| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ཨ་ལངཀ་ར་ཀཱ་རཱི་ཀཱ་པྲཛྙཱ་པཱ་ར་མི་ཏོ་པ་དེ་ཤཱ་ཤཱསྟྲ་ཊཱི་ཀཱ་པྲསཕུ་ཏ་པ་ཏ་ནཱ་མ། བོད ་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ ་བཤད་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི ་ཡུམ་དུ་གྱུར་པ། སྲས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། འཕགས་པ་འདོད་ཆགས་དང་བྲལ་བར ་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རང་བཞིན་འཕགས་པའི་གང་ཟག་བསྐྱེད་པའི ་ཡུམ། །རྒྱལ་དང་དེ་སྲས་ཡུམ་གྱུར་ཟབ་མོ་དེ་ལ་ཕྱག་འཚལ་ལོ། །གཞུང་འདི་རྒྱ་ཆེ་རབ་ཟབ་ཀུན་གྱིས་འཇུག་པས་ཕ་རོལ་དུ། །ལེགས ་འགྲོ་དཀའ་ཞིང་གཏིང་མི་རྙེད་ཕྱིར་བདག་འདྲས་མི་དཔོགས་པ། །མཁས་པ་རྣམས་ལ་མཚར་མེད་སྨོད་བྲལ་འདི་བརྩམས་ཏེ། །བདག ་ཕན་ཐབས་མཁས་སུ་ཞིག་རང་གི་བརྩོན་པ་འདོར། །གང་ཞིག་རྟོག་པས་རྒྱལ་བ་སྲས་བཅས་ཞབས་ལ་ལྷ་དབང་གཙུག་གིས་ནོར་བུས ་འདུད་བྱེད་ཅིང། །མངོན་པར་མཐོ་བའི་བདེ་བ་རྒྱ་ཆེན་ཟད་མི་ཤེས་པའང་སྔོན་དུ་ཡོངས་སུ་ལོངས་སྤྱོད་ཅིང། །རབ་ཏུ་འཇིགས་རུང་དྲན་པས་སྤུ་ལྡང་ངན་འགྲོའི ་གཡང་སམ་རུངས་པ་ལས་ལེགས་སྒྲོལ་བ། །ལྷ་ཡི་དཔག་བསམ་ཤིང་ལྟར་སྐྱེ་བོ་དམ་པ་དགའ་བྱེད་དེ་ལ་སུ་ཞིག་བརྟེན་མི་བྱེད། །དེ་ཕྱིར་སྐྱེ་བོ་དམ་པ ་རིགས་པའི་ཤིང་རྟ་ལུང་གི་འཁོར་ལོས་དྲངས་པ་ཆེན་པོ་ཡིས། །ཉམ་ངའི་ལམ་སྦྱངས་ངེས་པའི་གནས་བསྟན་དཔག་བསམ་ཤིང་ཆེན་ཡལ་ག་རབ་རྒྱས ་གཅིག་ལ་ནི། །ལེགས་འཇུས་དེ་ཐོབ་གྱུར་པའི་འབྲས་བུ་ཡིད་འོང་རོ་ལྡན་བདུད་རྩི་ལྟ་བུ་བརྩོན་པས་ཐོབ། །གང་ཡིན་དེ་འདིར་རང་གི་ཆེད་དུ་ལེགས་པར ་ཡོངས་སུ་སྤྱད་པ་མཁས་པ་རྣམས་ཀྱིས་རྟོགས། །བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ཐུགས་རྗེས་ཐུགས་བརླན་པ་དེས་འགྲོ་བ་ཐམས་ཅད་མངོན་པར ་མཐོ་བ་དང་ངེས་པར་ལེགས་པ་ལ་འགོད་པའི་ཐབས་སུ་གྱུར་པ་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་ཆོས་བསྟན་པ་ཇི་སྙེད་ཆོས་ཀྱི་ཕུང་པོ ་བརྒྱད་ཁྲི་བཞི་སྟོང་བསྟན་པ་རྣམས་ལས་རབ་དང་ཕུལ་དང། གཙོ་བོ་དང། གྱ་ནོམ་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེར་གང་མ་བསྡུས་པའི་དོན ་འགའ་ཡང་མེད་པའི་ཕྱིར་རོ། །དེ་ཡང་ཁ་ཅིག་ནི་དོན་དམ་པའི་བདེན་པ་སྙིང་པོའི་དོན་གཙོ་བོར་བྱས་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང ་པོ་ལ་སོགས་པའོ། །བདེན་པ་གཉིས་ཀའི་དོན་ལས་མངོན་པར་རྟོགས་པའི་དོན་གཙོར་བྱས་པའི་གཞུང་ཡང་ཁ་ཅིག་སྟེ་རྒྱལ་བ་བསྐྱེད་མ་འབུམ་པ་ལ་སོགས ་པའོ། །དེ་ལ་སྙིང་པོའི་དོན་ནི་མདོ་སྡེ་ཟབ་མོ་རབ་ཏུ་མང་པོ་འམ་གསལ་པོར་བསྟན་ཅིང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དབུ་མ་རྩ་བའི་ཤེས་རབ་ལ་སོགས་པར ་ལུང་གི་དོན་གཏན་ལ་དབབ་པ་ངེས་པར་མཛད་པས་ཐེ་ཚོམ་མེད་པ་མཛད་པའི་ཕྱིར་སྐྱེ་བོ་ཕྱི་མ་རྣམས་འཇུག་ཏུ་རུང་བར་མཛད་དོ། །གང་དུ་མངོན་པར་རྟོགས་པའི་དོན་བརྟན་པ་ནི་རབ་ཏུ་རྒྱས་པ་དང་ཟབ་པར་ལྡན་པས་འཇུག་པའི་གང ་ཟག་ཕལ་ཆེར་འགྲོན་པོ་ཕྱོགས་བསླད་པ་བཞིན་གྱུར་པས་རབ་ཏུ་རྨོངས་པའི་གནས་སུ་གྱུར་ཏེ། དོན་འདི་ཉིད་འཕགས་པ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་དེས་གཟིགས་ཏེ། འགྲོ་བ་རབ་ཏུ་ལྡོངས་པ་དམིགས་བུ་མེད་པ ་དེ་དག་གི་ཕྱིར་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་སྒོ་སྣང་བར་བྱ་བའི་ཕྱིར་རྒྱལ་བའི་ཡུམ་མ་ལུས་པ་ཐུགས་ལ་གཞག་སྟེ། གང་རྟོགས་དཀའ་བའི་གནས་དེ་དག་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། ཉན་ཐོས ་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞི་ཁྲིད་མཛད་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པའི་གཞུང་དོན་རྒྱ་ཆེན་པོ་ཡང་ཐབས་སླ་བས་ཉེ་བར་བསྟན་པ་འདི་མཛད་དོ། །དེ་བས་ན་འདི་ནི་མན་ངག་གི་བསྟན་བཅོས ་ཡིན་གྱི། མདོ་རྣམས་ནི་འདི་ལས་བལྟོས་ན་མན་ངག་མ་ཡིན་ཏེ། འཇུག་པ་པོ་རྣམས་ལ་ཉེ་བར་བསྟན་པ་མ་ཡིན་གྱི་དུས་ཡུན་རིང་མོས་གོ་བ་བསྐྱེད་པ་ཙམ་གྱི་ཡན་ལག་ཏུ་གྱུར་པའི་ཕྱིར་དེ་ལྟར་མྱུར་དུ་ཁོང་དུ་ཆུད ་པར་བྱེད་པའི་མན་ངག་བསྟན་པ་ཡང་བློ་རབ་ཏུ་ཉམས་ཆུང་བ་སྔོན་ཡོངས་སུ་མ་སྦྱངས་པ་ཁ་ཅིག་གིས་མན་ངག་གི་ཚིག་རབ་ཏུ་བསྡུས་པ་ཁོང་དུ་ཆུད་པར་མི་ནུས་པས་ན་དེའི་དོན་བདེ་བར་རྟོགས་པར་བྱ་བའི་ཕྱིར་སློབ ་དཔོན་གྱི་ཞལ་སྔ་ནས་དེའི་དོན་དགྲོལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། གུས་ཕྱག་འཚལ་ཞེས་བྱ་བ་ལ་སོགས་པས་དོན་རྣམ་པར་བཤད་པ་འདི་ལེགས་པར་བརྩམས་སེ། །དེ་ལྟར་རིམ ་པ་གསུམ་དུ་བྱུང་བའི་རྒྱལ་བའི་ཡུམ་ལེགས་པར་གཏན་ལ་ཕབ་མོད་ཀྱི། གང་དག་བློའི་སྟོབས་རབ་ཏུ་ཞན་པ་འམ། ཡང་ཁ་ཅིག་དགེ་པའི་བཤེས་གཉེན་ལེགས་པར་བསྙེན་བཀུར་མི་ནུས་ཀྱི། རང་གི་རྟོག་གེའི ་ཤེས་པ་ཙམ་གྱིས་རྒྱལ་བ་བསྐྱེད་མའི་དོན་ཤེས་པར་འདོད་ཅིང་མངོན་པའི་ང་རྒྱལ་དང་ལྡན་པ་དེ་དག་གི་ཕྱིར་བདག་གིས་འགྲེལ་བཤད་དོན་བསྡུས་པ་འདི་བྱས་ཏེ། དེ་བས་ན་རིམ་པ་རེ་རེ་ཡང་དོན་མེད་པར་ནམ ་ཡང་མི་བསམ་མོ། །དེ་ལ་མདོ་འཆད་པར་འདོད་པ་རྣམས་ཀྱི་མན་ངག་ནི་འཕགས་པ་ཉིད་ཀྱི་སློབ་མ་རིམ་པ་གཅིག་གིས་བར་བཅད་པ་སློབ་དཔོན་དབྱིག་གཉེན་སངས་རྒྱས་གཉིས་པ་ཞེས་བྱ་བས་རྣམ་པར་བཤད ་བའི་རིགས་པ་ལས། མདོ་རྣམས་སྨྲ་བར་འདོད་པ་ལ་ངས་ནི་མན་ངག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར ་བྱ་ཞེས་བཤད་དེ་འདི་ཡང་འཕགས་པ་བྱམས་པ་ཉིད་ཀྱི་མན་ངག་བརྒྱུད་པའོ། །དེ་བས་ན་རྒྱལ་བའི་ཡུམ་རྣམས་འཆད་པར་མཛད་པ་རྒྱལ་བ་བྱམས་པའི་ཞལ་སྔ་ནས། དགོས་པ་དང། བསྡུས་པ་དང་280་། ་ཚིག་གི་དོན་ནི་དངོས་སུ་བསྟན་ཅིང། མཚམས་སྦྱར་བ་དང། བརྒལ་བ་དང། ལ་ནི་ཤུགས་ལས་རྟོགས་པར་དགོངས་ཏེ་ཤུགས་ཀྱིས་བསྟན་ཏོ། །དེ་ཡང་ཚིག་གི་དོན་ནི་དོན་དང་ལྡན་པའི་མིང་གིས་བཤད་པ་དང། ངེས་པའི་ཚིག་གིས་བཤད་པ་དང། རྣམ་གྲངས་ཀྱིས་བཤད་པ་དང། ལུང་བསྟན ་པའི་རིགས་པས་བཤད་པ་དང། དོན་གྱི་ཤུགས་ཀྱིས་བཤད་པ་ཙམ་མོ། །དེ་དག་ལས་འདིར་དོན་གྱི་ཤུགས་ཀྱིས་བཤད་པ་ཙམ་དང། རྣམ་གྲངས་ཀྱིས་བཤད་པ་ཉིད་བཟུང་ངོ། །མཚམས་སྦྱར་བ་ཤུགས་ལས་རྟོགས་པར་བྱ་བ་ནི་སློབ་དཔོན་གྱི་ཞལ་སྔ་ནས་དངོས་སུ་འགྲེལ་པ་ལ་སྨོས་པ་ནི། ་འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་ནས། ་གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་འབྱུང་གནས་ལ་དོན་གྱིས་འཇུག་པར་བྱ་བའི་ཕྱིར་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུ། རེ་ཤིག་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་ཅན་གྱི་ཕྱག་འཚལ་བ་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་ཡང་སྐབས་དང་པོ་ལས་ནི་མཚམས་སྦྱོར་བའི་ཚིག་གི་སུམ་ཅུ་རྩ་དྲུག་སྨོས་ཏེ། སྐབས་གཉིས་པ་ལས་ནི་ཉི་ཤུའོ། །སྐབས་གསུམ་པ་ལས་ནི་བཅུ་བཞིའོ། །སྐབས་བཞི་པ་ལས་ནི་སུམ་ཅུ་རྩ་ལྔའོ། །སྐབས་ལྔ་པ་ལས་ནི་ཉི་ཤུ་རྩ་བདུན་ནོ། །སྐབས་དྲུག་པ་ལས་ནི་གཅིག་ཉིད་དོ། །སྐབས་བདུན་པ་ལས ་ནི་ལྔ་ཉིད། སྐབས་བརྒྱད་པ་ལས་ནི་བཅུ་གསུམ་མོ། །དེ་ནས་ནི་སྐབས་བར་མ་ལ་ནི་འཇུག་པའི་མཚམས་སྦྱར་རོ། །དེ་ནས་ནི་སྐབས་བསྡུས་པ་ལ་འཇུག་པའི་མཚམས་སྦྱོར་རོ། །དེ་ལྟར་ན་མཚམས་སྦྱོར་གྱི་ཚིག་ནི་སྤྱིར་བརྒྱ་ལྔ་བཅུ་རྩ་གསུམ་སྨོས་ཏེ། དེ་ལ་སྐབས་ཀྱི་དང་པོར་བསྟན་པ་བརྒྱད་ནི ་སྐབས་ཀྱི་གོ་རིམས་ངེས་པར་སྟོན་པའི་མཚམས་སྦྱོར་ཡིན་ལ། ལྷག་མ་རྣམས་ནི་ཅི་རིགས་སུ་སྦྱོར་རོ། །བརྒལ་བ་དང་ལན་དག་ནི་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་གང་བརྗོད་པ། །དེ་ལ་ཁོ་བོས་མཚར་དུ་རྩིས་ཞེས་པ་དང། འདི་ཡིས ་དམིགས་པ་དངོས་མེད་དེ། །བདག་པོར་དྲན་པ་ཡིན་པར་བཤད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་རྒྱུད་པར་སྒོལ། །ཞེས་བྱ་བ་ལ་སོགས་པ་དངོས་སུ་ཡང་བསྟན་པར་རུང་སྟེ། །དེ་ལྟར་ཡན་ལག་ལྔས་མདོ་བཤད?་པ་འདི་མན་ངག་འདིའི་རྩ་བའི་གཞུང་འཆད་པར ་འདོད་པ་དག་ལ་ཕན་འདོགས་པར་ཤེས་པར་བྱའོ། །སློབ་དཔོན་གྱི་ཞལ་སྔ་ནས་ཚིག་ལེའུར་བྱས་པའི་འགྲེལ་པར་ནི་ཚིགས་སུ་བཅད་པ་དང་པོས་ཕྱག་འཚལ་བ་འགྲེལ་པ་བརྩམས་པའི་དགོས་པ་དང་བཅས་པ་བསྟན་ཏོ། །ཚིགས་སུ་བཅས་པ་ལྷག་མ་བཞིས་ནི་སྔོན་གྱི་སློབ ་དཔོན་གྱིས་གཞུང་ཇི་ལྟར་ཕྱེ་བ་བསྟན་ཏོ། །དེའི་འོག་མ་ཚིགས་སུ་བཅད་པ་གཅིག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྙེད་པ་ངོ་མཚར་ཆེ་བདག་ཉིད་གཟེང་བསྟོང་པ་བསྟན་ཏོ། །དེའི་རྗེས་སུ་ཚིགས་སུ་བཅད་པ་གཅིག་གིས་ནི་རྒྱལ་བའི་ཡུམ་རྙེད་པ་སངས་རྒྱས་ཀྱི ་བྱིན་བརླབས་ཡིན་ཞིང་སྟོན་པ་ལ་དྲིན་དུ་གཟོ་བས་བསྒྲུབ་པའི་མཆོད་པའི་ངོ་བོར་ཡུམ་འདི་དབྱེ་བར་རིགས་པར་བསྟན་ཏོ། །ཚིགས་སུ་བཅད་པ་ཐ་མས་ནི་རང་ལ་སྨད་དེ་འཇུག་པའི་བྱེ་བྲག་བསྟན་ཏོ། །དེ་ལྟར་དེ་དག་ནི་འགྲེལ་པ་བརྩམ་པ་ལ་འཇུག་པའི་ཚིགས་སུ་བཅང་པ་བརྒྱད་དོ། །དེ ་ནས་ཕྱག་འཚལ་བའི་ཚིགས་སུ་བཅད་པ་གཅིག་བཀྲོལ་བའོ། །དེ་ནས་ནི་དགོས་པ་ལ་སོགས་པ་བསྟན་པའི་ཚིགས་སུ་བཅད་པ་གཉིས་བཀྲོལ་བའོ། །དེ་ནས་ནི་བསྡུས་པའི་དོན་རྣམ་པ་གཉིས་ཀྱི་ཚིགས་སུ་བཅད་པ་བཅོ་ལྔའི་མཚམས་སྦྱར་བ་ཙམ་བསྟན་ཅིང་ཚིགས་སུ་བཅད་པ ་སྨོས་པ་ཡང་མདོར་བསྡུས་པ་དང་དེ་ལས་ཕྱེ་བ་ཙམ་དུ་བསྟན་ཅིང་དོན་འོག་ནས་འཆད་པ་ལ་བལྟོས་པར་བསྟན་ཏོ། །དེ་ནས་ནི་སྐབས་བརྒྱད་རིམ་པས་བསྟན་པ་བཀྲོལ་བའོ། །དེ་ནས་སྐབས་དྲུག་ཏུ་གཞག་པ་བསྟན་པ་བཀྲོལ་བའོ། །དེ་ནས་སྐབས་གསུམ་དུ་གཞག་པ ་བསྟན་པ་ཕྱེ་བའོ་དེ་ལྟར་རྩ་བའི་གཞུང་ཕྱེ་ནས་མདོའི་དོན་མདོར་བསྟན་པའི་ཚིགས་སུ་བཅད་པ་གཉིས་བསྟན་ཏོ། །དེ་ནས་ནི་གཞུང་ཇི་ལྟར་བརྩམས་པ་རང་གི་མིང་གིས་སྨོས་པ་དང་བཅས་པའི་ཚིགས་སུ་བཅད་པ་གཉིས་སྨོས་སོ། །དེ་ནས་དགེ་བ་ཡོངས་སུ་བསྔོ་བའི་ཚིགས་སུ ་[མིསསིང་པགེ] ་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་གསུངས་པ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ། དེ་ལ་སུ་ཡང་སྟོན་པ་དང་ཉན་པ་དང། ཤེས་པར་བྱེད་པ་མདོ་ཞེས་ཀྱང་གསུངས་སོ། །འདིར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ལས་བྱུང་བ་དགེ་བ་ཁྱད་པར་ཅན་དུ་བགྲང་བ་མ་ཡིན་ནམ། དེ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ལ་དེ་བཞིན་ཉིད་ནི་འདུས་མ་བྱས་ཁོ་ནར་གྲུབ་པའི་མཛའ་ལས་བསྟན་ཏེ། དེས་ན་ཇི་ལྟར་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར། དེ ་ལྟ་ན་ནི་འགྲོ་བ་རྣམས་ལ་དེ་བཞིན་ཉིད་ཡོད་པས་ལུང་སྔ་མ་ཉིད་ཀྱི་ཐམས་ཅད་དེ་བཞིན་གཤེགས་པར་འགྱུར་རོ་ཞེ་ན། སེམས་ལས་བྱུང་བ་དགེ་བ་ཁྱད་པར་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཞག་པ་ནི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་རྟོགས་པའི ་མཐུས་དེའི་མིང་འཐོབ་ཀྱི་གཞན་དུ་ན་དེ་ཤེས་རབ་ཡིན་དུ་ཟིན་ཀྱང་ཕ་རོལ་ཏུ་ཕྱིན་པར་ནི་གལ་ཞིག་འགྱུར། རྟོགས་པ་གཉིས་པ་ལྟར་ཡང་མི་འགྱུར་ཏེ། ལུང་སྔ་མས་ནི་དེ་བཞིན་ཉིད་དུ་རྟོགས་པས་དེ་བཞིན་གཤེགས་པར་བསྟན་གྱི། དེ་བཞིན་ཉིད་ཡོད་པས་དོར ་བསྟན་པ་ནི་མ་ཡིན་ཏེ། དེ་བས་ན་དེ་ཡོད་པས་ངེས་པར་ཕན་པར་བྱེད་པ་ཡང་མ་ཡིན་ཏེ། རྐྱེན་གཞན་ལ་བལྟོས་པས་ན་དབུལ་པོའི་བདག་དབང་བའི་ས་ལ་གནས་པའི་གཏེར་ལྟ་བུའོ། །དེ་བས་ན་བྱིས་པ་རྣམས་ནི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན ་ཡང་དེ་མ་གཏོགས་པའི་ཕྱིར་བྱིས་པ་ཞེས་བསྟན་ཏེ། བྱིས་པའི་སྒྲ་ནི་ཞན་ཅིང་ཕྲ་བའི་དོན་དུ་འདྲེན་པའི་ཕྱིར་རོ། །དོན་འདི་ལས་དགོངས་ཏེ་འཕགས་པ་བྱམས་པའི་ཞལ་སྔ་ནས། འགྲོ་བདག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་རྣམ་པར ་རྨོངས་པའི་བློ། །ཡོད་པ་ཀུན་ནས་སྤོང་ཤིང་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་ཚབ་ཆེན་འདི་ཀོ་ཇི་ལྟ་བུ་ཞེས་གསུངས་ལ། འཕགས་པ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་མདོ་ཐེག་པ་ཆེན་པོ་དང་རབ་ཏུ་ལྡན་པ་ལས། བྱིས་པས་བྱང་ཆུབ་མི ་ཤེས་ཀྱང། །དེ་དག་དེ་ལ་རབ་ཏུ་གནས་ཞེས་གསུངས་ཏེ། དེའི་ཕྱིར་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཙོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་ཏུ་གཅེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱའོ་ཞེས་ཀྱང་གསུངས་ཏེ། ཇི་ལྟར་ལུས་ལ་སོགས ་པ་གནས་ཤིང་འཕེལ་བ་ནི་སེམས་ཀྱིས་བཟུང་བའི་མཐུ་ཡིན་ལ། སེམས་དེ་ཡང་སྙིང་ཞེས་བྱ་བའི་ལུས་ཀྱི་བྱེ་བྲག་དེ་ལ་རབ་ཏུ་བརྟེན་པས་ན། བག་ཆགས་ཀྱི་ནི་དཀྲུགས་པའི་སེམས། །རྣམ་པར་རྟོག་པ་མང་པོའི་གནས། །སྙིང་གི་ཡུལ་ལ་རབ་ཏུ་གནས་ཞེས་གསུངས་ཏེ། རྟེན ་དུ་གྱུར་པའི་སྙིང་མེད་ན་སེམས་མི་གནས་ཤིང། དེ་མ་གནས་པར་གྱུར་ན་དབང་པོ་དང་བཅས་པའི་ལུས་ངེས་པར་མི་གནས་པས་ན་སྙིང་སྟེ། རབ་ཏུ་གཅེས་པ་ནི་ཧྲི་ད་ཡ་ཞེས་གྲགས་སོ། །དེ་བཞིན་དུ་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་རྣམ་པར་མི་རྟོག་པའི་ཡེ ་ཤེས་དམིགས་པ་གང་ལ་བརྟེན་ནས་ཀྱང་སྐྱེ་བར་མི་འགྱུར་ལ། དེ་མ་སྐྱེས་པར་གྱུར་ན་ཇི་ལྟར་ལམ་དང། འབྲས་བུ་དང་གཞུང་དག་འབྱུང། དེ་བས་ན་འདི་ཡང་ཧྲི་ད་ཡ་ཞེས་གསུངས་ཏེ་རབ་ཏུ་གཅེས་པའི་ཕྱིར་རོ། །དེ་ལ་བརྟེན་པ་ནི་ལམ་ལྔ་དང། དེའི་འབྲས་བུ་རྣམ་པར་མི་རྟོག ་པའི་ཡེ་ཤེས་དང། དེ་དག་སྟོན་པའི་གཞུང་རྣམས་སོ། །དེ་དག་ལས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཞག་པ་ལ་བསྟན་པས་གཙོ་བོ་སྟེ། རབ་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་པ་དང། ལམ་དང་གཞུང་དག་ཀྱང་དེ ་ཐོབ་པར་བྱ་བའི་ཆེད་དུ་སྦྱོར་བའི་ཕྱིར་རོ། །དེ་བས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་དག་དེའི་སྒྲ་ཡིན་ཞེས་བཤད་དོ། །དེ་ལ་གཞུང་ནི ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་སྔར་བསྟན་པས་བསྡུས་པ་གཉིས་སོ། །ལམ་ནི་འོག་ནས་འཆད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་འཆད་པར་བྱེད་པ་ལས་གཏན་ལ་འབེབས་སོ། །དེ་ལྟར་རྣམ་པར་ཆེ་བས་ཡུམ་འདིའི་ངོ་བོ་བསྟན་ནས། ང་ནི ་ངེས་པའི་ཚིག་བསྟན་པར་བྱ་སྟེ། ཤེས་རབ་ཅེས་བྱ་བ་ནི། གཞན་སྒྲ་ཤེས་དང་སོ་སོར་ནི། །རང་རིག་རབ་ཏུ་ཤེས་ཕྱིར་དང། །རབ་ཞི་འཐོབ་ཤེས་རབ་ཕུལ་བྱུང། །ཡོན་ཏན་འཐོབ་ཤེས་ཕྱིར་ཤེས་རབ་ཅེས་བཤད་པ་སྟེ། ལམ་དང་པོ་གཉིས་ལ་ནི་དང་པོའོ། །མཐོང ་བའི་ལམ་དང་འབྲས་བུ་ལ་ནི་གཉིས་པའོ། །ཀུན་རྫོབ་ཀྱི་ཡེ་ཤེས་ལ་ནི་གསུམ་པའོ། །བསྒོམ་པའི་ལམ་ལ་ནི་བཞི་པའོ། །ཁྱད་པར་གྱི་ལམ་ལ་ནི་ངེས་ཚིག་ལྔ་པ་སྦྱར་ཞིང་གཞུང་ལ་བཏགས་ཏེའོ། །རང་བཞིན་ལ་ནི་འབྲས་བུའི་མིང་གིས་སོ། །དེ་ལ་ཇི་ལྟར་ན་ཤེས་རབ་དེ་དག་ལ ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། བྱིས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་འཁོར་བ་ནི་ཚུ་རོལ་ཡིན་ཏེ། དེ་ལས་འདས་ཤིང་རིང་དུ་སོང་བ་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །དེས་ན་འཇིག་རྟེན་ལས་འདས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་རྒྱལ་བའི་ཡུམ ་བར་མ་ལས་ཀྱང། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་ཟེར་བ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་རིང་དུ་སོང་པ་སྟེ། གང་ལས་རིང་དུ་སོང་བ་ཞེས་བྱ་ཞེ་ན། ཚེ་དང་ལྡན་པ ་ཤཱ་རིའི་བུ་ཕུང་པོ་རྣམས་ལས་རིང་དུ་སོང་བས་ན་དེའི་ཕྱིར་རིང་དུ་སོང་བ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ན་པ་རའི་སྒྲ་ནི་པར་ཨད་ཏ་ཞེས་བྱ་བར་བསྒྱུར་རོ། །ཡང་ན་པ་རའི་སྒྲས་ནི་མཆོག་བསྟན་པ་དེ་ལ་དངོས་པོའི་རྐྱེན་སྦྱར་བ་ནི་དངོས་པོའི་མཆོག་ཉིད ་ཅེས་བྱ་སྟེ། ཇི་ལྟ་ཞེས་ན། རྒྱ་ཆེ་བ་དང་ཡུན་རིང་ཆེད་དུ་བྱ། །མི་ཟད་རྒྱུན་མི་འཆད་ཅིང་ཚེགས་མེད་ལ། །དབང་འབྱོར་བསྔོ་དང་རྩོམ་པ་དག་དང་ནི། །འཐོབ་དང་རྒྱུ་མཐུན་འགྲུབ་ཕྱིར་དམ་པའི་དངོས་ཞེས་བཤད་ལ། ཡང་ཡུན་རིངས་གོམས་ཤིང་ཐབས་དང་འབྲས་བུ་མཆོག། འདི ་དག་ཐེག་པ་དམན་ལས་མཆོག་གྱུར་དངོས་ཞེས་བཤད་པས་སོ། །ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཟག་མཆོག་དག་གིས་བསྟེན་པའི་ཕྱིར་ཡང་མཆོག་གི་དངོས་པོའོ། །གཞན་ཡང་གཞན་ལ་སོགས་པའི། །མཆོག་ཏུ་གནོད་པ་ལས་ཐར་པར་བྱེད་པས་ན་གཉིས་སུ ་སྒྲ་སྦྱར་བའོ། །གཞན་ནི་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པས་འདྲེན་ཏེ། དེའི་ཚེ་ནི་ཕྱིན་གྱིས་སྒྲ་རྫོགས་པར་དྲང་སྟེ། ཨི་ཏ་སོཾ་ཛཱ་ཏ་ཞེས་སྐད་ཀྱི་བྱིངས་ལས་འདོན་པས་སོ། །ཡི་གེ་པའི་རིང་པོ་ཉིད་ནི་གཙུག་ལག་གི་ཚིག་ཡིན་པས་འགལ་བ་མེད་དོ། །དེས་པའི་ཚིག་ཐ་མ་འདི་ནི་དངོས་སུ་ན་འབྲས་བུ་ལ་སྦྱར་ ་ཏེ། གཞན་ལ་ནི་བརྟགས་ནས་སོ། །ལྷག་མ་ནི་ཅི་རིགས་སུ་ངོ་བོ་ལ་སྦྱར་རོ། །དེ་ལྟར་ངོ་བོ་དང་ངེས་ཚིག་རྒྱས་པར་བསྟན་པ་ལས་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཕྱེ་བ་དེ་དག་ལས་གང་ལ་ཕྱག་འཚལ་ཞེ་ན། མ་ལུས་པ་བཟུང་བ་འམ། ཡང་ན་འབྲས་བུའི་བདག་ཉིད ་གཉིས་སུ་མེད་པའི་ཡེ་ཤེས་ལ་ཕྱག་འཚལ་ཏེ། དེ་ནི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐ་མི་དད་པ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་གྱིས་ངེས་པར་བྱས་པས་སོ། །དེ་ལྟ་ན་རྣམ་པར་མི་རྟོག་པར་མི་འགྱུར་ཏེ་རང་བཞིན་ལ་རྟོག་པའི་ཕྱིར་རོ། ཞེ་ན། དེས ་གང་ཡང་ཡུལ་དུ་མ་བྱས་པའི་ཕྱིར་རང་བཞིན་ཡིན་ལ། དེ་ཡན་རྣམ་པར་མི་རྟོག་པར་གྲུབ་ཀྱི་གལ་ཏེ་དེས་ཡུལ་དུ་བྱས་ན། དེ་ཡང་ཡེ་ཤེས་བལྟོས་པས་བྱས་པར་འགྱུར་པས་རང་བཞིན་མ་ཡིན་ལ། དེ་ཡང་རྣམ་པར་རྟོག་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ན་ཡང་དག་པར་ན་རང ་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་མི་གཟིགས་ཏེ། དེའི་དོན་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར་ཞེས་འཆད་པར་བྱེད་དོ། །དེ་བས་ན་ཅི་ཡང་མ་མཐོང་བ་ནི་མཐོང་བ་དམ་པའོ། ཞེས་མདོ་ལས་གསུངས་སོ། །དེ་ལྟར་རང་བཞིན ་དང་དབྱེར་མེད་པས་རང་བཞིན་དང་འབྲས་བུ་དག་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའོ། །གཞུང་དང་ལམ་ནི་དེའི་ཆེད་དུ་སྦྱོར་བའོ་ཞེས་སྔར་བཤད་དོ། །དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་ཕྱག་འཚལ་བ་ཉིད་རིག་པས་ན་རྒྱལ་བའི་ཡུམ་བར་ ་མ་ལས་ཀྱང། བཙུན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ་ཀཽ་ཤི་ཀ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད ་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ་ཞེས་གསུངས་པའོ། །འདིར་ནི་མི་འདོད་པའི་བཞི་པ་ཉིད་དེ། དེ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གུས་པར་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱིས་སམ་ཡིད་རབ་ཏུ་དད་པས ་སོ། །ཕྱག་འཚལ་ལོ་ཞེས་པ་ནི་མཆོག་ཏུ་འདུད་པར་བྱེད་པས་སོ། །འདིར་གང་ལ་འདུད་པར་བྱ་གང་ཡང་མ་དམིགས་ན་བཏུང་བས་ཅི་ཞིག་སྦྱིན་ཞེ་ན། ཆོས་ཐམས་ཅད་ནི་རང་གི་རྣམ་པར་རྟོག་པའི་དབང་ཙམ་གྱིས་སྐྱེ་ཞིང་འཕེལ་བ་ལ་སོགས་པར་འགྱུར་པས་ན་ཡིད་དང ་བའི་དབང་གིས་ཅི་ཡང་མེད་པ་ལའང་བཏུད་པས་འབྲས་བུ་ཡིད་དུ་འོང་བ་སྦྱིན་ལ། གཞན་ཡང་དོན་དམ་པར་གང་ཡང་མེད་དུ་ཟིན་ཀྱང། ཀུན་རྫོབ་ཏུ་ནི་རྒྱལ་བའི་ཡུམ་འདི་ཉིད་གདུལ་བྱ་དང་འཚམ་པའི་བཀང་བས་གནས་ཏེ། དེའི་ཕྱིར་མདུལ་བྱའི་སྐྱེ་བོ་ལ་བརྟེན ་ནས། དེ་བཞིན་གཤེགས་པས་དེ་དང་དེར། །ཁྱོད་ཉིད་གཅིག་པུ་གཟུགས་མང་དང། །སྣ་ཚོགས་མཚན་དུ་མངོན་པར་བརྗོད་ཅེས་བསྟོད་ཅིང། །ཡང་ཚིག་ཡུལ་ཀུན་ལས་འདས་གང་ཡིན། །ཁྱོད་ནི་གང་ལའང་མི་རྟེན་ཅིང། །མཚན་མེད་གོས་པ་མེད་པས་ན། །སུའི ་འདིར་ཁྱོད་བསྟོད་པར་ནུས། །བདག་ཅི་ཚིག་ལམ་འདི་འདྲ་བས། །ཁྱོད་ལ་བསྟོད་པ་མ་བྱས་ཀྱང། །དགྱེས་མི་དགྱེས་པས་འདས་མོད་ཀྱི། །འོན་ཀྱང་ཀུན་རྫོབ་བདེན་པའོ་ཞེས་བསྟོད་པ་བརྗོད་དེ། དེ་བས་ན་ཡུམ་འདི་སྤྲོས་པ་མེད་ཅིང་རྟོག་པ་མེད་དོ་ཞེས་ཏེ། མཆོད་པ་དང ་ཕྱག་ལ་སོགས་པ་སྤང་བར་ནི་མི་བྱའོ། །དེ་ལྟར་ཕྱག་འཚལ་བའི་ཅི་ཞིག་འགྲུབ་པར་འདོད་པ་ཡིན་ཞེ་ན། དེའི་ཕྱིར་དེའི་རྒྱན་ཚིག་ལེའུར་བྱས་པ་དག་།རྣམ་པར་དབྱེ་ཕྱིར་གུས་ཕྱག་འཚལ་ཞེས་ཚིག་སྔ་མ་དང་སྦྱར་ཏེ། དེ་ཡི་ཞེས་བྱ་བའི་བུད་མེད་ཀྱི་རྟགས་ཀྱིས་བསྟན་པའི་ཕྱིར་དང? ་དོན་གྱི་དབང་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་སྦྱར་རོ། །དེ་ལྟར་ན་གང་ལ་ཕྱག་འཚལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱི་རྒྱན་ཚིག་ལེའུར་བྱས་པ་དག་།རྣམ་པར་དབྱེ་བར་བྱ་བའི་ཕྱིར་གུས་ཕྱག་འཚལ་ཞེས་ཚིག་རྣམ་པར་སྦྱར་རོ། །རྒྱན་ཞེས་བྱ་བ་ནི་ཚིག་ལ ་འུར་བྱས་པའི་མན་ངག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཤེས་པར་བྱ་སྟེ། དེ་ཤེས་པས་མན་ངག་འདིས་མཁས་པ་རྣམས་དགའ་ཞིང་འདི་དྲིན་དུ་ཡང་གཟོ་བར་འགྱུར་ཏེ། དེ་ནི་དམིགས་བུ་ལྟ་བུའི་ཕྱིར་རོ། །དེ་ལྟར་དགའ་བ་བསྐྱེད་པས་ན་འདི་རྒྱན་ཏེ་དཔེའི་མིང་ཉིད་དོ། །དོན ་འདི་ལས་བརྟེན་ཏེ་འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱང། གཟུགས་བརྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གི་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལོགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང ་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད་བྱེད་གསུངས་སོ། །ཚིག་ལེའུར་བྱས་པ་དག་ཞེས་པ་ནི་གཞུང་གང་དག་ཚིགས་སུ་བཅད་པ་རྩ་བ་བཞི་པའི་ཡི་གེ་བརྒྱད་པར་བྱས་པའི་མེད་སྟེ། དབང་པོའི་རྡོ་རྗེ་ལ་སོགས་པོ་ལས་ཁྱད་པར་དུ་གྱུར་པའོ། །རྣམ་པར་དབྱེ་ཞེས ་པ་ནི་དོན་ཙམ་ཞིག་སྟེ་འཆད་པ་བྱེད་པ་ལས། འཕགས་པ་རྣམ་པར་གྲོལ་སྡེ་ཡིས། །མཐུ་ཡིས་དོན་མཐོང་སྒོ་ནས་ནི། །གོ་བར་སླ་ཕྱིར་ངག་དང་ནི། །ཚིག་སོགས་སྦྱོར་བ་མ་བྱས་པར། །མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟད་ལ་ཕྱག་འཚལ་ཏེ། །ཚིག་ལེའུར་བྱས་པའི ་འགྲེལ་གསལ་བ། །འདི་ནི་སེངྒེ་བཟང་པོས་བྱས་ཞེས་སྨོས་པས་སོ། །བཞི་པ་འདི་ནི་རྒྱུ་མཚན་ཉིད་དུ་བལྟའོ། །ཚིག་ལེའུར་བྱས་པ་དེ་རྣམ་པར་དབྱེ་བའི་ཕྱིར་ཕྱག་འཚལ་བར་བསྟན་ན། དེ་རྣམ་པར་དབྱེ་བ་ཉིད་ལ་དགོས་པ་ཅི་ཞིག་ཡོད་ཅེས་རྟོག་པ་ལ། ཀུན་གྱི་རྒྱན་དུ་འགྱུར་པའི་ཕྱིར ་ཞེས་སྨོས་ཏེ། ཀུན་ཞེས་པ་ནི་ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིའོ། །རྒྱན་དུ་འགྱུར་བ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སྐྱེས་པ་འམ་བུད་མེད་གང་ཞིག་གི་གཟུགས་ལ་དགའ་བ་སྐྱེ་བའི་རྒྱུ་ནི་རྒྱན་རྣམས་ཡིན་ཏེ། འོན་ཀྱང་རྒྱན་དེ་དག་དྲི་མ་དང་བཅས ་པར་གྱུར་ན་དགའ་བར་བྱེད་མི་ནུས་པས་ན་རྒྱན་གྱི་རྒྱན་ནི་རྒྱན་དེའི་དྲི་མ་མེད་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་མཁས་པ་དགའ་བར་བྱེད་པའི་རྒྱན་ནི་ཚིག་ལེའུར་བྱས་པ་ཉིད་དོ་ཞེས་བསྟན་དུ་ཟིན་ཀྱང། ཁ་ཅིག་མ་རྟོགས་པ་འམ། ལོག་པར་རྟོག་པའི་དབང་གིས་ཚིག ་ལེའུར་བྱས་པ་འདི་ནི་རྒྱལ་བའི་ཡུམ་རྣམས་ཀྱི་དོན་ལེགས་པར་སྟོན་པར་ནུས་པ་མ་ཡིན་པས་འདི་རྒྱན་མ་ཡིན་ནོ་སྙམ་དུ་ཀླན་ཀའི་དྲི་མ་སྐྱེ་སྲིད་དོ། །སློབ་དཔོན་གྱི་ཞལ་སྔ་ནས་འགྲེལ་པའི་དོན་གསལ་བ་སྡེབ་སྦྱོར་སྤངས་པས་དྲང་ཐད་དུ་བསྟན་པ་འདི་མཛད་པས་དེ་དག་གི་ལོག་པར ་རྟོག་པ་དང། མ་རྟོགས་པའི་རྒྱུ་ལས་བྱུང་བའི་དྲི་མ་ངན་པ་འཇོམས་པས་ན་འགྲེལ་པ་འདི་ནི་རྒྱན་ཏེ། རྒྱན་དུ་བྱེད་པས་ན་རྒྱན་གྱི་རྒྱན་ཉིད་དེ། དེ་བས་ན་འདི་ནི་དྲི་མ་སེལ་བས་རྒྱན་ཏེ། ཇི་སྐད་དུ་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས། དེ་ཉིད་ཀྱི་ཕྱིར་ཀླན་ཀ་ངན་པའི་དྲི་མ་བསལ ་བས་ན་འདི་ནི་དབུ་མའི་རྒྱན་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ། །བཞི་པ་འདི་ནི་རྒྱུ་མཚན་ཉིད་སྟོན་པའོ། །དེ་ལྟར་ན་འགྲེལ་པའི་གཞུང་ནི་བརྗོད་པར་བྱེད་པ་སྟེ། དེའི་བརྗོད་པར་བྱ་བ་ཡང་སྒྲའི་བརྗོད་པར་བྱ་བ་ནི་ཚིག་ལེའུར་བྱས་པ་ཁོ་ནའོ། །དོན་གྱི་བརྗོད་པར་བྱ་བ་ནི་རྒྱལ་བ ་བསྐྱེད་མ་ཐམས་ཅད་དོ། །དགོས་པ་ཡང་དངོས་སུ་ནི་ཚིག་ལེའུར་བྱས་པའི་དོན་ལེགས་པར་བསྟན་པ་སྟེ། དེའི་ཡང་དགོས་པ་ནི་ཚིག་ལེའུར་བྱས་པ་དེ་རྒོལ་བ་པ་རྣམས་ལ་རྒྱན་ཉིད་དུ་སྒྲུབ་པའོ། །གཞན་དག་ནི་ཚིག་ལེའུར་བྱས་པའི་དོན་ལེགས་པར་བསྟན་པས ་དེས་རྒྱན་ཉིད་དུ་གྲུབ་པ་ནི་དགོས་པ་ཡིན་ལ། དེས་རྒྱལ་བ་སྐྱེད་མའི་དོན་མ་ལུས་པ་ཤེས་པ་ནས་བཟུང་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་བར་དུ་ནི་དགོས་པའི་ཡང་དགོས་པའོ་ཞེས་རྟོགས་སྟེ། །དེ་ནི་དེ་ལྟར་འགྲུབ་པ་ཉིད་འགྲེལ་པ་འབའ་ཞིག་གིས་མི་སྲིད ་ལ། རྩ་བའི་གཞུང་ཉིད་ཀྱི་དབང་དུ་བྱས་པར་ཡང་འོག་ནས་འཆད་པ་མི་འཐད་པ་ཉིད་དོ། །གཞན་ཡང་ཚིགས་སུ་བཅས་པ་དང་པོའི་དབང་འདིས་གཞུང་དབྱེ་བར་དམ་བཅའ་བས་བརྩམས་པ་མཐར་དབྱུང་བ་ཡང་སྟོན་ཏེ། ཕུང་པོ་དང་ཉོན་མོངས་པ་དང། ཁས ་བླངས་པ་དང། དམ་བཅས་པ་དག་ནི་ཁུར་ཡིན་ལ། སྐྱེས་བུ་དམ་པ་རྣམས་ནི་ལེགས་པར་བླངས་པའི་ཁུར་བྱ་བ་མ་རྫོགས་ཀྱི་བར་དུ་མི་འདོར་སྟེ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག་། ་ཉམ་ངའི་ལམ་དུ་ནམ་ཡང་འདོར་བར་མི་བྱེད་དོ་ཞེས་བསྟན་པས་སོ། །དེ་ལྟར་ཕྱག་འཚལ་བ་དང། བསྟན་པར་དམ་བཅའ་བ་དང། ཉིད་ཀྱི་སྦྱར་བའི་འགྲེལ་པའི་དགོས་པ་ལ་སོགས་པ་བསྟན་པའི་ཚིགས་སུ་བཅད་པ་གཅིག་རྣམ་པར་དཀྲོལ་བའོ། །ད་ནི་སློབ་དཔོན ་བདག་ཉིད་སྔོན་གྱི་སློབ་དཔོན་གྱི་ལུགས་ལ་མཁས་པར་བསྟན་པས་འགྲོ་བ་རྣམས་རང་གི་འགྲེལ་པ་ལ་འཇུག་པར་བྱ་བ་དང། གཞུང་དུ་མ་འཚོལ་བའི་འཇུག་པ་པོ་རྣམས་ལའང་ཕན་གདགས་པའི་ཕྱིར། སྔོན་གྱི་སློབ་དཔོན་གྱིས་མཛད་པའི་གཞུང་གདགས་པ ་བསྟན་པའི་ཕྱིར། འགྲོ་པའི་ཆགས་ལ་ཆགས་མེད་མཛད་ཅེས་པ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ན་རེ་ཡི་གེ་ཨཱ་ནི་རིང་པོ་ཡིན་པས་ལྷག་པར་སྟོན་པ་ཏེ། དེས་ན་ཀུན་ཏུ་ཆགས་པའོ་ཞེས་ཟེར་ན། དེ་དག་གིས་ནི་མཚམས་སྦྱོར་བ་མ་རྟོགས་པ་སྟེ། གལ་ཏེ་རིང་པོ་ཡིན ་ན་མཚམས་སྦྱར་བར་མི་འགྱུར་རོ། །དེའི་ཕྱིར་ཡི་གེ་ཨ་ནི་ཐུང་ངུ་སྟེ་དགག་པ་ཉིད་དོ། །དེ་ལ་མདོར་བསྡུས་ན་འཕགས་པ་ཐོགས་མེད་དང། སློབ་དཔོན་དབྱིག་གཉེན་དག་གིས་སྐབས་བརྒྱད་དུ་ཕྱེ་བ་མེད་ཀྱི་དོན་གཞན་དུ་རྣམ་པར་རིག་པར་གྲུབ་པའི་མཐར་རྒྱལ་བའི ་ཡུམ་བཀྲོལ་ཏེ། ཚིག་ལེའུར་བྱས་པའི་ཐེག་པ་ཆེན་པོ་དབུ་མའི་ལྟ་བ་འདི་ནི་སློབ་དཔོན་དབྱིག་གཉེན་དེའི་ཡུལ་དུ་མ་གྱུར་པས་ན། འཕགས་པ་ཐོགས་མེད་ས་འོང་བྱེད་པ་བརྙས་པས་ཀྱང་དེ་འདུལ་བ་དང་མཚམས་པར་བཀྲོལ་ཏེ། སེམས་ཅན་གཅིག་གི་དོན་གྱི་ཕྱིར། ་ཕྱི་མཛའ་བར་དུ་གནས་པར་བགྱི་ཞེས་གསུངས་པའི་རྗེས་སུ་འབྲེང་བས་སོ། །དེ་དག་གི་སྐབས་ཀྱི་དོན་མ་བརྗོད་ཅིང་རྣམ་པར་རིག་པའི་ཞེན་པ་མ་སྤངས་པས་ན་དེས་བྱས་བྱས་པ་མིན་མཐོང་སྟེ། འཕགས་པའི་ནང་དུ་གཏོགས་པ་ཡི། །རྣམ་པར་གྲོལ་སྡེ་ཞེས་བྱས ་ཀྱང། །དབུ་མར་གནས་པའི་བློས་རྣམ་ཕྱེ་ཞེས་རིམ་པར་བྱས་ཏེ་མདོ་བར་མ་དང་སྦྱར་བ་མཛད་དོ། །དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད?་པའི་ས་ལ་གནས་པ་ཡིས། །ཞེས་པ་ནི་ཚོགས་ཀྱི་ལམ་ཕལ་པ་སྟེ་དད་པ་ཙམ་གྱིས་ནི་དད་པའི་སའོ། །བསྟན་བཅོས་མཛའ་ ་དག་མ་རྙེད་པར་ཞེས་པ་ནི་གྲུབ་པའི་མཛའ་རབ་འབྱམ་ལ་མ་འདྲིས་པར་རོ། །ཁ་ཅིག་ན་རེ་རྒྱལ་བའི་ཡུམ་མཛའ་དག་མ་རྙེད་པར་ཞེས་ཟེར་ཏེ་དེས་ནི་ལེགས་པར་མ་སྨྲས་སོ། །རང་དང་རྗེས་མཐུན་རྣམས་བཤད་བྱས་ཞེས་པ་ནི་དེ་རང་གི་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་གཞུང་བརྩམས ་ཀྱི། གཞན་ལ་ཕན་པར་འདོད་པ་འམ་མངོན་པའི་ང་རྒྱལ་གྱིས་ནི་མ་ཡིན་ཏེ། ཇི་སྐད་དུ་རིག་པ་བརྩམས་པ་ནི་ཤེས་རབ་འཕེལ་བའི་རྒྱུའོ་ཞེས་གསུངས་སོ། །འདི་ནི་འདབ་གཤོག་ཅུང་ཟད་སྐྱེས་པའི་བྱ་འཕུར་བར་རྩོམ་པ་དང་འདྲ་བས་བསྔགས་པའི་ཚིག་ཡིན་གྱི་སྨད་པར་མི ་སྦྱོར་རོ། །དེ་ལྟར་མཁས་པས་སྣང་བྱས་ཤིང་ཞེས་བྱ་བ་ནི། འཕགས་པ་རྣམ་པར་གྲོལ་སྡེའི་ཞལ་སྔ་ནས་སོ། །ཁ་ཅིག་གིས་ནི་བསྟན་བཅོས་ཀུན། །མ་རྙེད་ཞེས་བྱ་བ་ལ་བསྟན་བཅོས་ནི། ཉོན་མོངས་སྒྲ་རྣམས་མ་ལུས་འཇོམས་པ་དང། །ངན་འགྲོ་སྲིད་ལས་སྐྱོབ་པ་གང ་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ལྡན་ཕྱིར་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པའི་ངེས་པའི་ཚིག་གི་ཚུལ་གྱིས་ན་བསྟན་བཅོས་ཏེ། དེ་ཡང་ཁྱད་པར་ཅན་རྒྱལ་པའི་ཡུམ་རྣམས་སོ། །ཀུན་མ་རྙེད་པ་ཉིད་ཅེས་པ་ནི་རང་རང ་གི་བློས་མ་རྟོགས་པ་སྟེ་གཞུང་མ་རྙེད་པ་ནི་མ་ཡིན་ནོ། །ཁ་ཅིག་གིས་ནི་ཞེས་པ་ནི་སློབ་དཔོན་དབྱིག་གཉེན་དང། བཙུན་པ་རྣམ་པར་གྲོལ་བའི་སྡེ་སྟེ། འདུལ་བའི་དབང་ལས་འཕགས་པ་ཐོགས་མེད་ཀྱང་དེར་བགྲང་ངོ། །དེ་རྙེད་པ་གང་ཡིན་པ་དེ་ནི་ཡ་མཚན་ནོ་ཞེས་པ་ནི ་བདག་ནི་སྔོན་དུ་ཡང་སྐལ་པ་བཟང་བས་སྔོན་བསོད་ནམས་མཚར་གཅིག་བྱས་པ་ལྷ་ཞེས་རྗེས་སུ་དགའ་བ་སྟོན་པའི་ཚིག་གོ་།དེ་ལྟར་མཁས་པས་སྣང་བར་བྱས་པ་ཡང་བདག་གིས་ཤེས་ལ། ལ་ལས་ནི་དོན་ཚང་བར་མ་ཤེས་ལ་བདག་གིས་ཚང་པར་ཤེས་སོ་ཞེས་བསྟན་ནས། དེ ་ཡང་རང་གི་ལྷས་བྱིན་པ་ལ་སོགས་པ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་མཐུས་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་ཤིན་ཏུ་རྙེད་དཀའ་བ། །ཟབ་མོའི་ལམ་ཅན་འདི་ལྟ་སྟེ། །སངས་རྒྱས་དབང་གིས་རྙེད་པ་ནི། །ཞེས་སྨོས་ཏེ་བསྐལ་པ་མང་པོར་ཡང་མཚན་ཙམ་ཡང་རྙེད་པར་དཀབ་བའི ་རྒྱལ་བའི་ཡུམ་དོན་ཟབ་མོ་འདི་དང་ཕྲད་པ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་དབང་ཉིད་ཡིན་གྱི་ནམ་བབས་ལ་སོགས་པ་མ་ཡིན་ཏེ། དེ་ལྟར་ནི་ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཏེ། བཅུ་གང་ཞེ་ན། དང་པོར་བྱང་ཆུབ་ཏུ ་སེམས་བསྐྱེད་པ་དང། ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང། བདུད་ཀྱི་ལས་ཁོང་དུ་ཆུད་ནས་དེ་བཟློག་བ་དང། ཕ་རོལ་ཏུ་ཕྱིན་པ་ཐོས་ཏེ་ནན་ཏན་བྱེད་པ་དང། འཁོར་བའི་སྡུག་བསྔལ་ཤེས་ནས་མི་སྐྱོ་བ་དང། ཆོས་ཟབ་མོ་རྟོགས ་པར་བྱས་པས་འབྲས་བུ་ཐོབ་པ་དང། སེམས་ཅན་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སྟོན་ཀྱང་དེའི་རྣམ་པར་གྲོལ་བ་ལ་མི་མོས་པ་དང། འདུས་བྱས་ཀྱི་རང་བཞིན་ལ་རྟོག་ཅིང་འདུས་མ་བྱས་ལ་མི་གནས་ལ་འདུས་བྱས་དང་འདུས་མ་བྱས་ལ་མི་གནས་པར་འདུ ་ཤེས་པ་དང། ཉིད་མཚམས་སྦྱོར་བ་ལ་གནས་ཀྱང་དེ་སེལ་བ་དང། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་ཀྱང་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་སྒྲུབ་པའི་རིགས་ཀྱི་རྒྱུན་མི་གཅོད་པ་སྟེ། ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་བྱིན་གྱིས ་བརླབས་སོ་ཞེས་གསུངས་ཤིང། ཡང་ཡུམ་འདི་ཉིད་ལས་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཆུང་ངུ་ནི་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་བ་བྲིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཡིན་ན་གོ་ཐུགས ་ཐུགས་རྗེས་འཕྲོགས་པ་དེ་དག་བཙུན་པ་རྣམ་པར་གྲོལ་བའི་སྡེ་ལ་སོགས་པས་རྙེད་པ་ཉིད་དུ་ཅིའི་ཕྱིར་མི་མཛད་ཅེ་ན། རང་གི་འབད་པའི་རྗེས་སུ་བྱིན་གྱི་བརླབས་འབྲང་བ་ནི་ཆུའི་ཟླ་བ་ལྟ་བུ་སྟེ། དེའི་ཕྱིར་འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས ་ཞུས་པ་ཞེས་བྱ་བ་རྒྱལ་བ་བསྐྱེད་མ་སྙིང་པོའི་དོན་བསྟན་པ་ལས། རྟ་ཅང་ཤེས་ལ་སོགས་པའི་དཔེས་བསྟན་ལ། འདིས་ལས་ཀྱང། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལས་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན ་བྱས་པས། །འདི་མཉན་པ་ཡི་སྣོད་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་ཡུམ་འདི་རྙེད་པ་ནི་སངས་རྒྱས་ཀྱི་མཐུ་ཡིན་པས་དེ་ལ་བྱས་པ་ཤེས་པའི་མཆོད་པ་བྱ་བར་རིག་པས་ན། མཁས་པ་རྣམས་ཀྱིས་དབྱེ་བའི་རིགས་ཞེས་སྨོས་ཏེ། བཀའ་བཞིན་འབད་པས་བསྒྲུབ་པའི་ལན ་ཀླན་པས། ཕན་པར་མཛད་པ་དེ་ལ་ལན་དུ་མཆོད་ཅེས་བསྟན་པས་ལན་དུ་མཆོད་པ་ཡང་བཀའ་བསྒྲུབ་པར་བྱ་བ་ཡིན་ལ། །བཀའ་བསྒྲུབ་པའི་མཆོག་ནི་རྒྱལ་བའི་ཡུམ་ལ་ནན་ཏན་བྱེད་པ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་དང་པོ ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང། ཀློག་པ་དང། ཉན་པ་དང། འདོན་པ་དང། ཁ་ཏོན་བྱེད་པ་དང། འཆད་པ་དང། སེམས་པ་དང། སྒོམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ་ཞེས་གསུངས ་པས་སོ། །དེ་ལྟར་ན་མཁས་པ་སྟེ། ངེས་པར་རྟོགས་པས་སུ་ཡང་རུང་སྟོན་པ་ལ་དྲིན་དུ་གཟོ་བ་རྣམས་ཀྱི་ལན་དུ་མཆོད་པའི་ངོ་བོར་ཡུམ་འདིའི་དོན་བློ་དང་གཞུང་ལ་དབྱེ་བར་རིག་པ་དེའི་ཕྱིར་སློབ་དཔོན་བདག་ཉིད་ཀྱང་གཞུང་འབྱེད་པར་བསྟན་པའི་ཕྱིར། རྣམ་པ ་ཀུན་ཏུ་བདག་གི་ནི། །སྤྱོད་ཡུལ་མིན་ཡང་རང་གཞན་ལ། །ཕན་གདགས་འདོད་ནས་བསོད་ནམས་དག་།སྒྲུབ་དང་མཐུན་ཕྱིར་སེམས་དཔའ་སྐྱེ་ཞེས་སྨོས་ཏེ། རྣམ་པ་ཀུན་ཏུ་བདག་གི་ནི། སྤྱོད་ཡུལ་མིན་ཡང་ཞེས་པ་ནི་ཕྲག་དོག་ལ་སོགས་པའི་དབང་གི ་འགྲེལ་པ་བརྩམས་པ་ལས་སྨད་པ་སྲིད་པས་དེ་བཀག་པ་སྟེ། དེ་སྐད་དུ་སློབ་དཔོན་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་བྱེད་པ་ན། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལྟ་བུའོ། །རང་གཞན་ལ་ཕན་གདགས་འདོད ་ནས་ཞེས་པ་ནི། བསམ་པ་དག་པར་སྟོན་ཅིང་གདུལ་བྱ་འཇུག་པ་རྣམས་ལའང་བསླབ་པའོ། །བསོད་ནམས་དག་བསྒྲུབ་པ་དང། ཞེས་པ་ནི་སྒྲུབ་པའི་ལན་དུ་མཆོད་པ་སྟེ། མཐུན་ཕྱིར་ཞེས་པ་ནི་མཆོད་པའི་ཐབས་བཟང་པོ་འདི་ཉིད་ཡིན་པའི་ཕྱིར་ཞེས་སྟོན་པའོ། །སེམས ་དཔའ་སྐྱེས་ཞེས་པ་ནི་བརྩམ་པའི་སྤྲོ་བ་འབྱུང་ངོ་ཞེས་སྟོན་པ་སྟེ། སེམས་དཔའ་བསྐྱེད་ཅིག་ཅེས་གདམས་ངག་གི་རྐྱེན་ཅན་དུ་ཡང་སྦྱར་རོ། །ད་ནི་ཕྱག་འཚལ་བ་བསྟན་པ་ནི་ཚིག་དགྲོལ་བའི་ཕྱིར། འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས་ཀྱི་སྤྱོད ་པ་དང་མཐུན་པར་རབ་ཏུ་སྟོན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚིག་དེ་ནི་གོ་སླའོ། །སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དང་བ་ནི་ཞེས་བྱ་བ་ལ། སོ་སོ་རང་གིས་རིག་པ་ཞེས་བྱ་བ་ནི་དག་གི་ལམ་ལས་འདས་པས ་བརྗོད་པ་དང་བྲལ་བ་སྟེ། རང་གིས་ཡང་དག་པར་རིག་པ་དེ་ནི་གཞན་ལ་བསྟན་ནུས་པ་མ་ཡིན་ལ། གཞན་གྱིས་ཀྱང་དེ་བརྟེན་ཅིང་བཟུང་བར་ནུས་པ་མ་ཡིན་ཏེ། དེ་བས་ན་རང་ཁོ་ནས་ཡང་དག་པར་རིག་པ་ནི་རང་གི་ཡང་དག་པར་རིག་པའོ། །དེ་ལྟར་ཡང་ཕྲ་ལ་ཤེས ་བཀའ་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་རྟོག་ཡུལ་མ་ཡིན་བལྟ་བར་དཀའ་། །རང་བཞིན་ཞི་ཞིང་འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་མེད་ཞི་ཞིང་སྡུག་བསྔལ་ཟད། །རྒྱུད་ལས་རྣམ་གྲོལ་མཉམ ་པར་མྱ་ངན་འདས། །མཛའ་དང་དབུས་མེད་ཚིག་གིས་བརྗོད་དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །བདེ་གཤེགས་སྤྱོད་ཞི་ཞིང་ཉེ་བར་ཞི། །སྨྲ་བའི་ལམ་རྣམས་ཀུན་གྱིས་བརྗོད་པར་དཀའ་། །དེ་དག་ས་དང་སྤྱོད་པ་དེ་འདྲ་བས།། ་སྨྲ་བར་དཀའ་ན་བསྟན་པར་ག་ལ་ནུས། །དེ་ནི་བསམ་ཡས་སེམས་ལས་རྣམ་པར་སྤངས། །ཡེ་ཤེས་མངོན་བསྒྲུབ་རྒྱལ་བའི་སྤྱོད་ཡུལ་ཏེ། ཡུལ། ཕུང་པོ་སྐྱེ་མཆེད་ཁམས་ཀྱི་བསྐྱེད་པ་མིན། །སེམས་ཀྱིས་མི་ཤེས་ཡིད་ཀྱི་རྣམ་མ་བརྟགས། ། ་ཇི་ལྟར་བར་སྣང་གནས་ཀྱི་བྱ་ཡི་རྗེས། །ཤིན་ཏུ་སྨྲ་དཀའ་བསྟན་པར་མི་ནུས་པ། །དེ་ལྟར་བདེ་གཤེགས་སྲས་ཀྱིས་རྣམས་ཀྱང། །ཡིད་དང་སེམས་ཀྱི་ཡུལ་གྱིས་ཤེས་མི་ནུས། །འོན་ཀྱང་བྱམས་དང་སྙིང་རྗེའི་སྨོན་ལམ་གྱིས། །དེ་ལས ་ཕྱོགས་ཙམ་རིམ་པའི་ཚུལ་བཞིན་དུ། །བཤད་པར་བྱ་སྟེ་སེམས་ཀྱི་སྤྱོད་ཡུལ་མིན། །ཡེ་ཤེས་ཚུལ་གྱིས་རྫོགས་པར་བྱ་བའོ། །དེ་འདྲའི་སྤྱོད་ཡུལ་ཕྲ་ཞིང་ལྟ་དཀའ་བ། །རང་རིག་ཡིན་ཕྱིར་བརྗོད་པར་མི་ནུས་ཀྱང། །འོན་ཀྱང་བདེ་བར་གཤེགས་པའི་མཐུས ་བརྗོད་ཀྱིས། །སེམས་ཅན་མཐུན་པར་ནན་ཏན་གྱིས་ཏེ་ཉོན་ཅེས་གསུངས་སོ། །དེ་ལྟར་བསྟན་པའི་དབང་ལས་དེ་བརྗོད་དུ་མེད་པར་བསྟན་ན་།ཅི་སྟེ་རི་བོང་གི་རྭ་ལྟར་ཤིན་ཏུ་མེད་པས་ན་བརྗོད་པར་མི་ནུས་སམ། འོན་ཏེ་ཡོད་དུ་ཆུག་ན་ཡང་བརྗོད་པར་མི་ནུས། དེ ་ལ་ཕྱོགས་དང་པོ་ལྟར་ན་ནི་དེ་བརྗོད་དུ་མེད་པ་ཡིན་ཡང་རང་རིག་པ་མ་ཡིན་ཏེ། མེད་པ་ནི་རིག་པར་བཞག་པར་མི་ནུས་ཏེ་ནམ་མཁའ་ཨི་མེ་ཏོག་ལ་སོགས་པ་ལྟ་བུའོ། །དེས་ན་ཐལ་བར་འགྱུར་བ་དང། བཟློག་ན་གནོད་པ་མེད་པའི་ཕྱིར་དེ་ནི་མ་གྲུབ་པོ། །ཕྱོགས ་གཉིས་པ་ལྟར་ན་ཡང་མི་རིགས་ཏེ། གང་ཡོད་བཞིན་དུ་བརྗོད་དུ་མི་ནུས་པ་ནི་མི་རིགས་ཏེ། བུམ་པ་ལ་སོགས་པ་ཡང་བརྗོད་དུ་མེད་པར་འགྱུར་པའི་ཕྱིར་དང། བརྗོད་དུ་མེད་པའི་ཡོད་པའི་ཐ་སྙད་ཉིད་གང་གི་ཚེ་སུ་ལས་ཡིད་ཆེས་པར་འགྱུར། བླ་མ་ལ་སོགས ་པས་ཀྱང་དེ་ངེས་པ་བསྐྱེད་པར་ནུས་པ་མ་ཡིན་ཏེ། བརྗོད་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སོ་སོ་རང་གིས་རིག་པ་ནི་མི་འདོད་པ་ཉིད་དོ་ཞེ་ན། ཅི་ཀླགས་ལྟ་བ་འདི་དོན་དམ་པའི་སྒོ་ནས་སམ། འོན་ཏེ་ཀུན་རྫོབ་ཀྱི་སྒོ་ཅན་ཉིད་ནས་འཇུག་པར ་བྱེད། གལ་ཏེ་དོན་དམ་པར་ན་ནི་ཇི་སྐད་དུ་སྨྲས་པ་བཞིན་ཏེ། རང་རིག་པ་ཕྲ་རབ་ཙམ་ཡང་ཁོ་བོ་ཡང་ཁས་མི་ལེན་ཏེ། དེ་ལ་རིགས་པའི་སྟོབས་བཅོམ་སྟེ་གནས་པའི་མཐུ་གང་ཞིག་ལ་ཡོད་པར་འགྱུར། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས་མཁྱེན་ནས ་ཆོས་རྣམས་མ་གཟིགས་ཕྱིར། ཞེས་ཀྱང་གསུངས་པས་སོ། །འོན་ཏེ་ཀླགས་འདི་ཀུན་རྫོབ་ཀྱི་སྒོ་ནས་སོ་ཞེ་ན། དེ་ནི་ཀླབས་སུ་མི་རུང་སྟེ། དངོས་པོ་ཀུན་རྫོབ་པ་དག་ལས་ཁ་ཅིག་ནི་བརྟགས་པ་ཙམ་སྟེ་བདག་ལ་སོགས་པའོ། །ཁ་ཅིག་ནི་རྫས་སུ་ཡོད་ལ་བསྟན་དུ་རུང་བ་སྟེ ་བུམ་པ་ལ་སོགས་པའོ། །ཁ་ཅིག་ནི་རྫས་སུ་ཡོད་ཀྱང་རང་རིག་པའི་ངོ་བོ་བྱུང་བ་ཙམ་ལས་བསྟན་དུ་མེད་པ་དེ་ཚོར་བ་ལ་སོགས་པའོ། །དེའི་ཕྱིར་རང་གིས་རིག་པ་དེ་ནི་ཡོད་ཀྱང་བསྟན་པར་མི་ནུས་པའོ། །གལ་ཏེ་བསྟན་པར་མི་ནུས་པའི་རང་རིག་པ་དེའི་དབང་དུ་བྱས་ན ་གཞན་གྱི་རྒྱུད་ཡོད་པར་མི་འགྱུར་ཏེ། དེ་མེད་ན་འགྲོ་བའི་དོན་བྱ་བར་མི་འཇུག་པས་ཐེག་པ་ཆེན་པོའི་ཐ་སྙད་དག་མེད་དོ་ཞེ་ན། རང་རིག་པ་ནི་མངོན་སུམ་གྱིས་གྲུབ་པས་སྐུར་བ་མི་གདབ་ཅིང་རྒྱུད་གཞན་ཡོད་པ་ནི་རྗེས་དཔག་ལས་ཁོང་དུ་ཆུད་པར་བྱ་བ་ཡིན་པས ་ན་ཐ་སྙད་ནི་མི་འཇུག་གོ་།འདིའི་དོན་འདི་ཚད་མའི་གཞུང་དེ་རྣམ་པ་བདུན་གྱིས་ཤེས་པས་འདིར་མི་དཔྱད་དོ། །གལ་ཏེ་རང་རིག་པ་གྲུབ་ན་དེ་དག་ནི་གཞན་རིག་པ་དང་ཕན་ཚུན་སྤངས་པས་འགལ་བའི་ངོ་བོ་ཡིན་པས། བཅོམ་ལྡན་འདས་རྣམས་རིག་པའི་ཡེ་ཤེས་དང ་ལྡན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། གཞན་གྱི་རྣམ་པ་མི་མཁྱེན་པའི་ཕྱིར་རོ། །དེ་མཁྱེན་པ་ན་ནི་རང་རིག་པའི་ཡེ་ཤེས་མི་འགྲུབ་པོ་ཞེ་ན། ས་བཅུ་པའི་བར་དུ་ནི་དེ་གཉིས་ཇི་སྐད་སྨྲས་པའི་འགལ་བ་ཡིན་པས་ན། དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན ་པར་བཏགས་ཤིང། རྣལ་འབྱོར་པ་རྣམས་ཀྱི་ཐ་སྙད་ནི་སེམས་ཅན་གདུལ་བའི་དབང་མ་གཏོགས་པར་ཐམས་ཅད་དུ་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ཞེས་ཤེས་པར་བྱ་བའི་ཕྱིར་ཉེ་བར་བཏགས་ནས་བཤད་དེ། དེ་ལྟ་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པའི ་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེས་འཆད་པར་འགྱུར་བའི་དོན་ཡང་འདི་ཉིད་དུ་གཏན་ལ་ཕབ་པའོ། །སངས་རྒྱས་ཀྱི་ས་ལ་ནི་འགལ་བ་དེ་དག་བསམ་པར་མི་བྱ་སྟེ། དེ་ནི་བསམ་གྱིས་མི་ཁྱབ་པས་ན། གྲངས་མེད་པ་ལ་སུ་ཞིག ་བགྲང། །ཚད་མེད་པ་ལ་སུ་ཞིག་འཇལ། །ཁྱོད་ཀྱི་ཡོན་ཏན་གྲངས་དང་ནི། །མཐུ་ལ་དཔོགས་པ་མ་མཆིས་སོ། །ཞེས་བསྟོད་པའོ། །ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་རང་རིག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་འདི་ཅི ་ཞིག་ཡིན། གལ་ཏེ་རང་བཞིན་གྱིས་ནི་མི་རྟོག་པའོ། ཞེ་ན། དེ་ལྟར་ན་ཀ་བ་ལ་སོགས་པ་བེམས་པོ་རྣམས་ཡེ་ཤེས་སུ་འགྱུར་ཏེ། འཕགས་པ་ལྷའི་ཞལ་སྔ་ནས་ཀྱང། གལ་ཏེ་ཡེ་ཤེས་མི་ཤེས་ན། །ཤིང་ནི་ཡེ་ཤེས་ཡིན་པར་ཐལ་ཞེས་བཤད་དོ། །འོན་ཏེ་རྟོག་པ་དང་དཔྱོད ་པ་ལས་ལ་འདས་པས་དེར་བཞག་ན་ནི་བསམ་གཏན་གཉིས་པ་ལ་སོགས་པ་ཡང་དེར་འགྱུར་ཏེ། དེ་དག་ལ་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་རོ། །ཡང་སེམས་དང་སེམས་ལས་བྱུང་བ་རབ་ཏུ་ཞི་བས་དེར་བཞག་ན་ནི་འགོག་པའི་སྙོམས་པར་འཇུག་པ་ཡང་དེར་འགྱུར ་རོ། །རྐྱེན་གྱིས་ཡུན་དུ་མི་འཛིན་པས་དེར་བཞག་ན་ནི་རྒྱལ་བ་ལ་སོགས་པ་ཡང་དེར་འགྱུར་རོ། །འོན་ཏེ་མི་རྟོག་པའོ་སྙམ་སེམས་པས་རྟོག་པ་གཞན་མ་སྐྱེས་པས་དེར་བཞག་ན་ནི། དེ་ཉིད་རྟོག་པར་རེད་པས་མི་རྟོག་པ་ག་ལ་ཡིན་ཞེ་ན། དེ་དག་ནི་འདིར་མི་བསམ ་གྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུན་རིང་པོར་དངོས་པོ་རྣམས་ལ་བལྟས་པ་ལས། དངོས་པོའི་ཆ་ཤས་ཕྲ་རབ་ཙམ་ཡང་མི་དམིགས་པར་ངེས་པར་བགས་ཀྱིས་བརྟན་པར་འགྱུར་ཞིང། ནམ་ཞིག་ན་ཡུལ་གང་ལ་ཡང་རྣམ་པར་མི་རྟོག་ཅིང་རང་བཞིན་གྱིས་འོད ་གསལ་བའི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམ་ཚད་མེད་པ་རང་གིས་རིག་པ་དེ་སྐྱེ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་ཅུང་ཟད་ཀྱང་མ་མྱངས་པས་ན་ཇི་ལྟར་ན་ངེས་པར་བྱེད་ནུས་ཏེ། ཁྱབ་དང་དབང་ལ་སོགས་མ་མྱོང། །དཔག་ཏུ་མེད་པར་གནས་པའི ་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང། །མྱོང་བར་གྱུར་པ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་ཅན་གྱི། །དེ་བཞིན་གཤེགས་པ་མ་གཏོགས་པར། །གཞན་གྱི་ལོངས་སྤྱོད་མ་ཡིན་ནོ་ཞེས་བསྟན་ཏེ། དེ་བཞིན་གཤེགས་པའི་རྗེས་སུ ་འབྲང་བ་རྣམས་ཀྱིས་ནི་ཅི་རིགས་སུ་མྱོང་བ་ཉིད་དོ། །ཡེ་ཤེས་འདི་ནི་རྒྱུ་ལས་དཔགས་ཏེ་ངེས་པར་ཡོད་པར་ཡིད་ཆེས་པར་བྱའི། བུམ་པ་ལ་སོགས་པའི་དངོས་པོ་ལྟར་གསལ་པོར་གཟུང་བར་ནི་ནམ་ཡང་མི་ནུས་པས་ན་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང། སྒོམ་པའི་སྟོབས་གྲུབ་ནས ་ཁ་ཅིག་ནི་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་འཁྲུལ་བའི་མཚན་མ་མཛའ་དག་སྤངས་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན་རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ ་ཡང་དག་པར་སྤོང་ངོ་ཞེས་འཆད་པ་ཡང་དོན་འདིར་གཏན་ལ་ཕབ་པ་སྟེ། ཅི་ཞིག་ལྟར་ཞེས་བྱ་བ་ནི་བསྟན་པར་མི་ནུས་པའི་ཚིག་ཉིད་དོ། །གལ་ཏེ་སོ་སོར་རྟོག་པའི་ཤེས་རབ་ལ་གོམས་པའི་རྒྱུ་ལས་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་ན། རྒྱུ་ནི་རྣམ་པར་རྟོག་པ་ཉིད ་ཡིན་ལ་དེའི་འབྲས་བུ་དེ་ལས་བཟློག་པས་རྒྱུ་དང་འབྲས་བུ་འགལ་བས་ན། ཡེ་ཤེས་དེ་རྒྱུ་མ་ཡིན་པ་ལས་བྱུང་བས་གང་ལས་ཀྱང་དེ་འབྱུང་བ་འམ། རྒྱུ་མེད་པར་ཇི་ལྟར་མི་འབྱུང་ཞེ་ན། ཇི་ལྟར་ན་འདི་རྒྱུ་མ་ཡིན། སོ་སོར་རྟོག་པ་ན་ཡང་སྤྲོས་པ་མེད་པར་མོས་པས་ཞུགས་ལ ་འབྲས་བུའི་སྐབས་ན་ཡང་སྤྲོས་པ་མེད་པ་ཉིད་ཐོབ་པོ། །ཕྱོགས་མ་ལུས་པས་རྒྱུ་དང་འབྲས་བུ་ཁྱད་པར་མེད་ན་ནི་རྒྱུ་དང་འབྲས་བུ་ཡང་ཇི་ལྟར་འགྱུར། རྒྱུས་ཀྱང་ཅི་ཞིག་བྱ་སྟེ། ཕྱོགས་འགའ་ཡི་རྗེས་སུ་འགྲོ་བས་ཀྱང་རྒྱུར་འདོགས་སོ། །གཞན་ཡང་འཕགས་པ་སྟུག་པོ ་བཀོད་པ་ལས་ཀྱང། རྭ་ལས་ལན་ཚར་གྱུར་པ་དང། །འདམ་བུ་ལས་ཀྱང་སྒོག་པར་འགྱུར། །མི་གཙང་སྲིན་བུ་ལ་སོགས་ལས། །སྦྲང་མར་འགྱུར་གཞན་མི་འདྲ་མང། །རྒྱུ་དང་འདྲ་བའི་འབྲས་བུ་ནི། །ས་རྣམས་གད་ནའང་མི་སྣང་སྟེ། །གྱུར་པ་རྒྱུ་ལས་འབྲས་བུ་འབྱུང་ཞེས ་གསུངས་ལ། ཙན་དན་གྱི་ཤིང་ལས་མེ་བྱུང་བའི་དཔེས་མི་འདྲ་བའི་རྒྱུ་ལས་མི་འདྲ་པའི་འབྲས་བུ་འབྱུང་བ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པས་ཀྱང་འདི་ལ་གནོད་པ་མེད་དོ། །དེ་ལྟར་རང་རིག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་འཐད་པ་ཉིད་ན། དེ་མི་རྟོག་བཞིན་དུ ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རབ་ཏུ་དད་བ་ཞེས་བཞག་།དད་བ་ནི་སེམས་ལས་བྱུང་བ་དད་པ་ཡིན་ནོ་ཞེ་ན། འདིའི་དོན་ནི་སྔར་སྨྲས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུམ་འདི་ངེས་པར་བྱས་ནས། དེའི་རྗེས་ལས་ཐོབ་པས་ཇི་ལྟར་བཟུང་བ ་ལ་རབ་ཏུ་དང་བར་བྱེད་པ་སྟེ། མིག་གིས་མཐོང་བའི་གཟུགས་དག་ལ་ཡིད་ཀྱིས་རྗེས་སུ་ཆགས་པ་ལྟ་བུའོ། །ཡང་ན་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་ཡུལ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་དད་པ་ཞེས་གཞན་དུ་སྦྱར་བ་ལ་ཉེས་པ་མེད་དོ། །ལྷག་མ་རྣམས་ནི་གོ་སླ་སྟེ། ཅུང་ཟད་དུ་ན་འདིར་ཕྱག་འཚལ ་པའི་དགོས་པ་ནི་བདག་ཉིད་དམ་པའི་གྲངས་སུ་རྟོག་པར་གཞན་གྱིས་ཤེས་པ་སྟེ། དེའི་ཡང་དགོས་པ་ནི་རང་གིས་བརྩམས་པའི་ཚིག་ལེའུར་བྱས་པ་ལས་གདུལ་བྱ་རྣམས་འཇུག་པའོ་ཞེས་དགོངས་ནས་ཕྱག་འཚལ་པའོ། །གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་ཞེས་བྱ་བ་ལ ་སོགས་པའི་ཚད་མས་ཞེས་པ་ནི། བདག་དང་གཞན་སྨྲས་དངོས་འདི་དག་།ཡང་དག་དུ་ན་གཅིག་པ་དང། དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན་ཞེས་པ་དང། དངོས་པོ་གང་གང་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག ་ཉིད་ཡོད་མིན་པ། དེ་ལ་དུ་མ་ཉིད་ཀྱང་མེད། །གཅིག་དང་དུམ་མ་རྟོགས་པར། །རྣམ་པ་གཞན་དང་ལྡན་པ་ཡི། །དངོས་པོ་མི་རུང་འདི་གཉིས་ནི། །ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ། ཞེས་བསྟན་པ་ནི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་ཞེས་བྱ་བའོ། །སོགས་པ་ཞེས་བྱ་བ་ནི་རྡོ་རྗེ ་གཟེགས་མ། །རང་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱི་སྐྱེ་བ་མེད་ཞེས་བྱ་བ་ལ ་སོགས་པ་དང། གཞན་ཡང་སྐྱེ་མེད་རབ་ཏུ་སྟོན་ནུས་པ། །དུ་མས་དངོས་པོ་གཅིག་མི་བྱེད་ཅེས་པ་ལ་སོགས་པ་རྣམས་སོ། །ཚད་མས་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པ་ལ་ཡིད་ཆེས་པར་བྱེད་པའི་རྒྱུ་གཏན་ཚིགས་དེ་དག་ཉིད་འཇལ་བར་བྱེད་པས་ཚད་མ་ཞེས་ཀྱང་བྱ་སྟེ། དེ་བཞིན་དུ་ཚུལ་བཞིན་ཡིད ་ལ་བྱེད་པའི་དབང་ལས་རིག་པ་ཞེས་བསྟན་ཅིང། བློ་དངོས་པོ་དང་མཐུན་པར་སྒྲུབ་ཅིང་དེར་འདྲེན་པའི་ཕྱིར་ན་སྒྲུབ་པ་དང། འདྲེན་པ་ཉིད་དུ་བསྟན་ཏོ། །དེ་ཡང་དང་པོ་ཉིད་དུ་ཆོས་ཉིད་ཀྱི་རིག་པ་ལ་མོས་པར་བྱ་སྟེ། དེ་ཉིད་ལ་ཐེ་ཚོམ་ལ་སོགས་པ་སྲིད་ན་རིག་པ་གཞན་གྱིས་དེ་ལ་ངེས་པར་བྱ་སྟེ ་དེ་ཉིད་ལ་རྟེན་པར་རིགས་ཏེ། འདི་ནི་ཡིད་ཆེས་པར་བྱེད་པ་ལ་གཙོ་བོ་སྟེ་དངོས་པོའི་སྟོབས་ལས་འོངས་པ་ནི་སུས་ཀྱང་འགལ་བར་བྱ་བ་མ་ཡིན་པས་སོ། །དེའི་ཕྱིར་བསྟོད་པར་བྱེད་པ་ལ་ལས། རྣམ་གྲོལ་ནང་ན་མི་གཡོ་ལྟར། །རིག་པའི་ནང་ན་ཆོས་ཉིད་ལྟར། །ཤེས་རབ་ནང་ན་ཀུན་མཁྱེར ་ལྟར། །ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག་།ཅེས་བསྟོད་པ་བརྗོད་དོ། །བཞི་དང། ལམ་དང། རྣམ་པ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ལས་གསོལ་ལོ། །སྐྱེ་བ་མེད་པ་ཡོངས་སུ་ཤེས་པའི་དོན་ཅན་གྱི་ཚིགས་སུ་བཅད་པའི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ནས་ཞེས་བྱ་བ་ལ། སྐྱེ་བ་མེད ་པ་ཡོངས་སུ་ཤེས་པའི་དོན་ཅན་ཞེས་བྱ་བ་ནི། སྐྱེ་བ་མེད་པ་ཡོངས་སུ་ཤེས་པའི་དོན་དང་ལྡན་པ་ནི་ཡུམ་སྟེ། ཡུམ་དེ་ཡང་འདིར་ཚིགས་སུ་བཅད་པ་གཅིག་གིས་མཚན་ཉིད་བསྟན་པ་སྟེ། མཚན་ཉིད་ནི་ནུས་པའི་མཚན་ཉིད་གཙོ་བོར་བྱས་པའོ། །དེ་ལྟར་ཡུམ་སྐྱེ་བ་མེད་པ་ཡོངས་སུ་ཤེས་པ་དང ་ལྡན་པ་སྲས་གསུམ་སྐྱེད་པར་ནུས་པའི་མཚན་ཉིད་འདི་ལ་སྐྱེ་བ་ཡོད་དོ་ཞེ་འམ། སྲས་གསུམ་བསྐྱེད་པའི་མཚན་ཉིད་དང་མི་ལྡན་ནོ་ཞེས་རིག་པ་འགའ་ཞིག་གིས་གནོད་པ་ཡོད་པར་མ་མཐོང་བ་ནི། ཡུམ་འདིའི་ཆོས་ཉིད་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གཞན་གང་གིས་ཀྱང་བཙན་ཐབས་སུ་ནི་དེ ་དེ་ལྟར་བསྒྲུབ་པར་མི་ནུས་པས་སོ། །ནས་ཞེས་པ་ནི་ཕྱིར་ཞེས་པའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་ནི་ཞེས་པ་ལ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞིའོ། །དེའི་ཁྱད་པར་ནི་ཐམས་ཅད་མཁྱེན་པ་ཉིད ་གསུམ་གྱིས་བདག་ཉིད་ཞེས་པ་སྨོས་ཏེ། ཡུམ་དེ་ཡང་ཀུན་རྫོབ་ཏུ་ཡང་དབྱེར་མེད་པའོ་སྙམ་པ་དགག་པའི་ཕྱིར་དང། སྲས་གསུམ་ཅར་སྐྱེ་པར་བསྟན་པའི་ཕྱིར་ཚིག་འདི་སྨོས་ཏེ། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །མཐར་ལམ་ཁྱེད་ཉིད ་གཅིག་པུ་སྟེ། །གཞན་ཞེས་བགྱི་བ་མ་མཆིས་ངེས་ཤེས་བསྟོད་པ་དང། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བཀླག་པར་བྱའོ། ཞེས་པ་ལ་སོགས་པས་གསུངས་ལ། ཡང་རྒྱལ་བའི་ཡུམ་བར་མ་ལས་ཀྱང། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ནི་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྣམས་རྒྱ་ཆེར་བསྟན་ཏོ་ཞེས་གསུངས་སོ། །དེ་ལྟར་ན་ཡུམ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་བསྐྱེད ་པས་གང་ཟག་ལ་བདག་མེད་པ་ཙམ་ཞིག་ཡིན་ལ། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་རྗེ་བཙུན་རྣམས་བསྐྱེད་པས་གང་ཟག་དང་ཆོས་ལ་བདག་མེད་པ་ཉིད་ཡིན་ལ། དེ་ནི་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་དང། འཕགས་པ་སྡོང ་པོ་བཀོད་པ་ལ་སོགས་པ་ལས་ཀྱང་བརྟན་པས། བསྟན་པ་འདི་ལ་ཡང་དོན་ལྷག་མ་མེད་པ་ལ་ཡུམ་འདི་ལ་ཡང་རང་རང་གི་རྟོགས་པ་ལས་ལྷག་པའི་རྨད་དུ་བྱུང་བ་ཅི་ཞིག་ཡོད་སྙམ་མ་དེ་གསལ་བའི་ཕྱིར་ཚུལ་གསུམ་པ་ཅན་ནི་ཞེས་བྱ་བ་སྨོས་ཏེ། འདིར་དོན་ནི་ཡུམ་ལ ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མ་ཡིན་ཏེ། དབྱེ་བར་མི་ནུས་པའི་ཕྱིར། །འོ་ན་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་སྲས་གསུམ་གྱིས་ཡུམ་ཡིན་ཞེས་བསྟན་གྱི། རྣམ་པར་ངེས་པའི་དབང་དུ་བྱས་པའི་ཚེ་ནི་སངས་རྒྱས་རྗེ ་བཙུན་ཁོ་ནའི་ཡུམ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གསུང་པོ་ལ་སོགས་པ་ལྟ་བུ་བུད་མེད་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་ག་ལ་བསྐྱེད། དེའི་ཕྱིར་འདིའི་མཐུ་ཆེ་བ་ནི་འགྲོ་བ་མ་ལུས་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ཁོ་ནར་བསྒྲུབ་པས་ན་རབ་ཏུ ་མཚར་དུ་བྱ་བའོ། །ཡུམ་གྱི་མཐུའི་ཁྱད་པར་དེ་ཉིད་སྟོན་པའི་གཞུང་དག་ཀྱང་གཞུང་གཞན་པས་མཆོག་ཉིད་དོ། །འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་དེ་དག་ལས་ནི་འདོད་ཆགས་དང་བྲལ་བའི་འཇུག་པའི་རིམ་པ་ལ་སོགས་པ་ཙམ་ཞིག་གཙོ་བོར ་བསྟན་པས་གཞུང་ཕྱོགས་གཅིག་པའོ། །འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་དེ་དག་ཏུ་ཡང་ཐེག་པ་ཆེན་པོའི་བྱ་བའི་ཚུལ་དང་འབྲས་བུ་ལ་སོགས་པ་གཙོ་བོར་བསྟན་གྱི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་དང་འབྲས་བུ་ནི་མ་བསྟན་ཏོ། །དེའི་ཕྱིར་དེ་དག་ཀྱང ་གཞུང་ཕྱོགས་གཅིག་པའོ། །རྒྱལ་བའི་ཡུམ་འདིར་ནི་རིགས་ཐམས་ཅད་ཀྱི་བསྟན་པ་བསྒྲགས་པས་ན་གཞུང་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ཏེ། དོན་འདི་ཉིད་ལ་བརྟེན་ཏེ། གང་ཡང་དག་པར་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར། འོན་ཀྱང་དེ་དག་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ། །ཁྱད་པར་དུ་འཕགས་པའི་ཆོས ་རྣམས་ལས་ཁྱད་པར་འཕགས་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དེ་དག་གི་དགེ་བའི་ཕྱོགས་ལ་ཁོ་བོ་ནི་པར་ཆད་མི་བྱེད་དོ་ཞེས་གསུངས་པ་ལ། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས་ཀྱང་འཆད་པར་འགྱུར་བ་ལས་དེའི་དོན་བསྟན་པ། ཐེག་པ་གསུམ་རྣམ་པར་བཞག་པ ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་མ་ཡིན་ནོ། །ཞེས་ལུགས་ལས་འབྱུང་བས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཡིན་ཏེ། དེའི་ཕྱིར་འདོད་ཆགས་དང་བྲལ་བ་དང་གཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད ་ཐོབ་པར་བྱ་བའི་ཕྱིར་ལམ་ཤེས་པ་ཉིད་བསྒོམ་པར་བྱ་བ་ཡིན་པས་ཁྱབ་པ་ཡིན་ནོ་ཞེས་བསྟན་པ་ཡང་འདི་ཉིད་དུ་གཏན་ལ་ཕབ་པ་ཡིན་ལ། འཆད་པར་བྱེད་པ་ལས་དེ་ལྟ་ན་ཕྱག་འཚལ་བ་དང། བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན ་ཞེས་བྱ་བ་ལ་སོགས་པ་འགལ?