| Wylie | e-texts based on the ACIP/ALL Input |
#། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལེ་ཀཱ་ར་བྷ་ག་བ་ཏེ་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤ་ཤཱསྟྲ་བྲིཏ་ཏི་པྲཛྙཱ་པྲ་དཱི་པ་ཨ་བ་ལི ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི ་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན ་མོངས་ཉོན་མོངས་སྒྲིབ་མུན་ཚོགས་ཟླ་འོད་བཅས་འཇོམས་སྲིད་ཞིའི་མཚན་མོ་མཐར་བྱེད་ཅིང། །དམ་ཆོས་ཤར ་གྱི་རི་བོ་མཐོན་པོའི་རྩེ་ནས་མངོན་བྱུང་རབ་ཡངས་ཤེས་བྱའི་མཁའ་ལ་རབ་ཏུ་ཤར། །ཕུན་ཚོགས་སྦྱོར་བཞི་རླུང་གི་རྟ་བཅིབས ་མཁྱེན་གསུམ་དཀྱིལ་འཁོར་དྲི་མེད་སྐུ་བཞིའི་གཟི་འོད་རྣམ་པར་འཕྲོ། །ཚ་ཟེར་མཛད་པས་འགྲོ་བའི་ལོ་ཏོག་སྨིན་མཛད་རྒྱལ་ཡུམ ་ཉི་མ་ཤེས་རབ་ཕ་རོལ་ཕྱིན་ཕྱག་འཚལ། །རྒྱལ་བས་ཤེས་རབ་ཕ་རོལ་ཕྱིན་དོན་གང་ཡིན་དེ་ལམ་གཞུང་གི་བདག་ཉིད་ཅན། །ཇི ་བཞིན་རྣམ་གཞག་སྒྲུབ་བྱེད་དང་ནི་བསྒྲུབ་བྱས་རྒྱུ་ལམ་འབྲས་བུ་བཟང་བསྒྲགས་པ། །བློ་ལྡན་ཚོགས་རྣམས་ལ་ནི་གསལ་བར་ཐུགས་རྗེས་རྒྱས་འབྲིང ་བསྡུས་མཛད་བསྟན་པ་ལས། །རིམ་གྱིས་ཤེས་རབ་དམན་པའི་སྐྱེ་བོ་རྣམས་ཀྱིས་དེ་ཡི་དོན་ཆེན་རྟོགས་མ་གྱུར། །རྟོགས་དཀའ་རྒྱལ་བའི་ཡུམ ་ལུས་ཟབ་ཅིང་རྒྱ་ཆེ་བརྗོད་ཚོགས་རྒྱ་མཚོའི་ནང་དུ་ནུབ་གྱུར་པ། །དེ་དོན་མངོན་གཟིགས་བཅོམ་ལྡན་བྱམས་པའི་བློ་གྲོས་ཉིད་དང་བརྩེ་བའི་ལྕགས ་ཀྱུས་གདོན་མཛད་དེ། །དངོས་བརྒྱད་རང་བཞིན་རྣམ་གཞག་དང་ནི་བརྒྱད་བཟོད་མངོན་པར་རྟོགས་པའི་རྒྱན་གཞུང་དྲི་མེད་ཕྲེང། །རིན་ཆེན་འོད་འཕྲོ ་མཁས་པའི་ཚོགས་རྣམས་ལ་ནི་ལེགས་བསྟན་རབ་ཏུ་དགའ་བ་བསྐྱེད་པར་མཛད། །ཐོགས་མེད་མགོན་གྱིས་དེ་དོན་མདོར་བཤད་བློ་གྲོས་ཕུན ་ཚོགས་དབྱིག་གཉེན་གྱིས། །རྣམ་རིགས་ཚུལ་བཀྲོལ་ཇི་བཞིན་དོན་མིན་འཕགས་པ་རྣམ་པར་གྲོལ་བས་ནི། །མཛའ་བྲལ་དོན་གྱི་དེ་ཉིད ་རྣམ་ཕྱེ་མཁས་པའི་སྐྱེ་བོ་རྣམ་གྲོལ་སྡེས། །རང་བློས་རྗེས་བརྟགས་དེ་རྗེས་རྒྱལ་སྲས་སེང་གེ་བཟང་པོས་རབ་བཤད་མཛད། །དེ་ལྟར་མཁས་པས་ཕལ་ཆེར ་དོན། །སྣང་གྱུར་བྱས་ཀྱང་འགའ་ཞིག་མིན། །དེ་ཕྱིར་དོན་གཉེར་ཕན་བརྩོན་པས། །མཛའ་དག་འགྲེལ་པར་བྱ་བར་འོས། །ཤེས་རབ་ཕ་རོལ་ཕྱིན་ལུས་མཆོག། ་མངོན་རྟོགས་རིན་ཆེན་རྒྱན་གྱིས་སྤྲས། །དེ་རབ་གསལ་བྱེད་འགྲེལ་པ་ནི། །ཤེས་རབ་སྒྲོན་མའི་ཕྲེང་བ་བྱས། །འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས ་ཀྱི་སྤྱོད་པ་དང་རབ་ཏུ་མཐུན་པར་སྟོན་ཅིང་རང་གིས་བསྟན་བཅོས་བརྩམས་པ་ཕུན་སུམ་ཚོགས་པར་བྱ་བ་དང། གཙོར་གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན ་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ལ་ཆེར་སྤྲོ་བས་དང་བ་བསྐྱེད་པའི་ཆེད་དུ་དང་པོ་རེ་ཞིག་འཕགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ ་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་པ་མངོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བར་མཛད་པ། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང། །འགྲོ་ལ ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང ་ཆུབ་སེམས་དཔའ་ཨི་ཚོགས་བཅས་སངས་རྒྱས་རྣམས་ཀྱི་ཡུམ་དེ་ལ་ཕྱག་འཚལ། །ཞེས་བྱའོ། །དེ་ལ་རེ་ཞིག་དད་པའི་རྗེས་སུ་འབྲང་པ་རྣམས་ནི་ཚིགས་སུ་བཅད་པ་འདིས་བསྟན་པའི་ཆེ་བ་ཐོས་པ ་ཉིད་ན་འདི་ལ་ཐེ་ཚོམ་མེད་པར་རབ་ཏུ་དད་བ་སྐྱེའོ། །ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མ་རྣམས་ཀྱིས་གཞི ་དང་ལམ་དང་རྣཾ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ཡུམ་ལ་གནོད་པ་མ་མཐོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་གསུམ་པ་ཅན་གྱི་བདག་ཉིད་གོམས་པ་ལ་སོགས་པའི་ཁྱད་པར་གྱིས ་ཁྱད་པར་དུ་འགྱུར་བའི་ཕྱིར་སངས་རྒྱས་ལ་སོགས་པ་ནི་བསྐྲུན་པར་མཛད་པ་དེ་ཉིད་དོ་ཞེས་ཤེས་པར་བྱས་ཏེ་མངོན་པར་དད་པ་བསྐྱེད་པར་བྱེད་པ་ཉིད་དོ། །དེ་ལ་དང་བས་ནི་དེའི་དོན་ཡོངས་སུ་བསྒྲུབ་པར་བྱ་འདོད་པS ་གཟུང་བ་ལ་སོགས་པའི་དོན་གྱིས་རྣམ་པ་ཐམས་ཅད་དུ་རབ་ཏུ་གུས་པར་བྱེད་པ་དང། དེ་ལས་ཀྱང་ཐོས་པ་ལ་སོགས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་ཅི་རིགས་པར་ཐོབ་པར་འགྱུར་རོ། །དེ་ལ་ཡུལ་ཉིད་དང ་སྦྱོར་བ་ཉིད་དང། འབྲས་བུ་ཉིད་ལ་སོགས་པ་གསུམ་གྱི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་པར་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་དོ། །འདི་ལྟར་ཉན་ཐོས་དང་དེའི་ཕྱོགས་སུ ་བསྡུས་པ་རྣམ་པར་ཐར་པ་ཅུང་ཟད་གཅིག་གིས་ལྷག་པ་རང་སངས་རྒྱས་ཀྱང་སྟེ་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ཕུང་པོ་ལ་སོགས་པའི་གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་ཕུང་པོ་དང་བཅས ་པ་དང་ཕུང་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་མཛད་པ་གང་ཡིན་པ་དང། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པ་རྣཾས་ཉན་ཐོS་ལ་སོགས་པའི་ལམ་ཐཾས་ཅད་སྐྱེ་བ་མེད་པར ་རྟོགས་པ་ཉིད་ཀྱིས་འཇིག་རྟེན་པ་རྣམས་ལ་ཕན་ཅིང་བདེ་བར་མཛད་པ་གང་ཡིན་པ་དང། ཆོས་ཐམས་ཅད་རྣམ་པ་ཐཾས་ཅད་སྐྱེ་བ་མེད་པར་མངོན་སུམ་དུ་གྱུར་པ་གང་དང་ཡང་དག་པར་ལྡན་ན་སྐུ་གསུང་ཐུགས་ཡང་དག་པར་བསྡམས་པའི་སྐུ་ཅན་རྣལ་འབྱོར ་ཅན་གྱི་དབང་ཕྱུག་གི་གཙོ་བོ་རྣམས་སྤྱོད་པའི་གཉེན་པོར་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་མ་ལུས་པ་རྣམ་པ་ཐམས་ཅད་དང་ལྡན་པ་བསྐོར་བར་མཛད་པ་གང་ཡིན་པ་ཉན་ཐོས་ཉིད་དང། བྱང་ཆུབ་སེམས་དཔའ་ཉིད་དང། སངས་རྒྱས་ཉིད་ཀྱིས་ཡོངས་སུ་བསྐོར་བ་དེ་ལྟ ་བུ་སྒྲུབ་པར་བྱེད་པ་ཉིད་ཀྱིས་དེ་དག་གི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གུས་པར་ཕྱག་འཚལ་བའོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱན་ནི་གཞི་དང་གཉེན་པོ་དང་རྣམ་པ་མཛའ་དག་མངོན་པར་རྟོགས་པའི་བདག་ཉིད་བརྒྱད་དུ་ཕྱེ་ཞིང་བསྡུས་པས་ཉེ ་བར་སྟོན་པར་མཛད་པའི་ཕྱིར་མཁྱེན་པ་ཉིད་རྣམ་པ་གསུམ་གྱི་རང་བཞིན་གྱིས་རྣཾ་པར་གཞག་པ་འདི་མཚམས་པ་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས ་གྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་ནོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་འཚལ ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཅི་ལགས། རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ་རྣམ་པ ་ཐམས་ཅད་དུ་ཡང་མ་ཡིན་པས། དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པར་ཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང། རང་སངས་རྒྱས་རྣམས་ཀྱི་ལམ་གང་ཡིན་པ་དང། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང། སེམས་ཅན་ཡོངས་སུ་སྨིན་པར?་མ་བྱས་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་དེ་དག་གིས་ཡང་དག་པའི་མཛའ་མངོན་སུམ་དུ་མི་བྱའོ། །དེའི་ཕྱིར་བྱང་ཆུབ་ས?་དེའི ་རྣམས་ཀྱི་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཅེས་བྱའོ། །བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལགས། རབ་འབྱོར་རྣམ་པ་གང་དག་དང་རྟགས་གང ་དག་དང། མཚན་མ་གང་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་དེ་བཞིན་གཤེགས་པའི་ཐུགས་སུ་ཆུད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་རྣམ་པ་ཐཾས་ཅད ་མཁྱེན་པ་ཉིད་ཅེས་བྱའོ། །དེ་བཞིན་དུ་མདོར་བསྡུས་པ་ལས་ཀྱང། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ལ། རྒྱས་པ་ལས་ཀྱང་རྒྱ་ཆེར་གསུངས་སོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ལ་མི་རྟག་པ་ལ ་སོགས་པའི་རྟེན་ཅན་འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱི་ངེས་པར་འགྱུར་བ་དང། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ལ་སོགས་པར་བྱེད་པ་ཅན་ཡིན ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་འབྲས་བུ་ནམ་མཁའ་ཨི་མཐས་བཏུགས་པའི་སེམས་ཅན་གྱི་དོན་གྱི་རྒྱུན་མི་འཆད་པ་དང། ཡང་དག་པ་ཉིད་ཀྱི་མཛའ་རྟོགས་པ་དང། བག་ཆགས་ཀྱི་འཚམ་སྦྱོར་བ་སྤངས་པ་ཅན་ཡིན་ནོ་ཞེS་ཤེS་པར་བྱའོ ་གལ་ཏེ་སྟོན་པ་ཉིད་ཐབས་དང་ཐུགས་རྗེ་ཕུན་སུམ་ཚོགས་པ་ཡིན་ན་དེས་རྒྱས་པ་དང་འབྲིང་དང་མདོར་བསྡུས་པ་ལ་དད་པས་ཚུལ་དེ་ཉིད་ཀྱིས་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་གསལ་བར་མཛད་པ་མ་ཡིན་ནམ། ཡང་ཅི་ཞིག་བསྟན་དུ་ཡོད་ཅེས་དོགས ་པའི་གནས་བསལ་ནས་དོན་ལ་ཐེ་ཚོམ་སྐྱེད་པ་ཉིད་ཀྱིས་གཞུག་པ་དང། གཞན་དག་ཀྱང་དེའི་རྗེས་སུ་འབྲངས་ནས་ངེས་པར་འགྱུར་བའམ། རབ་ཏུ་བྱེད་པའི་ལུས་ཡང་དག་པར་མཛེས་པ་ཉིད་ཀྱི་ཕྱིར་ཡང་འཇུག་པའི་ཡན་ལག་རང་གི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང། དགོས་པ་དང། དགོས་པཱི ་དགོས་པ་དང། འབྲེལ་པ་དོན་གྱིས་ཐོབ་པ་རྣམས་གསུངས་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར།། ་བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན་ཞེས་བྱའོ། །འདིས་ནི་བརྗོད་པར་བྱ་བ་མེད་པ་དང། བསྒྲུབ་པར་མི་ནུས་པ་དང། འདོད་པར་བྱ་བ་མ་ཡིན་པ་དང། འབྲེལ་པ་མེད་པ་ཞེས་བྱ་བའི་མཛའ་བཞི་རྣམ་པར་བསལ་བ་ཉིད་ཡིན་ནོ། །རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱུང་བ་དང་འབྱུང་བར་འགྱུར་བ་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་མ་ལུས་པཱི་ལུས་ཅན་ལ་རྗེས་སུ་སྟོན་པར་མཛད་པ་དེ ་ཉིད་ཀྱིས་རྒྱལ་བའི་ཡུམ་དེ་དང་དེ་དག་ལ་ཡུལ་དང། ཐབས་དང། འབྲས་བུའི་མཚན་ཉིད་ཀྱིས་སྒྲུབ་པར་བྱེད་པ་དང་སྒྲུབ་པཱི་བྱའི་ཚུར་གྱིས་འགྲེལ་པར་བསྟན་པ། ཕྱི་རོལ་པ་དང་ཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པར་གོམས ་པར་མ་བྱས་པ་རྣམས་ཀྱི་ཐོས་པ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་ཀྱི་ལྕེས་རབ་ཏུ་མ་མྱངས་པའི་བདུད་རྩི་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །བློ་གྲོས་དང་ལྡན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མངོན་པར་རྟོཌ་པ་མ་ལུས་པ་ཡི་གེ་འདྲི་བ་དང་གློག་པ་ལ ་སོགས་པ་ཀུན་ཏུ་སྤྱོད་པའི་གནས་བཅུ་པོ་དག་གིས་དོན་ཇི་ལྟ་བར་ལེགས་པས་ཐོས་ནས་ཚུལ་བཞིན་དུ་ཉེ་བར་བསམས་པས་བག་ཆགས་བསྒོམ་པ་ཡང་དག་པར་དྲན་པའི་ཤེས་པ་ལ་བཞག་ནས་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ལ་སོགས་པའི་རིམ་པས་རྣཾ ་པ་ཐམས་ཅད་དུ་མངོན་སུམ་དུ་བྱེད་པ་འགྱུར་བ་ནི་དགོས་པཱི་དགོས་པ་སྟེ། དེའི་ཕྱིར་དེ་དག་གི་མཚན་ཉིད་མངོན་པར་རྟོགས་པ་རྣམས་ཀྱི་རིམ་པ་ཉིད་ཉེ་བར་གསལ་བའི་དོན་གདུལ་བྱ་རྣམས་ཀྱི་བདེ་བླག་ཏུ་རྟོགས་པར་བྱེད་པ་ནི་བརྩོམ་པའི་དགོས་པ་ཡིན་ནོ། །དེ་བས་ན ་བརྗོད་པར་བྱ་བའི་དོན་ཅན་ལས་དེ་བསྟེན་པས་རབ་ཏུ་གཏོགས་པས་ནི་དོན་མཐར་ཐུག་པར་འགྱུར་རོ་ཞེས་བྱ་བ་ཤུགས་ཀྱིས་ཐབས་ཉིད་དང། དེ་ལས་བྱུང་བའི་ཚུལ་གྱིས་འབྲེལ་པ་ཁོང་དུ་གནས་པ་ནི་དོན་གྱི་མཐུ་ཡིན་ནོ། །དེའི་འོག་ཏུ་བསྟན ་བཅོས་ཀྱི་གཞུང་ཉིད་འཆད་པར་བཞེད་དེ། གདུལ་བྱ་རྣམས་ཀྱིས་བདེ་བླག་དུ་རྟོགས་པར་བྱ་བའི་ཕྱིར་དང། བསྟན་བཅོས་རྣམ་པར་དབྱེ་བ་བྱས་པ་འང་སྤྱི་འདོན་གྱིས་རྣམ་པར་བཅིངས་པས་རབ་ཏུ་མཛེས་ཤིང་མ་འཛིངས་པ་ཉིད་ཀྱིས ་འཆད་བ་པོ་རྣམས་ཀྱང་སླ་བས་ལེགས་པར་སྟོན་པར་འགྱུར་བར་གཟིགས་ནས་ཚིག་ལེ་འུར་བྱས་པ་གཉིས་ཀྱིས་མདོ་དང་བཅུ་གསུམ་གྱིས་རྒྱས་པར་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་བཞག་པ་གསུངས་པ ་ལས་རེ་ཞིག་སྤྱིར་བསྟན་པའི་ཚུལ་གྱིས་གང་གིས་གང་ཞིག་ཇི་ལྟར་བཤད་པ། ཤེS་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱི་ཡང་དག་བཤད། །ཅེས་གསུངས་སོ། །གཞུང་གཙོ་བོར་བཟུང་བས་ལམ་དང་དོན་གྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད ་མཁྱེན་པ་ཉིད་སུམ་དང། མངོན་པར་རྟོགས་པ་བཞི་དང། ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་བརྒྱད་ཀྱིས་ཇི་ལྟ་བ་དང། ཇི་སྙེད་པའི་དོན་ཡང་དག་པར་བཤད་པ་ཡིན་ནོ། །དངོས་པོ་བརྒྱད་གང་ཞེ་ན། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས ་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་གཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད་ཅེས་གསུངས་ཏེ། མ་ལུས་པའི་རྣམ་པ་མཐར་ཐུག་པ་མངོན་སུམ་དུ ་དུ་མཛད་པའི་མཚན་ཉིད་སྣང་བ་དང་བཅས་པ་དང་ཅིག་ཤོས་ཀྱི་བདག་ཉིད་ཅན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ལམ་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པར་ཡོངས་སུ་གཟིགས་པའི་མཚན་ཉིད། མཉམ་པར་བཞག་པ་དང་མ་བཞག་པའི་བདག་ཉིད ་ཅན་གྱི་ལམ་ཐམས་ཅད་མཁྱེན་པ་ཉིད་དང། གཞི་ཐམས་ཅད་མངོན་པར་རྟོགས་པའི་མཚན་ཉིད་མི་མཐུན་པ་དང་གཉེན་པོའི་བདག་ཉིད་ཅན་གྱི་གཞི་ཐམས་ཅད་མཁྱེན་པ་དང། དེ་དག་གི་དོན་ཅིག་ཅར་བསྡུས་ཤིང་རྣམ་པར་བསྒོམ་པའི་མཚན་ཉིད་ལས ་དང་པོ་པ་དང། སྦྱོར་བ་དང། མཐོང་བ་དང། བསྒོམ་པའི་གནས་སྐབས་ཅན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཉིད་དང། དེ་ཉིད་རྣམ་པ་ཐམས་ཅད་དུ་རང་གི་དབང་ཏུ་གྱུར་པའི་མཚན་ཉིད་སྦྱོར་བ་ལ་སོགས་པའི་གནས་སྐབས་ཅན་རྩེ་མོ ་མངོན་པར་རྟོག་པ་ཉིད་དང། ཆོས་རྣམ་པར་དཀར་བ་རྣམས་དང་ལྷན་ཅིག་རིམ་གྱིས་ཡོངས་སུ་རྫོགས་པའི་མཚན་ཉིད་མཉམ་པར་གནས་པ་དང་ཅིག་ཤོས་ཀྱི་གནས་སྐབས་ཅན་མཐར་གྱིས་པའི་མངོན་པར་རྟོགས་པ་ཉིད་དང། ཟག་པ་མེད ་པའི་ཆོས་ཐམས་ཅད་ཅིག་ཅར་མངོན་སུམ་དུ་གྱུར་པའི་མཚན་ཉིད་རྣམ་པར་སྨིན་པ་མ་ཡིན་པ་ལ་སོགས་པའི་གནས་སྐབས་ཅན་སྐད་ཅིག་མས་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་ཉིད་དང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཚན ་མ?་ཐམས་ཅད་སྤངས་ཤིང། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་རྫོགས་པར་ལོངས་སྤྱོད་པ་ལ་སོགས་པའི་བདག་ཉིད་ཆོས་ཀྱི་སྐུ་ཉིད་དེ། མཚན་ཉིད་དང། ཐབས་དང། འབྲས་བུའི་དབང་ཉིད་ཀྱིས་རྣམ་པ་བརྒྱད་དོ། །དེ་ལ་ཆོས་དུ་ཞིག ་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས?་བྱ་ཞེ་ན། སེམས་བསྐྱེད་པ་དང་གདམས་ངག་དང། །ངེས་འབྱེད་ཡན་ལག་རྣམ་བཞི་དང། །སྒྲུབ་པ་ཡིན་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང། །དམིགས་པ་དག་དང་ཆེད་དག་དང། །གོ་ཆ ་འཇུག་པའི་བྱ་བ་དང། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་ཏེ། གཞན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་འདུན་པ་དང་ལྡན་པ་ལ་སོགས་པ ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་དང། གདུལ་བྱ་རྣམས་དང་འཚམ་པའི་དོན་སྟོན་པ་སྒྲུབ་པ་ལ་སོགས་པ་ལ་གདམས་པ་བཅུ་དང། ཀུན་ནས་ཉོན་མོངས་པ་དང་གཉེན་པོའི་ཕྱོགས་ཀྱི་གཟུང་བ་མི་དམིགས་པ་དྲོ་བ་དང་རྩེ་མོར་གྱུར་པ་དང། གང ་ཟག་དང་སྐྱེས་བུའི་འཛིན་པ་ཉེ་བར་ཞི་བ་བཟོད་པ་དང་ཆོས་ཀྱི་མཆོག་ཏུ་གྱུར་པ་སྟེ་ངེས་པར་འབྱེད་པའི་ཡན་ལག་རྣམ་པ་བཞི་དང། ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པའི་རང་བཞིན་རྟོགས་པའི་ཆོས་ལ་སོགས་བཅུ་གསུམ་གྱི་རྟེན་དུ་གྱུར་པ་ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་དང། དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་ཀྱིས་མི་དམིགས་པའི་ཚུལ་གྱིས་དམིགས་པར་བྱ་བ་དགེ་བ་ལ་སོགས་པ་བཅུ་གཅིག་དང། གང་གི་ཆེད་དུ་བྱ་བ་སེམས་དཔའ་ཆེན་པོ་ལ་སོགས་པ་གསུམ་དང། མི་མཐུན་པའི་ཕྱོཌ ་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆའི་སྒྲུབ་པ་དྲུག་དང། ཐེག་པ་མཆོག་གི་ཡུལ་དུ་འཇུག་པའི་ཕྱིར་བསམ་གཏན་ལ་སོགས་པའི་འཇུག་པ་དགུ་དང། དགེ་བའི་རྩ་བ་ཤིན་ཏུ་སྟོབས་དང་ལྡན་པར་བྱ་བའི ་ཕྱིར་སྙིང་རྩེ་བ་ལ་སོགས་པ་ཚོགས་ཀྱི་སྒྲུབ་པ་བཅུ་བདུན་དང། སྤང་བར་བྱ་བའི་དགྲ་རྣམས་ལས་ངེས་པར་རྒྱལ་བར་བྱ་བའི་ཕྱིར་ཆེད་དུ་བྱ་བའི་དོན་ཅན་ལ་སོགས་པ་ངེས་པར་འབྱུང་བའི་སྒྲུབ་པ་རྣམ་པ་བརྒྱད་དེ། དེ་དག་ནི་ཡང་དག་པར་རྫོགས ་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཆོས་དུ་ཞིག་གིས་ལམ་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་ཞེ་ན། མོག་མོག་པོར་བྱེད་པ་ལ་སོགས་དང། །སློབ་མ་བསེ་རུའི་ལམ་གང་དང། །འདི་དང་གཞན་པའི ་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང། །བསྟོད་དང་བཀུར་དང་བསྔགས་པ་དང། །བསྔོ་དང་རྗེས་སུ་ཡི་རང་དང། །ཡིད་ལ་བྱེད་པ་བླ་མེད་དག་།སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་སྒོམ་པའི་ལམ། །བྱང་ཆུབ ་སེམས་དཔའ་མཁས་རྣམས་ཀྱིས། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གསུངས་ཏེ། །ང་རྒྱལ་མེད་པ་ཉིད་ཀྱིས་མོག་མོག་པོར་བྱེད་པ་ལ་སོགས་པ་དང། གང་ཟག་གི་བདག་ཉིད་མེད་པར་རྟོགས་པ་ཉིད་ཀྱིས་ཉན་ཐོས་ཀྱི་ལམ་དང། གཟུང་བ ་བདག་ཉིད་མེད་པར་རྟོགས་པ་ཉིད་ཀྱིས་རང་རྒྱལ་བའི་ལམ་དང། བྱང་ཆུབ་སེམས་དཔའ་ལམ་ལའང་རེ་ཞིག་འཚེ་བ་དང་ནད་ལ་སོགས་པ་མི་འབྱུང་བ་ཉིད་ཀྱི་ཚེ་འདིའི་ཡོན་ཏན་དང། སངས་རྒྱས་དང་མི་འབྲལ་ཞིང་ངེས་དགོངས་པ་མཛད་པ་ལ ་ལ་སོགས་པ་ཉིད་ཀྱིས་ཕ་རོལ་ཏྱི་ཕན་ཡོན་དང་ལྡན་པ་སྟེ། མཐོང་བའི་ལམ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་དང། ཉོན་མོངས་པ་ཀུན་ནས་ཞི་བ་ལ་སོགས་པ་ཉིད་ཀྱིས་བྱེད་པ་དང། མོས་པར་བྱ་བའི་ཡུལ་ལ་ཡང་དག་པར་མོས་པ་ཉིད་ཀྱིས་མོས་པ་ཡིད་ལ་བྱེད་པ་བླ་ན ་མེད་པ་དང། དེ་ལྟར་རང་གི་དོན་ཅན་གྱི་མོས་པ་རྣམས་ལ་བསྟོད་པ་དང། རང་བཞན་གཉིས་ཀའི་དོན་ཅན་གྱི་མོས་པ་རྣམས་ལ་བསྐུར་བ་དང། གཞན་གྱི་དོན་ཅན་གྱི་མོས་པ་རྣམས་ལ་བསྔགས་པ་དང། ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱིས་ཡོངས ་སུ་འཕན་པ་བསྔོ་བ་ཡིད་ལ་བྱེད་པ་བླ་ན་མེད་པ་དང། ཕ་རོལ་པོས་བྱས་པའི་དགེ་བའི་རྩ་པ་ལ་མངོན་པར་དགའ་བ་ཐོབ་པ་རྗེས་སུ་ཡི་རང་བ་ཉིད་ལ་བྱེད་པ་བླ་ན་མེད་པ་དང། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོའི་འབྱུང་ཁུངས་སུ་གྱུར་པའི་དོན་གྱིས་བསྒྲུབ་པ་དང ་ཉེས་པ་རྣམས་ཀྱི་ཚང་ཚིང་ལས་རྣམ་པར་གྲོལ་པའི་དོན་གྱིས་ཤིན་ཏུ་རྣམ་པར་དག་པ་སྟེ། ཡང་དག་པར་གོམས་པས་ཐོབ་པའི་ཡུལ་བསྒོམ་པའི་ལམ་མོ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་ཉིད་ཅེས་བྱའོ། །ཆོས་དུ་ཞིག་གིས་གཞི་ཐམS་ཅད ་ཤེས་པ་ཉིད་ཅེས་བྱ་ཞེ་ན་ཤེས་པས་སྲིད་ལ་མི་གནས་ཤིང། །སྙིང་རྗེས་ཞི་ལ་མི་གནས་དང། །ཐབས་མ་ཡིན་པས་རིང་བ་དང། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང། །སྦྱོར་དང་དེའི་མཉམ་ཉིད་དང། །ཉན་ཐོས ་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་འདོད། །ཅེས་གསུངས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་བསྒོམ་པ་ལ་མཁས་པ་ལ་ཤེས་རབ་ཀྱིས་འཁོར་པ་ལ་མི་གནས་པ་དང། སྙིང་རྗེ་ཆེན་པོ་རང་གི་དང་གིས་གོམས་པ་ཉིད་ཀྱིས་མྱ་ངན ་ལས་འདས་པ་ལ་མི་གནས་པ་དང། མཚན་མར་དམིགས་པ་ཉིད་ཀྱིས་ཐབས་མ་ཡིན་པའི་ཕྱིར་རིང་བ་དང་མཚན་མར་དམིགས་པ་མ་ཡིན་པ་ཉིད་ཀྱིས་ཐབས་མཁས་པ་དང་ལྡན་པའི་ཕྱིར་རིང་པ་མ་ཡིན་པ་ཉིད་དང། ཆོས་སུ་འཛིན་པ་དང་མ་བྲལ ་བས་མི་མཐུན་པའི་ཕྱོགས་དང། དེའི་གཉེན་པོར་གྱུར་པ་ཉིད་ཀྱིས་གཉེན་པོའི་ཕྱོགས་དང། གཞི་ཐམས་ཅད་ལ་ཡོངས་སུ་ཞེན་པའི་སྤྱོད་པ་མི་དམིགས་པ་ཉིད་ཀྱིས་སྦྱོར་བ་དང། དངོས་པོ་དང་མཚན་མ་ལ་སོགས་པའི་རྣམ་པར་གཡེང་བ་སྤངས་པ་ཉིད་ཀྱིས ་དེའི་མཉམ་པ་ཉིད་དང། བདེན་པ་རྣམས་ཀྱི་སྐད་ཅིག་མ་བཅུ་དྲུག་མངོན་སུམ་དུ་མཐོང་བ་ཉིད་ཀྱིས་མཐོང་བའི་ལམ་མོ། །དེ་དག་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ཆོས་དུ་ཞིག་གིས་རྣམ་པ་ཀུན་མངོན་པར་རྫོཌ ་པར་རྟོགས་པ་ཞེས་བྱ་ཞེ་ན། རྣམ་པ་སྦྱོར་བར་བཅས་རྣམས་དང། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་མཐུན་དང། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང། །ཞིང་དག་བླ་ན་མེད་པ་ནི། །ཐབས་ལ ་མཁས་བཅས་གང་ཡིན་འདི། །རྣམ་ཀུན་མངོན་རྫོགས་རྟོགས་པ་ཡིན། །ཞེས་གསུངས་ཏེ། ངོ་བོ་ཉིད་མེད་པ་དང་དེ་ཤེས་པ་ལ་སོགས་པ་དོན་ཉིད་དང་ཤེས་པ་ཉིད་ཀྱི་རྣམ་པ་དང། སྦྱོར་བ་དང་རྫས་སུ་སྦྱོར་བའི་གནས་པ་བཀག་པ་ཉིད་ཀ་ཡིས་སྦྱོར་བ་བརྟེན ་དང་བཅས་པ་དང། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པ་དེའི་ཕན་ཡོན་དང། ཧ་ཅང་མྱུར་ཆེས་པའི་སྤོབས་པ་ཅན་ལ་སོགས་པ་སྐྱོན་དང། ཤེས་པ་དང་ཁྱད་པར་གྱི་མཚན་ཉིད་ལ་སོགས་པ་མཚན་ཉིད་དང། མྱ་ངན་ལས་འདས་པའི་རྒྱུ་ཉིད་ཀྱིས་དད་པ་ལ་སོགས་པའི ་དགེ་བའི་རྩབ་ཐར་པའི་ཆ་དང་མཐུན་པ་དང། ཆོས་བདེན་པ་མཐོང་བའི་རྒྱུ་ཉིད་ཀྱིས་དྲོ་བ་ལ་སོགས་པའི་བསོད་ནམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་དྲ་བ་ལ་སོགས་པ་དང་འབྲལ་བ ་ཐོབ་པའི་ཕྱིར་མི་ལྡོག་པའི་ཚོགས་དང། འཁོར་བ་དང་མྱ་ངན་ལས་འདས་པ་དག་མ་སྐྱེས་པ་ཉིད་ཀྱིས་ཐ་དད་པ་མེད་པར་རྟོགས་པ་ཤེས་རབ་ཀྱི་བདག་ཉིད་སྲིད་པ་དང་ཞི་བ་མཉམ་པ་ཉིད་དང། རྗེས་སུ་མཐུན་པའི་ཚོགས་བཀྲུན་ཅིང་སྨོན་ལམ་ཡོངས་སུ་དག་པས་ཡང་དག་པར ་སྦྱངས་པ་སྙིང་རྗེའི་བདག་ཉིད་ཞིང་དག་པ་བླ་ན་མེད་པ་དང། རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་ཅན་གཞན་གྱི་དོན་ཟུང་དུ་འཇུག་པ་ཉིད་ཀྱིས་འཕྲིན་ལས་རང་འབྱུང་བར་འགྱུར་བ་ཐབས་མཁས་པ་གང་ཡིན་པའོ། །དེ་དག་ནི་རྣམ་པ་ཀུན་མངོན་པར་རྫོགས ་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞི་གིས་རྩེ་མོ་མངོན་པར་རྟོགས་པ་ཞེ་ན། དེ་ཡི་རྟགས་དང་རྣམ་འཕེལ་དང། །བརྟན་དང་སེམས་ཀུན་གནས་པ་དང། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། བྱ་བའི་ལམ་ནི་སོ་སོ་ལ་།རྣམ་པར་རྟག་པ་རྣམ་བཞི་ཡིས། །གཉེན་པོ ་རྣམ་པ་བྱིན་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་བསྒྲུབ་དང་བཅས་པ་ནི། །རྩེ་མོ་མངོན་རྟོགས་ཞེས་གསུངས་ཏེ། །རྨི་ལམ་དུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བལྟ་བ་ལ་སོགས་པ་ལྟས་མཐོང་བས་དྲོ་བར་གྱུར་པ་དེའི་རྟགས་ཉིད་དང། འཛམ་བུའི?་གླིང ་གི་སྐྱེ་བོས་སངས་རྒྱས་ལ་མཆོད་པ་ལ་སོགས་པ་ལ་ཆོས་ལྷག་པའི་བསོད་ནམས་འཐོབ་པས་རྩེ་མོར་གྱུར་པ་རྣམ་པར་འཕེལ་བ་ཉིད་དང། མཁྱེན་པ་ཉིད་རྣམ་པ་གསུམ་གྱིས་ཆོས་ལ་མོས་པ་མི་བྱེད་པའི་སེམས་ཅན་གྱི་དོན་ཡོངས་སུ་མི་བཏོང་བ་བཟོད་པར་གྱུར ་བ་བརྟན་པ་ཉིད་དང། ཏིང་ངེ་འཛིན་དུ་མས་སེམས་ཉེ་བར་གནས་ཤིང་བདེ་བ་ཐོད་བས་ཆོས་ཀྱི་མཆོག་ཏུ་གྱུར་བའི་སེཾས་གནས་པ་ཉིད་དང། མཐོང་བས་སྤང?་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ཡང་དག་པར་སྤོང་པ་མཐོང་བའི ་ལམ་ཉིད་དང། །བསྒོམ་པས་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ཉེ་བར་སྤོང་བསྒོམ་བའི་ལམ་ཉིད་དང། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་མཚུངས་བར་གནས་པའི་སྒྲིབ་པ་མ་ལུས་པ་རབ་ཏུ་སེལ་བའི་མཚན་ཉིད་ཅན་བར་ཆད་མེད་པའི་ཏིང་ངེ་འཛིན ་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་པའི་ལམ་ཉིད་ཀྱིས་རྒོལ་པའི་ལོག་པར་རྟོག་པ་བཅུ་དྲུག་སེལ་བ་དང་བཅས་པའོ། །དེ་དག་ནི་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞིག་གིས་མཐར་གྱིས་པའི་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞིག་གིས་མཐར་གྱིས་པའི་མངོན་པར་རྟོགས་པ་ཞེས་བྱ་ཞེ་ན། ་མཐར་གྱིས་པ་རྣམ་གསུམ་རྣམ་བཅུ། །ཞེས་གསུངས་ཏེ། སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སངས་རྒྱས་དང། ཆོས་དང། དགེ་འདུན་དང། གཏོང་པ་དང་ཚུལ་ཁྲིམས ་དང། ལྷ་རྗེས་སུ་དྲན་པ་དང། དངོས་པོ་མེད་པའི་ངོ་བོ་ཉི་ཀྱི་བདག་ཉིད་བཅུ་གསུམ་མོ། །དེ་དག་ནི་མཐར་གྱིས་མངོན་པར་རྟོགས་ཞེས་བྱའོ། །ཆོས་དུ་ཞི་གིས་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་ཞེས་བྱ་ཞེ་ན། སྐད་ཅིག་མ། གཅིག་གིས་མངོན་རྫོགས ་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་གསུངས་ཏེ། རྣམ་པར་སྨིན་པ་མ་ཡིན་པ་དང་རྣམ་པར་སྨིན་པ་དང?། མཚན་ཉིད་མེད་པ་དང། གཉིས་སུ་མེད་པ་སྟེ། མཚན་ཉིས་པ་ཞེས་རབ་ཏུ་ཕྱེ་བ་ཟག་པ་མེད་པའི་ཆོས་ཐམས་ཅད་ཅིག་ཅར་མངོན ་སུམ་དུ་གྱུར་པའོ། །དེ་དག་ནི་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པའི་མངོན་པར་རྟོགས་པ་ཞེས་བྱའོ། །ཆོས་དུ་ཞིག་གིས་ཆོས་ཀྱི་ཞེS་བརྗོད་པར་བྱ་ཞེ་ན། ངོ་བོ་ཉིད་ལོངས?་རྫོགས་བཅས་དང། །དེ་བཞིན་གཞན་ནི་སྤྲུལ་པ་སྟེ། །ཆོས་སྐུ་མཛོད་པ་དང?། ་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་ཏེ། ངག་ཅིང་ཟག་པ་མེད་པའི་བདག་ཉིད་དུ་གྱུར་པའི་རང་བཞིན་ངོ་བོ་ཉིད་ཀྱི་སྐུ་དང། མཚན་དང་དཔེ་བྱད་རབ་ཏུ་འབེར་བའི་སྐུ་བསྟན་པས་ཐེག་པ་ཆེན་པོའི་ཆོས་མཛའ་དག་ལ་རྣམ་པར་རྩེ་བ་ལོངས ་སྤྱོད་རྫོགས་པའི་སྐུ་དང། མཚན་དང་དཔེ་བྱད་རབ་ཏུ་འབར་པའི་སྐུ་བསྟན་པས་ཐེག་པ་ཇི་ལྟར་འཚམ་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་བདག་གིས་མ་།ལུས་པར་སྐྱེ་བོ་རྣམས་ཀྱི་དོན་མཛད་པ་སྤྲུལ་བའི་སྐུ་དང། སེམས་དང་སེམས་ལས་བྱུང་བ་རྣཾས་ཡོངས་སུ་དག་པ ་ཉིད་ཀྱིS་ཇི་ལྟ་བ་དང་ཇི་སྙེད་པར?། ཁྱེན་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་ཉིད་དང་རྣམ་པ་བཞི་སྟེ། དེའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལ་སོགས་པ་འཇུག་པ་ཉིད་ཀྱིས་འགྲོ་བ་རྣམས་ཞི་པའི་ལམ་ལ་འགོད་པ་ལ་སོགས་པ་ཉི་ཤུ་རྩ་བདུན་ཡིན་ནོ། །དེ་དག་ནི་ཆོས་ཀྱི་སྐུ་མཛད་པ་དང ་བཅས་པ་ཞེས་བྱ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ལས་མངོན་པར་རྟོགས་པ་རྣམས་ཀྱི་ལུས་རྣམ་པར་བཞག་པ་སྟེང་དུམ་བུ་དང་པོའོ།། །།དེ་ནི་དངོས་པོ ་སོ་སོའི་ཡན་ལག་རྒྱས་པར་བཤད་པར་བྱ་སྟེ། རེ་ཞིག་རྣམ་པ་ཐམས་ཅད་ཀྱིས་འབད་པར་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཤད་པར་བཞེད་ནས་གང་གིས་འགྲུབ་པའི་ཡན་ལག་རྟོགས་པར་བྱ་བའི་ཕྱིར་དང་པོ་སེམས ་བསྐྱེད་པ་རང་གི་ངོ་བོ་དམིགས་པ་དང་བཅས་པ་གསུངས་པ། སེམས་བསྐྱེད་པ་ནི་གཞན་པ་ནི?་ཕྱིར?། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བྱ་བའོ། །སྐལ་པ་ཇི་ལྟ་བར་བཞན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད ་སྨོན་ལམ?་གྱི་གྲོགས་ཅན་བསམ་པས་སྨོན་པ་དང་སྦྱོར་བས་འཇུག་པའི་ངོ་བོ་ཉིད་རྣམ་པ་ཉིད་རབ་ཏུ་དབྱེ་བ་དང་བཅས་པའོ། །གལ་ཏེ་བྱང་ཆུབ་འདོད་པ་ཉིད་ནི་དགེ་བའི་ཆོས་ལ་འདས་པ་སེམས་ལས་བྱུང་བ་མ་ཡིན་ནམ་སེམས་བསྐྱེད་པ་ནི་ཡུལ་ཁྱད་པར ་དུ་འཕགས་པ་སྣང་བ་ཅན་འབྱུང་བ་ཡིན་ན། །ཇི་ལྟར་ན་དེའི་མཚན་ཉིད་དུ་བརྟག་ཅེ་ན། མ་ཡིན་ཏེ། དོན་དུ་གཉེར་བ་ཉིད་རྣམ་པར་རིག་པའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་དུ་བརྡ་སྦྱར་བར་ཟད་མོད་གཞན་དུ་ནི་འབྲས་བུ་ལ་རྒྱུ་དང་གྲོགས་ཅན་དེ་དང་ལྷན་ཅིག ་པའི་མིང་གིས་གདགས་པར་བརྗོད་ཀྱང་རང་གི་མཚན་ཉིད་འགྲུབ་པ་ཇི་ལྟར་འགྱུར། དེ་ལ་གང་འདོད་པའི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན་ལ། གང་གི་དོན་དུ་འདོད་པ་གཞན་གྱི་དོན་དེ་ཡང་གང་ཞིག་ཡིན་ཞེ་ན། དེ་དང་དེ་ནི་མོད?་བཞིན ་དུ། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་བྱ་བ་གསུངས་ཏེ། །རྒྱལ་བའི་ཡུམ་དག་ལས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་དང། སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས ་པ་མི་དམིགས་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱ་བའི་དོན་ཅན་བྱང་ཆུབ་དང། སེམས་ཅན་ཐམས་ཅད་སྐལ་པ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པར་འདོད་པས་ཞེས་བྱ་བ་དང། སེམས་ཅན་སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན ་པ་ལ་སོགས་པ་ལ་དགོད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱ་བའི་དོན་ཅན་གཞན་གྱི་དོན་བསྟན་བ་དེ་ལྟར་བསྡུས་པ་དང་རྒྱས་པའི་སྒོ་ནས་ཇི་སྲིད་བསྟན་པ་དམིགས་པའི་བདག་ཉིད ་ཡོངས་སུ་ཤེས་པར་བྱའོ། །སེམས་བསྐྱེད་པ་དེ་ཉིད་རབ་ཏུ་སྐྱེ་བས་རྣམ་པ་དུ་ཞིག་ཅེ་ན་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པ། དེ་ཡངས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ?་སྨན་བཤེས་གཉེན་དང། །ཡིད་བཞིན་ནོར་བུ ་ཉི་མ་གླུ?། །རྒྱལ་པོ་མཛོད?་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་འོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་བྱ་བའོ། །དེ་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོར་འགྱུར་པའི་ཕྱིར་འདུན་པ་དང་ལྡན་པས་ལྟ་བུ་དང། བྱང་ཆུབ་ཀྱི ་བར་མི་འགྱུར་བའི་ཕྱིར་བསམ་པ་དང་ལྡན་པ་གསེར་བཟང་པོ་ལྟ་བུ་དང། དགེ་བའི་ཆོས་མཛའ་དག་མངོན་པར་འཕེལ་པའི་ཕྱིར་ལྟག་པའི་བསམ་པ་དང་ལྡན་པ་ཟླ་བ་ཆོས་པ་ལྟ་བུ་དང། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་སྲེག་པའི་ཕྱིར་སྦྱོར་བ་དང་ལྡན་པ ་མེ་ལྟ་བུ་དང། སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བྱེད་པའི་ཕྱིར་སྦྱིན་པ་དང་ལྡན་པ་གཏེར་ཆེན་པོ་ལྟ་བུ་དང། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་ཡིན་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པའི་ན་བོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ་དང། མི་འདོད་པ་ཐམས་ཅད་ཐོག ་ཏུ་བབ་པས་མི་འཁྲུགས་པས་བཟོད་པ་དང་ལྡན་པ་རྒྱ་མཚོ་ཆེན་པོ་ལྟ་བུ་དང། ཡིད་ཆེས་པ་བསྟན་པ་མི་ཕྱེད་པས་བརྩོན་འགྲུས་དང་ལྡན་པ་རྡོ་རྗེ་ལྟ་བུ་དང། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་ཕྱིར་བསམ་གཏན་དང་ལྡན་པ་དེའི་རྒྱལ་པོ་ལྟ་བུ་དང། ཉོན་མོངས ་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བའི་ཕྱིར་ཤེས་རབ་དང་ལྡན་པ་སྨན་གྱི་མཆོག་ལྟ་བུ་དང། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་ཐབས་མཁས་པ་དང་ལྡན་པ་དགེ་བའི་བཤེས་གཉེན་ལྟ་བུ་དང། ཇི་ལྟར་སྨོན་པའི་འབྲས་བུ ་འགྲུབ་པའི་ཕྱིར་སྨོན་ལམ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང། གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་སྟོབས་དང་ལྡན་པ་ཉི་མ་ལྟ་བུ་དང། འགྲོ་བ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ལྡན་པ་གླུ?་དབྱངས་ལྟ་བུ་དང། མཐུ་ཐོགས་པ་མེད ་པར་གཞན་གྱི་དོན་བསྒྲུབ་པའི་ཕྱར་མངོན་པར་ཤེས་པ་དང་ལྡན་པ་རྒྱལ་པོ་ཆེན་པོ་ལྟ་བུ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་དུ་གྱུར་པའི་ཕྱིར་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་བང་མཛོད་ལྟ་བུ་དང། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ ་གཤེགས་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ་ལམ་ཆེན་པོ་ལྟ་བུ་དང། འཁོར་བ་དང་མྱ་ངན་ལས་འདས་པ་གང་དཱུང་མི་ལྟུང་བར་བདེ་བླག་ཏུ་འགྲོ་བའི་ཕྱིར་སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་བཞོན་པ་དམ་པ་ལྟ་བུ་དང། ཐོས་པ་དང་མཐོས་པའི་ཆོས་འཛིན་པས ་མི་ཟད་པའི་ཕྱིར་གཟུངས་དང་སྤོབས་པ་དང་ལྡན་པ་བཀོད་མའི་ཆུ་ལྟ་བུ་དང། ཐར་བ་འདོད་བའི་སྐྱེ་བོ་ལ་སྙན་པ་སྒྲོག་པའི་ཕྱི་ཆོས་ཀྱི་དགའ་སྟོན་དང་ལྡན་པ་སྒྲ་སྙན་པ་ལྟ་བུ་དང། གཞན་གྱི་དོན་བྱ་བ་ལ་ཐ་མི་དད་པའི་ཕྱིར་བགྲོད་པ་གཅིག ་པའི་ལམ་དང་ལྡན་པ་ཆུ་བོའི་རྒྱུན་ལྟ་བུ་དང། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ཆེན་པོ་ལྟ་བུ་རྣམས་སོ། །དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་པཱི ་སས་བསྡུས་སོ། །བཞི་པ་ནི་ས་དང་པོ་ལ་འཇུག་པའི་ལམ་གྱིས་བསྡུས་ཏོ། དེའི་འོག་ཏུ་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་ལ་ས་བཅུས་བསྡུས་ཏེ། མཐོང་བ་དང་བསྒོམ་བའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །དེའི་འོག་ཏུ་བཞི་དང་གཉིས་དང་གཉིས་ནི་ས་ལ? ་བརྒྱད་པ་དང་དགུ་པ་དང་བཅུ་པས་བསྡུས་པར་རིག་པར་བྱའོ། །དེ་ལྟར་སེམས་དང་པོ་གསུམ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པས་གང་ལ་སེམས་བསྐྱེད་པ་དང་དེས་འཕངས་པའི་ཆོས་འགྲུབ་པ་དང། ཡོངས་སུ ་བསྲུང་བ་དང། ཡོན་ཏན་མངོན་པར་འཕེལ་བར་བྱ་བའི་ཕྱིར་འདོམས་པ་ནི་གདམས་ངག་སྟེ། དེའང་སྒྲུབ་དང་བདེན་བ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང། །ལམ་ནི་ཡོངས་སུ་འཛིན་པ་དང། །སྤྱན་ལྔ ་Fདང་ནི་མངོན་ཤེས་ཀྱིས། །ཡོན་རྟན་དྲུག་དང་མཐོང་ལམ་དང། །བསྒོམ་ཞེས་བྱ་བ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལ་བསྒྲུབ་པར་བྱ་བ་ཉིད་ཀྱི་རང་བཞིན་གང་ཡིན་པ་མི་དམིགས་པའི་རྣམ་པ་དང། དེ་བཞིན་དུ ་མི་དམིགས་པ་དང། རྟེན་དང་ཁྱད་པར་དུ་འགྲོ་བའི་རྒྱུ་དང། མི་ལྡོག་པའི་སྐྱེན་དང། ཐེག་པ་གཞན་གྱི་མི་འགྲོ་བ་དང། གཞན་གྱི་དྲིད་མི་འཇོག་པར་འགྲོ་བ་ཉིད་ཀྱི་ཐབས་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་གཞི་དང། དག་པ་དང ་མཐར་ཐུག་པའི་རྒྱུ་གང་ཡིན་པ་རྣམས་བདེན་པ་ལ་སོགས་པ་གྲངས་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱིས་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་སྒྲུབ་པ་ལ་ཉན་ཐོས་ལ་སོགས་པ་དང་ཐུན་མོངས་མ་ཡིན་པ་ནི་ཀུན་རྫོབ་དང། དོན་དམ་པའི་བདེན་པ་ལས་མི་འདའ་བས་མི་དམིགས་པའི ་ཚུལ་གྱིས་འཇུག་པར་བྱའོ་ཞེས་སློབ་པ་བསྒྲུབ་པ་ཉིད་ལ་འདོམས་པ་དང། སྡུག་བསྔལ་གྱིས་བདེན་པ་ལ་གཟུགས་ལ་སོགས་པ་འབྲས་བུར་གྱུར་པ་སྟོང་པ་ཉིད་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གཅིག་གོ་ཞེས་བྱ་བ་དང། ཀུན ་འབྱུང་བའི་བདེན་པ་ལ་སྟོང་པ་ཉིད་དང། གཟུགས་ལ་སོགས་པ་རྒྱུར་གྱུར་པ་དག་ཐ་མི་དད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ནི་ཀུན་འབྱུང་བ་དང་འགོག་པ་དང་ཀུན་ནས་ཉོན་མོངས?་པ་དང་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་ཞེས་བྱ་བ་དང། འགོག་པའི་བདེན་པ་ལ ་སྟོང་བ་ཉིད་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཉམས་པ་དང་འཕེལ་བ་ལ་སོགས་པ་དང་བྲལ་བ་ལ་ནི་གཟུགས་མེད་པ་ནས་མ་རིག་པ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་སངས་རྒྱས་དང་བྱང་ཆུབ་ཀྱི་བར་དུ་ཡང་མགོ་ཞེས་བྱ་བ་དང། ་ལམ་གྱི་བདེན་པ་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་ངོ་བོ་བདེན་པས་བདག་ཉིད་དང། ནང་སྟོང་པ་ཉིད་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་ལ་སོགས་པ་དང། སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དག་ཕན་ཚུན་དུ་སྦྱར་བ་དང་མི་སྦྱོར་བ་མ་ཡིན་པ་ཉིད་དུ་བསྒྲུབ ་པོ་ཞེས་སྟོན་པ་བདེན་པ་ལ་འདོམས་པ་དང། སངས་རྒྱས་ལ་སངས་རྒྱས་དང་བྱང་ཆུབ་དག་མཚན་ཉིད་གཅིག་པ་ཉིད་ཀྱིས་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་ལ་གཟུགས་ལ་སོགས་པས་མི་སྤྱོར་བས ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་དུ་ཤེས་པ་ཞེས་བྱ་བ་དང། ཆོས་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་གཞི་དང་གཉེན་པོ་དང། རྣམ་པ་མཛའ་དག་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བྱ་བ ་དང། དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་དགྲ་བཅོམ་པ་མ་གཏོགས་པ་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷན་ཅིག་བརྒྱད་པོ་དབང་པོ་?་ལ་སོགས་པའི་བྱེ་བྲག་གིས་གྲངས་ཉི་ཤུར་ཆད ་པ་བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པའི་ཕྱིར་མི་ལྡོག་པ་རྣམས་ལ་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ་ཞེས་ལུང་འབོགས་པ་དཀོན་མཆོག་གསུམ་ལ་འདོམས་པ་དང། བརྩོན་འགྲུས་བརྩམ་པ་ཉིད་ཀྱིས་ཇི་སྐད་བཤད་པའི་དོན་ལ་ནན་ཏན་དུ་བྱེད་པ་ན ་ལུས་ལ་སོགས་པའི་བསོད་ནམས་ཀྱི་ལས་ལ་མངོན་པར་ཞེན་པར་འགྱུར་བས་མ་ཞེ་ན་པའི་ལུས་ལ་སོགས་པ་ངོ་བོ་ཉིད་མེད་པར་བསྟན་པའི་འདོམས་པ་དང། དུས་ཡུན་རིང་པོ་ཞིག་ཏུ་གོམས་པར་བྱས་ཀྱང་འདོད་པའི་དོན་པ་གྲུབ་ན་སྔར་བའི་རང་བཞིན ་ཅན་ཡོངས་སུ་སྐྱོ་བར་འགྱུར་བས་ཡོངས་སུ་ངལ་བ་མེད་པ་ལ་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་པ་མེད་བ་ཉིད་དུ་སྟོན་པའི་གདམས་པ་དང། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ལས་དོན་རེ་རེའི་ཕྱིར ་ལམ་གྱི་ལུང་ནོད?་པ་ལ་སོགས་པའི་ཆེར་འབང་པར་བྱ་དགོས་ན་སེམས་ཞུམ་པར་འགྱུར་བས་ལམ་ཡོངས་སུ་བཟུང་བ་ལ་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་བསླབ་པར་གདམས་པ་དང། དབང་པོ་ཉིད་ལས་དངོས་པོ་སོ་སོར་ངེས་པ་ཤའི་སྤྱན་དང་རྣམ་པར ་སྨིན་པ་ལས་སེམས་ཅན་ཐམས་ཅད་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་ལྟའི་དང། དེ་ཁོ་ན་ཉིད་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་དང། ཡོངས་སུ་དག་པའི་དབང་གིས་འཕགས་བའི་གང་ཟག་རྣམས་ཀྱི་དབྱེ་བ་རྟོགས་པ་ཆོས་ཀྱི་དང། ཤིན་ཏུ་དག་པ་ཉིད་ཀྱིས ་ཆོས་ཐམས་ཅད་རྣམ་པ་ཐཾས་ཅད་དུ?་མངོན་པར་རྫོགས་པར་བྱང་ཆུབ་པ་སངས་རྒྱས་ཀྱི་སྤྱན་རྣམས་དེ་བཞིན་ཉིད་གཅིག་པ་ཉིད་དུ་སྒྲུབ་པོ་ཞེས་སློབ་པ་སྤྱན་ལྔ་ལ་གདམས་པ་དང། ཐམས་ཅད་དུ་སྤྲུལ་ཞིང་བསྒྱུར་བ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང། རབ་ཏུ་བསྐལ་པའི་སྒྲ་ཆེ་ཆུང ་ཐོས་པ་ལྟའི་རྣ་བ་དང། གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་བྲལ་བ་ལ་སོགས་པ་ཡོངས་སུ་ཤེས་པ་གཞན་གྱི་སེམས་ཤེས་པ་དང། རང་དང་གཞན་གྱི་ཚེ་རབས་སྔ་མ་རྗེས་སུ་བྲན་པ་སྔོན་གྱི་གནས་ཤེས་པ་དང། གཟུགས་ཐམས་ཅད་ཡོངས་སུ་མཚོར? ་བ་མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་དང། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ་ཞེས་སྟོན་པ་མངོན་པར་ཤེས་པ་དྲུག་ལ་གདམས་པ་དང། མཐོད? ་Fབའི་ལམ་ལ་བདེན་བ་བཞིས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་བདག་ཉིད་ལ་རྣལ་འབྱོར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་སྒྱུ་མ་མཁན་བཞིན་ཏུ་ངེས་སྤང་པར་བྱ་བའི་གཉེན ་པོ་ཉིད་དུ་རྟོགས་པར་བྱའོ་ཞེས་འདོམས་པ་དང། །བསྒོམ་པའི་ལམ་ལ་ཇི་སྐད་བཤད་པའི་མཐོང་བའི་ལམ་ཉིད་ཀྱིས་མངོན་སུམ་དུ་བྱས་པའི་ངོ་བོ་ལས་ཐ་མི་དད་པ་ལ་དམིགས་པ་ནི་འདུས་བྱས་དང་འདུས་མ་བྱས་དག་ངོ་བོ་གཅིག་པ་ཉིད་ཀྱིས་ཕན ་ཚུན་ཐ་དད་པར་གདཌ་པར་མི་ནུས་པ་བཞིན་དུ་མཚན་ཉིད་པ་རྣམ་པར་བཞག་པ་གཞན་མེད་ཀྱི། འོན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་ངེས་སྤང་བར་བྱ་བའི་གཉེན་པོ་ཉིད་དུ་བསྒོམ་པར་བྱའོ། །ཞེས་འདོམས་པ་སྟེ། འདི་ཙམ་ཁོ་ནས་དོན ་ཐམས་ཅད་ཕུན་སུམ་ཚོཌ་པར་དེས?་བར་འགྱུར་བ་ཉིད་དོ། །དགེ་འདུན་དཀོན་མཆོག་གི་སྐབས་སུ་གྲངས་ཉི་ཤུར་བརྗོད་པ་དེ་དག་གང་ཞིག་ཡིན་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པ། དབང་པོ་རྟུལ་དང་རྣོན་པོ་དག་།དང?་དང? ་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང། །བྱེད་དང་བྱེད་མིན་འོག་མིན་འགྲོ་།འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ་།གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ ་དང་ནི་ཉི་ཤུའོ། །ཞེས་བྱ་བའོ། །རེ་ཞིག་དབང་པོའི་ཁྱད་པར་གྱིས་ཞུགས་པ་ལ་ལེགས་པར་སྦྱངས་པ་མ་ཡིན་པ་ལས་འདིར་འོངས་པ་དང་པའི་རྗེས་སུ་འབྲངས་པ་དབང་པོ་རྟུལ་པོ་དང། ལེགས་པར་ཡོངས་སུ་སྦྱངས་པ་ལས་འདིར་འོངས་པ་ཆོས ་ཀྱི་རྗེས་སུ་འབྲངས་པ་དབང་པོ་རྣོན་པོ་དང། ཐབས་མཁས་པ་མ་ཡིན་པས་ལྷ་ཚེ་རིང་བོ་ལ་སོགས་པར་སྐྱེ་བ་དད?