་ནི་མ་གསུངས་བསྡུས་པའི་དོན་ཏོ། དེས་ན་ཀུན་ནས་ཉོན་མོངས་པ་དང། ཀུན་ནས་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་མ་ཡིན ་པ་ཤེས་པ་དང། ཞུམ་པ་དང་ཡོངས་སུ་འཛིན་པ་ཤེས་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་ཤེས་པ་ཡོངས་སུ་བཟུང་ངོ། །དེ་ལ་དང་པོ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་དང་།ཉོན ་མོངས་པ་ཅན་མ་ཡིན་པ་གསུངས་ཏེ། ཀུན་ནས་ཉོན་མོངས་པ་ཅན་ནི་ཀུན་ནས་ཉོན་མོངས་པའོ། །ཉོན་མོངས་པའི་ཆོས་ཀི་དྲི་མ་ཅན་དུ་བྱས་པ་ནི་ཀུན་ནས་ཉོན་མོངས་པའོ། །ཀུན་ནས་ཉོན་མོངས་པ་མེད་པ་ནི ་ཀུན་ནས་ཉོན་མོངས་པ་མེད་པའོ། །གང་གི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམས་ནི་དེ་ན་གནས་མེད་པ་སྟེ་སེམས་ཀྱི་ཆོས་ཉིད་དེ་ལ་ཡང་དག་པར་གནས་པ་མེད་དེ། དེ་དག་ནི་གློ་བུར་བ་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་འོད་གསལ་བ ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཀྱི་ཆོས་ཉིད་རང་བཞིན་ཁོ་ནས་འོད་གསལ་བ་ནི་དྲི་མ་མེད་པའོ། །འདི་ནི་སེམས་ཀུན་ལས་ཉོན་མོངས་པ་མ་ཡིན་པ་ཤེས་པ་སྟེ་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གཉིས ་ཀྱིས་ནི་གཉིས་པ་གསུངས་ཏེ་། གཞི་མེད་པ་ཞུམ་ཞེས་བྱ་བ་ལ་གཞི་མེད་པ་ནི་གནས་མེད་པའོ། །གཞི་མེད་པ་ཉིད་ཞུམ་པའོ། །སེམས་ཞུམ་པ་ལ་ནི་རང་བཞིན་མེད་པ་དེ་སེམས་ཀྱི་རང་བཞིན་ལ་ནི་སྐྱེ་བ་དང། འགག་པ་མེད་པའི་ཕྱིར་རོ།། ་གཟུང་དུ་མེད་པ་ནི་སེམས་དེ་དག་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །མི་གཟུང་བ་ནི་གཟུང་དུ་མེད་པའོ། །རབ་ཀྱི་སྒྲ་ནི་དགག་པའི་དོན་ཉིད་ཡིན་པའི་ཕྱིར་རོ་འཇུག་པ་འམ་སྐྱེ་བ་ཞེས་བྱ་བར་དགོངས་སོ། །འདི་ནི་སེམས་ཞུམ་པ་དང་གཟུང་པ ་མེད་པར་ཤེས་པ་སྟེ་བདུན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་གསུམ་པ་གསུངས་ཏེ་།ངོ་བོ་ཉིད་མེད་པ་ནི་དངོས་པོ་མེད་པ་ཉིད་དེ། དེ་མེད་པ་ནི་ངོ་བོ་ཉིད་མེད་པའོ། །འདི་དག་གིས་སེམས་འཇིག་པར་བྱེད ་པས་ན་ཟག་པ་སྟེ། ཡོད་པ་མ་ཡིན་པ་ལ་ཀུན་ཏུ་རྟོག་པའོ། །དེ་དང་ལྡན་པས་ན་ཟག་པ་དང་བཅས་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཡོད་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་འདོད་པ་དང། གཟུགས་དང་གཟུགས་མེད་པ་རྣམས་ལ ་རྟོག་པའི་ཕྱིར་རོ། །དངོས་པོ་མེད་པའི་ངང་ཚུལ་ཞེས་བྱ་བ་ལ་སོགས་པ་དངོས་པོ་མེད་པ་སྟོང་པ་ཉིད་དོ། །འདི་ལ་དེ་ལྟ་བུའི་དང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་ཕྱིར་ལྷུན་གྱི་གྲུབ་པའོ། །འདོད་པ་དང་གཟུགས་དང། གཟུགས་མེད་པའི་སྲིད ་བ་རྣམས་སུ་ཟག་པ་དང་བྲལ་བའི་ཕྱིར། དེས་ན་ཟག་པ་དང་བྲལ་བ་ཞེས་གསུངས་སོ། །འདི་ནི་ཟག་པ་དང་བཅས་པ་དང། ཟག་པ་མེད་བའི་སེམས་ཤེས་པ་སྟེ་བརྒྱད་བའོ། །ཆགས་བཅས་ལ་སོགས་དང་ཞེས་བྱ་བ་ལ་ཚོགས་པ་དང་བཅས་པ་དང། ་འདོད་ཆགས་དང་བྲལ་བ་ཤེས་པ་དང། ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་ཤེས་པ་དང། གཏི་མུག་དང་བཅས་པ་དང། གཏི་མུག་དང་བྲལ་བ་ཤེས་པའོ། །དེ་ལ་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ། སོགས་པའི་ཚིག་དང ་པོ་གཉིས་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སེམས་ཀྱིས་འདོད་ཆགས་དང་བཅས་པ་ནི་སེམས་ཀྱི་རང་བཞིན་མ་ཡིན་ཏེ། དེ་བས་ན་འདོད་ཆགས་མེད་པ་ནི་འདོད་ཆགས་དང་བཅས་བའི་དོན་ཏོ། ། ་གང་སེམས་ཀྱི་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ་བྲལ་བ་ནི་སྟོད་པ་ཉིད་དོ། །དེ་ནི་འདོད་ཆགས་དང་བཅས་པ་མ་ཡིན་ཏེ་དེ་གཉིས་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་དོན་ཏེ་འདི་ནི་སེམས་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང ་བྲལ་བའི་ཤེས་པ་སྟེ་དགུ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་བའི་ཚིག་གཉིས་གསུངས་པ་ལ་དེ་ནི་རྟོགས་པར་སླའོ། །འདི་ནི་ཞེ་སྡང་དང་བཅས་པ་དང་ཞེས་སྡང་དང་བྲལ་བའི་སེམས་ཤེས་པ་སྟེ་བཅུ་པའོ། །གཞན་ཡང ་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་གསུམ་པ་བསྟན་ཏེ། འདི་ནི་སེམས་གཏི་མུག་དང་བཅས་པ་དང། གཏི་མུག་དང་བྲལ་བ་ཤེས་པ་སྟེ་བཅུ་གཅིག་པའོ། །རྒྱ་ཆེན་དང། ཆེན་པོར་གྱུར་དང། ཚང་མེད་པ་དང ་ཞེས་བསྟན་བཅོས་ལས་གསུངས་སོ། །རྒྱ་ཆེན་པོ་ནི་ཡངས་པ་སྟེ་འདོད་པའི་ཁམས་ཐམས་ཅད་ལ་དམིགས་པའི་གནས་ལ་སོགས་པའོ། །ཆེན་པོར་གྱུར་པ་ནི་གཟུགས་ལ་དམིགས་པ་སྟེ་འདོད་པའི་ཁམས ་ལས་གཟུགས་ཀྱི་ཁམས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །གཟུགས་མེད་པ་ལ་དམིགས་པ་དང། རྣམ་པ་གསུམ་དུ་དམིགས་པ་དང་མི་དམིགས་པ་ནི་ཚད་མེད་པའོ། །དེའི་ཕྱིར་གསུམ་དུ་ཤེས་པ་ནི་ཡུམ་ཆེན་མོ་ལས་སེམས་རྒྱ་ཆེན་པོར ་ཤེས་པ་དང། སེམས་ཆེན་པོར་གྱུར་པ་ཤེས་པ་དང། སེམས་ཚད་མེད་པ་ཤེས་པའོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་མ་འདིར་ཚད་མེད་པ་ཞེས་བྱ་བའི་དབང་གིས་མ་གསུངས་པ་བསྡུས་ཏེ། འདི་ལ་བརྟེན་ཏེ་ཞེས་བྱ་བར་སྦྱར་རོ།། ་རྒྱ་ཆེ་བ་དང་། རྒྱ་ཆེ་བ་མ་ཡིན་པ་དང། ཆེན་པོར་གྱུར་པ་དང། ཆེན་པོར་གྱུར་པ་མ་ཡིན་པ་དང། ཚད་མེད་པ་དེ་ནི་འདིར་ཤེས་པ་གསུམ་སྟེ། རྒྱ་ཆེ་བ་དང་རྒྱ་ཆེ་བ་མ་ཡིན་བའི་ཤེས་པ་དང། ཆེན་པོར་གྱུར་པ་དང་།ཆེན་པོར་གྱུར་པ ་མ་ཡིན་པའི་ཤེས་པ་དང། ཚད་མེད་པའི་ཤེས་པའོ། །གཞན་ཡང་རབ་འབྱོར་དེ་བཞིན་གཤེགས་པས་ཤེས་བྱ་བ་ལ་སོགས་པའི་ཚིག་དང་པོ་གཉིས་གསུངས་པ་། ཡོངས་སུ་མི་ལྡང་བ་ནི་རྒྱ་ཆེ་བའོ། །དེ་དང་ལྡན་པ་དགག་པ་ནི་མི་ལྡན་པའི་ཕྱིར་རོ།། ་སོ་སོར་འབྲང་བ་མ་ཡིན་པ་བཀག་པས་ཡོངས་སུ་མི་ལྡང་བའི་ནང་དུ་གཏོགས་པར་ནི་ཆོས་ཉིད་ཀྱིས་ཏེ། དེ་བས་ན་རྒྱ་ཆེ་བ་མ་ཡིན་པའོ། །སེམས་དེ་དག་མི་འབྲི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མི་འབྲི་བ་ནི་འགྲིབ་པ་མེད་པ་སྟེ། དེ་བས་ན་རྒྱ ་མི་ཆེ་བ་མ་ཡིན་པའོ། །མི་འཕེལ་བ་ནི་འཕེལ་བ་མེད་པ་སྟེ། དེ་བས་ན་རྒྱ་ཆེ་བ་མ་ཡིན་པའོ། །རྣམ་པར་གྲོལ་བ་མེད་པ་ནི་ཁྱད་པར་དུ་མི་འགྲོ་བ་སྟེ། དེ་བསན་རྒྱ་ཆེ་བ་མ་ཡིན་པ་དང། རྒྱ་མི་ཆེ་བ་མ་ཡིན་པའོ། །རྣམ་པར་གྲོལ་བ་མེད ་པས་ཞེས་བྱ་བ་ནི་འགྱུར་བ་མེད་པ་ཁོ་ནའི་ཕྱིར་རོ། །སེམས་ནི་སེམས་ཀྱི་ཆོས་ཉིད་ཀྱིས་སོ། །འདི་ནི་སེམས་རྒྱ་ཆེ་བ་དང། རྒྱ་ཆེ་བ་མ་ཡིན་པ་ཤེས་པ་སྟེ་བཅུ་གཉིས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཆོ་ག་གཉིས་གསུངས་བ་ལ།། ་འོང་བ་ནི་ཐག་རིང་པོ་ནས་ཉེ་བར་འོང་བའོ། །ཉེ་བ་ནས་ཐག་རིང་པོར་འགྲོ་བ་ནི་འགྲོ་བའོ། །འདི་དག་རྣམ་པར་དགག་པ་ནི་ཆེན་པོར་ཞུགས་པ་མ་ཡིན་པའོ། །མཉམ་པ་ཉིད་ཀྱིས་མཉམ་པ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཀྱི་མཉམ་པ ་ཉིད་ནི་ཆོས་ཉིད་ཀྱིས་ཏེ། མཉམ་པ་ཉིད་དེ་དག་ཀྱང་རང་བཞིན་གྱིས་ཡོད་པ་དེའི་ཕྱིར་ངོ་བོ་ཉིད་མཉམ་པ་སྟེ་དེ་བས་ན་ཆེན་པོར་གྱུར་པའོ། །འདི་ནི་སེམས་ཆེན་པོར་གྱུར་བ་དང། ཆེན་པོར་གྱུར་བ་མ་ཡིན་པ་ཤེས་པ་བཅུ་གསུམ་པའོ། ། ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་བཅུ་བཞི་བ་གསུངས་ཏེ། རྟེན་མེད་པས་ཚད་མེད་པ་ཞེས་བྱ་བ་ལ། གང་བུམ་པ་ལ་བརྟེན་ཅིང་བུམ་པོའི་ཁོངས་སུ་གཏོགས་བའི་བུམ་པ་དེ་དག་ནི་དཔག་པར་བྱ་བ་ཡིན་ན། སེམས ་ཀྱི་ཆོས་ཉིད་ནི་ནམ་མཁའ་དང་མཉམ་པའི་ཕྱིར་གང་དུ་ཡང་རྟེན་པ་མེད་དེ་བས་ན་ཚད་མེད་པ་ཡིན་ནོ། །འདི་ནི་ཡེ་ཤེས་ཚད་མེད་པ་ཤེས་པ་སྟེ་བཅུ་བཞི་བའོ། །རྣམ་ཤེས་བསྟན་དུ་མེད་པ་དང་ཞེས་བྱ་བ་ལ་རྣམ་པར་ཤེས་པ་ནི་སེམས་སོ། །ཡི་གེ ་དང་གིས་ནི་ཤེས་པ་ལྔ་གཟུང་སྟེ། སེམས་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ཤེས་པ་དང་སེམས་ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པ་ཤེས་པ་དང། སེམས་བླ་ན་ཡོད་པ་དང་བླ་ན་མེད་པ་ཤེས་པ་དང། སེམས་མཉམ་པར་མ ་བཞག་པ་དང་མཉམ་པར་བཞག་པ་ཤེས་པ་དང། སེམས་རྣམ་པར་མ་གྲོལ་བ་དང་རྣམ་པར་གྲོལ་བ་ཤེས་པའོ་།དེ་ལ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་གཉིས་གསུངས་པ་ལ་མཉམ་པར་སྟོན་པ་ཞེས ་བྱ་བ་བསྟོན་པ་དང་ངེས་པར་སྟོན་པ་ནི་དོན་གཅིག་གོ་།དེ་བས་ན་མཉམ་པར་སྟོན་པའོ། །དེ་ག་ལས་ཤེས་ཤེ་ན། གང་གི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ནི་སེམས་ཀྱི་ཆོས་ཉིད་དོ། །དེ་ཉིད་ཀྱིས་ངོ་བོ་འདི་ལ་ཡོད་པ་དེ་ལ་དེ་སྐད་ཅེས ་བྱ་སྟེ་། བར་གྱི་ཚིག་མི་མངོན་པར་བྱས་པའོ། །མཚན་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་མཚན་ཉིད་ནི་འཛིན་པར་བྱེད་པ་ཉིད་དེ། དེ་མེད་པའི་ཕྱིར་རོ། །དོན་ནི་རྫས་ཀྱི་ངོ་བོ་ཉིད་དོ། །དེས་རྣམ་པར་དབེན་པའི་ཕྱིར་སེམས ་གྱི་སྣང་བའོ། །སེམས་ལ་མི་སྣང་བའི་དོན་ཡང་འདིར་སྤྱན་གསུམ་ལ་སྣང་བར་གྱུར་པ་ཞེས་བྱ་བ་གསུངས་ཏེ། གསུམ་ནི་ཤའི་དང། ལྷའི་དང། ཤེས་རབ་ཀྱི་སྤྱན་ནོ། །ཐམས་ཅད་ལ་ཞེས་བྱ་བས་ནི་ཆེས་དང་སངས་རྒྱས་ཀྱི་སྤྱན ་ཡང་བསྡུའོ། །འདི་ནི་སེམས་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ཤེས་པ་སྟེ་བཅོ་ལྔ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་གསུངས་པ་ལ། མེད་པ་ལ་ཀུན་བརྟགས་པ་ཞེས་བྱ་བ་གསུངས་པ་ལ། མེད་པ ་ལ་ཀུན་བརྟགས་པ་འདི་དག་གིས་དེ་གསུངས་པ་ལ་འདི་སྐད་ཅེས་བརྗོད་ཏེ། དེ་ཉིད་ཀྱི་ཕྱིར་སྟོང་པའོ། །དམིགས་པ་ཉིད་དབང་དུ་གྱུར་པ་སྟེ་གསོབ་དག་གོ་།ཚད་མས་གནོད་པའི་ཕྱིར་ཁོང་ཁྲོ་བ་མེད་པའོ་ཞེས་དགོངས་སོ། །གཉིས་སུ་མེད་པ་ལ ་སོགས་པ་ལ་གཉིས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། དེ་མེད་པར་གྱུར་པ་དང་མ་སྐྱེས་པའོ། །གྱུར་པ་ནི་གཉིས་ཀྱིས་སྟོང་པ་ཉིད་དོ། །འདིས་ཀུན་ཏུ་འབྱུང་བ་ནི་དེ་ལས་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཚད་མས་གནོད ་པ་བྱོང?་པའི་ཕྱིར་ཁོང་ཁྲོ་བ་མེད་པ་ཡིན་ཏེ་འདི་ནི་སེམས་ཁོང་ཁྲོ་བ་དང་བཅས་པ་དང་ཁོང་ཁྲོ་བ་མེད་པ་ཤེས་པ་སྟེ་བཅུ་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་གསུམ་པ་གསུངས་ཏེ། རབ་འབྱོར ་ཞེས་བྱ་བ་ལ་སོགས་པ་ལ་བླ་ན་ཡོད་པ་མ་ཡིན་པ་ནི་དེ་ལ་རློམ་སེམས་མེད་དོ། །རྡུལ་ཕྲ་མོ་ཡང་ཞེས་བྱ་བ་ལ་སོགས་པ་ལ། མི་དམིགས་པ་ཁྱད་པར་གྱུར་པའི་ཕྱིར་བླ་ན་མེད་པ་ནི་སྤྲོས་པ་མེད་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པས་སོ། ། ་འདི་ནི་སེམས་བླ་ན་ཡོད་པ་དང་བླ་ན་མེད་པ་ཤེས་པ་སྟེ་བཅུ་བདུན་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་ཀྱིས་ནི་བཞི་པ་གསུངས་ཏེ། རབ་འབྱོར་སེམས་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། མཉམ་པ་ནི་ཆོས་ཀྱི ་དབྱིངས། དེ་དང་མཉམ་པ་ནི་དེ་ཉིད་དུ་འཇུག་པའོ། །དེ་ལྟར་མ་ཡིན་པ་ནི་མི་མཉམ་པ་དང། མཉམ་པའོ། །མཉམ་པར་མ་བཞག་པ་ནི་བྱིས་པ་རྣམས་ལ་མཉམ་པར་བཞག་པ་མེད་པའི་ཕྱིར་ཏེ་དེ་བས་ན་མཉམ་བར་བཞག་པའོ། །མཉམ་པ ་དང་མཉམ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླ་སྟེ་འདི་ནི་སེམས་མཉམ་པར་མ་བཞག་པ་དང་མཉམ་པར་བཞག་པ་ཤེས་པ་སྟེ་བཅོ་བརྒྱད་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བའི་ཚིག་གཉིས་ཀྱིས་ནི་ལྔ་པ་གསུངས་ཏེ། རང་བཞིན ་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་རྣམ་པར་གྲོལ་བ་ནི་ཚིག་འོག་མའི་དོན་ཏེ། ངོ་བོ་ཉིད་མེད་པ་ནི་མེད་པ་ཞེས་བྱ་བའི་དོན་ཏེ། །སེམས་ཀྱང་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པས་མ་དམིགས་པའི་ཕྱིར་མེད་པ་སྟེ། ་དེ་བས་ན་རྣམ་པར་གྲོལ་བ་ཉིད་དོ། །འདི་ནི་སེམས་རྣམ་པར་མ་གྲོལ་བ་དང་རྣཾ་པར་གྲོལ་བ་ཤེས་པ་སྟེ་བཅུ་དགུ་པའོ། །བསྟན་བཅོས་ལས། སེམས་ལྟར་མེད་དང་ཤེས་པ་སྟེ། །ཞེས་བྱ་བ་ལ་སོགས་པ་དེ་ཡང་གཞན་ཡང་རབ་འབྱོར་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། མེད་པ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་བར་སླའོ། །འཇིག་རྟེན་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །འདི་ནི་སེམས་ཀྱི་སྣང་བ་ཤེས་པ་སྟེ་ཉི་ཤུ་པའོ། །བསྟན་བཅོས་ལས། གཡོ་བ་ལ་སོགས་ཞེས ་བྱ་དང། །ཞེས་བྱ་བ་ལ་སེམས་དེ་གཡོ་བ་ལ་སོགས་པའི་འདུ་ཤེས་ནི་གཡོ་བ་ལ་སོགས་པ་ཞེས་བྱ་སྟེ། ཤེས་པ་ཞེས་བྱ་བ་དང་སྦྱར་རོ། །གཡོ་བ་ལ་སོགས་པ་བཞི་ནི་བཅོམ་ལྡན་འདས་ཡུམ་ཆེན་མོ་ལས ་གསུངས་ཏེ་།དེ་ལ་ཕྱེ་བ་ནི་བྱ་བའོ། །བཙུམ་པ་ནི་དགག་པའོ། །དེ་གཉིས་ཡང་དག་པར་ཕྱེ་པ་ནི་བསྡུ་པའོ། །དེ་གཉིས་བརྐྱངས་པ་ནི་དགག་པ་སྟེ། དཔེར་ན་འབྱུང་བ་དང། མི་འབྱུང་པ་དང། འབྱུང་ཡང་འབྱུང་བ་དང། མི་འབྱུང་ཡང ་མི་འབྱུང་བའོ། །བཅོམ་ལྡན་འདས་མ་ལས་ནི་འདིར་དང་པོ་དང་གསུམ་པ་བཀག་པ་ཡིན་ཏེ། །འབྱུང་བ་དང་། འབྱུང་ཡང་འབྱུང་ཞེས་བྱ་བའོ། །བཅོམ་ལྡན་འདས་མ་འདི་ལས་དང་པོ་དང་གསུམ་པ་ལ་བྱ་བ་ཡོད་པས་ནི་ཕྱེ་བ་ཡིན་ནོ ་གཉིས་པ་དང་བཞི་པ་ལ་བྱ་བ་མེད་པས་ན་བཙུམས་པ་ཡིན་ནོ། །དེའི་ཕྱིར་གཞན་ཡང་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཕྱེ་བ་དང། །བཙུམ་པ་ཤེས་པ་གསུངས་པ་ལ་།དེ་ཐམས་ཅད་ཕུང་པོ་ལྔ་ལ ་བརྟེན་པ་ཡིན་ཏེ། དེ་བས་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཞུས་བའོ། །དེ་བཞིན་སོང་བ་ཤི་ཕན་ཆད་ཅེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལྷག་མ་ནི་རྟོགས ་པར་སླ་སྟེ། འདི་ནི་ཕྱེ་བ་དང་བཙུམས་བ་ཤེས་པ་སྟེ་ཉི་ཤུ་རྩ་གཅིག་པའོ། །བསྟན་བཅོས་ལས། ཡང་དེ་དག་ནི་དེ་བཞིན་ཉིད་རྣམ་པར་ཤེས་པ། ཞེས་བྱ་བ་གསུངས་པ་ལ། དེ་དག་ནི་ཕྱེ་བ་དང་བཙུམས་པ་དག་སྟེ་དེའི་ངོ་བོ་ཉིད་ཅེས ་བྱ་བའི་དོན་ཏོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་རབ་ཏུ་མཁྱེན་པའི་གསུམ་པའི་བར་དུ་གསུངས་ཏེ་འདི་ནི་དེ་བཞིན་ཉིད་ཇི་ལྟ་བས་ཕྱེ་བ་དང་བཙུམས་པ་ཤེས་པ་སྟེ་ཉི་ཤུ་རྩ་གཉིས་པའོ། །དེ་ལ་བ་ཞན་ཐུབ་པ ་བ་དེ་བཞིན་ཉིད་རྟོགས་པ། གཞན་གཏན་བ་ཤེས་པ་ཞེས་བྱ་བ་དང་སྦྱར་རོ། །དེ་བཞིན་ཤེས་པ་ནི་མཆོག་གོ་།ཐུབ་པ་ནི་དེ་བཞིན་གཤེགས་པའོ། །གང་མངོན་པར་བྱང་ཆུབ་པ་དེས་གཞན་ལ་བསྟན་པ་ཡང་ཤེས་པའི་དོན་ཏོ། །དེ་ནི་རབ་འབྱོར་འདི ་ལྟར་ཞེས་བྱ་བ་ལ་སོགས་པ་ནས་མི་ཟད་པ་ཉིད་དུ་བསྟན་ཏོ། །ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་བཞིན་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བཞིན་ཉིད་གཅིག་ཏུ་རྣམ་པར་བཞག་པ་ཡིན་ནོ། །གང་ཡིན་པ་ནི་གང་ཁོ ་ན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ཉིད་གཅིག་སྟེ་ཞེས་བྱ་བ་ནི་དེ་ལྟར་རྒྱ་ཆེར་བསྟན་པའི་དེ་བཞིན་ཉིད་ནི་གཅིག་པ་ཁོ་ནའོ། །ཅི་འདི་ལ་གཅིག་པ་ཉིད་ནི་ཐ་དད་པ་མེད་པ་ལ་བྱ་བའི་བྱེ་བྲག་ཙམ་ཞིག་ཡིན་ནམ། འོན་ཏེ་རི་འབིགས་བྱེད ་བཞིན་དུ་གཅིག་གི་གྲངས་ཀྱིས་ཡིན་ཞེ་ན་དེའི་ཕྱིར་དུ་མའི་དངོས་པོ་དང་། དངོས་པོ་མེད་པ་དང། བྲལ་བ་ཞེས་གསུངས་ཏེ། དུ་མའི་དངོས་པོ་དང་དངོས་པོ་མེད་པ་ནི་དུ་མ་ཉིད་དང། གཅིག་ཉིད་དང། །དེ་དག་དང་བྲལ་བ་ནི་དེ ་དག་རྫས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་ཏེ་། ཐ་དད་པ་མེད་པ་ཙམ་དེའི་གཅིག་?། ཉིད་ཅེས་བྱ་བའི་དོན་ཏོ། །དེ་ག་ལས་ཤིན་དུ་མ་ཉིད་ཡིན་པའི་ཕྱིར་དང། སྣ་ཚོགས་པ་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀ་ཡང་རྗེས་ཀྱིས་ཆོས་ཡིན ་པའི་ཕྱིར་རོ། །མི་ཟད་པའི་ཕྱིར་ཞེས་བྱ་བ་ནི་གཉིས་ཀ་མེད་པའོ། །དེ་དང་ལྡན་པ་ལ་མི་དང་། གླང་པོ་དང། རྟ་ལ་སོགས་པའི་དབྱེ་བ་ཡོད་པར་འགྱུར་ན། དེ་བཞིན་ཉིད་ནམ་མཁའ་དང་འདྲ་བ་ལ་ནི་དེ་མེད་དོ། །གནས་སྐབས་ཀྱི་བྱེ ་བྲག་གིས་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཡོད་དོ་ཞེ་ན་། འགྱུར་བ་མེད་པའི་ཕྱིར་དང་། གཉིས་སུ་མེད་པའི་ཕྱིར་ཞེས་གསུངས་ཏེ་།དངོས་པོ་དབེན་པའི་མཚན་ཉིད་དེ་ལས་དངོས་པོའི་ཆོས་སྐྱིད་ཕྱེ་བ་མེད་པའི་ཕྱིར་རོ། །དབྱིངས ་གཅིག་ཡིན་ཡང་གཅད་ན་དུ་མར་འགྱུར་བ་བཞིན་དུ། ཕུང་པོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་དེ་བཞིན་ཉིད་ཀྱང་ཡིན་ནོ་ཞེ་ན། གཉིས་སུ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །ངོ་བོ་ཉིད་མེད་པའི་ཕྱིར་གཅོད ་བ་མི་རིགས་སོ། །ཞེས་དགོངས་སོ། རབ་འབྱོར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་གསུངས་སོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་འདིས་ནི་དེ་གཞན་བསྟན་པའི་ཞེས་པ་གསུངས་སོ།། ་ལྷག་མ་རྟོགས་སླའོ། །འདི་ནི་དེ་བཞིན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་གཞན་བསྟན་པ་སྟེ་ཉི་ཤུ་རྩ་གསུམ་པའོ། །བསྟན་བཅོས་ལས་། ཐམས་ཅད་ཤེས་པ་ཉིད་སྐབས་ཀྱིས། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཤེས་བྱ་བ ་སྨོས་པས་ནི་མཇུག་བསྡུ་བའོ། །འདི་རྩམ་ནི་རྒྱས་པར་བསྡུས་ཏེ། གང་གི་ཞེན་ཐམས་ཅད་ཤེས་པ་འདི་ཀྱི་དབང་དུ་བྱས་ནས་ཤེས་བ་ཉིད་མཚན་ཉིད་དེའི་ཞེས་བྱ་བའི་དོན་ཏོ། །སྟོང་ཉིད་མཚན་མ་མེད་བཅས་དང། །སྨོན་པ་རྣམ་པར་སྤངས་པ ་དང། །སྐྱེ་མེད་འགག་པ་མེད་སོགས་དང། །ཆོས་ཉིད་དང་ནི་འཁྲུག་མེད་དང། །འདུ་མི་བྱེད་དང་རྣམ་མི་རྟོག་།རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། ཞེས་བྱ་བ་གསུངས ་ཏེ། ལམ་ཤེས་པ་ཉིད་ཀྱི་ཤེས་པ་ནི་རྣམ་པ་དགུ་སྟེ། འདི་དག་ནི་ཤེས་པ་ལས་བལྟོས་པས་བདུན་པའི་མཛའ་ཅན་ནོ། །འདི་ཉིད་མི་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཞེས་བྱ་བ་ནི་ཡེ་ཤེས་རྣམས་སོ ་འདི་ལ་ཞེས་བྱ་བ་ནི་ལམ་ཤེས་པ་ཉིད་ཀྱི་ཤེས་པའི་མཚན་ཉིད་རྣམས་སོ། །འདིར་ཤེས་པ་དག་བརྗོད་པར་བྱ་བ་ཡིན་ཡང་དེའི་དམིགས་པ་དག་བརྗོད་དེ་དེ་བརྗོད་པས་ཀྱང་དེ་རྟོགས་པའི་ཕྱིར་རོ། །དེ་ལ་སྟོང་ཉིད་མཚན་མ་མེད་བཅས་དང། །སྨོན་པ ་རྣམ་པར་སྤངས་པ་དང་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཤེས་ལའོ། །དེ་ནི་ལྷའི་བུད་གཅེས་བྱ་བ་ལ་སོགས་པས་གསུངས་ཏེ། སྟོང་བ་ཞེས་བྱ་བ་ལ་སོགས་པས་ནི་གཅིག་གི་ཚིག་སྟེ་དམིགས་པ་ནི་གཅིག་ཡིན་པ་ཉིད་ཀྱི་ཕྱིར་རོ། །མཚན ་ཉིད་ཅེས་བྱ་བ་ནི་མང་པོའི་ཚིག་སྟེ། ཡེ་ཤེས་ནི་མཚན་ཉིད་ཐ་དད་པས་ཐ་དད་པའི་ཕྱིར་རོ། །བཞག་གོ་ཞེས་བྱ་བ་ནི་རྣམ་པར་བཞག་པ་སྟེ། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །འདི་ནི་སྟོང?་པ་ཉིད་དང་མཚན་མ་མེད་པ ་དང་སྨོན་པ་མེད་པ་ཤེས་པ་དག་གོ་།སྐྱེ་མེད་འགག་པ་མང་སོགས་ཞེས་བྱ་བ་དེ་ནི་ལྷའི་བུ་དག་སྐྱེ་བ་མེད་པའོ་འགག་པའོ། །ཀུན་ནས་ཉོན་མོངས་པ་མེད་པའོ་རྣམ་བར་བྱད་པ་མེད་པའོ། །དངོས་པོ་མེད་པའོ་མྱ་ངན་ལས་འདས་པའོ། །ཆོས་ཀྱི ་དབྱིངས་སོ་དེ་བཞིན་ཉིད་དོ་ཞེས་འདི་ལ་མཚན་ཉིད་བཞག་གོ་ཞེས་བྱ་བ་ལ་སྐྱེ་བ་མེད་པ་ལ་སོགས་པ་བརྒྱད་གཅིག་ཏུ་བྱས་པ་ནི་སྟོང་པ་ཉིད་ཙམ་གྱི་ཕྱིར་རོ། །སྟོང་པ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་དོ། །ངོ་བོ་ཉིད་མེད་པ་ལ་སྐྱེ་བ་འམ་འགག་པ་འམ ་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་པའམ། དངོས་པོ་མེད་དེ། །དངོས་པོ་མེད་པ་ཉིད་ནི་མྱ་ངན་ལས་འདས་པའོ། །སྟོང་པ་ཉིད་ཆོས་ཀྱི་དབྱིངས་ཏེ། གང་གི་ཕྱིར་ཆོས་རྣམས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མི་འགྱུར་བ་ཉིད་ཀྱི་ཕྱིར་རྟག་ཏུ ་དེ་ཁོ་ན་བཞིན་དུ་གནས་པ་ནི་དེ་བཞིན་ཉིད་དོ། །ཇི་སྟེ་མཚན་ཉིད་དག་ལ་ཕྱོགས་གཟུང་སྟེ་།མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་ལ་སོགས་པ་སྤངས་པས་ཅི་ཞིག་བྱ་ཞེས་བློ་དམན་པས་དྲིས་བ་ནི་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ ་སྨོས་ཏེ། འདིར་སྟོང་པ་ཉིད་ལ་སོགས་པའི་མཚན་ཉིད་དེ་ཉིད་ཅིའི་ཕྱིར་འདོད་ཅེས་བྱ་བའི་དོན་ཏོ། །ལྟའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནི་ལན་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མི་གནས་པ་དང། ནམ་མཁའ་ ་དང་འདྲ་བ་དང། སུས་ཀྱང་མ་བཞག་པའི་ཕྱིར་རོ། །དེ་ལ་ནམ་མཁའ་དང་འདྲ་བ་ཉིད་དུ་བསྒྲུབ?་པའི་ཕྱིར་མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གཟུགས་སུ་བགྲང་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི ་མཚན་ཉིད་རྣམས་སུའོ། །མི་གནས་པ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར་མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ལ་བསྟེན་པ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ཀྱང་རང་བཞིན་གྱིས ་མེད་པའི་ཕྱིར་དང། དེ་དག་ལ་ཡང་གཟུགས་ལ་སོགས་པའི་མཚན་ཉིད་མེད་པའི་ཕྱིར་ཏེ། ནམ་མཁའ་དང་འདྲ་བའི་འགོག་པ་ནི་ནམ་མཁའ་བཞིན་ནོ། །མ་བཞག་པ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར་མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་གནས་མེད་པ་སྟེ། མི་རྟག་པ་དང། སྡུག་བསྔལ་བ་ལ་སོགས་པ་འདི་ནི་དེ་དང་འདྲ་བར་ཡོད་པ་མ་ཡིན་ཏེ། བྱིས་པས་ཀུན་བརྟགས་པའི་ཕྱིར་དེ་དག་ལ་གུས་པར ་བྱ་བ་མ་ཡིན་ནོ། །འདི་ནི་སྐྱེ་བ་མེད་པ་དང། འགག་བ་མེད་པ་ལ་སོགས་པ་ཤེས་པ་སྟེ་བཞི་པའོ། ཆོས་ཉིད་དང་ནི་འཁྲུག་མེད་དང་ཞེས་བྱ་བ་འདི་ནི་མཚན་ཉིད་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྐྱོད་པར་ཞེས་བྱ་བ་ནི་རྣམ ་པར་འཁྲུག་པ་དང། རྟོགས་པ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་འདི་དག་ཁོ་ནར་ཞེས་བྱ་བ་ནི་དེ་ལྟར་མཁྱེན་པའོ། །གང་དང་གང་མཚན་ཉིད་དེ་དང་དེ་ལས་བཟློགས་པ་དེ་ནི་གནོད་པར་བྱེད་པ་ཡིན་ན། མཚན་ཉིད་དེ་ནི་དེ་ལྟ་བུ་མ་ཡིན་ནོ ་འདི་ནི་ཆོས་ཉིད་དང་འཁྲུག་པ་མེད་པ་ཤེས་པ་སྟེ་ལྔ་པའོ། །འདུ་མི་བྱེད་ཅེས་བྱ་བ་འདིའི་དབང་དུ་བྱས་ནས། མཚན་ཉིད་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུས་ཀྱང་མ་བཞག་གོ་ཞེས་བྱ་བ་ནི་དམ་བཅའ་བའོ། ། ་འདུས་མ་བྱས་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །གལ་ཏེ་དེ་དག་དེ་བཞིན་གཤེགས་པས་མ་བཞག་ན། དེ་ལྟར་ན་དེས་ཇི་ལྟར་རང་གི་དོན་དང་གཞན་གྱི་དོན་མཛད་དེ་དེ་བཞིན་གཤེགས་པ་ཡང་ཇི་ལྟར ་ཡིན་ཞེས་ན་དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་རྟོགས་པར་སླའོ། །འདི་ནི་འདུ་མི་བྱེད་པ་ཤེས་པ་ཏེ་དྲུག་པའོ། །རྣམ་པར་མི་རྟོག་ཅེས་བྱ་བའི་དབང་དུ་བྱས་ནས། དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ན་སངས ་རྒྱས་སོ་ཞེས་བྱ་བའི་བར་གསུངས་པ་ལ། མངོན་པར་རྫོགས་པར་སངས་རྒྱས་པ་དག་ནི་རྣམ་པར་མི་རྟོག་པ་རྣམས་ཏེ། དེའི་ཕྱིར་ཟབ་པའོ། །འདི་ནི་རྣམ་པར་མི་རྟོག་པ་ཤེས་པ་སྟེ་བདུན་པའོ། །རབ་དབྱེ་མཚན་ཉིད་མེད་ཉིད་ལ། ཞེས་བྱ་བ་ནི་མཚན ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པ་དང། མཚན་ཉིད་མེད་པ་ཉིད་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་མཚན་ཉིད་ཀྱི་རབ་ཏུ་དབྱེ་བའི་དབང་དུ་བྱས་ནས། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཐོག་པ་མེད་པའི་ཡེ་ཤེས་ནི་ཆགས ་པ་མ་མཆིས་པའི་ཡེ་ཤེས་སོ། །གང་གང་གི་ཕྱིར་དེ་དག་ཉིད་ཀྱིས་ཆོས་ཐམས་ཅད་ཀྱིས་མཚན་ཉིད་རབ་ཏུ་དབྱེ་བ་བྱས་པ་ཡིན་ནོ། །འདི་ནི་རབ་ཏུ་དབྱེ་བ་ཤེས་པ་སྟེ་བརྒྱད་པའོ། །མཚན་ཉིད་མེད་པ་ཉིད་ཀྱི་དབང་དུ་བྱས་ནས། ཆགས་པ ་མ་མཆིས་པའི་ཡེ་ཤེས་ཞེས་བྱ་བ་ནས། སྟོན་པ་ཡིན་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཆགས་པ་མེད་པའི་ཡེ་ཤེས་ནི་དམིགས་པ་མེད་པའོ། །དེའི་སྤྱོད་ཡུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ལ་གནས་པ་རྣམས ་ཀྱིས་ནི་གཟུགས་སུ་རུང་བའི་མཚན་ཉིད་གཟུགས་སམ། ཉམས་སུ་མྱོང་བའི་མཚན་ཉིད་ཚེར་བ་འམ། མངོན་སུམ་གྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་བྱ་བའི་བར་དུ་མཚན་ཉིད་ཐམས་ཅད་ལ་མི་དམིགS ་པའི་ཕྱིར་རོ། །ལྷག་མ་ནི་རྟོག་སླའོ། །འདི་ནི་མཚན་ཉིད་མེད་པ་ཉིད་ཤེས་པ་སྟེ་དགུ་པའོ། །ལམ་ཤེས་ཉིད་ཀྱིས་སྐབས་ཀྱིས་ནི། ཤེས་པའི་མཚན་ཉིད་བསྡུས་པ་ཡིན་ཞེས་བྱ་བ་ནི་འཇུག་བསྡུ་བའོ། །དེ་ནི་ཉིད་ཡི་ཆོས་རྟེན ་ནས། །གནས་དང་གུས་པར་བྱ་བ་དང། །བླ་མ་ཉིད་དང་མཉེས་པ་དང། །དེ་ལ་མཆོད་དང་བྱེད་མེད་དང། །ཀུན་ཏུ་འཇུག་མཁྱེན་གང་ཡན་དང། །མ་མཐོང་སྟོན་པར་མཛད་པ་དང། །འཇིག་རྟེན་སྟོང་ཉིད་རྣམ་པ་དང། །བརྗོད་དང་ཤེས་མཛད ་མངོན་སུམ་དང། །བསམ་པའི་ཁྱད་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། ཞེས་བྱ་བ་གསུངས་ཏེ། འདི་ནི་རབ་འབྱོར་ཇི་ལྟར་ཞེས་བྱ་བ་ནས། ལེའུ ་རྫོགས་ཀྱི་བར་གྱིས་གསུངས་ཏེ། འདི་ཡང་ཤེས་པ་ལ་བལྟོས་པས་འདུན་པར་སྦྱར་རོ། །ཆོས་འདི་ལ་ཞེས་བྱ་བ་ནི་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཤད་པའོ། །ཆོས་གནས་པའི་གཞི་ནི་རྫས་ཡིན་ཏེ། ནམ་མཁའ་ནི ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཁོ་ན་ལ་རྟེན་ཅིང་གནས་པའོ། །འདི་ནི་ཉིད་ཀྱི་ཆོས་ལ་བརྟན་ཅིང་གནས་པའི་ཤེས་པའོ། །ཆོས་ལ་བཀུར་སྟིང་མཛད་ཅེས་བྱ་བ་ནི་གུས་པར་བྱེད་པའི་ཤེས་པའོ། །བླ་མར་མཛད་ཅེས་བྱ་བ་ནི་བླ་མར་མཛད་པའི་ཤེས ་པའོ། །རི་མོར་མཛད་ཅེས་བྱ་བ་ནི་མཉེས་པར་བྱེད་པའི་ཤེས་པའོ། །དེ་ལ་མཆོད་དང་བྱེད་མེད་པ་ཞེས་བྱ་བ་ནི་དེ་ལ་མཆོད་པ་དང་བྱེད་པ་མེད་པ་ཉིད་དོ། དེ་ལ་མཆོད་པ་ཤེས་པ་ནི་མཆོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། བྱས་པ་ཚོར་བར་རིག་པར ་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ཇི་སྟེ་འདི་ལ་དེ་བཞིན་གཤེགས་པ་རྣམས་འདི་ལ་བཀུར་སྟིང་མཛད་པའི་རྒྱུ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ཅིའི་ཕྱིར་ཞེ་ན ་ཞེས་བྱ་བ་ནས་གལ་ཏེ་ཡང་དེ་ཉིད་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པ་དེ་ལྟ་མོད་ཀྱི་རྟག་ཏུ་འདི་ལ་བཀུར་སྟི་མཛད་ཅེས་བྱ་བ་ནས། གསོལ་བ་མཛད་ཅེས་བྱ་བའི་བར་དུ་གསུངས་པའོ། །རབ་འབྱོར་ཞེས་པ་ལ་སོགས་པས་ནི་ལན་ཏེ། རབ་ཏུ་འབྱེད ་པ་ནི་ཡོངས་སུ་རྫོགས་པའོ། །གལ་ཏེ་ཡང་འདི་ལས་རབ་ཏུ་འབྱེད་པ་དེ་ལྟ་མོད་ཀྱི་ཅི་སྟེ་འདི་ལ་བཀུར་སྟིར་མཛད་ཅེ་ན་དེའི་ཕྱིར་བྱས་པ་གཟོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་འབྱོར་གང་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་ཉིད་བྱས་པ ་གཟོ་བ་ཉིད་ཀྱི་རབ་ཏུ་བསྒྲུབ་པའོ། །དེ་བཞིན་གཤེགས་པ་ལ་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །དེའི་བྱས་པ་གཟོ་བ་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་རྟོགས་སླའོ། །འདི་ནི་དེ་ལ་མཆོད་པ་ཤེས་པའོ། ། ་བྱེད་མེད་པ་ཉིད་ཅེས་བྱ་བ་དེ་ནི་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཆོས་རྣམས་མ་བྱས་པ་ཤེས་པ་དས་ན་བྱས་པ་གཟོ་བ་དང། བྱས་པ་ཚོར་བ་ཞེས་བྱ་བ་ངེས་པའི་ཚིགས་གིས་ན་དགག་པ་ཕྱི་མ་ཡིན་ནོ་ཞེས་དགོངས་སོ། །འདི་ནི ་བྱེད་པ་མེད་པ་ཉིད་ཤེས་པའོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། འཇིག་རྟེན་སྟོན་པའོ་ཞེས་བྱ་བའི་བར་གྱིས་ནི་ཐམས་ཅད་དུ་འགྲོ་བ་ཤེས་པ་བསྟན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཞེས་བྱ་བ་ནས་ཉེ་བར་གནས་སོ་ཤེས་བྱ་བའི་བར་དུ་གསུངས ་པ་ལ་ཆོས་ཐམས་ཅད་སྟོང་པ་དེའི་ཕྱིར་ཤེས་པ་པོ་དང། མཐོང་བ་པོ་མེད་པའོ། །གང་ཡང་ཤེས་པའི་གནས་ཡོད་པ་ཡིན་ན་ནི་ཤེས་པ་པོ་དང། མཐོང་བ་པོར་ཡང་འགྱུར་ན་ཆོས་ཐམས་ཅད་ནི་གནས་མེད་པ་སྟེ། ཡོད་པ་དང། མེད་པ་ལ་མི་གནས་པའི ་ཕྱིར་རོ། །དེའི་ཕྱིར་ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་པ་དང། མཐོང་བ་པོ་མེད་པའོ། །དེ་ལྟར་ན་ཞེས་བྱ་བ་ནི་ཤེས་པ་པོ་མེད་པ་དང། མཐོང་བ་པོ་མེད་པ་དེ་ཉིད་དེ་ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་མ་མཐོང་བ་སྟོན་པའི་ཤེས་པའོ། །ཆོས་སྟོན་པར་བྱེད ་པས་ཡེ་ཤེས་གང་གིས་འདུལ་བར་བྱ་བའི་འཇིག་རྟེན་ཁ་ཅིག་ལ་སྟོང་པ་ཉིད་ཀྱི་རྣམ་པས་སྟོན་པར་བྱེད་པ་ནི་བརྗོད་པ་སྟེ། ཐོས་པ་ལས་བྱུང་བའི་ཤེས་པ་སྐྱེའོ། །ཁ་ཅིག་ལས་ནི་ཤེས་མཛད་དེ་བསམས་པ་ལས་བྱུང་བ་སྐྱེའོ། །ཁ ་ཅིག་ལ་ནི་མངོན་སུམ་ཏེ་བསྒོམས་བ་ལས་བྱུང་བ་སྐྱའོ། །འདི་ཤེས་པ་ནི་བསྟན་བཅོས་ལས། འཇིག་རྟེན་སྟོན་ཉིད་རྣམ་པ་དང། །བརྗོད་དང་ཤེས་མཛད་མངོན་སུམ་དང། ཞེས་བྱ་བས་བསྟན་ཏོ། །དེའི་ཕྱིར་རབ་འབྱོར་གྱིས་གསོལ་པ། བཅོམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་དྲིས་པའོ། །འདིར་འཇིག་རྟེན་སྟོང་པའོ་ཞེས་བྱ་བ་དང། འཇིག་རྟེན་སྟོན་པའོ་ཞེས་བྱ་བ་དང། དེ་ལྟར་འཇིག་རྟེན་སྨོས་སོ་ཞེས་བྱ་བ་དང། ཡང་དག་པར་བསྟོན་ཏོ་ཞེས་བྱ་བ་ནི་ལན་ནོ། །འཇིག་རྟེན ་ཞེས་བྱ་བ་ནི་ཕུང་པོ་ལྔའི་མཚན་ཉིད་དོ། །སྟོང་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །དེ་བཞིན་དུ་དེ་ལྟར་འཇིག་རྟེན་སྟོན་པ་དང། དེ་ལྟར་འཇིག་རྟེན་སྨོས་པ་དང། དེ་ལྟར་ཡང་དག་པར་སྟོན་ཏོ། །འདི་ནི་འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་དང་བརྗོད ་པ་དང། ཤེས་པར་མཛད་པ་དང་མངོན་སུམ་དུ་ཤེས་པའོ། །དེ་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པར་མཐོང་བའི་ཤེས་པའོ། །དེ་ལྟར་འཇིག་རྟེན་ཞི་བའོ། །ཞེས་བྱ་བ་ནི་ཞི་བར་མཐོང་བའི་ཤེས་པའོ། །བསྟན ་བཅོས?་ལས། འཇིག་རྟེན་འདུ་ཤེས་འགོག་པ་དང། །ཞེས་བྱ་བ་དེ་ནི་དེ་ལྟར་འཇིག་རྟེན་དབེན?་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འཇིག་རྟེན་དབེན་པ་ནི་སྟོང་བའོ། །དེ་ལྟར་རིགས་པ་འདིས་འཇིག་རྟེན་དབེན་པ་ནི་སྟོང་པའོ། །དེ་ལྟར ་རིགས་པ་འདིས་འཇིག་རྟེན་སྨོས་པ་དང། ཤེས་པར་མཛད་པ་དང། ཡང་དག་པར་སྟོན་པ་སྟེ་སྔ་མ་བཞིན་ནོ་རྒྱུ་གང་གིས་ན་འཇིག་རྟེན་རྣམ་པར་དག་པ་ཡིན་ཅེ་ན། འདིར་འཇིག་རྟེན་གྱི་སྒྲས་འཇིག་རྟེན་གྱི་མིང་དུ་བསྟན་པའི་ཕྱིར ་དེའི་རྣམ་པར་དག་པ་ནི་འགོག་པ་སྟེ། འདི་ལྟར་འཇིག་རྟེན་ནི་སྟོང་པ་ཡིན་པས་འཇིག་རྟེན་འདི་དང། འཇིག་རྟེན་ཕ་རོལ་འདིའི་བྱེ་བྲག་གཟུང་དུ་ཡོད་པ་མ་ཡིན་ཏེ། མཉམ་པ་ཉིད་དུ་མཐོང་བའི་ཕྱིར་རོ། །འདི་ནི་འཇིག་རྟེན་གྱི་འདུ་ཤེས་འགོག་པ་ཤེས ་པའོ། །བསྟན་བཅོས་ལས། རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བ་ནི་འཇུག་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤེས་པའི་མཚན་ཉིད་ནི་རྣམ་པ་བཅུ་གཉིས་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་འཇིག་རྟེན་སྟོན་པ་ནི་འཇིག་རྟེན་སྟོན་པ་སྟེ། དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བརྗོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། །སློབ་དཔོན་རིན ་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས། ལེའུ་བཅུ་གཉིས་པའོ།། །།ཤེས་པའི་བདག་ཉིད་ཀྱི་མཚན་ཉིད་བཤད་ནས་ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། ་བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། ཞེས་བྱ་བ་ནི་བསམ་གྱི་མི་ཁྱབ་པ་ལ་སོགས་པ་འཚང་པར་འགྱུར་བའི་ཁྱད་པར་གྱིས ་དེ་ལམ་གཞན་དག་ལས་ཁྱད་པར་དུ་གྱུར་པ་བདེན་པ་བཞིའི་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་གི་ཁྱད་པར་གྱི་མཚན་ཉིད་བཤད་པའི་མདོར་བསྟན་པའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡང་གང་ཞེ་ན། བསམ་མི་ཁྱབ་དང་མི་མཉམ་དང།། ་གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རེག་བྱ་ཐུན་མོང་མིན་ཤེས་ཉིད། །ཤེས་མྱུར་བྲི་དང་གང་མེད་དང། །སྒྲུབ་དང་ཡང་དག་འགྲུབ་པ་དང། །དམིགས་པ་རྟེན་དང་བཅས་པ་དང། །མཛའ་ ་དག་པ་དང་ཡོངས་འཛིན་དང། །རོ་མྱང་མེད་དང་ཁྱད་པར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གིས་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པ་ཁྱད་པར་ལས། །ཞེས་བྱ་བ་གསུངས་ཏེ། དེ་ལ་དང་པོ་སྡུག་བསྔལ ་གྱི་བདེན་པ་ལ་དམིགས་པའི་མཐོང་བའི་ལམ་གྱི་སྐད་ཅིག་མིན་བཞི་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་ཆོས་ཤེས་པ་དང། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་རྗེས་སུ་ཤེས་པའོ།། ་འདི་རྣམས་ཀྱི་ཁྱད་པར་བཞི་ནི་གོ་རིམ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཉིད་དང། མི་མཉམ་པ་ཉིད་དང། གཞལ་དུ་མེད་པ་ཉིད་དང། བགྲང་བ་ལས་ཡང་དག་པར་འདས་པ་ཉིད་དོ། །ཚད་ལས་ཡང་དག་པར་འདས་པ་ནི་གཞལ་དུ་མེད ་པ་ཉིད་དོ། །གྲངས་ལས་ཡང་དག་པར་འདས་པ་ནི་བགྲངས་པ་ལས་འདས་པའོ། །འདི་དག་ནི་དེ་ནས་ཞེས་བྱ་བ་ལ་གསུངས་སོ། །ཟབ་ཅེས་བྱ་བ་ལ་སོགས་པ་འདི་ག་ལས་ཤེས་ཤེས་ན། བྱ་བ་ཆེན་པོས་ཉེ་བར་གནས་སོ། །ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱ་བ་ཆེན་པོས་ཉེ་བར་གནས་པ་དེའི་ཕྱིར་ཟབ་པའོ། །ཀྱེ་མའི་སྒྲ་ནི་དགའ་བའོ། །གང་གིས་ཤེ་ན། དེའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསམ ་གྱི་མི་ཁྱབ་པ་ལ་སོགས་པའི་བྱ་བ་དང་བཅས་པ་མི་མཉམ་པ་དང་མཉམ་པའི་བྱ་བ་ནི་ལྔ་པའི་ཁྱད་པར་རོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་ཞལ་གྱིས་བཞེས་པའོ། །དོན་འཆད་པར་བཞེད་ནས་རང་ཉིད་ཀྱི་རབ་འབྱོར་ཇི་ལྟར་ཞེS ་བྱ་བ་ལ་སོགས་པས་དྲིས་པའོ། །བསམ་གྱིས་མི་ཁྱབ་པ་དང་ཞེས་བྱ་བ་ལ་སོགས་པས་འཆད་དེ་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིགས་གིས་ནི་འདིའི་བྱ་བ་རབ་ཏུ་སྟོན་པར་བྱེད་དེ། །དེ་ལ་དེ་བཞིན་གཤེགས་པ ་ཉིད་ནི་ཆོས་ཇི་ལྟ་བ་བཞིན་དུ་གསུངས་པའོ། །སངས་རྒྱས་ཉིད་ནི་རང་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའོ། །རང་བྱུང་ཉིད་ནི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཉིད་དོ། །ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ལ་དག་པ་དང ་ཐོགས་པ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་ཞེས་བྱ་བ་ནི་དེ་ལྟ་བུས་སོ། །ཇི་ལྟར་འདི་བྱ་བ་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན། འདི་ནི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་ནི་སེམས་ལས་ཞེས་བྱ་བ་ལ་སོགས་པ་ཡུལ་གང་ལ ་སེམས་པ་དེ་ནི་ངེས་པར་སེམས་ལ་སོགས་པའི་ཡུལ་ཡིན་ནོ། །འདི་ནི་སེམས་ཀྱི་བསམ་པར་མི་ནུས་སོ་ཞེས་བྱ་བའི་སེམས་ཀྱིས་ཞེས་བྱ་བའི་ཚིག་གིས་སེམས་ལ་རག་ལས་བ་ཉིད་དུ་བསྟན་པའི་ཕྱིར་སེམས་སྨོས་ཀྱི། ཡང་གཞན་རྣམ་པར་གཅད ་པ་བསྒྲུབ་པ་ཡོད་པ་ནི་མ་ཡིན་ནོ། །འདི་ལ་སེམས་སམ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ནི་རྣམ་པར་ཤེས་པའོ། །དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ཅིག་ཤོས་སོ། །དེ་ལ་འཇིག་རྟེན་གྱི་མངོན་སུམ་ནི་དེ་བཞིན་གཤེགས་པ་ཉིད་ལ་མི།། ་འཇུག་གི་ཅིག་ཤོས་ནི་འགྱུར་རོ། །དེ་ཡང་དེའི་རང་གི་ངོ་བོ་མི་འཛིན་ཏོ། གང་ཡང་སེམས་ཀྱི་ཡུལ་ལ་སེམས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་ཀྱི་བསམ་པ་འམ། གཞལ་བར་མི་ནུས་སོ། །ཡང་བསམ་པ་ཞེས་སྨོས་པ ་ཅིའི་ཕྱིར་ཞེ་ན། གང་བསམ་པར་ཡང་མི་ནུས་པ་དེ་ནི་ཤིན་ཏུ་ཡང་གཞལ་བར་མི་ནུས་སོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལ་གཞལ་དུ་མེད་པ་ལ་སོགས་པས་དྲིས་པ་ལ་ཡང་ལན་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཉིད་བསམ་གྱིས་མི་ཁྱབ་པའི ་འབྲས་བུ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་མཐོང་བའི་ལམ་གྱི་སྐད་ཅིག་མ་བསྟན་ནས། བསམ་གྱིས་མི་ཁྱབ་པའི་དམིགས་པ་ཉིད་ཀྱི་ཕྱིར་ཡང་དེ་བརྗོད་པར་བྱ་བ་ལ། གནས་བརྟན་རབ་འབྱོར་ཞེས་བྱ་བ་ལ་སོགས་པས་སྐབས ་དེ་རབ་ཏུ་སྟོན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་ཆད་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པ་རེ་རེ་ཡང་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་ཐ་མི་དད་པར་འགྱུར ་རོ། །ནམ་མཁའ་དང་མཉམ་པའི་ཕྱིར་ཞེས་བྱ་བ་ནི་མི་མཉམ་པ་དང་མཉམ་པའི་གཏན་ཚིགས་སོ། །དེ་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་གཏན་ཚིགས་སུ་བསྟན་པའི་ཕྱིར་རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས ་སོ། །འདི་དག་ཅེས་བྱ་བ་ལ་སོགས་པས་ནི་ཡང་གཞན་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་སྒྲུབ་པར་བྱེད་དོ། །འདི་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་འདི་དག་གོ་།འདིས་ཀྱང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱི ་ཀྱང་ངོ། །དེ་བཞིན་གཤེགས་པའི་ཆོས་བསམ་གྱིས་མི་ཁྱབ་བ་ཉིད་ཀྱང་མ་གྲུབ་པ་ཡིན་ནོ་ཞེ་ན། ཆོས་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་ཤེས་མོད་ཀྱི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། བསམ་གྱིས་མི་ཁྱབ་པ་དང། གཞལ ་དུ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་ཤེས་པར་གྱུར་པ་ཞེས་བྱ་བ་ནི་ཚེད་མས་གྲུབ་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པ་དང། གཞལ་དུ་མེད་པ་བཞིན་དུའོ། །བསམ་གྱིས་མི་ཁྱབ་པ་དང། གཞལ ་དུ་མེད་པ་ཉིད་ཀྱི་གཏན་ཚིགས་བསྟན་གྱི་དཔག་ཏུ་མེད་པ་ལ་སོགས་པ་ཉིད་ཀྱི་གཏན་ཚིགས་ནི་མ་བསྟན་ཏོ་ཞེ་ན། དཔག་ཏུ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཉིད་སྒྲས་བསྟན་པ་ཙམ་ཉིད་ཡིན་གྱི་ཚད་མ་ནི་མ་ཡིན་ནོ ་ཞེ་ན། ནམ་མཁའ་མི་མཉམ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་དགོངས་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའོ། །དེ་པས ་དེ་ནི་ནམ་མཁའ་ལྟ་བུར་མཉམ་པ་མེད་པ་དང། གྲངས་མེད་པ་དང། དཔག་ཏུ་མེད་པས་ཆོས་འདི་དག་མི་མཉམ་པ་དང་མཉམ་པ་དང། གྲངས་མེད་པ་དང། དཔག་ཏུ་མེད་པའོ། །དེ་བཞིན་དུ་ནམ་མཁའ་གཞལ་དུ་མེད་པ་དང། མི་འཕྲད་པ་ཅེས ་བྱ་བ་ནི་ལམ་གྱི་རིགས་པའོ། །འདིས་འདི་མཉམ་པ་ཞེས་བྱ་བ་གཉིས་ཉེ་བ་ན་ཡོད་ན་ནི། ཡོད་བར་འགྱུར་ན་ཉེ་བ་ནི་ཡོད་པ་དེ་ཡང་མེད་དེ་བས་ནི་མི་མཉམ་པའོ། །རབ་འབྱོར་དེ་ལྟ་བས་ན། ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བའི་ཕྱིར ་ནམ་མཁའ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཆོས་བསྟན་པ་ན་གང་དང་གང་གིས་སེམས་ཅན་གྱི་དོན་དུ་འགྱུར་བ་དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཟག ་པ་ནི་ཉོན་མོངས་པ་རྣམས་སོ། །དེ་དག་ལས་སེམས་རྣམ་པར་གྲོལ་བ་ནི་གྲོལ་བའོ། །ལེན་པ་མེད་པ་ནི་ཉོན་མོངས་ས་བོན་སྤངས་པ་ཉིད་ཀྱིས་སོ། །ཆོས་རྣམས་ལ་ཞེས་བྱ་བ་ནི་བདེན་པ་བཞི་པོ་དག་ལའོ། །ཆོས་ཀྱང་ཡིན་ལ་ལམ་ཡང་ཡིན་པ་དང། མིག ་ཀྱང་ཡིན་མཐོང་བ་ཡང་ཡིན་པའི་ཕྱིར་ཆོས་ཀྱི་མིག་འདི་ནི་མཐོང་བའི་ལམ་མོ། །དེའི་བཟོད་པའི་སྐད་ཅིག་ལ་ནི་རྡུལ་མེད་པའོ། །ཤེས་བའི་སྐད་ཅིག་ལ་ནི་དྲི་མ་དང་བྲལ་བ་རྣམ་པར་དག་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བ་ནི་ཆོས་ཐམས ་ཅད་ལ་ཟག་པ་མེད་པར་ཤེས་པ་ནི་བཟོད་པའོ། །དེ་ཐོབ་པར་གྱུར་པ་ནི་ས་བརྒྱད་པ་སྟེ། འདིས་བྱ་བ་ཆེན་པོ་བྱས་པར་ནི་སྔར་བསྟན་ཏོ། །ཡང་ཁྱད་པར་བསྟན་པར་བྱ་བ་ལ་དེའི་ཕྱིར་དེ་ནི། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར ་གྱིས་ཞེས་བྱ་བའི་བར་གྱི་སྐབས་སྟོན་པར་བྱེད་དོ། །དེས་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། འདི་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པས་གསུངས་པ་ལ། འདི་ནི་ཡང་དག་པར་ལྡན་ནོ་ཞེས་བྱ་བ་ནི་དེ་དང་རབ་ཏུ་འབྲེལ་པའོ། ། ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནི་དཔེའོ། །རབ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ནི་ངེས་མཚོན་བར་བྱེད་པའོ། །རྣམ་གྲངས་འདིས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །འདི་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར ་གྱིས་སྡུག་བསྔལ་གྱི་སྐད་ཅིག་མ་བཞིའོ། །གཟུགས་ཡོངས་སུ་མི་གཟུང་ཞིང་མངོན་པར་མ་ཆགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་གནས་པ་ཞེས་འོག་མ་དང་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས ་པ་ནི་ཞུས་པའོ། །དེའི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པ་ལེན་ནོ། །གང་ལ་ཡོངས་སུ་འཛིན་པ་འམ། མངོན་པར་ཆགས་པར་བྱེད་པ་ཞེས་བྱ་ལས་ཡོངས་སུ་འཛིན་པ་ནི་ཡོད་བར་ཤེས་པའོ། །མངོན་པར་ཆགས་པ་ནི་དངོས་པོར་ཤེས་པའོ། ། ་དེ་ནི་གཉིས་ཀྱི་ངོ་བོ་བསྟན་པ་ནི་དགྲ་བཅོམ་པ་ཉིད་ཅེས་གསུངས་ཏེ། དེ་ལྟར་དགྲ་བཅོམ་པ་ཉིད་ཅེ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་དང། མངོན་པར་ཆགས་པ་མེད་པ་དག་གིས་ཡང་དག་པར ་འཛིན་པའི་ཕྱིར་རོ། །འདི་ནི་འཕགས་པ་ཀུན་སྡུད་པའི་བྱད་པར་གྱི་ཀུན་འབྱུང་བའི་སྐད་ཅིག་མ་དང་པོའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་བ་འདི་དག་གིས་ནི། སྐལ་པ་མེད་པ་རྣམས་བསྟན་ཏོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི ་སྐལ་པ་དང་ལྡན་པར་བསྟན་ཏོ། །རྒྱུ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རིགས་དང་ལྡན་པའོ། །མངོན་གྱི་རྒྱལ་བ་ལས་བགྱི་བ་བགྱིས་ཞེས་བྱ་བ་ནི་ཕན་པའི་བསོད་ནམས་བྱས་པའོ། །ཡུན་རིང་པོ་ནི་དུས་རིང་པོའོ། །བསྐྲུན་པ་ནི་བསགས་པའོ། ། ་དགེ་བའི་རྩ་བ་ནི་བཅོམ་ལྡན་འདས་ཡུམ་ཐོབ་པ་ལ་སོགས་པའོ། །གང་གིས་དེ་དག་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཉིད་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ཟབ་ཅེ་ན། དེའི་ཕྱིར་བལྟ་དཀའ་པ་ཞེས་གསུངS ་ཏེ། དཀའ་བས་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་འདི་ཡང་དག་པའི་དཀའ་བའོ། །རྟོགས་པར་དཀའ་བ་ནི་ཤེས་པར་དཀའ་བའི་ཕྱིར་མི་ཤེས་པའོ། །དེ་ལྟ་མོད་ཀྱི་གང་གི་ཕྱིར་རྒྱུ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་ཡོད་ན། མཁས་པ་འདི་ཉིད་ལ་མོས ་པར་འགྱུར་ཏེ། དེ་ནི་མཁས་པས་རིག་པར་བྱ་བ་ཉིད་ཀྱི་ཁྱད་པར་གྱིས་ཀུན་འབྱུང་གི་སྐད་ཅིག་མ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དང་པས་རྗེས་སུ་འབགྲང་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་གོ་།དེའི་ས་ནི ་སའོ། །བསྐལ་པ་བས་ལྷག་པ་དང་བཅས་པ་ནི་བསྐལ་པའི་ལྷག་མའོ། །བཟོད་པ་པ་ནི་ཟག་པ་མེད་པའི་ཤེས་རབ་བོ། །སྲེད་པ་ནི་མངོན་པར་འདོད་པའོ། །ཚོལ་བ་ནི་དེ་ཇི་ལྟར་ཡོད་ཅེས་པའོ། །སེམས་པ་ནི་རིགས་བ་རྣམ་པ་བཞིས་སོ། །འཇལ་བ ་ནི་ཡོངས་སུ་གཅོད་པའོ། །ཉེ་བར་རྟོགས་པ་ནི་སོ་སོར་རྟགས་པའོ། །ཉེ་བར་སེམས་པ་ནི་མང་དུ་བྱེད་པའོ། །འདི་ཉིད་དེ་དག་ལམ་མཆོག་ཏུ་འགྱུར་རོ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཤེས་པ་སྟེ། ཤེས་པ་ནི་ཤེས་པའོ། །ཐུན་མོང་མ་ཡིན་པ་ཡང ་དེའི་ཁྱད་པར་ཉིད་ཀྱི་ཕྱིར་དང། ཤེས་པ་ནི་མཐོང་བ་ཉིད་ཀྱི་ཕྱིར་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཤེས་པའོ། །དེའི་དངོས་པོ་ནི་ཐུན་མོང་མ་ཡིན་པའི་ཤེས་པའི་དངོས་པོ་ཉིད་དེ། འདི་ནི་ཐུན་མོང་མ་ཡིན་པའི་ཤེས་པའི་ཁྱད་པར་གྱིས་སྐད་ཅིག་མ་གསུམ ་པའོ། །དེ་སྐད་ཅེས་གསོལ་པ་དང། ཞེས་བྱ་བ་ལ་སོགས་པ་ནས། ལྷག་པར་སྤྱོད་པ་དེ་དག་གིས་ནི་མ་ཡིན་ནོ། །ཞེས་བྱ་བའི་བར་དུ་གསུངས་པ་ལ་ངེས་ནི་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་མ་པ་དེས་སོ། །རྫོགས་པའི་བྱང་ཆུབ་ཅེས་མྱུར་བར་མྱ ་ངན་ལས་འདས་པ་ལ་རེ་བར་བྱ་ཞེས་བྱ་བ་ནི་ཐོབ་པར་བྱའོ། །འདི་ནི་མྱུར་བར་མངོན་པར་ཤེས་པ་ཉིད་ཀྱི་ཁྱད་པར་གྱི་ཀུན་འབྱུང་གི་སྐད་ཅིག་མ་བཞི་པའོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་ཞེས་བྱ་བ་ལ་སོགས་པས་གསུངས་པ་ལ་།ཕ་རོལ་ཏུ་ཕྱིན་པ ་ཆེན་པོ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་སོ། །འདི་ཉིད་བསྟན་པའི་ཕྱིར་ཞེས་གསོལ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་རིང་བ་ཞིག་ཏུ་ཕྱིན་ནས་བྱ་བ་ནི་རྐང་པ་གཉིས་ཁོ་ནས་སོ། །མི་སྣང་བར་གྱུར་ཏེ་ཞེས ་བྱ་བ་ནི་ནུབ་པར་གྱུར་པ་སྟེ། ནམ་མཁའ་ཁོ་ནར་སྣར་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ནི་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གིས་རང་རང་གི་གནས་ས་བྱིན་པ་བསྟན་ཏེ། དེ་ལ་འདིས་ནི་ཇི་ལྟར་དེ་དག་ནམ་མཁའ་ལ་མི་སྣང་ཞིང་རང་རང་གི ་གནས་སུ་ཕྱིན་བ་ནི་ནམ་མཁའ་ལ་བྲི་བ་འམ་།གང་བ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྣང་བ་ནི་ཐེག་པ་མཆོག་དང་དམན་པའི་བྱང་ཆུབ་ཐོབ་པ་ནི་བྲི་བ་འམ། གང་ག་མེད་པ་ཉིད་དོ། །འདི་ནི་བྲི་བ་དང་གང་བ་མེད་པའི་ཁྱད་པར་གྱི་ས་དེ ་འགོག་བའི་སྐད་ཅིག་མ་དང་པོའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ལེའུ་ནི་བསམ་གྱིས་མི་ཁྱབ་པའི་ལེའུ་འོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི ་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོཌ་པ་ནས། །ཡོན་ཏན་འདི་དག་དང་ལྡན་པར་རིག་པར་བྱ་སྟེ་ཞེས་བྱ་བ་གསུངས་པ་ལ། ཐོས་མ ་དག་ནི་ཐོས་པར་འགྱུར་པའོ། །མོས་པ་ནི་མོས་པར་འགྱུར་བའོ། །ཞུམ་བར་མི་འགྱུར་བ་ནི་ལམ་མ་ཡིན་པ་ལ་མི་སྤྲོ་བའོ། །ཀུན་ཏུ་ཞུམ་པར་མི་འགྱུར་བ་ནི་སྤྲོ་བ་མེད་པ་མ་ཡིན་པའོ། །རྣམ་པར་གནས་པར་མི་འགྱུར་བ་ནི་ལྡོག་པར་མི་འགྱུར་བའོ།། ་རྨོངས་པ་ནི་ངེས་པ་མེད་བའོ། །ཐེ་ཚོམ་ནི་ཡིད་གཉིས་སོ། །སོམ་ཉི་ནི་ཕྱིན་ཅི་ལོག་གོ་།འདི་དག་མེད་པའི་ཕྱིར་རྨོངས་པར་མི་འགྱུར་བ་དང། ཐེ་ཚོམ་དུ་མི་འགྱུར་བ་དང། སོམ་ཉི་ཟ་བར་མི་འགྱུར་བའོ། །མངོན་བར་དགའ་བ་ནི ་མངོན་པར་འདོད་བའོ། །མི་སྤོང་བ་ནི་མི་འདོར་པའོ། །ཕྱིར་ཕྱོགས་པ་ནི་རྒྱབ་ཀྱིས་བལྟས་པའོ། །འདོད་པའི་ཕྱིར་མོས་པ་སྐྱེད་པར་འགྱུར་བ་ནི་ཇི་ལྟར་མོས་པར་རྗེས་སུ་འཇུག་པའི་ཕྱིར་རོ། །རྗེས་སུ་འབྲང་ཞིང་ཞེས་བྱ་བ་ནི་བསྟན་པའོ། །ཕྱི་བཞིན་འགྲོ་བ ་ཞེས་བྱ་བ་ནི་ངེས་པར་བསྟན་པའོ། །བེའུ་གཞོན་ནུ་ནི་བཙས་མ་ཐག་པའོ། །ལུས་ལ་ཐོགས་པ་ནི་སྙིང་ཁའི་ཕྱོགས་སུ་ཐོགས་པའོ། །བརྩམས་པ་ཞེས་བྱ་བ་ནི་དབང་དུ་བྱས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཨི་རིགས་རྣམ་པ་གསུམ་གྱི་སྒྲུབ ་པ་འདི་ནི་རྗེས་སུ་སྒྲུབ་པའི་ཁྱད་པར་དུ་འགྲུབ་པ་ཡིན་ནོ། །འདི་ནི་སྒྲུབ་པའི་ཁྱད་པར་གྱི་སྟེ་འགོག་པའི་སྐད་ཅིག་མ་གཉིས་པའོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་གིས་ཞེས་བྱ་བ་ནས་གཅིག་ཏུ་རེ་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ ་ཡོངས་སུ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡོངས་སུའི་སྒྲ་ནི་ཡང་དག་པའི་དོན་ནོ། །གཡེངས་པ་ཞེས་བྱ་བ་ནི་འཕྲོ་བའོ། །རས་བལ་གྱིས་འདབ་མ་བཞིན་དུ་ཞེས་བྱ་བ་ནི་དགེ་སྦྱོང་གི་མགོ་འདྲ་བའི་རྩཝ་ལྟ་བུའོ། །འཛིན་པ་ནི་ཤེས ་པའོ། །འཇུག་པ་ནི་རྗེས་སུ་སྒྲུབ་པའོ། །འཁོར་ནི་ཕ་རོལ་ཏུ་ཕྱིན་པ་ལྔའི་འཁོར་དང་བཅས་པའོ། །དེ་དག་གི་རྗེས་སུ་ཞེས་པའི་སྒྲ་ནི་རྗེས་སུ་འཇུག་པ་ཞེས་བྱའི་དོན་ཏོ། །ས་འདི་གཉིས་བརྗོད་པས་ནི་སྔ་མ་ནི་སངས་རྒྱས་ཀྱི་ས་ཁོ་ནར ་རྟོགས་པར་འགྱུར་རོ། །ས་གསུམ་ཡང་དག་པར་སྒྲུབ་པའི་འབྲས་བུ་ཉིད་ཡིན་པའི་ཕྱིར། འདི་ནི་ཡང་དག་པར་བསྒྲུབ་པའི་ཁྱད་པར་གྱིས་ཏེ་འགོག་པའི་སྐད་ཅིག་མ་གསུམ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་གནས ་བར་འགྱུར་རོ། །ཞེས་བྱ་བའི་བར་དུ་གསུངས་པ་ལ་མི་འཇུག་ཤིན་དུ་མི་འཇུ་བའོ། །དུས་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་འཆི་བར་འགྱུར་བའོ། །བདེ་བ་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་དེ་བདེ་བ་ཞེས་བྱ་བའི་དོན་ཏོ། །བར་ཆད་མེད་པ ་ནི་བགེགས་ཀྱི་དངོས་པོ་མེད་པའོ། །མ་སྨྲས་པ་ཞེས་བྱ་བ་ནི་དུམ་བུར་མ་གྱུར་པའོ། །མ་སྨད་པ་ནི་འཚེ་བའི་དངོས་པོ་གཞན་མེད་པའི་ཕྱིར་རོ། །ཡིད་ལ་བྱེད་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འཇུས ་པའོ། །ཉམ་ང་བའི་ལམ་གྱི་དབུས་ནི་བར་མ་དོའོ། །རྣམ་པར་འཇིག་པར་འགྱུར་བ་ནི་ཡང་དག་པར་ལྡན་པའོ། །བཅོམ་ལྡན་འདས་མ་ལ་དད་པ་ལ་སོགས་པ་ཡོད་པ་ཞེས་བྱ་བ་ལ་བརྩོན་པ་མི་འདེར?་བ་ཡོད་པ་ནི་མངོན་པར་རྫོགས་པར་བྱང་ཆུབ ་པའི་ཁུར་མི་འདོར་བའོ། །དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་འཇུག་པར་བྱེད་པ་ཡོད་ན། དེ་དག་དད་པ་ཡོད་པ་ནས་བརྩོན་པ་མི་འདོར་བའི་བར་འདིས་རྫོགས་པའི་བྱང་ཆུབ་འཐོབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར ་རོ། །འདི་ནི་དམིགས་པའི་ཁྱད་པར་གྱིས་ཏེ། འགོག་པའི་སྐད་ཅིག་མ་བཞི་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། །རང་སངས་རྒྱས་ཀྱི་སའོ། །ཞེས་བྱ་བའི་བར་དུ་གསུངས་པ་ལ། གཞི་དང་ལྷན་ཅིག་པ་ནི་རྟེན་ནོ། །ཐབས ་ལ་མཁས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་གཟུང་པའི་ཕྱིར་རོ། །བུམ་པ་ལེགས་པར་ས་བཏང་བ་ལྟ་བུ་ནི་སེམས་སོ། ཆུ་ལྟ་བུ་ནི་དང་པ་ལ་སོགས་པའོ། །ཁྱེར་བ་ནི་དེ་བར་དུ་འཇིག་པར་མི་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ལ་གནས་པར་འགྱུར་རོ། །འདི་ནི་རྟེན་དང་བཅས་པའི་ཁྱད་པར་གྱིས་ལམ་གྱིས་སྐད་ཅིག་མ་དང་པོའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཤེས་རབ་འཆལ་བ་ཞེས་བྱ་བ་ནས་རང་སངས་རྒྱས་ཀྱི་སར?་མི་སྒྲུབ་པོ་ཞེས་བྱ་བའི་བར་དུ་གསུངས ་པ་ལ། ལེགས་པར་ཞེས་བྱ་བ་ནི་མ་ལུས་པར་བཤད་པ་སྟེ་བྱ་བ་ཐམས་ཅད་བྱས་པའོ། །མཐུན་པའི་རླུང་ནི་རྗེས་སུ་མཐུན་པའི་རླུང་ངོ། །གྲུ་ནི་གྲུ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་མ་ལུས་པ་དག་ཡིན་ཏེ། འདི ་ནི་མཛའ་དག་གི་ཁྱད་པར་གྱིས་ཏེ། ལམ་གྱི་སྐད་ཅིག་མ་གཉིས་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་དུ་གསུངས་པ་ལ། འདི་ལ་ཉི་ཤུ་དང་བཅས་པའི་ལོ་བརྒྱའི་ཚད་ཡོད་པ་དེ་ནི་ལོ་བརྒྱ་ཉི་ཤུ་ལོན་པའོ། །མང་པོ་ཉིད་ལ་བརྒྱ་མ ་ཡིན་ནམ་ཞེས་ན། སྐྱེ་གནས་ཞེས་བྱ་བ་ནི་བཙས་ནས་ཞེས་བྱ་བའི་དོན་ཏོ། །སྐྱེས་ནས་ལོ་འདི་ཙམ་མོ་ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །གཞན་གྱིས་ལེགས་པར་བརྟེན་ཅིང་ཞེས་བྱ་བ་ནི་གཞན་གྱིས་ཡོངས་སུ་གཟུང་པའོ། །ཁྲི་ནི་ཁྲིའོ། །འགྲོ་བ་ནི་འགྲོ་བའོ། ། ་བཅོམ་པ་ནི་ཟད་པའོ། །གང་དུ་ཞེས་བྱ་བ་ནི་ཕྱོགས་གང་དུའོ། །འགྲོ་བར་བྱ་བ་ནི་ཅི་ཙམ་རིང་པར་རོ། །གནས་དེར་ཞེས་བྱ་བ་ནི་གྲོང་ཁྱེར་དེར་རོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་ཡོངས་སུ་འཛིན་བའི་ཁྱད་པར་གྱིས་ཏེ་ལམ་གྱི་སྐད་ཅིག་མ་གསུམ་པའོ། ། ་དཔེ་ནི་དཔེ་ཉིད་ཏེ་རྒྱ་མཚོ་དང་གྲུ་ལ་སོགས་པའོ། །དེའི་དོན་གྱི་ལེའུ་ནི་དབའི་ལེའུ་འོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ། སྙིང་པོ ་མཆོག་ཅེས་བྱ་བ་ལས། ལེའུ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཆོ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། གནས་པར་འགྱི་ཞེས་བྱ་བ་ནི་བསྒྲུབས་པར་བྱ་བའོ། །བསླབ་པར་བགྱི་ཞེས་བྱ་བ་ནི་ཡོངས ་སུ་ཤེས་པར་བགྱི་བའོ། །བསྟེན་པར་བགྱི་ཞེས་བྱ་བ་ནི་ཡོངས་སུ་མི་གཏོང་བའོ། །བསྙེན་བཀུར་བགྱི་བ་མཉེས་པར་བྱའོ། །དེ་ཅི་ཞིག་བྱ་ཞེ་ན། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་དགེ་བའི་བཤེས་གཉེད་ཡང་གང་ཞིག་ཡིན ་ཞེ་ན། དེའི་ཕྱིར་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་དེ་དག་ཇི་ལྟར་དོན་ལུང་འབོག་པ་ཡིན་ཞེས་ན། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཞེས་བྱ་བ་ནི་རྣམ་པ ་འདིས་སོ། །རིགས་ཀྱི་བུ་ཚུར་ཤོག་ཅེས་བྱ་བ་ནས། རང་སངས་རྒྱས་ཀྱིས་ལ་འདོད་པར་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་གསུངས་པ་ལ། རྣལ་འབྱོར་ནི་རབ?་ཏུ་སྦྱོར་བ་འམ། མངོན་པར་སྦྱོར་བའོ། །དེ་ལ་མ་བསྙེམས་ཤིག ་ཅེས་བྱ་བ་ནི་དེའི་དངོས་པོ་ལ་མ་འཛིན་ཅིག་ཅེས་པའོ། །མི་བསྙེམས་པ་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའོ། །ཡོངས་སུ་སྦྱང་བ་ནི་གོམ་བའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །ཡང་དག་པར་རྫོགས་ཕའི་བྱང་ཆུབ ་ལ་ཡང་དག་པར་ཡོངས་སུ་བསྔོ་བ་ནི་རོ་མྱང་བ་མེད་པ་སྟེ་འདི་ནི་རོ་མྱང་བ་མེད་པའི་ཁྱད་པར་གྱིས་སྐད་ཅིག་མ་བཞི་པའོ། །ཁྱད་པར་རྣམ་པ་བཅུ་དྲུག་བསྟན་ནས་བྱེད་པ་རྣམ་པ་བཅུ་བཤད་པར་བྱ་སྟེ། དེ་ལ་བསྟན་བཅོས་ལས། ཕན་དང ་བདེ་དང་སྐྱོབ་པ་དང། །མི་རྣམས་ཀྱི་ནི་སྐྱབས་དག་དང། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་སུ་འདྲེན་པ་ཞེས་བྱ་བ་དང། །ལྷུན་གྱི་གྲུབ་དང་ཐེག་གསུམ་གྱིས། །འབྲས་བུ་མངོན་སུམ་མི་བྱེད་དག་།ཐ་མ་རྟེན་གྱི་མཛད་པ་སྟེ། འདི ་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་བྱ་བ་གསུངས་ཏེ། འདི་ཉིད་བསྟན་པའི་ཕྱིར། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ནས་དཀའ་བ་སྤྱོད་པ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱི་སྐབས་སྟོན་པར་བྱེད་དོ། །དེ་དེ་བཞིན་ནོ།། ་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་ནས་འགྲོ་བ་ལྔའི་སེམས་ཅན་རྣམས་ལ་ཡོངས་སུ་གྲོལ་བར་བྱ་སྟེ། ་དེ་དག་འཇིགས་པ་མེད་པའི་མྱ་ངན་ལས་འདས་པ་ལ་གནས་པར་བྱེད་པའི་ཕྱིར་ཏེ། དེ་ནི་དེའི་བྱེད་པའོ། །འཇིག་རྟེན་ལ་བདེ་བའི་ཕྱིར་དང། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར ་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དག་ལ་ཡོངས་སུ་བཀྲོལ་ཏེ་དེ་དག་མྱ་ངན་ལས་འདས་པའི་བདེ་བ་ལ་གནས་པར་བྱེད་པ་དེ་ནི་བདེ་བའི་བྱེད་པའོ། །འཇིག་རྟེན་གྱི་སྐྱོབ་པར་གྱུར་བར་བྱའོ་ཞེས ་བྱ་བ་ལ་སོགས་པ་ལ། སྐྱོབ་པ་ལ་སོགས་བ་བྱེད་པ་ནི་བསྟན་པའོ། །དེ་ལྟ་བུའི་ངོ་བོའི་བརྩོན་འགྲུས་བརྩོམ་མོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །ཇི་ལྟར་བསྟན་པ་བཞིན་དུ་ཚིག་རྣམ་པ་བརྒྱད་ཇི་ལྟར་བཤད་པར་བྱ་ཞེ་ན། དེ་དག་ལས་ཞེས་བྱ་བ་ནི་སྡུག་བསྔལ ་དེ་རྣམས་ལས་སོ། །འདི་ཞེས་བྱ་བ་ནི་འཇིག་རྟེན་ནོ། །འབད་པར་བྱེད་ཅེས་བྱ་བ་ནི་གོ་ཆ་གྱོན་པར་བྱེད་པའོ། །བརྩོན་འགྲུས་ནི་རབ་ཏུ་སྦྱོར་བའོ། །སྐྱོབ་པར་འགྱུར་རོ་ཞེས་བྱ་བ་ནི་སྐྱོབ་པར་བྱེད་པའི་ཕྱིར་ཏེ། འདི་ནི་སྐྱོབ་པའི་བྱེད་པའོ། །སྐྱེ་བ་ལ་སོགས་པ ་ཉིད་ནི་ཆོས་ཏེ། དེ་དང་ལྡན་པས་སྐྱེ་བ་ལ་སོགས་པའི་ཆོས་ཅན་ནོ། །སྐྱབས་སུ་འགྱུར་ཞེས་བྱ་བ་ནི་སྐྱབས་ཀྱི་བྱེད་པའོ། །གང་འབྲེལ་པ་མེད་པ་ནི་སྦྱོར་བ་མེད་པའོ། །གང་སྦྱོར་བ་མེད་པ་དེ་ནི་འགྲེལ་བ་མེད་པ་སྟེ། གཉིས་ཀ་ཕན་ཚུན་ཐ་མི་དད ་པར་སྨྲས་ནས། འབྲེལ་པ་མེད་པའི་མཚན་ཉིད་སྐྱེ་བ་མེད་པ་དང། འགག་པ་མེད་པ་ཞེས་གསུངས་ཏེ། སྐྱེ་བ་མེད་པ་ནི་དང་པོ་ཉིད་ནས་མ་སྐྱེས་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་འགག་པ་མེད་པའོ། །དེ་བས་སྐྱེ་བ་དང་འགག་པ་མེད་པས ་སྦྱོར་བ་མེད་དོ། །དེ་དག་འབྲེལ་པ་ཉིད་དེ་ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །དེ་ལྟར་ན་ཤེས་པ་མཐོང་བས་སྦྱོར་བ་བྱེད་པར་འགྱུར་རོ་ཞེས་བྱ་བ་ལ་སྦྱོར་བས་ན་སྦྱོར་བའོ། །དེའི་ཕྱིར་ཞུམ་པར་བྱེད་པས་ན་གནས་ཏེ་སྟོན་པར་བྱེད་པ་ནི ་གནས་སུ་འགྱུར་ཏེ། འདི་ནི་གནས་ཀྱི་བྱེད་པའོ། །གཟུགས་ཀྱི་ཕ་རོལ་ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་དོ། །ད་ནི་གཟུགས་མ་ཡིན་ཞེས་བྱ་བ་ནི་འགལ་བའི་ཕྱིར་རོ། །གཟུགས་ཀྱི་ཕ་རོལ་ཇི་ལྟ་བ་ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་དོ། ། ་གཟུགས་ཀྱང་དེ་བཞིན་ཏེ་ཞེས་བྱ་བ་ནི་དེ་ཉིད་གཟུགས་ཀྱི་དོན་དམ་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་དང། །ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ ་ལ། གལ་ཏེ་ཇི་ལྟར་ཆོས་ཐམས་ཅད་ཀྱི་ཕ་རོལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡིན་ན་དེ་ཉིད་ཤེས་ནས་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་རྫོགས་བའི་བྱང་ཆུབ་ཐོབ་བར་འགྱུར་ཏེ་།ཆོས་ཉིད་ཀྱི་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདི ་ཡང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱིས་ལན་ནོ། །དེ་ལྟར་ན་ཇི་ལྟར་ཤེས་པར་འགྱུར་ཞེ་ན། དེའི་ཕྱིར་དེ་བཞིན་དུ་བདག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག ་བསྡུ་བའོ། །དཔུང་གཉེན་ནི་ཤེས་པ་སྟེ། དེ་ཉིད་ཆོས་སྟོན་པར་བྱེད་པའི་ཕྱིར་དཔུང་གཉེན་དུ་འགྱུར་བ་སྟེ་འདི་ནི་དཔུང་གཉེན་གྱི་བྱེད་པའོ། །སྔོན་གྱི་མཛའ་ནི་སྐྱེ་བའོ། །ཕྱི་མའི་མཛའ་ནི་འགག་བའོ། །འདི་དག་ཡོངས་སུ་ཆང་བ་ནི་ཆོས ་ཐམས་ཅད་ཡོངས་སུ་སྤངས་པ་སྟེ། དོན་དམ་པར་ཆོས་ཉིད་ཙམ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་དེ་དག་གིས་དེ་དག་ཡོངས་སུ་བཅད་པ་འདི་ནི་ཞི་བ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་ཕྱིར་རོ། །མི་གཙང་པ་དང་འདྲེལ་བ་ཉེ་བར་ཞི་པའི་ཕྱིར ་འདི་ནི་གྱ་ནོམ་པའོ། །ཡང་སྲིད་པ་ཟད་པའི་ཕྱིར་མྱ་ངན་ལས་འདས་པའོ། །དོན་དམ་པ་ཉིད་ཡིན་པའི་ཕྱིར་འདི་ནི་ཇི་ལྟ་བ་བཞིན་ནོ་།ཕྱིན་ཅི་ལོག་མེད་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། དམིགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་གླིང་དང་ཆོས ་མཐུན་བའི་ཕྱིར་གླིང་སྟེ། ཆོས་ཀྱི་དབྱིངས་སྟོན་པར་བྱེད་པས་ན་གླིང་ངོ། །འདི་ནི་གླིང་གི་བྱེད་པའོ། །འདིར་སྒོ་ངའི་ཕྱི་རོལ་མ་ཡིན་པའི་ཆ་ནི་སྤུབས་ཏེ་འདིར་བཞག་པར་བྱ་བ་དང། སྤྱད་པར་བྱ་བའི་གནས་སུ་བྱས་པའི་ཕྱིར་རོ། ། ་དེ་ཉིད་མི་རྟོག་སྟེ་མཐོང་བ་དང་འགལ་བར་བྱེད་བ་ཉིད་ཀྱི་ཕྱིར་རོ། །མ་རིགས་པ་ཉིད་སྒོ་ངའི་སྦུབས་དང་ལིང་རྟོག་སྟེ། ངེས་ཡོངས་སུ་ཁེབས་པ་ནི་གཡོགས་པའོ་མུན་པ་ནི་གཏི་མུག་གོ་།དེས་ཟིལ་གྱིས་ནོན་བ་ནི་ལོང་བར་བྱས་པའོ། །སྣང་བར་བྱེད་པ ་ནི་གསལ་པར་བྱེད་པའོ། །མེད་བར་བྱེད་པ་ནི་འཇིག་པར་བྱེད་བའོ། །དེ་ལྟར་སྣང་བར་བྱེད་པའི་ཕྱིར་སྣང་བར་འགྱུར་བ་ཡིན་ཏེ། འདི་ནི་སྣང་བའི་བྱེད་པའོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེ་བའོ། །རང་བཞིན ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེས་དེ་དག་སྐྱེ་བ་མེད་པ་དང། འགག་པ་མེད་པར་རྟོགས་པའི་དོན་དུ་ཆོས་སྟོན་པས་ན། ཡོངས་སུ་འདྲེན་པ་སྟེ། ཀུན་ནས་བླ་ན་མེད་པ་ཞེས་བྱའི་དོན་དམ་པར་རྟོགས་པར་བྱེད་པའོ། །འདི་ནི་ཡོངས་སུ ་འདྲེན་པའི་བྱེད་པའོ། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱིས། །འབྲས་བུ་མངོན་སུམ་བྱེད་པའི་བདག་།ཐ་མ་རྟེན་གྱི་མཛད་པ་སྟེ། ཞེས་བྱ་བ་ལ་ཐིག་པ་གསུམ་གྱིས་ལྷུན་གྱིས་གྲུབ་པའི་འབྲས་བུ་མངོན་དུ་བྱེད་པ་ནི་རྟེན་གྱི་བྱེད་པ་ཞེས་བྱ ་བའི་དོན་ཏོ། །གང་གི་ཕྱིར་གྲོང་དུ་འགྲོ་བ་ཕྱིན་པ་བཞིན་དུ་ལྷུན་གྱིས་གྲུབ་པའི་འགྲོ་བས་ཐེག་པ་གསུམ་གྱི་འབྲས་བུ་ཡང་ཐོབ་པར་འགྲོ་བ་ཉིད་དོ། །དེ་ཡང་ལྷུན་ཀྱིས་གྲུབ་པ་ཉིད་དོ། །ལུས་ཀྱི་གཟུགས་ཀྱིས་སམ། སེམས་ཀྱིས་སོང ་ནས་དེ་ཐོབ་ཁ?