་བ་དང་ལན་རྣམས་ཀྱང་འདི་ཉིད་དུ་གཏན་ལ་ཕབ་པར་ཤེས་པར་བྱའོ། དེའི་ཕྱིར་ཚུལ་ཞེས་བྱ་བའི་སྒྲ་ནི་རང་བཞིན་གཅིག་ཁོ་ན་ལས་མེད་པར་རྐྱེན་གཞན་ཁ་ཅིག་གིས་དུ་མར་སྣང་བའི་དུ་མ་ཉིད་ཇི་སྙེད་པ་ནི་འདིར་ཚུལ་གྱི་སྒྲས་བསྟན་ཏེ་ཡུམ་འདི ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཕྱེ་བ་ཡང་རང་བཞིན་ཕྱེ་བ་ནི་མ་ཡིན་ཏེ། འཇིག་རྟེན་མགོན་པོས་ཐུགས་རྗེ་ཡིས། །ལུས་ཅན་རྣམས་ལ་བསྟན་སླད་དུ། །ཐ་སྙད་མངོན་དུ་མཛད་ནས་ནི། །ཁྱོད་ནི་བསྟན་ཅིང་བསྟན་མ་ལགས། །ཞེས་སློབ་དཔོན་གྱི་ཞལ་སྔ་ནས་རྣམ ་པར་མི་རྟོག་པར་བསྟོད་པ་ལས་བསྟན་ཏོ། །དེ་ལྟར་ན་དུ་མར་སྣང་བ་གཅིག་ཉིད་དུ་སྒྲུབ་པ་ནི་ཚུལ་གསུམ་པ་ཅན་ནི་ཞེས་བྱ་བ་ཡིན་ལ། །གཅིག་ཏུ་མར་སྟོན་པའི་མཐུ་དང་ལྡན་པར་བརྗོད་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེ་སྨོས་པས་སོ། །དེ་ལྟ་བུའི་མཐུའི་ངོ་བོ་དེ་སུའི་སྙམ་པ ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྨོས་པ་སྟེ། དོན་གྱི་གོ་རིམས་ནི་དེ་ལྟར་བལྟ་བར་བྱའོ། རྒྱུར་གཙོ་བོ་ཞེས་པ་ནི་བྱེད་པའི་རྒྱུ་ཉིད་དོ། །དེ་ལ་ཐམས་ཅད་མཁྱེན་པ་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེས་ཀྱང་འཆད་པར་འགྱུར་བའི་ཚུལ་གྱིས ་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་དེ་ལྟར་ཐུགས་ལ་བཞག་ནས་ཞེས་བྱ་བ་ལ་དངོས་པོ་བརྒྱད་དུ་རྣམ་པར་ཕྱེ་བ་དེ་དག་ནི་དངོས་ཀྱི་ཚུལ་དུ་དཔྱད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཞེས་གཅིག་ཁོ་ནར་གདགས་བར་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔར་བསྟན་པའི་རིགས་པས ་ལམ་ཐམས་ཅད་ནི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་པུ་རྒྱུད་པ་འམ་དངོས་སུ་བསྒྲུབ་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས་འཆད་པར་འགྱུར་བ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཉིད་ཀྱི་ལམ་སྟེ་མངོན་པར་རྟོག་པ་ཐམས་ཅད་ཉེ་བར ་མཚོན་པ་ལྟུར་ལེན་པ་ཡིན་ནོ་ཞེས་སྨོས་པ་ཡང་འདིར་བསྟན་པས་ཆོ་གོ་འོན་ཀྱང་སྨན་ལ་མོས་པ་ཁ་ཅིག་ནི་འཚང་རྒྱ་བར་ངེས་ཀྱང་བདག་ནི་བྱང་ཆུབ་ཆེན་པོའི་སྣོད་མ་ཡིན་ནོ། །ཞེས་བདག་ལ་རྣམ་པར་སྨད་ནས་སྤྱད་པ་སྤྱོད་ལ་ཁ་ཅིག་ནི་འཚང་རྒྱ་པའི་ཕྱིར་སྤྱད་པ་སྤྱོད་ཀྱང་འབྲས་བུ་མ་ཐོབ ་པས་ལམ?་གནས་པ་ཡིན་ལ་ཁ་ཅིག་ནི་ཡུན་རིང་མོ་ནས་བཞེད་པའི་དོན་ཡོངས་སུ་གྲུབ་པས། ཆོས་ཀྱི་རྒྱལ་པོ་སྲིད་པ་གསུམ་གྱི་བདག་པོར་དབང་བརྙེས་པ་ཉིད་དེ། དེ་དེ་ལྟར་ཐམས་ཅད་གསུམ་དུ་བསྡུས་པས་ན་སྐབས་བརྒྱད་དུ་ཕྱེ་བ་ཡང་སྐབས་གསུམ་དུ་བསྡུ་བར་ཤེས་པར་བྱ་བའི་ཕྱིར ་དེ་ལ་ཐམས་ཅད་མཁྱེན་པ་གསུམ་གྱི་དོན་བརྒྱད་བསྡུས་ལ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཞེས་བྱ་བ་སྨོས་སོ། །དེ་ལྟར་ན་སྐབས་གཅིག་ཅེ་འམ་གསུམ་ཞེས་མི་བཞག་པར་དངོས་པོ་བརྒྱད་ཉིད་སྐབས་བརྒྱད་ཀྱིས་བརྗོད་པར་བྱ་བ་རྣམ་པར་ཕྱེ་བ་འདི་ཅི་ལ་དགོངས་ཞེ་ན། དོན་འདི་ནི ་འོག་ནས་སྟོན་པར་འགྱུར་བས་འདིར་མི་བསམ་མོ། །ད་ནི་དངོས་པོ་བརྒྱད་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཇི་ལྟར་བསྡུ་བ་ཅུང་ཞིག་འདིར་བརྗོད་དེ། དང་པོ་རེ་ཞིག་གང་ཟག་དབང་པོ་བརྟུལ་པོ་རིམས་ཀྱིས་སངས་རྒྱས་ཉིད་འཐོབ་པའི་རིམ་པས་དང་པོར་ཉན་ཐོས་ཀྱི་འབྲས་བུའི་དབང་དུ་བྱས ་ཏེ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པའི་དབང་དུ་བྱས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་བདུན་དུ་བསྡུས་པ་འདི་ཉིད་བཞིར་བསྟན་ཏོ། དེ་ནས་དེ་ལ་རྣམ་པ་ཇི་སྙེད་ཅིག་ཡོད་ཅེས་རྟོག་པ་ལ། མཐོང་བའི་ལམ ་གཙོ་བོར་བྱས་ཏེ། རང་གི་རྣམ་པ་བཅུ་དྲུག་མེད་པས་ན་གདུལ་པ་མེད་པའི་བར་དུ་ཤེས་པར་བྱའོ། །དེའི་མཚན་ཉིད་ཇི་ལྟ་བུ་ཞེས་རྟོག་པ་ལ་ནི་མཚན་ཉིད་ཉི་ཤུ་བསྟན་པའོ། །དེ་དག་གི་སྦྱོར་བའི་ལམ་གང་ཞེ་ན་ཞེས་རྟོག་པ་ལ་ནི། འཕགས་པ་ཉན་ཐོས་ལམ་ལ་ནི་ཞེས་པ་ལ་སོགས་པ ་དང། གཟུགས་སོགས་དེ་མི་རྟག་སོགས་དང་ཞེས་པ་ལ་སོགས་པ་གསུངས་སོ། །སྦྱོར་བའི་ལམ་ལས་ནི་མཐོང་བའི་ལམ་འབྱུང་བས་ན། སྐབས་གཉིས་པ་དང་གསུམ་པར་མཐོང་བའི་ལམ་རྣམ་པ་དང་བཅས་པར་བསྟན་ཏོ། །འབྲས་བུ་ནི་འདིར་མ་བསྟན་ཏེ་གོ་སླ་བས་སམ་རང་གི་གཞུང་ལ ་བལྟོས་བས་སམ། དོན་གཞན་ཡིན་ཡང་གདམས་ངག་གི་སྐབས་སུ་དབང་པོ་བརྟུལ་དང་རྣོན་པོ་དག་ཅེས་བྱ་བ་ལ་སོགས་པས་ཐུན་མོང་དུ་བསྟན་དུ་རུང་བའོ། །ཐམས་ཅད་ཤེས་པས་བསྡུས་པ་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ཏེ། སྐབས་གཉིས་པ་ལས་སྦྱོར་བའི་ལམ་དང། མཐོང ་བའི་ལམ་དག་ཁྱད་པར་དང་བཅས་པར་བསྟན་ལ། སྐབས་བཞི་པ་ལས་དེ་དག་གི་བསྒོམ་པའི་ལམ་རྣམ་པའི་སྒོ་ནས་བསྟན་ཏེ། རང་སངས་རྒྱས་ཀྱི་དབང་དུ་བྱས་ཏེ་དེ་ནི་དེ་ཙམ་དུ་ཟད་དོ། །དེའི་ཕྱིར་སྐབས་དང་པོ་དང། ལྔ་པ་དང། དྲུག་པ་དང། བདུན་པ་དང། བརྒྱད་པ་ལས་ནི་ཐམས་ཅད་ཤེས་པ ་དང་འབྲེལ་བ་མ་བསྟན་ཏེ། སྐབས་གཉིས་པ་དང། གསུམ་པ་དང། བཞི་པ་དག་ལས་བསྡུས་པའོ། །ཡོན་ཏན་དང་སྐྱོན་དག་ནི་འདི་དག་ལ་མི་སྦྱོར་ཏེ། གཙོ་བོར་མ་བྱས་པའི་ཕྱིར་རོ། །ཐམས་ཅད་ཤེས་པའི་སྐབས་བསྡུས་པའོ། །ལམ་ཤེས་པའི་དབང་དུ་བྱས ་ཏེ། ཉན་ཐོས་དང་རང་སངས་རྒྱས་ཏེ་དེ་དག་ཞི་བའི་དབྱིངས་ནས་ལངས་ཏེ། ལམ་མཆོག་ཤེས་པར་བྱེད་པ་ནི་སྐབས་དང་པོ་ནས་བསྟན་པའི་སེམས་བསྐྱེད་པ་ཐོག་མ་དང། གཉིས་པ་དང། གསུམ་པ་དང་པོར་བྱས་ཏེ། གདམ་ངག་ལ་བརྟེན་ནས་ཚོགས་ཀྱི་ལམ་པ་ལ ་པ་སྦྱངས་ནས། སྐབས་བཞི་པ་ལས་བསྟན་པའི་ཐར་པའི་ཆ་དང་མཐུན་པ་བསྐྱེད་དེ། སྐབས་དང་པོ་ནས་ཇི་ལྟར་བསྟན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། གོ་ཆ་དང། སྐབས་བཞི་པ་དང། ལྔ་པ་ལས་བསྟན་པའི་སྦྱོར་བའི་ལམ་སྦྱངས་ཏེ། དེ་དག་གི་རྟགས་ཐོབ་པར ་བྱས་ནས། ཡང་དེ་ཡན་ཆད་རིགས་ལ་གནས་ཤིང་འཇུག་པ་དང། རང་གི་སྐབས་ནས་བསྟན་པ་དང། སྐབས་ལྔ་པའི་མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དག་སྤངས་ནས། ཡང་རང་གི་སྐབས་ཀྱི་བསྒོམ་པའི་ལམ་དང། ཚོགས་དང། སྐབས་ལྔ་པ་ལས་ཇི་ལྟར་བསྟན་པ་ལྟར ་རྣམ་པར་རྟོག་པ་རྣམས་སྤངས་ཏེ། ལམ་དེ་གཉིས་རང་རང་གི་རྣམ་པ་དང། མཚན་ཉིད་དང། རྟགས་དང་བཅས་པར་སྦྱངས་ནས། ཡང་སྐབས་དྲུག་པ་ཡོངས་སུ་སྦྱངས་ཏེ། དེ་ནས་སྒོམ་པའི་ལམ་ཁྱད་པར་ཅན་སྐབས་ལྔ་པ་ལས་ཇི་སྐད་བསྟན་པ་གཙོར་གྱུར་པ་སྐབས་བདུན་པས ་དངོས་པོ་ཁོ་ནར་བསྟན་པ་རྣམ་པ་དང་བཅས་ཤིང་ངེས་པར་འབྱུང་བའི་སྒྲུབ་པའི་ངོ་བོ་ཉིད་ཅན་དེ་རྫོགས་པར་བྱེད་དེ། ལམ་དེ་དག་ཐམས་ཅད་ལ་ཡང་སེམས་བསྐྱེད་པ་དང། རིགས་དང། གདམ་ངག་དང། དམིགས་པ་དང། ཆེད་དུ་ཕྱེ་བ་དང། ཡོན་ཏན་དང། སྐྱོན་དག་ནི་ཐུན་མོང་དུ ་ཅི་རིག་པར་སྦྱར་ཏེ། འདི་ནི་སྐབས་བརྒྱད་པ་ལས་ལམ་ཤེས་པ་ཉིད་ཀྱི་སྐབས་བསྡུས་པའོ། །ད་ནི་སྔར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་པར་རྟོགས་པ་ཐམས་ཅད་ཉེ་བར་མཚོན་པ་ལྷུར་ལེན་པ་སྟེ་ཞེས་སྨོས་པ་དང། སྐབས་བརྒྱད་པ་ལས་རྣམ་པ་ཐམས་ཅད ་མཁྱེན་པའི་སྐབས་ཕྱོགས་གཅིག་ཏུ་བསྡུ་བ་ཅིག་ཅར་བསྟན་ཏེ། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་དེ་ནི་རྒྱུ་ལ་མ་བལྟོས་པར་འཐོབ་པ་མེད་པས་དེའི་རྒྱུ་བསྟན་པ་ལམ་ཐམས་ཅད་བསྡུས་པ་བྱང་ཆུབ་ཀྱི་སེམས་བཅུ་དགུ་རྒྱུའི་ངོ་བོར་བསྟན་ཏོ། །དེ་ཡང་གདམས་ངག་གིས་སྨིན་བར ་བྱ་བ་བྱེད་པས་གདམས་ངག་བསྟན་ཏོ། །དེ་ཡང་གདམས་ངག་གིས་ལེགས་པར་ཟིན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་པས་དེ་བསྟན་ཏོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པར་རིགས་ལ་གནས་པ་ཡིན་པས་རིགས་ཀྱི་དབྱེ་བ་བསྟན་ཏོ། །རིགས་ལ་གནས་པ་རྣམས ་ལ་ནི་དམིགས་པ་དང་ཆེད་དུ་བྱ་བ་བསྟན་ཏོ། །ཡང་སླར་ཐབས་གཞན་གྱིས་སྦྱོར་བའི་ལམ་གོ་ཆའི་བསྒྲུབ་པ་བསྟན་ཏོ། །ཡང་སྔར་མཐོང་བ་དང། སྒོམ་པ་དང། ཁྱད་པར་གྱི་ལམ་གྱི་ངོ་བོར་འཇུག་པ་དང། ཚོགས་དང། ངེས་པར་འབྱུང་བའི་སྒྲུབ་པ་རྣམས་བསྟན་ཏོ། །དེའི་འབྲས་བུ་ནི་སེམས ་བསྐྱེད་པ་ཐ་མ་གསུམ་དང། སྐབས་བརྒྱད་བ་རིལ་གྱིས་བསྟན་ཅིང། སྐབས་དྲུག་པ་ནི་འབྲས་བུ་ཐོབ་པར་བྱ་བ་ལ་རབ་ཏུ་འབྲིས་པར་བྱེད་པས་ལམ་སྦྱིར་སྦྱར་ཏེ། དེ་ལྟར་ན་ཁ་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའོ། །ཁ་ཅིག་ནི་སྐབས་བཞི་པ་ནས་བསྟན་པའི་རྣམ་པ་དང ་མཚན་ཉིད་དོ། །ཁ་ཅིག་ནི་ངོ་བོ་དང། དབྱེ་བ་དང། ཕྲིན་ལས་སོ། །ཁ་ཅིག་ནི་འབྲས་བུ་གཞན་པས་ཁྱད་པར་དུ་བསྟན་པ་སྟེ་དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་ཁོ་ནར་སྐབས་ཐམས་ཅད་འདུས་པས་ན་འོག་ནས་འཆད་པ་ལས་ཀྱང། རྣམ་པ་ཐམས་ཅད་མཁྱེན་ཉིད ་ལམ་སྟོན་པས་འདི་ལས་བཤད་པར་གར་ཞེས་ལམ་གཅིག་པུ་ཁོ་ན་འབྲས་བུ་དང་བཅས་པར་བསྟན་ཏོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་ཐམས་ཅད་རབ་ཏུ་བསྡུས་པའི་ཚུལ་ལོ། །ད་ནི་ཞར་ལ་བསྟན་པ་ནི་ངོ་བོར་སྐབས་ཀྱི་བསྡུ་བ་གཞན་བསྟན་ཏོ། རེ་ཞིག ་སྐབས་དང་པོ་གསུམ་ནི་ཐོས་པ་དང། བསམ་པའི་ཤེས་རབ་ཀྱི་སྐབས་མ་ལུས་པར་སྐབས་དེ་དག་ཏུ་དྲངས་ཏེ་བྱ་བར་བྱ་བ་སྟེ་དང་པའོ། །སྐབས་བཞི་པར་ནི་ཇི་ལྟར་འདྲིས་པའི་སྐབས་གསུམ་དུ་བསྡུས་པ་རྣམས་བསྒོམ་པའི་ཤེས་རབ་ཀྱི་ས་གོམས་བར་བྱ་བ་སྟེ་གཉིས་བའོ། །སྐབས ་ལྔ་པ་ནི་བསྒོམ་པ་ཅུང་ཟད་གྲུབ་པས་བསྟན་པ་སྟེ་གསུམ་པའོ། །ཡང་སྐབས་དྲུག་པ་ནི་ཤིན་ཏུ་རིང་དུ་འདྲིས་པར་བྱེད་པ་སྟེ་བཞི་པའོ། །དེ་བཞིན་དུ་སྐབས་བདུན་པ་ནི་ཡུན་རིང་དུ་འདྲིས་པའི་དབང་གིས་ལྷུན་གྱིས་གྲུབ་པར་སྐད་ཅིག་གིས་སྡུད་པར་མཐར་གྱུར་པ་སྟེ ་ལྔ་པའོ། །བརྒྱད་པ་ནི་འབྲས་བུ་སྟེ་དྲུག་པའོ། །འདི་ནི་འཆད་པར་འགྱུར་བ་ལས། །མཚན་ཉིད་དེའི་སྦྱོར་བ་དང། །དེའི་རབ་དེ་ཡི་གོ་རིམ་དང། །དེའི་མཛའ་དེ་ཡི་རྣམ་སྨིན་ནོ། །དོན་བསྡུས་གཞན་དེ་རྣམ་པ་དྲུག་ཞེས་བསྟན་པ་ཉིད་དྲངས་པའོ། །ཡང་སྐབས་དང་པོ་གསུམ་ནི་སྤྱིར་ཤེས་པར ་བྱ་བ་ཡུལ་ཙམ་སྟེ་ཐོས་པ་དང་བསམ་པ་དག་གིས་སྐབས་མཛའ་དག་དེར་བསྲེས་པའི་ཚུལ་གྱིས་འདྲིས་པར་བྱ་བ་ཡིན་ནོ། །སྐབས་ལྷག་མ་བཞི་ནི་ལེགས་པར་བསྒོམ་པས་རྣལ་འབྱོར་དུ་བྱ་བ་ཡིན་ཏེ། དེ་བཞིན་དུ་སྐབས་མཛའ་མ་ནི་འབྲས་བུ་ཡིན་པས་མདོར་བསྡུས་པའི་དབང་དུ ་སྐབས་གསུམ་ཉིད་དོ། །དེའི་ཕྱིར་ཡུལ་གྱི་རྒྱུ་ནི་གསུམ་དག་དང། །སྦྱོར་བ་བཞིའི་བདག་ཉིད་དང། །ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །མདོར་བསྡུས་གཞན་ནི་རྣམ་པ་གསུམ། །ཞེས་བསྟན་པའི་དོན་ཉིད་འདིར་བརྗོད་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་གསུམ ་ལས?