་པས་མོས་པ་དང། ཐབས་ལ་མཁས་པས་བསམ་གཏན་ལ་སོགས་པའི་དབང་གིས་སྐྱེ་བ་མ་ཡིན་པ་མཐོང་བས་ཐོབ་པ་དང། འབྲས་བུ་དང་པོའི་ཁྱད ་པར་གྱིས་བསམ་གཏན་ལ་སོགས་པའི་ཡོན་ཏན་དང་ལྡན་པས་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པར་བརྒྱུད་སྐྱེ་པ་མིའི་རིགས་ནས་རིགས་སུ་སྐྱེ་བ་དང། དེ་བཞིན་དུ་འདོད་པའི་ཁམས་ཀྱི་ལྷ་དག་ཏུ་བརྒྱུད་དེ་སྐྱེ་བ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང། འབྲས་བུ་གཉིས ་པའི་ཁྱད་པར་གྱིས་ཤིན་ཏུ་དག་པའི་བསམ་གཏན་བཞི?་ལ་སོགས་པ་དང་ལྡན་པ་ཆེ་གཅིག་གིས་ཐོགས་པ་བར་ཆད་གཅིག་པ་དང། འབྲས་བུ་གསུམ་པའི་ཁྱད་པར་གྱི་གཟུགས་གྱི་ཁམས་ངག་ཏུ་སངས་རྒྱས་ནས་འདི་དག་ཏུ་སྤྲུལ་པས་མངོན་པར་བྱང་ཆུབ ་པ་བར་མདོར་མྱ་ངན་ལས་འདའ་བ་དང། འཛམ་བུའི་གླིང་འདི་ཉིད་དུ་སྐྱེས་ནས་ལམ་ཡང་དག་པར་བསྒྲུབ་པས་འཚང་རྒྱ་བ་ཉིད་སྐྱེས་ནས་མྱ་ངན་ལས་འདའ་པ་དང། བརྩོན་འགྲུས་འབར་བ་ཉིད་དང་མངོན་པར་འབད་པའི་ཤུགས་དྲག་པོས་རྫོགས་པར་འགྱུར ་པ་མངོན་པར་འདུ་བྱེད་པ་དང་བཅས་པའི་མྱ་ངན་ལས་འདའ་བ་དང། སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་སྐྱོན་མེད་པ་ལས་འདའ་ཞིང་ཚུལ་གཞན་པས་མངོན་པར་བྱང་ཆུབ་པར་བྱེད་པ་མངོན་པར་འདུ?་བྱེད་པ་མེད་པར་མྱ་ངན་ལས་འདའ་བ་དང། འདོད་པའི་རྟོན?་? ་ཀྱི་དོན་བྱས་ཤིང་གཟུགས་དག་ཏུ་སྐྱེས་ནས་རབ་ཏུ་རྫོགས་པར་བྱེད་པ་འོག་མིན་དུ་འགྲོ་བ་དང། བསམ་གཏན་དང་པོ་བསྒྲུབས་ཏེ། དེ་ནས་འོག་མིན་དུ་མངོན་པར་འཆང་རྒྱ་བ་འཕང་བ་དང། གཙང་པའི་རིས་དག་ཏུ་སྐྱེས་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ་མྱ ་ངན་ལས་འདའ་བ་ཕྱེད་དུ་འབར་བ་དང། ཚངས་རིས་ནས་འོག་མིན་གྱི་བར་དུ་རིམ་གྱིས་སྐྱེས་ནས་བྱང་ཆུབ་པར་འགྱུར་བ་གནས་ཐམས་ཅད་དུ་འཆི་འཕོ་བ་དང། ཚངས་རིས་ནས་བསམ་གཏན་བཞི་པ་མ་གཏོགས་པ་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བ་སྲིད་རྩེའི་མཐར་ཐུག ་པར་འགྲོ་བ་དང། སྐྱེ་མཆེད་དང་པོ་ནས་སྲིད་པའི་རྩེ་མོའི་བར་དུ་འགྲོ་ཞིང་སངས་རྒྱས་གཟུགས་ཀྱི་འདོང?་ཆགས་བཅོམ་པ་དང། ཡོངས་སུ་རྫོགས་པའི་ཆོགས་མངོན་པོར་བསགས་པ་དེ་ཉིད་ཀྱིས་མངོན་པར་བྱང་ཆུབ་པ་མཐོད་པའི་ཆོས་ལ་མྱ་ངན་ལས་འདའ་བ་དང། ་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཉིད་ལ་བརྟེན་ནས་སངས་རྒྱས་བཞི་བ་ལུས་ཀྱི་མངོན་སུམ་དུ་བྱེད་པ་དང། སངས་རྒྱས་ལ་སོགས་པ་མེད་པའི་ཞིང་དག་ཏུ་ཤེས་རབ་ཟབ་མོ་ཡོངས་སུ་སྦྱངས་ཏེ་མངོན་པར་བྱང་ཆུབ་པ་བསེ་རུ་ལྟ་བུའོ། །དེ་ལྟར་གང་གདམས་པ་དག་ཐོས་བས ་ནན་ཏན་དུ་བྱས་པ་ལས་ངེས་པར་འབྱེད་པའི་ཡན་ལག་འབྱུང་བའི་ཕྱིར་དེ་བཤད་པར་བཞེད་ནས་རེ་ཞིག་ཁྱད་པར་དུ་འཕགས་པའི་ཆོས་གསུངས་པ། དམིགས་པ་དང་ནི་རྣམ་པ་དང། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས་།བྱང་ཆུབ་སེཾས་དཔའ་སྐྱོབ་པ་ཡི། །དྲོང་སོགས ་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བསྟེན་པ་།ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ཉིད་དང། བསླབ་པ ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པས་དང་བ་ལ་སོགས་པའི་དགེ་བའི་རྩ་བ་ཐར་པའི་ཆ་དང་མཐུན་པ་ཐོབ་པས་དེའི་འོག་ཏུ་འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ལྟ ་སྟེ། ཀུན་ནས་ཉོན་མོངས་པ་གཟུང་བ་མི་དམིགས་པ་དྲོ་བར་གྱུར་པ་དང། དེའི་འོག་ཏུ་རྣམ་པར་བྱང་བ་ཉིད་ཀྱི་གཟུང་བ་མི་དམིགས་པ་རྩེ་མོར་གྱུར་པ་དང། དེའི་འོག་ཏུ་སྐྱེས་བུ་ཉིད་ཀྱི་འཛིན་པ་མི་དམིགས་པ་བཟོད་པར་གྱུར་པ་དང། དེའི་འོག་ཏུ་སྐྱེས་བུར་གྱུར་པ ་ཉིད་ཀྱི་འཛིན་པ་མི་དམིགས་པ་ཆོས་ཀྱི་མཆོག་ཅེས་བྱ་བ་འབྱུང་སྟེ། ཆུང་ངུ་ལ་སོགས་པ་རིམ་གྱིས་སྐྱེ་པའམ། དབང་པོ་རྟུལ་པོ་ལ་སོགས་པའི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་ནི་འཆང་པར་འགྱུར་བའི་དམིགས་པའི ་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་ཆོས་ལ་དམིགས་པ་དང། ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང། ཐེག་པ་གསུམ་ཆར་རྟོགས་པའི་རྒྱུའི་ངོ་བོ་དང། དགེ་བའི་བཤེས ་གཉེན་དང་བཅས་པ་ཐབས་ལ་མཁས་པའི་མཚན་ཉིད་ཀྱི་ཡོངས་སུ་བཟུང་བ་དང། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་རྟོག་པ་བཞི་པོ་དྲོ་པ་ལ་སོགས་པའི་མཉམ་པར་བཞག་པའི་ངོ་བོ་ཉིད ་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་རྗེས་ཀྱི་གནས་སྐབས་ཀྱིས་བསྡུས་པ་རྒྱུར་རྟེན་ཅིང་འབྲས་བུར་ལྡན་པ་ཉིད་དེ་ཆོས་ལྡས་ཉན་ཐོས་དང་བསེ་རུ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གང་གི་ཕྱིར་དེ་དག་གི་དྲོ་བར་གྱུར་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་ལུང་དག་ལས། ་དངོས་པོའི་མཚན་ཉིད་ཀྱིས་བདེན་པ་བཞི་ལ་སོགས་པ་དམིགས་པ་དང། བདག་ཏུ་ལྟ་བའི་གཉེན་པོ་ཙམ་གྱིས་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང། རང་གི་ཐེག་པ་ཁོ་ན་རྟོགས་པའི་སྒྱུར་གྱུར་པ་དང། ཕྱི་དང་ནང་གི་ཡོངས་སུ་འཛིན་པ་དང་བྲལ ་བ་དང། རྣམ་པར་རྟོག་པ་རྣམ་པ་བཞི་དང་མི་ལྡན་པར་སྐྱེ་བོ་ཞེས་འབྱུང་པའི་ཕྱིར་རོ། །འདིར་ཐམས་ཅད་མཁས?་པའི་སྟོབས་ཀྱིས་ལུས་དང་དག་དང་ཡིད་དག་པ་ཐོབ་པའི་རྒྱུར་གྱུར་པ་ལ་སོགས་པ་རྒྱུའི་སྒོ་ནས་དང། ཏིང་ངེ་འཛིན་དག་གི་འབྲས་བུ་སེཾས་ཅན་རྣམས་ལ་ཕན་པའི་ཕྱིར ་བྱེད་པ་ཅན་དུ་གྱུར་པ་ལ་སོགས་པ་འབྲས་བུའི་སྒོ་ནས་དང། དེ་ཁོ་ནར་ངོ་བོ་མེད་པ་ཉིད་ཀུན་རྫོབ་པའི?་ངོ་བོ་ཉིད་དུ་བསྒོ་པ་ལ་སོཌ་བ་ངོ་བོ་ཉིད་ཀྱི་སྒོ་ནས་དང་མངོན་པ་ཞེན་པར་བྱ་བ་ཉིད་ཀྱིས་སྟོང་པ་ལ་སོཌ་པ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་བདེན་པ་རྣམས་ཀྱི་ཡུལ་ཅན་ཡིན་ནོ། །དེ་བཞིན་དུ་རྣམ་བ་གཞན་གྱིས ་ཀྱང་ཡུལ་ཉིད་དུ་བྱེད་དོ་ཞེས་ཤེས?་པར་བྱས་ཏེ། འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས་ཐེག་པ་གཞན་ལ་བརྟེན་ནས་ནི་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱའོ། །དམིགས་པ་དང་རྣམ་པ་གཉིས་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དེ་དག་བར་སྐབས་ཀྱི་ཚིགས་སུ་བཅད ་པ་བདུན་གྱིས་འཆད་པར་མཛད་པ་ནི་རེ་ཞིག་དྲོ་བར་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག་།ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །གཟུགས་སོཌ ་སྐྱེ་འཇིག་གནས་བྲལ་དང། །གནས་དང་རྟགས་དང་བརྗོད་དུ་མེད། །ཅེས་བྱ་བའོ། །དེ་ལ་དྲོང་ཆུང་ངུའི་དམིགས་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཡིན་ནོ། །རྣམ་པ་ནི་བདེན་པ་དེ་དག་ལ ་མངོན་པར་ཞེན་པ་དང་དམིགས་པ་ལ་སོགས་པ་འགོག་པ་ཡིན་ནོ། །དེའི་ཕྱིར་ཁྱད་པར་གྱི་ཆོས་ཉིད་ཀྱི་བདེན་པ་རྣམས་ལ་ཡོངས་སུ་ཞེན་པར་བྱ་བ་འགའ་ཡང་མེད་པའི་མཚན་ཉིད་ཅན་ནི་ཆུང་ངུར་བརྟགས་པར་བྱའོ། །འདི་ནི་ཡང་དག་པར་འགྲུབ་པའི་བདག་ཉིད ་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་ཐེག་པ་ཐམས་ཅད་འཐོབ་པའི་རྒྱུའི་ངོ་བོ་ཡིན་ཏེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །འབྲིང་གི་དམིགས་པ་ནི་མོས་པ་དང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་གྲངས་བཞིན་དུ་གཟུགས་ལ་སོགས་པ་བསྒྲུབ་པ ་དང་དགག་པ་མི་དམིགས་ཤིང་མི་མཐོང་བ་ཡིན་ནོ། །རྣམ་པ་ནི་ཐམས་ཅད་མེད་པ་ཉིད་ཀྱིས་རྒྱུན་དང་མི་འདྲ་བ་དང་འདྲ་བར་འཇུག་པཱི་ཐ་སྙད་དག་མེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མེད་པའི་ཆོས་ཉིད་མཚན ་ཉིད་ཀྱི་མཚན་ཉིད་ཅན་ནི་འབྲིང་དུ་བརྟགས་པར་བྱའོ། །ཆེན་པོའི་དམིགས་པ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན?་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་བརྡར་བཏགས་པ་ཐ་སྙད་བ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི་དགེ་པ་ལ་སོགས་པ་ཉིད་ཀྱི་ཆོས་གང་དུ་ཡང་བརྗོད་དུ་མེད་པ་ཡིན་ནོ།། ་དེའི་ཕྱིར་བདེན་པ་རྣམས་བརྗོད་དུ་མེད་པའི་མཚན་ཉིད་ཅན་ནི་ཆེན་པོ་མི་བརྟག་པར་བྱའོ། །དེ་ལྟར་ན་རྣམ་པར་མི་རྟོག་པའི་མཆོག་གི་ཡེ་ཤེས་ཀྱི་མེ་འབྱུང་བའི་ལྔ་ལྟས་གྱུར་བའི་ཕྱིར་དྲོ་བར་གྱུར་བ་རྣཾ་པ་གསུམ་མོ། །དེའི་འོག་ཏུ་རྩེ་མོར ་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། གཟུགས་རྩོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག་།དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང། །དེ་དག་གཅིག ་གི་རང་བཞིན་གཅིག་།ཆོས་རྣམས་མི་འཛིན་གང་ཡིན་དང། །དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་བྱ་བའོ། །རྩེ་མོ་ཆུང་ངུའི་དམིགས་པ་ནི་གཟུགས ་ལ་སོགས་པ་ནི་རང་གི་ངོ་བོ་དང་བྲལ་བ་ཉིད་ཀྱིས་རང་གི་རང་བཞིན་གྱིས་སྟོང་པའི་ཕྱིར་གཟུགས་ལ་སོགས་པ་ལ་མི་གནས་པ་ཡིན་ནོ། །རྣམ་པ་ནི་དེ་ཁོ་ནར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་ཕན་ཚུན་ངོ ་བོ་གཅིག་པ་ཡིན་པས་སྟོང་པ་ཉིད་ལ་མི་རྟག་པ་ལ་སོགས་པ་མེད་པ་ཉིད་ཀྱིས་དེ་དག་ལ་མི་རྟག་པ་ལ་སོགས་པ་ཉིད་དུ་མི་གནས་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ནི་མི་རྟག་པ་ལ་སོགས་པ་ཉིད་དུ་ཡང་གནས་པར་བྱ་བ་མ་ཡིན་པའི ་མཚན་ཉིད་ཅན་ནི་ཆུང་ངུར་རྟོགས་པར་བྱའོ། །འབྲིང་གི་དམིགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་རྣམས་ནི་ངོ་བོ་ཉིད་མེད་པ་ཡིན་པས་མི་རྟག་པ་ལ་སོགས་པ་ནང་སྟོང་པ་ཉིད་དག་ཕན ་ཚུན་བདག་ཉིད་གཅིག་པ་ཡིན་ནོ། །རྣམ་པ་ནི་ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པ་ལ་རང་གིར་མི་བྱེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ཀྱི་མི་རྟག་པ་ལ་སོགས་པའི་བདག་ཉིད་ཀྱི་སྟོང་པ་ཉིད་རྣམས་ལ་བདག་གིར་བྱ་བས ་དབེན་པའི་མཚན་ཉིད་ཅན་ནི་འབྲིང་དུ་རྟོགས་པར་བྱའོ། །ཆེན་པོའི་དམིགས་པ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་དེ་དག་ལ་སྔོན་པོ་ལ་སོགས་པའི་མཚན་མར་མི་མཐོང་བ་ཡིན་ནོ། །རྣམ་པ་ནི་ཤེས་རབ་ཀྱིས་དངོས་པོ་ཐམས ་ཅད་མི་དམིགས་པར་ངེས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་མཚན་མར་མི་དམིགས་པའི་མཚན་ཉིད་ཅན་ནི་ཆེན་པོར་རྟོགས་པར་བྱའོ། །དེ་ལྟར་ན་དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོར་གྱུར་པ་རྣམ་པ ་གསུམ་མོ། །དེའི་འོག་ཏུ་བཟོད་པར་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། དེ་མེད་པ་ནི་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དག་མཚན་ཉིད་མེད་།དེ་ཡི་མཚན་མར་མི་བརྟེན་པS། མོས་མིན ་འདུ་ཤེས་མེད་པ་ཡིན། །ཞེས་བྱ་བའོ། །བཟོད་པ་ཆུང་ངུའི་དམིགས་པ་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་ངོ་བོ་ཉིད་ཀྱི་མཚན་ཉིད་དག་སྟོང་པ་ཉིད་དུ་གཅིག་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ངོ་བོ་ཉིད་མེད་པ་ཡིན་ནོ། །རྣམ་པ་ནི་འཁྲུལ་པའི ་དངོས་པོ་མེད་པ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ། །དེའི་ཕྱིར་བདེན་པ་རྣམས་ལ་ངོ་བོ་ཉིད་མེད་པའི་ངོ་བོར་ཤེས་པའི་མཚན་ཉིད་ཅན་ནི་ཆུང་ངུར་ངེས་པར་བྱའོ། །འབྲིང་གི་དམིགས་པ་ནི་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས ་གཟུགས་ལ་སོགས་པ་སྐྱེ་བ་ཡང་མེད་མྱ་ངན་ལས་འདས་པ་ཡང་མེད་པ་ཡིན་ནོ། །རྣམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་རྟོགས་པ་ཁོ་ནས་ལུས་ལ་སོགས་པ་ཐམས་ཅད་དུ་རྣམ་པར་དག་པའི་རྒྱུར་གྱུར་པ་ཡིན་ནོ། །དེའི་ཕྱིར་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོ་ཉིད་མེད་པར་རྟོགས་པས་གྲོལ་བའི་མཚན་ཉིད་ཅན་ནི་འབྲིང་དུ་ངེས་པར་བྱའོ། །ཆེན་པོའི་དམིགས་པ་ནི་ཆོས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་མི་མཐད?་པས་གཟུགས་ལ་སོགས་པ་ལ་རྟག ་བ་ལ་སོགས་པའི་མཚན་མ་མེད་པའོ། །རྣམ་པ་ནི་རང་བཞིན་ཁོ་ནས་གཟུགས་ལ་སོགས་པ་མཚན་མ་རྣམས་ཀྱི་རྟེན་དང་བྲལ་པ་ཉིད་ཀྱིས་མོས་པ་ཡིད་ལ་བྱེད་པས་མི་མོས་ཤིང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས ་ཡོངས་སུ་ཤེས་པ་མེད་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་མཚན་མ་མེད་པའི་མཚན་ཉིད་ཅན་ནི་ཆེན་པོར་ངེས་པར་བྱའོ། །དེ་ལྟར་ན་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་ངན་འགྲོ་མེད་པས་བཟོད་པར་གྱུར་པ་རྣམ་པ་གསུམ་མོ། །དེའི ་འོག་ཏུ་ཆོས་ཀྱི་མཆོག་ཏུ་གྱུར་པའི་དམིགས་པ་དང་རྣམ་པ་གསུངས་པ། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །གསུམ་པོ་ཕན་ཚུན་ངོ་བོ་གཅིག་།ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་བྱ་བའོ། །ཆོས་མཆོག་ཆུང་ངུའི་དམིགས་པ་ནི་མི་དམིགས་པ་ཉིད་ཀྱིས་ཆོS་ཐམས་ཅད་སྐྱེ་བ་མེད་པ་དང། དཔའ་པར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་ཡང་དག་པར་བསྒོམ ་པ་ཡིན་ནོ། །རྣམ་པ་ནི་རང་གི་སྨོན་ལམ་ལ་སོགས་པ་དང། ཕ་རོལ་གྱི་སྐལ་པ་ཉིད་དང། ཆོས་ཀྱི་དབྱིངས་ཀྱི་སྟོབས་ཉིད་ཀྱིས་ལྷུན་གྱིས་གྲུབ་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐལ་པ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱིས་སེཾས་ཅན ་གྱི་དོན་སྣ་ཚོགས་པ་བྱ་བ་ལ་འཇུག་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་ཏིང་ངེ་འཛིན་གྱི་བྱེད་པའི་མཚན་ཉིད་ཅིན་ཆུང་ངུར་རིག་པར་བྱའོ། །འབྲིང་གི་དམིགས་པ་ནི་ཡང་དག་པར་ཞུགས་པ་ཉིད་ཀྱིས་ཏིང་ངེ་འཛིན་དེ་དང་ལྡན་པ ་ལ་སངས་རྒྱས་རྣམས་གསང་སྟེ་ལུང་སྟོན་པར་མཛད་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་དོ། །རྣམ་པ་ནི་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པས་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་རྟོགས་པ་ལ་བདག་ནི་མཉམ་པར ་བཞག་པའོ་སྙམ་པ་ལ་སོགས་པའི་རློམ་པ་མི་འབྱུང་བ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་ལུང་བསྟན་པ་ཐོབ་པའི་རྒྱུ་རློམ་པར་མི་བྱེད་པའི་མཚན་ཉིད་ཅན་ནི་འབྲིང་དུ་ཤེས་པར་བྱའོ། །ཆེན་པོའི་དམིགས་པ་ནི་ཆོས་ཉིད་ཀྱི་ཏིང་ངེ་འཛིན ་དང་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དོན་གསུམ་ཕན་ཚུན་ངོ་བོ་ཉིད་གཅིག་པ་ཡིན་ནོ། །རྣམ་པ་ནི་ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་ཉིད་ཀྱིས་ཏིང་ངེ་འཛིན་དེ་ལ་གནས་ནས་དོན་གསུམ་རྣམ་པར་མི་རྟོག ་པ་ཐབས་དམ་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་བདེན་པ་རྣམས་ལ་ཏིང་ངེ་འཛིན་གྱིས་ཆོས་གསུཾ་གྱི་བདག་ཉིད་མི་དམིགས་པའི་མཚན་ཉིད་ཅན་ནི་ཆེན་པོར་རིག་པར་བྱའོ། །དེ་ལྟར་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་ཆོས་ཀྱི ་མཆོག་ཅེས་བྱ་བ་རྣམ་པ་གསུམ་མོ། །ཐོག་མ་ཇི་ལྟ་བ་བཞིན་དམིགས་པ་དང་རྣམ་པ་ཁྱད་པར་གྱི་ཆོས་ཅན་དང་ཆོས་བརྗོད་པར་རིགས་མདོ། ཁྱད་པར་གྱི་ཆོས་བརྗོད་པས་ཐམས་ཅད་དུ་བརྗོད་པ་ནི་ཚིག་ལེའུར་བྱས་པ་སྡེབ་པའི་དོར་ཡིན་པའི་ཕྱིར ་དང། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་མ་གཏོགས་པ་དོན་གྱི་ཁྱད་པར་འགའ་ཡང་མེད་པས་མངོན་པར་ཞེན་པ་ལ་སོགས་པ་བཀག་པ་དང་ལྡན་པའི་སྡུག་བསྔལ་ལ་སོགས་པའི་བདེན་པར་གཏོགས་པ་ཁོ་ན་དམིགས་པ་དང་རྣམ་པར ་བྱ་བ་ཡིན་པའི་ཕྱིར་ཏེ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །རྣམ་པར་རྟོག་པ་བཞི་དང་ལྡན་པ་ཞེས་བྱ་བ་ཇི་ལྟར་རིག་པར་བྱ་ཞེ་ན། དེའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ལས་གཟུང་བའི་རྣམ་པར་རྟོག་པ་གསུངས་པ། ་གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། ལ།རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ་།ཞེས་བྱ་བའོ། །གཟུང་བར་རྣམ་པར་རྟོག་པ་ཀུན?་ནས་ཉོན་མོངས་པ་བཞིའི་རྟེན་ཅན་དང། གཉེན་པོ ་རྣམ་པར་བྱང་བའི་རྟེན་ཅན་གྱི་རྣམ་པར་རྟོག་པ་གཉིས་ཏེ། དེ་ཡང་གྲངས་བཞིན་དུ་མ་རིག་པ་དང་རྣམ་པར་བྱང་པའི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བས་རྣམ་པར་དགུའོ། །དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གསུངས་པ། ་རྫས་དང་རྟགས་པའི་རྟེན་ཅན་གྱིས། །འཛིན་པ་འང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་བྱ་བའོ། །གང་ཟག་རྫས་སུ་ཡོད་པ་དང། །སྐྱེ་བུ་བཏགས་པར་ཡོད་པ་ལ་དམིགས་པ ་ཉིད་ཀྱིས་འཛིན་པར་རྣམ་པར་རྟོག་པ་ཡང་གཉིས་ཡིན་ལ་།དེ་ཡང་བདག་རང་དབང་ཅན་དང། ཕུང་པོ་ལ་སོགས་པ་ལ་དམིགས་པའི་དབང་དུ་བྱེད་པས་དེ་ལྟར་སོ་སོར་རྣམ་པ་དགུའོ། །དེ་ལ་ཀུན་ནས་ཉོན་མོངས་པ་བཞིའི་རྟེན་ཅན་དགུ ་པོ་གང་ཞེ་ན་།ལས་ཉིད་དང། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དང། གང་གིས་ཕ་རོལ་ཏུ་ཕུང་པོ་ཡོངས་སུ་འགྲུབ་པ་གཟུཌ་ལ་སོགས་པའི་ཕུང་པོ་དང། རྟག་པ་དང་ཆད་པ་ཉིད་དུ་ཉེ་བར་འཛིན་པ་མིང་དང་གཟུགས་ལ་མངོན་པར་ཞེན་པ་དང ་དེ་དག་ལ་མངོན་པར་ཞེན་པ་དང་པོར་གྱུར་པ་མཛའ་གཉིས་ལ་ཆགས་པ་དང། མ་རིག་པ་ནས་རྒ་ཤིའི་བར་དུ་ཀུན་ནས་ཉོན་མོངས་པ་མི་ཤེས་པ་དང་སེམས་དང་པོ་བསྐྱེད་པ་ཉིད་ནས་སངས་རྒྱས་ཀྱི་བར་དུ་རྣམ་པར་བྱང་བ་མི་ཤེས་པ་དང ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་འཕགས་པའི་ལམ་ལ་མི་གནས་པ་དང། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་མ་ཡིན་པར་ཕྱིན་ཅི་ལོག་ཏུ་ཉེ་བར་ཕྱིན་ཅི་ལོག་ཏུ་ཉེ་བར་དམིགས་པ་དང། བདག་དང་སེམས་ཅན་ལ ་སོགས་པ་བྱེད་པའི་སྐྱེས་བུ་དང། རྣམ་པར་དགེ་བ་སྐྱེ་བ་མེད་པ་དང་མ་བྱུང་བ་ལ་སོགས་པ་ལ་གཟུང་བར་རྣམ་པར་རྟོག་པ་རྣམས་སོ། །འདི་དག་ནི་དགག་པའིརྣམ་པ་ཅན་གྱི་ངོ་བོས་ངེས་པར་འབྱེད་པའི་ཡན་ལག་དང་པོ་ཉིད་ན་སྦྱོར་བ ་དང་དངོས་གཞི་དང་རྗེས་ཀྱི་གནས་སྐབས་ཀྱིས་རྟེན་ཅིང་མཚུངས་བར་གནས་པ་དང་ཉེ་བར་ལྡན་པ་ཡིན་པར་ཤེས་པར་བྱའོ། །གཉེན་པོའི་རྟེན་ཅན་དགུ་པོ་གང་ཞེན་།རིགས་ཅན་རྣམས་བདེན་པ་མཐོང་བའི་བདག་ཉིད་ཕུང་པོ་ལྔ་དང་།རྣམ་པར་བྱང་བའི་ཆོས ་བསྐྱེད་པའི་རྐྱེན་གྱིས་བདག་ཉིད་སྐྱེ་མཆོད་བཅུ་གཉིས་དང། ཡོངས་སུ་དག་པའི་ཆོས་མངོན་དུ་འགྱུར་བ་ཉིད་ཀྱི་ས་བོན་རིག་པ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མངོན་པར་འགྲུབ་པའི་རྟེན་འབྲེལ་སྐྱེ་བ་དང་།ཇི་ལྟར་རིགས་པའི་རང་བཞིན་དང་བློ་བུར་བའི་དྲི་མ ་ལས་རྣམ་པར་དབེན་པ་སྟོངས་ཉིད་དང། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དང། བྱང་ཆུབ་ཀྱི་ཕྱོགས?་ཀྱི་ཆོས་རྣམས་ཀྱི་བདག་ཉིད་མཐོང་བའི་ལམ་དང། བསམ་གཏན་དང་མངོན་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱི ་སྒོམ་པའི་?་ལམ་དང། སྟོབས་བཅུ་ལ་སོགས་པ་མི་སློབ་པའི་ལམ་ལ་གཟུང་བར་རྣམ་པར་རྟོག་པ་རྣམས། །འདི་དག་ཀྱང་སྔ་མ་ལྟ་བུའི་རྣམ་བས་ཡན་ལག་གཉིས་པ་ཉིད་ན་ཞེས་རིག་པར་བྱའོ། །གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གྱི་དགུ་པོ་གང ་ཞེ་ན་།འདུས་བྱས་ཀྱི་ཆོས་དག་ལས་གཞན་ལ་རག་ལས་ལ་མེད་པས་དབང་དུ་གྱུར་པ་བདག་རང་དབང་ཅན་དང། ཕུང་པོ་ལ་བླ་གྲངས་མེད་པ་ཉིད་ཀྱིས་གཅིག་བུའི་བདག་ཉིད་དང། སྐྱེ་མཆེད་ལ་རྣམ་པར་ཤེས་པ་བསྐྱེད་པ་ཉིད་ཀྱི་སྒོར་གྱུར་བ་རྒྱུའི ་བདག་དང། ཁམས་ལ་ལོངས་སྤྱོད་བར་ལྟ་བ་པོ་ལ་སོགས་པའི་བདག་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཀུན་ནས་ཉོན་མོངས་པའི་རྟེན་དང། ཞི་བ་དང་རགས་པའི་མཚན་ཉིད་ཀྱི་འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བའི་རྟེན་དང། བདེན་པ་རྣམས་ཀྱི ་མཚན་ཉིད་མངོན་སུམ་དུ་བྱས་པ་མཐོང་པའི་རྟེན་དང། རྣམ་པར་ཐར་པ་ལ་སོགས་པ་བདག་ཉིད་བསྒོམ་པའི་རྟེན་དང། ཡང་དག་པར་སློབ་པ་རྣམས་ཀྱི་དོན་བྱས་པའི་རྟེན་ལ་འཛིན་པར་རྣམ་པར་རྟོག་པ་རྣམས་སོ། །འདི་དག་ཀྱང་སྔ་མ་ལྟ་བུའི་རྣམ ་པས་ཡན་ལག་གསུམ་པ་ཉིད་ནའོ་ཞེས་དེས་པར་བྱའོ། །སྐྱེས་བུ་བཏགས་པར་ཡོད་པའི་བརྟེན་ཅན་གྱི་དུག་བོ་གང་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་དང། མིག་གི་དབང་པོ་ལ་སོགས་པའི་སྐྱེ་མཆེད་རྣམས་དང། གཟུགས ་ཀྱི་ཁམས་ལ་སོགས་པ་ཁམས་རྣམས་དང། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང། །དྲན་པ་ཉེ་པར་བཞག་པ་ལ་སོགས་པ་རྣམ་པར་བྱད་བ་དང་།རྣམ་པར་ཐར་བའི་སྟོང་པ་ཉིད་ལ་སོགས་པ་དང་།བསམ ་གཏན་ལ་སོགས་པའི་སྒོམ་པ་དང་།ཉན་ཐོས་ལ་སོགས་པ་ལས་ཕུལ་དུ་གྱུར་པ་ཁྱད་པར་གྱི་ལམ་དང་།སྟོབས་ལ་སོགས་པའི་བདག་ཉིད་མ་སློབ་པའི་ལམ་ལ་མི་འཛིན་པའི་རྣམ་པར་རྟོག་པ་རྣམས་སོ། །འདི་དག་ཀྱང་རྣམ་པ་སྔ ་མ་ལྟ་བུས་ཡན་ལག་བཞི་བ་ཉིད་ནའོ་ཞེས་རྟོགས་པར་བྱའོ། །ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པར་ཡོངས་སུ་འཛིན་པ་སྔར་གསུངས་ན་ཡང་དེའི་སྟོབས་ཀྱི་ཇི་ལྟར་བཤད་པ་ཁྱད་པར་དུ་འགྱུར་རོ། །ཞེས་བསྟན་པའི་ཕྱིར་དེའི་འོག་ཏུ་བར ་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ་།སེམས་མི་འགོང་བ་ཉིད་སོགས་ཀྱིས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་དོར་བ། །རྣམ་པ་ཀུན་དུ་ཡོངས་འཛིན་ཡིན། །ཞེས་བྱ་བའོ། །ཐབས་མཁས་པས་ཆོས ་ཐམས་ཅད་སྟོང་པ་ཉིད་ལ་སེམས་ཡོངས་སུ་མི་འགོང་ཞིང་མི་སྐྲག་པ་ཉིད་དང། །མི་མཐུན་པའི་ཕྱོགས་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པ་དོར་བ་དང། །བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཛའ་དག་བདག་མེད་པ་ལ་སོགས ་བསྟོན་པར་བྱེད་བ་དགེ་བའི་ཡེ་ཤེས་གཉེན་དང་།མི་མཐུན་པའི་ཕྱོགས་མཚན་མར་མངོན་པར་ཞེན་པ་སྡིག་པའི་གྲོགས་པོ་ཡོངས་སུ་དོར་བ་ནི་ནང་དང་ཕྱིའི་རྒྱུ་དང་རྐྱེན་གྱིས་རྣཾ་པ་ཐམས་ཅད་དུ་ཡོངས་སུ་འཛིན་པ་ཡིན་ནོ།། ་དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཤེས་པར་འགྱུར་ཞིང། འཆད་པར་འགྱུར་བའི་སྒྲུབ་པ་རྣམས་ཀྱང་རྟེན་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་སྒྲུབ་པའི་རྟེན་དུ་གྱུར་པ་གསུངས་པ། རྟོགས ་པ་ཡི་ནི་ཆོས་དྲུག་དང་།གཉེན་པོ་དང་ནི་སྤོང་བ་དང་།དེ་དག་ཡོངས་སུ་གཏུགས་པ་དང་།ཤེས་རབ་སྙིང་བརྩེར་བཅས་པ་དང་།སློབ་མ་ཐུན་མོང་མིན་ཉིད་དང་།གཞན་གྱི་དོན་གྱི་རིམ་དང། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི ་རྟེན་ལ་རིགས་ཞེས་བྱ། །ཞེས་བྱ་བའོ། །རེ་ཞིག་གཞི་དང་གཉེན་པོ་དང་།གང་ཟག་དང་སྐྱེས་བུ་ལ་བརྟེན་པའི་གཟུང་བ་དང་འཛིན་པ་མངོན་པར་མི་དམིགས་པ་ངེས་བར་བྱེད་བའི་ཡན་ལག་འཇིག་རྟེན་པའི་རྟོགས་པ་རྣམས་དང་།དེའི་འོག་ཏུ ་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་ཏུ་རྟོགས་པ་དང་།དེའི་རྒྱུན་ས་བདུན་གྱི་བར་དུ་རྟོགས་པ་བསྒོམ་པའི་ལམ་དག་སྟེ་རྣམ་པ་དྲུག་གོ་།དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་ས་བརྒྱད་པ་ལ་ཐུན་མོང་མ་ཡིན་པཱི ་གཉེན་པོ་ཡོངས་སུ་ཐོབ་པའོ། །དེའི་འོག་ཏུ་ས་དགུ་པ་ལ་དེ་ནི་མཐུ་ཕུན་སུམ་ཚོགས་པར་གྱུར་པ་ལ་མི་མཐུན་པའི་ཕྱོགས་རྣམ་པར་སྤོང་བའོ། །དེའི་འོག་ཏུ་ས་བཅུ་པ་ལ་གཉེན་པོ་དད?་མི་མཐུན་པའི་ཕྱོགས་མི་དམིགས་པས་དེ་དག་སྐྱེ་བ་དང ་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་ཡོངས་སུ་ཟད་པ་མཐར་གཏུགས་པའོ། །དེ་བཞིན་དུ་ས་དེ་དག་ལ་གོ་རིམ་ལྟར་སྦྱིན་ལ་སོགས་པ་དང་སྔོན་གྱི་སྨོན་ལམ་ལ་སོགས་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས ་པའི་མཚན་ཉིད་ཀྱིས་ཤེས་རབ་དང་སྙིང་རྗེ་དང་།དེ་དག་ཕུལ་དུ་གྱུར་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་དང་།རང་གི་རྫོགས་པ་གཞན་ལ་ཕན་གདགས་པར་མཁས་པ་ཉིད་ཀྱིས་བསམ་པ་ལ་སོགས་པ་དང ་རྗེས་སུ་མཐུན་པར་གཞུག་པ་ལྡེམ་པོར་དགོངས་པ་ལ་སོགས་པའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམ་སྟེ་།དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ཡིན་ནོ། ། ་དེའི་འོག་ཏུ་ས་བཅུ་པའི་ཁྱད་པར་ལ་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་འཁོར་བ་ཇི་སྲིད་པར་གཞན་ཀྱི་དོན་བྱ་བའི་ཕྱིར་ཡེ་ཤེས་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་ཏེ་།དེ་ལྟར་ན་སྒྲུབ་པའི་ཆོས་ཀྱིས་གནས་སྐབས་ཀྱི་བྱེ་ཕྱག ་བཅུ་གསུམ་གྱིས་དག་གི་གཟིར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེནི་རིགས་ཞེས་བྱ་བར་བརྗོད་དོ། །གལ་ཏེ་རིགས་དེ་ཉིད་ཐ་དད་པ་འམ་ཐ་དད་པ་མ་ཡིན་པར་བརྟག་དེ་ན་།བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས ་པ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བྱ་བའོ། །ནམ་མཁའ་ལྟར་ཡོངས་སུ་དག་ཅིང་ཁྱབ་པར་གྱུར་པའི་རིགས་གང་ཡིན་པ་དེ་ནི་རང་བཞིན་གྱིས་དབྱེ་བ་མེད་པའི་ཕྱིར་ཉན་ཐོས་ལ་སོགས་པའི་རིགས་ཐ་དད་པ ་ཉིད་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་འགྲུབ་པའི་རྟེན་རྣམ་པར་དབྱེ་བ་བརྗོད་ཅེ་ན་།རྟེན་པའི་ཆོས་ཐ་དད་ལ་བརྟེན་པའི་ལན་གསུངས་པ་།རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་བྱ་བའོ། །དཔེར་ན་འཇིམ་པ་གཅིག་ལས ་མངོན་པར་གྲུབ་ཅིང་མ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ་རྟེན་པ་སྦྲང་རྩི་དང་ལི་ཁར་ལ་སོགས་པའི་སྣོད་ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་དང། སྒྲུབ་པའི་གནས་སྐབས་ཀྱིས་བསྡུས ་པ་རྟོགས་པར་བྱ་བ་ཐ་དད་པ་ཉིད་ཀྱིས་རྟེན་རྟེན་ཐ་དད་པར་བཞག་གོ་ཞེས་བསྟན་ཏོ། །རྟེན་དེ་ལས་བསྒྲུབ་པར་བྱ་བ་ཉིད་ཀྱི་དམིགས་པ་གསུངས་པ་།དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི ་རྟོགས་པ་དང། །གང་དག་འཇིག་རྟེན་འདས་འདོད་དང། །ཟག་བཅས་ཟག་པ་མེད་ཆོས་དང། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མཐུན་མོང་ཆོས་རྣམས་དང། །གང་དག་ཐུབ་བའི་ཐུན་མོང་མིན། །ཞེས་བྱ་བའོ། །འདིར་སྒྲུབ་པ་པོS་དམིགས་པར ་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དེ། སྤྱིར་དགེ་སྦྱོང་གི་ཚུལ་ཉིད་ལ་སོགས་པ་བླང་པར་བྱ་བའི་མཚན་ཉིད་དགེ་བ་དང་།སྲོག་གཅོད་པ་ལ་སོགས་པ་སྤོང་བར་བྱ་བའི་མཚན་ཉིད་མི་དགེ་བ་དང། གོམ་པ་འདོར་བ་ལ་སོགས་པ་གཉིས་ཀ ་མ་ཡིན་པའི་མཚན་ཉིད་ལུང་དུ་མ་བསྟན་པའི་ལས་སོ། །དེའི་འོག་ཏུ་དེ་དག་ཉིད་རྣམ་པ་གཉིས་པའི་དབྱེ་བ་བཞི་ཉིད་ཀྱིས་བརྒྱད་དོ། བསམ་གཏན་དང་ཚད་མེད་པ་ལ་སོགས་པ་འཇིག་རྟེན་པའི་རྟོགས་པར་བྱ་བ་དང་།ཡང་དག་པའི་བསམ་གཏན་ལ་སོགས ་པ་འཇིག་རྟེན་ལས་འདས་པ་དང་།བདག་ཏུ་ལྟ་བའི་གཉེན་པོ་མ་ཡིན་པའི་ཕུང་པོ་ལྔ་ལ་སོགས་པ་ཟག་པ་དང་བཅས་པ་དང་།བདག་ཏུ་ལྟ་བ་ལ་སོགས་པའི་གཉན་པོ་དྲན་པ་ཉེ་བར་བཞིག་པ་ལ་སོགས་པ་ཟག་པ་མེད་པ་རང། རྒྱུ་དང་རྐྱེན་ལ་རག ་ལས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་བྱས་དང་།རག་མ་ལས་པ་དེ་དག་གི་དེ་བཞིན་ཉིད་དུ་འདུས་མ་བྱས་པ་དང་།བསམ་གཏན་ལ་སོགས་པ་སློབ་?་རྣམས་དང་ཐུན་མོང་བ་དང་།སྟོབས་བཅུ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཏེ་།ཇི་ལྟ་བ་བཞིན་དུ་དམིགས་པར་བྱ་བ་རྣམ་པ་བཅུ་གཅིག་གོ་།དམིགས་པ་དེ་དག་ལ་སྒྲུབ་པ་ཉིད་འབྲས་བུ་ཅིའི་ཕྱིར་ཡིན་ཞེས་ཆེད་དུ་བྱ་བ་གང་ཡིན་པ་གསུངས་པ་།སེམས་ཅན་ཀུན་མཆོག་ཉིད་སེམས་དང། །སྤོང་དང་རྟོགས ་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱིས་རང་བྱུང་གི་།ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་བྱ་བའོ། །རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཤེས་པའི་སྒོ་ནས་སེམས་ཅན་གྱི་ཕུང་པོ་དང་སྡེ་ཆེན་པོ་ཉིད་ཀྱི་མཆོག་སངས་རྒྱས ་ཉིད་དུ་སྒྲུབ་པར་སེམས་དཔའ་ཆེན་པོ་དང་།ལྟ་བའི་རྣམ་པ་ཐམས་ཅད་དུ་སྤངས་ཏེ། མཚན་མ་མེད་པ་སྤོང་བ་ཆེན་པོ་ཉིད་དང་།ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཡང་དག་པར་མཁྱེན་པ་རྟོགས་པ་ཆེན་པོ་ཉིད་དེ། །རང་འབྱུང་བར ་འགྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆེད་དུ་བྱ་བ་ཉིད་རྣམ་པ་གསུམ་གྱི་དོན་དུ་འཇུག་པར་ཤེས་པར་བྱའོ། །ད་ནི་ཇི་ལྟར་སྒྲུབ་པ་རང་གི་ངོ་བོ་བཤད་པར་བཞེད་དེ་།སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་དང་།མངོན་པར་རྟོགས་པ་བཞི་པོ་རི་རི ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་དྲུག་ཚན་དྲུག་ཡིན་ཏེ་།དེ་ཡང་ལས་དང་པོ་པ་།སྦྱོར་བ་དང་།མཐོང་བ་དང་།བསྒོམ་པའི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་གོ་ཆ་དང་།འཇུ་པ་དང་།ཚོགས་དང་།ངེས་པར ་འབྱུང་བ་བཞི་ལས་རེ་ཞིག་བསམ་པའི་བརྩོན་འགྲུས་ཀྱི་བདག་ཉིད་གོ་ཆའི་སྒྲུབ་པ་གསུངས་པ། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིན། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲིག་མཚན་དྲུག་གིས་གང་ཡིན་བཤད ་ཅེས་བྱ་བའོ། །ཆོས་ཀྱི་སྦྱིན་པ་ལ་སོགས་པ་སྦྱིན་པ་ན་འབྲས་བུ་སེམས་ཅན་ལ་ཡོངས་སུ་གཏོང་བ་ཉིད་ཀྱི་སྦྱིན་པའི་སྦྱིན་པ་དང། ཐེག་པ་དམན་པ་ཡིད་ལ་བྱེད་པ་སྤོང་བ་ཉིད་ཀྱིས་ཚུལ་ཁྲིམས་དང། ཆོས་ཟབ་མོ་ལ་མི་སྐྲག་པ་ལ་སོགས ་པ་ཉིད་ཀྱིས་བཟོད་པ་དང། མངོན་པར་ཡིད་ཆེས་པས་སྒྲོ་བ་ཉིད་ཀྱིས་བརྩོན་འགྲུས་དང་།ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བས་རྩེ་གཅིག་བུ་གནས་པ་བསམ་གཏན་དང་།སྦྱིན་པར་བྱ་བ་ལ་སོགས་པ་འཁོར་གསུམ་དུ་མི་དམིགས་པའི་བདག ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། །དེ་བཞིན་དུ་ཚུལ་ཁྲིམས་བསྲུང་བ་དང་།བཟོད་པ་བསྒོམ་པ་དང་།བརྩོན་འགྲུས་བརྩོམ་པ་དང་།བསམ་གཏན་ལ་མཉམ་པར་འཇོག་པ་དང་།ཤེས་རབ་བསྒྲུབ་པར་བྱེད་དོ། །དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན ་པ་རེ་རེ་ཞིང་སོ་སོར་རྣམ་པ་དྲུག་དྲུག་ཏུ་རབ་ཏུ་ཁྱེམས?་སུམ་ཅུ་རྩ་དྲུག་རྣམས་དྲུག་ཚན་དྲུག་གིས་རིགས་མཐུན་པ་སྦྱིན་པ་ལ་སོགས་པ་དྲུག་ཏུ་བསྡུས་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཀྱི་མཚོན་ཆ་རྣམས་ཀྱིས་མི་ཚུགས་པར་བྱ་བའི་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་ཡིན་ནོ། །དེ་ལྟར་གི ་བགོས་ནས་འཇུག་པར་བྱ་དགོས་བས་དེའི་རྗེས་ལ་སྦྱོར་བའི་བརྩོན་འགྲུས་ཀྱི་རང་བཞིན་འཇུག་པའི་སྒྲུབ་པ་གསུངས་བ་།བསམ་གཏན་གཟུགས་མེད་སྦྱིན་སོགས་དང། །ལམ་དང་བྱམས་ལ་སོགས་པ་དང། །དམིགས་པ་མེད་དང་ལྡན་པ ་དང། །འཁོར་གསུམ་རྣམ་པར་དག་པ་དང། །ཆེད་དུ་བྱ་དང་མངོན་ཤེས་དྲུག་།རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཇོག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའོ། །རྣམ་པར་གཡེང་བ་ལས་ལྡོག་སྟེ་རྟེན་པར་བྱེད་པ་ ་བསམ་གཏན་དང་གཟུགས་མེད་པར་སྙོམས་པར་འཇུག་པ་དང་།ལས་སུ་རུང་བ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང། ལེགས་བར་བསགས་པས་ཐོབ་པ་མཐོང་བ་དང་བསྒོམ་པ་དང་ཁྱད་པར་གྱི་ལམ་དང། དེར་མ་ཆུད་པ་ལ ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་གཏང་སྙོམས་ཚད་མེད་པ་དང། དེས་སྤང་བར་བྱ་བ་མངོན་བར་ཆགས་པ་འགོག་པ་མི་དམིགས་པ་དང་ལྡན་པ་དང་།ཇི་ལྟར་མི་དམིགས་པ་ཉིད་རྫོགས་པར་བྱེད་པ་འཁོར་གསུམ་རྣམ་པར་དག་པ་དང། ཚུལ་དེ་ཉིད་ཀྱིས ་རང་གི་ཆེད་དུ་བྱ་བ་གསུམ་སྒྲུབ་པ་དང། །གཞན་དང་ཐུན་མོང་མ་ཡིན་པའི་དབང་གིས་མངོན་པར་ཤེས་པ་དྲུག་བསྐྱེད་པ་དང་།དེ་དག་དང་ལྡན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དྲག?་ཏུ་སྤྲོས་པས་འཇུག་པ་སྟེ། ཡུལ་དེ་དག་ལ་སྦྱོར་བ་ཉེ་བར ་གནས་པའི་མཚན་ཉིད་ནི་སྤང་པར་བྱ་བ་ཉེ་བར་བཟློག་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་མཛའ་དག་གནོན་ཅིང་འཛག་བའི་ངོ་བོ་ཉིད་ཡིན་པས་འཇུག་པའི་སྒྲུབ་པ་རྣམ་པ་དགུའོ། །དེ་ལྟར་འཇུག་པས་ཞུགས་པར་གྱུར་པ་ན་ཚོགས་ཡང་དག་པར་འགྲུབ་བས ་མ་ཞུམ་ཞིང་ཡང་དག་པར་བསྒྲུབ་པའི་བརྩོན་འགྲུས་ཀྱི་བདག་ཉིད་ཚོགས་ཀྱིས་སྒྲུབ་པ་གསུངས་པ་།ལྕེ་དང་སྦྱིན་ལ་སོགས་པ་དྲུག་།ཞི་གནས་ལྷག་མཐོང་བཅས་པ་དང་།ཟུང་དུ་འབྲེལ་བའི་ལམ་གང་དང། །ཐབS་ལ་མཁས་པ་གང ་ཡིན་དང། །ཡེ་ཤེས་དན་ནི་བསོད་ནམས་དང། །ལམ་དང་བཟུངས་དངས་བཅུ་དང། །གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡིས། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའོ། །སེམས་ཅན་སྡུག་བསྔལ་བ་རྣམས་ལ་ཕན་པར་བྱེད་པ་སྙིང་རྗེ་ཆེན་པོ་དང་།འཁོར ་ལོས་སྒྱུར་བ་ལ་སོགས་པའི་རྟེན་གྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་དང་།གཞན་གྱི་དོན་ལ་སེམས་རྩེ་གཅིག་ཏུ་གནས་པ་ཞི་གནས་དང་།གང་གི་དོན་དུ་སེམས་རྩེ་གཅིག་པར་གནས་པ་ཉིད་མི་དམིགས་པ་ལྷག་མཐོང་དང་།ཐབས ་དང་ཤེས་རབ་ཀྱིས་མཐར་མི་གནས་པ་ཟུང་དུ་འབྲེལ་བའི་ལམ་དང་།དགེ་བའི་རྩ་ཐམས་ཅད་བླ་ན་མེད་བའི་བྱང་ཆུབ་ཏུ་བསྔོ་བས་ཐབས་ལ་མཁས་པ་དང་།སྟོང་པ་ཉིད་ཐམས་ཅད་ཀྱི་མཚན་ཉིད་ལ་མཁས་པ་ཡེ་ཤེས་དང་།ཏིང་འཛིན་དུ་མས་རྣམ་པར་རྩེ་བའི ་བསོད་ནམས་དང་།བགྲོད་པར་བྱ་བ་ལ་མངོན་པར་ཞུགས་པ་མཐོང་བ་ལ་སོགས་པའི་ལམ་དང་།ལེགས་པའི་ལམ་ལས་མི་ཉམས་བར་འཛིན་པ་ལ་སོགས་པའི་བཟུངས་དང་།དཔག་ཏུ་མེད་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པས་བཅུ་དང། གཟུང་བ་དང་འཛིན་པའི་སྲད་བྱ་རབ ་ཏུ་འཇིལ་པ་གཉེན་པོའི་ཚོགས་རྣམས་ཏེ་།མི་མཐུན་པའི་ཕྱོགས་ཀྱི་དབང་རྣམ་པར་གཞོམ་པའི་ཕྱིར་རང་གི་སྡེ་རབ་ཏུ་བསྒྲུབ་པ་མི་དམིགས་པའི་མཚན་ཉིད་ཀྱིས་ཐེག་པ་ཆེན་པོའི་དོན་མཛའ་དག་བསྒྲུབ་པ་ཉིད་ཀྱི་ཚོགས་ཀྱི་སྒྲུབ་པ་རྣམ་པ་བཅུ་བདུན་ནོ། །དེ་ལ་ཡེ་ཤེས ་ཀྱི་ཚོགས་ནི་སྟོང་པ་ཉིད་ཉི་ཤུའི་བྱེ་བྲག་གིས་ཉི་ཤུ་སྟེ་།ངོ་བོ་ཉིད་མེད་པའི་ཕྱིར་ནང་གི་ཆོས་ཀྱིས་དབེན་པས་ནང་སྟོང་པ་ཉིད་དང་།ཕྱི་རོལ་གྱིས་དབེན་པས་ཕྱི་སྟོང་པ་ཉི་དང། གཉིས་ཀས་དབེན་པས་གཉིས་ཀ་སྟོང་པ་ཉིད་དང། སྟོང་པའི་དངོས་པོས་དབེན་པས་སྟོང་པ་ཉིད་སྟོང་བ ་ཉིད་དང་ཕྱོགས་ཀྱིས་དབེན་པས་ཆེན་པོ་སྟོང་པ་ཀྱིད་དང་།མྱ་ངན་ལས་འདས་བའི་ལམ་གྱིས་དབེན་པས་དོན་དམ་པ་སྟོང་པ་ཉིད་དང་།རྐྱེན་ལས་སྐྱེས་པས་དབེན་པས་འདུས་བྱས་སྟོང་པ་ཉིད་དང་།ཅིག་ཤོས་ཀྱིས་དབེན་པས་འདུས་མ་བྱས་སྟོང་པ་ཉིད་དང་།འཁོར་བ་དང་མྱ་ངན་ལས ་འདས་བའི་ཆ་གཉིས་ཀྱིས་དབེན་པས་མཛའ་ལས་འདས་པ་སྟོང་པ་ཉིད་དང་།འཁོར་བའི་སྔོན་དང་ཕྱི་མས་དབེན་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་།རྟོགས་པར་བྱ་བ་ཉིད་རྣམ་པར་སྤངས་པ་མེད་པས་དར་བ་མེད་པ་སྟོང་པ་ཉིད་དང། རང་གི་རང་བཞིན ་གྱིས་དབེན་པས་རང་བཞིན་སྟོང་པ་ཉིད་དང་།གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱིས་དབེན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་།སྐྱེ་བ་ལ་སོགས་པ་སོ་སོའི་མཚན་ཉིད་ཀྱིས་དབེན་པས་རང་གི་མཚན་ཉིད་དབེན་པས་རང་གི་མཚན་ཉིད་སྟོང་པ་ཉིད་དང ་འདས་པ་ལ་སོགས་པས་དབེན་པས་མི་དམིགས་པ་སྟོང་པ་ཉིད་དང་།ལྡན་པ་ཉིད་ཀྱིས་དབེན་པས་དངོས་པོ་མེད་བའི་ངོ་བོ་ཉིད་སྟོང་པ་ཉིད་དང་།ལྡན་པ་མ་ཡིན་པས་དབེན་པས་དངོས་པོ་སྟོང་པ་ཉིད་དང་།ནམ་མཁའ་དབེན་པ་ཉིད་ཀྱིས་དངོས་པོ་མེད་པ་སྟོང་པ་ཉིད་དང ་ཐམས་ཅད་རང་གི་ཆོས་ཉིད་ཀྱིས་དབེན་པས་རང་གི་ངོ་བོ་སྟོང་པ་ཉིད་དང། ཆོས་གཞན་གྱི་ངོ་བོ་དབེན་པས་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་ཕྱིར་རོ། །སའི་ཚོགས་ལ་ཆོས་གང་དག་ཡོངས་སུ་སྦྱང་བས་མངོན་པར་ཐོབ་ཅིང་རབ་ཏུ་རྫོགས་པར་བྱེད་པ་ཉིད་ཀྱིས་ཡོངས་སུ ་སྦྱོང་བར་འགྱུར་བ་གང་ཡིན་པ་དེ་དག་བསྟན་པའི་ཕྱིར་བར་སྐབས་གྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་པ་ལས་རེ་ཤིག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཙོ་བོ་གྱུར་བ་ཉིད་ཀྱིས་ས་དང་པོ་ཡོངས་སུ་སྦྱོང་བ་གསུངས་པ་།ཡོངས་སུ་སྤྱོད་པ་རྣམ ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ། །བསམ་དང་ཕན་པའི་དངོས་ཉིད་དང་།སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་བསྟེན་པ་དང། །དམ་ཆོས་དམིགས་པ་ཚོལ་བ་དང། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང། །སངས་རྒྱས ་སྐུར་བསྟོད་དགའ་པ་དང། །ཆོས་སྟོན་པ་དང་བདེན་པ་ཡིན། །ཚིག་ནི་བཅུ་པ་ཡིན་བར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་བྱ་བའོ། །གཞི་ཐམས་ཅད་གྱ་རྒྱུ་མེད་ཅིང་ཐམས་ཅད་མཁྱེན ་པ་ཉིད་དང་ལྡན་པའི་བསམ་པ་ཉིད་དང་།རང་དང་གཞན་གྱི་དགོས་པ་ལ་ཉེ་བར་མཁ་ཞིན་ཐེག་པ་ཆེན་པོའི་ཡེ་ཤེས་དོན་དུ་གཉེར་བའི་ཕན་པ་ཉིད་དང་།སེམས་ཅན་ཐམས་ཅད་ལ་སེམས་རྩེ་གཅིག་པར་བྱམས་ཤིང་རྫོགས་པའི་བྱང་ཆུབ་ཏུ ་སྦྱིན་པར་འདོད་པས་ཚད་མེད་པའི་སེམས་ཀྱིས་མཉམ་པ་ཉིད་དང་།འདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་འཁོ་གསུམ་དུ་མི་རྟོག་པ་ཉིད་དང་ལྡན་པ་དང་།ཐམས་ཅད་མཁྱེན་པ་ཉིད་ལ་སྐུ་ལ་ཞིང་འཇོག་པའི་དགེ་བའི་བཤེས་གཉེན་བསྟན ་ཅིང་ཚུལ་ཐམས་ཅད་ཀྱིས་མགུ་བར་བྱེད་པ་དང། ཐེག་པ་གསུམ་དུ་གཏོགས་པའི་དམ་པའི་ཆོས་ཀྱི་དམིགས་པ་འཚོལ་ཞིང་ཐེག་པ་དམན་པར་ལྟུང་བར་མི་བྱེད་པ་དང། །ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་ཞིང་ཚེ་རབས་ཐམས་ཅད་དུ་རབ་ཏུ ་འབྱུང་བ་དང་།སངས་རྒྱས་ཀྱི་སྐུ་བསྒྲུབ་པར་འདོད་ཅིང་སངས་རྒྱས་མཐོང་བ་ཡིད་ལ་བྱེད་པ་དང་མི་འབྲལ་བ་དང། །ཐོག་མ་དང་པར་དང་ཐ་མར་དགེ་བ་དམ་པའི་ཆོས་སྟོན་ཅིང་ང་རྒྱལ་མེད་པ་དང་།ཇི་སྐད་སྨྲས་པ་དེ་བཞིན་དུ་གཞན་མི་སླུབས་བདེན་པའི ་ཚིག་དང་ལྡན་པ་སྟེ་།དེ་ལྟ་བུའི་ཆོས་བཅུ་ངོབོ་ཉིད་མི་དམིགས་པའི་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱིས་ཡོངས་སུ་སྦྱོང་བ་ཁོ་ནས་ས་དང་པོ་རབ་ཏུ་དགའ་བ་འཐོབ་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ ་གཙོར་གྱུར་པ་ཉིད་ཀྱིས་ས་གཉིས་པ་ཡོངས་སུ་སྦྱོང་བ་གསུངས་པ། ཚུལ་ཁྲིམས་བྱས་པ་བཟོད་དང་བཟོད། །རབ་ཏུ་དགའ་དང་སྙིང་རྩེ་ཆེ། །བཀུར་སྟི་བླ་མ་ལ་གུས་ཉན། །བརྒྱད་པ་སྦྱིན་པ་ལ་སོགས་ལ་བརྩོན། །ཞེས་བྱ་བའོ། །ཉེས་པ་སྤྱོད་པ་ལས་ཡང ་དག་པར་ལྡོག་ཅིང་བླ་ན་མེད་བའི་བྱང་ཆུབ་ཀྱི་བགེགས་སུ་གྱུར་པའི་ཆོས་རྣམས་སྤོང་བའི་ཚུལ་ཁྲིམས་དང། གཞན་གྱིས་ཕན་བདགས་པའི་དྲིན་ཆུང་དུ་ཡང་གཟོ་ཞིང་འཁོར་བ་ཇི་སྲིད་པར་དོན་ཆེན་པོས་ལན་ལྡོན་པ་དང་གནོད་པ་བྱེད་པ་ཐམས་ཅད་བཟོད་ཅིང་ཚེས ་ཐམས་ཅད་མ་སྐྱེས་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་དང་།དགེ་བའི་ཆོས་བསྒྲུབ་པ་ལ་འགྱོད་པ་མེད་ཅིང་སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལ་འགོང་བར་སྦྲོ་བས་རབ་ཏུ་དགའ་བ་དང་།སྐྱེ་བོ་ཐམས་ཅད་ལ་བྱམས་ཤིང་རེ་རའི་ཕྱིར་ཡང་དམྱལ་བར ་གནས་པས་མི་སྐྱོབ་སྙིང་རྩེ་བ་ཆེན་པོ་དང། ལུས་ཅན་མ་ལུས་པ་ལ་དགའ་བར་བྱེད་ཅིན་དམ་པ་རྣམས་ལ་བཀ་ཨུར་སྟ་དང་རིམ་གྲོ་བྱེད་པ་དང། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་འཇོན་ཅིང་དེས་བསྟན་པ་མངོན་པར་བསྒྲུབ་པ་དང། གཞན་གྱི ་དོན་ལ་བརྩོན་པས་ལས་གཞན་མི་བྱེད་ཅིང་སྦྱིན་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ལ་རབ་ཏུ་སྤྲོ་བ་སྟེ་།དེ་ལྟ་བུའི་ཆོས་བརྒྱད་སྔ་མ་ལྟ་བུ་ཡོངས་སྦྱང་བ་བྱས་པའི་ཁྱད་པར་གྱིས་ས་གཉིས་པ་དྲི་མ་མེད་པ་འཐོབ་ཅིང་རྫོགས་པར་འགྱུར་བ་ཡིན་ནོ ་དེའི་འོག་ཏུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིS་ས་གསུམ་པའི་ཡོངས་སུ་སྦྱོང་བ་གསུངས་པ་།ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང། །འཁོར་བས་ཡོངས་སུ་མི་སྐྱོ་དང། །ངོ་ཚ་ཁྲེལ ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམས་ལྔ། །ཞེས་བྱ་བའོ། །དམ་པའི་ཆོས་མཉན་པ་རྣམས་ཀྱིས་མཆོག་མི་ཤེས་ཤིང་སངས་རྒྱས་རྣམས་ཀྱིས་དེ་ཕྱོགས་བཅུ་དག་ཏུ་གང་གསུངས་པ་ཐམས་ཅད་གཟུང་བར་སེམས་པ་དང་།རྙེད་པ་ལ་སོགས་པ་ལ་མི ་ལྟ་བས་དམ་པའི་ཆོས་རབ་ཏུ་སྟོན་ཅིང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ལ་ཡང་རེ་བ་མི་བྱེད་པ་དང་།རྗེས་སུ་འཐུན་པའི་དགེ་བའི་རྩ་བ་བསྒྲུབ་ཅིང་སངས་རྒྱས་ཀྱི་ཞིང་སྣོད་དང་བཅུད་ཀུན་ཏུ་སྦྱོང་བ་དང་།ཕན་བཏགས་པ་ལ་གནོད་པའི་ལན་བྱེད་པ་ལ་སོགས་པས་ཡིད་ཡོངས་སུ ་མི་སྐྱོ་ཞིང་སྡུག་བསྔལ་ཐམས་ཅད་བཟོད་པ་དང་།རང་དང་གཞན་ལ་བལྟོས་ནས་མི་དགེ་བའི་ཆོས་མི་བྱེད་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་སྤོང་པ་སྟེ་།དེ་ལྟ་བུའི་ཆོས་ལྡས་རློམ་པར་མི་བྱེད་ཅིང་སྔ་མ་ལྟར་ཡོངས་སུ་སྦྱངས་པར ་ས་གསུམ་པ་འོད་བྱེད་པ་རྟོགས་ཤིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་བ་ཉིད་ཀྱིས་ས་བཞི་བའི་ཡོངས་སུ་སྦྱོང་བ་གསུངས་པ་།ནགས་གནས་འདོད་ཆུང་ཆོག་ཤེས་དན། །སྦྱངས་པ་ཡང་དག་སྡོམ་བསྟེན་དང ་བསླབ་པ་ཡོངས་སུ་མི་གཏོང་དང། །འདོད་པ་རྣམས་ལ་སྨོད་པ་དང། །མྱ་ངན་འདས་དང་བདོག་ཀུན་གཏོང། །མི་ཞུམ་པ་དང་ལྟ་བ་མེད། །ཅེས་བྱ་བའོ། །དགོན་པར་གནས་ཤིང་ཐེག་པ་དམན་པའི་ཀུན་ཏུ་སྦྱོང་པས་དབེན་པར་གནས་པ་དང་།རྙེད་པ་མ་རྙེད་པ་མངོན ་བར་འདོད་པ་མེད་ཅིང་རང་གི་དོན་དུ་བྱང་ཆུབ་ཀྱང་མི་འཚོལ་བ་དང། །རྙེད་པ་ཐོབ་པས་ཆོག་མི་ཤེས་པ་མེད་ཅིང་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱང་དེས་རློམ་སེམས་སུ་མི་བྱེད་པ་དང་།ཡང་དག་པར་སྡོམ་པའི་རྟེན་བསོད་སྙོམས་པ་ཉིད་དང་།སྟན་གཅིག་པ་ལ ་སོགS་པ་སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་ཆོས་ཟབ་མོ་ལ་རྟོགས་པའི་བཟོད་པ་དང་བཅས་པ་དང། གང་བླངས་པ་ཉིད་ཀྱི་བསླབ་པ་སྲོགས་ལ་སོགས་པའི་ཕྱིར་ཡང་ཡོངས་སུ་མི་གཏོང་ཞིང་དེ་དག་ཐམས་ཅད་ཀྱང་ཡང་དག་པར་ཡིད་ལ་མི་བྱེད་བ་དང། འདོད་བའི ་ཡོན་ཏན་ལ་ཉེས་དམིགས་སུ་བལྟ་བ་སྨོད་ཅིང་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་འདོད་པའི་སེམས་མི་བསྐྱེད་པ་དང་།གདུལ་བྱ་དང་འཚམ་པར་མྱ་ངན་ལས་འདས་པ་ལ་གཞན་?་ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་དང་།བདོག་པ་ཐམས་ཅད ་མངོན་པ་ཉེ་བར་མི་འཛིན་ཅིང་ཡོངས་སུ་གཏོང་བ་དང་།དགེ་བ་བསྒྲུབ་པ་ལ་སེམས་ཞུམ་པ་མེད་ཅིང་ཡུལ་དག་ལ་ཉེ་བར་མི་གནས་པ་དང་།དངོས་པོ་རྣམས་པ་མངོན་པར་ཆགས་པས་བལྟ་བ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་སྟེ་།དེ་ལྟ་བུའི་ཆོས་བཅུས ་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་བཞི་པ་འོད་འཕྲོ་བ་ཅན་གནོན་ཅིང་རྫོགས་པར་བྱེད་པ་ཡིན་ནོ། །དེའི་འོག་ཏུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པ་ཉིད་ཀྱིས་ས་ལྔ་བའི་ཡོངས་སུ་སྦྱོང་བ་གསུངས་པ་།འདྲིས་དང་ཁྱིམ་ལ་འཁྲེན་པ་དང་།འདུ་འཛིར་གྱུར་པའི་གནས་དང ་ནི། །བདག་བ་སྟོང་གཞན་ལ་བརྙད་པ་དང། །མི་དགེའི་ལས་ཀྱི་ལམ་བཅུ་དང། །རློམ་པས་ཁེངས་དང་ཕྱིན་ཅི་ལོག་།བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །ཅེས་བྱ་བའོ། །རྙེད་པ་ལ་སོགས་པའི་དོན་དུ་དགེ་སློང་མའི?་སོགས་པ ་དང་འདྲིས་པར་མི་བྱེད་ཅིང་བརྫུས་ཏེ་སྐྱེ་བར་མངོན་པར་ལེན་པ་དང་།གཞན་ལ་དང་པ་ཅན་གྱི་ཁྱིམ་ཉེ་བར་སྟོན་པར་མི་བྱེད་ཅིང་སྦྱིན་བདག་ལས་རྙེད་པ་ཐོབ་པ་ལ་ཕྲག་དོག་མི་བྱེད་པ་དང་།གྲོང་ཁྱེར་ལ་སོགས་པར་འདུ་འཛིས་རྣམ་པ་མི་གཡང་ཞིང་གང་དུ་ཐེག་པ་དམན་པའི ་གཏམ་དང་སེམས་འབྱུང་བར་མི་གནས་པ་དང་།བདག་ཉིད་ཀྱི་སྔགས་པ་མི་བརྗོད་ཅིང་ནང་གི་ཆོས་ཐམས་ཅད་མི་མཐོང་བ་དང་།གཞན་ལ་སྨོད་པ་སྤོ་ང་ཞིང་ཕྱིའི་ཆོས་ཐམས་ཅད་མི་དམིགས་པ་དང་།མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་ཞིང་དགེ་བ་བཅུ་ལ་ཡང་དག་པར ་གནས་པ་དང། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པས་ང་རྒྱལ་དུ་མི་བྱེད་ཅིང་ལྷག་པར་རློམ་པའི་ཆོས་རྗེས་སུ་མི་མཐོང་བ་དང་།དགེ་བ་དང་མི་དགེ་བ་བཟློག་པའི་མངོན་པར་ཞེན་པ་སྤོང་ཞིང་དངོས་པོར་དམིགས་པ་འདོར་བ་དང། ལོག་པར་ལྟ་བའི་ཁྱད་པར་ཐམས་ཅད་སྤོང ་ཞིང་ཐེ་ཚོམ་དང་ཡིད་གཉིས་སུ་མི་འགྱུར་བ་དང། འདོད་ཆགས་ལ་སོགས་པ་ལ་ཕྱོགས་པར་མི་བྱེད་ཅིང་ཉོན་མོངས་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ་།དེ་ལྟ་བུའི་ཆོས་བཅུས་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་ལྔ་བ་སྦྱང་དཀའ་བ་གནོན་ཅིང་རྫོགས་པར ་བྱེད་ལ་ཡིན་ནོ། །དེའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པ་ཉིད་ཀྱིས་ས་དྲུག་པའི་ཡོངས་སུ་སྦྱོང་བ་གསུངས་པ་།སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཡོངས་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང ་སྐྲག་བའི་སེམས་སྤངས་དང། །བསླང་ནས་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང། །དབུལ་ཡང་སློང་བ་མི་སྤོང་པས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་བྱ་བའོ། །སྡར་ཇི་ལྟར་བཞད་པའི་སྦྱིན་པ་ནས་བཟུང་སྟེ་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པ་ཉིད་དང། དེ་ཉིད་ཀྱི་མཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་མངོན་པར་དགའ་བ་མི་སྐྱེད་བ་དང་།ངོ་བོ་ཉིད་དམིགས་པར་བྱ་བས་དབེན་པའི་དོན་ལ་སྐྲག་པར་མི་བྱེད་པ་དང། ཐོག་མར་སློང ་བ་པོའི་སྐྱེ་བོས་འགའ་ཞིག་བསླངས་ནས་སེར་སྣས་ཟིལ་གྱིས་མནོན་བའི་ཞུམ་པ་མེད་པ་དང། །བར་དུ་བདོག་པ་ཐམས་ཅད་དང་གིས་གཏོང་བར་ཞུགས་ཏེ་མི་དགའ་བ་མེད་པ་དག་མཐར་བཏང་བས་བཀྲེན་པར་གྱུར་དུ་ཟིན་ཀྱང་ཡང་སློང་བ་པཱི་སྐྱེ་བོ་ཐོབ་པ་མེད་པར་དོར ་པ་སྤོང་བ་ཉིད་དེ་དེ་ལྟ་བུའི་ཆོས་བཅུ་གཉིས་ཀྱིས་སྔ་མ་ལྟར་ཡོངས་སུ་སྦྱངས་པས་ས་དྲུག་པ་མངོན་དུ་གྱུར་པ་འཐོབ་ཅིང་རྫོགས་པར་བྱེད་བ་ཡིན་ནོ། །དེའི་འོག་ཏུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་གྱུར་བ་ཉིད་ཀྱིས་ས་དུན་པའི་ཡོངས་སུ་སྦྱོང་བ་གསུངས་པ། བདག་དང་སེམས་ཅན ་འཛིན་པ་དང། །སྲོག་དང་གང་ཟག་ཆད་རྟག་དང། །མཚན་མ་རྒྱུ་དང་ཕུང་པོ་དང། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེ་ལྟར ་བ་ཡི་མངོན་ཞེན་དང། །སྟོང་པ་ཉིད་ལ་བརྩོད་པ་དང། །དེ་དང་འགལ་པའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་??། །ཅེས་བྱ་བའོ། །དའོ་ཞེས་བྱེད་པ་པོའི་གཞིར་གྱུར་བ་བདག་དང། འཕྲོ་ཞིང་ཡིད་ལ་བྱེད་པ་སེམས་ཅན ་དང། སྐལ་པ་མཉམ་པའི་རིགས་རྫོགས་པ་སྲོག་དང། འགྲོ་པར་ཡང་དང་ཡང་དུ་གནས་པའི་རྟེན་གང་ཟག་དང། སྔོན་བྱུང་བའི་རྒྱུན་ཉམS་དུ་བར་འགྱུར་བ་ཆད་པ་དང། རང་བཞིན་གནས་པ་ལས་གཞན་དུ་མི་འགྱུར་བརྟག་པར་འཛིན་པ་དང ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་དོར་བར་བྱ་དང། ཅིག་ཤེས་སུ་མཚན་མར་འཛིན་པ་དང། རིགས་ཐ་དང་བ་ཉིད་དུ་གྱུར་བའི་རྒྱུར་འཛིན་པ་དང། མིང་དང་གཟུགས་ཀྱི་ཆོས་ཕུང་པོ་ཉིད་དུ་བདེན་པར་འཛིན་པ་དང། རྒྱུའི་རྟེན་ཁམས་དག་ཏུ་བདེན་པར་འཛིན་པ་?་རྐྱེན་གྱི་ཁྱད་པར ་ཕྱིའི་སྐྱེ་མཆེད་ལ་སོགས་པ་བདེན་པར་འཛིན་པ་དང། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག?་པ་ལ་བདེན་པར་འཛིན་པ་ཁམས་གསུམ་པ་ལ་གནས་པ་དང། དེ་ལ་བླང་བ་དང་དོར་བར་ཡོངས་སུ་འཛིན་པ་ཆགས་མ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཐོབ་པར ་འཛིན་པ་སེམས་ཀུན་ཏུ་ཞུས་པ་དང། གཟུགས་ཀྱི་སྐུ་དེ་བཞིན་གཤེགས་པར་ལྟ་བ་དང། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་རྗོད་པར་བྱེད་བའི་དམ་པའི་ཆོས་སུ་ལྟ་བ་དང། སྐྱེ་བུ་ཟུང་བཞི་པོ་དགེ་འདུན་དུ་ལྟ་བ་དང། ཚུལ་ཁྲིམས་འཆལ་བ་ཉིད་ཡི་གཉེན ་པོ་ཚུལ་ཁྲིམས་ལྟ་བ་དང། ཆོས་ཐམས་ཅད་ལ་སྟོང་བ་ཉིད་ལ་ཐེ་ཚོམ་?་བའི་རྩོད་པ་དང། དངོས་པོར་ཡོངས་སུ་འཛིན་པ་ཉིད་ཀྱིས་དེ་དང་འགལ་བའི་ཉེས་པ་སྟེ། སྤང་བར་བྱ་བ་ཉི་ཤུ་པོ་དེ་ཡང་དག་པར་སྤངས་ཏེ། སྔ་མ་ལྟར་ཡོངས་སུ་སྦྱང་བྱས་ས་བདུན་པ་རིང་དུ ་སོང་བ་ཐོབ་ཅིང་རྫོགས་པར་འགྱུར་བ་ཡིན་ནོ། །དེ་དག་སྤོང་བར་བྱེད་པའི་གཉེན་པོ་གང་དག་ཅིག་ཡིན་ཞེ་ན་གངས་ཇི་ལྟ་བས་གཉེན་པོ་རྒྱས་པར་གསུངས་པ། རྣམ་ཐར་སྒོ་གསུམ་ཤེས་པ་དང། །འཁོར་གསུམ་རྣམ་པར་དག་ཉིད་དང། །སྙིང་རྗེ་དང་ནི་རློམ་མེད་དང། །ཆོས་མཉམ ་ཉིད་དང་ཚུལ་ཅིག་ཤེས། །མི་སྐྱེ་བ་དང་བཟང་པ་ཤེས་དང། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་ཏུ་འཇོམས་པ་དང། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང། །ཞི་གནས་དེས་པར་སེམས་པ་དང། །ལྷག་མཐོང་ལ་ནི་མཁས་པ་དང། །སེམས་དུལ་བ་དང་ཐིད ་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང། །ཆགས་པའི་ས་མིན་གང་དོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །ཞེས་བྱ་བའོ། །ཕུང་པོ་རྣམས་ལ་རང་དབང་དུ་བྱེད་པར་གྱུར་པའི་བདག་གིས་དབེན་པར་རྟོགས་པ ་ཉིད་ཀྱིས་རང་གི་ངོ་བོས་དབེན་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། དེ་བཞིན་དུ་སྦྱར་ཏེ། རྒྱུད་རྣམ་པར་དབེན་པ་མཚན་མ་མེད་པ་དང། འབྲས་བུས་རྣམ་པར་དབེན་པ་སྨོན་པ་མེད་པ་ཡང་དག་པར་ཤེས་པ་དང། ལེན་པ་པོ་དང་སྦྱིན་པ་པོ་དང ་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པ་དང། སྐྱེ་བོ་སྡུག་བསྔལ་དང་ལྡན་པ་ལ་རང་དང་མཚུངས་པའི་སྙིང་བརྩེ་བ་དང། དངོས་པོ་ཐམས་ཅད་མ་སྐྱེས་པ་ཉིད་ཀྱིས་དམིགས་པ་མེད་པའི་རློམ་པ་མེད་པ་དང། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད ་རང་བཞིན་གྱིས་མཉམ་པ་ཉིད་དང། ཐེག་པ་ཐ་དད་པའི་མཚན་ཉིད་ཡོད་པ་མ་ཡིན་པས་ཐེག་པ་ཆེན་པོ་གཅིག་ཏུ་ངེས་པར་རྟོགས་པ་དང། གདོད་མ་ནས་ཆོས་ཐམས་ཅད་ཀྱི་བདག་ཉིད་མི་སྐྱེ་བ་ཡོངས་སུ་ཤེས་པ་དང་སྟོང་པ་ཉིད་ལ་མི་སྐྲག་པའི་བཟོད་པ་ཁོང་དུ ་ཆུད་བ་དང། ཤེས་པར་བྱ་བ་ཐམས་ཅད་ལ་ཐབས་ཀྱི་སྒོ་ནས་ཆོས་བསྟན་པས་ཐེག་པ་ཆེན་པོ་ཉིད་གཟུང་བ་དང་འཛིན་པ་མེད་པའི་ཚུལ་གཅིག་ཏུ་སྟོན་པ་དང། གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་རྟོགས་པ་ཐམས་ཅད་འཇོམས་པ་དང། མཚན་མར་འཛིན་པ ་ཉིད་ཀྱི་འདུ་ཤེས་སྤོང་ཞིང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་འདོར་བ་དང། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སེལ་བ་དང། ཐམས་ཅད་མཁྱེན་པ་ཉིད་ལ་རྩེ་གཅིག་པཱི་ཞི་གནས་དང། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པས་ལྷག་མཐོང ་ལ་མཁས་པ་དང། འགོག་པ་དང་ལམ་གྱི་མཚན་ཉིད་ཤེས་པས་སེམས་དུལ་བ་དང། གཟུགས་ལ་སོགས་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་དང། རྟེན་དང་གཞི་མ་གྲུབ་པ་ཉིད་ཀྱིས་མངོན་པར་ཆགས་པའི་གནས་མ་ཡིན་པ་དང། ཇི་ལྟར་འདོད་པའི་སངས་རྒྱས་ཀྱི ་ཞིང་གཞན་དུ་ཅིག་ཅར་མཉམ་དུ་འགྲོ་ཞིང་ཆོས་སྟོན་པ་དང། གདུལ་བྱ་དང་རྗེས་སུ་མཐུན་པར་བདག་གི་ལུས་རབ་ཏུ་བསྟན་ནས་དོན་བྱེད་པ་ཉིད་ཀྱིས་སྟོང་པ་ཉིད་དང་འགལ་པའི་གཉེན་པོར་གྱུར་པ་སྟེ། མི་དམིགས་པའི་མཚན་ཉིད་ཅན་གྱིས་ཉི་ཤུ་ཉིད་དོ། །དེའི་འོག་ཏུ་སྨོན་ལམ་གྱི་ཕ ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་བརྒྱད་པའི་ཡོངས་སུ་སྦྱོང་བ་གསུངས་པ། སེམས་ཅན་ཀུན་ཡིད་ཤེས་པ་དང། །མངོན་པར་ཤེས་པས་བརྩེ་བ་དང། །སངས་རྒྱས་ཞིང་བཟང་བསྒྲུབ་པ་དང། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བརྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང ་སྒྱུ་མ་ལྟར་གནས་དང། །བསམས་བཞིན་སྲིད་བ་ལེན་པ་དང། །ལས་ནི་རྣམ་པ་འདི་བརྒྱད་བཤང། །ཅེས་བྱ་བའོ། །སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྦྱོང་པ་ཇི་ལྟ་བ་བཞིན་ཤེས་པ་དང། འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་རྣམ་པར ་རྩེ་ཞིང་ད་དག་གི་འདུ་ཤེས་མི་འགྱུར་བ་དང། སངས་རྒྱས་ཀྱི་ཞིང་རྟེན་གསེར་ལ་སོགས་པའི་ངོ་པོར་ཡོངས་སུ་བསྒྱུར་པའི་འབྱོར་པ་དཔག་ཏུ་མེད་པའི་སྦྱིན་པ་གཏོང་ཡང་དེས་རློམ་སེམས་སུ་མི་བྱེད་པ་དང། སེམས་ཅན་ལ་ཕན་གདགས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ཆོས་ཡོངས་སུ ་བརྟགས་བས་སངས་རྒྱས་བསྟེན་ཅིང་ཆོས་ལ་བསྙེན་བཀུར་བ་དང། ལྷའི་མིག་ལ་སོགས་པ་བསྐྱེད་ཅིང་སྟོབས་བཅུ་ལ་གནས་པས་སེམས་ཅན་གྱི་དབང་པོ་ཡོངས་སུ་རྫོགས་པར་ཤེས་པ་དད། རྒྱལ་བའི་ཞིང་རྟེན་པ་མི་དལ་བ་སྤང་པ་ལ་སོགས་པ་ཡོངས་སུ་སྦྱོང་ཞིང་སེཾས་ཅན་ཀྱི ་སེམས་རྗེས་སུ་དག་བར་བྱེད་པ་དང། ཐམས་ཅད་དུ་སྒྱུ་མ་ལྟ་བུར་གནས་ཤིང་དེ་དག་གི་དོན་བྱ་བ་ཐམས་ཅད་བསྒྲུབ་ཀྱང་ཡིད་ཉེ་བར་མི་སྦྱོར་བ་དང། བློ་མངོན་དུ་བཏང་ནས་རང་དབང་དུ་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བའི་ལུས་འཛིན་པ་སྟེ། དེ་ལྟ་བུའི་ལས་རྣམ་པ་བརྒྱད་སྔ་མ ་ལྟར་ཡོངས་སུ་སྦྱངས་བས་ས་བརྒྱད་པ་མི་གཡོ་བ་འཐོབ་ཅིང་རྫོགས་པར་འགྱུར་བ་ཡིན་ནོ། །དེའི་འོག་ཏུ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་དགུ་པའི་ཡོངས་སུ་སྦྱོང་བ་གསུངས་པ། སྨོན་ལམ་དང་ནི་མཛའ་ཡས་དང། །ལྷ་ལ་སོགས་པའི་སྐད་ཤེས་དང། ། ་སྤོབས་བ་ཆུ་བོ་ལྟ་བུ་དང། །མངའ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཚེ་འབྲང་དང། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣཾ་པ་དང། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཞེས་བྱ་བའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལེགས་པར་རྫོགས་པས་ཇི་ལྟར་བསམ་པ་འགྲུབ ་པའི་སྨོན་ལམ་མཛའ་ཡས་པ་དང། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང། ཆོས་ཟབ་མོ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པས་སྤོབས་པ་བཀོད་བའི་ཆུ་བོ་ལྟར་ཟད་མི་ཤེས་པ་དང། ་ཐབས་ཀྱི་བསྔགས་པའི་མངལ་དུ་འཇུག་པའམ་རྫུས་ཏེ་སྐྱེ་བ་དང། རྒྱལ་པོ་ལ་སོགས་པའི་རིགས་དང། ཉི་མ་ལ་སོགས་པའི་རུས་དང། ཕ་དང་མའི་བདུན་བརྒྱུད་ལེགས་པར་འབྲེལ་བའི་ཆོ་འབྲང་དང། རང་དབང་བ་དང་རང་གིས་བྱང་ཆུབ་ལ་བཞག་པའི་ཁོར་དང། ་བརྒྱ་བྱིན་ལ་སོགས་པས་མངོན་པར་བསྟོད་ཅིངས་གཡོ་བ་དང་འོད་ཀྱི་སྣང་བར་བྱེད་པ་ལ་སོགས་པ་སྐྱེ་བ་དང། སངས་རྒྱས་ལ་སོགས་པས་བསྐུལ་ཞིང་རྨད་དུ་བྱུང་པའི་རྣམ་པར་ཐར་པས་རབ་ཏུ་ངེས་པར་འབྱུང་བ་དང། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ ་པའི་ཤིང་ཨ་ཤྭཏྠ་ལ་སོགས་པ་བྱང་ཆུབ་ཀྱི་ཤིང་ལ་སྐུ་བརྟེན་ཏེ་འཚང་རྒྱ་བ་དང། སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་ལྟ་བུའི་ཆོས་བཅུ་གཉིས་སྔ་མ་ལྟར་ཡོངས་སུ ་སྒྱངས་པའི་ཁྱད་པར་གྱིས་ས་དགུ་པ་ལེགS་པའི་བློ་གྲོས་འཐོབ་ཅིང་རྫོགས་པར་འགྱུར་བ་ཡིན་ནོ། །དེ་ལྟར་རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱང་པ་བསྟན་ནས། ད་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོར་གྱུར་པ་ཉིད་ཀྱིས་ས་ཐམས་ཅད་བསྡུས་པའི་སྒོ་ནས་འབྲས་བུའི་ས ་ཉིད་དུ་ས་བཅུ་པའི་མཚན་ཉིད་གསུངས་པ། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཨི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བའོ། །ཉན་ཐོས་ལ་སོགས་པ་སོ་སོའི་རིགས་ཀྱི་ས་དང། འབྲས་བུ་དང ་པོ་ལ་ཞུགས་པ་བརྒྱད་པ་དང། །རྒྱུན་ཏུ་ཞུགས་པས་བདེན་པ་མཐོང་བའི་ས་དང། ལན་ཅིག་ཕྱིར་འོང་བ་ཉོན་མོངས་པ་བསྲབས་པའི་ས་དང། ཕྱིར་མི་འོང་བ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ས་དང། དགྲ་བཅོམ་པ་ཁམས་ཉོན་མོངས་པ་ཟད་པས ་བྱས་པ་རྟོགས་པའི་ས་དང། འབྲས་བུ་ཕྱི་མ་གསུམ་ལ་ཞུགས་པ་ཉན་ཐོས་དང། རང་གི་བྱང་ཆུབ་མངོན་སུམ་དུ་བྱས་པས་རང་སངས་རྒྱས་ཀྱི་ས་དང། ཇི་སྐད་བཤད་པའི་ས་རྣམ་པ་དགུ་པོ་བྱང་ཆུབ་སེམས་དཔའ་ཨི་རྒྱུར་གྱུར་པ་གཅིག་ཁོ་ན་སྟེ། དེ་ལྟར་ས་དགུ་འདས་ནས་ས་བཅུ་པ་ལ ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སར་གནས་པ་ཡིན་པས་དེ་ནི་བྱང་ཆུབ་སེམས་དཔའ་ཨི་ས་བཅུ་པ་ཡིན་པར་རིགས་པར་བྱའོ། །དེའི་ཕྱིར་རྒྱུའི་ས་ཡོངས་སུ་སྦྱོང་བ་རྣམས་ཀྱི་ཁྱད་པར་ཕུལ་དུ་གྱུར་པ་ཉིད་ཀྱིS་འབྲས་བུའི་ས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དགོངས་ཏེ། ་འདིར་ཡོངས་སུ་སྦྱོང་བ་བཅུ་པ་གཞན་ནི་མ་གསུངས་སོ། །དེའི་རྗེས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་གཉེན་བོའི་ཚོགས་གང་ཡིན་པ་གསུངས་པ། མཐོང་དང་སྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི ་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་བྱ་བའོ། །མཐོང་བ་དང་སྒོམ་པའི་ལམ་དག་གིས་སོ་སོར་ཀུན་ནས་ཉོན་མོངས་པ་དང་གཉེན་པོ་རྟེན་ཅན་གྱི་གཟུང་པའི་རྣམ་པར་རྟོག་པ་གཉིས་ཀྱིས་དང། གང་ཟག་རྫས་དང་སྐྱེས་བུ་བཏགས་པར་ཡོད་པས་འཛིན་པའི ་རྣམ་པར་རྟོག་པ་གཉིས་གོ་རིམ་ལྟར་དངོས་པོ་དང་རྣམ་པ་ལ་བརྟེན་པའི་དབང་གིས་རྣམ་པར་རྟོག་པ་རྣམ་པ་བརྒྱད་སྤོང་པའི་གཉེན་པོ་ཡིན་ནོ། །དེ་ལྟར་ཚོགས་ཀྱི་གཉེན་པོའི་དབུང་ལེགས་པར་བསགས་ནས་ངེས་པར་འབྱུང་བ་འགྱུར་བ་ཡིན་པའི་ཕྱིར་མཆོག་མི་ཤེས་པའི་བརྩོན ་འགྲུས་ཀྱི་བདག་ཉིད་ངེས་པར་འབྱུང་བའི་སྒྲུབ་པ་གསུངས་པ། ཆེད་དུ་བྱ་དང་མཉམ་ཉིད་དང། །སེམས་ཅན་དོན་ལ་འབད་མེད་དང། །མཛའ་ལས་འདས་པ་ངེས་འབྱུང་དང། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང། །རྣམ་ཀུན་མཁྱེན་ཉིད་ངེས་འབྱུང་དང། །ལམ་གྱི་ཡུལ་ཅན་ངེས ་འབྱུང་དང། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་བྱ་བའོ། །སེམས་དཔའ་ཆེན་པོ་ལ་སོགས་པ་ཆེད་དུ་བྱ་བ་དང། ཤེས་རབ་ཀྱིས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཉམ་པ་དང། སྙིང་རྗེས་སེམས་ཅན་གྱི་དོན་ཁྱད་པར་བྱེད་པ་དང། ཟུང་དུ་འཇུག ་པ་མཚན་མ་མེད་པར་ཐམས་ཅད་བྱེད་པ་ལྷུན་གྱིས་གྲུབ་པ་དང། དེ་ཉིད་རྟག་པ་དང་ཆད་པའི་མཛའ་དང་བྲལ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་ཐེག་པ་གསུམ་གྱི་དོན་ཐམས་ཅད་ཐོབ་པ་དང་མི་རྟོག་པའི་མཚན་ཉིད་ཀྱིས་རྣཾ་པ་ཐཾས་ཅད ་ཅད་མཁྱེན་པ་ཉིད་དང། དེའི་ཁྱད་པར་ལམ་མཐར་ཐུག་པའི་ཡུལ་ཅན་གྱིས་ངེས་པར་འབྱུང་བ་སྟེ། སྤང་བར་བྱ་བའི་གཡུལ་ལས་ངེས་པར་རྒྱལ་བར་བྱ་བའི་ཕྱིར་འབྲས་བུའི་མཆོག་ཉིད་དུ་ངེས་པར་འབྱུང་བའི་སྒྲུབ་པ་རྣམ་པ་བརྒྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པཱི ་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མིལ་ཕྲེང་བ་ཞེས་བྱ་བ་ལས་སྐབས་དང་པོའི་འགྲེལ་པའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ལམ་ཤེས་པ་ཉིད་ལ་རགས་ལས་པས་དེ་འཆད་པར་མཛད ་པ་ན་དང་པོར་ལན་ཤེས་པའི་རྟེན་བྱེད་པ་དང་བཅས་པ་གསུངས་པ། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང། །ཡུལ་ངེས་པ་དང་ཁྱབ་བ་དང། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་བྱ་བའོ། །མདོ་ལས་དེ་བཞིན་བཤེགས་པའི ་རང་བཞིན་གྱིས་འོད་དག་གིས་ལྷ་ལ་སོགས་པའི་རྣམ་པར་སྨིན་པའི་འོད་མོག་མོག་པོར་མཛད་དོ། །ཞེས་གསུངས་ཏེ། དེ་ནི་དེ་དག་ལ་ལམ་ཤེས་པ་ཉིད་སྐྱེ་བར་རུང་བར་བསྒྲུབ་པའི་ཕྱིར་ཏེ། དེའི་ཕྱིར་ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་སྐྱེ་བས་རྟེན་གྱིས ་ཁྱད་པར་འཕགས་པར་རིག་པར་བྱའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཅན་གྱི་ཡུལ་སོ་སོར་ངེས་པ་དང། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད་ཀྱི་སྙིང་པོ་ཡོད་པའི་ཕྱིར་འདོད་ཆགས་དང་བྲལ་བ་དང་ཅིག ་ཤོས་ཀྱི་རྣལ་འབྱོར་བ་ལ་སོགས་པས་ཀྱང་མཐར་བསྒོམ་པར་བྱ་བ་ཡིན་པས་མཛའ་དག་ལ་ཁྱབ་པའི་རིགས་དང། འཁར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་དེའི་རྒྱུར་གྱུར་བའི་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ ་སྤངས་པ་མ་ཡིན་པའི་རང་བཞིན་དང། ཤེས་རབ་དང་ཐབས་ལ་མཁས་བས་ཡང་དག་པའི་མཛའ་མངོན་དུ་མི་བྱེད་པ་དང། སེམས་ཅན་ཡོངས་སུ་མ་བསྡུས་པ་སྡུད་པ་ལ་སོགས་བའི་ལས་བྱེད་པ་ཡིན་ནོ། །དེ་ལྟ་བུའི་ལམ་ཤེས་པ་ཉིད་ཀྱི་ལམ་དེ་དག་ནི་གང་ཞིག་ཡིན་ཇི་ལྟར ་ཤེས་པར་བྱ་ཞེ་ན། རེ་ཞིག་ཉན་ཐོས་ཀྱི་ལམ་ཤེས་པ་གསུངས་པ། །ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི་།རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་བྱ་བའོ། །དེ་ལ་སྡུག་བསྔལ་གྱི་བདེན་བ་ནི་སྐྱེ་ཞིང ་འཇིག་པའི་ཆོས་ཅན་གྱི་མཚན་ཉིད་མི་རྟག་པ་དང། ཟག་པ་དང་བཅས་པའི་དངོས་པོ་ཉིད་ཀྱིས་འཕགས་པ་རྣམས་དང་མི་མཐུན་པ་ཉིད་ཀྱིས་སྡུག་བསྔལ་བ་དང། བྱེད་པ་པོའི་དོན་གཞན་གྱིས་སྟོང་པ་ཉིད་ཀྱིས་བདག་མེད་པ་དང། ངོ་བོར་གྱུར་པའི་མཚན་མ་གྲུབ་པ་ཉིད ་ཀྱིས་ཞི་བའི་རྣམ་པ་བཞིའོ། །ཀུན་འབྱུང་བའི་བདེན་པ་ལ་ཚོར་བ་ཡེད་དུ་མི་འོང་བ་སྐྱེ་བའི་རྒྱུའི་རྩ་བར་གྱུར་པ་ཉིད་ཀྱིས་ནང་ལྟ་བུ་དང། །འབྲས་བུ་སྡུག་བསྔལ་ཀུན་འབྱུང་བ་ཉིད་ཀྱི་འབྲས་བུ་ལྟ་བུ་ཀུན་འབྱུང་བ་དང། ཚོར་བ་བཟོད་པར་དགའ་བ་སྐྱེ་བའི་གྱེན་དུ་གྱུར ་པ་ཉིད་ཀྱིས་ཟུག་རྔུ?་ལྟ་བུ་རབ་ཏུ་སྐྱེ་བ་དང། །འཇིགས་པ་མང་པོ་བརྒྱུད་མར་འབྱུང་བས་རབ་ཏུ་འཇོམས་པ་ཉིད་ཀྱིས་སྡིག་པ་ལྟ་བུའི་རྐྱེན་གྱི་ངོ་བོ་ཉིད་ཀྱི་རྣམ་པ་བཞིའོ?། །སྡུག་བསྔལ་དང་ཀུན་འབྱུང་པ་གཉིས་ཀ་ལ་ཡང་ཕྱིར་རྒོལ་བ་གནོད་པར་ཞུགས་བས་ཕ་རོལ ་དགྲ་ལྟ་བུ་དང། གནོད་པས་འཇིགས་ཤིང་ཡིད་བཏན་དུ་མི་རུང་བས་འཇིག་པའི་ཆོས་ཅན་ཏེ་ཡིད་འབྱུང་བ་དག་གི་མཚན་ཉིད་གཉིས་དང། རང་གི་ངོ་བོ་བརྟན་པར་མི་གནས་པས་གཡོ་བ་དང། རྒྱུ་མེད་པར་དང་གིས་འཇིག་པས་རབ་ཏུ་འཇིག་པ་སྟེ་འདོད་ཆགས ་དང་བྲལ་པར་བྱ་བ་གཉིས་དང། འདི་དང་ཕྱི་མ་གནོད་པའི་གནས་སུ་གྱུར་པས་འཇིག་པ་དང། ཤ་ཟ་ལ་སོགས་པར་གནོད་པ་བྱེད་པ་རྣམས་གྱིས་གནོད་པ་བསྒོ་བའི་གནས་ཡིན་བས་ནད་འགོ་བ་དང། ཕྱི་དང་ནང་གི་རྐྱེན་སྣ་ཚོགས་པས་གཅེ་བར་བྱ་བ་ཡིན་བས་འཆེ་བའི ་རྣམ་པ་སྟེ། འགོག་བར་བྱ་བ་འཇུག་པའི་རྣམ་པ་གསུམ་མོ། །དེ་ལྟར་ན་ངོ་བོ་གསུམ་ལ་རབ་ཏུ་དབྱེ་བས་རྣམ་པ་བདུན་ཡིན་པར་ཤེས་པར་བྱའོ། །འགོག་པའི་བདེན་པ་མ་རིག་པ་ལ་སོགས་པ་འགགས་པས་འདུ་བྱེད་ལ་སོགས ་པ་འགག་པའི་ཕྱིར་འགོག་བའི་ངོ་བོ་བདག་མེད་པ་ཉིད་དང། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཉེ་བར་སྟོངས་པའི་ཕྱིར་ཞི་བ་ཉིད་དང། སྡུག་བསྔལ་བ་དང་ཀུན་འབྱུང་བ་མི་གཙང་བས་དབེན་པའི་ཕྱིར་གྱ་ནོམ་བ་ཉིད་དང། ངེས་པར་འབྱུང་བའི་མཚན་ཉིད་དེ ་འདི་ལྟར་བདག་དང་བདག་གི་རབ་ཏུ་སྤངས་བ་སྟོང་པ་ཉིད་དང། རྒྱུ་དང་རྐྱན་གྱིས་འདུས་བྱས་པའི་མཚན་མ་མེད་པ་དང། ཁམས་གསུམ་ལ་མངོན་པར་དགའ་བའི་སྨོན་པ་མེད་པ་ཉིད་ཀྱི་ཕྱིར་དང། མ་འོངས་པའི་ཕུང་པོ་མངོན་པར་འདུ་བྱ་བ་མེད་པ་ཉིད་ཀྱིས་དེ་ཡང་ངོ་བོ ་གཅིག་ལ་རབ་ཏུ་དབྱེ་བ་རྣམ་པ་བདུན་ཡིན་ནོ། །ལམ་གྱི་བདེན་པ་ལ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཁྲིད་བར་བྱེད་པའི་ལམ་དང། རིགས་པ་མ་ཡིན་པ་ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རིགས་པ་དང། ཕྱིན་ཅི་མ་ལོགས་པ་ཉིད་ཀྱིས ་ཡོན་ཏན་མཛའ་ཡས་པ་འབྱུང་བའི་ཕྱིར་སྒྲུབ་བ་དང། རྟག་ཅིང་ཕན་པ་དམ་པའི་གནས་སུ་ཕྱིན་པར་བྱེད་པའི་ཕྱིར་ངེས་པར་འབྱིན་པའི་རྣམ་པ་བཞིའོ། །དེ་ལྟར་ན་བདེན་པའི་རྣམ་པ་དེ་དག་ངོ་བོ་ཉིད་མི་དམིགས་པའི་སྒོམས་ལམ་ཤེས་པ་ཉིད་ཀྱི་གནས་སྐབས་སུ ་ཉན་ཐོས་རྣམས་ཀྱི་ལམ་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །བདེན་པ་བཞི་ཡོངས་སུ་ཤེས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེའི་མཚན་ཉིད་རྣམ་པ་བཞི་གསུངས་པ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས ་ལ་སོགས་པས་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་བ་དག་ཏུ་འདོང་།དེ་ལ?་རྟགས་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས ་རྒྱས་བར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་གྱུར་བཤད་དེ། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་བྱ་བའོ། །འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་དེ་དག་ཤེས་པ་དང་སྤྱོད་པ་ཐོབ་པའི་གང་ཟག་མཛའ་དག་ངོ་བོ་ཉིད ་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་རྣམས་ཕན་ཚུན་ཐ་དད་པ་མེད་པ་ནི་དྲོ་བའི་རྣམ་པའོ། །གཟུགས་ལ་སོགས་པ་སྔ་མ་ལྟར་སྟོང་པ་ཉིད་ཀྱིས་མི་དམིགས་པ་ནི་རྩེ་མོའི་རྣམ་པའོ། །དེ་བཞིན་དུ་གཟུགས་ལ་སོགས་པ་རྟག་པ་དང་མི་རྟག་པ་ལ་སོགས་པ་མ་ཡིན་ནོ་ཞེས ་དམིགས་པའི་ཚུལ་གྱིས་གནས་པ་བཀག་པ་ནི་བཟོད་པའི་རྣམ་པའོ། །གང་གི་ཕྱིར་ཡོད་ན་ཐམས་ཅད་གཟིགས་པ་ཉིད་ཀྱི་ཚད་མའི་སྐྱེས་བུས་ཆོས་ཐམས་ཅད་མཁྱེན་པར་སངས་རྒྱས་ནས་འགའ་ཡང་མ་གཟིགས་པ་ཞེས་བྱ་བའི་འཐད་པས་རབ་ཏུ་དགའ་བ་ལ ་སོགས་པའི་ས་བཅུ་ལས་བརྩམས་ཏེ་ཆོས་ཐམས་ཅད་ལ་གནས་པར་མི་བྱ་བ་རྒྱས་པར་བསྟན་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པའི་རྣམ་པ་སྟེ། དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བར་ཤེས་པར་བྱའོ། །དེའི་རྗེས་ལ་རང་སངས་རྒྱས་ཀྱི་ལམ་འཆད་པར་མཛད ་བས་རེ་ཞིག་དེ་དག་གི་ལམ་སྔ་མ་ལས་ཇི་ལྟར་ཁྱད་ཞུགས་པ་ཉིད་སྒྲུབ་པ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཐབ?་པ་ཉིད་དུ་མངོན་པར་བརྗོད། །ཅེས་བྱ་བའོ། །དང་བྱུང་བས་སངས་རྒྱས་པ ་ཉིད་དུ་དབང་པོ་རྣོན་པོ་དང་བར་མ་དང་ཅུང་ཟད་རྟུལ་པའི་བྱེ་བྲག་གིས་གསུམ་སྟེ། དེ་དག་ནི་སྔོན་ཐོས་པ་ལ་སོགས་པ་མངོན་པར་འདུ་བྱས་པས་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་རབ་གི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་པའི་ཕྱིར་དང། ཡང་གི ་སྒྲས་འཕངས?་པ་གཞན་དག་ལ་ཆོས་སྟོན་པ་ཡང་སྒྲ་ལ་མི་བལྟོས་པའི་ཕྱིར་ཟབ་སྟེ། གང་གི་ཕྱིར་སྒྲ་བརྗོད་པ་ནི་རྣམ་པར་གཡེང་བ་ཉིད་དང། ཉན་པ་པོ་རྣམས་ཀྱིས་འཆད་པ་པོའི་རྩལ་རྟོགས་པར་བྱེད་ན་བདེ་བླག་ཏུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ལུང?་དག་ལས་ ་ཉན་ཐོས་རྣམས་ནི་གཞན་གྱིས་བསྟན་པ་ལ་བལྟོས་ནས་བྱང་ཆུབ་རྟོགས་པར་འགྱུར་ཞིང། །གཞན་དག་ཀྱང་བརྗོད་པ་དང་བཅས་པས་ཆོས་བསྟན་པས་དགེ་བ་ལ་སྦྱར་བར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ན་སྒྲ་མེད་པར་ཆོས་སྟོན་བར་རུང་སྙམ་པའི ་དོགས་བས་བསུ་པའི་ལན་གསུངས་པ། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང། །ཞེས་བྱ་བའོ། །འདི་ལྟར་ཆོས་སྟོན་པ་ཞེས་བྱ་བའི་དོན་ནི་བརྗོད་པར་བྱ་པའི་དོན་རྟོགས་པ་ཉན་པ་པོའི་རྒྱུད་ལ་ཤིན་ཏུ་བསྐྲུན ་ཅིང་རབ་ཏུ་བསྐྱེད་པ་ཞེས་བྱ་བ་འདི་ཡིན་པས་དེ་དག་ཀྱང་སྨོན་ལམ་ལ་སོགས་པའི་སྟོབས་ཀྱིས་བསྟན་པར་འདོད་པ་ཙམ་ཉིད་ལས་སྒྲ་མེད་ཀྱང་གང་དང་གང་ཞིག་དོན་གང་དང་གང་ལ་རྣམ་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་ཅིང་རིགས་པ་ཉིད་དེ་དང་དེའི་རྣམ་པར་ཤེས་པ་ལ་དོན་དེ་དང་དེ་དག ་ཉིད་ཀྱིས་རྣམ་པ་དེ་ཁོ་ན་ལྟར་རྣམ་པར་སྣང་བར་འགྱུར་བས་ཆོས་སྟོན་པར་འགྱུར་བའི་ཕྱིར་རོ། །འདི་ཡང་རྣམ་པར་མ་བརྟགས་ཤིང་མ་དབྱད་པར་སྦྲ་བ་ནི་དོན་འཆོལ་བར་འགྱུར་ལ། དེ་ལས་གཞན་དུ་ཚིག་ཏུ་སྦྱིན་པ་ནི་སྤྲོས?་པར་འགྱུར་རོ་ཞེས་རིག་པའི་དབང་གིས་ཡིན་ནོ། །ཁྱད་པར་དེ་དག་གིས ་འཕགས་པ་ཅན་གྱི་ལམ་དངོས་གསུངས་པ། གཟུང་དོན་རྟོག་པ་སྤོང་ཕྱིར་དང། །འཛིན་པ་མ་སྤངས་ཕྱིར་དང?་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་བྱ་བའོ། །ཇི་སྐད་བཤད་པའི་བདེན་པ་བསྒོམ་པ་ཁོ་ན་དང། དེ་ནི་ཇི་ལྟ་བ་བཞིན ་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤོང་སྟེ། མ་རིག་པ་དང་ཕུང་པོ་དང་བདག་ལ་སོགས་པ་ལ་མངོན་པར་ཞེན་པ་རབ་ཏུ་ཞིབ་ཉིད་དོ། །འདིས་ནི་ཉན་ཐོས་རྣམས་ལས་རྟོགས་པའི་ཁྱད་པར་བསྟན་ཏོ། །འོན་ཀྱང་ཆོས་ཐམས་ཅད་བདག ་མེད་པར་ཤིན་ཏུ་གོམས་པར་མ་བྱས་པས་འཛིན་པའི་དོན་གྱི་རྣམ་པར་རྟོག་པ་སྤོང་བ་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་ལ་མཚན་མར་འཛིན་པ་དང་མ་བྲལ་བའི་ཕྱིར་རོ། །འདིས་ནི་ཐེག་པ་ཆེན་པོ་ལས་དན་ན་ངའི་ཁྱད་པར་བསྟན་པའོ། །ཡེ་ཤེས་ལ་སོགས་པ་ཟབ་པ་དང་བཅས་པའི ་ཆོས་ཉིད་སྒྲུབ་པ་ལ་སོགས་པའི་རྟེན་གྱི་ཁྱད་པར་དང་ལྡན་པ་ཡང་ཡིན་ཏེ། དེ་ལྟར་རང་སངས་རྒྱས་ཀྱི་ལམ་ཡང་དག་པར་བསྡུས་པ་ནི་མི་དམིགས་པའི་སྒོ་ནས་བྱང་ཆུབ་སེམས་དཔས་ཤེས་པར་བྱའོ། །ལམ་དེ་སྔོན་དུ་འགྲོ་བ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་དག་ཡིན་ཞེ་ན་དེའི ་ཡན་ལག་རྣམ་པ་བཞི་གསུངས་པ། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོ་གྱུར་པ། །རྩེ་མོ་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་བྱ། །ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །གཟུངS་སོ། ་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག་།ཅེས་བྱ་བའོ། །གཟུགས་ལ་སོགས་པ་ཀུན་རྫོབ་ཏུ་བརྡང་བཏགས་ཤིད་བརྗོད་པར་བྱ་བ་དང། དོན་དམ་པར་བརྗོད་པར་བྱ་བ་མ་ཡིན་པའི་ཆོས་ཉིད་དག་མི་འགལ་བར་རབ་ཏུ་སྟོན་པ་ཅན་དྲོ་བར་གྱུར་པ་དང། གཟུགས་ལ་སོཌ ་པ་ལ་དོན་དམ་པར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱད་པའི་བདག་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མེད་པ་ལ་སོགས་པའི་དོན་དུ་སློབ་པ་ཅན་རྩེ་མོར་གྱུར་པ་དང། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་གཟུགས་ལ་སོགས་པ་ལན་དང་ཕྱི་དང་གཉིས་ཀ་ལ་སོགས་བ་སྟོང་པ་ཉིད་ཀྱི་ཡོངས་སུ ་མི་འཛིན་པ་ཅན་བཟོད་པར་གྱུར་པ་དང། གཟུགས་ལ་སོགས་པ་ལ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་རྣམ་པ་ཅན་ཆོས་གྱི་མཆོག་ཏུ་གྱུར་པ་སྟེ། བདེན་པ་རྣམས་ལ་ངེས་པར་འབྱེད་པའི་ཡན་ལག་དེ་ལྟར་སྐྱེ་བར་རིག་པར་བྱའོ། །དེའི་རྗེས་ལ་བྱང་ཆུབ་སེམས ་དཔའ་ཨི་ལམ་བཤད་པར་བྱ་བ་ཡིན་པས་ཐོག་མར་མཐོང?་བའི་ལམ་གསུངས་པ། བདེན་དང་བདེན་ལ་བཟོད་པ་དང། །ཤེས་བའི་སྐད་ཅིག་རྣམ་བཞི་ཡིས། །སམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་བྱ་བའོ། །སྡུག་བསྔལ་ལ་སོགས་པའི ་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་དང། ཆོས?་ཤེས་པ་དང། དེ་བཞིན་དུ་བདེན་པ་དེ་དག་ལ་རྗེས་སུ་ཤེས་པའི་བཟོད་པ་དང། རྗེས་སུ་ཤེས་པ་ཞེས་བྱ་བ་སྐད་ཅིག་མ་རྣམ་པ་བཞི་སྟེ། རང་གི་ངོ་བོ་ལ་ཚད་མར་གྱུར་པ་སྐད་ཅིག་མ་གཅིག་དང། རིགས་དང་ཁྱད་པར་དང་བདེན་པའི ་རབ་ཏུ་དབྱེ་བ་གཉིས་དང། །ཞི་དང་བཅུ་དྲུག་གི་མཚན་ཉིད་ཅན་ཆེ་འདི་དང་གཞན་པའི་ཕན་ཡོན་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་ཨི་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་མཐོང་པའི་ལམ་ཡིན་པར་བསྟན་ཏོ། །བདེན་པ་རྣམས་ལ་མངོན་པར་རྟོགས་པའི་སྐད་ཅིག ་མ་དག་གི་རྣམ་པ་གང་དག་ཡིན་ཞེ་ན། །སྡུག་བསྔལ་ལ་སོགས་པ་རེ་རེ་ལ་བཞི་བཞིར་རྣམ་པར་དབྱེ་པས་རྣམ་པ་བཅུ་དྲུག་གསུངས་པ། དེ་བཞིན་ཉིད་དང་སངས་རྒྱས་དག་།ཕན་ཆུན?་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་བ་དང། ཆེན་པོ་?་མེད་བཅས་དང། །ཚད་མེད་པ་དང ་ཅ་ཐཱ་མ་དང། །དེང་གནS?་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་དེས་འཛིན་དང། །བླང?་མེད་དོར་བ་མེད་སོགས་དང། །བྱམས་ལ་སོགས་དང་སྟོང་ཉིད་དང། །སངས་རྒྱས་ཉིད་ནི་འཐོབ་པ་དང། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང། །ཉམ་ང་བ?་དང་ནད་ཀུན་སེལ།། ་མྱ་ངན་འདས་འཛིན་ཞི་ཉིད་དང། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག་།འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ།། ་ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བའོ། །དོན་དམ་པའི་ཚུལ་ཉིད་ཀྱིས་གང་ཡིན་པ་དེ་བཞིན་ཉིད་དང། རྟོག་པ་གང་ཡིན་པ་སངས་རྒྱས་དག་རྟེན་དང་བརྟེན་པའི་དངོས་པོ་མེད་པས་དེའི་ཕྱིར་དེ་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་ཅིང་མི་སྟོན་པ ་དང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་གཟུགས་དབེན་པའི་མཚན་ཉིད་ཆེན་པོ་ཉིད་དང། དེ་བཞིན་དུ་དེ་དག་ལ་གཞལ་བར་བྱ་བ་ལས་ཡང་དག་པར་འདས་པས་ཚད་མེད་པ་དང། སྔ་མ་ལྟར་ནམ་མཁའ་ཚད་མེད་པའི་བརྡུལ?་ཕྲ་རབ་ལ་སོགས་པ་ཚད་མེད་པ་ཞེས་བྱ་བ ་བཞི་ནི་སྡུག་བསྔལ་གྱི་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་རྟག་པ་དད་ཆང་པའི་མཛའ་ལ་སོགས་པ་མེད་པ་དང། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིS་གཟུགས་ལ་སོགས་པའི་བདག ་ཉིད་དུ་གནས་པ་ནི་ལྟ་དེང་བཅས་པའི་འཇིག་རྟེན་གྱིས་སངས་རྒྱས་ཉིད་དུ་ངེས་པར་གཟུང་བར་བྱ་བ་དང། དེའི་གཞན་དུ་དེ་ལ་གནས་པས་ཆོས་ཐམས་ཅད་བླང་བ་དང་དོར་བ་མེད་པ་ཉིད་དང། བདག་ཉིད་མེད་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་ཚད་མེད་པ་བཞི་བསྒོམ་པ་ཞེས་བྱ་བ་བཞི་ནི་ཀུན ་འབྱུང་བའི་བདེན་པ་ལ་ཆེས་ཤེས་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་གོ་།གཉུག་མའི་རང་བཞིན་ཁོ་ནས་གཟུགས་ལ་སོགས་པའི་ངོ་བོ་སྟོང་པ་ཉིད་དང། དེ་ཉིད་དང་རོ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་རྣམས་ཀྱིས་འབྲས་བུ་དེ་བཞིན་གཤེགས་པར་བསྔོས་པས་དེ ་ཐོབ་པར་བྱེད་པ་དང། དེ་བཞིན་དུ་རྣམ་པར་བྱད་བའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་བསྡུས་པ་དང། དེ་ཉིད་ཀྱིས་ཕྱི་དང་ནང་གི་ཡང་བ་དང་ནད་ལ་སོགས་པའི་འཚེ་བ་རབ་ཏུ་ཞིབ་ཞེས་བྱ་བ་བཞི་ནི་འགོག་པའི་བདེན་པ་ལ་ཆོས་ཤེས ་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་གོ་།རང་བཞིན་མེད་པ་རྣམ་པར་སྒོམ་པ་ཁོ་ནས་མྱ་ངན་ལས་འདས་པ་ཉིད་ཐོབ་པར་བྱ་བར་མངོན་པར་ཞེན་པ་དང་བྲལ་བ་དང། ཤེས་རབ་དང་ཐབས་མཁས་པ་ལ་ཞུགས་པ་ཉིད་ཀྱིས་སངས་རྒྱས་རྣམས་ཀྱིས་བསྲུང་བ་དང ་བསྐྱབ་པ་དང་སྦ་བ་དག་མཛད་པ་དང། སངས་རྒྱས་ཉིད་མངོན་པར་འདོད་པས་སྲོག་གཅོད་པ་སྤོང་པ་ལ་སོགས་པ་ལ་བདག་ཉིད་གནས་ཤིང་གཞན་ཡང་དག་པར་འགོད་པ་དང། མི་ཟད་ཅིང་ཕུན་སུམ་ཚོགས་པར་བྱ་བ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ཐམས་ཅད་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་བ་བཞི་ནི་ལམ་གྱི་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་རྣམ་པ་དག་ཡིན་ཏེ། དེ་ལྟར་ན་ལམ་ཤེས་པ་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་ཡིན་ནོ། །དེའི་ཕྱིར་ཚིག་ལེའུར་བྱས་པའི་དོན་ཉེ་བར་མཚོན་པ་ལྷུར་ལེན་པའི ་གཞུང་གིས་སྐད་ཅིག་མ་བཅུ་དྲུག་གི་ཡེ་ཤེས་ཉི་ཚེ་བ་བསྟན་པར་མ་ཟད། ནམ་པ་དང་བཅས་པའི་དོན་ཉིད་ཀྱང་རྣམ་པར་མཚོན་པར་ཟོད?་ཞེས་རིག་པར་བྱའོ། །དེའི་རྗེས་ལ་མཐོང་བའི་དོན་གོམས་པར་བྱ་བ་བརྗོད་པར་རིགས་པ་ལས་བརྗོད་པ་བྱ་བ་ཉུང་བ་ཉིད་དང། འབྲས ་བུ་ཤེས་པས་དེ་ལ་གཞོལ་བར་བསྒྲུབ་པའི་ཕྱིར་བསྒོམ་པའི་ལམ་གྱི་བྱེད་པ་གསུངས་པར་ཀུན་ནས་དུལ་དང་ཐམས་ཅད་ནས། །འདུད་དང་ཉོན་མོངས་ལས་རྒྱལ་དང། །གནོད་པས་རྫི་པ་མེད་ཉིད་དང། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་བྱ་བའོ། །རྣལ་འབྱོར ་དང་ལྡན་པས། ཐམས་ཅད་དུ་སེམས་ལ་རང་དབང་ཉིད་དུ་བྱེད་པ་དང། །ང་རྒྱལ་དང་བྲལ་བས་སྐྱེ་བོ་བླ་མར་གྱུར་པ་རྣམས་ལ་རབ་ཏུ་འདུད་པ་དང། །གཉེན་པོ་སྟོབས་དང་ལྡན་པ་ཉིད་ཐོབ་པས་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྒྱལ་པ་དང། །རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པས་ཕ་རོལ་གྱི་གནོད་པ་རྗེས་སུ་སྒྲུབ་པའི་ཡུལ་དུ་མི་འགྱུར་བ་དང། རྒྱུར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམས་ཤིང་རྫོགས་པར་བྱས་པས་འབྲས་བུ་ཡང་དག་པར་རྫོགས་པར་བྱས་པས ་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དང། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གཞིང་གྱུར་པས་མཆོད་པར་བྱ་བའི་རྟེན་ཉིད་དུ་བྱེད་པ་སྟེ། བསྒོམ་པའི་ལམ་ལ་གནས་པ་རྣམས་ཀྱི་བྱེད་པ་ནི་དྲུག་པོ་དེ་དག་གོ་།དྲུག་པོ་དེའི་འོག་ཏུ་ཡོན་ཏན་དེ་དག་གང ་གིས་ཐོབ་པ་དང་བསྒོམ་པའི་ལམ་ཉིད་ཆད་པར་མཛད་པས་རེ་ཞིག་ཟག་པ་དང་བཅས་པའི་བསྒོམ་པའི་ལམ་དང་པོ་མོས་པ་ཡིད་ལ་བྱེད་པ་གསུངས་པ། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང། །དམ་གསུམ་ཤེས་བྱ་དེ་ཡ་ཨང་ནི། །ཆུ་དང་འབྲིང ་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་བྱ་བའོ། །རང་དང་གཉིས་ཀ་དང་གཞན་ཁོ་ནའི་དོན་ལ་དམིགས་པ་ཉིད་དང་པོར་མངོན་དུ་མི་བྱེད་ན་ཡང་ཇི་ལྟར ་མོས་པ་བཞིན་མཐོང་པས་དགེ་བའི་ཆོས་ཀྱི་རྟེན་དུ་གྱུར་པ་གསུམ་དུ་ཤེས་པར་བྱའོ། །དེ་དག་གྱད་རེ་རེ་ཞིང་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་གསུམ་དང། དེ་ཡང་སོ་སོར་ཆུང་ངུའི་ཆུ་ངུ་ལ་སོགས་པའི་རྣམ་པར་དབྱེ་བ་གསུམ་གསུམ་གྱིས་དགུ་དགུ་སྟེ་དེ ་ལྟར་དགུ་ཕྲག་གསུམ་གྱིས་མོས་པ་ཉི་ཤུ་རྩ་བདུན་ནོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བས་ལྷག་གོ་ཞེས་བྱ་བ་དང། དེའི་ཆེ་བ་མ་ཤེས་པས་ཉུང་བའི་དོན་ལ་མོས་པ་ཉིད་དང། སངས་རྒྱས་བཞུགས་སམ་མི་བཞུགས་ཀྱང ་རུང་སྟེ་སྟོན་པ་ཉིད་དུ་འདུ་ཤེས་པ་ཞེས་བྱ་བ་དག་ནི་རང་གི་དོན་ཅན་གྱི་མོས་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཡིན་ནོ། །རིང་སེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བྱས་པ་དང། འཛམ་བུའི་གླིང་བཞི་གང་བ་ཉིད་དང། །གླིང་བཞི་གང་བ་ལ་མཆོད་པ་བས་ལྷ་གོ་ཞེས་བྱ་བ་དག་ནི་འབྲིང་གི་ཆུང་ངུ ་ལ་སོགས་པ་ཡིན་ནོ། །དེ་ལྟ་བུའི་མཆོད་རྟེན་སྟོང་སྤྱི་ཕུང་དང། སྟོང་གཉིས་པ་བར་མ་དང། སྟོང་གསུམ་གང་བ་ལ་མཆོད་པ་བས་ལྷག་གོ་ཞེས་བྱ་བ་དག་ནི་ཆེན་པོའི་ཆུང་དུ་ལ་སོགས་པ་ཡིན་ནོ། །སྟོང་གསུམ་གྱི་སེམས་ཅན་རེ་རེས་དེ་ལྟ་བུའི་མཆོད་རྟེན་མཆོད་པ་ཉིད་དང། དཀོན ་མཆོག་གསུམ་གྱི་གདུད་རྒྱུན་མི་འཆད་པར་བྱེད་ཅིང་ལྷ་མ་ཡིན་གྱི་གཡུལ་ཟློག་པར་བྱེད་པ་ཉིད་དང། ཕ་རོལ་ཏུ་ཕྱིན་པ་ལྟ་ཡོངས་སུ་རྫོགས་པར་བྱ་བ་བས་ལྷག་གོ་ཞེས་བྱ་བ་དག་ནི་རང་དང་གཞན་གཉིས་ཀའི་དོན་ཅན་གྱི་མོས་པ་ཆུང་ངུ་ལ་སོགས་པ་ཡིན་ནོ། །འཇིག་རྟེན་དང ་ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་ཕུང་པོ་ལྔ་ཐོབ་པ་ཉིད་དང། ལྷ་རྣམས་ཀྱིས་སྤོབས་པ་ཉེ་བར་བསྒྲུབ་པ་ཉིད་དང། སྐྱེ་བོ་དམ་པ་རྣམས་ཀྱིས་བཀུར་བར་བྱའོ་ཞེས་བྱ་བ་དག་ནི་འབྲིང་གི་ཆུང་ངུ་ལ་སོགས་པ་ཡིན་ནོ། སྦྱིན་པ་ལ་སོགས་པ་གཞན་གྱིས་མི ་འཕྲོག་པ་ཉིད་དང། ལྷ་རྣམས་ལ་ཆོས་ཀྱི་སྦྱིན་པ་མཆོག་ཏུ་འགྱུར་བ་ཉིད་དང། ལུས་དང་སེམས་རབ་ཏུ་བདེ་ཞིང་གཟི་བརྗིད་སྐྱེད་པ་ལ་སོགས་པ་དག་ནི་ཆེན་པོའི་ཆུ་དུ་ལ་སོགས་པ་ཡིན་ནོ། །ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་མཆོད་པ་པས་ལྟག་གོ་། ་ཞེས་བྱ་བ་དང། འཛམ་བུའི་གླིང་སྐུ་གདུང་གིས་གང་བབས་གདམ་པར་བྱ་བ་ཉིད་དང། ངན་འགྲོ་དང་ཐེག་པ་དམན་པའི་འཇིགས་པ་དང་བྲལ་བ་ཞེས་བྱ་བ་དག་ནི་གཞན་གྱི་དོན་ཅན་གྱི་མོས་པ་ཆུང་ངུ་ལ་སོགས་པ་ཡིན་ནོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྐུ་གདུང་གིས་གང ་བ་བས་གདམ་པར་བྱ་བ་དང། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་གསུང་རབ་མཛའ་དག་བསྟན་པ་ཉིད་དང་འདྲ་བ་ཉིད་དང། རྒྱལ་པོ་ལྟར་འཇིགས་པ་ཐམས་ཅད་ལ་ཡང་བ་མེད་པ་ཞེས་བྱ་བ་དག་ནི་འཕྲིང་གི་ཆུང་ངུ་ལ་སོགས་པ་ཡིན་ནོ། ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྐུ་གདུང་གིས་གད་བེ་བས་གདམ་པར་བྱ་བ་དང། དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་བྱང་ཆུབ་རྗེས་སུ་ཐོབ་པ་ཉིད་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་སྔོན་དུ་འགྲོ་བ་ཞེས་བྱ་བ་དག་ནི་ཆེན་པོའི་ཆུ་དུ་ལ ་སོགས་པ་ཡིན་ནོ། །ཕྱོགས་བཅུར་མོས་པ་དེ་དག་ནི་སྒོམ་པའི་བྱང་ཆུབ་སེམས་དཔའ་ཆེར་སྤྲོ་བ་བསྐྱེད་པའི་དོན་དུ་སངས་རྒྱས་ལ་སོགས་པས་ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པར་འགྱུར་བས་བསྟོད་པ་ལ་སོགས་པ་གསུངས་པ། ཤེས་རབ་ཕ་རོལ ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་མཚན་གསུམ་གྱིས་བསྟོང་པ་དང། །བཀུར་བ་དད་ནི་སྔགས་པང་འདོད། །ཅེས་བྱ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་མོས་པ་བཞིན་མཐོང་བའི་ཆོས་ཀྱི་མཚན་ཉིད་མོས་པ་ཡིད་ལ་བྱེད་པ ་དང་པོ་ལ་བསྟོད་པ་དང། གཉིས་པ་ལ་བདུད་པ་དང། གསུམ་པ་ལ་བསྔགས་པ་རྣམས་གསུངས་པས་གོང་ནས་གོང་དུ་མངོན་པ་དགའ་བ་དང། དབང་བ་དང། གུས་པར་བྱེད་པར་འགྱུར་བར་འདོད་དེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཉིད་འཛིན་པ་བས་སློང་བ་ལ་བྱིན་པ་དོན་ཆེ་བ ་ཉིད་དང། དེ་བས་སྣོད་དུ་རུང་བའི་དྲུང་དུ་སོང་སྟེ་བྱིན་པ་དང། འཛམ་བུ་རི་གླིང་གི་སེམས་ཅན་དགེ་བ་བཅུ་ལ་བཀོད་པ་བས་སེམས་ཅན་གཅིག་ཉིད་འབྲས་བུ་དང་པོ་ལ་བཀོད་པ་དང། གཉིས་པ་ལ་བཀོད་པ་དང། གསུམ་པ་ལ་བཀོད་པ་དང། བཞི་པ་ལ?