་ནི་མ་ཡིན་གྱི། འོན་ཀྱང་ལྷུན་གྱིས་གྲུབ་པ་ཁོ་ནས་སོ། །འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་ཨི་རྟེན་ཅན་ཏེ། ནམ་མཁའ་ལ་ནི་འོང་བའམ། འགྲོ་བ་མེད་དེ། འདི་ནི་རང་གི་ངོ་བོ་ཉིད་ཁོ་ནས་གནས་སོ། །དེའི་ཕྱིར་ནམ་མཁའ་ ་ཏེན་ཅན་ནོ། །ནམ་མཁའ་དང་མཉམ་པ་ག་ལས་ཤེ་ན། ཇི་ལྟར་ནམ་མཁའ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་མ་བྱས་པའོ། །གནས་སྐབས་གཞན་དུ་སྐྱེ་བ་མེད་པའི་ཕྱིར་རྣམ་པར་མ་བྱས་པའོ། །རྒྱུ་དང ་རྐྱེན་འདུས་པར་མ་བྱས་པ་དེ་མངོན་པར་འདུས་མ་བྱས་པའོ། །གནས་པ་ནི་སྐྱེ་བའི་འཇུག་པའོ། །ཡང་དག་པར་གནས་པ་ནི་ཀུན་ནས་གནས་པས་སོ། །རྣམ་པར་གནས་པ་ནི་ཁ་ཅིག་ཉིད་དུ་གནས་པས་སོ། །འདི་དག ་བཟློག་པའི་ཕྱིར་མི་གནས་པ་དང་།ཡང་དག་པར་མི་གནས་པ་དང། རྣམ་པར་མི་གནས་པ་དང། ནམ་མཁའ་རྟགས་པའི་ཕྱིར་རྣམ་པར་མི་རྟོག་པ་དང། ལྷུན་གྱིས་གྲུབ་པ་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ཙམ་ཉིད་དོ་ཞེས་དགོངས་སོ།། ་ཅི་ལྟར་ནམ་མཁའ་ཨི་རྟེན་ཅན་ཡིན་པ་དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་ཡང་རྟེན་ཅན་དང་དེ་ཉིད་འགྲོ་བའི་རྟེན་ཅན་ནོ། །དེ་ལྟར་ཆོས་ཐམས་ཅད་སྟོན་ཅིང་རྟོགས་པར་འགྱུར་པ་ཡིན་ཏེ། འདི་ནི་རྟེན་གྱི་བྱེད་པའོ། །བྱེད་པ་རྣམ་པ་བཅུ་བཤད་ནས། །ངོ་བོ་ཉིད ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། །ཉོན་མོངས་རྟགས་དང་མཚན་མ་དང། །མི་མཐུན་ཕྱོགས་དང་གཉེན་པོ་དང། །དབྱེན་དང་དཀའ་དང་ངེས་པ་དང། །ཆེད་དུ་བྱ་དང་མི་དམིགས་དང། །མངོན་པར་ཞེན་པ་བཀག ་པ་དང། །དམིགས་པ་ཞེས་བྱ་གང་ཡིན་དང། །མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང། །དེ་བཞིན་ཉིད་ནི་མི་དམིགས་དང། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་གཞི་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི ་པར་བཞེད་པ་ཡིན། །ཞེས་བྱ་བ་གསུངས་ཏེ། གང་ངོ་བོ་ཉིད་ཀྱང་མཚམ་ཉིད་བཞི་པར་འདོད་དོ། །དེ་ཡང་ལས་སུ་བསྒྲུབས་ནས་མཚན་ཉིད་དེ་མཚོན་པར་བྱ་བ་ཡིན་པའི་ཕྱིར་མཚན་གཞི་ཞེས་གསུངས་ཏེ། །བཤད་པ་གཞན་ཡང་གསུངས ་པ་ལ། མཚན་གཞི་ཞེས་བྱ་བ་ནི་མཚན་ཉིད་དང་ལྡན་པས་མཚན་གཞི་སྟེ། མཚན་ཉིད་དང་ལྡན་པ་ལ་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་བཅུ་དྲུག་གི་བདག་ཉིད་ཡིན་ཞེ་ན། དེའི་ཕྱིར་ཉོན་མོངས་རྟགས་དང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེའི་ཕྱིར་འདིའི་སྐབས་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། རང་བཞིན་ཅན་ནོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། སྤྱད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྲུང་བར་བྱེད་པའོ། །སྤྱད་པ་དེ་གང་ཡིན་ཞེ་ན། གང་འདི་ཞེས་བྱ་བ་ལ་སོགས ་པ་གསུངས་པ་ལ། ངོ་བོ་ཉིད་ཇི་ལྟ་བུ་ཞེས་བྱ་བའི་ཚིག་འདིས་ནི་ངོ་བོ་ཉིད་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །འདུལ་བ་ནི་ཚུལ་མ་ཡིན་པ་དེ་འདུལ་བར་འོས་པའོ། །དེ་དག་ལ་འདིས་རྣམ་པར་དབེན ་པའི་ངོ་བོ་ཡོད་པས་ན་དེ་སྐད་ཅེས་བརྗོད་དོ། །འདི་ཙམ་གྱིས་ནི་ངོ་བོ་ཉིད་བཞི་བརྗོད་དེ། ཉོན་མོངས་པས་དབེན་པ་དང། རྟགས་ཀྱི་དབེན་པ་དང། ཉོན་མོངས་པའི་མཚན་མས་དབེན་པ་དང། མི་མཐུན་པའི་ཕྱོགས་དང་གཉེན་པོས་དབེན ་པའོ། །དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉོན་མོངས་པའི་རྟགས་ནི་ཉོན་མོངས་པས་བྱས་པའི་ལུས་ལ་སོགས་པའི་གནས་ངན་ལེན་ནོ། །ཉོན་མོངས་པའི་མཚན་མ་ནི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པའོ། ་མི་མཐུན་པ་དང་གཉེན་པོ་ནི་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་དང། ཞེ་སྡང་དང་ཞེ་སྡང་མེད་པ་དང། གཏི་མུག་དང་གཏི་མུག་མེད་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། རྟེན་དུ་འགྱུར་རོ་ཞེས་བྱ་བའི་བར་དེ་གསུངས ་པ་ལ། འདི་ཉིད་ཀྱི་ངོ་བོ་ཉིད་ནི་རྟེན་ཏེ་གང་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོན་པར་འགྱུར་བ་ནི་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་བ་ཡིན་ནོ། །རབ་འབྱོར་གྱི་གསོལ་པ་ཞེས་བྱ་བ་ནས་སངས་རྒྱས་ཀྱིས་ཞེས་བྱ་བའི་བར་དུ་གསུངས ་པ་ལ། །འདིར་གཟུགས་ལ་སོགས་པ་དང་འབྲེལ་པ་ཡང་མ་ཡིན་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པའོ། །གང་ཡང་བྱང་ཆུབ་ཀྱི་དོན་དུ་གཟུགས་ལ་སོགས་པའི་དོན་དུ་ཡང་མ་ཡིན་ཞེས་བྱ་བ་ནི། །གཟུགས་ལ་སོགས་པའི ་ངོ་བོ་ཉིད་རྣམས་ཀྱི་དོན་ཐམས་ཅད་ཀྱི་དོན་དུ་མ་ཡིན་ནོ། །དེ་བཞིན་དུ་གང་ཡང་བྱང་ཆུབ་ཀྱི་དོན་དུས་གསུམ་གྱི་ངོ་བོ་ཉིད་མ་ཡིན། བྱང་ཆུབ་གསུམ་གྱི་ངོ་བོ་ཉིད་སེམས་ཅན་རྣམས་ཀྱི་དོན་དུ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས ་བྱ་བ་ནི་དྲི་བའོ། །རབ་འབྱོར་ཀྱི་མ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ་རེ་བར་མི་བགྱིའོ་ཞེས་བྱ་བ་ནི་ཐོབ་པ་མེད་པ་ཉིད་དུ་བལྟ་བར་བྱའོ། །དེའི་ཕྱིར་གསུམ་པ་བལྟ་བར་མི་བྱའོ། །དེ་བཞིན་དུ་གནས་པར་བལྟ་བར་བྱའོ་ཞེས་དགོངས་སོ། །འདི་ནི་དཀའ་? ་བའི་ངོ་བོ་ཉིད་དོ། །དཀའ་བ་དང་བཅས་པའི་ངེས་པ་ནི་དཀའ་བ་དང་ངེས་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནས་མ་ཡིན་གྱི་བར་དུ་གསུངས་པ་ལ། མངོན་པར་འདོད་པ་ན་དོན་གྱི་དབང་ངོ། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱི་གནས་མ ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ས་ཉིད་ལ་ངེས་པའོ། །འོན་ཀྱང་གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་དགོས་པ་ཞེས་བྱ་བ་ནི་ཆེད་དུ་བྱ་བའི་ངོ་བོ་ཉིད་དོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ ་ནས། བརྟག་པར་བྱ་ཞེས་བྱ་བའི་བར་དུ་གསུངས་པ་ལ་ཟབ་མོ་ཞེས་བྱ་བ་ནི་དམ་བཅའ་བའོ། །འོག་མ་བཞིས་ནི་གཏན་ཚིགས་ཏེ་སྒོམ་པ་མི་དམིགས་པའི་ཕྱིར། དུས་གསུམ་དུ་སྒོམ་པ་མི་དམིགས་པའི་ཕྱིར་དང། བསྒོམ་པར་བྱ་བ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་མི་དམིགས་པའི་ཕྱིར་དང། །དེའི་དམིགས་པ་མི་དམིགས་བའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པའི་ལན་བསྟན་པའི་ཕྱིར་ཞེས་བྱ་བ་དྲིས་སོ། །མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་ལན་ཏེ་ཡོངས་སུ་གྲུབ ་པའི་དངོས་པོར་གྱུར་པའོ། །ནམ་མཁའ་སྒོམ་པ་འདི་ནི་ཆོས་ཐམས་ཅད་མི་སྒོམ་པ་སྟེ། ཆོས་ཉིད་ཙམ་མཐོང་བའི་ཕྱིར་དང། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མ་ཆགས་པ་སྒོམ་པ་དང། མཛའ་ཡས་པ་སྒོམ ་པ་འདི་ནི་ཆོས་ཐམས་ཅད་ལ་ཐོགས་པ་མེད་ཅིང། མཛའ་ཡས་པའི་ཕྱིར་རོ། །དངོས་པོ་མ་མཆིས་པ་སྒོམ་པ་ནི་གཟུང་བ་མི་དམིགས་པ་བསྒོམ་པ་ཉིད་ཀྱི་ཕྱིར་རོ། །ཡོངས་སུ་གཟུང་བ་མ་མཆིས་བསྒོམ་པ་ནི་འཛིན་པ་མི་དམིགས་པར་བསྒོམ་པའི་ཕྱིར ་ཏེ། ཉེ་བར་བརྟགས་པར་རིགས་པར་བྱའོ། །འདི་ནི་མི་དམིགས་པའི་ངོ་བོ་ཉིད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས་མི་བྱེད་པའི་ཕྱིར་རོ། །ཞེས་བྱ་བའི་བར་གྱིས་ནི་མངོན་པར་ཞེན་པ་བཀག་པའི་ངོ་བོ་ཉིད་དོ།། ་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། བྱེ་བྲག་ཏུ་བརྟག་པ་ཞེས་བྱ་བ་ནི་དམིགས་པའོ། །གཞོལ་བ་དང། འབབ་པ་དང། བབ་པའི་སྒྲ་ནི་གཞིའི་དོན་ཏོ། །དེ་དག་དང་ལྷན་ཅིག་འབྲུ ་མང་པོར་བྱའོ། །སེམས་ཀྱི་རྒྱུད་ནི་རྒྱུན་ནོ། །ནམ་མཁའ་ལ་གཞོལ་བ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཉིད་ལ་འདི་བྱེ་བྲག་ཏུ་བརྟག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལྷག་མའོ། །དེ་ཅིའི ་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུ་ཉིད་དེ་ག་ལས་ཤེ་ནའོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །ཡུལ་དང། དུས་ལས་དཔག་པར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའོ། །དེ་ཁོ་ན་བཞིན་དུ་ཚད་དང་བྲལ་པའི་ཕྱིར་ཚད་མེད་པའོ།། ་དེ་ནི་གཟུགས་ནས་ཕྱོགས་གང་དུ་ཡང་མི་གནས་སོ་ཞེས་བྱ་བའི་བར་གྱིས་ནི། འདི་དག་ཐམས་ཅད་ལ་ཡུལ་དང། དུས་ཀྱི་ཁྱབ་པའི་ཚད་མེད་པའི་ཕྱིར་དང། གཟུགས་ཅན་དུ་མི་རིགས་པའི་ཕྱིར་དཔག་ཏུ་མེད་པའོ། །གཞན་དུ་ན་ཞེས ་བྱ་བ་ལ་སོགས་པ་ལ་དེ་ནི་ཞེས་བྱ་བ་དང་སྦྱར་རོ། །སུས་ཀྱང་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་གང་གིས་ཀྱང་སྟེ། གཟུགས་ལ་སོགས་པ་ནི་ཚད་མེད་པའི་ཕྱིར་རོ་ཞེས་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདི། ་བའོ། །རབ་འབྱོར་གཟུགས་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གཟུགས་ལ་སོགས་པའི་སྒྲ་ནི་འདིར་ཆོས་ཉིད་ལ་སྦྱར?་རོ། །དེའི་ཕྱིར་འགལ་བ་མེད་དོ། །གཟུགས་ལ་སོགས་པ་ཐ་དད་ཀྱང་ཆོས་ཉིད་ནི་ཐ་དད་པ་མ་ཡིན་ཏེ་གཟུཌ ་ལ་སོགས་པ་བརྫུན་པ་ཉིད་ཀྱིས་དད་པར་བྱེད་ན་དེའི་ཚེ་མི་སྣང་བར་འགྱུར་རོ། །འདི་ནི་དམིགས་པའི་ངོ་བོ་ཉིད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནས། ལེའུ་རྫོགས་པའི་བར་དུ་གསུངས་པ་ལ་མོས་པར་དཀའ་བ་ཉིད་ཀྱི་ཕྱིར་ཟབ ་པའོ། །གཏིང་དཔག་དཀའ་བ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ། །བལྟ་དཀའ་བ་ནི་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བས་སོ། །རྟོགས་པར་དཀའ་བ་ནི་འཇིག་རྟེན་ལས་འདས་པ་ཡིས་སོ། །བརྩོན་པ་ཆུང་བ་ནི་བྱེད་པར་མི་འདོད ་པས་སོ། །གཞོལ་བ་ནི་འཇུག་པའོ། །གང་དུ་སུས་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་དུས་གསུམ་གྱི་བྱ་བ་དགག་པའོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པས་ནི་ལས་དགག་པའོ། །ཆོས་ཐམས་ཅད་ནི་ཐོབ་པའི་འོད་བ?་མེད་པ་དང། ་དོར་བའི་འགྲོ་བ་མེད་པའི་ཕྱིར་ཟབ་པའོ། །མི་མཐུན་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གོ་།རྣམ་པར་མི་རྟོག་པའི་ཕྱིར་མི་འཇུག་པའི་སླད་དུའོ། །འཇིག་རྟེན་དག་ནི་ཆོས་འདི་འཛིན་པ་ལ་སྤྱོད་དོ། །འཇིག་རྟེན་ནི་ཕྱིན་ཅི་ལོག་ལ་ངེས་ཤིང་རྣམ ་པར་ངས?་པའི་ཕྱིར་རོ། །འདི་ནི་མི་མཐུན་པའི་ངོ་བོ་ཉིད་དོ། །བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་ཉེ་བར་མཚོན་པའི་ལེའུ་ཨནི་ལྷའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ། སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ནི་གང་ལ་ཡང་ཐོགས་པ ་མ་མཆིས་ཞེས་བྱ་བ་ནི་ཐམས་ཅད་དུ་གནོད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐོགས་པ་མེད་པའི་མཚན་ཉིད་ནི་ཐོགས་པ་མེད་པའི་ངོ་བོ་ཉིད་དོ། །ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་ནི་གང་གི་ནམ་མཁའ་དང་འདྲ་བར་དེ་བཞིན་དུ་རྟོགས་པ་མེད་པའོ། ། ་མཚུངས་པ་དེ་ག་ལས་ཤེ་ན། དེའི་ཕྱིར་གནས་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། དངོས་པོ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །མཚུངས་པ་མ་མཆིས་པ་ནི་དཔེ་མེད་པའོ། །གཉིས་སུ་མ་མཆིས་པའི་སླད་དུ་ཞི་ཞེས་བྱ་བ་ནི་འདྲ་བ་མེད ་བའི་ཕྱིར་རོ། །འདི་ལ་གནོད་པར་བྱེད་བའི་མཚན་ཉིད་ཡོད་པ་ནི་དོ་ཟླའི་མཚན་ཉིད་དོ། །དེ་མེད་པའི་ཕྱིར་དོ་ཟླ་མ་མཆིས་པའི་མཚན་ཉིད་དོ། །རྒོལ་བ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ནི་འགལ་བར་བྱེད་པ་མེད་པའི་ཕྱིར་རོ། །འདི་ནི ་ཐོགས་པ་མེད་པའི་ངོ་བོ་ཉིད། རྗེས་སུ་ནི་བཞི་སྟེ། བདེ་འགྲོ་དང། ངན་འགྲོ་དང། མྱ་ངན་ལས་འདས་པ་རྣམས་སོ། །དེ་མེད་པ་ནི་རྗེས་མེད་པའོ། །མངོན་པར་གྲུབ་པ་མ་མཆིས་པའི་སླད་དུ་ཞེས་བྱ་བ་ལ། །མངོན་པར་གྲུབ ་བ་མེད་པ་ནི་གང་དུ་ཡང་གནས་པ་མེད་དོ། །ཅིའི་ཕྱིར་མངོན་པར་གྲུབ་པ་མེད་པ་ཡིན་ཞེ་ན། གང་གི་ཕྱིར་འབྱུང་བ་མ་མཆིས་པ་ནི་འབྱུང་བ་དང་བྲལ་བའོ། །ཅིའི་ཕྱིར་འབྱུང་བ་མེད་པ་ཡིན་ཞེ་ན། སྐྱེ་བ་ཐམས་ཅད་སྐྱེ་བ་མེད ་པ་ཉིད་ཀྱི་ཕྱིར་རོ། །སྐྱེས་ཟིན་པ་ཡང་སྐྱེ་བའི་མཚན་ཉིད་དུ་ནི་རིགས་པའི་ཕྱིར་དང། །མེད་པ་ཡང་མེད་པ་ཉིད་ཀྱི་ཕྱིར་།མི་རིགས་ཏེ་བོང་བུའི་རྭ་བཞིན་ནོ། །ངན་འགྲོའི་ལམ་དང། བདེ་འགྲོའི་ལམ་དང། མྱ་ངན་ལས་འདས ་པའི་ལམ་ནི་ལམ་མོ། །དེ་མེད་པ་ནི་ལམ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ལམ་ཐམས་ཅད་མི་དམིགས་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་ནི་གཞི་མེད་པའི་ངོ་བོ་ཉིད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ལ་རྗེས་སུ་མཐུན་པར་སྐྱེས་སོ་ཞེས་བྱ་བ་ནི་ལྔ་མའི་རྗེས་སུ་སྐྱེས་བ་ནི་བྱེད་པ་དང་ལྡན་པའི་ལས་སོ། །ལས་སྐྱེད་པར་བྱེད་པའོ། །རྗེས་སུ་མཐུན་པ་སྟེ། དེའི་ཕྱིར་ཀ་ཏ་ནི་བྱེད་པ་པོའི་རྐྱེན་དུ་བྱ་བའོ། །ལས་ཀྱི ་དྲུག་པས་འབྲེལ་པ་སྨྲ་བར་འདོད་ནས་བཅོམ་ལྡན་འདས་ཀྱི་རྗེས་སུ་མཐུན་པར་སྐྱེད་པ་ནི་རབ་འབྱོར་རོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་དེ་དེའི་རྗེས་སུ་སྐྱེས་པ་?་ལས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ལེན་གསུངས་ཏེ། ་བཅོམ་ལྡན་འདས་ཉིད་ཀྱི་སྲས་དང་འདྲ་བར་སྟོང་པ་འདི་སྨྲ་བའི་ཕྱིར་རོ་ཞེས་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལམ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་མཐུན་པར་སྐྱེས་པའོ། །དེ་ཉིད་ཀྱི་ཕྱིར་གཏན ་ཚིགས་གསུངས་པ་ནི་མ་སྐྱེས་པ་ཉིད་ཡིན་ཡང་ཕ་དང། བུ་གཉིས་སུ་འདྲ་བའི་ཕྱིར་རོ། ཞེས་དགོངས་སོ། །གལ་ཏེ་མ་སྐྱེས་ན་དེ་ཉིད་ཇི་ལྟར་ཕ་དང་བུ་འདྲ་ཞེ་ན། ཀུན་རྫོབ་ཏུ་ཡིན་ནོ་ཞེས་དགོངས་སོ། །རྗེས་སུ་སོང་བ་ཞེས་བྱ་བ་ལ་སོགས་པས་ནི ་གཏན་ཚིགས་གཞན་གསུངས་ཏེ། རྗེས་སུ་སོང་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བའོ། །དེ་བས་ན་ཡང་རྗེས་སུ་སྐྱེས་པ་ནི་དེ་བཞིན་གཤེགས་པའི་རྗེས་སུ་འགྲོ་ཞིང་སྐྱེས་པ་ནི་རྗེས་སུ་མཐུན་པར་སྐྱེས་པའོ་ཞེས་དགོངས་སོ། ། ་གལ་ཏེ་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོངས་པ་ཡང་མེད་ཅེས་བྱ་བ་ནི་སྐྱེ་བ་མེད་པའོ། །སོང་བ་ཡང་མེད་ཅེས་བྱ་བ་ནི་འཇིག་པ་མེད་པའོ། །ཡང་ཅི་དགྲ་བཅོམ་པ་ཉིད་ཐོབ་ནས་རྗེས་སུ་མཐུན ་བར་སྐྱེས་སམ། ཅི་དང་པོ་ཉིད་ནས་ཡིན་ཞེ་ན། དེའི་ཕྱིར་གནས་བརྟན་རབ་འབྱོར་འདི་ནི་དང་པོ་ཉིད་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་བཞིན་ནི་སྒྲས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར ་རོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་པའོ། །འགྲོ་བ་དང་མི་འགྲོ་བ་ནི་འགྲོ་བའོ། །དེ་བཀག་པའི་ཕྱིར་འགྲོ་བ་མེད་པའི་ངོ་བོའོ། །རྗེས་སུ་མཐུན་པར་སྐྱེས་པའི་གཏན་ཚིགས་གཞན་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་དེ་བཞིན ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་བཞིན་ཉིད་ཀྱི་ཆོས་རྣམས་ནི་གནས་པ་སྟེ། །འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ཉིད་གནས་པ་ཉིད་དོ། །གཏན་ཚིགས་གཞན་བསྟན་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ་སྔ་མའི་རང་གི་ངོ་བོའི་རྗེས་སུ་འཇུགས་པ་ནི་འགྱུར་པ་མེད་པའོ། །རང་གི་ངོ་བོ་གཞན་གྱིས་རྗེས་སུ་འཇུག་པ་ནི་རྣམ་པར་འགྱུར་བ་མེད་པའོ། །རྣམ་པར་རྟོག་པ་མེད་པ་ནི་རྟོག་པ་མེད་པའོ། །རྣམ་པར་རྟོག་པ་དང། རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ ་མ་ཡིན་པའི་ཕྱིར་རྣམ་པར་རྟོགས་པ་མེད་པའོ། །གཏན་ཚིགས་བཞན་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་འགྲོ་བ་མེད་པའི་ཕྱིར་གང་ཡང་ཐོགས་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཐམས་ཅད་དུ་ཐོགས ་པ་མེད་པ་དེ་ག་ལས་ཏེ། འདི་ལྟར་གང་ལས་འོངས་པའི་དེ་བཞིན་ཉིད་ནི་དེ་ན་ཡོང་དེ་དེ་ལས་གཞན་ན་ནི་མེད་པ་ཉིད་དོ་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ནས། གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་གྱིས་ལན་ཏེ། འདི་ནི་གཅིག ་སྟེ་ཞེས་བྱ་བ་ནི་དམ་བཅའ་བའོ། །དེ་རིགས་གཅིག་པའི་ཕྱིར་གཅིག་པ་ཉིད་ཡིན་ནམ་ཞེ་ན། གཉིས་སུ་མེད་པ་ཞེས་གསུངས་ཏེ། གཉིས་ནི་ཐ་དད་པའོ། །དེ་མེད་པ་ནི་གཉིས་སུ་མེད་པ་སྟེ། གཅིག་གི་སྒྲའི་དོན་ཏོ། །གལ་ཏེ་གཅིག་པ ་ཡིན་ཡང་འབྲེལ་བ་ཅན་ཐ་དད་པས་ཐ་དད་པར་འགྱུར་ཏེ། དཔེར་ན་ཤར་ཕྱོགས་ཀྱི་ནམ་མཁའ་དང། གཞན་གྱི་ནམ་མཁའ་བཞིན་ནོ། །དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་ཀྱི་དེ་བཞིན ་ཉིད་ལ་སོགས་པ་དོན་ཐ་དད་པར་འགྱུར་རོ་ཞེ་ན། གཉིས་སུ་བྱར་མེད་ཅེས་བྱ་བ་གསུངས་ཏེ། དེའི་ཕྱིར་ཡང་གཉིས་སུ་མེད་པའི་དེ་བཞིན་ཉིད་ནི་རྟག་ཏུ་དེ་ཁོ་ན་ཉིད་དུ་ཡོད་པའི་དེ་བཞིན་ཉིད་དོ། །གཉིས་སུ་མེད་པ་ཡང་རང་བཞིན་ཉིད ་ཐ་དད་པ་མེད་པའི་དེ་བཞིན་ཉིད་དང། གཞན་ལས་ཀྱང་ཐ་དད་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་ཕྱིར་གཉིས་སུ་མེད་པའི་དེ་བཞིན་ཉིད་དོ། །གང་དུ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གསུངས་ཏེ། གང་དང་གང་གིས་གཞི་དང་རྒྱུ་ནི་དེ ་དང་དེ་ཡིར་འགྱུར་ཏེ་དཔེར་ན་ཁྲོན་པའི་ཆུ་དང། ནས་ཀྱི་མྱུང་གུ་ལྟ་བུའོ་ཞེ་ན་དེ་བཞིན་དུ་ཉིད་ནི་གང་དུ་ཡང་མ་ཡིན་གང་ནས་ཀྱང་མ་ཡིན་ཏེ་དེའི་ཕྱིར་གང་དུ་ཡང་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར། གང་གི་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་གང་ཡང་མ་ཡིན ་པ་དེའི་ཕྱིར་དེ་གཉིས་སུ་བྱར་མེད་ན་གཉིས་སུ་བྱར་མེད་པའི་དེ་བཞིན་ཉིད་ཡིན་པ་དེ་བས་ན་ཐོགས་པ་མེད་པའོ། །དེ་བས་ན་རབ་འབྱོར་ནི་དེ་བཞིན་གཤེགས་པ་དང་རྗེས་སུ་མཐུན་པར་སྐྱེས་པའོ་ཞེས་བྱ་བར་གྲུབ་པོ། །དེ་ལྟར་ན་གནས་བརྟན་ཞེས་བྱ་བ ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་པ་ལ། དེ་ལྟར་ན་ཞེས་བྱ་བ་ནི་དེ་ཉིད་གསུངས་ཏེ། མ་བྱས་བའི་དེ་བཞིན་ཉིད་ཅེས་བྱ་བ་ནི་མ་བྱས་པ་ཡང་ཡིན་ལ་རྟག་ཏུ་ཡོད་པའི་དེ་བཞིན་ཉིད་ཀྱང་ཡིན་པས་ན་མ་བྱས་པའི་དེ་བཞིན་ཉིད་དོ། ། ་དེ་ནི་ནམ་ཡང་དེ་བཞིན་མ་ཡིན་ཏེ་རྟག་ཏུ་དེ་ཁོ་ན་ཉིད་དུ་འགྱུར་རོ། །དེ་བས་ན་དེ་ནི་གཉིས་སུ་མེད་པའི་ཕྱིར་ཏེ། དུས་ཐ་དད་པས་ཀྱང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ལས་ཀྱི་གཉིས་པའོ། །ཇི་ལྟར ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་ཏེ། ཐམས་ཅད་དུ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །ཆོས་ཐམས་ཅད་དུ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་པའོ། །མི་རྟོགས་པ་ནི་དེ་དག་ལ་རྣམ་པར ་མི་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་ནི་དེ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཐམས་ཅད་ལ་མི་རྟོག་པ་དང། རྣམ་པར?་མི་རྟོག་པ་དེས་སོ། །གཞིག་ཏུ་མེད་པ་ནི་གཅད་དུ་མེད་པའོ། །དེ་ལྟར་ན་ཞེS ་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་ཏེ། གུད་ན་མེད་དོ་ཞེས་བྱ་བ་ནི་གཞན་དུ་ཐ་དད་པར་མི་དམིགས་པའོ། །གཉིས་སུ་མེད་པའི་ཕྱིར་འདི་ནི་གཞན་མ་ཡིན་པ་ཡང་ཡིན་ལ ་དེ་བཞིན་ཉིད་ཀྱང་ཡིན་པས་ན་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །དེའི་རྗེས་སུ་འགྲོ་བ་ནི་ངེས་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་རྗེས་སུ་སོང་བའོ། །དོན་དམ་པ་ནི་འདི་ལ་གང་ཡང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི ་འདི་ལ་རྗེས་སུ་འགྲོ་བ་ནི་རབ་འབྱོར་མ་གང་ཡང་མེད་དོ། །གང་དུ་ཡང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །འདི་ལ་རྗེས་སུ་འགྲོ་བས་ཉེ་བར་སོང་བའོ། །དེ་ལྟར་ན་གང་ཟག་དང་ཆོས་ལ་བདག་མེད་པར་མཐོང་བ་ཡིན་ནོ་ཞེས་དགོངས་སོ། །དེ ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུད་པའོ། །ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གཞན་གསུངས་སོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་བའོ། །འདི་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་དོ། །དེ་བཞིན ་གཤེགས་པའི་དེ་བཞིན་ཉིད་ཅེས་བྱ་བ་ནས། །སངས་རྒྱས་པའི་དེ་བཞིན་ཉིད་ཅེས་བྱ་བའི་བར་དུ་གསུངས་པ་ལ། འདིར་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་ཐ་དད་པ་དང་ཐ་དད་པ་མེད་པར་ཐ་དད་དུ་མཐོང་བའི་བཀག་པ་ཡིན་ནོ། །གཟུགས་ལ ་སོགས་པ་འདི་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་མི་དམིགས་པའོ། །འདི་ནི་མི་དམིགས་པའི་ངོ་བོ་ཉིད་དེ་བཅུ་དྲུག་པའོ། །དེ་བཞིན་ཉིད་འདིའི་བདག་ཉིད་ཆེན་པོ་ནི་དེ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཤེགས་པ་ནི་ཤེས་པའི་དོན་ཏེ། ་དེ་བཞིན་གཤེགས་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་དགོངས་སོ། །འདི་བསྟན་པ་ན་གང་གཡོ་བར་གྱུར་པ་དེ་ནི་ཡང་དེ་བཞིན་གཤེགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟས་ཆེན་པོ་དྲུག་གམ ་བཅོ་བརྒྱད་དུ་ཇི་ལྟར་འགྱུར་བ་དེ་ལྟར་གཡོས་པ་ནས་ཀུན་ཏུ་རབ་ཏུ་ཤིག་ཤིག་པའི་བར་དུ་གསུངས་པ་ལ་འདིར་གསུམ་ནི་གཡོ་ངའི?་དོན་ཏོ། །གསུམ་ནི་སྒྲའི་དོན་ཏེ་དྲུག་གིས་ཁྱབ་པ་ཆུང་ངུ་དང། འབྲིང་དང། ཆེན་པོར་བྱས་པའི་དབྱེ་བས་ལྟས་ཆེན་པོ་བཅོ་བརྒྱད ་དུ་འགྱུར་ཏེ། དེ་ལ་གཡོས་པ་ནི་ཕྱོགས་གཅིག་ལས་སོ། །འགུལ་བ་ནི་ཐམས་ཅད་ལས་སོ། །ཀུན་ནས་འགུལ་བ་ནི་ལྡེག་པའོ། །ཆེམ་ཆེམ་ནི་དབྱུག་པས་བསྣུན་པའི་ཁར་བ་བཞིན་ནོ། །འུར་འུར་ནི་སྒྲའོ། །ཤིག་ཤིག་ནི་འབྲུག་སྒྲ་ཆེན་པོ་བཞིན་ནོ། །རྣམ་པ་དྲུག ་ནི་དཔེར་ན་སའི་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོན་ཤར་ཕྱོགས་དམའ་བ་དང། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ་བ་དང། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ་བ་དང། དབུས་མཐོན་མཛའ་དམའ་བ་དང་།མཛའ་མཐོན ་དབུས་དམའ་བའ་ཨོ། །གང་གི་ཚེ་ཞེ་ན། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་བཞིན་དུ་རབ་འབྱོར་གྱིས་དེ་བཞིན་ཉིད་བསྟན་པ་ན་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ངོ། །རྣམ་པ་གཞན ་གྱིས་ཀྱང་མཉམ་པར་བསྟན་པ་ནི་གཞན་ཡང་གནས་བརྟན་ཞེས་བྱ་བ་ནས་མི་དམིགས་ཤེས་བྱ་བའི་བར་གྱིས་གསུངས་པ་ལ་ཡོད་པ་ལ་མ་ཡིན་ཏེ་ཞེས་བྱ་བ་ནི་དམ་བཅའ་བའོ། །ཉེ?་བར་མི་དམིགས་སོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་གིས་ཞེས་བྱ་བ་ནི ་རང་གི་ཆོས་ཀྱིས་སོ། །རྗེས་སུ་སྐྱེ་བ་ནི་བྱེད་པོའི་དོན་ནོ། །གང་ཞེས་བྱེ་བ་ནི་དེ་བཞིན་གཤེགས་པའི་ཆོས་སོ། །རྗེས་སུ་སྐྱེ་བ་ནི་ལས་སོ། །དེ་ལྟར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །ཇི་ལྟར་དེ་བཞིན་ཉིད་སྤྱད་པར་བྱ་ཞེ་ན། གནས་སྐབས་དེ་ཙམ་གྱིས་སོ། །དེ་ནས་དེ་བཞིན་ཉིད་ཅེས?་བྱ ་བ་ལ་སོགས་པ་རྟོགས་པར་སླའོ། །འོན་ཀྱང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ། །སུམ་ཅུ་རྩ་གསུམ་པ་ཞེས་བྱ་བ་ནི་བྲལ་བའི་དོན་གྱི་ལྔ་པའོ། །ཞེས་བྱ་བ་དེ་ལུས་ཆེ་བ་ཉིད་ཀྱིས་ནུས་པར་སེམས་པའོ། །བར་དེར་སེམས་པ་ཞེས་བྱ་བ་ནི་ནམ་མཁའ་དང་སའི་བར་དུ ་སེམས་པའོ། །འདི་སྙམ་དུ་སེམས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་འདི་ལྟ་བུ་འབྱུང་བའོ། །ལྷག་མ་ནི་རྟོགས་པར་སླའོ། །འདིར་ཤེས་པ་དང་ཁྱད་པར་དང་བྱེད་པ་དང་ངོ་བོ་ཉིད་ཀྱིས་མཚན་ཉིད་བསྟན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐར་པའི་ཆ་དང། ་མཐུན་པ་བརྗོད་པར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་དེ་དང་བྲལ་ན་དགྲ་བཅོམ་པ་ཐོབ་པའི་རྒྱུ་བསྟན་ཅིང་མཚོན་པར་བྱ་བ་དེ་གསལ་བར་བསྟན་པའི་ཕྱིར་ཤཱ་རིའི་བུས་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་པར་ཤེས་པའི་ཕྱིར་དང། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་མ་མེད་པར་སྦྱོར་བར་བྱེད་པའི་དོན་ཏོ། །ཐབས་ལ་མཁས་པ་ཞེས་བྱ་བ་ལ། དེ ་ལ་ཐབས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་རྟག་ཏུ་མི་གཏོང་བ་དང། །བསོད་ནམས་ཐམས་ཅད་བྱང་ཆུབ་ཏུ་ཡང་དག་པར་བསྔོ?་བ་སྟེ། དེ་ནི་སྔོ་བ་དང་རྗེས་སུ་ཡི་རང་བའི་ལེའུ་བསྟན་ཏོ། །དེའི་ཕྱིར་བསྟན་བཅོས་ལས། །མཚན ་ཉིད་བརྗོད་པར་བྱ་བ་ཡིན་པས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་བསྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་བའི་ཆ་དང་མཐུན་པར་འདོད། །ཅེས་བྱ་བ་གསུངས་ཏེ་།དེའི་དབྱེ་བ་ལྔ་ནི་བཅོམ་ལྡན ་འདས་ཡུམ་ཆེན་མོ་དག་ལས་གསུངས་ཏེ། གསེར?་བསྟན་བཅོས་ལས། སངས་རྒྱས་སོགས་དམིགས་དད་པ་དང། སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང། །བསམ་པ་ཕུན་ཚོགས་དྲན་པ་དང། །རྣམ་པར་མི་རྟོགས་ཏིང་འཛིན་ ་དང། ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པ་ཤེས་རབ་དང་རྣམ་ལྔ། །ཞེས་གསུངས་སོ། །འདི་ཉིད་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བསྟན ་བཅོས་ལས། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སྲཝ་རྟུལ་པོས་རྟོགས་དཀའ་བཞེད། །ཅེས་བྱ་བ་གསུངས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པས་འདིའི་སྐབས་འབྱེད་པར་བྱེད་དེ། འདི་ཚོགས་ཆེན་པོས ་འབྱུང་བས་ན་འབྱུང་བར་དཀའ་པའོ། །འདི་དག་ནི་ཁྱད་པར་བསྟན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་གང་ཟག་གི་ཁྱད་པར་གསུངས་ཏེ། ཤེས་རབ་འཆལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ་འཚལ་པའི་ཤེས་རབ་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་ཐར་པའི་ཆ་དང་མཐུན་པ་རྟུལ་པོའི་ཁྱད་པར་བསྟན་ཏོ། །ཐར་པའི་ཆ་དང་མཐུན་པ་རྣོན་པོས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་སྟེ། །དེའི་ཕྱིར་དེ་བསྟན་པར་འདོད་ནས ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་ཅེས་གསོལ་པ་དང། ཞེས་བྱ་བ་ལ་སོགས་པ་ནི་བཅོས་ལྡན་འདས་ཀྱི་ལན་ནོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ལ། །བྱང་ཆུབ་སླའོ་ཞེས་རབ་འབྱོར་གྱིས་སྨྲས ་པ་མི་རིགས་ཏེ། གང་གི་ཕྱིར་གལ་ཏེ་དེ་ཙམ་གྱི་འབྱུང་བར་སླ་བར་གྱུར་ན། སེམས་ཅན་ཐམས་ཅད་དང་པོ་ཉིད་ནས་དེ་ལྟར་འགྱུར་རོ། །དེའི་ཕྱིར་བསྒྲུབས་པས་ཐོབ་པ་སྟེ། དེ་ཡང་ཐར་པའི་ཆ་དང་མཐུན་པ་རྟུལ་པོ་གང་དག་ཡིན་པ་དེ ་དག་ལ་ནི་མེད་དོ་ཞེ་ན། དེའི་ཕྱིར་འབྱུང་བ་མེད་པའི་ཕྱིར་མི་འཐོབ་པས་འབྱུང་བར་དཀའ་ཨོ་ཞེས་གསུངས་སོ། །འོན་མངོན་པར་ཤེས་པ་དེ་དག་གིས་ཐོས་པ་དང། བསམ་པ་དང། བསྒོམ་པ་ལ་སོགས་པའི་སྟོབས་ཀྱིས་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཅིའི་ཕྱིར་མི་ཐོབ་ཅེ་ན། རབ་འབྱོར་ཡང་དག་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་བྱིས་པས་གཟུང་བའི་དོན་ཉིད་བྱང་ཆུབ་ཏུ་སེམས་ན་དེ་ཡང་དག་པ་མ་ཡིན་པའི་ཕྱིར་དང། བརྫུན་པའི་ཕྱིར་ཐོབ་པ་མ་ཡིན་ནོ་ཞེས་དགོངས་སོ།། ་འདི་ལྟར་རྣམ་པར་རྟོག་པ་ལ་བྱང་ཆུབ་ཏུ་སེམས་པ་འམ་། རྣམ་པར་རྟོག་པའི་མཚན་མ་ལ་བྱང་ཆུབ་སེམས་དཔའ་ཨི་ཕྱོགས་གཉི་ག་རིག་པ་མ་ཡིན་ཏེ། བྱང་ཆུབ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་དང། བྱང་ཆུབ་རྣམ་པར་རྟོག་པས་མ་བསྒྲུབས་པའི་ཕྱིར ་རོ། །འདི་ཉིད་བསྟན་པའི་ཕྱིར་རབ་འབྱོར་རྣམ་པར་མི་རྟོགས་པའི་ཕྱིར་ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གནས་བརྟན་ལ་ཤཱ་རིའི་བུའི་ལན་ནོ། །དེ་སྟོང་པ་ཡིན་པའི་ཕྱིར་མངོན་པར་འབྱུང་བ་ཞེས་བྱ་བ་ནི་འགལ་བའི་གཏན་ཚིགས ་ཡིན་ནོ་སྙམ་དུ་བསམ་ནས། །ཆེ་དང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ནམ་མཁའ་དང་མཚུངས་པའི་ཕྱིར་ཞེས་བྱ་བ་ལ། ནམ་མཁའ་དང་མཚུངས་པ་ནི་གཏན་ཚིགས་ཏེ། གང་དག་གང་དེ་ཁོ་ན་ཉིད་དེ་ཉིད་ཀྱིས་དེ ་དག་མངོན་པར་རྫོགས་པར་བྱང་ཆུབ་བར་མི་འགྱུར་རོ་ཞེས་དགོངས་སོ། །དེ་ལྟར་འགལ་བང་བསྟན་ནས་རྗེས་སུ་དཔག་པས་གནོད་པར་སྨྲ་བར་འདོད་ནས་ཐལ་བར་འགྱུར་བ་ནི་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་བ་ལ། ་མི་ནི་མ་ཡིན་པའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་བཟློག་སྟེ་གསུངས་སོ། །ཡང་ན་འདི་ནི་གཞན་གྱི་གཏན་ཚིགས་ཀུན?་དབྱུང་བ་དང་རང་གི་ཕྱོགས་བསྒྲུབ་པ་ཉིད་དོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར ་གྱིས་ཐལ་བརྒྱ་ཆེར་སེལ་བར་བྱེད་དེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ནི་ཡང་དག་པར་རྫོགས་པར་བྱང་ཆུབ་བར་བྱ་བའི་རྣམ་པར་རྟོག་པས་སོ། །ཕྱིར་ལྡོག་པའི་ཆོས་དེ་གང་ཡིན་ཅེས་སྨྲས་ནས་ཕྱིར་མི་ལྡོག་བ་ཉིད་? ་བསྒྲུབ་པའི་ཕྱིར། དེ་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆོས་ཐམས་ཅད་ལ་མི་གནས་པའི་ཚུལ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ལ་མི་གནས་པའི་ཚུལ་ནི་རིགས་པའོ། །དེས་ན་ཆོས་ཉིད་ལ་གནས་པ་མེད་པའི ་ཆོས་ཉིད་ཁོ་ན་བྱང་ཆུབ་དག་པའོ། །དེ་ཡང་རང་བཞིན་ཀྱིས་རྣམ་པར་དག་པའོ་ཞོས་བསམས་སོ། །དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བའི་ཤཱ་རིའི་བུའི་ཚིག་སྟེ། ཆོས་ཀྱི་ཚུལ་གྱིས་རྣམ་པར་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྣམ་པའོ། །གང ་ཡང་ཞེས་བྱ་བ་ལ་སོགས་པས་ཁྱད་པར་གསུངས་ཏེ། ཡང་གི་སྒྲ་ནི་སྒྲའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་གང་པོ་ཞེས་བྱ་བ་ལ་སོགས་པས་ནི་གང་པོས་རབ་འབྱོར་ལ་དྲན་པར་བྱེད་དོ། །ལྷག་མ་རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྲུབ་པའི་མཛའ་འཇོག་པའི་ཚིག་ནི་རྟོགས་པར་སླའོ། །དེའི་ཕྱིར་རྒྱས་པར་བསྟན་པ་དང་ལྡན་པ་དེ་ཡན་ཆད་ཀྱིས་ནི་དབང་བོ ་རྣོན་པོའི་ཐར་བའི་ཆ་དང་མཐུན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་སླའོ། །ཞེས་ཐར་པའི་ཆ་དང་མཐུན་པ་བསྟན་ཏོ། །ཐར་པའི་ཆ་ནི་སྟེན་ཅིང་ཐོབ་པར་བྱའོ། །དེ་ལ་ཕན་པ་ནི་ཐར་པའི་ཆ་དང་མཐུན་པ་སྟེ། དེ་དག་བསྟན་ངེས་པར ་འབྱེད་པའི་ཆང་དང་ཐུན་པས་བརྗོད་པར་བྱ་སྟེ་ངེས་པར་འབྱེད་པ་ནི་སོ་སོར་རྟོགས་པའི་མཐོང་པའི་ལན་ནོ། །དེའི་ཆ་ནི་འཐོབ་པར་བྱའོ། །དེ་ལ་ཕན་པ་ནི་ངེས་པར་འབྱེད་པའི་ཆ་བར་མཐུན་པའོ། །དེ་ནི་རྣམ་པ་བཞི་སྟེ། དྲོང་དང། རྩེ་མོ་དང། བཟོད ་པ་དང། ཆོས་ཀྱི་མཆོག་།དེ་ལ་དང་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས་དྲོ་བ་རྣམས་ཀྱི་དམིགས་པ་འདིར། སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བ་ཅུར་བཤད་དོ། །ཞེས ་གསུངས་ཏེ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། བདག་མགོན་དུ་གྱུར་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། གནས་པར་བགྱི་ཞེས་བྱ་བ་ནི་རེག་པར་བྱེ་བས་སོ། །བསླབ་པར་བགྱི་ཞེས་བྱ་བ་ནི་གོམས་པར་བྱ་བས་སོ ་མཉམ་པར་གནས་པར་བྱ་བ་ལ་སོགས་པས་ནི་སེམས་རྣམ་པ་བཅུ་གསུངས་ཏེ། མཉམ་པའི་སེམས་དང། བྱམས་པའི་སེམས་དང། ཕན་པའི་སེམས་དང། གཡོ་བ་མེད་པའི་སེམས་དང། བརྒྱལ་བཅག་པའི་སེམས་དང། ཁོང་ཁྲོ་བ་མེད་པའི་སེམS ་དང། སྙིང་རྗེའི་སེམས་དང། མཐོ་འཚམ་པ་མེད་པའི་སེམས་དང། མ་དང་ཕ་ལ་སོགས་པའི་སེམས་དང། བུ་དང་བུ་མོ་ལ་སོགས་པའི་འདུ་ཤེས་སོ། །མགོན་ནི་མགོན་དང་བཅས་པ་སྟེ། དེ་ནི་ངོ་བར་གྱུར་པའོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང། །སྦྱིན་ལ ་སོགས་པ་གནས་པ་གཞན། །དེ་དག་ལ་ནི་དགོད་པ་དང། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེར་གྱུར་ཞེས་གསུངས་སོ། །འདི་ཉིད་བདག་ཉིད་ཀྱང་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྡིག་པ་ནི་མི་དགེ་བཅུའོ། །དེ་དག་སྤོང་བ་ནི་ལྡོག་པའོ། ། ་ཡོངས་སུ་རྒྱལ་པར་བྱ་བ་ནི་གོམས་པར་བྱའོ། །རིག་པའི་རྐྱེན་གྱིས་འདུ་བྱེད་?། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་ལུགS?་པ་མཐུན་པའོ། །མ་རིག་པ་འགལ་པས་འདུ་བྱེད་འགག་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་པར ་འབྱུང་བ་ལུགས་དང་མི་མཐུན་པའོ། །གཞན་དག་ཅེས་བྱ་བ་ནི་ཕ་རོལ་དག་ལའོ། །ཡང་དག་པར་སྐུལ་བ་ཡང་དག་པར་འཛིན་དུ་འཇུག་པའོ། །བསྔགས་པ་བརྗོད་པ་ནི་ཡོན་ཏན་བརྗོད་པའོ། །རྗེས་སུ་མཐུན་པ་ནི་ཡང་དག་པར་རྗེས་སུ་མཐུན་པའོ། །དེ་ནི་རྩེ ་མོར་གྱུར་པའོ། །དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །རང་ཡང་བདེན་པ་ཤེས་པ་དང། གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང། ་དེའི་བསྔགས་པ་བརྗོད་དང། རྗེས་སུ་མཐུན་པ་ནི་བཟོས་པར་གྱུར་པའོ། །བདག་ཉིད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པ་ལ་སོགས་པ་དང། གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང ་བསྔགས་པ་བརྗོད་པ་དང། རྗེས་སུ་མཐུན་པ་ནི་ཆོས་ཀྱི་མཚོགས་ཏུ་གྱུར་པའོ། །དེ་གཉི་ག་ནི་དེ་བཞིན་དུ་བདེན་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། བདེན་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ཏེ། གོ་རིམ་བཞིན་དུ་ཡོངས་སུ་ཤེས ་པ་དང། སྤད་པ་དང། མངོན་སུམ་དུ་བྱ་བ་དང། སྒོམ་པའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་འབྲས་བུ་ལྔ་ལ་ཤེས་པ་མངོན་སུམ་དུ་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་འཇུག་པའི་བར་གྱིས་སོ། །དེ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པ ་ལ་སོགས་པ་ལ་གནས་ནས་གཞན་དག་ཀྱང་དེ་དག་ཀྱང་དེ་ལ་ཡང་དག་པ་བསྐུལ་བ་དང། །དེའི་བསྔགས་པ་བརྗོད་པ་དང། དེ་ལ་མཐུན་པར་དགའ་བར་བྱེད་པའོ་ཞེས་བྱ་བས་ནི་བཟོད་པར་གྱུར་པ་དང། །ཆོས་ཀྱི་མཆོག་ཏུ་གྱུར་པའོ། །དེ་ལྟར ་འོད?་ཅིང་ཞེས་བྱ་བ་ལ་སོགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འབྲས་བུ་གསུངས་ཏེ་།སྒྲིབ་པ་མེད་པ་ནི་གཟུགས་དང། ཚད་པ་དང། འདུ་ཤེས་དང། འདུ་བྱེད་ནས་དམ་པའི་ཆོས་གནས་པ་དང། སྒྲིབ་པ་མེད་པའི་རང་བཞིན་དུ ་འགྱུར་པའོ། །དེ་བཞིན་ཉིད་གཙོ་བོར་གྱུར་པའི་ལེའུ་ནི་དེ་བཞིན་ཉིད་ཀྱི་ལེའུ་འོ།། །འཕགས་པ་ཤེས་པར་གྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་།སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བའི་སྙིང ་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་དྲུག་པའོ།། །།ཐར་དང་ངེས་འབྱེད་ཆ་མཐུན་དང། །སློབ་པ་ཕྱི་རྨི་ལྡོག་པའི་ཚོགས། །ཞེས་ཡོད་དུ་བསྟན་པ་དེ་ལས་གཉིས་བསྟན་ནས་གསུམ་པ་བརྗོད་པར་བྱ་སྟེ། །དེའི་ཕྱིར་བསྟན་བཅོས ་ལས?་།དེས?་འབྱེད་ཡན་ལག་ནས་བཟུང་ནས། །མཐོང་དང་གོམས་པའི་ལམ་དག་ལས། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བ་གསུངས་ཏེ། འདིར་ཞེས་བྱ་བ་ནི་ཐེག་པ་ཆེན་པོར་རོ། །ཕྱིར་མི་ལྡོག ་པའི་ཚོགས་འདེའི?་མཚན་ཉིད་ལ་ཕྱིར་མི་ལྡོག་པའི་མཆོད་དུ་འབྱུང་བ་ནི་ཕྱི་རྨི་ལྡོག་པའོ། །ལྡོག་པ་མ་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའོ། །དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་འདིའི་རྟགས་དུ་ཞིག་ཡོད་ཅེ་ན་དེའི་ཕྱིར་གཟུགས་ལ ་སེམས་ལས་ལྡོག་སོགས་རྟགས། རྣམ་པ་ཉི་ཤུ་བསྐྱེད་པ་ཡིས། ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་བྱ་བ་གསུངས་ཏེ། ཕྱིར་མི་ལྡོག་པ་ཉིད་ནི་ཡོངས་སུ་ཤེས་པ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ ་གཟུགས་ལ་སོགས་པ་ལ་ལྡོག་པ་ལ་སོགས་པ་དེ་དག་གང་ཡིན་ཞེ་ན། གཟུགས་ལ་སོགས་ལས་ལྡོག་པ་དང་། ཐེ་ཚོམ་མི་ངལ་ཟད་པ་དང། །བདག་ཉིད་དགེ་བ་ལ་གནས་ཤིང། །གཞན་དག་དེ་ལ་དགོད་པ་དང། །གཞན་གྱི་རྟེན་ཅན ་སྦྱིན་སོགས་དང། །ཟབ་མོའི་དོན་ལ་འང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་བ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང། །བགས?་ཉལ་ཀུན་འཛོམས་པ་དང། །དྲན་པ་དང་ནི་ཤེས་བཞིན་དང། །གོས་ལ་སོགས་པ་གཙང་བ་དང།། ་ལུས་འ་སྲིན་པུ་རྣམས་མི་འབྱུང། །གྱ་གྱུ་མེད་སེམས་སྤྱངས་པ་ནི། །ལེན་དང་སོར་སྣ་མེད་པ་སོགས། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང། །སེམས་ཅན་དོན་དུ་དམྱལ་ཚོལ་དང། །གཞན་གྱིས་བཀྲི་བར་མི་བཏུབ་དང། །ལམ་གཞན་ཉེ་བར ་སྟོན་བདུན་ལ་།བརྡུ?་ཅེས་བྱ་བར?་རྟོགས་པ་དད། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་འདི་དག་གིས། །དྲོད་དར་རྩེ་མོ་བཟོས་བཅས་དང། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལ། །མི་ལྡོག་།ཅེས ་བྱ་བ་གསུངས་ཏེ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་གིས་སྣང་ཞིང་གསལ་བར་བྱེད་པས་ན་རྣམ་པའོ། །འདི་དག་གིས་མཚོན་བར་བྱེད་ཅིང་རྟོགས་པར་བྱེད་པས་ན ་རྟོགས་སོ། །འདི་དག་གིས་ངེས་བར་དཔོག་ཅིང་རྟོགས་པར་བྱེད་པས་ན་མཚན་མའོ། །དོན་གཅིག་པ་ཉིད་ཡིན་ཡང་གསུམ་དུ་གཟུང་བ་ནི་དོན་གཞན་དུ་བརྟག་པ་དེ་རྣམ་པར་གཅད་པའི་ཕྱིར་རོ། །གལ་ཏེ་བསྟན་པའི་དོན་འདི་ལ་འམ། གཞན་གང་ཡིན་པ་ཇི ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། །དེ་ཉིད་ཀྱི་ཕྱིར་འམ་གྱི་སྒྲ་ནི་ཇི་ལྟར་ཡང་སྟེ་རྣམ་པ་གང་གིས་འཚལ་བར་བགྱི་ཞེས་བྱ་བ་དང་སྦྱར་རོ། །རྟགས་ཤིན་ཏུ་མང་པོ་ཡོད་པ་ལས་དེ་ལ་རེ་ཞིག་དང་པོ་ནི་རབ་འབྱོར་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། སོ་སོའི་སྐྱེ་པོ་དང། ཉན་ཐོས་དང། རང་སངས་རྒྱས་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཏེ། རྣམ་པ་བཞི་པོ་འདི་འང་དེ་བཞིན་ཉིད་ཀྱིས་ཞེས་བརྗོད་དེ། ཅིའི་ཕྱིར་ཞེ་ན་འདི་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས ་བས་གསུངས་ཏེ། ནིའི་སྒྲ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་འདི་ཐམས་ཅད་ནི་དེ་བཞིན་ཉིད་ལ་གཉིས་སུ་མེད་དོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མ་གྲུབ་པའི་ཕྱིར་དེ་དག་ནི་དེ་བཞིན་ཉིད་ཁོ་ནའོ། །དེ་བཞིན་ཉིད ་ཀྱང་གཅིག་ཁོ་ན་སྟེ། གཉིས་སམ་མང་པོ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་ཉིད་འདི་གཉིས་སུ་མེད་ཅིང་ཐ་མི་དད་དེ་གཉིས་སུ་བྱར་མེད་ཅིང་མཆད་པའོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རྟོག་པ་མེད་པའོ། །རྣམ་པར་རྟོག་པའི་སྤྱོད ་ཡུལ་མ་ཡིན་པའི་ཕྱིར། །རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་ནི་དེ་ལྟ་བུའི་མཚན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ལ་ཆོས་ཀྱི་དེ་བཞིན་ཉིད་དུ་འཇུག་གོ་།ཇི་ལྟར་འཇུག་པ་ཡིན་ཞེ་ན། དེ་བཞིན་ཉིད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནS ་པ་ནི་དེ་མ་མཐོང་བའོ། །མི་རྟོག་པ་ནི་ཡང་དག་པར་རོ། །རྣམ་པར་མི་རྟོག་པ་ནི་ལོག་པར་རོ། །དེ་བཞིན་དུ་འཇུག་པ་ཞེས་བྱ་བ་ནི་དེ་ལྟར་ཡོད་པས་འཇུག་པའོ། །ཇི་ཙམ་གྱིས་ཞུགས་པ་ཡིན་ཞེ་ན། དེ་བཞིན་དུ་ཞུགས་བས་ཞེས་བྱ་བ་གསུངས་ཏེ། བརྗོད ་པའི་རིམ་པས་ཞུགས་ནས་སོ། །ཇི་ལྟ་བ་ཞེས་བྱ་བ་ནི་ཙམ་ཐོས་པའོ། །ཐོས་ནས་ཀྱང་ཞེས་བྱ་བ་ནི་ཐོས་པའི་འོག་ཏུ་ཡང་དོ། །དེ་ལས་ཀྱང་འདས་ནས་ཞེས་བྱ་བ་ནི་དེ་ནས་དུ་ཕྱི་མར་ཡང་ངོ། །ནིམ་ནུར་མི་བྱེད་ཅེས་བྱ་བ་ནི་གནོད་པར་མི་བྱེད་ཅེས་བྱ་པ་དང ་སྦྱར་རོ། །ཡིད་གཉིས་ནི་ཡིད་རྣམ་པ་སྣ་ཚོགས་པ་སྟེ། དེ་མི་བྱེད་པ་དེ་ཉིད་དེ་བཞིན་དེ་ནི་ཡང་མ་ཡིན་པ་ཞེས་པ་ནི་ཐེ་ཚོམ་མོ། །དེ་མེད་པ་ནི་ཐེ་ཚོམ་དུ་མི་བྱེད་པའོ། །རྨོངས་པ་མི་བྱེད་ཅེས་བྱ་བ་ནི་རྟོག་པ་མེད་ཅིང་དགག་པའོ། །ཅི་ཞིག་བྱེད་པ ་ཡིན་ཞེ་ན། འོན་ཀྱང་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ཁོ་ན་ལ་ནི་གཟུགས་ལ་སོགས་པ་ཐམས་ཅད་མེད་པ་ཡིན་ཞེས་མོས་པ་ནི་དད་པས་སོ། །ཁོང་དུ་ཆུད་པ་ནི་ཤེས་རབ་ཀྱིས་སོ། །རྟགས་ཀྱི་གཙོ་བོ་ནི་དེ་ཉིད ་ཤེས་པའོ། །ཡན་ལག་ནི་གྱི་འདའ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ཡན་ལག་ལ་བལྟོས་ནས་རྟགས་འདི་དག་དང་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་ཏུ་སྨོས་པ་ཡིན་ནོ། །ཐམས་ཅད་དེ་བཞིན་ཉིད་ཁོ་ནང་ཤེས་པ་ནི་གཟུགས ་ལ་སོགས་པ་ལས་ལྡོག་པ་ཡིན་ཏེ། དེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ། ཕྱིར་མི་ལྡོག་པའི་རྟགས་དང་པོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གཞན་དག་གི་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་ཆོས ་རྣམས་ཀྱིའོ། །དགེ་སྦྱོར་ནི་རབ་ཏུ་བྱུང་བ་རྣམས་སོ། །དོར་ལྟ་བ་ནི་འདུད་པས་ལྟ་པའོ། །ཅི་ཞིག་ལ་ལྟ་བ་ཡིན་ཞེ་ན། འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཞེས་པ་ནི། འཇིག་རྟེན་པའི་ཤེས་པས་སོ། །མཐོང་བ་ནི་འཇིག་རྟེན་ལས་འདས་ ་བའི་ཤེས་ནས་སོ། །སྦྱིན་པར་སེམས་པ་ནི་གུས་པའི་སྦྱིན་པའོ། །རྟེན་པ་ཞེས་བྱ་བ་ནི་རྟེན་པ་འམ། སྐྱབས་སུ་འགྲོ་བའོ། །བདེན་པ་དང། དཀོན་མཆོག་ལ་ཡིད་གཉིས་དང། ཐེ་ཚོམ་དེ་ཟད་པ་ཡོད་ན། འདི་དག་ཐམས་ཅད་མི་བྱེད་དེ། ་འདི་ནི་ཐེ་ཚོམ་ཟད་པ་སྟེ་། དེ་དག་ལ་རྟགས་གཉིས་པའོ། །རབ་འབྱོར་འདི་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་། ངན་སོང་ནི་དམྱལ་བ་དང། ཡི་དགས་དང། དུད་འགྲོའོ། །བུད་མེད་ཀྱི་དངོས་པོ་ནི་བུད་མེད་ཉིད་དོ། །དེ་ཡང་མི་ཁོ་མ་པ ་ལྷག་མ་ཉེ་བར་མཚོན་པའོ། །འདི་ནི་མི་ཁོམ་བཟང་པ་སྟེ། དེ་དག་དེ་ལ་རྟགས་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདག་ཉིད་ཀྱང་དགེ་བ་བཅུ་ལ་གནས་ཤིང། །གཞན་རྣམས་ཀྱང་དེ་ལ་འཛུད་ཅིང་སྟན ་པར་བྱེད་པ་འདི་ནི་དེ་དག་ལ་བརྟགས་བཞི་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆོས་གང་དང་གང་ཞེས་བྱ་བ་ནི་མདོའི་སྟེ་ལ་སོགས་པའོ། །སྦྱིན་པ་ནི་གཞན་དག་ལའོ། །འདི་དག་ལ་ཕན་པ་དང་བདེ་བར་གྱུར ་ཅིག་ཅེས་བྱ་བ་ནི་དེ་དག་ཉིད་ལ་ཕན་པ་དང་།བདེ་བའི་སླད་དུ་སྟེ། དེ་ནི་ཡེ་ཤེས་ཀྱི་རྒྱུར་ཐུན་མོང་དུ་བྱེད་པའོ། །ཆོས་ཀྱི་སྦྱིན་པ་ཇི་ལྟ་བར་གཞན་སྦྱིན་པ་དང། ཚུལ་ཁྲིམས་ལ་སོགས་པ་ཡང་དེ་བཞིན་ནོ། །འདི་ནི་གཞན་གྱི་རྟེན་ཅན་གྱི་སྦྱིན་པ་ལ ་སོགས་པ་སྟེ། དེ་ནི་དེ་དག་ལ་རྟགས་ལྔ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ནས། རྨོངས་པར་མི་འགྱུར་ཞེས་བྱ་བའི་བར་གྱིས་ནི་ཟབ་མོའི་དོན་ལ་སོམ་ཉི་ལ་སོགས་པ་མེད་པ་སྟེ། དེ་ནི་དེ་དག་ལ་རྟགས་དྲུག་པའོ། །བྱམ ་ལུས་སོགས་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ལས་ཏེ། དེ་ནི་དེ་ཕན་པའི་ཚིགས་དང་ལྡན་པར་འགྱུར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཉེ་བར་མཚོན་པའི་ཕྱིར་རོ། །འདི་ནི་བྱམས་པའི་ལུས་ལ་སོགས་པ་སྟེ། །དེ་ནི་དེ་དག་ལ ་བརྟགས་བདུན་པའོ། །སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་དང་ཞེས་བྱ་བ་སྒྲིབ་པ་ནི་འདོད་པ་ལྔ་ལ་འདུན་པ་དང། གནོད་སེམས་དང། རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་མོ། །དེ་དག་དང་མི་འགོགས་པ་ནི་མི་ལྡན་པའོ། །དེ་ནི ་རྨུགས་པ་དང། གཉིད་ཆུད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཉེ་བར་མཚོན་པ་ཙམ་གྱི་ཕྱིར་རོ། །འདི་ནི་སྒྲིབས་པ་ལྔ་དང། མི་འགྲོགས་པ་སྟེ་། དེ་ནི་དེ་དག་ལ་རྟགས་བརྒྱད་པའོ། །ཐམས་ཅད་ལ་ཇི་ལྟར་ཡང་བདེ་བཞིན་དུ་ཞེ་སྡང? ་པར་རྗེས་སུ་འབྲལ་པའི་བག་ལ་ཉལ་འཛོམས་བ་ནི་བག་ལ་ཉལ་ཀུན་འཇོམས་པ་སྟེ། དེ་ནི་བག་ལ་ཉལ་མེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་དེ་དག་ལ་རྟགས་དགུ་པའོ། །དྲན་པ་དང་ནི་ཞེས་བཞིན་དང། །ཞེས་བྱ་བ་ནི་དྲན་པ་དང་ལྷན་ཅིག ་པའི་ཤེས་བཞིན་ནོ། །དེ་ནི་དེ་འགྲོ་འམ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་། འགྲོ་བ་ནི་ཕར་འགྲོ་བའོ། །ཕྱིར་མི་ལྡོག་པ་ནི་འོད་པའོ། །བསླད་པ་ནི་རྣམ་པ་དགྲ་ཡིད་ལའོ?། །ཐོགས་པར་མི་བྱེད་པ་ཞེས་བྱ་བ་ལ། ཐོགས་པ་ནི་རྣམ་པར་གཡེང་པའི ་ཕྱིར་རོ། །གྱ་ཚོམ་ཞེས་བྱ་བ་ནི་མ་བརྟགས་པར་ས་ལ་འགྲོ་བའོ། །དེ་ནི་མཚོན་པ་ཙམ་གྱིས་འཆགས་པ་དང། །ལངས་པ་དང། འདུག་པ་དང། ཉལ་བ་ནི་མི་གཡེང་པའོ། །འདི་ནི་དྲན་བྱ་དང་ཤེས་བཞིན་ཏེ། དེ་ནི་དེ་དག་ལ་རྟགས་བཅུ་པའོ།། ་ཡོད་རབ་འབྱོར་ཞེས་བྱ་བ་ནས་སྐྱོན་?་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཤིག་དང་ལྡན་པས་ན་ཤིག་ཅན་ནོ། །གཙང་གདང་བ་ནི་གཙང་གདང་བའོ། །གནོད་པ་ནི་ནད་དོ། །སྐྱོན་ནི་འཚེ་པའོ། །འདི་ནི་གོས་ལ་སོགས་པ་གཙང ་པ་སྟེ་?་དེ་ནི་དེ་དག་ལ་རྟགས་བཅུ་གཅིག་པའོ། །སེམས་ཅན་གཞན་དག་གི་ཞེས་བྱ་བ་ནས་།འཕགས་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་གསུངས་པ། འབྱུང་བ་ནི་སྐྱེ་བ་སྟེ་བཟའ་བའི་དོན་དུའོ། །མངོན་པར་འཕགས་པ་ནི་ཁྱད་པར་དུ་འཕགས་པའོ།། ་འདི་ནི་ལུས་ལ་སྲིན་བུ་རྣམས་མི་འབྱུང་བ་སྟེ། དེ་ནི་དེ་དག་ལ་རྟགས་བཅུ་གཉིས་པའོ། །ཅི་ལྟ་ཅི་ལྟ་བུར་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། སེམས་ལ་བྱ་བ་ཉུང་བ་ནི་འདོད་པ་ཆུང་བ་དང། རྣམ ་པར་མི་གཡོ་བའི་ཕྱིར་རོ། །སེམས་བྱ་གྱུ་ནི་གྱ་གྱུ་ཉིད་དོ། །གང་སྐྱོན་སྟེང་བར་བྱེད་པ་དེ་ནི་གཡོའོ། །གང་གཞན་སླུ་བར་བྱེད་པ་དེ་ནི་ཡོན་པའོ། །གཞན་སླུ་བའི་ཕྱིར་དོན་དུ་ཡོན་ཏན་མེད་པ་སྟོན་པ་ནི་སྒྱུའོ། །དེ་དག་སྤངས་པ་ནི་གོ་རིམ་བཞིན་དུ་སེམས་གྱི་གྱུ ་མེད་པ་ཉིད་དང། སེམས་གཡོ་མེད་པ་ཉིད་དང། སེམས་ཡོན་པོ་མེད་པ་ཉིད་དང། སེམས་གཡོ་བ་མེད་པ་ཉིད་དོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་སེམས་གྱ་གྱུ་མེད་པའི་སེམས་ཏེ། དེ་ནི་དེ་དག་ལ་རྟགས་བཅུ་གསུམ་པའོ། །གཞན་ཡང་རབ་འབྱོར ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདིར་རྙེད་པ་ལ་སོགས་པ་ལྷུར་བྱེད་པ་ཉིད་བཀག་པས་སྦྱངས་པ་ལེན་པ་ཡང་ཉེ་བར་མཚོན་ཏེ། འདི་ནི་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་སྟེ། དེ་ནི་དེ་དག་ལ་རྟགས་བཅུ་བཞི་པའོ། །ཕྲག་དོག་དང། སེར ་སྣ་མང་བ་མ་མིན་ནོ། །ཞེས་བྱ་བ་ནི་སེར་སྣ་བཟུང་བས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཉེ་པར་མཚོན་ནི་པ་ཡིན་ནོ། །འདི་ནི་སེར་སྣ་མེད་པ་ལ་སོགས་པ་ཏེ། དེ་ནི་དེ་དག་ལ་རྟགས་བཅོ་ལྔ་པའོ། །ཆོས་ཟབ་དག་ཅེས་བྱ་བ་ལ་སོགས་པ་ནས ་གཟུང་བར་བྱའོ་ཞེས་བྱ་བའི་བར་དག་གསུངས་པ་ལ། སྦྱོར་བ་ནི་ཡང་དག་པར་སྦྱོར་བའོ། །ཆོས་ཉིད་དང་ལྡན་པར་ཐམས་ཅད་དུ་འགྲོ་བར་བྱེད། འདི་ནི་ཆོས་ཉིད་དང་ལྡན་པར་འགྲོ་བ་སྟེ། དེ་ནི་ད་ལ་རྟགས་བཅུ་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ ་ནས། ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་བྱ་བའི་བར་དག་གསུངས་པ་ལ། ཕྱིར་བཤགས་པར་གྱིས་ཤིག་ཅེས་བྱ་བ་ནི་སྡིག་པ་དང་སྡིག་བ་བཤགས་པར་གྱིས་ཤིག་པའོ། །སོ་སོར་སྤོངས་ཤིག་ཅེས་བྱ་བ་ནི་སོ་སོར་ངེས་པས་གཏན་ཉིད་དུ་ཡོངས་སུ ་སྤངས་ཤིག་པའོ། །དེ་ལྟར་བྱས་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བཏང་པ་ཡོད་ནའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་དེ་ལྟ་བུའི་བདུད་ཀྱིས་བསྟན་པ་ནའོ། །ལྷག་མ་ནི་རྟོགས་སླའོ། །སེམས་ཅན་དོན་དུ་དམྱལ་འཚོལ་བའང་རྟོགས་པར་སླའོ། །འདི་ནི ་སེམས་ཅན་དོན་དུ་དམྱལ་བ་འཚོལ་བ་སྟེ་དེ་དག་ལ་རྟགས་བཅུ་བདུན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་སོ་སོར་བཤེགS ་པར་གྱིས་ཤིག་པ་ནི་སོ་སོར་བོར་ཅིག་པའོ། །གང་ཡོངས་སུ་གཟུང་བའི་བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་དག་ཡོངས་སུ་སྤོངས་ཤིག། ཡང་དག་པ་མ་ཡིན་པ་རྣམ་པ་སྣ་ཚོགས་སྨྲས་པ་ནི་སྙན་དགས་མཁན་ནོ། །དེའི་ལས་ནི་སྙན་དང་གསོ། །ཕྱིར་མི ་ལྡོག་བའི་ཁམས་ནི་རང་བཞིན་ནོ། །ཕྱིར་མི་ལྡོག་པ་ནི་ཆོས་ཅན་དུ་ཞེས་བྱ་བ་འོག་མ་དང་སྦྱར་རོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་གཞན་གྱིས་བཀྲི་བར་མི་བཏུབ་པ་སྟེ་དེ་དག་ལ་རྟགས་བཅོ་བརྒྱད་པའོ་།གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས ་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འཁོར་བ་ན་སྤྱོད་པ་ཞེས་བྱ་བ་ལ་སོགས་པའི་ལམ་སྟོན་པར་བྱེད་དེ། ཁྱོད་འདི་ཉིད་དུ་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་ལ་སོགས་པའི་ལམ་དུ་འཛིན་པར་བྱེད་དོ། །མི་འགྲུབ་པར་འགྱུར་ཞེས ་བྱ་བ་ནི་ཚེ་ཟད་པའོ། །ནི་ཞེས་བྱ་བའི་སྒྲས་ནི་རྣམ་པར་རྟོག་པས་ཏེ། འདི་ཉིད་དུ་ཞེས་བྱ་བ་ལས་སོགས་པ་འཆད་པར་འགྱུར་པ་འམ། ཡང་ན་ཀྱེ་མ་ཞེས་བྱ་བ་ལ་སོགས་པའོ། །སེམས་མི་འཁྲུག་མི་གཡོ་ཞེས་བྱ་བ་ནི་བདུད་ཀྱིས་སྨྲས་པ་ཉིད་དུ ་ཤེས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ལས་གཞན་ཉེ་བར་སྟོན་པའི་བདུད་ལ་བདུད་ཅེས་བྱ་བར་རྟོགས་པ་སྟེ། དེ་ནི་དེ་དག་ལ་རྟོགས་བཅུ་དགུ་པའོ།། །།གལ་ཏེ་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ་བྲལ་བར་བྱེད་པ་ནི་ཐེག་པ་ཆེན་པོ་གཏོང་བའོ། །དེའི་དོན་གྱི་ཚིག་དག་ནི་འབྲལ་བར་བྱེད་བའི་ཚིག་གོ་།དེ་གཞན་ལས་ཞེས་བྱ་བ་ནི་བདུད་དེ་ལ་སོགས་པ་ལས་སོ། །ཐོས་ནས་སེམས་ཡོངས་སུ་མི་ཉམས་ཏེ་ཞེས་བྱ་བ་དང་སྦྱར་ཏེ། མི ་གཡོ་བ་ཞེས་བྱ་བའི་དོན་ཏོ། །གང་ལས་ཤེ་ན། ཆོས་ཉིད་ལས་ཞེས་བྱ་བ་སྟེ། ཆོས་ཉིད་ནི་ཆོས་ཉིད་དོ། །ཐེག་པ་ཆེན་པོ་ནི་སྤྱོད་པའོ། །དེ་ལས་མི་ལྡོག་པ་ཞེས་བྱ་བ་ནི་རྒྱབ་ཀྱིས་ལྟས་པར་མི་འགྱུར་པའོ། །གཞན་དུ་མི་འགྱུར་བ་ནི་བྱིན་ཅི་ལོག་པ་སྟེ། ་ཐེག་པ་དམན་པ་ལས་གུས་པར་མི་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་འབྲལ་བར་བྱེད་པའི་ཚིགས་རྣམས་སོ། །ན་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་བདུད་ཀྱི་ལས་རྣམས་ཤེས་ན་གཞན་མ་ཡིན་ཞེས་བྱ་བ་འོག་མ་དང་སྦྱོར་རོ།། ་དེ་ལྟར་ཞེས་བྱ་བས་ནི་སངས་རྒྱས་ཀྱིས་བསྔགས་པའོ། །ལྷག་མ་ནི་རྟོགས་པར་སླའོ། །དེ་ནི་སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། དེ་ནི་དེ་དག་ལ་རྟགས་ཉི་ཤུ་པའོ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང། །ཆོས་མཆོག་རྣམས ་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག་།ཅེས་བྱ་བ་ནི་འཇུག་ཡིན་ཏེ། དྲོང་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་གང་རྟགས་ཉི་ཤུ་བོ་འདི་དག་གིས་མཚོན་པ་དེ་ནི་རྫོགས་པའི་བྱང་ཆུབ་ལས་ནི་མི་ལྡོག་པ་ཡིན་ཏེ་།དེ ་ནི་ཕྱིར་མི་ལྡོག་པ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ལམ་ལ་གནས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། །མཐོང་བའི་ལམ་ལ་བཟོད་པ་དང། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར ་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དེ་གང་ཡིན་ཞེ་ན། བཟོད་པའི་སྐད་ཅིག་དང་།ཤེས་པའི་སྐད་ཅིག་བཅུ་དྲུག་གོ། བཅུ་དྲུག་གང་ཞེ་ན། གཟུགས་སོགས་འདུ་ཤེས་ལྡོག་པ་དང། །སེམས་བརྟན་ཐེག་པ་དམན་དག་ལས་།རྣམས ་རྟོག་བསམ་གཏན་ལ་སོགས་པའི། །ཡན་?་གཡོངས་སུ་ཟད་པ་དང། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་པ་ཐབས་མཁས་དང། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང། །འཚོ་བ་རྣམ་པར་དག་ཉིད་དང། །ཕུང་སོགས་པར་ཆར་བྱེད་རྣམས་དང། །ཚོགས ་དང་དབང་སོགས་བྱས་པ་ཡིས། །གཡུལ་འབྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་ཅེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གིས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང། །ཆོས་ཀྱི་དོན་དུ་སྲོག ་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ཡང་གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། །ཕྱིར་མི་ལྡོག་པར་གཟུང་བར་བྱ་བའོ། །ཞེས་བྱ་བའི་བར་དུ ་གསུངས་པ་ལ། མངོན་པར་འདུ་ཕེད་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཆོས་དེ་ཡང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ་། མི་དམིགས་པ་ཞེས་བྱ་བ་ལ་སོགས་པའོ། །འདིར་ནི་དམིགས་པ་ཉིད་མངོན་པར་འདུ་བྱེད་པའོ།། ་དེ་ཉིད་མི་སྐྱེད་པ་སྟེ། འདི་ལ་མི་སྐྱེད་པ་ཤེས་པའི་བཟོད་པ་ཡོད་པ་ཞེས་འབྲུ་མང་པོ་བར་བྱའོ། །གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པ་སྟེ། འདི་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྟགས་ཏེ་དང་པོའོ།། །། ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མོས་བཟློག་པར་བྱེད་ཅེས་བྱ་བ་ནི་མོས་པ་བྱེད་བྲལ་བར་བྱེད་པའོ། །ཤེས་པར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་སོ།། །། ་ཉོན་མོངས་པ་ནི་རྣམ་པར་ཉམས་པའོ། །བྲལ་བར་བྱེད་བ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བར་བྱེད་བའོ། །དེ་ལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལའོ། །སེམས་བསྟན་པ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་བརྟན་པའོ།། ་འདི་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་རྟགས་ཏེ་གཉིས་པའོ། །རབ་འབྱོར་གཞན་ཡང་ཞེས་བྱ་བ་ནས་འགྱུར་བ་ཡིན་ནོ། །ཞེས་བྱ་བའི་བར་དུ་གསུངས་ཏེ། འདི་ནི་ཐེག་པ་དམན་པ་ལས་རྣམ་པར་ལྡོག་སྟེ། །དེ་ནི་མཐོང་བའི ་ལམ་གྱི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་རྟགས་ཏེ་གསུམ་པའོ། །དེ་དག་འདོད་ན་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་འདི་ནི་བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་ནི་འདོད་པར་སྐྱེ་བའི་འགེགས་ཉམས་སུ ་ཆུད་པར་བྱེད་པ་སྟེ། དེ་ནི་མཐོང་བའི་ལམ་གྱི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་རྟགས་བཞི་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། དྲན་བཞིན་དུ་འགྲོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འདིར་མིང་ལ་ཆེས་ཆེར་འཛིན་པ་མ་ཡིན་ཞེས་བྱ་བས?་རྣཾ? ་སེམས་ཡང་བ་ཉིད་དོ། །དེ་འགྲོ་འམ་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཡང་བ་ཉིད་དོ། །དེ་གཉི་ག་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའི་རྟགས་ཏེ་ལྔ་པའོ། །དེ་གལ་ཏེ་ཁྱིམ་ན་ཞེས་བྱ་བ་ནས་ཡོངས་སུ་སྤྱོད་དོ་ཞེས་བྱ་བའི་བར་དུ ་གསུངས་པ་ལ། ཇི་ལྟར་ཇི་སྐད་གསུངས་པའི་འདུ་ཤེས་ནི་ཐབས་ཏེ། ཐབས་དེ་དང་ལྡན་པས་འདོད་པ་ལ་སྤྱོད་པ་དེ་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་ལ་ཆོས་ཤེས་པའི་རྟགས་ཏེ་དྲུག་པའོ། །འདོད་པའི་ཡོན་ཏན་ལྔ་པོ་ཞེས་བྱ་བ་ནས་གཟུང་བར་བྱའོ ་ཞེས་བྱ་བའི་བར་དུ་གསུངས་པ་ལ། ཡིད་བདེ་བ་ལྷག་པ་སྐྱེད་པར་བྱེད་པས་ན་དགའ་བའི་རང་བཞིན་ཅན་ནོ། །བདེ་བ་ལྷག་པར་སྐྱེད་པར་བྱེད་པས་ན་བདེ་བའི་རང་བཞིན་ནོ། །དོན་དུ་མི་གཉེར་ཞེས་བྱ་བ་ནི་གཟུགས་མེད་པ་ལ་རབ་ཏུ་ཆགས་པ་མེད་པ་ལྟར ་རྟག་ཏུ་དོན་དུ་མི་གཉེར་བའོ། །མཉམ་པ་དང་མི་མཉམ་པས་འཚོ་བར་མི་བྱེད་ཅེས་བྱ་བ་ནི་རིགས་པ་དང་། རིགས་པ་མ་ཡིན་པས་མི་བྱེད་པའོ། །ཇི་ལྟར་འཚོ་བར་བྱེད་ཅེ་ན། ཆོས་འབའ་ཞིག་ཅེས་བྱ་བ་གསུངས་སོ། །གནོད་པ་ནི་སྡུག་བསྔལ ་ལོ། །ཐར་པའི་ཆ་དང་མཐུན་པ་ལྔ་དང། །ངེས་པའི་འབྱེད་པའི་ཆ་དང་མཐུན་པ་གཞི་དང། མཐོང་བའི་ལམ་གྱི་སྐད་ཅིག་མ་བདུན་གྱིས་སྐྱེས་བུ་དམ་པ་ལ་སོགས་པ་ཚིགས་བཅུ་དྲུག་གོ་།འདི་ནི་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དེ། དེ་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་ལ ་རྗེས་སུ་ཤེས་པའི་བཟོད་པའི་རྟགས་ཏེ་བདུན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་སྔགས་ཀྱི་རིཌ་ནི་སྔགS་ཀྱི་ཁྱད་པར་ཏེ་ལྷ་ཕོ་རྣམས་ཀྱིའོ། །རྩི་ནི་འབྲས་བུ་སྨིན་པའི་མཛའ་ཨོ། །ལྷ་མོའི་སྔགས་ནི་རིགས་སྔགས ་སོ། །སྨན་ནི་སྨན་ནོ། །སོགས་པའི་སྒྲས་ནི་འཁྲུལ་འཁོར་དང། རྒྱུད་ལ་སོགས་པ་ཡོངས་སུ་གཟུང་ངོ། །རྩོད་པ་ནི་ལུས་ཀྱི་རྩོད་པའོ། །རྒོལ་བ་ནི་དག་གི་ལས་སོ། །འདི་ནི་འཚོ་བ་རྣམ་པར་དག་པ་སྟེ། དེ་ནི་མཐོང་བའི་ལམ་གྱི་ཀུན་འབྱུང་བ་ལ་རྗེས་སུ་ཤེས ་པའི་རྟགས་ཏེ་བརྒྱད་པའོ། །དགུ་པ་ལ་སོགས་པ་སྐད་ཅིག་མ་ལྔའི་དབང་དུ་བྱས་ཏེ་བསྟན་བཅོས་ལས། ཕུང་སོགས་པར་ཆད་བྱེད་རྣམས་དང། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི།། ་གནས་པ་སོར་བགག་པ་དང། །ཞེས་བྱ་བ་གསུངས་ཏེ། སྦྱོར་ནི་མངོན་པར་ཞེན་པ་དང་བཅས་པ་མངོན་པར་བསྒྲུབ་པའོ། །རྗེས་སུ་སྦྱོར་བ་ནི་མངོན་པར་ཞེན་པ་མེད་པ་ལ་འཇུག་པའོ། །དེ་ལ་གནས་པ་ནི་དེ་དག་ལ་གནས་པའོ། །དེ་དང་ལྡན་པའི་ཏིང་ངེ ་འཛིན་དེ་བགག་པའོ། །མ་ཡིན་ཞེས་བྱ་བ་ནི་དགག་པ་དང་འབྲེལ་བའི་དོན་ཏེ་དེ་ཡང་གནས་པའོ། །ཕུང་པོ་ལ་སོགས་པ་ནི་དང་པའོ། །བར་ཆད་བྱེད་བ་ནི་གཉིས་པའོ། །ཚོགས་ནི་གསུམ་པའོ། །དབང་པོ་ལ་སོགས་པའི་གཡུལ་འགྱེད་པ་ནི་བཞི་པའོ།། ་སེར་སྣ་ལ་སོགས་པ་ནི་ལྔ་པའོ། །དེ་ལ་རེ་ཞིག་བཞི་ནི་། གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་མ་བྲལ་བར་གནས་ཏེ་ཞེས་བྱ་བའི་བར་དུ་གསུངས་པ་ལ། །དེ་དག་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་དང་རྗེས་སུ་སྦྱོར་བ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བའོ། །དེ་དང་ ་རྗེས་སུ་སྦྱོར་བ་ནི་དང་ལྷན་ཅིག་སྦྱོར་བ་སྟེ། རྗེས་སུའི་སྒྲ་ནི་ལྷན་ཅིག་པའི་དོན་ཏོ། །དེ་ནི་མི་གནས་སོ་ཞེས་བྱ་བ་དང་སྦྱར་རོ། །འདིར་ཐར་པ་ནི་བཅོམ་ལྡན་འདས་མ་ཆེན་མོ་དག་ལས་འདི་ལྟར་སྟོང་པ་ཉིད་ལ་གནས་ནས་ཆོས་གང་ལ་ཡང་དམན ་པ་ཉིད་དམ་ཁྱད་པར་དུ་འཕགས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་སོ། །འདི་ལས་ཚིག་གཉིས་ཀྱིས་གསུངས་པ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་ཉོན་མོངས་པ་མེད་པར་འོས་ན་འདུ་འཇི?