་བཀོད་པ་དང། རང?་བྱང ་ཆུབ་ལ་བཀོད་པ་བས་དོན་ཆེ་བ་ཉིད་དང། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་དང་པོ་ལ་བཀོད་པ་བས་སེམས་ཅན་གཅིག་ཉིད་རྫོགས་པའི་བྱང་ཆུབ་ལ་བཀོད་པ་དང། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་གཉིས་པ་ལ་བཀོད་པ ་པས་དོན་ཆེའོ་ཞེས་བྱ་བ་རྣམས་ནི་བསྟོད་པ་རྣམ་པ་དགུ་ཡིན་ནོ། །སེམས་ཅན་གཅིག་ཉིད་རྫོགས་པའི་བྱང་ཆུབ་ལ་བཀོད་ན་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་གསུམ་པ་ལ་བཀོད་པ་བས་དོན་ཆེ་བ་དང། བཞི་པ་ལ་བཀོད་པ་དང། རང་བྱང་ཆུབ་ལ་བཀོད་པ ་བས་དོན་ཚ་བ་ཉིད་དང། འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་འདིའི་གླེགས་བམ་བསྒྲུབ་པའི་ཕྱིར་བྱིན་པ་དོན་ཆེ་བ་ཉིད་དང། འདིའི་དོན་གཉིས་སུ་མེད་པ་སྟོན་པ་དང། འདིའི་དོན་དང་ཡི་གེ་དང་ལྡན་པར་སྟོན་པ་དོན་ཆེ་བ་ཉིད་དང། ཕྱོཌ ་བཅུའི་སངས་རྒྱས་ལ་མཆོད་པ་བས་འདིའི་དོན་དང་ཡི་གེ་མ་ནོར་བར་སྟོན་པ་དོན་ཆེ་བ་ཉིད་དང། དམིགས་པའི་ཚུལ་གྱིས་བསྐལ་པ་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་པS་མི་དམིགས་པའི་ཚུལ་གྱིས་འདིའི་དོན་དང་ཡི་གེ་དང་ལྡན་པར་སྟོན་པ་དོན་ཆེ་བ ་དང། ཕྱོགས་བཅུའི་བར་གྱི་སེམས་ཅན་ཐམས་ཅད་འབྲས་བུ་དང་པོ་དང་ལ་བཀོད་པ་བས་འདིའི་དོན་དང་ཡི་གེ་དང་ལྡན་པར་བསྟན་ཅིང་གདམས་ན་དོན་ཆེའོ་ཞེས་བྱ་བ་རྣམས་ནི་བཀུར་བ་རྣམ་པ་དགུ་ཡིན་ནོ། །འཛམ་བུའི་གླིང་གི་སེམས་ཅན་འབྲས་བུ་གཉིས་པ་ལ་བཀོད་པ ་བས་དོན་ཆེ་བ་ཉིད་དང། གསུམ་པ་ལ་བཀོད་པ་དང། བཞི་པ་ལ་ཨབཀོད་པ་དང། རང་བྱང་ཆུབ་ལ་བཀོད་པ་དང། རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་བས་དོན་ཆེ་བ་ཉིད་དང། གླིང་བཞི་པའི་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་དང། སྟོང་སྤྱི་ཕུང་དང། ་སྟོང་གཉིས་པ་དང། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་བསྐུལ་བ་དང། ཕྱོགས་བཅུའི་བར་གྱི་སེམས་ཅན་ཐམས་ཅད་ཕྱིར་མི་ལྡོག་པ་ལ་བཀོད་པ་བས་ཕྱིར་མི་ལྡོག་པ་འགའ་ཞིག་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྟོན་ཅིང་ཉེ་བར་གདམས་པ་དོན་ཆེའོ་ཞེས་བྱ ་བ་རྣམས་ནི་བསྔགས་པ་རྣམ་པ་དགུ་ཡིན་ཏེ། འདི་དག་ནི་དོན་ཡང་དག་པར་ཇི་ལྟ་བ་བཞིན་ཐོབ་པའི་མཚན་ཉིད་ཅན་ཡིན་གྱི་གཅམ་བུའི་ངོ་བོ་མ་ཡིན་ནོ། །མོས་པ་རྣམ་པར་བསགས་པའི་དགེ་བའི་རྩ་བ་རྣམས་ནི་ཆུད་མི་ཟ་ཞིང་འབྲས་བུ་མཆོག་གི་རྒྱུར་ཡོངས་སུ་བསྒྲུབ་དགོས་པས་ ་དེའི་རྗེས་ལ་བསྔོ་བ་ཡིད་ལ་བྱེད་པ་གསུངས་ལ་ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོས་ཡིན་ནོ། །དེ་ནི་དམིགས་མེད་རྣམ་བ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས ་བཅས་མཚན་མ་མེད་པ་དང། །སངས་རྒྱས་རྗེས་སུ་ཡི་རང་དང། ཁམས་གསུམ་གཏོགས་པ་མ་ཡིན་དང། །ཆུང་དང་འབྲིང་དང་ཆེན་པོ་ཡིས། །བསྔོ་བ་གཞན་ནི་རྣམ་གསུམ་མོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་བྱ་བའོ། །བླ་ན་མེད་བའི་བྱང་ཆུབ་ལ་སོགས་པ ་ཡུལ་ཁྱད་པར་ཅན་ཐེག་པ་གསུམ་གྱི་ལམ་སྟོན་པའི་རྒྱུར་གྱུར་པ་ཉིད་ཀྱིས་བྱེད་པ་མཆོག་ཏུ་གྱུར་པ་དང། །དེར་བསྔོ་བ་རབ་ཏུ་དབྱེ་བ་ནི་བསྔ་བར་བྱ་བ་ཉིད་ཀྱིས་རྗེས་ཡང་དག་པར་མི་དམིགས་པ་དང། བསྔོ་བ་བྱེད་པ་ཉིད་ཀྱི་སེམས་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང་བསྔོ? ་བའི་འབྲས་བུ་བསོད་ནམས་མངོན་པར་འདུ་བྱ་བ་དང། བྱེད་བ་པོས་དབེན་བ་དང། དུས་གསུམ་གྱི་དེ་བཞིན་གཤེགས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་རང་བཞིན་དག་སྐྱེ་བ་དང་འགག་པ་མེད་པ་དང་ཐ་མི་དད་པ་དྲན་པ་དང། ཐབས་ལ་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ ་རྩ་བར་མ་ཞེན་པ་དང། བཀག་པ་ཉིད་ཀྱིས་མཚན་མར་འཛིན་པ་མེད་པ་དང། ཀུན་རྫོབ་དང་དོན་དམ་པའི་ཚན་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་ངོ་བོས་ཡོངས་སུ་བསྔོ་བས་སངས་རྒྱས་དགྱེས་པ་དང། ཁམས་གསུམ་ལས་འདས་པར་བསྔོ་བས་ཁཾས་གསུམ་པར་གཏོཌ་པ་མ་ཡིན་པ་དང། ?? ་བར་ཅུ་ལ་སོགས་པའི་ལས་ཀྱི་ལམ་ལ་གནས་པ་སྟེ་ཆུང་ངུ་དང། རྒྱུན་ཏུ་ཞུགས་པ་ལ་སོགས་པ་ལ་གནས་བ་སྟེ་འབྲིང་དང། བླ་ན་མེད་པའི་བྱང་ཆུབ་ལ་གནས་པ་ཆེན་པོ་སྟེ། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུ་དང། ཚད་མེད་པ་ལ་སོགས་པ་ལ་བཀོད་པ? ་དོན་ཆེའོ་ཞེS་བྱ་བ་ལ་སོགས་པས་བསོད་ནམས་ཆེན་པོར་འབྱུང་བའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་དམིགས་པ་ལ་དམིགས་པའི་བདག་ཉིད་ཀྱི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་བར་རྫོཌ་བའི་བྱང་ཆུབ་ཏུ་བསྔོ་བའི་མཚན་ཉིད་ནི་རྣམ་པ་བཅུ་གཉིས་ཡིན་ནོ། །ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི ་ཕུང་བོ་གྱ་ནོམ་བ་ནི་མངོན་པར་ཡོངས་སུ་སྤེལ་བར་བྱ་བའི་ཕྱིར་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་བ་གསུངས་བ། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་བྱ་བའོ། །རང་དང་གཞན་གྱིས་དུས་གསུམ ་དུ་བྱས་པའི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་ཚིག?་ཤོས་དག་ལ་རབ་ཏུ་དགའ་?་བའི་སེམས་ཀྱིས་ཀུན་རྫོབ་ཏུ་ཐབས་ལ་མཁས་པས་དམིགས་པ་འགའ་ཡང་མེད་པས་ཀུན་ནས་རྗེས་སུ་ཡི་རང་བར་བྱེད་པ་ནི་བསྒོམ་པའི་ལམ་གྱི་སྐབས་འདིར་ཚོགས་ཆུང་ངུ་བསམ་གྱིས་མི་ཁྱབ་པའི ་བསོད་ནམས་མངོན་པར་འཕེལ་བར་བྱེད་བ་ཡིན་ནོ། །དེ་ལ་མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་བ་འདི་དག་གིས་ནི་གོ་རིམ་ལྟར་འབྱུང་ཁུངས་ནས་གསེར་གྱི་གང་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་པ་ཉིད་དང། གསེར་མཁན་གྱི་རྒྱན་བཞིན་དུ་བླ་ན་མེད་པའི་ཡན ་ལག་ཏུ་བསྒྱུར་བ་དང། སྐྱེ་བོ་རབ་ཏུ་མང་པོ་ལ་མཛེས་པར་འགྱུར་བ་བཞིན་དུ་དཔག་ཏུ་མེད་བའི་དགེ་བའི་རྩ་བ་ཤིན་ཏུ་འཕེལ་བར་བྱེད་དོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ནོ། །དེའི་འོག་ཏུ་ཟག་པ་མེད་པའི་བསྒོམ་པའི་ལམ་བསྟན་པར་བྱ་བ་ལས་དང་པོར་ཡོན་ཏན་མངོན་པར་བསྒྲུབ་པའི་མཚན་ཉིད ་ཀྱི་བསྒོམ་པའི་ལམ་གསུངས་པ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོང་པར་བྱེད་པ་དོན་ཆེན་ཉིད། །ཅེས་བྱ་བའོ། །གཟུགས་ལ་སོགས་པ་ལ་རང་གི་ཆོས་ཉིད་ཇི་ལྟར་རྟོགས་པ་ངོ་བོ་ཉིད་དང། ་དམིགས་པ་དང་བཅས་པའི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་པས་མཆོག་ཉིད་དང། ཆོས་ཐམས་ཅད་ལ་སྐྱེ་བ་དང་འགག་པ་ལ་སོགས་པའི་མཆན་མར་མི་འཛིན་པས་མངོན་པར་འདུ་བྱ་བ་མེད་བ་ཉིད་དང་།དེ་ལྟ་བུའི་ལམ་གྱིས་འདུས་བྱས་དང་འདུས་མ་བྱས་ལ་སོཌ ་པའི?་ཆོས་མཛའ་དག་མི་དམིགས་པ་ཉིད་དུ་རྣལ་འབྱོར་པའི་རྒྱུད་ལ་བསྐྱེད་ཅིང་གཏོང་པ་དང། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་འབྲས་བུར་བྱེད་པས་དོན་ཆེན་པོ་ཉིད། །སྒྲུབ་པ་དང་ལྡན་པ་ལ་རྣམ་པར་དག་པའི་ལམ་བསྒོམ་པ་འབྱུང་བས་དེ་བཤད་པའི་ཕྱིར་གང་ཞིག་ཡོངས་སུ ་གཟུང་བ་དང་དོར་བས་འདི་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་སྔོན་དུ་གསུངས་པ། སངས་རྒྱས་བསྟེན་པ་སྦྱིན་སོགས་དང། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་པ?། །བདུད་ཀྱི་?་ཀྱིས་གནོན་པ་དང། །ཟབ་མོའི ་ཆོས་ལམ་མོས་པ་དང། །ཕུང་པོ་ལ་སོགས་མངོན་ཞེན་དང། །སྡིག་བའི་གྲོཌ?་བོས་ཡོངས་ཟིན་པའོ། །ཞེས་བྱ་བའོ། །སངས་རྒྱས་ལ་སོགས་པ་ཡུན་རིང་པོར་བསྙེན་བཀུར་ཞིང་དྲི་པ་བྱས་པ་དང། ཕ་རོལ་ཏུ་ཕྱིན་འཇུག་བསྒྲུབ་ཅིང་རེག?་པ་ཆེན་པོའི་ཚུལ་བསྲུང་བ་དང། འདི ་ལ་མཉམ་བར་འཇོག་པ་ཉིད་ཀྱི་ཐབས་ལ་མཁས་པ་གང་ཡིན་པ་དེ་ནི་རྣམ་པར་དག་པའི་ལམ་འདི་ལ་མོས་ཤིང་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །སྔོན་དགེ་བའི་རྩ་བ་མ་བསགས་བས་བདུད་ཀྱི་བྱིན་གྱིས་བརླབས་པ་དང་།ཐེག་བ་ཆེན་པོའི་རིགས་མ་སྦྱངས་བས་ཆོས་ཟབ? ་མོ་ལམ་མོས་པ་དང། བདག་མེད་བ་ཉིད་ཀྱི་དོན་ལ་ལེགས་པར་ཉམས་པ་མེད་པས་ཕུང་པོ་ལ་སོགས་བར་མངོན་བར་ཞེན་པ་དང། དགེ་བའི་བཤེས་གཉེན་ལ་འདྲིས་པར་མ་བྱས་པས་སྡིག་པའི་གྲོགས་པོས་ཟིན་བ་དག་ནི་འདི་ནི་སྐྱེ་ཞིང་ཆོས་ཀྱིས་ཕོངས་པར་འགྱུར་བའི་རྒྱུ་ཡིན་ནོ? ་དེའི་རྗེས་ལ་སྐབས་སུ་བབ་པའི་རྣམ་པར་དག་བ་སྤྱིར་གསུངས་པ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་དེ་ཉིད་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང། །གང?་དུ་མེད་པས་དག་པར་བརྗོད། །ཅེས་བྱ་བའོ། །འདི་ལྟར་འཕགས་པའི་གང་ཟག་རྣམས་ཀྱི་འབྲས་བུ་གང ་ཡིན་པ་དེ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་རྣམ་པར་དག་པ་ཡིན་ལ། དེ་ཉིད་བཟུགས་ལ་སོགS་པ་རྣམ་པར་དག་པ་ཡིན་ཏེ། འབྲས་བུ་དང་གཟུགས་ལ་སོགས་པ་རྣམ་པར་དག་པ་ནི་ངེས་བདག་ཏུ་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་ཉིད ་ཀྱིས་གང་གི་ཕྱིར་དེ་དག་གི་རྣམ་པར་དག་པ་རང་རང་སྤྱིའི་མཚན་ཉིད་ཀྱིས་ཐ་མི་དད་ཅིང་བཅང་དུ་མེད་བ་ཉིད་དེ། དེའི་ཕྱིར་དེ་ལྟར་རྣམ་པར་དག་བར་བརྗོད་དོ། །དེའི་རྗེས་ལ་རྣམ་པར་དག་པ་བྱེ་བྲག་ཏུ་གསུངས་པ། ཉོན་མོངས་ཤེས་བྱ་ལམ་གསུམ་སྒྲིབ། །ཉམས་ཕྱིར་སློབ་མ་བསེ་རུ་དང། ་རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་བྱ་བའོ། །གང་ཟག་ཏུ་ལྟ་བ་དང་འབྲེལ་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པ་ནི་ཉན་ཐོས་རྣམས་ཀྱི་དག་པ་དང། གཟུང་བར་ལྟ་བ་དང་འབྲེལ་བ་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པ་ནི ་རང་སངས་རྒྱས་རྣམས་ཀྱི་དག་པ་དང་གང་ཟག་དང་ཆོས་སུ་ལྟ་བ་དང་འབྲེལ་པ་ཐེག་པ་གསུམ་གྱི་སྒྲིབ་པ་གསུམ་སྤངས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དག་པ་ཡིན་ནོ། །ལྟ་བ་ཐམས་ཅད་དང་འབྲེལ་བ་ཉོན་མོངས་དང?་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་བ་ཐམས ་ཅད་དུ་སྤངས་པ་ནི་ཤིན་ཏུ་རྣམ་པར་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡིན་པར་བལྟའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་དག་པའི་སྒྲིབ་པ་རྣམ་པར་དག་པ་ཡིན་པར་བརྟག་ཅེ་ན། གཉེན་པོ་དགུས་སྤང་བར་བྱ་བ་རྣམ་པར་བསལ་པའི་ཚུལ་གསུངས་པ། ས ་དགུལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་བྱ་བའོ། །འདོད་བའི་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་བའི་སྙོམས་པར་འཇུག་པ་བཞི་དག་སྟེ། ས་དགུ་ལ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུ? ་ཉིད་ཀྱིས་གོ་རིམ་ལྟར་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུའི་དྲི་མ་སེལ་བར་བྱེད་བའི་ཕྱིར་ཏེ། གོས་ལ་དྲི་པ་ཕྲ་མོ་བསལ་བ་ལ་བཙོ་བླག་མ་།བན་ཆེ་ཐང་དུ་འབད་པ་ལ་སོགས་པ་བཞིན་ནོ། །ཅིའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྣམ ་པར་དག་པ་ཤིན་ཏུ་རབ་ཏུ་བརྗོད་ཅེ་ན། །དེའི་ཕྱིར་མ་ལུས་བའི་གཉེན་བོ་ཕུལ་དུ་གྱུར་པ་རྫོགས་པའི་མཚན་ཉིད་གསུངས་སྟེ།?་དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ན་འཇལ་དང་གཞལ་བྱ་དག་།མཉམ་བ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་བྱ་བའོ། །ཆོས ་ཐམས་ཅད་མཉམ་པ་ཉིད་ལ་སྣང་བར་བྱ་བ་དང་གཉེན་བོ་མི་འཐད་དོ་ཞེས་བ་དང། དེ་བཞིན་དུ་དོར་བ་དང་བླང་བར་བྱ་བ་དང། ཐོབ་པ་དང་མངོན་པར་རྟོགས་པ་མི་རུང་ངོ་ཞེས་བྱ་བའི་གནག་དག་བདེན་པ་གཉིས་ལ་བརྟེན་པའི་ལམ་གྱིས་རྣམ་པར་བསལ་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ནི་མཉམ ་བ་ཉིད་གང་ཡིན་པ་ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་དང་ཤེས་པར་བྱ་བ་དག་མི་དམིགས་པ་ཉིད་ཀྱིས་དྲི་མར་གྱུར་པ་མཛའ་དག་གི་གཉེན་པོ་ཡོངས་སུ་རྫོགས་པ་མཐར་ཕྱིན་པའི་ཕྱིར་རྣམ་པར་དག་པ་ཤིན་ཏུ་བ་ཡིན་པར་འདོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན ་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱིས་འགྲེལ་བ་ཤེས་རབ་སྒྲོན་མིའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་གཉིས་པའི་འགྲེལ་པའོ།། །།ལམ་ཐམས་ཅད་ལེགས་པར་ཡོངས་སུ་ཤེས་པ་ཉིད་ཀྱང་གཞི་ཐམས་ཅད་ཤེས་པ་ལ་རབ་ལས་བས་དང་པོར་ཡང ་དག་པའི་མཚན་ཉིད་ཅན་གྱི་གཞི་ཐམས་ཅད་ཤེས་པ་གསུངས་པ། ཚུ་རོལ་ཕ་རོལ་མཛའ་ལ་མིན། །དེ་དག་བར་ན་མི་གནས་པས། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར་།ཤེས་རབ་ཕ་རོལ་ཏུ་ཕྱིན་པར་འདོད། །ཅེས་བྱ་བའོ། །དུས་གསུམ་པའི་ཆོས་ཐམས་ཅད་གོ་དང?་མ་ནས ་སྐྱེ་བ་མེད་པའི་བདག་ཉིད་དུ་མཉམ་པ་ཉིད་དུ་རྟོགས་པས་ཤེས་རབ་དང་སྙིང་རྗེ་ཡང་དག་པ་ཉིད་ཀྱིས་ཚུ་རོལ་དང་ཕ་རོལ་གྱི་མཛའ་འཁོར་པ་དང་མྱ་ངན་ལས་འདས་པ་རྟག་པ་དང་ཆད་པའི་མཚན་ཉིད་དང། དེ་དག་གི་བར་ན་ཡང་མི་གནས་བའི་ཕྱིར་ཡང་དག་པ་ཉིད་ཀྱི་གཞི ་ཐམས་ཅད་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་དོ། །འདིས་ནི་ཉན་ཐོས་ལ་སོགས་པ་ལ་དུས་རྣམ་པ་གསུམ་མཉམ་པ་ཉིད་ཤེས་པ་མེད་པའི་ཕྱིར་རང་གི་རྟོགས་པ་ཙམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཟད་བས་ཤེས་རབ་དང་སྙིང་རྗེ་དང་བྲལ་ཏེ། ་དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་སྲིད་པ་དང་ཤི་བའི་མཛའ་ལ་གནས་པར་བསྟན་ཏོ། །གང་གི་མི་གནས་པའི་མཚན་ཉིད་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་རིང་བ་དང་ཉེ་བར་འགྱུར་ཞེ་ན། དེ་རང་གི་རྒྱུ་མཚན་གསུངས་པ། དོན་མཚན་མར་དམིཌ ་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་བྱ་བའོ། །སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྒྱུ་མའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་མ་ཤེས་པས་ཡུལ་སོ་སོ་ལ་མངོན་པར་ཞེན་པར་འགྱུར་བ། ་བཞིན་དུ། ཉན་ཐོས་ལ་སོགས་པ་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་ཐབས་མཁས་པ་དང་བྲལ་བས་དངོས་པོ་རྣམས་ལ་མིང་དང་དོན་གྱི་མཚན་མར་དམིགས་པའི་སྒོ་ནས་མཚན་མ་མེད་པའི་ཡུམ་འདི་ལས་རིང་པར་གྱུར་ལ། སྒྱུ་མའི་མཁན་པོ་རང་ཉིད ་བརྫུན་པའི་དོན་ཅན་གྱིS་ཡིད་རྨོངས་པར་མ་གྱུར་པས་རབ་ཏུ་མ་ཞེན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་དུས་ཡུན་རིང་མོ་ཞིག་ནས་དེ་ཁོ་ན་ཉིད་ལ་མཁས་པའི་དགེ་བའི་བ་ཤེས་གཉེན་ཡང་དག་པར་མགུ་བར་བྱས་པ་ལ་སོགས་པ་ཐབས་མཁས་པའི་མཚན་ཉིད་ཅན་ཐོས་པ་ལ ་སོགས་པའི་བློ་གྲོས་ཟབ་མོས་དངོས་པོར་རྣམ་པར་འཁྲུལ་པའི་མཚན་མ་བསལ་བ་རྣམས་ནི་དོན་ཇི་ལྟ་བར་ཉེ་བར་གནས་པ་དང་མཐུན་པ་ཉིད་ཀྱིས་རྒྱལ་པའི་ཡུམ་འདི་ལ་ཡང་དག་པར་ཉེ་བར་གྱུར་པ་བཤད་དོ། །གང་གིས་རིང་བར་གྱུར་པའི་མཚན་མར་དམིགས་པ་ཉིད་གང་ཞེ ་ན་དེ་ལྟར་འདུ་ཤེས་པ་མི་མཐུན་པའི་ཕྱོགས་གསུངས་པ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང། །དུས་གསུམ་གཏོགས་པའི་ཆོས་རྣམས་དང། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྦྱོང་བའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་བྱ་བའོ། །གཟུགས་ལ་སོགས་པའི ་ཕུང་པོ་གཞན་གྱིས་ཀུན་ནས་རྟགས་པའི་བདག་ལ་སོགས་པས་སྟོང་པ་ཉིད་དུ་འདུ་ཤེས་པ་དང། འདས་པ་ལ་སོགས་པ་དུས་གསུམ་དུ་གཏོགས་པའི་ཆོས་ཟག་པ་དང་བཅས་པ་དང། ཅིག་ཆོས་ལ་དེར་འདུ་ཤེས་པ་དང། སྦྱིན་བ་དང། དྲན་པ་ཉེ་བར་བཞག་པ་དང་།བསམ་གཏན ་དང། ཚད་མེད་པ་ལ་སོགས་པ་ལ་སྤྱོད་པར་འདུ་ཤེས་པ་ནི་གཉེན་པོ་ཡིན་ན་ཡང་ཡུལ་ལ་མཚན་མར་འཛིན་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཡིན་ནོ། །ཡང་གང་གིས་ཉེ་བར་གྱུར་པའི་མི་དམིགས་པ་ཉིད་གང་ཞེ་ན། དེ་ལྟར་འདུ་ཤེས་པའི་གཉེན་པོའི་ཕྱོགས་གསུངས་པ ་སྦྱིན་ལ་སོགས་ལ་དང་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་གང། །དེ་ནི་ཆགས་པའི་མཛའ་འགོག་པ། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བྱ་བའོ། །འཁོར་གསུམ་རྣམ་པར་དག་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་གསུམ་ལ་བདག་དང་བདག་གིར་བྱ་བ་མེད་བར ་རྟོགས་པ་ལ་བདག་ཉིད་གནས་ཤིང་གཞན་དག་ཀྱང་ཚུལ་དེ་འདྲ་བ་ཁོ་ན་ལ་ཡང་དག་པར་སྦྱོར་བ་ལ་མངོན་པར་ཆགས་པའི་ཚོགས་ཀྱི་མཛའ་ཐམས་ཅད་འགོག་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ནོ། །སྦྱིན་པ་ལ་སོགས་པར་འདུ་ཤེས་པ་མཛའ་དག ་སྤང་བར་བྱ་བ་བརྗོད་པ་ན། །དེ་བཞིན་གཤེགས་པ་ལ་སོགས་པ་ཡིད་ལ་བྱེད་བ་ཡང་བསོད་ནམས་ཀྱི་རྒྱུར་གྱུར་པ་ཉིད་ཀྱིས་གཉེན་པོ་ཡིན་མོད་ཀྱི། དེར་འདུ་ཤེས་པ་ཉིད་ཀྱིས་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར ་ཆགས་པ་ཕྲ་མོ་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། ཡུལ་གྱི་ཆོས་ཉིད་ཕྲ་མོ་ལས་ཉེ་བར་འདས་པའི་རྒྱུ་མཚན་གསུངས་པ། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་བྱ་བའོ། །གང་གིས་ཆོས་ཐམས་ཅད་ཀྱི་རིགས་ནི་ནམ་མཁར་ལྟར་ངོ་བོ་ཉིད་ཁོ་ནས ་སྟོང་པ་ཟབ་པ་ཉིད་དོ། དེ་ལ་ནི་ཤིན་ཏུ་ཕྲ?་བའི་ཆགས་པ་ཡང་ཉེ་བར་གནས་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་སྤོང་བར་བྱེད་པའི་གཉེན་པོ་གསུངས་པ། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་བྱ་བའོ། །ངོ་བོ་ཉིད་མེད་པ་ཁོ་ནས་གཟུཌ ་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གཅིག་པ་ཉིད། འདི་ལྟར་རང་བཞིན་མེད་པའོ་ཞེས་བྱ་བས་མ་སྐྱེས་པ་ཉིད་དུ་མཉམ་པར་ཡོངས་སུ་ཤེས་པས་ནི་ཆགས་བ་སྡོང་པ་ཡིན་ནོ། །ཡང་དབེན་པས་ཟབ་པ་ཞེས་བྱ་བ་འདི་ཉིད་ཇི་ལྟར་ཡིན་ཞེན་།དེའི་རང་གི་མཚན་ཉིད་གསུངས་བ། མཐོང་བ ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་པར་བཤད། །ཅེས་བྱ་བའོ། །འདི་ལྟར་གང་ཞིག་ཉེ་བར་དམིགས་པར་བྱར་ཡོད་པ་ནི་གཞན་དུ་འགྱུར་ན། ཆོས་ཐམས་ཅད་ནི་རྣམ་པར་ཤེས་པ་ཐམས་ཅད་ཀྱིས་དམིགས་པའི་དོན་བསལ་བས་དེའི་རང་བཞིན་གང་ཡིན་པ་དེ་ནི་རབ ་ཏུ་རྟོགས་པར་དཀའ་བར་བཤད་དེ། དེའི་ཕྱིར་ཟབ་པ་ཞེས་བྱའོ། །རྟོགས་པར་དཀའ་བ་ཉིད་ཅིའི་ཕྱིར་ཉིད། །དེའི་ཡང་རྒྱུ་གསུངས་པ། གཟུགས་ལ་སོགས་པ་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད་།ཅེས་བྱ་བའོ། །གང་གི་ཕྱིར་གཟུཌ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེ་པཱི ་བར་གྱི་རང་བཞིན་ནི་གང་དུ་ཡང་ཡོངས་སུ་ཤེས་པར་མི་ནུས་པས་བསམ་པར་བྱ་བ་ལས་འདས་པར་འདོད་དེ། དེའི་ཕྱིར་རྟོགས་པར་དཀའ་ཨོ་ཞེས་བྱའོ། །དེ་ལྟར་ཕྱོགས་གཉིས་རྣམ་པར་ངེས་པའི་འཇུག་བསྡུ་བ་གསུངས་པ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི ་ཕྱགས་དག་ནི། །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདི་ཤེས་བྱ། །ཞེས་བྱ་བའོ། །ཇི་སྐད་བཤད་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལུ་གསལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་མ་སོགས་པའི་རྒྱུད་ཀྱི་བྱེ་བྲག་གིས་མི་མཐུན ་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་རབ་ཏུ་དབྱེ་བའི་རིང་པ་དང་ཉེ་བའི་མཚན་ཉིད་དང་བཅས་པ་འདི་དག་དེ་ལྟར་ཤེས་པར་བྱ་བ་ཡིན་ནོ། །མཚན་ཉིད་ཤེས་བས་དེའི་དོན་རྣམ་པར་བསྒོམ་དགོས་པས་དེའི་འོག་ཏུ་བསྒོམ་པའི་མཚན་ཉིད་ཀྱི་སྦྱོར་བ་གསུངས་པ། གཟུགས་ལ་སོགས ་དེ་མི་རྟག་སོགས་དང། །དེ་མ་རྫོགས་དང་རབ་རྫོགས་དང། །དེ་ལ་ཆགས་པ་མེད་ཉིད་དང། །སྤྱོད་པ་བཀག་པའི་སྦྱོར་བ་དང། །མི་འགྱུར་བྱེད་བོ་མིན་པ་དང། །བྱ་དཀའ་རྣམ་གསུམ་སྦྱོར་བ་དང། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །གཞན་ལ་རག་ལS ་མེད་གང་དང། །སྣང་པ་རྣམ་བདུན་ཤེས་བྱེད་དོ། །ཞེས་བྱ་བའོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་བདེན་པར་སྤྱོད་བ་བཀག་བ་དང། དེ་དག་གི་ཁྱད་པར་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་ལ་སྤྱོད་པ་འགག་བ་དང། དེ་དག་གི་མ་རྫོགས་པ་དང་རྫོགས་པ་ཀུན ་བརྟགས་པ་དང་ཡོངས་སུ་གྲུབ་པ་ལ་སྤྱོད་པ་དང། དེ་དག་ལ་མངོན་པར་ཆགས་པ་མེད་པ་ཉིད་ལ་སྤྱོད་པ་དང། འཕེལ་བ་དང་བསྒྲིབ?་བ་མེད་བས་གཞན་དུ་མི་འགྱུར་བ་དང། གང་གིས་རྗེས་སུ་ཆགས་པ་ལ་སོགས་པའི་བྱེད་པ་པོ་ཉིད་ལ་སྦྱོར་པ་དང་།ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད ་ཆེད་དུ་བྱ་བ་དང་སྦྱར་བ་དང་རྟོགས་པ་བྱ་བ་རྣམ་པ་གསུམ་དེ་ཁོ་ནར་བྱ་དཀའ་བ་ཉིད་ལ་སྤྱོད་པ་དག་འདི་ཉིད་ཐེག་པ་གསུམ་གྱི་རིགས་ཅན་གྱིས་བསྒོམས་ན་རང་གི་སྐལ་པ་ཇི་ལྟར་བ་བཞིན་འབྲས་བུ་ཐོབ་པས་དེའི་འབྲས་བུ་ལ་ཉེ་བར་འདོད་པའི་སྦྱོར་བ་དང། རྣམ་བ་ཐམས་ཅད་དུ་ལམ་སྒྲུབ་པ་ ་དང་སྲུང་བར་བྱ་བ་གཞན་ལ་མི་བལྟོས་བ་ཉིད་དང། བརྫུན་པའི་སྣང་བ་རྣམ་པ་བདུན་ཤེས། བྱར་བྱེད་བ་སྟེ། འདི་ལྟར་བག་ཆགས་ཀྱིས་ཡིད་ཡོངས་སུ་འགྱུར་བ་རྨི་ལམ་དང་སྔགས་ལ་སོགས་པ་མཉམ་དུ་ཚོགས་པས་སྣང་བར་སྒྱུ་མ་དང། རྒྱུ་མེད་བར་སྣང་བ་ཉིད་དོན ་དང་འགལ་བ་སྨིག་རྒྱུ་དང། སྒྲ་དང་གནས་ཀྱི། རྐྱེན་ལ་བརྟེན་པ་བྲག་ཅ་དང། རྣམ་པ་སྟོང་པར་བྱེད་བ་མ་འཕོས་པར་ཤར་བ་གཟུགས་བརྙན་དང། གནས་པར་བྱ་བའི་རྟེན་མེད་པ་དྲི་ཟའི་གྲོང་ཁྱེར་དང། ལུས་དང་ངག་གི་བྱེད་པ་པོ་མེད་བ་སྤྲུལ་པ་ལྟ་བུ་རྣམས་སྣང་བ་ལ་སྦྱོང་བ་བཀག ་པའི་སྒོ་ནས་མི་དམིགས་པའི་ཚུལ་གྱིས་ཉེ་བར་སྦྱོར་པ་རྣམ་པ་བཅུའོ། །འདིས་ཀྱང་ཤུགས་ཀྱིས་ཉན་ཐོས་ལ་སོགས་པའི་སྦྱོར་བ་ཕྱོགས་གཅིག་གིས་བཟློག་པར་བསྒོམ་པ་འཕངས་པ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་དུ་མི་དམིགས་པར་མཚུངས་པར་རྣམ་པར་བསྒོམ ་དགོས་བས་མཉམ་པ་ཉིད་གསུངས་པ། གཟུགས་ལ་སོགས་པར་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་བྱ་བའོ། །གཟུགས་ལ་སོགས་པའི་ངོ་བོ་ལ་དངོས་པོར་རློམ་པ་ཉིད་དང། སྔོན་པོ་ལ་སོགས་པའི་ཁྱད་པར་ལ་མཆན་མར་རློམ་པ་ཉིད་དང། རྣམ་པ ་རབ་ཏུ་དབྱེ་བ་ལ་སོགས་པ་ལ་སྤྱོད་བར་རློམ་པ་ཉིད་དང། བདག་གིས་འདི་ལྟ་བུར་རིག་གོ་ཞེས་རྟོགས་པ་པོར་རློམ་པ་ཉིད་རྣམ་བར་དམིགས་པར་བྱ་བ་ལ་སོགས་པ་ཉེ་བར་ཞི་བའི་ཕྱིར་རྣམ་པ་ཐམས་ཅད་དུ་མི་དམིགས་པའི་ཚུལ་གྱིས་མཉམ་པ་ཉིད་དུ་སྦྱོར་བ་ནི་མཉམ་བ་ཉིད ་ཅེས་བྱའོ། མཉཾ་པ་ཉིད་ཀྱི་སྦྱོར་བ་ཡོངས་སུ་རྫོཌ་བར་བསྒོམS་བ་ལS་མཐོང་བའི་ལཾ་སྐྱེ་བའི་ཕྱིར་དེའི་སྐད་ཅིག་མའི་རྣམ་པར་དབྱེ་བ་གསུངས་པ། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ ་ཞེས་བྱ་བའོ། །སྡུག་བསྔལ་བ་དང། ཀུན་འབྱུང་པ་དང། འགོག་པ་དང་ལམ་གྱི་བདེན་པ་རྣམས་ལ་ཆོས་ཤེས་པའི་བཟོད་བ་དང། ཆོས་ཤེས་པ་དང། རྗེས་སུ་ཤེས་པའི་བཟོད་བ་དང། རྗེས་སུ་ཤེས་པ་སྟེ། དེ་ལྟར་བཟོད་བ་དང་ཤེས་བའི་སྐད་ཅིག་མ་རབ་ཏུ་དབྱེ་བ་སྐད་ཅིག ་བཅུ་དྲུག་གི་བདག་ཉིད་འདི་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཚུལ་ལུགས་ལ་མཐོང་བའི་ལམ་ཡིན་ནོ། །ཇི་ལྟར་ན་སྐད་ཅིག་མ་རྣམ་བ་བཅུ་དྲུག་ཡིན་པར་བརྟག་ཅན། དེའི་ཕྱིར་བདེན་བའི་རྣམ་པ་རྣམས་གསུངས་པ། གཟུགས་རྟག་མ་ཡིན་མི་རྟག་མིན། །མཛའ་?་ལས་འདས་དང་རྣམ་དག་? ་མ་སྐྱེས་མ་འགགས་ལ་སོགས་པ། །མཁའ་འདྲ་ཆགས་པ་སྤངས་པ་དང། །ཡོངས་སུ་འཛིན་ལས་གྲོལ་བ་དང། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང། །གང་གིས་འདི་དོན་བརྗོད་བ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང། །དམིགས་པ་མེད་པར་བྱེད་པ་དང། །ཤིན་ཏུ་རྣམ་དག་ནད་མི་འབྱུང།། ་ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་བ་སྐྱེ་བ་མེད་བ་ནི། །ཀུན་ཤེས་ཉིད་ཀྱིས་སྐད་ཅིག་མ། །ཞེS་བྱ་བའོ། འདི་ལྟ་བུའི་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་ལ་སོགས་པ་ལ་རྟག་པ་དང་མི ་རྟག་པ་དང་བྲལ་བས་རྟག་བ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང། སྡུག་བསྔལ་དང་སྡུག་བསྔལ་བ་མ་ཡིན་པ་དང་བྲལ་བ་ཉིད་ཀྱིས་རྟག་པ་དང་ཆད་བའི་མཛའ་དང་བྲལ་བ་དང། སྟོང་པ་དང་མི་སྟོང་པ་དང་བྲལ་བ་ཉིད་ཀྱིས་རྣམ་བར་དག་བ་དང། བདག་དང་བདག་མེད་པའི་ངོ་བོ་དང ་བྲལ་བ་ཉིད་ཀྱིས་མ་སྐྱེས་ཤིང་མ་འགགས་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་བ་ནི་བདེན་པ་དང་པོའི་རྣམ་པ་དག་ཡིན་ནོ། །དེ་བཞིན་དུ་རྒྱུ་དང་རྒྱུ་མ་ཡིན་པ་ཉིད་ཀྱིས་དབེན་པའི་ཕྱིར་ནམ་མཁའ་དང་འདྲ་བ་དང། ཀུན་འབྱུང་བ་དང་ཀུན་འབྱུང་བ་མེད་པ ་དང་མི་ལྡན་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་བ་དང། རབ་ཏུ་སྐྱེ་བ་དང་མ་སྐྱེས་པ་དང་མ་འབྲེལ་བས་ཡོངས་སུ་འཛིན་པ་ལས་གྲོལ་བ་དང། རྐྱེན་དང་རྐྱེན་མ་ཡིན་བ་ལས་རྣམ་པར་གྲོལ་བའི་ཕྱིར་རང་གི་ངོ་བོ་བརྗོད་དུ་མེད་པ་ཞེས་བྱ་བ་ནི་བདེན་པ་གཉིས ་པའི་རྣམ་བ་དག་ཡིན་ནོ། །དེ་གཞིན་དུ་འགོག་པ་དང་འགོག་བ་མེད་པ་དང་བྲལ་བས་དེའི་དོན་ཚིག་ཏུ་བརྗོད་པས་རྒྱུད་གཞན་ལ་སྦྱིན་ཏུ་མེད་བ་དང། ཞི་བ་དང་མ་ཞི་བ་མེད་པས་དམིགས་པ་མེད་བར་བྱེད་པ་དང། གྱོན་མ་བ་དང་གྱོན་མ་པ་མ་ཡིན་པ་དང་བྲལ་བས་མཛའ་གཉིས ་ལས་འདས་ཤིང་ཤིན་ཏུ་རྣམ་པར་དག་བ་དང། ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མེད་པས་དབེན་པས་དྲི་མའི་ནང་ཐམས་ཅད་མི་འབྱུངས་ཞེ་བྱ་བ་ནི་བདེན་པ་གསུམ་བའི་རྣམ་པ་དག་པ་ཡིན་ནོ། །ལམ་དང་ལམ་མ་ཡིན་པ་དང་བྲལ་བའི་ཕྱིར་ངན་སོང་ཆད་པ་དང་རིཌ ་དང་རིཌ་བ་མ་པ་མ་ཡིན་པ་དང་མ་འདྲེས་བས་འབྲས་བུ་མངོན་སུམ་དུ་བྱ་བའི་ཐབས་ལ་མི་རྟོག་བ་དང། སྒྲུབ་བ་དང་སྒྲུབ་པ་མ་ཡིན་པ་ལས་རྣམ་བར་གྲོལ་བས་ཆོས་ཐམས་ཅད་མཚན་མ་དག་དང་མ་འབྲེལ་བ་དང། དེས་བར་འབྱིན་པ་དང་ངེས་པར་འབྱིན་བ་མ་ཡིན་པ་མེད་པས་ན་བརྗོད ་པར་བྱ་བའི་ངོ་བོ་ཉིད་ཤེས་བྱ་དང་སྒྲ་གཉིས་ལ་ཤེས་པ་སྐྱེ་བ་མེད་བ་ཞེས་བྱ་བ་མེད་པ་ཞེས་བྱ་བ་བདེན་པ་བཞི་བའི་རྣམ་བདག་ཡིན་ཏེ་དེ་དག་ནི་ཀུན་ཤེས་བ་ཉིད་ཀྱི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་བ་སྟེ་རྣམ་བར་བཞག་པ་ཡིན་ནོ། ། ་འདིས?་ཀྱང་ཉན་ཐོས་ལ་སོགས་པས་ནི་དེ་དག་ལས་ཕྱོགས་གཅིག་གིས་བཟློག་བའི་རྣམ་པ་ཅན་དུ་དོན་གྱིས་བསྟན་བ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་ལམ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་བྱ་བ་ཡིན་གྱི་མངོན་དུ་བྱ་བ་ནི་མ་ཡིན་པས་འདིར་བསྒོམ ་བའི་ལམ་ནི་ལོགས་ཤིག་ཏུ་མ་བསྟན་ཏོ། །དེ་ལྟར་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཚན་ཉིད་སོ་སོར་གཏན་ལ་ཕབ་ནས། སྐབས་གསུམ་གྱི་མཇུག་བསྡུ་བ་གསུངས་པ། དེ་ལྟར་འདི་དང་ཡང་འདི་དང། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདིས་ནི་གནས ་སྐབས་གསུམ་པོ་དག་།རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་བྱ་བའོ། །དེ་བས་ན་གང་ཞིག་རྟོགས་པར་བྱ་བ་ཉིད་ཀྱི་བདག་ཉིད་ཀྱི་བདག་ཉིད་དག་བཀག་པ་བཞི་ཐམས་ཅད་ཤེས་པ་ཉིད་འདི་དང། ཆོས་ཐམས་ཅད་ལ་ཉེ་བར་གནས་པ་མེད་པའི་མཚན་ཉིད་ཅན་ལཾ་ཐམས་ཅད ་ཤེས་པ་ཉིད་འདི་དང། འགའ་ཡང་བྱེད་བ་མེད་བས་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད?་ག་སྟེ་དེ་ལྟར་ན་དངོས་པོ་རྣམ་པ་གསུམ་བཤད་པ་གཞུང་ལེའུ་གསུམ་གྱི་སྐབས་གསུམ་རྫོགས་བར་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་བར་རྟོགས་བའི་རྒྱན་གྱི་འབྲེལ་བ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་བའོ།། །།ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་འབྲས་བུ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པའི་རིམ ་བ་རྣམས་ཉམས་སུ་བླངས་པ་ཁོ་ན་ལ་རག་ལས་བསད་ནི་དེ་དག་དབང་དབྱེ་བ་ཉིད་ཀྱི་ཕྱིར་གཞི་དང་ལམ་དང་རྣམ་པ་མ་ལུས་བ་བསྡུ་བའི་སྒོ་ནས་ཅིག་ཅར་རྣམ་བར་བསྒོམ་བ་གང་ཡིན་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བཤད་པར་བཞེད་ནས་ཐོག་མར་དེའི་རྣམ་བ་གསུངས ་པ།?་གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་བ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་བ་གསུམ་དུ་འདོད། །ཅེས་བྱ་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་བའི་ཁྱད་བར་གྱིས་མི་རྟག་བ་ལ་སོགས་བ་དང་དེ་ལ་དམིགས་པ་ཉིད་ཀྱི་བྱེ་བྲག་རྣམ ་པ་ཉིད་དུ་རྣམ་པར་བཞག་པའི་མཚན་ཉིད་དེ། དེ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་རྣམ་པ་གསུམ་དུ་འདོད་དེ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བ་གསུངས་པ། མེད་པའི་རྣམ་པ་ནས་བཟུང་སྟེ། མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོལ ་བཞི་དང། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་བྱ་བའོ། །ཐེར་ཟུག་ཏུ་མེད་པའི་མཚན་ཉིད་མི་རྟག་བ། །དེ་ཁོ་ནར་མི་སྐྱེ་བའི་མཚན་ཉིད་སྡུག་བསྔལ་བ་དང། དོན་གཞན་གྱིས་དབེན་པའི་མཚན་ཉིད་སྟོང་པ་དང། ཕུང་བོའི་སྐྱོན་གྱིས་བརྫི?་པཱི་མཚན་ཉིད་བདག་མེད་པ་སྟེ་།སྡུག་བསྔལ ་ཕྱི་བདེན་བའི་རྣམ་བ་བཞི་དང། གཞིའི་གནས་མེད་པའི་མཚན་ཉིད་རྒྱུའི་རྣམ་བ་དང། བྱེད་བས་དབེན་པ་ནམ་མཁའ་མཚན་ཉིད་ཀུན་འབྱུང་བ་དང། རྟག་བ་ལ་སོགས་བས་བརྗོད་དུ་མེད་པའི་མཚན་ཉིད་རབ་ཏུ་སྐྱེ་བ་དང། ཚོར་བ་ལ་སོགས་པའི་མིང་མེད་པའི་མཚན་ཉིད་རྐྱེན་གྱི་རྣམ་བ་སྟེ ་ཀུན་འབྱུང་བའི་རྣམ་བ་བཞི་དང། ངོ་བོ་ཉིད་མ་གྲུབ་བས་འགྲོ་བ་མེད་བའི་མཚན་ཉིད་འགག་པ་དང། སྡུག་བསྔལ་བ་སྤངས་བ་ལས་མི་འགྲོགས་པའི་བདག་ཉིད་ཞི་བ་དང། དམན་པའི་ཉེས་པ་དང་བྲལ་བས་མི་ཟད་བའི་མཚན་ཉིད་གྱ་ནོམ་བ་དང། ཕན་པའི་གནས་སུ་བྱིན་པས་སྐྱེ་བ ་མེད་བའི་མཚན་ཉིད་ངེས་པར་འབྱུང་བ་སྟེ་འགོག་བའི་རྣམ་པ་བཞིའོ། །དེ་ལྟར་ན་བདེན་པ་རྣམ་པ་གསུམ་སོ་སོ་ལ་རབ་ཏུ་དབྱེ་བས་བཅུ་གཉིས་སོ། །ལམ་གྱི་བདེན་པ་ལ་ནི་ཁྱད་པར་གྱི་རབ་ཏུ་དབྱེ་བ་བཅོ་ལྔ་སྟེ། བདག་གིས་བྱེད་པ་པོ་མེད་པའི་མཚན་ཉིད ་ལམ་དང། ཉོན་མོངས་པ་ཅན་གྱིས་ཤེས་པ་པོ་མེད་པའི་མཚན་ཉིད་རིགས་པ་དང། ཕྱིན་ཅི་མ་ལོག་པས་འཕོ་བ་མེད་པའི་མཚན་ཉིད་སྒྲུབ་པ་དང། རྟག་པའི་གོ་འཕངས་འདུ་འབྲལ་མེད་པའི་མཚན་ཉིད་ངེས་པར་འབྱིན་པ་སྟེ་རྣམ་པ་བཞི་དང། སྨི་ལམ་ལྟར་རང་གི་ངོ་བོ ་ཉིད་མེད་བ་དང། སྒྲ་བརྙན་ལྟར་རྒྱུ་ལས་མ་སྐྱེས་པ་དང། མིག་ཡོར་ལྟར་རྐྱེན་གྱིས་མ་འགགས་པ་དང། སྨིག་རྒྱུ་ལྟར་དུས་གཟོད་མ་ནས་ཞི་བ་དང། སྒྱུ་མ་ལྟར་བདག་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་བར་རྟོགས་བའི་རྣམ་པ་ལྔ་དང། ཀུན་ནས་ཉོན་མོངས་པ ་རང་རྣམ་པར་བྱང་བའི་བདག་ཉིད་དོར་བ་དང་བླང་བར་བྱ་བའི་གཉེན་པོ་དེ་དག་མེད་པ་གཉིས་དང། ཉོན་མོངས་པའི་བག་ཆགས་དང་གཟུགས་ལ་སོགས་པའི་དབྱེ་བ་བདག་དང་ཆོས་སུ་འཛིན་པ་གཉེན་པོ་གོས་པ་མེད་བ་དང། སྤྲོས་པ་མེད་པ་གཉིས་དང། རང་གིས ་རྟོགས་པ་ཐོབ་པ་ལ་རོ་མྱང་བ་དང། གཞན་ལས་ཉམས་པར་རྟོག་པའི་གཉེན་པོ་འབྲས་བུའི་སྒོ་ཅན་གྱི་ཡོངས་སུ་འཛིན་པའི་གཉེན་པོ་རློམ་པ་མེད་པ་དང། མི་གཡོ་བའི་རྣམ་པ་གཉིས་ཏེ་དྲུག་གོ་།དེ་ལ་དང་པོ་བཞིན་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ ་ཡིན་ནོ། །དེའི་འོག་ཏུ་བཅུ་གཅིག་ནི་ཤེས་བྱའི་སྒྲིབ་པའི་གཉེན་བོ་སྟེ། གྲངས་བཞིན་དུ་བསྒོཾས་དང་མཐོང་བའི་ལམ་གྱི་བདག་ཉིད་ཟག་པ་དང་བཅས་པ་དང། ཅིག་ཤོས་ཀྱི་མཚན་ཉིད་ལྔ་དང་དྲུག་ཡིན་ཏེ། སྤྱིར་ན་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ ་རྩ་བདུན་ནོ། །དེའི་འོག་ཏུ་ལམ་ཤེས་པ་ཉིད་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་གསུངས་པ། རྒྱུ་དང་ལམ་དང་སྡུག་བསྔལ་དང། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་བྱ་བའོ། །སྤྱིར་སྡུག་བསྔལ་བསྐྱེད ་པའི་རྒྱུ་གང་ཡིན་པ་སྟེ། ཡུལ་ལ་འདུན་བ་དང། འདོད་ཆགས་དང། ཡུལ་ལ་དགའ་བས་མངོན་པར་སྲེད་པའི་གཉེན་པོ་འདོད་ཆགས་དང་བྲལ་བ་དང། མི་གནས་བ་དང། བཞི་བའི་རྣམ་བ་གསུམ་དང། སྡུག་བསྔལ་མ་ལུས་པ་ཀུན་འབྱུང་བ་ཉིད་གང་ཡིན་པ་སྟེ། འདོད་ཆཌ ་དང་ཞེ་སྡང་དང་གཏི་མུག་གི་གཉེན་པོ་དེ་དག་མེད་པ་གསུམ་དང། སྡུག་བསྔལ་དྲག་པོ་རབ་ཏུ་སྐྱེ་བ་གང་ཡིན་པ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པའི་གཉེན་པོ་ཉོན་མོངས་པ་མེད་པ་ཉིད་གཅིག་དང། སྡུག་བསྔལ་བརྒྱུད་མར་འབྱུང་བའི་རྐྱེན་གང་ཡིན་པ་སྟེ། སེམས ་ཅན་དུ་མངོན་པར་ཞེན་པའི་གཉེན་པོ་སེམས་ཅན་མེད་པའི་རྣམ་པ་ཉིད་གཅིག་སྟེ། དེ་ལྟར་རྣམ་པ་བརྒྱད་ནི་རྒྱུར་གྱུར་པའི་བདེན་བ་ཀུན་འབྱུང་བའི་རྣམ་པར་བསྒྲགས་སོ། །སེམས་ཅན་ཐམས་ཅད་གོ་སྐབས་འབྱེད་པའི་ལམ་ཚད་མེད་པ་དང། ཇི་ལྟར་གོ་སྐབས་འབྱེད་བའི་ལམ་མཛའ་ ་གཉིས་དང་མ་འབྲེལ་བ་དང། རིགས་པ་གང་ཡིན་པ་ཐ་མི་དད་པ་དང། ཇི་ལྟར་རིག་པ་མཆོག་ཏུ་འཛིན་པ་མེད་པ་དང། སྒྲུབ་པ་གང་ཡིན་པ་མཚན་མར་མི་རྟོག་པ་དང། ཇི་ལྟར་སྒྲུབ་པ་ཚད་མས་གཞལ་དུ་མེད་པ་དང་ངེས་པར་འབྱིན་པ་གང་ཡིན་པ་ཆགས་པ་མེད་པའི་རྣམ་པ་སྟེ། ་དེ་ལྟར་རྣམ་པ་བདུན་ནི་ལམ་གྱི་བདེན་པའི་རྣམ་བར་བསྒྲགས་སོ། །རབ་ཏུ་འཇིག་པ་ཉིད་ཀྱིས་མི་རྟག་པ་དང། ཉེ་བར་གནོད་པ་ཉིད་ཀྱིས་སྡུག་བསྔལ་པ་དག་གཞན་དུ་གྱུར་པའི་བྱེད་བ་པོ་མེད་བ་ཉིད་ཀྱིས་སྟོང་བ་དང། རང་ཉིད་དེའི་ངོ་བོ་ཉིད་མ་ཡིན་པ་ཉིད་ཀྱིས་བདག་མེད་པ་དང། སྤྱིར་འགའ་ ་ཡང་ཡོངས་སུ་གནས་པ་མེད་པ་ཉིད་ཀྱིས་མཚན་ཉིད་མེད་པའི་ངོ་བོ་སྟེ། དེ་ལྟར་རྣམ་པ་ལྔ་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པར་བསྒྲགས་སོ། །འགོག་པ་གང་ཡིན་པ་སྟེ། དེ་ནི་རང་བཞིན་དང་བློ་བུར་བའི་དྲི་མ་ལས་གྲོལ་བ་ཉིད་ཀྱིས་རང་གི་ངོ་བོ་ནང་དང་ཕྱི་དང་གཉིས་ཀའི་དངོས་པོ་དང ་བྲལ་བས་ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་དང། ཞི་བ་གང་ཡིན་པ་སྟེ། དེ་ནི་རྟག་བའི་བདག་ཏུ་ལྟ་བ་ཉེ་བར་སྤངས་པ་ཉིད་ཀྱིས་བདག་གིས་སྟོང་པ་དང། སྣོད་ཀྱི་འཇིག་རྟེན་དང་།མྱ་ངན་ལས་འདས་བའི་ལམ་དང། རྒྱུ་དང་རྐྱེན་ལས་བྱུང་བ་དང། རྒྱུ་དང་རྐྱེན ་ལས་བྱུང་བ་མ་ཡིན་བ་དང། རྟག་བ་དང་ཆད་བ་དང། འཁོར་བའི་སྔོན་དང་ཕྱི་མ་དང། རྟོགས་པའི་ཆོས་མ་སྤངས་པ་ལ་མངོན་པར་ཞེན་པ་དགག་པས་ངོ་བོ་ཉིད་སྟོང་པ་ཉིད་དང་།ཆེན་པོ་དང། དོན་དམ་པ་དང། འདུས་བྱས་དང། འདུས་མ་བྱས་དང་།མཛའ་ ་ལས་འདས་པ་དང། ཐོག་མ་དང་ཐ་མ་མེད་པ་དང། དོར་བ་མེད་བ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་བརྒྱད་དང། གྱ་ནོམ་པ་གང་ཡིན་པ་སྟེ། དེ་ནི་རྟོགས་པ་གཞན་ལས་ཕུལ་དུ་གྱུར་པ་ཉིད་ཀྱིས་ཀུན་ཏུ་བརྟགས་པའི་བྱེད་པ་པོ་དགག་བས་རང་གི་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་གཉིས ་དང་།ངེས་པར་འབྱུང་བ་གང་ཡིན་བ་སྟེ། དེ་ནི་ཐམས་ཅད་དུ་མི་གནས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བརྟགས་པ་བརྩམ་གྱི་ཡུལ་དང་མཚན་ཉིད་དང་དུས་སུ་འཁྲུལ་བའི་རྣམ་པ་རྣམས་དགག་པས་ཆོས་ཐམས་ཅད་དང། གཟུགས་སུ་རུང་བ་ལ་སོགས་པའི་རང་གི་མཚན ་ཉིད་དང། འདས་པ་ལ་སོགས་པ་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་བ་སྟེ། ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་གསུམ་དང། གང་དུ་ངེས་བར་འབྱུང་བའི་ངོ་བོ་ཉིད་དགའ་བས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། དེ་ལྟར་རྣམ་པ་བཅུ་དྲུག ་ནི་དགོག་པའི་བདེན་པའི་རྣམ་པར་བསྒྲགས་པའོ། །དེའི་ཕྱིར་ལམ་ཤེས་པ་ཉིད་ཀྱི་།རྣམ་པ་སུམ་ཅུ་རྩ་དྲུག་གོ་།དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་གསུངས་པ། དྲན་པ་ཉེར་བཞག་ནས་བཟུང་སྟེ། སངས་རྒྱས་རྣམ་པའི ་མཐར་ཐུག་རྣམS། །ལམ་གྱི་བདེན་བའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་བྱ་བའོ། །རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་རྣམ་བ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་ཕྱིར་དྲན་བ་ཉེ་བར་བཞག་བ་ནས་བཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པ་རྣམས་ནི་དེ་ཉིད་མངོན་པར་བསྒྲུབ་པའི་ལམ་ཡིན་པའི་སྒོ་ནས་དེའི་དབང་དུ་བྱས་ཏེ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ ་གསུམ་གྱི་བར་དུ་དབྱེ་བ་ཉན་ཐོས་ལ་སོགས་བ་ལ་རྣམ་པ་སུམ་ཅུ་རྩ་བདུན་དང། བྱང་ཆུབ་སེམས་དཔའ་རྣམས་ལ་སུམ་ཅུ་རྩ་བཞི་དང། སངས་རྒྱས་རྣམས་ལ་ཕུན་སུམ་རྩ་དགུར་བཞེད་དོ། །དེ་ལ་གཞི་ཐམས་ཅད་ཤེས་པའི་རྣམ་བ་རྣམས་གང་ཞེ་ན། དང་པོར་དངོས་པོ་ཡོངས་སུ ་རྟོག་བའི་ལམ་ལ་ལུས་ཀྱི་རང་བཞིན་ཤེས་བས་སྡུག་བསྔལ་གྱི་བདེན་བ་ལས་འཇུག་པ་ལུས་དྲན་པ་ཉེ་བར་བཞག་བ་དང། ཚོར་བ་དང་སེམས་དང་ཆོས་ཀྱི་རང་བཞིན་ཤེས་པས་ཀུན་འབྱུང་བ་དང་འགོག་པ་དང་ལམ་གྱི་བདེན་པ་ལ་འཇུག་པར་འགྱུར་བ་མཉམ་པར་བཞག ་བ་དང་ཅིག་ཤེས་ཀྱི་སྤྱི་དང་རང་གི་མཚན་ཉིད་ཡོངས་སུ་བརྟགས་བས་དྲན་བ་ཉེ་བར་བཞག་པའི་རྣམ་པ་བཞིའོ། །དེ་ལྟར་ཞུགས་པ་ལ་བརྩོན་འགྲུས་འབྱུང་བས་རྩོལ་བའི་ལམ་ལ་མི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག་ཡང་དག་པར་སེལ་ཅིང་སླར་མི་བསྐྱེད་པ་དང། ་དགེ་བའི་ཆོས་མ་སྐྱེས་པ་དང་སྐྱེས་པ་དག་བསྐྱེད་བ་དང་མངོན་པར་འཕེལ་བར་བྱེད་པའི་བརྩོན་འགྲུས་ཏེ། ཡང་དག་པའི་སྤོང་བ་རྣམ་པ་བཞིའོ། །བརྩོན་འགྲུས་དང་ལྡན་པས་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་གུས་པར་སྦྱོར་བ་ཉིད ་ཀྱི་རྒྱུར་གྱུར་པ་ཅན་བདུན་བ་དང། རྟག་པར་སྦྱོར་བ་ཉིད་ཀྱི་རྒྱུར་གྱུར་པ་ཅན་བརྩོན་འགྲུས་དང། སྔོན་གྱི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པ་ཅན་སེམས་དང། དེ་ཁོ་ན་ཉིད་རབ་ཏུ་འབྱེད་པའི་རྒྱུར་གྱུར་བ་ཅན་དཔྱོད་པའི་ཏིང་ངེ་འཛིན་ཏེ། གནས་ལ་སོགས་པ་བརྒྱད་ཀྱིས་ལེ་ལོ་ལ་སོཌ ་བའི་?་རྣམ་པ་ལྔ་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་རྣམ་པ་བཞིའོ། །ཡོངས་སུ་སྦྱངས་པ་ལ་སོགས་པ་བཞི་འབྱུང་བས་མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ལ་བདེན་བའི་ཆོས་ཉིད་རྣམས་ལ་ཡིད་ཆེས་པ་དང་བ་དག། དེ་ཉིད་མངོན་པར ་?