་གཏམ་ལ་དགའ་བ་སྟེ། གཏམ་གྱི་ཡུན་ཡིན ་པའི་ཕྱིར་འདུ་འཛི་ལ་དགའ་བའོ། །དེ་ཉིད་མེད་དེ་དེ་གཏམ་ཙམ་ཡིན་པའི་ཕྱིར་གཏམ་མོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཁྱད་པར་གྱུར་པའི་ཕྱིར་ཀུན་ནས་ཉོན་མོངས་པ་འགོག་པ་ནི་རྒྱལ་པོའོ། །དེ་ཉིད་གཏམ་ཡིན་ཏེ་མངོན་སུམ་དུ་བྱ་བ་མ་ཡིན་པས ་གཏམ་ཅམ་ཡིན་པའི་ཕྱིར་གཏམ་མོ། །འདི་ཉིད་ཀྱི་གཏམ་གྱི་དོན་ཅི་རིགས་པར་འདིར་ཡང་སྦྱར་རྗེ?། །ཕུང་པོ་ལ་སོགས་པའི་སྦྱོར་བ་དང། རྗེས་སུ་སྦྱོར་བ་ལ་གནས་པ་དང། བྲལ་བ་སྟེ། དེ་ནི་མཐོང་བའི་ལམ་གྱི་འགོག་པ་ལ་ཆོས་ཤེས་པའི ་བཟོད་པའི་རྟགས་ཏེ་དགུ་པའོ། །སྒྲིབ་པ་ལྔ་ནི་རྐུན་པོ་སྟེ། དགེ་བའི་ནོར་འཕྲོག་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ནི་མཐོང་བའི་ལམ་གྱི་འགོག་པ་ལ་ཆོས་ཤེས་པའི་རྟགས་ཏེ་བཅུ་པའོ། །དགེ་བའི་ཆོས་ནི་ཚོགས་ཏེ་ལྷག་མ་ནི་སྔ་མ་བཞིན་ནོ ་འདི་ནི་མཐོང་བའི་ལམ་གྱི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའི་རྟགས་ཏེ་བཅུ་གཅིག་པའོ། །དམག་དེས་མི་མཐུན་པའི་གནོད་པར་བྱེད་པ་ནི་འཐབ་མའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འཐབ་པ་ཡོད་ན་འགོག་པ་འཐོབ་སྟེ། འགོག་བ་ནི་མྱ་ངན་ལས ་འདས་པའི་གྲོལ་བའོ། །དེ་ཡང་གང་ཞེ་ན། ལུས་དང་གནས་དང། ལོངས་སྤྱོད་དུ་སྣང་བའི་རྣམ་པར་རིག་པ་རྣམས་ལོག་པའོ། །དེ་བས་ན་ལུས་ལ་སོགས་པ་ལ་རྣམ་པར་མི་རྟོག་པའོ། །གློང་དང། གྲོང་ཁྱེར་དང། གྲོང་རྡལ་དང་།ལྗོངས ་དང། ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་འཁོར་གྱི་གཏམ་གྱི་སྦྱོང་བ་ལ། བརྩོམ་པར་མི་གནས་ཞེས་བྱ་བའམ། དེ་ལ་མིག་ལ་སོགས་པ་ལྔའི་ལུས་ནི་གྲོང་སྟེ། དབང་པོའི་གྲོང་ཉིད་ཡིན་པའི་ཕྱིར་རོ། །ལུས་ཀྱི་གཞི་ཡིན་པའི་ཕྱིར་གནས་ནི་གྲོང་ཁྱེར་རོ།། ་དབང་པོ་དུག་གིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། གྲོང་རྡལ་ནི་ལོངས་སྤྱོད་དེ་ཡུལ་ལྔའོ། །ལྗོངས་ལ་སོགས་པ་ནི་གནས་ཀྱི་ཁྱད་པར་རོ། །བདག་དང་བདག་གི་རྣམ་པར་རྟོག་པ་ཟད་པ་ཡོད་ན་ཐར་པ་སྟེ། དེའི་ཕྱིར་བདག་གི་རྣམ་པར་རྟོག་པའི་དབང་དུ ་བྱས་ནས། བདག་གི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གི་བའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བློན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་མན་ཆད་གཏམ་གསུམ་གྱིས་ནི་ཅི་རིགས་པར། བདག་གིས་བའི ་རྣམ་པར་རྟོག་པ་དང། ལོངས་སྤྱོད་གྱི་རྣམ་པར་རྟོག་པ་དང། གནས་ཀྱི་རྣམ་པར་རྟོག་པར་རིག་པར་བྱའོ། །གལ་ཏེ་དེ་ལྟ་དེ་ལྟར་གནས་པར་མ་བྱིན། འོ་ན་ཇི་ལྟར་གནས་བྱ་ཞེ་ན། གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་གཏམ་ལ་སོ་སོར་བརྟག་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཐམས་ཅད་དུ་ཆོས་ཉིད་དང་མཉམ་པ་ཉིད་དུ་སྦྱོར་བ་དང། རྗེས་སུ་སྦྱོར་བ་དང་ལྡན་པ་ཉིད་དུ་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད ་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་སོ། །འདི་ནི་དབང་པོ་དང་ཡུལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་དང་ལྡན་པའི་གནས་པ་དང་བྲལ་བ་སྟེ། དེ་ནི་མཐོང་བའི་ལམ་གྱིས་འགོག་པ་ལ་རྗེས ་སུ་ཤེས་པའི་རྟོགས་ཏེ་བཅུ་གཉིས་པའོ། །བསྟན་བཅོས་ལས། སེར་སྣ་ལ་སོགས་པ་ཞེས་བྱ་བ་ནི་ཡུམ་ཆེན་མོ་དག་ལས་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་སྤྱོད་ན། སེར་སྣའི་གཏམ་གྱི་སྦྱོར་བ་དང། རྗེས་སུ་སྦྱོང་བ་ལ་བརྩོན་པར་མི ་གནས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་འཆལ་པའི་ཤེས་རབ་ཀྱི་གཏམ་གྱི་སྦྱོར་བ་དང། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་བྱ་བ་གསུངས་སོ། །དེ་འདིར་ནི་དེ་དག་འཐབ་མོ་དང། མཚད་འབྲུ་བ ་དང། རྩོད?་པ་དང། རྒོལ་བའི་གཏམ་གྱི་སྦྱོར་བ་དང། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོ་ཞེས་གསུངས་ཏེ། སེར་སྣ་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་འཐབ་མོའོ། །འཚང་འབྲུ་བ་ལ་སོགས་པ་ནི་གཉེན་པོའི་ཕྱོགས་ཡིན ་པའི་ཕྱིར་སྦྱིན་པ་ལ་སོགས་པའོ། །གང་གི་ཚེ་འདི་གཉི་ག་ལ་ལང་སེམས་ལ་སྟོབས་མཉམ་པར་སྤྱོད་པ་དེའི་ཚེ་རྩོད་པའོ། །གང་གི་ཚེ་གཉེན་པོས་མི་མཐུན་པའི་ཕྱོགས་ཉམ་ཆུང་བར་བྱས་པ་དེའི་ཚེ་རྒོལ་བའོ། །རྩོད་པ་དང། རྒོལ་བ་དེ་དག་ཉིད ་གྱང་གཏམ་སྟེ། རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་ལ་སྦྱོར་བ་དང། རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་པའོ། །མི་འབྱེད་པ་ནི་མཉམ་པ་ཉིད་དུ་ཤེས་པས་སོ། །འབྱེད་པ་ནི་སྣ་ཚོགས་ཉིད་དུ་རྣམ་པར་རྟོག་པས་སོ། །ཆོས་སྨྲ་ཞིང་མཇལ ་བར་འདོད་པ་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུ་ནི་རྟོགས་པར་སླའོ། །འདི་ནི་མཐོང་པའི་ལམ་གྱི་ཆོས་ཤེས་པའི་བཟོད་པའི་རྟགས་ཏེ་བཅུ་གསུམ་པའོ། །རབ་འབྱོར་གཞན་ཡང་ཞེས་བྱས་ནས་ལུང་མ་བསྟན་པར་རིགས་པར་བྱ་བའི་བར་དུ ་གསུངས་པ་ལ། འདིས་ནི་ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། རང་གི་ས་ལ་ངེས་པ་ཉིད་ཅེས་བྱ་བ་དེ་གསུངས་ཏེ། དེས་ཆོས་རྡུལ་ཙམ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་གི་ཕྱིར་ལྡོག་པ་དེ་ནི་རང་གི་ས་ལ་ཕྱིར་མི་ལྡོག་གམ། དེ་ལྟ་མ་ཡིན ་ཞེས་ཐེ་ཚོམ་མེད་དེ། ཐེ་ཚོམ་ནི་སོམ་ཉིའོ། །ཡང་དག་པར་ཞུམ་པ་ཞེས་བྱ་བ་ནི་སྤྲོ་བ་མེད་པའོ། །མཚམས་མེད་པའི་སེམས་ཞེས་བྱ་བ་ལ། མཚམས་མེད་པ་ནི་མཚམས་མེད་པ་ལྔའོ། །གསལ་བ་ནི་རྣམ་པ་ཐམས་ཅད་དུ་བཏབ་པའོ། །གནོད ་བ་ནི་ཉམ་ཆུང་པར་བྱས་པའོ། །ཕྱིར་མི་ལྡོག་པའི་སེམས་ནི་བདག་ཉིད་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པའོ། །མི་འཕྲོག་པ་ནི་གཞན་གྱི་མི་བཀྲི་བའོ། །འདི་ནི་རང་གི་ས་ལ་ཕྱིར་མི་ལྡོག་པ་ཉིད་དུ་བསྟན་ཞིང་ངེས་པ་ཉིད་དེ། དེ་ནི་མཐོང་བའི་ལམ་ལ་ཆོས་ཤེས་པའི་རྟགས་ཏེ་བཅུ ་བཞི་བའོ། །ས་གསུམ་ལ་ནི་གནས་པ་དང། བདུད་ཀྱི་ལས་དེ་བཞིན་གཤེགས་པའི་གསུང་གཞན་མ་ཡིན་པ་ཉིད་དང། བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་སྟེ། གནས་གསུམ་ནི་ས་གསུམ་མོ། །དེ་ལ་ལྷག་པར་ཡང་དག་པར་ངེས་བ་ནི ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། འདི་ཉིད་དུ་ཞེས་བྱ་བ་ནི་ཚེ་འདི་ལའོ། །འདི་ནི་དེ་བཞིན་གཤེགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། དེ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཞེས་བྱ་བ་འོག་མ་དང་སྦྱར ་བར་བྱའོ། །དེ་ལས་གཞན་དུ་མ་ཡིན་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་པར་འགྱུར་རོ་ཞེས་དོན་གྱིས་རྟོགས་པར་འགྱུར་བ་ཁོ་ནའོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནི་སངས་རྒྱས་ཀྱི་སྤྲུལ་པའོ། །ཡོད་པ་ལས་ན ་ཁོ་ན་ཉིད་ཀྱི་དོན་ཏོ། །འདི་ནི་ས་གསུམ་ལ་གནས་ཏེ་མཐོང་བྱའི་ལམ་ལ་རྗེས་སུ་ཤེས་པའི་རྟགས་བཅོ་ལྔ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་དུ་གསུངས་པ་ལ། བདག་གིས་ལུས་ཀྱང་ཡོངས་སུ་གཏོང་བ་ནི་འཚོང?་བ་ལ་སོགས་པའོ། །སྲོག ་ཀྱང་ཡོངས་སུ་གཏོང་བ་ནི་འཆི་བའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པའི་ཆོས་ནི་དམ་པའི་ཆོས་ཏེ་སྟོང་པ་ཉིད་དོ། །སྐྱེས་བུ་གཏི་མུག་ཅན་ཁ་ཅིག་ནི་མདོང་བར་བྱེད་དོ། །འདི་ནི་བདག་དང་གཞན་ཡོངས་སུ་གཟུང་བའི་ཕྱིར། སྲོག་ཀྱང་ཡོངས་སུ་གཏོང་བར ་བྱེད་པ་དོན་གང་སངས་རྒྱས་ལ་དགའ་བ་དང་ལུས་པར་བྱེད་པ་དེ་བཞིན་དུ་ཆོས་ལ་འཕར་བྱེད་དེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ་ཞེས་ཤེས་པར་བྱེད་པའི་ཕྱིར་ཏེ་བདག་ཉིད་ཀྱང་སངས་རྒྱས་པ་ཉིད་དུ་མཐོང་བའི་ཕྱིར་རོ། །ཉན་ཐོས་ཆོས་སྟོན་པ་ལ་ཡང ་ཞེས་བྱ་བ་ལ་ཡང་མཚོན་པ་ཏེ། །བྱང་ཆུབ་སེམས་དཔའ་དང། ལྷ་ལ་སོགས་པ་ལ་ཡང་ཡང་ངོ། །ལྷག་མ་ནི་རྟོགས་པར་སླའོ། །འདི་ནི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་སྟེ། དེ་ནི་མཐོང་བའི་ལམ་གྱི་ལམ་ལ་རྗེས་སུ་ཤེས་པའི་རྟགས་བཅུ ་དྲུག་པའོ། །འདི་འདྲའི་སྐད་ཅིག་བཅུ་དྲུག་ནི། བློ་ལྡན་མཐོར་བའི་ལམ་གནས་ཀྱི། ཕྱིར་མི་ལྡོག་པ་རྟགས་དག་ཡིན་ཞེས་བྱ་པ་ནི་མཇུག་བསྡུ་བའོ། །ཕྱིར་མི་ལྡོག་པའི་རྣམ་པ་དང། རྟགས་དང། མཚན་མ་གང་ཡིན་པ་དེ་དག་གསལ་བར་བྱེད་པའི་ལེའུ་ནི ་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་།སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་བདུན་པའོ།། །།ངེས་བར་འབྱེད ་པའི་ཚེ་དང་མཐུན་པ་དང། མཐོང་བའི་ལམ་དག་གི་ཕྱིར་མི་ལྡོག་པའི་རྟགས་དང་གྲངས་ཀྱི་ཁྱད་པར་བསྟན་ནས། བསྒོམ་པའི་ལམ་ནི་ཟབ་པ་ཡིན་པས་དེ་ལ་གཉིས་ག་ཡང་བརྗོད་པར་མི་ནུས་ཏེ། དེའི་ཕྱིར་བསྟན་བཅོས་ལས། བསྒོམ་པའི་ལམ་ནི་ཟབ་པ་སྟེ། ་ཞེས་པ་འདི་ཉིད་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་རང་སངས་རྒྱས་ཀྱིས་མི་འཕྲོགས་སོ་ཞེས་བྱ་བའི་བར་དུ་གསུངས་པ་ལ། བཅོམ་ལྡན་འདས་ངོ་མཚར་ཏོ་ཞེས་བྱ་བ་ནི་ཚིག་གཅིག་གིས་སོ། །ཇི་ཞིག་ངོ་མཚར་བ་ཡིན་ཞེ་ན་ཡོན་ཏན་ཆེན་པོ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཡོན་ཏན་ཆེན་པོ་ནི་ཚོགས་ཏེ་མཆོག་ཏུ་ཟབ་བས་བསྐལ་པ་གྲངས་མེད་པ་གཉིས་སུ་རྒྱུན་མཆད་བས་འབྱུང་བས་ཐོབ་པས་སོ། །དེ་ཉིད་ཀྱི་ཁྱད་པར་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་ཚད་མ་མཆིས་པའོ། །གྲངས་ཤེས་བར་མི་ནུས་པ་ཉིད ་ཀྱིས་ཕྱིར་དཔག་ཏུ་མ་མཆིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་ན་པའི་ཕྱིར་མི་ལྡོག་པའོ། །ཕྱིར་མི་ལྡོག་པས་བྱ་བ་ནི། བསྒོམ་པའི་ལམ་ལ་གནས་པའོ། །གྲངས་ལས་འདས་པས་མཛའ་ཡས ་པའོ། །མཆོག་ཏུ་རྒྱ་ཆེ་དུའི་ཕྱིར་མུ་མེད་པའོ། །མི་འཕྲོགས་པ་ནི་ཡང་དག་པའི་ཡེ་ཤེས་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཀྱང་གཟུང་བ་མ་ཡིན་པའོ། །འདི་ནི་བསྒོམ་པའི་ལམ་ཟབ་པའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྤྱོད ་བ་ནི་ནུས་པའོ། །སྟོན་ཀྱང་སེམས་ཅན་གྱི་དོན་དུ་མི་འགྱུར་རོ་ཞེས་དགོངས་སོ། །དེ་ལས་ཅི་ཞིག་སྟོན་ཞེ་ན། དེ་ཁོ་ནའི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁོ་ན་ནི་རིམ་པ་གཞན་དུ་སྦྱར་ཏེ་དེའི་ཕྱིར་གནས་ཞེས་པའི་འོག་ཏུ་བསྟན་བར་བྱའོ། །ཟབ་མོ་ཟབ་ཅེས་བྱ ་བ་ནི་སྨྲེས?་པའི་དོན་ཏོ། །གནས་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱི་དམིགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་སྟེ། དེའི་རྟེན་ཞེས་བྱ་བའི་དོན་ཏོ། །སྟོན་ཏོ་ཞེས་བྱ་བ་ནི་བསྟན་པར་བྱའོ། །འདི་ནི་རབ་འབྱོར་གྱིས་གསོལ་བ་བཏབ་པའོ། །དེ་སྐད་ཅེས ་གསོལ་བ་དང་ཞེས་བྱ་བ་ལ་སོགས་པ་དང། བརྩམས་པ་ནི་ཞེས་བྱ་བ་ནི་དང་པོར་སྟོན་པའོ། །ཤེས་པར་བྱ་བ་ནི་དང་པོར་སྟོན་པའོ། །ཤེས་པར་བྱ་བར་འདོད་ཅེས་བྱ་བ་ནི་བསྒོམ་པའི་ལམ་ལ་སྦྱོར་བར་འདོད་པའོ། །འདི་ནི་བཅོམ་ལྡན་དས་ཀྱིས་ཞལ་གྱིས ་བ་ཞེས་པའོ། །དེས་བསྟན་བཅོས་ལས། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང། །སྐུར་བའི་མཛའ་ལས་གྲོལ་བ་ཉིད། །ཅེས་བྱ་བ་གསུངས་ཏེ། དེའི་ཟབ་ནི་ཟབ་པའི་དངོས་པ་སྟེ། གང་གི་ཕྱིར་དེ་ཟབ་མོར་འགྱུར་བ་དེ་ཡང་སྟོན་པ་ཉིད་དང། ་མཚན་མ་མེད་པ་ལ་སོགས་པ་ལམ་གྱི་དམིགས་པ་ཟབ་པ་ནི་ཟབ་ཅེས་བྱ་བ་དགོངས་སོ། །དེའི་དམིགས་པ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། སྟོང་པ་ཉིད་ལ་སོགས་པ་ཡང་ཟབ་པ་ཉིད་དེ། གང་ལ་སྒྲ་འདོགས་པའི་མཛའ་དང་སྐུར་པ་འདེབས་པའི་མཛའ་དང་བྲལ ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་པ་བསྟན་པའི་ཕྱིར་རབ་འབྱོར་ཟབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ནི་མེད་ལ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ནི་སྟོང་པ་ཉིད་དོ། །དེ་ཉིད་ནི་མཚོན་མ ་མེད་པ་སྟེ། དེ་རིག་པས་མཚན་མ་འགོག་པའི་ཕྱིར་རོ། །དེ་ཉིད་ནི་སྨོན་པ་མེད་པ་སྟེ། དེ་རིག་པས་ཁམས་གསུམ་དུ་སྨོན་པ་མེད་པའི་ཕྱིར་རོ། །དེ་ཉིད་ནི་མངོན་པར་འདུ་མི་བྱེད་པ་སྟེ། དེ་དག་ཡང་སྲིད་པའི་དོན་དུ ་ལས་མི་བྱེད་པའི་ཕྱིར་རོ། །དེ་ཉིད་མ་བྱུང་བ་སྟེ། དེ་དག་དེ་ལས་མི་སྐྱེད་པའི་ཕྱིར་རོ། །དེ་ཉིད་མ་སྐྱེས་པ་སྟེ། རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་ཤེས་པའི་ཕྱིར་རོ། །དེ་ཉིད་ནི་དངོས་པོ་མེད་པ་སྟེ། རྫས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་འདོད་ཆགས་དང ་བྲལ་བ་སྟེ། དེ་རིག་པས་ཉོན་མོངས་པའི་བག་ལ་ཉལ་མི་སྐྱེ་བའི་ཕྱིར་རོ། །དེ་ཉིད་ནི་འགོག་པ་སྟེ། དེ་དག་གི་ཡང་སྲིད་པ་འགོག་པའི་ཕྱིར་རོ། །དེ་ཉིད་ནི་མྱ་ངན་ལས་འདས་པ་སྟེ། དེའི་བག་ཆགས་འགོག་པའི་ཕྱིར་རོ། །དེ་ཉིད་ནི་མེད་པར་གྱུར་པ་སྟེ། དེ་དག་གི ་ཟག་བ་དང་བཅས་པའི་ཕུང་པོ་ཞིག་པའི་ཕྱིར་རོ། །འདི་ནི་སྟོང་པ་ཉིད་ལ་སོགས་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནི་ཟུར་གྱི་ཞུས་པའི་དོན་ཏོ། །ཆོས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་རྣམས་སོ། །ཆོས་ཐཾས་ཅད་ཅེས་བྱ་བ་ནི་ཕུང་པོ་དང། ཁམས་ལ་སོགས ་པའོ། བྱིས་པས་གཟུང་པར་བྱ་བའི་གཟུགས་ལ་སོགས་པ་དེ་ཇི་ལྟར་ཟབ་ཅེ་ན་རང་ཉིད་ཀྱིས་དྲིས་པ་ནི། རབ་འབྱོར་ཇི་ལྟར་གཟུགས་ཟབ་ཅེས་བྱ་བ་ལ་སོགས་པའོ། །རབ་འབྱོར་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ལན་ནོ། །གང་གི་དེ་བཞིན ་ཉིད་ཡིན་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས།། གསལ་བར་བྱ་བའི་ཕྱིར་རབ་འབྱོར་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཡོད་པ་ལ་སྟེ། བརྟགས་པའི་གཟུགས་ལ་སོག ་བ་ལས་གཞན་མ་ཡིན་པའོ། །འདི་ནི་གཟུགས་ལ་སོགས་པའི་ཟབ་པ་ཉིད་དོ། །ཆོས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་སོ། །ཡང་དག་པར་བསྟན་པས་དགའ་སྟེ། རབ་འབྱོར་གྱིས་གསོལ་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏེ། །ཞེས་བྱ་བ ་ལ་སོགས་པའོ། །ཞིབ་མོར་བྱ་བ་ནི་མཁས་ཤིང་རིགས་པས་སོ། །མྱ་ངན་ལས་འདས་པ་བསྟན་པ་ནི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པ་ལ་ཀུན་ཏུ་བཏགས་པ་ཐམས་ཅད་མི་སྣང་བའི་ཕྱིར་རོ། །གཟུགས་ལ་སོགས་པ་ལས་བཟློག་པ་ནི ་དེ་དག་ལ་དོན་དམ་པར་སྣང་བའི་ཕྱིར་རོ། །དེ་ལ་མྱ་ངན་ལས་འདས་པས་ནི་གཟུགས་ལ་སོགས་པ་སྒྲ་བཏགས་པའི་མཛའ་ལས་གྲོལ་བ་ཉིད་དོ། །གཟུགས་ལ་སོགས་པ་ལས་བཟློག་པས་ནི་གཟུགས་ལས་སོགས་པ་དེ་ཉིད་ལ་སྐུར་པ་འདེབས་པའི ་མཛའ་ལས་གྲོལ་བ་ཉིད་དོ། །འདི་ནི་སྟོང་པ་ཉིད་ལ་སོགས་པའི་ཟབ་པ་ཉིད་དོ། །དེ་ནས་བསྟན་བཅོས་ལས། དེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང། །འཇལ་དང་དེས་རྟོག་བསྒོམ ་པའི་ལམ། །ཞེས་བྱ་བ་གསུངས་སོ། །ཡང་དང་ཡང་ཞེས་བྱ་བ་ནི་རྒྱུན་ནོ། །དེ་བས་ན་རྒྱན་དང་ལྡན་པའི་སེམས་པ་དང། འཇལ་བ་དང། ངེས་པར་རྟོག་པའི་རང་གི་ངོ་བོ་ནི་བསྒོམ་པའི་ལམ་མོ། །དམིགས་པ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ། སྟོང་པ་ཉིད ་ལ་སོགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། མཐོང་བའི་ལམ་དང་བསྒོམ་པའི་ལམ་གྱི་རྟེན་ཡིན་ནོ། །གལ་ཏེ་བསྒོམ་པའི་ལན་དེ་ཉིད་ཇི་ལྟར་ཡུལ་ཡིན་ཞེ་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། བསྒོམ་པའི་ལམ་ནི་རྒྱུན་ཆགས་ཡིན ་པར་འདོད་དེ་དེ་ལ་སྔ་མ་ནི་ཡུལ་ཡིན་ལ་ཕྱི་མ་ནི་ཡུལ་ཅན་ཡིན་པས་དེ་ནི་འགལ་བ་མེད་དོ། །འདིར་མདོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ཏེ། འདི་སྐད་ཅེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་སྟོང་པ་ཉིད་ལ་སོགས་པའོ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མཐོང་བའི་ལམ་དང། བསྒོམ་པའི་ལམ་དང། དེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤེས་ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་དང་ལྡན་པ་ནི་འགྲེལ་བ་སྟེ། འདིའི་བཞི་ཞེས་བྱ་བའི་དོན་ཏོ། །གང་འདི་དག་སེམས་པར་འགྱུར་ངེས་པར་རྟོག་པར་འགྱུར་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ཞེ་ན་དེའི་ཕྱིར་དེ་བཞིན་དུ་བདག་གིས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པར་བྱ་བ་ནི་སེམས་གཅིག་ཏུ་ངེས་པར་བྱས་པས་སོ། །བསླབ་པར་བྱའོ་ཞེས་བྱ་བ་ནི་འཇལ་བས་ཞི་གནས་བསྐྱེད་པའི་སོ། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ངེས་པར་རྟོག་པས་ལྷག་མཐོང་བསྐྱེད་པས་སོ།། ་བསྟན་པ་ཞེས་བྱ་བ་གཞུང་ཐོས་པས་སོ། །བསྟན་པ་ནི་དོན་ཐོས་པ་ལས་སོ། །བསྟན་པ་ནི་གསང་བ་བསྒྲགས་པས་སོ། །རིགས་པ་ནི་བཞི་སྟེ། བལྟོས་པའི་རིགས་པ་ནི་རྒྱུ་ཐམས་ཅད་ལ་བལྟོས་ནས་འབྲས་བུ་སྐྱེ་བའོ། །བྱ་བ་བྱེད་པའི་རིགས ་པ་ནི་དེ་དག་ལས་སོ་སོར་འབྲས་བུའི་ཁྱད་པར་སྐྱེད་པའོ། །འཐད་པས་བསྒྲུབ་པའི་རིགས་པ་ནི་ཚད་མ་གང་དག་གིས་དོན་སྒྲུབ་པར་བྱེད་པའོ། །ཆོས་ཉིད་ཀྱི་རིགས་པ་ནི་ངོ་བོ་ཉིད་ཀྱིས་དེས་པའི་ཆོས་རྣམས་ཏེ། མེ་ཉིད་ནི་སྲེགས་པར་བྱེད་པ་དང། ་ཆུ་ཉིད་ནི་གཤེར་བར་བྱེད་པ་ཉིད་ལ་སོགས་པ་ལྟ་བུའོ། །འདི་དག་གིས་ཏིང་ངེ་འཛིན་གྱི་དམིགས་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ། མི་གཡེང་པར་གྲུབ་པར་བྱེད་པ་དང། རྟག་ཏུ་སྤྱོད་པ་ནི་སེམས་པའོ། །དེ་ཉིད་ལ་ཞི་གནས་རྣམ་པ་དགུས་སེམས ་མཉམ་པར་བྱེད་པ་ནི་འཇམ་པའོ། །ཆོས་རྣམ་པར་འབྱེད་པ་དང། རབ་ཏུ་རྣམ་པར་འབྱེད་པ་དང། ཡོངས་སུ་རྟོག་པ་དང། ཡོངས་སུ་དཔྱོད་པ་ལ་ཞུགས་པའི་ལྷག་མཐོང་རྣམ་པ་བཞིན་ནི་ངོས་པར་རྟོག་པའི། །དེ་ལ་ཕུང་པོ་ལྔ་ལ་སོགས་པ་ཇི་སྙེད་ཡོད་པ ་ཤེས་བ་ནི་རྣམ་པར་འབྱེད་པའོ། །འདི་ཐམས་ཅད་སྟོང་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡོད་པ་ཞེས་པ་ནི། རབ་ཏུ་རྣམ་པར་འབྱེད་པའོ། །ཤེས་རབ་དང་བཅས་པ་རྣམ་པར་མི་རྟོགས་པའི་ཡིད་ཀྱིས་མཚན་མར་བྱེད་པ་ནི་ཡོངས་སུ་རྟོག་པའོ། །ངེས་པར ་ཏོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། འདི་ནི་བསྒོམ་པའི་ལམ་གྱི་ངོ་བོ་ཉིད་དོ། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་བྱ་བ་ནི་བསྒོམ་པའི་ལམ་དེ་ནི་རྣམ་པའི་དབྱེ་བས་རྣམ་པ་དགུར་འགྱུར་རོ། །ཡང་ཞེས་བྱ་བས་མཐུན་པའི་ཕྱོགས་ཀྱང་རྣམ་པ་དགུའོ། །ཇི་ལྟ་ཞེ་ན། དེའི ་ཕྱིར་ཆུང་དང་འབྲིང་དང་ཆེན་པོ་རྣམས། ཆུང་དུའི་ཆུང་སོགས་དབྱེ་བ་ཡིས་ཞེས་བྱ་བ་གསུངས་ཏེ། ཆུང་དུའི་ཆུང་དུ་དང། ཆུང་དུའི་འབྲིང་དང། ཆུང་དུའི་ཆེན་པོ་དང། འབྲིང་གི་ཆུང་དུ་དང། འབྲིང་གི་འབྲིང་དང། འབྲིང་གི་ཆེན་པོ་དང། ཆེན་པོའི་ཆུད་དུ་དང། ཆེན་པའི ་འབྲིང་དང། ཆེན་པོའི་ཆེན་པོ་སྟེ། དེས་ན་མི་མཐུན་པའི་ཕྱོགས་ཀྱང་རྣམ་པ་དགུ་ཉིད་དོ། །དེ་ལ་ལམ་ཉིད་ཀྱི་རྣམ་པ་ནི་རྗེས་སུ་མཐུན་པར་སྐྱེ་བར་འགྱུར་རོ། །མི་མཐུན་པའི་ཕྱོགས་དེ་དག་ནི་མི་མཐུན་པར་འགོག་པར་འགྱུར་རོ། །ཆེན་པོ་ཆེན་པོ་དང། ཆེན་པོའི་འབྲིང ་ནས། ཆུང་དུའི་ཆུང་དུའི་བར་དུའོ། །མི་མཐུན་པའི་ཕྱོགས་དེ་ཡང་བསྒོམ་པའི་ལཾ་གྱིས་སྤང་བར་བྱ་བ་སྟེ། ཉོན་མོངས་པའི་རྣམ་པར་རྟོག་པའོ། །ཅི་རིགས་པར་དྲི་མ་རགས་པ་སྔར་བསལ་ནས། ཕྱི་ནས་ཕྲ་བ་སེལ་ཏོ། །དེ་བཞིན་དུ་སེམས་ཀྱི་ཡང་ཡིན་ཏེ། དེ་ལ་དང ་པོ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གཉིས་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ནས་སྡེ་ནི་གཞན་ཡང་ཞེས་བྱ་བ་སྔ་ནས་ཆོས་མང་དུ་བསྐྱེད་དོ། །ཞེས་བྱ་བ་ལྔའི་བར་གྱིས་གསུངས་སོ། །དེ་ནས་གཉིས་ནི་གཞན་ཡང་ཞེས་བྱ་བ་གཅིག ་ནས། རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་རིམ་པས་སོ། །སྒྲུབ་པ་ན་ཞེས་བྱ་བ་ནི་ཞི་གནས་གྱིས་སོ། །ཉེ་བར་སེམས་པ་ན་ཞེས་བྱ་བ་ནི་ལྷག་མཐོང་གིས་སོ། །ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་གཉིག ་དག་གིས་སོ། །རབས་སྦྱོར་བ་ཞེས་བྱ་བ་ནི་ཞི་གནས་ལ་སོགས་པས་སོ། །རྩོལ་བ་ཞེས་བྱ་བ་ནི་ལྷག་མཐོང་ལ་བརྩོན་པས་སོ། །འབད་པར་བྱེད་པ་ནི་གཉི་ག་ལ་བརྩོན་པས་སོ། །བཅོམ་ལྡན་འདས་རང་ཉིད་ཀྱིས་དྲིས་པ་ནི་ལས་ཅི་ཙམ་ཞིག་བྱེད་པར་འགྱུར་ཞེས ་བྱའོ། །ཉིད་ཀྱིས་ལན་བཀའ་སྩལ་བ་ནི་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །དང་པོའི་དོན་དུ་འགྱུར་བ་ནི་མཛེས་པའོ། །གཞན་གྱིས་ཡོངས་སུ་ཟིན་པ་ཞེས་བྱ་བ་ནི་གཞན་གྱིའོ། །དབང་མེད་པ་ཞེས་བྱ་བ་ནི་ནུས་པ་མེད ་པའོ། །འཁོར་བ་ལ་ཞེས་བྱ་བ་ནི་སྐྱེ་བའི་རྒྱུན་འབྱུང་བ་ལའོ། །འདོར་བ་ཞེས་བྱ་བ་ནི་སྤངས་པའོ། །རྒྱབ་ཀྱིས་ཕྱོགས་པ་ནི་མ་འོངས་པ་མི་འབྱུང་བའི་ཕྱིར་རོ། །མཐར་འབྱིན་པར་བྱེད་དེ་ཞེས་བྱ་བ་ནི་སྔོན་གྱི་མཐར་དང། ཕྱི་མའི་མཐར་འབྱིན་པར་བྱེད་དོ།། ་ཇི་སྐད་གསུངས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཇི་ལྟར་བཤད་པ་དང། ཇི་ལྟར་ཉེ་བར་བསྟན་པ་ཞེས་བྱ་བ་ནི་བཤད་པ་དང་བསྟན་པའོ། །སློབ་པ་ནི་ཞི་གནས་ལའོ། །རྟོག་པ་ནི་ལྷག་མཐོང་གིས་སོ། །ཉེ་བར་སེམས་པ་ནི་གཉི་གས་སོ། །དེ་ལྟར་རྣལ ་འབྱོར་དུ་བྱེད་པ་ནི་བསྒོམ་པ་ལ་བཞུགས་པའི། །འདི་ཙམ་གྱིས་ནི་ལས་གཅིག་བསྟན་ཏོ། །གཉིས་པ་ནི་ཉེས་པ་གང་དག་གིས་ཞེས་བྱ་བ་ནས། རྣམ་པར་སྤོང་ངོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། འདི་ནི་བསྒོམ་པའི་ལམ་ཆུང་དུའི་ཆུང་དུའོ། །རབ ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ལ་གསུངས་པ་ལ། དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པ་བཞིན་ནོ། །ལས་ཇི་ཙམ་ཞེས་བྱ་བ་ལ་སོགས་པ་ནི་བསྐལ་པ་ཤིན་ཏུ་མང་པོའི་མཐར་ཕྱིན་པར་བྱེད་པ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས ་ལྡོག་པའི་ཉེས་པ་སྤོང་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བ་ནས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བའི་བར་གྱིས་ནི་ཁྱད་པར་དུ་གསུངས་ཏེ། དེ་བས་ཞེས་བྱ་བ་ནི་སྦྱིན་པར་བྱེད་པས་སོ། །འདི་ཉིད་ཁྱད་དུ་འཕགས་པ་ནི་བསོད་ནམས་མང ་པོས་ཁྱད་པར་དུ་འཕགས་སོ། །གང་ཞེ་ན་དེའི་ཕྱིར་གང་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ནི་བསྒོམ་པའི་ལམ་གྱི་ཆུང་དུའི་འབྲིང་ངོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་སྦྱིན་པ་ནི་གཏོང་པའོ། །རབ་ཏུ་འགོད ་པ་ཞེས་བྱ་བ་ནི་ཡིད་ལ་གཅག་པ་མེད་པའོ། །འདི་ནི་བསྒོམ་པའི་ལམ་གྱི་ཆུང་དུའི་ཆེན་པོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ལ་བྱེད་པ་ནི་གནས་པའོ། །འདི་ནི་བསྒོམས་པའི་ལམ་གྱི་འབྲིང་གི་ཆུང་དུའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ ་ལ་སོགས་པ་གཉིས་ནི་རྟོགས་སླའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྦྱིན་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བའོ། འདི་ནི་བསྒོམ་པའི་ལམ་ཆེན་པོའི་ཆུང་ངུའོ།། ་རབ་འབྱོར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྦྱིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཡོངས་སུ་བསྔོ་བས་ཡོངས་སུ་སྔོ་ཞིང། བསྔོས་ནས་ཡང་ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་བྱེད་པའོ། །འདི་ནི་བསྒོམ་པའི ་ལམ་ཆེན་པོའི་འབྲིང་ངོ། །གང་ཡང་དེ་ནང་དུ་ཡང་དག་འཇོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའོ། །འདི་ནི་བསྒོམ་པའི་ལམ་ཆེན་པོའི་ཆེན་པོའོ། །རབ་འབྱོར་གྱི་གསོལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདིར ་བསོད་ནམས་མང་དུ་བསྐྱེད་དོ་ཞེས་མང་དུ་གསུངས་པ་ལ། དེའི་ཕྱིར་རབ་འབྱོར་གྱི་དྲི་བ་ནི་མངོན་པར་འདུ་བྱེད་པ་ནི་རྣམ་པར་རྟོག་པ་ཡིན་ལ། དེ་བཞིན་དུ་བསྒོམ་ནམས་མངོན་པར་འདུ་བྱེད་པ་ཡང་རྣམ་པར་རྟོག་པས་ཏེ། དེའི་ཕྱིར་བསོད་ནམས་ཆེས་མང ་བ་ཡང་རྟོག་པ་ཆེས་མང་པོ་ཞེས་གསུངས་པར་འགྱུར་རོ་ཞེ་ན། ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ན། རབ་འབྱོར་ཞེས་བྱ་བ་ནས་དཔག་ཏུ་མེད་པ་བསྐྱེད་དོ་ཞེས་བྱ་བའི་བར་དུ་སྟེ། འདིར་བསྒོམ་པའི་ལམ་མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པའི་ཕྱིར་སྟོང་པ ་སྟེ། བྱིས་པས་མི་ཤེས་པ་ནི་སྟོང་པའོ། །ཁོ་ན་ནི་ཉིད་དོ། །དེ་བཞིན་དུ་སྣང་བ་ཞེས་བྱ་བ་ལ། རབ་ཏུ་སྣང་བ་ནི་སྣང་བའོ། །མི་སྣང་བ་ལས་སྣང་བར་འགྱུར་བ་ནི་སྣང་བ་སྟེ། རབ་ཏུ་སྣང་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འོག་མ་དག་ལ་ཡང་བལྟ་བར་བྱའོ། །བདག ་པོ་མེད་པའི་ཕྱིར་གསོག་གོ་།གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་གསོག?་བོ། །འཛིན་པ་མེད་པ་ནི་ཕྱིར་སྲིང?་པོ་མེད་པའོ། །དེ་ལྟར་ཞེས་བྱ་བ་ནི་སྙིང་པོ་ཉིད་ལ་སོགས་པའོ། །ལྷག་མ་ནི་རྟོགས་པར་སླའོ། །བསོད་ནམས་གྲངས་མེད་པ་བསྐྱེད་པ ་དྲིས་པའི་ལན་ནོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ལ་ཁྱོད་པར་ནི་བྱེ་བྲག་གོ་།རྣམ་པར་བཅོད་པ་ནི་ཐ་དད་དུ་བྱེད་པའོ། །དེ་དག་རྣམ་པར་བཅད་པའི་དོན་དུ་གཉི་ག་གཟུང་བ་ཡིན་ནོ། །ཚད་མེད་ཅེས་བྱ་བ་ནི་རགས་པ་ཡོངས་སུ་བཅད ་པའོ། །གྲངས་ནི་བཀའ་བའ་ཨོ། །ཟད་པར་མི་ནུས་པ་ནི་མི་ཟད་པའོ། །བཅོམ་ལྡན་འདས་གང་གཟུགས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་རྟགས་སླའོ། །ལྷག་མའི་ཚིག་ནི་ཚི་ག་བླ་དག་ཏེ་ཚིག་གཙོ་བོ་ཞེས་བྱ་བའི་དོན་ཏོ། །མི་ཟད་པ་ཞེས་བྱ་བ་ནི་ནམ ་མཁའ་དང་འདྲའོ། །དཔག་ཏུ་མེད་པ་ཞེས་བྱ་བ་ཡང་ན་མཁའ་དང་འདྲ་བ་ཉིད་དོ། །ཆོས་དེ་དག་ནི་ཞེས་བྱ་བ་ནི་མི་ཟད་པ་དང། དཔག་ཏུ་མེད་པ་དང། སྟོང་པ་དང། མཚན་མ་མེད་པ་ལ་སོགས་པའོ། །བརྗོད་པ་ནི་སྒྲ་དང་འདྲ་བ་ཡང་རྣམ་པ་སྣ ་ཚོགས་པའི། །དེ་ལྟན?་དོན། གཅིག་ཡིན་ཡང་ཆ་ཡི་རྣམ་པར་བཅད་པ་ཐ་དད་དོ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་འདིར་ནི་བསྟན་པ་མངོན་པར་སྒྲུབ་པ་ཞེས་བྱ་བ་གསུངས་ཏེ། བསྟན་པ་ནི་འདིས་བསྟན་པས་ན་བསྟན་པ་སྟེ། སྙིང་རྗེའོ། །དེ་མངོན་པར ་སྒྲུབ་པ་ནི་རྒྱུ་མཐུན་པའོ། དེ་ཡང་ཡིན་བསྟན་པ་ཡང་ཡིན་པས་ན་བསྟན་པ་མངོན་པར་སྒྲུབ་པའོ། །འདིར་བསྟན་བཅོས་ལས། གངས་མེད་པ་ལ་སོགས་བསྟན་པ་རྣམས་གདམ་པའི་དོན་དུ་བཟོད་མི་ཡིན། །ཀུན་རྫོབ་དག་ཐུགས་བརྩེ་བའི། །རྒྱུ ་མཐུན་ཀུན?་པར་ཐུབ་པ་བཞེད། །ཅེས་བྱ་བ་གསུངས་ཏེ་བཟོད་མ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་པའོ། །དེ་ནི་གྲངས་མེད་པ་ལ་སོགས་པ་བསྟན་པས་རྒོལ་བའི་ལན་ནོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། མེད་ཀྱི་འོན་ཀྱང་ཞེས་བྱ་བའི་བར་དུ ་གསུངས་པ་ལ། བརྗོད་དུ་མ་མཆིས་པ་ཞེས་བྱ་བ་ནི་གང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །འདིར་བསྟན་བཅོས་ལས། །དངོས་པོ་བརྗོད་དུ་མེད་པ་ལས། །ཉམས་པ་དང་ནི ་འཕེལ་མི་རུང་?། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་བྱ་བ་གསུངས་ཏེ། འདི་ནི་བརྗོད་དུ་མེད་པ་ལ་ཉམས་པ་དང། འཕེལ་བ་མེད་པའི་དངོས་པའོ། །འོ་ན་ཇི་ལྟར་བྱང་ཆུབ་འཐོབ་པར་འགྱུར་ཞེ་ན། དེའི ་ཕྱིར་འོན་ཀྱང་ཞེས་བྱ་བ་ནས་ལེའུ་རྫོགས་གྱི་བར་དུ་གསུངས་པ་ལ་དེ་སྦྱིན་པ་སྦྱིན་པར་བྱེད་ཅིང་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་ཅེས་བྱ་བ་ནི་གང་གིས་སྦྱིན་པ་སྦྱིན་པར་བྱེད་པའོ། །དགེ་བའི་རྩ་བ་དེ་དག་ཅེས་བྱ་བ་ནི་གང་སེམས་བསྐྱེད་པ ་དེ་དག་དང་ལྡན་བའོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་དེ་ནི་འདོད་པའི་དོན་དུ་སྔོ་བར་བྱེད་དོ། །གཞན་དུ་ན་དེའི་ཡོངས་སུ་བསྔོ་བས་བྱང་ཆུབ་བར་མི་འགྱུར་རོ། །དེ་བཞིན་དུ་འོག་མ་དག་ལ་ཡང་བལྟ་བར་བྱའོ། །ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཞེས་བྱ་བ་གསུངས་པ་ལ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དྲིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ནི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས ་པའོ། །རྒྱུན་མི་མཆད་པ་ཞེས་བྱ་བ་ནི་ཡང་ནས་ཡང་དུའོ། །མང་དུ་ཞེས་བྱ་བ་ནི་རྒྱུན་དུའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །འདི་བསྟན་བཅོས་ལས། བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །འདི་ཉིད་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ ་དེ་བཞིན་ཆད?་མཚན་ཉིད། །དེ་ཡང་དེའི་མཚན་ཉིད་བཞེད། །ཅེས་བྱ་བ་གསུངས་ཏེ། དེ་དང་དེའི་ཞེས་བྱ་བ་ནི་བསྒོམ་པའི་ལམ་ནོ། །སྟོང་པ་ཉིད་གཙོ་བོར་བསྟོན་པའི་ལེའུ་ནི་སྟོང་པ་ཉིད་ཀྱི་ལེའུའོ།། །།འཕགས་པ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ། །སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ ་ཞེས་བྱ་བ་ནས། སོགས་པར་འགྱུར་ཞེས་བྱ་བའི་བར་དུ་གསུངས་པ་ལ། སེམས་སྔ་མ་དང། ཕྱི་མ་དེ་དག་དང། བྱང་ཆུབ་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ནས་འཚང་ཡང་རྒྱའོ ་ཞེས་བྱ་བ་དེ་ཡན་ཆད་ཀྱིས་ནི་མར་མེའི་དཔོས་ལན་བཏབ་པའོ། །འདིར་བསྟན་བཅོས་ལས། སེམས་ནི་སྔ་མས་བྱང་ཆུབ་བར། རིགས་མིན་ཕྱི་མས་ཀྱང་མ་ཡིན། ཞེས་བྱ་བ་ནི་རྒོལ་བའོ། །མར་མའི་དཔེའི་ཚུལ་གྱིས་ནི་བྱང་ཆུབ་ཅེས་བྱ་བར ་སྦྱར་རོ། །འདི་ནི་ལན་བཏབ་པའོ། །དེ་ནས་བསྟན་ཆོས་ལས། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །བྱང་ཆུབ་ཅེས་བྱ་བར་སྦྱར་རོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་འབའ་ཞིག་ལེའུ་བཅོ་བརྒྱད་པར་བསྟན་ནས། །གང་ཡང་བྱང་ཆུབ ་ཀྱི་མཚན་ཉིད་འཁོར་དང་བཅས་པ་ནི་ཟབ་པ་རྣམ་པ་བརྒྱད་དོ། །དེ་ཇི་ལྟར་ཟབ་པ་རྣམ་པ་བརྒྱད་ཡིན་ཞེ་ན། །སྒྱེ་བ་དང་ནི་འགག་པ་དང། །དེ་བཞིན་ཉིད་དང་ཤེས་བྱ་དང། །ཤེས་དང་སྤྱོད་དང་གཉིས་མེད་དང། །ཐབས་མཁས་པ་ལ ་ཟབ་པ་ཉིད་ཅེས་བྱ་བ་གསུངས་ཏེ། གཉིས་སུ་མེད་པ་དང་ཐབས་ལ་མཁས་པ་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེ་བའོ། །དེའི་ཕྱིར་དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཟབ་ལགས་སོ་ཞེས་བྱ་བའི་བར ་གྱིས་ནི་རབ་འབྱོར་གྱིས་ཟབ་པ་ཉིད་ཀྱི་སྐབས་སྟོན་པར་བྱེད་དོ། གཞན་ལས་ཞེས་བྱ་བ་ནི་དེ་དག་མ་ཡིན་པའོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ནས། ཐབས་ལ་མཁས་པའི་ཞེས་བྱ་བའི་བར་གྱིས་ནི་ཟབ་པ་རྣམ་པ་བརྒྱད་གསུངས་ཏེ། ་སེམས་གང་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འཁྲུལ་པའི་བདག་ཉིད་དོ། །འགག་པ་ཞེས་བྱ་བ་ནི་རྒྱུན་ཟད་པའི་ཕྱིར་འགོག་པའོ། །མ་ལགས་ཞེས་བྱ་བ་ནི་མ་ཡིན་པའི་དོན་ཏོ། འཁྲུལ་པའི་རྒྱུ་གཉིས་སུ་མངོན་པར་ཞེན་པ་ཟད་པའི་ཕྱིར་རོ།། ་ཞེས་དགོངས་སོ། །འདི་ནི་སྐྱེ་བཟད་པའོ། །སེམས་གང་སྐྱེ་བ་ཞེས་བྱ་བ་ནི་འཁྲུལ་པ་མེད་པ་སྟེ། འཁྲུལ་བ་ཆད་པས་སེམས་ལ་རགས་ལས་བ་ཉིད་ཀྱི་ཕྱིར་སེམས་སྐྱེའོ་ཞེས་དགོངས་སོ། །འགག་པའི་ཆོས་ཅན་ཞེས་བྱ་བ་ནི་སྐད་ཅིག་མ་རེ་རེ་ལ་ཞེས་དགོངས་སོ།། ་འགོག་པ་ཞེས་བྱ་བ་ནི་རྒྱུན་འགག་པ་ཞེས་དགོངས་སོ། །མ་ལགས་སོ་ཞེས་བྱ་བ་ནི་རང་གི་དང་གིས་སྐྱེ་བ་སྟེ། སྨོན་ལམ་ལ་སོགས་པའི་ཁྱད་པར་དང། བཅས་པས་འགག་པ་མེད་པར་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །སེམས་གང་མ་བྱུང་ཞེས་བྱ་བ ་ནི་སྐྱེ་བ་ཟབ་པ་གང་གསུངས་པའོ། །གང་འགག་པའི་ཆོས་ཅན་ཞེས་བྱ་བ་ནི་འདས་མ་ཐག་པར་གང་བསྟན་པའོ། །གང་འགག་པའི་ཆོས་ཞེས་འདིར་ཡང་བརྗོད་པ་ནི་དེ་འདས་པར་འགྱུར་བའོ། །གང་སེམས་ཞེས་བྱ་བ་ནི་གང་སེམས་ཀྱི་རྒྱུན་ནོ། །མ་བྱུང་མ ་འགག་པའི་ཆོས་ཅན་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པ་གནས་སོ། །ཆོས་གང་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་བརྗོད་པའི་འགོག་པའོ། །ངོ་བོ་ཉིད་ཀྱིས་འགག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་འགག་པའོ། །ཆོས་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་དོ། །འདི ་ནི་འགག་བཟའ་བའོ། །དེ་བཞིན་དུ་གནས་སམ་ཞེས་བྱ་བ་ནི་ནམ་ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ་དེ་བཞིན་ཉིད་ཐེར་ཐུག་པར་མི་འགྱུར་རམ་ཞེ་ན། ས་ལགས་སོ་ཞེས་བྱ་བ་སྨོས་ཏེ། རྒྱུན་གྱིས་རྟག་པའི་ཕྱིར་རོ་ཞེས་དགོངས་སོ། །དེ་བཞིན་ཉིད་ཟབ ་ཅེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་ཀྱང་ཕྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་དེ་བཞིན་ཉིད་ཟབ་བའོ། །དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་བྱ་བ་ནི་དེ་ཤེས་པ་ཉིད་གྱི་ཕྱིར་དེའི་རྟེན་ཡིན་ནོ། །མ་ལགས་སོ་ཞེས་བྱ་བ་ནི་ཤེས་པ་ལས་ཤེས་བྱ་ཐ་དད་པ་ཉིད་དུ་མི་རིག་ ་པའི་ཕྱིར་རོ། །སེམས་དེ་དེ་བཞིན་ཉིད་ཡིན་ནམ་ཞེས་བྱ་བ་ནི། མཚན་ཅིང་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །དེ་བཞིན་ཉིད་ལས་གུར་ན་ཡོད་དམ་ཞེས་བྱ་བ་ནི་མཚན་ཉིད་ཐ་དང་བ་ཉིད་ཀྱིས་སོ། །མ་ལགས་སོ་ཞེས་བྱ་བ་ནི་མཚན་ཉིད ་ཐ་དང་ཀྱང་དེའི་བདག་ཉིད་ཀྱིས་སོ། །དེའི་ཕྱིར་གཟུང་བར་བྱ་བ་ཡིན་ཡང་ད་བཞིན་ཉིད་ཅེས་བྱ་བ་མ་ཡིན་ཏེ། འདི་ནི་ཤེས་བྱ་བ་ཟབ་བའོ། །ཡང་དག་བར་རྗེས་སུ་མཐོང་དམ་ཞེས་བྱ་བ་ནི་སེམས་ཀྱི་ངོ་བོའོ། །མ་ལགས་སོ་ཞེས་བྱ་བ་ནི་འཛིན ་པར་བྱེད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཛིན་བར་བྱེད་པ་མ་ཡིན་ཡང་སེམས་ནི་རིག་པར་བྱེད་པ་སྟེ། །འདི་ནི་ཤེས་བ་ཟབ་བའོ། །ཟབ་མོ་ལ་སྤྱོད་དམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་དོན་ལའོ། །ཡོངས་སུ་རྒྱུ་བ ་ནི་དམིགས་པའི་མཆན་མ་ལའོ། །མི་འཇུག་པ་ནི་མི་འབྱུང་བའོ། །རྒྱ་བར་འགྱུར་བ་མ་མཆིས་པ་ནི་མ་སྣང་བའོ། །འདི་ནི་སྤྱོད་པ་ཟབ་པའོ། །མཚན་མ་ལ་སྤྱོད་དམ་ཞེས་བྱ་བ་ནི་གཉིས་ཀྱི་མཚན་མ་འམ། གཉིས་མ་ཡིན་པའི་མཚན་མ་ལའོ།། ་མ་ལགས་སོ་ཞེས་བྱ་བ་ནི་གཉིས་ཀྱི་མཚན་མ་མེད་པ་དང། གཉིས་མ་ཡིན་པའི་མཚན་མ་མེད་བའོ། །མཚན་མ་ཞེས་བྱ་བ་ནི་གཉིས་དང་གཉིས་མ་ཡིན་པའི་མཚན་མའོ། །མ་བསྒོམས་སམ་ཞེས་བྱ་བ་ནི་མ་སྤངས་བའོ། །མ་ལགས་སོ་ཞེས་བྱ ་བ་ནི་སྤངས་པ་ཉིད་ཅེས་བྱའོ། །འདི་ནི་གཉིས་མེད་པའི་ཟབ་བའོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་ཡད་དོ། །མཚན་མ་རྣམ་པར་ཤིག་པར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པར་ཞེས་བྱ་བར་དགོངས་སོ། །རབ་འབྱོར་གྱིས ་ལན་གསོལ་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཉིད་དུ་ཞེས་བྱ་བ་ནི་སྐྱེ་བ་ཉིད་དུའོ། །ཅིའི་ཕྱིར་ཞེ་ན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་སུ་འགྱུར་རོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་བའི་བྱང་ཆུབ་ཏུ་མི་འགྱུར་བའོ། །བཅོཾ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །མཚན་ཉིད་གང་ལགས་བའི་མཚན་མ་ཞེས་བྱ་བ་ནི་གང་ཆོས་ཀྱི་མཚན་མ་དང། གང་ཆོས་ཉིད་ཀྱི་མཚན་མ་དེ་ཐམས་ཅད་ཤེས་པའོ། །ཡོངས་སུ་འདྲིས་པ་ནི་དགྱ་པ་ཙམ་བྱེད་བའོ། །འདི་ནི་ཐབས་ལ ་མཁས་པའི་ཟབ་བའོ། །དེ་ལ་ཟབ་པ་བརྒྱད་ནི་བྱང་ཆུབ་དང་རྒྱང་རིང་བ་ཡིན་ལ་ལྷག་མ་ནི་ཉེ་བ་ཡིན་ནོ་ཞེས་ཟབ་པ་བརྒྱད་བསྟན་ཏོ། །སློབ་པ་ཕྱིར་མི་ལྡོག་བའི་ཚོགས་བསྟན་ནས། སྲིད་བ་དང་ཞི་བ་མཉམ་པ་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། ་ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་པ་ཞི་བ་མི་རྟོག་པ། །ཞེས་གསུངས་པ་ལ། འདི་ནི་འཁོར་བ། འདི་ནི་མྱ་ངན་ལས་འདས་པ་ཞེས་ཐ་དད་པར་བརྟགས་པ་འཁོར་བ་དང། མྱ་ངན་ལས་འདས་པ་མཉེས་པ་ཉིད་དུ་ཤེས་པ་བསྒོམ་པའི་ལམ་སྟེ། དེ ་དག་མི་དམིགས་པའ་ཕྱིར་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་ངོ། །ཡང་དག་པ་མ་ཡིན་པས་ཀུན་རྟོག་པ་ནི་འཁོར་བ་ཡིན་པར་བྱེད་པ་དེ་ཡང་འཁྲུལ་པ་ཙམ་སྟེ། འཁྲུལ་བ་ཟད་ན་མྱ་ངན་ལས་འདས་པ་མ་ཡིན་ནམ་ཡང་གི་ཚེ་དེ་དག་མཉམ་པ་ཉིད་དུ་ཤེས ་གལ་ཏེ་བསྒོམ་བའི་ལམ་མངོན་དུ་གྱུར་པ་ན་ཆོས་ཐམས་ཅད་བ་དང། མེད་པར་ཡང་དག་པར་ཤེས་པ་ལ་སོགས་པ་ཡིན་ནོ་ཞེ་ན། འདི་ནི་མཐོང་བའི་ལམ་ལས་ཡོད་ན་དེ་ལས་བསྒོམ་པའི་ལམ་ཁྱད་པར་ཅི་ཞིག་ཡོད། །དེ་བས་ན་དེ་ལ་ཁྱབ་པས་དེ་ནི་མཉམ ་བ་ཉིད་དུ་ཤེས་པར་གཟུང་ངོ་ཞེ་ན། དེ་ཡང་མི་དམིགས་ཏེ་ལྡང་བའི་ཤེས་པ་ནི་འཁྲུལ་པ་སྟེ། རྨི་ལམ་དང་འདྲ་བ་ཉིད་ཀྱི་ཕྱིར་རྨི་ལམ་མོ། །སྒོམ་པའི་ལམ་ཉིད་ཡང་དག་པའི་ཡེ་ཤེས་ནི་ཉིན་པར་དང་འདྲ་བ་ཉིད་ཀྱི་ཕྱིར་ཉིན་པར་རོ། །དེ་གང་གི་ཚེ་ལྡན་པར? ་འགྱུར་ཞེ་ན། ཉིན་པར་ཁྱད་བར་དུ་གོམས་བར་གྱུར་ན། རྨི་ལམ་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ཏེ། དེ་ནི་མང་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་བྱ་བ་ནས། རྣམ་པར་འཕེལ་ལམ་ཞེས་བྱ་བའི་བར་གྱིས་དྲིས་པའོ། ། ་རབ་འབྱོར་གྱིས་སྨྲས་པ་ཞེས་བྱ་བ་ནས་རྒྱས་པར་འགྱུར་ཞེས་བྱ་བའི་ལན་ཏེ། རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་བའི་ཁྱད་པར་ཏེ། རྣམ་པར་མི་རྟོག་པ་དང་ཁྱད་པར་མེད་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས ་བ་ཞེས་བྱ་བ་ནི་བསྒོམས་པའི་ལམ་ལ་གོམས་པའོ། །འདིར་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་ཤེས་བའོ། །ཤཱ་རིའི་བུས་སྨས་བ་ཞེས་བྱ་བ་ལ་སོགས་བ་ལ། འདིར་རྨི་ལམ་གྱི་སྒྲས་ནི་རྨི་ལམ་ཉིད་བརྗོད་དོ། ཟད་བའི་འདུ་ཤེས་ཞེས་བྱ་བ་ལ་ཟད ་བ་ནི་མྱ་ངན་འདས་བ་སྟེ་།དེའི་འདུ་ཤེས་སུ་བརྗོད་དོ། །ཡང་དག་བའི་དོན་དུ་རྟོག་པ་ནི་རྟོག་བའོ། །ལོག་པ་ནི་རྣམ་པར་རྟོག་བའོ། །དེ་གཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བ་དང། དེ་བཞིན་གཤེགས་པ་དང་འདྲ་བའོ། །སེམས་དང་སེམས་པ་དང། བླ་དང་རྣམ ་པར་རྟོག་པ་ཞེས་པ་ནི་དོན་གཅིག་གོ་།དབེན་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའོ། །བློ་འཁྲུལ་པ་མེད་པ་ཉིད་མཚན་མར་བྱས་ནས་དམིགས་བར་བྱེད་དོ། །སེམས་པ་ཞེས་བྱ་བ་ནི་རྟོག་བར་སླའོ། །ལུས་ཀྱི་མངོན་སུམ་དུ་ཞེས་བྱ་བ་ནི་ལུས་ཀྱི་བརྟེན་ནོ། །དེའི ་ཕྱིར་ལོག་བ་ནི་ལུས་ཀྱི་མངོན་སུམ་དུ་གྱུར་པའོ། །ལུས་ཀྱང་མངོན་སུམ་དུ་གྱུར་བས་དོན་འདི་ཞེས་བྱ་བ་ནི་རྒོལ་བ་འདིའོ། །ལན་ལྡོན་པར་འགྱུར་རོ་ཞེས་བྱ་བ་ནི་ལན་འདེབས་པར་འགྱུར་བའོ། །མ་པམ་པ་ནི་བྱམས་པ་ཞེས་བྱ་བའི་རྣམས་གྲངས་སོ། །ཆོས ་གང་ལན་འདོན་པར་བྱེད་པ་ཞེས་བྱ་བ་ནི་བྱམས་པའོ། །ལན་གླན་པར་བྱ་བ་ཞེས་བྱ་བ་ནི་དྲིས་པའོ། །ཆོས་གང་གིས་ཞེས་བྱ་བ་ནི་ཚིག་གོ་།ཆོས་གང་གིས་ཞེས་བྱ་བ་ནི་ཤཱ་རིའི་དུའིའོ། །སྐྲག་པ་སྐྱེད་པ་ནི་སྒྲག་པ་སྐྱེས་བའོ། །ཡང་དག་པར ་སྐྲག་པར་སྐྱེས་པ་ནི་དངང་པའོ། །སྐྲག་པ་དེ་རྒྱུན་སྐྱེས་བ་ནི་ཤིན་ཏུ་དངང་བའོ། །སྟོབས་བསྐྱེད་བ་ནི་བསྒོམ་བའི་སྟོབས་ཀྱིས་བག་ཆགས་སོ། །འདིར་བསྟན་བཅོས་ལས། ལས་མེད་ལ་སོགས་ཀླ་ན་ཀ་ཡི། །ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་བྱད ་གསུངས་ཏེ། འདི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ལ་རྒལ་བའི་ལན་ནོ། །ཞིང་དག་བ་བླ་ན་མེད་བ་བརྡོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་བདག་པ ་བསྒྲུབ་པ་ཡི། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བྱ་བ་གསུངས་ཏེ། གང་གི་ཚོ་གང་དུ་སངས་རྒྱས་གཅིག་འབྱུང་བ་དེ་ནི་སངས་རྒྱས་ཀྱི་ཞིང་སྟེ། དེ་དག་པ་ནི་ཡོངས་སུ་དག་པའོ། དེ་གང་དུ་འབྱུང་ཞེ་ན། དག་པའི་འཇིག་རྟེན་སྣང་བར་རོ། །གང་མ ་དག་པ་ནི་ཅན་གཟན་དང། ཆོམ་རྐུན་ལ་སོགས་པའོ། །གང་དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་མ་དག་པ་ནི་གདན་གཟན་གྱི་དགོན་པ་ལ་སོགས་པའོ། །དེ་ལ་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སངས་རྒྱས་པ་བསྒྲུབ་པའི་ཕྱིར། ཡུམ་ཚན་མདོག ་པས་བདག་གི་སངས་རྒྱས་ཀྱི་ཞིང་རྣམ་པ་ཐམས་ཅད་དུ་འདི་ལྟ་བུར་མ་གྱུར་ཅིག་ཅེས་འདི་དྡག་རྒྱས་པར་གསུངས་སོ། །འདིར་མདོར་བསྡུས་པ་ནི་གཞན་ཡང་ཤཱ་རིའི་བུ་ཞེས་བྱ་བ་ནས། ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་?་དུ་གསུངས་པ་ལ་།སྐྲག་པ་ལ ་སོགས་པ་དགག་པ་བསྟན་ནས་དེ་ཉིད་ལ་བལྟོས་ཏེ་གཞན་ཡང་ཞེས་བྱ་བའི་སྒྲ་བརྗོད་པར་བྱ་སྟེ། བགྲོད་དཀའ་བའི་ས་ནི་དགོན་པའོ། །གཅན་གཟན་གྱི་མཚོན་པའི་དགོན་པ་ནི་གཅན་ཟླན་གྱི་དགོན་པའོ། །ཆོས་སྦྱངས་པའི་དགོན་པ་ནི་ཆུ་དགོན་བའོ ་གལ་ཏེ་འམ་འོན་ཏེའི་སྒྲ་ནི་གལ་ཏེའི་དོན་ཏོ། །ལྷའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ནི་བདག་གི་སངས་རྒྱས་ཀྱི་ཞིང་དུ་ཐམས་ཅད་ཅེས་བྱ་བ་དང་སྦྱར་ཏེ། ཁྲག་ལ་སོགས་པའི་བཟའ་བ་བརྩལ་བར་བསྟན་པ་ཡིན་ནོ། །བདོག་པ་ཐམས་ཅད་ཉིད ་ཡོངས་སུ་གཏོང་བའི་དག་བའི་རྩ་བའོ། །གང་འདི་ན་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །བདེ་བ་དང་ལྡན་པ་ཞེས་བྱ་བ་ནི་བདེ་བ་ཡོད་པའོ། །བདེ་བ་དང་ཕྲད་པ་ནི་འདི་དག་ལ་བདེ་བ་གཏོང་བ་ཡོད་པ་ནི་བདེ་བ་དང་ཕྲད་པར་འགྱུར་བའོ། །ཐམས་ཅད་ནི་ཐམས་དུ་? ་ནད་ཀྱི་དགེན་བ་ནི་འགོ་བའི་ནད་དོ། །དེ་ཙམ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་བའི་ཚད་དོ། །སྔོན་གྱི་མཛའ་མེད་པ་ནི་འདི་ལྟ་སྟེ། མཛའ་མེད་བའོ། །ཆ་ཤས་མེད་པའི་སྐད་ཅིག་མ་ལན་མཛའ་ཡོད་པ་མ་ཡིན་པའོ། །དེ་འདི་ཞེས་པ ་ནི་གང་ཡང་ཞེས་བྱ་བའི་དོན་ཏེ། །མ་བྱུང་བ་ནི་སོན་མེད་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ལས་གསུངས་སོ། །འདི་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །དེ་ནས་ལ་སོང་དར་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གྱིས་ནི་དེ་ལ ་བསྟན་པ་ལས་བྱུང་བ་དེ་གསུངས་པ་ལ། ཆགས་པ་མེད་པ་ཞེས་བྱ་བ་ནི་མ་རེག་པར་བར་སྣང་བའོ། །ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའ་ཁོན་ལའོ། །ཡོངས་སུ་གྲུབ་པ་དབང་དུ་གྱུར་པའོ། །ཚད་ཡོད་པ་ནི་ཚད་ངེས་པའོ། །མ་ལེགས་པར་འགྱུར་པ ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་གནོད་པའོ། །ལྷག་མ་ནི་རྟོགས་སླའོ། །སྲིང་མོ་གངྒཱའི་ལྟ་མོས་མཚོན་པ་ནི་ལེའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲེལ་སློབ་དཔོན་རིན་ཆེན ་འབྱུང་གནས་ཞེ་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་བཅུ་དགུ་བའོ།། །།ཞིང་ཡོངས་སུ་དག་པ་བསྟན་ནས། ཐབས་ལ་མཁས་པ་བརྗོད་པར་བྱ་སྟེ། དོའི་ཕྱིར་བསྟན་བཅོས་ལས་འདི་མི་ཡུལ་དང ་སྦྱན་པ་སྟེ། དགྲ་རྣམས་ལས་ནི་འདས་པ་དང། །མི་གནས་ཇི་བཞིན་ཤུགས་དང་ན། །ཐུན་མོང་མ་ཡིན་མཚན་ཉིད་དང། །མཆགས་པ་དང་མི་དམིགས་དང། །མཚན་མ་སྨོན་ལམ་ཟད་པ་དང། །དེ་ཡི་རྟགས་དང་མཚན་མེད་པ། །ཐབས་ལ ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བ་གསུངས་ཏེ། །ཐབས་ལས་མཁས་བའི་དའི་ཡུལ་ནི་ཐོག་མར་བརྗོད་བར་བྱ་སྟེ། དེ་ནས་ཐོག་མ་གོམས་བར་བྱའི་སྦྱོར་བའོ། །དེ་ནས་རབ་ཏུ་དབྱེ་བ་རྣམ་པ་བཅུ་སྟེ། དགྲ་རྣམ་ལས་འབས་པ་ལ་སོགས་པའོ། །གང་ལ ་མཚན་མ་དང་སྨོན་ལམ་ཟད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ཡུལ་གསུངས་སོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་དེས་ནི་མཚན་མེ་མེད་པ་དང། སྨོན་བ་དང། ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཉེ་བར་མཚོན་པའི་ཕྱིར། སྟོང་པ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ནི་རྒྱུན་ནོ། །ཇི་ལྟར་བརྟགས་པར་བྱ་ཞེ་ན། གཟུགས་ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་སྟོབ་?་ཉིད་དོ། །ཆོས་ཉིད་ཅེས་བྱ་བ ་ནས་བ་ཀྱི་དང་བཞིན་ནོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་ཀྱི་སྙིང་པོར་གྱུར་པས་སོ། །ཡང་དག་པའི་མཛའ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་ཏུ་གྱུར་པ་ནི་ཡང་དག་པའི་མཛའ་ཨོ། །འདི་ནི་ཐབས་ལ་མཁས་པའི་ཡུལ་ལ་ད་སྐད་ཅེས་བཀའ་སྩལ་བ་དང་ཤེས་བྱ་བ ་ནས་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་བ་ལ། མཉམ་བར་མ་བཞག་པ་ཞེས་པ་ནི་མངོན་སུམ་དུ་བྱ་བ་ལ་མི་འཇུག་པ་ཉིད་དོ། །སྐབས་དེར་ཞེས་བྱ་བ་ནི་འདིའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་མིན་པའི་བར་དུའོ། །དེ་ལྟར ་ཞེས་བྱ་བ་ནི་གསུངས་པའི་རིམ་པས་སོ། །བསྐྱེད་པ་ནི་ཉེ་བར་བསགས་པའོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་ཐབས་ལ་མཁས་པའི་སྦྱོང་བའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། མངོན་སུམ་དུ་བྱས་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ ་ལ། དཔའ་བ་ནི་འཇིགས་པ་མེད་པའོ། །རྩལ་ཆེ་བ་ནི་སྤྱོ་བའོ། །བརྟན་པ་ནི་རབ་ཏུ་གནས་པའོ། །སྤོབས་པ་ནི་སྨྲ་བར་ནུས་བའོ། །ནམ་མཉན་ནི་བསྒྲུབ་པའོ། །གང་དུ་ཡུལ་ལ་སོགས་བའི་གསུངས་པ། དེ་ཤེས་པ་ནི་ཡུལ་ལ་སོགས་པ་ཤེས་བའོ། །མཐར ་ཕྱིན་པ་ནི་ལུས་དང། ངག་དང་ཡིད་ལས་སུ་རུང་བའོ། །དེར་གྱུར་པ་ནི་ཐོབ་པའོ། །མཚོན་ཆ་དང་གོ་ཆ་ཞེས་བྱ་བ་ནི་ཁྲབ་ལ་སོགས་བའོ། །དྲིན་པ་དང་ལྡན་པ་གྱུར་བ་ནི་རྗེད་པ་མེད་པའོ། །བློ་གྲོས་ནི་རྟོག་པའོ། །རྟོགས་པ་ཆེན་པ་ཤེས་པའོ། །འཇིག་པ ་མེད་པ་ནི་མཁས་པའོ། །འདི་ནི་དགྲ་ཉིད་ཡིན་པས་ནི་དགྲ་དེ་བར་དུ་གཅོད་པའོ། །དེ་དག་ལས་འདས་པ་ཚད་མེད་པ་རྣམ་པ་བཞིས་སོ། །འདི་ནི་ཐབས་ལ་མཁས་པ་དང་པོའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་མི་ལྟུང་ངོ་ཞེས་བྱ ་བའི་བར་གྱིས་གསུངས་པ་ལ། རྒྱུ་བ་ཞེས་བྱ་བ་ནི་འགྲོ་བའོ། །ས་ལ་མི་ལྟུང་ངོ་ཞེས་བྱ་བ་ནི་རྟེན་པ་དང་གནས་པའོ། །ཅི་ལ་མི་བརྟེན་ཞེས་བྱ་བ་ནི་གནས་པ་དང་བརྟེན་པ་ལ་འགོག་པའོ། །གནས་པ་ཞེས་བྱ་བ་ནི་འདུག་པའོ། །དེ་ལ་ཡང་མི་བརྟན་མི་གནས་སོ ་ཞེས་བྱ་བ་ནི་ཐོབ་པ་འགོག་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་གནས་པ་ལ་མི་བརྟེན་པའོ། །མི་ལྟུང་ངོ་ཞེས་བྱ་བ་ནི་གནས་པ་མེད་པའི་ཕྱིར་ཏེ། མི་ལྟུང་ངོ་ཞེས་བྱ་བ་ནི་གནས་པ་མེད་པ་ཞེས་བྱ་བ་ནི་དོན་ཏོ། །འདི་ནི་བརྟེན་པ་དང། གནས་པ་བཀག་པ་མི ་གནས་པའི་ཐབས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། མངོན་སུམ་དུ་མི་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་བ་ལ། བཟློག་པ་ཞེས་བྱ་བ་ནི་ནམ་མཁའ་ཉིད་ལ་འཇོག་བའོ། །ལྟུང་དུ་མི་སྟེར་ཞེས་བྱ་བ་ནི་ལྡོག་ཏུ་མི་སྟེར་བའོ། །མདའ ་འཕངས་པའི་ཤུགས་ཀྱིས་ཡུན་རིང་པོར་ལྟུང་དུ་མེ་སྟེར་བའོ། །དེ་བཞིན་དུ་འདི་ནི་སངས་རྒྱས་ཀྱིས་ཆོས་ཡོངས་སུ་མ་སྨིན་པར་བར་མདོར་རྟོགས་པ་དེ་སེམས་དང་སེམས་གཞན་གྱི་ཤུགས་ཀྱིས་མངོན་སུམ་དུ་མི་བྱེད་དོ། །དེ་ལས་འདའ་བའ་ཨི་ཚུལ་གྱིས ་ཤུགས་ཀྱི་ཐབས་ལ་མཁས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། ཡང་དག་པའི་མཛའ་མངོན་སུམ་དུ་མི་བྱེད་དོ། །ཞེས་བྱ་བའི་བར་གྱིས་གསུངས་པ་ལ། སྤྱོད་ཅིང་ཞེས་བྱ་བ་ནི་ཞི་གནས་རྒྱས་སོ། །གནས་ཏེ་ཞེས་བྱ་བ་ནི་ལྷག ་མཐོང་གིས་སོ། །ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཞེས་བྱ་བ་ནི་གཉིས་ཀ་དག་གིས་སོ། །དེ་རང་གིས་ཞེས་བྱ་བ་ནི་གང་གི་སོ། །མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་རྗོད་པར་བྱེད་པའོ། །ཏིང་ངེ་འཛིན་ཡང་ཡིན་ལ་རྣམ་པར་ཐར་པའི་སྒོ་ཡང་ཡིན་པས་རྣམ ་པར་ཐར་བའི་སྒོའི་ཏིང་ངེ་འཛིན་ཏེ། གྲོལ་བའི་སྒོ་ཡིན་པའི་ཕྱིར་རོ། །སེམས་བསྐྱེད་པ་ནི་སེམས་མངོན་པར་བསྒྲུབ་པ་འོ། །འདིས་ན་འདི་དཀའ་བར་བྱེད་པའོ། །དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པའི་ཐབས་མཁས ་བས་སོ། །གཞན་ཡང་རབ་འབྱོར་ནམ་ཞེས་བྱ་བ་ནས། འཐོབ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ་།སེམས་ཅན་ནི་བདག་དང་སྐྱེས་བུའོ། །དབང་པོ་རྣམས་ནི་དད་པ་ལ་སོགས་པའོ། །སྟོབས་རྣམས་ཀྱང་ལྔ་ཉིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས ་ནི་བདུན་ཉིད་དོ། །ལམ་ནི་ཡན་ལག་བརྒྱད་དོ། །སེམས་ཅན་དུ་ལྟ་བ་ནི་ཆགས་པའོ། །སེམས་ཅན་རྣམས་ཀྱི་དེ་སྤང་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་ནས་དམ་པའི་ཆོས་བསྟན་པར་བྱའོ་ཞེས་ཆགས་པ་མེད་པའི་སྟོང་པ་ཉིད་ལ་སོགས་པ་ལ་སྙོམས ་པར་ཞུགས་པའི་ཕྱིར་མ་ཆགས་པའོ། །དེ་དང་ལྡན་པ་ཡིན་པའི་ཕྱིར་མ་ཆགས་པའི་ཐབས་ལ་མཁས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཆོས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ཁམས་ལ་སོགས་པ ་ཐམས་ཅད་ཀྱི་འདུ་ཤེས་སོ། །དེ་ནི་དམིགས་པའོ། །དེ་དག་སྤངས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ཡང་སྟོང་པ་ཉིད་ལ་སོགས་པ་ལ་སྙོམས་པར་ཞུགས་པའི་མི་དམིགས་པའོ། །དེ་དག་དང་ལྡན་པ་ནི་མི་དམིགས་པའི་ཐབས་ལ་མཁས་པའོ།། ་གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། བུད་མེད་དང། སྐྱེས་པ་དང། གཟུགས་དང། སྒྲ་རྣམས་ནི་འདུ་ཤེས་ཀྱི་མཚན་མའོ། །དེ་དག་སྤང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ ་བཞིན་དུ་མཚན་མ་མེད་པ་ལ་སྙོམས་པར་ཞུགས་པ་ནི་མཚན་མ་མེད་པའོ། །དེ་དང་ལྡན་པ་ནི་མཚན་མེད་པའི་ཐབས་ལ་མཁས་བའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་འཐོབ་པར་འགྱུར་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ལྷ་དང་བརྒྱ ་བྱིན་དང་འཁོར་ལོ་སྒྱར་བར་གྱུར་ཅིག་ཅེས་བྱ་བ་མ་སོགས་པ་སྲིད་བའི་ལོངས་སྤྱོད་འདོད་བ་ནི་སྨོན་བའོ། །དེའི་རྩ་བ་ནི་ཕྱིན་ཅི་ལོག་རྣམ་པ་བཞིའོ། །ཕྱིན་ཅི་ལེག་དེ་ལྡང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ནི ་སྨོན་པ་སྟེ་དེ་དང་ལྡན་པ་ནི་སྨོན་པ་མེད་བའི་ཐབས་ལ་མཁས་བའོ། །རབ་འབྱོར་ཞེས་བྱ་བ་ནས། གོ་སྐབ་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མི་དམིགས་པ་ལ་སོགས་པའི་ཐབས་ལ་མཁས་པ་རྣམ་པར་ཐར་བ་སྒོ་གསུམ་གྱི་ཡུལ ་བསྟན་ནས། འདིའི་མངོན་པར་འདུ་མི་བྱེད་པ་ལ་སོགས་པའི་ཁྱད་པར་གྱི་ཡུལ་རྫོགས་ཏེ། ད་ནི་དེ་བརྗོད་པར་བྱ་སྟེ། མངོན་པརའདུ་མི་བྱེད་པར་ལྟུང་དེ་ཞེས་བྱ་བ་ནི་དམན་པའི་བྱང་ཆུབ་ཏུའོ། །ཁམས་གསུམ་པ་དང་ཞེས་བྱ་བ་ནི་འཁོར་བ་ཉིད་དོ། །རབ ་འབྱོར་དེ་བཞིན་དུ་ཞེས་བྱ་བ་ནས། མི་གནོད་པའི་ཕྱིར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་མངོན ་བར་ཤེས་པ་ལ་དེ་བར་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལྟར་བསྒྲུབ་པ་དང། ཇི་ལྟར་འདྲིས་པར་བྱ་བ་ཞེས་གལ་ཏེ་དེ་སྐད་ཅེས་འདྲི་ན་སྟོང་བ་ཉིད་ལ་སོགས་པ་ཉིད་ལ་བསྒོམ་པ་དང། ཡོངས་སུ་འདེས་པར་གྱིས་ལ་མངོན ་སུམ་དུ་ནི་མ་བྱེད་ཅིག་།དེ་ཡང་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་མི་བཏང་ལ་སོགས་པའི་སེམས་ཀྱིས་སོ། །དེ་ལྟར་སྟོན་པ་དེ་ནི་ཕྱིར་མི་ལྡོག་པའི་རྟགས་སོ། །དེའི་ཕྱིར་འདི་ལ་དེའི་རྟགས་སྟོན་པ་ནི་དེའི་རྟགས་ཀྱི་ཟབས་ལ ་མཁས་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་མི་འཕྲོགས་བའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། བྱང་ཆུབ་ཀྱི་ཕྱིར་སྦྱོད་པ་མང་ཡང་དེ་ལྟར་ཤེས་ཤིང་དེ་ལྟར་ལན་ལྡོན་པ་གང་ཡིན་པ་དེ་དག་ནི་ཉུང་ངོ། །དེ་དག་ནི་ཕྱིར ་མི་ལྡོག་པར་ལུང་བསྟན་པས། ལྷ་དང་མི་དང་ལྷམ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་ཏེ། གང་གི་ཕྱིར་ཅུང་བདེའི་ཕྱིར། ཚད་ཡོད་པའོ། །འདི་ནི་ཚད་མེད་པའི་ཐབས་ལ་མཁས་པའོ། །དེ་བས་ན་དེ་ལྟར་དགུ་བའི་ཆེད་ནས་གཟུང་ནས། ཉི་ཤུ་བའི ་ཕྱེད་སྔ་མའི་བར་གྱིས་བཅུ་གཅིག་གིས་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །དེའ?་འོག་ཏུ་རྩེ་མོའི་མངོན་བར་རྟོག་པ་?་པར་བྱ་སྟེ། དེའི་ཕྱེར་དེའི་རྟགས་དང་རྣམ་འཕེལ་དང། །བརྟན་དང་སེམས་ཀུན་གནས་པ་དང། །མཐོང་ཞེས་བྱ་དང ་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་བསྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་ཞེས་བྱ་བ། །ཚིགས་སུ་བཅད་པ་གཉིས་དང། ་ཡི་གེ་དྲུག་གིས་འདི་སྔར་མདོར་བསྟན་ཏོ་།དེ་ལ་དངོས་པོ་ནི་བརྒྱད་དོ། །རྟགས་དང། རྣམ་པར་འཕེལ་བ་དང། བརྟན་པ་དང། སེམས་ཀུན་ཏུ་གནས་པ་དང། མཐོང་བའི་ལམ་གྱི་མི་མཐུན་བའི་ཕྱོགས་ཀྱི་གཉེན་པོ་དང། བསྒོམ་པའི་ལམ་གྱི་མི ་མཐུན་བའི་ཕྱོགས་ཀྱི་གཉེན་པོ་དང། བར་ཆད་མེད་པའི་ཏིང་ངེ་འཛིན་དང། ལོག་པར་ལྟ་བའོ། །དོ་ལ་རྟགས་ཀྱི་དབང་དུ་བྱས་ནས་བསྟན་བཅོས་ལས། །རྨི་ལམ་ན་ཡང་ཆོས་རྣམ་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་བའི་སྦྱོར ་པ་རྣམས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་བྱ་བ་གསུངས་ཏེ། རྩེ་མོར་ཕྱིན་པ་ཞེས་བྱ་བ་ནི་རབ་ཀྱི་མཐར་ཕྱི་མ་བའོ། །སྦྱོར་བ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བའོ། །ཡང་རབ་འབྱོར་གལ་ཞེས་བྱ་བ་ནས་རིག་པར་བྱའོ ་ཞེས་བྱ་བའི་བར་གྱིས་གསུངས་པ། རྨི་ལམ་གྱི་ནང་ན་ཡང་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་མཐོང་བའོ། །མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བ་ནི་རྟགས་དང་བོའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་མཚན་ཉིད་དུ་རིག་པར་བྱའོ ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་གྱི་ནང་ན་ཡང་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་བ་འམ། ཁམས་གསུམ་ལ་འདོད་པར་མི་བྱེད་པ་ནི་གཉིས་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་གྱི་ནང་ན་ཡང་གཉི་གའི་དགེ་འདུན་གྱི་འཁོར་ཆེན་པོས་ཡོངས་སུ་སྐོར་ཅིང། བདག་ཉིད་དེ་བཞིན་གཤེགས་པར་མཐོང་བ་འདི་ནི་གསུམ་པའོ། །གཞན ་ཡང་རབ་འབྱོར་ཞེས་བྱ་བ་ནས་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་ན་ཡང་ནམ་མཁའ་ལ་མངོན་པར་འཕགས་ཏེ། སེམས་ཅན་རྣམས་ལ་ཆོས་སྟོང་པར་བྱེད་ཅིང། །འཇིག་རྟེན་གྱི་ཁམས་གཞན ་དག་ཏུ་སངས་རྒྱས་ཀྱི་མཛད་པ་བྱེད་ཅིང། དགེ་སློང་དག་མངོན་པར་སྤྲུལ་ཏེ། བདག་ཉིད་དེ་བཞིན་གཤེགས་བའི་ཤེས་པ་འདི་ནི་བཞི་པའོ། །གཞན་ཡང་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ་རྨི་ལམ་ན་ཡང་དག་ཉིད་དམ། གཞན་དག་ལ་གསོད་པ་དང། །གཅིང་པ་དང། མགོ་བ་ཅད་པ་ལ་སོགས་པར་མཐོང་ན་སྐྲག་པར་མི་འགྱུར་ཏེ། སང་ནས་ཀྱང་འདི་ལྟར་ཁམས་གསུམ་པ་འདི་དག་ནི་རྨི་ལམ་ལྟ་བུ་སྟེ། །བདག ་མངོན་པར་རྫོགས་པར་བྱང་ཆུབ་ནས་དེ་ལྟ་བུའི་ཆོས་བསྟན་པར་བྱའོ་ཞེས་བྱ་བ་འདི་ནི་ལྔ་བའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་རིག་པར་བྱའོ་ཞེས་བྱ་བའི་བར་གྱི་གསུངས་པ་ལ། རྨི་ལམ་ན་ཡང་དམྱལ་བ་ལ་སོགས་པའི ་སེམས་ཅན་མཐོང་ནས། འདི་སྙམ་དུ་འདི་ནས་བདག་མངོན་པར་རྫོགས་པར་སངས་རྒྱས་བའི་སངས་རྒྱས་ཀྱི་ཞིང་དེར། ངན་སོང་ཐནས་ཅད་མི་འབྱུང་བ་དེ་ལྟར་བྱའོ་ཞེས་བྱ་བ་ནི་དྲུག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་རིག་པར ་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། རྨི་ལམ་ན་གལ་ཏེ་གྲོང་ཚིག་བར་མཐོང་ན། སང་ནས་འདི་སྙམ་དུ་སེམས་ཏོ། ཇི་ལྟར་དེས་རྨི་ལམ་དུ་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚན་ཉིད་མཐོང་ནས། བདེན་པ་འདིས་གྲོང་ཚིག་པ་ལ་སོགས་པ་ཞི་བར ་གྱུར་ཅིག་ཅེས་བྱ་བ་ནས་གལ་ཏེ་ཞི་མིར་གྱུར་ན་དེ་ནི་རྟགས་བདུན་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གཉིས་གསུངས་པ་ལ། གལ་ཏེ་སེམས་ཅན་ལ་ལ་མི་མ་ཡིན་པས་ཟིན་ཅིང་ནོན་པ་ནང་དུ་ཞུགས་པའི་ཕྱིར་རོ། །དེ་ལ་བྱང་ཆུབ ་སེམས་དཔའ་ཨི་བྱིན་གྱིས་རླབས་བྱེད་པ་ནི་གལ་ཏེ་བདག་མངོན་གྱི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཅིང་མངོན་པར་རྫོགས་པར་བྱང་ཆུབ་ལ། བདག་གི་ལྷག་པའི་བསམ་པ་ཡོངས་སུ་དག་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ ་ཇི་ལྟར་མི་མཁྱེན་པ་ཅུང་ཟད་ཀྱང་མེད་པས། བདེན་པ་འདིས་མ་ཡིན་པ་འདི་གུད་དུ་སོང་ཤིག་ཅེས་བྱས་ནས། གལ་ཏེ་བདེན་བའི་བྱིན་གྱིས་བརླབས་དེས་གཞན་དུ་སོང་བ་དེ་ནི་རྟགས་བརྒྱད་པའོ། །ཐབས་ལ་མཁས་པ་ལ་དཔྱད་པ་ནི་ཡོངས་སུ་ཤེས་བའོ། །དེའི་དོན་གྱི ་ལེའུའི་ནི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་ལའི་དཀའ་འགྲེལ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ། སྙིང་པོ་མཆོག་ཅེས་བྱ་བ་ལེའུ་ཉི་ཤུ་བའོ།། །།ཡང་རབ ་འབྱོར་དེ་ལ་ཞེས་བྱ་བ་ལ་སོགས་པ་དེ་ནི་བདུད་ཀྱི་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ། དེ་དག་གི་སྐབས་གང་ཡིན་ཞེ་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་ད་པའ་བདེན་པའི་བྱིན་གྱིས་བརླབས་ཀྱིས་འབྲས་བུ་སྒྲུབ་པར་བྱེད་པ་ན་ལོག་པའི་ང་རྒྱལ ་བསྐྱེད་བའི་བདུད་མང་པོ་འབྱུང་བར་འགྱུར་ཏེ། དེ་ནི་འདིའི་སྐབས་སོ། །དེ་ལ་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བརྟན་པའི་བྱིན་ཡིས་བརླབས་སོ། །རྩོན་བར་བྱེད་དོ་ཞེས་བྱ་བ་ནི་བདུད་ཀྱི་རང་བཞིན་གྱི་སྐབས་བྱ་བར་དེའི་ཆེད་དུ་སྤྲོ་བའོ། །སྟོབས་ནི་སྤྲོ་བ་དང་ནུས་པའོ།། ་གཟི་བརྗིད་ནི་སྟོབས་ཀྱི་ནུས་པའི། །བརྩོན་པ་ནི་བདག་ཉིད་ཀྱི་ང་རྒྱལ་མེད་པའོ། །བརྙས་པ་ཞེས་བ?་བྱ་བ་ལ་སོགས་པ་ལ་བསྙས་པའི་ས་བུ་བའོ། །འཕྱ་བ་ནི་ཁོང་ནས་བཞད་གང་བྱེད་པའོ། །འཐིང་སླད་བྱེད་པ་ནི་ཡིད་ཀྱིས་བརྙས ་པར་བྱེད་པའི། །སྨོད་པ་ནི་ཉེས་པར་མཐོང་བའོ། །བཤུད་པར་བྱེད་པ་ནི་སྐྱོན་བརྗོད་པའོ། །ལུང་བསྟན་ཏོ་ཞེས་བྱ་བའི་སྒྲ་ནི་གཏན་ཆགས་སོ། །ང་རྒྱལ་བསྐྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་ལ། འདིར་ཡང་དག་པའི་སྒྲ་ནི་ཐམས་ཅད་དེ་ཞེས་བྱ་བའི་དོན་ཏོ།། ་བསྐྱེད་པར་འགྱུར་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །འཕལ་བར་བྱེད་པ་ནི་སྔོན་དུ་འགྲོ་བར་བྱེད་པའོ། །སྟོན་པར་བྱེད་པ་ན་བསྟན་པར་བྱེད་པའོ། །རྒྱས་པར་བྱེད་པ་ནི་རྒྱ་ཆེ་བར་བྱེད་བའོ། །འབྱུང་བར་བྱེད་པ་ནི་མཐོང་བར་བྱེད་བའོ། །དེ་ང་རྒྱལ་ཞེས་བྱ་བ་ལ་སོགས ་པའི། །གཞན་དག་ལས་སེམས་ལྷག་པར་མཐོ་བ་ཉིད་དུ་བྱེད་པ་ནི་ང་རྒྱལ་གྱི་སྤྱི་སྟེ། དེ་ནི་སྔར་བསྟན་ཏོ། །འདིར་ནི་དེ་དག་གི་ཁྱད་པར་བརྗོད་པར་བྱ་སྟེ། གང་དེ་དམན་པ་ལས་མཐོ་བར་སེམས་པ་དེ་ནི་ང་རྒྱལ་ལོ། །གང་མཉམ་པ་ལས་ལྷག་པར ་སེམས་པ་ད་ནི་ལྷག་པའི་ང་རྒྱལ་ལ། །གང་ཁྱད་གང་དུ་འཕགས་པ་ལས་ང་རྒྱལ་བ་ན་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཕྱིར་མི་ལྡོག་པ་ཉིད་མ་ཐོབ་པར་བདག་གིས་ཐོབ་བོ་ཞེས་སེམས་མཐོ་བ་དེ་ནི་མངོན་པའི་ང་རྒྱལ་ལོ། །གང་ཡང་ཕྱེར་མཆོག་པའི ་ཡོན་ཏན་མ་ཡིན་པ་ལ། །བདག་ལ་ཡོན་ཏན་ཡོང་ཞེས་པ་དེ་ནི་ལོག་པའི་རྒྱལ་ལོ། །དེ་ལྟར་བུའི་སེམས་ཅན་ཆེན་པོ་མཐོང་ན་ཞེས་འོག་མ་དང་སྦྱོར་བར་བྱའོ། །ལྷག་མ་ནི་དེ་དག་ཉིད་ཀྱི་ཁྱད་བར་རོ། །བདུད་ཀྱིས་བཅིངས་པ་དེ་ཉིད་ཅེས་བྱ་བ་ན་ང ་རྒྱལ་ལོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མེད་སྟོན་པ་ནི་མིང་བརྗོད་བའོ། །ཞེས་པ་ནི་དབང་པོ་?་བའོ། །དགོན་པ་ཞེས་བྱ་བ་ལ་སོགས་པ་ནི་སྦྱངས་པའི་ཡོན་ཏན་དག་གོ། །གོང་ལས་ཕྱི་རོལ་རྒྱད་གྲགས་ཀྱི ་ཕ་རོལ་ཏུ་ནི་དགོན་བའོ། །དེར་གནས་པ་ན་དགོན་པ་པའོ། །དེ་བསོད་སྙོམས་ཁོ་ན་ཟ་བས་ན་བསོད་སྙོམས་བའོ། །དེའི་ཕྱག་དར་ཁ་ན་གྱེན་པས་ན་ཕྱག་དར་ཁྲོད་བའོ། །ཉི་མ་ཕྱེད་དང། ཉ་བ་ཁོ་ན་ཟ་བས་ན། །ཕྱིས་མི་ལེན་པའོ། །སྟན་གཅིག་ཁོ་ན་ལ་ཟབས་ན། ་སྟན་གཅིག་པའོ། །ལན་ཅིག་བཏིང་བའི་སྟན་ལ་རྟག་ཏུ་ཉལ་བས་ན། གཞི་ཇི་བཞིན་པའོ། །ཆོས་གོས་གསུམ་ལས་ལྷག་པ་མེད་པས་མཆོས་གོས་གསུམ་བའོ། །དུར་ཁྲོད་དང་ཉེ་བ་ཁོན་ན་གནས་བས་དུར་ཁྲོད་པའོ། །ཤིང་དྲུང་ཁོ་ན་ན་གནས་པས་ཤིང ་?་བའོ། །མཆན་མོ་ཅོག་པུར་གནས་པས་ན་ཅོག་པུ་བའོ། །མ་བཀག་ཅིང་གོ་སྐབས་ཡོད་པས་ན་བླ་གབ་མེད་པའོ། །?་གོས་ཉིད་གྱོན་པའི་ཕྱིར་ཕྱིན་པ་པའོ། །ཟས་ཉུང་དུ་ཟ་བས་ན་འདོད་པ་ཆུང་བའོ། །ངན་དོན་ཙམ་གྱིས་དགའ་བ་ནི་མཆོག་ཤེས ་པའོ། །གཅིག་དུ་ཉིད་ཡིན་བས་ན་རབ་ཏུ་དབེན་པའོ། །མཐོང་བའི་ཆོས་འདི་ལ་སྐྱེས་པར་གྱུར་བ་ནི་མཐོང་བའི་ཆོས་སོ། །དེ་སྟོན་པ་ནི་རྗོད་པར་བྱེད་པའི། །ཇི་ལྟར་ཞེ་ན། ཁྱོད་ནི་སྔོན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གི་སྒྲ་ནི་དེའི་ཕྱིར་གྱི་དོན་ཏེ། ། ་བྱིན་གྱིས་བརླབས་པ་ནི་ཟིལ་གྱིས་གནོན་བའོ། །སྦྱངས་བའི་ཡོན་ཏན་གྱིས་ཡོ་བྱེད་བསྙངས་བ་འདྲན་པར་བྱེད་དོ། །གཞུ་འདྲན་བ་བཞིན་ནོ། །རློམ་སེམས་སྐྱེད་པ་ཞེས་བྱ་བ་འདི་ནི་ང་རྒྱལ་ཞེས་བྱ་བའི་དོན་ཏེ། །ལྷག་མ་སྦྱང་བའི་ཡོན་ཏན་དེ་ལྟ་བུ ་དག་ཡོད་ཞེས་བྱ་བ་ནི་རྟོགས་སླའོ། །དེ་ནས་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མིང་གི་བྱིན་གྱིས་བརླབས་ཞེས་བྱ་བ་ལ་འདིར་མིང་ཇི་བཞིག་ཡིན་ཞེ་ན། ཕྱིར་མི་ལྡོག་པའི་སྒྲ་དང། དེའི་ཡོན་ཏན་གྱི་སྒྲའོ། །ཁེངས་པའི་ཟིལ ་གྱིས་ནོན་པ་ཞེས་?་ལ། །ཁངས་པ་ནི་བླ་མ་ལ་མ་གུས་པའོ། །གང་དེས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སོ། །རྗེས་སུ་བརྟགས་ཤིང་ཞེས་བྱ་བ་ནི་རྗེས་སུ་རྣམ་པར་སེམས་པའོ། །འདི་ཉིད་རྗེས་སུ་བསྟན་པ་ནི་འོག་མ་རྗེས་སུ་བསྟན་པ་དང། རྗེས་སུ་བརྟགས་པ་ལ ་ཡང་སྦྱར་ཏེ། བདག་གི་མིང་ཅི་ཞིག་ཏུ་འགྱུར་ཞེས་བྱའོ། །རྗེས་དབྱས་པ་ནི་བདག་གི་མིང་ནི་འདིར་འགྱུར་རོ་ཞེས་བྱའོ། །ལུང་སྟོན་ཞེས་བྱ་བ་ནི་འཆད་པར་འགྱུར་བ་སྟེ་བདུད་དོ། །རྗེས་སུ་འབྲང་བ་ནི་འདོད་པར་བྱེད་པའོ། ། ་མཚུངས་བར་གྱིས་ཞེས་བྱ་བ་ནི་མི་སླུ་བས་སོ་ཅི་ཞིག་གང་གིས་སླུ་བར་བྱེད་ཅན། དེའི་ཕྱིར་མིང་དུ་ཞེས་གསུངས་སོ། །དེ་ལས་ཅི་ཞིག་ཏུ་འགྱུར་ཞེ་ན། རྒྱུ་ཞིང་འཁོར་ནས་ཞེས་བྱ་བ་གསུངས་ཏེ། དེ་དང་དེ་དག་ཏུ་ངན་སོང་དུ་སྐྱེ ་བའོ། །གལ་ཏེ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ནི་བསྡུས་པའི་དོན་ཏོ། །ཕྲ་མོ་ནི་ཕྲ་བ་ཞེས་བྱ་བ་ནི་རིག་པར་དཀའ་བའོ། །དགོན་པ་ནི་སྔར་ཇི་སྐད་བསྟན་པ་བཞིན་ནོ། །ནགས་འདབས་དང། རིའིཕུག་དང། དུར་ཁྲོད་དང། སོགས་མའི ་ཕུང་པོ་ཞེས་བྱ་བ་ནི་ཕན་ཚུན་ལྡན་པའི་ཟླས་དབྱེབའོ། །སོགས་པའི་སྒྲས་ནི་ཤིང་དྲུང་ལས་སོགས་པའོ། །དགོན་པ་ཞེས་བྱ་བ་ནི་དགོན་པ་ན་ཡོད་པས་དགོན་པའོ། །འདི་ཉིད་ཀྱི་ཕྱིར་བས་མཛའ་དང། ཡུལ་མི་བྱེད་བ་ཞེས་བྱ་བ ་ནི་ཡུལ་མི་བྱེད་པའི་གནས་སོ། །དབེན་པ་ནི་སྟོང་བའོ། །དབེན་པར་གྱུར་ཞེས་བྱ་བ་ནི་བྲལ་བའོ། །གྲོང་གི་ནང་ན་ཞེས་བྱ་བ་ནི་ཉེ་བ་འམ་ཕྱོགས་ཅིག་ནའོ། །ཡིད་ལ་བྱེད་པ་ཉིད་དབེན་པའོ། །རྟེན་པ་ནི་མངོན་པར་ཞེན་པ་ཆུང་བའོ། །ཞེ་ན ་པ་ནི་འབྲིང་ངོ། །ཆག་པ་ནི་ཆེན་པོའོ། །དེ་ཉིད་ཀྱིད་བདག་ཉིད་བརྟན་པར་བྱེད་པའི་ཕྱིར་ཏེ། ལྷག་པར་ཆགས་པར་ཞུགས་པའོ། །འདྲེས་པ་ཞེས་བྱབ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའོ། །ཀུན་ཏུ་འདྲེས་པ་ནི་རབ་ཏུ་བྱུང་བ་ཉིད་དང་ངོ། །བྱང ་ཆུབ་སེམས་དཔའ་གདོལ་བ་ཞེས་བྱ་བ་ནི་དེ་དང་འགྲོགས་པར་བྱ་བ་ནི་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ནི་རང་གི་སྐྱོན་གྱིས་དེ་དག་སུན་འབྱིན་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གཟུགས་བརྙན་ནི་གཟུགས ་འདྲ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འདྲི་བར་འཆོས་པ་ནི་དད་པ་མང་པོའི་ནང་ན་ནག་པོ་ཉིད་ལྟ་བུའོ། །རྐུན་མ་ནི་དགེ་སྦྱོང་གི་ཆ་བྱད་ཀྱིས་ཆོས་རྐུ་བའོ། །བྱང་ཆུབ་སེམས་དཔའ་ཨི་ནང་ན་རྐུན་པོ་ནི་འདོད་པར་བྱ་བ་མ་ཡིན་པའོ། །ལྷ་དང་བཅས་པའི་འཇིག ་རྟེན་ན་རྐུན་པོ་ནི་ལོག་པའི་སྦྱིན་གནས་ཡིན་བའི་ཕྱིར་རོ། །དེ་ལྟར་བུའི་རང་བཞིན་ཅན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟལ་བུ་ནི་དམ་པ་རྣམས་ཀྱིས་བརྟེན་པར་བྱ་བ་ནི་མ་ཡིན་ཞེས་རྒྱལ་པར་གསུངས་ཏེ། མཐུན་སྟོབས་སོ། །འཕགས་པ་མ་ཡིན་པ་ནི་སྡིགས་བའོ། ་སྐྱོ་བ་ནི་འཇིག་པའོ། །དེ་ཞིག་དེ་དག་ལ་ཡང་ཞེས་བྱ་བ་ནི་དེ་འདྲ་བ་ལ་ཡང་སྐྱོབ་པ་བྱ་ན། སེམས་ཅན་ཐམས་ཅད་ལ་ལྟ་ཅི་སྨོས། །བྱམས་པ་ལ་སོགས་པའ་དི་དྡག་གིས་ནི་བྱམས་པ་ལ་སོགས་པ་གཞིའི་ཡུལ་གྱི་ཁྱད་པར་ཐ་དད་པར་གསུངས། །འདི ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྨོན་ལམ་མོ། །འདི་ཡང་ཞེས་བྱ་བ་ནི་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དོ། །མངོན་པར་རིགས་པ་ཞེས་བྱ་བ་ནི་མངོན་པར་བརྟག་པའོ། །བརྟུལ་བ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའོ། །འདི་ཡང་ཞེས ་བྱ་བ་ལ་སོགས་པས་ནི་བདུད་ཀྱི་ལས་ཕྱི་མ་མཇུག་བསྡུ་བའོ། །བདུད་ཀྱི་ལས་མངོན་པར་བརྗོད་པའི་ལེའུ་དེ་ལ་དེ་སྐད་ཅེས་བརྗོད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲེལ། སློབ་དཔོན ་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ། སྙིང་པོ་མཆོག་ཅེས་བྱ་བ་ལས། ལེའུ་ཉི་ཤུ་རྩ་གཅིག་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས། ཕན་འདེགས་པར་འགྱུར་བ་ཡིན་ནོ། །ཞེས་བྱ་བའི ་བར་གྱིས་གསུངས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཅེས་བྱ་བ་ནི་གཙོ་བོར་ངེས་པར་གཟུང་བའོ། །ཇི་ལྟར་གཅིག་དེའི་ཡིན་པ་དེ་བཞིན་དུ་ལྷན་ཅིག་དྲུག་ཀྱང་ཡིན་པ་དེའི་ཕྱིར། འདི་ཐམས་ཅད་ཅེས་བྱ་བ་གསུངས་སོ། །ག་ལས་ཤེས ་ཤེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྟོན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་དུ་འཇུག་པ་དང། ཤེས་པ་དང། སྟོན་པ་སྟེ་གང་འབྲས་བུ་དམ་པའོ། །དེའི་ཕྱི་མ་ཉིད་ནི་ལམ་མོ། །སྣང་བ་ནི་འཇིག་རྟེན་ལས་འདས ་པའི་ཤེས་པ་སྟེ། རབ་ཏུ་དགའ་བའོ། །དེ་ཉིད་ནི་སྒྲོན་མ་སྟེ། དེ་ཡང་འབད་པས་བགྲོད་པའི་ལམ། དྲི་མ་མེད་པ་ལ་སོགས་པའི་ས་དྲུག་གོ་།དེ་ཉིད་ནི་འོད་དེ་ཉིན་པར་མི་སྣང་བའོ། །དེ་ཡང་འབད་པ་མེད་པས་བགྲོད་པའི་ལམ། མི་གཡོ་བ་ལ་སོགS ་པའི་སའོ། །དེའི་ཕྱིར་དེ་ནི་ད་ནི་དཀོན་མཆོག་གསུམ་སྟེ། དེས་ནི་ཞེས་བྱ་བ་དེ་ནི་སྐྱབས་སོ། །གླིང་ཞེས་བྱ་བའི་བར་གྱིས་ཚིག་གིས་དོན་ནི་སྔ་མ་བཞིན་ནོ། །དེ་ཉིད་ལམ་འཛིན་པ་དང་གསོ་བའི་ཕྱིར་མའོ། །དེ་ཉིད་སྲོག་འཛིན་པའི་ཕྱིར་ཐའོ། ། ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་ཕྱིར་རོ། །རྟོགས་པའི་ཕྱིར་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཇི་སྐད་གསུངས་པ། གཞན་ལ་མེད ་པ་ཅིའི་ཕྱིར་ཞེ་ན་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལ་ཞེས་བྱ་བ་ལ་སོགས་པའི་དོན་ནི་ལན་ནོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་སྐྱེས་སོ་ཞེས་བསྟན་པའི་ཕྱིར། རབ་འབྱོར་གང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། སྐྱེས་པ་ནི་གྲུབ་པའོ། །འདུས་ཤིང་ཞེས་བྱ་བ་ནི་ཅི་རིགས་པར་ནང་དུ་འདུས་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་ཉིད་དེ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་རོ་ཞེས་བྱ་བ་དང ་སྦྱར་རོ། །ནམ་ཞེས་བྱ་བ་ལ་སོགས་པ་འདི་ནི་དགེ་བའི་བཤེད་གཉེན་ལ་བརྟན་པ་སྟེ། རྟགས་དགུ་པའོ། །རབ་འབྱོར་ཞེས་བྱ་བ་ནས། འདི་ཉིད་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལ། གང་གི་ཕྱིར་འདི་ཉིད་རབ་ཏུ་འདྲེན་པ་ཡིན་པ་དེ་ལྟ་བསན?། ་གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་གཞན་གྱི་དྲིང་མི་འཇོག་པ་ཉིད་དེ་རྟགས་བཅུ་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་རྣམ་པར་བྱང་བར་ཡང་སྣང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཆགས་པ་མེད་པའི་མཚན་ཉིད་ཡིན ་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་སྟོང་པ་ཉིད་ཀྱི་ཕྱིར་དང། རྣམ་པར་དབེན་པའི་ཕྱིར་རོ། །བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དྲི་བའོ། །ཡང་མི་འགྱུར་ཞེས་བྱ ་བ་ནི་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །མངོན་པར་ཞེན་པ་ནི་དངོས་པོ་ཉིད་དུ་འཛིན་པའོ། །བཅོམ་ལྡན་འདས་ཡུམ་གྱི་ཆོས་ནི་མ་ཆགས་པའི་མཚན་ཉིད་དེ་ཉིད་དོ། །དེ་ལྟ་མོད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་ཡོད་དོ། །འདི་ནི་རྟགས་བཅུ་གཅིག་པའོ།། ་རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མི་རྫི་བར་འགྱུར་རོ་ཞེས་བྱ་བ་ནི་མི་འཕྲོགས་པའོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པའོ། །མི་རྫི་བ་ཉིད་ཐོབ་པའི ་ཕྱིར་རྟགས་བཅུ་གཉིས་པ་སྟེ། འདི་ནི་རྟགས་བསྟན་པའོ། །རྣམ་པར་འཕེལ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། འཛམ་བུའི་གླིང་གི་སྐྱེ་བོ་སྙེད་སངས་རྒྱས་མཆོད་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་དབེལ་བཅུ་དྲུག་བདག ་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། རྣམ་པར་འཕེལ་བ་བཅུ་དྲུག་ནི་མདོ་ལས་གསུངས་ཏེ། ཅི་ཞིག་བྱས་ནས་ཤེ་ན། དཔེར་མཛད་ནས་སོ། །ཇི་ལྟ་བུ་ཞེ་ན། འཛམ་བུ་གླིང་གི་སྐྱེ་བོ་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་མདོ་ལས་གསུངས་པའི་བདག་ཉིད་ཆེན་པོར ་མིར་གྱུར་ཅིག་།སེམས་བསྐྱེད་པའི་མཚན་ཉིད་ཀྱིས། གང་སངས་རྒྱས་ལ་མཆོད་པའི་དགེ་བའི་བསོད་ནམས་གང་ཡིན་པ་དེ་ལ་སོགས་པ་ནི་དཔེའོ། །དེ་ལ་སོགས་པའི་སྤྲས་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་རྙེད་ནས། སྟོན་པ་ལ་སོགས་པ་ཡོངས་སུ་གཟུང་ངོ། །རྣམ་པ ་མད?་ཞེས་བྱ་བ་ལ། རྣམ་པ་མང་པོ་གསུངས་པ་ནི་དཔེ་མེད་པར་ཡང་ངོ། །དེ་ལ་དང་པོ་ནི་རབ་འབྱོར་ཡང་གལ་ཏེ་ཞེས་བྱ་བ་ནས། དེ་ལྟར་བྱའོ་ཞེས་བྱ་བ་ནི་བར་གྱིས་གསུངས་པ་ལ། ནམ་འཚེའི་བར་དུ་ཞེས་བྱ་བ་ནི་ཚེ་ཅི་སྲིད་བར་རོ། །སྦྱིན་པ ་དེ་ཞེས་བྱ་བ་ནི་གང་སངས་རྒྱས་དང། གང་སེམས་ཅན་རྣམས་ལའོ། །ཡིད་ལ་བྱེད་པ་ལ་གནས་ན་ཞེས་བྱ་བ་ནི་འཕེལ་བ་ཡང་དག་པར་གཟུང་ངོ། །མ་གཏོགས་པ་ཞེས་བྱ་བ་ནི་དཔེའོ། །དེ་དག་གི་དེ་མ་གཏོགས་པ་དེ་ཅིའི་ཕྱིར་ཞེ་ན་ཞེའོ། །གསད་པར་གཏོགS ་པ་བཞིན་དུ་ཞེས་བྱ་བའི་བསད་པའི་གནས་ལ་གཏོགས་པ་བཞིན་དུའོ། །ཆུད་གཟོན་པ་ཞེས་བྱ་བ་ནི་མི་ཐོད་པའི་འོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཉིན་མཚན་འདའ་བར་བྱེད་པས། དེ་ནི་རྣམ་པར་འཕེལ་བ་དང་པོའོ། །རབ་འབྱོར ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་དེ་མི་འཕེལ་མི་འགྲིབ་པོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དེ་སྲིད་དུ་བཙལ་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་བུས་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བའི་སེམས ་ཀྱིས་སོ། །ཁ་ཅིག་ཏུ་མ་བྲལ་བ་ཞེས་བྱ་བ་ལ་།ཡིད་ལ་བྱེད་པའི་སྒྲའི་མངོན་རོལ་ཏུ་འདོན་པ་དེ་ནི་མི་རིགས་ཏེ། དེ་འམ་གཞན་ཡང་རུང་སྟེ། གླེགས་བམ་ཐ་དད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིད་ལ་བྱེད་པ་དང། སྐད་ཅིག ་ཀྱང་མི་འབྲལ་བའི་ཕྱིར། འདི་ནི་རྣམ་པར་འཕེལ་བ་གཉིས་པའོ། །རབ་འབྱོར་གྱིས་གསོལ་བ་ཞེས་བྱ་བ་ནས། འདི་ནི་གནས་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། ལུང་བསྟན་པ་ཐོབ་པ་འདི་ནི་རྣམ་པར ་འཕེལ?་པ་གསུམ་པའོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གྱིས་ནི་མངོན་པར་རྫོགས་པར་བྱང་ཆུབ་པར་ལུང་བསྟན་པ་ལ་རློམ་སེམས་མེད་པ་ཉིད་ཀྱི་ཕྱིར། འདི་ནི་རྣམ་པར་འཕེལ་བ་བཞི་པའོ། །དགེ་བའི་བཤེས་གཉེན་ལ་སོགས ་པའི་ལེའུ་ནི་དགེ་བའི་བཤེས་ཀྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།ཡང་དེའི་ཚེ་ལྷ ་རྣམས་ཀྱི་ཞེས་བྱ་བ་ནས། འབྱིན་པར་འགྱུར་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་ཅན་དང། ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་ ་རྣམས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་དག་གིས་ནི་ཟིལ་གྱིས་གནོན་པར་མི་འགྱུར་བ་འདི་ནི་རྣམ་པར་འཕེལ་བ་ལྔ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། ལེའུ་རྫོགས་ཀྱི་བར་གྱིས་གསུངས་པ་ལ། འཇིག་རྟེན་སྐྱོང་བ་བཞི ་དང། བརྒྱ་བྱིན་དང། དེ་ལས་གཞན་པའི་ལྟ་དེ་དག་དེར་ཉེ་བར་འོང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་དང། འབྲེལ་པ་ནི་དྲུག་པའོ། །བརྒྱ་བྱིན་གྱིས་བསྟེན་པའི་ལེའུ་ནི་བརྒྱ་བྱིན་གྱི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འབྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས། གནས་པར་བྱའོ་ཞེས་བྱ ་བའི་བར་གྱིས་གསུངས་པ་ལ། སྦྱོར་བར་འགྱུར་ཞེས་བྱ་བ་ནི་རྗེས་སུ་སྦྱོར་བར་འགྱུར་བའོ། །ཇི་ལྟར་ཞེ་ན། འདི་དག་ཅེས་བྱ་བ་ལ་སོགས་པ་ནས། ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །མི་སྙད་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་དེ ་བཞིན་གཤེགས་པས་མདོ་སྡེ་གཞན་ལས་གསུངས་པའི་རིགས་པ་དེ་ལྟར་འདིས་ནི་དེ་མེད་དོ། །ཞེས་བྱ་བའི་དོན་ནོ། །གང་?་རབ་ཏུ་གནས་པའོ། །རོ་ནི་མྱང་བའོ། །མིང་དང། དུས་སྨོས་པ་དང། སྦྱངས་བའི་ཡོན་ཏན་བརྗོད་པ་ནི་སྔ་མ་བཞིན་ནོ། །ཟད་པར་མི ་འགྱུར་བ་ནི་འཕེལ་བའོ། །ཚོགས་ནི་ཕུང་པོའོ། །འདི་ནི་འཕེལ་བ་བདུན་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་ཐམས་ཅད་ནི་རྟོགས་པར་སླ་སྟེ། རྣམ་པར་འཕེལ་བ་བརྒྱད་པའོ། །བྱང་ཆུབ་སེམས་དཔའ་ཨི་ཕྱིར་མི ་ལྡོག་པའི་མངོན་པའི་ང་རྒྱལ་གང་ཡིན་པ་ནི་ཕུང་ཁྲོལ་མེད་པའི་རྒྱུ་ཡིན་ལ། དེ་ལ་མཚོན་པར་བྱེད་པའི་ལེའུ་ནི་མངོན་པའི་ང་རྒྱལ་གྱི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང ་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས་ཕ་རོལ་ཏུ་འགྲོ་བོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། གང་ལ་བསླབས་ན་ཐམས་ཅད ་མཁྱེན་པ་ཉིད་ལ་སློབ་ཅེས་བྱ་བ་ནི་དྲིས་པའོ། །ཟད་པ་དང། མི་འབྱུང་བ་དང། འགག་པ་མེད་པ་དང། སྐྱེ་བ་མེད་པ་དང། དངོས་པོ་མེད་པ་དང། དབེན་པ་དང། འདོད་ཆགས་དང་བྲལ་བ་དང། ནམ་མཁའ་དང། ཆོས་ཀྱི་དབྱིངས་དང། མྱ ་ངན་ལས་འདས་པ་ལ་སློབ་པ་ཞེས་བྱ་བ་ནི་ལན་ནོ། །འདིར་འཐད་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེའི་དེ་བཞིན་གཤེགས་པ་ནི་མི་ཟད་པ་དེ། མི་ཟད་པ་ཉིད་ཀྱི་ཕྱིར་ཟད་པའོ། །དེའི་འབྱུང་བ་དང། འགག་པ ་དང། སྐྱེ་བ་དང། དངོས་པོ་དང། དབེན་པ་དང། འདོད་ཆགས་དང། ནམ་མཁའ་ཨི་ངོ་བོ་དང། ཆོས་ཀྱི་ངོ་བོ་དང། མྱ་ངན་ལས་འདས་པ་དེ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་སློབ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ། །དེ་ལ་འདོས ་ནི་ལམ་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་སློབ་བོ་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་གསུངས་པ་ཡིན་ནོ། །བདུད་རྩི་དབྱིངས་ཀྱི་སྒོ་ནི་རྣམ་པར་ཐར་པའི་མགོན་པོར་འདོད་པ་ཞེས་བྱ་བ་ནི་མགོན་པོ་ཉིད་དུ་འདོད་པའོ། །མངོན ་པར་འཕགས་པ་ནི་ཁྱད་པར་དུ་འཕགས་པའོ། །བྱ་བསོད་པས་ན་བྱ་བའོ། །རྔོན་པ་ནི་བསོད་པའོ། །ཉ་བསོད་པ་ནི་ཉ་བའོ། །ལུག་ནི་ལུག་སྟེ། དེ་བསོད་པ་ནི་བཤན་པའོ། །མིག་མེད་པ་ནི་ལོང་བའོ། །མི་ཐོས་པ་ནི་འོན་པའོ། །ཞར་བ་ནི་མིག་གཅིག་པའོ། །རྡུམ་པོ ་ནི་ལག་པ་མ་ཚང་བའོ། །སྒུར་པོ་ནི་རྒྱབ་ཉམས་པའོ། །ཞ་བ་ནི་ལག་ངར་ཡོ་བའོ། །མཐེང་པོ་ནི་པུས་མོ་གཤིབས་ནས་འགྲོ་བའོ། །གྲུམ་པོ་ནི་འགྲོ་བ་མེད་པའོ། །ལྐུག་པ་ནི་སྨྲ་མི་ནུས་པའོ། །དིག་པ་ནི་ཚིགས་མི་བརྟན་པའོ། །ལྡིབས་པ་ནི་ལྕེ་མི་བདེ་བའོ།། ་རྣ་བ་མི་གསལ་བ་ནི་སྒྲ་ཆེན་པོ་མི་ཐོས་པའོ། །ཡན་ལག་ཉམས་པ་ནི་སྨད་པའི་ཡན་ལག་གོ་།ཡན་ལག་མ་ཚང་བ་ནི་ཡན་ལག་ཆུང་བའོ། །ཡན་ལག་མི་སྡུག་པ་ནི་མེའི་ཡན་ལག་དང་མི་འདྲའོ། །འགྱུར་ཞེས་བྱ་བ་ནི་རྫོགས་པར་བྱེད་པའོ། །དེ་ཐོབ ་པར་འགྱུར་ཞེས་བྱ་བ་ནི་སྟོབས་ལ་སོགས་པ་ཡོངས་སུ་དག་པ་སྐྱེད་པའོ། །ལྷག་མ་ནི་རྟོགས་སླའོ། །གང་ཕ་རོལ་ཏུ་འགྲོ་བ་འདི་ནི་རྣམ་པར་འཕེལ་བ་དགུ་པའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། ཤིན་ཏུ་མང་བོ་ཞེས་བྱ་བའི་བར་གྱིས་གསུངས་པ ་ལ། གསེར་དང་སེལ?་སྦྲམ་ཞེས་བྱ་བ་ནི་བ་དང་གླང་གི་ཚུལ་གྱིས་སོ། །བ་ཚ་ཅན་ནི་བ་ཚ་དང་བཅས་པའི་སའོ། །གྲམ་ས་ནི་དགོན་དུང་ངོ། །རྩ་ནི་བི་ར་ཎ་ལ་སོགས་པའོ། །སྡོང་དུམ་ནི་ཤིང་སྐམ་གྱི་ཚལ་པའོ། །ཆོར་མཅམ?་ནི་གོ་སོན་ཅ་བ་ལ་སོགས་པའོ། ། ་གང་ལ་རྣམ་པ་སྣ་ཚོགས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྟག་མ་ནི་རྟོགས་སླའོ། །འདི་ནི་རྣམ་པར་འཕེལ་བ་བཅུ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཤིན་ཏུ་མང་པོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། འདི་ལས་འཁོར་ལོ་སྒྱུར་བའི ་རྒྱལ་སྲིད་ཐོབ་པས་ན་དེ་ཐོབ་པའོ། །འདི་ནི་རྣམ་པར་འཕེལ་བ་བཅུ་གཅིག་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། ཤིན་ཏུ་མང་ངོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། འདི་ལས་བརྒྱ་བྱིན་ཐོབ་པ་གང་ཡིན་པ་དེ་ནི་ཐོབ་པའོ། །འདི་ནི་བཅུ་གཉིས ་བའོ། །གཞན་ཡང་ཞེས་བྱ་བ་ནས་རྣལ་འབྱོར་དུ་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། འདི་ལས་ཚངས་པ་ཐོབ་པ་ཡོད་པས་ན་ཐོབ་པ་སྟེ། འདི་ནི་བཅུ་གསུམ་པའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ནས། འདུས་པར་འགྱུར་རོ་ཞེས ་བྱ་བའི་བར་གྱིས་ནི་དགེ་བའི་ལོ་ཏོག་སྐྱེ་བ་དང་འགལ་བ། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ནི་ཐ་བའོ། །ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་ལ་ཡིད་གཉིས་ཟ་བའོ། །ཕྲག་དོག་ནི་གཞན་གྱིས་ཕུན་སུམ་ཚོགས་པ་ལ་ཁོང་ནས་འཁྲུག ་པའོ། །ལྷག་མ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སོ། །ལྷག་མ་ནི་རྟོགས་སླའོ། །འདི་ནི་བཅུ་བཞི་བའོ། །རབ་འབྱོར་འདི་ལྟ་སྟེ་ཞེས་བྱ་བ་ནས། བྱང་ཆུབ་ལ་ཉེ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། མི་ཤེས་པ་ཞེས་བྱ་བ་ནི ་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སོ། །བསོད་ནམས་ཀྱི་མཆོག་ཡིན་པས་ན། བསོད་ནམས་ཀྱི་མཆོག་གོ་།སངས་རྒྱས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ། །དབང་སྦྱུང?་བ་ནི་ཁྱུ་མཆོག་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །རྣམ་པར་རེལ ་པས་ཞེས་བྱ་བ་ནི་རྫུ་འཕྲུལ་གྱིས་ཆོ་འཕྲུལ་གྱིས་སོ། །སེང་གེའི་སྒྲ་སྒྲོགས་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་སོ། །སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་གཉི་གའི་འཕགས་པའི་དགེ་འདུན་གྱི་དབང་ཕྱུག་གོ་།རྣམ་པར་བཅད་པ་ནི་ཡོངས་སུ་ཤེས་པའི ་ཕྱིར་རོ། །འགལ་བར་ནི་མི་བྱེད་དོ། །ཞེས་བྱ་བ་ནི་དེ་དག་ལ་མི་གནས་པའི་ཕྱིར་རོ། །ལྷག་མ་ནི་རྟོགས་པར་སླ་སྟེ། འདི་ནི་བཅོ་ལྔ་པའོ། །ཡང་གལ་ཏེ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་དུ་གསུངས་པ་ལ། དེ་སྟེ་དེ་ཡང་དག་པར་མི་ཤེས་ཞེས་བྱ་བ་ཇི་ལྟར ་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་ནས། སྡུད་པའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལྟར་ཡང་ཞེས་བྱ་བ་ནི་རྣམ་པ་འདི་གསུམ་ཉིད་ཀྱིས་སོ། །གལ་ཏེ་དེ་ལྟར་སྤྱོད་ན་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་ཡང་དག་པར་མི་ཤེས། ཡང་དག་པར་རྗེས་སུ་མི་མཐོང ་ནའོ། །འདི་ནི་འཕེལ་བ་བཅུ་དྲུག་པའོ། །བསླབ་པ་སྟོན་པར་བྱེད་པའི་ལེའུ་ཡིན་པས་ན་བསླབ་པའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲལ། སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞེ་བས་རྣམ ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།རྣམ་པར་འཕེལ་བ་བཤད?་ནས། བརྟན་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལས། སེམས་ཅན་དོན་ཡང་མི་གཏོང་བ། །ཀུན་མཁྱེན་ཉིད་གསུམ་ཆོས ་རྣམས་ཀྱི། །ཡོངས་སུ་རྫོགས་བ་བླ་མེད་པ། །དེས་པ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཡང་དག་པར་བསྡུས་པའི་ཆོས་ནི་ཀུན་མཁྱེན་ཉིད་གསུམ་གྱིས་ཆོས་སོ། །བསྒྲལ་བ་དང། དགྲོལ་བ་དང། །དབུགས ་དབྱུང་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ནི་སེམས་ཅན་གྱི་ནོན་ནོ། །དེའི་ཕྱིར་མདོ་ལས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནས། བགྱིད་པ་ལགས་སོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། སྤྱོད་པ་ཉིད་ཀྱང་ཞེས་བྱ་བ་གང་དུ་སྤྱོད་པ་ཡིན ་ཞེ་ན། རྣམ་པར་འཕེལ་བ་ལའོ?། །ཅི་ཞིག་སྤྱོད་པ་ཡིན་ཞེ་ན། སྦྱིན་པ་ཚོགས་པ་ལའོ། །སེམས་འཇུག་གནས་བྱ་བ་ནི་འགྲོ་བ་སྟེ་དང་བ་ཞེས་བྱ་བའི་དོན་ཏོ། །སེམས་བསྐྱེད་པ་ཞེས་བྱ་བ་ནི་ཀྱེ་མའོ་བདག་གིས་འདི་རྟོགས་པར་བྱའོ་ཞེས་བྱ་བའོ། །ཁྱེར ་བར་གྱུར་པ་ཞེས་བྱ་བ་ནི་འཆི་བར་འགྱུར་བའོ། །མཉམ་པ་ནི་རིགས་པའོ། །ཕ་རོལ་ནི་སྐྱོན་མེད་པའོ། །འགྲམ་ནི་མྱ་ངན་ལས་འདས་པའོ། །དེ་དག་འབྱོར་བར་གྱུར་ཅིག་ཅེས་བྱ་བ་ནི་སེམས་བསྐྱེད་པ་དང་སྦྱར་རོ། །འཚལ་བ་ནི་དགའ་བར་བྱེད་པ་ཉིད་གྱི ་ཕྱིར་རོ། དེ?་ཡོངས་སུ་བསམས་པ་ནི་ཡང་དང་ཡང་དུ་བསྐྱེད་པའི་ཕྱིར་རོ། །ཡོངས་སུ་གཟུང་བ་ནི་ཡོངས་སུ་མི་གཏོང་བའི་ཚུལ་གྱིས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ལ། སངས་རྒྱས་ནི་ཐམས་ཅད་མཁྱེན་པའོ། །དེའི་ཆོས་ཞེས་བྱ་བ་ནི་བསྟན་པའོ། ། ་འདིའི་བཤད་པ་ནི་གསུམ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་སྟེ། གང་གི་ཕྱིར་ཐམས་ཅད་མཁྱེན་པར་འགྱུར་བའི་ཐམས་ཅད་མཁྱེན་པ་ཉིད་དང། རང་བྱུང་ཉིད་དང། མི་འཕྲོགས་པ་ཉིད་དོ། ། ་དེ་ལ་རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཡང་དག་པར་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདིའི་ཆོས་རང་ཉིད་ཀྱི་སེམས་ཁོ་ན་ལས་འབྱུང་བས་ན་རང་འབྱུང་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བའི་དོན་ཏོ། །དེའི ་ཆོས་ནི་རང་བྱུང་ཉིད་ཀྱིས་གང་ཡང་དག་པར་བསྡུས་པའོ། །འདིས་མི་འཕྲོག་པ་ཡོད་པས་ན་མི་འཕྲོག་པ་སྟེ། བག་ཆགས་དང་བཅས་བའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་ཞེས་བྱ་བའི་དོན་ཏོ། །དེའི་ཆོས་ནི་གང་མི་འཕྲོགས་པ་ཉིད་ཀྱིས་ཡང་དག་པར ་བསྡུས་པ་སྟེ། དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག་པའོ། །འདི་ཙམ་གྱིས་ནི་ཡོངས་སུ་རྫོགས་པར་བསྟན་ཏོ། །སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ནི། བཅོམ་ལྡན་འདས་བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་གསུངS ་པ་གང་ཞེ་ན། ཅི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ནས་ཞེས་བྱ་བ་ནི་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །འདི་ནི་ངེས་པའོ། །སེམས་ཀུན་ཏུ་གནས་པ་བརྗོད་པར་བྱ་སྟེ། ཏིང་ངེ་འཛིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བསྟན་བཅོས་ལས། གླིང་བཞི ་པ་དང་སྟོང་དག་དང། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱི་ནི། །ཏིང་འཛིན་ཡོངས་སུ་སྒྲགས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། མདོ་ལས་ནི་བསོད་ནམས་མང་པོ་ཉིད་ཀྱིས་ཏིང་ངེ་འཛིན་བསྟན་གྱིས། མངོན་སུམ་དུ ་ནི་མ་ཡིན་ནོ། །ཇི་ལྟར་ཞེས་ན་གླིང་བཞི་པ་དང། སྟོང་དང། སྟོང་གཉིས་དང། སྟོང་གསུམ་གྱི་དཔེས་སོ། །གཞུང་གང་གིས་ཤེ་ན། བཅོམ་ལྡན་འདས་གང་ཞེས་བྱ་བ་ནས་མངོན་པར་བསྒྲུབ་པར་འགྱུར་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། དེ་དག ་ལ་ཞེས་བྱ་བ་ནི་ཐམས་ཅད་ལའོ། །དེ་དག་ལ་ཞེས་བྱ་བ་ནི་འདྲ་བ་ལའོ། །ཆོས་ཉིད་ནི་ཆོས་ཀྱི་ཚོགས་སམ་ངོ་བོ་ཉིད་དོ། །སྲང་གྲངས་ནི་སྲང་གི་ཚད་དོ། །ཚད་གཟུང་བར་ཞེས་བྱ་བ་ནི་སྲང་འདི་ཙམ་ཞེས་བྱ་བར་རོ། །ཅི་སྟེ་འདི་དཔེ་གང་གིས་ཡིན་ཞེ་ན། བསོད ་ནམས་ཀྱི་ཚང་ནི་འཛམ་བུ་གླིང་ལ་སོགས་པའི་ཚང། བསྟན་བཅོས་ལ་ཡང་ཉེ་བར་གདགས་པར་བྱས་སོ། །རྗེས་སུ་ཡི་རང་བ་ཙམ་ལ་འདི་ཙམ་གྱིས་བསོད་ནམས་ཀྱི་ཚད་ཡིན་གྱིས། ཏིང་ངེ་འཛིན་ལ་ནི་མ་ཡིན་ནམ་ཞེ་ན་རྗེས་སུ་ཡི་རང་བའི་བསོད་ནམས་ལས་རྗེས་སུ ་དཔགས་ན་བསོད་ནམས་མང་བ་ཉིད་ན་ཞེས་བསམས་པས་ཉེས་པ་མེད་དེ། རྗེས་སུ་ཡི་རང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དེ་ལྟར་མི་བྱེད་པ་ལ་སྨད་བར་བྱ་བའི་ཕྱིར། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདུད་ཀྱིས་བྱིན་གྱིས་བརླབས ་བ་ཞེས་བྱ་བ་ནི་བདུད་ཀྱི་ཐབས་མང་པོས་སྤྲོ་བ་མེད་པར་བྱས་པའོ། །མི་མཉམ་པ་ནི་སྒྲ་ལས་སོ། །མི་འཚལ་བ་ནི་དོན་ལས་སོ། །མ་མཐོང་བ་ནི་གུས་པས་སོ། །མི་སེམས་པ་ནི་མངོན་དུ་མི་བྱེད་པའོ། །བདུད་ཀྱི་ཕྱོགས་ཀྱི་དངོས་པོ་བདུད་ཀྱི་ཕྱོགས་སུ་གྱུར་པའོ། །དེ་ལྟ་བུ་ནི་སེམས ་ཅན་གྱི་དོན་ཆེན་པོ་འཇོམས་པར་བྱེད་པའི་ཕྱིར་རོ། །བདུད་ཀྱི་གནས་ནས་ཤི་འཕོས་པ་ཞེས་བྱ་བ་ནི་བདུད་ཁོ་ན་དང་དེ་ཤིན་ཏུ་ཆོས་མཐུན་བའི་ཕྱིར་རོ། །མངོན་པར་བསྒྲུབས་པ་ཞེས་བྱ་བ་ནི་བསྐྱེད་པའོ། །གང་གིས་ཤེ་ན་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ་ཡོངས་སུ་བསྔོས་པ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའོ། །རྗེས་སུ་ཡི་རང་བ་འམ་ཞེས་བྱ་བ་ནི་འབའ་ཞིག་མ་ཡིན་ཞེས་བྱ་བ་ལྷག་མའོ། །གང་ཡིན་ཞེ་ན་རྗེས་སུ་ཡི་རང་བ་ཞེས་བྱ་བ་གསུངས་སོ། །གང་ལ་གང་གིས་ཤེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགS ་པ་དང། བཅོམ་ལྡན་འདས་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་ཅེས་གསོལ་པ་དང། ཞེས་བྱ་བ་ནས། རྗེས་སུ་ཡི་རང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བརྒྱ་བྱིན་ལ་སྟོན་པའོ། །ཀོའུ་ཤི་ཀ་ཞེས་བྱ་བ་ནས། རྗེས་སུ་ཡི་རང་བའི་ཕྱིར་ཞེས་བྱ ་བའི་བར་གྱིས་ནི་ཐེག་པ་ཆེན་པོ་ལ་ཞུགས་པའི་རྗེས་སུ་ཡི་རང་བའི་ཕན་ཡོན་ནོ། །གང་གིས་ཞེས་བྱ་བ་ལ་སོགས་པས་ནི་དང་བོ་སེམས་པ་ཡང་ངོ། །རྗེས་སུ་ཡི་རང་འབའ་ཞིག་མ་ཡིན་གྱི། རང་གི་རྒྱད་ལ་བསྐྱེད་པ་དང། སྒྲུབ་པར ་ཡང་འགྱུར་ཏེ། རྗེས་སུ་ཡི་རང་བ་ཡང་ངེས་པར་བསྔོ་བར་བྱ་བ་ཡིན་ཏེ། ཇི་ལྟར་རྗེས་སུ་ཡི་རང་བར་བྱས་པ་དེ་ལྟར་བསྔོ་བ་ཡོངས་སུ་འཇུག་པར་རིག་པར་བྱའོ། །ཇི་སྐད་དུ་ཡུམ་ཆེན་མོ་དག་ལས་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་བསྔོ་བར་བྱ་བ་ཡང་སེམས་ཀྱིས་སེམས་སྤྱོད་པ་ཡང་མ་ཡིན། སེམས་ལས་གཞན་དུ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི ་རྩ་བ་དེ་ཉིད་ནི་ཏིང་ངེ་འཛིན་འདིའི་དམིགས་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་རྣམ་པའོ། །སེམས་ཀུན་ཏུ་གནས་པ་ནི་ངོ་བོ་ཉིད་དོ། །ཀུན་ཏུ་གནས་པའི་ངོ་བོ་ཉིད་གང་ཡིན་ཞེ་ན། སེམས་ནི་འཛིན་པའི་མཚན་ཉིད་ནི ་མ་ཡིན་ཏེ། གཞན་དུ་ཡང་མ་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མ་ཡིན་པའོ། །འོན་ཀྱང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཉིས་སུ་མེད་པ་དེ་ལྟ་བུ་ལ་སེམས་ཀུན་ཏུ་གནས་པའོ། །མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་གཉེན་པོ་དང་བཅས ་པ་བརྗོད་པར་བྱ་སྟེ། དེའི་དཔང་དུ་བྱས་ནས་བསྟན་བཅོས་ལས། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཅེས་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལ་རེ ་ཞིག་རྣམ་པར་རྟོག་པ་ནི་གཉིས་སུ་གཟུང་སྟེ། གཟུང་བའི་རྣམ་པར་རྟོག་པ་ནི་གཉིས་ཡིན་ཕྱིར་རོ། །ཇི་ལྟར་རྣམ་པར་རྟོག་པ་དག་ཡིན་ཞེ་ན་གང་གི་ཕྱིར་དེ་དག་གི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་བདག་ཉིད་ལ་རྟོག་པས་ན། རྣམ་པར་རྟོག ་པའོ་ཞེས་བྱ་བ་ནས། དེ་དག་གི་ཡུལ་ཡང་གང་མ་ཡིན་ཞེ་ན། འཇུག་པའི་ཕྱོགས་དང། ལྡོག་པའི་ཕྱོགས་ལའོ། །སོ་སོར་ཞེས་བྱ་བ་ནི་གཉི་གེའི་ཕྱོགས་ལ་ཡང་ངོ། །དགུའི་བདག་ཉིད་ནི་དབྱེ་བ་དགུའོ། །སེམས་ཅན་རྫས་དང་རྟགས་ཡོད་པར། ་རྣམ་རྟོག་འཛིན་པ་དག་ཏུ་འདོད། །སོ་སོའི་སྐྱེ་བོ་འཕགས་བྱེད་པས། །སོ་སོར་དེ་དག་དགུའི་བདག་ཉིད། །ཅེས་བྱ་བ་གསུངས་ཏེ། གཞན་རྣམ་པ་གཉིས་ནི་འཛིན་པའི་རྣམ་པའི་རྟོག་པ་ཡིན་པའི་ཕྱིར། ཇི་ལྟར་གཉིས་ཡིན་ཞེ་ན། གོ་རིམ་བཞིན་དུ་རྫས ་སུ་ཡོད་པ་དང། བརྟགས་པར་ཡོད་པ་སྟེ། སེམས་ཅན་གྱིས་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །དེ་ལ་དང་པོ་ནི་སོ་སོར་སྐྱེ་བོ་རྣམས་ཀྱིའོ། །གཉིས་པ་ནི་འཕགས་པ་རྣམས་ཀྱིའོ། །དེ་དག་ཀྱང་སོ་སོ་དགུ་པའི་བདག་ཉིད་དོ། །ཇི་ལྟར་དེ་དག་འཛིན་པའི་རྟོག་པ ་ཡིན་ཞེ་ན། ཡོད་པ་མ་ཡིན་པ་ཁོ་ན་ལ་འཛིན་པར་རྟོག་པའི་ཕྱིར། ཇི་བཞིན་མ་ཡིན་པ་ནི་རྣམ་པར་རྟོག་པའོ། །འདི་ཉིད་གལ་ཏེ་གཟུང་དོན་དེ་བཞིན་མེད། དེ་དག་གི་ནི་འཛིན་པར་འདོད། དེ་ལྟར་དེ་དག་འཛིན་པ་ཡི། ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས ་བྱ་བ་གསུངས་ཏེ། འཛིན་པའི་ངོ་བོས་ཞེས་བྱ་བ་ནི་འཛིན་པ་ཡོད་པའི་ངོ་བོས་སོ། །དེ་དག་ཅེས་བྱ་བ་ནི་འཛིན་པའི་རྣམ་པ་དག་གོ་།རྣམ་པར་རྟོག་པ་བཞི་པོ་འདི་དག་ཀྱང་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་དྲུ་སྟེ། དེའི་དང་པོའི་དབང་དུ་བྱས་ནས། ་བསྟན་བཅོས་ལས། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡན་ལག་འགྲུབ་པ་དང། །ཤེས་པའི་དམིགས་པ་མ་འཁྲུལ་བ། །མི་མཐུན་ཕྱོགས་དང་གཉེན་པོ་དང། །རང་གི་རྟོག་དང་བྱེད་པ་དང། །དེ་ཡི་ལས་བྱ་འབྲས་བུ་ལ། །འཇུག་པའི་ཕྱོགས་གྱི་རྟེན ་ཅན་གྱི། །རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་བྱ་བ་གསུངས་ཏེ། བྱེད་པ་དང། དེའི་ལས་དང། བྱ་བའི་འབྲས་བུ་ནི་བྱེད་པ་དང། དེའི་ལས་དང་བྱ་བའི་འབྲས་བུའོ། །དེའི་ངོ་བོ་ཉིད་ལ་སོགས་པ་དགུ་ནི་འཇུག་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔས་བླང ་བར་བྱ་བ་ཉིད་ཡིན་བའི་ཕྱིར་རོ། །དེ་ལ་བརྟེན་པ་འདི་ནི་རྣམ་པར་རྟོག་པ་སྟེ། དེས་ན་དང་པོའོ། །དེའི་ཕྱིར་རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ནས། མདོ་ལས་ཚིག་རྣམ་པ་དགུའོ། །དེ་ལ་དང་པོ་དབང་དུ་བྱས་པའི་མདོའི་ཚིག་ནི། རབ ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་རྒྱུ་མ་ལྟ་བུ་ཞེས་བྱ་བ་ན། སྤྱོད་དོ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ། སྒྱུ་མ་མཁན་གྱིས་སྤྲུལ་པའི་དབང་པོ་ལ་སོགས་པ་ནི་སྒྱུ་མའོ། །དེ་བཞིན་དུ་གཞན་ཡང་གང་སྣང་ཡང་ཡོད་པ་མ་ཡིན ་ཏེ་དེ་ནི་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་སེམས་ཀྱང་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་ལ་འཛིན་པའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གཟུང་བ་མེད་པར་འཛིན་པ་མི་རིགས་སོ། །གལ་ཏེ་གཟུང་བའི་དངོས་པོ་ལྟར་མེད་ཅེ་ན། གལ་ཏེ་ཤེས ་པ་ལ་དོན་སྣང་བར་འགྱུར་ན་ནི་གཟུང་བར་བྱ་བ་ཉིད་ཡིན་ན་སྣང་བ་ཡང་མེད་དེ། སྣང་བ་དང་སྣང་བར་འགལ་བའི་ཕྱིར་རོ། །ཇི་སྟེ་དོན་བདག་ཉིད་གྱིས་སྣང་བ་ཡིན་ན་ནི་ཞེས་བྱ་བ་དེས་ཅི་ཞིག་བྱ། དེའི་ཕྱིར་སེམས་ནི་སྒྱུ་མ་ལྟ་བུའོ། །དེ་མེད་ན་ནི་ཇི ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་ཅེས་བྱ་བ་ནི་དྲི་བའོ། །བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་ལན་ཏེ། མེད་པའི་ཕྱིར་རོ་ཞེས་དགོངས་སོ། །གུང་ན་ཞེས་བྱ་བ་ནི་ལན་ནོ། །ཆོས་དེ་ཅེས་བྱ་བ་ནི་བདག་ཉིད་དོ། །མ་ལགས་སོ་ཞེས་བྱ་བ་ནི་དེ་ནི ་གཏན་དུ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་སོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་པ་དང་མེད་པ་ཞེས་བྱ་བ་བསྟན་པར་མི་ནུས་ཏེ། རྣམ་པར་ཤེས་པའི་ངོ་བོ་ཡོད་པ་མ་ཡིན་ལ་ཞེས། ་བྱ་བ་དང། དགག་པ་དག་འབྲེལ་བ་མེད་པའི་ཕྱིར་རོ་ཞེས་དགོངས་སོ། །ཆོས་གང་ལ་ཡང་ཞེས་བྱ་བ་ནི་རྟོགས་སླའོ། །འོན་ཀྱང་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། འོན་ཀྱང་ཞེས་བྱ་བ་ནི་མི་བཟོད་པའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་འཛིན ་བའི་མཚན་ཉིད་ཡིན་བའི་ཕྱིར་ལ། འཛིན་བའི་མཚན་ཉིད་ཀྱང་མི་རིགས་པའི་ཕྱིར་རོ། །ཤིན་ཏུ་སྨོས་པས་ནི་འདི་ལྟར་སྟོན་ཏོ། །ཇི་ལྟར་འཛིན་པའི་རང་གི་མཚན་ཉིད་གྱིས་སྟོང་པ་ཉིད་དེ་བཞིན་དུ་མཚུངས་པར་ལྡན་པ་ཐམས་ཅད་ཀྱང་ངོ། །དེ་དག་ཀྱང ་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དམིགས་པར་གྱུར་པ་ཆོས་ཐམས་ཅད་ཀྱང་དམིགས་པ་ནི་གཟུང་བའི་མཚན་ཉིད་ཉིད་ཡིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱང་ཅི་རིགས་པར་གཟུང་བར་བྱ་བ་དང། འཛིན་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། ། ་ཡང་ཇི་ལྟར་གཟུང་བར་བྱ་བ་དང། འཛིན་པ་མེད་ཅེ་ན། ཐ་མི་དད་པའི་ཕྱིར་གཟུང་བར་བྱ་བ་དང། འཛིན་པ་མི་རིགས་ཏེ། སོར་མོ་བཞིན་ནོ། །སྐྱེས་པ་ཐ་དད་པ་ནི་ཕ་རོལ་ལ་སྣང་བ་མི་རིགས་པའི་ཕྱིར་དང། མ་སྐྱེས་པ་ནི་རང་ཉིད་ཀྱིས་སྣང་བ་མེད ་བའི་ཕྱིར་དེ་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། ཡང་དང་ཡང་དུ་བློ་མི་འཇུག་པ་ཉིད་ན་བོང་བུའི་རྭ་བཞིན་ནོ། །དེ་ཆོས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་གང་ཡང་ཞེས་བྱ་བ་ནི་ཡང་དག་པར་རྫོགས་བའི་བྱང་ཆུབ་ལ་སོགས་པའོ། །ཐོབ་པར་བགྱིད་པ་ནི་སྐྱེད་པར ་བྱེད་པའོ། །སྤོང་བར་བགྱིད་པ་ནི་འདོང་བར་བྱེད་པའོ། །མེད་པ་ལ་ནི་ཅུང་ཟད་ཀྱང་བྱ་བ་མེད་པའི་ཕྱིར། །གལ་ཏེ་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཉིད་ལ་བརྟེན་པ་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེ་ན། བཅོམ་ལྡན་འདས་ཇི་ལྟར ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེད་པ་ལ་ནི་ཐོབ་པ་མེད་དོ་ཞེས་བྱ་བ་བསམས་ནས། བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་ཤིན་ཏུ་དབེན་པ་ཇི་ལྟར་འགྱུར་ཞེས་བྱ་བ་ནི་མི་འགྱུར་བ་སྟེ། ཤིན་ཏུ་མེད ་པ་ནི་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་མི་རིགས་སོ་ཞེས་བསམས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་དང་དེའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་ནི་རྒྱུ་དང། རྗེས་སུ་མཐུན་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དོན ་ཏོ། །རབ་འབྱོར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་ཡོངས་སུ་རྫོགས་པར་བྱེད་དེ། གལ་ཏེ་ཡང་དག་པར་ཤེས་པ་ནི་རྣམ་པར་རྟོག་པར་གྱུར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་ཞེས ་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བ་སྟེ། མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ་ཞེས་བྱ་བ་ནི་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ནི་རྣམ་པར་མི་རྟོག་པའོ་ཞེས་བསམས་སོ། །མངོན་པར་རྫོགས་པར་འཚང་ཡང་རྒྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ་ཀུན་ཏུ་བརྟགས་པའི་ངོ་བོར་ནི་གསུམ་པོ་འདི་དག་མེད་དེ། དེས་སྟོང་པའི་རྣམ་པར་རིག་པའི་ངོ་བོར་ནི་ཡོད་དོ་ཞེས་དགོངས་སོ། །དེ་ལྟ་མེད་ཀྱི་ཀུན་རྫོབ་ཇི་ལྟར་སྣང་བ་ཉིད་མེད་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ནི་དོན་དམ་པ་པའོ། །དོན་ཟབ་མོ་ལ་སྤྱོད་དོ་ཞེས་བྱ་བ ་ནི་གང་གི་ཕྱིར། དོན་ལ་གཞན་གྱིས་སྤྱོད་པར་མི་ནུས་པས་དཀའ་བ་བྱེད་པ་སྟེ། གང་གི་ཕྱིར་དེ་བཅོམ་ལྡན་འདས་ཀྱིས་དེ་མངོན་སུམ་དུ་མཛད་པར་སྤྱོད་ཀྱང་མངོན་སུམ་དུ་མི་མཛད་པ་ནི་སེམས་ཅན་གྱི་དོན་གྱི་དབང་གིས་སོ། །བཀའ་སྩལ་པའི་དོན ་ཞེས་བྱ་བ་ནི་མངོན་པར་དགོངས་པའི་དོན་ཏོ། །བཀའ་བ་ནི་གཞན་དག་ལའོ། །སླ་བ་ནི་བྱང་ཆུབ་སེམས་དཔའ་ཨོ་ཞེས་བསམས་སོ། །ཅིའི་ཕྱིར་སླ་ཞེ་ན། ཐབས་ལ་མཁས་པ་ཉིད་ཀྱི་ཕྱིར་ཏེ། ཐབས་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེའི ་ཕྱིར་དེ་ཉིད་ནི་བཅོམ་ལྡན་འདས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་པའོ། །གང་ཞེས་བྱ་བ་ནི་ཟབ་མོའི་དོན་ཏོ། །གང་གིས་ཞེས་བྱ་བ་ནི་ཤེ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སོ། །ཅི་སྟེ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་དེ་ཙམ་གྱིས་སྤྱོད་པར་འགྱུར་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཞུམ་པ་ནི་མི་རྫི་བ་སྟེ། འདི་ནི་བསྟན་པའོ། །མི་འགོང་བ་ལ་སོགས་པ་དྲུག་པོ་འདི་ནི་བཤད་པའོ། ། ་མི་འགོང་པ་དང། ཡང་དག་པར་མི་འགོང་བ་ནི་འདི་ལ་དགའ་བ་མེད་པའོ། །རྒྱབ་ཀྱིས་ཕྱོགས་པ་མ་ཡིན་ཞེས་བྱ་བ་ནི་དགའ་བ་མེད་པ་མེད་པ་མ་ཡིན་པའོ། །མི་སྐྲག་ཅེས་བྱ་བ་ནི་འདི་སྟོང་པར་འདོད་པ་མ་ཡིན་པའོ། །མི་དངང་བ་ནི་མི་གཏོང་བའོ། །དངང་བར་མི ་འགྱུར་བ་ནི་རྒྱུན་ཏུ་མི་གཏོང་བའོ། །དེ་ཉིད་ནི་ཉམས་པ་རྣམ་པ་དྲུག་འགོག་པར་རྟོགས་པར་བྱེད་དེ། གང་འདི་མངོན་དུ་གྱུར་པ་ལ་ཤིན་ཏུ་དགའ་བ་དེ་ནི་འདི་ལ་སྤྱོད་དོ། །གཞན་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པ་དང། གཞན་ཡང་གལ་ཏེ་བདག་ཅེས་བྱ ་པར་ཉེ་བ་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་དང། གཞན་ཡང་བདག་གིས་ཉན་ཐོས་ཞེས་བྱ་བ་ལ་སོགས་པས་ན། འདིར་ངོ་བོ་ཉིད་ལ་སོགས་པའི་དོན་དགུ་ནི་འཇུག་པའི་ཕྱོགས་ཏེ། བྱང་ཆུབ་སེམས་དཔས་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ ་རྣམ་པར་རྟོག་པ་ནི་ཀུན་ཏུ་རྨོངས་པའི་ཡང་དག་པ་མ་ཡིན་པའི་ཤེས་པའོ། །དེ་ལ་དང་པོ་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ། །ངོ་བོ་ཉིད་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པར་འགྲོའོ་སྙམ་པའོ། །དེའི་ལམ་ནི་བྱང ་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་རྟོག་པ་ནི་བདག་ཉིད་ཀྱི་བྱང་ཆུབ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སྟོང་པ་ཉིད་ལ་གང་མི་ཤེས་པ་དང། མཉམ་པར་མ་བཞག་པའི་ཤེས་པ་དང། མཉམ་པར་བཞག་པའི་ཤེས ་པ་གསུམ་ལ་རློམ་སེམས་པའོ། །བདག་སྤྱོད་དོ་ཞེས་བྱ་བ་དང། བདག་བྱང་ཆུབ་ཆེན་པོ་དང་ཉེའོ་སྙམ་པ་དང། བདག་བྱང་ཆུབ་དམན་པ་ལས་རིང་ངོ་སྙམ་པའོ། །འདིའི་གཉེན་པོ་ནི་བཅོམ་ལྡན་འདས་སྒྱུ་མ་ལྟ་བུ་སེམས་ཞེས་བྱ་བ་ནས་བརྩམS ་ནས། །འདི་ལྟ་སྟེ་ཞེས་བྱ་བའི་བར་གྱིས་སྟེ། འདི་ནི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་བདག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ནི་ཉེ་ལ། །བྱང་ཆུབ་དམན་པ་དང་ནི་རིང་སྟེ། གང་གི་ཕྱིར ་བདག་ནི་སངས་རྒྱས་གྱི་རིགས་ཡིན་ནོ་ཞེས་བྱ་བ་ནི་ཀུན་ཏུ་རྨོངས་པའོ། །འདིའི་གཉེན་པོ་ནི་རིགས་ཏེ་དེ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ནམ་བའི་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་རིགས་ཀྱི་རྣམ་པར ་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། བདག་ལ་ལམ་དག་པར་འགྲུབ་པ་ནི་ཡོད་དེ་།དེ་བས་ན་བདག་བྱང་ཆུབ་ཆེན་པོ་དང་ནི་ཉེའོ། །དམན་པའི་བྱང་ཆུབ་དང་ནི་རིང་ངོ་སྙམ་པ་ནི་ཀུན་ཏུ་རྨོངས་པའོ། །ཡང་དག་པར ་འགྲུབ་པ་འདིའི་གཉེན་པོ་ནི་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྒྱུ་མའི་སྐྱེས་བུ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་གཉེན་པོ་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ ་སོགས་པ་དང་།གཟུགས་བརྙན་ནི་སྣང་བའོ། །ཤེས་པའི་སྣང་བ་ནི་སྣང་བ་ཉིད་དུ་ཡིན་གྱིས་། ཤེས་པ་དམིགས་པ་ནི་མ་ཡིན་ནོ། །ཤེས་པའི་དམིགས་པ་དེ་ནི་མ་འཁྲུལ་པ་སྟེ། དེ་དག་ལ་སྐྱེས་སོ། །དེས་ན་བདག་བྱང་ཆུབ་ཆེན་པོ་དང་ནི་ཉེ ་ལ། དམན་པའི་བྱང་ཆུབ་དང་ནི་རིང་ངོ་སྙམ་པ་ནི་ཀུན་ཏུ་རྨོངས་པའོ། །འདིའི་གཉེན་པོ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གཟུགས་བརྙན་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་དམིགས་པ་མ་འཁྲུལ་པའི་རྣམ་པར་རྟོག་པའོ། །བཅོམ ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འཇོམས་པར་བྱེད་པ་ནི་གཉེན་པོའི་ཕྱོགས་སོ། །སྤངས་པར་བྱ་བ་ནི་མི་མཐུན་པའི་ཕྱོགས་སོ་སྙམ་པ་ནི་ཀུན་ཏུ་རྨོངས་པའོ། །འདིའི་གཉེན་པོ་ནི་དེ་བཞིན་དུ་རྣམ་པར་མ་རྟོག་པའི་ཤེS ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་སྟེ། དེ་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྡུད་པ་དང་མི་སྡུད་པ་མི་མངའ་བཞིན་ནོ། །འདི་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ ་ལ། །ཡང་དག་པར་མ་ཡིན་པ་ལ་རྟོག་པས་ན་རྟོག་པའོ། །དེ་དང་བྲལ་བའི་རྟོག་པ་ཡིན་པའི་ཕྱིར་རྣམ་པར་རྟོག་པའོ། །ཇི་ལྟར་དེ་བཞིན་གཤེགས་པས་དེ་དག་སྤངས་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་དེ་བཞིན་ནོ། ། ་དེ་ལ་རྟོག་པ་དང་བྲལ་བ་ནི་རྣམ་པར་རྟོག་པ་སྟེ། རང་གི་རྟོག་པ་ལ་རྨོངས་པའོ། །འདིའི་གཉེན་པོ་ནི་རྟོག་པ་དང་རྣམ་པར་རྟོག་པ་སྤངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་རང་གི་རྟོག་པ་ལ་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ་ཞེས་བྱ་བ་ལ་སོགས་པ་ལ། དེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་ཞེས་བྱ་བ་ལ་སོགས་པ་ལ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་བྱའོ། །དེས་ན་འདའ་བྱང་ཆུབ་ཆེན་པོ་དང་ནི་ཉེ་ལ། དམན་པའི་བྱང་ཆུབ ་དང་ནི་རིང་དོ་སྙམ་པའི་ནི་བྱེད་པ་ལ་ཀུན་ཏུ་རྨོངས་པའོ། །དེའི་གཉེན་པོ་ནི་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་མི་རྟོག་པ་སྟེ། དེ་བཞིན་གཤེགས་པས་མཛད་པའི་སྦྲུལ་པ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །འདི་ནི་བྱེད་པའི་རྣམ་པར་རྟོག་པའོ། །བཅོམ ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་སྤྲུལ་པ་དེ་ཡང་གང་གི་དོན་དུ་སྦྲུལ་པ་དེའི་བྱ་བ་བྱེད་ཅིང་བྱ་བ་དེ་ལ་ཡང་རྣམ་པར་རྟོག་པར་མི་བྱེད་དེ་།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར ་བྱེད་ཀྱང་རྣམ་པར་རྟོག་པར་མི་བྱེད་པ་ནི་གཉེན་པོའོ། །རྣམ་པར་རྟོག་པ་ནི་འདིའི་ལས་ཀྱི་རྣམ་པར་རྟོག་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཞེས་བྱ་བ་ནས་ལེའུ་རྫོགས་ཀྱི་བར་གྱིས་གསུངས་པ་ལ། གང་གི་དོན་དུ་ཤིང་ལས་བྱས་པའི་འཁྲུལ་འཁོར་ལ ་སྐྱེས་པའི་གཟུགས་བྱས་ན། དེ་བྱ་བ་དེ་བྱེད་ཀྱང་རྣམ་པར་རྟོག་པ་ནི་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་དོན་དུ་སྒོམ་པར་བྱེད་ཅིང་བྱང་ཆུབ་ཐོབ་ཀྱང་སྒོམ་པ་ལ་སོགས་པ་རྣམ་པར་རྟོག་པ་མེད་དེ་དེ་ན་གཉེན་པོའོ། །བྱང་ཆུབ་ཀྱི་རྟོག་པ་ནི ་བྱ་བའི་འབྲས་བུའི་རྣམ་པར་རྟོག་པའོ། །སྒྱུ་མ་ལྟ་བུའི་སེམས་ཉེ་བར་མཚོན་པའི་ལེའུ་ནི་སྒྱུ་མ་ལྟ་བུའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲེལ་སློབ་དབེན་རིན་ཆེན ་འབྱུང་གནས་ཞི་བས་རྣམ་པར་སྦྱང་བ། སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩེ་དྲུག་པའོ།། །།སྒྱུ་མ་ལྟ་བུའི་ལེའུ་རྫོགས་བ་ནི་གཟུང་བའི་རྣམ་པར་རྟོག་པ་དང་པོ་གསུངས་ནས། རྣམ་པར་རྟོག་པ་གཞན་གསུམ་ནི་སྙིང་པའི་ལེའུ་བརྗོད་པར ་བྱ་བ་སྟེ་།དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་བའི་དབང་དུ་བྱས་ནས། བསྟན་བཅོས་ལམ། སྲིད་དང་ཞི་བ་ལྟུང་བའི་ཕྱིར། །རྡོག་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང། །ལམ་གྱི་རྣམ་པ་མཚང་དང། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང། །ཆེད་དུ་བྱ ་བ་ལོག་པ་དང། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་དང་རྨོངས་པ་དང། །རྗེས་ལ་འགྲོ་ཞེས་བྱ་བ་ལ། རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དེ། །ཉན་ཐོས་ལ་སོགས་ཡིད་ལས་བྱུང། །ཞེས་བྱ་བ་གསུངས་ཏེ་།རྟོགས་པ ་དམན་པ་ལ་སོགས་པའི་སྐྱོན་ནི་བྱང་ཆུབ་སེམས་དཔའ་ཨི་སྤང་པར་བྱ་བ་ཡིན་བའི་ཕྱིར། རྣམ་པ་དགུ་ནི་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། ཉན་ཐོས་ལ་སོགས་པའི་ཡིད་ལས་བྱུང་བ་དེས་ན་སྤང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ཉིད་ནི་དེ་ནས་ཆེ་དང་ལྡན་པ་ཤཱ་རིའི ་བུས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ཞེས་བྱ་བའི་བར་དུ་གསུངས་པ། དེ་ལ་ཅིག་ནི་ཤཱ་རིའི་བུས་སྨས་སོ། །གཅིག་ནི་རབ་འབྱོར་ཀྱིས་སྨྲས་སོ། །དེ་ནས་གསུམ་ནི་ལྟའི་བུས་སོ། །ཡང་བཞི་ནི་རབ་འབྱོར་གྱིས་སོ། །འདིའི་ཡང་གཉེན་པོ་བརྗོད ་བར་བྱ་ཏེ། དེ་ལས་བཟློགས་པས་ནི་རྣམ་པར་རྟོག་པ་རྟོགས་པར་འགྱུར་རོ། །ཀྱེ་མ་སྙིང་པོ་ཞེས་བྱ་བ་ལ་ཀྱེ་མའི་སྒྲ་ནི་དགའ་ཨོ་བ་སྟེ། འབྲས་བུ་ཁྱད་པར་དུ་གྱུར་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་འདིར་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཆེད་དུ་སྤྱོད ་པའོ། །དེ་གང་ཞེ་ན། གང་ཞེས་བྱ་བ་ལས་ཞེས་པ་གསུངས་སོ། །དེ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བདག་མེད་པ་གཉིས་ཞེས་པ་གསུངས་སོ། །དེ་ལ་སྤྱོད་བ་ནི་འཁོར་བས་ཤིན་ཏུ་སྐྱོབ། མྱ་ངན་ལས་འདས་པས་ཤིན་ཏུ་དགའ་བ་མེད་དོ། །དེ་གཉི་ག་མི་དམིགས ་པའི་ཕྱིར་རོ། །ངོ་བོས་ན་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པས་གཉེན་པོའོ། །གཞན་དུ་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ལྔས་འཁོར་བར་ལྟུང་བའམ། གང་ཟག་ལ་བདག་མེད་པར་ཤེས་པས་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་བྲེལ་བས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་འཐོབ་པར་མི་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། འཁོར་ལོ་སྒྱུར་བའི་བུ་ལེགས་པར་དབང་བསྐུར་ཡང་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོ་སྒྱུར་བ་བྱ་བའི་མིང ་མེད་དོ། །འདི་ནི་རྟོགས་པ་དང་དམན་པ་ཉིད་ཀྱི་རྣམ་པར་རྟོགས་པའོ། །འགྲོ་བས་ན་སྙིང་པོ་སྟེ་ལས་ཀྱིས་ཆོས་སུ་རྟོགས་པར་བྱེད་དེ། ཐུབ་པར་སླ་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པ་ནི་སྙིང་པོ་མ་ཡིན་པ་སྟེ། ཐུབ་པར་དཀའ་བ་ཉིད་དོ། །དེའི་ཕྱིར ་ཐུབ་པར་དཀའ་བའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནི་དེ་དག་ཡོངས་སུ་འཛིན་པའི་ནུས་པ་དང་ལྡན་དེ། དཔེར་ན་སྐྱེས་བུ་མཚོན་ཆ་ཐོགས་པས་གཞན་མེད་པའི་གྲོང་གྱི་ལམ་དུ་བུད་མེད་བཟུང་པ་བཞིན་ནོ།། ་འདི་ནི་གཉེན་པོའོ། །གཞན་དུ་ན་ཐུབ་པར་སླ་བར་འགྱུར་ཏེ། འདི་ནི་ཡོངས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ། །དེ་ནས་འདོད་པ་ན་ཞེས་བ་ནས། རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལ་ཕྱག་བྱ་བ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་མ་ལུས་པའི་ཕྱིར ་དང། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་ཀྱི་ཕྱིར་དང། ཆེད་དུ་བྱ་བ་མ་ལོག་བའི་ཕྱིར་རོ། །འདི་ཉིད་ནི་གང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱིས་གསུངས་ཏེ། མངོན་པར་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔས་ནན་ཏན་དུ་བྱེད་པའོ། འདི་ལ་སྤྱོད་ཅེས ་བྱ་བ་ནི་བདག་མེད་པ་གཉིས་ཀ་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་ཟབ་མོ་ཞེས་བྱ་བ་ནི་གཉེན་པོའོ། །དེ་ལ་མི་སྤྱོད་པ་ནི་ལམ་གྱི་རྣམ་པ་མཆད་པར་འགྱུར་ཏེ། དེས་ན་དེ་བདུད་ལ་སོགས་པས་ཚུགས་པར་སླ་བ་སྟེ། གོ་ཆ་མ་བགོས་པ་བཞིན་དུ ་འཐབ་པའི་ཟླ་འོས་ཚུབས་པར་འགྱུར་རོ། །འདི་ནི་ལམ་གྱི་རྣམ་པ་མ་ཚང་བའི་རྣམ་པར་རྟོག་པའོ། །དེ་ལྟར་སྦྱོད་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞེས་བྱ་བ་འདིར་ཡང་སྦྱར་རོ། །དེ་ལྟར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཙོང་བྱས་པའི་ཕ་རོལ་ཏུ་ཕྱིན ་པ་རྣམས་ལ་སྤྱོད་པ་ཡིན་ཏེ། དེ་ལྟར་སྤྱོད་ཅེས་བྱ་བའི་དོན་ཏོ། །དེས་ཅི་ཞིག་ཏུ་འགྱུར་ཞེ་ན། ཡང་དག་པའི་མཛའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཁོར་ལ་སྒྱུར་བ་ནི་གཙོ་བོ་ཆེན་པོ་ཡིན་པའི་ཕྱིར་མཁར་གྱི་རྒྱལ་པོ་དེའི་རྗེས་སུ་འབྲང་བ་དེ་བཞིན་དུ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་དེས་འཁོར་བ་དང་མྱ་ངན་འདས་པ་མི་དམིགས་པའི་ཕྱིར་རོ། །ཇི་ལྟར་དེ་དག་ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ཀྱིས་འཁོར་བར་མི་ལྟུང་བ་དེ་བཞིན་དུ་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་མངོན་སུམ་དུ ་མི་བྱེད་དོ། །གལ་ཏེ་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་དེའི་ཚེ་ནི་དམན་པའི་བྱང་ཆུབ་མངོན་སུམ་དུ་མི་བྱེད་དོ། །རྣམ་གྲངས་འདིས་ཞེས་བྱ་བ་ལ་སོགས་པ་ལ། འདིས་ནི་ཞེས་བྱ་བ་ལ་སོགས་པ་ལ། །འདིས་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་པས་སོ། །དེ་ཉིད་ནི་གང་ཆོས་རྣམས་ཀྱི་ཞེས ་བྱ་བ་ལ་སོགས་པ་གསུངས་སོ། །མངོན་སུམ་དུ་མི་བྱེད་ཅེས་བྱ་བ་ནི་དེའི་ཕྱིར་ཞེ་ན། ཆེད་དུ་བྱ་བ་མི་ལྡོག་པ་སྟེ། ཚད་དུ་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའོ། །དེ་ལས་མི་ལྡོག་པ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཇི་སྲིད་དུ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལས་མ་ལོག་པ་དེའི་བར་དུ་དེ་དེ་ཁོ་ནའི་དོན་ལ་སྤྱོད་པའི་ཕྱིར་རོ། །གཞན་དག་ཀྱང་མི་སྤྱོད་པ་མ་ཡིན་ཏེ། དེའི་ཁོངས་སུ་འདུས་པའི་ཕྱིར། དཔེར་ན་ཆུ་ཐན་ཐམས་ཅད་ཆུ་བ་ཆེན་པོའི་ནང་དུ་འདྲེས་ནས། རྒྱ་མཚོ་ཆེན་པོར་འགྲོ་སྟེ་མི་ལྡོག་པ ་བཞིན་ནོ། །འདི་ནི་ཚད་དུ་བྱ་བ་ལ་ལོག་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་དགུ་པོ་འདི་དག་ཀྱང་ཡུམ་ཆེན་མོ་ལས་རང་གི་དོན་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས་སྦྱར་ཏེ། དེའི་ཕྱིར་ཉེ་ཚོ་བ་དང། སྣ་ཚོགས་ཉིད་ཀྱི་རྣམ་པར་རྟོག་པ་དེ་དག་ཇི ་ལྟར་གསུངས་པ་དེ་བཞིན་དུ་རེ་ཞིག་བརྗོད་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ལག་པ་གཡོན་པ་དང་འདྲ་ལ་དྲུག་པ་ནི་ལག་པ་གཡས་པ་དང་འདྲའོ། །གཉི་ག་ནི་བྱ་བ་ཐམས་ཅད་ལ་དགོས་པ་འགྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོའོ། །གལ་ཏེ ་ཡང་ལག་པ་གཡས་པ་དང་འདྲ་བའི་དྲུག་པ་དེ་མེད་པའི་ཕྱིར་ཚེ་ནི་ཉི་ཚོ་བའི་བྱ་བར་འགྱུར་ཏེ། འདི་ནི་ཉི་ཚོ་བའི་རྣམ་པར་རྟོག་པའོ། །དེ་ལྟར་རོ་སྣ་ཚོགས་པའི་ཆུ་ཟན་ནི་ཆུ་བོ་དང། །རྒྱ་མཚོ་ཆེན་པོར་ཞུགས་ན་རོ་གཅིག་ཏུ་འགྱུར་བ་དེ་བཞིན་དུ་རིག་ཐ་དད་པའི ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང། དྲུག་པར་ཞུགས་ན་མཚན་ཉིད་གཅིག་པར་འགྱུར་རོ་ཞེས་བྱ་བ་ནི་གཉེན་པོའོ། །ཕ་རོལ་ཏུ་ཕྱིན་པ་འདི་དག་མཚན་ཉིད་སྣ་ཚོགས་པ་དེ་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ངོ། །འདི་ནི་སྣ་ཚོགས་པ་རྣམ ་པར་རྟོག་པའོ། །འདིར་ཡང་བཅོམ་ལྡན་འདས་ཀྱི་དོན་དམ་པའི་གོ་ཆའི་དབང་དུ་བྱས་ནས་རྣམ་པར་རྟོག་པ་འདི་གཉིས་དེ་ནས་ཚོ?་རང་ལྡན་པ་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གོ་ཆ་བགོས་པ་ཞེས་བྱ་བ་འདི་ས་ནི་དཀའ་ ་བ་ཉིད་དུ་བསྟན་ཏེ། སེམས་ཅན་མཛའ་ཡས་པའི་དོན་བྱེད་པར་མི་ནུས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་བཞིན་དུ་གོ་ཆ་ནི་བགོ་པར་བྱ་བ་ཡིན་ཏེ། འདི་ལྟ་བུའི་བསམ་པ་ཆེན་པོ་མེད་པར་བདག་དང་།གཞན་གྱི་དོན་བྱ་བར་མི་ནུས་པའི་ཕྱིར་རོ་ཞེས་བྱ ་བ་ནི་གཉེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གང་ཡང་མི་བྱེད་པས་བདག་ཉིད་དུལ་བར་བྱ་བའི་དོན་དུ་གོ་ཆ་མེད་པ་འདི་ནི་ཉི་ཚེ་བའི་རྣམ་པར་རྟོག་པའོ། སྣ་ཚོགས་པ་ཉིད་ཀྱི་རྣམ་པར་རྟོགས་པའི་གཉེན་པོ་ནི་མཉམ་པ་ཉིད་དོ། །དེ་ཉིད ་མི་མཐུན་བའོ། །མཆོག་ཏུ་དཀའ་བ་བྱེད་པ་ནི་སེམས་ཅན་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གདུལ་བར་བྱ་བ། ཞེས་བྱ་བ་ནི་གདུལ་བར་འོས་པའི་སེམས་ཅན་རྣམས་སོ། །དེ་སྟ་མོད་ཀྱི་གང་ལ་དཀའ་བ ་བྱེད་པ་ཡིན་ཞེ་ན། དེའི་ཕྱིར་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེས་བསྟན་པར་བྱ་བའི་ཕྱིར་ལྷའི་བུ་དག་གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཆོས་མཐུན་པ་ག་ལས་ཞེས་བྱ་བའི་དོན་ཏོ། །དེའི ་ཕྱིར་ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ལྷའི་བུ་དག་ཅེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་པའོ། །ཡང་བསྟན་པར་བྱ་བའི་ཕྱིར་ལྷའི་བུ་དག་གང་ཞེ་བྱ་བ་ལ་སོགས་པ་གསུངས་པ་ལ། སེམས་ཅན་ནམ་མཁའ་དང་འདྲའོ ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་རྩོད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས་རིགས་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་གཏན་ཚིགས་སོ། །རྩོད་པ་ནི་འབབ་མོ་སྟེ་འདི་སེམས་ཅན་འདུལ་བར་མི ་འདོད་པ་འམ། སེམས་ཅན་དེ་དག་ཡོངས་སུ་གཏོད་བ་ནི་འཐབ་མོའོ། །དེ་ལྟར་འདུལ་བར་བྱ་བ་ལ་སོགས་པ་ལ། ཇི་ལྟར་འདུལ་བར་བྱ་བ་དེ་བཞིན་དུ་འདུལ་བར་བྱ་བ་ཡང་དོ། །དེ་བས་ན་དེ་མེད་པས་ཤིན་ཏུ་ཡང་མཆོག་ཏུ་དཀའ་བ་བྱེད་པ་ཡིན ་ནོ། །གང་གི་ཕྱིར་བདག་དང་གཞན་གྱི་དོན་བྱེད་པར་ནུས་པའི་ཕྱིར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་བལྟ་བར་བྱའོ། །དེ་ཡང་འདིར་ཇི་ལྟར་ན་སྤྱོད་པ་ཡིན་པར་ཤེས་པར་བྱ་ཞེས་ན། གལ་ཏེ་འདི་ལྟར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཞུམ་པར་མ་གྱུར་པ་ནི་མི་སྐྱེ་བ་སྟེ། ཤིན་ཏུ་ཡང་དགའ་པ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་སྤྱོད་པ་ན། གཏན་ཚིགས་གང་ཡིན། གང་ཡང་? ་མ་ཡིན་ཏེ། ཆོས་བདག་མེད་བ་མཐོང་བའི་ཕྱིར་རོ་ཞེས་བསམས་སོ། །དེའི་ཕྱིར་སེམས་ཅན་དབེན་པའི་ཞེས་བྱ་བ་ལ་སོགས་པ་ནི། ལྷའི་བུ་དག་དེ་ལྟར་ན་ཞེས་བྱ་བ་ནས། ལྟ་བར་བྱའོ་ཞེས་བྱ་བའི་བར་གྱིས་མཇུག་བསྡུ་པའོ། །ཆོས་ཐམས་ཅད་དབེན་ཞིང་མཉམ་པ ་ཉིད་ཅེས་བྱ་བས་ནི་མཉེན་པོ་རྒྱ་ཆེར་བསྟན་ཏོ། །སེམས་ཅན་སྣ་ཚོགས་པ་དང། ཆོས་སྣ་ཚོགས་པ་དབེན་པ་དེ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་གཅིག་པ་མ་ཡིན་ནོ་སྙམ་པ་ནི་སྣ་ཚོགས་པའི་རྣམ་པར་སྟོག་པའོ། །ལྷའི་བུ་དག་གལ་ཏེ་ཞེས་བྱ་བ་ལ་སོགས ་པ་ལ་དེ་ལྟར་བཤད་པ་དང། ཞེས་བྱ་བ་ལ། དེ་ལྟར་ནི་དེའི་ནའོ། །བཤད་པ་ནི་ཉེ་བར་བསྟན་པའོ། །ཆོས་ཐམས་ཅད་དབེན་པ་ཉིད་ཅེས་བྱ་བ་ནི་སྤྱོད་པའི་དུས་སུ་མཐོང་ན། བྱང་ཆུབ་སེམས་དཔའ་ཞུམ་པར་མི་བྱེད་ཅེས་བྱ་བ་དང་སྦྱར་རོ། །ཞུམ་པར་མི་བྱེད་ཅེས་བྱ་བ ་ནི་གནས་ལ་དང། འཇུག་པ་ལ་མ་རྨོངས་པ་སྟེ། གང་ནས་འགྲོ་བར་བྱ་བ་དང། གང་དུ་གནས་པར་བྱ་བ་ལའོ། །དེ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཡང་དག་པར་རིག་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིར་བས་དེ་དག་ལ་མ་རྨོངས་པའི་ཕྱིར་རོ། །དེ་ལྟར ་ན་གང་གིས་བྱང་ཆུབ་བྱང་ཆུབ་དེང་འགྲོ་བར་བྱ་བ་དང། གནས་པ་དེ་ཉིད་རང་ཉིད་ལ་རག་ལས་བའི་རྒྱུ་དང་འབྲས་བུའི་གནས་སྐབས་སོ། །དེས་གང་གིས་དེར་འགྲོ་བ་དང། གང་དུ་གནས་པ་ནི་དང་ཡོངས་སུ་བསྡོས?