་བརྩོན་འགྲུས་དང། རྣམ་པ་དེ་ཉིད་ཡོངས་སུ་མ་འབྱེད་པ་དྲན་པ་དང། ཤིན་ཏུ་རྩེ་གཅིག་པ་ཉིད་ཀྱི་ཏིང་ངེ་འཛིན་དང། བདེན་པའི་དེ་ཁོ་ན་ཉིད་རྣམ་པར་འབྱེད་བ་ཤེས་རབ་ཀྱི་དབང་པོ་སྟེ། ཀུན་ནས་ཉོན་མོངས་པ་དང་ཅིག་ཤོས་ཀྱི་བཟུང་བ་མེད་པ་ ་ཉིད་ཤེས་པས་དེ་ཁོ་ན་ཉིད་མཐོང་བ་ལ་ཉེ་བར་གྱུར་པ་དྲོ་བ་དང་རྩེ་མོར་གྱུར་པའི་ངོ་བོ་ཉིད་དབང་པོའི་རྣམ་པ་ལྔའོ། །དྲོ་བ་ལ་སོགས་པ་ཐོབ་པ་ལ་བཟོད་པ་ལ་སོགས་པ་འབྱུང་བས་མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་ལ་དད་པ་ལ་སོགས་པ་དེ་དང། ་ཉིད་ཚར་མཐུ་དང་ལྡན་པར་གྱུར་པས་རྫས་དང་བརྟགས་པའི་འཛིན་པ་མེད་པ་ཉིད་ཤེས་པས་ཟབ་མོའི་སྦྱོད་ཡུལ་དུ་གྱུར་པ་བཟོད་པ་དང་ཆོས་ཀྱི་མཆོག་ཏུ་གྱུར་པའི་ངོ་བོ་ཉིད་སྟོབས་ཀྱི་རྣམ་པ་ལྔའོ། །ངེས་པར་འབྱེད་པ་ལ་སྦྱོར་བ་རྣམ་པ་བཞི་རྟོགས་པས་ནི་བདེན་པའི་དེ ་ཁོ་ན་ཉིད་མཐོང་བར་འགྱུར་བས་མངོན་པར་རྟོགས་པའི་ལམ་ལ་མངོན་པར་རྟོགས་པ་སྔ་མ་མ་བརྗེད་པར་དྲན་པ་དང། དེ་ཁོ་ན་མངོན་དུ་གྱུར་བའི་ཆོས་རབ་ཏུ་རྣམ་པར་འབྱེད་བ་དང། གོང་མར་གྱུར་པའི་ཆོས་ལ་མངོན་པར་སྒྲོ་བ་བརྩོན་འགྲུས་དང། ཆོས་དང་སེམས་ཅན ་ལ་དམིགས་ནས་ཟག་པ་མེད་པའི་བདེན་པས་ཚིམ་བ་དགའ་བ་དང། ལུས་དང་སེམས་ལས་སུ་རུང་བ་ཉིད་ཤིན་ཏུ་སྦྱངས་པ་དང། རྩེ་གཅིག་པས་མཉམ་པར་གནས་པའི་ཏིང་ངེ་འཛིན་དང། དགོས་བ་བྱས་པའི་ཕྱིར་རྩོལ་བ་དང་བྲལ་བ་བཏང་སྙོམས་ཡང་དག་པ་སྟེ། ་གྲངས་བཞིན་དུ་གནས་པ་དང། །རང་བཞིན་དང། ངེས་པར་འབྱུང་བ་དང། ཕན་ཡོན་དང། གཞི་དང། ཉོན་མོངས་པ་མེད་པའི་གནས་དང། ངོ་བོ་ཉིད་ཀྱི་ཡན་ལག་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་བདུན་ནོ། །བདེན་པ་མཐོང་བ་ལས་བསྒོམ་པའི་ལམ་འབྱུང་བས ་རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་ལ་མཐོང་བའི་ལམ་གྱི་རྟོགས་པ་ལ་ཡང་དག་པར་གཅོད་པ་ཡང་དག་པའི་ལྟ་བ་དང། ལོག་བརྒྱད་སྤངས་པའི་མཚན་ཉིད་རྟོག་པ་དང། དམ་པའི་ཆོས་བསྙད་པ་དང་འབྲེལ་བའི་གཏམ་གྱིས་བདེན་ཞིང་སྟན་པར་སྨྲ་པ་དག་དང། ་ལུས་དང་ངག་དང་ཡིད་ཀྱིས་འཕགས་བའི་བྱ་བ་མ་ཡིན་པ་མི་བྱེད་པ་ལས་ཀྱི་མཐར?་དང། ཚུལ་ཆོས་ལ་སོགས་པ་ལོག་པར་འཚོ་བ་ལྔ་སྤངས་པ་འཚོ་བ་དང། གཉེན་པོར་གྱུར་པ་ཉིད་ཀྱིས་ཆོས་ལ་མངོན་པར་བརྩོན་པ་དང། གཉེན་པོ་དམིགས་པ་མ་བརྗེད་པ་དྲན་པ་དང། དམིགས་པ་ལ་རྩེ ་གཅིག་པར་ཉེ་བར་གནས་པའི་ཏིང་ངེ་འཛིན་ཏེ། གེ?་རིམ་ལྟར་ཡོངས་སུ་གཅོད་པར་བྱེད་པའི་ཡན་ལག་དང། གཞན་ལ་གོ་བར་བྱེད་པ་དང། ལྟ་བ་ལ་ཡིད་ཆེས་པ་དང། ཚུལ་ཁྲིམས་དང་ལྡན་པ་ལ་ཡིད་ཆེས་པ་དང། ཡོ?་བྱེད?་བསྙུངས་བ་ལ་ཡིད་ཆེས་པའི་ཡན་ལག་དང། ཏིང་ངེ་འཛིན་ལ ་དབང་དུ་མ་གྱུར་བའི་གཉེན་པོའི་ཡན་ལག་ཡིན་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྣམ་པ་བརྒྱད་དེ། དེའི་ཕྱིར་སློབ་མ་རྣམས་ཀྱི་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་རྣམ་པ་སུམ་ཅུ་རྩ་བདུན་དུ་བཞེད་དོ། །ལཾ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་རྣམས་གང ་ཞེ་ན། རེ་ཞིག་གཉེན་པོའི་ལམ་ལ་བདག་ཉིད་དང་བདག་གི་ལྟ་བའི་གཉེན་པོ་གཞན་དང་ངོ་བོར་གྱུར་པས་སྟོང་པ་དང་བདག་མེད་པའི་ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་དང་པོའི་རྣམ་པ་དང། དེའི་རྒྱུ་མཚན་མཚན་མར་དམིགས་པ་ཉིད་ཀྱི་གཉེན་པོ་འགོག་པ་དང་ལམ་གྱི་བདེན་པའི ་ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་གཉིས་པའི་རྣམ་པ་དང། ཁམས་གསུམ་མ་མ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་དོར་བ་དང་བླང་བར་བྱ་བར་སྨོན་པའི་གཉེན་པོར་མི་རྟག་པ་དང། སྡུག་བསྔལ་བ་གཉིས་དང། རྒྱུ་དང་ཀུན་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་གྱི་རྣམ་པ་བཞི ་སྟེ། སྡུག་བསྔལ་དང་ཀུན་འབྱུང་བའི་ངོ་བོ་ཉིད་རྣམ་པར་ཐར་པའི་སྒོ་གསུམ་པའི་རྣམ་པའོ། །སྤྲུལ་པའི་ལམ་ལ་ནང་རང་གི་ལུས་སྒྲ་དང་ཁ་སྤུ་ལ་སོགས་པའི་བར་དུ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པས་དེར་འདུ་ཤེས་ནས་ཕྱི་རོལ་གྱི་གཟུགས་ལ་རྣམ་པར་བལྟ་བ་སྟེ། ་ཆེན་པོ་དང་ཆུང་དུ་ལ་སོགས་པ་ལ་དེ་བས་ཆེས་ཆེན་པོ་དང་ཆུང་དུ་ལ་སོགས་པར་སྨོས་ཤིང་སྒོམ་པར་བྱེད་པ་དང། ནང་གཟུགས་གྱི་འདུ་ཤེས་པ་རྣམ་པར་བཤིག་པས་ནམ་མཁའ་ཨི་འདུ་ཤེས་སུ་བྱས་ནས་བསམ་གཏན་གྱི་སེམས་མངོན་དུ་བྱས་པ་ཉིད་ཀྱིས་ཕྱི་རོལ་གྱི་གཟུགས ་ལ་སྔ་མ་ལྟར་བསྒོམ་པ་སྟེ། སྤྲུལ་པ་ལ་རང་དབང་བར་བསྒྱུར་མི་ནུས་པའི་གཉེན་པོར་རྣམ་པར་ཐར་པ་གཉིས་དང། །གཟུགས་སྡུག་པ་དང་མི་སྡུག་པ་ལ་སྤྲུལ་པ་མངོན་པར་བརྩོན་པར་འདོད་པ་དང་མི་འདོད་པ་འབད་པ་དང་མི་འབད་བ་ཀུན་ནས་ཉོན་མོངས་པའི་གཉེན་པོར ་སྡུག་པའི་རྣམ་པར་ཐར་པའི་སྒོ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་སྟེ། ཕན་ཚུན་བལྟོས་པ་དང། རྗེས་སུ་ཞུགས་པ་དང། རོ་གཅིག་པའི་འདུ་ཤེས་བསྒོམ་པ་སྟེ། སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པའི་གཉེན་པོ་རྣམ ་པར་ཐར་པ་གཅིག་གོ་།མཐོང་པའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་འདི་ལྟར་ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ནམ་མཁའ་མཛའ་ཡས་པ་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞི་དང། ཞི་བར་གནས་པའི་ལམ་གྱི་རང ་བཞིན་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པ་གཅིག་གོ་།དེ་ལྟར་རྣམ་པར་ཐར་བ་བརྒྱད་ཀྱི་རྣམ་པ་ནི་སྤྲུལ་པ་དང་བདེ་བར་གནས་པའི་ལམ་གཉིས་ཀྱི་བསྡུས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ལ་མཐོང་བ་དང་བསྒོམ་པའི་ལམ་གྱི་རྟེན་གྱི་ངོ་བོ་ཉིད་ཀྱིས ་བསམ་གཏན་དང་པོ་ལ་སོགས་པ་བཞི་དང། བསྒོམ་པའི་ལམ་གྱི་རྟེན་ཉིད་ཀྱིས་ནམ་མཁའ་མཛའ་ཡས་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། འདས་པའི་སེམས་ཉིད་ཀྱིས་འཇུག་ཅིང་ལངས་ནས་མངོན་དུ་བྱེད་པ་ཉིད་ཀྱིས་མངོན་པར་སྒྲུབ་པའི ་འབྲས་བུ་འགོག་པའི་སྙོམས་པར་འཇུག་པ་དག་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམ་པ་དགུའོ། །སྤོང་པའི་ལམ་ལ་ཉན་ཐོས་ལ་སོགས་པ་དང། ཐུན་མོང་མ་ཡིན་པ་ཡོངས་སུ་སྒྲིབ་པ་རྣམ་པར་སེལ་བ་ཉིད་ཀྱི་བར་ཆད་མེད་པའི་ལམ་གྱི་རྣམ་པར ་འགྱུར་བ་བདེན་པ་བཞིའི་ཆོས་ཤེས་པ་ཉིད་ཀྱི་བཟོད་པས་རབ་ཏུ་བསྡུས་པ་རྣམ་པ་བཞིའོ། །སངས་རྒྱས་ཉིད་ཀྱི་ལམ་ལ་གཞན་ལ་མ་འདྲེས་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་རྣམ་པ་བཅུ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས ་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བཞིར་བཞེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་རྣམས་གང་ཞེ་ན། ཕན་པ་དང་བདེ་བ་ཉིད་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པ་དང། ཉེས་པ་དང་ལེགས་པར་སྤྱད་པའི་འབྲས་བུ་ལས་ཀྱི་རྣམ་པར་སྨིན་པ ་མཁྱེན་པ་དང། ལམ་དང་འབྲས་བུ་སོ་སོ་ལ་མོས་པ་སྣ་ཚོགས་པ་མཁྱེན་པ་དང། ཞིང་ཡོངས་སུ་དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་དུ་མ་མཁྱེན་པ་དང། ཐེག་པ་ཆེན་པོ་དང་ཆེན་པོ་མ་ཡིན་པ་ལ་ཡིད་ཆེས་པའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང། ངེས ་པར་འབྱུང་བ་མ་ཡིན་པ་དང་ཡིན་པའི་འབྲས་བུ་ཐམས་ཅད་དུ་འགྲོ་པཱི་ལཾ་མཁྱེན་པ་དང། སྲེད་པ་དང་ལྡན་པ་ལ་སོགས་པ་ཤས་ཆེ་བས་བསམ་གཏན་པ་སོགས་པ་ཀུན་ནས་ཉོན་མོངས་པ་དང་གནས་པ་དང་ཁྱད་པར་གྱིས་བསམ་གཏན་ལ་སོགས་པ་རྣམ་པར་བྱད་པ་མཁྱེན ་པ་དང། སེམས་ཅན་རྣམས་ཀྱིས་གནས་ལ་སོགས་པ་སྔོན་གྱི་གནས་རྗེས་སུ་མཁྱེན་པ་དང། ལུས་ཅན་རྣམས་ཀྱི་ད་ལྟར་དང་མ་འོངས་པའི་འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང། ཉན་ཐོས་ནས་སངས་རྒྱས་ཀྱི་བར་དུ་ཕྱོགས་གཅིག་ནས་མཛའ་དག་གི་ཐག་པ་ཟད་པ ་མཁྱེན་པའི་སྟོབས་ཏེ། སེམས་ཅན་རྣམས་ལ་བསླུ་བའི་བདུད་འཇོམས་པར་བྱེད་པའི་སྟོབས་རྣམ་པ་བཅུའོ། །དང་ནི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་ཡེ་ཤེས་ཞལ་གྱིས་འཆེས་པ་དང། འདོད་ཆགས་ལ་སོགས་པ་ཟག་པ་ཇི་སྙེད་པ་ཐཾས་ཅད ་རབ་ཏུ་ཟད་དོ་ཞེས་སྤངས་པ་ཉིད་དང། གཞན་ལ་འདོད་ཆགས་ལ་སོགས་པ་འདི་དག་གིས་ཐེག་པ་གསུམ་གྱི་བར་དུ་གཅོད་པའོ་ཞེས་གེགས་ལུང་འབོགས་པ་ཉིད་དང། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ལམ་འཁོར་བ་དང་ཐེག་པ་དམན་པ་ལས་ངེས་པར་འབྱུང་པ་རྗེས ་སུ་སྟོན་པར་མཛད་པ་ལ་ལྷ་དང་བདུད?་ལ་སོགས་པའི་རྒོལ་བ་པོས་བག་ཚ་བ་མེད་པ་སྟེ། གཞན་མུ་སྟེགས་པ་ལ་སོགས་པས་བརྫི་བར་མི་ནུས་པའི་ཕྱིར་མི་འཇིགས་པའི་རྣམ་པ་བཞིའོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་རྣཾས་ལ་རྣཾ་གྲངས་སོ ་སོ་ཡང་དག་པར་རིག་པ་དང། དེ་དག་གི་སྤྱི་དང་རང་གི་མཚན་ཉིད་ལ་དོན་སོ་སོ་ཡང་དག་པར་རིག་པ་དང། ལྷ་དང་ཀླུ་ལ་སོགས་པའི་སྐད་ལ་ངེས་པའི་ཚིགས་སོ་སོར་རིག་པ་དང་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བའི་ཡུལ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དམ་པའི་ཆོས་ལེགས ་པར་སྟོན་པ་ཉིད་ཀྱི་ཕྱིར་སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞིའོ། །སྐུ་རྣམ་པར་འཁྲུལ་པ་མི་མདའ་བ་དང། གསུང་ཅ་ཅོ?་དང?། ཐུགས་དྲན་པ་ཉམས་པ་དང། གནས་སྐབས་མཉམ་པར་མ་བཞག་པ་དང། འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པ་ཉིད ་ཀྱི་འདུ་ཤེས་དང། འདུལ་བར་བྱ་བསྣོད་དུ་རུང་བ་དང་མི་རུང་བ་སོ་སོར་མ་རྟཌ་པའི་བཏང་སྙོམས་མི་མངའ་བ་སྟེ་བྲལ་བའི་རྣམ་པ་དྲུག་དང། དབང་པོ་ཉིད་དུ་བརྗོད་པ་བདག་ཉིད་འདུན་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་དང། ཤེས་བྱའི་སྒྲིབ་པ་ལས་དབེན ་པར་གྱུར་པས་རྣམ་པར་གྲོལ་བ་ལས་ཡོངས་སུ་ཉམས་པ་མི་མངའ་བ་སྟེ་མི་ཉམས་པའི་རྣམ་པ་དྲུག་དང་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང། འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བ་ལམ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་གཟིཌ ་པ་འཇུག་པ་སྟེ། གྲངས་ཇི་ལྟ་བར་དྲུག་ཚན་རེ་རེས་སྤྱོད་པ་དང་ཐོབ་པ་དང་ཕྲིན་ལས་ཤིན་ཏུ་ཕུལ་དུ་གྱུར་བ་གཞན་ལས་ཐུན་མོར?་མ་ཡིན་པ་བརྙེས་བའི་ཕྱིར་སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་རྣམ་པ་བཅོ་བརྒྱད་དང། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཤད་ཅིང་འགྱུར་བ་མེད་པའི ་དེ་བཞིན་ཉིད་དང། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རང་བྱུང་བ་དང། རྣམ་པ་ཐམས་ཅད་མངོན་པར་རྫོགས་པའི་བྱང་ཆུབ་པའི་མཚན་ཉིད་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ། རྣམ་པ་ཐམས་ཅད་བླ་ན་མེད་པའི་རྣམ་པ་གསུམ་མོ། །དེའི་ཕྱིར་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི་སུམ་ཅུ་རྩ་དགུར་བཞེད་དེ། མདོར་སྡུས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཡིན་ནོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་ནི་གོ་རིམ་ལྟར་ཉན་ཐོས་ལ་སོགས་པ་ཉོན་མོངས་པ་མེད་པས་ཞི་བ་ཁོ་ནའི་དོན་དུ་བཞུགས་པ་དང། བྱང་ཆུབ་སེམས ་དཔའ་ཉོན་མོངས་པ་ཤིན་ཏུ་སྤངས་པ་མ་ཡིན་པས་སེམས་ཅན་གྱི་དོན་འཚོལ་བ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མ་ལུས་པ་སྤངས་པས་མཛད་པ་ལྷན་གྱིS་གྲུབ་བར་སྤྱོད་པའི་ཕྱིར་ཟག་པ་མེད་པ་དང། ཡོད་པ་དང་མེད་པ་གཉིས་ཀ་དང་ཤིན་ཏུ་ཟག་པ་མེད་པ་ཡིན་པར་ཤེས ་པར་བྱའོ། །དེའི་རྗེས་ལ་རྣམ་པ་དེ་དག་སྒོམ་པར་བྱེད་པའི་སྦྱོར་བ་བསྟན་པའི་ཕྱིར་སྔོན་དུ་སྦྱོར་བ་པོའི་སྣོད་གསུངས་པ། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་ཤེས་ཀྱི་མགོན་བཅས་པ། །འདི་མཉམ་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་བརྟེན་དང་ཀུན ་འདྲི་དང། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བྱ་བའོ། །སྔོན་དང་ད་ལྟ་བྱུང་བའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་པ་དང། དེ་དག་ལ་སེམས་བསྐྱེད་པ་ལ་སོགས་པས་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་དང ་གནས་སྐབས་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དག་གིས་རྗེས་སུ་བཟུང་བ་རྣམས་ནི་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་འདིའི་གཞུང་མཉན་པའི་སྣོད་དུ་རུང་བ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ལ་ལུས་ལ་སོགས་པའི་ཞབས་འབྲིང་གིས་མཉེས་པར་བྱས་པ་དང། ཐེ་ཚོམ་གྱི་གནས་ཐམས ་ཅད་ལེགས་པར་དྲིས་པ་དང། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་རབ་ཏུ་སྒྲུབ་པ་དག་གོ་རིམ་ལྟར་འདིའི་ཚིག་འཛིན་པ་དང། དོན་མི་བརྗེད་པ་དང། མཚན་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་བའི་སྣོད་དུ་རུང་བ་ཉིད་ཡིན་པ་སངས་རྒྱས་ལ་སོགས་པ་བཞེད་དོ། །དེའི་འོག་ཏུ ་སྤྱོད་པ་དངོས་གསུངས་པ། གཟུགས་ལ་སོགས་པ་མི་གནས་ཕྱིར། །དེ་ལ་སྤྱོད་པ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིད?་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང། །ཆོགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང ་ངེས་འབྱུང་བར་ཆད་མེད་བཅས་དང་།བྱང་ཆུབ་ཉེ་དང་མྱུར་བ་དང། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང། །གཟུགས་སོགས་དེ་ཡི་མཚན་མ་དང། །དེ་ཡི་ངོ་བོར་རྣམ་མི་རྟོག། འབྲས་བུ་རིན ་ཆེན་སྦྱིན་བྱེད་དང། །དེ་ནི་དག་པ་མཚམས་དང་བཅས། །ཞེས་བྱ་བའོ། །གཟུགས་ལ་སོགས་པ་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་མི་གནས་པ་དང། དེ་དག་ལ་མི་སྦྱོར་བ་ཉིད་ཀྱང་མི་དམིགས་པ་དང། གཟུགས་ལ་སོགས་པ་དེ་དག་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཟབ་པ་དང། རྟོགས ་པར་དཀའ་བ་ཉིད་ཀྱིས་གཏིང་དཔག་དཀའ་བ་དང། དེ་དག་གི་མཛའ་མི་རྙེད་པ་ཉིད་ཀྱིས་ཚད་མེད་པ་ཞེས་བྱ་བ་རང་བཞིན་གྱི་དབྱེ་བ་རྣམ་པ་ལྔ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྲག་པའི་ཕྱིར་རབ་ཏུ་ཆོགས་ཆེན་པོས་ཡུན་རིང་མོ་ཞིག་ན་འཚང་རྒྱ ་བ་དང། མི་སྐྲག་པའི་ཕྱིར་ཕྱིར་མི་ལྡོག་པར་ལུང་བསྟན་པར་ཉེ་བ་དང། ཕ་རོལ་ཏུ་ཕྱིན་པ་དེའི་ཆོས་སྤྱོད་པ་ཡང་དག་པར་འཛིན་པའི་ཕྱིར་མི་ལྡོག་པ་དང། ཐེག་པ་དམན་པ་ཡིད་ལ་བྱེད་པའི་བར་ཆད་ཀྱི་ཆོས་སྤོང་བའི་ཕྱིར་ངེས་པར་འབྱུང་བ་དང། རྟག་ཏུ་དེ་ཁོན་ཉིད་ཀྱི་ཆོས་བསྒོ ་བའི་ཕྱིར་བར་ཆད་མེད་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་གསེར་གྱི་རྟེན་དུ་གྱུར་བའི་ཕྱིར་བྱང་ཆུབ་དང་ཉེ་བ་དང། འབྲས་བུ་ཆོས་ཀྱི་སྐུ་མངོན་པར་འགྲུབ་པའི་ཕྱིར་བྱང་ཆུབ་མྱུར་བ་དང། ཆོས་ཀྱི་འཁོར་ལོ་རྣམ་པ་དུ་མར་རབ་ཏུ་སྐོར་བར་བྱེད་པའི་ཕྱིར་གཞན ་གྱི་དོན་དང། ཆོས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོས་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་འཕེལ་བ་དང་འགྲིབ་པ་མེད་པ་དང། འདོད་པའི་ཁམས་སུ་ཉེ་བར་མི་དམིགས་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་མི་མཐོང་བ་དང། ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱིས་གཟུགས་ལ་སོགས་པ ་བསམ་གྱིས་མི་ཁྱབ་པ་ནི་དོན་དམ་པར་དེ་ལྟར་རློམ་པ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པ་དང། གཟུགས་ལ་སོགས་པ་དང་དེའི་མཚན་མ་དང་དེའི་ངོ་བོ་ཉིད་གསུམ་དུ་རྣམ་པར་མི་རྟོག་པའི་ཕྱིར་དེའི་ངོ་བོར་རྣམ་པར་མི་རྟོག་པ་དང། འབྲས ་བུ་དང་པོ་ལ་སོགས་པ་མངོན་པར་མཐོང་བ་ཉིད་དུ་བྱེད་པའི་ཕྱིར་འབྲས་བུ་རིན་པོ་ཆེ་སྦྱིན་པ་དང། གཟུགས་ལ་སོགས་པའི་ཆོས་ཉིད་དག་པ་རྣམ་པ་གཉིས་བསྒོམ་པའི་ཕྱིར་རྣམ་པར་དག་པ་དང། ལོ་དང་ཟླ་བ་ལ་སོགས་པ་ཁྱད་པར་གྱི་དུས་བཟུང་བས་མངོན་བར་བརྩོན ་པའི་ཕྱིར་ས་མཚམས་དང་བཅས་ཏེ་སྦྱོར་བ་ཞེས་བྱ་བ་གནས་སྐབས་ཀྱི་དབྱེ་བས་བཅོ་ལྔ་སྟེ་སྦྱོར་བ་ནི་རྣམ་པ་ཉི་ཤུའོ། །དེ་ནས་སྦྱོར་བ་དེ་དག་རྣམ་པར་བསྒོམ་པའི་ཕན་ཡོན་གསུངས་པ། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་བྱ་བའོ ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པས་བདུད་ཀྱི་མཐུ་བཅོམ་པ་དང། སངས་རྒྱས་ཐམས་ཅད་ཡོངས་སུ་མཉེས་པས་དགོངས་ཤིང་མཁྱེན་པ་དང། གཅེས་སྤྲས་སུ་བྱེད་པས་མངོན་སུམ་དུ་མཛད་པ་དང། རྒྱུ་ཡོངས་སུ་འཛིན་པས་ཡང་དག་པར་རྫོགས་པའི ་བྱང་ཆུབ་དང་ཉེ་བར་གྱུར་པ་དང། ནམ་ཡང་ངན་སོང་དུ་མི་ལྟུང་ཞིང་སངས་རྒྱས་དང་མི་འབྲལ་བས་དོན་ཆེན་པོ་ཉིད་ལ་སོགས་པ་དང། ལྷོ་ཕྱོགས་བར་ཏ་ནི་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་བ་ལ་སོགས་པས་བྱ་བ་བྱེད་པ་དང། སངས་རྒྱས་མང་པོ་ལ་རབ་ཏུ་ཞུས་པས ་ཟག་བ་མེད་པའི་ཡོན་ཏན་རྫོགས་པ་དང། བདག་ལ་སྟོན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་མཛད་པས་སྨྲ་བའི་སྐྱེས་བུར་འགྱུར་བ་དང། བདུད་གྱིས་བྱང་ཆུབ་ལས་ཕྱིར་ཟློག་པར་མི་ནུས་པས་མི་ཕྱེད་པ་དང། བདག་ཉིད་ཐེག་པ་ཆེན་པོའི་སྦྱོར་བ ་རྣམས་ལ་དགའ་བ་ཆེར་འཕེལ་ཞིང་གཞན་དེ་ཉིད་ལ་འགོད་པར་འགྱུར་བས་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་བ་དང། སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་བ་མཛད་པས་དམ་བཅའ་བ་ཇི་ལྟ་བ་བཞིན་བསྒྲུབ་པ་དང། ཆོས་རྒྱ་ཆེན་པོ་ལ་མོས་ཤིང་སྤྱོད་པ་རླབས་པོ་ཆེ ་མང་དག་བར་སྤྱད་པས་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་དང། དེ་བས་རླབས་ཆེན་པོའི་སྤྱོད་པས་གཞན་གྱི་དགོས་པ་རྗེས་སུ་བསྒྲུབ་པས་སེམས་ཅན་གྱི་དོན་བསྒྲུབ་པ་དང། བདག་དང་གཞན་གྱི་དོན་དུ་བརྩོན་བ?་མི?་གཏོང་བས་འདི་འཚོལ་བ་ན་འདི་དང་གཞན་པའི་མདོ་སྡེ ་འདི་ལྟ་བུ་ཡང་རྙེད་པར་འགྱུར་བ་སྟེ། ཕྱིན་ཅི་མ་ལོག་པའི་སྦྱོར་བ་ལ་མངོན་པར་དགའ་བས་འཐོབ་པ་ཡོན་ཏན་རྣམ་པ་བཅུ་བཞིའོ། །དེ་ནས་སྦྱོར་བ་དེ་དག་ཕུན་སུམ་ཚོགས་པར་བསྒྲུབ?་བར་བྱ་བའི་ཕྱིར་སྐྱོན་ཤེས་དགོས་པས་བར་ཆད་དུ་འགྱུར་བའི་གནས་རྣམས་གསུངས་པ་། ་སྐྱོན་ནི་བཅུ་ཚན་བཞིར་བཅས་དང། །དྲུག་ཏུ་ངེས་པར་རྟོགས་བར་བྱ། །ཞེས་བྱ་བའོ། །སྐྱོ་ཞིང་བར་ཆད་དུ་འགྱུར་བའི་རྒྱུ་!སྤོབས་པ་ཧ་ཅང་ཐོགས་པ་དང། ཡང་དག་པ་མ་ཡིན་པའི་རྟོགས་པ་མྱུར་དུ་སྐྱེ་བས་རློམ་པའི་རྒྱུན་ཅང་མྱུར་བ་སྟེ། སྤོབས་པ་དང་འབྲེལ་བ་གཉིས་དང། གཡལ ་བ་དང་སྟེགས་པ་ལ་སོགས་པ་ལུས་ཀྱི་གནས་ངན་ལེན་དང། འདོད་ཆགས་ལ་སོགས་པ་སེམས་ཀྱི་གནས་ངན་ལེན་དང། གླལ་བ་ལ་སོགས་པ་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་དོན་བྱེད་པ་ལ་སོགས་པ་དག་གི་གནས་ངན་ལེན་དང་འབྲེལ་བ ་གསུམ་དང། ལུང་མ་བསྟན་པ་དང་འདིའི་གཏིང་མི་རྙེད་པས་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་དང། ཉན་ཐོས་ཀྱི་སྡེ་སྣོད་འཆོལ་བས་རྒྱུ་ལ་མངོན་པར་ཞེན་པས་ཉམས་པ་དང། དམན་པའི་རོ་ལ་ཆགས་བ་གྱ་ནོམ་པའི་རོ་མྱང་བས་ཉམས་པ་དང། ཉན་ཐོས་ལ་སོགས་པའི ་སྡེ་སྣོད་ལ་མཆོག་ཏུ་འཛིན་པས་ཐེག་པའི་མཆོག་ཀུན་ཏུ་འཛིན་པ་ལས་ཉམས་པ་དང། ཆེད་དུ་བྱ་བ་རིན་པོ་ཆེའི་འབྱུང་གནས་མ་ཡིན་པ་ལ་ཡིན་པར་འཛིན་པས་རྟགས་སུ་ཆེད་དུ་བྱ་བ་དག་གོ་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་བས་ཐེག་པ ་དམན་པ་ལ་སློབ་པ་རྒྱུ་དང་འབྲས་བུ་འབྲེལ་པ་ཉམས་པ་དང། དམན་པའི་ཡོན་ཏན་གྱི་གཞིར་གྱུར་པའི་སྡེ་སྣོད་ལེན་པ་གོང་ན་མེད་པ་ལས་ཉམས་པ་སྟེ། ཐེག་པ་ཆེན་པོ་ལས་ཉམས་པའི་རྒྱུ་དང་འབྲེལ་བ་དང། མདོ་སྡེ་གཞན་ལ་སྤྱོད་པའི་ཡིད་ལ་བྱེད་པ་འབྱུང་བས་ཡུལ་མང ་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་དང། ཡི་གེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུ་ཤེས་པས་ཡི་གེ་འདྲི་བ་ལ་མངོན་པར་ཞེན་པ་དང། མེད་པའི་མཚན་མར་དམིགས་པ་དངོས་པོ་མེད་པ་ལས་མངོན་པར་ཞེན་པ་དང། ཡི་གེར་འདྲི་བའི་གཞུང་ཡུམ་དུ་ཤེས་པ་ཡི་གེ་ལ ་མངོན་པར་ཞེན་པ་དང། ཡི་གེ་མ་ཡིན་པ་ཡུམ་དུ་འདུ་ཤེས་པ་ཡི་གེ་མེད་པ་ལ་མངོན་པར་ཞེན་པ་དང། སྣ་ཚོགས་པའི་འདུ་ཤེས་ཀྱིས་གཡེང་བ་དང་ཡུལ་དང་གྲོང་ཁྱེར་ལ་སོགས་པ་ཡིད་ལ་བྱེད་པ་དང། འཇིག་རྟེན་གྱི་དགའ་བ་ཉམས་སུ་ལེན་པ་རྙེད་པ་དང་བཀུར་སྟི་དང ་ཚིགས་སུ་བཅད་པའི་རོ་མྱང་བ་དང། བདུད་ཀྱིས་བསྟན་པའི་སྡེ་སྣོད་ལས་ཐབས་མཁས་པ་འཚོལ་བ་ལམ་མ་ཡིན་པས་ལམ་འཚོལ་བ་བཞེས་བྱ་བ་དག་སྟེ་རྣམ་པར་གཡེང་བའི་རྒྱུ་དང་འབྲེལ་བ་བརྒྱད་དོ། །དེའི་སྦྱོར་བ་ལ་མངོན་པར་བརྩོན་པ་དང་མི་བརྩོན་པ་བདུན་པ་དང ་སྙོམ་ལས་ཀྱིས་ཉམས་པ་དང། འདིར་གནས་པ་དང་གཞན་དུ་འགྲོ་བར་འདོད་པས་འདུན་པའི་ཡུལ་ཐ་དད་པས་ཉམས་པ་དང། ཆོས་དང་ཟང་ཟིང་ལྷུར་ལེན་པ་དང་འདོད་ཆེན་ཆུང་བ་དང་ཆུང་བ་མ་ཡིན་པ་དང། དགོན་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་དད་པ་དང་དེ་མ་ཡིན་པ་ལ་སོགས་པ་དགེ་བ་དང་མི་དགེ་བ་མ་ཡིན་པའི་ཆོས་ཉིད་དང། རང་གི་དང་གིས་བྱེད་པས་གཏོང་བ་དང་སེར་སྣ་ཅན་དུ་འགྱུར་བ་དང། རང་གི་གནས་སྐབས་ཀྱི་བྱེད་པས་སྦྱིན་པ་དང་མི་ལེན་པ་དང། དབང ་པོའི་ཁྱད་པར་མགོ་སྨོས་པ་དང་རྣམ་པར་སྤྲོས་པས་གོ་བ་དང། རྒྱ་ཆེན་པོ་དང་ཅིག་ཤོས་ཀྱི་དབང་གིས་མདོ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང་མི་ཤེས་པ་དང། སྤྱོད་པ་དང་ངང་ཚུལ་གྱི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་དག་གོ་། ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐབས་དང་ཐབས་མ་ཡིན་པ་ལ་མཁས་པ་དང། ཚིག་ལ་སོགས་པའི་བཟུངས་ཐོབ་པ་དང་མ་ཐོབ་པ་དང། གླེགས་བམ་དུ་བྱ་བའི་ཕྱིར་ཡི་གེ་འདྲི་བར་འདོད་པ་དང་མི་འདོད་པ་དང། འདོད་པའི་འདུན་པ་ལ་སོགས་པ་དང ་བྲལ་བ་དང་མ་བྲལ་བ་ཉིད་ཅེས་བྱ་བ་ཉན་པ་པོ་དང་འཆད་པ་པོ་གང་ཡང་རུང་བ་དང་འབྲེལ་བ་ཅུ་བཞི་དང། ངན་འགྲོའི་བསྔགས་བ་མ་ཡིན་པ་བརྗོད་པས་ངན་སོང་གི་དོན་ལས་ཕྱིར་ཕྱོགས་པ་དང། མཐོ་རིས་ཀྱི་ཡོན་ཏན་བརྗོད་པས་ངེས་པར་འབྱུང་བ་མ་ཡིན ་པ་བདེ་འགྲོ་བས་ཡིད་བདེ་བ་ཞེས་བྱ་བ་རང་དང་འབྲེལ་བ་གཉིས་དང། དང་ཚུལ་དང་གནས་སྐབས་ཀྱིས་གཅིག་བུ་དང་འཁོར་ལ་མངོན་པར་དགའ་བ་དང། འཆད་པར་ཁས་མི་ལེན་པ་འམ་བླངས་ཀྱང་གོ་སྐབས་མི་འབྱེད་ཅིང་ཉན་པ་པོ་ལ་སོགས་པར་རྗེས་སུ་འགྲེལ་བར་འདོད ་པ་དང། མངོན་པར་ཆགས?་པའི་སྒོ་ནས་ཟང་ཟིང་ཅུང་ཟད་སྦྱིན་པར་འདོད་པ་དང་མི་འདོད་པ་དང། རྐྱེན་གྱི་བྱེ་བྲག་གིས་སྲོག་གི་བར་ཆད་དུ་འགྱུར་བ་དང་མི་འགྱུར་བའི་ཕྱོགས་སུ་འགྲོ་བ་ཞེས་བྱ་བ་དག་གོ་།དེ་བཞིན་དུ་མུ་ཀེ་བྱུང་བའི་ཕྱོགས་དང་ཆོམ་རྐུན་ལ་སོགས་བས་དཀྲུཌ ་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ཞེས་བྱ་བ་གཉིས་ཏེ། གཉིས་ཀ་དང་འབྲེལ་བ་དྲུག་སྟེ། སློབ་དཔོན་ཉིད་དང་འགྲེལ་བ་རྙེད་པ་ལ་ཆགས་པ་ལ་སོགས་པའི་རྒྱུ་མཚན་གྱིས་བྱམས་པ་བྱེད་བའི་ཁྱིམ་བ་ལྟ་བས་ཡིད་མི་བདེ་བ་ཞེས་བྱ་བ་གཅིག་དང། བདུད ་ཀྱིས་འདི་ཡིན་གྱི་དེ་ནི་མ་ཡིན་ནོ་ཞེས་བརྗོད་བས་བཟློག་པ་ཉིད་ཀྱིས་འབྱེད་བའི་སྦྱོར་བ་དང། སྦྱིན་པ་ལ་སོགས་པའི་གཟུགས་བརྙན་བསྟན་པས་བྲལ་བར་བྱེད་བ་བཅོས་མ་ཉེ་བར་སྒྲུབ་པ་དང། བཅོས་པའི་འཚང་རྒྱ་བ་དང་བྱང་ཆུབ་སེམས་དཔའ་སྤྲུལ་ཏེ་ཡུལ་ཇི་ལྟ་བ་བཞིན ་མ་ཡིན་པ་ལ་དགའ་བ་བསྐྱེད་པ་ཞེས་བྱ་བ་ལོག་པར་འཁྲིད་པ་ཉིད་ཀྱི་རྣམ་པ་གསུམ་སྟེ། དེ་ལྟར་བཞི་བཅུ་རྩ་དྲུག་གོ་།དེ་ལྟར་ཡོན་ཏན་དང་བླང་བ་དང་དོར་བས་སྦྱོར་བ་རྣམས་བསྒོམ་པར་བྱ་བ་ཡང་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེའི་འོག་ཏུ་དེ་ཉིད་གསུངས་པ། ་གང་གིས་མཚོན་བྱེད་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་བྱ་ཁྱད་པར་བྱེད་བ་སྟེ། །ངོ་བོ་ཉིད་གང་མཚོན་བྱ་ཡང། །ཞེས་བྱ་བའོ། །འདིས་སྦྱོར་བ་རྣམས་དེ་བཞིན་གཤེགས་པ་ཉིད་བསྐྱེད་པར་མཚོན་པར་བྱེད་པས་ཤེས་པ་དང། ཁྱད་པར་དང། བྱེད་པའི་མཚན་ཉིད་དེ་བྱེ་པ ་བསྒྲུབ་པ་རྣམ་པ་གསུམ་དང། འདི་དག་མཚན་པར་བྱ་བ་ཡིན་པས་དེ་ཉིད་ཀྱི་མཚོན་ཉིད་ལས་སུ་བསྒྲུབ་བཱི?་རྣམ་པ་གཅིག་སྟེ་མཚན་ཉིད་ནི་བཞིར་ཤེས་པར་བྱའོ། །དེ་ལ་ཤེས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཐ་དད་པ་ལས་རེ་ཞིག་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ནས ་དེའི་མཚན་ཉིད་གསུངས་པ། དེ་བཞིན་གཤེགས་པ་འབྱུང་བ་དང། །འཇིག་རྟེན་འཇིག་མེད་བདག་ཉིད་དང། །སེམས་ཅན་སེམས་ཀྱི་སྤྱོད་པ་དང། །དེ་བསྡུས་བ་དང་ཕྱིར་བལྟས་དང། །མི་ཟད་པ་ཡི་རྣམ་པ་དང། །ཆགས་བཅས་སོགས་དང་རྒྱ་ཆེན་དང། །ཆེན་པོར་གྱུར་དང་ཚད་མེད་དང། །རྣམ ་ཤེས་བསྟན་དུ་མེད་པ་དང། །སེམས་བལྟར་མེད་དང་ཤེས་པ་དང། །གཡོ་བ་ལ་སོགས་ཞེས་བྱ་དང། །དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པཱི ་མཚན་ཉིད་བསྡུས་པ་ཡིན། །ཞེས་བྱ་བའོ། །མ་འདྲེས་བའི་ཆོས་ལ་སོགས་པས་སྤྱིར་དེ་བཞིན་གཤེགས་པ་བསྐྱེད་པ་ཉིད་དང། འཇིག་རྟེན་དེ་ཁོ་ནར་འཇིག་པ་མེད་པར་མཁྱེན་པ་དང། ཀུན་རྫོབ་ཏུ་སེམས་ཅན་གྲངས་མེད་པའི་སེམས་ཅན་གྱི་སྤྱོད་པ་དང། དེ་བཞིན་ཉིད་ལ་མཉམ་པར ་བཞག་པ་སེམས་བསྡུས་པ་དང། མཉམ་པར་མ་བཞག་པས་སེམས་རྣམ་པར་གཡངས་བ་ཕྱིར་བལྟས་པ་དང། ཡང་དག་པའི་མཚན་ཉིད་ཀྱིས་སེམས་མི་ཟད་པའི་རྣམ་པ་དང། སྐྱེ་བོ་རྣམས་ཀྱི་སེམས་ཀུན་ནས་ཉོན་མོངས་པ་འདོད་ཆགས་དང་བཅས་པ་དང། སོགས་པ་ཞེས་བྱ་བས ་བསྡུས་པ་འཕགས་པ་རམས་ཀྱི་རྣམ་པར་བྱད་བའི་སེམས་འདོད་ཆགས་དང་བྲལ་བ་དང། སྐྱེ་བ་དང་གནས་པ་དང་འཇིག་པ་མེད་པའི་ཆོས་ཆེན་པོ་དང། བདག་མེད་པ་ཉིད་དང་ཡོན་ཏན་ཐོབ་པ་མཉམ་པ་ཉིད་སེམས་ཆེན་པོར་གྱུར་པ་དང། སོ་སོ་ངེས་པར་མི་ནུས་པས་སེམས་ཚད་མེད ་པ་དང། འགགས་པ་ལ་སོགས་པས་དུས་གསུམ་གྱི་སེམས་བསྟན་དུ་མེད་པ་དང། ངོ་བོ་ཉིད་ཐམས་ཅད་དང་བྲལ་བས་སེམས་བལྟར་མེད་པ་དང། རྣམ་པར་འཕྲོ་བས་སེམས་གཡོ་བ་ལ་སོགས་པ་དང། དེ་ལས་གཞན་ཡང་གཡོ་བ་ལ་སོགས་པ་དེ་བཞིན་དང་མ་ནོར་བ་དང། ཐུབ་པ ་མཆོག་གིས་དེ་བཞིན་ཉིད་ཇི་ལྟ་བར་རྟོགས་ནས་དེའི་དོན་གཞན་ལ་བསྟན་པ་ཞེས་བྱ་བ་ཤེས་པའི་རྣམ་བའི་བྱེ་བྲག་བཅུ་དྲུག་གིས་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བར་དེའི་བདག་ཉིད་ཀྱིས་མཁྱེན་པ་བསྐྱེད་པར་མཚོན?་པས་ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པ ་ཉིད་ཀྱི་བསྡུས་པ་ཡིན་ནོ། །དེ་ནས་ལམ་ཤེས་པ་ཉིད་ཀྱི་སྒོ་ནས་ཤེས་པའི་མཚན་ཉིད་གསུངས་པ། སྟོང་ཉིད་མཚན་མ་མེད་བཅས་དང། །སྨོན་པ་རྣམ་པར་སྤངས་པ་དང། །སྐྱེ་མེད་འགག་པ་མེད་སོགས་དང། །ཆོས་ཉིད་རྣམ་པར་འཁྲུལ་མེད་དང། །འདུ་མི་བྱེད་དང་རྣམ་མི་རྟོག་།རབ་དབྱེ ་མཚན་ཉིད་མེད་ཉིད་དང། །ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། །ཤེས་བའི་མཚན་ཉིད་ཡིན་པར་བཞད། །ཅེས་བྱ་བའོ། །རང་གི་ངོ་བོ་སྟོང་པ་ཉིད་དང་བརྒྱུའི་བྱེད་བ་མཚན་མ་མེད་པ་དང། འབྲས་བུའི་བདག་ཉིད་སྨོན་པ་མེད་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བའི་སྐྱེ་བ ་མེད་བ་དང། ལུགས་ལས་བཟློག་པའི་འགག་པ་མེད་པ་དང། སོགས་པ་ཞེས་བྱ་བས་བསྡུས་པ་དྲི་མའི་བདག་ཉིད་ཀུན་ནས་ཉོན་མོངས་པ་དང། དྲི་མ་དང་བྲལ་བ་རྣམ་པར་བྱང་བ་མེད་པ་དང། སྤང་བ་དང། བླང་བའི་དངོས་པོ་མེད་པ་དང། རང་བཞིན་གྱིས་མྱ་ངན ་ལས་འདས་པའི་ངོ་བོ་ཉིད་མེད་པ་དང། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་རྟེན་མེད་པ་དང། སྒྲིབས་གཡོགས་ཀྱི་དབང་གིས་ཡོངས་སུ་འགྱུར་བ་མེད?་པས་ནམ་མཁའ་ཨི་མཚན་ཉིད་དྲུག་དང། སུས་ཀྱང་གཞན་དུ་བྱ་བར་མི་ནུས་པས་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་དང། རྒྱུ་དང་རྐྱེན་ལས་མ་སྐྱེས ་པས་མངོན་པར་འདུ་བྱ་བ་མེད་པ་དང། མཚན་ཉིད་འགར་ཡང་གདགས་པར་བྱ་བ་མ་ཡིན་པས་རྣམ་པར་མི་རྟོག་པ་ཉིད་དང། ཀུན་རྫོབ་རྣམ་པར་བཞག་པས་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་དང། དོན་དམ་བར་ཤིན་ཏུ་དབེན་པས་མཚན་ཉིད་མེད་པར་ཤེས་པ་དང། ཞེས་བྱ་བ་ཤེས་བའི་བྱེ་བྲག ་བཅུ་དྲུག་གིས་ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བར་དེའི་བདག་ཉིད་ཀྱི་མཁྱེན་པ་བསྐྱེད་པར་མཚོན་པས་ཤེས་བའི་མཚན་ཉིད་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ནས་ཤེས་པའི་མཚན་ཉིད་གསུངས་པ། དེ་ནི་ཉིད་ཀྱི་ཆོས་བརྟེན ་ནས། །གནས་དང་གུས་པར་བྱ་བ་དང། །བླ་མ་ཉིད་དང་མཉེས་པ་དང། །དེ་ལ་མཆོད་དང་བྱེད་མེད་དང། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང། །མ་མཐོང་སྟོན་པར་མཛད་པ་དང། །འཇིག་རྟེན་སྟོང་ཉིད་རྣམ་པ་དང། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། །བསམ་མི་ཁྱབ་དང་ཞི་ཉིད ་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་བའི་མཚན་ཉིད་ཅེས་བཤད་དོ། །ཞེས་བྱ་བའོ། །ཐུབ་པ་དེ་ནི་ཉིད་ཀྱིས་ཆོས་རྣམ་པ་ཐམས་ཅད་ཇི་ལྟ་བར་མཁྱེན་པའི་ཡུལ་འདི་ལ་བརྟེན་ནས་བདེ་བར་གནས་པ་མཆོག་གིས་གནས་པ་མཁྱེན་པ་དང། འདིའི ་དོན་སྟོན་པར་མཛད་པ་ནས་ཉིད་ཀྱིས་ཁྲི་བཤམ་པ་ལ་སོགས་པ་མཛད་པ་གུས་པར་བྱ་བ་དང། བསྒྲུབ་བར་བྱ་བ་ཉིད་དུ་བཀུར་བས་བླ་མར་བྱ་བ་དང། ཡོན་ཏན་བརྗོད་པ་ལ་སོགས་པས་མཉེས་པར་བྱེད་པ་དང། རིན་པོ་ཆེའི་མེ་ཏོག་གཏོར་བ་ལ་སོགས་བས་མཆོད་པ་དང། དེ་ཁོ་ནར་སྐྱེ་བ ་དང་འཇིག་པ་དང་རང་གི་ངོ་བོས་སྟོང་པས་དེ་ལྟར་བྱེད་པ་ཉིད་མེད་པ་དང། ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀུན་ཏུ་འཇུག་པ་མཁྱེན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་སངས་རྒྱས་ལ་ཆོས་འགའ་ཡང་མཐོང་བར་བྱར་མེད་པའི་དོན་སྟོན་པ་དང། ཕུང་པོ ་ལྔའི་འཇིག་རྟེན་སྟོང་བ་ཉིད་དུ་མཁྱེན་པ་དང། ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་བ་ཉིད་ཀྱིས་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད་པ་དང། བསམ་པ་ལས་བྱུང་བ་བསྐྱེད་པར་བྱ་བ་ཉིད་ཀྱིས་འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་བྱ་བ་དང། བསྒོམས་པ་ལས་བྱུང་བ ་བསྐྱེད་པར་བྱ་བ་ཉིད་ཀྱིས་འཇིག་རྟེན་སྟོན་པ་ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་པ་དང། ཕུང་པོ་རྣམ་པ་ལྔའི་དེ་ཁོ་ན་ཉིད་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་དང། དེའི་ཆོས་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་དུ་སྟོན་པ་དང། ཕུང་པོ་ལ་མངོན་པར་ཞེན་པའི ་འཇིག་རྟེན་འགོག་པ་དང། དེ་ལ་བློས་མཚན་མར་འཛིན་པ་ཉིད་ཀྱི་འདུ་ཤེས་འགོག་པ་ཞེས་བྱ་བ་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བར་དེའི་བདག་ཉིད་ཀྱི་མཁྱེན་པ་བསྐྱེད་པར་མཚོན་པས་ཤེས་པའི་མཚན་ཉིད་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ལྟར་ཤེས་པའི་མཚན་ཉིད་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས། ཤེས་པའི་རྣམ་པས་ཡོངས་སུ་བཅད་པ་ཁྱད་པར་གྱི་མཚན་ཉིད་གསུངས་པ། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། སྐད ་ཅིག་མ་ནི་བཅུ་དྲུག་གིས་།ཁྱད་བར་མཚན་ཉིད་བཤད་པ་ཡིན། །ཞེས་བྱ་བའོ། །གང་གི་ཕྱིར་ཁྱད་པར་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང། མི་མཉམས་པ་ལ་སོགས་པས་ཁྱད་པར་དུ་གྱུར་པ་སྡུག་བསྔལ་ལ་སོགས་པ་བདེན་པའི་ཡུལ་ཅན་ཆོས་དང་རྗེས་སུ་ཤེས་པའི་བཟོད ་བ་དང་ཤེས་པའི་མཚན་ཉིད་སྐད་ཅིག་མ་བཅུ་དྲུག་གིས་ལམ་ཤེས་པ་ཉིད་ལ་སོགས་པའི་སྦྱོད?་བ?་དག་མཚོན་བར་བྱེད་པའི་ཕྱིར་ཁྱད་པར་གྱི་མཚན་ཉིད་དུ་བཤད་པ་ཡིན་ནོ། །དེ་ལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་དེ་དག་གསུངས་པ། བསམ་མི་ཁྱབ་དང་མི་མཉམ ་དང་གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་བསྡུད་མཁས་པ་ཡིས། །རིག་བྱ་མཐུན་མོང་མེད་ཤེས་དང། །ཤེས་མྱུར་བྲི་དྲང་གང་མེད་དང། །སྒྲུབ་དང་ཡང་དག་འགྲུབ་པ་དང། །དམིགས་པ་རྟེན་དང་བཅས་པ་དང། །མཛའ་དག་པ་དང་ཡོངས་འཛིན ་དང། །རོ་མྱང་མེད་དང་ཁྱད་བར་ནི། །བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གིས་ལམ་འདི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་བྱ་བའོ། །རྟོག་གེའི་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་ཉིད་དང། དཔེ་ཟླར་རུང་བས་མཚུངས་པ་མེད་པས ་མི་མཉམ་པ་དང། ཚད་མ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་བས་གཞལ་བ་ལས་ཡང་དག་པར་འདས་པ་དང། སྒྲས་བརྗོད་པ་ལ་སོགས་པས་ཚང་གཟུང་བར་མི་རུང་བས་བགྲང་བ་ལས་ཡང་དག་པར་འདས་པ་དག་ནི་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མའི་ཁྱད ་པར་ཡིན་ནོ། །ཉན་ཐོས་ནས་སངས་རྒྱས་ཀྱི་བར་དུ་འཕགས་པའི་གང་ཟག་ཐམས་ཅད་སྡུད་པ་དང། ཕྲ་བ་ལ་སོགས་པའི་དོན་སྐྱེས་བུ་མཁས་པས་རིག་པར་བྱ་བ་ཉིད་དང། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཡོངས་སུ་ཤེས་པ་དང། རྣམ་པ་ཐཾས་ཅད ་མཁྱེན་པ་ཉིད་ཤིན་ཏུ་མྱུར་བར་རྟོགས་པ་དག་ནི་ཀུན་འབྱུང་བའི་བདེན་པའི་སྐད་ཅིག་མའི་ཁྱད་པར་ཡིན་ནོ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཁོ་ནས་ཆོས་ཐམས་ཅད་བྲི་བ་དང་གང་བ་མེད་པ་དང། ཆོས་སྨྲ་བ་བསྟེན་ཅིང་འཁོར་གསུམ་རྣམ་པར་དག་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ ་ཕྱིན་པ་དྲུག་ཏུ་རབ་ཏུ་སྒྲུབ་པ་དང། དུས་རིང་མི་ཉིད་ནས་སངས་རྒྱས་ལ་བསྙེན་བཀུར་བ་ལ་སོགས་བའི་རྒྱུས་བསོད་ནམས་དང་ཡེ་ཤེས་ཡང་དག་པར་འགྲུབ་པ་དང། ཤེས་རབ་དང་ཐབས་ཀྱི་ཡང་དག་པར་ཟིན་པས་ཆོས་ཐམས་ཅད་མཚར་བ་མེད་པ་ལ་དམིགས ་པ་དག་ནི་འགོག་པའི་བདན་པའི་སྐད་ཅིག་མིའི་ཁྱད་པར་ཡིན་ནོ། །ཐབས་མཁས་པ་ཉིད་ཀྱིས་ལེགས་པར་བསྒྲུབས་པའི་རིགས་ཀྱི་རྟེན་དང་བཅས་པ་དང། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུ་མཛའ་དག་ཚོགS་པ་དང། དགེ་བའི་བཤེས་གཉེན ་གྱིས་བསྟན་པའི་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་དང། དངོས་པོ་དང་མྱ་ངན་ལས་འདས་པ་ལ་ཆགས་པའི་རོ་མྱང་བ་མེད་པ་དག་ནི་ལམ་གྱི་བདེན་པའི་སྐད་ཅིག་མའི་ཁྱད་པར་ཡིན་ཏེ། གང་གི་བྱང་ཆུབ་སེམས་དཔའ་ཨི་ལམ་ཉན་ཐོས་ལ་སོགས་པའི་ལམ ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་བཤད་མ་ཐག་པའི་ཁྱད་པར་སྐད་ཅིག་མ་བཅུ་དྲུག་དང་ལྡན་པ་འདི་དག་ནི་ཁྱད་པར་གྱི་ལམ་ཡིན་པར་ཤེས་པར་བྱའོ། །དེའི་རྗེས་ལ་དེ་དག་གི་བྱེད་པའི་མཚན་ཉིད་གསུངས་པ། ཕན་དང་བདེ་དང་སྐྱོབ་པ་དང། མི་རྣཾས་ཀྱི་ནི་སྐྱབས་དག་དང། གནས་དང་དཔུང? ་གཉེན་གླིང་དང་ནི་ཡོངས་འདྲེན་པ་ཞེས་བྱ་བ་དང། །ལྷུན་གྱིས་འགྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་པ་དག་།ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་བའི་མཚན་ཉིད་ཡིན། །ཞེས་བྱ་བའོ། །ངེས་པར་ལགས་པ་ཉིད་ཀྱི་ཕན་པ་ཐར་བ་དང། །སེམས་ཅན་ལ ་མངོན་པར་མཐོ་བ་ཉིད་ཀྱི་བདེ་བ་ལུས་དང་སེམས་མངོན་པར་ཚིམ་པ་དང། བླ་ན་མེད་པ་ཉིད་ཀྱི་སྐྱོབ་པ་ལམ་ལེགས་པར་སྟོན་པ་སྟེ། སྤྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱེད་པ་གསུམ་པ། ཡིད་ཀྱི་རང་བཞིན་གྱི་ལུས་ལ་སོགས་པས་རིམ་གྱིས་མི་གནས་པའི་མྱ་ངན་ལས་འདས་པ ་ལ་སྦྱོར་བ་སྐྱབས་བ་དང། ཆོས་ཐམས་ཅད་འདྲེ་བ་མེད་པ་ལ་སོགས་པར་བསྟན་པས་མ་རིག་པ་དང་བག་ཆགས་ཀྱི་ས་ལ་སོགས་པ་སྤོང་བའི་གནས་དང། སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་རྟོགས་པས་དེ་ལས་གཞན་པ་རྣམས་ཀྱི་དཔུང་གཉེན་དང། བླང་བ་དང་དོར་བའི་སྲེད ་པ་ཡོངས་སུ་ཆད་ཅིང་རང་དང་གཞན་གྱིས་དོན་རྟོགས་པའི་རྟེན་དུ་གྱུར་པའི་གླིང། སྐྱེ་བ་མེད་པ་ལ་སོགས་པའི་ཆོས་བསྟན་ཏེ་གཞན་གྱི་དོན་བསྒྲུབ་པས་ཡོངས་སུ་འདྲེན་པ་དང། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་སྟོན་ཅིང་རྩོལ་བ་མེད་བར་འཇུག་པས་སེམས་ཅན་གྱི་དོན་ལྷུན་ ་གྱིས་གྲུབ་པ་དང། རློམ་སེམས་དང་དྲལ་བའི་ཆོས་སྟོན་ཅིང་མངོན་དུ་བྱ་བ་དང་གྲལ་བར་རྟོགས་པས་ཐེག་པ་གསུམ་གྱི་ངེས་བར་འབྱུང་བའི་འབྲས་བུ་མངོན་དུ་མི་བྱེད་བ་སྟེ་བྱེ་བྲག་ཏུ་ལམ་ཤེས་པ་ཉིད་ཀྱི་བདེན་པ་བདུན་དང། ཆོས་ཐམས་ཅད་མངོན་པར་རྫོགས་པ་ཉིད་ཀྱིས་ཆོས་བསྟན་ཏེ་དེའི ་རྟེན་སངས་རྒྱས་ལ་འགོད་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་རྟེན་གྱི་མཛད་པ་ནི་གཅིག་གོ་།འདིར་ཐུན་མོང་མ་ཡིན་པའི་སྦྱོར་བ་གཙོར་བསྟན་པ་ཉིད་ཀྱིས་བྱེད་པ་རྣམ་པར་བསྟན་པ་ཡིན་པས་ཐམས་ཅད་ཤེས་པ་ཉིད་ལ་བརྟེན་པའི་བྱེད་པ་ནི ་ལོགས་ཤིག་ཏུ་བརྩི་བར་མི་བྱའོ། །དེ་ལྟར་བྱེད་པའི་རྣམ་པ་བཅུ་གཅིག་གིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་ཇི་ལྟར་བར་མཚོན་བར་བྱེད་པས་བྱེད་པའི་མཚན་ཉིད་ཡིན་ནོ། །མཚན་ཉིད་དེ་དག་གིས་ཤེས་པར་བྱས་པའི་ངོ་བོ་ཉིད་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་ཉིད ་གསུངས་པ། ཉོན་མོངས་རྟགས་དང་མཚན་མ་དང། །མི་མཐུན་ཕྱོགས་དང་གཉེན་པོ་དང། །དབེན་དང་དཀའ་དང་ངེས་པ་དང། །ཆེད་དུ་བྱ་དང་མི་དམིགས་དང། །མངོན་པར་ཞེན་པ་བཀག་པ་དང། །དམིགས་པ་ཞེས་བྱ་གང་ཡིན་དང། །མི་མཐུན་ཐོག་པ་མེད་དང་དེ། །གཞི་མེད་འགྲོ་མེད ་སྐྱེ་མེད་དང། །དེ་བཞིན་ཉིད་ནི་མི་དམིགས་དང། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་བར་བཞེད་པ་ཡིན། །ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་དབེན་པའི་ངོ་བོ་ཉིད་དང། དེས་ཀུན་ནས་བསླང་བས་དེའི་རྟགས ་ལུས་དང་ངག་གིས་གནས་ངན་ལེན་གྱིས་དབེན་པ་དང། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་སོགས་པ་དེའི་ཚད་མས་དབེན་པ་དང། སྟོང་པ་ཉིད་ཀྱིས་འདོད་ཆགས་མེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་གང་གིས་དབེན་པ་ཞེས་བྱ་བ་ཐམས་ཅད་ཤེས་པ ་ཉིད་ཀྱི་ངོ་བོ་ཉིད་བཞིའོ། །དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བར་དཀའ་བས་དེའི་གོ་ཆ་ཆོས་ཐམས་ཅད་དང་མ་འགྲེལ་བ་དང། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་ཉིད་མཛའ་གཅིག་ཏུ་ངེས་པ་དང། ཡུན་རིང་པོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ ་པར་བྱ་བའི་མཆོག་ཉིད་ཀྱི་ཆེད་དུ་བྱ་བ་དང། རང་བཞིན་གྱིས་བསྒོམ་པར་བྱ་བ་ལ་སོགས་པ་འཁོར་གསུམ་དུ་མི་དམིགས་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ལམ་ཐམས་ཅད་ལ་མངོན་པར་ཞེན་པ་མཛའ་དག་དཀག་པ ་ཞེས་བྱ་བ་ལམ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ལྔའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བའི་ཚུལ་གྱིས་མ་བྱས་ཤིང་རྟོགས་པར་བྱ་བ་མ་ཡིན་པའི་དེ་བཞིན་ཉིད་ལ་དམིགས་པ་དང། འཇིག་རྟེན་པ་ལ་སོགས་པ་གཟུང་པ་དང་འཛིན་པའི་མཚན་མར་སྦྱོད་པ་ལས་ལྡོག་སྟེ་བལྟས་པས ་མི་མཐུན་པ་དང། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཐོགས་པ་མེད་པར་ཤེས་པ་དང། ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་མི་དམིགས་པ་གཞི་མེད་པ་དང། དེ་བཞིན་ཉིད་ཀྱིས་འགྲོ་བ་དང་འོང་བ་མེད་པ་དང། གཟུགས་ལ་སོགས་པ་དང་དེ་བཞིན་ཉིད་དང་དེ་ལས་གཞན? ་པའི་རྗེས་སུ་སྐྱེ་བ་མེད་པ་དང། དེ་བཞིན་ཉིད་ཟབ་པས་གཟུགས་དང་དེ་བཞིན་ཉིད་ལ་སོགས་པ་གསུམ་གྱི་ངོ་བོ་ཉིད་མི་དམིགS་པ་ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་བདུན་ནོ། །དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུམ་གྱི ་སྦྱོར་བ་རྣམས་ཇི་ལྟ་བའི་མཚན་ཉིད་དག་གིས་མཚོན་པར་བྱ་བ་ཡིན་པས་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་འདོད་དོ། །དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་བཅོ་བརྒྱད་ཀྱིས་བྱེད་པ་དང་བྱ་བའི་བདག་ཉིད་ཅན་གྱི་མཚན་ཉིད་དགུ་བཅུ་རྩ་གཅིག་བསྟན་པར་མཛད་པ ་ཡིན་ནོ། །ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ལ་ཇི་སྐད་བཤད་པའི་སྦྱོར་བ་ཡོངས་སུ་བསྒོམ་པ་འབྱུང་བ་དང། སྦྱོར་བའི་དབང་གིས་འཐོབ་པར་འགྱུར་བ་ཉིད་ཀྱང་ཡིན་པས་དེའི་འོག་ཏུ་ཐར་པའི་ཆ་དང་མཐུན་པ་གསུངས་པ། མཚན་མེད་རབ་ཏུ་སྦྱིན་ལ་སོཌ ་ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགS་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཅེས་བྱ་བའོ། །རང་བཞིན་གྱིས་རྣམ་པ་ཐམས་ཅད་དུ་ཐམས་ཅད་ལ་མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་རྣམས་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཀྱིས་རྒྱུད་ལ་ཡང་དག་པར་བསྐྱེད་པ་ལམ་ལS་པ་གང་ཡིན་བདེ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་བའི་སྦྱོར་བ་འདི་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བར ་འདོད་དོ། །དེ་ལ་ཐབས་མཁས་པ་དེ་དག་གང་ཡིན་ཞེ་ན་གསུངས་པ། སངས་རྒྱས་སོགས་དམིགས་དད་པ་དང། །སྦྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང། །བསམ་པ་ཕུན་ཚོགས་དྲན་པ་དང། །རྣམ་པར་མི་རྟོག་ཏིང་འཛིན་དང། །ཆོས་རྣམས་རྣམ་པ ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་བྱ་བའོ། །སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ་དམིགས་ནས་དད་པ་དང། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣཾས ་ཀྱི་སྤྱོད་ཡུལ་ལ་རབ་ཏུ་སྦྲོ?