་པའི་ཕ་རོལ་ཏུ་ཕྱིན་ལ་ལྔ་ཡང་དེ་ཉིད་དུ་འགྲོ ་ཞིང་དེ་ཉིད་དུ་གནས་པ་ཡིན་ཏེ། དཔེར་ན་འཁོར་ལོ་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་གང་ནས་འགྲོ་བ་དང། གང་དུ་གནས་པ་དེར་དཔུང་གི་ཚོགས་ཐམས་ཅད་དེ་ནས་འགྲོ་ཞིང་དེ་ཉིད་དུ་གནས་པ་དེ་ལྟ་བུ་སྟེ་གཉེན་པོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་མ་རིག ་པ་ནི་དྲུག་པའི་སྣང་བ་མེད་པ་དེས་ན། གནས་པ་དང་འཇུག་པ་ལ་ངེས་པ་མེད་པས་གནས་པ་དང་འཇུག་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཞུམ་པར་མི་བྱེད་པ་ངས་རྟོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བའོ། །སྔ་མ་བཞིན་དུ་འདིར་ཚིག་ལྷག་མ་སྟེ། གཞན་དུ་ནི་ཕྱིར་ཞུམ་པར་མི་བྱེད། དཔེར་ན་འཁོར་ལོ་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་སྔོན་དུ་འགྲོ་བའི་ཕྱི་ནས་དཔུང་གི་ཚོགས་འགྲོ་བ་ལྟ་བུ་སྟེ། འདི་ནི་གཉེན་པོའོ། །ཕ་རོལ་ཏུ་ཕྱིན ་པ་ལྔ་ནི་ཡུལ་རགས་པ་ཡིན་པའི་ཕྱིར་སྔོན་དུ་འགྲོ་པའོ། །དྲུག་པ་ནི་ཡུལ་ཕྲ་བ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བའོ། །འདི་ནི་རྗེས་ལ་འགྲོ་བའི་རྣམ་པར་རྟོག་པའོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་བསྟན་ནས། འཛིན་པའི་རྣམ་པར་རྟོགས་པ་དང ་པོའི་དབང་དུ་བྱས་ནས། བསྟན་བཅོས་ལས། འཛིན་དང་སོ་སོར་ཐར་པ་དང། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཅར་ཉེ་བར་འབྲེལ་པ་དང། །གནས་དང་མངོན་པར་ཞེན་པ་དང། །ཆོས་ཀྱི་དངོས་པོ་བརྟགས་པ་དང། །ཆགས་པ་དང་ནི ་གཉེན་པོ་དང། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། བདག་རྫས་སུ་ཡོད་པ་ནི་འཛིན་པ་དང་པོ་སྟེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་ཡོད་དེ། དེ་ནི་ཅུང་ཟད་ནི་འཛིན་ནོ། །ཅུང་ཟད ་ནི་འདོར་ཏེ། འདི་ནི་འཛིན་པ་དང་ཐ་དད་པའི་རྣམ་པར་རྟོག་པའོ། །དེ་ཡང་མི་འཛིན་པ་དང་མི་གཏོང་པ་འདི་ནི་གཉེན་པོའོ། །འཛིན་པ་ཉིད་ཀྱི་ཆོས་དེ་གང་དག་ཡིན་ལ་བྱེད་པའི་རྣམ་པར་རྟོག་པའོ། །ཆོས་དེ་དག་ཡིད་ལ་མི་བྱེད་བ་ནི་གཉེན་བོའོ། །ཡིད ་ལ་བྱེད་པ་ཉིད་ཁམས་གསུམ་དང་འབྲེལ་བའི་ཕྱིར་རོ་སྙམ་པ་ནི་ཁམས་གསུམ་དང་འབྲེལ་བའི་རྣམ་པར་རྟོག་པའོ། །ཁམས་གསུམ་དང་མ་འབྲོལ་བ་ནི་གཉེན་པོའོ། །ཁམས་གསུམ་ན་གནས་པ་ན་ཇི་ལྟར་དེ་ལ་འབྲེལ་པ་མེད་དོ་སྙམ་པ་ནི་གནས་པའི་རྣམ ་པར་རྟོག་པའོ་།དེ་གང་ལ་ཡང་པ་ནི་གཉེན་པོའོ། །མངོན་པར་ཞེན་པ་ཡོད་ན་ཇི་ལྟར་མི་གནས་སྙམ་པ་ནི་མངོན་པར་ཞེན་པའི་རྣམ་པར་རྟོག་པའོ། །དེ་མངོན་པར་ཞེན་བ་ཅུང་ཟད་ཀྱང་མེད་པ་ནི་གཉེན་པའོ། །བྱང་ཆུབ་སེམས་དཔའ་ཨི་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཀྱི་དངོས་པོ་རྣམས་བཏགས་པར་ཡོད་པ་དེ། འདི་ནི་ཆོས་ཀྱི་དངོས་པོ་བཏགས་པ་ཡོད་པའི་རྣམ་པར་རྟོག་པའོ། །དེ་ཡང་འདི་ལ་མེད་པ་འདི་ནི་གཉེན་པོའོ།། ་ཆགས་པ་ཉིད་ཀྱིས་ཡང་དག་པར་རྫོགས་བའི་བྱང་ཆུབ་དེ་ལ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་གཞན་དུ་ན་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་སྙམ་པ་མི་ཅགས?་པའི་རྣམ་པར་རྟོགས་པའོ། །ཆོས་ཐམས་ཅད་ལ་ཆགས་པ་མེད་ན། ཡོངས་སུ་འཛིན་པ་མེད་ཅིང་མཆགS ་ན་ཅུང་ཟད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ། །གལ་ཏེ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་གཉེན་པོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་མིན ་ཞེས་བྱ་བ་ལ་སོགས་པ་ནི་གཉེན་པོའི་རྣམ་པར་རྟོག་པའོ། །དེ་ཐམས་ཅད་སྟོང་པའོ་ཞེས་བྱ་བ་ནི་གཉེན་པོའོ། །ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དམིགས་པ་ནི་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཉམས་པའི་རྣམ་པར་རྟོག་པའོ། །བྱང་ཆུབ ་སེམས་དཔའ་ལ་དེ་ཡོད་པ་མ་ཡིན་པ་ནི་གཉེན་པོའོ། །རྣམ་པ་དགུ་བོ་འདི་དག་ནི་ཡུམ་ཆེན་མོ་དག་ལས་གསུངས་སོ། །འདིར་ནི་སྦྱིར་རྫས་སུ་ཡོད་པའི་འཛིན་པའི་རྣམ་པར་རྟོག་པ་གཉེན་པོ་དང་བཅས་པ་ནི་།དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས ་ཞུམ་པར་མི་བགྱིད་དེ་ཞེས་བྱ་བའི་བར་གྱིས་གསུངས་པ་ལ་མཁྱེན་དུ་ཞེས་བྱ་བ་ནི། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་མི་མཁྱེན་པ་ནི་ཅུང་ཟད་ཀྱང་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འཇིག་རྟེན་ལ་གྲགས་པའི་རྫས་སུ ་ཡོད་པའི་གང་ཟག་གིས་ངོ་བོ། །དེ་རྒྱུ་གང་གིས་ཞུམ་པར་མི་འགྱུར་བ་ཞེས་བྱ་བ་ནི་རྫས་སུ་ཡོད་པའི་འཛིན་པའི་རྣམ་པར་རྟོག་པའོ། །དེའི་གཉེན་པོ་ནི་མི་དམིགས་པའོ། །དེ་ཉིད་ནི་བཅོམ་ལྡན་འདས་དབེན་པ་ཞེས་བྱ་བ་ལ་སོགས་པས་གསུངས ་ཏེ། མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏེ། དེ་ཉིད་རང་ཉིད་མེད་པར་ཞུམ་པར་གལ་འགྱུར་ཞེས་བྱ་བའོ། །གང་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། ཆེད་བཞིན་ངེས་པར་མི་འབྱུང ་དང། །ཁམ་དང་ལམ་མིན་ངེས་འཛིན་དང། །འགག་དང་བཅས་པའི་སྐྱེ་པོ་དང། །དངོས་པོ་ལྡན་དང་མི་ལྡན་དང། །གནས་དང་རིགས་དང་འཇིག་པ་དང། །དོན་དུ་གཉེར་དང་རྒྱུ་མེད་དང། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ ་རྟོག་གཞན་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་དང་པོ་ཉིད་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དགུ་པོ་འདི་ནི་དེ་དག་གི་ཆོས་མ་ཡིན་ནོ། །འོན་ཀྱང་འཕགས་པ་ཉན་ཐོས་དང། །རང་སངས་རྒྱས་རྣམས་ཀྱི་ཆོས་ཡིན་ཏེ། ་དེ་དག་གི་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གི་གཉེན་པོ་ནི་མདོ་ལས་ཇི་ལྟར་ཁ་ལོ་བསྒྱུར་བས་རྟ་རྣམས་ལ་ཡང་དག་པའི་ལམ་སྟོན་པ་ལྟར། དྲུག་པས་ཀྱང་ལྔ་པོ་རྣམས་ལ་དེ་བཞིན་ནོ་ཞེས་བྱ་བ་ནི་གཉེན་པོའོ། །དྲུག་པ་མེད ་པར་ནི་ཁ་ལོ་བསྒྱུར་བ་མེད་དོ། །འདི་ནི་ཆེད་དུ་བྱ་བ་ཇི་ལྟར་བ་བཞིན་དུ་ངེས་པར་མི་འབྱུང་བའི་རྣམ་པར་རྟོག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ལ། དམན་པའི་བྱང་ཆུབ་ཀྱི་ལམ ་ནི་དེ་དག་གི་ལམ་མ་ཡིན་ཏེ། དེ་དག་ཉིད་ངེས་པར་འཛིན་པ་ཞེས་བྱ་བ་ནི་དྲུག་པ་ཁོ་ན་སྟེ་གཉེན་པོའོ། །དེ་མེད་པ་ནི་ལམ་དང་ལམ་མ་ཡིན་པ་ངེས་པར་འཛིན་པའི་རྣམ་པར་རྟོག་པའོ། །འདི་ནི་ཆོས་གང་ཡང་བསྐྱེད་པ་འམ་འགོག་བ ་མ་ཡིན་ཏེ། ཆོས་ཉིད་ཚད་མར་བྱས་ནས་ཞེས་བྱ་བ་ནི་གཉེན་པོའོ། །བསྐྱེད་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ། །འགོག་པ་ནི་དེའི་སྒྲིབ་པ་རྣམས་ཏེ། འདི་ནི་སྐྱེ་བ་དང། འགོག་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་དང་ལྡན་པ ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་ནི་གཉེན་བོའོ། །ལྡན་པ་དང་མི་ལྡན་པ་སྙམ་པ་འདི་ནི་ལྡན་པའི་རྣམ་པར་རྟོག་པའོ། །གཟུགས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་པར་ལ་གནས་པར་མི་བྱའོ་ཞེས་རྣལ་འབྱོར་དུ་བྱེད ་ཅིང་ཆོས་ཐམས་ཅད་གང་ལ་ཡང་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉེན་པོའོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་བྱའོ་སྙམ་པ་ནི་གནས་པའི་རྣམ་པར་རྟོག་པའོ། །ཇི་ལྟར་འབྲས་བུ་འདོད་པས་ས་བོན་བཏབ་ནS ་ཡོངས་སུ་སྨིན་པ་ནི་སྤྱོད་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་ཆེན་པོ་འདོད་པས་ཕ་རོལ་ཏུ་ཕྱིན་པ་དག་ལ་བསླབས་ནས། དེ་དག་གིས་སེམས་ཅན་ཡོངས་སུ་བཟུང་ཞིང་འཁོར་བ་ལས་ཡོངས་སུ་བསྒྲལ་བར་བྱའོ་ཞེས་བྱ་བ་ནི་གཉེན་པའོ། །བྱང་ཆུབ་ཏུ་སེམས་? ་བསྐྱེད་ནས་།སེམས་ཅན་བཏང་སྙོམས་བྱེད་པ་འདི་ནི་རིགས་རྣམ་པར་འཇིགས་པའི་རྣམ་པར་རྟོག་པའོ། །དོན་དུ་གཉེར་བ་ནི་དགོས་པ་དོན་དུ་གཉེར་བ་སྟེ། ཆོས་ཐམས་ཅད་ལ་དབང་སྒྱུར་བ་རྗེས་སུ་ཐོབ་པར་འདོད་པས་དྲུག་པ་ལ་བསླབ་པར་བྱའོ་ཞེས ་བྱ་བ་ནི་གཉེན་པོའོ། །དེ་ལ་བསླབ་པར་མི་བྱའོ་སྙམ་པ་ནི་དོན་དུ་མི་གཉེར་བའི་རྣམ་པར་རྟོག་པའི། །དྲུག་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་རྒྱ་མཚོ་བཞིན་ནོ། །དེ་ཡོངས་སུ་བསྒོམས་ན་དཀར་པོའི་ཆོས་སངས་རྒྱས་ཀྱི ་ཆོས་རྣམས་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་གཉེན་པོའོ། །དྲུག་པ་མེད་ན་རྒྱུ་མེད་པའི་ཕྱིར་རོ་སྙམ་པ་ནི་རྒྱ་མེད་བའི་རྣམ་པར་རྟོག་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ནོ། དུས་གསུམ་གྱི་སངས་རྒྱས་རྣམས་དགོངས་པར་མཛད་དེ། གཟུགས ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་མ་ཡིན་ཞིང། འོན་ཀྱང་འདིར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་མ་ཡིན་པ་དེ་བཞིན་དུ་དགོངས་པ་མཛད་དོ། །འདི་ནི་གཉེན་པོའོ། །གཟུགས་ནས་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དགོངས་པ་མཛད་དེ་སྙམ་པ་ནི་ཕྱིར་རྒོལ་བའི་ཆོས་ལ་དམིགས་པའི་རྣམ་པར་རྟོག་པའོ། །དབྱེ་བ་རྣམ་པ་བགུ་པོ་འདི་དག་ཀྱང་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་གསུངས་སོ། །འདིར་ནི ་སྦྱིར་བཏགས་པར་ཡོད་པའི་འཛིན་བའི་རྣམ་པར་རྟོག་པ་གཉེན་པོ་དང་བཅས་པ། བཅོམ་ལྡན་འདས་ཆོས་གང་ཡང་ཞེས་བྱ་བ་ནས། ཆོས་དེ་ཡང་དམིགས་སུ་མེད་དོ་ཞེས་བྱ་བའི་བར་གྱིས་གསུངས་ཏེ། ཆོས་གང་ཡང་ཞེས་བྱ་བ་ནི། ཕུང་པོ ་ལ་སོགས་པའི་ཡུལ་ལ་བདག་ཏུ་བཏགས་བའོ། །ཞུམ་པར་འགྱུར་བ་མ་མཆིས་པ་ནི་རང་ཉིད་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་གང་ཡང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའམ་སེམས་སོ། །ཆོས་གང་གིས ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །ཆོས་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །དེ་དེ་བཞིན་ནོ་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པ་སྟེ། འདི་ཙམ་གྱིས་ནི་སེམས་ཅན་རྫས་སུ་ཡོད་པ་དང། ངར་འཛིན་པའི་ཡུལ་ཕུང་པོ་ལ་སོགས་པ་དང། སེམས ་བྱང་ཆུབ་སེམས་དཔའ་མེད་པ་ནི་གཉེན་པོར་གསུངས་སོ། །འདི་ནི་བཏགས་པར་ཡོད་པའི་འཛིན་པའི་རྣམ་པར་རྟོག་པ་དེ་བཞི་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་རྟོག་པ་བཞི་པོའི་གཉེན་པོའི་བཅོམ་ལྡན་འདས་ཡུམ་ལས་རྒྱ་ཆེར ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སྦྱོང་བ་ནི། ཇི་ལྟར་ཤེས་པར་བྱ་བ་དེ་ནི། ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པ་ནི་ཚིག་གོ་།བཤད་པ་ནི་དོན་ནོ། །བསྟན་པ་ནི་ཁྱད་པར་མེད་པར་བརྗོད་པའི ་ཕྱིར་བསྟན་པའོ། །གསང་བར་བརྗོད་པའི་ཕྱིར་ཉེ་བར་བསྟན་བའོ། །ཞུམ་པར་མི་འགྱུར་ཞེས་བྱ་བ་ནི་དམན་པར་མི་འགྱུར་བའོ། །ཡི་མི་གསོད་ཅེས་བྱ་བས་ནི་སྐྱོ་བས་སོ། །ཡི་གསོད་པར་མི་འགྱུར་ཞེས་བྱ་བ་ནི་རྒྱུན་དུ་སྐྱོ་བས་སོ། །ཀུན་ཏུ ་ཞུམ་པར་མི་འགྱུར་བ་ནི་སེམས་ཀྱི་རློམ་པས་སོ། །ཡང་དག་པར་ཞུམ་པར་མི་འགྱུར་བ་ནི་རྒྱུན་དུ་རློམ་པར་མི་འགྱུར་བས་སོ། །ཕྱིར་ཕྱོགས་པ་ནི་རྒྱབ་ཀྱིས་ཕྱོགས་པའོ། །ཡིད་ཕྱིར་ཕྱོགས་པར་མི་བྱེད་པ་ནི་ཡང་མངོན་དུ་ཕྱོགས་པར་མི་བྱེད་པའོ། །མི་སྐྲག ་བ་ནི་སྐྲག་པ་ལ་མངོན་དུ་བལྟས་པས་སོ། །མིང་དང་བ་ནི་ཡང་དག་པར་མིང་དང་བས་སོ། །དངང་བར་མི་འགྱུར་བ་ནི་རྟག་པ་ཉིད་ཀྱིས་སོ། །དེའི་ཚོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱོད་པར་རིག་པར་བྱའོ། །དེ་ལ་མི་སྤྱོད་པ་ན་ནི་ཞུམ་པ་ལ་སོགས་པར་ངེས་པར་འགྱུར་རོ། །རབ ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ནས། སྤྱོད་དོ་ཞེས་བྱ་པའི་བར་ནི་རབ་འབྱོར་གྱིས་ཁས་བླངས་པའོ། །དེ་ལྟར་སྦྱོང་པའི་ཞེས་བྱ་བ་ལ་སོགས་བས་ནི་ཁྱད་པར་ཅན་གྱི་ཕན་ཡོན་གསུངས་སོ། །ཕན་འདོགས་པ་ནི་ཁྱད་པར་དུ་བདག་གིར་མཛད་པའོ། །དགོས་པར་མཛད་པ་ནི་དྲན ་པར་མཛད་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་པར་མཛད་པ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་བུར་ཞེ་ན། དགེ་སློང་གི་དགེ་འདུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ལ ་སོགས་པ་ལ། མིང་དང་ཞེས་བྱ་བ་ནི་མིང་དུ་བཏགས་པའོ། །རུས་ནི་ཤཱཀྱ་ལ་སོགས་པའོ། །སྟོབས་ནི་ལུས་ཀྱི་སྟོབས་དང། རྫུ་འཕྲུལ་གྱི་སྟོབས་སོ། །ཁ་དོག་ནི་ལགས་པའི་ཡོན་ཏན་ནི་གཟུགས་ནི་ཁ་དོག་དང་དབྱིབས་ཏེ། འདི་དག་ཡོངས་སུ་བརྗོད་པའོ།། ་ཁྱད་པར་གྱིས་ཁྱད་བར་དུ་གྱུར་བ་ནི་གཟུགས་སོ། །ཆེད་དུ་བརྫོད་པ་ནི་ཡོན་ཏན་ལ་དགའ་བ་ལས་བྱུང་བའི་ཚིགས་སུ་བཤད་པའོ། །ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་རྗོད་པར་བྱེད་པའོ། །གང་གི་ཡོན་ཏན་བྱེད་ན། དེ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནི་དཔེས་བསྟན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་དོན་བསྟན་ཏོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ནི་ཞུས་པའོ། །རབ་འབྱོར་དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལན་ནོ། །ཐམས་ཅད་ཅེས་བྱ་བ་མི ་ཐམས་ཅད་ཡང་དག་པ་མེད་པ་ལ་དམིགས་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པས་ནི་ཡང་དྲིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པས་ནི་ལ་ནོ། །འདི་དག་ནི ་ཞེས་བྱ་བ་ལ་སོགས་བས་མཇུག་བསྡུ་བའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོཌ་པས་གསུངས་སོ། །རབ་འབྱོར་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་མཇུག་བསྡུ་བའོ། །གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕྱིར ་མི་ལྡོག་པ་རྣམས་ཀྱི་དབང་པོ་དེ་ཐོབ་པ་ནི་ཐོབ་པའོ། །དེ་ནོན་པ་ནི་རབ་ཏུ་ཞུགས་པའོ། །སངས་རྒྱས་ཀྱི་མིང་ལ་སོགས་པ་བསྟན་པའི་ཕན་ཡོན་ནི་ཡང་དག་གང་ཞེས་བྱ་བ་ནས། གནས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །ཇི་ལྟར་མོས་པར ་འགྱུར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་དག་ལས་ཀྱང་ཞེས་བྱ་བ་ནི་མི་བསྐྱོད་པ་འབའ་ཞིག་མ་ཡིན་པའོ། །གང་དག་ཅེ་ན། གང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་གི་ཞེས་བྱ་བ་ནི་མི་བསྐྱོད་པ་དང་དེའི་བྱང ་ཆུབ་སེམས་དཔའ་རྣམས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ཐོས་པའི་ཕན་ཡོན་མཇུག་བསྡུ་བ་དང། དེ་བཞིན་དུ་བསྒྲུབ་པ་ལ་སོགས་པའི་ཕན་ཡོན་ཁྱད་པར་དུ་གྱུར་པ་གསུངས་སོ། །དེ་ལྟར་ཕན་ཡོན་ཁྱད་པར་དུ་གྱུར་པ་གསུངས ་ནས། སྐབས་སུ་བབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་རྫོགས་པའི་བར་གྱིས་བསྟན་ཏེ། རབ་འབྱོར་གྱིས་སྐབས་དེ་སྟོན་པ་ནི་རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་མ་གཏོགས་པར་ཞེས་བྱ ་བ་ནི་དེ་བཞིན་ཉིད་ཙམ་ཁོ་ན་མ་གཏོགས་པའི་ཕྱིར་དང། ཀུན་ཏུ་བཏགས་པ་རྣམ་པ་སྣ་ཚོགས་པ་སྣང་བ་མེད་པའི་ཕྱིར་ཆོས་གང་ཡང་དམིགས་སུ་མེད་དོ། །དེའི་ཚེ་ཆོས་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །རབ་འབྱོར ་དེ་བཞིན་ཉིད་ཀྱང་རེ་ཤིག་དམིགས་སུ་མེད་ན་ཞེས་བྱ་བ་ལ། དེ་ནི་གཟུང་བར་བྱེ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་ནི་བྱང་ཆུབ་སེམས་དཔའ་ཨོ། །ཐོགས་པ་ཞེས་བྱ་བ་ནི་རྟུགས་པ་ཞེས་བྱ་བའི་དོན་ཏོ། །བརྩམས་པ་ཞེས་བྱ ་བ་ནི་དབང་དུ་བྱས་པའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་རིགས་པ་སྨྲ་པའོ། །ཆོས་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའོ། །རྗེས་སུ་མཐུན་པའི་ཆོས་ནི་རྗེས་སུ་མཐུན་པའི་ལམ་མོ། །ལུང་བསྟན་པ་ནི་བརྡའ་སྤྲད་པའོ། །ལུང་སྟོན་པ་ནི་ལུང་སྟོན་པར་བྱེད་པའོ། །ཆོས ་ཐམས་ཅད་དབེན་པའི་སྟོད་པ་ཉིད་དོ། །དེ་ལ་གནས་པ་ནི་ཏིང་ངེ་འཛིན་ཏེ། ཆོས་ཐམས་ཅད་མི་དམིགས་པ་དེ་ལ་གནས་པའོ། །ཀོའུ་ཤི་ཀ་གང་ཡང་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་གྱིས་གནས་པ་ལས་བྱང་ཆུབ་སེམས་དཔའ་ཨི་གནས་པ ་ཁྱད་པར་དུ་གྱུར་པར་སྟོན་པར་བྱེད་དོ། །ཀོའུ་ཤི་ཀ་ཞེས་བྱ་བ་ལ་སོགས་པས་ནི་འཐད་པ་གསུངས་ཏེ་།སྤྱོད་པ་ནི་ཏིང་ངེ་འཛིན་གྲུབ་པའི་དོན་དུའོ། །གནས་པ་ནི་ཏིང་ངེ་འཛིན་གྲུབ་པའོ། །ལྷག་མ་ནི་རྟོགས་སླའོ། །རྟོགས་པར་དཀའ་བ་ནི་གོང་ཉིད་དུ ་བཤད་དོ། །སྙིང་པོ་ལ་སོགས་པའི་ལེའུ་ནི་སྙིང་པོའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས ་ལེའུ་ཉི་ཤུ་རྩ་བདུན་བའོ།། །།སྒྱུ་མ་ལྟ་བུ་དང་སྙིང་པོའི་ལེའུ་དག་ཏུ་མཐོང་བས་སྤང་བར་བྱ་བའི་རྣམ་རྟོག་བསྟན་ནས། མཐོང་བའི་ལམ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན་ངེས་པར་བྱང་ཆུབ་ཐོབ་པར་སྟོན་ཏེ། དེའི ་ཕྱིར་དེ་ཉིད་ཀྱིས་རྒྱུ་གསུམ་ནི་ལེའུ་འདིས་དང་པོ་བརྗོད་བར་བྱ་བ་ལ། ཕྱི་ནས་ནི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེའི་ཕྱིར་རྒྱུ་གསུམ་གྱི་དབང་དུ་བྱས་ནས། བསྟན་བཅོས་ལས། བྱང་ཆུབ་གཞན་ལས་སྟོན་པ་དང། །དེ་ཡི་རྒྱུ་ནི་ཡོངས་གཏོང་དང། །དེ་ཐོབ ་བར་ཆད་མེད་པའི་རྒྱུ་།བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་བྱ་བ་གསུངས་ཏེ། ཇི་སྐད་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན་བྱང་ཆུབ་དེ་ཐོབ་པ་ནི་ཐོབ་བའོ། །དེའི་བར་ཚད་མེད་པ་ནི་མེད་ན་མི་འབྱུང་བའོ།། ་རྒྱུ་ནི་ཤེས་རབ་བྱེད་བ་སྟེ། རྣམ་པ་གསུམ་གསུངས་སོ། །མདོ་ལས་བྱང་ཆུབ་སྟོན་པ་ནི་རང་བཞིན་དགས་ལུང་སྟོན་པ་སྟེ་དེ་ནི་རྒྱུ་དང་པོའོ། །མ་འོངས་པའི་བྱང་ཆུབ་ཀྱི་རྒྱུར་འཕགས་པ་ཀུན་དགའ་པོ་ལ་ཡོངས་སུ་བཏང་བ་ནི་རྒྱུ་གཉིས་པའོ། །བསོད་ནམས་མང ་པོའི་མཚན་ཉིད་ནི་རྒྱུ་གསུམ་པའོ། །དེའི་ཕྱིར་མདོ་ལས། དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་བ་གསུངས་པ་ལ། མེ་ཏོག་བཀྲམ་བ་ཞེས་བྱ་བར་ལུང་སྟོན་པ་ལ། དེ་ནས་ལྷ་རྣམས་གྱིས་མེ་ཏོག་དག་བླངས་ནས། ལུང་བསྟན་པར་བྱ་བ་རྣམས་ཀྱིས ་གཏོར་བ་དང། དེ་ནས་འོད་ཟེར་བྱུང་སྟེ་བླར་ཞུགས་པ་ན་ཀུན་དགའ་བོས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་དེ་དག་ལ་ལུང་བསྟན་སྟེ། དེས་དེ་དག་ལུང་བསྟན་བས། འཇིག་རྟེན་གྱི་ཁམས་གཞན་དུ་ཡང་མཚོན་ཏེ། འཇིག་རྟེན་གྱི་ཁམས ་ཞེས་བསྟན་བའི་ཕྱིར་དང། ཚེ་དང་དམ་པའི་ཆོས་གནས་པའི་དུས་ཀྱང་རིང་བ་ཉིད་ཀྱི་ཕྱིར་རོ། །དེའི་འོག་ཏུ་ཀུན་དགའ་པོ་དེ་ལྟ་བས་ན་ཞེས་བྱ་བ་ནས། གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་མཇུག་བསྡུ་བའོ། །འདི་ནི་སྐབས་ཀྱིས་གནས་པས་ནི ་བྱང་ཆུབ་ཐུབ་པའི་རྒྱུ་དང་པོའོ། །ཀུན་དགའ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་སུ་དག་ཅེས་བྱ་བ་ནས། མངོན་དུ་གྱུར་པ་ཡིན་པར་རྟོགས་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བསྟན་ཏོ། ། ་ཀུན་དགའ་བོ་གང་ཞེས་བྱ་བ་ལ་སོགས་པ་ནས་ན་རིག་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གང་འདི་དག་མཉན་ནས་མེ་སྤོང་བ་དེ་དག་གི་ཡོན་ཏན་གསུངས་ཏེ། སྨོད་པར་བྱེད་པ་མི་ཡིད་ཀྱིས་སྨོད་པའོ། །འགལ་བར་བྱེད་པ་ནི་ཡིད་ཀྱིས་བཏད་བའོ། ། ་འཁྲུག་པར་བྱེད་བ་ནི་དེ་ལས་འཁྲུག་པའོ། །འཇིག་པར་བྱེད་པ་ནི་སྦས་ནས་འཇོག་པར་བྱེད་པའོ། །སྤོང་བར་བྱེད་པ་ནི་ཡང་དག་པ་མ་ཡིན་པའི་གནོད་པར་བྱེད་པ་བརྗོད་པའོ། །འགོག་པར་བྱེད་པ་ནི་སྙིང་པོ་མེད་པར་བརྗོད་པའོ། །འདུད་པ་ནི་དེ་དག་ལས ་ཞེན་པའོ། །ཀུན་དགའ་བོ་འདི་ལྟར་ཡང་ཞེས་བྱ་བ་ནས་སྤྱད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རྒྱུ་གཉིས་གཉིས་གསུངས་ཏེ་།སླུ་བ་མེད་པའི་སྨོན་ལས་དང་བྱས་པ་གཟོ་པའོ། །དེ་ཉིད་གང་སུ་དག་ཅེས་བྱ་བ་ལ་སོགས་པས་རྒྱ་ཆེར་དྲི་བར་བྱས ་ནས། ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་གཏད་པ་གསུངས་ཏེ། གཏད་པ་ནི་ཡང་དག་བར་གཏད་པའོ། །དེ་ཉིད་རྗེས་སུ་འབྲེལ་བ་ནི་རྗེས་སུ་གཏད་པའོ། །ཡི་གེ་འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་འདུས་པ་ནི་ཡི་གེའི་ཚོགས ་སོ། །དེ་ཅིའི་ཕྱིར་ཞེ་ན། འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།ཅིའི་ཕྱིར་གཏང་པ་ཡིན་ཞེ་ན། འདི་ཇི་ནས་ཀྱང་ནུབ་པར་མི་འགྱུར་བ་ཞེས་བྱ་བ་གསུངས་ཏེ་།ཇི་ལྟར་ནུབ་པར་མི་འགྱུར་བ་དེ་ལྟར་ཁྱོད་ཀྱིས་གྱིས་ཤིག་པའི་དོན་ཏོ། །ཀུན ་དགའ་བོ་གལ་ཏེ་ཞེས་བྱ་བ་ནས། སངས་རྒྱས་ཀྱིས་གསུངས་སོ་ཞེས་བྱ་བའི་བར་གྱིས་ནི་གཉིས་པའི་གླིང་གཞི་བརྗོད་ནས་།ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས་ནི་གཏང་པ་གཉིས་པ་སྟེ། འདིར་ཕྱིས་ཞེས་བྱ་བས་ནི་ཕྱི་ནས་སོ། །ཆུང་གསན ་པ་ནི་ཉམས་པར་བྱས་པའོ། །གཏང་པ་ནི་མྱུར་བར་རྗེས་མི་གཏང་བའོ། །དྲན་པར་མི་ནུས་པ་ནི་བརྗེད་པའོ། །མགུ་བར་བྱས་བ་དང། མཉེས་པར་བྱས་པ་ནི་དགྱེས་པར་རོ། །ཡུམ་ནི་ས་བོན་བསྐྱེད་པའོ། །བསྐྱེད་པ་ནི་ས་བོན་རྒྱས་པར་བྱེད་པའོ། ། ་འབྱིན་པ་ནི་སྐྱེད་པར་བྱེད་པའི་ཕྱིར་རོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས། སྟོན་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་གླིང་གཞི་བརྗོད་ནས། ཀུན་དགའ་བོ་དེ་ལྟ་བསན་ཞེས་བྱ་བ་ནས་།རྗེས་སུ་བསྟན་པའོ་ཞེས་བྱ་བའི ་བར་གྱིས་ནི་གཏད་པ་གསུམ་པ་སྟེ། འདིར་ངེས་བའི་ཚིག་བཟང་བོ་ནི་ལེགས་པར་བརྗོད་བའོ། །ཆོས་ཀྱི་སྐུ་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཆོས་ཀྱི་སྐུའོ། །དེའི་ངོ་བོ་ནི་དེ་ཉིད་དེ་ཆད་བར་འགྱུར་བའི ་བྱ་བ་རྣམས་དང་སྦྱར་བར་བྱའོ། །དེ་ལ་བྱ་བ་ནི་བཀུར་སྟི་ལ་སོགས་པའོ། །དབུལ་བ་ནི་མེ་ཏོག་ལ་སོགས་པའོ། །བསམ་བར་བྱ་བ་ནི་སྟོན་པ་ལ་སོགས་པའོ། །དགེ་བ་ཞེས་བྱ་བ་ནི་བསོད་ནམས་འདོད་བས་སོ། །རེག་པར་གནས་པ་ནི་དེ་ཉིད་མངོན་དུ ་བྱེད་བའི་ཕྱིར། །ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི་དག་བ་ལ་སོགས་བས་སོ། །འདིར་ཐུབ་པར་བཤད་པ་ནི་གསུངས་བའོ། །བསྐལ་པའི་མཛའ་འམ། དེ་བས་ལྷག་བར་ཡང་བཤད་དུ་ཡོད་མོད་ཀྱིས། །འོན་ཀྱང་ཀུན་དགའ་བོ་ལ་ཇི་ལྟར་ཞེས་བྱ ་བ་ལ་སོགས་པོས་མདོར་བསྡུས་ནས་བཤད་དོ། །དེ་ནས་ཡང་ཀུན་དགའ་བོ་གང་ལ་ལ་ཞེས་བྱ་བ་ནས། ཐོབ་པར་བྱེད་བ་ཞེས་བྱ་བའི་བར་གྱིས་གླེང་གཞི་བརྗོད་ནས། ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས་རྗེས་སུ་གཏང་དེ་ཞེས་བའི་བར ་གྱིས་ནི་གཏད་པ་བཞི་པ་གསུངས་ཏེ། བཞི་པ་ཞེས་བརྗོད་པར་བྱ་བ་ལ་གཉིས་པ་ཞེས་བརྗོད་པ་ནི་བརྗོད་པ་དང། བརྗོད་པའི་སྤྱིས་གསུམ་གཅིག་ཏུ་བྱས་པའི་ཕྱིར་རོ། །གཏང་བ་དང་རྗེས་སུ་གཏད་པ་ནི་གཏད་པ་ཞེས་བྱ་བའི་དོན་གཅིག་གོ། ་དེ་ལྟར་གཏད་པ་རྣམ་པ་བཞི་ནི་རྒྱུ་གཉིས་པའོ། །དེ་ནས་ཀུན་དགའ་བོ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་གླེང་གཞི་བརྗོད་ནས། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཞེས་བྱ་བ་ནས། འདི་ནི་གནས་པ་མ་ཡིན་ནོ། །ཞེས་བྱ་བའི་བར་གྱིས་གསུངS ་པ་ལ། འདིར་དུས་ཀྱིས་མཛའ་ཨི་ན་སྐད་ཅིག་པའོ། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ་ནི་དེའི་སྐད་ཅིག་གོ་།དེའི་སྐད་ཅིག་དྲུག་ཅུ་ལ་ཐད་ཅིག་གོ་།ཐད་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་མོ། །དེ་སུམ་ཅུ་ལ་ནི་ཆུ་ཚོང་ངོ། །འདི་ནི་བསོད་ནམས་མང་པོ་ཉིད་དོ། ། ་རྒྱུ་གསུམ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་མི་བསྐྱོད་བའི་སངས་རྒྱས་ཀྱི་ཞིང་འཁོར་དང་བཅས་པ་བསྟན་བ་དང་།མི་སྣང་བར་བྱས་པ་ནི་དཔེའོ། །འདིར་རྒྱ་མཚོ་ལྟ་བུ་ཞེས་བྱ་བ་ནི་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་རོ ་ཟད་པ་ཉིད་ནི་བསམ་གཏན་ཕུན་སུམ་ཚོགས་པའོ། །མི་སྐྱོད་བ་ནི་ཤེས་རབ་ཕུན་སུམ་ཚོགས་པའོ། །དོན་ལ་སྦྱར་བའི་བྱ་བའི་ཕྱིར་ཀུན་དགའ་བོ་དེ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་རིག་པ ་གསུངས་སོ། །དགོས་པ་བྱེད་ནུས་པ་མ་ཡིན་ནོ་ཞེས་བྱ་བས་ནི་དམ་བཅའ་བ་བཞིན་ནོ། །བྱེད་པ་མེད་པ་ལ་སོགས་བའི་རིགས་པ་ནི་སྨྲས་ཟིན་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ་ཞེས་བྱ་བ་ནི་ཕན་ཡོན་བསྟན་ཏོ། །ཆགས ་པ་ཉིད་ནི་དམིགས་པ་ཉིད་དམ་།ཐོགས་བ་མེད་པའི་ཡེ་ཤེས་ཉིན་དོ། །ཚད་ནི་རྒྱ་ངེས་པའོ། །ཟད་པ་ནི་བུས་ངེས་པའོ། །ཐ་མ་ནི་གྲངས་ངེས་པའོ། །ཚད་ཆད་བ་ནི་ཚད་ཀྱིས་ཡོངས་སུ་བཅད་པའོ། །ཚད་མེད་པའི་ཕྱིར་ཞེས་བྱ་བ་ནི་དམིགས་པའི་ཕྱིར་རོ། །ཟད་པ་ནི་འབྲིང་ངོ། །ཡོངས་སུ ་འོད་པ་ནི་མེད་བའོ། །ནམ་མཁའ་མི་ཟད་བའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཟད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཞེས་བྱ་བ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་གསུངས་སོ། །གང་གི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དེས་ན་དེ་དག་དམིགས་པ་མེད་པའི་མཚན་ཉིད་དོ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ནམ་མཁའ་བཞིན་དུ་མི་ཟད་བའོ། །མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་པའོ། །གཟུགས་ལ་སོགས་པ་ཟད་པ་མེད་པ་ཉིད་ཅེས་བྱ་བ་ནི་དེ་དག་སྐྱེ་བ་མེད་པས་སོ། །དེ་བཞིན་དུ་མ་རིག་པ་ལ་སོགས་བ་ཡང་ངོ། །དེ་ལ་འདི ་ནི་ཞེས་བྱ་བ་ནི་ཕུང་པོ་རྣམས་དང། མ་རིག་པ་ལ་སོགས་པ་ལ་སོགས་པ་ཡང་མི་ཟད་པ་ཉིད་ཀྱིས་སོ། །མཛའ་གཉིས་ནི་སྐྱེ་བ་དང་འཇིག་པའོ། །དབུས་ནི་སྐྱེ་བ་གནས་པའོ། །དབུས་ནི་སྐྱེ་བ་གནས་པའོ། །མ་འདྲེས་པ་ནི་དེ་དང་ཐུན་མོང་མ་ཡིན་པའོ། །ཆོས་གང་ཡང་མི་ཐོང་ངོ་ཞེས་བྱ་བས་ནི ་ཕུང་པོ་རྣམས་ཡོངས་སུ་གཟུང་བའོ། །གང་གི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་སོ། །རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །བསྟན་པ་ནི་གནས་པའོ། །ཐེར་ཟུག་པ་ནི་མཛའ་མ་མེད་བའོ། །བྱེད་པ་འམ། ཚོར་བ་བོ་ཞེས་བྱ་བ་ནི ་སྤྱོད་བ་པོ་དང། ལེན་པ་པོ་མེད་པའོ། །རབ་འབྱོར་འདི་ནི་ཞེས་བྱ་བ་ནས། གཏིང་རྙེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་ནི་རོགས་པར་སླའོ། །འདི་མན་ཆད་ཀྱིས་ནི་ཟད་པ་དང། མི་སྐྱེ་བ་ཞེས་བྱ་བའི་བྱང་ཆུབ་ཀྱི་མཚན་ཉིད་གསུངས་ཏེ་།བསྟན་བཅོས་ལས་།དྲི་མ་ཟད་དང་མི་སྐྱེ་བའི ་ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག་།གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། དྲི་མ་ནི་ཉོན་མོངས་པའི་རྣམ་པར་རྟོག་པའོ། །དེ་དག་ཟད་པ་དང་།མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་སྟེ། ཡེ་ཤེས་དེ་ཡང་ཟད་པ་མེད་པ་དང་།སྐྱེ་བ་མེད་པ་དེ་དག་ལ ་གོ་རིམ་བཞིན་དུ་རིག་པར་བྱའོ། །ཟད་པ་གཏན་དུ་མེད་བར་ཤེས་བ་ནི་ཟད་པ་ཤེས་པ་དང། །གཏན་དུ་སྐྱེ་བ་མེད་པར་ཤེས་པ་ཉིད་ཀྱིས་སྐྱེ་བ་མེད་པར་ཤེས་པའོ་ཞེས་དགོངས་སོ། །ཇི་སྟེ་བྱང་ཆུབ་ཀྱི་མཚན་ཉིད་གཞན་ཡོད་ཀྱང་།དེའི་ཕྱིར་འདི་བཤད་ཅེ་ན་།མཐོང་བའི་ལམ་གྱིས་རྣམ ་བར་རྟོག་པ་རྣམས་ཟད་པ་ནི། ཟད་པ་དང་མི་སྐྱེ་བར་རྣམ་པར་ལྟ་བའི་དོན་ཏོ། །དེ་ཉིད་འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ་ཅེས་བྱ་བ་གསུངས་ཏེ། རྣམ་པར་རྟོག་པ ་རྣམས་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ་།ནམ་ཡང་དེ་ལ་ཟད་པ་དང་སྐྱེ་བ་མེད་དོ། །རིགས་ཉིད་ནི་རིགས་ཏེ་རྣམས་པའོ། །དེ་བས་ན་མཐོང་བའི་ལམ་གྱིས་རྣམ་པར་རྟོག་པའི་རྣམ་པ་གང་ཡང་ཟད་པ་འམ་།སྐྱེ་བར་འདོར་བ་མེད་དོ། །གཞན་དག་ནི་ཟད་པ་ཤེས་པ་བདེན ་རྣམས་ལ། །ཡོངས་སུ་ཤེས་ལ་སོགས་ངེས་པ་ཡིན། །ཡང་ཤེས་པར་ནི་བྱང་མེད་སོགས། །མི་སྐྱེ་བའི་ཆོས་འདོད་དོ། །ཞེས་སྨྲའོ། །དེ་དག་ནི་ཕུང་པོ་བདེན་པ་བཞི་རྣམས་ཡོད་པར་སེམས་ཏེ་།དེ་ལ་མདོར་ན་ཉོན་མོངས་པ་དང། སྡུག་བསྔལ་ཟད་པ་དང་།ཡང་མི་སྐྱེ་བ་ཐོབ་སྟེ། དེ ་དག་ཐོབ་པའི་ཡེ་ཤེས་གང་ཡིན་བ་དེ་ནི་ཟད་པ་དང། མི་སྐྱེ་བ་ཤེས་པའོ། །གཙོར་ནི་དེ་བཞིན་གཤེགས་པས་ཤེས་བྱའི་སྒྲིབ་པ་རྣམས་ཀྱང་སྤངས་པ་ཡིན། དེ་དག་གིས་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡང་ཟད་པའི་ཕྱིར་རོ་ཞེ་ན། དེ་བསལ་བར་བྱ་བའི་ཕྱིར་།བསྟན་བཅོས ་ལས་ཆོས་རྣམས་ཀྱང་ཡོད་ཅེས་བྱ་དང། །ཤེས་བྱ་ལ་ཡང་སྒྲིབ་ཟད་པར། །སྟོན་པ་གཞན་གྱིས་བརྗོད་པ་གང། །འདི་ལ་ཁོ་བོས་མཚར་དུ་བརྩིས། །འདི་ལ་བསལ་བྱ་ཅི་ཡང་མེད། །བསྟན་པར་བྱ་བ་འམ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ ་པར་གྲོལ། །ཞེས་བྱ་བ་གསུངས་ཏེ། ཞེས་བྱ་བའི་སྒྲ་ནི་མི་བཟོད་པའོ། །དེ་ལ་ཁོ་བོས་མཚོར་དུ་བརྩིས་ཞེས་བྱ་བ་ནི་མི་མཐུན་པ་དང་གཉེན་པོ་དག་ཏུ་མི་རིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་འདི་ལ་བསལ་བ་གང་ཡང་མེད་ཅེས་བྱ་བ་ནི་གང་ཟག་དང་ཆོས ་རང་ཉིད་མེད་བའི་ཕྱིར་རོ། །བསྣན་བར་བྱ་བ་ཅུང་ཟད་མེད་ཅེས་བྱ་བ་ནི། །གང་ཟག་དང་ཆོས་ལ་བདག་མེད་པ་དག་ཐོག་མ་དང་ཐ་མ་མེད་བ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་དེ་གཉི་ག་ལ་ཡང་དག་པ་ཉིད་དུ་ཡང་དག་པ་ཉིད་ལྟ་བར་བྱའོ། །གང་གི་ཕྱིར་གང་ཟག་ལ་བདག་མེད ་པའི་ཡང་དག་བ་མཐོང་ན་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་ལ། ཆོས་ལ་བདག་མེད་པའི་ཡང་དག་པ་མཐོང་ན་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ཡང་སྒྱུ་མ་ལྟ་བུ་དང་།སྙིང་པོའི་ལེའུ་ལས་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ ་རྣམས་སྤོང་བར་བསྟན་ཏོ། །དེ་བས་ན་གང་གི་ཕྱིར་མཐོང་བའི་ལམ་གྱིས་མཐོང་བས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སྤོང་བ་ནི་རབ་འབྱོར་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ལྟ་བ་ན་ཞེས་བྱ་བ་ནི་གཏན་ཚིག་སོ། །དེ་ལྟ་ན་ཞེས་བྱ་བ་ནི་མཐོང་བའི ་དུས་ནའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་དེ་དེ་ལ་སྤྱོད་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་མཚན་ཉིད་ཀྱི་གཏན་ཚིགས་དྲིས་པའོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདིར ་ཡང་གི་དོན་གྱིས་རྟོགས་བར་བྱ་སྟེ་།དེས་ན་མ་སྨོས་པ་བསྡུས་པ་ཡིན་ནོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ག་ལས་ཤེས་ཤེ་ན་།རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།སྒོམ་པ་ཡོངས་སུ་རྫོགས་པ་ནི་ཕ་རོལ་ཏུ་ཕྱིན་བ་དྲུག་ཅེས་བྱ་བ་དང་སྦྱར་རོ། །ཐམS ་ཅད་ཅེས་བྱ་བ་ན་སོ་སོར་རེ་ལ་ཡང་ཚོགས་བ་ཡོད་བ་སྟེ་།རེ་རེར་དྲུག་འདུས་སོ་ཤེས་དགོས་སོ། །དེ་བས་ན་དྲུག་ཚན་དྲུག་གི་ཕ་རོལ་ཏུ་ཕྱིན་བ་ནི་མཐོང་བའི་ལམ་མོ། །བཅོམ་ལྡན་འདས་ཡུམ་འདིར་ནི་འདིར་བསྡུས་པ་ཡིན་བས་དེའི་ཕྱིར་མཚན་ཉིད་ཙམ་འདིར ་གསུངས་པ་ཡིན་ཏེ་།རེ་རེར་ཡང་ཐམས་ཅད་ཇི་ལྟ་བ་བཞིན་དུ་འདུས་སོ། །དེ་རྒྱས་བར་ནི་ཡུམ་ཆེན་མོ་དག་ལས་གསུངས་སོ། །འདིར་བསྟན་བཅོས་ལས་།སྦྱིན་བ་ལ་སོགས་རེ་རེ་ལ། །དེ་དག་ཕན་ཚུན་བསྡུས་པ་གང། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། ། ་བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་བྱ་བ་གསུངས་ཏེ། རེ་རེ་ཉིད་ཡིན་བས་རེ་རེ་སྟེ་།དེའི་དངོས་པོ་ནི་རེ་རེ་ཉིད་དོ། །དེས་ན་སྦྱིན་པ་ལ་སོགས་རེ་རེ་ལ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་བ་རྣམས་ལའོ། །སྦྱིན་བ་ལ་སོགས་པ་དེ་དག་གི་ཕན་ཚུན་ནི་གཅིག་ལ ་གཅིག་སྟེ་གང་འདི་ལ་བསྡུས་པ་ཡོད་བ་ནི་མཐོང་བའི་ལམ་གྱི་རྩེ་མོའི་མངོན་པར་རྟོག་པའོ། །དེ་ཡང་སྐད་ཅིག་གཅིག་ཡིན་གྱིས། བཅུ་དྲུག་ནི་མ་ཡིན་ནོ། །དེ་ཡང་བཟོད་བས་ཡང་དག་བར་བསྡུས་བ་ཡིན་ཏེ། བཟོད་བ་བརྒྱད་དང་ཤེས་པ་བརྒྱད་ནི་མ་ཡིན་ནོ། ་འདི་ནི་མཐོང་བའི་ལམ་གྱི་རྩེ་མོའི་མངོན་པར་རྟོག་པའོ། །དེ་ནས་སྒོམ་བའི་ལམ་ནི་ཐབས་མཁས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་།ཐབས་དག་དང་མཁས་པ་ཡིན་བས་ནི་ཐབས་ལ་མཁས་པའོ། །སེང་གེ་རྣམ་པར་བསྒྱིངས་པ་དང། ་ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་ཐབས་ཏེ། དེ་ནི་རྟེན་ཉིད་ཡིན་བའི་ཕྱིར་རོ། །མཁས་པ་ནི་རྟེན་ཉིད་འདྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང། ལུགས་ལས་བཟློག་པ་ལ་རྣམ་པར་ལྟ་བ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར ་ཤེས་བ་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དང་མྱ་ངན་དང་སྨྲེ་སྔགས་འདོན་བ་དང་སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་འཁྲུག་བ་རྣམས་འབྱུང་བར་འགྱུར་ཞེས་བྱ་བ་ནི་ལུགས་དང་མཐུན་བའོ། །མ་རིག་བ་འགགས་པས་འདུ་བྱེད་འགག་འདུ ་བྱེད་འགགས་བས་རྣམ་པར་ཤེས་པ་འགག་ཅེས་བྱ་བ་ནས་སྐྱེ་བ་འགགས་བས་རྒ་ཤི་དང་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་པ་དང་ཡིད་མི་བདེ་བ་དང་འཁྲུག་པའི་བར་དུ་འགག་པ་འདི་ནི་ལུགས་ལས་བཟློག་པའོ། །དེ་ལ་སེང་གེ་རྣམ་བར ་བསྒྱིངས་པའི་ཏིང་ངེ་འཛིན་ནི་འདི་ལྟ་སྟེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ནས་གཉིས་པ་དང་གསུམ་པ་དང་བཞི་པ་དང་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང་།འདུ་ཤེས་མེད ་འདུ་ཤེས་མེད་མིན་སྐྱེ་མཆེད་དང། འགོག་བའི་སྙོམས་བར་འཇུག་པ་ལ་སྙོམས་པར་འཇུག་གོ་།འགོག་པའི་སྙོམས་པར་འཇུག་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་།དེ་ནས་ཅི་ཡང་མེད་བའི་སྐྱེ་མཆེད ་ལའོ། །དེ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་ནམ་མཁའ་སྐྱེ་མཆེད་ལའོ། །དེ་ནས་བསམ་གཏན་བཞི་པ་དང། གསུམ་པ་དང། གཉིས་བ་དང། དང་པོ་ལ་སྙོམས་པར་ཞུགས་པ་ཡིན་ནོ། །ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་འདི་ལྟ་སྟེ་།བསམ་གཏན ་དང་པོ་ལ་སྙོམས་བར་ཞུགས་ནས་གཉིས་པ་དང་།གསུམ་པ་དང། བཞི་བ་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང་།རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང་།ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང། འགོག ་པ་ལ་སྙོམས་པར་ཞུགས་ཏེ་།དེ་ལས་ལངས་ནས་བསམ་གཏན་དང་པོ་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་གཉིས་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་གསུམ་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་བཞི་ ་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ནམ་མཁའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས ་འགོག་བ་ལའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་འགོག་པའི་སྙོམས་པར་ཞུགས་སོ། །དེ་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས ་སོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མི ་བཞག་པ་ལའོ། །དེ་ནས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་མཉམ་བར་མ་བཞག་པ་ལའོ། །དེ་ནས་བསམ་གཏན་གསུམ་པ་ལའོ། །དེ་ནས་མཉམ་པར་མ ་བཞག་པ་ལའོ། །དེ་ནས་བསམ་གཏན་གཉིས་པ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལ་སེམས་གནས་སོ། །དེ་ལ་དང་པོའི་འགྲོ་བ་ལ་ནི་གནས་པ་དགུའོ། །གཉིས ་པ་ལ་ནི་བཅུ་བདུན་ནོ། །འོང་བ་ལ་ནི་བཅོ་བརྒྱད་དོ། །འདིར་བསྟན་བཅོས་ལས་།དེ་ནས་སེང་གེ་རྣམ་བསྒྱིངས་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང། །ལུགས་མི་མཐུན་ལ་རྟོག་པར་བྱེད། །འགོག་དང ་བཅས་པའི་སྙོམས་འཇུག་དགུར། །རྣམ་བ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་གྱི་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ།། ་དྲུག་དང་བདུན་དང་བརྒྱད་བརྒལ་ནས།། འགོག་པའི་བར་དུ་མི་འདྲར་འགྲོ། ཞེས་བྱ་བ་གསུངས་ཏེ་།སེང་གེ་རྣམ་བར་བསྒྱིངས་བ་ནི་མདོ་ཇི་ལྟ་བ་བཞིན་ནོ། །ཐོབ་རྒལ་ནི་ཟབ་པ་ཡིན་པས་དེས་ན་དེའི་མཚན་ཉིད་བཤད་དེ་ཐོད་རྒལ་ལ་སྙོམས་པར་འཇུག་པར་བྱ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ་སྨྲས་བ་སྙོམས་བར་འཇུག་པ་དགུ་ནི་རྣམ་པ་གཉིས་ཏོ། འགྲོ་བ་དང། ཕྱི་ནས་འོང་བའོ། །དང་པོ་ཇི་ལྟར་འགྲོ་ཞེ་ན་།འགོག་པའི་བར་དུ་ཞེས་བྱ་བ་ནི་འགོག་པ་ལ་སྙོམས་བར་འཇུག་བ་མཐར་བྱས་པའོ། །གཞན་ནི་བརྒྱད་དེ་།སྔར་རིམ་ཞེས་བྱ་བའི་དོན་ཏོ། །ཡང་ཅི་ལྟར་འགྲོ་བ་ཡིན ་ཞེ་ན་།དེའི་ཕྱིར་གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །ཞེས་བྱ་བ་གསུངས་སོ། །འགོག་བ་དང་བཅས་བར་བྱས་ནས་གཞན་བརྒྱད་ལ་སྙོམས་བར་འཇུག་པའོ། །འདོད་པ་ན་སྤྱོད་པའི་མཉམ་པར་མ་བཞག་པའི་སེམས་མཚམས་སུ ་བྱས་ནས་མཐར་འགྲོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཕྱི་ནས་ཇི་ལྟར་འོང་བ་ཡིན་ཞེ་ན་དེའི་ཕྱིར་མི་འདྲར་འགྲོ་ཞེས་བྱ་བ་གསུངས་ཏེ་།མི་འདྲར་འགྲོ་ཞེས་བྱ་བ་ནི་མཉམ་པར་མ་བཞག་པ་ལས་མཉམ་པར་བཞག་པ་དང་།མཉམ་པར་བཞག་པ་ལས་མཉམ་པར་མ ་བཞག་པ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ་ཞེས་བྱ་བ་དང་སྦྱར་རོ། །དེས་ན་འདི་ནི་མཉམ་པར་མ་བཞག་པའི་སེམས་ལ་སོགས་པས་འོང་ཞིང་།མཐར་ཡང་མཉམ་པར་མ་བཞག ་པའི་སེམས་ཉིད་དུ་འགྲོ་ཞིང་འདུག་གོ་།འདི་ནི་འགོག་པའི་ལམ་གྱི་རྩེ་མོའི་མངོན་པར་རྟོག་པའོ། །ཐབས་ལ་མཁས་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་བཤད་ནས། ཡང་ཇི་སྐད་སྒོམ་པ་དེ་དག་ཡོངས་སུ་རྫོགས་པར་འགྱུར་ཞེ་ན་།གལ་ཏེ་བསྒོམ་པས་སྤང་བར་བྱ ་བའི་རྣམ་བར་རྟོག་པ་དགུ་ཚད་བཞི་ཟད་ནའོ། །དེ་དག་གི་གཉེན་བོ་ཉིད། །དེ་ནས་བཅོམ་ལྡན་འདས་ཡུམ་ཆེན་མོ་དག་ལས་གསུངས་པ། དེ་དག་ཤུགས་ཀྱིས་རྟོགས་པར་འགྱུར་རོ། །ཁོ་བོས་དེའི་ཡན་ལག་མདོར་བསྡུས་ནས་བརྗོད་བར་བྱ་སྟེ། དེ་ལ་རྣམ་པར་རྟོག་པ་དང་པོ ་དགུའི་དབང་དུ་བྱས་ནས། བསྟན་བཅོས་ལས། མདོར་སྡུས་རྒྱས་དང་སངས་རྒྱས་ཀྱི། །བསྟན་པས་ཡོངས་སུ་མ་བཟུང་དང།། དུས་གསུམ་ཡོན་ཏན་མེད་པ་དང། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི ་རྣམ་བའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་གསུངས་ཏེ། གཅིག་ཅེས་བྱ་བ་ནི་དང་པོའོ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བའི་ཁྱད་བར་གྱི་ཡུལ་ལོ། །རྒྱས་དང་མདོར་བསྡུས་ཤེས་བརྗོད་བར་བྱའོ་ཞེ་ན། །བསྡེབ་སྦྱོར་གྱི་ངོས ་བྱས་ནས་གཞན་དུ་བརྗོད་པ་ཡིན་ནོ། །རྒྱས་པ་ལ་རྨོངས་པ་ལ་ནི་རྒྱས་པའི་རྣམ་པར་རྟོག་པའོ། །དེའི་གཉེན་པོ་ནི་སྦྱིན་པ་ནས། སྟོབས་དང་མི་འཇིགས་བ་ལ་སོགས་པའི་བར་གྱི་གནས་མང་པོ་དག་ལ་བྱང་ཆུབ་སེམས་པས་བསླབ་པར་བྱའོ། །མདོར་བསྡུས་པ་རྨོས་པ་ནི ་མདོར་བསྡུས་པའི་རྣམ་པར་རྟོག་པ་སྟེ། དེའི་གཉེན་པོ་ནི་གང་ལ་ཡང་བསླབ་པར་མི་བྱའོ་ཞེས་བྱ་བ་དང། མང་པོ་ལ་ཡང་དེ་དག་གིས་བསླབ་པར་མི་བྱ་སྟེ། སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟངས་ཤིང་གང ་ཡོངས་སུ་གཟུང་བ་དེ་མེད་པའི་རྣམ་པར་རྟོག་པ་ནི་རྟོག་པའོ། །དེའི་གཉེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པར་བྱས་ནས་།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་བར་བྱེད་དེ། དེ་སྣ་ཕྱོགས་བཅུའི་སངས ་རྒྱས་ཐམས་ཅད་ཀྱིས་བསྟངས་ཤིང་བདག་ཡོངས་སུ་གཟུང་ནས། རང་ཉིད་ཀྱི་ཡུམ་ལ་དེ་དག་བྱས་པ་གཟོ་བ་ཡིན་ནོ་ཞེས་དེ་ལྟར་ཤེས་པར་བྱ་བ་ཡིན་ནོ། །ཡོན་ཏན་མེད་པ་ནི་ཕན་ཡོན་མེད་པའོ། །སྦྱོར་བ་དང་མཐོང་བ་དང། སྒོམ་པའི་དུས་གསུམ་ཡིན་པའི་ཕྱིར ་དུས་གསུམ་མོ། །དེ་དུམ་གསུམ་ལ་རྣམ་པར་རྟོག་བ་ནི་རྟོག་བ་གསུམ་མོ། །དེའི་གཉེན་པོ་ནི་ཕན་ཡོན་ནོ། །རྒྱས་པས་ཁྱད་པར་དུ་གསུངས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་པ་རོལ་ཏུ་ཕྱིན་བ་མངོན་པར་བསྒྲུབ་པ་དང། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་ལ་སྒོམ་བའི་ཕན་ཡོན་ནོ། །འདི་དག་ནི་གོ་རིམ་བཞིན་དུ་སྦྱོར་བ་དང་།མཐོང་བ་དང། སྒོམ་བའི་ལམ་གྱི་དུས་ཀྱི་ཡོན་ཏན་མེད་བའི་རྣམ་པར་རྟོག་པ་གསུམ་མོ། །ལེགས་པའི་ལམ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ལམ་སྦྱོར་བ་ལ ་སོགས་པའི་དབྱེ་བས་རྣམ་པ་གསུམ་ལ་རྨོངས་པའི་རྣམ་པར་རྟོག་བ་གསུམ་མོ། །དེ་རྣམས་ཀྱི་གཉེན་པོ་ནི་གོ་རིམ་བཞིན་དུ་གཟུགས་དང། ཚོར་བ་ལ་སོགས་པ་ཞི་པ་དང། རག་ལས་བ་དང། གསོག་དང་།སྙིང་པོ་མེད་པས་དེ་ལ་སྤྱོད་པར་བྱ་བ་དང་།ནམ་མཁའ་སྟོང་པ་ཉིད ་དུ་མངོན་པར་སྒྲུབ་པས་མངོན་པར་བསྒྲུབ་པར་བྱ་བ་དང། ནམ་མཁའ་སྟོང་པ་ཉིད་དུ་སྒོམ་པས་འདི་བསྒོམ་པར་བྱ་སྟེ། འདི་ནི་སྦྱོར་བ་ལ་སོགས་བ་བྱང་ཆུབ་ཀྱི་ལམ་གསུམ་ལ་ཀུན་ཏུ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ནི་རྣམ་པར་རྟོག་པ་དགུ་ཚན་དང་པོ་བསྟན་ཏོ།། ་དགུ་ཚན་གཉིས་པ་ནི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། །གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སྙིང་པོ་ཡིད་ལ་མི་བྱེད་དང། །ཐེག་པ་དམན་པ་ཡིད་བྱེད་དང། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད།། ་སྒོམ་དང་སྒོམ་པ་མེད་པ་དང་།དེ་དག་ལས་ནི་བཟློག་ཉིད་དང། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་བའི་ལམ་འདི་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། གཟུང་བའི་རྣམ་པར་རྟོག་པ་གཉིས་བ་ནི་སེམས་དང། སེམས་ལས་བྱུང་བ་འཇུག་པ་དེའི་ཡུལ་ཅན་ནོ།། ་འདི་ཡུན་རིང་བོ་ཇི་སྲིད་མྱ་ངན་སྤྱོད་པར་འགྱུར་ཞེས་བྱ་བ་ནི་དྲིས་པའོ། །དང་པོ་སེམས་བསྐྱེད་པ་ནས་གཟུག?་ནས་ཞེས་བྱ་བ་ནི་ལན་ཏེ། འདི་ནི་སེམས་བསྐྱེད་པའི་རྣམ་པར་རྟོག་པོའོ། །བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཡིད་ལ་བྱེད་པ་ནི་འདི་ཇི་ལྟར་སྦྱང་བར་བྱ་།མངོན་པར ་བསྒྲུབ་པར་བྱ། བསྒོམ་པར་བྱ་ཞེས་བྱ་བ་སྟེ། འདི་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །ཐེག་པ་དམན་པ་ཡིད་ལ་བྱེད་པའི་གོ་སྐབས་མི་བ་བྱེད་པ་འདི་ནི་ཐེག་བ་དམན་པ་དག་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའོ། །རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཡིད་ལ་བྱེད་བ་མི་འདོར་བས་ཆོས་ཉིད་གང་ཡིན་པ་ལ་སྤྱད་པ་དང། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་མི་འཇུག་པ་དེ་ལྟར་སྤྱད་པར་བྱའོ། །འདི་ནི་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་བའི་རྣམ་པར་རྟོག་པའོ། །ཅི་བསྒོམས ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་བ་དང་།ཅི་མ་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་འགྱུར་བ་དང་།སྒོམ་པ་ཡང་མེད་།བསྒོམ་པ་མེད་པ་མ་ཡིན་པའི་རྣམ་པར་རྟོག་པའོ། །མ་བསྒོམས་པས་དེ་རྗེས་སུ་ཐོབ་པ་ནི་ཇི ་ལྟར་དེ་བཞིན་ཉིད་དང། ཡང་དག་པའི་?་དང་།ཆོས་ཀྱི་དབྱིངས་ལྟ་བུ་སྟེ། འདི་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའོ། །འདི་ནི་གཟུང་བའི་རྣམ་བར་རྟོག་པ་གཉིས་པའོ། །དགུ་ཚན་གསུམ་པའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས་།བསྟན ་བཅོས་ལས། སེམས་ཅན་བཏག་པའི་སྤྱོད་ཡུལ་དང་།།ཆོས་བཏག་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང། །དངོས་པོར་བྱེད་དང་ཐེག་གསུམ་དང། །ཡོན་ནི་དག་པ་མ་ཡིན་དང། །སྤྱོད་བ་རྣམ་པར་འཁྲུག་པ་ལ། །འཛིན་པར་བྱེད་པ་དང ་པོ་དེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་བྱ་བར་གསུངས་ཏེ། སེམས་ཅན་དུ་བཏགས་པར་བྱ་བ་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ། །འདི་དག་ནི་སེམས་ཅན་དུ་བཏགས་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་དུ་བཏག་པ་མ་ཡིན་པ་འདི་ནི ་ཆོས་སུ་བཏགས་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པར་མཐོང་བ་འདི་ནི་སྟོང་པ་མ་ཡིན་པའི་ནམ་པར་རྟོག་པའོ། །ཆོས་དང་ཆོས་མི་དམིགས་པ་ལ་སྤྱད་པ་དེ་ཡང་མི་དམིགས་པ་སྟེ། འདི་ནི་ཆགས་པའི ་རྣམ་པར་རྟོག་པའོ། །ཆོས་རྣམས་ལ་རབ་ཏུ་རྣམ་པར་དབྱེ་བ་བྱས་པ་དེ་ཡང་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་རབ་ཏུ་རྣམ་བར་འབྱེད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པའོ། །དངོས་པོའི་དོན་དུ་སྤྱོད་པ་མ་ཡིན་ཏེ་།གང་གི་ཕྱིར་མ་བྱས ་པ་དང་།རྣམ་བར་མ་བྱས་པ་དང། མངོན་པར་འདུ་མ་བྱས་པ་ནི་ཆོས་ཐམས་ཅད་དེ། འདི་ནི་དངོས་པོའི་ཆེད་དུ་བྱེད་བའི་རྣམ་པར་རྟོག་པའོ། །གལ་ཏེ་ཆོས་ཐམས་ཅད་ནི་མ་བྱས་པ་རྣམ་པར་མ་བྱས་པ། མངོན་པར་འདུ་མ་བྱས་པ་དེ་ལྟ་བུ་ཡིན་མོད་ཀྱི། ཇི་ལྟར་དེ ་བཞིན་གཤེགས་པས། གང་ལ་ལ་ཞིག་མངོན་པར་སྤྲུལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། ཐེག་པ་གསུམ་གྱིས་སེམས་ཅན་ཡོངས་སུ་གྲོལ་བར་མཛད་བ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ།། ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སྟེ། འདི་ནི་ཐེག་པ་གསུམ་གྱི་རྣམ་པར་རྟོག་པའོ། །གལ་ཏེ་ཡང་དེ་བཞིན་གཤེགས་པ་དང། སྤྲུལ་པ་ལ་ཁྱད་པར་མེད་པ་དེ་ལྟར་ཡང་ཡོན་ཡོངས་སུ་དག་བར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ལ་ཕུལ་བའི་ཡོན ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་བར་དུ་ཡང་ཟད་པར་མི་འགྱུར་ཏེ་།དེ་བཞིན་དུ་སྤྲུལ་པ་ལ་ཡང་ངོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ནམ་མཁའ་ལ་མེ་ཏོག་གཏོར་བ་འམ། དེ་བཞིན་དུ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ ་འམ། ཡིད་ལ་བྱེད་བ་འམ། མཚན་ཚད་མར་བྱེད་པ་སྟེ། གང་སྤྲུལ་པ་ཡང་དེ་བཞིན་གཤེགས་པ་དང་།ཆོས་ཀྱི་འདྲའོ། །འདི་ནི་ཡོན་ཡོངས་སུ་མ་དག་པའི་རྣམ་པར་རྟོག་པའོ། །སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་ནི་རྣམ་པར་འཁྲུག་པ་ནི་ཕྱེ ་བའོ། །ག་ལས་ཤེ་ན་།ཆོས་ཉིད་ལས་ཏེ་།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ཉིད་དང་།ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཅེས་བྱ་བའི་བར་དུའོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཇི་ལྟར་རྣམ་པར་འཁྲུག་པ་ཡིན་ཞེ ་ན། ཇི་ལྟར་གཞན་དག་འཇུག་པར་འགྱུར་རོ་སྙམ་ནས། མིང་དང་མཚན་མས་ཆོས་རྣམས་མཚོན་ཏེ། ཆོས་རྣམས་སྟོན་པ་ཡིན་གྱི་།ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་འཁྲུག་པ་ནི་མ་ཡིན་ནོ། །འདི་ནི་ཆོས་ཉིད་འཁྲུག་པ་ལ་རྣམ་པར་རྟོག་པའོ། །དགུ ་ཚན་བཞི་པའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། སེམས་ཅན་བཏགས་དང་དེའི་རྒྱུ་ཡི། །ཡུལ་ཅན་བསྒོམ་པའི་ལམ་འགྲེལ་པ། །དེ་ལ་གནོད་པ་བྱེད་ལ་ཡིས། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། ་ཐམས་ཅད་མཁྱེན་ཉིད་གསུམ་དག་གི་།བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང། །མཚུངས་པར་ལྡན་དང་མི་ལྡན་དང། །མི་མཉམ་སྡུག་བསྔལ་ལ་སོགས་དང། །ཉོན་མོངས་རྣམས་ཀྱི་རང་བཞིན་དང། །གཉིས་སུ ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་བྱ་བ་གསུངས་ཏེ། རྣམ་པ་དང་རྟགས་དང། མཚན་མ་གང་གིས་མཚན་པའི་ཆོས་དེ་དག་ནི་དེ་བཞིན་གཤེགས་པས་རྗེས་སུ་མཁྱེན་ཏོ། །དེས་ན་དེ་བཞིན་གཤེགས་པ་ནི་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད་དོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྨོངས་པའི་རྣམ་པར་རྟོག་པའོ། །ཡང་གང་དག་ཉན་ཐོས་དང། རང་སངས་རྒྱས་ཀྱི་ལམ་དང། ཡང་གང་དག་བྱང་ཆུབ་སེམས་དཔའ་ཨི་ལམ ་དེ་དག། བྱང་ཆུབ་སེམས་དཔས་ཡོངས་སུ་རྫོགས་པར་བྱ་ཞིང་ལམ་གྱི་བྱ་བ་དེ་དག་བྱས་ཏེ་།སྨོན་ལམ་ཡོངས་སུ་མ་རྫོགས་པ་དང། སེམས་ཅན་ཡོངས་སུ་མ་སྨིན་པ་དང་།སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་ཡང་དག་པའི་མཛའ་ ་མངོན་སུམ་དུ་མི་བྱེད་དེ། དེས་ན་བྱང་ཆུབ་སེམས་དཔའ་ལམགྱི་རྣམ་པར་ཤེས་པ་ཞེས་བརྗོད་དེ། འདི་ནི་ལམ་ཤེས་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །ཕྱི་དང་ནང་གི་ཆོས་འདི་ཐམས་ཅད་དེ་ཡང་ཉན་ཐོས་དང། རང་སངས་རྒྱས ་དག་གི་ཤེས་ཏེ། ལམ་ཐམས་ཅད་དང་།རྣམ་པ་ཐམས་ཅད་ནི་མ་ཡིན་ནོ།། དེས་ན་ཉན་ཐོས་དང་།རང་སངས་རྒྱས་ལ་ཐམས་ཅད་ཤེས་ལ་ཞེས་བརྗོད་དེ། འདི་ནི་ཐམས་ཅད་ཤེས་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །ཆོས་ཐམས་ཅད ་ཀྱི་ཕ་རོལ་མྱ་ངན་ལས་འདས་པར་སོང་བ་འམ། འཕགས་བ་ཐམས་ཅད་འདིས་གཤེགས་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཕ་རོལ་དོན་དམ་བ་ཐ་དད་པ་མེད་པ་དེ་ཁོ་ན་ཉིད་ནི་གཟིགས་པའོ། །གཞན་ཡང ་འདིའི་ཁོངས་སུ་དེ་བཞིན་ཉིད་དང། ཡང་དག་པའི་མཛའ་དང། ཆོས་ཀྱི་དབྱིངས་སུ་གཏོགས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དེ། འདི་ནི་ཞི་བའི་ལམ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ནི་དེ་བཞིན་ཉིད་ལ་སོགས་པ་དང་ལྡན་པ་ཡང་མ ་ཡིན། མི་ལྡན་པ་ཡང་མ་ཡིན་པ་དེ་བཞིན་དུ་འདི་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །འདི་ནི་དེ་བཞིན་ཉིད་ལ་སོགས་བ་དང་ལྡན་པ་དང། མི་ལྡན་པའི་རྣམ་པར་རྟོག་པའོ། ་གང་གིས་ཀྱང་འདི་དབྱད་པར་མི་ནུས་པ་དེའི་ཕྱིར། ཐུན་མོང་མ་ཡིན་པ་སྟེ། འདི་ནི་མི་མཉམ་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ལ་སྤྱོད་པ་ནི་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་གྱི་དོན་ལ་སྤྱད་པར་བྱའོ་ཞེས་བྱ་བ་སྟེ། འདི་ནི་སྡུག ་བསྔལ་ལ་སོགས་པ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདོད་ཆགས་ལ་སོགས་པ་དོན་ཀྱང་མ་ཡིན་དོན་མེད་པ་ཡང་མ་ཡིན་པ་འདི་ནི་རང་བཞིན་ལ་རྨོངས་པའི་རྣམ་པར་རྟོག་པའོ། །འདི་ལྟར་གཉིས་སུ་མེད་པ་དང་།གཉིས་སུ་མེད་པ་མ་ཡིན་པའི་ཆོས་དམིགས ་པ་དེ་བཞིན་དུ་།གཉིས་ཀྱི་ཆོས་རྗེས་སུ་ཐོབ་བ་མེད་པ་ཡིན་ཏེ། འདི་ནི་གཉིས་ཀྱི་དངོས་པོ་ལ་རྨོངས་པའི་རྣམ་པར་རྟོག་པའོ། །དེ་ལྟར་བསྒོམ་པས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་བསྟན་ཏོ། །དེ་ལྟར་རེ་ཞིག་སྐྱོན་རྣམས་ཟད་ན་ཡང་ཡོན་ཏན་རྣམས ་ཇི་ལྟར་འབྱུང་ཞེ་ན་།དེའི་ཕྱིར་བསྟན་བཅོས་ལས། ཡམས་ནད་འདི་དག་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡི། །སེམས་ ་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟེན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། ཡོན་ཏན་ནི་རང་བཞིན་གྱིས་གྲུབ་པ་ཡིན་ཏེ། སྐྱོན་གྱིས་ཟིལ་གྱི་མི་ནོན་པ་འབའ་ཞིག་ཏུ་ཟད་དོ། །ཡུན་རིང་པོ་ནས་སྐྱོན་ཟད་ན་།བོས་པ་བཞིན་དུ་ད་ནི་བྱང་ཆུབ་སེམས་དཔའ་ ་སྟེན་པར་བྱེད་དོ། །སྐྱོན་ཐམས་ཅད་སྤངས་པ་ནི་སྤ་བའོ། །རྣམ་པ་ནི་ཐམས་ཅད་དུའོ། །ལྷག་མ་ནི་རྟོག་སླའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནས། སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བསྒོམ་བའི་ལམ་གྱི་ཕན་ཡོན་ནོ། །བར་ཆད་མེད་པའི་ཏིང་ངེ ་འཛིན་བརྗོད་པར་བྱ་སྟེ་།དེའི་དབང་དུ་བྱས་ནས། བསྟན་བཅོས་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང། །བསེ་རུའི་རྟོགས་པ་ཕུན་ཚོགས་དང། །བྱང་ཆུབ་སེམས་དཔའ་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས ་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བ་གསུངས་ཏེ། བར་དུ་གཅོད་པར་ནུས་པ་ནི་བར་ཆད་དོ། །དེ་མེད་པ་ནི་གར་ཆད་མེད་པའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ནི་མདོ་ལས་གསུངས་ཏེ། བར་ཆད་མེད་པ ་དང། བར་ཆད་ཀྱི་རྒྱུ་ནི་ཇི་ལྟར་གསུངས་ཤེ་ན། བསོད་ནམས་མང་པོ་ཉིད་ཀྱིས་སོ། །དེ་ཡང་ཇི་ལྟར་གསུངས་ཤེ་ན། དགེ་བ་ནི་བསོད་ནམས་ཏེ་དེ་ཉིད་དཔེར་མཛད་ནས་དགེ་བ་ཇི་ལྟ་བུ་ཞེ་ན། ཅི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཉན་ཐོས ་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་གང་ལ་བཀོད་བའོ། །ཉན་ཐོས་ནི་སློབ་མ་རྣམས་སོ། །བསེ་རུ་ནི་རང་སངས་རྒྱས་རྣམས་ཏེ། དེ་དག་གི་རྟོག་པའོ། །སྔར་སྐྱོན་མེད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཨི་རྟོག་པ་ཕུན་སུམ་ཚོགས ་པ་ནི་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པའོ། །བསོད་ནམས་མང་པོ་ཉིད་ཀྱང་གང་དུ་གསུངས་ཤེ་ན། བཅོམ་ལྡན་འདས་མ་ཆེན་མོ་དག་ལས་སོ། །འདི་ཇི་ལྟར་གསུངས་ཤེ་ན། དམིགས་པ་ཅན་གྱི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གིས་བྱེ་མ་སྙེད་ཀྱིས ་བསྐལ་པར་བྱས་པའི་སྦྱིན་པ་ལས་བྱུང་པའི། གསོད་ནམས་དེ་དག་པས་ཏིང་ངེ་འཛིན་འདི་ལས་གོལ་གཏོགས་པ་སྲིད་དུ་སྙོམས་པར་འཇུག་པ་འདི་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །འདི་རབ་ཏུ་བྱེད་པ་འདི་ལས་ཇི་ལྟར་གང་ཞེ་ན། ཡང་མེད་ཀྱང་ཡང་གི་དོན་དུ་འགྲོ་སྟེ། ཡང་ནི་མ ་གསུངས་པའི་དོན་བསྡུ་བ་ཉིད་ཀྱི་ཕྱིར་རོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད་ཅེས་བྱ་བ་ནི་དེ་ཡང་སངས་རྒྱས་ཉིད་དེ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་དོ། །འདི་དམིགས་པ་དངོས་མེད་དེ། བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་བཞི་ཉིད་ཅེས་བྱ་བ་གསུངས་པ་ལ་བར ་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའོ། །བདག་པོའི་རྐྱེན་ནི་དྲན་པའོ། །རྣམ་པ་ནི་ཞི་བ་ཉིད། ཆོས་ཐམས་ཅད་ཀྱི་རྣམ་པ་ནུབ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ལ་།རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ་ཏེ་།རྒོལ་བ་ནི ་སྨྲ?་བ་དང། སྨྲ་བའི་མཚོན་ཆས་འདེབས་བའི་ཚུལ་ཡོད་པ་དེ་ནི་བརྒྱུད་མར་རྒོལ་བ་སྟེ། ཇི་ལྟར་དབྱུག་པ་དང་དབྱིག་པས་ལྟ་བུའོ། །དེའི་ཕྱིར་མདོ་ལས། རབ་འབྱོར་ཐབས་ལ་མཁས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འཚལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ་ཐོབ་བར་བྱ་བ་མ་ཡིན་པས་ཐབས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ལ་མཁས་པ་ནི་ལོག་པར་རྟོག་པ་རྣམས་སེལ་བ་སྟེ། དེ་དག་འཐོབ་པར་འདོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་མཚན་ཉིད་སྦྱང་པར ་བྱ་བ་ནི་སྦྱོར་བ་དང། སྒྲུབ་པ་དང། སྒོམ་པའོ་བསྒོམ་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་བས་ན། ལོག་པར་རྟོགས་པ་ཐམས་ཅད་ཟད་པའི་ཕྱིར་རོ། །ཞེས་དགོངས་སོ། །མངོན་པར་གྲུབ་པར་བྱེད་པ་ཞེས་བྱ་བ་དམིགས་པ ་ཇི་ལྟ་བ་དང། བདག་པོ་ཇི་ལྟ་བ་དང། རྣམ་པ་ཇི་ལྟ་བ་དང། རྣམ་པ་ཇི་ལྟ་བ་བཞིན་དུ་མངོན་དུ་བྱེད་བའོ། །མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་རང་གི་དང་གིས་གྲུབ་པར་བྱེད་པའོ། །འདས་པ་ཞེས་བྱ་བ་ནི་མཚམས་བཅད་པའོ། །རབ་འབྱོར་ཞེས་བྱ་བ་ལ་སོགས་པས ་ནི་དེ་བཞིན་གཤེགས་པས་དགོངས་པའི་ཕན་ཡོན་གཞན་གསུངས་པ་ཡིན་ཏེ། བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་སྙོམས་པར་ཞུགས་པའི་ནི་མ་ཡིན་ནོ། །བར་ཆེད་མེད་པའི་ཏིང་ངེ་འཛིན་ཐོབ་པ་དེ་ནི། ཡང་ངན་འགྲོ་འམ་བདེ་འགྲོར་འགྲོ་བ་མེད་དོ།། ་ལྷག་མ་ལེའུ་རྫོགས་པའི་བར་དུ་ནི་རྟོགས་སླའོ། །ལོག་པར་རྟོགས་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། དམིགས་པ་འཐང་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །དམ་པའི་དོན་དང་ཀུན་རྫོབ་པ་དང། །སྦྱོར་དང་དཀོན ་མཆོག་གསུམ་པོ་དང། །ཐབས་བཅས་ཐུབ་བའི་རྟོགས་པ་དང། །ཕྱིན་ཅི་ལོག་ནི་ལམ་བཅས་དང། གཉེན་པོ་མི་མཐུན་ཕྱོགས་དག་དང། །མཚན་ཉིད་དང་ནི་སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལག་རྟོགས་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག ་དག་ཏུ་བཞེས?་ཅེས་བྱ་བ་གསུངས་ཏེ། དྲུག་དང་བཅུ་ནི་བཅུ་དྲུག་ཅེས་བྱ་བའི་དོན་ཏོ། ཅེའི་ཕྱིར་བཅུ་དྲུག་ཡིན་ཞེ་ན། གང་གི་ཕྱིར་དམིགས་བ་འཐད་པ་ལ་སོགས་པའི་དོན་བཅུ་དྲུག་པོ་དེ་དག་ལའོ། །དེ་ལྟར་ན་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱི་རྟེན་ཅན་ཡིན་ཞེ་ན། དམིགས་པ་ལ་སོགས་པ་ནི་དེ་དག་གི་ཡུལ་ལའོ། །ཡུལ་དང་འབྲེལ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡུལ་དུ་ཉེ་བར་གདགས་ཏེ། དཔེར་ན་རྒྱལ་པོའི་བུའི་ཉེས་པ་བྱས་ན། རྒྱལ་པོས་ཉེས་པ་བྱས་བར་འགྱུར ་བ་ལྟ་བུའོ། །ལོག་པར་རྟོག་པ་རྣམས་ནི་ཕལ་ཆེར་གཉེན་པོས་གནོད་པར་རྟོགས་པར་བྱས་བའི། །དེ་ལ་ལོག་པར་རྟོག་པ་དང་པོ་ནི་གལ་ཏེ་དེ་ལྟ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་དངོས་པོ་མེད་པ་དེ་གང་ཡིན། །གལ་ཏེ་གང་གི ་ཕྱིར་ཆོས་རྣམས་ཀྱི་ཀུན་ཏུ་བརྟགས་བའི་ངོ་བོ་དེ་ཉིད་ཡིན་ན་ནི་འཁྲུལ་བར་འགྱུར་ཏེ། ཀུན་གཞི་རྣམ་པར་ཤེས་པ་བཞི་མོ། །ཅི་སྟེ་གཞན་གྱི་དབང་དེ་ཇི་ལྟ་མེད་ཅེ་ན། འདིར་ལན་ནི་གང་ལ་ངོ་བོ་ཉིད་མེད་པ་དེ་ནི་མེད་པ་སྟེ། ཆོས་རྣམས་ཀྱི་རང་གི་ངོ ་བོ་མེད་བའི་ཕྱིར་སྦྱོར་བ་ལས་འབྱུང་བ་ནི་མེད་དོ། །གཞན་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་མེད་དེ་འདི་ནི་དམིགས་པ་འཐད་པ་ལ་ལོག་པར་རྟོག་བའོ། །གལ་ཏེ་ཆོས་ཐམས་ཅད་དངོས་པོ་མེད་པཡིན་ན། ལས་དང་པོ་བ་ཐབས་ལ་མཁས་པ་གང་གིས་སྦྱིན་པ་ལ ་སོགས་པ་ལ་སྤྱོད་ཅེ་ན། སྦྱིན་པར་བྱ་བ་དང། ལེན་བ་དང། སྦྱིན་བདག་ངོ་བོ་ཉིད་མེད་པར་ངེས་བར་གཟུང་བ་ཉིད་ནི་དེའི་ཐབས་ལ་མཁས་པ་ཡིན་ནོ། །འདི་ནི་དེའི་ངོ་བོ་ཉིད་ངེས་པར་གཟུང་བ་ལ་ལོག་པར་རྟོག་པའོ། །དེ་ལྟ་ན་བདེན་པ་མཐོང་བའི་ཐབས་ལ་མཁས་བ་ཅི ་ཞིག་ཡིན་ཞེ་ན། དེས་ནི་ཆོས་རྣམས་འཕགས་པའི་སྤྱན་གྱིས་གཟིགས་པ་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་ཡང་མི་དམིགས་ཏེ། སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་དམ། ཀུན་ཏུ་བརྟགས་པ་དེ་ཡང་མེད་པའི་ཕྱིར་རོ། །དངོས་པོ་གཞན་ཀུན་བརྟགས ་པའི་ངོ་བོ་ཉིད་ལྟ་ཅི་སྨོས་ཏེ། དེ་ནི་ཤིན་ཏུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྦྱིན་པ་ལ་སོགས་པ་ལ་སྦྱོར་པ་ན། སྦྱིན་པར་བྱ་བ་དང། ལེན་པ་དང། སྦྱིན་བདག་སོ་སོར་མེད་དོ་ཞེས་ཡང་དག་པར་ཤེས་པ་ཡིན། དངོས་པོ་དང། དངོས་པོ་མེད་པ་མི་དམིགས་པ་ནི་ཇི་ལྟར་མེད་པར ་ཤེས་པ་ཡིན་ཞེ་ན། ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །འདིར་སྦྱིན་པ་ལ་སོགས་པ་ཐམས་ཅད་ནི་ལམ་གྱི་རྣམ་པ་སྟེ། རྣམ་པ་ཐམས་ཅད་ཤེས་པ་དེ་ནི་དངོས་པོ་དང་།དངོས་པོ་མེད་པ་མི་དམིགས་པའོ། །དེ་ལ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད ་དུ་འདུ་ཤེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོག་པའོ། །གང་ཀུན་རྫོབ་ཉིད་དོན་དམ་པ་སྟེ། གང་གི་ཕྱིར་དེ་དག་དེ་བཞིན་ཉིད་དུ་གཅིག་པ་ཉིད་དོ། །འོན་ཀྱང་ཕུང་པོ་རྣམས་ལ་དངོས་པོར་འདུ་ཤེས་པ་དེ་དག་ལ་ལན་གདབ་པའི་དོན ་དུ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། དངོས་པོ་མེད་པ་ཞེས་བྱ་བ་དང་།དངོས་པོ་འདུ་ཤེས་ལ་དངོས་པའོ་ཞེས་བསྟན་ཏེ། དོན་དམ་པར་ནི་དངོས་པོ་དང། དངོས་པོ་མེད་པ་ཡང་མི་དམིགས་སོ། །འདི་ནི་བདེན་པ་གཉིས་ལ་ལོག་པར་རྟོག་པའོ། །སྦྱོར་བ་ནི ་སྤྱོད་བའོ། །ཆོས་ཐམས་ཅད་སྟོད་པ་ཡིན་ན། ཇི་ལྟར་སྤྱོད་ཅེ་ན། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཡིན་པ་ལ། ཐམས་ཅད་དུ་འཁོར་གསུམ་མི་དམིགས་པའོ། །འདི་ནི་སྦྱོར་བ་ལ་ལོག་པར་རྟོག་བའོ། །སངས་རྒྱས་ཞེས་བྱ་བ ་ལས་ཀྱི་རྐྱེན་དང་སྦྱར་ན་ཤེས་བྱ་བ་ཐམས་ཅད་སངས་རྒྱས་སུ་འགྱུར་རོ། །ཇི་སྟེ་བྱེད་བའི་རྐྱེན་དང་སྦྱར་ནས་རྟོགས་པ་དང་ལྡན་པ་སངས་རྒྱས་ཡིན་ན་ནི་སེམས་དང་ལྡན་པ་ཐམས་ཅད་སངས་རྒྱས་སུ་འགྱུར་རོ་ཞེ་ན། འདིར་ལན་ནི་ཡང་དག་བའི་དོན ་སངས་རྒྱས་ཞེས་བྱ་བ་ཡིན་པ་འམ། ཡང་དག་པའི་ཆོས་མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ནམ། ཡང་དག་བའི་དོན་རབ་ཏུ་རྣམ་པར་རྟོག་པ་ཞེས་བྱ་བ་ཡིན་པ་འམ། འདི་ལ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་སངས་རྒྱས་པ་ཞེས་བྱ ་བ་ཡིན་པ་སྟེ། ཕྱོགས་བཞི་ཆང་ལ་ཡང་འབྲུ་མང་པོ་པར་བྱས་ནས། ངེས་པར་ཚིག་གི་བྱང་ཆུབ་པར་བྱའོ། །ཡང་དག་བའི་དོན་ཞེས་བྱ་བ་ལ། དོན་ནི་ཤེས་བྱའོ། །དེ་དང་འགྲེལ་བའི་རྟོག་པ་ནི་བསྡུ་བའི་དོན་ཏོ། །གང་ལ་ཡང་དག་པ་ཉིད་ཀྱི་དོན་རྟོགས་པ ་ཡོད་པ་དེ་ནི་སངས་རྒྱས་སོ། །གཞན་དག་ལ་ནི་ངེས་པར་ཁ་ཅིག་ཏུ་འཁྲུལ་བ་ཡོད་དོ། །ཇི་ལྟར་ཡང་དག་བའི་དོན་སངས་རྒྱས་ཡིན་ཞེ་ན། བུདྡྷའི་གནས་སུ་ནི་བུད་བཞག་ལ། ཨརྠའི་གནས་སུ་ནི་དྷ་བཞག་ལ། སངས་རྒྱས་སུ་འགྱུར་རོ་ཞེས་བསམས་སོ། །ཡང ་དག་བའི་ཆོས་མངོན་པར་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པ་དང། ཡང་དག་པ་མ་ཡིན་བའི་དོན་ཤེས་པར་བྱེད་པ་ཉིད་ནི་སྐྱེས་བུ་དང་འབྲལ་བའོ། །འདིར་ནི་རབ་ཀྱི་མཐར་ཕྱིར་བའི་མངོན་པར་རྫོགས་པར་རྟོགས་པར་བྱས་པ་ཡིན་ཏེ། དེ་རབ ་ཏུ་བསྟན་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་སྨོས་ཏེ། འདིའི་བསྡུ་བའི་དོན་ནི་ཚིག་གཉིས་ཁོ་ན་ལ་ཡིན་ཏེ། དེ་ལ་བུདྡྷའི་སྒྲ་ལ་ནི་བུད་བྱ་ལ། དྷར་མའི་སྒྲ་ལ་ནི་ཡི་གེ་གཉིས་པའི་ཕྱིའོ། །ཡང་དག་བའི་དོན་རབ་ཏུ་རྣམ་པར་རྟོགས་པ ་ཞེས་བྱ་བ་ནི་མངོན་སུམ་གྱི་དོན་ཏེ། ཚིག་གསུམ་ནི་འབྲུ་མང་བར་བྱ་བ་ཡིན་ཏེ། དྷའི་སྒྲ་ལ་ནི་སྔ་མ་ཀུན་ལ་ནི་བུ་བཞག་གོ། །འདི་ལ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་བར་རྫོགས་པར་སངས་རྒྱས་པ་ནི་བློ་དང། རྟོགས་པ་དང། མཆོད་བའི་དོན་ལ་དེ་ལྟར ་བྱུང་བའི་རྐྱེན་བྱའོ། །དེ་ལྟར་བྱུང་བའི་རྐྱེན་བྱེད་པ་ཡིན་པས་དྲུག་པར་བྱ་སྟེ། དང་པོའི་ཚིག་ལ་ནི་བུ་བྱ། གཉིས་པ་ལ་ནི་?