་བའི་བརྩོན་འགྲུས་དང། བསྒྲུབ་པ་བྱ་བ་དང་བསྒྲུབ་པར་བྱ་བ་མ་ཡིན་པ་བླང་བ་དང་དོར་བའི་དམིགས་པ་མ་བརྗོད་པ་དྲན་པ་དང། ཐམས་ཅད་དུ་འཁོར་གསུམ་གྱི་མཚན་མར་མི་རྟོག་པའི་ཏིང་ངེ་འཛིན་དང། ཐོས་པ་དང་བསམ་པ་ལས་བྱུན་བ་ཉིད་ཀྱིS ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་པའི་ཤེས་རབ་ཁྱད་པར་ཅན་དབང་པོའི་ངོ་བོ་ཉིད་མ་ཡིན་པ་རྣམ་པ་ལྔ་ལ་མཁས་པ་ཡིན་ཏེ། འདི་ལྟར་དེ་དག་དབང་པོ་རྣོན་པོས་ཆེར་སྤྱངས་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་སླབ་དང། དབང་པོ་རྟུལ་བོ་ཆེར ་སྤྱངས་པ་མ་ཡིན་པས་ནི་རྟོགས་པར་དཀའ་བ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པ་གོང་དུ་གོམས་པར་གྱུར་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་དེའི་འོག་ཏུ་དྲོ་བ་ལ་སོགས་པ་རྣམ་པ་བཞིའི་མཚན་ཉིད་གསུངས་པ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །སེཾས་ཅན ་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར?་བཤད་དོ། །བདག་གིས་སྡིག་པ་ལས་ལྡོག་ཅིང། །སྦྱིན་ལ་སོགས་པ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེ་འགྱུར་དེ་བཞིན་བཟོད ་པ་ནི། །རང་གཞིན་རྟེན་ཅན་བདེན་ཤེས་པ། །ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱི་ཤེས་པར་བྱ། །ཞེས་བྱ་བའོ། །ཆོས་ཀྱི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་འདི་ལ་ཆུང་ངུ་ན་སེམས་མཉམ་པ་དང། བྱམས་པ་དང། འབྲིང་དུ་ན་ཕན་པ་དང། ཁོང་ཁྲོ་ཐ ་མེད་བ་དང། རྣམ་པར་འཚེ་བ་མེད་པའི་སེམས་ཏེ། སྤྱིར་ལེགས་པར་སེམས་པ་རྣམ་པ་ལྔ་དང། ཆེན་པོར་ན་ཕ་དང་མའི་སེམས་དང། སྤུན་དང་སྲིང་མོའི་སེམས་དང། བུ་དང་བུ་མོའི་སེམས་དང། བཤེས་དང་གྲོགས་ཀྱི་སེམས་དང། གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་ཏེ། བྱེ ་བྲག་ཏུ་ཉེ་བར་སེམས་པའི་རྣམ་པ་ལྔ་ཆོས་ཀྱི་དབྱིངས་ཀྱི་མཛའ་ཀླས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་རྣམ་པ་བཅུ་ནི་དྲོ་བར་གྱུར་པ་ཡིན་པར་བསྔགས་སོ། །ཆུང་ངུ་ན་བདག་ཉིད་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ལས་ལྡོག་ཅིང། གཞན་ཡང་དེ་ལ་ཡང་དག་པར་འགོད ་པ་དང། བསྟན་པའི་ཕྱིར་ཞུགས་པ་ལ་བསྔགས་པ་བརྗོད་པ་དང། འཕེལ་བར་བྱ་བའི་ཕྱིར་མཐུན་པས་དགའ་བར་བྱེད་པ་ཞེས་པ་དང། འབྲིང་དུ་ན་བདག་ཉིད་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང། གཞན་ཡང་སྔ་མ་ལྟར་རྗེས་སུ་བསྒྲུབ་པ་ཉིད་དང། ཆེན་པོ ་ནི་སོགས་པ་ཞེས་བྱ་བས་བསྡུས་ཏེ་བདག་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལུས་སུ་འབྱུང་བ་དང་ལུགས་ལས་བཟློག་པའི་སྙོམས་པར་འཇུག་པ་དང། གཞན་དག་ཀྱང་སྔ་མ་བཞིན་དུ་ཉེ་བར་སྤྱོད་པ་ལ་སོགས་པའི་རྣམ་པས་སེམས་ཅན་ཐམས་ཅད་ལ་དམིགས་བ་ནི་རྩེ་མོར་གྱུར ་པ་ཡིན་ནོ། །དེ་བཞིན་དུ་ཆུང་ངུ་ན་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་སྔ་མ་ལྟ་བུའི་རྣམ་པས་ལམ་ལ་སྦྱོར་བ་ཉིད་དང། འབྲིང་དུ་ན་རང་བྱང་ཆུབ་ཀྱི་འབྲས་བུ་ལ་གཞན་དག་སྦྱོར་བ་དང། ཆེན་ནོར་བླ་ན་མེད་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཉིད་གནས ་ཤིང་གཞན་དག་ཉེ་བར་སྦྱོར་པ་ལ་སོགས་པའི་རྣམ་པས་སྡུག་བསྔལ་སོགས་པའི་བདེན་པ་སེམས་ཅན་ཐམས་ཅད་ལ་དམིགས་པ་ནི་བཟོད་པ་ཡིན་ནོ། །སྔ་མ་བཞིན་དུ་ཆུང་ངུ་ན་ཐེག་པ་གསུམ་གྱིས་སྨིན་པར་བྱེད་པ་དང། སོགས་ཞེས་བྱ་བས་བསྡུས་པ་འབྲིང་དུ་ན་བྱང་ཆུབ་སེམས་དཔའ་ཨི ་མངོན་པར་ཤེས་པ་སྐྱེད་པ་དང། ཆེན་པོ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བ་བྱེད་བ་ལ་སོགས་པ་ལ་བདག་ཉིད་གནས་ཤིང་གཞན་དག་ལ་འགོད་པ་ལ་སོགས་པའི་རྣམ་པས་སེམས་ཅན་ཐམས་ཅད་ལ་དམིགས་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ། །ངེས་པར་འབྱེད་པའི ་ཆ་དང་མཐུན་པ་ཐོབ་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་བས་སློབ་བ་ཕྱིར་མི་ལྡོག་པའི་མཚན་ཉིད་གསུངས་པ། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐེང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་བྱ་བའོ། །འདི་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་དག་ལ་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པའི་སྐབས་འདིར་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཀྱི ་དགེ་འདུན་ཡིན་ནོ། །དེ་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པར་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་གསུངས་པ་གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ངེས་འབྱེད་ཡན་ལག་ལ ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་བྱ་བའོ། །གཟུགས་ལ་སོགས་པ་ལས་ལྡོག་པ་དང། ཐེ་ཚོམ་མེད་པ་ལ་སོགས་པའི་རྣམ་པ་ཉི་ཤུ་བརྗོད་པ་འདི་དག་གིས་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཤེས་པར་བྱ་བ ་ཡིན་ནོ། །རྣམ་པ་ཉི་ཤུ་པོ་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་དྲུག་གིས་གསུངས་པ། གཟུགས་ལ་སོགས་ལས་ལྡོག་དང། །ཐེ་ཚོམ་མི་ངལ་ཟད་པ་དང། །བདག་ཉིད་དགེ་བ་ལ་གནས་ཤིང། །གཞན་དག་དེ་ལ་འགོད་པ་དང། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང། །ཟབ་མོའི ་དོན་ལ་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང། །བག་ལ་ཉལ་ཀུན་འཇོམས་པ་དང། །དྲན་པ་དང་ནི་ཤེས་བཞིན་དང། །གོས་ལ་སོགས་པ་གཙང་བ་དང། །ལུས་ལ་སྲིན་བུ་རྣམས་མི་འབྱུང། །གྱི་གྱུ་མེད་སེམས་སྤྱངས་པ་ནི། །ལེན་དང ་སེར་སྣ་མེད་སོགས་དང། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང། །སེམས་ཅན་དོན་དུ་དམྱལ་འཆོལ་དང། །གཞན་གྱིས་བཀྲི་བར་མི་བཏུབ་དང། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟག་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ ་མོ་བཟོད་བཅས་དང། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག་།ཅེས་བྱ་བའོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལས་མངོན་པར་ཞེན་པ་ཆེར་ལྡོག་པ་དང། སངས་རྒྱས་ལ་སོགས་པའི་ཡོན་ཏན་ཤེས་ནས་སྐྱབས་སུ་དད་པས ་ཐེ་ཚོམ་མི་ཟ་བ་དང། སྨོན་ལམ་མ་གྲུབ་པས་དམྱལ་པ་དང། ཡི་དགས་དང། དུད་འགྲོ་དང། སངས་རྒྱས་ཀྱིས་སྟོང་བ་དང། ཡུལ་མཛའ་འཁོབ་དང། ལྷ་ཚེ་རིང་པོ་དང། ལོག་པར་ལྟ་བ་ཅན་དང། ལྐུགས་པ་ཞེས་བྱ་བ་མི་ཁོམ་པ་བརྒྱད་དུ་སྐྱེ་བ་ཟད་པ་དང། ལྟ་བ་དང་སྙིང་རྗེ་བསྒོམ ་པ་ཉིད་ཀྱིས་བདག་གེ་ཉིད་དག་བ་བཅུ་ལ་གནས་ཤིང་གཞན་དག་ཀྱང་དེ་ལ་སྦྱོར་བ་དང། བདག་དང་གཞན་དུ་བརྗེ་པ་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་ཐམས་ཅད་སེམས་ཅན་གཞན་གྱི་ཡུལ་ལ་ཡོངས་སུ་བསྔོ་བ་དང། ཆོས་ཡང་དག་པར་རྟོག་པས་ཟབ་མོའི་དོན་ལ་ཡང་སོ་མཉི་མེད་པ ་དང། གཞན་ལ་ཕན་པ་ཉིད་དུ་ཞུགས་པས་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་དང། སྦྱོར་བ་ཕུན་སུམ་ཚོགས་པས་འདོད་པ་ལ་འདུན་པ་དང། གནོད་སེམས་དང། གཉིད་དང་རྨུགས་པ་དང། རྒོང་པ་དང། འགྱོད་པ་དང། ཐེ་ཚོམ་སྟེ་སྒྲིབ་པ་ལྔ་པོ་དག་དང་མི་འགྲོགས ་པ་དང། གཉེན་པོ་རྣམ་པར་བསྒོམས་པ་ཉིད་ཀྱིས་མ་རིག་པ་དང་ལྟ་བས་བསྡུས་པའི་བག་ལ་ཉལ་ཐམས་ཅད་འཇོམས་པ་དང། རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིས་དྲན་པ་དང། ཤེས་བཞིན་དང་ལྡན་པ་དང། གཙང་སྦྲ་ཀུན་ཏུ་སྤྱོད་པ་ཉིད་ཀྱིས་གོས?་ལ་སོགས་པ ་ཡོངས་སུ་གཙང?་བ་ཞེས་བྱ་བའི་རྣམ་པ་བཅུ་གཅིག་ནི་དྲོ?་བར་གྱུར་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །དགེ་པའི་རྩ་བ་འཇིག་རྟེན་དང་རབ་ཏུ་མ་འདྲེས་པ་ཉིད་ཀྱིས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་པ་དང། ཡིད་ལ་བྱེད་པ་རྣམ་པར་དག་པས་? ་གྱུའི?་སེམས་མེད་པ་དང། སྙེད?་པ་དང་ཐ?་གུར་སྟི་ལ་སོགས་པ་ལ་མི་བལྟ་བ་ཉིད་ཀྱིས་ཕྱག་དང་ཁྲོད་པ་དང། ཆོས་གོས་གསུམ་པ་དང། ཕྱིང་བ་པ་དང། བསོད་སྙོམས་པ་དང། སྟན་གཅིག་པ་དང། ཕྱིས་མི་ལེན་པ་དང། དགོན་པ་པ་དང། ཅོག་བུ་པ་དང། གཞི་ཇི་བཞིན་པ ་དང་དུང་ཁྲོང་པ་དང། ཤིང་དྲུང་པ་དང། བླ་གབ་མེད་པ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་ལེན་པ་དང། སྦྱིན་པ་ལ་སོགས་པའི་ཁྱད་པར་བསྒྲུབ་པས་དེ་དག་དང་དགལ་བ་སེར་སྣ་ལ་སོགས་པ་མེད་པ་དང། ཆོས་ཐམས་ཅད་ཡང ་དག་པར་སྡུད་པ་ཉིད་དང་མི་འགལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྲོ་བ་དང། འགྲོ་བ་གང་གི་བྱ་བ་ཉིད་ཀྱིས་གཞན་གྱི་དོན་དུ་དམྱལ་བར་ཡང་འཇུག་པ་ཞེས་བྱ་བ་རྣམ་པ་དྲུག་ནི་རྩེ་མོར་གྱུར་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །རྟོག ་པ་ལ་ཡིད་ཆེས་པའི་ཆོསྙིད་གཞན་གྱིས་གཞན་དུ་བཀྲིར་མི་བཏུབ་པ་དང། སངས་རྒྱས་ཉིད་ཀྱི་ཐབས་ཤེས་པ་ལ་མཁས་པ་ཉིད་ཀྱིས་ལམ་ལྟར་བཅོས་པ་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་པ་ཞེས་བྱ་བ་རྣམ་པ་གཉིས་ནི་བཟོད་པར་གྱུར་པ་ལ ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང། མ་བྲལ་བས་སྤྱོད་པས་ལས་སངས་རྒྱས་མངོན་པར་དགྱེས་པ་ཞེས་བྱ་བ་རྣམ་པ་གཅིག་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟཌ ་ཏེ། །དེ་ལྟན?་བ་བྱང་ཆུབ་སེམས་དཔའ་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ནི་རྣམ་པ་ཤུ་པོ་འདི་དག་ཏུ་ཤེས་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཕྱིར་མི་ལྡོག་པ ་ཐོབ?་བ?་ལས་མཐོད་པའི་ལམ་གྱི་ཕྱིར་མི་ལྡོག་པ་འབྱུང་བས་དེའི་རྟགས་པར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། མཐོང་བའི་ལམ་ལ་བཟོད་པ་དང། །ཤེས་བའི་སྐད་ཅིག་བཅུ་དྲུག་ནི། བྱང་ཆུབ་སེམས་དཔའ་མེ་ལྡོག་པའི། །མཚན ་ཉིད་ཡིན་བར་ཤེས་པར་བྱ། །ཞེས་བྱ་བའོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་ཆོས་དང་ཞེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་སྐད་གཅིག་མ་བཅུ་དྲུག་ནི་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི ་མཚན་ཉིད་ཡིན་ནོ། །སྐད་ཅིག་མ་རྣམ་པ་བཅུ་དྲུག་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔས་གསུངས་པ། གཟུགས་སོགས་འདུ་ཤེས་ལྡོག་པ་དང། །སེམས་བརྟན་ཐེག་པ་དམན་ངག?་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག ་ཡོངས་སུ་བཟད་པ་ལས། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་པ་སྤྱོད་ལ་མཁས་པ་དང། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང། །འཚོ་བ་རྣམ་པར་དག་ཉིད་དང། །ཕུང་སོགས་པར་ཆད་བྱེད་རྣམས་དང། །ཚོགས་དང་དབང་སོགས་བཅད་པ་ཡི། །གཡུལ་འབྱེད?་སེར་སྣ ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གིས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང། །ཆོས་ཀྱི་དོན་དུ་སྲོག་གཏོང་པ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་པའི ་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། ཞེས་བྱ་བའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མཚན་མར་ཡོངས་སུ་འཛིན་པ་ཕྲ་མོ་ཡང་ལྡོག་པ་དང། སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པས་བླ་ན་མེད་པའི ་བྱང་ཆུབ་ཏུ་སེམས་བརྟན་པ་ཉིད་དང། ཐེག་པ་ཆེན་པོའི་ཆོས་ཁྱད་པར་ཅན་བསྒྲུབས་པས་ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པ་ལས་སེམས་རྣམ་པར་ལྡོག་པ་དང། ཆོས་རབ་ཏུ་རྣམ་པར་འབྱེད་བའི་མཐུས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག ་པ་ལ་སོགས་པར་སྐྱེ་པའི་ཡན་ལག་ཡོངས་སུ་ཟད་པ་ཞེས་བྱ་བ་བཞི་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཡིན་ནོ། །མི་དགེ་བ་དང་བྲལ་བ་ཉིད་ཀྱིས་ལུས་དང་སེམས་ཡང་བ་དང། སེམས་ཅན་གདུལ་བའི་ཐབས་ལ་མཁས་པའི་མཐུས་མངོན་པར་ཞེན་པ་མེད་པར་འདོད ་པ་ལ་བར་སྤྱོད་བ་དང། ཡུལ་གྱི་ཉེས་དམིགས་མཐོང་བས་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང། སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་དམན་པའི་དངོས་པོ་ལུང་སྟོན་པ་ལ་སོགས་པ་མི་བྱེད་པས་འཚོ་བའི་ཡཡོ་བྱད་རྣམ་པར་དག་པ་ཉིད་ཅེས་བྱ་བ་བཞི་ནི་ཀུན་འབྱུང་བའི་རྣམ་པ ་ཡིན་ནོ། །སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བདག?་པ་དང། མི་མཐུན་པའི་ཕྱོགས་བསལ་བ་ཉིད་ཀྱིས་རྟོགས་པའི་བར་ཆད་བྱེད་པའི་ཆོས་རྣམས་ལ ་སྔ་མ་ལྟར་སྦྱོར་བ་ལ་སོགས་པ་སོ་སོར་བཀག་པ་དང། རྣམ་པར་རྟོག་པའི་སྐྱོན་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་ཚོགས་སྦྱིན་པ་ལ་སོགས་པ་ལ་སྦྱོར་བ་ལ་སོགས་པའི་གཏམ་ལ་གནས་པ་སོ་སོར་བཀག་པ་དང། གཟུང་བ་དང་འཛིན་པ་དག་སྤོང་བར་བྱ ་བ་ཉིད་ཀྱི་དབང་པོ་དང་རྟེན་དང་ཡུལ་དང་བདག་གི་སྦྱོར་བ་ལ་སོགས་པའི་གནས་སོ་སོར་བཀག་པ་ཞེས་བྱ་བ་བཞི་ནི་འགོག་པའི་རྣམ་པ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་ཁྱད་པར་རྟོགས་པས་སེར་སྣ་ལ་སོགས་པ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས ་པ་སོ་སོར་བཀག་པ་དང། ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་ཉིད་ཡིན་པས་རྟོགས་པའི་ཆོས་རྡུལ་རྩམ་ཡང་མི་དམིགས་པ་དང། མངོན་པར་ཡིད་ཆེས་པ་ཐོབ་པས་མཁྱེན་པ་ཉིད་གསུམ་གྱི་རང་ཉིད་ཀྱི་བར་ཆད་མེད་པ་ལ་སོགས་པ ་གསུམ་ལ་ངེས་པ་ཉིད་ཀྱི་གནས་པ་དང། གཅིག་ཏུ་གཞོལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཀྱི་དོན་དུ་ལུས་དང་སྲོག་གཏོང་བ་ཞེས་བྱ་བ་བཞི་ནི་ལམ་གྱི་རྣམ་པ་ཡིན་ནོ། །དེ་ལྟར་ན་བཟོད་པ་དང་ཤེས་པ་རྣམས་ཀྱི་སྐད་ཅིག་མ་རྣམ་པ་བཅུ ་དྲུག་གི་རབ་ཏུ་དབྱེ་བས་མཉམ་པར་བཞག་པ་རང་དང་མཐུན་པའི་འབྲས་བུ་དག་པ་འཇིག་རྟེན་པའི་ཡུལ་ཅན་གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པ་ལ་སོགས་པ་བསྐྱེད་བའི་ཕྱིར་མངོན་པར་མ་ཞེན་པའི་རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པ་གང ་ཡིན་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་མཐོང་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་ཡིན་ནོ། །མཐོང་བའི་ལམ་གྱི་ཕྱིར་མི་ལྡོག་པ་ཐོབ་པ་ལས་བསྒོམ་པའི་ལམ་གྱི་ཕྱིར་མི་ལྡོག་པ་འབྱུང་བས་དེའི་མཚན་ཉིད་བཤད་པར་བཞིད་ནས། ་ཁྱད་པར་མ་བཟུང་པར་ཁྱད་པར་ཅན་གྱི་བློ་མི་སྐྱེ་བའི་ཕྱིར་རེ་ཞིག་བསྒོམ་པའི་ལམ་གྱི་ཁྱད་པར་གསུངས་པ། བསྒོམ་པའི་ལམ་ནི་ཟབ་པ་སྟེ། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང། །སྐུར་བའི་མཛའ་ལ་གྲོལ་བ་ཉིད། །ཅེས་བྱ ་པའོ། །གང་གི་ཕྱིར་སྟོང་པ་ཉིད་ལ་ཡང་གཟུགས་ལ་སོགས་པ་མེད་ལ་སྟོང་པ་ཉིད་ལས་གཞན་ཡང་གཟུགས་ལ་སོགས་པ་མེད་པས་གོ་རིམ་བཞིན་དུ་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་ལ་སྒྲོ་འདོགས་པ་དང་སྐུར་པའི་མཛའ་ལས་གྲོལ་བ་ཉིད་གང ་ཡིན་པ་དེ་ནི་ཟབ་མོ་ཉིད་དང་ལྡན་པའི་ཕྱིར་བསྒོམ་པའི་ལམ་ཟབ་པ་ཡིན་ནོ། །དེའི་འོག་ཏུ་ཁྱད་པར་གྱི་གཞི་བསྒོམ་པའི་ལམ་དངོས་གསུངས་པ། ངེS་འབྱེད་ཡན་ལག་དང་མཐོང་བའི་ལམ་དང་བསྒོམ་པའི་ལམ་འདི་ལ། །ཡང་དང་ཡང་དུ་སེམས་པ་དང། །འཇལ་དང ་ངེས་རྟོགས་བསྒོམ་པའི་ལམ། །ཞེས་བྱ་བའོ། །ཏིང་ངེ་འཛིན་གྱི་སྦྱོར་བ་དང། དངོས་དང། རྗེས་ལས་བྱུང་བའི་ཤེས་རབ་ཀྱིས་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཡན་ལག་དང། མཐོང་བའི་ལམ་དང། བསྒོམ་པའི་ལམ་ཉིད་ཀྱི་དོན་ཡང་དང་ཡང ་དུ་སེམས་དཔའ་དང། ཚུལ་ཇི་ལྟ་བ་བཞིན་དུ་འཇལ་བ་དང། ཡང་དག་པར་ངེས་པར་རྟོགས་པ་ནི་བསྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །དེ་ལ་རྣམ་པ་དུ་ཞིག་ཡིན་ཞེ་ན། དེའི་རབ་ཏུ་དབྱེ་བ་གསུངས་པ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང ་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་བྱ་བའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བས་རྣམ་པར་རྟོག་པའི་གཉེན་པོ་བསྒོམ་པའི་ལམ ་དེ་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་ཏེ། འདི་ལྟར་འདོད་པའི་ཁམས་དང། བསམ་གཏན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ་ས་དགུ་ངག་ཏུ་གོ་རིམ་ལྟར་རྣམ་པར་རྟོག ་པ་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམས་རེ་རེ་ཞིང་ཆེན་པོ་དང་འབྲིང་དང་ཆུང་ངུའི་བྱེ་བྲག་གིས་ཐ་དད་པ་རྣམ་པ་དགུ་ཡིན་པའི་ཕྱིར་དེ་དག་གི་གཉེན་པོ་ནི་མུན་པ་ཤིན་ཏུ་ཆེན་པོ་སྣང་བ་ཆུང་དུས་སལ་བ་རང། ཆུང་ངུ་ནི་ཆེན་པོས་སེལ་ཏོ ་ཞེས་བྱ་བའི་བྱེ་བྲག་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱང་རེ་རེ་ཞིང་ཆུང་ངུ་དང། འབྲིང་དང་ཆེན་པོའི་བྱེ་བྲག?་པ།?་ཐ་དད་པ་དགུ་ཡིན་པ་དེའི་ཕྱིར་བསྒོམ?་པའི་ལམ་རབ་ཏུ་དབྱེ་བས་རྣམ་པ་དགུ་ཡིན་པར་བཞེད་དོ། །གལ་ཏེ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་ལ ་བསོད་ནམས་ལ་སོགས་པའི་ཁྱད་པར། ཇི་ལྟར་རུང་ཞེས་དོགས་པ་བསུ་བ་གསུངས་པ། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཅོད?་མ་ཡིན། །ཞེས་བྱ་བའོ། །རྒྱལ་བའི་ཡུམ་དེ་དང་དེ་ལས་བསྒོམ་པའི་ལམ་རྣམ་པ་རེ་རེའི་དབང་དུ ་མཛད་དེ། བསོད་ནམས་གྲངས་མེད་པ་དང། གཞལ་དུ་མེད་པ་དང། ཚད་མེད་པ་སྐྱེ་བར་གསུངས་པ་དོན་དམ་པའི་མཚན་ཉིད་དོན་དང་ཡི་གེ་དང་ཐ་སྙད་དུ་བྱ་བ་མེད་པ་ལ་ཇི་ལྟར་དེ་དག་རྣམ་པར་བཞག་བ་བཟོད་པ་ཡིན་ཞེ་ན། དེའི་ལན་གསུངས་པ། ་ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་བསྟན་པར་ཐུབ་པ་ཞེང། །ཅེས་བྱ་བའོ། །བདེན་ཏོ། ཇི་སྐད་བསྟན་པ་དེ་དག་ནི་དོན་དམ་པ་ཉིད་ཀྱི་དབང་དུ་བྱས་པ་མ་ཡིན་གྱི། ཀུན་རྫོབ་ཏུ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྒྱུ ་མཐུན་པའི་དབང་གིས་བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་ཆེན་པོ་རབ་ཏུ་སྐྱེ་བར་བསྟན་པར་དེ་བཞིན་གཤེགས་པ་བཞད་པ་ཡིན་ནོ། །ཡང་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་གོམས་པ་ཕུལ་དུ་བྱར་ཅི་ཡོད་ཅེས་དོགས་པ་བསུ་བ་གསུངས་པ། དངོས་པོ་བརྗོད ་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང། །བསྒོམ་ཞེས་བྱ་བའི་ལམ་གྱི་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་བྱ་བའོ། གང་གི་ཕྱིར་ཆོས་ཉིད་ཀྱི་ལམ་གྱི་ངོ་བོ་ཉིད་ཀྱིས་ཡང་དག་པར་ན་དེ་ཉིད་དང་གཞན་ཉིད་དང། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཉིད་དུ ་བརྗོད་དུ་མེད་པ་ལ་ནི་མི་མཐུན་པ་དང་མཉེན་པོའི་ཕྱོགས་དང་བྲལ་བ་དང་སྐྱེ་བར་མི་རུང་ངོ། །དེའི་ཕྱིར་བརྗོད་དུ་མེད་པའི་མཚན་ཉིད་ཅན་བསྒོམ་པ་ནི་ཞེས་བྱ་བའི་ལམ་གྱིས་མི་མཐུན་པའི་ཕྱོགས་ཀྱི་ངོ་བོ་ནི་ཅི་ཞིག་འདིར་ལ་རྣམ་པར་བྱེད་པའི་ངོ་བོ ་ཅི་ཞིག་འཐོབ་སྟེ། ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནས་བསྒོམ་པ་ཕུལ་དུ་ཕྱིན་བར་བྱར་མེད་དོ་ཞེ་ན། དེའི་ལན་གསུངས་པ། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །འདི་ནི་འདོད་པའི་དོན་གྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད ་བཞེད། །ཅེས་བྱ་བའོ། །ཇི་ལྟར་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་བླ་ན་མེད་པའི་བྱང་ཆུབ་གང་གིས་ཀྱང་ཁྱབ་པར་དུ་བྱད་མེད་བཞི་སྔོན་དོན་ཁྱད་པར་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་ཆོས་གྱི་སྐུ་ལ་སོགས་པའི་བདག་པོ་ཙམ་གྱིས་གདུལ་བར་བྱ་བ་རྣམས ་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་རྗེས་སུ་མཐུན་པར་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་མཆིན་ཉིད་ཀྱིའི?་འདི་ཡང་བསྒོམ་པས་བློ་བུར་གྱི་དྲི་མ་བྲལ་བའི་སྒོ་ནས་ཀུན་རྫོབ་ཏུ་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཉམས་པ་དང་འཕེལ ་བའི་དོན་སྒྲུབ་པར་བྱེད་དོ། །དོན་དམ་པར་ནི་ཉམས་པ་དང་འཕེལ་བ་དགག་པ་ཉིད་དུ་བཞེད་དོ། །བྱང་ཆུབ་ཉིད་ལ་རྒྱུའི་དོན་བསྒྲུབ་པ་མི་འཐོད་བར་དོགས་པ་བསུ་བ། སེམས་ནི་སྔ་བས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས ་བྱ་བ་གོ?་།ཅི་སེམས་ཁྱད་པར་ཅན་བསྐྱེད་པའི་སྒོ་ནས་མངོན་པར་བྱང་ཆུབ་པར་འགྱུར་རོ་ཞེས་བྱ་བ་སེམས་བསྐྱེད་པ་སྔ་མས་ན་རིགས?་པ་མ་ཡིན་ཏེ། དེ་འདྲེའི་འབྲས་བུར་བྱེད་པ་ཡོངས་སུ་རྫོགས་པ་མི་འཐད་པའི་ཕྱིར་རོ། །ཕྱི་མས་ཀྱང་མ་ཡིན་ཏེ། ་དེའི་མཐུ་ཐམས་ཅད་ནི་སྔ་མའི་མཐར་ཐུགས་པས་དེ་མེད་ན་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་སྔ་ཕྱིར་གྱུར་པ་མང་བོ་ཉིད་ཀྱང་དེ་བྱུང་མ་ཐག་ཏུ་འཇིག་བས་རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱིས་ཕན་ཚུན་འཕྲེལ?་པ་མེད་པའི་ཕྱིར་མ་ཡིན་ཞེ་ན། དེའི་ལན ་གསུངས་པ། མར་མེའི་དཔེ་ཡི་ཆུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བྱ་བའོ། །ཇི་ལྟར་མར་མེའི་མེ་ལྕེ་འབར་བ་ནི་སྐད་ཅིག་མ་གཉིས་པ་ལ་མ་བལྟོས་པ་དང་པོས་སྙིང་པོ་སྲེག་པར་མི་ནུས་ལ། དང་པོ ་ཉིད་ལམ་བལྟོས་པར་གཉིས་པས་ཀྱང་མ་ཡིན་ནོ། །དེ་བཞིན་དུ་འབྲེལ་པ་མེད་པའི་སྔ་མ་དང་ཕྱི་མ་མང་པོ་ཉིད་ཀྱིས་ཀྱང་སྲེག་པར་བྱེད་པ་ཡོད་པ་མ་ཡིན་མོད། འོན་ཀྱང་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་སྐད་ཅིག་མ་དང ་པོ་ལ་སོགས་བས་གཉིས་པ་ལ་སོགས་པའི་རྒྱུའི་ངོ་བོས་ཁྱད་པར་ཡོངས་སུ་བསྐྱེད་པའི་སྒོ་ནས་སྙིང་པོ་ཚིག་བར་བྱེད་པ་བཞིན་དུ། དོན་ཁྱད་པར་ཅན་དུ་སྣང་བའི་མཚན་ཉིད་ཀྱི་སེམས་བསྐྱེད་པ་ཡང་སྔ་མ་དང་ཕྱི་མའི་སྐད་ཅིག་སོ་སོ་བ་དང། མངོན་པར་འབྲེལ་པ་ལས་ནི ་མ་ཡིན་མོད། འོན་ཀྱང་རྒྱུན་འབྲེལ་པ་ཉིད་ཀྱི་བདག་ཉིད་མཐུ་ཕུལ་དུ་ཕྱིན་བར་འགྱུར་པས་སྤོང་བར་བྱ་བ་དང་ཅིག་ཤོས་ཀྱི་ཆོས་བསལ་བ་དང་ཡོངས་སུ་རྫོགས་པའི་སྒོ་ནས་བྱང་ཆུབ་པར་འཐད་པ་ཡིན་ནོ། །དོན་བསྡུ་བ་ནི་དེའི་ཕྱིར་རྣམ་པར་བརྟགས་ན་སྐྱེད་པར ་བྱེད་པ་ལ་སོགས་པ་མི་དམིགས་ན་ཡང་མ་དཔྱད་པར་ཉམས་དགའ་བ་ཉིད་ཀྱི་ངོར་སྐྱེ་བ་ལ་སོགས་པ་རུང་བ་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཡིན་ནོ། །ཟབ་མོ་རྣམ་པ་བརྒྱད་གང་དག་ཡིན་ཞེ་ན། སྐྱེ་བ་ལ་སོགས་པ་ཡུལ་བརྒྱད་ལ་ཟབ་པ་གསུངས་པ། སྐྱེ ་བ་དང་ནི་འགག་པ་དང། །དེ་བཞིན་ཉིད་དང་ཤེས་བྱ་དང། །ཤེས་དང་སྤྱོད་དང་གཉིས་མེད་དང། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་བྱ་བའོ། བཤད་མ་ཐག་བའི་ཚུལ་གྱིས་སྐད་ཅིག་མ་སྔ་མ་དང་ཕྱི་མ་ངག་གིས་ཀྱང་མ་ཡིན་ཞིང། ངོ་བོ་ཉིད་མེད ་པས་ཀྱང་མ་ཡིན་ལ། །འོན་ཀྱང་བསྒོམས་པས་རྟོགས་པའི་དོན་ཁྱད་པར་དུ་འཕགས་པ་སྐྱེད་དོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐྱེ་བ་ཟབ་པ་དང། དངོས་པོ་ཐམས་ཅད་བྱུང་བ་ཉིད་ནས་རང་བཞིན་གྱི་ངོ་བོ་ཉིད་མེད་ལ་འགག་གོ་ཞེས་བྱ་བ་འགག་པ་ཟབ ་པ་དང། གནས་སྐབས་ཐམས་ཅད་དུ་གོམས་ཀྱང་མངོན་དུ་མི་བྱེད་དོ་ཞེས་བྱ་བ་དེ་བཞིན་ཉིད་ཟབ་པ་དང། དེ་ཁོ་ནའི་རང་བཞིན་ཉིད་ཟབ་བ་དང། དེ་ཁོ་ནའི་རང་བཞིན་ཤེས་པར་བྱ་བའི་ཆོས་ཐམས་ཅད་སྦྱིན་པ་ལ་སོགས་པ་རྣམ་པ་དུ་མ་རྗེས་སུ་བསྒྲུབ་པོ་ཞེས ་བྱ་བ་ཤེས་བྱ་ཟབ་པ་དང། དེ་བཞིན་ཉིད་ཀྱིས་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་བ་ཤེས་པ་ཟད་པ་དང། དོན་དམ་པར་སྤྱོད་པ་མེད་པ་ཉིད་སྤྱོད་པ་ཡིན་ནོ་ཞེས་བྱ་བ་སྤྱོད་པ་ཟབ་བ་དང། ཆོས་ཐམས་ཅད་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་བསྒྲུབ་པོ་ཞེས ་བྱ་བ་ནི་གཉིས་སུ་མེད་བ་ཟབ་པ་དང། རྣམ་པར་ཐར་པ་ལ་སོགས་པའི་ཏིང་ངེ་འཛིན་མི་སྤོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པ་དེའི་འབྲས་བུ་སངས་རྒྱས་ཉིད་ཐོབ་པར་བྱད་མེད་པ་ཞེས་བྱ་བ་ཐབས་ལ་མཁས་པ ་ཟབ་པ་སྟེ། བསམ་གྱིས་མི་ཁྱབ་བའི་རྣམ་པར་ཐར་པ་ཐོབ་པའི་སྒོ་ནས་ཕན་ཚུན་འགལ་བའི་དོན་བསྒྲུབ་པ་ལྟ་བུར་རྟོགས་པར་དཀའ་བའི་ཕྱིར་ཟབ་པ་བརྒྱད་ཡིན་ནོ། །སློབ་པ་ཕྱིར་མི་ལྡོག་པའི་ཆོས་ཐོབ་པས་འབྲས་བུ་སངས་རྒྱས་ཉིད་འཐོབ་པར་བྱ་དགོས ་པས་དེའི་རྒྱུ་ཐུན་མོང་མ་ཡིན་པ་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་གསུངས་པ། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ལས་མེད་ལ་སོགས་ཀླན་ཀ་ཡི་།ལན་ནི་ཇི་སྐད་བཤད་པར་ཟད། །ཅེས་བྱ་བའོ། །མི་མཐུན་པ་དང། ་གཉེན་པོའི་ཆོས་ཐམས་ཅད་སྣང་བརྙན་ཙམ་དུ་བསྒོམས་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་ནི་རྨི་ལམ་དང་འདྲ་བ་ཉིད་དུ་རྟོགས་ཏེ། དེའི་ཕྱིར་དེ་གཉིས་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོགས་པས་མཉམ?་པ་ཉིད་དོ། །གལ་ཏེ་རྨི་ལམ་དང་འདྲ་བ་ཉིད ་ཡིན་ན་གཉིད་མ་ལོག་པའི་གནས་སྐབས་ན་ཡང་མི་དགེ་བ་དང་སྦྱིན་པ་ལ་སོགས་པའི་ལས་ལ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གླན་ཀ་རྣམས་ཀྱི་ལན་ནི་ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ལུགས་ལ་དོན་དམ་པར་གང་གིས་གང་བསད་པ་ལ་སོགས་པ ་མེད་ཀྱང་སྲོག་གི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ་སོགས་པ་ལ་སོགས་པར་རྟོག་པའི་སྒོ་ནས་སྲོག་གཅོད་པ་ལ་སོགས་པར་རྣམ་པར་འཇོག་པ་དེ་བཞིན་དུ། དངོས་པོ་རྨི་ལམ་དང་འདྲ་བ་ལ་ཡང་ཕྱིན་ཅི ་ལོག་གི་འཆིང་བ་མཛའ་དག་མ་ཉམས་པ་རྣམས་ལ་དེ་དང་མཐུན་པའི་དོན་གྱི་དངོས་པོ་ལ་སོགས་པར་རྟོག་པའི་མངོན་པར་ཞེན་པར་འགྱུར་བའི་ཕྱིར་དང། གཞན་ཡང་རྨི་ལམ་ན་དགེ་བ་དང་མི་དགེ་བའི་རྣམ་པ་སྤྱད་པ་ཉིད་ཀྱང་རྗེས་སུ་གནས་སྐབས་ཀྱི ་སེམས་ཀྱིས་མངོན་པར་ཞེན་པའི་གསོས་བཏབ་ན་དོན་ཅི་འདྲ་བ་ཉིད་ཀྱི་འབྲས་བུར་ཡང་འགྱུར་བས་དཔེ་མ་གྲུབ་པ་ཡིན་ནོ་ཞེས་མདོ་སྡེ་དང་དེའི་ཕྱོགས་ལས་ཇི་སྐད་བཤད་པར་ཟད་དོ། །དེ་ལྟར་མཉམ་པ་ཉིད་རྣམ་པར་བསྒོམས་པ་ནི་རང་གི་ཞིང ་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྤྱོད་པ་གསུངས་པ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བསྒྲུབས་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད ་ཅེས་བྱ་བའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་སངས་རྒྱས་ཀྱི་ཞིང་བརྟེན་པ་དང་རྟེན་རྣམ་པ་གཉིས་ལ་གོ་རིམ་བཞིན་དུ་བཀྲས་པ་དང་སྐོམ་པ་ལ་སོགས་པ་ཉིད་ཀྱིས་མ་དག་པའི་གཉེན་པོ་བཟའ་བ་དང་བཏུང་བ་ལ་སོགས་པ་གྱ ་ནོམ་པ་བྱིན་ཏེ་ལྷའི་ཉེ་བར་སྤྱད་པ་ལ་སོགས་པ་སྨོན་ལམ་གྱིས་རྗེས་སུ་བསྒྲུབ་པ་དང། དམ་གྲོག་དང་གཡང་ས་ལ་སོགས་པས་མ་དག་པའི་གཉེན་པོར་ཁང་བཟང་ལ་སོགས་པ་བྱིན་པས་གསེར་གྱི་ས་ཕྱོགས་ལ་སོགས་པ་མངོན་པར་བསྒྲུབ་པར ་སྨོན་ལམ་གྱིས་རྗེས་སུ་མཐུན་པར་བྱེད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡོངས་སུ་སྤྱོད་པའོ། །རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ནི་སྐལ་པ་ཇི་ལྟ་བ་བཞིན་སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་བསྒྲུབ་པར་བྱ་དགོས་པས་དེའི ་རྒྱུ་ཐབས་ལ་མཁས་པ་གསུངས་པ། ཡུལ་དང་སྦྱོར་བ་ཅན་འདི་ནི། །དགྲ་རྣམས་ལས་ནི་འདས་པ་དང། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང། །མཆགས་པ་དང་མི་དམིགས་དང། །མཚན་མ་སྨོན་ལམ་ཟད་པ་དང། །དེ་ཡི་རྟགས་དང ་མཚན་མེད་དང། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བྱ་བའོ། །བར་ཆད་ཀྱི་ཆོས་ལས་ཡང་དག་པར་འདའ་བའ་ཨི་རྒྱུ་ལ་ལེགས་པར་སྦྱངས་པས་ལྷ་ལ་སོགས་པའི་བདུད་ལས་འདས་པ་དང། ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་བསྒོམས་པས་སྟོང ་བ་ཉིད་རྟོགས་ཀྱང་མངོན་སུམ་དུ་མི་བྱེད་པས་མི་གནས་པ་དང། སྨོན་ལམ་གྲུབ་པ་ཉིད་ཀྱིས་གཞན་གྱི་དོན་ཐམས་ཅད་མངོན་གྱི་ཤུགས་ཀྱིས་འཕངས་པ་བྱེད་པ་དང། དཀའ་བ་སྤྱད་པ་ཐམས་ཅད་ཤིན་ཏུ་གོམས་པ་ཉིད་ཀྱིས་རྣམ་པར་ཐར་པ་ལ ་སོགས་པ་སྒོམ་པ་ཐུན་མོང་མ་ཡིན་པ་དང། ཆོས་དཀར་པོ་རྣམ་པར་དག་པས་རྣམ་པར་ཐར་པ་ལ་སོགས་པ་ལ་འཇུག་ཀྱང་མྱ་ངན་ལས་འདས་པ་ལ་མ་ཆགས་པ་དང། སེམས་ཅན་རྣམས་ཀྱི་དམིགས་པའི་འདུ་ཤེས་སྤང་བའི་དོན་དུ ་རྣམ་པར་ཐར་པཱི་སྒོ་སྟོང་པ་ཉིད་ཀྱིས་མི་དམིགས་པ་དང། སེམས་ཅན་རྣམས་ཀྱི་མཚན་མའི་འདུ་ཤེས་སྤང་པའི་དོན་དུ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང། སེམས་ཅན་རྣམས་ཀྱི་སྨོན་པའི་འདུ་ཤེས་སྤང་བའི་དོན་དུ་རྣམ་པར་ཐར་པའི་སྒོ ་སྨོན་པ་མེད་པ་དང། །དྲི་བ་མངོན་དུ་བཏང་བས་ཕྱིར་མི་ལྡོག་པའི་ཆོས་ཡང་དག་པར་བརྗོད་པ་ཉིད་ཀྱིས་ཕྱིར་མི་ལྡོག་པའི་རྟགས་དང། ཡུལ་ཚད་མེད་པ་ཐམས་ཅད་ཤེས་པ་ཉིད་ཀྱིས་ཚད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་རྣམ་པ་བཅུ་མངོན ་སུམ་དུ་བྱ་བ་ལ་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་ཐབས་ལ་མཁས་པ་རྣམ་པ་ཅུ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་བཞི་པའི་འགྲེལ ་པའོ།། །།ད་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་དེ་ཉིད་རབ་ཏུ་མཐར་ཕྱིན་པའི་རྩེ་མོའི་མངོན་པར་རྟོགས་པ་བཤད་པར་བཞེད་དེ། །དང་པོར་རེ་ཞིག་ངེས་པར་འབྱེད་པའི་ཆ་ངང་མཐུན་པ་དང་པོ་དྲོ་བར ་གྱུར་བའི་རྩེ་མོ་གསུངས་པ། རྨི་ལམ་མ་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་བྱ་པའོ། །ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས ་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་པ་ལ་སོགས་པར་ལྟ་བ་དང། སྲིད་བ་ཉིད་དང་ཉན་ཐོས་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་མི་སྐྱེད་པ་དང། བདག་ཉིད་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ ་དམིགས་པ་དང། །དེ་བཞིན་དུ་སངས་རྒྱས་ལ་སོགས་པ་ཆོས་སྟོན་པ་ཉེ་བར་མཐོང་བ་དང། ཡང་པ་ལ་སོགས་པ་རྣམ་པ་མང་པོ་འབྱུང་བས་མི་སྐྲག་ཅིང་སང་ནས་ཆོས་ཐམས་ཅད་རྨི་ལམ་ལྟར་མོས་པ་དང། དམྱལ་བ་ལ་སོགས་པའི ་སེམས་ཅན་མཐོང་བ་མངོན་དུ་འགྲོ་བས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་དང། རྨི་ལམ་མམ་རྨི་ལམ་མ་ཡིན་པར་གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབས་འགྲུབ་པ་དང། འབྱུང་བོ ་ལ་སོགས་པ་མི་མ་ཡིན་པས་ཟིན་པ་ལ་མེད་པར་བྱེད་པའི་བདེན་པའི་ཚིག་རབ་ཏུ་འགྲུབ་པ་དང། རྨི་ལམ་ལས་གཞན་དུ་རང་གི་མངོན་པར་ཤེས་པས་ཕ་རོལ་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ ་རྫོགས་པར་འདོད་པས་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང། ཤེས་རབ་ཆགས་པ་མེད་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དབེན་པར་ལྟ་བ་དང། གཟུགས་ལ་སོགས་པ་ལ་མི་སྤྱོད་པའི ་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་པ་སྟེ། རྣམ་པ་བཅུ་གཉིས་ནི་དྲོ་བར་གྱུར་པ་ཉིད་ཀྱི་རྩེ་མོ་མངོན་པར་རྟོགས་པ་ཐོབ་པའི་མཚན་ཉིད་རྟགས་ཀྱི་ཁྱད་པར་ཡིན་ནོ། །རྟགས་དེ་དག་ཐོབ་པ་ལས་རྣམ་པར་འཕེལ? ་བ་འབྱུང་བས་རྩེ་མོར་གྱུར་པའི་མཚན་ཉིད་རྣམ་པར་འཕེལ་བ་གསུངས་པ། འཛམ་བུའི་གློང་གི་སྐྱེ་བོ་སྙེད། །སངས་རྒྱས་ཆོས་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་བྱ་བའོ། །རྒྱལ་པའི་ཡུམ ་དག་ལས་ཇམ་བུའི་གླིང་ལ་སོགས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བས་ཆེས་ལྷག་པ་དང། དེ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིད་ལ་བྱེད་པས་བརྩོན་པ་དང། ཆོས ་ཐམས་ཅད་འཕེལ་བ་དང་འགྲིབ་པ་མེད་པས་མི་སྐྱེ་བའི་ཆོས་ལ་བཟོང་པ་ཐོབ་པ་དང། མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་བྱེད་པའི་ཆོས་མི་དམིགས་པ་དང། དེ་ཉིད་དང་ལྡན་པས་དགེ་བ་བཅུ་ལ་སོགས་པ་སྤྱོད་པ་དང། དེ་ལྟར་སྤྱོད་པ་ལ ་ལྷའི་རིས་ཐམས་ཅད་འཁོར་དུ་འོང་ཞིང་ཉེ་བར་བསྲུང་བ་དང། བདུད་ཐམས་ཅད་མྱ་ངན་གྱི་ཟུག་རྔུས་ནོན་པར་བྱེད་པ་དང། སྐྱེ་བོ་རྣམས་ལ་སྟོན་པ་དང་མཚུངས་པར་གནས་པ་ཞེས་བྱ་བ་རྣམ་པར་འཕེལ་བ་བརྒྱད་དང། ཡང་རྣམ་པ་ཐམས་ཅད་དུ ་ཐབས་ལ་མཁས་པས་བསླབ་པ་ཡོངས་སུ་དག་པ་དང། སངས་རྒྱས་ཁོ་ནའི་རིགས་ཅན་དུ་ངེས་པར་ལ་གྱུར་བ་ཉིད་དང?། འབྲས་བུ་སངས་རྒྱས་ཉིད་ཡང་དག་པར་འཐོབ་པའི་རྒྱུ་མཚན་དང། ཕ་རོལ་ཏུ་ཕྱིན་པ་རྣཾ་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི ་སེམས་མི་སྐྱེ་བ་དང། གཟུགས་ལ་སོགས་པ་དང་ལྡན་པར་རྟོགས་པའི་སེམས་མི་སྐྱེ་བ་དང། ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་པ་རབ་ཏུ་ཤེས་པ་དང། ཐེག་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཐོབ་པ་དང། ཕུན་སུམ་ཚོགས་པ་ཉིད་དང་ཡུལ ་དང་བྱེད་པ་ལ་སོགས་པ་མི་དམིགས་པར་སྤྱོད་པ་ཞེས་བྱ་བ་རྣམ་པར་འཕེལ་བ་གཞན་རྣམ་པ་བརྒྱད་དེ། ཐོག་མར་སེམས་ཅན་དཔག་ཏུ་མེད་པས་མེ་ཏོགས་ལ་སོགས་པས་སངས་རྒྱས་རྣམས་མཆོད་པའི་དགེ་བ་ལ་སོགས་པ ་རྣམ་པ་རབ་ཏུ་མང་པོ་དཔེར་མཛད་ནས་གོང་ནས་གོང་དུ་བསོད་ནམས་ཁྱད་པར་དུ་འཕགས་པ་གནས་སྐབས་བཅུ་དྲུག་གིས་མཚོན་པའི་ངོ་བོ་ཉིད་ནི་རྩེ་མོར་གྱུར་པ་ཉིད་རྣམ་པར་འཕེལ་བའི་ཁྱད་པར་ཡིན་ནོ། །རྣམ་པར་འཕེལ་བ་ཐོབ་པ་ལས་ངེས ་པར་བརྟན་པ་འབྱུང་བས་བཟོད་པར་གྱུར་པའི་མཚན་ཉིད་ངེས་པར་བརྟན་པ་གསུངས་པ། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ་།བརྟན་པ་ཞེས་ནི་མངོན་པར ་བརྗོད། །ཅེས་བྱ་པའོ། །ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་ཇི་སྐད་བཤད་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཆོས་སྤྱིའི་མཚན་ཉིད་གསུམ་གྱིས་ཡོངས་སུ་རྫོགས་པའི་མོས་པ་བླ་ན་མེད་པ་ཉིད་དང། དེ་ལྟར་མི་རྟོག ་པའི་རྟོགས་པ་གནས་སྐབས་ན་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བས་ཅི་ནས་ཀྱང་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བར་སྒྲུབ་པ་ནི་བཟོད་པར་གྱུར་པ་ཉིད་ཀྱི་རྩེ་མོ་མངོན་པར་རྟོགས་པའི་མཚན་ཉིད་ངེས་པར་བརྟེན་པའི་ཁྱད་པར ་ཡིན་ནོ། །ངེས་པར་བརྟན་པ་ལས་སེམས་ཀུན་ཏུ་གནས་པར་འགྱུར་བས་ཆོས་ཀྱི་མཆོག་ཏུ་གྱུར་པའི་མཚན་ཉིད་སེམས་ཀུན་ཏུ་གནས་པ་གསུངས་པ། གླིང་བཞི་པ་དང་སྟོང་དག་དང། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། ། ་བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་ངེས་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་པའོ། །གླིང་བཞི་པ་དང། སྟོང་དང། སྟོང་གཉིས་པ་དང། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་རི་རབ་དང་རྒྱ་མཚོ་ལ་སོགས་པ་ནི་སྲང་ལ ་གཞལ་བ་དང། སྐྲའི་རྩེ་མོའི་ཐིགས་པ་ལ་སོགས་པས་ཚང་བཟུང་དུ་རུང་གིས་ཞེས་སོ་སོར་དཔེར་མཛད་ནས་དེ་ལས་ཁྱད་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་མཚད་ཉིད་བརྗོད་པ་ནི་ཆོས་ཀྱི་མཆོག་ཏུ་གྱུར་པ་ཉིད་ཀྱི ་རྩེ་མོ་མངོན་པར་རྟོགས་པ་ཐོབ་པའི་མཚན་ཉིད་སེམས་ཀུན་ཏུ་གནས་པའི་ཁྱད་པར་ཡིན་ནོ། །ངེས་པར་འབྱེད་པའི་ཚད་དང་མཐུན་པའི་རྩེ་མོ་ཐོབ་པས་མཐོང་བའི་ལམ་གྱི་རྩེ་མོ་འབྱུང་བས་དེ་ལ་མི་མཐུན་པའི་ཕྱོགས་དངོས་སུ་བསྟན་པས་གཉེན་པོ་དང་བཅས ་བ་རྣམ་པ་བཞི་འཆད་པར་མཛད་པ་ན། །རེ་ཞིག་མི་མཐུན་པའི་ཕྱོགས་བཟུང་བར་རྣམ་པར་རྟོག་པ་གཉིས་པོ་མདོར་གསུངས་པ། འཇུག་པ་དང་ནི་ལྡོག་པ་ལ། གཟུངས་པའི་རྣམ་རྟོག་སོ་སོར་དེ་།དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད ་དག་ཤེས་བྱ། །ཞེས་བྱ་པའོ། །འཇུག་པའི་རྟེན་ཅན་མི་དམིགས་པའི་བདག་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བླང་བ་དང། ལྡོག་པའི་རྟེན་ཅན་དམིགས་པའི་བདག་ཉིད་ཉན་ཐོས་པའི་ཆོས་འདོར་བའི་སྒོ་ནས་གཟུང་བའི་ཞེས་རྣམ་པར་རྟོག་པ་ངོ་བོ ་ཉིད་དམན་པ་ལ་སོགས་པ་ཡུལ་གྱི་དབྱེ་བས་སོ་སོར་རྣམ་པ་དགུའི་བདག་ཉིད་དེ། དོན་ཇི་ལྟ་བ་བཞིན་དང་མ་འགྲེལ་པ་འཇུག་པ་ཉིད་ཀྱིས་ཕྱིན་ཅི་ལོག་ཏུ་སྣང་པའི་ཕྱིར་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་འཛིན་པའི ་རྣམ་པར་རྟོག་པ་གཉིས་འདོར་གསུངས་པ། སོ་སོའི་སྐྱེ་བོ་འཕགས་དབྱེ་པས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད་།དེ་དག་སོ་སོ་རང་གུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར ་འ་དང། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བའོ། །སོ་སོའི་སྐྱོ་བའི་དབང་དུ་བྱས་ནས་གང་ཟག་རྫས་སུ་ཡོད་པ་དང། འཕགས་པ་རྣམས་ཀྱི་དཔང་དུ་བྱས་ནས་སྐྱེས་བུ་བཏགས་པར་ཡོདཔའ་ཨི་རྟེན་ཅན་གྱི་སྒོ་ནས ་འཛིན་པའོ་ཞེས་རྣམ་པར་རྟོགས་པ་འཛིན་ཅིང་འདོར་བ་དང་ངེས་པར་འབྱུང་བ་མཆོག་མ་ཡིན་པ་ལ་སོགས་པའི་ཡུལ་གྱི་དབྱེ་བ་སོ་སོར་རྣམ་པ་དགུའི་བདག་ཉིད་དེ། དེ་དག་ཀྱང་དོན་ཇི་ལྟ་བ་བཞིན་འཇུག་ཕམ་ཡིན་པའི་ཕྱིར་གང་གི་ཚེ་དེ ་དག་གི་ཡུལ་གྱི་དངོས་པོ་དག་དེ་བཞིན་དུ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་པས་དེའི་བློ་དེ་དག་གིས་འཛིན་པར་འདོད་པར་བྱེད། དེ་བས་ན་མི་མཐུན་པའི་ཕྱོགས་རྣམ་རྟོག་པ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་དེ་དག་འཛིན་པའི་ངོ་བོས་དབེན་པའི་མཚན་ཉིད་ཡིན་ཏེ ་འདི་ནི་སྔ་མའི་སྐབས་སུ་ཡང་ཉེ་བར་སྦྱར་བར་བྱའོ། །དེའི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དེ་དག་ཉིད་རྒྱས་པོར་སྟོན་པ་ལས་རེ་ཞིག་གཟུང་བའི་རྣམ་པར་རྟོགས་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་དགུ་གང་ན ་ན། ངོ་བོ་ཉིད་དང་རིག་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང། །ཤེས་པའི་དམིགས་པ་མ་འཁྲུལ་དང། །གཉེན་པོ་མི་མཐུན་ཕྱོགས་དག་དང། །རང་གི་རྟོགས་དང་བྱེད་པ་དང། །དེའི་ལས་བྱེད་པ་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། ་རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་བྱ་བའོ། །ལམ་དག་འབྲས་བུ་དབེན་བས་དབེན་པར་མ་རྟོགས་པས་ངོ་བོ་ཉིད་དང། འབྲས་བུ་མཆོག་དང་དམན་པ་ལ་རིང་པ་དང་ཉེ་བའི་རྒྱུ་ཉིད་ཀྱིས་ཐེག་པ་ཆེན་པོའི་རིགས་དང། དེ་ལ་རྟེན་ནས་སྒྱུ་མ་ལྟ་བུ་རྟོགས ་པས་མཐོང་བ་པ་སོགས་པའི་ལམ་ཡང་དག་པར་འགྲུབ་པ་དང། སྣང་བརྙན་ཙམ་དུ་ཟད་པས་ཤེས་པའི་དམིགས་པ་མ་འཁྲུལ་པ་དང། ཡོན་ཏན་དང་སྐྱོན་མཐོང་བ་མངོན་དུ་འགྲོ་བས་བླང་བ་དང་དོར་བར་བྱ་བ་ཉིད་ཀྱིས་གཉེན་པོ་དང་མི་མཐུན་པའི། ་ཕྱོགས་དང། དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རང་གིས་རྟོགས་པ་དང། སྨོན་ལམ་ཡོངས་སུ་རྫོགས་པ་ཉིད་ཀྱིས་གཟུགས་ཀྱི་སྐུ་དག་གིས་གཞན་གྱི་དོན་བྱེད་པ་དང། ལྷུན་གྱིས་གྲུབ་པ་ཉིད་ཀྱིས་ཚོ་འཕྲུལ་གསུམ་པ་བདག་གིར་བྱ་བ་ལས་དང། ་ཡང་དག་བའི་ཐབས་ལ་མཁས་པའི་སྟོབས་ཀྱི་ཐེག་པ་གསུམ་ལ་འགོད་པར་བྱ་བའི་འབྲས་བུར་སྐྱོན་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ་ཞེས་བྱ་པ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་རྣཾ་པ་དགུར་བཞེད་དེ། །དེ་དག་ནི་མཐོང་བའི་ལམ་གྱི ་སྦྱོར་བའི་གནས་སྐབས་ཀྱིས་སྤང་པར་བྱ་བ་ཡིན་ནོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དགུ་པོ་གང་ཞེ་ན། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོག་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང ་ལམ་གྱི་རྣམ་པ་མ་ཚང་དང། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང། །ཆེང་དུ་བྱ་བ་ལོག་པ་དང། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི་།ལྡོག ་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལ་འབྱུང། །ཞེས་བྱ་བའོ། །ཤེས་པར་དང་སྙིང་རྗེ་དང་བྲལ་བས་འཁོར་པ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱི་རྟོགས་པ་དམན་པ་དང། །དགེ་བའི་བཤེས་གཉེན་ལ་སོཌ ་པ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པ་དང། ཤེས་བྱའི་སྒྲིབ་པ་མཛའ་དག་གི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ལམ་གྱི་རྣམ་པ་མ་ཚང་བ་དང། །སངས་རྒྱས་ལ་སོགས་པའི་གང་མས་དག་ལ་བལྟོས་པ་ཉིད་ཀྱིས་གཞན་གྱི་རྐྱེན་གྱིས་འགྲོ་བ་དང། ཇི་སྐད ་བཤད་པའི་སེམས་ཆེན་པོ་ཉིད་ལ་སོགས་པ་ལ་མི་འཇུག་པ་ཉིད་ཀྱིས་ཆེད་དུ་བྱ་བ་ལོག་པ་དང། ཉོན་མོངས་པའི་སྒྲིབ་པ་ཁོ་ནའི་གཉེན་པོར་ཟང་པ་ཉིད་ཀྱིས་ཉི་ཆེ་བ་དང། །ཆོས་ཐམས་ཅད་རོ་གཅིག་པར་མ་གཏོགས་པ་ཉིད་ཀྱིས་འབྲས་བུ་བཞི་ལ་སོགས་པ ་རྟོགས་པ་ཐ་དད་པ་དུ་མ་དང་ལ་བོར་གསུམ་ཀུན་ནས་མི་རྟོགས་པ་ཉིད་ལ་རྨོངས་པའམ་མ་རིག་པའི་བག་ལ་ཉལ་བ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་གནས་པ་དང་འགྲོ་བ་ནི་ཤེས་པ་དང། ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱ་ངན་ལS ་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་འགྲོ་བ་རྣམས་ཉེས་པ་དང་བཅས་པའི་ཀྱིས་ལྡོག་པར་བྱ་བ་རྣམས་ལ་དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བ་རྣམ་པ་དགུ་སྟེ། དེ ་དག་ནི་མཐོང་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དགུ་པོ་གང་ཞེ་ན། འཛིན་པ་དང་ནི་འདོར་བ་དང། །ཡིད་ལ་བྱེད་དང་ཁམས ་རྣམས་ནི། ?་།གསུམ་པོ་དག་དང་ཉེ་འགྲེལ་དང། །གནས་དང་མངོན་པར་ཞེན་པ་དང། །ཆོས་ཀྱི་དངོས་པོ་བཏགས་པ་དང། །ཆགས་པ་དང་ནི་གཉེན་པོ་དང། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་བྱ་བའོ། ་དོན་རྣམས་བླང་བ་དང་དོར་བའི་བདག་ཉིད་ཀྱིས་བྱེད་པ་པོར་དམིགས་པས་འཛིན་པ་དང་འདོར་བ་དང། དངོས་པོ་རྣམས་ལ་བདེན་པར་འཛིན་ཉིད་ཀྱིས་ཡིད་ལ་བྱེད་པ་དང། རྒྱུར་མངོན་པར་ཞེན་པ་དང་བཅས་པའི་འབྲས་བུ་ཁམས་གསུམ་དང་འབྲེལ་བ ་དང་། གཟུགས་ལ་སོགས་པ་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པས་དེ་དག་ལ་གནས་པ་དང། དོན་གྱི་རྣམ་པ་ཕྱི་རོལ་དུ་ཡོངས་སུ་འཛིན་པ་ཉིད་ཀྱིས་མངོན་པར་ཞེན་པ་དང། དེའི་དོན་ལ་ཐ་སྙད་ཀྱི་བརྡ་ཉེ་བར་སྦྱོར་བ་ཉིད་ཀྱིS་ཆོས་ཀྱི ་དངོS་པོ་བཏགས་པ་དང། མི་མཐུན་པའི་ཕྱོགས་ཀྱི་ཡུལ་རྣམས་ལ་མཚན་པར་བྱེད་པས་ཡོངས་སུ་ཆགས་པ་དང། མི་རྟག་པ་དང་སྡུག་བསྔལ་ལ་སོཌ་པ་ལ་ལམ་དུ་ལྟ་བ་ཉིད་ཀྱིS་གཉེར་པོར་ཞེན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས ་པས་ཇི་ལྟར་འདོད་པ་ལྟར་བྱང་ཆུབ་ཏུ་འགྲོ་བར་མི་ནུས་པ་རྣམས་ལ་དོན་དམ་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་འཛིན?་རྣམ་པར་རྟོག་པ་གང་ཟག་རྫས་སུ་འཛིན་པའི་རྣམ་པ་དགུ་སྟེ། །དེ་དག་ནི་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང ་བར་བྱ་བ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་དགུ་གང་ཞེ་ན། ཆེད་བཞིན་ངེས་པར་མི་འབྱུང་དང། །ལམ་ལ་ལམ་མིན་ངེས་འཛིན་དང། །འགོག་དང་བཅས་པའི་སྐྱེ་བ་དང། །དངོས་པོ་ལྡན་དང ་མི་ལྡན་དང། །གནས་དང་རིགས་ནི་འཇིག་པ་དང། །དོན་དུ་གཉེར་དང་རྒྱུ་མེད་དང། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་བྱ་བའོ། །ཉན་ཐོས་ལ་སོགས་པའི་འབྲས་བུར་ངེས་པར་འབྱུང་བ་ཉིད་ཀྱི་ཆེད་དུ་བྱ་བ་ཇི་ལྟ་བ ་བཞིན་ངེས་པར་མི་འབྱུང་བ་དང། རང་གི་དོན་མངོན་པར་འདོད་པའི་ལམ་མེད་པས་ལམ་གཞན་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་དང། དངོས་པོ་ཐམས་ཅད་ཡང་དག་པར་བཀག་པ་ཉིད་ཀྱིས་སྐྱེ་བ་དང་བཅས་པར་འཛིན་པ་དང། བར་ཆད་མེད་པ་དང ་ཅིག་ཤོས་སུ་སྣང་བ་ཉིད་ཀྱིས་དངོས་པོ་མཛའ་དག་ལྡན་པ་དང་མི་ལྡན་པ་དང། ནམ་མཁར་གནས་པའི་བྱ་ལ་སོགས་པ་དང་འདྲ་བ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་གནས་པ་དང། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡང་དག་པར་སྤྱད་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི ་རིགས་འཇིག་པ་དང། དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པའི་ཕྱིར་སྙིང་པོ་བྱང་ཆུབ་ལ་སོགས་དོན་དུ་གཉེར་བ་མེད་པ་དང། དོན་དམ་པའི་མཚན་ཉིད་ལ་བརྟེན་ནས་ཡོན་ཏན་འགྲུབ་པར་བྱེད་པའི་རྒྱུ་མེད་པ་དང། ཤེས་རབ་ཡོངས་སུ་ཉ་མ ་ཆུང་བ་ཉིད་ཀྱིས་བདུད་ལ་སོགས་པའི་ཕྱིར་རྒོལ་བ་དམིགས་པ་རྣམས་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་འཛིན་པར་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་རྣམ་པ་དགུ་སྟེ། དེ་དག་ནི་མཐོང་རྨི?་ལམ་གྱི་སེམས་དང ་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤྱད?་བར་བྱ་བ་ཡིན་ནོ། །དེ་ལྟར་ན་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ནི་དགུ་ཕྲག་རྣམ་པ་བཞི་ཡིན་པས་དེ་དག་ཉིད་ཀྱི་གཉེན་པོ་ཡང་དགུ་ཕྲག་རྣམ་པ་བཞི་རབ་ཏུ་དབྱེ་བ་ཁོང་དུ་ཆུད་པར་བྱའོ ་དེའི་འོག་ཏུ་མཐོང་བའི་ལམ་དེ་ཉིད་རྒྱུ་གང་དང་བཅས་པས་བྱང་ཆུབ་ཆེན་པོར་སྒྲུབ་པར་བྱེད་པ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། བྱང་ཆུབ་ལ་གཞན་སྟོན་པ་དང། །དེ་ཡི་རྒྱུ་ནི་ཡོངས་གཏོང་ཉིད། །དེ་འཐོབ་པར ་ཆད་མེད་བའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་བྱ་བའོ། །བདག་ཉིད་མཐོང་བའི་ལམ་ལ་གནས་ནས་གཞན་ལ་དེ་དག་ལ་སོགས་པ་བསྟན་པས་རྫོགས་པའི་བྱང་ཆུབ་ལ་འགོད་པ་དང། བྱང་ཆུབ་ཀྱི་རྒྱུ་ཁོ་ནར་གདུལ་བྱ་བ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་སོ་སོར་གཏོང་བ་དང། བྱང་ཆུབ་འཐོབ་པ་ལ་བར་ཆད་མེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གིས་བསྒོམ་པ་ལ་སོགས་པ་བསོད་ནམས་ཆེན་པོའི་མཚོན ་ཉིད་དེ། དེའི་རྒྱུ་ཚོགས་ནི་རྣམ་པ་གསུམ་ཡིན་ནོ། །རྒྱུ་དེ་ལྟ་བུ་ལས་ཐོབ་པའི་བྱང་ཆུབ་དེ་ཉིད་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་འབྲས་བུའི་བདག་ཉིད་བྱང་ཆུབ་ཆེན་པོ་གསུངས་པ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དང་གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་བྱ་བའོ། །གང་གི་ཕྱིར་ཆོས་ཐཾས་ཅད་ནི་ཆོས་གྱི་དབྱིངས་ལས་མ་གཏོགས་པ་གང་ཡང་མེད་པས་ན་མཁའ་ལྟར་འགག་པ་དང་སྐྱེ་བ་མེད་པའི་ཕྱིར་དང། དྲི་མ་གང་ཡིན་པ་རྣམས་ནི་? ་དང་དུ་མའི་ངོ་བོ་ཉིད་དང། རང་དང་གཞན་ལ་སོགས་པའི་རྒྱུ་དང་ཡོད་པ་དང་མེད་པ་ལས་སྐྱེ་བའི་འབྲས་བུས་སྟོང་པ་ལ་སོགས་པའི་འཐད་པ་གཉིས་ཀྱིས་ནམ་མཁའ་ཨི་པདྨ་བཞིན་དུ་འགག་པ་དང་སྐྱེ་བ་མེད་དེ། དེའི་ཕྱིར་སྔར་ཡོད་པ་རྣམས ་ཟད་པ་དད་གསེར་དུ་མི་སྐྱེ་བར་བྱས་པ་གྲུབ་པས་གོ་རིམ་ལྟར་གདོད་མ་ནས་ཟད་པ་དང་མི་སྐྱེ་བ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་རབ་ཏུ་གཏོགས་པའི་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་ནི་བྱང་ཆུབ་ཆེན་པོར་ཤེས་པར་བྱའོ། །དེ་ལས་གཞན་དུ་ཟད ་པ་དང་མི་སྐྱེ་བ་ཤེས་པ་མི་རུང་བ་གསུངས་པ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོགས་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་བྱ་བའོ། །གང་དག་དངོས་པོ་འཇིག་པ་དང ་ཕྱིས་མི་སྐྱེ་བ་ལ་ཟད་པ་དང་མི་སྐྱེ་བའོ་ཞེས་འདུ་ཤེས་ལ་དེ་ལྟར་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་བྱང་ཆུབ་ཡིན་ནོ་ཞེས་རྟོག་པ་ནི་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་འགོག་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་གདོད་མ་ནས་མེད་པའི་རང་བཞིན་ཡིན་ནོ། །སྐྱེས་པ་དང ་མ་སྐྱེས་པ་དག་གོ་རིམ་བཞིན་དུ་ཟད་པ་དང་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཅན་ལ་བྱེད་ཀྱི་མཐོང་བའི་ལམ་གྱིས་སྟོབས་ཀྱིས་སྤང་བར་བྱ་བ་རྣམ་པར་རྟོག་པའི་རིགས་སྔར་སྐྱེས་པ་ནི་ཅི་ཞིག་ཟད་ལ། བསྒྲུབ་པར་བྱ་བ་མི་སྐྱེ་བའི་ཆོས་ཅན ་མ་སྐྱེས་པ་ནི་ཅི་ཞིག་སྐྱེས་ཏེ་ཅུང་ཟད་ཀྱང་མེད་པ་ཁོ་ནའོ། །ཡང་མཐོང་བའི་ལམ་ནི་དེའི་སྟོབས་ཀྱིས་ཟད་པ་དང་མི་སྐྱེ་བར་བྱེད་པ་མ་ཡིན་ཏེ། །མེད་པའི་བདག་ཉིད་ཅན་ག་ཡི་འགོག་པ་ལ་དམིགས་པའི་ཕྱིར་ཞེས་ཀྱང་བརྗོད་པར་བྱའོ། །གང་ཡང ་དེའི་ལུགས་ལ་རྣམ་པར་བཞག་པ་འགལ་བར་གསུངས་པ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་བྱ་བའོ། །འདི་ལྟར་ཤེས་པ ་དང་ཤེས་བྱའི་མཚན་ཉིད་སྐད་ཅིག་མཆོས་ཙམ་གྱི་ངོ་བོ་དོན་དམ་པ་ཉིད་དུ་ཡོད་པར་གྱུར་ན་སྤང་བ་དང་བསྐྱེད་དུ་མེད་པའི་རང་གི་ངོ་བོ་འཛིན་པ་ཉིད་ཀྱིས་ནམ་མཁའ་བཞིན་དུ་གཉེན་པོ་བསྒོམ་པས་དེ་དག་ལ་ཅུང་ཟད་ཀྱང་མི་བྱེད་དོ། །དེ་བས་ན་དངོས་པོར ་མངོན་པར་ཞེན་པ་དེ་དག་གིས་ཆོས་རྣམས་ནི་ཡང་དག་པ་ཉིད་དུ་ཡོད་པར་ཁས་འཆེ་ལ། །དེ་བཞིན་གཤེགས་པས་ནི་ཤེས་པར་བྱ་བ་དེ་དག་ལ་སྒྲིབ་པའི་རྣམ་པ་ཐམས་ཅད་ཟད་པར་འདོད་པ་གང་ཡིན་པ་དེ་ནི་ཕན་ཚུན་ཆར་འགལ་པ་སྨྲ་བ་ཡིན་པས ་དེ་ལ་ཁོ་བོས་ཡ་མཚན་དུ་མཐོང་ངོ་ཞེས་བྱ་བའོ། །འོན་དོན་འདི་ཇི་ལྟར་རྣམ་པར་བརྟགས་པར་བྱ་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་ངོ་བོ་ཉིད་མེད་པའི་ཚུལ་ལུགས་བསྟན་པ་གསུངས་པ། འདི་ལ་བསལ་བྱ་ཅི་ཡང་མེད། ་གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བའོ། །མཐོང་བའི་ལམ་ལ་སོགས་པས་བསྡུས་པའི་བདག་ཉིད་ཀྱི་ཆོས་འདི་དག་ལ་ནི་གདོད་མ་ནས་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྔར་ཡོད་པ ་བསལ་བར་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཅི་ཡང་མེད་ལ། གསར་དུ་བཞག་པར་བྱ་བའི་གཉེན་པོའི་ཕྱོགས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོན་ཀྱང་མཐོང་བའི་ལམ་ལ་སོགས་པ་དེ་བཞིན་དུ་གཅིག་པའི་མཚན་ཉིད་ཡང་དག་པ་དང ་སྒྲུབ་པ་འགའ་བར?་མ་གྲུབ་བའི་དོན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཅན་གྱི་བློ་གྲོས་དོན་ཇི་ལྟ་བ་ཡང་དག་པ་ཉིད་དུ། ལྟ་བ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་སྒྱུ་མའི་རྒྱལ་པོ་སྒྱུ་མའི་རྒྱལ་པོ་གཞན་གྱིས་ཕམ་པར་བྱས་པ་ལྟར་ཕྱིན་ཅི་ལོག་རྣམ་པར་ལྡོག་པས ་མཐར་ཡང་དག་པའི་མཛའ་འགའ་ཡང་མ་མཐོང་བའི་ཚུལ་གྱིས་མཐོང་བ་ན་ཡོངས་སུ་འཛིན་པ་མཛའ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་སྐྱེ་བ་དང་འཇིག་པས་སྟོང་པ་ཉིད་ཀྱིས་བདག་མེད་པ་དང། ཕྱི་རོལ་གྱི་དོན་མངོན་པར་མ་གྲུབ་པ ་ཉིད་ཀྱིས་སེམས་ཙམ་དུ་རྣམ་པར་རིགས་པ་དང། བཟུང་བ་མེད་ན་འཛིན་པ་མེད་པ་ཉིད་ཀྱིས་གཉིས་སུ་མེད་པའི་ངོ་བོ་ཉིད་དང། དེ་ཁོ་ནར་འགའ་ཡང་དམིགས་པ་མེད་པ་ཉིད་ཀྱིས་མཚན་མ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་འགྱུར་ཏེ། དེའི ་སྟོབས་ཀྱིས་ནམ་མཁའ་ལྟ་བུར་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་མཚན་ཉིད་སོ་སོར་རང་གིས་རིག་པར་བྱ་བ་ཇི་ཞིག་ལྟར་མངོན་དུ་བྱས་པས་གདོད་མ་ནས་སྐྱེ་པ་དང་མ་སྐྱེས་པ་མེད་པ་ཟད་པ་མི་སྐྱེ་བའི་བདག་ཉིད་རྟོགས་པའི་འབྲས་བུ་འཐོབ་པར ་འགྱུར་རོ་ཞེས་བྱ་པ་འདི་རིག་པར་བྱའོ། །དེའི་འོག་ཏུ་མཐོང་བའི་ལམ་གྱི་ངོ་བོ་དངོས་གསུངས་པ། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། ། ་ཞེས་བྱ་པའོ། །གང་ཞིག་མཐོང་བའི་བྱེད་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་དབྱེ་བས་རྣམ་པ་སུམ་ཅུ་རྩ་དྲུག་ཅན་སྐྱེད་པར་བྱེད་པ་ནི་སོ་སོར་སྦྱིན་པ་ལ་སོགས་པའི་ངོ་བོ་རེ་རེར་ཕན་ཚུན་བསྡུས་པ་བསྒྲུབ་པར་བྱེད་པ་གང་ཡིན་པ་འདི ་ལྟ་སྟེ། སྐད་ཅིག་མ་གཅིག་པའི་ཡེ་ཤེས་ཀྱི་བདག་ཉིད་སྡུག་བསྔལ་ལ་སོགས་པ་ཤེས་པའི་བཟོད་པས་བསྡུས་པ་ནི་རྩེ་མོའི་མངོན་པར་རྟོགས་པའི་སྐབས་འདིར་མཐོང་བའི་ལམ་ཡིན་ནོ། །དེ་སྐྱེད་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ ་སོར་དགུའི་བདག་ཉིད་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་དེ་དག་གི་ས་བོན་གྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་ཐོབ་པོ། །དེའི ་འོག་ཏུ་དེ་ལ་དབང་དུ་བྱེད་བའི་ཏིང་ངེ་འཛིན་གསུངས་པ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང། །ལུགས་མི་མཐུན་ལ་རྟོགས་པར་བྱེད། །ཅེས་བྱ་པའོ། །མི་མཐུན ་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བརྗོད་པས་ཉེ་བར་བསལ་བའི་དེ་མ་ཐག་རྣམ་པར་རྟོག་པ་རྣམས་ཀྱིས་བག་ཚ་བ་མེད་པས་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུས་ཕྱིས་བསྒོམ་པའི་ལམ་དུ་གཏོགས་པས་རྟེན ་ཅིང་འབྲེལ་པར་འབྱུང་བ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་པ་ལ་སོགས་པ་ལུགས་དང་མཐུན་པ་དང། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་པ་ལ་སོགས་པ་ལུགས་དང་མི་མཐུན་པར་ཡང་དག་པར་རྟོགས་པར་བྱེད་དོ། །དེ་ལྟར་མཐོང་བའི ་ལམ་གྱི་རྩེ་མོ་ཐོབ་པ་ལས་བསྒོམ་བའི་ལམ་འབྱུང་བས་བསྒོམ་བའི་ལམ་གྱི་རྩེ་མོ་གསུངས་པ། འགོག་དང་བཅས་པས་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོར་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས ་མཉམ་གཞག་མིན་པའི་མཚམས་གཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །འགོག་བའི་བར་དུ་མི་འདྲར་འགྲོ་།ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་རྣམས ་ནི་ཏིང་ངེ་འཛིན་གྱི་རྩལ་སྦྱངས་པས་སྙོམས་པར་འཇུག་པ་ལ་དབང་པ་ཉིད་ཀྱིས་བསྒོམ་པའི་ལམ་ཕུལ་དུ་ཕྱིན་པར་བྱ་བའི་ཕྱིར་རྟོག་པ་དང་དཔྱོད་པ་ལ་སོགས་པའི་ཡན་ལག་ལྔ་དང་ལྡན་པ་བསམ་གཏན་དང་པོ་དང། །ནད་ཡོངས་སུ་དང་བ་ལ་སོགས་པ ་ཡན་ལག་བཞི་དང་ལྡན་པ་བསམ་གཏན་གཉིས་པ་དང། བཏང་སྙོམས་ལ་སོགས་པ་ཡན་ལག་ལྔ་དང་ལྡན་པ་བསམ་གཏན་གསུམ་པ་དང། དྲན་པ་དང་ཤེས་བཞིན་ལ་སོགས་པ་ཡན་ལག་བཞི་དང་ལྡན་པ་བསམ་གཏན་བཞི་པ་རྣམས་དང། ་ནམ་མཁའ་དང་རྣམ་ཤེས་མཛའ་ཡས་སོ་ཞེས་པ་མོས་པ་མངོན་དུ་གཏོང་བ་ཅན་ནམ་མཁའ་མཛའ་ཡས་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པ་ཉིད་དང། ཡོད་པ་ཡང་མ་ཡིན་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་སྔོན་དུ ་གཏོང་བ་ཅན་ཅི་ཡང་མེད་པ་དང། འདུ་ཤེས་མེད་འདུ་ཤེས་མིན་གྱི་སྐྱེ་མཆེད་རྣམས་དང། ཚོར་བ་དང་མཚན་མར་འདུ་ཤེས་པ་འགོག་པའི་མཚན་ཉིད་འགོག་པའི་མཚན་ཉིད་འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་ལྟར་ཡུལ་རྣམ་པ་དགུ་ལ་བསམ་གཏན་དང ་པོ་ནས་བཟུང་སྟེ་འགོག་པའི་བར་དུ་ཡང་སོང་བ་དང། འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོང་བ་སྟེ། དེ་ལྟར་ལུགས་དང་མཐུན་པ་དང་མི་མཐུན་པ་འགྲོ་བ་དང་འོད་བ་སེང་གེ་རྣམ་པར་བསྒྱིངས་པ་གཉིས་དང། ཡང་བསམ ་གཏན་དང་པོ་ལ་སོགས་པ་རིམ་གྱིས་འགོག་པའི་བར་དུ་སྙོམས་པར་འཇུག་པ་ཁྱད་པར་ཅན་གྱིས་འགྲོ་མ་དང། དེའི་འོག་ཏུ་བསམ་གཏན་དང་པོ་ནས་གཟུང་སྟེ་འགོག་པའི་བར་དུ་འགོག་པ་ལ་སྙོམས་པར་འཇུག་པ་རེ་རེ་སྤེལ་བར་འགྲོ་བ་དང། ཡང་འགོག ་པ་ལ་སྙོམས་པར་ཞུགས་ནས་དེ་ལས་ལངས་ཏེ་འགོག་པ་གཅིག་པུ་དོར་ནས་དེ་མ་ཐག་པའི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང། དེ་ལས་ལངས་ནས་འདོད་པ་ན་སྤྲོད་པའི་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་མཚམས་སུ ་བཞག་སྟེ་ཐབས་མཁས་པས་དེ་ནས་འགོག་པ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་གཉིས་དོར་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ་།དེ་བཞིན་དུ་རྣམ ་ཤེས་སྐྱེ་མཆེད་ལ་སོགས་པ་ལ་མར་ཕབས་པའི་ཚུལ་གྱིS་མཉམ་པར་མ་བཞག་པ་རབ་ཏུ་སྤེལ་ཏེ། གསུམ་དང། བཞི་དང། ལྔ་དང། དྲུག་དང། བདུན་དང། བརྒྱད་དོར་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་།དེ་ལས་ལངས ་ནས་མཉམ་པར་མ་བཞག་པ་ལ་གནས་པ་སྟེ། དེ་ལྟར་མི་འདྲ་བར་འགྲོ་བས་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཡིན་ནོ། །བསྒོམ་པའི་ལམ་ངེས་སྤང་བར་བྱ་བའི་རྣམ་པར་རྟོག་པ་གང་ཡིན་ཞེ་ན། དེའི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག ་པ་རྣམ་པ་བཞི་ལས་རེ་ཞིག་གཟུང་བའི་རྣམ་པར་རྟོག་པ་དང་པོ་གསུངས་པ། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། །བཏང་བས་ཡོངས་སུ་མ་གཟུང་དང། །དུས་གསུམ་ཡོན་ཏན་མེད་པ་དང། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །བཟུང་བའི ་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བའོ། །གསུང་རབ་ཀྱི་དོན་གང་ཡིན་པ་དེ་བཞིན་ཉིད་ལ་སོགས་པ་མི་ཤེས་པས་ཆོས་མདོར་བསྡུས་པ་དང། རང་གི་མཚན་ཉིད་མི་ཤེས་པའི་ཆོས་བརྒྱད་པ་དང། །ཇི་སྐད ་བཤད་པའི་དོན་ལ་ནན་ཏན་མི་བྱེད་པས་སངས་རྒྱས་ཀྱིས་བཏང་སྟེ་ཡོངས་སུ་མ་གཟུང་བ་དང། ཕྱིར་མི་ལྡོག་པ་ལ་སོགས་པ་སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པས་འདས་པའི་ཡོན་ཏན་མེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་སྒྲུབ་པའི་མཚན་ཉིད་མཐོང་བའི་ལམ་གྱི་ཡོན་ཏན་མེད་པས་ད་ལྟར་བའི་ཡོན་ཏན་མེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒོམ་པའི་ལམ་གྱི་ཡོན་ཏན་མེད་པས་མ་འོངས་པའི་ཡོན་ཏན་མེད་པ་དང། ཕྱིན་ཅི་ལོག་ཞི་བ ་ཉིད་ལ་སོགས་པས་མྱ་ངན་ལས་འདས་པ་ལ་སྦྱོར་བ་ལེགས་པའི་ལམ་དང། སྟོང་པ་ཉིད་མངོན་པར་སྒྲུབ་པ་ཉིད་ཀྱིས་དེ་ཁོ་ན་ཉིད་མཐོང་བ་ལེགས་པའི་ལམ་དང། རང་བཞིན་མེད་པ་གོམས་པར་བྱེད་པ་ཉིད་ཡང་དག་པར་བསྒོམ་པ་ལེགས ་པའི་ལམ་མི་ཤེས་པ་སྟེ། དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་དང་པོ་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་དགུའོ། །དེའི་རྗེས་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་གསུངས་པ། གཉིས་པ་སེམས་དང ་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་སྐྱེད་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང། །ཐེག་པ་དམན་པ་ཡིད་བྱེད་དང། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སྒོམ་པ་མེད་པ་དང ་དེ་དག་ལས་ནི་བཟློག་ཉིད་དང། །ཇི་བཞིན་དོན་མིན་རྣམས་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་བྱ་བའོ། །དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་བྱང་ཆུབ་ཏུ་སེམས་མི་སྐྱེད་པ་དང། །སངས་རྒྱས་ཀྱི་རྗེས་སུ ་མཐུན་པ་ཉིད་ཀྱི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་བྱང་ཆུབ་ཀྱི་སྙིང་པོ་ཡིད་མི་ལ་བྱེད་པ་དང། འཁོར་བས་འཇིགས་པ་ཉིད་དང་གཞན་དོན་ལ་མི་ལྟོས་པ་ཉིད་ཀྱིས་ཐེག་པ་དམན་པ་ཡིད་ལ་བྱེད་པ་དང། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་མེད་པས་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་བསྒོམ་པ་དང། དེ་ཉིད་མ་བསྒོམས་པས་འཐོབ་པར་འདོད་པས་བསྒོམ་པ་མེད་པ་དང། ་བསྒོམས་པ་དང་མ་བསྒོམས་པ་གཉིས་ཀས་ཐོབ་པར་འདོད་པས་གཉིས་ག་དང། བསྒོམས་པས་ཀྱང་མ་ཡིན་མ་བསྒོམས་པས་ཀྱང་མ་ཡིན་པས་འཐོབ་པར་འདོད་པས་གཉིག་མ་ཡིན་པ་དང། ཕྱིན་ཅི་ལོག་ཏུ་ཞུགས་པ་ཉིད་ཀྱིས་དོན་ཇི་ལྟ་བ་བཞིན་མ་ཡིན་པ ་འཛིན་པ་སྟེ། དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུའོ། །དེའི་འོག་ཏུ་འཛིན་པའི་རྣམ་པར་རྟོག་པ་དང་པོ་གསུངས་པ། སེམས་ཅན་བཏག་པའི་སྤྱོད་ཡུལ ་དང། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་དབྱེ་བདག་ཉིད་དང། །དངོས་པོར་བྱེད་དང་ཐེག་གསུམ་དང། །ཡོན་ནི་དག་པ་མ་ཡིན་དང། །སྤྱོད་པ་རྣཾ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོ་ནི། །ཤེས་པར་བྱ་བར་བསྒྲགས་པ་ཡིན། །ཞེས་བྱ་བའོ། ། ་རྫས་སུ་ཡོད་པར་མི་སྐྱེ་བས་སེམས་ཅན་དུ་བཏགས་པ་དང། སྣང་བ་ཙམ་དུ་ཟད་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་སུ་བཏགས་པ་དང། གང་ཟག་དང་ཆོས་དོན་གཞན་གྱིས་སྟོང་ཡང་རང་གི་ངོ་བོར་གནས་པས་སྟོང་པ་མ་ཡིན་པ་དང། དེ་དག་ལ་དམིཌ ་པ་དང་མི་དམིགས་པ་ཉིད་ཀྱི་སྒོ་ནས་ལམ་ལ་ཆགས་པ་དང། གཟུགས་ལ་སོགས་པ་རང་དང་སྦྱིའི་མཚན་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པ་དང། ཇི་སྐད་བཤད་པའི་ཆེད་དུ་བྱ་བ་མི་བྱེད་པས་དམན་པའི་ཆེད་དུ་བྱ་བ་བྱེད་པ་དང། གཟུགས་ལ་སོགས་པ་མི་དམིགས ་པའི་ཕྱིར་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་དང། ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱིས་ཡོན་དག་པ་མ་ཡིན་པ་དང། སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་དམིགས་པས་སྤྱོད་པ་རྣམ་པར་འཁྲུགས་པའི་གང་ཟག་ཡོད་པར་འཛིན་པ་སྟེ། དེ་ལྟར ་འཛིན་པའི་རྣམ་པར་རྟོག་པ་དང་པོ་བསྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་རྣམ་པ་དགུར་ཤེས་པར་བྱའོ། །དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་མདོར་གསུངས་པ། སེམས་ཅན་བརྟགས་དང་དེ ་རྒྱུ་ཡིས། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །བསྒོམ་པའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་བྱ་བའོ། །སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་ཏུ་བཏགས་པ་དང། དེར་རྣམ་པར་བཞག་པའི་རྒྱུ་མ ་རིག་པ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཕུང་པོའི་རྒྱུན་ལ་མངོན་པར་ཞེན་པའི་ཡུལ་ཅན་བསྒོམ་པའི་ལམ་གྱིས་ཡང་དག་པར་གཞོམ་པར་བྱ་བ་གང་ཡིན་པ་སྟེ། ལམ་དེ་དང་འབྲེལ་བ་མི་མཐུན་པའི་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་གཉིས་པ ་རྣམ་པ་དགུ་ཡིན་ནོ། །ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། བར་སྐབS་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཐམས་ཅད་མཁྱེན་ཉིད་གསུམ་དག་གི་།བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང། །མཚུངས་པར་ལྡན་དང ་མི་ལྡན་དང། །མི་མཉམ་སྡུག་བསྔལ་ལ་སོགས་དང། །ཉོན་མོངས་རྣམས་ཀྱི་རང་བཞིན་དང། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་བྱ་བའོ། །རྣམ་པ་ཐམས་ཅད་མ་ཤེས་པས་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་གྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང། ལམ་ཐམས་ཅད་རྣམ་པར་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་དང། གཞི་ཐམས་ཅད་རྣམ་པར་མ་ཤེས་པས་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་མངོན་པར་མ་ཤེས་པས་ཐམས་ཅད་ཞི་བའི་ལམ་དང། གཟུགས་ལ་སོགས་པ་དང་དེ་བཞིན་ཉིད་ཡོངས་སུ་མ་ཤེས་པས་དེ་བཞིན་ཉིད་ལ་སོགས་པ་ལ་གཟུགས་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་དང་། ་བདུད་ལ་སོགས་པའི་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་མི་མཉམ་པ་ཉིད་དང། དོན་ལ་སྒྲ་ཇི་བཞིན་པར་འཛིན་པ་ཉིད་ཀྱིས་སྡུག་བསྔལ་བའི་བདེན་པ་ལ་སོགས་པ་དང། འདོད་ཆགས་ལ་སོགས་པའི་ངོ་བོ་གློ་བུར་བ་ཉིད་ཡོངས་སུ་མ་ཤེས་པས་ཉོན་མོངས ་པའི་རང་བཞིན་དང། གཟུང་བ་དང་འཛིན་པའི་མཚན་ཉིད་ཡོངས་སུ་མ་ཤེས་པས་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་སྟེ། དེ་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་ཐ་མ་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱིས་ཡུལ་ཅན་རྣམ་པ་དགུར ་བཞེད་པ་ཡིན་ནོ། །དེའི་ཕྱིར་བསྒོམ་པའི་ལམ་མི་མཐུན་པའི་ཕྱོགས་རྣམ་པ་བཞི་པོ་དེ་དག་གི་དབྱེ་བ་ཁོ་ནས་གཉེན་པོ་རྣམ་པ་བཞི་ཐ་དད་པའི་དབྱེ་བ་ཡང་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་སོ་སོར་དགུ་ཉིད་འདོད ་པ་དང་གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་ན་དེ་དག་གིས་བསྡུས་པའི་ཉོན་མོངས་པའི་བག་ཆགས་བརྒྱ་རྩ་བརྒྱད་དང་བྲལ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་པོ། །དེ་བས་ན་བསྒོམ་པའི་ལམ་དེའི་བྱེད ་པ་གང་ཡིན་པས་སྤང་བར་བྱས་པས་རྣམ་པར་དག་པ་མཐར་ཐུག་པའི་སྒོ་ནས་གསུངས་པ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ ་བོ་བཞིན། །འབྲས་བུ་མཆོག་གིས་རབ་མཛེས་པའི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟེན་པར་བྱེད། །ཅེས་བྱ་བའོ། །རྒྱུན་རིང་དུ་ལེགས་པར་གོམས་པའི་སྟོབས་ཀྱིས་རྣམ་པར་རྟོག་པའི་རིམས་འཚེ་བར་བྱེད་པ་ཉིད་ཀྱིས་ནང་དུ་གྱུར་པ་འདི ་རྣམས་ཟད་ནས་གནོད་པར་བྱེད་པ་མེད་པ་ཉིད་ཀྱིས་དཔེར་ན་ནད་ལས་ཐར་བའི་སྐྱེས་བུ་རིང་ཞིག་ལོན་ནས་བདེ་བར་གནས་པ་ཐོབ་སྟེ། དབུགས་ཕྱིན་བ?་ལྟར། སྙིང་རྗེ་དང་ཐབས་མཁས་བའི་དབང་གིས་རྣམ་པ་ཐམས་ཅད་དུ་རྩེ་གཅིག་པས?་འགྲོ་བའི་བདེ་བ ་མངོན་བར་བསྒྲུབ་པ་ལ་རབ་ཏུ་མཁས་པ་ཐེག་པ་གསུམ་གྱིས་བསྡུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྗོན་ཤིང་ལྟར་རྒྱས་པ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་ཐ་དད་པའི་རྒྱུན་འབབ་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ ་བསྒོམ་པའི་ལམ་རབ་ཀྱི་མཐར་སོན་པའི་འབྲས་བུས་ཡང་དག་པར་མཛེས་པར་གྱུར་པའི་བདག་ཉིད་ཆེན་པོ་དེ་ལ་རྣམ་པ་ཐམས་ཅད་ནས། ཐམས་ཅད་དུ་མངོན་པར་འོང་བའི་རྣམ་པས་སྟེན་པར་བྱེད་དོ། །བསྒོམ་པའི་ལམ་གྱི་རྩེ་མོ་ཐོབ་པ་ལས་བར་ཆད ་མེད་པའི་ལམ་འབྱུང་བས་བར་ཆད་མེད་པའི་རྩེ་མོ་གསུངས་པ། །སྟོང་གསུམ་སྐྱེ་བོ་ཉན་ཐོས་དང། །བསེ་རུའི་རྟོག་པ་ཕུན་ཚོགས་དང། །བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས ་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཐོབ་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །དེ་ནས་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བྱ་བའོ། །སྐྱེས་བུ་གང་གིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཉན ་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱ་བ་གང་ཡིན་བ་དེ་དཔེར་མཛད་ནས་དེ་བས་ཆོས་ཁྱད་པར་དུ་འཕགས་པའི་བསོད་ནམས་མང་པོ་ཉིད་ཀྱིས་སངས་རྒྱས་ཉིད་འཐོབ ་པ་ལ་གཞན་གྱིས་བར་དུ་ཆོད་པ་མེད་པའི་ཏིང་ངེ་འཛིན་ཏེ། དེ་ནས་དུས་གཉིས་པར་ནི་རྣམ་པ་ཀུན་མཁྱེན་པ་ཉིད་ཡིན་ནོ། །དེའི་དམིགས་པ་ལ་སོགས་པ་མཚན་ཉིད་ཇི་ལྟ་བུར་བརྟག་ཅེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་མཚན་ཉིད ་གསུངས་པ། །འདི་ཡིས་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བྱ་བའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་ཡུལ་ནི་ཆོས ་ཐམས་ཅད་དངོས་པོ་མེད་པ་ཡིན་ནོ། །བདག་པོའི་རྐྱེན་ནི་སེམས་དང་པོ་སྐྱེད་པ་ནས་བཟུང་སྟེ་ཡིད་ལ་བྱེད་པ་ཕུན་སུམ་ཚོགས་པ་དྲན་པ་ཡིན་ནོ། །རྣམ་པ་ནི་རང་བཞིན་གྱི་ཞི་བ་ཉིད་ཡིན་ནོ། །གནས་འདི་ལ་ནི་གཏིང་དཔག་དཀའ་བའི་ཕྱིར་རྟོག་གེ་རབ་ཏུ ་སྣ?་བ་རྣམས་ཀྱི་ལོག་པར་རྟོག་པའི་ཀླན་ཀའི་རྒོལ་པ་བརྒྱུད་མར་འབྱུང་བས་ཐབས་ལ་མཁས་པས་དེ་དག་བསལ་བར་བྱ་སྟེ། འདིས་ནི་འདི་ཟབ་པ་ཉིད་སྙད་དོ་ཞེས་བྱ་བ་དགོངས་པ་ཡིན་ནོ། ལོག་པར་རྟོག་པ་དེ་དག་གང་གིས་བསལ་བར་བྱ་བ་ཡིན་ཞེ་ན། ་དམིགས་པ་འཐད་པ་དེ་ཡིན་ནི། །ངོ་བོ་ཉིད་ངེས་གཟུང་བ་དང། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང། །དམ་པའི་དོན་དང་ཀུན་རྫོབ་དང། །སྦྱོར་དང་དཀོན་མཆོག་གསུམ་པོ་དང། །ཐབས་བཅས་ཐུབ་པའི་རྟོགས་པ་དང། །ཕྱིན་ཅི་ལོག་ནི་ལམ་བཅས ་དང་།གཉེན་པོ་མི་མཐུན་ཕྱོགས་དག་དང། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་དུ་བཞེད། །ཅེས་བྱ་བའོ། །འདུས་བྱས་དང་འདུས་མ་བྱས་དག་དངོས་པོ་མེད ་པ་ཉིད་ཀྱིས་དམིགས་པ་འཐད་པ་དང། །རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་དམིགས་པའི་ངོ་བོ་ཉིད་ངེས་པར་གཟུང་བ་དང། ཐ་སྙད་དུ་དངོས་པོ་མེད་པ་དམིགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང། དེ་བཞིན་ཉིད་ཀྱི་ངོ ་བོ་ཉིད་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང། །སྦྱིན་པ་ལ་སོགས་པ་མི་དམིགས་པ་ཉིད་ཀྱིས་སྦྱོར་བ་དང། རྟོགས་པར་བྱ་བ་མེད་པ་ཉིད་ཀྱི་ཚུལ་ཉིད་ཀྱིས་རྟོགས་པས་སངས་རྒྱས་དཀོན་མཆོག་དང། ནམ་མཁའ་ཨི་མཚན་ཉིད་ཅན་གྱི་ཚུལ ་ཉིད་ཀྱིས་དྲི་མ་དང་བྲལ་བས་ཆོས་དཀོན་མཆོག་དང། གཟུགས་ལ་སོགས་པ་ལ་སྤྱོད་པ་བཀག་པའི་ཚུལ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་དགེ་འདུན་དཀོན་མཆོག་དང། འཁོར་གསུམ་མི་དམིགས་པ་ཉིད་ཀྱིས་ཐབས་མཁས ་པ་དང། དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀའི་ངོ་བོར་རྟོགས་པ་བཀག་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་དང། མི་རྟག་པ་ལ་སོགས་པའི་སྤྲོས་པ་རྣམ་པར་བཞག་པ་ཉིད་ཀྱིས་རྟག་པ ་ལ་སོགས་པ་ཕྱིན་ཅི་ལོག་དང། ལམ་རྣམ་པར་བསྒོམས་པའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ཉིད་ཀྱི་ལམ་དང། ལམ་གྱི་རྣམ་པར་བཞག་པ་ཙམ་གྱི་དོར་བ་བླང་བའི་མཚན་ཉིད་ཀྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང། ཡང ་དག་པར་ཆོས་ཅན་མེད་པ་ཉིད་ཀྱིས་ཆོས་ཀྱི་མཚན་ཉིད་དང། རང་དང་སྤྱིའི་མཚན་ཉིད་མེད་པ་ཉིད་ཀྱིས་མཚན་ཉིད་མེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ་ཞེས་བྱ་བའོ། །ཐབས་ལ་མཁས་པའི ་མཚན་ཉིད་རབ་ཏུ་མི་ཤེས་པའི་རབ་ཏུ་སྨྲ་བ་ཉིད་ཐམས་ཅད་ཀྱི་ལོག་པར་རྟོག་པས་ཕན་ཚུན་འགལ་བ་ལྟ་བུར་སྒྲུབ་པ་བཅུ་དྲུག་པོ་དེ་དག་བྱང་ཆུབ་སེམས་དཔའ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བདེན་པ་གཉིས་ལ་བརྟེན་པའི་ཐབས་ལ ་མཁས་པས་རྣམ་པར་བསལ་བར་བྱ་བར་བཞེད་དོ། །ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་བའི་རྒྱན་གྱི་འགྲེལ་བ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་ལྔ་པའི་འགྲེལ་པའོ།། །། ་རྩེ་མོའི་མངོན་པར་རྟོག་པ་ཐོབ་པས་ཆོས་དཀར་པོ་ཐམས་ཅད་མཐར་གྱིས་འདྲེལ་བར་བསྒོམ་དགོས་པའི་ཕྱིར་མཐར་ཀྱིས་པའི་མངོན་པར་རྟོགས་པ་གསུངས་པ། སྦྱིན་བ་ཤེས་རབ་བར་དག་དང། །སངས་རྒྱས་ལ་སོཌ་དྲན་དང་ཆོས། །དངོས་མེད ་དེ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེང། །ཅེས་བྱ་བའོ། །འཁོར་གསུམ་རྣམ་པར་དག་པའི་བདག་ཉིད་ཀྱི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དུག་ཡོངས་སུ་སྤྱད་པས་བསླབ་པ་ཐམས་ཅད་ཡང་དག་པར་སྒྲུབ་བར་བྱེད་པ་དང ་སྟོབས་དང་མི་འཇིགས་པ་ལ་སོགས་པ་དོན་དམ་པར་དྲན་པ་མེད་ཅིང་ཡིད་ལ་བྱང་མེད་པའི་ཚུལ་གྱིས་སངས་རྒྱས་རྗེས་སུ་དྲན་པ་དང། དེ་བཞིན་དུ་དགེ་བ་དང་མི་དགེ་བ་ངང་ལུང་དུ་མ་བསྟན་པའི་ཆོས་རྗེས་སུ་དྲན་པ་དང། ཚུལ་དེ་ཉིད་ཀྱིས་འཕགས་པཱི ་ཕྱིར་མི་ལྡོག་པའི་དགེ་འདུན་རྗེས་སུ་དྲན་པ་དང། དེ་བཞིན་དུ་མ་ཉམས་པ་ལ་སོགས་པའི་ཚུལ་ཁྲིམས་དང། ཟང་ཟིང་ལ་སོགས་པའི་བཏོང་བ་དང། འདོད་པ་ལ་སོགས་པའི་ལྷ་རྗེས་སུ་དྲན་པ་དང། །སེམས་དང་པོ་བསྐྱེད ་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པའི་སེམས་ཀྱི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སློབ་པ་གང་ཡིན་པ་སྟེ། དེ་ལྟར་རྣམ་པ་བཅུ་གསུམ་གྱིས་དཀར་པོའི་ཆོས་ཐམས་ཅད་རིམ་གྱིས་འབྲེལ ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་ནི་འདིར་མཐར་གྱིས་སྒྲུབ་པའི་བྱ་བར་བཞེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས ་སྐབས་དྲུག་པའི་འགྲེལ་པའོ།། །།མཐར་གྱིས་སྒྲུབ་པའི་མངོན་པར་རྟོགས་པ་ལས་ཤིན་ཏུ་གོམས་པའི་བདག་ཉིད་ཀྱི་སྐད་གཅིག་མ་གཅིག་པའི་མངོན་པར་རྟོགས་པ་བྱང་ཆུབ་པ་འབྱུང་བའི་ཕྱིར་དེ་ལ་མཚན་ཉིད་ཀྱི་རབ ་ཏུ་དབྱེ་བས་རྣམ་པ་བཞི་ལས་དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་མཚན་ཉིད་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། སྦྱིན་པ་ལ་སོགས་རེ་རེས་ཀྱང། །ཟག་མེད་ཀུན་བསྡུས་པའི ་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་བྱ་བའོ། །དུས་རིང་མོ་ཞིག་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ལྔ་ཤིན་ཏུ་ཕུལ་དུ་གྱུར་པའི་མཐུས་དེ་དག་གང་ཡང་རུང་བ་སྐད་ཅིག་མ་གཅིག་པོ ་དངོས་པོ་སོ་སོར་ངེས་པར་ཕྱིན་ཅི་ལོག་དང་བྲལ་བའི་ངོ་བོས་ས་བདུན་པར་ཡོངས་སུ་སོན་པར་གྱུར་པའི་བར་གྱི་སྦྱིན་པ་ལ་སོགས་པ་ནས་དཔེ་བྱང་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་པ་མེད་པའི་ཆོས་ཐམས་ཅད་བསྡུས་པའི་ཕྱིར་ཐུབ ་པ་བྱང་ཆུབ་སེམས་དཔའ་ཨི་སྐད་ཅིག་མ་གཅིག་པའི་རྟོགས་པས་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་ཤེས་པར་བྱའོ། །ཇི་ལྟར་ན་ཟག་མེད་པའི་ཡེ་ཤེས་གཅིག་དམིགས་ན་ཟག་པ་མེད་པའི་ཆོས་ཐམས་ཅད་མངོན་དུ་འགྱུར་བ་ཡིན་ཞེ་ན། འཇིག ་རྟེན་པའི་དཔེས་གྲུབ་པ་གཅིག་གསུངས་པ། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་པ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་བྱ་བའོ། །དཔེར་ན་བཟོ་བོ ་མཁས་པས་སྔོན་བཟོ་ལེགས་པར་བྱས་པའི་ཟོ་ཆུན་གྱི་གྱུང་སྐྱེས་བུས་རྡོག་པ་ཐབས་གཅིག་གིས་བསྐྱོང་ན་ཐམས་ཅད་དུས་གཅིག་ཏུ་འགུལ་བར་འགྱུར་རོ། །དཔེ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་མཐུ་ལས་སྔོན་དུ་ལེགས་པར་བསྒོམས་པ་མཐར ་ཕྱིན་པའི་དབང་གིས་སྐད་ཅིག་གཅིག་ཁོ་ན་ལ་ཟག་པ་མེད་པའི་ཡེ་ཤེས་གཅིག་མངོན་དུ་གྱུར་ན་དེའི་བདག་ཉིད་ཀྱི་རིགས་ཅན་མཛའ་དག་མངོན་དུ་བྱེད་པ་ཡིན་ནོ། །གཉིས་པ་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་མཚན་ཉིད་ཟག་པ་མེད་པའི་ཆོས་ཐམས ་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བྱ་བའོ། །གང ་གི་ཆོས་རབ་ཏུ་དཀར་བ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་དུ་དེ་ཡིད་ལ་བྱེད་པ་དང་མ་བྲལ་བ་དབང་དུ་གྱུར་པའི་མཐུས་རྣམ་པར་སྨིན་པའི་ཆོས་ཉིད་ཀྱིས་གནས་སྐབས་དྲི་མ་རྣམས་དང ་བྲལ་པའི་ངོ་བོ་ཉིད་སྐྱེས་པ་དེའི་ཚེ་སྐད་གཅིག་མ་གཅིག་ཁོ་ན་ལས་བརྒྱད་པ་ལ་སོགས་པ་རྣམ་པར་སྨིན་པའི་བདག་ཉིད་ཟག་པ་མེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་པའི་ཕྱིར་སྐད་ཅིག་མ་གཅིག་པའི་རྟོགས་པས་མངོན་པར་རྫོཌ་པར་བྱང་ཆུབ་པ་ཡིན་ནོ ་གསུམ་པ་ཆོས་ཐམས་ཅད་མཚན་ཉིད་མེད་པའི་མཚན་ཉིད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། སྦྱིན་ལ་སོགས་པ་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། ། ་སྐད་ཅིག་མི་གཅིག་གིས་རྟོགས། །ཞེས་བྱ་བའོ། །སྔོན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པའི་སྒོ་ནས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སྤྱང་པས་འདིར་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རྟོགས་པ་ལ་གནས་ཏེ ་སྐད་ཅིག་མ་གཅིག་ཁོ་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་མེད་པའོ་ཞེས་མངོན་སུམ་དུ་བྱེད་པའི་ཕྱིར་སྐད་ཅིག་མ་གཅིག་པའི་རྟོགས་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཡིན་ནོ ་བཞི་པ་ཆོས་ཐམས་ཅད་གཉིས་སུ་མེད་པའི་མཚན་ཉིད་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་གསུངས་པ། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག ་གཅིག་གིས་མཐོང། །ཞེས་བྱ་བའོ། །ཇི་ལྟར་རྨི་ལམ་ནི་བརྫུན་པ་ཉིད་ཀྱིས་རྨི་ལམ་ལ་བཟུང་བ་དང་རྨི་ལམ་མཐོང་བ་ལ་འཛིན་པ་མི་མཐོང་བ་བཞིན་དུ་རྣམ་པ་ཐམས་ཅད་བར་ཆད་མེད་པར་གཉིས་སུ་སྣང་བ་སྤང་བ་གོམས་པ་དང་དུ་གྱུར་པའི་བྱང ་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ་ཞེས་སྐད་ཅིག་མ་གཅིག་ཁོ་ནས་ཆོས་རྣམས་ཀྱི་དེ་ཁོ་ན་བཟུང་བ་དང་འཛིན་པ་གཉིས་སུ་མེད་པ་མངོན་དུ་བྱེད་པའི་ཕྱིར་སྐད་ཅིག་མ་གཅིག་པའི་རྟོགས་པས་མངོན་པར་རྫོགས་ ་བར་བྱང་ཆུབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་བདུན་པའི་འགྲེལ་པའོ།། ་ང?་ནི་མངོན་པར་རྟོགས་པ་རྣམས་ཀྱི་འབྲས་བུ་ཡོངས་སུ་སྨིན་པ་གང་ཡིན་པ་ཆོས་ཀྱི་སྐུ་འཆད་པར་མཛད་པས་དེ་ཡང་སྐུ་རྣམ་པ་བཞི་ཕྲིན་ལས་དང་བཅས་པས་རབ་ཏུ་དབྱེ་བ་ལས་རེ་ཞིག་རང་བཞིན་གྱིས་ལྷུན་གྱིས་གྲུབ་ཅིང་རྣམ་པར་དག་པ ་ཡོན་ཏན་ཐམས་ཅད་རྫོགས་པའི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་གསུངས་པ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག་།ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བའོ། །ཐུབ་པ་སངས་རྒྱས ་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཤིན་ཏུ་ཕུལ་དུ་གྱུར་པའི་ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཟག་པ་མེད་པའི་ཆོས་ཐམས་ཅད་ཐོབ་པར་གྱུར་བ་དྲི་མ་རྣམས་གློ་བུར་བ་ཡིན་པ་ཉིད་ཀྱིས་རྣམ་པ ་ཐམས་ཅད་དུ་རྣམ་པར་དག་ཅིང་བཅོས་མ་མ་ཡིན་པའི་དོན་གྱིས་རང་བཞིན་གྱིས་དབེན་པར་གྱུར་པ་གང་ཡིན་པ་ངོ་བོ་ཉིད་ཀྱིས་གནས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལས་ཐ་དད་པ་མ་ཡིན་པ་ཟག་པ་མེད་པ་ཉིད་ཀྱི་བདག་ཉིད་ཆོས་ཀྱི་སྐུ ་གསུངས་པ། བྱང་ཆུབ་ཕྱོགས་མཐུན་ཆད?