་བྱ་།གསུམ་པ་ལ་ནི་དྷའི་སྒྲའོ། །འདི་ནི་སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོགས་བའོ། །དེ་ནས་དཀོན་མཆོག་གང་ཞེ་ན། ཆོས་ཐམས་ཅད ་ལས་ཁྱད་བར་དུ་གྱུར་བ་ཉིད་དོ། །དེ་ལ་གལ་ཏེ་ཆོས་ལས་ཆོས་ཉིད་ཐ་དད་བར་བཞག་སྟེ། ཆོས་དང་ཆོས་ཉིད་འདི་གཉིས་ནི་ཡང་དག་པར་བསྡུས་བའི་ཕྱིར་རོ་ཞེས་བྱ་བའི་ཚིག་ལས་ཏེ། དེའི་ཚེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བྱང་ཆུབ་ཏུ་བཞག་སྟེ། བྱང་ཆུབ ་མིང་པོའི་རྐྱེན་དང་ལྡན་བའི་ཕྱིར་རོ། །ཡང་ན་ཆོས་ནི་ཆོས་ཉིད་ཀྱང་ཡིན་ཏེ། ཆོས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཚེ་ནི་དེ་ཉིད་ཆོས་དཀོན་མཆོག་སྟེ། ཡང་དག་པའི་མཛའ་ཡིན་བའི་ཕྱིར་ཏེ། དེ་ཁོ་ན་ཉིད་ཀྱི་མཛའ་ཐུག་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ ་བྱང་ཆུབ་ལས་ཀྱི་རྐྱེན་དང་ལྡན་པའི། །བྱང་ཆུབ་གཉིས་ག་ཡང་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཇུག་སྟེ། །ཁྱད་པར་དུ་གྱུར་བའི་ཕྱིར་རོ། །དེ་ལ་ཆོས་ཉིད་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས། བྱང་ཆུབ་ནི་སྟོང་བ་ཉིད་དང། དེ་བཞིན་ཉིད་དང། ཡང་དག་པའི་མཛའ་དང། ་ཆོས་ཉིད་དང། ཆོས་ཀྱི་དབྱིངས་ཞེས་གསུངས་ཏེ། དེ་ལ་སྟོང་བ་ཉིད་ནི་མཚན་ཉིད་ཀྱི་ཕྱིར་རོ། །རྣམ་པར་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་དོ། །དེ་ཁོ་ན་ཉིད་ཀྱི་མཐར་ཐུག་བའི་ཕྱིར། ཡང་དག་བའི་མཛའ་ཨོ། །ཆོས་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཉིད་དོ། །འཕགས ་པ་རྣམས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་སོ། །ཡང་བྱང་ཆུབ་མིང་ཙམ་མོ། །ཞེས་གསུངས་ཏེ་།མིང་གི་དོན་གྱིས་སྟོང་པ་ཉིད་ནི་བྱང་ཆུབ་པ་ཞེས་བྱ་བའི་བར་དུའོ། །ཡང་དབྱེར་མེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། ཞེས་གསུངས་ཏེ། ཐམས་ཅད་མཁྱེན་བའི་ཡེ ་ཤེས་ལ་དེ་བཞིན་ཉིད་ཅམ་སྣང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་ཕྱོགས་ཀྱི་དབང་དུ་བྱས་ནས། བྱང་ཆུབ་ཀྱི་དེ་བཞིན་ཉིད་དང། མ་ནོར་བའི་དེ་བཞིན་ཉིད་དང། །གཞན་མ་ཡིན་པའི་དེ་བཞིན་ཉིད་དང། གཞན་དུ་མི་འགྱུར་བའི་བྱང་ཆུབ་གོ་ཞེས ་གསུངས་ཏེ། དེ་ལ་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ནི་རྟོག་པར་བྱ་བའི་དེ་བཞིན་ཉིད་དེ། དེ་ཁོ་ན་བཞིན་དུ་རྟོགས་པར་བྱ་བའི་དངོས་པོའི་ངོ་བོ་ཡིན་གྱི། བརྫུན་པའི་ངོ་བོ་ནི་མ་ཡིན་ནོ། །མ་ནོར་བ་ཞེས་བྱ་བ་ནི་མ་འཁྲུལ་བའོ། གཞན་མ་ཡིན་པའི་དེ་བཞིན་ཉིད ་ཅེས་བྱ་བ་ལ། བྱང་ཆུབ་ལས་གཞན་བ་ནི་བརྫུན་པ་སྟེ། དེའི་དེ་བཞིན་ཉིད་བྱང་ཆུབ་ཀྱི་ངོ་བོ་ཉིད་དོ། །མེད་པ་དེ་ནི་ངོ་བོ་བྱང་ཆུབ་ཉིད་ལ་སྣང་བའི་ཕྱིར་ཏེ། དེ་དང་བྲལ་བ་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །གཞན་དུ་མི་འགྱུར་བའི་ངོ་བོ་ཞེས་བྱ་བ་ནི་བྱང ་ཆུབ་ཀྱི་རང་བཞིན་རང་གི་བདག་ཉིད་ཀྱིས་གསལ་བ་སྟེ། དེ་ལས་གཞན་པའི་དངོས་པོ་ནི་བརྫུན་བའི་བདག་ཉིད་དུ་སྣང་བའོ། །དེ་དང་བྲལ་བ་ནི་གཞན་དུ་མི་འགྱུར་བ་ཏེ། དེ་ཡང་འཁྲུལ་བས་དབེན་པའི་ཡེ་ཤེས་ནི་བྱང་ཆུབ་སེས་བྱ་བའི་དོན་ཏོ། །ཡང་མིང་དང ་མཆན་མ་ཙམ་འདི་ནི་བྱང་ཆུབ་པོ་ཞེས་བྱ་བ་ལ་གསུངས་པ་ལ་ཞེས་བྱ་བའི་སྒྲ་ནི་རིམ་པ་བཞིན་དུ་སྦྱར་ཏེ། མིང་དང་མཚན་མ་ཙམ་འདི་ཞེས་བྱ་བ་གང་རྟོགས་པ་དེ་ནི་བྱང་ཆུབ་ཅེས་བྱ་བའི་དོན་ཏེ། སྦྱོར་བ་ཉིད་བྱང་ཆུབ་ཏུ་མཚོན་པ་ཡིན་གྱི། འདི ་བྱང་ཆུབ་ནི་མ་ཡིན་ཏེ། དེ་ནི་རྣམ་པར་མི་རྟོག་པའི་ཕྱིར། །དེ་ལ་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོའོ། །དེ་དག་ནི་བརྫུན་པ་སྟེ། དོན་འདྲ་བའི་རྣམ་པ་ནི་མཚན་མའོ། །ཡང་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡིན་པ་དེ་བས་ན། བྱང་ཆུབ་ཅེས་གསུངས ་ཏེ། ཁྱད་པར་དུ་གྱུར་པ་ཡིན་ནོ། །ཞེས་དགོངས་སོ། །ཡང་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བས་ན་བྱང་ཆུབ་ཅེས་གསུངས་པ་ལ། ཚིག་འདི་དོན་གཙོ་བོ་ཡིན་གྱི། སྒྲ་ནི་མ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་རྟོག་པ་ཡིན་པ ་དེ་བས་ན། བྱང་ཆུབ་ཅེས་བྱ་བའི་དོན་ཏོ། །དྲུག་པའི་བསྡུ་བ་བྱས་ནས། ཚིག་སྔ་མ་ལ་ནི་བོ་བྱ་ལ། ཚིག་འོག་མ་ལ་ནི་དྷི་གཞག་གོ། འདིའི་ཆོས་དཀོན་མཆོག་ལ་ལོག་པར་རྟོགས་པའོ། །ཚོགས་ཡིན་པའི་ཕྱིར་དགེ་འདུན་ཏེ། མི་ཕྱེད་པ་དང་མི་འཕྲོགས་པ་ཞེས་བྱ་བའི་དོན་ཏེ། གང ་ལས་མི་ཕྱེད་པ་དང། གང་གིས་མི་ཕྱེད་པ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཕྱེད་པ་དང། ལྷ་དང་བཅས་པ། བདུད་དང་བཅས་པ་དང། དམན་པ་བྱང་ཆུབ་སྒྲུབ་པའི་ཆོས་དང། མི་དགེ་བའི་ཆོས་ཀྱིས་མི་ཕྱེད་པའོ། །འདི་ནི་དགེ་འདུན་དཀོན་མཆོག་ལ་ལོག ་བ་རྟོགས་པའོ། །ཐབས་བཅས་ཐུབ་པའི་རྟོགས་པ་དང་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་ཚིག་སྟེ། ཐབས་ལ་མཁས་པ་ནི་ཐབས་ཀྱིས་བསྟན་ཏེ། ཡུལ་གྱིས་ཡུལ་ཅན་བསྟན་པའི་ཕྱིར་རོ། རྟོགས་པ་ཞེས་བྱ་བ་ནི་མངོན་པར་རྟོགས་པ་བསྟན་ཏེ། ཡང་དག་པའི་དོན་མངོན ་སུམ་དུ་རྟོགས་པས་ན། མངོན་པར་རྟོགས་པ་སྟེ། ལོག་པའི་ཤེས་པ་དང། མི་ཤེས་པ་མ་ཡིན་ནོ་ཞེས་བྱ་བར་བསམས་སོ། །ཐུབ་པ་ཞེས་བྱ་བ་ནི་དངོས་པོ་གཙོ་བོའི་རྐྱེན་བྱས་ཏེ། སངས་རྒྱས་ཉིད་ཅེས་བྱ་བའི་དོན་ཏོ། །ཐབས་མཁས་པ་ལ་བྱང་ཆུབ་མངོན་པར་རྟོགས ་བ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །འཁོར་གསུམ་མི་དམིགས་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བའི་སེམས་ཀྱིས་སྦྱིན་པ་ལ་སོགས་པའི་རྣམ་པར་སྨིན་པ་ལ་རེ་བ་མི་བྱེད་དེ། འོན་ཀྱང་སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར་ཡང་དག་པར་རྫོགས ་བའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། དེ་ལ་སོགས་པ་ཐབས་ལ་མཁས་པ་རྒྱ་ཆེར་གསུངས་སོ། །འདི་ནི་ཐབས་ལ་མཁས་པ་ལ་ལོག་པར་རྟོག་པའོ། །སྤྲོས་པ་དང་བྲལ་བའི་མངོན་བར་རྟོགས་པ་ནི་ཡོད་དེ། གང་ལ་དངོས་པོ་མེད་པ་དང། དངོས་པོ་མེད་པ་མ་ཡིན ་པའོ། །འདི་ནི་མངོན་པར་རྟོགས་པ་ལ་ལོག་པར་རྟོག་བའོ། །མདོ་ལས་ནི་སྤྲོས་པའི་སྒྲ་དང། བསྟན་བཅོས་ལས་ནི་ཕྱིན་ཅི་ལོག་གི་སྒྲ་བརྗོད་ནས་གཉི་ག་ཡང་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །གཟུགས་རྟག་པ་དང། མི་རྟག་པ་དང། བདེ་བ་དང། སྡུག་བསྔལ་བ ་དད། བདག་དང། བདག་མེད་པ་ལ་སོགས་པ་གང་ཡིན་བའི་ཕྱིན་ཅི་ལོག་ནི་རབ་ཏུ་མང་སྟེ་མདོར་བསྡུས་ན་རྣམ་པར་རྟོག་པ་ཇི་སྙེད?་པ་དེ་ཐམས་ཅད་ནི་སྦྲོས་བའོ། །མི་སྒྲོ་འཕྲོ་བར་མི་བྱེད་ཅེས་བྱ་བ་ནི་གཉེན་པོའོ། །མི་འཕྲོ་བ་ནི་ཆོས ་ཀྱི་དབྱིངས་ཏེ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། དེ་འཕྲོ་བར་མི་བྱེད་པ་ནི་རྣམ་པར་རྟོག་བར་མི་བྱེད་པའོ། །འདི་ནི་ཕྱིན་ཅི་ལོག་གི་ལོག་པར་རྟོག་བའོ། །འདིར་བྱང་ཆུབ་སེམས་དཔའ་ངན་སོང་གི་ལམ་རྒྱུ་དང་འབྲས་བུར་བཅས་པར་ཤེས་པར་བྱ། དེ་དག ་ལས་སེམས་ཅན་རྣམས་བཟློག་བར་བྱ་བ་ནས། མི་དང་མི་འམ་ཅི?་དང། ནམ་མཁའ་ལྡིང་དང། དྲི་ཟ་ལ་སོགས་པའི་ལམ་དང། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་དང། སུམ་ཅུ་རྩ་གསུམ་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དང ་དེ་བཞིན་དུ་རྒྱུན་ཏུ་ཞུགས་བའི་ལམ་ནས། དགྲ་བཅོམ་པའི་ལམ་གྱི་བར་དང། བྱང་ཆུབ་སེམས་དཔའ་ཨི་ལམ་དང། སངས་རྒྱས་ཀྱི་ལམ་རྒྱུ་དང་འབྲས་བུ་དང་བཅས་པར་ཤེས་པར་བྱའོ། །དེ་ཡང་འབྲས་བུ་དེ་ལ་བཞག་པར་འོས་པ་ནི་དེ་དག་དེ་ལ ་རྣམ་པར་འཇིག་པར་བྱེད་པས་ན། སངས་རྒྱས་ཀྱི་བར་དུའོ། །བདག་ཉིད་ཐེག་པ་དམན་པའི་ས་ལས?་འདས་ཏེ། ཐམས་ཅད་མཁྱེན་པ་མཐོང་པས་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་ཞུགས་བའོ། །འདི་ནི་ལམ་ལ་ལོག་པར་རྟོག་པའོ། །འདིར ་འཕགས་པའི་གང་ཟག་ཐམས་ཅད་ཉིན་ནི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དང། འདོད་པ་དང། གཟུགས་དང། གཟུགས་མེད་པའི་ཁམས་དང། བྱང་ཆུབ་ཀྱི་ཕྱོགས་དང། ཕྱི་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་།དེའི ་འབྲས་བུ་དང། འཕགས་པའི་ཆོས་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་དྲལ་བ་ཡང་མ་ཡིན། གཟུགས་མེད་པ་བསྟན་དུ་མེད་པར་འདི་ལྟར?་མཚན་ཉིད་མེད་པར་མཚོན་ཉིད་གཅིག་པ་སྟེ། གང་དེ་ལྟར་མི་ཤེས་པ་དེ་ལ་ཀུན་རྫོབ་ཏུ་བྱང་ཆུབ ་ཀྱི་ཕྱོགས་བྱང་ཆུབ་སྒྲུབ་བར་བྱེད་པ་བསྟན་པ་ཡིན་ནོ། འདི་ནི་མཐུན་པའི་ཕྱོགས་དང། གཉེན་པོ་ལས་ལོག་པར་རྟོག་བའོ། །བཅོམ་ལྡན་འདས་མ་ལས་སེམས་ཅན་རྣམས་གཟུང་བར་བྱ་བའི་དོན་དུ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། ཆོས་རྣམས་ཀྱི་རང་གི་མཚན ་ཉིད་རྒྱ་ཚར་བསྟན་ཏོ། དོན་དམ་པར་ནི་མཚན་ཉིད་དང་མཚན་ཉིད་མེད་པ་ལ་བསླབས་པར་མི་བྱ་སྟེ། གང་གི་ཕྱིར་མཚན་ཉིད་མེད་པའི་དབྱིངས་འདི་ནི་རྟག་ཏུ་གནས་པའོ། །འདི་ནི་མཚན་ཉིད་ལ་ལོག་པར་གོལ་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་མཚན ་ཉིད་མེད་པ་ཡིན་ན། ཇི་ལྟར་མཚན་ཉིད་པ་དེ་དག་བསྒོམ་བར་འགྱུར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་མེད་དེ། ཕྱིན་ཅི་ལོག་པའི་ཕྱིར་རོ། །འོན་ཀྱང་དངོས་པོའི་འདུ་ཤེས ་ཅན་གྱི་ཆོས་ཐམས་ཅད་རྣམ་པར་འཇིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་བའོ། །དེ་བཞིན་དུ་དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མེད་དེ། འདི་ལ་འདི་དག་གིས་སྦྱིན་ནོ་ཞེས་དེ་ལྟ་བུ་ནི་དངོས་པོའི་འདུ་ཤེས་ཅན་ནོ། །དེ ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ཡང་བརྗོད་པར་བྱའོ། །བདེན་པ་མཐོང་བ་རྣམས་ནི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་འབའ་ཞིག་སྒོམ་པར་བྱེད་དེ། དངོས་པོའི་འདུ་ཤེས་སུ་ཡང་མ་ཡིན། དངོས་པོ་མེད་བའི་འདུ་ཤེས་སུ་ཡང་མ་ཡིན་ཏེ། འདུ་ཤེས ་ནི་སྤྲོས་པ་ཡིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོས་པ་མེད་པ་ཡིན་པས་སོ། །འདི་ནི་སྐོམ་པ་ལ་ལོག་པར་རྟོག་པའོ། །བྱང་ཆུབ་སེམས་དཔའ་གནས་སྐབས་འདི་ལ་མེ་ཏོག་བཀྲམ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་ལུང་བསྟན་ཏེ་དེས་ན་དེས ་མཚོན་པའི?་ལེའུ་ནི་དེའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་བརྒྱད་བའོ།། །། ་ད་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྦྱིན་པ་ཤེས་རབ་བར་དག་དང། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་ཏེ། མཐར་གྱིས་པ་ཡི་བྱ་བར་བཞེད།། ་ཅེས་བྱ་བ་གསུངས་ཏེ། མཐར་གྱིས་བྱ་བ་དང། མཐར་གྱིས་བསླབ་བ་དང། མཐར་གྱིས་བསྒྲུབ་པ་ནི་སྔར་བསྟན་ནས། ད་ལྟར་ནི་དེ་བཤད་བར་བྱ་སྟེ། བཤེད་པ་ནི་འདོད་བའོ། །གང་ཞེ་ན། སྦྱིན་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་ཞེས་བྱ་བ་ནི་སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་བར་དག་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་བར་དག་གོ་བར་སྨོས་བས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་བའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ ་རོལ་ཏུ་ཕྱིན་བའོ། །སངས་རྒྱས་ལ་སོགས་པ་དྲན་པ་དང་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་ཡུལ་ལ་རྗེས་སུ་དྲན་པའོ། །དང་ཞེས་བྱ་བ་ནི་རིམ་པ་གཞན་དུ་སྦྱར་ཏེ། ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཀྱང་ཞེས་བྱ་བས་ནི་དངོས་པོ་གཙོ་བོར ་བསྟན་ཏེ། ཆོས་རྣམས་དངོས་བོ་མེད་པའི་ངོ་བོ་ཉིད་ཀྱིས་ཀྱང་ཞེས་བྱ་བའི་དོན་ཏོ། །བར་ནི་དེ་ལྟར་དེ་འདོད་བའོ། །དེའི་བྱིར?་མདོ་ལས་།གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚིག་གསུམ ་གྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཅི་མཐར་གྱིས་བའི་བྱ་བའོ་།རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་རྟོགས་བར་བྱའོ། །ཇི་ལྟར་ཞེ་ན། ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ། །ཆོས ་ཐམས་ཅད་དབྱེར་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། དེ་ལ་དང་པོའི་ཆོས་ཐམས་ཅད་ནི་ཕ་རོལ་ཏུ ་ཕྱིན་བ་དྲུག་ཡིན་ཏེ་།དེ་དག་ཉིད་བྱང་ཆུབ་ཀྱི་ལམ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྒྲ་ཡང་འདིར་ལལ་གྱིས་ཚིག་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཆགས་པ་མེད་པ་ནི་མ་ཆགས་པ་སྟེ། བགེགས་མེད་པ་ཉིད་དོ། །རིམ་ག་ཡིས་སེམས་ཅན་ཡོངས་སུ་གྲོལ་བར་བྱ་བའི་ཕྱིར་བྱང་ཆུབ ་སེམས་དཔའ་དེས་དེ་རྗེས་སུ་རིག་པར་བྱའོ། །དེ་ཇི་ལྟར་དང་པོ་སེམས་བསྐྱེད་པ་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བདག་ཉིད་ཀྱང་སྦྱིན་པ་གཏོང་ཞིང་གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇོག་པ་བྱེད་དེ། སྦྱིན་པའི་བསྔགས་པ་ཡང་རྗོད་པར ་བྱེད། གཞན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་བ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་འཐུན་པར་བྱེད་དེ། དེ་སྦྱིན་པ་དེས་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་འཐོབ་བོ། །སེར་སྣ་དང་བྲལ་བའི་སེམས་ཀྱིས་བཟའ་བ་དང་།བཏུད་བ་དང། གོས་དང། བྱུག་བ་དང། ་མལ་ཆ་དང། གནས་དང། གཞན་ཡང་བདེ་བའི་ཡོ་བྱེད་དེ་འདོད་པ་རྣམས་ལ་སྦྱིན་པར་བྱེད་དོ། །དེ་སྦྱིན་པ་དེས་སེམས་ཅན་རྣམས་ཚུལ་ཁྲིམས་དང་།ཏིང་ངེ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ ་འཇོག་པར་བྱེད་དོ། །དེ་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་ལྡན་པ་དེ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ས་ལས་འདའ་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་འཇུག་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པར་བྱེད། སེམས་ཅན ་རྣམས་ཡོངས་སུ་སྨིན་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད། སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་ཅིང་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དེ། དེ་ལྟར་སྦྱིན་པས་མཐར་གྱིས ་བྱ་བ་བྱེད་ཀྱང་དེ་དང་སེམས་ཅན་རྣམས་ལ་མི་དམིགས་སོ། །དེ་ལྟར་འདི་ལ་ངོ་བོ་ཉིད་མེད་དེ་གང་ལ་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་དོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཐར་གྱིས་པའི་བྱ་བའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ ་དྲུག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐར་གྱིས་བའི་བྱ་བའོ། །ཆོས་ཐམས་ཅད་དབྱེར་མི་ཕྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་རྗེས་སུ་དྲན་པ་དྲུག་གོ་།དེ་རྣམས་ཇི་ལྟར་ཆོས་ཡིན་ཞེ་ན། ་སེམས་འཛིན་པའི་ཕྱིར་རོ། །གཞན་ཡང་བསོད་ནམས་ཀྱང་འཇིག་རྟེན་ན་ཆོས་སུ་བརྗོད་ལ། དེ་ཡང་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཡིན་ནོ། །ཆོས་ཐམས་ཅད་དབྱེར་མི་ཕྱེད་པ་ནི་ཐ་མི་དད་བའི་མཉམ་པ་ཉིད་དེ། དངོས་པོ་མེད་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེས ་རྗེས་སུ་རིག་པར་བྱ་བ་ནི་སྔ་མ་བཞིན་ནོ་།དེ་ལྟར་ན་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་བ་ལ་བརྟེན་ནས། རྣམ་པ་ཐམས་ཅད་མཁྱེན་པ་དང་ལྡན་པའི་ཡིད་ལ་བྱེད་པས། དངོས་པོ་བྱེད་བའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ལ་མོས་ཤིང་རྗེས་སུ་དྲན་པ་དྲུག་སྒོམ་པར ་བྱེད་དེ། དེ་དག་རང་ཡང་སྒོམ་པར་བྱེད་ཅིང། གཞན་དག་ཀྱང་དེ་རྣམས་ལ་འཇོག་པར་བྱེད། གཞན་གང་དག་དེ་ལ་སྤྱོད་པར་བྱེད་པ་དེ་དག་གིས་ཡང་བསྔགས་པ་བརྗོད་ཅིང་རྗེས་སུ་མཐུན་པར་བྱེད་དོ། །དེ་དག་ལ་དེ་ལྟར་དངོས་པོ་མེད་བའི་ངོ་བོ་ཉིད་ཀྱི་ཚུལ་གྱིས ་བསྒོམ་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་ཅིང། དེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་ནས། ཆོས་ཀྱི་འཁོར་ལོ ་བསྐོར་བ་ནས། སེམས་ཅན་ཡོངས་སུ་སྨིན་པའི་བར་དུ་ཕྱེད་དོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་ལ་སོགས་པའི་ཕུང་པོ་མ་ཡིན། མཚན་དང་དཔེ་བྱད་མ་ཡིན། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་མ་ཡིན། སྟོབས་བཅུ་དང། མི་འཇིགས ་པ་བཞི་དང། སོ་སོ་ཡང་དག་པ་མ་ཡིན། སྙིང་རྗེ་ཆེན་མོ་མ་ཡིན། བྱམས་པ་ཆེན་པོ་མ་ཡིན། མ་འདྲེས་པའི་ཆོས་བཅོ་བརྒྱད་མ་ཡིན་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་བར་ཡང་མ་ཡིན་པར་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་དངོས་པོ ་མེད་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། དྲན་པ་མེད་ཅིང་ཡིད་ལ་བྱེད་བ་མེད་བ་འདི་ནི་སངས་རྒྱས་རྗེས་སུ་དྲན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། དགེ་བའི་ཆོས་རྣམས་དང། འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡིད་ལ་མི་བྱེད་དེ། དེ་དག་དངོས་པོ ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཡིད་ལ་ནི་བྱེད་པ་འདི་ནི་ཆོས་རྗེས་སུ་དྲན་པའོ། །གང་དེ་བཅོམ་ལྡན་བའདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་གང་ཟག་བཞི་དང། སྐྱེས་བུ་གང་ཟག་ཆེན་པོ་བརྒྱད་པོ་ནི། ངོ་བོ་ཉིད་ཀྱིས་མེད་དེ། གང་ངོ་བོ་ཉིད་ཀྱིས་མེད་པའི་ཆོས་དེ ་ནི་མེད་དེ། ཡིད་ལ་མི་བྱེད་བ་འདི་ནི་དགེ་འདུན་རྗེས་སུ་དྲན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མ་རལ་བ་མ་ཞིག་པ་མ་འདྲེས་པ་མཆོག་ཏུ་འཛིན་པ་མ་ཡིན་པ་མཐུ་དང་ལྡན་པ་མཁས་བས་བསྔགས་པ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ།། ་ཐོབ་པའི་ཚུལ་ཁྲིམས་ལ་གནས་ནས། ཚུལ་ཁྲིམས་དངོས་པོ་མེད་པར་ཡིད་ལ་བྱེད་དོ། །ཡིད་ལ་བྱེད་པ་འདི་ནི་ཚུལ་ཁྲིམས་རྗེས་སུ་དྲན་བའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཟང་ཟིང་དང། ཆོས་དང། ཡན་ལག་དང་ཉིད་ལག་ཐམས་ཅད་གཏོང་བ་ན ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱའོ། །ཡིད་ལ་མི་བྱེད་པ་འདི་ནི་གཏོང་བ་རྗེས་སུ་དྲན་པའོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གང་རྒྱལ་ཆེན་བཞིའི་རིས་ནས། །གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་སྐྱེས་བའི་རྒྱུན་དུ་ཞུགས་བའི་ལྷ་དེ་དག་ནི་མེད་དེ ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། །ཡིད་ལ་བྱེད་པར་རྗེས་སུ་དྲན་པ་འདི་ནི་ལྷ་རྗེས་སུ་དྲན་པའོ། །འདི་ནི་རྗེས་སུ་དྲན་པ་དྲུག་སྟེ་།རྗེས་སུ་དྲན་པ་དྲུག་གི་མཐར་གྱིས་པའི་བྱ་བའོ། །ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཞེས ་བྱ་བ་ལ། རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ་ཕུང་པོ་དང། ཁམས་དང་སྐྱེ་མཆེད་དང། བྱང་ཆུབ་ཀྱི་ཕྱོགས་དང། ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ནི་ཆོས་ཐམས་ཅད་དོ། །དེ་དག་འབྱུང་བ་མེད་པའི་ཕྱིར་ཞེས ་བྱ་བ་ནི་འབྱུང་བ་མེད་པར་ཤེས་པའི་ཕྱིར་རོ། །མཐར་གྱིས་པའི་བྱ་བར་རིག་བར་བྱ་སྟེ། འབྱུང་བ་མེད་པ་ནི་འབྱུང་བ་མེད་པའི་ངོ་བོ་ཉིད་དེ། དེ་ལྟར་ན་དེ་དག་ནི་མེད་པའི་ངོ་བོ་ཉིད་དེ། གང་ལ་ངོ་བོ་ཉིད་མེད་པའི་ནི་དངོས་པོ་མེད་པའོ། །དེ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དང་པོ་སེམས་བསྐྱེད་པ་ལ་བརྟེན་ནས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་མོས་བར་བྱས་ཏེ་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ཀྱི་བར་ལ་སྒོམ་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཡང་དག་པར་རྟོགས་ནས། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་ཅིང། ཐེག་པ་གསུམ་གྱིས་འཁོར་བ་ལས་སེམས་ཅན་ཡོངས་སུ་སྒྲོལ་བར་བྱེད་དེ། འདི་ནི་ཆོས་རྣམས་དངོས་པོ ་མེད་བའི་ངོ་བོ་ཉིད་མཐར་གྱིས་པའི་བྱ་བ་སྟེ་བཅུ་གསུམ་པ་བསྟན་ཏོ། །དེའི་འོག་ཏུ་རྒོལ་བ་དང་གིས་བརྟགས་ནས་ལན་བརྗོད་པར་བྱ་སྟེ་།གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྒོམ་པར་བྱེད་ན། དེ་སྒོམ་པ་ནི་འབྲས་བུ་མེད་དེ། རྟའི་རྭ་བཞིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་འགྱུར་བ་མེད་པ་དང། མཉམ་པ་ཞེས་བྱ་བ་ལ་སོགས་པ་ལན་གསུངས་ཏེ། འགྱུར་བ་མེད་བ་ནི་ཆོས་དབྱིངས་སོ། །དེ་དང་མཉམ་པ་ནི་ཆོས་ཐམས་ཅད་དེ། ་མ་བསྒོམས་པ་ཙམ་གྱིས་ནི་མ་ཡིན་ཞིང་ཆོས་ཀྱི་དབྱིངས་ལ་དམིགས་ནས། འཕགས་པ་རྣམས་ཀྱི་རྒྱུད་འགྱུར་བ་ཡིན་ཏེ། དེ་ཉིད་ཆོས་ཀྱི་དབྱིངས་ཞེས་བརྗོད་ན། དེའི་ཕྱིར་འབྲས་བུ་མེད་པར་འགྱུར། །སོ་སོ་རང་རིག་པ་ཞེས་བྱ་བས ་བདག་དང་།རྣམ་པར་རིག་པ་ཡོད་པ་མ་ཡིན་ནམ། དེའི་ཕྱིར་འཛིན་པ་ཡོད་པས་གཟུང་བ་ཡང་ཡོད་དེ། དེས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་ཞེས་བྱ་བ་དེ་མི་རིགས་སོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་བདག་མེད་པ་དང། ་རྣམ་པར་རིག་པ་མེད་པར་ཤེས་རབ་ཀྱི་རྗེས་སུ་རྟོགས་བས་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་ཏེ། བདག་མེད་པ་དང་རྣམ་པར་རིག་པ་མེད་པ་ཞེས་བྱ་བ་ལ། བདག་གི་མཚན་ཉིད་དང་བྲལ་བའི་ཕྱིན་བདག་མེད་པའི་རྣམ་པའོ། །གཟུང་བ་དང་འཛིན་པ་དང ་བྲལ་བའི་ཕྱིར་རྣམ་པར་རིག་པ་མེད་པའོ། །ཤེས་རབ་ཀྱིས་རྗེས་སུ་རྟོགས་པས་ཞེས་བྱ་བ་ནི་ཚད་མས་ཡིད་ཆེས་པའི་ཕྱིར་རོ། །བདག་ནི་རྟག་པ་གཅིག་བུའི་ངོ་བོ་ཤེས་པ་ཡིན་ལ། གཟུགས་ལ་སོགས་པ་ནི་དེ་ལྟ་བུར་གྱུར་པ་མ་ཡིན་ནོ། །དེའི་ཕྱིར་བདག་མེད་པ་ཉིད ་དུ་འགྲུབ་བོ། །གཟུང་བ་དང་འཛིན་པ་དང་བྲལ་བ་དེ་ཉིད་ཀྱི་ཕྱིར་ཡང་རྣམ་པར་རིག་པའི་རྣམ་པ་ཡང་མ་གྲུབ་སྟེ། དེ་ནི་འཛིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འཛིན་པ་མེད་པའི་ཕྱིར་གཟུང་བ་ཡང་མེད་དེ། དེ་ནས་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་གྲུབ ་པོ། །གཟུགས་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་དེ་ཉིད་ནི་གཟུགས་ལ་སོགས་པ་ཡིན་ཏེ། དེས་དེ་དག་བརྗོད་པའི་འཇིག་རྟེན་ན་ཡང་ཡོད་ལ་ཉན་པ་རྣམས་ལ་ཡང་མི་སླུ་བའི་ཐ་སྙད་ཡོད་ན་ཆོས་ཐམས་ཅད་དངོས་པོ་མེད་པ་དེ་ག་ལས་ཤེས་བྱ་བ ་ནི་རྒོལ་བའོ། །ཆོས་ཐམས་ཅད་མིང་ཙམ?་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་སོ། །དོན་གྱིས་སྟོང་བའི་མིང་ནི་མིང་ཙམ་མོ། །དེས་ཆོས་དེ་དག་ཐམས་ཅད་བརྗོད་པ་ན་བློའི་རྣམ་པ་དེ་དག་ལ་དོན་མེད་དོ། །ཕྱི་རོལ་ཉིད་དུ་རྟོགས་བས་ཕྱི་རོལ་ཉིད་དུ ་འཇུག་པའི་ཡང་ཕྱིར་རོ། །ཕྱི་རོལ་གྱི་དོན་ཉིད་ཀྱང་མེད་དེ། ཕྱི་རོལ་མེད་ཀྱང་སྒྲ་ལས་དོན་རྟོགས་པའི་ཕྱིར་རོ། །གལ་ཏེ་བློ་ཉིད་སྒྲ་ལས་ཕྱི་རོལ་གྱི་དངོས་པོར་རྟོགས་ཞེ་ན། དེ་དག་ནི་དེ་ལ་དོན་གྱིས་དངོས་པོ་མེད་དེ་གཞན་དུ་ཐ་དད་བའི་ཕྱིར་རོ། །ཐ་མི་དད་ན ་ནི་བློ་དང་ལྡན་པས་ཀྱང་དོན་ཐོབ་པས་མི་སླུ་བར་འགྱུར་རོ། །དེའི་ཕྱིར་དོན་གྱི་དངོས་པོ་མེད་པས་མིང་ཙམ་དང་ཐ་སྙད་གདགས་པ་ཙམ་གྱིས་བརྗོད་དོ། །གལ་ཏེ་རེ་ཞིག་ཐ་སྙད་ཙམ་ནི་ཡོད་དེ་ཞེ་ན། ཐ་སྙད་གང་གས?་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ་གང་དུ་ཡང་མེད་ཅེས་བྱ་བ་ནི་དོན་མེད་བའི་ཕྱིར་ལུས་དང་ངག་དང། ཡིད་ཀྱང་མ་ཡིན་ཏེ། བརྗོད་པར་བྱ་བ་དང། བརྗོད་པར་བྱེད་པ་མི་དམིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་བས་ནི་མཇུག་བསྡུ་པའོ། ་ཐ་སྙད་མེད་པ་བརྗོད་དུ་མེད་པ་ཞེས་བྱ་བ་ནི་དེ་རྣམས་ལ་དེ་དག་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་སྦྲས་མེད་པ་དང་ཚིག་མེད་པའོ། །གཟུགས་ལ་སོགས་པ་རྣམས་ཚད་དང་ལྡན་པ་ཉིད་ཀྱི་ཕྱིར་དེའི་སྟོང་པ་ཉིད་ལ་སོགས་པ་ཡང་ཚད་དང་ལྡན་པ་ཡིན་ཞིང ་དེའི་ཕྱིར་དེ་ལ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཚད་དང་ལྡན་པར་འགྱུར་བ་ཡང། མི་འདོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་ཚད་མེད་པའི་ཕྱིར་ཞེས་བྱ་བས་ནི་ལན་གསུངས་ཏེ། ཆོས་ཐམས་ཅད་ཚད་མེད་པ ་ཞེས་བྱ་བ་ནི་ཚད་མེད་པ་ཉིད་ཀྱི་ཕྱིར་ཏེ། ཇི་ལྟར་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཆོས་རྣམས་ལ་ཚད་མེད་དོ། །ནམ་མཁའ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་མེད་བ་དེ་བཞིན་དུ་སྟོང་བ་ཉིད་དེ་ལ་ཡང་ཚད་མེད་དོ་གཅོད་པར་བྱེད ་པ་མེད་པའི་ཕྱིར་རོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཐ་མི་དང་དོ། །གལ་ཏེ་དེ་ལྟར་ན་གཟུགས་ལ་སོགས་པའི་སྔོན་པོ་ལ་སོགས་པ་འདི་དག་ཀྱང་ཇི་ལྟར་སྣང་ཞེ་ན་འདི་དག་ནི་ཆོས་ཀྱི་མཚན་མ་ཡིན་གྱི། ཆོས་ཀྱི་དངོས་པོ་ནི་མ་ཡིན་ཏེ། གཅིག ་དང་དུ་མའི་ངོ་བོ་དང་བྲལ་བའི་ཕྱིར་དང། མི་སྣང་བ་བདག་ཉིད་སྣང་བ་མི་རིགས་པའི་ཕྱིར་རོ། །ཆོས་རྣམས་ཀྱི་མཚན་མ་ཡང་ཆོས་རྣམས་ཀྱི་འཁྲུལ་བའི་རྣམ་པ་ཡིན་ཏེ། དེ་ཡང་སྣང་བའི་ངོ་བོ་ཡིན་པའི་ཕྱིར་སྣང་བ་ནི་དེ་དག་མེད་པ་ཡིན་ཡང ་སྣང་སྟེ། འཁྲུལ་བ་རྣམས་ལ་ནི་མེད་པའི་མཚན་ཉིད་སྣང་བ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་འགྲུབ་སྟེ་དེ་ནི་འཁྲུལ་བ་ཡང་མ་ཡིན་ལ། རྣམ་པ་དང་བཅས་པའི་བློ་ནི་འཕྲུལ་བ་ཡིན་ཞིང་རྣམ་པ་མེད་པའི ་བློ་ནི་རྨི་ལམ་ན་ཡང་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས་ཏེ། ཆོས་ཐམས་ཅད་ཀྱི་མཚན་མ་ནུབ་སྟེ་ཤེས་པ་སྣང་བ་དང་རྣམ་པ་མེད་དོ། །དེས་ན་རྣམ་པ་སྤང། བའི་ཕྱིར་ཤེS ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱ་སྟེ་གཟུགས་མེད་བའི་སྙོམས་པར་འཇུག་པ་བཞིན་ནོ། །ཞེས་པ་བསམས་སོ། །འོ་ན་རྣམ་པར་རྟོག་པའི་མཚན་མ་འདི་སྤངས་བའི་ཕྱིར་ཆོས་ཀྱི་དབྱིངས་ཡང་དག་པར་ཡིད་ལ་བྱེད་པ་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཞེS ་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཕྱིར་ཞེས་བྱ་བའི་ནི་ལན་གསུངས་ཏེ། ངེས་པར་འཕྱེད་པ་ནི་འདིར་སོ་སོར་རྟོག་པ་གསུངས་ཏེ། ཆོས་ཐམས་ཅད་ཡོངས་སུ་གྲུབ་པའི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་བྱས་ཏེ། དེ་ནི་དེ་དག་གི ་ངེས་པར་འབྱེད་པའོ། །དེས་ན་འདི་ནི་དེའི་མཚན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དེ་ཉིད་ལེགས་པར་ཡིད་ལ་བྱེད་པའི་ཐོས་པ་དང། བསམ་པ་དང། བསྒོམ་བའི་རིམ་གྱིས་ལྷུན་གྱིས་གྲུབ་པར་མངོན་པར་འདུ་མི་བྱེད་པ་ཆོས་ཐམས ་ཅད་ཀྱི་དེ་བཞིན་ཉིད་ལ་སྤྲོས་པ་མེད་པའི་ཤེས་པ་ཡང་སྐྱེ་བ་ཡིན་ཏེ། དེ་ནི་དེ་ལ་སོ་སོར་རྟོག་པའོ། །ཇི་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཡིན། དག་པ་ཡིན་ནོ་ཞེ་ན་དེ་ནི་མི་རིགས་ཏེ་འདི་ལྟར་དེའི་ཚེ་དག་པ་གང་ཡིན། བདག་ནི་འདོད་པས་མི་འདོད་ལ། ་སྐད་ཅིག་རེ་རེ་ལ་འཇིག་པའི་ཕྱིར་སེམས་ནི་མ་ཡིན་ནོ། །ཇི་སྟེ་སེམས་ཀྱི་རྒྱུན་ལ་ཡིན་ནོ་ཞེ་ན། དེ་ཡང་རང་བཞིན་གྱིས་མ་དག་པ་འམ། དག་པ་ཞིག་ཡིན་གྲང་ན། ཕྱོགས་དང་པོ་ལྟར་ན་དེ་ནི་དག་པ་མ་ཡིན་ཏེ། སོལ་བ་འདར་བ་བཞིན་ནོ། །ཕྱོགས་གཉིས་བལྟར ་ན་ནི་དོན་མེད་དོ། །ཇི་སྟེ་སེམས་ཀྱི་ཆོས་ཉིད་དག་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་དེ་ལ་ནི་རྣམ་པར་འགྱུར་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ་བའོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས ་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་དེའི་ཕྱིར་དགོས་པ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་རྗེས་སུ་རིག་པར་བྱ། རྗེས་སུ་གནས་པར་བྱའོ། །དེ་ནི་རྣམ་པར་འགྱུར་བ་མེད་པའི་ཕྱིར་དེ་ཡང་མི་རིགས་སོ་ཞེས་སྨྲས་པ་མ་ཡིན་ནམ ་ཞེ་ན། འདི་ནི་སྨྲས་ཀྱང་འོན་ཡང་མི་རིགས་ཏེ། གཏན་ཚིག་ངེས་བ་ཉིད་ཀྱི་ཕྱིར་རོ། །དེ་ནི་རང་བཞིན་ཁོ་ནས་རྣམ་པར་དག་ཀྱང། དེའི་རང་བཞིན་མ་ཡིན་པའི་ཕྱིར་བློ་བུར་གྱིས་སྒྲིབ་པའི་དྲི་མས་དྲི་མ་ཅན་དུ་བྱས་པ་ཡིན་ཏེ། སྤྲིན་པ་དང། མུན་པ་དང། ཁུག་རྣ ་ལ་སོགས་པས་བསྒྲིབས་བསན་མཁས་བཞིན་ནོ། །ཕྱིས་ཤེས་རབ་ཕ་རོལ་ཏུ་ཕྱིན་པས་དེ་དག་གསལ་བས། རྣམ་པར་དག་པར་འགྱུར་ཏེ། སྤྲིན་ལ་སོགས་པ་གསལ་བའི་ནམ་མཁའ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བཅོམ་ལྡན་འདས་ཉིད ་ཀྱིས་བསྟན་ལ། བསྟན་པས་ཀྱང་མཚན་མ་དང་བཅས་བའི་ཤེས་པ་སྐྱེད་བར་བྱེད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་དང་བཅས་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྒོལ་པའོ། །ཆོས་ཐམས་ཅད་ཚིག་མེད་བའི་ཕྱིར་ཞེས་བྱ་བ་ལ་སོགས་པS ་ནི་ལན་གསུངས་ཏེ། ཐམས་ཅད་ནི་ཚིག་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ལན་གསུངས། ཆོས་ཐམས་ཅད་ནི་ཚིག་མེད་པའི་ཕྱིར། ཚིག་གིས་རང་གི་ངོ་བོ་མི་སྟོན་ཏེ། མཚོན་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དམ ་པ་སྟོན་པའི་དོན་དུ་རྗེས་སུ་རིག་པར་བྱའོ། །གལ་ཏེ་ལས་ཟད་ཅིང་ཉོན་མོངས་པ་ཟད་ཀྱང། ཡང་སྲིད་དུ་འགྱུར་བའམ། ཇི་སྟེ་ཟད་བས་སྐྱེ་བ་ཡང་ཟད་དེ། དེ་འདུ་བྱེད་ལྷག་མཚོ་ཇི་སྲིད་ཀྱི་བར་དུ་གནས་ནས་རང་ཉིད་འགག་པར་འགྱུར་ཏེ། དེས་ན་བྱང་ཆུབ་ཁོ་ནར་འགྱུར ་གྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ནི་མ་ཡིན་ཏེ། དེའི་ཁྱད་པར་ནི་བརྗོད་པར་བྱ་བ་མ་ཡིན་ནམ་ཞེས་བྱ་བ་ནི་རྒོལ་བའོ། །ཚིག་གསུམ་གྱིས་ནི་ལན་གསུངས་ཏེ། ཆོས་ཐམས་ཅད་འགོག་པ་མེད་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་རྣམས ་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིགས་པར་བྱའོ། །ཇི་ལྟར་འགོག་པ་མེད་ཅེ་ན། སྤང་བ་དང་མཉམ་པ་ནི་ངེས་པ་མེད་པས་སྤང་བ་དང། ཁྱད་པར་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་བའི་ཆོས་ཐམས་ཅད་ནི་མྱ་ངན་ལས ་འདས་པ་ཐོབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཇི་ལྟར་དེ་དག་གི་དེ་བཞིན་ཉིད་དེ་ཁོན་བཞིན་དུ་ཤེས་པ་ནི་དེ་བཞིན་ཉིད་དང་མཉམ་པའོ། །དེ་ལྟར་དེ་དག་དེ་བཞིན་ཉིད་དང་མཉམ་པ་ཡིན་ཞེ་ན། ཆོས་ཐམས་ཅད་མི་འོང་ཞེས་བྱ་བ་ལ་སོགས ་བ་གསུངས་ཏེ། མི་འོང་ཞེས་བྱ་བ་ནི་མ་འོངས་བའི་དུས་ནས་སོ། །མི་འགྲོ་ཞེས་བྱ་བ་ནི་འདས་པའི་དུས་སུའོ། །གང་ནས་འོང་བར་བྱ་བ་དང། གང་དུ་འགྲོ་བར་བྱ་བ་དེ་དག་མེད་པའི་ཕྱིར་རོ། །གང་ཡང་མི་ཤེས་པ་ནི་རང་རིག་པ་ཙམ་གྱིས་དུས་མི་ཤེས་པའི་ཕྱིར་རོ། །མི་ཤེས་པའི ་ཕྱིར་དང་འགྲོ་བ་དང་འོང་བ་ནི་ཤེས་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །དེ་བས་ན་མི་སྐྱེ་ཤིན་ཏུ་མི་སྐྱེ་ཞེས་བྱ་བ་ཡིན་ནོ། །འདི་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །འདི་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ན་ཡང། འཇིག ་རྟེན་ན་རང་གི་དོན་ལ་རང་བཞིན་གྱིས་དགའ་བའི་ཕྱིར་དེའི་དོན་དུ་དཀའ་ཡང་འབད་བར་བྱེད་དོ། །གཞན་གྱི་དོན་ནོ་དཀའ་སྟེ། སེམས་ཅན་རྣམས་མཛའ་ཡས་པའི་ཕྱིར་དང། གཞན་ཉིད་ཡིན་པའི་ཕྱིར་དང། ལོག་པར་རྟོག་པ་མང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒོལ ་བའོ། །བདག་དང་གཞན་དུ་མི་ལྟ་བའི་ཕྱིར་ཞེས་བྱ་བ་ལན་གསུངས་ཏེ། བདག་དང་གཞན་ཞེས་བྱ་བ་ནི་དབྱེ་བའོ། །དེ་མི་མཐང་བའི་ཕྱིར་སེམས་ཅན་ཐམས་ཅད་དང་བདག་མཉམ་པ་ཉིད་དུ་ལྟའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་འཕགས་པ་དྲི་བ་མེད ་བར་གྲགས་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་བབ་སྐྱེད་ཀྱང། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་དེ་ལག?་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྐྱེའོ་ཞེས་གསུངས་པ་ལྟ་བུའོ། །དེའིའོག་ཏུ་དཀའ་བའི་འདུ་ཤེས་ཀྱི་གཉེན་པོ་ཇི་ལྟ་ཇི ་ལྟར་སོ་སོར་བརྟག་པར་བྱ་བ་དེ་ནི་ཆོས་ཐམས་ཅད་འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་ནས། ཁོང་ཁྲོ་བ་མེད་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །དེ་ལ་དང་པོ་སེམས་ཅན ་རྣམས་དགྲ་བཅོམ་པ་ཉིད་ལ་སོགས་པས་དཀའ་བའི་འདུ་ཤེས་བསལ་བའི་ཕྱིར། ཆོས་ཐམས་ཅད་འཕགས་པ་དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ནི་སེམས་ཅན་དུ་ཐ་སྙད་གདགས་པའི་ཡུལ་ཏེ། འཕགས་པ་དགྲ ་བཅོམ་པའོ། །གང་གི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཙམ་ཡིན་པའི་ཕྱིར་རོ། །ཁུར་མི་ཁྱེར་བ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཁུར་མི་ཁྱེར་བའོ། །སེམས་ཅན་གདུལ་བར་བྱ་བའི་དོན་དུ་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང ་དུ་འགྲོ་བ་ན། དཀའ་བའི་འདུ་ཤེས་བསལ་བའི་ཕྱིར། ཆོས་ཐམས་ཅད་ཡུལ་མེད་ཅིང་ཕྱོགས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་མེད་པའི་ཕྱིར་དང། ཕྱོགས་མེད་པའི་ཕྱིར་རོ། །རང་བཞིན་གྱི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་གཟུགས་ལ ་སོགས་པའི་རང་བཞིན་དེ་ནི་དེ་བཞིན་ཉིད་ངོ་བོ་ཉིད་དེ། དེ་ནི་ཡུལ་ན་མེད་དེ། གནས་པ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཕྱོགས་ཀྱང་མེད་དེ། ཆ་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །འཁོར་བའི་སྡུག་བསྔལ་སྤང་བར་དཀའ་བའི་འདུ་ཤེས་བསལ་བའི ་ཕྱིར་གསུངས་པ་ནི་འཁོར་བའི་ཆོས་ཐམས་ཅད་འགག་པ་ན་རབ་ཏུ་སིམས་པར་བྱེད་པ་ཉིད་ཀྱིས་བདེ་བའི་འདུ་ཤེས་བསྐྱེད་པ་ཉིད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྗེས་སུ་རིག་པར་བྱའོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག་།སྐྱེ་ཞིང་འཇིག་བའི་ཆོས ་ཅན་ཡིན་།སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་མྱུར་དུ་ཞི་བ་བདེ་ཞེས་པའོ། །འོ་ཞེས་བྱ་བའི་སྒྲ་ནི་ཉན་ཐོས་ཀྱི་འདུལ་བ་རྫོགས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཨི་འདུལ་བའི་དབང་དུ་བྱས་ནས། དགའ་བ་མེད་ཅིང་དགའ་བ་དང་བྲལ་བ་མེད ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་ནི་མྱ་ངན་ལས་འདས་པ་ལ་ཤིན་ཏུ་དགའ་བའོ། །དགའ་བ་དང་བྲལ་བ་ནི་ཤིན་ཏུ་འཁོར་བ་ལ་སྐྱོ་བའོ། །དེ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་དང་བྲལ་བ་མེད་པའོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་སྟེ། འདི་ནི་འཁོར་བ་དང། མྱ་ངན་ལས་འདས་པ་ལ་མི་གནས་པའི་སོ་སོར་རྟོག་པའོ། །འདོད་ཆགས་མེད་ཅེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་དང་བྲལ་བ་ལ་སོ་སོར་རྟོག་པའོ། །ཆོས་ཐམས་ཅད་ལ་ཆགས་པ་དང་བྲལ་བ་ཞེས་བྱ་བ་ནི་མངོན་པར ་མ་ཞེན་པའོ། །ཆགས་པ་དང་མ་ཆགས་པ་དང། དེའི་གཉེན་པོ་དེ་དང་བྲལ་བ་དང། གསུམ་མི་དམིགས་པའི་ཕྱིར་འདི་ནི་རྣམ་པར་རྟོག་པ་སྤང་བ་ལ་སོ་སོར་རྟོག་པའོ། །ཆོས་ཐམས་ཅད་ནི་ལམ་ཐམས་ཅད་དེ། མངོན་པར་རྟོགས་པ་བདུན་ནོ། །དེ་ཉིད་བྱང་ཆུབ་སྟེ། ་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་ཞེས་གསུངས་ཏེ། ཁོང་དུ་ཆུད་པ་ནི་ཐོབ་པ་སྟེ། དེ་ནི་བྱང་ཆུབ་སྟེ། ལེགས་པར་རྟོག་པ་ཐོབ་པ་ལ་སོ་སོར་རྟོག་པའོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཐམས་ཅད ་དེ། དེ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་སྟེ། རྣམ་པར་རིག་པ་ཙམ་ཉིད་ཀྱི་དོན་དང་བྲལ་བའི་ཕྱིར་དང། མཚན་མ་ཐམས་ཅད་ནུབ་པའི་ཕྱིར་དང། འཁྲུལ་པའི་ངོ་བོའི་ཁམས་གསུམ་པ་ལ་སྨོན་པ་མེད་པ་ཉིད་ཀྱི་ཕྱིར་ཏེ། གོ་རིམ ་བཞིན་ནོ། །འདི་ནི་ལམ་ལ་སོ་སོར་རྟོག་པའོ། །གལ་ཏེ་དེ་དག་རྣམ་པར་ཐར་པའི་སྒོའི་ལམ་ལའང་སྒོམ་པ་དེའི་ཚེ་འང་དམན་པའི་བྱང་ཆུབ་ཏུ་ལྟུང་བར་འགྱུར་རོ་ཞེ་ན། དེའི་ཕྱིར་བྱམས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ནི ་བྱང་ཆུབ་སེམས་དཔའ་ཨི་ལམ་ཐམས་ཅད་དོ། །སྨན་ཞེས་བྱ་བ་ནི་ཐེག་པ་དམན་པ་ལ་དགའ་བའི་ནད་ཆེན་པོ་སེལ་བའོ། །གང་གིས་ཤེ་ན། བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱམས་པ་ནི་དེ་དག་གི་སྔོན་དུ ་འགྲོ་བའོ། །གཞན་ཡང་དེ་དག་ཆད་མེད་པ་བཞི་དང། ལྷན་ཅིག་གནས་པའི་ཕྱིར་བྱམས་པ་ལ་སོགས་པ་ལ་གནས་པའོ། །ཚངས་པ་ལྟ་བུར་གྱུར་པ་ཞེས་བྱ་བ་ཚངས་པ་འདྲ་བའོ། །དེ་བཞིན་དུ་ཞེ་སྡང་མི་ལེན་པའི་ཕྱིར་ཞེས་བྱ་བ་ནི་བསྟན ་པའོ། །ཞེས་དང་ཐམས་ཅད་མི་ལེན་པ་ཞེས་བྱ་བ་ནི་བཤད་པའོ། །ཞེས་དང་ཐམས་ཅད་ནི་བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཏེ། གོ་རིམ་བཞིན་དུ་གནོད་སེམས་དང་རྣམ་པར་འཚོ་བ་དང། མི་དགའ་བ་དང། ཁོང་ཁྲོ་བ་དང། རྗེས་སུ་ཆགས ་བའོ། །སྨོན་པ་མེད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་དགའ་བ་དང་བྲལ་བའི་ཕྱིར་རོ། །ཁོང་ཁྲོ་བ་མེད་པ་ཞེས་བྱ་བ་ནི་འཁོར་བ་ལ་ཤིན་ཏུ་སྐྱོ་བ་མེད་པའི་ཕྱིར་རོ། །འདི་ནི་མཐར་གྱིས་བའི་མངོན་པར་རྟོགས་པ་གསུམ་ཕན་ཡོན་དང་བཅས་པའོ ་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པར་བརྗོད་པར་བྱ་སྟེ། སྐད་ཅིག་མ་གཅིག་གིས་མངོན་རྫོགས་པར་བྱང་ཆུབ་པ། མཚན་ཉིད་ཀྱིས་ནི་རྣམ་པ་བཞི་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཟག་པ་མེད་པར་སེམས་ཀྱི་སྐད་ཅིག་མ་གཅིག་གིས ་མངོན་པར་རྟོགས་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་ཐམས་ཅད་རྣམ་པར་སྨིན་པ་ལས་སྐྱེས་བའི་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོག་པ་དང། ཆོས་ཐམས་ཅད་མཚན་ཉིད་མེད་པར་སེམས་ཀྱི་སྐད་ཅིག ་མ་གཅིག་གིས་རྟོགས་པ་དང། ཆོས་ཐམས་ཅད་གཉིས་སུ་མེད་པར་སེམས་ཀྱི་སྐད་ཅིག་མ་གཅིག་གིས་རྟོགས་པའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་བསྟན་བཅོས་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང། །ཟག་མེད་ཆོས་ཀུན་བསྡུས་པའི ་ཕྱིར། །ཐུབ་བའི་སྐད་ཅིག་གཅིག་པ་ཡི། །རྟོགས་པར་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྟོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐབས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་བྱ་བ་གསུངས ་ཏེ་།བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཀྱི་སྐད་ཅིག་མ་གཅིག་གིས་འཇུག་པ་ལ་སོགས་པ་རེ་རེས་ཀྱང། ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར་ཏེ། འདྲེན་པའི་ཕྱིར་རོ། །སྐད་ཅིག་མ་གཅིག་པའི་རྟོགས་པ་སྟེ། ་སེམས་ཀྱི་སྐད་ཅིག་མ་གཅིག་གིས་རྟོགས་པའོ། །འདི་ནི་ཞེས་བྱ་བ་དང་པོའོ། །དེ་ལྟར་ན་ཇི་ལྟར་སྐྱེས་བུས་རྟོག་ཐབས་ཅིག་གིས་བསྐྱོད་པ་ན། ཟོ་ཆུད་གྱིས་རྒྱུད་ཐམས་ཅད་ཅིག་ཆར་འགུལ་བ་དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་སེམས་དང་ལྡན་པ་ནི། ཟད་པ ་མེད་པའི་ཆོས་ཐམས་ཅད་ཀྱི་ཚོགས་ཅིག་ཅར་འདྲེན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མདོ་ལས། རྒྱ་མཚོ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངS ་སུ་བསྡུས་པའི་ཕྱིར་དང། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བའི་ཕྱིར་ཟབ་ཅིང་རྒྱ་ཆེ་བ་སྟེ། སྦྱིན་པ་ལ་སོགས་པ་རེ་རེའི་སེམས་ཀྱི་སྐད་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དོ། །དེའི་མུ་མེད་པ་ནི་མུ་མེད་པ་སྟེ། ཟག ་པ་མེད་པའི་ཆོས་རྣམས་འདྲེན་པ་ཉིད་དོ། །དེ་དག་ཕན་ཚུན་འབྲེལ་བ་ནི་ཡུན་རིང་དུ་ཡོངས་སུ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །དེ་རྗེས་སུ་རིག་པར་བྱ་བ་ནི་ཤེས་པར་བྱའོ། །དེ་ཇི་ལྟར་ཞེ་ན། རྒྱ་མཚོ་མུ་མེད་ཕའི་ཕྱིར། ཞེས་བྱ་བ་གསུངས་ཏེ། ཟབ་ཅིང་རྒྱ་ཆེ་བའི་རྒྱ་མཚོ ་ནི་མུ་མེད་དེ། མུ་མེད་པ་ནི་ཅིག་ཅར་ཆུ་བོའི་ཆུ་འདྲེན་པ་དེ་ཉིད་དེ། དེ་དག་ཕན་ཚུན་འདྲེས་པ་ཉིད་ཀྱི་ཕྱིར་རོ། །རྒྱ་མཚོ་མུ་མེད་བའི་དཔེ་དེས་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཟག་པ་མེད་པའི་ཆོས་སེམས་ཀྱི་སྐད་ཅིག་གཅིག་གིས་མངོན་པར་རྟོགས ་པ་སྟེ་དང་པོའོ། །གཉིས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཡི་སྐད་ཅིག་གཅིག་ཡེ་ཤེས་ཞེས་བྱ་བ་གསུངས་ཏེ། རྣམ་པར ་སྨིན་པ་ལས་སྐྱེས་བའི་ཆོས་ནི་རྣམ་སྨིན་ཆོས་སོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེའི་གནས་སྐབས་འདི་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་དཀར་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དགེ་བའི་ཆོས ་ཐམས་ཅད་དོ། །གང་དག་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་ཐམས་ཅད་འདིས་སྔོན་ངོ་བོ་ཉིད་མེད་པར་བསྒོམས་པས། དེ་དག་ཀྱང་ཕྱིས་རྣམ་པར་སྨིན་པ་ལས་སྐྱེས་པའོ། །དེས་ན་རང་བཞིན་ཉིད་ཀྱིས་དེ་དག་ངོ་བོ་ཉིད་མེད་པར་ཡང་དག་པར་རིག་སྟེ། ་དེའི་ཕྱིར་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །འདི་ལྟ་བུ་དེ་གང་གི་ཚེ་སྐྱེས་པ་ནི་ཕུན་སུམ་ཚོགས་པ་སྟེ་དེའི་ཚེ་སེམས་ཀྱི་སྐད་ཅིག་མ་གཅིག་གིས་དེ་དག་ཐམས་ཅད་ལ་ལྷུན་གྱིས་གྲུབ་པར་ཤེས་སོ། །ཟག་པ་མེད་པ་ཐམས་ཅད་ལ་འབད་པ་དང་བཅས་པ་འདི་ནི་དང ་པོའི་།ཟག་པ་དང་བཅས་པ་དང། ཟག་པ་མེད་པ་ལ་ལྷུན་གྱིས་གྲུབ་པ་ནི་གཉིས་པ་སྟེ། དེའི་ཕྱིར་མདོ་ལས། ནམ་མཁའ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཞེས་བྱ་བ་ནི་གང་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་དང། དཀར་བོའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མུ་མེད་པ་ནི་དེ་དག་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་བར་རོ་གཅིག་པའོ། །ལྷུན་གྱིས་གྲུབ་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཉིད ་ཀྱི་ཕྱིར་ཏེ། དེའི་མུ་མེད་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་ཞེ་ན། ནམ་མཁའ་མུ་མེད་པ་ཉིད་ཀྱི་དཔེ་གསུངས་སོ། །ནམ་མཁའ་ནི་ནམ་མཁའ་སྟེ། དེའི་གཟུགས་ཀྱིས་རྫས་ཀྱི་དངོས་པོ་མེད་བར་གཅིག་པའོ། །མུ་མེད་པ་ནི་ལྷུན་གྱིས་གྲུབ་པ་སྟེ། གཡོ་བ་མེད་པའོ། །དེའི ་ཕྱིར་གཉིས་ག་མུ་མེད་པ་འདི་ལྟ་བུ་འདི་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དཀར་པོའི་ཆོས་ཐམས་ཅད་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ནི་གཉིས་པའོ། །གསུམ་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། སྦྱིན་ལ་སོགས ་བའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་ལ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་བྱ་བ་གསུངས་ཏེ། རྨི་ལམ་ལྟ་བུ་ཞེས་བྱ་བ་ནས། དྲི་ཟའི་གྲོང་ཁྱེར་ཞེས་བྱ་བའི་བར་ནི་ཡུམ་ཆེན་མོ་ལས་གསུངས་ལ་བསྟན་བཅོས ་ཚིག་གཅིག་སྨོས་པ་ནི་ཐམས་ཅད་དོན་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དོན་རྣམ་པ་སྣ་ཚོགས་བའི་མཚན་ཉིད་ཀྱིས་སོ། །འདི་དག་སོ་སོར་སྣང་བ་ན་ཇི་ལྟ་བུའི་ཚན་ཉིད་དུ་མེད་པའི་ཕྱིར་མཚན་ཉིད་མེད་པའོ། །དེས་ན་སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མཚན་ཉིད ་མེད་པ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང། ཆོས་ཐམས་ཅད་མཚན་ཉིད་མེད་པར་སྐད་ཅིག་གཅིག་གིས་རྟོགས་ཤིང་ཤེས་ཏེ། ཁམས་ཀྱི་དོན་ནི་སྣ་ཚོགས་པ་ཉིད་ཀྱིས་རྣཾ་རྟོགས?་པའི་དོན་ནི་ཤེས་པ་ལ་འཇུག་གོ། འདི་ཉིད་རི་རབ་སྣ ་ཚོགས་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དུ་རྗེས་སུ་རིག་པར་བྱའོ། །སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་མཚན་ཉིད་མེད་པར་གང་རོ་གཅིག་པར་ཤེས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའོ། །དེ་ཕྱིར་རོ་གཅིག་པ་ཡིན་ཡང། གང་ཆོས་ཐམས་ཅད ་སྒྱུ་མ་ལྟ་བུར་རྣམ་པ་སྣ་ཚོགས་སྣང་བ་ཉིད་ནི་རི་རབ་སྣ་ཚོགས་པ་ཉིད་ཀྱི་དཔེས་རིག་པར་བྱ་སྟེ། ཇི་ལྟར་ནམ་མཁའ་གཟུགས་མེད་པའི་ཕྱིར། ཡོད་པ་མ་ཡིན་ཡང། རི་རབ་ཀྱི་རྣམ་པ་སྣ་ཚོགས་སུ་བསྟན་ཏེ། རི་རབ་ཀྱི་ལོགས་བཞིའི་ཁ་དོག་གི་ཕྱོགས་ཀྱང་དེ་དང་འདྲ་བའི ་ཁ་དོག་ཏུ་སྣང་སྟེ། དེ་ནི་དེ་བཞིན་ནོ། །ཆོས་ཐམས་ཅད་མཚན་ཉིད་མེད་པར་སེམས་ཀྱི་སྐད་ཅིག་གཅིག་གིས་མངོན་པར་རྟོགས་པ་ནི་གསུམ་པའོ། །བཞི་པའི་དབང་དུ་བྱས་ནས། བསྟན་བཅོས་ལས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང ་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང། །ཞེས་བྱ་བ་གསུངས་ཏེ། གསུམ་པ་ལ་ནི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་རྣམ་པར་སོ་སོར་སྣང་བའོ། །བཞི་པ་ལ་ནི་དེ་དག་ནུབ་པའི་ཕྱིར། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་དང ་འདྲ་བར་བསླད་པ་ཐམས་ཅད་དང་བྲལ་བའོ། །དེ་ལ་རྨི་ལམ་དུ་མཐོང་བ་ནི་མི་དང་གླང་པོ་དང། རྟ་ལ་སོགས་པ་སྟེ། རྨི་ལམ་མོ། །དེ་མཐོང་བ་ནི་བདག་ཉིད་ཀྱིས་སོ། །དེ་དག་ནུབ་པའི་ཕྱིར་གང་དེ་དག་མི་མཐོང་བ་ནི་གཉིས་ཀྱི་ཚུལ་དུ་ཐ་དད་པ་མེད ་བའོ། །དེ་ནི་གཟུང་བ་དང་འཛིན་པ་གཉིས་མེད་པའི་སྟོང་པ་སྟེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོན་དམ་པ་སྐད་ཅིག་མ་གཅིག་གིས་མཐོང་བའོ། །དེ་ཉིད་གཟུགས་མུ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐད ་ཅིག་མ་གཅིག་གིས་མངོན་པར་རྟོག་པ་བཞི་པའོ། །དེའི་མུ་མེད་པ་ཉིད་ནི་ཆོས་ཐམས་ཅད་དོན་དམ་པ་དྲི་མ་མེད་པའི་ནམ་མཁའ་ཁོ་ན་ལྟར་དེས་ཡང་དག་པར་རིག་པས་ན། དེ་རིག་པར་བྱ་བའོ། །ཇི་ལྟར་ཞེ་ན། གཟུགས་ལ་སོགས་པ་མུ་མེད་པའི་ཕྱིར་ཞེས་བྱ་བ་གསུངS ་སོ། །ཇི་ལྟར་དེ་དག་མུ་མེད་པ་ཡིན་ཞེ་ན། གཉིས་སུ་སྣང་བ་ནུབ་པའི་ཕྱིར་ཏེ། ཇི་སྲིད་དུ་ནི་མུ་ཡོད་པ་དེ་སྲིད་དུ་ནི་གཞན་གྱིས་མཚན་མ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་དང་དེའི་འཛིན་པ་དག་ནུབ་ཀྱང་མུ་མེད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་ཅེས ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་གཟུགས་ནས་རྣམ་པར་ཞེས་པའི་བར་དུ་གསུངས་པས་སོ། །དེ་ལྟ་མོད་ཀྱི་འཛིན་པ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེར་ཡང་ཕུང་པོ་ཉིད་བསྡུས་བའི་ཕྱིར་ཏེ། སྣང་བ་མེད་པར་འཛིན་པའི ་བདག་མི་རིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་གཉིས་སུ་མེད་པར་སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ནི་བཞི་པའོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་སྟེ་བདུན་པའོ། །མངོན་པར་རྟོགས་པ་བརྒྱད་པ་ནི་ཆོས་ཀྱི་སྐུའོ། །དེའི ་དངོས་པོ་ཡང་བཞི་སྟེ། སྐུ་གསུམ་དང་མཛད་པའོ། །དེ་ལྟར་སྔར་ངོ་བོ་ཉིད་ལོངས་རྫོགས་བཅས་དང། དེ་བཞིན་གཞན་ནི་སྤྲུལ་བ་དང། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་རྗོད། །ཅེས་གསུངས་པའོ། །ཆོས་ནི་ལམ་སྟེ། དེ་ཡང ་འདིར་ཁྱད་བར་དུ་འགྲོ་བའི་ཕྱིར། སྐབས་ཀྱིས་མངོན་པར་རྟོགས་པ་བདུན་གྱི་མཚན་ཉིད་དོ། །དེས་ན་ཆོས་ཀྱིས་ཐོབ་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། སྐུ་ནི་ལུས་སོ། །སངས་རྒྱས་རྣམས་ཀྱི་ལུས་གསུམ་ནི་སྐུ་གསུམ་མོ། །བཅོམ་ལྡན་འདས་ཡུམ་ཆེན་མོ་ལས་རྣམ་པ་ཐམས་ཅད་དུ ་ཡོངས་སུ་དག་པ། ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་རིག་པར་བྱའོ། །གཞན་ཡང་ཆོས་དེ་དག་ཉིད་རྟོགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་བའི་ཕྱིར། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོས་བརྒྱན་པའི་སྐུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་མཆོག ་གི་ཆོས་བླ་ན་མེད་པའི་དགའ་བ་དང། བདེ་བ་དང། རབ་ཏུ་དགའ་བའི་བདེ་བ་ལ་ལོངས་སྤྱོད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །གཞན་ཡང་ཆོས་དེ་དག་ཉིད་རྟོགས་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་སྦྲིན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཛའ་ཡས་མུ་མེད་པ་དག་ཏུ་དུས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དོན་མཛད་དོ་ཞེས་གསུངས་སོ།། ་མདོ་སྡེ་རྒྱན་ལས་།སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གྱིས་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཅེས་གསུངས་སོ། །དེ་བས་ན་སྐུ་གསུམ་དང། མཛད་བའི་དབྱེ་བས་རྣམ་པ་བཞི་ནི་ཆོས་ཀྱི་སྐུར ་བསྟན་ཏེ། དེ་ལ་ངོ་བོ་ཉིད་ནི་རང་བཞིན་ཏེ་ངོ་བོ་ཉིད་ཁོ་ན་ངོ་བོ་ཉིད་དོ། །ཡང་ན་དེ་ཉིད་ལ་ངོ་བོ་ཉིད་དུ་འགྱུར་བའི་རྣམ་པར་དག་པ་རབ་ཀྱི་མཐར་ཕྱིན་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་དོན་དུ་འགྱུར་བ་ཡིན་པས། ལོངས་སྤྱོད་རྫོགས་བཅས་སོ། །སྤྲུལ་བ་ནི ་སྤྲུལ་པའོ་དེར་བྲུབ་པའི་སྐུ་ནི་སྤྲུལ་བ་ཉིད་དོ། །དེ་ལ་ངོ་བོ་ཉིད་ཀྱིས་སྐུའི་དབང་དུ་བྱས་ནས། བསྟན་བཅོས་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་ཆོས་རྣམ་ཀུན་དུ། །རྣམ་པར་དག་གྱུར་གང་དག་ཡིན། །དེ་དག་རང་བཞིན་མཚན ་ཉིད་ཅན། ཅེས་བྱ་བ་གསུངས་ཏེ། དེ་དག་གི་རང་བཞིན་ནི་ཆོས་ཉིད་དེ། ཆོས་ཀྱི་དབྱིངས་སོ?། །ཆོས་ཀྱི་དབྱིངས་ནི་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ཏེ། དེ་ལྟར་ཡང་སངས་རྒྱས ་ཀྱིས་ལས་ཤིན་ཏུ་འདུས་སངས་རྒྱས་གྱིས་ནི་རྣམ་པ་ལྔས་བསྡུས་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང། མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱིས་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། བྱ་བ་ནན་ཏན་གྱི་ཡེ ་ཤེས་ཡིན་ནོ་ཞེས་གསུངས་སོ་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང། ཆོས་ཉིད་དོན་ཐ་དད་པ་གང་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་ཉི་མའི་འོད་ཟེར ་གྱི་དཀྱིལ་འཁོར་མུ་མེད་པར་སྣང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་བར་བྱའོ་ཞེས་བྱ་བ་ལ། སྐྲག་པ་ཉིད་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་པ་ནི་ཤེལ་དག་པ་ལྟ་བུའོ། །དེ་ལ་ཟླ་བ་དང། ཉི་མ་དག་ལས་གཞན་པ་ནི ་ཉན་ཐོས་དང། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་སྐུའི་དཔེའོ། །ཟླ་བ་དང། ཉི་མ་ཤེལ་སྒོང་དག་པ་ལྟ་བུ་དེ་དག་པས་འདི་ལྷག་པ་ཡིན་ཏེ། གང་གི་ཕྱིར་ཕྱོགས་བཅུར་འོད་ཟེར་གྱི་དྲ་བ་སྤྲོས་པ་དེས། ཤེས་བྱའི་ཡུལ་མཛའ་ཡས་པ་དག་ལ། ཤེS ་པ་མཛའ་ཡས་པ་བསྐྱེད་བའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུའི་དཔེའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཆོས་ཀྱི་སྐུ་ཞེས་ཀྱང་བརྗོད་དེ། གང་གི་ཕྱིར་ཆོས་མཛའ་ཡས་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་འདིར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལས ་སྐྱེས་པའི་ཡེ་ཤེས་མཛའ་ཡས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་སྣང་བའི་དཔེས་དེ་ནི་ཤེས་བྱ་མུ་མེད་པ་ལ་སྣང་བས་རིག་པར་བྱའོ། །དེ་ལྟར་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དག་པ་ནི་ཆོས་ཀྱི་དབྱིངས་ཏེ། ཉི་མ་དང ་འདྲའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཉི་མའི་འོད་ཟེར་གྱི་དཀྱིལ་འཁོར་དང་འདྲའོ། །གང་དེས་མུ་མེད་བའི་སྣང་བ་ནི་དེ་ལ་འོད་ཟེར་གྱི་དཀྱིལ་འཁོར་མུ་མེད་བར་སྣང་བ་དང་འདྲའོ། །དེ་ལ་འདིས་ནི་སངས་རྒྱས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱི་སྐུའོ། །དེ་ཡང་ཤེས་བྱ་ཐམས་ཅད་ལ་ཤེས་པ་དབང་དུ་བྱས་པ་དང། དེ་ཉིད་སེམས་ཅན་གྱི་དོན་དབང་དུ་བྱེད་པ་དང། ཁྱབ་པར་བྱེད་པ་དང། རྟག་པ་ཉིད་ཀྱི་དབང་དུ་བྱས་ནས། བསྟན་བཅོས་ལས། རྒྱུ་ནི་ཡོངས་སུ ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་འགྱུར་བ། །དེ་དང་དེ་ལ་དེ་སྣང་ངོ། །ལྷ་ཡི་རྒྱལ་པོས་ཚར་ཕབ་ཀྱང། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང། །སྐལ་བ་མེད་བས་བཟད་མི་མྱོང། །དེ་ལྟར་མཛའ་པ ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། །སྣང་ངོ་ཞེས་བྱ་བ་ནི་སྤྲུལ་པ་སྟེ་བསོད་ནམས་ལས་སོ། །གང་དང་གང ་ཞེས་བྱ་བ་ནི་དེ་དང་དེ་ཞེས་བྱ་བར་རྟོགས་པར་བྱའོ། །དེ་དང་དེ་ཞེས་བྱ་བས་ནི་ཕན་པར་བྱེད་པ་ཞེས་དོན་གྱིས་རྟོགས་པར་བྱའོ། །ཅིའི་ཕྱིར་དེ་དང་དེ་ལ་ཞེས་གསུངས་ཤེ་ན། ལྷའི་རྒྱལ་པོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཛད་བརྒྱ་ཆེ་བ་ནི་སྐལ ་བ་དང་ལྡན་པ་ཐམས་ཅད་ལ་མཛད་བའོ། །དེ་ཉིད་ནི་མཛད་པ་སྟེ། འདི་ཉིད་ནི་ཉིད་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་བརྗོད་པར་བྱ་བ་མང་དུ་ཡོད་དེ་དེ་ལ་ལོངས་སྤྱོད་རྫོགས་པའི་དབང་དུ་བྱས་ནས། སྒྲ་ཐམས་ཅད་མུ་མེད་པའི་ཕྱིར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ་།སྔོན་བས་བསྟན་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉན་ཏེ་ཐེག་པ་མཆོག་གི་ཆོས་ཡང་དག་པར་རྟོགས་པ་གང་ཡིན་པ་དེ་ནི་འདིར་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལོངས་སྤྱོད་རྫོགས་པ་སྟེ། ལོངས་སྤྱོད་རྫོགས་པའི་རྒྱ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་མཁས་པ་རྣམས་ཀྱི་ཡིད་བདེ་བའི་མཚན་ཉིད་ཆུང་དུ་དང། འབྲིང་དང། ཆེན་པོ་སྟེ། དགའ་བ་དང། བདེ་བ་དང། རབ་ཏུ ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་དེ་ནི་དངོས་ཀྱི་ལོངས་སྤྱོད་རྫོགས་པའོ། །དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མུ་མེད་བར་རྗེས་སུ་རིག་པ་བྱའོ། །ཇི་ལྟར་ཞེ་ན། སྒྲ་ཐམས་ཅད་མུ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་གསུམ་བའོ། །གང་གི ་ཕྱིར་ལོངས་སྤྱོད་རྫོགས་པ་དེ་ཉིད་དང་གོ་རིམ་བཞིན་དུ་མུ་མེད་པར་སྟོན་པའི་སྒྲ་དང། བསྐྱེད་པར་བྱ་བ་དང། སྐྱེད་པར་བྱེད་པར་སྦྱར་རོ། །ཐམས་ཅད་ཅེས་ཅིའི་ཕྱིར་སྨོས་ཤེ་ན། གདུལ་བྱ་རྣམ་པ་སྣ་ཚོགས་པ་ཐམས་ཅད་ལ་སྣང་བའི་ཕྱིར་རོ། །ཇི་ལྟར་མ་མེད་པ་ཡིན་ཞེ་ན། ཐ་མ ་མེད་པར་སྐུ་དེས་སྟོན་པ་ལ་དུ?་ཚད་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཡང་དག་པའི་བྱང་ཆུབ་ཀྱང་མུ་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པ་མུ་མེད་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར ་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །ཇི་སྐད་དུ་སྟོན་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་མཆོག་ཡང་དག་པར་རྟོགས་པ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་སོ། །དེའི་མུ་མེད་པ་ནི་དེའི་རྒྱུ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡང་དག་པར་བསྒྲུབ་པ ་མུ་མེད་པ་ཞེས་བྱ་བའི་དོན་ཏེ། །ཆོས་དེ་ཡང་བཅོམ་ལྡན་འདས་ཡུམ་ཆེན་མོ་ལས་གསུངས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། ཟད་པར་གྱི་སྐྱེ ་མཆེད་བཅུ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང། སྨོན་ནས་ཤེས་པ་དང། སོ་སོར་ཡང་དག་པར་རིག་པ་བཞི་དང། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང། དབང་བཅུ་དང། སྟོབས་བཅུ་དང། མི ་འཇིགས་པ་བཞི་དང། བསྲུང་བ་མེད་པ་གསུམ་དང། དྲན་པ་ཉེ་བར་གཞག་པ་གསུམ་དང། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང། བག་ཆགས་ཡང་དག་པར་བཅོམ་པ་དང། ཐུགས་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་ཕྱིར་བསྟན་བཅོལ་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང། ཟད་པར་བཅུ་ཡི་བདག་ཉིད་དང། ཟིལ་གྱིས་གནོན་བའི་སྐྱེ་མཆེད ་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང། །ཉོན་མོངས་མེད་པའི་སྨོན་མཁྱེན་དང། །མངོན་ཤེས་སོ་སོར་ཡང་དག་རིགས། །རྣམ་པ་ཐམས་ཅད་དག་བཞི་དང། །དབང་བཅུ་དང་ནི་སྟོབས་བཅུ་དང། །མི་འཇིགས་པ་ནི་བཞི་དག་དང། །བསྲུང་བ་མེད་པ་རྣམ་གསུམ ་དང། །དྲན་པ་ཉེར་གཞག་རྣམ་གསུམ་དང་།བསྙེལ་བ་མི་མངའ་ཨི་ཆོས་ཉིད་དང། །བག་ཆགས་ཡང་དག་བཅོམ་པ་དང། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང། །རྣམ་པ་ཐམས་ཅད་མཁྱེན ་ཉིད་དང། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་ཚད་མེད་པ་ཞེས་ཟླས་དབྱེ་བར་བྱའོ། །མཐར་གྱིས་ཞེས་བྱ་བ་ནི་འོག་མ་དང་སྦྱར་བར་བྱའོ། །བསྲུང་བ་མེད་པ་ཞེས་བྱ་བ་མ་ཡིན་པ་ལས་བསྲུང་བའི་ཕྱིར། གསུང་བ ་མེད་པ་ཞེས་བྱ་བའི་དོན་ཏེ་རྣམ་པ་གསུམ་མོ། །ཆོས་ཀྱི་སྐུ་ཞེས་།བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་ཆོས་ཀྱི་ཚོགས་སོ། །སྐབས་ཇི་ལྟ་བ་བཞིན་དུ་བདག་གིས་མང་དུ་བཤད་དེ་ལྷག་མ་ཡང་དག་གིས་བཤད་པར་བྱའོ། །རྣམ་པར་ཐར་བ་རྒྱད་ཅེས ་བྱ་བ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་ཁ་དོག་བཟང་བ་དང། ཁ་དོག་ངན་བ་དང། སྔོན་པོ་དང། སེར་པོ་དང་།དམར་པོ་དང། དཀར་པོ་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་སྔ་མ་བཞིན་ཏེ། འདི་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཤིང་རྫོགས་པར་བྱས་ནས་གནས་པ་འདི་ནི་གསུམ་པའོ། །ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་དང། འདུ ་ཤེས་དང། ཚོར་བ་འགོག་པ་ཞེས་བྱ་བ་དང་བརྒྱད་དོ། །འདི་དག་གི་སྒྲིབ་བ་ལས་རྣམ་པར་གྲོལ་བསན་རྣམ་པར་ཐར་པའོ། །དེ་ལ་གསུམ་ནི་མྱ་ངན་ལས་འདས་པ་ལ་སྒྲིབ་པ་ལས་རྣམ་པ་ཐར་བའོ། །ལྷག་མ་ནི་ཞི་བར་གནས་པ་ལ་སྙོམས་པར་འཇུག་པའི ་སྒྲིབ་པ་རྣམ་པར་ཐར་པའོ། །ཡང་གསུམ་ནི་གཟུགས་ཅན་ནོ། །ལྔ་ནི་གཟུགས་ཅན་མ་ཡིན་བའོ། །བརྒྱད་པ་ནི་བསྒྲིབ་པ་རབ་ཏུ་ཞི་བའོ། །གཟུགས་ཅན་ནི་བདག་ལ་གཟུགས་སུ་འདུ་ཤེས་པའོ། །ལྟ་པ་ནི་ཡིད་ཀྱིས་མོས་ཤིང་སྤྲུལ་པ་ནས་ལྟ་བའོ། །སྡུག་པའི ་རྣམ་པར་ཐར་པ་ནི་སྡུག་པ་དང། མི་སྡུག་པའི་གཟུགས་དེ་དག་སྤྲུལ་ནས་མི་འབྱེད་པའི་འདུ་ཤེས་ཐོབ་པས་གོ་རིམ་བཞིན་དུ་མཐུན་པ་དང་མི་མཐུན་པ་སྤངས་པའི་ཕྱིར་རོ། །འདུ་ཤེས་དང། ཚོར་བ་འགོག་པ་ནི་བརྒྱད་པ་སྟེ། སེམས་དང་སེམས་ལས་འབྱུང ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བསྡུས་པ་སྔར་ཀུན་ནས་ལྡིང་བ་ལས་དེ་འགོག་པའོ། །དམིགས་པའི་སྒོམ་པ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་སེམས་ལ་གནས་པའི་ཕྱིར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ། དེ་དག་ནི་བརྒྱད་དོ། །དེ་ལ་དང ་པོའི་རྣམ་པར་ཐར་པ་ལས་ནི་གཉིས་བསྒྲུབ་པོ། །གཉིས་པ་ལས་ཀྱང་གཉིས་སོ། །གསུམ་པ་ལས་ཀྱང་བཞིའོ། །ནང་གཟུགས་སུ་འདུ་ཤེས་པ་ཕྱི་རོལ་གྱི་གཟུགས་ཆུང་དུ་ལ་ཁ་དོག་ངན་པ་དང། ཁ་དོག་བཟང་པོ་དང། དམན་པ་དང། གྱ་ནོམ་པར་ལྔ ་བའོ། །གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཤིང། དེ་ལྟར་འདུ་ཤེས་པར་འགྱུར་བ་འདི་ནི་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ལ་ཁ་དོག་བཟང་པོ་དང། ཁ་དོག་ངན་པར་ལྟ་ཞིང་དེ་བཞིན་དུ་ཤེས་པར་འགྱུར་བ་ནི་གཉིS ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱིས་གཟུགས་ཆུང་དུ་ལ་སོགས་པར་ལྟ་བ་ནི་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ཆེན་པོ་ལ་སོགས་པར་ལྟ་བ་ནི་བཞི་པའོ། །རྣམ་པར་ཐར་པ་གསུམ་པ་ལས་ནི། ་བཞི་མངོན་པར་སྒྲུབ་པོ། །ནང་གཟུགས་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་སྔོན་པོའོ། །ཁ་དོག་སྔོན་པོ། སྔོན་པོར་སྟོན་པ། སྔོན་པོར་སྣང་བ། དཔེར་ན་ཟད་མའི་མེ་ཏོག་གམ། ཡུལ་བཱ་ར་ཎ་སའི་རས་ཕུན་སུམ་ཚོགས་པ་སྔོན་པོ། ཁ་དོག་སྔོན ་པོ། སྔོན་པོར་སྟོན་པ། སྔོན་པོར་སྣང་བ་དེ་བཞིན་དུ་།གཟུགས་དེ་དག་ཀྱང་ཟིལ་གྱིས་མནན་ནས་།དེ་ལྟར་འདུ་ཤེས་པར་འགྱུར་ཞིང་ལྟ་བ་འདི་ནི་ལྔ་པའོ། །དེ་བཞིན་དུ་སེར་པོ་ལ་སོགས་བ་ནི་དཔེར་ན་དོང་ཀའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་དྲུག་པའོ།། ་དེ་བཞིན་དུ་དམར་པོ་ལ་སོགས་པ་ནི་དཔེར་ན་བན་དུ་ཇི་བཀའ་ཨི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་བདུན་པའོ། །དེ་བཞིན་དུ་དཀར་པོ་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་སྐར་མ་པ་བ་སངས་ཞེས་བྱ་བ་ལ་སོགས་པ་བརྒྱད་བའོ། །དེ་ལ་ཆུང་དུ་ཞེས་བྱ་བ་ནི ་སེམས་ཅན་གྱི་གྲངས་སུ་སྟོན་པ་ཡིན་ཏེ། ཚད་ཆུང་བ་ཡིན་པའི་ཕྱིར་རོ། །ཁ་དོག་བཟང་པོ་དང་།ངན་པ་ནི་སྡུག་པ་དང། མི་སྡུག་པ་ཉིད་ཀྱི་ཕྱིར་རོ། །དམན་པ་དང་།གྱ་ནོམ་པ་ནི་ལྷ་ལ་ཡོད་པ་དང། མི་ལ་ཡོད་པའོ། །རྣམ་པར་ཐར་པ་དེ་དག་ལ་མོས་པར་བྱས ་ནས། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱིས་ཟིལ་གྱིས་གནོན་པར་བྱེད་དོ། །ཡང་དང་ཡང་དུ་མི་མཐོང་ཞིང་མི་སྣང་བར་བྱས་པའི་ཕྱིར་ཟིལ་གྱིས་གནོན་པའོ། །ཤེས་པ་ནི་ཞི་གནས་ཀྱིས་སོ། །མཐོང་བ་ནི་ལྷག་མཐོང་གིས་སོ། །དེ་ལྟར་འདུ་ཤེས་པར་འགྱུར་བ་ནི ་མངོན་བའི་ང་རྒྱལ་མེད་པ་ཉིད་ཀྱི་ཕྱིར་རོ། །ཆེན་པོ་ནི་སེམས་ཅན་མ་ཡིན་པར་སྟོན་པ་སྟེ། དེ་དག་ནི་ཁྱིམ་དང། གཞལ་མེད་ཁང་དང། རི་ལ་སོགས་པ་སྟེ། ཚད་ཆེན་པོ་ཡིན་པའི་ཕྱིར་རོ། །སྔོན་པ་ཞེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི ་བཤད་པའོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཁ་དོག་གོ་།སྔོན་པོར་སྟོན་པ་ཞེས་བྱ་བ་ནི་སྦྱོར་པ་ལས་སྐྱེས་པའི་ཁ་དོག་གོ། སྔོན་པོར་སྣང་བ་ནི་གཉི་གའི་ཁ་དོག་ཏུ་སྣང་བའོ། །ོ་མ་ཀ་ནི་ཟར་མའོ། །ཀ་ར་མ་ཀ་ནི་དོང་ཀའོ། །བན་དུ་ཇི ་བ་ཀ་ནི་བན་དུ་ཀའོ། པ་བ་སངས་ནི་ཐོ་རངས་ཤར་བའི་སྐར་མའོ། །ཟད་པར་བཅུའི་བདག་ཉིད་ཅེས་བྱ་བ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱིས་ཟིལ་གྱིས་མནན་ནས། ས་ལ་སོགས་པ་ཐམས་ཅད་ཀུན་ཏུ་ཁྱབ་པར་བྱས་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་ཀྱིས་ཟིལ་གྱིས་མནན་ནས། ས་ལ་སོགས་པ་ཐམས་ཅད་ཀུན་ཏུ་ཁྱབ་པར་བྱས་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད ་ཅེས་བརྗོད་དོ། །ཁ་ཅིག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་ནི་ཟད་པར་གྱི་སྐྱེ་མཆེད་དུ་བརྗོད་དོ། །ཁ་ཅིག་ནི་ས་ལ་སོགས་པ་དག་གིས་ཁྱད་པར་དུ་སྟོན་ཏེ། ཟད་པར་ས་དང། ཟད་པར་ཆུ་དང། ཟད་པར་མེ་དང། ཟང་པར་རླུང་དང། ཟད་པར ་སྔོན་པོ་དང། ཟད་པར་སེར་པོ་དང། ཟད་པར་དམར་པོ་དང། ཟད་པར་དཀར་པོ་དང། ཟད་པར་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། ཟད་པར་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དོ། །རྣམ་པ་ཐམས་ཅད་དག་པ་བཞི་ཞེས་བྱ་བ་ནི་རྟེན་ཡོངས་སུ་དག་པ ་དང། དམིགས་པ་ཡོངས་སུ་དག་པ་དང། ཐུགས་ཡོངས་སུ་དག་པ་དང། ཡེ་ཤེས་ཡོངས་སུ་དག་པའོ། །དེ་ལ་བག་ཆགས་དང་བཅས་པའི་ཉོན་མོངས་པའི་ཕྱོགས་རྣམས་ཀྱི་གནས་ངན་ལེན་རྟེན་ལས་གཏན་དུ་བྲལ་ཞིང་རང་གི་བདག་ཉིད་ཀྱི་དངོས་པོ་ཇི ་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང། གང་དུ་གནས་པ་དང་འཆི་འཕོ་ལ་དབང་སྒྱུར་བའི་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་རྟེན་ཡོངས་སུ་དག་པའོ། །སྤྲུལ་པ་དང། ཡོངས་སུ་བསྒྱུར་བ་དང། དམིགས་པ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་དབང་སྒྱུར་བ ་ནི་དམིགས་པ་ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས། སེམས་ལ་རྣམ་པ་ཐམས་ཅད་དུ་དག་པའི་རྩ་བ་འཕེལ་བ་ནི། རྣམ་པ་ཐམས་ཅད་དུ་ཐུགས་ཡོངས་སུ་དག་པའོ། །སྔ་མ་བཞིན་དུ་མ་རིག་པའི་ཕྱོགས་ཀྱི་གནས ་ངན?་ལེན་ཐམས་ཅད་དང་བྲལ་བས་ཤས་པ་དང་ཤེས་བྱ་ཐམས་ཅད་ལ་དབང་སྒྱུར་བ་ནི་རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་ནི་བཅུ་ལ་དབང་བ་སྟེ། ཚེ་ལ་དབང་བ་ནི་ཇི་ལྟར་འདོད་པར་ཚེ་གནས་པ་དང་སྤང་བ་ལའོ། །སེམས་ལ་དབང་བ་ནི ་ཇི་ལྟར་འདོད་པར་བསམ་གཏན་ལ་སྙོམས་པར་འཇུག་པའི་ཕྱིར་རོ། །ཡོ་བྱད་ལ་དབང་བ་ནི་ཇི་ལྟར་འདོད་པར་འཚོ་ཆས་ཉེ་བར་གནས་པར་བྱེད་པའི་ཕྱིར་རོ། །ལས་ལ་དབང་བ་ནི་ཇི་ལྟར་འདོད་པར་ལུས་དང་ངག་གི་ལས་གྲུབ་པའོ། །སྐྱེ་བ་ལ་དབང་བ་ནི་ཇི ་ལྟར་འདོད་པ་རྣམས་སུ་སྐྱེ་བར་བྱེད་པའོ། །རྫུ་འཕྲུལ་ལ་དབང་བ་ནི་ཇི་ལྟར་འདོད་པའི་མངོན་པར་ཤེས་པ་ལའོ། །སྨོན་ལམ་ལ་དབང་བ་ནི་སྨོན་ལམ་ཐམས་ཅད་ཡང་དག་པར་འབྱོར་པའོ། །མོས་པ་ལ་དབང་བ་ནི་གང་ཇི་ལྟར་མོས་བ་དེ་བཞིན་དུ་འགྱུར་པའོ།། ཡེ་ཤེས་ལ་དབང་བ་ནི་གང་ཁོན་ཤེས་པར་འདོད་པ་དེ་ཉིད་ཤེས་པའོ། །ཆོས་ལ་དབང་བ་ནི་མདོ་ལ་སོགས་པ་ཆོས་རྣམ་པར་འཇོག་པ་ལ་མཁས་པའོ། །བསྲུང་བ་མེད་པ་གསུམ་ནི་དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་ལ ་ཡོངས་སུ་མ་དག་པའི་སྐུའི་སྤྱོད་པ་མི་མངའ་བས། གཞན་ལ་ལས་ཤེས་སུ་འོང་ངོ་ཞེས་བཅབ་པའི་དགོངས་པ་གང་ཡང་མི་མངའ་བ་འདི་ནི་བསྲུང་བ་མེད་པ་དང་པོའོ། །དེ་བཞིན་དུ་གསུང་གིས་ཕྲིན་ལས་ནི་གཉིས་པའོ། །དེ་བཞིན་དུ་ཐུགས་ཀྱི ་ཕྲིན་ལས་ནི་གསུམ་བའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི་ཇི་ལྟར་མོད་ལས་གསུངས་པ་བཞིན་ཏེ། དེ་བཞིན་གཤེགས་པས་ཆོས་བསྟན་པ་ན། གཅིག་ཏུ་གུས་པར་ཉན་ཅིང་བཏུད་དེ། བཀའ་སེམས་ལ་ཉེ་བར་འཇོག་ཅིང། ཆོས་ཀྱི་རྗེས་སུ ་ཆོས་ཉེ་བར་སྒྲུབ་པ་ནི། དེས་དེ་བཞིན་གཤེགས་པ་དགྱེས་པར་མི་འགྱུར། ཐུགས་ཡེངས་ཡེངས་པོར་མི་འགྱུར་པ་དང། གཞན་དག་གུས་པར་མི་ཉན་ཅིང། རྣ་བ་མི་བདུད་པ་ལ་སོགས་པ་དེས་དེ་བཞིན་གཤེགས་པ་ཐུགས ་ཁོང་ཁྲོ་བར་མི་འགྱུར། མི་བཟོད་པར་མི་འགྱུར། ཐུགས་མི་མཉེས་པར་མི་འགྱུར་བ་དང། གཅིག་ཏུ་གུས་པར་ཉན་པ་དང་གཅིག་ཏུ་གུས་པར་མཉན་པ་དེ་དག་ལ་ངེས་དེ་བཞིན་གཤེགས་པ་དེ་དག་དགྱེས་པའམ་།ཁོང་ཁྲོ་བ་གཉིས་སུ་མི་འབྱུང ་པར་ཐམས་ཅད་དུ་དྲན་པ་དང། ཤེས་བཞིན་དུ་ལྡན་པས་བཏང་སྙོམས་སུ་བཞུགས་པའོ། །བསྙལ་བ་མི་མངའ་བའི་ཆོས་ཉིད་ནི་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན་མཛད་པ་ལ་དུས་ལས་མི་འདའ་བ་སྟེ། དེ་ཉིད་ཀྱི་ཕྱིར་འདི་ནི ་བྱ་བའི་མཛད་པ་གཞན་མི་མངའ་བར་རིགས་བ་ཡིན་ནོ། །བག་ཆགས་ཡང་དག་པར་བཅོམ་པ་ནི་གང་ཉོན་མོངས་པ་སྤངས་ཀྱང་མ་སྤངས་པ་ལྷར་སྤྱོད་པ་དེ་ནི་ཉོན་མོངས་པའི་བག་ཆགས་སོ། །དེ་ཡང་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། དེ་བས ་ན་བཅོམ་ལྡན་འདས་ནི་བག་ཆགས་ཡང་དག་པར་བཅོམ་པ་ཞེས་བྱའོ། །ཐུགས་རྗེ་ཆེན་པོ་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་དུས་ཐམས་ཅད་དུ་ཕན་པའི་དགོངས་པས་འཇིག་རྟེན་ལ་ལན་དྲུག་ཏུ་གཟིགས་པ་སྟེ་སུ་ནི་ཉམས་སུ་ནི་འཕེལ་ཞེས་བྱ་བ་ལ ་སོགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང། ཁྱད་པར་གྱི་དབྱེ་བ་མཛའ་ཡས་པ་མཁྱེན་པ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ནི་འཐབ་པ་དང། རྩོད་པ་ལ་སོགས་པའོ། །འདིར་ནི་རྩོད་པའི་རྒྱུའི་ཉོན ་མོངས་པ་ལ་ཉོན་མོངས་པ་འདི་དག་གིས་བདག་ལ་དམིགས་ནས་ཉོན་མོངས་པ་སྐྱེ་བར་མི་འགྱུར་བར། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་གང་ཡིན་པ་སྟེ། གང་གི་ཕྱིར་གཞན་དག་གི་གྲོང་ལ་སོགས་པར་འཇུག་པ་ན་བདག་ལ་དམིགས་ནས་དེ་དག ་གི་ཉོན་མོངས་པ་མི་སྐྱེ་བ་ནི་ཉན་ཐོས་ལ་ཡང་ཡོད། སངས་རྒྱས་ལ་ཡང་ཡོད། དེ་ནི་ཐུན་མོང་ཡིན་ནོ། །དེ་དག་གི་མཛད་པའི་ཁྱད་པར་དེའི་ཏིང་ངེ་འཛིན་དེ་དབང་དུ་བྱས་ནས། །བསྟན་བཅོས་ལས། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་སྤོང་ཉིད་དང། ་རྒྱལ་བའི་གྲོང་སོགས་དེ་དག་གི། ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་བྱ་བ་གསུངས་ཏེ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་ཉོན་མོངས་པའི་རྒྱུ་མཐོང་བ་སྤོང་བར་བྱེད་དེ། ཉོན་མོངས་པ་མངོན་སུམ་དུ་སྤོང་བ་ནི་མ་ཡིན་ནོ། །བདེ་བར་གཤེགས་པས་ནི ་སྔར་བཤད་པའི་ཉོན་མོངས་པའི་རྒྱུན་གཙང?་པའི་ཕྱིར་ཡིན་གྱིས་མཐོང་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་སྤྱོད་པ་ལ་སོགས་པ་འདི་ཤེས་པར་བྱའོ་ཞེས་སྨོས་པ་བྱས་ནས་སྙོམས་པར་ཞུགས་ཏེ་ཤེས་པ་སྐྱེད་པ་དེ་ནི་ཉན་ཐོས་ཀྱི་སྨོན་ནས ་ཤེས་པའོ། །དེ་བཞིན་གཤེགས་པའི་དབང་དུ་བྱས་ནས་བསྟན་བཅོས་ལས། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང། །ཐོགས་པ་མེད་དང་རྟག་གནས་དང། །འདྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་བྱ་ལ་གསུངས ་ཏེ། ལྷུན་གྱིས་གྲུབ་པ་ནི་རྣམ་པར་མི་རྟོག་བའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཐམས་ཅད་དུ་ཐོགས་པ་མེད་པའི་ཕྱིར་རོ། །རྟག་པ་ནས་ནི་རྟག་ཏུ་སེམས་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་རོ། །འདྲི་བ་ཀུན་ལན་འདེབས་པ་ཞེས་བྱ་བ་ནི་དིས་པ་ཐམས་ཅད་སེལ? ་བའོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུས་རང་གི་ཞིང་ཡོངས་སུ་དག་པར་སྐྱེས་ཏེ། ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་བཞུགས་སོ། །དེ་ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་ཞེས་བྱ་ཞེ་ན། གཙོར་ནི་དེ་ཉིད་དེར་སྐྱེས་པའི་ཕྱིར་རོ། །འཇིགས་པ་དང་རབ་ཏུ་འཇིགས་པས་? ་འཇིག་རྟེན་ཏེ། སྐྱེ་དགུ་དང་དེའི་སྣོད་དོ། །དེ་བས་ན་འཇིག་རྟེན་གྱི་ཁམས་ནི་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང། སྨད་ཀྱི་འཇིག་རྟེན་ནོ། །དེ་ལ་སེམས། །ཅན་གྱིས་འཇིག་རྟེན་ཡོངས་སུ་དག་པའི་དབང་དུ་བྱས་ནས་སེམས་ཅན་གྱི་ཁམས་ཐམས་ཅད་བསོད ་ནམས་དང། ཡེ་ཤེས་ཀྱི་ཚོགས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན ་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་དེར་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཀྱང་གང་གི་ཕྱིར་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྨིན་པར་བྱེད་པ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཇི་ལྟར་ཞེ་ན། སེམས་ཅན་གྱི་ཁམས་ཐམས ་ཅད་ཅེས་བྱ་བ་གསུངས་ཏེ། གང་སུ་དག་དེར་སྐྱེས་པའི་སེམས་ཅན་དེ་དག་ནི་བྱང་ཆུབ་སེམས་དཔའ་ས་རྣམས་ཐོབ་པ་དག་གོ་།དེ་ཐམས་ཅད་ནི་སེམས་ཅན་གྱི་ཁམས་ཏེ་སེམས་ཅན་གྱི་ཚོགས་སོ། །དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི ་མུ་མེད་པས་སོ། །སའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །དེ་བཞིན་དུ་ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང། རྣམ་པར་ཤེས་པའི་ཁམས་མུ་མེད་པའི ་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་པ་ལ། དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ནི་ས་གཞི་ལག་མཐིལ་ལྟར་མཉམ་པ། །ཁང་བཟང་དང། སྐྱེད་མོས་ཚལ་དང། དཔག་བསམ་གྱི་ཤིང་ལ་སོགས་པ་ཡོ་བྱད་དང ་གནས་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་པའི་རང་བཞིན་འཇིག་རྟེན་གྱི་ཁམས་གཞན་དུ་མ་དག་ཏུ་ཡང་འོད་ཟེར་ཆེན་པོ་རབ་ཏུ་འཕྲོ་བར་བྱེད་ལ། སྟེང་གི་ནམ་མཁའ་ལ་ཡང་རྗེས་སུ་མཐུན་པར་སྣང་བ་ཡིན་ནོ། །སེམས་ཅན་ཡང་ཁམS ་དྲུག་པ་སྟེ། དགེ་སློང་དག་སྐྱེས་བུ་འདི་དག་ནི་ཁམས་དྲུག་པ་ཅན་ནོ། །ཞེས་བྱ་བའི་ཚིག་གིས་སོ། །དེའི་ཕྱིར་དེ་དག་གི་ལུས་ཀྱང་གཟི་བརྗིད་དང་ལྡན་པ་དང། འོད་ཀྱི་དཀྱིལ་འཁོར་ས་གཞི་དང། རྗེས་སུ་མཐུན་པའི་ཁ་དོག་དང། དབྱིབས་དང། ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང། ཀུན་སྤྱོད་པ་ཡང་ལྷ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ་གང་དག་གི་ལོངས་སྤྱོད་གཅིག་ཏུ་བཟང་བ་དང། གཅིག་ཏུ་བདེ་བ་དང། གཅིག་ཏུ་ཁ་ན་མ་ཐོ་པ་མེད་པ་དང། གཅིག་ཏུ་དབང ་སྒྱུར་བའོ། །འདི་ལྟ་བུའི་ཁམས་དྲུག་ཡོངས་སུ་དག་པ་མུ་མེད་པ་ནི་མཚམས་ཆད་པ་མེད་པ་ནི་ཉིད་ཀྱི་ཕྱིར་དང། མངོན་པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་དེ་མུ་མེད་པས་དེའི་རྒྱུར་གྱུར་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པར་རྗེས་སུ་རིག་པར་བྱའོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་མཛའ་ཡས་པར་སོང་ནས། དེ་ན་གནས་པའི་སེམས་ཅན་གྱི་མི་དགེ་བ་བསགས་པ་དང། དེའི་གཉེན་པོ་དགེ་བ་བསགས་པ་ཡང་རབ་ཏུ་ཤེས་ཏེ། དེ་དག་ཚད ་མེད་པས་དེ་དག་ཡོངས་སུ་གཅོད་པར་བྱེད་པའི་ཤེས་རབ་ཀྱང་ཚད་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་འདི་ཉིད་དགེ་པ་དང་མི་དགེ་བའི་ཆོས་བསགས་པ་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པར་རྗེས་སུ་རིག་པར་བྱའོ། །ཞེས་བྱ་བ ་གསུངས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ལ་དགེ་བའི་ཆོས་ཇི་སྙེད་བའི་ཕྱིར་ཆོས་སྟོན་པར་བྱེད་དེ། དེ་ནི་ཆོས་ཐམས་ཅད་བསགས་པ་སྟེ། དེ་ཚད་མེད་པས་དེ་དག་འཇོག་པར་བྱེད་པའི་ཤེས་རབ་དེ་དག་ཀྱང་ཚད་མེད་པར་རིག་པར་བྱ་སྟེ། འདི་ནི་ཆོས་ཐམས ་ཅད་བསགས་པ་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་མུ་མེད་པ་ཐོབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ ་བ་གསུངས་པ་ལ། ཆོས་ནི་གཟུགས་རྣམས་སོ། །ཏིང་ངེ་འཛིན་ནི་སེམས་གནས་པའོ། །ཆོས་དང་ཏིང་ངེ་འཛིན་ནི་ཆོས་ཀྱི་ཏིང་ངེ་འཛིན་ཏེ། དེ་དག་མུ་མེད་པའོ། །དེ་ཐོབ་པ་ནི་དེ་སྙེད་པའོ། །གང་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པས་བཅོམ་ ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཞེས་གསུངS ་པ་ལ། དེ་ལ་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱང་བཟང་པོ་བརྒྱད་ཅུའོ། །དེ་དག་མུ་མེད་པ་ནི་ཡོངས་སུ་གཅད་དུ་མེད་པའོ།། ་གང་གི་ཡོངས་སུ་གཅད་དུ་མེད་ཅེ་ན་མཉམ་པས་ཏེ། དེ་བཞིན་གཤེགས་པ་ལས་གཞན་པ་དེ་ལྟ་བུ་མེད་པའི་ཕྱིར་རོ། །དེས་ན་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཉིད་ཀྱང་མུ་མེད་པར་རིག་པར་བྱ་སྟེ། གང་གི་དེ་དག་གིས་རྒྱུ ་ཐམས་ཅད་ཡང་དག་པར་ཤེས་པ་དང། ཡང་དག་པར་གྲུབ་པའོ། །དེའི་ཕྱིར་བསྟན་བཅོས་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་།།དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ་ཅེས་བྱ་བ་གསུངས་ཏེ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར་ཞེས་བྱ་བའི་ཚིག་གིས་ནི་ལོངས་སྤྱོད་རྫོགས་པའི་རྒྱུ་གསུངས་སོ། །དེ་ལ་དང་པོའི་ལྔ་ནི་དབང་པོའི་རྡོ་རྗེའི་མཚན་ཉིད་དོ། །ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྤལ་ཞབས། །ཕྱག་དང་ཞབས ་སོང་དྲ་བས་འབྲེལ་བ་དང། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཅན། །འདི་ཡི་སྐུ་ནི་བདུན་དག་མཐེ་བ་དང། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ནེ་ཡ་འདྲ་ཕྱག་རིང་མཛེས། །འདོམS ་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག། པགས་པ་གསེར་མདོག་པགས་པ་སྲབ་པ་དང། །སྤུ་ནི་རེ་རེ་ནས་གཡས་ཆེགས་འཁྲུངས་དང། །ཞལ་མཛོད་སྤུས་བརྒྱན་རོ་སྟོང་སེང་གའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི ་ཞིམ་པར་རོ་མཆོག་སྣང། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གང། །གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང། །གྲངས་ནི་བཞི་བཅུ་ཐམ་པར་ཚང ་བ་དང། །སྤྱན་ནི་མཐོན་མཐིང་སྤྱན་རྫིབ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་བྱ་བ་གསུངས་ཏེ། ཞབས་ནི་རྐང་པའོ། །འདི་ལ་འཁོར་ལོས་མཚན་པའི་ཕྱག་དང་ཞབས་ཡོད་པས་ན། ཕྱག་དང་ཞབས་འཁོར་ལོའི་མཚན་ནོ། །འདི་ཞབS་རུས་སྦལ་ལྟར་ཤིན་ཏུ་གནས་པ་ཡོད་པའི་ཕྱིར། རུས་སྦལ་ཞབས་སོ། །དེ་དག་ནི་ལས་འཛིན་པའི་བསྡུ་པའོ། །འདི་ལ་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པ་ཡོད་པས་ན་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བའོ། །ཕྱག་ནི་ཞབས་བཅས་འཇམ ་ཞིང་གཞོན་ཤ་ཅན། འདི་ཞེས་བྱ་བ་འོག་མ་དང་སྦྱར་རོ། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང། །ཞེས་བྱ་བ་ནི་མཚོན་པའི་གསུམ་པའོ། །སྐུ་ནི་རྟེན་ནོ། །བདུན་མཐོ་བས་མཚོན་པའི་སྐུ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་མཚན་ལྔ་བསྟན་ཏེ། ཕྱག་དང ་ཞབས་འཁོར་ལོས་མཚན་པ་དང་ཞབས་ཤིན་ཏུ་གནས་པ་དང། ཕྱག་དང་ཞབས་དྲ་བར་འབྲེལ་བ་དང། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང། བདུན་མཐོ་བའོ། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང། །ཞབས་ལོང་མི་མངོན་སྦུ་ནི་གྱེན་དུ ་ཕྱོགས། །སྦྱིན་པ་ཨེ་ཎེ་མ?་འདྲ་ཕྱག་རིང་མཛེས། །འདོམས་གྱི་ཝ་བ་སྦུབས་སུ་ནུབ་པའི་མཆོག། ཅེས་བྱ་ཨ་ལ། སོར་མོ་རིང་བ་དང། རྟིང་པ་ཡངས་པ་ཞེས་བྱ་བ་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེའོ། །སྐུ་དྲང་ཞེས་བྱ་བ་ནི་སྐུ་ཆེ་བ་དང་དྲང་བའོ། །ཞབས་ཀྱི་ལོང ་བུ་མི་མངོན་པ་ཡང་ཡིན་ལ། སྤུ་གྱེན་ཏུ་ཕྱོགས་པ་ཡིན་པས། ཞབས་ལོང་མི་མངོན་གྱེན་དུ་ཕྱོགས་པ་སྟེ། ལོང་བུ་དང་པུས་མོའི་ལྷར་མཛེས་པར་མི་མངོན་པ་ནི་མི་མངོན་པའོ། །དེའི་ཕྱིར་ཨུང་གི་སྒྲ་ནི་ཁྱད་པར་དང་མི་མངོན་པའི་དོན་ཏོ། །དུང ་གི་སྒྲ་ནི་པུས་མོའི་ལྷ་ང་དང། ལོང་བུའི་རུས་པའི་དོན་ཏོ། །བརླའི་རྩ་བ་མན་ཆད་ཀུན་ལ་ཞབས་ཞེས་རྟོགས་པར་བྱའོ། །འདི་ལ་འདོམས་ཀྱི་ལྦ་བ་མཆོག་ཏུ་ནུབ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་མཚན་བརྒྱད་བསྟན་ཏེ། ་སོར་མོ་རིང་བ་དང། རྟིང་བ་ཡངས་བ་དང། སྐུ་ཆེ་ཞིང་དྲང་བ་དང། ཞབས་ཀྱི་ལོང་བུ་མི་མངོན་པ་དང། སྦུ་གྱེན་དུ་ཕྱོགས་པ་དང་།བྱིན་པ་རི་དགས་ཨེ་ཎེ་ཡ་ལྟ་བུ་དང། ཕྱག་དང་བརླ་རིང་ཞིང་གྲམས་པ་དང། འདོམས་ཀྱི་ལྦ་བ་སྦུབ་སུ་ནུབ ་བའོ། །པགས་པ་གསེར་མདོག་པགས་པ་སྲབ་པ་དང། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པ་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་སྟོད་སེང་གེ་འདྲ་བ་ནི་རོ་སྟོང ་སེང་གེ་དང་འདྲ་པའོ། །མགོ་ཟླུམ་པ་ཞེས་བྱ་བ་ནི་མི་ཟླུམ་པ་མ་ཡིན་ཏེ། མགུར་མ་བྱང་ཞིང་ཀུན་ནས་ཟླུམ་པ་ཉིད་ཀྱི་ཕྱིར་རོ། །ཐལ་གོང་དག་གིས་བར་ནི་དབུས་ཏེ་བྲང་ངོ། །དེ་རྒྱས་པ་འདི་ལ་ཡོད་པས་ཐལ་གོང་རྒྱས་པའོ། །འདིས་ནི་མཚན ་བདུན་བསྟན་ཏེ། པག་པའི་མདོག་གསེར་ལྟ་བུ་དང། པགས་པ་སྲབ་པ་དང། སྤུ་རེ་རེ་ནས་གཡས་སུ་ལེགས་པར་འཁྲུངས་པ་དང། ཞལ་མཛོད་སྤུས་བརྒྱན་པ་དང། རོ་སྟོང་སེང་གེའི་འདྲ་བ་དང། དཔུང་མགོ་ཟླུམ་པ་དང། ཐལ་གོང་རྒྱས་པའོ།། ་འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང། །གྲངས་ནི ་བཞི་བཅུ་ཐམ་པར་ཚང་བ་དང། །སྤྱན་ནི་མཐོན་མཐིང་སྦྱིན་རྫི་བ་མཆོག་གི་།འདྲ་བ་འདི་མཆོག་སུམ་ཅུ་རྩ་གཉིས་མཚན། །ཞེས་བྱ་བ་ལ་ཚིགས་སུ་བཅད་པ་གཉིས་པོ་འདིས་ནི་མཚན་བཅུ་གཉིས་བསྟན་ཏེ། རོ་བྲོ་བའི་མཆོག་ཉིད་དང། ནྱ་གྲོ་དྷ་ལྟར ་ཆུ་ཞེང་གབ་པ་ཉིད་དང། །གཙུག་ཏོར་གྱེན་དུ་འཕགས་པ་ཉིད་དང། ལྗགས་རིང་ཞིང་མཛེས་པ་ཉིད་དང། ཚངས་པའི་དབྱངས་ཉིད་དང། འགྲམ་པ་སེང་གེའི་འདྲ་བ་ཉིད་དང། ཚེམས་ཤིན་ཏུ་དཀར་བ་ཉིད་དང། ཆེ་མས་མཉམ་པ་ཉིད་དང། ཚོམས་ཐགས་བཟང་བ་ཉིད་དང། ཚེམS ་བཞི་བཅུ་ཚང་བ་ཉིད་དང། སྦྱན་མཐོན་མཐིང་ཉིད་དང། སྤྱན་གྱི་རྫི་མ་བའི་ལྟ་བུ་ཉིད་དང། །བ་མཆོག་ནི་བེའུ་གཞོན་ནུའོ། །ཡང་ན་མ་མཆོག་གི་ཁྱུ་མཆོག་གོ། འདི་ཐམས་ཅད་གཅིག་ཏུ་བྱས་པ་ནི་མཚན་སུམ་ཅུ་རྩ་གཉིས་བསྟན་ཏོ། །འདི་དག་གིས་བཤད་པ་དང། ་རྒྱུ་དང། སྔ་ལྟས་དང། ཆོས་ཀྱི་སྦྱིན་པ་ནི་མདོ་ཇི་ལྟ་བ་བཞིན་ཏེ། འདི་ལ་མཚན་ཉིད་གང་གང་གི། སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །འདིར་གང་གི་མཚོན་གང་གི་རྒྱུ་གང་སྒྲུབ་པར་བྱེད་བ་དེ ་དང། དེ་ནི་རབ་ཏུ་རྫོགས་པས་ཐོབ་པའི་མཚན་ཉིད་དེ། འདི་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཡང་གང་གི་རྒྱུ་གང་ཡིན་ཞེ་ན། བླ་མ་སྐྱེ་ལ་ལ་སོགས་པ་དང། །ཡང་དག་བླངས་ལ་བསྟན་པ་དང། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་བསང་བྱ་བ།། ་ཐར་པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་བྱ་བ་ལ། བླ་མ་ལ་བསྐྱེལ་བ་དང། བསུ་བ་དག་དང། ཆོས་མཉམ་པ་དང། མཆོད་རྟེན་ལ་མེ་ཏོག་གི་མཆོད་པ་དང། སྐྲོར་བ ་ལ་སོགས་པ་དང། གཡོག་འཁོར་ཕུལ་བས་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཡིན་ནོ། །བསྡུ་པའི་དངོས་པོ་རྣམས་ཀུན་ཏུ་བསྟན་པས་ནི་ཕྱག་དང་ཞབས་དྲ་བས་འབྲོལ་བ་ཡིན་ནོ། །བཟའ་བ་དང་བཏུང་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ནི ་ཕྱག་དང་ཞབས་གཞོན་ཤ་ཅན་དང། བདུན་མཐོ་བ་ཉིད་དོ། །བསད་པར་བྱ་བ་ཐར་བྱེད་དང། །ཞེས་བྱ་བའི་ཚིགས་ནི་སོགས་པའི་དོན་ཏོ། །གསོད་པ་ཐར་བར་བྱས་པ་དང། སྲོག་རྗེས་སུ་གཟུང་བ་བྱས་པ་དང། སྲོག་གཅོད་པ་ལས་ལྡོག་པ་ཀུན་ཏུ་བརྟེན་པས་སོར ་མོ་རིང་བ་ཉིད་དང། རྟིང་པ་ཡངས་པ་ཉིད་དང། སྐུ་ཆེ་ཞིང་དྲང་བ་ཉིད་དོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང། རྣམ་པར་སྤེལ་བས་ན་ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང། སྦུ་གྱེན་དུ་ཕྱོགས་པ་ཉིད་དོ། །སོགས་པ་ཞེས་བྱ་བ་ནི་དེ་ལ ་སོགས་པ། །མདོ་ལས་ཇི་སྐད་འབྱུང་བ་བཞིན་ཞེས་བྱ་བ་ནི་ཇི་སྐད་འཆད་པར་འགྱུར་བའི་ཆོས་ཀྱི་སྦྱིན་པའོ། །དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་ནི་སྐྱེས་བུ་ཆེན་པོའི་བྱེད་པ་དང་ལྡན་པ་ཉིད་ཀྱི་ཕྱིར་སྐྱེས་བུ་ཆེན་པོ་སྟེ། དེ་དག་གསལ་བར ་བྱེད་པ་ནི་སྐྱེས་བུ་ཆེན་པོའི་མཚན་ནི་སུམ་ཅུ་རྩ་གཉིས་སོ། །དེ་དག་མཛེས་པར་བྱེད་པའི་ཕྱིར་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དེ་དག་གི་དབང་དུ་མཛད་ནས་ཚིགས་སུ་བཅད་པ་ནི་བཅུ་གཉིས་ཏེ། ཐུབ་པའི་སེན་མོ་ཟངས་མདོག་དང། །མདོག་སྣུམ་མཐོ ་རང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང། །རྩ་མི་མངོན་དང་མདུད་པ་མེད། །ཅེས་བྱ་བ་འདིས་ན་དཔེ་བྱད་བཟང་པོ་བརྒྱད་བསྟན་ཏེ། སེན་མོ་ཟངས་ཀྱི་མདོག་ཉིད་དང། སེན་མོ་སྣུམ་པ་ཉིད་དང། སེན་མོ་མཐོ་བ་ཉིད་དང། སོར་མོ་ཟླུམ་པ་ཉིད ་དང། སོར་མོ་རྒྱས་པ་ཉིད་དང། སོར་མོ་བྱིན་གྱིས་ཕྲ་བ་དང། རྩ་མི་མངོན་པ་ཉིད་དང། མདུད་པ་མེད་པ་ཉིད་དོ། །ལོང་བུ་མི་མངོན་ཞབས་མཉམ་དང། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང། །མཛེས ་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །ཞེས་བྱ་བ་ནི་ཚིག་རྐང་གཅིག་ལྷག་པའི་ཚིགས་སུ་བཅད་པས་ནི་བཅུ་གཉིས་ཏེ། ལོང་བུ་མི་མངོན་པ་ཉིད་དང། ཞབས་མི་མཉམ་པ་མེད་པ་ཉིད་དང། སེང ་གེའི་སྟབས་སུ་གཤེགས་པ་ཉིད་དང། གླང་པོའི་སྟབས་སུ་གཤེགས་པ་ཉིད་དང། དང་པའི་སྟབས་སུ་གཤེགས་པ་ཉིད་དང། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་འདི་དང། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང། མཛེས་པར་? ་གཤེགས་པ་ཉིད་དང། སྐུ་དྲང་བ་ཉིད་དང། སྐུ་འཁྲིལ་བག་ཆགས་པ་ཉིད་དང། སྐུ་ཕྱི་དོར་བྱས་པ་ཉིད་དང། སྐུ་རིམ་པར་འཚམ་པ་ཉིད་དོ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང། །ཞེས་བྱ་པའི ་ཚིགས་རྐང་གསུམ་གྱིས་ནི་དཔེ་བྱང་བཟང་པོ་ལྔ་ཉིད་དེ། སྐུ་གཙང་བ་ཉིད་དང། སྐུ་འཇམ་པ་ཉིད་དང། སྐུ་རྣམ་པར་དག་པ་ཉིད་དང། མཚན་རྫོགས་པ་ཉིད་དང། སྐུའི་ཁོ་ལག་ཡངས་ཤིང་མཛེས་པ་ཉིད་དོ། །གོམ་སྙོམས་སྦྱན་ནི་དག་པ་དང། །ཤིན་དུ་གཞོན ་མདོག་ཅན་ཉིད་དང། །སྐུ་ཞུམ་མེད་དང་རྒྱས་པ་དང། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང། །ཞེས་བྱ་བ་འདི་ནི་དྲུག་སྟེ། གོམ་པ་སྙོམས་པ་ཉིད་དང། སྤྱན་རྣམ་པར་དག་པ་ཉིད་དང། སྐུ་གཞོན་ཤ་ཅན་ཉིད་དང། སྐུ་ཞུམ་པ་མེད་པ་ཉིད་དང། སྐུ་རྒྱས་པ་ཉིད་དང། ་སྐུ་ཤིན་ཏུ་གྲིམས་པ་ཉིད་དོ། །ཡན་ལག་ཤིན་དུ་རྣམ་འབྱེད་དང། །གཟིགས་པ་རབ་རིབ་དག་པ་དང། དགུ་ཟླུམ་སྐབས་ཕྱིན་མ་རྙོངས་དང། །ཕྱང་དེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང། །ཀུན་ནས་བལྟ་ན་སྡུག་པ་དང། །ཞེས་བྱ་བའི་ཚིགས་སུ ་བཅད་པ་ཕྱེད་དང་གཉིས་པོ་འདི་ནི་དགུ་སྟེ། ཡན་ལག་དང་ཉིད་ལག་རྣམ་པར་ཤིན་ཏུ་འབྱེད་པ་ཉིད་དང། གཟིགས་པ་རབ་རིབ་མེད་ཅིང་དག་པ་ཉིད་དང། དཀུ་ཟླུམ་པ་ཉིད་དང། དཀུ་སྐབས་ཕྱིན་པ་ཉིད་དང། དཀུ་མ་རྙོངས་པ་ཉིད་དང། ཕྱལ་ཕྱང་དེ་བ་ཉིད་དང། ་ལྟེ་བ་ཟབ་པ་ཉིད་དང། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང། ཀུན་ནས་མཛེས་པ་ཉིད་དོ། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང། །ཕྱག་ནི་ཤིང་བ་ལ་ལྟར་འཇམ་དང། །ཕྱག་རིས་མདངས་ཡོད་ཟབ་རིང་དང། །ཞལ་ནི་ཧ་ཅང་མི ་རིང་དང། །ཞལ་གཟུགས་གཟུགས་བརྙན་འབྱུང་བ་དང་ཞེས་བྱ་བ་ལ། ཞལ་འདི་ལ་གཟུགས་ཀྱི་གཟུགས་བརྙན་འབྱུང་བ་ཡོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞལ་ནི་ཞལ་གདོང་སྟེ། ཞལ་གདོང་ལ་གཟུགས་ཀྱི་གཟུགས་བརྙན་འབྱུང ་བའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་བརྒྱད་དེ། ཀུན་དུ་སྤྱོད་པ་གཙང་བ་ཉིད་དང། སྐུ་ལ་སྨེ་བ་གནག་པག་མེད་པ་ཉིད་དང། ཕྱག་ཤིང་བལ་ལྟར་འཇམ་པ་ཉིད་དང། ཕྱག་གི་སོར་མོ་མདངས་ཡོད་པ་ཉིད་དང། ་ཕྱག་གི་རི་མོ་ཟབ་པ་ཉིད་དང། ཕྱག་གི་རི་མོ་རིང་བ་ཉིད་དང། ཞལ་ཧ་ཅང་མི་རིང་བ་ཉིད་དང། ཞལ་གདོང་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་ཉིད་དོ། །ལྗགས་མཉེན་པ་དང་སྲབ་པ་དང། །དམར་དང་འབྲུག་གི་སྒྲ་ཉིད་དང། །གསུང་མཉེན ་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང། །བྱིན་གྱིས་བྲ་དང་ཤངས་མཐོ་དང། མཆོག་ཏུ་དག་པ་དག་དང་ནི། །ཞེས་བྱ་བ་ལ། མཆོག་ནི་དམ་པར་ཞེས་བྱ་བའི་དོན་ཏོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་པོ་འདིས་ནི་བཅུ་གཉིS ་ཧེ། ལྗགས་མཉེན་པ་ཉིད?་དང། ལྗགས་སྲབ་པ་ཉིད་དང། ལྗགས་དམར་པ་ཉིད་དང། གླང་པོའི་ང་རོ་དང། འབྲུག་གི་སྒྲ་དང་ལྡན་པ་ཉིད་དང། གསུང་སྙན་ཅིང་མཉེན་ལ་འཇོམ་པ་ཉིད་དང། མཆེ་བ་ཟླུམ་པ་ཉིད་དང། མཆེ་བ་རྣོ་བ་ཉིད་དང། ་མཆི་བ་དཀར་བ་ཉིད་དང། མཆེ་བ་མཉམ་པ་ཉིད་དང། མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང། ཤངས་མཐོ་བ་ཉིད་དང། ཤང་གཙང་བ་ཉིད་དང། སྤྱན་ཡངས་པ་དང་རྫི་མ་སྟུག་།པདྨའི་འདབ་མ་འདྲ་བ་དང། །སྨིན་ཚུགས་རིང་དང་འཇམ་པ་དང། །སྣུམ ་དང་སྤུ་ནི་ཉམ་པ་དང། །ཕྱག་རིང་རྒྱས་དང་སྙན་མཉམ་དང། །ཉམས་པ་རྣམ་པར་སྤངས་པ་དང། །དཔྲལ་བ་ལགས་པར་འབྱེས་པ་དང། །དབྱེས་ཆེ་བ་དང་དབུ་རྒྱས་དང། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པོ་འདིས་ནི་བཅུ་གསུམ ་མོ། །སྤྱན་ཡངས་པ་ཉིད་དང། རྫི་མ་སྟུག་པ་ཉིད་དང། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཉིད་དང། སྨིན་ཚུགས་རིང་བ་ཉིད་དང། སྨིན་མ་སྣུམ་པ་ཉིད་དང། སྨིན་མའི་སྤུ་མཉམ་པ་ཉིད་དང། ཕྱག་རིང་ཞིང་རྒྱས་པ་ཉིད་དང ་སྙན་མཉམ་པ་ཉིད་དང། དཔྲལ་བ་དབྱེས་ཆེ་བ་ཉིད་དང། དབུ་ཤིན་ཏུ་རྒྱས་པ་ཉིད་དང། དབུ་སྐྲ་བུང་བ་ལྟར་གནག་དང། །སྟུག་འཇམ་མ་འཇིངས་ངོ་བོ་དང། །དབུ་སྐྲ་མི་གཤོང་ཉིད་དང་ནི། །དབུ་སྐྲ་སྐྱེས་བུ་ཡིད་འཕྲོགས་དང། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི།། ་གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱང་བཟང་པོར་བཞེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་བྱེད་དང་གཉིས་པོ་འདིས་ནི་བདུན་ཏེ། དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང། དབུ་སྐྲ་སྟུག་པ་ཉིད་དང། དབུ་སྐྲ་འཇམ་པ་ཉིད་དང། དབུ་སྐྲ་མ ་འཛིངས་པ་ཉིད་དང། དབུ་སྐྲ་མི་གཤོར་བ་ཉིད་དང། དབུ་སྐྲ་དྲི་ཞིམ་པ་ཉིད་དང། ཕྱག་དང་ཞབས་ཀྱི་མཐིལ་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་དེ། །ཐམས་ཅད་གཅིག་ཏུ་བྱས་བ་ནི་སངས་རྒྱས་རྣམས་ཀྱི་དཔེ་བྱང་བཟང་པོ་བརྒྱད་ཅུའོ། ། ་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །སྤྲུལ་པའི་སྐུའི་དབང་དུ་བྱས་ནས་བསྟན་བཅོས་ལས། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་བ་སྣ་ཚོགས་དག། མཉམ་པ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་དེ་ལས་འཁོར་བའི་བར།། ་རྒྱུན་མི་འཆད་པར་བཞེས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེའི་ཕྱིར་མདོ་ལས། ཆོས་ཐམས་ཅད་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཞེས་བྱ་བ་ལ་ཇི་སྲིད་ས་ལ་སྤྱོད་པ་དང། བར་སྣང་ལ་སྤྱོད་པའི ་འགྲོ་བ་དང། གནས་པའི་སེམས་ཅན་རྣམས་ཀྱི་ལུས་དང། །དག་གིས་བསྡུས་པ་ནི་ཆོས་ཏེ། སེམས་ཅན་རྣམས་གདུལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་དག་ཏུ་སྤྲུལ་པ་དེ་དག་ནི་ཆོས་ཐམས་ཅད་དེ། ་དེ་དག་མུ་མེད་པར་རིག་པར་བྱའོ། །དེ་གང་ཞེ་ན། གང་གི་སྤྲུལ་པ་དེ་དག་གོ་།སྟོང་པ་ཉིད་མུ་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་སྤྲུལ་པའི་སྐུ་དེ་དག་མུ་མེད་པ་དེ་བཞིན་དུ་དེ་དག་ ་གི་སྟོང་པ་ཉིད་ཀྱང་མུ་མེད་དོ། །གང་གི་སྟོང་ཞེ་ན་།སེམས་དང་སེམས་ལས་བྱུང་བ་ལ་རག་ལས་པ་སྟེ། སྒྱུ་མའི་སྐྱེས་བུ་བཞིན་ནོ། །དེའི་ཕྱིར་དེ་ཡང་མུ་མེད་པས་མ་མེད་པ་སྟེ། སྔ་མ་བཞིན་ནོ། །ཇི་ལྟར་ཡང་དེ་དག་ལུས་དང ་དག་གིས་སྤྲུལ་པ་དེ་བཞིན་དུ་སེམས་དང། སེམས་ལས་བྱུང་བ་ཡང་ཅིའི་ཕྱིར་མི་སྤྲུལ་ཞེ་ན། དེ་ལ་ཉེ་བར་ལེན་པའི་རྒྱུ་མེད་པའི་ཕྱིར་དང། སྔོན་མེད་པའི་སེམས་ཅན་མི་འབྱུང་བའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱིས་སྤྲུལ་པར་ནི། སེམས ་དང་སེམས་ལས་བྱུང་བ་ལ་ཡང་འདོད་པ་མ་ཡིན་ནམ་སྟེ་།སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། སྦྱོར་བའི་ཐབས་ཀྱི་ལས་ཅན་ཡིན་ཞེས་བྱ་བའི་ཚིག་ལས་སོ། །འོན་ཀྱང་ཉེ་བར་ལོན་པ་ཡོད་ན་ཡོད་པར་འདོད་དེ། ལྷས་བྱིན་གྱིས་བརླབས་ནས་རྨི་ལམ ་དུ་བསྟན་པ་ལྟ་བུ་འམ་།ཚིག་ལས་ཚིག་གི་དོན་གོ་བ་བཞིན་ནོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་མུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ། །ཞེས་གསུངས་སོ། །འཇིག་རྟེན་གྱི་ཁམས་སྣ ་ཚོགས་པ་དག་ཏུ་སེམས་ཅན་གྱི་ཁམས་མུ་མེད་པའི་སྤྱོད་པ་མུ་མེད་པ་ལ་རྣམ་པར་གཟིགས་ནས་།བཅོམ་ལྡན་འདས་ཀྱིས་སྤྲུལ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པ་ཡིན་ཏེ་།དེའི་ཕྱིར་སེམས་ཀྱི་སྤྱོད་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་མུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །སེམས་ཅན་དེ་དག་གིས་ཀྱང་ཇི་ལྟར་བསྟན་པའི་ཆོས་ལ་དམིགས་ནས་གཉེན་པོའི་དགེ་བའི་ཆོས་སྐྱེ་བར་འགྱུར་ཏེ། དེས་ཀྱང་དེ་དག་གི་མི་མཐུན་པའི་ཕྱོགས་མི་དགེ ་བའི་ཆོས་རྣམས་སྤོང་བར་འགྱུར་ཏེ་།དེའི་ཕྱིར་དགེ་བ་དང་མི་དགེ་བའི་ཆོས་གཞལ་དུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞལ་དུ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་སོ། །ཇི་སྟེ་གང་སྤྲུལ་པ་དེ་ལྟར་བཅོམ་ལྡན ་འདས་ཀྱི་སྐུ་ཡིན། གལ་ཏེ་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ལ་སོགས་པ་ཡང་སྒྱུ་མ་མཁན་གྱི་ལུས་སུ་འགྱུར་རོ་ཞེ་ན་།རང་གི་སྐུར་བྱིན་གྱིས་བརླབས་པ་དེས་སྤྲུལ་པའི་ཕྱིར་།ཉིད་ཀྱི་སྐུ་བཞིན་དུ ་གཤེགས་པ་དང། དཀའ་བ་སྤྱོད་པ་དང་བྱ་བ་ལ་སོགས་པ་མཛད་བ་དེ་ཡང་དེའི་སྐུ་ཡིན་ནོ། །དེ་ལ་འདིའི་ནི་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་བསྟན་ཏེ། དེ་དག་ནི་སྐུ་གསུམ་མོ། །དེ་ནི་མཛད་པ་མདོར་བསྡུས་ནས་བཤད་པར་བྱ་སྟེ། དེ་ཡང་སེང་གེའི ་སྒྲ་སྒྲོག་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་རིག་པར་བྱའོ་ཞེས་གསུངས་ཏེ། རི་དགས་རྣམས་ཀྱི་མཆོག་ནི་སེང་གེའོ། །དེ་དང་ཆོས་མཐུན་པའི་ཕྱིར་སྐྱེས་བུ་དམ་པ་ནི་སྐྱེས་བུ་སེང་གེ་ཞེས་བརྗོད་དོ། །འདི་ནི་ཁྱད་པར་དུ་གྱུར་པ་སྟེ། ལྷ་དང་མི་རྣམས ་ལ་སོགས་པ་སྐྱེས་བུ་ཐམས་ཅད་ཀྱི་དམ་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་སེང་གེ་ཞེས་བརྗོད་དོ། །དེའི་ཆོས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་བར་བྱེད་པ་དང་།གཞན་ཕ་རོལ་རྒོལ་བའི་རི་དགས་ཐམས་ཅད་འཇིགས་པར་མཛད་པས་སེང་གེའི་སྒྲ་ཞེས་བརྗོད ་ངོ། །སེང་གེའི་རྒྱལ་མཚན་བཞི་ནོ། །དེ་སྒྲོག་པ་ནི་སྟོན་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཤེས་རབ་ནི། བགྲོད་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སེང་གེའི་སྒྲ་སྟེ། མཛད་པ ་ཉི་ཤུ་རྩ་བདུན་སྟོན་པ་སྟེ། དེ་ནི་རྒྱས་པར་ཡུམ་ཆེན་མོ་དག་ལས་བལྟ་བར་བྱའོ། །དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམ་བཞི་ལ་དགོད་པ་དང། ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགS ་པ་དང། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་གཉིས་མི་ཟབ་དང། །བརྡ་དང་དམིགས་པ་མེད་པ་དང། །ལུས་ཅན་རྣམས་ནི་ཡོངས་སྨིན་དང། །བྱང་ཆུབ་སེམས་དཔའ་ཨི ་ལམ་དང་ནི། །མངོན་པར་ཞེན་པ་ཟློག་པ་དང། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང། །རྣམ་པར་དག་དང་ངེས་པ་དང། །སེམས་ཅན་དོན་ནི་ཚད་མེད་དང། །སངས་རྒྱས་བརྟེན་སོགས་ཡོན་ཏན་དང། །བྱང་ཆུབ་ཡན་ལག་ལས་རྣམས་ནི།། ་ཆུང་མི་ཟ་དང་བདེན་མཐོང་དང། །ཕྱིན་ཅི་ལོག་ནི་སྤངས་པ་དང། །དེ་བཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང། །མྱ་ངན་འདས་ལ་དགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་འདི།། ་རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བ་གསུངས་ཏེ་།བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་གང་གིས་དམྱལ་བ་རྣམས་ཀྱི་དམྱལ་བའི་མེ་ཞི་བར་འགྱུར་བ་དེ་ལྟར་ཆོས་སྟོན་པ་དང། དེ་བཞིན་དུ་དུད་འགྲོ་དག་ལ་ཡང་།རང་གི་ཁྲག་ལ་སོགས་པའི་སྦྱིན་པ་དང། ་དེ་བཞིན་དུ་ཡི་དགས་རྣམས་ལ་ཡང་བཟའ་བ་དང། བཏུང་བ་ལ་སོགས་པ་བྱིན་ནས་ཆོས་བསྟན་ཏེ། སེམས་དང་པར་འཛིན་པ་དང། མངོན་པར་དད་པ་ངེས་རང་གི་འགྲོ་བ་ལས་ཤི་འཕོས་ཏེ། ལྷ་དང་མི་རྣམས་སུ་སྐྱེ་བར་མཛད་དེ། ལྷ་རྣམས་ལ་ཡང། ཐེག ་པ་སྨན་པ་ལ་སྨོས་ཤིང་དང་བར་འགྱུར་བའི་ཆོས་བསྟན་ཏེ་།མི་རྣམས་སུ་སྐྱེ་བར་བྱས་ནས་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་ལ་གནས་པར་བྱེད་བ་འདི་ནི་འགྲོ་བ་རྣམས་ཞི་བའི་འཕྲིན་ལས་སོ། །ཡང་གང་དག་མི་རྣམས་ཀྱི་ཕྱི ་ནང་གི་ཟང་ཟིང་གི་སྦྱིན་པ་དང། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་དང་།དོན་དཔྱོད་པ་དང། དོན་མཐུན་པ་ལ་སློབ་པར་བྱེད་པ་འདི་ནི་བསྡུ་བའི་དངོས་པོ་ལ་དགོད་པའི་འཕྲིན་ལས་སོ། །ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས ་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པའོ། །དེ་གཉིས་ནུབ་པ་ནི་རྣམ་པར་བྱང་བའོ། །དེ་ཡང་གང་ཟག་དང་།ཆོས་ལ་བདག་མེད་པར་ཤེས་པའི་ཕྱིར་འདི་ནི་ཀུན་རྫོབ་བོ། །དོན་དམ་པར་ནི་ཆོས་ཀྱི་དབྱིངས་ལས་གཞན་མེད་དེ། འདི་ནི་ཀུན་ནས་ཉོན་མོངས་པ་དང། ་རྣམ་པར་བྱང་བ་ཤེས་པ་ལ་དགོད་པའི་ཕྲིན་ལས་སོ། །ཇི་ལྟར་སྒྱུ་མ་མཁན་གྱིས་བཟའ་བ་དང། བཅའ་བ་ལ་སོགས་པའི་བར་གྱི་དངོས་པོ་སྣ་ཚོགས་ཀྱི་འཇིག་རྟེན་དགའ་བར་བྱེད་དེ་།དེ་ཡང་འཇིག་རྟེན་གྱི་དངོས་པོ་འདི་ཐམས་ཅད་མེད་བར་ཤེས་པ་ནི་མ་ཡིན་ནོ། །གང་ཡང་ཤེS ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཅུང་ཟད་ཀྱང་མཐོང་བ་མེད་དེ། སེམས་ཅན་ཡང་མ་ཡིན། སེམས་ཅན་དུ་བཏགས་པ་ཡང་མ་ཡིན་ནོ། །ཆོས་རྣམས་ཀྱང་བདག་མེད་པ་ཡིན་པའི་ཕྱིར་རོ། །འདི་ནི་སེམས་ཅན་རྣམས ་ཀྱི་དོན་ཇི་ལྟ་བ་བཞིན་གྱི་བདག་ཉིད་ལ་དགོད་པའི་ཕྲིན་ལས་སོ། །དེ་དག་ཉིད་ཀྱང་སྦྱིན་པར་བྱེད། གཞན་ཡང་སྦྱིན་པ་ལ་སྦྱོང་བར་བྱེད། སྦྱིན་པའི་བསྔགས་པ་རྗོད་པར་བྱེད། གང་གཞན་དག་སྦྱིན་བ་སྦྱིན་བར་བྱེད། དེ་དག་གིས་བསྔགས་པ་བརྗོད་ཅིང་མཐུན་པར ་བྱེད་དོ། །དེ་བཞིན་དུ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་སྟེ། འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པའི་ཕྲིན་ལས་སོ། །བདག་ཉིད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་འཇུག་པར ་བྱེད་པ་དང། བདག་ཉིད་ཀྱང་བསླབ་པའི་གཞི་ལྔ་ནས་།སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་རྫོགས་པར་བྱའོ་ཞེས་བྱ་བའི་བར་གྱིས་ཏེ། འདི་ནི་སངས་རྒྱས་ཀྱི་ལམ་ལ་དགོད་པའི་ཕྲིན་ལས་སོ། །འདིར་བྱང ་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་སྟོན་པ་ན། དེ་དག་གི་འཁོར་གསུམ་དག་པའི་འབྲས་བུ་ཡང་རང་བཞིན་གྱིས་སྟོང་པར་སྔོན་པར་བྱེད་དེ། དེ་དག་དེ་བཞིན་དུ་བསྒོམས་པས་ལྷགས ་པར་ཁྱད་པར་དུ་འགྲོ་ཏེ་།དེས་ན་དེ་དག་སྟོང་པ་ཉིད་ཀྱི་རང་བཞིན་ལ་ལན་མང་དུ་སྒོམ་པར་བྱེད་པས། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་ཁྱད་པར་དུ་འགྲོ་བར་བྱེད་དེ། འདི་ནི་སྟོང་པ་ཉིད་ལ་དགོད་པའི་ཕྲིན་ལས་སོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཆོས ་ཐམས་ཅད་དེ། རང་བཞིན་གྱིས་སྟོང་པ་ཡང་གཞན་མ་ཡིན། ཆོས་ཐམས་ཅད་ཀྱང་གཞན་མ་ཡིན་ཏེ། འོན་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཆོས་སོ། །དེ་ཉིད་རང་བཞིན་གྱིས་སྟོང་པ་ཉིད་དེ། འདི་ནི་གཉིས་སུ་མེད་པའི་ཆོས ་ལ་དགོད་པའི་ཕྲིན་ལས་སོ། །བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་ཆོས་ནི་གང་ཡང་མེད་དེ། གང་ཡང་མངོན་པར་རྒོམས?་པར་སངས་རྒྱས་ནས། ཕུང་པོ་དང་ཁམས་ལ་སོགས་པ་ནས། རྣམ་པ་ཐམS ་ཅད་མཁྱེན་པ་ཉིད་གྱི་བར་དུ་ཆོས་སྟོན་པ་དེ་ནི་འཇིག་རྟེན་གྱི་ཐ་སྙད་ཡིན་ཏེ། འདི་ནི་བརྡར་བཏགས་པ་ཤེས་པ་ལ་དགོད་པའི་ཕྲིན་ལས་སོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་ལ་བསླབ་པ་དེ་ལྟ་ན་ཡང། ཡང ་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་ལ་གལ་ཏེ་ཡང་དེ་དག་ལ་ཡང་སྤྱོད་ཅིང་།འཁོར་གསུམ་གྱི་འབྲས་བུ་དེ་དག་ལ་ཡང་མི་དམིགས་པ་དེའི་ཚེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ནུས་ཏེ། འདི་ནི་དམིགས ་པ་མེད་པ་ལ་དགོད་བའི་ཕྲིན་ལས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་སེམས་ཅན་དང་།སེམས་ཅན་དུ་བཏགས་པ་ཡང་མི་དམིགས་ཏེ། འོན་ཀྱང་དེ་ཀུན་རྫོབ་མཐོང་ནས་སེམས་ཅན་རྣམS ་དངོས་པོར་དམིགས་པས་ཀུན་ནས་ཉོན་མོངས་པར་གྱུར་པ་ན། དེ་དག་གི་དེ་རྣམས་སྤང་བའི་ཕྱིར་།ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱེད་དེ། འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་ཕ་རོལ་ཏུ་ཕྱིན ་པ་རེ་རེ་ལ་སོགས་པ་ལ་སྤྱོད་པ་ནི། སེམས་ཅན་རྣམས་དགེ་བའི་ཆོས་ཐམས་ཅད་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པར་བྱེད་དེ། འདི་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་ལ་དགོད་པའི་ཕྲིན་ལས་སོ། །དེ་དེ་ལྟར་ཉེ་བར་རྟོག་པ ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དེ་།སྟོང་པ་ཉིད་ཡང་མངོན་པར་ཞེན་པ་མི་བྱེད་དོ། །དེ་བས་ན་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་བསྒོམ་པར་བྱ་ཞིང། སྦྱིན་བ་ལ་སོགས་པ་ལ་སྤྱད་པར་བྱ་སྟེ། འཁོར་གསུམ་པོ་དེ་དག་ལ་ཡང་རློམ་སེམས་སུ་མི་བྱའོ། །འདི ་ནི་མངོན་པར་ཞེན་པ་ཐམས་ཅད་སྤངས་པ་ལ་དགོད་པའི་ཕྲིན་ལས་སོ། །ལམ་གྱི་བྱང་ཆུབ་ཐོབ་པ་ལ་ཡང་མ་ཡིན། ལམ་མ་ཡིན་པས་ཀྱང་མ་ཡིན་ཏེ་།གང་གི་ཕྱིར་བྱང་ཆུབ་ཉིད་ལམ་མོ། །གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཉིད་སངས་རྒྱས་སུ་འགྱུར་ཞེ་ན། གང ་གི་ཚེ་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཤིང་།རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ནས་།སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དེའི་ཚེ་།དེ་ཉིད་དེ་བཞིན་གཤེགS ་པ་སྟེ། ཐམས་ཅད་གཟིགས་པ་དང་ལྡན་པའི་ཐམས་ཅད་མཁྱེན་བའོ་ཞེས་སྟོན་ཏེ། འདི་ནི་བྱང་ཆུབ་ཐབ་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་བདག་དང་གཞན་དག་གི་ཚུལ་ཁྲིམས་འཚལ་པ་ལ་སོགས་པ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ཡང་དག་པར ་བསྡུས་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང། ཐེག་པ་དམན་པའི་འབྲས་བུ་ལྔ་མངོན་སུམ་དུ་བྱེད་ཅིང། རིག་པ་དག་གི་སྐབས་མི་འབྱེད་ཅིང། ཕུང་པོ་དང་།ཁམས་ལ་སོགས་པ་ཟག་པ་དང་བཅས་པ་དང། ཟག་པ་མེད ་བའི་ཆོས་ཐམས་ཅད་ཀྱི་འདུ་ཤེས་ཀྱི་གནས་ངན་ལེན་བསལ་ནས། རང་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་གནས་པར་བྱེད་ལ། གཞན་ཡང་དེ་དག་ལ་དགོད་པར་བྱེད་ཅིང། བདག་གི་དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན ་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་དང། རྣམ་པ་ཐམས་ཅད་མཁྱེན་པ་དང། རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡོངས་སུ་སྔོ་བར་བྱེད་ཅིང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སྨོན་ལམ ་ཡང་མདོ་ཇི་ལྟ་བ་བཞིན་དུ་འདེབས་པར་བྱེད་དེ། འདི་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་དགོད་པའི་ཕྲིན་ལས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ཉིད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས ་པར་འགྱུར་བ་ཡིན་ཞིང་།ངེས་པ་ཇི་ལྟར་ན་ངན་སོང་དུ་སྐྱེ་བར་འགྱུར་ཞེ་ན། གང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཚད་མེད་པ་བཞི་ལ་སྤྱོད་ཅིང་།མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བའི་ཕྱིར ་གནས་པ་དེ་ལ་ནི་མི་ཁོམ་པ་བརྒྱད་ཀྱང་འབྱུང་བར་མི་འགྱུར་ན་།ངན་སོང་དུ་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་མོད་ཀྱི་འོན་ཀྱང་དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནི་ཟག་པ་དང་བཅས་པ་དང། ཟག?་པ་མེད་པའི་དགེ་བའི་རྩ་བའི་ཆོས ་ཐམས་ཅད་དང་ལྡན་བས་།སེམས་ཅན་གྱི་དོན་གྱི་དབང་གིས་བསམས་བཞིན་དུ་སྐྱེའོ། །དུད་འགྲོའི་སྡུག་བསྔལ་མྱོང་བ་ནི་མ་ཡིན་ཏེ། དཔེར་ན་དེ་བཞིན་གཤེགས་པ་མཆོག་ཏུ་དབང་ཐོབ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ ་བདག་ཉིད་ཀྱི་ངོ་བོ་མཛའ་ཡས་པ་གཞན་གྱི་དོན་དུ་ཅིག་ཅར་སྤྲུལ་པ་ལྟ་བུའོ། །འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་།ཕྱོགས་བཅུ་འཇིག་རྟེན་གྱི ་ཁམས་གངྒཱའི་ཀླུང་གི་ཕྱེ་མ་སྙེད་དག་ཏུ་སེམས་ཅན་གྱི་དོན་མཛད་ཀྱང་སྐྱོན་གྱིས་མི་གོས་ཏེ། འདི་ལྟར་གང་རེག་པ་དང་།གང་གིས་རེག་པ་དང། གང་ལ་རེག་པའི་ཆོས་གསུམ་པོ་འདི་དག་དེ་ལ་མི་དམིགས་ཤིང་།སྟོང་པ་ཉིད ་ལ་གནས་ན་།དཀར་པོའི་ཆོས་ཐམས་ཅད་ལ་གནས་པར་འགྱུར་ཏེ། དེ་ཉིད་ཀྱི་དེ་དག་བསྡུས་པའི་ཕྱིར་རོ། །དེ་ལྟ་ན་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། དེས་ན་སྟོང་པ་ཉིད་དུ་འདུས་པ་ཡིན་ནོ། །འདི་ནི་སེམས་ཅན་གྱི་དོན ་ཚད་མེད་པ་ལ་དགོད་པའི་ཕྲིན་ལས་སོ། །དེ་འདི་ལྟར་དཔྱོད་པར་བྱེད་དེ། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྟོང་སྟེ། མིང་དང་ཐེ?་ཙོམ་ཁོ་ནས ་བརྟགས་པ་ཡིན་ལ། བཏགས་པ་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ། །གལ་ཏེ་ཡང་འགའ་ཞིག་ཡོད་དེ། མི་སྟོང་པར་འགྱུར་ན་གང་གི་ཕྱིར་ཉི་ཚེ་བ་མ་ཡིན་བ་དེའི་ཕྱིར་།ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་པ་ཁོ་ན་སྟེ། དེ་ཉིད་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་མངོན་པར་ཤེས་པ་དྲུག་བསྒྲུབས་ཏེ། གང་དག་ལ་གནས་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་ཞིང་བསྙེན་བཀུར་བྱས་ཏེ། དེ་དག་ལ་ཆོས་མཉན་ནས་དེ་དག་ལས་ཀྱང ་མངོན་པར་ཞེན་པ་མེད་པའི་དགེ་བའི་རྩ་བ་བསྐྱེད་ཅིང་སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ། །དེས་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་བལྟས་ནས་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་དང་སོར་སྟེ། དེ ་དག་ལས་ཆོས་སྟོན་པར་བྱེད་དོ། །ལྷའི་རྣ་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྟོན་པ་ཐོས་ནས་དེ་དག་ལ་སྟོན་པར་བྱེད་དོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་རྣམ་གྲངས་ཤེས་པར་བྱས་ནས། སེམས་ཇི་ལྟ་བ་བཞིན་དུ་དེ་དག་ལ་ཆོས་སྟོན ་པར་བྱེད་དོ། །དེས་བདག་དང་གཞན་གྱི་སྔོན་གྱི་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་།སྔོན་གྱི་དེ་བཞིན་གཤེགས་པས་བསྟན་པའི་ཆོས་རྗེས་སུ་བྲན་ནས། གདུལ་བར་བྱ་བའི་སེམས་ཅན་གང་ཡིན་པ་དག་ལ་དེ་སྟོན་པར་བྱེད་དོ། །དེས་ཟག་པ་ཟད་པ་ཤེས་པས་སེམས ་ཅན་རྣམས་ལ་རྗེས་སུ་མཐུན་པར་ཆོས་སྟོན་ཏེ། །དེས་མངོན་པར་ཤེས་པ་དེ་དག་གི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཉིད་གྱི་དངོས་པོ་གང་དང་གང་གཟུང་པར་འདོད་པ་དེ་དང་།དེ་ཉིད་སོ་སོར་ལེན་པར་འདོད་པར་བྱེད་དོ། །དེར?་ཡང་བདེ་བའི་?་སྡུག་བསྔལ ་ལ་རྗེས་སུ་ཆགས་བ་དང། ཁོང་ཁྲོ་བས་མི་གོས་སོ། །འདི་ནི་ཕྱོགས་བཅུའི་སངས་རྒྱས་བསྟེན་པ་ལ་སོགས་པའི་དགོད་པའི་ཕྲིན་ལས་སོ། །ཡང་བྱང་ཆུབ་སེམས་དཔའ་ཨི་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན་།ཕ་རོལ་ཏུ་ཕྱིན་པ་དྲུག་དང། ་བསམ་གཏན་བཞི་ནས་།སངས་རྒྱས་ཀྱིས?་ཆོས་མ་འདྲེས་པའི་བར་ཏེ། དེ་དག་ལ་སྤྱོད་ན་འཁོར་གསུམ་དག་པས་དེ་དག་ལ་ཡང་མི་དམིགས་ཤིང། །བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་དང། སེམས་ཅན་ཐམས་ཅད་ཀྱི་མཆོག ་གི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །གལ་ཏེ་འདི་རྣམས་བྱང་ཆུབ་སེམས་དཔའ་ཨི་ཆོས་ཡིན་ན། དེ་ལྟ་ན་སངས་རྒྱས་ཀྱི་ཆོས་རྣམས་གང་ཡིན་ཞེ་ན་།གལ་ཏེ་འདི་དག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པར་འགྱུར་ཞིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་འདི་ཉིད་དེ། དེ་ལྟ་བུ་བྱང ་ཆུབ་སེམས་དཔའ་ཨི་ནི་མ་ཡིན་ནོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་ལ་དགོད་པའི་ཕྲིན་ལས་སོ། །ཇི་ལྟར་ཡང་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཡིན་པ་དེ་ལྟ་མོད་ཀྱི་ལས་ཀྱང་ཡོད། དེ་དག་གི་འབྲས་བུ་ཡང་ཡོད་དེ། སེམས་ཅན ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་མི་ཤེས་སོ། །མི་ཤེས་བས་ཆོས་དང་གང་ཟག་ཏུ་བརྟགས་ནས་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་ཅིང་ཉེ་བར་སྤྱོད་པས་ངན་སོང་གསུམ་དུ་འགྲོ་བར་བྱེད་ལ་ལེགས ་བར་སྦྱོང་བས་ལྷ་དང་མིར་སྐྱེ་བ་ཡིན་ནོ། །ཡང་ཁ་ཅིག་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཡོངས་སུ་ཤེས་ནས། བདེ་འགྲོ་དང་ངན་འགྲོ་ཡོངས་སུ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ ་ལ་སོགས་པ་དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱས་ནས། རིམ་གྱིས་ས་བཅུ་ཐོབ་པར་བྱས་ཏེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་ཏེ། ་འདི་ནི་ལས་དང་འབྲས་བུར་འབྲེལ་བ་ཆུང་མི་ཟ་བ་དགོད་པའི་ཕྲིན་ལས་སོ། །བྱང་ཆུབ་སེམས་དཔའ་བདེན་པ་དང་བདེན་པ་མཐོང་བས་མྱ་ངན་ལས་མི་འདའ་དེ་ལྟ་མོད་ཀྱི་འོན་ཀྱང་བདེན་པ་བཞི་མཉམ་པ་ཉིད་དེ་།གང་དེ་དག་དེ་བཞིན་ཉིད་དང་མཉམ་ཞིང་ངོ་བོ ་ཉིད་མེད་པས་དེས་ཆོས་གང་ཡང་དམིགས་པ་མེད་ཅིང་བདེན་པའི་རྣམ་གྲངས་ཀྱིས་རློམ་སེམས་སུ་མི་བྱེད་ལ་དེའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་ནས། སྐྱོན་མེད་པ་ལ་ཞུགས་ཏེ་རིགས་ཀྱིས་ལ་གནས་པར་འགྱུར་ཞིང། བསམ། ་གཏན་དང་།ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་དེ། དེས་འདིར་ཞི་གནས་གྱི་ས་ལ་གནས་བར་བྱས་ནས། སྡུག་བསྔལ་ཡོངས་སུ་ཤེས་པར་བྱེད། ཀུན་འབྱུང་སྤོང་པར་བྱེད། འགོག་པ་མངོན་སུམ་དུ་བྱེད། ལམ ་སྒོམ་པར་བྱེད་ཀྱང། བདེན་པ་ལ་དམིགས་པའི་སེམས་སྐྱེད་པར་མི་བྱེད་དེ། བྱང་ཆུབ་ལ་གཞོལ་བའི་སེམས་ཁོ་ནས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་མཐོང་ངོ། །དེས་ལྷག་མཐོང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང ་ནས། ཐབས་ལ་མཁས་པས་ཀྱང་ཆོས་སྟོན་པར་བྱེད་དོ། །འདི་ནི་བདེན་པ་བཞི་མཐོང་བ་ལ་དགོང་པའི་ཕྲིན་ལས་སོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན་།ཇི ་ལྟར་བྱང་ཆུབ་སེམས་དཔས་གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་ལ་བསླབ་པར་བགྱི་བ་ལགས་བཅོམ་ལྡན་འདས་ཀྱིས་མིང་ཙམ་ཉིད་དོ་ཞེས་བཀའ་སྩལ་པ་དང་།གསོལ་པ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དངོས་པོ ་མེད་པའི་མིང་ནི་མིང་ཙམ་མོ། །འདུ་བྱེད་ནི་རྣམ་པར་རྟོག་པའོ། །དེའི་མཚན་མ་ནི་ཡུལ་ཏེ། གང་ལ་འདི་ལྟར་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་བྱ་བ་ནས་འདི་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་བྱ་བའི་བར ་དུ་དགོངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མིང་ཙམ་མོ་ཞེས་བྱ་བ་འདི་ནི་གློ་བུར་དུ་བརྟགས་པ་སྟེ། འདི་ནི་གཟུགས་སོ་ཞེས་བྱ་བའི་བར་དུ་མིང་ཐ་དད་པས་མིང་གི་དོན་དུ་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲའི་དོན་ནི་བརྫུན་ཏེ། ཐ ་སྙད་ཙམ་ཡིན་གྱི་།དངོས་པོ་ནི་མ་ཡིན་ནོ། །གསོལ་པ་གཟུགས་ཀྱི་ངོ་བོ་ཉིད་ཐ་སྙད་ཙམ་ཉིད་དོ། །ཞེས་བྱ་བ་ནི་གཟུགས་ཀྱི་ངོ་བོ་ཉིད་ཐོབ་པར་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ལ་སྐྱེ་བ་དང་འགག་པ་མེད་དེ། དེ ་བས་ན་དེའི་རང་གི་ངོ་བོ་མེད་དོ། །གསོལ་པ་ཡང་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རང་གི་མཚན་ཉིད་གཟུགས་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡོད་པ་ལགས་སམ་ཞེས་སོ། །བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་གྱི་བརྡའ་དང་ཐ་སྙད་དུ་ཡོད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། དོན་དམ་བརྗོད་དུ་མ་མཆིས་པའི ་དབྱིངས་ཉིད་དེ་།གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་བརྗོད་དུ་མ་མཆིས་པའི་དབྱིངས་ལགས་ཏེ་ཐ་སྙད་ཀྱང་འདི་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།ནམ་ཁྱོད་བརྗོད་དུ་མེད་པའི་དབྱིངས་ལ་ཤེས་རབ་སྤྱོད ་པར་འགྱུར་ཞིང། དམིགས་པ་འདི་ཉིད་ཀྱི་རྣམ་པ་ནི་མཚན་མའི་དངོས་པོའོ། །གསོལ་བ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།འདི་ལྟར་དེ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱང་མ་ཡིན་གཞན་པ་ཡང་མ ་ཡིན་ནོ། །གལ་ཏེ་གཞན་ཡིན་པར་གྱུར་ན་ནི་དེ་ཅིའི་ཕྱིར་འཇིག་པར་མི་འགྱུར་ཇི་སྟེ་གཞན་མ་ཡིན་ན་ནི་ཅིའི་ཕྱིར་མི་དམིགས། གཞན་ཡང་གལ་ཏེ་འདི་འདུ་བྱེད་ཀྱི་མཚན་མ་ལས་གཞན་ཡིན་པར་འགྱུར་ན་ནི་དེ་ལྟ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད ་ཀྱང་ཡོངས་སུ་མྱ་ངན་ལས་འདའ་ཞིང། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཇི་སྟེ་གཞན་མ་ཡིན་པར་གྱུར་ན་ཡང་།དེ་ལྟ་ན་མཚན་མ་དེ་ཡང་དམིགས་སུ་མེད་པར་འགྱུར་རོ། །གསོལ་པ་བརྗོད་དུ་མེད་པའི ་དབྱིངས་དང་།ཉེ་བར་འབྲེལ་པའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་ན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་དམིགས་སུ་མ་མཆིས་ན། དེ་ཅི་ལགས་མཆིས་པ་ལས་དམིགས་སུ་མ་མཆིས་སམ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གང་གི་ཚེ ་རྣམ་པར་རྟོག་པས་བཟུང་ཞིང་རྟོགས་པ་འམ། མ་རྟོགས་པ་དེའི་ཚེ་ནི་དེ་རྣམ་པར་རྟོག་པ་ཙམ་མོ། །དེ་ལ་འདི་ནི་ཡོད་པ་དང་མེད་པ་ཡང་མ་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་དུས་ཆོས་ཡོངས་སུ་གདགས་པར་བགྱི། བྱམས་པ ་རྣམ་པ་གསུམ་གྱིས་ཏེ། འདི་ལྟར་ཀུན་ཏུ་བརྟགས་པའི་གཟུགས་དང་།རྣམ་པར་བརྟགས་པའི་གཟུགས་དང། ཆོས་ཉིད་ཀྱི་གཟུགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཀུན་ཏུ་བརྟགས་པ་དང། རྣམ་བར་བརྟགས་པའི་སངས་རྒྱས ་ཀྱི་ཆོས་དང། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སོ། །དེ་ལ་གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གཟུགས་ཞེས་བྱ་བའི་མིང་དང་གདགས་པ་དང་ཐ་སྙད་དུ་བྱ་བ་ལ་བརྟེན་ནས། གཟུགས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་གང་ཡིན་པ་དེ་ནི་ཀུན ་བརྟགS་པའི་གཟུགས་སོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གནས་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་སོ། །ཀུན་ཏུ་བརྟགས་པའི་གཟུགས་གང་ཡིན་པ་དེས་རྣམ་པར་བརྟགས་པའི་གཟུགས་དེ་ལ། དུས་རྟག་ཏུ་ངོ་བོ་ཉིད་མེད་ཅིང་བདག་མེད་པ ་དང་དེ་བཞིན་ཉིད་དང་།ཡང་དག་པའི་མཛའ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་སོ། །དེ་བཞིན་དུ་ཀུན་ཏུ་བརྟགས་བའི་གཟུགས་ནས་།རྣམ་པར་བརྟགས་པའི་གཟུགས་དང་ཆོས་ཉིད་ཀྱི་གཟུགས་ཀྱི་བར་དུ་སངས ་རྒྱས་ཀྱི་ཆོས་རྣམས་དང་སྦྱར་རོ། །དེ་ལ་ཡོངས་སུ་བརྟགས་པའི་གཟུགས་ནི་རྫས་སུ་མེད་དོ། །རྣམ་པར་བརྟགས་པའི་གཟུགས་ནི་རྫས་སུ་ཡོད་དེ་རྣམ་པར་རྟོགས་པ་རྫས་སུ་ཡོད་པར་བལྟའི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་ནི་རྫས ་མེད་པ་ཡང་མ་ཡིན། རྫས་ཡོད་པ་ཡང་མ་ཡིན་ཏེ་།ཆོས་ཉིད་ཀྱིས་རབ་ཏུ་ཕྱེད་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུའོ། །གསོལ་པ་གང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་གང་འདི་ལྟར་གཟུགས་སུ་མ་མཆིས་པར་བགྲང ་བ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་དེ་ཇི་ལྟར་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་།གང་ཡོངས་སུ་བརྟགས་པའི་གཟུགས་དེ་ནི་གཟུགས་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་དང་།ཐ་སྙད་དུ ་ཡང་གཟུགས་མ་ཡིན་པའི་ཕྱིར་རོ། །གང་རྣམ་པར་བརྟགས་པའི་གཟུགས་དེ་ནི་གཟུགས་མ་ཡིན་ཏེ། རང་དབང་དུ་མི་འགྱུར་བའི་ཕྱིར་རོ། །གཟུགས་མ་ཡིན་པ་རྣམ་པར་བརྟགས་པའི་གཟུགས་ཡིན་པའི་ཕྱིར་རོ། །གང་ཆོས་ཉིད་ཀྱི་གཟུགས་དེ་ནི ་གཟུགས་མ་ཡིན་བའི་ཕྱིར་རོ། །གཟུགས་མ་ཡིན་པ་ཡང་དོན་དམ་པའི་གཟུགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་གཉིས་སུ་མེད་པའི་གྲངས་སུ་བགྲངས་སོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྦྱར་རོ། །གསོལ་པ་དེ་ལྟར་མཛའ་གཉིས་སྤངS ་ནས་དབུ་མའི་ལམ་ལ་ཞུགས་པས། གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ཇི་ལྟར་མཚན་ཉིད་ཡོངས་སུ་ཤེས་པ་དང། མཚན་ཉིད་སྤངས་པ་དང། མཚན་ཉིད་མངོན་དུ་བགྱི་བ་དང་།ཇི་ལྟར་མཚན་ཉིད་བསྒོམ་པའོ། །བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། གང་གཟུགས་ཡོངས་སུ་ཤེས་པ་ཡང་མ་ཡིན། ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་བསྒོམ་པ་ཡང་མ་ཡིན་མི་བསྒོམ་པ་ཡང་མ་ཡིན་ཞེས་བྱ་བ་ནས་།དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཞེས ་བྱ་བའི་བར་དུ་སྦྱར་རོ། །གསོལ་པ་།བྱང་ཆུབ་སེམས་དཔའ་དེ་ལྟར་ཡོངས་སུ་ཤེས་པ་དང་ལྡན་པའི་མྱ་ངན་ལས་འདས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མྱ་ངན་ལས་འདས་པ་ནི་ཟབ་བོ། །གང་གི་ཕྱིར་མྱ་ངན་ལས་འདས་པ་དེ་ཇི་ལྟར ་ཟབ་ཅེ་ན། གང་གི་ཕྱིར་གཞན་གྱི་དོན་ལ་བརྩམས་ནས་འཁོར་བ་ཡོངས་སུ་མི་གཏོང་བ་འདི་ནི་མྱ་ངན་ལས་འདས་པའོ། །བདག་གི་དོན་ལས་བརྩམས་ཏེ། མྱ་ངན་ལས་འདས་པ་ཡོངས་སུ་མ་བཏང་བའི་ཕྱིར་མྱ་ངན་ལས་འདས་པའོ། །གཅིག་མ་བཏང་ན ་ཅིག་ཤོས་བཏང་བ་ནི་རིགས་ཀྱི་།གཉི་ག་མ་བཏང་བ་ནི་མི་རིགས་སོ་ཞེ་ན། གཉི་ག་ལ་རྣམ་པར་མི་བརྟོག་པས། གཉིས་ཀ་ལ་ཡང་མི་སྐྱོ་སྟེ། དེ་བས་ན་གཉི་ག་ཡང་ཡོངས་སུ་མ་བཏང་བ་ཡང་རིགས་སོ། །དེ་ལྟ་ནི་དེ་ནི་འཁོར་བར་ཡང་འགྱུར། མྱ་ངན་ལས་འདS ་བར་ཡང་འགྱུར་བར་ཡང་མི་རིགས་སོ་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་ལ་དབང་ཐོབ་ཅིང་ཐབས་ལ་མཁས་པས་འཁོར་བ་བསྟན་པའི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་ངོ། །གང་སྟོང་པ་ཉིད་དམིགས་སུ་མེད་བ་ལ་གནས་བའི་ཕྱིར་འདིས་མྱ་ངན ་ལས་འདས་པ་ཡང་མི་གཏོང་ངོ། །གསོལ་པ། རྣམ་པར་མི་རྟོག་པའི་མཚན་ཉིད་ཐམས་ཅད་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང། དེ་དག་གི་སྟོང་པ་ཉིད་དང། ་གང་ཡང་དེ་དག་གི་དངོས་བོ་དང་།དངོས་པོ་མེད་པ་གཉིས་སུ་མེད་བ་དང་།གང་ཡང་སྤྲོས་བ་མེད་པ་འདི་ནི་རྣམ་བར་མི་རྟོག་པ་ཐམས་ཅད་ཀྱི་མཚན་ཉིད་དོ། །གསོལ་བ་བཅོམ་ལྡན་འདས་ཅི་ལགས། ཉན་ཐོས་ཐམས་ཅད་ཕྱོགས་གཅིག་པའི་མྱ་ངན ་ལས་འདས་པ་ལགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་དག་ནི་ཁམས་སྣ་ཚོགས་པ། སེམས་ཅན་གྱི་རིགས་དང་།རང་བཞིན་རབ་ཏུ་མང་པོ་ཡོད་དེ་།རིགས་དང་།རུས་དང་པོ་ནས་བཟང་པོའི་ཁྱད་པར ་འདོད་ཅིང་དེ་དག་ཐོབ་པ་ཡང་ཡོད་དོ། །ཁྱད་པར་ངན་པ་འདོད་ཅིང་དེ་ཉིད་ཐོབ་པས། དེ་ཉིད་ཀྱི་མགུ་བར་འགྱུར་བ་ཡང་ཡོད་དེ། ཉན་ཐོས་དགྲ་བཅོམ་པ་ཕྱིས་བཟང་པོའི་ཁྱད་པར་འདོད་ཅིང་བྱང་ཆུབ་ཏུ་བསྔོས་ནས། ཡུན་རིང་པོ་ནས་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཐོབ་བར་བྱེད་དོ། །དེ་ཐོབ་པར་བྱ་བའི་ཕྱིར་སྐྱེ་བ་ན། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་ཏེ། འོན་ཀྱང་དགྲ་བཅོམ་པ་མྱ་ངན་ལས་འདས་པ་ཐོབ་པ་ནི་བསམ་གྱིས་མི་ཁྱབ་པའི་སྐྱེ་བར་གདགས་ཏེ། གང་དེ་ལ་དང་པོ་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་རིགས་དང་དུས་སོ། །གསོལ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསམ་བརྒྱ་ཆེ་བ་དང། བདག་ཉིད་ཆེན་པོའི་བསམ་ནི་ངོ?