་མེད་དང། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང། །ཟད་པར་བཅུ་ཡི་བདག་ཉིད་དང། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བ་རྣམ་བརྒྱད་དང། ་ཉོན་མོངས་མེད་དང་སྨོན་མཁྱེན་དང། །མངོན་ཤེས་སོ་སོ་ཡང་དག་རིག་།རྣམ་པ་ཐམས་ཅད་དག་བཞི་དང། །དབང་བཅུ་དང་ནི་སྟོབས་བཅུ་དང། །མི་འཇིགས་པ་ནི་བཞི་དག་དང། །བསྲུང་བ་མེད་པ་རྣམ་གསུམ་དང། །དྲན་པ་ཉེ་བར་བཞག་པ་རྣམ ་གསུམ་དང། །བསྙེལ་བ་མི་མངའ་ཆོས་ཉིད་དང། །བག་ཆགས་ཡང་དག་བཅོམ་པ་དང། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང། །ཆོས་ཀྱི་སྐུ་ཞེས ་བརྗོད་པ་ཡིན། །ཞེས་བྱ་བའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གང་ཞེ་ན། ལུས་དང། ཚོར་བ་དང། སེམས་དང། ཆོས་རྣམས་ལ་དྲན་པ་ཉེ་བར་བཞག་པ་བཞི་དང། མི་དགེ་བ་དང་དགེ་བ་སྐྱེས་པ་དང་མ་སྐྱེས་པ་དག ་གི་རིམ་བཞིན་དུ་སྤང་པ་དང། མི་སྐྱེད་པ་ཉིད་དང། ཅིག་ཤོས་ཀྱི་ངོ་བོས་ཡང་དག་པར་སྤོང་བ་རྣམ་པ་བཞི་དང། འདུན་པ་དང། བརྩོན་འགྲུས་དང། སེམས་དང། དཔྱོད་པའི་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་རྐང་པ་བཞི་དང། དད་པ་དང། བརྩོན ་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱི་དབང་པོ་སྟེ་དབང་པོ་རྣམ་པ་ལྔ་དང། དད་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ་འཛིན་དང། ཤེས་རབ་གྱི་སྟོབས་ཏེ་སྟོབས་རྣམ་པ་ལྔ་དང། དྲན་པ་དང། ཆོས་རབ་ཏུ་རྣམ་པར ་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཆོས་ཉིད་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་རྩེ་གཅིག་ཏུ་གནས་པས་ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣཾ་པ་བདུན་དང། ཡང ་དག་པའི་ལྟ་བ་དང། རྟོགས་པ་དང། དག་དང། ལས་ཀྱི་མཛའ་དང། འཚོ་བ་དང། རྩོལ་བ་དང། དྲན་པ་དང། ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་གི་རྣམ་པ་བརྒྱད་དོ། །ཚད་མེད་པ་བཞི་གང་ཞེ་ན། བྱམས་པ་དང། སྙིང་རྗེ་དང། ་དགའ་བ་དང། བཏང་སྙོམས་རྣམས་སོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། ནད་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་རྣམ་པར་ལྟ་བ་ཞེས་བྱ་བ་གཉིས་དང། སྡུག་པའི་རྣམ་པར་ཐར་པ ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་བ་གཅིག་དང། ནམ་མཁའ་མཛའ་ཡས་དང། ནམ་ཤེས་མཛའ་དང། ཅི་ཡང་མེད་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ ་པ་བཞི་དང། འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་གཅིག་གོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། བསམ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་དང། བཞི་པ་སྟེ་གཟུགས་ཁམས་ཀྱི་བསམ ་གཏན་རྣམ་པ་བཞི་དང། ནམ་མཁའ་མཛའ་ཡས་ལ་སོགས་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞི་དང། འགོག་པའི་སྙོམས་པར་འཇུག་པ་ཉིད་དོ། །ཟད་པར་བསྒོམ་པ་བཅུ་གང་ཞེ་ན། མཛའ་དག་སྔོན་པོ་དང། སེར ་པོ་དང། དམར་པོ་དང། དཀར་པོ་དང། ས་དང། ཆུ་དང། མེ་དང། རླུང་དང། ནམ་མཁའ་དང། རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་ཞེས་བྱ་བ་ཟད་པར་བསྒོམ་པ་རྣམ་པ་བཅུ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ་ནང་གི་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་ཆུང་ངུ་དང། ཆེན་པོ་དད་དམན་པ་དང་གྱ་ནོམ་པ་དག་ཏུ་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་ཞེས་བྱ་བ་བཞི་དང། ་ནང་གི་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་ཕྱི་རོལ་གྱི་གཟུགས་སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་རྣམས་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་ཞེས་བྱ་བ་རྣམ་པ་བཞིའོ། །ཉོན་མོངས་པ་མེད་པ་གང ་ཞེ་ན། བདག་ཉིད་ཉེ་བར་ཞིབ་བས་ཕ་རོལ་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ། སྨོན་གནས་མཁྱེན་པ་གང་ཞེ་ན། ཇི་ལྟར་བཞེད་པ་ཉིད་ཚུལ་ཇི་ལྟ་བར་ཡང་དག་པར ་མཁྱེན་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་ལ་སོགས་པ་འཁོར་བ་ཇི་སྲིད་པའི་སྐབས་སུ་འཇུག་པ་ཞེས་བྱ་བ་གང་ཡིན་པའོ། །མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་དང། ལྷའི་རྣ་བ་དང། སྔོན་གྱི་གནས་དང། འཆི་འཕོ་བ་དང། སྐྱེ་བ ་དང། གཞན་གྱི་སེམས་དང། ཟག་པ་ཟད་པ་ཤེས་པ་རྣམས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། དོན་དང། ཆོས་དང། ངེས་པའི་ཚིག་དང། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །རྣམ་པ་ཐམས་ཅད ་ཡོངས་སུ་དག་པ་གང་ཞེ་ན། རྟེན་དང། དམིགས་པ་དང། ཐུགས་དང། ཡེ་ཤེས་ཡོངས་སུ་དག་པ་རྣམས་སོ། །དབང་རྣམ་པ་བཅུ་གང་ཞེ་ན། ཚེ་དང། སེམས་དང། ཡོ་བྱད་དང། ལས་དང། སྐྱེ་བ་དང། མོས་པ་དང། སྨོན ་ལམ་དང། རྫུ་འཕྲུལ་དང། ཡེ་ཤེས་དང། ཆོས་ལ་དབང་བ་རྣམས་སོ། །སྟོབས་བཅུ་གང་ཞེ་ན། གནས་དང་གནས་མ་ཡིན་པ་དང། ལས་ཀྱི་རྣམ་པར་སྨིན་པ་དང། ཁམས་སྣ་ཚོགས་པ་དང། མོས་པ་སྣ་ཚོགས་པ་དང། དབང ་པོ་མཆོག་དང་མཆོག་མ་ཡིན་པ་དང། ཀུན་ཏུ་འགྲོ་བའི་ལམ་དང། བསམ་གཏན་ལ་སོགས་པ་བསྙོམས་པར་འཇུག་པ་ལྟ་བ་དང། སྔོན་གྱི་གནས་དང། འཆི་འཕོ་བ་དང། སྐྱེ་བ་དང། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ།། ་མི་འཇིགས་པ་རྣམ་པ་བཞི་གང་ཞེ་ན། བདག་གི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་དང། ཟག་པ་ཟད་དོ་ཞེས་བྱ་བ་དང། གཞན་ལ་ངེས་པར་འབྱུང་བའི་བསྟན་པ་དང། ལམ་གྱི་བར་ཆད་དང་བཅས་པ་ལ་ལྷའི ་འདུད་དམ་ཚངས་པ་ལ་སོགས་པས་རྒོལ་བ་མེད་པS་མི་འཇིཌ་པ་རྣམས་སོ། །བསྲུང་པ་མེད་པ་གསུམ་གང་ཞེ་ན། སྐུ་དང། གསུང་དང། ཐུགས་ཀྱི་སྤྱོད་པ་ཡོངས་སུ་ཤེས་པའི་བསྙེངས་པ་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་པའོ། །དྲན་པ་ཉེ་བར ་བཞག་པ་གསུམ་གང་ཞེ་ན། ཆོས་སྟོན་པ་ན་ཉན་པར་འདོད་པ་དང། ཉན་པར་མི་འདོད་པ་དང། གཉིས་ཀ་ལ་གོ་རིམ་བཞིན་དུ་རྗེས་སུ་ཆགས་པ་དང། འཁོར་ཁྲོ་བ་དང། གཉིས་ཀསྡཔེན་པ་ཁོ་ནར་བཏང་སྙོམས་དྲན ་པ་དང་ལྡན་པར་གནས་སོ་ཞེས་བྱ་བའོ། །བསྙེལ་པ་མི་མངའ་བའི་ཆོས་ཉིད་གང་ཞེ་ན། ཐུགས་རྗེ་དང་ཐབས་མཁས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བའ་ཨི་མཚན་ཉིད་གང་ཡིན་པའོ། །བག་ཆགས་ཡང་དག་པར་བཅོམ ་པ་གང་ཞེ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ས་བོན་སྤངས་ཏེ་རྣམ་པ་ཐམས་ཅད་དུ་དྲུངས་ཕྱུང་བས་ནམ་མཁའ་ཨི་དྲི་མ་མེད་པ་ལྟར་ཤིན་ཏུ་ཡོངས་སུ་དག་པའོ། །སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་གང་ཞེ་ན། སྐྱེ་བོ་མཐོ་རིས་དང ་ངན་འགྲོར་གྱུར་པ་མ་ལུས་པ་ལ་སྒྲིབ་པ་མེད་པའི་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཉིན་དང་མཚན་མོ་དུས་དྲུག་ཏུ་གཟིགས་ཤིང་སྐྱོབ་པར་བཞེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། འཁྲུལ་པ་དང། ཅ་ཅོ་མི ་མངའ་བ་དང། དགོངས་པ་ཉམས་པ་དང། མཉམ་པར་མ་བཞག་པ་དང། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང། མ་བཏགས་པའི་བཏང་སྙོམས་མི་མངའ་བ་རྣམ་པ་དྲུག་དང། འདུན་པ་དང། བརྩོན་འགྲུས་དང། དྲན་པ་དང། ཏིང་ངེ ་འཛིན་དང། ཤེས་རབ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་བ་མི་མངའ་བ་རྣམ་པ་དྲུག་དང། སྐུ་དང། གསུང་དང། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྣམ་པ ་གསུམ་དང། འདས་པ་དང། མ་འོངས་པ་དང། ད་ལྟར་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྣམ་པ་ཐམས ་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡིན་པའོ། །དང་ཞེས་བྱ་བའི་སྒྲས་བསྡུས་པ་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་རང་བྱུང་བ་དང། སངས་རྒྱས་ཐམས་ཅད་ཀྱིས་བཤད་པ་དེ་ཁོ་ན་ཉིད་ཇི་ལྟ་བའི་མཚན་ཉིད་དེ་བཞིན་ཉིད་རྣམས་ཏེ ་ཆོས་འདི་གང་གི་ངོ་བོ་ཉིད་ཟག་པ་མེད་པ་མངོན་སུམ་དུ་གྱུར་པའི་སྐུ་ཡིན་པས་ཆོས་ཀྱི་སྐུ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེ་ལ་ཉོན་མོངས་པ་མེད་པའི་ཁྱད་པར་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། ཉན་ཐོས་ཉོན་མོངས་མེད ་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །རྒྱལ་བའི་གྲོང་སོགས་དེ་དག་གི་།ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་བྱ་བའོ། །ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་བདག་ཉིད་ལ་མིའི་ཉོན་མོངས ་པ་སྤོང་པའམ། བདག་མཐོང་བ་ལ་སོགས་པས་གང་ཞིག་ལ་ཉོན་མོངས་པ་སྐྱེ་བར་གྱུར་ན་མི་རུང་ངོ་ཞེས་ཆེད་དུ་བྱ་བས་ཉོན་མོངས་པ་སྤོང་བ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་གྲོང ་ཁྱེར་ལ་སོགས་པར་གཤེགས་ནས་སྐྱེ་བོ་མཛའ་དག་གི་ཉོན་མོངས་པའི་རྒྱུན་དྲུངས་འབྱིན་པར་མཛད་པ་ཡིན་ནོ། །ཡང་སྨོན་གནས་མཁྱེན་པའི་ཁྱད་པར་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། །སངས་རྒྱས་སྨོན་གནས ་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང། །ཐོགས་པ་མེད་དང་རྟག་གནས་དང། །དྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་བྱ་བའོ། །ཉན་ཐོས་ལ་སོགས་པའི་སྨོན་གནས་མཁྱེན་པ་ནི་འབད་པ་ལ་རག་ལས་པ་ཉིད་དང། ་མཉམ་པར་བཞག་པ་ལ་ཆགས་པ་དང། ཉི་ཚེ་བ་ཉིད་དང། རེས་འགའ་བ་ཉིད་དང། འདྲི་བ་རྣམས་ཀྱི་ལན་ཐེབས་པ་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྨོན་གནས་མཁྱེན་པ་ནི་མཚན་མ་མེད་པ་ཉིད་དུ་རང་གི་དང་གིས་འཇུག་པ་དང། མཉམ ་པར་བཞག་པ་དང་མ་བཞག་པ་མ་ཡིན་པའི་བྱེ་བྲག་མེད་པས་ལྟོས་པ་དང་བཅས་པའི་ཆགས་པ་སྤངས་པ་དང། སྒྲིབ་པའི་ཚོགས་བག་ཆགས་དང་བཅས་པ་ཡང་དག་པར་བཅོམ་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ ་མེད་པ་དང། འཁོར་བ་ཇི་སྲིད་པར་འབྱུང་བའི་ཕྱིར་རྟག་ཏུ་གནས་པ་དང། སོ་སོ་ཡང་དག་པར་རིག་པ་ཕུན་སུམ་ཚོགས་པ་བརྙེད་པས་འདྲི་པའི་ལན་འདེབས་པར་མཛད་པ་ཡིན་ནོ། །འདི་སྙམ་དུ་འདི་ལྟ་བུའི་དེ་བཞིན་གཤེགས་པ་ཅིའི་ཕྱིར ་རྟག་ཏུ་སེམས་ཅན་གྱི་དོན་མི་མཛད་ཅེས་དོགས་པའི་ལན?་བར་སྐབས་ཀྱི་ཚིགས་སུ་བཅད་གསུངས་པ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དུ་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ། །ཞེས་བྱ་བའོ། །སྔོན་བསྐྱོད ་པའི་དགེ་བའི་རྩ་བའི་ས་བོན་སངས་རྒྱས་ལ་སོགས་པ་ལ་དམིགས་པའི་རྒྱུ་ཡོངས་སུ་རྟོགས?་པར་གྱུར་ནས་སེམས་ཅན་གང་དང་གང་ལ་གང་གི་དུས་སུ་ཆོས་བསྟན་པ་ལ་སོགས་པ་མཛད་ན་དོན་དུ་འགྱུར་བ་དེའི་ཚེ་བཻཌཱུརྱའི་ས་གཞི་ལ་ལྷ ་དབང་པོ་ལ་སོགས་པ་བཞིན་དུ། སྔོན་གྱི་སྨོན་ལམ་ལ་སོགས་པའི་དབན་གིས་དེ་བཞིན་གཤེགས་པ་དེ་དང་དེ་ལ་སོགས་པས་སྣང་བར་གྱུར་ཏེ། དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་ཉེ་བར་མཁོ་བཱི་དོན་ཐམས་ཅད་སྦྱིན་པར་མཛད་དོ།། ་རྐྱེན་ཡོད་ཀྱང་རང་གི་རྒྱུ་མ་ཚང་ན་ནི་འབྱུང་བ་དབེས་གསུངས་པ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང། །སྐལ་བ་མེད་པས་བཟང་མི་མྱོང། །ཞེས་གསུངས་སོ ་དཔེར་ན་ལྷའི་རྒྱལ་པོ་ལ་སོགས་པས་ནམ་མཁའ་ལ་སྦྲིན་གྱི་ཕུང་པོ་དཀྲིགས་ཏེ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་གྱི་ཚད་ཕབ་ཏུ་ཟིན་ཀྱང་ཏིལ་ལ་སོགས་པའི་ས་བོན་རུལ་པས་མི་རུང་བར་གྱུར་པ་དག་ལས་འབྲས་བུ་བཟང་པོ་མི་འཁྲུངས་པ ་བཞིན་དུ། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་སྐྱེ་བོ་མཛའ་དག་གི་དོན་བྱ་བ་ལ་རབ་ཏུ་མཁས་པ་རྣམས་བྱུང་ཡང་སྐལ་པ་དང་མི་ལྡན་པས་སྣོད་དུ་མ་གྱུར་པ་རྣམས་ཀྱིས་དེ་ལས་དམ་པའི་ཆོས་མཉན་པ་ལ་སོགས་པའི ་གོ་འཕང་བཟང་པོ་རྗེས་སུ་ཉམས་སུ་མྱོང་བར་མི་འགྱུར་བ་ཉིད་དོ། །གལ་ཏེ་སྐལ་བ་དང་ལྡན་པ་འགའ་ཞིག་ལ་དོན་སོ་སོར་ངེས་པའི་རྟེན་ཅན་དུ་རིས་འགའ་འབྱུང་བས་ཇི་ལྟར་ཁྱབ་པ་དང་རྟག་པ་ཡིན་ཞེས་བྱ་བའི་ལན་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས ་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཉིད་ཀྱང་བརྗོད་པ་ཡིན། །ཞེས་བྱ་བའོ། །ཇི་སྐད་བཤད་པའི་ཚུལ་གྱིས་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་གཞན་གྱི་དོན་མཛད་པ་རྒྱ་ཆེན ་བའི་ཕྱིར་དང། རྒྱུན་ཆགས་སུ་འཁོར་བ་ཇི་སྲིད་པར་བཞུགས་པ་ཉིད་ཀྱིས་སྒྲུབ་པའི་དོན་གྱིས་བདག་ཉིད་ལ་ནམ་དུ་ཡང་ཟད་པ་མི་མངའ་བའི་ཕྱིར་གོ་རིམ་བཞིན་དུ་སངས་རྒྱས་ཁྱབ་པ་དང་རྟག་པ་ཞེས་མངོན་པར་བརྗོད་པར་བྱའོ། །ཆོས་ཀྱི་སྐུའི ་ངོ་བོ་ཉིད་ཀྱི་མཐུས་གདུལ་བྱ་མཆོག་ཏུ་གྱུར་པ་རྣམས་ལ་རྗེས་སུ་མཐུན་པའི་ཆོས་སྟོན་པར་མཛད་པ་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ། མཚན་ནི་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བརྒྱད་བཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས ་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བྱ་བའོ། །གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་མཚན་སུམ་ཅུ་རྩ་གཉིས་དང། དཔྱེ་བྱད་བཟང་པོ་བརྒྱད་བཅུས་འབར་བ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོས་བཅུ་ལ་ཞུཌ ་པ་རྣམས་དང་ཐབས་གཅིག་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོབ་མེད་པར་ཉེ་བར་སྤྱོད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་ལ་མཚན་སུམ་ཅུ་རྩ་ ་གཉིས་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྤལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང། །ཕྱག་ནི་ཞབས་བཅས་འཇམ་ཞིང་བཞོན་ཤ ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང། །སོར་མོ་རིང་དང་རྟིང་ཡོངས་སུ་སྐུ་ཚེ་དྲང། །ཞབས་ལོང་མི་མངོན་སྤུ་ནི་གཡེན་དུ་ཕྱོགས། །བྱིན་པ་ཨེ་ཎེ་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྤ་པ་སྦུབས་སུ་ནུབ་པའི་མཆོག་།པགས་པ་གསེར ་མདོག་པགས་པ་སྲབ་པ་དང། །སྤུ?་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང། །ཟལ་མཛོང་སྤུས་རྒྱན་སྐུ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ ་ཞེང་བ། བ། །གཙུགས་གཏོར་དབུར་ལྡན་ལྗགས་རིངས་མཛེས་པ་དང། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་པ་ཟང་དང། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང། །སྤྱན་ནི་མཐོན ་མཐིང་སྤྱན་རྫི་པ་མཆོག་གི་།འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །འདི་ལ་མཚན་ནི་གང་གང་གི་།སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོཌ་པས། །མཚན་ནི་འདི་དག་ཡང་དག་འགྲུབ། །བླ་མ་སྐྱེལ་ལ་སོགས་པ ་དང། །ཡང་དག་བླངས་ལ་བརྟེན་པ་དང། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་བསང་བྱ་དག་།ཐར་པར་བྱེད་དང་དགེ་བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་དེ། །མདོ་ལས་ཇི་སྐད་འབྱུང་བ ་བཞིན། །ཞེས་བྱའོ། །དེ་ལ་ཚིག་ལེའུར་བྱས་པ་དང་པོ་ལྔས་ནི་མཚན་རྣམས་ཀྱི་རང་གི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཚིག་ལེའུར་བྱས་པ་གཅིག་གིས་དེ་དག་འགྲུབ་པར་བྱེད?་པའི་རྒྱུ་སྤྱིར་བསྟན་ཏོ། །དེ་ནས་ཚིག་ལེའུར་བྱས ་པ་གཉིས་ཀྱིས་རྒྱུ་སོ་སོ་ཡང་དག་པར་བཤད་པ་ཡིན་ནོ། །འདི་ལྟར་བླ་མ་སྐྱེལ་བ་དང་བསུ་པ་ལ་སོགས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང། སྡོམ་པ་ཡང་དག་པར་བླངས་པ་བསྟན་པ་ཉིད་ཀྱིས་རུ་སྦལ་བཞིན་དུ་ཞབས་ཤིན་ཏུ ་གནས་པ་ཉིད་དང། །བསྡུ་པའི་དངོས་པོ་བཞི་བསྟེན་པས་ཕྱག་དང་ཞབས་ཀྱི་སོར་མོ་དང་པའི་རྒྱལ་པོ་ལྟ་བུར་དྲ་བས་འབྲེལ་པ་ཉིད་དང། བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ ་ཉིད་དང། བལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་ཕྱག་དང་ཞབས་དང་ཐལ་གོང་དང་ལྟག་པའི་ཕྱོགས་མཐོ་བའི་ཕྱིར་བདུན་མཐོ་བ་ཉིད་དང། བསད་པར་བྱ་བ་ལས་ཐར་པར་བྱས་པས་སོར་མོ་རིང་བ་ཉིད་དང། འཚོ་བ་ལ་ཕན ་བཏགས་པ་ཉིད་ཀྱིས་རྟིང་པ་ཡང་པ་ཉིད་དང། སྲོག་གཅོད་པ་སྤངས་པ་ཉིད་ཀྱིས་སྐུ་ཆེ་ཞིང་དྲང་བ་ཉིད་དང། དགེ་བའི་ཆོས་ཡང་དག་པར་བླངས་པས་ཞབས་ལོང་བུ་མི་མངོན་པ་ཉིད་དང། དགེ་བའི་ཆོས་ཡང་དག་པར་བླངས་པ་སྤེལ་བས་སྐུའི ་སྤུ་གྱེན་དུ་ཕྱོགས་པ་ཉིད་དང། རིག་པ་དང་བཟོལ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བྱིན་པ་རི་དགས་ཨེ་ཎེ་ཡའི་ལྟ་བུ་དང། ནོར་བདོག་པ་སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང། སྐྱེ་པོ་ཐམས་ཅད་ཚོངས་པར་སྤྱོད་པ ་ཡང་དག་པར་ལེན་དུ་འཇུག་པ་དང། གསང་པའི་ཚིག་བསྲུངས་པས་འདོམས་ཀྱི་སྦ་བསྒྲུབས?་སུ་ནུབ་པ་ཉིད་དང། གདིང་བ་གྱ་ནོམ་པ་བྱིན་པས་མདོག་གསེར་དང་འདྲ་བ་ཉིད་དང། །བང་བཟང་ལ་སོགས་པའི་གནས་དམ་པ་བྱིན་པས་པགས་པ་འཇམ ་པ་ཉིད་དང། འདུ་འཇི་ལ་སོགས་པ་ཡོངས་སུ་སྤངས་པས་སྦུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཉིད་དང། སྐྱེ་བོ་བླ་མ་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བཀོད་པས་ཞལ་མཛོད་སྤུས་བརྒྱན་པ་ཉིད་དང། རྣམ་པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ ་བསང་པས་སྐུ་སྟོང་སེང་གེའི་འདྲ་བ་ཉིད་དང། སྙན་པར་སྨྲ་བ་དང། ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང། སྨན་ལ་སོགས་པ་བྱིན་པས་ཕྲག་པ་རྒྱས་པ་ཉིད་དང། སྐྱེ་བོ་ནད ་པའི་གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང། ནགས་ཚལ་དང་ཀུན་དགའ་ཨི་ར་བ་ལ་སོགས་པ་བྱེད་པ་ཡང་དང་པར་ལེན་དུ་བཅུག་པ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང། གཙུག་ལག་ཁང་ལ་སོགས་པ་ལྷག་པར་བྱིན ་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང། ཚིག?་རབ་ཏུ་འཇམ་པོ་ལ་སོགས་པ་གསུངས་པས་ལྗག་རིང་པ་ཉིད་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ལ་དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས ་ཉིད་དང། ཚིག་འཁྱལ་བ་སྤངས་པས་འགྲམ་པ་སེང་གི་འདྲ་བ་ཉིད་དང། སྐྱེ་བོ་ཐམས་ཅད་སྐུར་བ་ལ་སོགས་པས་ཚེམས་དཀར་བ་ཉིད་དང། འཆེ་བ་རྣམ་པར་དག་པས་ཆོམས་མཉམ་པ་ཉིད་དང། བདེན་པའི་ཚིག་ཀུན་ཏུ ་སྤྱད་པས་ཆེམས་ཐགས་བཟང་པ་ཉིད་དང། ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་ཉིད་དང། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་སྤྱན་མཐོན་མཐིང་ཉིད་དང། ཁོང་ཁྲོ་བ་ལ ་སོགས་པ་མེད་པར་བལྟས་པས། རྫིམ?་པའི་ལྟ་བུ་ཉིད་དོ། །དབྱེ་བང་བཟང་པོ་བརྒྱད་ཅུ་གང་ཞེ་ན། བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ། ཐུབ་པའི་སེན་མོ་ཟངས་མདོག་དང། །མདོག་སྣུམ་མཐོ་དང་སོར་མོ་རྣམས། ་རྒྱུས་?་བྱིན་གྱིས་ཕྲ་བ་དང། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང། །སེང་གེ་གླང་ཆེན་བྱ་དང་ནི། །བྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང། །མཛེས་གཤེགས་དྲང་དང་འཁྲིལ་བག ་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །ངག་དང་གཞོན་ཤ་ཅན་ཉིད་དང། །སྐུ་ཞུ་མ་མེད་དང་རྒྱས ་པ་དང། །ཤིན་ཏུ་གྲིམས་བའི་སྐུ་ཉིད་དང། །ཡན་ལག་ཤིན་ཏུ་རྣམ་འབྱེད་དང། །གཟིགས་པ་སྒྲིབ་མེད་དག་པ་དང། །དགུ་ཟླུམ་སྐབས་ཕྱིན་མ་རྙོངས་དང། །ཕྱང་དེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་པ་དང། །ཀུན་ནས་བལྟ་ན་སྡུག་པ་དང། །ཀུན ་སྤྱོད་གཙད?་དང་སྐུ་ལ་ནི། །སྨྲེ་བ་གནག་བག་མེད་པ་དང། །ཕྱག་ནི་ཤིང་པ་ལ་ལྟར་འཇམ་དང། །ཕྱག་རིས་མདངས་ཡིད་ཟབ་རིང་དང། །ཞལ་ནི་ཧ་ཅང་མི་རིང་དང། །མཆུ་ནི་བིམ་པ་ལྟར་དམར་དང། །ལྗགས་མཉེན་པ་དང་སྲབ་པ་དང། །དམར་དང་འབྲུག་གི ་སྒྲ་ཉིད་དང། །གསུང་གཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག་།པདྨའི་འདབ་མ་འདྲ་བ་དང། །སྨིན་ཚུགས་རིང་དཔལ་འཇམ་པ་དང ་སྣུམ་དང་སྤུ་ནི་མཉམ་པ་དང། །ཕྱག་རིང་རྒྱས་དད་སྙོན་མཉམ་དང། །ཉམས་པ་རྣམ་པར་སྤངས་པ་དང། །དཔྲལ་བ་ལེགས་པར་འབྱེད་པ་དང། །དབྱེས་ཆེ་བ་དད་དབུ་རྒྱས་དང། །དབུ་སྐྲ་བུང་བ་ལྟར་གནག་དང། །སྟུག་དང་འཇམ་དང་མ་འཛིངས་དང། ། ་མི་གཤོར་དྲི་ཞིམ་སྐྱེས་བུའི། །ཡང་ནི་འཕྲོག་པར་བྱེད་པ་དང། །དཔལ་གྱི་བེའུ་དང་བཀྲ་སིས་ནི། །གཡུ་རུང་འཁྱིལ་པས་བརྒྱུན་པ་སྟེ། །སངས་རྒྱས་དཔེ་བྱང་བཟང་པོར་བཞེད། །ཅེས་བྱ་པའོ། །འདུ་བྱེད་ཐམས་ཅད་ལ་འདྡ་ཆགས་དང་བྲལ་བ་ཉིད ་གྱིས་སེར་མོ་ཟངས་ཀྱི་མདོག་ལྟ་བུ་ཉི་དང། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་ལྷག་པར་བསམས་པ་ཉིད་ཀྱིས་སེན་མོ་མདོག་སྣུམ་པ་ཉིད་དང། རིགས་ཀྱི་མཆོག་ལས་སྐྱེས་པས་སེན་མོ་མཐོ་བ་ཉིད་དང། ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས ་སོར་མོ་རྣམས་ཟླུམ་པ་ཉིད་དང། དགེ་བའི་རྩ་བ་བསགས་པ་ཉིད་ཀྱིས་སོར་མོ་རྣམས་རྒྱས་པ་ཉིད་དང། ཡང་དག་པར་མཐར་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང། ལུས་ལ་སོགS ་པའི་ལས་དང་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱིས་རྩ་མི་མངོན་པ་ཉིད་དང། ཉོན་མོངས་པའི་མདུད་པ་གྲོལ་བ་ཉིད་ཀྱིས་རྩ་མདུང་པ་མེད་པ་ཉིད་དང། ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱིས་ལུང་པོ་མི་མངོན་པ་ཉིད་དང། བགྲོད་པར ་དཀའ་བའི་གནས་ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པས་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པ་ཉིད་དང། མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱིས་སེང་གེའི་སྟབས་སུ་གཤེགས་པ་ཉིད་དང། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང། ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱིས་དང་པའི་སྟབས་སུ་གཤེགས་པ་ཉིད་དང། སྐྱེས་བུ་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད ་དང། ?་སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང། མཛེས་པར་སྤྱོད་པ་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང། མཛེས་པར་སྤྱོད་པ་མཁས་པ་ཉིད་ཀྱིས་མཛེས་པར་གཤེགས་པ་ཉིད་དང། རྟག་ཏུ་སེམས་གྱ་གྱུ་མི་མངའ་བ་ཉིད ་ཀྱིས་མི་ཡོ་བར་གཤེགས་པ་ཉིད་དང། ཡོན་ཏན་རྣམ་པར་དག་པ་བརྗོད་པར་མཛད་པ་ཉིད་ཀྱིས་སྐུ་འཁྲིལ་བག་ཆགས་པ་ཉིད་དང། སྡིག་པའི་ཆོས་དང་མ་འཕགས་པ་ཉིད་ཀྱི་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང། གདུལ་བྱ་དང་འཚམ? ་པར་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚམ་པ་ཉིད་དང། སྐུ་ལ་སོགS་པའི་ཀུན་ཏུ་སྤྱོད་པ་ཀུན་ཏུ་གཙང་བའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང། ཐུགས་ཤིན་ཏུ་ཐུགས་རྗེ་ཅན་ཉིད་ཀྱི་ཕྱིར་སྐུ་འཇམ་པ་ཉིད་དང། ཐུགས ་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང། ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་མཚན་རྫོགས་པ་ཉིད་དང། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང། ཐམས་ཅད་ལ་ཐུཌ ་སྙོམས་པའི་ཕྱིར་གོམ་པ་སྙོམས་པ་ཉིད་དང། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར་སྤྱན་རྣམ་པར་དག་པ་ཉིད་དང། ཆོས་གོ་སླ་བར་སྟོན་པའི་ཕྱིར་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར་སྐུ་ཞུམ་པ་མེད་པ་ཉིད་དང། ་དགེ་བའི་རྩ་བ་ཡང་དག་པར་འཕགས་པའི་ཕྱིར་སྐུ་རྒྱས་པ་ཉིད་དང། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པ་ན་ཡིད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པ་ཉིད་ཀྱིས་ཡན་ལག་དང་ཉིད་ལག་རྣམ ་པར་འབྱེས་པ་ཉིད་དང། ཚིག?་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་ཉིད་དང། འཁོར་བའི་སྐྱོན་གྱིས ་མ་སྦགས་པ་ཉིད་ཀྱིས་དཀུ་སྐབས་ཕྱིན་པ་ཉིད་དང། ང་རྒྱལ་གྱི་འགྱིང་བག་བཅོམ་པ་ཉིད་ཀྱིS་དགུས?་རྙོངས་པ་ཉིད་དང། ཆོས་ཟད་པ་རྣམ་པར་བཟློག་པ་ཉིད་ཀྱིས་ཕྱལ་ཕྱམ་མེད་པ་ཉིད་དང། ཆོས་རབ་ཏུ་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ ་ཟབ་པ་ཉིད་དང། སློབ་མ་མཐུན་པར་འཛིན་པར་གྱུར་པ་ཉིད་ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང། འཁོར་ཀུན་ནས་མཛེས་པར་འགྱུར་པ་ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང། ཐུགས་གཙང་མ་ཉིད་ཀྱིས་ཀུན་ཏུ་སྦྱོང་བ ་གཙང་མ་ཉིད་དང། དུས་མ་ཡིན་པའི་ཆོས་འདུལ་བ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་དང་གནག་བག་མེད་པ་ཉིད་དང། ལུས་ལ་སོགས་པ་ཟོ་མདོག་བདེ་བ་ཐོབ་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་ཤིང་བལ་ལྷར་ཤིན་ཏུ་འཇམ་པ་ཉིད་དང ་མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱིས་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང། ཆོས་ཟབ་མོ་ལ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང། ཕྱ་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས ་སྟོན་པར་མཛད་པ་ཉྡ་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང། བསླབ་པར་རབ་ཏུ་མང་པོ་ཀུན་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་ཉིད་དང། འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་ཉིད་ཀྱིས་མཆུ་བིམཔ་ལྟར ་དམར་པ་ཉིད་དང། ཚིག་འཇམ་པོས་འདུལ་བ་ཉིད་ཀྱིས་ལྗགས་མཉན་པ་ཉིད་དང། ཡོན་ཏན་མཛའ་དག་མངའ་བ་ཉིད་ཀྱིས་ལྗགས་སྲབ་བ་ཉིད་དང། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་ཆགས་ཅན་གྱིས་གཏིང་དཔག་དཀའ་བ་ཉིད་ཀྱིས་ལྗགས ་དམར་བ་ཉིད་དང། བརྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀིས་འབྲུག་གི་སྒྲ་དང་ལྡན་པ་ཉིད་དང། སྙེན་པ་ལ་སོགས་པར་གསུང་བ་ཉིད་ཀྱིས་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང། སྲིད་པར་ཀུན་ཏུ་སྦྱོར་བ་བསྡམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པོ་ཉིད་དང ་སྐྱེ་བོ་གདུལ་དཀའ་བ་འདུལ་བར་མཛད་པ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང། ཆོས་འདུལ་བ་ཤིན་ཏུ་རྣམ་པར་དཀར་བ་ཉིད་ཀྱིས་མཆེ་བ་དཀར་བ་ཉིད་དང། མཉམ་པའི་ས་ལ་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་མཐར་གྱིས་མངོན་པར ་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང། ཤེས་རབ་མཆོག་ལ་གནས་པ་ཉིད་ཀྱིས་ཤངས་མཐོ་བ་ཉིད་དང། སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང། ་ཆོས་ཤིན་ཏུ་རྒྱ་ཆེ་བ་ཉིད་ཀྱིས་སྤྱན་ཡངས་པ་ཉིད་དང། སེམས་ཅན་གྱི་ཚོགས་ལེགས་པར་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང། འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་མགུ་པ་ཉིད་ཀྱིས་སྤྱན་དཀར་ནག་འབྱེས་ཤིང་པདྨའི ་འདབ་མ་རངས་པ་ལྟ་བུ་ཉིད་དང། རྟག་ཏུ་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་ཆུགས་རིང་བ་ཉིད་དང། ཆོས་འདུལ་བ་འཇམ་པོ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་ཉིད་དང། ཐུགས་ཀྱི་རྒྱུད་དགེ་བས་བརླན་པ་ཉིད་ཀྱིས་སྨིན་མ་སྣན་པ་ཉིད་དང ་ཀུན་ཏུ་སྐྱོན་གཟིགས་པ་ཉིད་ཀྱིས་སྨིན་མིའི་སྤུ་མཉམ་པ་ཉིད་དང། མཆོག་ཏུ་གནོད་པ་བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང། འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ ་ཉིད་དང། སེམས་ཅན་ཐམས་ཅད་ཀྱི་རྒྱུད་མ་ཉམས་པར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང། ལྟ་བས་བྱས་པ་ཐམས་ཅད་ཀྱིས་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང། སྨྲ ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱིས་དཔྲལ་བའི་དབྱེས་ཆེ་བ་ཉིད་དང། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་དང། ཡུལ་གྱི་དགའ་བ་རྣམ་པར་ཟློག་པར་མཛད་པ་ཉིད་ཀྱིས་དབུ་སྐྲ ་བུང་བལྟར་གནག་པ་ཉིད་དང། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པ་ཉིད་དང། བསྟན་པ་བློ་འཇམ་པོས་ཡོངས་སུ་ཤེས་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་དང། ཐུགས་འདོད ་ཆགས་ལ་སོགས་པས་མ་དཀྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིང་པ་ཉིད་དང། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་གཤོར་བ་ཉིད་དང། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་པ་ཉིད་ཀྱིས་དབུ་སྐྲ་དྲི་ཞིམ་པ་ཉིད་དང། རྣམ་པ་ཐམས ་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབས་དཔལ་གྱི་མྦེའུ་དང་བཀྲ་ཤིས་དང་གསུང?་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ། །དེའི་རྗེས་ལ་བྱིས་པའི་སྐྱེ་བོ་ལ་སོགས་པ་གདུལ་བར་བྱ་བ་མ་ལུས་པ་ཐམས་ཅད་ལ་ཇི་ལྟར་འཚམ་པས་དོན་ ་མཛའ་དག་སྒྲུབ་པར་མཛད་པས་སྤྲུལ་པའི་སྐུ་གསུངས་པ། །གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག་།མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་བྱ་བོ། །བཅོམ ་ལྡན་འདས་ཤཱཀྱ་སེང་གེ་ལ་སོགས་པའི་གཟུགས་གང་གིས་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱིས་འདོད་པའི་དོན་མཉམ་དུ་མཛད་པའི་སྐུ་གང་ཡིན་པ་དེ་ནི་རྒྱུན་ཆགས་ཉིད་ཀྱིས་སངས་རྒྱས་རྣམས་ཀྱི ་སྤྲུལ་པའི་སྐུ་རྒྱུན་མི་འཆད་པ་ཡིན་ནོ། །དེ་ལྟར་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་ཅན་གྱི་སྐུ་གང་ཡིན་པ་ངོ་བོ་ཉིད་ཀྱི་སྐུ་དང། །གཞན་རྣམ་པ་གསུམ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ ་རྣམ་པར་བཞག་པས་ཆོས་ཀྱི་སྐུ་དང། །ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་རྣམས་གསུམ་མོ། །ཆོས་ཉིད་དང་གཟུགས་ཀྱི་སྐུ་རྣམ་པར་ཕྱེ་བ་རྣམ་པ་གཉིས་ཉིད་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ནི་རྣམ་པ་གསུམ ་དུ་ཡང་དག་པར་བརྗོད་དོ། །དེའི་སྐུ་རྣམས་ཀྱིས་དངོས་དང་བརྒྱུད་པོའི་མཚན་ཉིད་ཀྱི་བྱ་བར་བྲས་བུ་ཕྱིན་ལས་མཛད་གསུངས་པ། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །འགྲོ་རྣམས་ཞི་བའི་ལས་དང་ནི། ། ་བསྡུ་རྣམ་པ་བཞི་ལ་འགོད་པ་དང། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང། །སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དད་ཕ་རོལ་ཕྱིན་དྲུག་དང། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང ་གཉིས་དང་ཟད་དང། །བརྡ་དང་དམིགས་པ་མེད་པ་དང། །ལུས་ཅན་རྣམས་ནི་ཡོངས་སྨིན་དང། །བྱང་ཆུབ་སེམས་དཔའ་ཨི་ལམ་དང་ནི། །མངོན་པར་ཞེན་པ་ཟློག་པ་དང། །བྱང་ཆུབ་འཐོབ?་དང་སངས་རྒྱས་ཞིང། །རྣམ་པར་དག་དང་ངེས་པ་དང།། ་སེམས་ཅན་དོན་ནི་ཚད་མེད་དང། །སངས་རྒྱས་བརྟེན་སོགས་ཡོན་ཏན་དང། །བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང། །ཕྱིན་ཅི་ལོག་ནི་སྤངས་པ་དང། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་བ་དང་ཚོགས་དང་ནི ་འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་།ཉ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་མི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་བྱ་བའོ། །སྤྲུལ་པའི་སྐུ་ཇི་ལྟ་བ་བཞིན་དུ་གདུལ་བྱའི་སྐྱེ་བོ་སོ་སོའི་སྣང་བ ་ལ་བརྟེན་པ་ལས་ཆོས་ཀྱི་སྐུའི་བདག་ཉིད་ཀྱི་ཡེ་ཤེས་བདག་པོར་གྱུར་པ་འདི་ལས་ནི་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པར་འབྱུང་བར་བཞེད་དེ། །འདི་ལྟར་དང་པོ་འཇིག་རྟེན་པའི་བསམ་པ་ཡོངས་སུ་དག་པ་འགྲོ་པ་བཟང་པོ་དང་ཅིག་ཤོས་ལ་མངོན ་པར་ཞེན་པ་མེད་པར་གནས་པའི་མཚན་ཉིད་འགྲོ་བ་རབ་ཏུ་ཞི་པའི་ཕྲིན་ལས་ལ་འགོད་དོ། །དེ་ནས་སྦྱོར་བ་ཡོངས་སུ་དག་པ་སྦྱིན་པ་ལ་སོགས་པ་བསྡུ་པའི་དངོས་པོ་རྣམ་པ་བཞི་དང། ལྟ་བ་ཡོངས་སུ་དག་པ་ཐོས་པ་ལ་སོགས་པའི་ཤེས་པས ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དོར་བ་དང་བླང་བར་བྱ་བའི་སྒོ་ནས་རྟོགས་པ་དང། །དེ་ནས་ལམ་ཡང་དག་པ་དང་པོར་འཇུག་པའི་མཚན་ཉིད་ཀྱིས་ལམ་རྣམ་པར་དག་པ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་གཞན་གྱི ་དོན་བྱམས་པ་ལ་སོགས་པར་མཚན་ཉིད་དང། རང་གིས་དོན་གྱི་སྤྱོད་པ་རྣམ་པར་དག་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པ་དང། རང་དང་བཞན་གྱི་དོན་གྱི་སྦྱོར་བ་རྣམ་པར་དག་པ་སངས་རྒྱས་ཀྱི་ལམ ་དང། ལྟ་བ་རྣམ་པར་དག་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ལ་གོམས་པར་བྱ་བ་དང། དེའི་འོག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་དང་པོར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་གཉིས་སུ་མེད་པའི་དོན་ཀུན་ཏུ་སྟེན་པ ་དང། ཚུལ་ཁྲིམས་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་གཉིས་པ་དང་གསུམ་པར་ཆོས་ཐམས་ཅད་བརྡར་བཏགས་པར་ཤེས་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན ་ནས་མ་བཞི་དང། ལྔ་པ་དང་དྲུག་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང། བདེན་པ་བཞི་དང། རྟེན་ཅིང་འབྲེལ་པར་འབྱུང་པ་ཡང་དག་པར་ཤེས་པར་ཆོས་ཐམས་ཅད་མཚན་མར་དམིགས་པ་མེད་པ་དང། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས ་བདུན་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བརྒྱད་པར་ཉན་ཐོས་ལ་སོགས་པ་དང་མཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའ་ཨི་ལམ་དང། དེ་བཞིན་དུ་དེ་ཉིད་ལ་ཉོན་མོངས་པ་ཟད་པ་ལ་སོགས་པས་ཆོས་ཐཾ་ཅད ་ལ་མངོན་པར་ཞེན་པ་སྤངས་པ་དང་རྟོག་པ་སྤངས་པ་ལ་སོགས་པས་ཉེ་བའི་བྱང་ཆུབ་ཐོབ་པ་དང་རྗེས་སུ་མཐུན་པའི་ཐབས་ལ་མཁས་པས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱེད་པ་དང། དེའི་འོག་ཏུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནS་ས་དགུ་པར་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཀྱི་ཕུང་པོར་ངེས་པ་དང། དེ་བཞིན་དུ་ཆོས་སྨྲ་བའི་སྐྱེས་བུར་གྱུར་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱེད་པ་དང། དེའི་རྗེས་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ས་བཅུ་པར་མངོན་པར་ཤེས་པ་ལ་གནས་ཏེ་འཇིག་རྟེན་གྱི་ཁམS ་ཐམས་ཅད་དུ་སངས་རྒྱས་ཀྱི་དྲུང་དུ་སོང་ཞིང་བསྙེན་བཀུར་པ་ལ་སོགས་པའི་ཡོན་ཏན་དང། དེ་བཞིན་དུ་ཁྱད་པར་གྱི་ལམ་གྱི་ངོ་བོ་དགེ་བའི་ཆོས་བྱང་ཆུབ་མཛའ་དག་འདྲེན་པར་བྱེད་པའི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་དང། ཐ་སྙད་ཉེ་བར་བཟུང་སྟ་ལས་དང ་འབྲས་བུར་འབྲེལ་བ་ཆུད་མི་ཟ་བ་དང། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ངོ་བོས་སྡུག་བསྔལ་ལ་སོགས་པ་བདེན་པ་རྣམ་པ་བ་ནི་ཡང་དག་པར་རྟོགས་པ་དང། གཟུགས་ལ་སོགས་པའི་ཕུང་པོ་མཚན་ཉིད་མེད་པ་ཉིད་ཀྱིས་རྟགས་ལ་སོགས་པར་པྱིན་ཅི་ཡོས་ཐམS་ཅད ་རབ་ཏུ་སྤངས་པ་དང། ཚུལ་དེ་ཉིད་ཀྱིས་ཕྱིན་ཅི་ལོག་ཐམས་ཅད་ཉེ་བར་འཇུག་པའི་བཞིའི་དངོས་པོ་འགའ་ཡང་མེད་པ་དང། རང་བཞིན་གྱིས་དག་པའི་མཚན་ཉིད་ཀྱིས་རྣམ་པར་བྱང་བ་དང། དྲི་མ་ཐམས་ཅད་དང་བྲལ་བའི་རྒྱུད་དེ་བཞིན་གཤེགས་པའི ་ཚོགས་ཡོངས་སུ་རྫོགས་པ་དང་སྟོང་པ་ཉིད་ཀྱིས་ངོ་བོ་ཉིད་ཁོ་ནས་འདུས་བྱས་དང་འདུས་མ་བྱས་མཛའ་དག་ཐ་དད་པ་མེད་པར་ཡོངས་སུ་ཤེས་པ་དང། དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུས་ཆོས་ཐམS་ཅད་ཡང་དག་པར་རྫོགས་པའི་མྱ ་ངན་ལས་འདས་པ་ཆེན་པོ་ལ་འགོད་པར་བྱེད་པ་སྟེ། ཟག་པ་མེད་པའི་ཆོས་ཀྱི་སྐུའི་མཐུ་ལས་བྱུང་བ་གདུལ་བྱ་ཡོངས་སུ་འཛིན་པར་བྱེད་པའི་ཕྲིན་ལས་ནི་རྣམ་པ་ཉི་ཤུ་རྩ་བདུན་པོ་འདི་དག་ཡིན་པར་བཞེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་ལས་སྐབས་བརྒྱད་པའི་འགྲེལ་པའོ།། །།རབ་ཏུ་རྒྱས་པ་ལ་དང་པའི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་དེ་ལྟར ་དོན་བརྒྱད་ཀྱི་སྒོ་ནས་རྣམ་པར་བཤད་ནས། བར་མ་ལ་དད་པ་རྣམས་ཀི་དབང་དུ་བྱས་ཏེ་རྣམ་པ་གཞན་གྱིས་བཤད་པ་གསུངས་པ། མཚན་ཉིད་དེ་ཡི་སྦྱོར་བ་དང། དེ་རབ་དེའི་གོ་རིམས་དང། །དེ་ཡི་མཛའ་དེའི་རྣམ་སྨིན་ནི། །དོན ་བསྡུས་གཞན་ཏེ་རྣམ་པ་དྲུག་།ཅེས་བྱ་བའོ། །དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་གསུཾ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་ངོ་བོ་ཁོ་ན་ཉིད་ཡིན་པས་མངོན་པར་རྟོགས་པར་བྱ་བའི་མཚན་ཉིད་དོ། །དེ་ནS ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་དེ་དག་དབང་དུ་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པ་ཉིད་ཀྱི་ཉེ་བར་སྦྱོང?་བེ་པོ་ཡིན་པས་དེའི་སྦྱོར་བའི་གནས་སྐབས་ཡིན་ནོ། །དེ་ནས་རྩེ་མོའི་མངོན་པར་རྟོགས་པ་ནི་སྔ་མ ་ཕུལ་དུ་བྱུང་བར་སོན་པས་ངེས་པར་དབང་དུ་གྱུར་པའི་ཕྱིར་མངོན་པར་རྟོགས་པར་རབ་ཏུ་གྱུར་པའི་གནས་སྐབས་ཡིན་ནོ། །དེ་ནས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་དབང་དུ་གྱུར་པའི་དངོས་པོ་རབ་ཏུ་བརྟན་པར་བྱ་བའི་ཕྱིར་སོ་སོ་བ་དང ་མཛའ་དང་ཏུ་རྣམ་པ་དུ་མར་བསྒོམས་པས་གཞུང་སྲོང་བར་བྱེད་པའི་དོན་གྱིས་མངོན་པར་རྟོགས་པའི་གོ་རིམ་གྱི་གནས་སྐབས་ཡིན་ནོ། །དེ་ནས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཤིན་ཏུ་གོམས་པས་བརྟན་པ་མཐར་ཕྱིན་པའི་དོན ་གྱིས་མངོན་པར་རྟོགས་པ་མཐར་ཐུག་པའི་གནས་སྐབས་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་སྦྱོར་བས་མངོན་པར་ཐོབ་པའི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་མངོན་པར་རྟོཌ་བ་རྣཾས་རྣམ་པར་སྨིན་པ་ཉིད་ཡིན་ནོ། །དེ་ལྟར་ན ་རྒྱལ་བའི་ཡུམ་ཐམས་ཅད་ཀྱི་དོན་བསྡུས་པ་གཞན་རྣམ་པ་དྲུག་སྟེ། སྔར་བསྟན་པ་ཁོ་ནས་རྣམ་པར་བཤད་པ་གྲུབ་པ་ཉིད་དོ། །དངོས་པོ་རྣམས་པ་དྲུག་བསྟན་པའི་འགྲེལ་པའོ།། །།བར་མ་ལ་དད་པའི་གདུལ་བྱ་རྣམས་ལ་ཕན་གདགས ་པར་བྱ་བའི་ཕྱིར་དེ་ལྟར་དོན་དྲུག་གི་སྒོ་ནས་ཉེ་བར་བཤད་ནས། མདོར་བསྡུས་པ་ལ་དད་པ་རྣམས་ཀྱི་དབང་དུ་བྱས་ཏེ་ཡང་རྣམ་པ་གཞན་གྱིས་བཤད་པ་གསུངས་པ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང། ཆོས ་སྐུ་ཕྲིན་ལས་འབྲས་བུ་ནི། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། ཞེས་བྱ་པའོ། །དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་ངོ་བོ་ཉིད ་འཇུག་པ་ཡུལ་གྱི་རྒྱུ་ཡིན་ནོ། །དེའི་རྗེས་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམ་པ་བཞི་ནི་མངོན་པར་རྟོག་པ་རང་གི་མཚན་ཉིད་སྦྱོར་བའི་རྣམ་པ་ཡིན་ནོ། །དེའི་འོག་ཏུ་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི ་མངོན་པར་རྟོགས་པ་རྣམས་ཀྱི་འབྲས་བུ་ཡིན་ནོ། །དེ་ལྟ་ན་ཡང་རྒྱལ་པའི་ཡུམ་མཛའ་དག་གི་དོན་བསྡུས་པ་བཞན་རྣམ་པ་གསུམ་སྟེ། འདི་ཡང་སྔར་བསྟན་པ་ཁོ་ནས་ཉེ་བར་བཤད་པ་གྲུབ་པ་ཉིད་དོ། །དངོས་པོ་རྣམ་པ་གསུམ་བསྟན་པའི ་འགྲེལ་པའོ།། །།ཤེས་རབ་ཕ་རོལ་ཕྱིན་ལུས་གང་ཡིན་མངོན་རྟོགས་དྲི་མེད་རིན་ཆེན་རྒྱན་གྱིས་རྣམ་བརྒྱན་ནི། །ལ་ལས་མ་བཤད་ལ་ལས་ལོག་བཤད་གཞན་གྱིས་གཞན་བཤད་དེ་བཞིན་གཞན་གྱིས་ཀུན་མ་བཤད། །རྒྱལ་ཡུམ་? ་གཞུང་སྲོག་ལྐོག་མར་ཕྱིན་གྱུར་སླད་དུ་གང་ཚེ་གནས་བརྟན་ཐོས་མང་བློ་གསལ་བ། །སངས་རྒྱས་ཡེ་ཤེས་དཔལ་ཞེས་བྱ་བས་བསྟན་ལ་མཆོད་ཕྱིར་རྒྱན་འགྲེལ་ངོ་མཚར་རྨད་འདི་བྱས། །གང་གིས་གང་ཐོབ་རྣམ་གྲོལ་ལ་སོགས་མཁས་མར?་རྗེས ་འབྲངས་རྒྱལ་སྲས་མི་ཕམ་མགོན་མཉེས་བྱེད། །དཔལ་ལྡན་གྲགས་ཆེན་བླ་མའི་དྲིན་ཐོབ་རིང་ནས་རྗེས་བསྒོམས་རབ་ཏུ་དགའ་བའི་ཡིད་ཀྱིས་འདིར། །དངོས་བརྒྱད་ལུས་ལ་རྒྱན་དོན་གསལ་བྱེད་ཤེས་རབ་སྒྲོན་མའི་ཕྲེང་བ་འབར་བ་འདི ་བྱས་པས། །འགྲོ་འདི་མྱུར་དུ་མ་རིག་མུན་བསལ་ཡང་དག་ཡེ་ཤེས་སྣང་བ་གསལ་པོས་མཛེས་གྱུར་ཅིག་།བདག་གི་ལྷག་བསམ་འགད་པའི་མཐུ་དང་རྒྱལ་ཡུམ་ཆེ་བས་ཤེས་རབ་ཕ་རོལ་ཕྱིན་ཚོལ་རྣམས། །སེམས་སྐྱེད་གདམས ་བས་དེ་ཉིད་ལམ་བསྟན་ཆོས་དབྱིངས་དམིགས་བཅས་ཆེད་དུ་བྱ་བ་སྒྲུབ་རྣམ་བཞིས། །རྣམ་ཀུན་མཁྱེན་གྱུར་རྟེན་ཚོགས་བཟང་ལྡན་ཐེག་གསུམ་མཐོང་དང་བྱེད་བཅས་བསྒོམ་པཱི་ལཾ་ཀུན་མཁྱེན། །མཛའ་གཉིས་མི་གནས་ཚུལ་གཉིས་མཚན ་ཉིད་རྒྱུ་ལས་དངོས་མཐོང་ཀུན་མཁྱེན་ཕ་རོལ་ཕྱིན་པར་ཤོག་།གང་དོན་གང་གི་རྣཾ་བསྒོམས་དབང་བྱས་ཆོས་གཟུགས་འབྲས་སྐྱེད་རྣམ་པ་ཀུན་མངོན་རྟོགས་པ་དང། །རྟོགས་འཕེལ་བསྟན་གནས་མཐོང་དང་ལེགས་གོམས་པར་ཆད་མེད་ལམ་ཀླན་ཀ་ཀུན ་གྲོལ་རྩེ་མོར་སོན། །རྣམ་གསུམ་རྣམ་བཅུ་རིམ་གཉིས་མཐར་སློབ་མཚན་ཉིད་རྣམ་བཞིས་སྐད་ཅིག་གཅིག་མངོན་བྱང་ཆུབ་ནས། །ངོ་བོ་ཉིད་ཆོས་ལོངས་བྱོང?་རྫོགས་དང་སྤྲུལ་སྐུ་ཕྲིན་ལས་འབྲས་བུ་མྱུར་དུ་སྨིན་པར་ཤོག་། ་ཇི་ལྟར་སྨག་རུམ་ལྗན་ལྗིན་ནས། །ཡིད་བཞིན་ནོར་རྙེད་ཇི་ལྟ་བར། །ཇི་ཞིག་ལྟར་སྟེས་བདག་གིས་ཀྱང། །ཤེས་རབ་ཕ་རོལ་ཕྱིན་དོན་རྙེད། རྙེད་དཀའ་རྙེད་པ་དོན་ཆེ་བ། །རྒྱུན་གཞུང་ཇི་བཞིན་ཇི་སྙེད་འགྲེལ། །ེ་མ་ཨུ་དུ་མ་བ་ར་འདྲ་བ། །མཁས ་རྣམས་དགའ་བ་སྐྱེད་པར་བྱེད།། །།དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་བཅོམ་ལྡན་འདས་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི ་ཕྲེང་བ་ཞེས་བྱ་བ། དཔལ་ཆོས་ཀྱི་རྗེ་བྱང་ཆུབ་སེམས་དཔའ་དམ་པ་མཁས་པ། ཐམས་ཅད་ཀྱི་བླ་མར་གྱུར་པ་ཁ་ཆེའི་རིགས་ཀྱི་པཎྚི་ཏ་ཆེན་པོ་བུད་དྷ་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང། གནུབས་ལོཙྪ་བ་དགེ་སློང ་བྱམས་པའི་དཔལ་གྱིས་བསྒྱུར་པའོ།། །། *། །མངོན་རྟོགས་རྒྱན་གྱི་བསྲེལ་པ་ཤ་ལྡན་སློབ་དཔོན་རིན་ཆེན་འབྱུང་གནས་ནི་བས་མཛད་པ་བཞུགས་སོ།། །།།*། །རྒྱ་གར་སྐད་དུ། ཨབྷི་སེམས་ཡཱ་ཡང་ཀཱ་ར་ཀཱ་རི་ཀཱ་བྲིཏྟི་ཤུདྷ?་མ་ཏཱི་ནཱ་མ། བོད་སྐད་དུ ་