་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གང་འདི་བརྒྱ་བྱིན་ཉིད་དང་།འཇིག་རྟེན ་སྐྱོང་བ་ཉིད་དང། འཁོར་ལོ་སྒྱུར་བ་ལ་སོགས་པ་འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་མི་འདོད་ཅིང་གང་ཡང་དེ་དག་ལ་ཆགས་པ་མེད་ཅིང་འཛིན་པ་མེད་པར་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་རྒྱ་ཆེ་བའི་བསམ་པའོ། །གང ་ཡང་དེ་ཆགས་པ་མེད་པའི་བདེ་བ་དང་འཛིན་པ་མེད་བའི་བདེ་བ་དང། མྱ་ངན་ལས་འདས་པའི་བདེ་བ་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་བར་འདོད་བས། དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་འཁོར་བ་ཡོངས་སུ་མི་གཏོང་བས། འདི་ནི་དེ་དག་གི་བདག་ཉིད་ཆེན་པོའི་བསམ་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །དེ་ཐོབ་པར་འདོད་པས། བླ་ན ་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེའི་འོག་ཏུ་རབ་འབྱོར་གྱིས་གསོལ་པ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན་།ཇི་ལྟར་ལས་དང་འབྲས་བུ་རྣམ་པར་བཞག་ཅེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཆོས་རྣམས་ཀྱི་དངོS? ་པོ་མེད་པའི་ངོ་བོ་ཉིད་མ་ཤེས་པས། སེམས་ཅན་རྣམས་ཕྱིན་ཅི་ལོག་ལས་ཡང་དག་པར་བྱུང་བའི་རྣམ་པར་རྟོག་པ་ལས་བྱས་ནས། ལས་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་བྱེད་དོ། །དེ་ལ་ཕྱིན་ཅི་ལོག་ནི་བཞི་སྟེ། གང་ཟག་ལ་བདག་མེད་པ་དང། མི ་མཐུན་པའི་ཕྱོགས་དང་།དངོས་པོ་ལ་མངོན་པར་ཞེན་པ་མི་མཐུན་པའི་ཕྱོགས་དང་།ཆོས་ལ་བདག་མེད་པའོ། །འདིར་བྱམས་པས་ཞུས་བའི་ལན་གྱིས་ཕྱིན་ཅི་ལོག་མང་པོ་ཡང་བསལ་ཅིང་།རབ་འབྱོར་གྱིས་ཞུས་པའི་ལན་གྱིས་ཕྱིན་ཅི་ལོག ་མང་བོ་ཡང་བསལ་ནས། རབ་འབྱོར་གྱི་ཞུས་པའི་ལན་ཅུང་ཟད་ཀྱང་བསལ་བ་འདི་ཕྱིན་ཅི་ལོག་སྤངས་པ་ལ་དགེད?་པའི་ཕྲིན་ལས་སོ། །སེམས་ཅན་རྣམས་ཕྱིན་ཅི་ལོག་པ་ལས་རྣམས་མངོན་པར་འདུ་བྱེད་དེ། དེ་ལས་ཀུན་ནས་ཉོན་མོངས་པར ་འགྱུར་བ་དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་།དོན་དམ་པར་ནི་མ་ཡིན་པའི་ཕྱིར་ཏེ། གང་དུ་གནས་པའི་ལས་ཀྱི་བྱ་བའི་དངོས་བོ་སྐྲའི་རྩེ་མོའི་ཚད་ཙམ་བཞག་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའོ ་འདི་ནི་ཕྱིན་ཅི་ལོག་བཞི་མེད་པར་ཤེས་པ་ལ་དགོང་པའི་ཕྲིན་ལས་སོ། །གང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དང་།དེ་བཞིན་ཉིད་དང་།ཡང་དག་བའི་མཛའ་དང་།མྱ་ངན་ལས་འདས་པ་དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱིས་དོན་དམ་པར ་ནི་མ་ཡིན་ཏེ། བརྗོད་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རྣམ་པར་བྱ་བ་ལ་དགོད་པའི་ཕྲིན་ལས་སོ། །ཆོས་ཐམས་ཅད་གཞི་མེད་ཅིང་རྨི་ལམ་དང། སྒྱུ་མ་ལྟ་བུ་ཡིན་པ་དེ་ལྟ་མོད་ཀྱི། དེ་མ་ཤེས་པས་སེམས་ཅན་དངོས་པོ་ལ་མངོན་པར་ཞེན་ཅིང་ལས ་བྱས་ནས། བདེ་འགྲོ་དང། ངན་འགྲོར་འགྱུར་ཏེ། དེས་ན་དེ་དག་གིས་ཕྱིན་ཅི་ལོག་སྤང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚོགས་རྣམས་ལ་སྤྱོད་ཅིང། མངོན་པར་རྫོགས་པར ་བྱང་ཆུབ་ནས། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་བར་འདི་ནི་ཚོགས་ལ་དགོད་པའི་ཕྲིན་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཉིས་ཀྱིས་ཀྱང་མངོན་པར་རྟོགས་པར་འགྱུར་བ་མེད། གཉིས་མེད་པས་ཀྱང་མངོན་པར་རྟོགས་པར་འགྱུར ་པ་མེད་པ་འདི་ཉིད་ནི་གང་ལ་གཉིས་དང། གཉིས་མེད་པའི་མངོན་པར་རྟོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་འདི་མངོན་པར་རྟོགས་པའོ། །ཞེས་བྱ་བ་ནི་སྤྲོས་པ་སྟེ། ཆོས་མཉམ་པ་ཉིད་ནི་ཆོས་ཉིད་དོ། །ཆོས་ཉིད་ལ་ཡང་ཐ་དད་པ་ནི་མེད་དོ།། ་རབ་འབྱོར་གྱིས་གསོལ་བ་ཅི་ཆོས་ཉིད་འདུས་བགྱིས་པ་ལགས་སམ། འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ནོ། །གང་ཡང་འདུས་བྱས་ཀྱི་ཁམས་དང། གང ་ཡང་འདུས་མ་བྱས་ཀྱི་ཁམས་འདི་གཉི་ག་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ་སྟན་དུ་མེད་པ་ཐོགས་པ་མེད་པ་མཚན་ཉིད་གཅིག་པ་སྟེ་འདི་ལྟར་མཚན་ཉིད་མེད་པའོ། །འདི་ནི་འདུས་བྱས་དང་འདུས་མ་བྱས ་ཐ་དད་པ་མེད་པར་ཤེས་པ་ལ་དགོང་པའི་ཕྲིན་ལས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས་།བྱང་ཆུབ་སེམས་དཔས་མ ་བྱས། སངས་རྒྱས་ཀྱིས་མ་བྱས་ཏེ། གང་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །འདི་ནི་མྱ་ངན་ལས་འདས་པ་ལ་དགོད་པའི་ཕྲིན་ལས་སོ། །མཛད་པའི་ཁྱད་པར་ཉིད་དུ་བསྟན་པའི་ཕྱིར། ཆོས་ཐམས་ཅད་འཁྲུག་པ་མེད་པའི ་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁྲུག་པ་མེད་པར་རྗེས་སུ་རིགས་པར་བྱ་སྟེ། མཛད་པ་ནི་སྤྱོད་པའི། །སྤྱོད་པ་ནི་ཆོས་ཏེ། རིགས་པ་དང། རྣམ་པར་མི་འཚེ་བ་དང། དཔེ་དང། ངོ་བོ་དང། ཆོས་ཤེས་པའི་ཚིག་གིས་ཏེ་ཆོས་ཐམས་ཅད་ནི་མཛད་པ་ཉི་ཤུ་རྩ ་བདུན་པོ་དག་གོ། དེ་འཁྲུག་པ་མེད་པ་ནི་གནོད་པ་མེད་པ་ཉིད་དེ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་གནས་པའི་སེམས་ཅན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་སྣོད་ཇི་ལྟ་བ་བཞིན་དུ་རྒྱུན་མི་འཆད་པར་ནམ་མཁའ་སྙེད་དུ་འཇུག་པའོ། །དེ་སྐྱེད་པར་བྱེད་པའི ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཡང་འཕྲུག་བ་མེད་པར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཕྲིན་ལས་སོ། །རྒྱ་མཚོ་མུ་མེད་པ་ཞེས་བྱ་བ་ནས། ཆོས་ཐམས་ཅད་འཁྲུག་པ་མེད་པ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་ཕྱད་པར་གང་དག་གསུངས་ནས། དེ་དག་དོན་དམ་པར་ཤེས་པ་རིམ་བཞིན་དུ་བསྟན་པར་འདོད་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་དྲིས་ཏེ། སྐད་ཅིག་མ་གཅིག་གི་མངོན་པར་རྟོགས་པ་དང། ཆོས་ཀྱི་སྐུ་དང་འབྲེལ་བའི་རྟོགས ་པའི་ཚིག་གང་གསུངས་པའི་དེ་དག་ཐམས་ཅད་ཀྱི་གཏན་ཚིགས་ནི་གང་སྟེ། རྒྱུ་གང་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་ནི་ལན་ཏེ། འདིར་རྒྱ་མཚོ་མུ་མེད་པ་ནི་སྟོང་པ་ཉིད་ཙམ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་ཚད ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ལ་སོས་པའི་ཕུང་པོ་ལྔ་ཡང་རྒྱ་མཚོ་དང་མཚུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ། །དེ་ལྟར་གང་ཡང་གཟུགས་ལ་སོགས་པ་དང། གང་ཡང་དེ་དག་གི་སྟོང་པ་ཉིད་དང། གང་ཡང་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་བ་ཡང་མ་ཡིན། གཟུགས་མེད་པ། གཏན་དུ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ་ཞེས་དགོངས་སོ། །གཟུགས་ནི་ནམ་མཁའ་དང ་མཚུངས་སོ། །ཞེས་བྱ་བ་ནས་མི་དམིགས་བའི་བར་དུའོ། ཞེས་བྱ་བའི་བར་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །མི་དམིགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །རབ་འབྱོར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་མངོན་པར ་རྟོགས་པ་བརྒྱད་ལེའུ་དང་བཅས་པར་བསྟན་པ་དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་གསུངས་ཏེ། རྗེས་སུ་རིག་པར་བྱའོ། །ཅི་ཞིག་བྱ་བ་ཡིན་ཞེ་ན། རབ་འབྱོར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་རིག་པར་བྱེད་པ་ཞེས་བྱ་བ་ནི ་ཡི་གེའི་ཚོགས་ཀྱིས་ཉན་པར་བྱེད་པའོ། །རྣམ་པར་དཔྱོད་པ་ཞེས་བྱ་བ་ནི་དོན་གྱི་ངོ་བོས་སོ། །འཇུག་པ་དང་རྟོགས་པར་བྱེད་པ་ཞེས་བྱ་བས་ནི་རབ་ཏུ་ཤེས་པར་བྱེད་པས་སོ། །རིགས་པ་རྣམ་པ་བཞི་དང་ལྡན་པས་འདི་ལྟ་བ་ཉིད་ཡིན་གྱི ་གཞན་དུ་མ་ཡིན་ནོ། །ཞེས་སེམས་དཔའ་ནི་སེམས་དཔའ་ཨོ། །ཡང་བྱིས་པ་ནུས་བ་ཟད་པས་སྐྱོ་བ་དང། སྨྱོས་པ་དང། བརྒྱལ་བ་འམ། འཆི་བར་འགྱུར་པའི་གནས་དེ་དག་མི་བསམ་པར་གང་དག་གནས་ལ་སེམས་པ་དེ་དག་ནི་འཇལ་བར ་བྱེད་པའོ། །ཇི་ལྟར་འདི་དག་ནི་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་དམ་པས་གཟིགས་པ་སྟེ། བདག་གི་ནི་འདི་དག་བསམ་པར་བྱ་བ་མ་ཡིན་ཏེ། རྟོག་པ་ཅན་ག་ཡི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་ནི་ཉེ་བར་རྟོག་པར ་འགྱུར་བའོ། །འདི་ལྟ་བུའི་ཐེ་ཚོམ་ཐམས་ཅད་ཆད་པའི་ཕྱིར་འདི་ནི་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པའོ། །དེ་ལྟར་ཐེ་ཚོམ་ཐམས་ཅད་ཤིན་ཏུ་ཆད་ན། སྒོམ་པ་ལ་དབང་དུ་འགྱུར་ཏེ། དེའི་ཕྱིར་སྒོམ་པར་འགྱུར་བ་ཞེས་གསུངས་སོ། །སྒོམ ་པ་ནི་རྣམ་པ་བཞི་སྟེ། ཞི་གནས་དང། ལྷག་མཐོང་དང། དེ་གཉི་ག་དང། ཞི་གནས་དང་ལྷག་མཐོང་ལ་མངོན་པར་དགའ་བའོ། །ཇི་ལྟ་བུར་ཡིད་ལ་བྱེད་པ་ཡིན་ཞེ་ན། སྒྱུ་དང་གཡོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདག་ཅེས་བྱ ་པ་དང། བདག་གི་ཞེས་བྱ་བ་དང། གཟུགས་ཞེས་བྱ་བ་དང། ཚོར་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ། མངོན་པར་ཞེན་པ་ཐམས་ཅད་ནི་རློམ་སེམས་ཐམས་ཅད་དོ། །པས་ཀྱི་རྒོལ་བ་ཐམས་ཅད་དང། བདུད་ལ་སོགས་པ་དང། ཉོན ་མོངས་པ་གང་བསྐྱོད་བི་ན་ཐམས་ཅད་བསྐུལ་པའོ། །དེའི་ཚེ་དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་།ཡོན་ཏན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ནོ། །སངས་རྒྱས་ཀྱི་ཞིང་གི་ཞེས་བྱ་བ་ནི་ཡོན་ཏན་ནོ། །ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་འགྱུར་བ་སྟེ། ་ལྷག་མ་ནི་རྟོགས་པར་སླའོ། །མདའི་དོན་ནི་མངོན་པར་རྟོགས་པ་བརྒྱད་དེ། བསྟན་བཅོས་ཀྱི་དང་པོར་བསྟན་ནས། དེ་རྒྱས་པར་བཤད་དོ། །ཡང་བསྟན་བཅོས་ལས། མཚན་ཉིད་དེ་ཡི་སྦྱོར་བ་དང། །དེའི་རབ་དེ་ཡི་གོ་རིམ་དང། །དེ་མཛའ་དེ་ཡི་རྣམ་སྨིན་ནི།། ་དོན་བསྡུས་གཞན་དུ་རྣམ་པ་དྲུག་ཅེས་བྱ་གསུངས་ཏེ། ཡང་ན་འདོའི་དོན་ནི་དྲུག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ལམ་ཤེས་པ་ཉིད་དང། ཐམས་ཅད་ཤེས་པ་ཉིད་གསུམ་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ། གང་གི ་ཕྱིར་དེ་ནི་རྣམ་པ་གསུམ་མོ། །གཞི་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། འདི་ནི་དེ་ལ་སྦྱོར་བའོ། །ལྔ་པ་རྩེ་མོའི་མངོན་པར་རྟོགས་པ་འདི་ནི་སྦྱོར་བའི་རབ་པོ། །དྲུག་པ་མཐར་གྱིས་བའི་མངོན་པར་རྟོགས་པ་འདི་ནི་སྦྱོར་བའི་གོ་རིམ་སྟེ། མཐར ་གྱིས་སྦྱོར་ཞེས་བྱ་བའི་དོན་ཏོ། །བདུན་པ་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་འདི་ནི་སྦྱོར་བའི་མཐར་ཕྱིན་པའོ། །བརྒྱད་པ་ཆོས་ཀྱི་སྐུ་འདི་ནི་དེའི་རྣམ་པར་སྨིན་པ་སྟེ། འབྲས་བུའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཡང་བསྟན་བཅོས་ལས། ་ཡུལ་གྱི་རྒྱུ་ནི་གསུམ་དག་དང། །སྦྱོར་བ་བཞི་ཡི་བདག་ཉིད་དང། །ཆོས་སྐུ་འཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། ཞེས་བྱ་བ་གསུངས་ཏེ། ཡང་ནི་མདོའི་དོན་ནི་གསུམ་སྟེ། རྒྱུ་དང། སྦྱོར་བ་དང་འབྲས ་བུའོ། །དེ་ལ་སྦྱོར་བའི་ཡུལ་གྱི་རྒྱུ་ནི་རྣམ་པ་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ལམ་ཤེས་པ་ཉིད་དང། ཐམས་ཅད་ཤེས་པ་ཉིད་དོ། །ཐུན་མོང་མ་ཡིན་པའི་ཕྱིར་བཞི་ནི་སྦྱོར་བའི་དོན་ཏོ། །རྣམ་པ་ཀུན་མངོན་པར་རྫོགས་པར ་རྟོགས་པ་དང། རྩེ་མོའི་མངོན་པར་རྟོགས་པ་དང། མཐར་གྱིས་པའི་མངོན་པར་རྟགས་པ་དང། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་རྟོགས་པའོ། །ཆོས་ཀྱི་སྐུ་ནི་འབྲས་བུའོ། །ཕྲིན་ལས་དང་ཞེས་བྱ་བའི་སྒྲ་མེད་ཀྱང་གང་གི ་དོན་དུ་རྟོགས་པར་བྱའོ། །དོན་བསྡུས་ནི་མདོའི་དོན་རྣམས་བསྡུས་པ་སྟེ། དེ་ལ་དང་པོ་ནི་བརྒྱད་དོ། །གཉིས་པ་ནི་དྲུག་གོ་།གསུམ་པ་ནི་རྣམ་པ་གསུམ་མོ། །རྗེས་སུ་རིག་པར་བྱེད་པའི་ཚིག་གི་ལེའུ་ནི་རྗེས་སུ་རིག་པའི་ལེའུའོ།། །།འཕགས ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་རྣམ་པར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་ཉི་ཤུ་རྩ་དགུ་པའོ།། །།བཅོམ་ལྡན་འདས་ཀྱིས་བསྟན ་པའི་མངོན་པར་རྟོགས་པ་བརྒྱད་པོ་དེ། ཇི་ལྟར་བཙལ་བར་བྱ་བ་དེ་མ་གསུངས་ཏེ། དེའི་ཕྱིར་བཅོམ་ལྡན་འདས་དེ་འཆད་པར་བཞེད་ནས། གཞན་ཡང་རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་བཅལ་བར་བྱ་ཞེས་བྱ་བ་ནི་འདོད ་པའི་སྦྱོར་བའོ། ལུས་ངལ་པ་ལ་སོགས་པའི་ཡིད་ལ་བྱེད་པ་དགག་པ་ནི་བརྩོན་འགྲུས་ལྷག་པ་ཞེས་བྱ་བའི་དོན་ཏོ། །གང་ལ་ཡང་སེམས་སྨོན་པར་མ་བྱེད་ཅིག་ཅེས་བྱ་བ་ནི་རྣམ་པར་གཡེང་བ་དགག་པའོ། །སྨོན་པར་མ་བྱེད་ཅིག་ཅེས་བྱ ་བ་ནི་ཞེ་ན་པར་མ་བྱེད་ཅིག་པའོ། །གང་ལ་ཡང་ཞེས་བྱ་བའི་བསྟན་པའོ་ནང་དང་ཕྱི་རོལ་ཞེས་བྱ་བ་ནི་བཤད་པའོ། །བདག་གིས་དབང་དུ་བྱས་པའི་དོན་ནི་ནང་སྟེ། རྣམ་པར་དབྱེ་བ་བདུན་པའི་ཟད་པར་མི་འགྱུར་པའི་བསྡུ་བའོ། །ཕྱི་རོལ་ཞེས་བྱ་བ་ནི་ཕྱིའོ། །མ་བྱེད་པ་ནི་སོང ་ཞིག་བ་དང་སྦྱར་རོ། །གཡོན་དར་གཡས་ཞེས་བྱ་བ་ནི་ལོགས་ཞེས་དགོངས་སོ། །ཤར་ཞེས་བྱ་བ་ནི་ལ་སོགས་པ་ནི་བསྟན་ཏོ། །ཕྱོགས་མཚམས་ཞེས་བྱ་བ་ནི་མཚམས་སོ། །ཡང་ཞེས་བྱ་བ་ནི་མཚམས་དང་མཚམས་ཞེས་བྱ་བར་ཟློས་པའི་དོན་ཏོ། །ཕྱོགས་མཚམས ་ལ་ཡང་ཟད་པར་མི་འགྱུར་བའི་བསྡུ་བ་བྱའོ། །རིགས་ཀྱི་བུ་ཅི་ནས་ཞེས་བྱ་བ་ལ་སོགས་པས་ནི་དེ་ཁོ་ན་ཉིད་མ་ཡིན་པའི་ཡིད་ལ་བྱེད་པ་དགག་པའོ། །བདག་ལས་མ་ཡིན་འཇིག་ཚོགས་ལས་ཀྱང་མ་ཡིན་ཞེས་བྱ་བ་ལ། འཇིག་པས་ནི་འཇིག་པའོ། །ལུས་ཡིན ་པས་ན་ཚོགས་ཏེ་མི་རྟག་པའི་གཟུགས་ལ་སོགས་པ་ལ་འཇིག་ཚོགས་ཞེས་བརྗོད་དོ། །འཇིག་ཚོགས་ལ་གང་ཟག་ཏུ་འདོགས་སོ། །དེས་ན་བདག་ལས་ཨ་ཡིན། འཇིག་ཚོགས་ལས་ཀྱང་མ་གཡོས་ཞེས་བྱ་བ་ནི་གང་ཟག་རྫས་སུ་ཡོད་པ་ཡང་མ་ཡིན་བཏགས ་པར་ཡོད་པ་ཡང་མ་ཡིན་ཏེ། གཉི་ག་ཡང་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཅི་ནས་གཟུགས་ལ་སོགས་པ་ལས་མ་ཡིན་ཏེ་ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཕུང་པོའི་ཆོས་རྣམས་ཀྱང་མི་དམིགས་སོ་ཞེས་དགོངས་སོ། །དེའི་ཕྱིར་གཡོས་པ ་ཞེས་བྱ་བ་ནི་འདི་དག་གིས་གཡོས་པའོ། །འདི་དག་ལ་སྒྲོ་འདོགས་པ་ནི་རྣམ་པར་ཉམས་པར་འགྱུར་ཏེ། ལྡོག་པའོ། །ལྷག་མ་ནི་རྟོགས་སླའོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་དུ་ངེས་པར་གཟུང་བ་ཞེས་བྱ་བའི་དོན་ཏོ། །སྣང་བར་བྱེད་པ་ཞེས་བྱ ་པ་ནི་ཐར་པའི་ལམ་སྟོན་པའོ། །སྒྲུབ་པར་འདོད་པ་ཞེས་བྱ་བ་ནི་བདག་ཉིད་ལ་ཡང་དག་པར་སྐྱེས་པར་འདོད་པའོ། །མོས་པས་བསྐྱེད་ལ་ཞེས་བྱ་པ་ནི་དེ་བཞིན་དུ་འདི་ངེས་པར་གཟུང་བ་གང་ལས་ཤེ་ན། ཆོས་ཐམས་ཅད་ལའོ། །ཇི་ལྟ་བུ་ལ་ཞེ་ན།། ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་དག་ལ་སྟེ། ཇི་ལྟར་སྣང་བ་དོན་མེད་པའི་སྟོང་པ་དག་ལའོ། །དེ་ཡང་འཁྲུལ་པ་སྣང་བའི་མཚན་མ་རང་བཞིན་གྱིས་དགག་པའི་ཕྱིར་རོ། །མཚན་མ་མེད་པའི་དེ་དག་ལའོ། །ངེས་ན ་འཁྲུལ་བ་ཙམ་དུ་མཐོང་བའི་ཁམས་གསུམ་བདག་ལ་སྨོན་པ་མེད་པའི་ཕྱིར་སྨོན་པ་མེད་པ་དག་ལའོ། །ཁ་ཅིག་ཏུ་སྟོང་བ་ཉིད་ཀྱི་སྒྲ་འདོན་ཏེ། དེར་ནི་རང་གི་དོན་ལ་དངོས་པོའི་རྐྱེན་བྱའོ། །མཚན་མ་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་བསྟན་པའོ། །འཁྲུལ་པའི ་མཚན་མ་ཅན་གྱི་དངོས་པོ་ལ་མངོན་པར་ཞེན་པ་དེ་ནི་འདིར་མཚན་མ་སྟེ། དེ་ཡོངས་སུ་སྤངས་པས་སོ། །དངོས་པོ་ཡོངས་སུ་སྤངས་པས་སོ། །དངོས་པོ་ཡོངས་སུ་སྤངས་པ་དང། སེམས་ཅན་དུ་ལྟ་བ་ཡོངས་སུ་སྤང་བ་ཞེས་བྱ་བ་ནི་བཤད་པའོ། །དངོས་པོ་ནི་ཆོས་སུ ་ལྟ་བའོ། །སེམས་ཅན་དུ་ལྟ་བ་ནི་བདག་ཏུ་ལྟ་བ་སྟེ། དེ་དག་ཡོངས་སུ་སྤང་པ་ཞེས་བྱ་བའི་དོན་ཏོ། །དགེ་བའི་གཤེགས་གཉེན་གང་ཞེས་བྱ་བ་ལ་སོགས་པ་ལ་གང་ཞེས་བྱ་བ་ནི་ཆོས་སྟོན་པ་ཞེས་བྱ་བ་དང་སྦྱོར་རོ། །སྟོང་པ་ཉིད་དང། མཚན་མ་མེད་པ་དང། ་སྨོན་པ་མེད་པ་ནི་སྔ་མ་བཞིན་ནོ། །དངོས་པོ་མེད་པ་ནི་མ་བྱུང་བ་དང། མ་སྐྱེས་པ་དང། མ་འགགས་པའོ། །གང་མ་བྱུང་བ་དང། མ་སྐྱེས་པ་དང། མ་འགགས་པ་དེ་ནི་དངོས་པོ་མེད་པ་སྟེ། དེ་བས་ན་མ་བྱུང་བ་དང། མ་སྐྱེས་པ་དང། མ་འགགས ་པ་དང། དངོས་པོ་མེད་པའི་ཆོས་རྣམས་སོ། །དེ་ལྟར་ཆོས་སྟོན་པ་གང་ཡིན་པ་དེ་དག་ནི་དགེ་བའི་བཤེས་གཉེན་ཡིན་ཏེ། དེ་ལས་བཟློག་པའི་ཆོས་སྟོན་པ་ནི་སྡིག་པའི་གྲོགས་པོར་དོན་གྱིས་རྟོགས་པར་བྱའོ། །བསྒྲུབས་ན་ཞེས་བྱ་བ་ནི་གནས་ནའོ།། ་བྱས་པ་གཟོ་བ་ནི་ཐོས་པ་བྱས་པའི་ཕྱིར་རོ། །བྱས་པ་ཚོར་བ་ནི་ཐོས་པའི་འབྲས་བུ་ཤེས་པའི་ཕྱིར་རོ། །ཡོངས་སུ་གཏོགས་ལ་ཞེས་བྱ་བ་ནི་སེམས་པས་སོ། །འཇིག་རྟེན་གྱི་ཟང་ཟིང་ཞེས་བྱ་བ་ནི་བཟའ་བ་དང། བཏུང་བ་དང། གོས་ལ་སོགས་པའོ།། ་ལྡན་པ་ཞེས་བྱ་བ་ནི་དེ་མངོན་པར་འདོད་པར་བྱ་བའོ། །འབྲང་བར་བྱ་བའོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བར་བྱ་བའོ། །ཡོང་དེ་ཞེས་བྱ་བ་ནི་འདི་ཡོད་པའོ། །བསྙེན་པ་ལ་སོགས་ཚིག་གསུམ་གྱིས་ནི་ཀུན་ནས་བསྟེན་པ་ཞེས་བྱ་བའི་དོན་ཏོ། །ཟིལ་གྱིས་མནན་ནས ་ཞེས་བྱ་བ་ནི་ཉེས་པ་མེད་པར་བྱས་ནས་སོ། །སེམས་ཅན་གདུལ་བ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་རོ། །རབ་ཏུ་གཟུང་བའི་ཕྱིར་ཞེས་བྱ་བ་ནི་ཡོངས་སུ་གཟུང་བའི་དོན་ཏོ། །ཆགས་པ་ནི་སྲེད་པའོ། །སྒྲིབ་པ་ནི་དམིགས་པའོ། །ཡང ་དག་པའི་ཚུལ་ནི་དོན་དམ་པའི་བྱེ་བྲག་གོ། ཀུན་ནས་ཉོན་མོངས་པ་མེད་པས་ན་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །རྣམ་པར་བྱང་བ་མེད་པས་ན། རྣམ་པར་བྱང་བ་མ་ཡིན་ནོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པ། ཞེས་བྱ་བ་ལ་སོགས་པའི་ཚིགས ་གི་ནི་གང་ཟག་ལ་བདག་མེད་པ་གསུངས་སོ། །སྒྱུ་མ་ལྟ་བུ་ལ་སོགས་པའི་ཚིགས་གིས་ནི་ཆོས་ལ་བདག་མེད་པ་གསུངས་སོ། །ཕྱིར་བསྔོ་བ་ཞེས་བྱ་བ་ནི་ལན་གྱི་ཚིག་གོ་།ཡིས་མ་སྐྱོ་བ་ཞེས་བྱ་བ་ནི་མི་སྐྱོ་བའོ། །བསྟན་པ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ།། ་དུ་ཞིང་ནི་མཆི་མ་འབྱིན་པས་སོ། །ཆོས་དེ་ནི་དམན་པའི་སྒྲས་སོ། །མྱ་ངན་ནི་འདོད་པའི་ཡིད་དོ། །སྨྲེ་བ་ནི་རྣམ་པ་སྣ་ཚོགས་སྨྲ་པའོ། །རྗེས་སུ་འབྲང་བ་ནི་ལྡན་པས་སོ། །སྐོར་བ་ནི་ཡོངས་སུ་བསྐོར་བའོ། །འོབས་ནི་འོབས་སོ། །འབྱོར་པ་ནི་ནོར་ཕུན་སུམ ་ཚོགས་པའོ། །རྒྱས་པ་ནི་ཤིང་དང་སྐྱེད་མོས་ཚལ་ལ་སོགས་པས་སོ། །བདེ་བ་ནི་འཚེ་པ་མེད་པའི་ཕྱིར་རོ། །ལོ་ལེགས་པ་ནི་བཟའ་པ་དང། བཏང་བ་སྙེད་སླ་བའི་ཕྱིར་རོ། །གང་བ་ནི་རྒྱ་ཆེ་བའོ། །མང་པོ་ནི་སྐྱེ་བོ་རྣམ་པ་སྣ་ཚོགས་སོ། །གང་དག་ལ་འཁོར ་དེ་ལྟ་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ན་མི་དེ་ལྟ་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ་པར་ནང་ངོ། །སྲང་ནི་ཉེ་ཚོང་གི་གནས་ཏེ། དེ་ལ་སྲང་ལྔ་བརྒྱ་དག་གིས་ངེས་པར་གཏམས་པ་ནི་མ་ལུས་བར་གཏམས་པའོ། །ལམ་སྲང་ར་བའི་མཐར་ཐུག་ ་པར་རི་མོར་བྲིས་པ་ལྟ་བུར་གཏམས་པ་སྟེ། རི་མོ་ཡང་ཡིན་ལ་བྲིས་པ་ཡང་ཡིན་པས་རི་མོར་བྲིས་པའོ། །བྲིས་པ་ནི་ངོ་མཚར་བ་ཉིད་ཀྱི་ཕྱིར་རོ།། བཞིན་དུ་ཞེས་བྱ་བ་ནི་གྲོང་དང་རྗེས་སུ་མཐུན་པར་རོ། །དེས་ཉམ་མི་ང་བ་ནི་མཉམ་ཞིང ་གསལ་བའོ། །སྐྱེ་བོ་དང་ཁྲི་དང་གཞོན་བ་རྣམས་འདུས་ནས་འགྲོ་པའི་གནས་ནི་ཡང་དག་པར་འདུས་ནས་འགྲོ་བའི་གནས་ཏེ། ལམ་སྲང་རྒྱ་ཆེ་བའོ། །དེ་དག་བཞག་པ་ནི་གནས་པའོ། །ལེགས་པར་བསྒྲུབས་པ་ཞེས་བྱ་བ་ནི་ལེགས་པར ་བརྒྱན་པའོ། །དེ་ལ་སྐྱེ་བོ་ལ་སོགས་པ་ནི་འཇིག་རྟེན་ནོ། །ཁྲི་ནི་ཁྱོགས་སོ། །གཞོན་པ་ནི་ཤིང་རྟའོ། །གོང་ན་མེད་པའི་ཕྱིར་དང། ཕན་ཚུན་མཉམ་པའི་ཕྱིར་མཉམ་ཞིང་མཚུངས་པའོ། །མདའ་ཡབ་རྣམས་ནི་ཀ་གཞུ་ལ་སོགས་པའོ། །མཐོ་བ་ནི ་རབ་ལས་ཤིན་ཏུ་རྒྱ་ཆེ་བ་ཅུང་ཟད་མཐོ་ཞིང་ཕྱིར་འདོར་པའོ། །ཁྲི་ནི་ཁྱོགས་སོ། །གཞོན་པ་ནི་ཤིང་རྟའོ། །གོང་ན་མེད་པའི་ཕྱིར་དང། ཕན་ཚུན་མཉམ་པའི་ཕྱིར་མཉམ་ཞིང་མཚུངས་པའོ། །མདའ་ཡབ་རྣམས་ནི་ཀ་གཞུ་ལ་སོགས་པའོ། །མཐོ་བ་ནི ་མདའ་ཡབ་གཉིས་པའི་ཤིང་གཞན་དང་ཇི་ལྟར་ཡོད་པ་དེ་བཞིན་དུ་འབྲེལ་པའོ། །ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་འདི་ལ་ཐམས་ཅད་ཡོད་པས་ན་ཐམས་ཅད་དང་ལྡན་པའོ། །གཡེར་གའི་དྲ་བ་ཞེས་བྱ་བ་ནི་ར་བའི་ངོས་བཞིའི་མདའ་ཡབ་དང ་འབྲེལ་བའི་ཤིང་ནོར་བུའི་སྐུད་པ་བཞིས་སྦྲེལ་པ་ལ་ནོར་བུའི་སྐུད་པ་རྣམ་པ་སྣ་ཚོགས་འཆད་པའོ། །འཛམ་པ་ནི་རྣར་སྙན་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་སེམས་བདེ་བ་ན་ཡིད་ཀྱི་ཕྱིར་རོ། །སྙན་པ་ནི་ཡིད་འཕྲོག་པ་ཉིད་ཀྱི་ཕྱིར་རོ། །ཡན་ལག་ལྔ་པ་ནི་པི་ཝང་དང ་གླིང་བུ་ལ་སོགས་པའོ། །མཁས་པ་ནི་གླུ་མཁན་སྣ་ཚོགས་སོ། །རྩིབ་ནི་རྣ་བས་སོ། །དགའ་བ་ནི་སེམས་ཀྱིས་སོ། །རབ་ཏུ་རྒྱུ་བ་ནི་ལུས་དང་དག་གི་ཀུན་ཏུ་གཡོ་བའོ། །འོབས་ནི་འོབས་སོ། །ཆུ་རྗེས་སུ་མཐུན་པར་འབབ་པ་ཞེས་བྱ་བ་ནི་ཀླུང་ལ་སོགས་པ་དང ་རྗེས་སུ་མཐུན་པའི་ཆུའི་རྒྱུན་དང་ལྡན་པའོ། །པདྨ་ནི་པདྨ་དམར་པོའོ། །པུཎྜ་རི་ཀ་ནི་པདྨ་དཀར་པོའོ། །རིགས་ཆེ་ཞིང་ཆེ་བ་ཞེས་བྱ་བ་ནི་གྱ་ནོམ་པ་བས་གྱ་ནོམ་པའོ། །དྲི་ཞིམ་པོའི་སྒྲ་ནི་དྲི་ཞིམ་པོའི་རྣམ་གྲངས་སོ། །རྫིང་བུ་དེ་དག་ཅེས་བྱ་བ་ནི་སྐྱེད་མོས་ཚལ་གྱི་རྫིང་བུའོ། །ཁོར་ཡུག ་གི་ཚད་ཅེས་བྱ་བ་ནི་ངོས་ཐམས་ཅད་དུའོ། །རྒྱད་གྲགས་རྒྱད་གྲགས་ཞེས་བྱ་བ་ནི་བཟླས་པའོ། །མཐིང་ཁ་ལ་སོགས་པའི་ཚིག་ནི་སྔ་མ་བཤད་པའོ། །སྒྲ་འབྱིན་པ་ནི་སྒྲོགས་པའོ། །སངས་རྒྱས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་གུས་པར་བྱེད་པ་ནི ་མཆོག་ཏུ་དང་བ་སྟེ། དེས་རྗེས་སུ་འགྲོ་པའོ། །གང་དག་ལ་བདེ་བར་གཤེགས་པ་དག་ལས་ཐོས་པ་བསམ་པ་དེ་དག་ལ་སྟེ། དེ་ལྟར་དེ་རྣམས་ཀྱིའོ། །གྲོང་ཁྱེར་གྱི་དབུས་ན་བཞི་མདོ་ཞེས་བྱ་བར་སྦྱར་རོ། །ཁོར་ཡུག་ཅེས་བྱ་བ་ནི་ངོས་སོ་སོར་རོ། །ཁང་པའི་ལོངས ་སྤྱོད་ནི་བསྐོར་བའོ། །ཅིའི་ཕྱིར་ཞེ་ན། ཉེ་བར་ལོངས་སྤྱོད་པ་དང། ཡོངས་སུ་ལོངས་སྤྱོད་པའོ། །ཉེ་བར་ལོངས་སྤྱོད་པ་ནི་འབྲས་བུ་དང་མེ་ཏོག་ལ་སོགས་པའོ། །ཡོངས་སུ་ལོངས་སྤྱོད་པ་ནི་མ་ལུས་པ་སྟེ། འཆགས་སར་པ་ལ་སོགས་པའོ། །བར་ཞེས་བྱ་བ་ནི ་མཚམས་སོ། །ནང་གི་སྐབས་སོ། །ལྡན་པ་ནི་འབྱོར་པའོ། །འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གིས། དང་པོ་ཐམས་ཅད་རྗེས་སུ་འཛིན་པས་ན་དབང་ངོ། །དེ་དང་ལྡན་པ་ནི་དབང་དུ་གྱུར་པའོ། །རྩ་བ་ནི་དག་གིས་སོ། །དགའ་བ་ནི་ཡིད་ཀྱིས་སོ། །ཀུན་ཏུ་སྤྱོད་པ་ནི ་ལུས་ཀྱིས་སོ། །དུས་རེ་ཞིག་ཅེས་བྱ་བ་ནི་དུས་ཐུང་བའོ། །དེ་ནས་ཞེས་བྱ་བ་ནི་རྩ་བ་ལ་སོགས་པའི་དུས་ཀྱི་འོག་ཏུའོ། །དུས་གསུམ་ཞེས་བྱ་བ་ནི་ལྔ་དྲོ་དང། ཉི་མ་ཕྱེད་དང། ཕྱི་དྲོ་དག་ཏུའོ། །ཁྲིའི་ཁྱད་པར་ནི་གསེར་གྱི་རྐང་བ་དང་ཞེས་བྱ་བ་ནས། འཕང ་དུ་རྒྱད་གྲགས་ཕྱེད་ཡོད་པོ་བཤམས་པར་བྱ་བའི་བར་གྱིས་གསུངས་སོ། །ཤིང་བ་ལ་བཏིང་པ་འམ་།གོ་ནི་ཀའི་སྟན་ནས་ཞས་བྱ་བ་ལ། གོ་ནི་ཀ་ནི་རྒྱའི་གོས་ཀྱི་སྟན་ནོ། །འདི་ལ་སྟེང་ན་ཡོད་པས་ནི་སྟེང་སྙིང་པོ་ཅན་དུ་བྱས་པའོ། །ཀ་ཤི་ཀའི་གོས་བཏིང ་བ་ནི་ཀ་ཤི་ཀའི་གོས་སམ་ལྷའི་གོས་སོ། །འདི་ལ་དེ་ལྟ་བུ་ཡོད་པས་ན་དེ་སྐད་ཅེས་བྱའོ། །མཉམ་པ་ནི་ཇི་ལྟ་བ་བཞིན་ཡིན་ཏེ། །དེ་ལྟར་འཛིན་པར་བྱེད་པ་ན་ཀ་བ་ཚད་དང་ལྡན་པའོ། །ལྷན་ཅིག་པ་ནི་མ་ནུས་པའོ། །ཉམས་དགའ་བ་ནི་རྩེ་གཅིག ་ཏུའོ། །ཇི་ལྟ་ཞེ་ན། ཇི་འདི་ལེགས་པར་གནས་པའོ། །ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ལེགས་པར་ཡང་དག་པར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མུ་ཏིག་གི་ཕྲེང་བས་བརྒྱན་པ་ཞེས་བྱ་བ་ནི་ཐ་མ་དག་ཏུ་?་བ་དང། དྲ་ཕྱེད་འཕྱང་བ་དང། ་དབུས་སུ་མུ་ཏིག་འགྲུམ་བུ་རགས་པ་གང་ལ་ཡོད་པའོ། །མངོན་པར་གཏོར་བ་ནི་མདུན་ནས་སོ། །རབ་ཏུ་གཉེར་བ་ནི་ལོགས་གསུམ་ནས་སོ། །ཡང་དག་པར་གཏོར་བ་ནི་ཡང་སྒོ་བཞིའི་ངོས་ནས་སོ། །ཆོས་ཀྱི་བསམ་བ་རྣམ་པར་དག་པས་ཞེས་བྱ་བ ་ནི་ཆོས་ལ་གང་དེ་དག་དད་པ་དང་འདུན་པ་དག་པའོ། །ཆོས་ལ་གུས་པ་ནི་དགེ་བའི་བཤེས་གཉེན་ཉིད་ཡིན་པའི་ཕྱིར་རོ། །བསྟེན་པ་ནི་ཡང་དག་པར་བསྟེན་པ་ཉིད་དོ། །དད་པར་འོས་པ་ལ་དད་པ་དང་ལྡན་པའོ། །ལོག་པར་ལྟུང་བ་ནི་ངན་འགྲོར་འགྲོ ་པའོ། གནས་པ་ནི་།རྒྱུན་མཆད་པར་རོ། །དགའ་བ་ནི་མགུ་བས་སོ། མགུ་པ་ཞེས་བྱ་བ་ནི་མགུ་པ་དེས་རོ་བསྟོད་མཐོ་བར་གྱུར་པར་བྱེད་པའོ། །དེ་ཉིད་ལ་གཅིག་ཏུ་སེམས་དཔའ་ཨི་ཕྱིར་ཡི་རངས་པའོ། །དགའ་བ་ཁྱད་པར་དུ་གྱུར་པ་ནི་རབ་ཏུ་མགུ་པའོ། ་དགའ་བ་དང་ལྡན་པའི་དང་བ་ནི་དགའ་བ་དང། ཡིད་བདེ་བའོ། སྐྱེས་པ་འདི་ལ་ཡོད་པ་དེ་སྐད་ཅེས་བྱ་སྟེ། ཐོས་སོ་ཞེས་བྱ་བ་དང་སྦྱར་རོ། །ཆོས་ཐམས་ཅད་མི་གནས་པའི་འདུ་ཤེས་ཞེས་བྱ་བ་ནི་ཇི་ལྟར་བདག་ཚེས་འཕགས་ཆོས་སྟོན་པར ་སྣང་བ་དང། ཉེ་བར་མི་དམིགས་པ་དེ་བཞིན་དུ་།ཆོས་ཐམས་ཅད་ཀྱི་རྒྱུ་ངེས་པར་མི་གནས་པ་ཞེས་བྱ་བ་འདི་ལ་འདུ་ཤེས་ཤིན་ཏུ་མཉམ་པར་བཞག་པའོ། །འདུ་ཤེས་འདིའི་མཐུ་ཅི་ཞིག་འབྱུང་ཞེ་ན། དེ་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཏིང་ངེ་འཛིན་ཉིད་སྒོ་སྟེ་ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་མཚན་ཉིད་ཐམས་ཅད་དོ། །དེ་དག་ལ་ལྟ་བ་ནི་རྣམ་པར་ལྟ་བའོ། །དེ་མི་དམིགས་པ་ནི་མེད་པར་ངེས་པའོ། །དེ་དག་གི་ཤེས་པ་ལས་ངེས་པར་འབྱུང་བ་ནི་གཏན ་ཏུ་མེད་པར་ངེས་པའོ། །ཆོས་ཐམས་ཅད་ཀྱི་ཐ་དད་པ་མེད་པ་ནི་མཉམ་པ་ཉིད་དེ་རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །མཉམ་པ་ཉིད་དེ་ཡང་དེ་བཞིན་ཉིད་དོ། ངེས་ཆོས་ཐམས་ཅད་འགྱུར་བ་མེད ་པར་མཐོང་བ་ཡིན་ཏེ། དེ་བས་ན་ཐམས་ཅད་འགྱུར་བ་མེད་པར་མཐོང་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བར་དུ་རིག་པར་བྱའོ། །ཏིང་ངེ་འཛིན་དེ་དག་ལ་གནས་པས་ཞེས་བྱ་བ་ནི་ཏིང་ངེ་འཛིན་དག་ལ་རིམ ་གྱིས་གནས་པའོ། །འདི་ལ་ཕྱོགས་བཅུ་ཡོད་པས་ཕྱོགས་བཅུའི་འཇིག་རྟེན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བའི་དོན་ཏོ། དེར་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ཚད་མེད་པ་དག་མཐོང་པའོ། །གལ་ཏེ་དུས་ཅིག་དུ་དེ་བཞིན་གཤེགས ་པ་དུ་མ་ནི་མ་ཡིན་ཏེ། གཅིག་ཁོ་ནར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱད་པ་ཡིན་ནོ་ཞེ་ན། རྟག་ཏུ་སངས་རྒྱས་གཅིག་ཁོ་ནས་སྐུ་ཚེ་མཛའ་ཡས་པར་བྱིན་གྱིས་རློབ་པར་སྤྱོད་པ་ཡིན་ན། ཅིའི་ཕྱིར་མི་འདོད། གལ་ཏེ་རྒྱུའི་སྟོབས་ཀྱིས་གཞན ་ཡང་འབྱུང་བར་འགྱུར་རོ་ཞེ་ན་།དེ་ལྟ་ན་ནི་རྒྱུའི་སྟོབས་ཀྱིས་འཇིག་རྟེན་གྱིས་ཁམས་མཛའ་ཡས་པ་དག་ཏུ་དེ་བཞིན་གཤེགས་པ་མཛའ་ཡས་བདག་ཅིག་ཅར་འབྱུང་བ་ལ་འགལ་བ་ཅི་ཡོད། དཔེར་ན་འཁོར་ལོ་སྒྱུར་བ་གཉིས་གླིང་བཞི་པ་གཅིག་ཏུ ་ཅིག་ཅར་མི་སྐྱེ་སྟེ། ཐེ་ཚོམ་མེད་པར་གཅིག་གིས་ལས་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པ་གཅིག་འབྱུང་བར། ཤིང་རྟ་ཆེན་པོ་རྣམས་ཀྱིས་བརྟགས་ནས་བཞག་གོ། རྟོགས ་པར་ཁོང་དུ་ཆུད་ཅེས་བྱ་བ་ནི་རྟོགས་པ་ནི་ཐོག་མ་མེད་པ་དེ་ཁོང་དུ་ཆུད་པའོ། །བསླབས་སོ་ཞེས་བྱ་བ་ནི་བསླབ་པར་བྱས་པའོ། །ཇི་སྐད་བསྒོ་ཞེས་བྱ་བ་ནི་ངེས་སྔར་ཁྱོད་ལ་གང་བྱས་པ་བཞིན་དུ་ཟུང་ཞིག་ཅེས་བྱ་བ་ནི ་སེམས་པ་བརྗེད་པ་མེད་པར་བྱ་བའོ། །མགོའི་གོས་ནི་གོས་སོ། །དེའི་ཐོད་ནི་མགོའི་གོས་ཀྱི་ཐོད་དོ། །རབ་ཏུ་གདུང་བ་ནི་མྱ་ངན་ནོ། །མི་དགའ་བར་གྱུར་པ་ནི་སྡུག་བསྔལ་བར་གནས་པའོ། །མཐར་ཕྱིན་པའི་དགའ་བ་ནི་རང་ས་པའོ། །ཡོན་ཏན ་དང་ལྡན་པ་སེམས་རྙོག་པ་མེད་པ་ནི་དང་པའོ། །དེའི་ཡོན་ཏན་ལ་ངོ་མཚར་དུ་གྱུར་བ་ནི་རི་མོ་བྱེད་པའོ། །གུས་པ་ནི་མཆོད་པའོ། །སྒྲ་ཇི་ལྟ་བུས་ཞེ་ན། མི་སུ་འདོད་ཅེས་བྱ་བ་ལ་སོགས་པས་སོ། །བར་ཆད་བྱའོ་སྙམ་མོ་ཞེས་བྱ་བ་ནི་དེའི་ཕྱིར ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུར་ཡོངས་སུ་བསྒྲབས་ཞེས་བྱ་བ་ནི་གཡེང་བར་བྱས་པའོ། །ཇི་ལྟར་ནི་ཇི་ནས་ཀྱང་ཞེས་བྱ་བའི་དོན་ཏོ། །སེམས་བདེ་ཞེས་བྱ་བ་ནི་དགའ་བ་དེ་ཉིད་ཀྱིས་སེམས་ལས་སུ་རུང་བའོ། །དེ་ལས་ཉིས་འགྱུར་དུ་གྱུར ་པའི་དགའ་བ་ཡིན་པའི་ཕྱིར་སེམས་རབ་ཏུ་དགའ་བའོ། །ཡོན་ཏན་གྱི་རྣམ་པ་མི་རྣམས་ཀྱི་ཡོན་ཏན་གྱི་སྤྱིའོ། །ཡོན་ཏན་གྱི་ཁྱད་པར་ནི་མི་ལས་འདས་པའོ། །བཟོད་དོ་ཞེས་བྱ་བ་ནི་རང་ཉིད་བྱེད་པར་ཡང་འདོད་པའི་ཕྱིར་རོ། །ཡུལ་ཞེས་བྱ་བ ་ནི་ནུས་པའོ། །བསམ་པ་རིཌ་པར་བྱས་ནས་བརྩོན་པ་ཆུང་བར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་སྨས་སོ། །བརྩོན་པ་ཆུང་བ་ནི་བརྩོན་འགྲུས་ཆུང་པའོ། །གང་སྐད་ཅིག་དེ་ཉིད་དང་ཐང་གཅིག་དེ་ཉིད་དང་།ཡུད་ཙམ་དེ་ཉིད་ལ་ཡང་ཞེས་བྱ་བ་ནི ་ཉན་པ་རྣམས་ཀྱིས་དད་པའི་བྱེ་བྲག་གིས་གསུམ་མོས་པ་ཡིན་ནོ། །སྤོབས་པ་མེད་པར་གྱུར་ཏེ་ཞེས་བྱ་བ་ནི་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །ལན་གླན་པར་ཞེས་བྱ་བ ་ནི་རྒྱ་མཚན་གྱི་བདུན་པའོ། །སྤོབས་པ་མ་སྐྱེས་པ་ནི་སྤོབས་པ་མེད་པའོ། །མང་པོ་ནི་རྣམ་པ་མང་པོའོ། །རྒྱ་ཆེ་བ་ནི་རྣམ་པ་མང་པོ་མཛའ་ཡས་པའི་ཕྱིར་རོ། །ལོངས་སྤྱོད་ནི་ནོར་རོ། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ནི་འཇིག་རྟེན་ལས ་འདས་པའོ། །སྤྱི་བོའི་སྟང་མི་དབུའི་སྟེང་ངོ། །གྱུར་ཏོ་ཞེས་བྱ་བ་ནི་གནས་པའི་དོན་ཏོ། །ནམ་མཁའ་ལ་ཞེས་བྱ་བ་ནི་པར་སྣང་ལའོ། །མདུན་དུ་བྱས་པའི་ཐལ་མོ་ནི་ཐལ་མོའོ། །ཁྱབ་པ་ནི་ཐོབ་པའོ། །མཐོང་བ་ཐག་ཅེས་བྱ་བ་ནི་མཐོང་བའི་རྒྱུས་དེ་མཐོང་བ་དང། ་ལྷན་ཅིག་གཅིག་ཅེས་བྱ་བའི་དོན་ཏོ། །རྟག་ཏུ་དུས་མཚོན་པའི་ལེའུ་ནི་དེའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་པས་རྣམ་པར་སྦྱར་བ ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་སུམ་ཅུ་པའོ།། །།དེ་སྐད་ཅེས་སྨྲས་པ་དང་ཞེས་བྱ་བ་ལ་སོགས་པ་ནི་དམ་བཅའ་པའོ། །དེ་བཞིན་ཉིད་ལས་མ་གཡོས་སོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །གལ་ཏེ་ཅིང་བཞིན་གཤེགས ་པ་རྣམས་བྱོན་པ་ཡིན་ནམ་ཞེ་ན། དེ་བཞིན་དུ་འོག་མའི་གཏན་ཚིགས་དག་ཀྱང་འཐད་པ་དང་བཅས་པར་རིག་པར་བྱ་སྟེ། གཏན་ཚིགས་འདི་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་གྲངས་མཚན་མའི་དབྱེ་བས་ཕྱེ་པའོ། །ནམ་མཁའ་ཨི་ཁམས་ནི་དེ ་བཞིན་ཉིད་དེ། ནམ་མཁའ་དང་ཆོས་མཐུན་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱང་བཟང་པོ་བརྒྱད་ཅུས་རྣམ་པར་བརྒྱན་པའི་སྐུ་ནི་དེ་བཞིན་གཤེགས་པ་ཡིན་པས་དེ་བཞིན་ཉིད་ལ་སོགས་པ་ནི་མ་ཡིན་ནམ་ཞེས། ་རིགས་ཀྱི་བུ་ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་དེ། དེ་བཞིན་ཉིད་ཁོ་ན་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་གཤེགས་པའོ་ཞེས་དགོངས་ཏེ་།དེ་ནི་དེ་དག་གི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །ཞེས་བྱ་བའི་རིགས་པའོ། །དེ་ལྟར་དེ་བཞིན་ན་ཡིད ་དང་དེ་བཞིན་གཤེགས་པ་དག་ཐ་མི་དད་པར་བསྟན་ནས་ཤིན་དུ་ཐ་དད་པ་མ་ཡིན་པར་བསྟན་པའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་འདི་དག་ཅེས་བྱ་བ་ནི་དེ་བཞིན་ཉིད་ལ་སོགས་པ་སྟེ། ་དེ་བཞིན་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོས་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བའི་བར་དུའོ། །དེ་བཞིན་ཉིད་གཅིག་པ་སྟེ་ཞེས་བྱ་བ་ནི་བསྟན ་པའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །འདི་ལྟ་སྟེ་མེད་པའི་ཕྱིར་ཞེས་བྱ་པ་ལ་སོགས་པས་ནི་གཏན་ཚིགས་གསུངས་ཏེ། རྫས་སུ་མེད་པའི་ཕྱིར་ཡིན་གྱིས། མཚན་ཉིད་ཇི་ལྟ་བ་བཞིན་དུ་མེད་པ་ནི་མ་ཡིན་ནོ། །ཞེས་དགོངS ་སོ། །ཡང་དེ་བཞིན་གཤེགས་པ་ལ་བྱོན་པ་དང། བཞུད་པ་མེད་པར་ནི་ཇི་ལྟར་བརྟགས་པ་ལྟར་མེད་པ་ཉིད་ཀྱི་ཕྱིར་རོ། །དངོས་པོར་རྟོགས་པ་ཡང་འདུ་ཤེས་ཕྱིན་ཅི་ལོག་པ་ལ་སོགས་པའི་དཔེས་བསྒྲུབ་པར་བྱ་པའི་ཕྱིར་འདི་ལྟ་སྟེ། ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མ་གུང་གི་དུས་ལ་བབ་པའི་ཚེ་ཞེས་བྱ་བ་ལ། འདི་ནི་ཉིད་མ་གུང་ཡང་ཡིན་ལ་དུས་ཀྱང་ཡིན་པས་ཉི་མ་གུང་གི་དུས་སོ། །དེ་ལ་བབ་པ་འོང་བ་ནི་འཇུག་པའོ། །དེ་བཞིན་གཤེགས་པ་ལ་གཟུགས་སུ ་མངོན་པར་ཆགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་སྐུ་ནི་ཆོས་ཉིད་ཀྱི་སྐུའོ། །གླང་པོ་ཆེའི་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་ཚོགས་ནི་འདུས་པའོ། །གྲུབ་པ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དོ། །དེ་ནི་བརྫུན་པ་དང་ཆོས་མཐུན་པའི་ཕྱིར ་སླུབ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཡང་དག་པ་མ་ཡིན་ཞེས་གསུངས་སོ། །དོན་ཡོད་པ་ནི་སྦྱིན་པ་པོའི་འབྲས་བུ་ཆེན་པོའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྦྱིན་གནས་སོ། །རབ་ཏུ་དབྱེ་བ་ནི་དམིགས་པའོ། །སྐུ་མངོན་པར་འགྲུབ་པ་ནི་སྲིད་པ་ཐ་མ་པ ་འཛིན་པའོ། །གང་དུ་འགྲོ་བ་ནི་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་དུས་ན་སྟེ། མྱ་ངན་ལས་འདའ་བར་འགྲོ་བའི་གནས་ནི་གང་ནི་ཡང་ཡོད་པ་མ་ཡིན་ནོ། །རྒྱུ་ནི་ཉེ་བར་ལེན་པ་ནི་རྒྱུའོ། །རྐྱེན་ནི་ལྷན་ཅིག་བྱེད་པའོ། །དེ་ལ་སྒྲའི་ཉེ་བར་ལེན་པ་ནི་སྒྲའི་རྡུལ་ཕྲ་རབ་པོ་ཞེས་ཁ་ཅིག་ཟེར་རོ།། ་གཞན་དག་ནི་རླུང་གི་རྡུལ་ཕྲ་རབ་པོ་ཞེས་ཟེར་རོ། །དེ་ལ་ཤིང་བུ་ཞེས་བྱ་བ་ནི་རྒྱུད་དཀྲི་བའི་ཤིང་བུའོ། །རྒྱུད་རྟེན་ནི་རྒྱུད་ཀྱི་གཙོ་བོ། །དང་པོ་དང་ཐ་མ་ལས་སྒྲ་མ་བྱུང་བ་ཞེས་བྱ་བའི་ཚིགས་ནི་བར་མ་དག་ཏཱུང་སྦྱར་བའི་དོན་ནོ། །ཡང་དག་པར་དཀྲོག་པ་ནི་ཡང་དག་པར་རབ་ཏུ ་བསྐྱོད་པའོ། །སྤ་བཀོད་པ་ནི་གཟི་བྱིན་ཉམས་པར་བྱས་པའོ། །འཐོར་ཞིང་ཞེས་བྱ་བ་ནི་འཐོར་བར་བྱེད་པའོ། །བར་སྣང་ནི་ནམ་མཁའ་ཨོ། །བདག་གི་ལུས་ཀྱི་ཆོས་འཕགས་ལ་མངོན་པར་བཀག་སྟེ་ཞེས་བྱ་བ་ནི་དེའི་མདུན་དུ་ལུས་ཐམས་ཅད་ཀྱིས་ས་ལ་ཕབ་པ་ཞེས་བྱ་བའི་དོན་ཏོ།། ་དེའི་དུས་ཇི་ཙམ་གྱི་བར་དུ་ཞེ་ན། ལོ་བདུན་གྱི་བར་དུ་ཞེས་བྱ་བ་གསུངས་སོ། །དུས་འདའ་བར་བྱེད་ཞེས་བྱ་བ་ནི་སྙོམས་པར་བཞུགས་པས་སོ། །གང་དག་ཀྱང་ཞེས་བྱ་བ་ནི་གང་གི་ཚེ་བདག་ཀྱང་ངོ། །རྗེས་སུ་འཇུག་པ་ཞེས་བྱ་བ་ནི་རྗེས་སུ་བྱེད་པའོ། །ལྷའི་ཞེས་བྱ་བ་ནི་ནམ ་མཁའ་ལས་བྱུང་པའོ། །སེམས་གཞན་ཉིད་དུ་ཞེས་བྱ་བའི་ས་ཕྱོགས་ཆག་ཆག་གདབ་པ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེ་ལྟར་བསམས་ནས་ཞེས་བྱ་བ་ནི་དེ་ལྟར་ངེས་པར་བརྟགས་ནས་སོ། །དེ་དག་ཐམས་ཅད་ཀྱིས་ཀྱང་ཞེས་བྱ་བ་ནི་བུ་མོ་ལྔ་བརྒྱ་པོ་དག་གོ། ་དེ་དང་དེ་དག་ཅེས་བྱ་བ་ནི་མཚོན་གྱི་ཁྱད་པར་རོ། །གླགས་ནི་སྐབས་སོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་བྱས་པའོ། །འདིར་དྲིས་ཁྱབ་པོ་ཞེས་བྱ་བ་བྱིན་གྱིས་བརླབས་སོ་ཞེས་བྱ་བ་དང་སྦྱར་རོ། །ཡོངས་སུ་འཚོལ་བ་ནི་ཀུན་དུ་འཚོལ་བའོ། །འཕགས་པ་ཆོས་འཕགས ་ཆོས་ཇི་ལྟ་བུ་སྟོན་པ་ཡིན་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་སླའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟ་སྟེའི་སྒྲ་ཕ་ནི་སྤྱིར་བསྟན་པ་ཁྱད་པར་དུ་གསལ་བར་བྱེད་དེ། སུམ་ཅུ་པོ་ ་འདི་དག་རྣམ་པ་ཞེས་བྱ་བའི་དོན་ཏེ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཐོབ་པའི་སྟོབས་ཀྱིས་སྐྱེས་བ་སུམ་ཅུ་བའོ། །རྣམ་པ་འདི་དག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་རྟག་ཏུ་དུ་ལ་སྐྱེས་བའི་ཏིང་ངེ་འཛིན་བསྟན་ཏོ། །ཆོས་ཐམས་ཅད་ལ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་མཉམ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཏེ། དེ་ནི་ཆོས་ཐམས་ཅད་ལ་དམིགས་པ་མེད་བས་དེ་ཡང་མཉམ་བའོ། །ཆོས་ཐམས་ཅད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད ་དཔེན་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་རྣམ་པར་དབེན་པའི་ཕྱིར། གལ་ཏེ་ནམ་ཞིག་ན་རང་གི་མཚན་ཉིད་སྣང་བ་འདི་ལས་གཡོས་པར་འགྱུར་རོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་པ་ཉིད་དོ། །ཞེས་གསུངས ་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཡོ་བ་མེད་པ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་རྣམ་པར་དབེན་པས་ན་གཡོ་བ་མེད་པ་ཉིད་དོ། དེ་བས་ན་དེ་ཡང་རྣམ་པར་དབེན་པ་ལས་མི་གཡོ་བ་ཉིད་དོ། །གལ་ཏེ་རློམ་སེམས་ཀྱིས་གཡོས་བར་འགྱུར་རོ་ཞེ་ན། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་པ་ཉིད་ཅེས་བྱ་བ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རློམ་སེམས་མེད་པའི་དཔས་སོ། །རློམ་སེམས་མེད་པ་ནི་ཆོས་ཐམས་ཅད་དེ། དེ་དག་ལ་ནི་རློམ་སེམས་ཅུང་ཟད་ཀྱང་མེད་དེ། ངོ་བོ་ཉིད་མེད་པ་ཉིད ་ཀྱི་ཕྱིར་རོ། །དེས་ན་དེ་ལ་ཡང་རློམ་སེམས་མེད་དོ། །གལ་ཏེ་ཡང་འདི་ཅི་ཞིག་གིས་ཁེངས་བར་བྱས་པས་གཡོ་བ་མེད་པ་ཡིན་ནོ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁེངས་པ་མེད་པ་ཉིད་དོ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཕོངས ་བ་མེད་པ་ཉིད་པས་སོ། །ཆོས་ཐམས་ཅད་དབེན་པ་ལས་གཡོ་བ་མེད་དེ། གང་གི་ཀྱང་ཁེངས་པ་མེད་དོ། །འོན་ཀྱང་རང་བཞིན་ཁོ་ནས་དབེན་བར་གནས་པ་ཡིན་ཏེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་གནས་པ་ཡིན་ནོ། །དང་པོར་མཉམ་པ ་ཉིད་ཙམ་བསྟན་གྱི་།རོ་གཅིག་པ་ཉིད་མ་ཡིན་པས། དེའི་ཕྱིར་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཅིག་པ་ཉིད་དོ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རོ་གཅིག་པ་ཉིད་པས་ཏེ། ཆོས་ཐམས་ཅད་ནི་དེ་བཞིན་ཉིད་དུ་རོ་གཅིག་པ ་ཡིན་ཏེ་།རང་གི་མཚན་ཉིད་རྣམས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟེ། རང་གི་མཚན་ཉིད་མི་སྣང་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མུ་མེད་པ་ཉིད ་པས་ཏེ། འདི་ལྟར་མུ་ནི་གཉིས་ནི་སྔོན་གྱི་མུ་དང། ཕྱི་མེའི་མུའོ། །དེ་དག་མེད་ཀྱི་ཆོས་ཐམས་ཅད་ཀྱིས་འདས་བ་དང། མ་འོངས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་མུ་མེད་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང ་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དེ་།ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་ཉིད་བས་ཏེ། དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ། དེའི་ཕྱིར་སྐྱེ་བ་མེད་དེ་རི་བོང་གི་རྭ་བཞིན་ནོ། །དེའི་ཕྱིར་སྐྱེ་བ་མེད་པའོ། །དེ་བཞིན་དུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ཉིད་དང་མུ་མེད་པ་ཉིད་དེ་དཔེ་གང་གིས་ཤེ་ན། །ནམ་མཁའ་ཨི་མུ་མེད་པས་སོ། །དེ་ལྟར་ན་ཕྱོགས་བཅུ་འམ་དུས་གསུམ་དུ་ནམ་མཁའ་ལ་མུ་མེད་པའོ། །དེ་བཞིན་དུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཙམ་སྣང་བའི་ཕྱིར་རོ། །ཇི་ལྟར་ནམ་མཁའ་མུ་མེད་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱང་མུ་མེད་ན། ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་ཀྱི་རྒྱ་མཚོ་མུ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་རྒྱ་མཚོ་མུ་མེད་པ་ཡང་གྲུབ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟེ། འདི་ལྟར་གང་རྒྱ་མཚོ་དེ་དག་གི་དེ་བཞིན་ཉིད་དང། གང་ཆོས་ཐམས་ཅད་ཀྱི་དེ་བཞིན ་ཉིད། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་འདི་ནི་གཅིག་སྟེ། དེ་བཞིན་ཉིད་ལ་དམིགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་ཕྱིར་རྒྱ་མཚོ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཞེས་བྱ་བར ་གྲུབ་བོ་རྣམ་པར་ཤེས་པ་ཡང་རྨི་ལམ་ལྟ་བུ་ཡིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ནམ་མཁའ་ལྟ་བུ་ཡིན་ན། དེ་སྔར་རྣམ་པ་སྣ་ཚོགས་སུ་སྣང་བ་དང་ཇི་ལྟར་དོན་གཅིག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་རོ་རབ་སྣ་ཚོགས་ཉིད་ཡིན ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དོ་ཞེས་གསུངས་ཏེ། ཇི་ལྟར་ནམ་མཁའ་རོ་གཅིག་པའི་རང་བཞིན་ཡིན་པ་དེ་བཞིན་དུ་རི་རབ་ཀྱི་ངོས་རྣམ་པ་སྣ་ཚོགས་པ་མུ་མེད་ཀྱང་རྣམ་པ་སྣ་ཚོགས་སུ་སྣང་ངོ། །དེ་བཞིན་ཉིད་ནི་རོ་གཅིག་པ ་སྟེ། དེ་ལྟར་རྣམ་པ་སྣ་ཚོགས་ནི་མ་ཡིན་ནོ། །དེ་བཞིན་ཉིད་ལས་དམིགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་གང་དང་རྨི་ལམ་ལ་སོགས་པར་སྣང་བའི་ཤེས་པ་རྣམ་པ་སྣ་ཚོགས་སུ་སྣང་བ་དེ་ནི་ཡང་དག་པར་མ་ཡིན་པའི་ཆོས་ལ་ཀུན་དུ་རྟོག ་པའོ། །དེའི་ཕྱིར་རྨི་ལམ་དང། སྒྱུ་མ་ལྟ་བུ་ལ་སོགས་པའི་ཤེས་པ་ནི་ཀུན་རྫོབ་སྟེ། སྣང་བ་མེད་པ་དོན་དམ་པའི་ཤེས་པ་ལ་སེམས་ཅན་གཟུང་བར་བྱ་བའི་ཕྱིར་བསྟན་པ་ཡིན་ནོ། །ཡང་ན་སྣང་བ་མེད་པའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་གང ་མྱོང་བ་དེས་པར་བྱ་བའི་དོན་དུའོ། །དེའི་ཕྱིར་འདོད་བའི་དོན་གྲུབ་སྟེ། རི་རབ་སྣ་ཚོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་ཅེས་བྱའོ། །སྣང་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་རང་གིས་མྱོང་བ་ན་དོན་དམ་པར་ཆོས་ཐམས ་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །དེ་ཇི་ལྟར་རྣམ་པར་མི་རྟོག་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ནམ་མཁའ་ལ་ནི་དངོས་པོར་རྣམ་པར་རྟོག་པ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་རུ་ཕྱིན་པ་ནི་བླུན་བ་མ་ཡིན་ན་ཇི་ལྟར་རྟོག་པར ་མི་བྱེད་ཅེ་ན། ནམ་མཁའ་རྟོག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོག་པ་མེད་དོ་ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟོག་པ་མེད་པས་དེ་ལ་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མེད་དེ་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པའི་ཕྱིར་རོ། །གལ ་ཏེ་དཔེར་ན་བླུན་པ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་ནི་དངོས་པོ་རྣམ་པར་རྟོག་པ་ཡོད་བ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླུན་པ་མ་ཡིན་ན་ཇི་ལྟར་རྟོག་པར་མི་བྱེད་ཅེ་ན་འདིར་རྣམ་པར་རྟོག་པ་ནི་འཁྲུལ་པ་ཡིན་ལ། དེ་ནི་འཁྲུལ་པ་མ་ཡིན་ནོ་ཞེས་བསྟན ་ཏོ། །གཟུགས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ་ཞེས་བྱ་བ་ལ། འདི་ལྟར་ནམ་མཁའ་མུ་མེད་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་ཡང་ངོ། །གང་ཡང་གཟུགས་ལས་གཞན་མེད་པ་དེ་ལ་ངེས་པར་སྣང་བ་དང་མུན་པ་ཡང་མེད་དོ། ། ་དེ་བཞིན་དུ་དེའི་དེ་བཞིན་ཉིད་སྣང་བ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཇི་ལྟར་བདག་གིས་རྒྱ་མཚོ་མུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པར་བཤད་པ་དེ་བཞིན་དུ་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སུ་མེད་པ་ཉིད་དང། ་འདུ་ཤེས་མུ་མེད་པ་ཉིད་དང། འདུ་བྱེད་མུ་མེད་པ་ཉིད་དང། རྣམ་པར་ཤེས་པ་མུ་མེད་པ་ཉིད་དང། སའི་ཁམས་མུ་མེད་པ་ཉིད་དང། ཆུའི་ཁམས་མུ་མེད་པ་ཉིད་དང། མེའི་ཁམས་མུ་མེད་པ་ཉིད་དང། རླུང་གི་ཁམས་མུ་མེད་པ་ཉིད་དང། ནམ ་མཁའ་ཨི་ཁམས་མུ་མེད་པ་ཉིད་དང། རྣམ་པར་ཤེས་པའི་ཁམས་མུ་མེད་པ་ཉིད་ཀྱང་བཤད་པར་བྱའོ། །ཇི་སྟེ་གང་རྣམ་པར་ཤེས་པའི་ཕུང་པོ་མུ་མེད་པ་ཉིད་དང། རྣམ་པར་ཤེས་བའི་ཁམས་མུ་མེད་པ་དེ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཕུང་པོ ་དང། ཁམས་ཀྱི་སྒྲ་དག་གིས་བྱ་བྲག་ཏུ་བྱས་པ་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དུ་ཞེས་བྱ་བ་ལ། སེམས་འཛིན་པས་ན་ཆོས་ཏེ་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ལྟ་བུའི་ཆོས་ནི་རྡོ་རྗེ་ལྟ་བུའི ་ཏིང་ངེ་འཛིན་ཏོ། །དེ་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་མ་འདྲེས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འདྲེས ་བ་ཉིད་དོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱིས་མ་འདྲེས་པ་ཉིད་ནི་མ་འདྲེས་པ་སྟེ། འབྱེད་པར་བྱེད་པའི་རང་གི་མཚན་ཉིད་རྣམས་མེད་པའི་ཕྱིར་རོ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་འདྲེས་པ་སྟེ། དེ་དག་གི་འདྲེས་པ་ཉིད་ཀྱི་ངོ་བོ ་དེ་ལ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ཉིད་དོ། །ཞེས་བྱ་བ་ལ་ཆོས་ཐམས་ཅད་ལ་ནི་ཅུང་ཟད་ཀྱང་དམིགས་པ་མེད་དེ། གཟུགས་ནི་བླུན་པ་ཉིད་ཀྱི་ཕྱིར་རོ། །ལྟག ་མ་ཡང་རང་དམ་གཞན་ལ་འཛིན་པ་མི་རིགས་ཏེ། མི་དམིགས་ཤིང་འཛིན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་པར་བྱ་བ་དང། དམིགས་པར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་དེ་དག་དང་དེ་མི་དམིགས་སོ། ། ་ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མཉམ་པ་ཉིད་དོ་ཞེས་བྱ་བ་ལ་རྣམ་པར་འཇིག་པ་ནི་གཞན་དག་ལ་ཚིག་གི་སྟོན་པ་དེ་ཆོས་ཐམས་ཅད་ལ་མེད་དོ། །དེའི་ཕྱིར ་རྣམ་པར་འཇིག་པ་མེད་པས་དེ་དག་མཉམ་པ་ཉིད་དོ། །དེ་བཞིན་དུ་དམིགས་པ་ཐམས་ཅད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཇིག་པ་མེད་པ་ནི་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་བྱེད་པ་མེད་པ་ཉིད་དོ་ཞེས་བྱ་བ་ལ་བྱེད་པ་མེད་པ་ཞེས་བྱ་བ་ནི་བྱེད་པ་ནི་འདིར་བྱ་བ་སྟེ། ཆོས་ཐམས་ཅད་བྱབག་མེད་བའོ། །དེ་ལྟར་ན་གང་ཞིག་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། འདི་ཡོད་པའི་རྐྱེན་ཙམ་གྱིས་འདི་ཡོད་ན་ནི་འདི ་འབྱུང་ལ་འདི་མེད་ན་ནི་འདི་མི་འབྱུང། ཞེས་བྱ་བ་འདི་ཙམ་གྱིས་རྒྱུ་དང་འབྲས་བུའི་དངོས་པོའོ། །དེའི་ཕྱིར་འདི་རྣམས་ནི་བྱེད་པ་མེད་པ་སྟེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་པས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་ཆོས་ནི་གཞན་དག་ལ་བསྟན་དུ་མེད་དེ། ཚིག་གི་ཡུལ་མེད་པའི་ཕྱིར་རོ། དེ་བཞིན་དུ་རང་གིས་ཀྱང་བསམ་དུ་མེད་པའི་བརྟག་ཏུ་མེད་པ་དེ་དག་དང་རྣམ་པར ་རྟོག་པ་དང་དོན་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསམ་གྱིས་མི་ཁྱབ་པའོ། །རིག་པར་བྱའོ་ཞེས་གང་མཐར་བརྗོད་པ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་སོགས་པའི་ཚིག་དག་ལ་སྦྱར་ཏེ། མེད་ན་མི་འབྱུང ་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ནི་བསྟན་པ་ཡོངས་སུ་རྫོགས་པའོ། །དེ་ལྟར་འདུག་བཞིན་དུ་ཞེས་བྱ་བ་ནི་ཐོས་པའི་སྟན་ལས་མ་ལངས་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། ་བསྟན་པའོ། །དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །དེའི་ཚེ་ཞེས་བྱ་བ་ནི་རིམ་པ་གང་དང་རྣམ་པ་གང་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་བའི་རིམ་པ་དེ་ཉིད་དང་རྣམ་པ་དེ་ཉིད་ཀྱིས་ཏིང་ངེ་འཛིན་སུམ་ཅུ་སྐྱེས་སོ་ཞེས་བྱ་བ་ནི ་བསྡུས་བའི་དོན་ཏོ། །དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་དུ་ཡང་བསྟན་ན། ཇི་ལྟར་འདི་དག་རྣམ་པ་ཡིན་ཞེ་ནི། རྣམ་པ་འདི་དག་གིས་ཏེ། གཞི་དང་ཡེ་ཤེས་རྣམ་པ་ཡི། །རྣམ་པ་ཞེས་བྱ་མཚན་ཉིད་དེ། ཞེས་བྱ་བ ་གསུངས་ཏེ། དེ་ལྟ་མོད་ཀྱི་རང་རང་གི་དམིགས་པ་ནི་དེ་ཉིད་ཀྱི་གཞི་ཇི་ལྟ་བ་བཞིན་ནོ། །ཡང་ན་ཆོམ་ཐམས་ཅད་དུ་མཉམ་པ་ཉིད་ལ་སོགས་པ་ཉིད་དམིགས་པ་སྟེ། དེའི་དམིགས་པ་ནི་ཏིང་ངེ་འཛིན་དེའི་དམིགས་པ་ཡིན་པའི་ཕྱིར་དེ་སྐད་ཅེས ་བརྗོད་དོ། །གཞི་ལ་གནས་པ་མཚན་མ་མེད་པ་ལ་སོགས་པ་ནི་རང་རང་གི་ཇི་ལྟ་བའི་རྣམ་ནམའོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་སུམ་ཅུ་ལ་སོགས་པའོ། །ཇི་ལྟར་དེ་དག་ལ་སོགས་པ་ཡིན་ཞེ་ན། འདི་དག་ཉིད་ཀྱིས ་ལྷག་མ་བསྡུས་བའི་ཕྱིར་ཏེ། བརྒྱ་ཕྲག་སྟོང་ཞེས་བྱ་བ་ནི་འབུམ་མོ། །ཆོས་འཕགས་ཀྱིས་མཚོན་པའི་ལེའུ་ནི་དེའི་ལེའུའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲེལ་སློབ་དཔོན་རིན་ཆེན་འབྱུང ་གནས་ཞི་བས་རྣམ་མར་སྦྱར་བ་སྙིང་པོ་མཆོག་ཅེས་བྱ་བ་ལས་ལེའུ་སུམ་ཅུ་རྩ་གཅིག་པའོ།། །།ཐོག་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ནི། འདིས་ཐོབ་པའི་ཏིང་ངེ་འཛིན་རྣམས་ཀྱི་ཕན་ཡོན་དེའི་དུས་སུ་སྐྱེས་པ་ནི་དེ་ཉིད་ཀྱི ་ཕྱིར་དེ་མ་ཐག་བའི་སྒྲས་ནི་དུས་མཉམ་དུ་ཐོབ་པོ་ཞེས་བརྗོད་དེ། ཐོབ་པ་ཡོད་ནའོ། །ཚུལ་འདི་ལྟ་བུ་ཉིད་ཀྱིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་མངོན་པར་རྟོགས་པ་བརྒྱད་ཀྱི་དངོས་པོས་སོ། །མིང་འདི་ཉིད་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ ་སོགས་པས་སོ། །གར་སྐྱེས་པ་ཐམས་ཅད་དུ་ཡང་སངས་རྒྱས་དང་མི་འབྲལ་བར་འགྱུར་ཞེས་བྱ་བ་ནི་བསྟན་པའོ། །འདིའི་འོག་ཏུ་བསྟན་བའི་གཞུང་ལས་འབྲལ་བར་མི་འགྱུར་རོ། །ཞེས་བྱ་བའི་བར་ནི་བཤད་བའོ། །དེས་ཞེས་བྱ་བ་ལ་སོགས་པས་ནི ་ཡོངས་སུ་གཏད་བའི་གླེད་བསླང་བའོ། །དེས་རྣམ་གྲངས་འདིས་ཀྱང་ཞེས་བྱ་བ་ནི་རྟག་ཏུ་དུའི་ཇི་ལྟར་བྱུང་བས་ཀྱང་ངོ། །ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནས། འདི་ནི་དའི་གདམས་དག་གོ་ཞེས་བྱ་བའི་བར་ནི་གཏད་པ་དང་པོའོ། །འདིར་དེ་བཞིན ་གཤེགས་པའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཅིའི་ཕྱིར་ཞེ་ན། དོན་ཆེན་པོ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཡུ་ལུ་ལ་བར་དུ་གཅོད་པ་ནི་མང་དུ་ཡོད་པས་སངས་རྒྱས་ཀྱིས་བྱིན་བརླབས་མེད་བར་བྲི་བར་ཡང་མི་ནུས་སོ་ཞེས་བསྟན་ཏོ། །འདི་ནི ་ངའི་གདམས་དག་གོ་ཞེས་བྱ་བ་ལ། འདི་ནི་དའིགཏད་པ་སྟེ། ཇི་ལྟར་འདི་ཉན་པ་ལ་སོགས་པས་རྒྱུན་མི་འཆད་པ་དེ་ལྟར་ཁྱོད་ཀྱི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་དེ་ཡོངས་སུ་གཏད་བ་ལ་དགོས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། དེའི་ཕྱིར་ཤེS ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་བས་ནི་གཏད་པ་གཉིས་པའི་གླེང་བསླང་བའོ། །གནས་པ་འདི་ལ་ཞེས་བྱ་བ་ནི་སྐུ་འདི་ལའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དགའ་བ་ལ་སོགས་པ ་འདི་དག་གོ་།གླེང་བསླང་བ་འདི་དག་བྱས་ནས་ཡོངས་སུ་གཏད་པའི་ཕྱིར། ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལན་གཉིས་ལན་གསུམ་དུ་ཞེས་བྱ་བ་ལ་ཡོངས་སུ་གཏད་དོ་ཞེས་བྱ་བ་ནི་ཡང་དག་པར་གཏད་པའོ། །རྗེས་སུ་ཡོངས་སུ་གཏད་དོ་ཞེས་བྱ་བ་ནི ་མཐུན་པར་ཡོངས་སུ་གཏད་པའོ། །ཇི་ལྟར་ཡོངས་སུ་གཏད་པ་ཡིན་ཞེ་ན། དེའི་ཕྱིར་ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐྱེས་བུ་ཐ་མ་ཞེས་བྱ་བ་ནི་མ་གུས་བའོ། །གང་གི་ཕྱིར་འདི་ལ་དགའ་བ་དང་གུས་པར་བྱ་ཞེ་ན། དེའི་ཕྱིར་ཀུན་དགའ་བོ་གང་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་དྲུང་ན་སྦྱོད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །བཅོམ་ལྡན་འདས་ཡུམ་ཡོངས་སུ་རྫོགས་པར་གསལ་བར་བྱ་བའི་ཕྱིར་སྡུད་པ་པོས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་སྐད་ཅེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའོ། །བཀའ་སྩལ་པ་དང་ཞེས་བྱ་བ་ནི་གསུངས་བའོ། །བཅོམ་ལྡན་འདས་ནི་སྟོན་བའོ། །གཞན་གྱི་དོན་ལ་དགྱེས་པ་དེ་བཞིན་གཤེགས་པའོ། །གཞན་གྱི་དོན་མཆོག་ཏུ་མཛད་པ་ནི ་བཅོམ་ལྡན་འདས་ཀྱི་བསྟན་པའོ། །དེའི་ཕྱིར་ཡི་རངས་ཏེ་ཞེས་གསུངས་ཏེ། བླ་ན་མེད་པའི་ཆོས་བསྟན་པས་དགའ་བར་གྱུར་བ་ཞེས་བྱ་བའི་དོན་ཏོ། །ཉན་པ་པོས་ཅི་ཞིག་བྱས་པ་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར ་བསྟོད་དོ་ཞེས་གསུངས་སོ། །བསྟོད་པའི་སྔོན་རོལ་དུ་མངོན་པར་འབྲེལ་པ་ནི་ལས་དང་བཅས་པ་ཡིན་ཏེ། དེ་ནི་ལ་ལང་ནི་འདོད་པ་ལ་འཇུག་ལ་ལང་ནི་དགའ་བ་ལ་འཇུག་པ་སྟེ། དེ་ལ་དམིགས་པ་ཉིད་ནི་འདིར་ལས་ཡིན་ཏེ། ལས ་དེ་ཡང་བཅོམ་ལྡན་འདས་ཀྱི་གསུངས་བའི་བསྟན་པའི་དེ་ཉིད་དོ། །ཉན་པ་པོ་དེ་དག་ཀྱང་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཇིག་རྟེན་ནི་སེམས་ཅན་གྱི་ཚོགས་སོ། །ཉན་པ་པོ་དག་ཀྱང ་རྒྱལ་པོའི་ཁབ་ཀྱི་སྐབས་ཡིན་པའི་ཕྱིར་མིའི་ཚོགས་སོ། །འདི་འབའ་ཞིག་གིས་རྟོག་པ་རྣམ་པར་གཟད་པའི་ཕྱིར་ཁྱད་པར་དུ་བྱས་པ་ནི་ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ཟད་བཅས་པ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས ་དཔའ་ལ་སོགས་པ་དང། ལྷ་ལ་སོགས་པའི་འཇིག་རྟེན་ཞེས་བསྡུས་སོ། །ཡོངས་སུ་གཏད་པ་བརྗོད་པའི་ལེའུ་ནི་ཡོངས་སུ་གཏད་པའི་ལེའུའོ།། །།འཁྲུལ་པའི་དྲི་མ་སྣ་ཚོགས་རྣམ་བྲལ་གཟུང་དང་འཛིན་པ་རྣམ་པར ་སྤངས། །འགྲོ་བ་གང་དག་དེ་བཞིན་ཉིད་དུ་ཏེ་གཅིག་དེ་ནི་རྣམ་པར་མཛེས། །རྣམ་རྟོག་ལས་སྒྲོལ་ཤེས་རབ་ཕ་རོལ་ཕྱིན་དེ་བྱང་ཆུབ་སེམས་དཔའ་ཨི་བློ། །དེ་ཉིད་རྣམ་པར་དག་པའི་མཐར་ཕྱིན་དཔའ་བོ་དེ་བཞིན་གཤེགས་ཞེས་བརྗོད། །གང་ཞིག ་མདོ་།རྟོགས་བརྒྱད་དང་སྟོང་ཕྲག་བརྒྱད་དུ་བསྟན་པ་ཡི། །རྒྱུད་དང་མདོ་ནི་བདག་གིས་རྣམ་ཕྱིས་ཐོབ་པའི་བསོད་ནམས་ཀྱི། །ཕུང་པོའི་འབྲས་བུ་དེས་ནི་སྐྱེ་དགུའི་ཅི་རིགས་གྲོལ་གྱུར་ཅིག་།བདག་ཀྱང་སྣ་ཚོགས་བྱ་བ་རྒྱུན་མི་འཆད་པའི་དབང་ཐོབ ་ཤོག། འཕྲིན་འདིར་ནི་མེད་མོའི་སྙིང་པོ་ཆེན་པོ་རྫོགས་ཡོད་གྱུར། སྐྱེ་བོ་རྣམས་ཀྱི་ཡིད་ཀྱི་ནང་དེར་སྣང་བ་འབྱུང་འགྱུར་ཏེ། །ཡོན་ཏན་དཔེ་མེད་སྟོན་ཅིང་མ་ལུས་དྲི་མེད་བསྔགས་པ་ཡི། །ག་ཏ་མའི་གསུངས་དེས་སྲིད་པའི་མུན་པ་སེལ་གྱུར་ཅིག། ཤེས་རབ ་ཕ་རོལ་ཕྱིན་བསྡུས་པ། །བརྒྱ་ཕྲག་བཅུ་པ་བརྒྱད་དག་གི། དཀའ་འགྲེལ་སྙིང་པོ་མཆོག་ཅེས་པ། །ཚིག་གསལ་འདི་ནི་བདག་གིས་བྱས། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་བའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་རྒྱལ་པོའི་སློབ་དཔོན ་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཤྲཱི་སུ་བྷཱུ་ཏི་ཤནྟི་དང། ལོཙྪ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའོ།། །།*། །ཕར་ཕྱིན་བལྟས་པ་ཇོ་བོ་རྗེས་མཛད་པ་བཞུགས།། ་