་དང་པོ་བཱི་ས་ནས་བརྩམས་ཏེ། མཐོང་བའི་ལམ་དང། བསྒོམ་པའི་ལམ་གྱི་བར་དུ་རིམ་པར་སྐྱེ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་རྣམས་ནི། བདེན་པ་མཐོང་བ་ནས་ཡང་བསྒོམ ་པའི་ལམ་གྱི་གནས་སྐབས་ན་སྔར་ཇི་ལྟར་མཐོང་བ་རྣམ་ལས་སླར་ཡང་འདྲིས་པར་བྱེད་པས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་དུ་བྱས་པ་ཡིན་ཏེ། དེའི་ཕྱིར་འཆད་བར་བྱེད་པ་ལས་རྣམ་པ་དང། ལམ་དང། གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས་གོ་རིམ་བཞིན་དུ་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོག་པ་རྣམ་པ་གསུམ་ལ་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་རྟོགས་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་དང། བསྒོམ་པའི་ལམ་རྟོགས་པ་ཡིན་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ ་སོགས་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་ནི། བསྒོམ་པ་གོང་ནས་གོང་དུ་གནས་སྐབས་ཀྱི་ཁྱད་པར་གྱིས་རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཟག་པ་མེད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་སྐྱེ་བ་ཡིན་པས་གཅིག་ཅར་སྐྱེ་བ་དགག་པའི་ཕྱིར། ངེས་པར་འབྱེད ་བའི་ཆ་ལ་སོགས་པ་བསྟན་པ་གསུངས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་ཉེ་བར་མཚོན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་ངེས་པར་འདྲིས་པར་སླར་བྱེད་པའི་ཕྱིར་རོ། །དེ་བས་ན་འཆད་པར་བྱེད་པ་ལས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ ་དང་བསྒོམ་པའི་ལམ་དག་ལ། ཡང་དང་ཡང་དུ་སེམས་པ་དང། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་བསྟན་པ་ཡང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་བསྡུ་བར་རིག་པར་བྱའོ། །དེ་ལྟར་བསྟན་པས་ཀྱང་སྐབས་གསུམ་སྟེ། སློབ་པའི་སྐབས་དང། བསླབ་པ་བརྟན་པར་བྱེད་པའི་སྐབས ་དང། བསྟན་པར་གྱུར་པ་འབྲས་བུའི་སྐབས་སོ། །འོ་ན་སྐབས་གཅིག་ཁོ་ན་དང། གསུམ་དང་དྲུག་ཏུ་ཡང་བསྟན་ལ་དོན་གྱི་དབང་གིས་ན་སྐབས་གཉིས་ཀྱང་ཡིན་པར་ངེས་ཏེ། འདི་ལྟར་རྒྱུའི་སྐབས་དང། འབྲས་བུའི་སྐབས་སོ། །དེ་ལྟར་ངེས་པར་བྱ་ནུས་བཞིན་དུ་འཕགས་པ་བྱམས་པའི་ཞལ་སྔ་ནས ་ཅིའི་ཕྱིར་སྐབས་བརྒྱད་ལ་སོགས་པ་ངེས་པར་བསྟན་ཅེ་ན། དོན་འདི་ཡང་འོག་ནས་འཆད་པར་འགྱུར་རོ། །དེ་ལྟར་ན་སྐབས་ཀྱི་དོན་ཕལ་ཆེར་འདིར་བཤད་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ཞེས་བསྟན་པའི་སྐབས་འདིར་ཅིག་ཅར་ཁོ་ནར་བསྟན་པ་སྟེ། གཟུང་བ་ལ ་ཚོགས་མེད་པར་བྱ་བའི་ཕྱིར་རོ། །འདིར་སྐབས་ཇི་སྙེད་དུ་བསྟན་ཀྱང་འཇུག་པར་བྱེད་བ་རྣམས་ཀྱིས་ནི་རྒྱུ་མཛའ་དག་ཕྱོགས་གཅིག་ཏུ་ཤེས་པར་བྱ་བ་དང། དེའི་འབྲས་བུ་གང་ཡིན་པ་འདི་ཤེས་པར་བྱ་བ་གཉིས་ཁོ་ནར་ངེས་ཏེ། དོན་འདིའི་ཚུལ་ཡང་འོག་ནས་མདོར་འཆད་པས་འདིར་མི་བསམ་སྟེ། འོན ་ཀྱང་སྐབས་ཀྱི་དོན་གྱིས་བློ་རྣམ་པར་འཁྲུགས་པར་མི་བྱའི། རིམ་གྱིས་འབྲེལ་པས་ཡིད་དགེ་བར་གནས་པ་ལ་ནི་བདེ་བ་འཐོབ་པར་བྱའོ། །རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པའི་ཞེས་བྱ་བ་ནི། རང་སངས་རྒྱས་འདི་དག་ནི་སྣོད་ཀྱི་འཇིག་རྟེན་རྣམས་འཇིག་པ་དང་ཆགས་པའི་དབང་གིས ་རྟོགས་པར་སླ་བ་དང། སེམས་ཅན་གྱི་འཇིག་རྟེན་པའི་ཡང་ལུས་ནི་རབ་ཏུ་འཇིག་པས་བདག་མེད་པར་རྟོགས་པས་ན་ཆོས་ལ་བདག་མེད་པའི་ཕྱོགས་གཅིག་ཁོང་དུ་ཆུད་བས་རྟོགས་པ་ལྷག་པ་སྟེ། དེའི་དབང་དུ་བྱས་ཏེ། གཟུང་བའི་རྟོག་བ་ཉམས་ཕྱིར་དང། །འཛིན་པ་མི ་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་བསྟན་ཏོ། །འཕགས་པ་རྣམ་པར་འཇིགས་སུ་རུང་བ་ལུང་བསྟན་པའི་མདོ་ལས་རང་སངས་རྒྱས་རྣམས་ཀྱི་རྟོགས་པ་གང་ཞེ་ན། འདི་ལྟར་དེ་དག་གིས་ནི་ཆོས་ཀྱི་དབྱིངས་མཛའ་དང་དབུང་མེད ་པ་བདག་མེད་པར་རྟོགས་སོ་ཞེས་གསུངས་པ་ཡང། ཆོས་ཀྱི་དབྱིངས་དང་མཉམ་པའི་གཟུང་བའི་གཟུགས་ཀྱི་ཕུང་པོ་ལས་བདག་མེད་པར་རྟོགས་པ་སྟེ། འཛིན་པའི་ངོ་བོ་ཕུང་པོ་ལྷག་མ་བཞི་ལ་ནི་མ་ཡིན་ཏེ། འཁོར་བ་རྣམས་སུ་ནི་རྒྱུན་རབ་ཏུ་རྟག་བས་བདག་མེད་ཅེས་དེ་དག་གིས ་ཡེ་ཤེས་མི་འཇུག་པའོ། །ཕུང་པོ་ལྷག་མ་དང་བཅས་པ་ཞེས་པ་ནི་ཕུང་པོ་ཉིད་ལྷག་མ་སྟེ། འཇིག་རྟེན་དག་ན་ཡང་ཟད་དུ་ཉེ་བའི་དངོས་པོ་ཐ་མ་ལ་ལྷག་མ་ཞེས་གྲགས་སོ། །དེ་དང་བཅས་པ་ནི་འཕགས་པ་དེ་དག་གིས་དེ་མ་སྤངས་པའོ། །དེ་ནས་གང་གི་ཚེ་འཕགས་པ་དེ་དག་གིས ་ཕུང་པོའི་ཁུར་བོར་བ་དེའི་ཚེ་ནི་ཕུང་པོའི་ལྷག་མ་མེད་པ་སྟེ་མདོ་ལས་བདག་ཁུར་བོར་བའོ་ཞེས་གསུངས་པ་ཡང་ལེགས་པར་བོར་བ་ཡང་འདི་ཉིད་དོ། །གླེགས་བམ་ལ་ལ་ལས་ནི་ལྷག་མའི་སྒྲ་མི་སྨྲས་སོ། །ཇི་སྐད་དུ་བསྟན་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་ནི་ལས་དང་ཉོན ་མོངས་པའི་འབྲས་བུའི་མེ་ཞི་བས་ན་མྱ་ངན་ལས་འདས་པ་སྟེ། བཱ་བ་ཏཱ་པ་ཞེས་སྐད་ཀྱི་བྱིངས་ལས་འདོན་པས་སོ། །འདིར་ཕྱི་རོལ་གྱི་དོན་དུ་སྨྲ་བ་དང། ཤེས་བྱ་ནང་གི་ཉིད་དུ་འདོད་པ་དག་གིས་ནི་སླར་སྲིད་པའི་ས་བོན་མེད་པས་དེ་དག་ག་ལ་ཞིག་སྐྱེ་སྟེ། ལུས་བཤིག་ཚོར་བ ་བསིལ་བར་འགྱུར། །འདུ་ཤེས་འགག་ཅིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཛའ་ཅེས་པ་ལ་སོགས་པ་ཡང་བརྗོད་དོ། །དེ་དགག་པ་ནི་འཕགས་པ་ལངཀར་གཤེགས་པ་དང། དཔལ་ཕྲེང་སེངྒེའི་ང་རོའི་མདོ་ལ་སོགས་པ་ལས་རྒྱས ་བར་བསྟན་ཅིང། རྒྱལ་བ་སྐྱེད་མ་ལས་ཀྱང་སྔར་བསྟན་ཏེ། དངོས་པོ་རྣམས་ནི་ཆོས་ཉིད་ཁོ་ནས་ཁ་ཅིག་སྐྱེ་ཞིང་སླར་ཤིན་ཏུ་རྒྱུན་ཆད་པའི་བྱེ་བྲག་དག་སྣང་སྟེ་མར་མེ་ལ་སོགས་པའོ། །ཁ་ཅིག་ནི་ནམ་ཡང་མི་སྐྱེ་ཞིང་དེ་ཉིད་ཀྱིས་འགག་པ་མེད་པའི་མིང་ཙམ་པ་སྟེ། ནམ་མཁའ་ཨི་མེ་ཏོག་ལ ་སོགས་པའོ། །ཁ་ཅིག་ནི་སྐྱེ་བ་ལ་སོགས་པ་དམིགས་པ་གཏན་མེད་པར་མི་འགྱུར་བ་སྟེ། འགྲོ་བའི་སེམས་ཀྱི་ཁྱད་པར་རོ། །དེའི་ཕྱིར་མ་བརྟགས་པ་ཙམ་གྱིས་དགའ་བར་བྱེད་ཅིང་བརྟགས་པ་ན་ཆུ་ཤིང་གི་སྙིང་པོ་ལྟར་མེད་པ་ཉིད་ཀྱིས་སེམས་དང། དེ་ཡོངས་སུ་དག་པའི་ཡེ་ཤེས་ཀྱི ་སྒྱུ་མ་ཙམ་འདི་ནི་ནམ་ཡང་མེད་པར་མི་འགྱུར་ལ། དེ་ཡང་དམིགས་པའི་རྐྱེན་ལ་སོགས་པ་མེད་པར་ནི་མི་རུང་བས་ན་དེ་དག་གིས་ལེགས་པར་མ་སྨྲས་པ་ཉིད་དོ། །དེ་བས་ན་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་སྨོས་ཏེ། ཁ་ཅིག་ལོག ་པར་ལྟ་བ་ཁོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱང་མིང་ཙམ་དུ་ཟད་དེ། བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྗེས་ལ་ཡེ་ཤེས་ནི་དངོས་སུ་མེད་ཅིང་དེ་བཞིན་ཉིད་རྣམ་པར་དག་པ་ཙམ་དུ་གྱུར་ཏོ་ཞེས་སྨྲ་བ་འདིས་གསལ་ལོ། །ཇི་ལྟ་ཞེ་ན། དེ་བཞིན་ཉིད་བདག་ཅེས་བྱ ་བ་ནི་ཆོས་ཅན་ཡེ་ཤེས་རྣམ་པར་དག་པའི་དབང་གིས་དེ་དང་ཐ་མི་དད་ཅིང་དེ་ཉིད་ཀྱང་མ་ཡིན་པའི་དེ་བཞིན་ཉིད་དེ་དག་གོ་།ཞེས་ཀུན་རྫོབ་ཉེ་བར་བཟུང་སྟེ་བརྗོད་པ་ལྟ་ཞིག་ན། ལོག་པའི་ལྟ་བའི་མཚོན་གྱིས་ཡེ་ཤེས་རབ་ཏུ་བཅད་པ་ཁྱེད་ཀྱི་དེ་བཞིན་ཉིད་དེ་དག་གང་གིས་བཞག་། ་གལ་ཏེ་ཆོས་ཅན་ལ་མ་བརྟེན་པའི་དེ་བཞིན་ཉིད་ཡོད་པར་གྱུར་ན་གོ་ཇི་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། གལ་ཏེ་དོན་དམ་པའི་བདེན་པ་ཀུན་རྫོབ་ཀྱི་བདེན་པ་ལས་གཞན་ཡིན་ན། དེའི་ཚེ་དོན་དམ་པ་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་མི་འགྱུར་ཞིང། དོན་དམ ་པ་དེ་མཐོང་བས་རྣལ་འབྱོར་པ་རྣམས་ཀྱི་ཉོན་མོངས་པ་སྤོང་བར་ཡང་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་གླགས་སུ་ཡང་ངེས་པར་འགྱུར་རོ། །གཞན་ཡང་གལ་ཏེ་དེ་བཞིན་ཉིད་དག་པ་སྟེ་འགྲོ་བ་རྣམས་ཀྱི་དེ་བཞིན་ཉིད་རྣམ་པར་མ་དག་པ་དག་དང་ཐ་དད་པ་ནི་ཆོས་ཀྱི ་དབྱིངས་ཆ་ཤས་གཉིས་སུ་ཇི་ལྟར་མི་འགྱུར། གལ་ཏེ་ཐ་མི་དད་ན་དེའི་ཚེ་མངོན་པར་བྱང་ཆུབ་པར་གྱུར་ཀྱང་འགྲོ་བ་ཕལ་པ་ལས་ཇི་ལྟར་དེ་འཕགས། གཞན་ཡང་ཉོན་མོངས་ཟད་པའི་དགེ་སློང་གིས། །འཁོར་བ་གལ་ཏེ་རྣམ་ལྡོག་ན། །རྫོགས་པའོ་སངས་རྒྱས་རྣམས ་ཀྱིས་ཀྱང། །ཅིའི་ཕྱིར་དེ་ཡི་རྩོམ་མི་བཤད། །རྩོམ་པ་ཡོད་ན་ངེས་པར་ཡང། །ལྟ་བར་འགྱུར་བ་ཡོངས་སུ་འཛིན་ཞེས་བསྟན་པའི་ཀླགས་ཀྱང་ངེས་པར་གནས་ཏེ། དེའི་ཕྱིར་བདག་དང་གཞན་ཕུང་པར་བྱེད་པའི་ཐབས་སུ་གྱུར་པ་ལྟ་བ་ངན་པའི་དགོན་པ་ཆེན་པོ་འདི་ལྟ་བུ་ནི་མཁས ་བ་དག་གིས་མཉམ་པའི་ཡུལ་དུ་ཡང་མི་འོས་པར་སྤོང། །སྤྱོད་པའི་གཉེན་པོར་ཞེས་པ་ནི་འདོད་ཆགས་ལ་སྤྱོད་པ་ལ་སོགས་པ་རྩ་བའི་སྤྱོད་པ་བཞི་དང། རེ་རེ་ཡང་ཕྱེ་བས་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་དག་གི་གཉེན་པོར་གྱུར་པ་ནི་ཐུབ་པ་ཆེན་པོ་ཆོས་ཀྱི་འཁོར་ལོ་མ ་ལུས་པ་སྟེ་ཆོས་ནི་བསྟན་པའི་ཆོས་གཙོ་བོར་བྱས་པའོ། །འཁོར་ལོ་ནི་གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་ན་འམ། ཚོགས་ཀྱི་དོན་གྱི་ཕྱིར་འཁོར་ལོ་སྟེ་སྒྲའི་དོན་དེ་དག་དང་ཉེ་བའི་ཕྱིར་རོ། །མ་ལུས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། དེ་ལ་ཆོས་ཀྱི་ཕུང་པོ་གཅིག་གི་ཚད་ཇི་ཙམ ་ཞེ་ན། དེ་གཅིག་ལ་ནི་ཚིག་ལེའུར་བྱས་པ་སྟོང་པ་ཉིད་དོ། །ཚིགས་སུ་བཅད་པ་རེ་རེ་ལ་ཡང་ཡི་གེའི་འབྲུ་སུམ་ཅུ་རྩ་གཉིས་ཉིད་དོ། །དེ་ལྟར་ན་ཆོས་ཀྱི་ཕུང་པོ་ཐམས་ཅད་ལ་ནི་ཚིགས་སུ་བཅད་པ་བྱེ་བ་ཕྲག་བརྒྱད་དང། ཡང་འབུམ་ཕྲག་བཞི་བཅུར་འགྱུར་རོ། །འདི་ནི་རེ་ཞིག་ཐུན་མོང་གི ་གྲངས་སུ་བགྲང་བའོ། ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ། དབང་པོའི་གླང་པོ་ཆེར་པ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚེས་ནི་ཆོས་ཀྱི་ཕུང་པོ་གཅིག་འདྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་མདོ་གང་དག་ལས་འཕགས་པ་ལྟ་བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས ་བཀུར་བར་བྱ་བའི་གླེགས་བམ་རྣམས་ཁ་དོན་དུ་བརྗོད་པར་བྱེད་དོ་ཞེས་གསུངས་པ་འདི་ཡང་རིག་པར་འགྱུར་རོ། །ཆོས་ཀྱི་ཕུང་པོ་ཇི་སྙེད་ཡོད་པ་ཉིད་ན་ཅིའི་ཕྱིར་དེང་སང་འཛམྦུའི་གླིང་ན་རབ་ཏུ་མི་སྣང་ཞེ་ན། ཁ་ཅིག་ནི་འཇིག་རྟེན་གྱི་ཁམས་གཞན་ན་རྣམ་པར་སྤྱོད་ཅིང་གཞན ་ཡང་ཕལ་ཆེར་ཀླུ་རྣམས་ཀྱི་གནས་ན་སྤྱོད་པ་སྟེ། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་ཕན་མེད་པར། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད ་ཅེས་བསྟན་པའོ། །ཆོས་ཀྱི་ཕུང་པོ་དེ་དག་ཀྱང་སྡེ་སྣོད་གསུམ་ཉིད་དུ་རྣམ་པར་བཞག་སྟེ། མདོའི་སྡེ་དང། དབྱངས་ཀྱིས་བསྙད་པའི་སྡེ་དང། ལུང་དུ་བསྟན་པའི་སྡེ་དང། ཚིགས་སུ་བཅས་པའི་སྡེ་དང། ཆེད་དུ་བརྗོད་པའི་སྡེ་དག་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་མདོ་སྡེའི་སྡེ་སྣོད་དུ ་བསྡུས་བའོ། །གླེང་གཞིའི་སྡེ་དང། རྟོགས་པ་བརྗོད་པའི་སྡེ་དང། དེ་ལྟ་བུ་བྱུང་བའི་སྡེ་དང། སྐྱེས་པའི་རབ་དག་འཁོར་དང་བཅས་ཏེ་ནི་འདུལ་བའི་སྡེ་སྣོད་དུ་བསྡུས་པའོ། །ཤིན་ཏུ་རྒྱས་པ་དང། རྨད་དུ་བྱུང་བའི་སྡེ་དག་ནི་བྱང་ཆུབ་སེམས་དཔའ་ཨི་མདོ་སྡེའི་སྡེ་སྣོད་དུ་གཏོགས་པའོ ་གཏན་ལ་ཕབ་པའི་སྡེ་ནི་གཉི་གའི་ཆོས་མངོན་པའི་སྡེ་སྣོད་དུ་བསྡུས་པའོ། །སྡེ་སྣོད་དེ་དག་ཀྱང་སྡེ་སྣོད་གསུམ་གཉིས་ཀྱང་ཡིན་ཏེ། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང། །བསྡུས་པའི་ཕྱིར་ནི་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང། །རབ་ཏུ་རྟོགས་ལས་རྣན་པར་གྲོལ་བར ་བྱེད། །མདོ་དང་ཆོས་མངོན་འདུལ་བ་དག་།འདོར་ན་དེ་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ནས། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །གནས་རྣམས་དང་ནི་མཚན་ཉིད་དང། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །མངོན་དུའི་ཕྱིར་དང་ཡང་ཡང་དང། །ཟིལ་གནོན་རྟོགས་ཕྱིར་མངོན ་པའི་ཆོས། །ལྟུང་དང་འབྱུང་དང་ལྡང་བ་དང། །ངེས་པར་འབྱུང་དང་གང་ཟག་དང། །བཅས་པ་དང་ནི་རབ་དབྱེ་དང། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད་ཅེས་བཤད་པས་སོ། །དེ་ལས་རྒྱལ་བའི་ཡུམ་རྗེ་བཙུན་འབུམ་ལྡན་མ་ལ་སོགས་པ་འདི་དག་ནི་ཐེག་པ་ཆེན་པོའི་སྡེ་སྣོད་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་མདོ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་བསྡུས་པ་ཡིན་པར་ཤེས་པར་བྱའོ། །ཡུམ་འདི་ཉིད་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་པས་ནི་གཞུང་གཞན་ལ་མཆོད་པ་བས་ཆེས་བསོད་ནམས་ཁྱད་པར་དུ་འཕགས་ཤིང་འདི་ལ་མ་གུས་པ་ཡང ་དེ་ལྟར་རབ་ཏུ་མི་བཟད་དེ། ཇི་སྐད་དུ། འགྲོ་བ་དེ་གནས་མིན་ལ་སྐྲག་པ་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསག་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་དགེ་སྔོན་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ནི་དོན་ཆེན ་འདི་ལས་ལྷུང་ཞེས་གསུངས་ལ། བློ་ཆུང་དེ་ཡིས་ཐོས་ནས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་ལྷུང་ཞེས་གསུངས་ཤིང་མཚམས་མེད་པའི་ལས་བྱས་པ་ལས་ཆེས་ཡུམ་འདི་སྤོང་བར་བྱེད་པ་མ་རུངས་སོ་ཞེས་རྒྱལ་པའི་ཡུམ་རྒྱས་པར ་བསྟན་པ་དག་ལས་གསལ་བར་གསུངས་སོ། །མ་ལུས་པ་རྣམས་ཐམས་ཅད་དུ་བསྐོར་པ་མཛད་པ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དང་པོ་ནི་རི་དགས་ཀྱི་ནགས་སུ་འཕགས་པ་ཀཽཎྜི་ནྱ་ལ་སོགས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་འདི་ནི་དམན་པའི་ཆོས་ཀྱི་འཁོར ་ལོའོ། །དེ་ནས་ནི་རྒྱལ་པོའི་ཁབ་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་སྙིང་པོ་དང་མངོན་པར་རྟོགས་པའི་དོན་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྟན་ཏེ། དེ་ནི་དགོངས་པས་བཤད་པའི་འཁོར་ལོ་གཉིས་པ་ཡིན་པས་ན། ལྷའི་བུ་དག་གིས་སྨྲས་པ། ཀྱེ་མ་ཨ་ལ་ལ་ལ་འཛམྦུའི་གླིང ་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་སྨྲས་པའི་ཕྱིར་རོ། །དེའི་འོག་ཏུ་རིམ་ལ་ཡ་ལ་སོགས་པར་ཆོས་མངོན་པ་གཏན་ལ་ཕབ་པའི་སྡེ་སྣོད་མཚན་ཉིད་གསུམ་རྣམ་པར་?བྱེ་བས་ངེས་པའི་དོན་བསྟན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ནི་ཆོས་ཀྱི་འཁོར ་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བའོ་ཞེས་ཟེར་རོ། །དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། ཇི་ལྟ་ཞེ་ན། ཐུབ་པ་ཆེན་པོས་ནི་དེ་ལྟར་རིམ་གྱིས་ཆོས་བསྟན་པ་མེད་དེ། ཇི་སྐད་དུ་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་ཀྱང། རིགས་ཀྱི་བུ ་དེ་བཞིན་གཤེགས་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ་ཏིང་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་སྐུ་ཀུན་ཏུ་གནས་པར་འགྱུར་རོ། །སྐུ་ཇི་སྙེད་ཀྱི་གསུང་དང་ཐུགས་དག་ཀུན་ཏུ་གནས་པར་འགྱུར་རོ་ཞེས་གསུངས་ལ། གཞན་ལས་ཀྱང། ཀྱེ་མ་རྒྱལ་སྲས་ཁྱོད་ལྟོས་ཤིག་།འཛམྦུའི་གླིང་རྣམས་ཐམས་ཅད་ན། །བདེ་གཤེགས་འདི་ན་བཞུགས་སྙམ་བྱེད། །བདག ་ཅག་རྣམས་ནི་འདི་སྙམ་དུ། །རི་རབ་རྩེ་ལ་བདེ་གཤེགས་སྙམ། །འཇིག་རྟེན་ཁམས་རྣམས་གཞན་ན་ཡང། །སངས་རྒྱས་ངོ་མཚར་རྨད་རེ་ཆེ་ཞེས་གསུངས་ཏེ། རྒྱ་ཆེར་ནི་འཕགས་པ་སུམ་ཅུ་རྩ་གསུམ་པའི་མདོ་ལས་ཤེས་པར་བྱའོ། །གཞན་ཡང་ལྷའི་བུ་རྣམས་ཀྱིས་ཆོས་ཀྱི་འཁོར ་ལོ་གཉིས་པ་བསྒྲགས་པ་ཉིད་དེའི་དང་པོ་ནི་གང་ཞིག་ཡིན། འཕགས་པ་ཀཽཎྜི་ནྱ་ལ་སོགས་པ་ལ་བཤད་པའོ་ཞེ་ན། རྒྱལ་བ་བསྐྱེད་མའི་གཞུང་རྣམ་པ་གསུམ་ཅར་ལས་ཀྱང་གཉིས་པ་ཞེས་སྨོས་ན་དེའི་ཚེ་གང་ཞིག་དང་པོར་བྱ། དེའི་ཕྱིར་གཉིས་པ་ཞེས་བྱ་བ་ནི་ལྷའི་བུ་དེ་དག་ཉིད་ཀྱིས ་དེའི་སྔར་གང་ཐོབ་པ་དེ་ཙམ་ལས་གཉིས་པར་བཞག་གི་།དང་པོ་ངེས་པར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་འདི་ལ་ལུང་དང་རིག་པ་ཅི་ཡང་མེད་དོ། །གཞན་ཡང་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་མོ་ཞེས་བསྟན་པ་ཡང་ངེས་པ་མེད་པ་ཁོ་ན་སྟེ། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི ་ཚོགས་ཀྱི་ལམ་མོ། །ཁ་ཅིག་ནི་སྦྱོར་བའི་ལམ་མོ། །ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བ་དོ། །དེ་བཞིན་དུ་འཁོར་ལོ་གསུམ་པ་ནི་དགོངས་པ་ཅན་ཡིན་ལ། འཁོར་ལོ་གཉིས་པ་རྒྱལ་བའི་ཡུམ་ནི་དགོངས་པ་ཅན་ནོ། ཞེས་བྱ་བ་འདི་ནི་ལོག་པར་སྤྱོད་པ་སྟེ། གང་ཞིག་རིག་པས ་གནོད་པར་བྱར་རུང་བ་དེ་ནི་ངེས་པའི་དོན་དུ་བཞག་ཅིང་ལུང་དང་རིག?་པས་ལེགས་པར་གྲུབ་པ་ནི་དྲང་བའི་དོན་དུ་བཞག་པ་འདི་ནི་རབ་ཏུ་འཁྲུགས་པའོ། །འོན་ཀྱང་དོན་འདི་ནི་དབུ་མའི་བསྟན་བཅོས་ལས་གཏན་ལ་ཕབ་པར་གྱུར་པས་འདིར་མི་བསམ་མོ། །དེ་ལྟར་ན་ཆོས་ཀྱི་འཁོར ་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བ་ནི་སྐད་ཅིག་གཅིག་ཁོ་ན་ལ་བསྐོར་བ་སྟེ། དེ་ལ་གདུལ་བྱ་རྣམས་ཀྱི་དུས་སུ་ཡུན་རིང་ཐུང་དང་གསུང་ཐ་དད་པར་ཐོས་པ་ལ་སོགས་པར་ཟེད་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང ་ས་རུམ་ནས་འཐོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བར་གྱི་བསྐལ་པ་ཉི་ཤུ་རྩ་ལྔར་བཅོམ་ལྡན་འདས་ཤཱཀྱའི་གཙོ་བོ་ལ་མཆོད་པར་བྱ་བ་མོད་ཀྱི། ཛམྦུ་གླིང་པ་ལ་སོགས་པས་ནི་ཕྱི་དྲོ་གཅིག་གི་ཡུན་དུ་ཤེས་སོ་ཞེས་གསུངས་ལ། བཅོམ་ལྡན་འདས ་འདི་ནི་ཡོངས་སུ་མྱ་ངན་ལས་མ་འདས་ཏེ་དེ་ལྟར་གཟུགས་ཀྱི་སྐུར་བཞུགས་ཤིང་འཇིག་རྟེན་གྱི་ཁམས་འདི་འཇིག་པ་ན་ཡང་ཞིང་འདིར་རབ་ཏུ་དག་པར་གནས་ལ། མ་འོངས་པའི་བསྐལ་པ་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་འདའ་ཨོ་ཞེས་གསུངས་ཏེ། དེའི་ཕྱིར་ཆོས་ཀྱི ་འཁོར་ལོ་མ་ལུས་པ་མཛའ་དག་རྣམ་པ་ཐམས་ཅད་དུ་བསྐོར་རོ་ཞེས་ངེས་པར་གཟུང་གི་ཚུལ་འདི་ལྟར་བསྐོར་ཞེས་དམན་པའི་འདུ་ཤེས་ཀྱིས་ནི་ངེས་པར་བྱ་བ་ག་ལ་ནུས་ཏེ། གྲངས་མེད་པ་ལ་སུ་ཞིག་བགྲང་ཞེས་པ་ལ་སོགས་པ་སྔར་སྨྲས་པའོ། །མཚན་ཉིད་ཀྱི་བསྟན་བཅོས ་དག་ལ་ཞེས་བྱ་བ་ལ་གཞུང་གང་དག་ལས་དངོས་པོ་རྣམས་སྲ་བ་ལ་སོགས་པའི་མཚན་ཉིད་དུ་ཡོད་པ་དོན་དམ་པར་སྟོན་པ་ནི་མཚན་ཉིད་ཀྱི་བསྟན་བཅོས་སོ། །གང་དག་ལས་དོན་དམ་པར་མཚན་ཉིད་མེད་པར་སྟོན་པ་ནི་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཙམ ་དུ་གནས་པར་སྟོན་ཀྱང་མཚན་ཉིད་བརྗོད་པའི་བསྟན་བཅོས་མ་ཡིན་ཏེ། ཀུན་རྫོབ་ནི་དངོས་པོ་མ་ཡིན་པར་ཁས་བླངས་པའི་དོན་ངེས་པའི་མཚན་ཉིད་མ་ཡིན་པས་སོ། །རྣམ་པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཏེ། མེ་ལྕེ་ཟླུམ་པ་དང་མེའི་ཁ་དོག་སྨུག་པ་ལ་སོགས ་པའོ། །རྟགས་ཞེས་པ་ནི་མཚན་པར་བྱེད་པའི་མཚན་མ་སྟེ་མེའི་དུ་བ་ལ་སོགས་པའོ། །མཚན་མ་ཞེས་བྱ་བ་ནི་རྒྱུ་སྟེ་མེའི་ཤིང་ལ་སོགས་པའོ། །ཆོས་རེ་རེའི་ཡང་དེ་ངག་མ་ལུས་པར་སྐད་ཅིག་གཅིག་གིས་མཁྱེན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའོ ་མི་རྟག་པ་ལ་སོགས་པ་ཞེས་བ་ནི་བདེན་པ་བཞིའི་ལས་རྣམ་པ་བརྒྱད་དང། དེ་དག་གི་བདེན་པའི་རྣམ་པ་བརྒྱད་དོ། །ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་ཞེས་པ་ནི་གདུལ་བྱའི་དབང་གིས་ཐེག་པ་གསུམ་ཆར་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་པ་སྟེ། ་ཇི་སྐད་དུ་དགེ་སློང་དག་ང་ལན་སྟོང་དུ་ནི་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བས་མྱ་ངན་ལས་འདས་སོ། །ལན་སྟོང་དུ་ནི་རང་སངས་རྒྱས་ཀྱི་མྱ་ངན་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་ལ་ཡང་གསུངས་པ། ཐེག་པ་བརླབས་པོ་ཆེས་ནི་སྐྲག་འགྱུར་ཞིང། །འདི་ན་སེམས་ཅན་དམན་ལ་མོས་རིགས ་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་བར་ཡང་རབ་ཏུ་སྟོན་ཞེས་གསུངས་ཏེ། རྒྱུ་མཚན་དེ་གཙོ་བོར་བྱས་ཏེ་བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་བསྟན་པ་མཛད་དེ་ལ་འདྲིས་པ་ཙམ་དུ་བྱ་བའི་ཕྱིར ་རོ། །དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པར་རྟེན་པ་ཞེས་བྱ་བ་ལ་དེ་ཁོ་ན་ཉིད་ནི་གང་ཟག་ལ་བདག་མེད་པའི་མཛའ་ཞི་བ་ཉིད་དེ། དེ་མངོན་སུམ་དུ་མི་བྱེད་པ་ནི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་མི་སྤོང་བའི་ཕྱིར་ཏེ། དེ་མ་སྤངས་པས་ན་མྱ་ངན་ལས་མི་འདའ་ ་སྟེ། དེའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི་མངོན་སུམ་དུ་བྱ་བ་ནི་མ་ཡིན་པས་སྒོམ་པའི་ལམ་ནི་མ་བསྟན་ཏོ་ཞེས་སྟོན་པར་འགྱུར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཞེས་བྱ་བ་ནི་བག ་ཆགས་ཉིད་མཚམས་སྦྱོར་བ་ཡིན་ཏེ། གང་དག་བག་ཆགས་ཟད་པ་དེ་དག་ནི་ཡང་སྲིད་པར་མཚམས་སྦྱོར་བ་མེད་པས་སོ། །ཡང་ན་བག་ཆགས་ཀྱི་མཚམས་སྦྱོར་བ་ནི་བག་ཆགས་ཀྱི་མཚམས་སྦྱོར་བའོ་ཞེས་གསུམ་པའི་བསྡུ་བའོ། །དེ་སྤངས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་ཟད་པ་དང་ལྡན་པ་སྟེ། ་བྲལ་བའི་འབྲས་བུ་སྟོན་པའོ། །དེ་ལྟ་ན་ཡང་སྲིད་པར་མཚམས་སྦྱོར་བ་ནི་བག་ཆགས་ཀྱི་རྒྱུ་ཅན་ཡིན་ལ། བཅོམ་ལྡན་འདས་འདི་ལ་དེ་མི་མངའ་བས་ན་རྒྱལ་པོ་ཟས་གཙང་མའི་སྲས་སུ་གྱུར་པ་ལ་སོགས་རྒྱུ་གང་ཞིག་ཡིན་ཞེ་ན། འདི་ནི་ཐུབ་པ་ཆེན་པོའི་བྱ་བ་བསྒྲུབ་པའི་ཡེ་ཤེས་ལ ་གདུལ་བྱ་རྣམས་ཀྱི་ཁ་དོག་དང་དབྱིབས་སུ་རྟགས་ཏེ། འདི་ནི་གཞོན་ནུ་དོན་ཐམས་ཅད་གྲུབ་པའོ་ཞེས་བྱ་བར་བཟུང་བར་ཟད་ཀྱི་ཅི་ཡང་མཚམས་སྦྱོར་བ་མདོ། །དེ་ལྟ་ན་རྒྱལ་བའི་ཡུམ་བར་མ་ལས་རབ་འབྱོར་དེའི་ལུས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞི་སྟེ་ཞེས ་གསུངས་པས་སྐུ་དེ་ཉིད་ཡེ་ཤེས་སུ་མ་བསྟན་པ་ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ནི་རང་གི་མངོན་པར་ཞེན་པ་རབ་ཏུ་བསྟན་པས་ན་འདི་ཉིད་ཡེ་ཤེས་ཞེས་བརྗོད་པས་ཡིད་ཆེས་པར་རབ་ཏུ་དཀའ་བས་ན་གཞིའོ་ཞེས་འཇིག་རྟེན་གྱི་མཐུན་པར་འཇུག་པ་ཙམ ་སྟེ། རང་གི་ངོ་བོས་ནི་ཡེ་ཤེས་ཉིད་ཁ་དོག་དང་དབྱིབས་སུ་སྣང་ཞིང་རིང་བསྲེལ་ལ་སོགས་པར་སྣང་བས་ན་འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང། ང་ཡིས་རིགས་རྣམས་བཞག་མ་ཡིན། །སྐྱེ་བའང་བླངས་པ་མ་ཡིན ་ཞིང། །དེ་ཡི་ཁ་དོག་ཕྱེ་བའང་མིན། །གཟུགས་ཀྱི་སྐུ་ལས་དམན་པ་མེད་ཅེས་གསུངས་ལ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་དོན་བྱ་བ་མཛད་པ་ཡིན་པས་ཆོས་ཀྱི་སྐུ་ཡིན ་ཞེས་འཆད་པར་མཛད་དེ། དེའི་ཕྱིར་བཅོམ་ལྡན་འདས་འདི་ནི་རྟག་ཏུ་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་ཚད་མེད་པ་གཅིག་ཁོ་ན་ཡིན་མོད་ཀྱི། ཡེ་ཤེས་གཅིག་པོ་དེ་ཁོ་ན་ལ་གདུལ་བྱའི་དོན་མཛད་པའི་དབང་གིས་སྐུ་དང་ཡེ་ཤེས་དུ་མར་བཏགས་པར་ཟད་དོ། །དེ་བས་ན ་གདུལ་བའི་སོ་སོར་འཛིན་པས་རྒྱལ་བའི་ངོ་བོ་ཉིད་ཐ་དད་པར་ནི་མི་དབྱེ་བ་ཉིད་དོ། །གཞི་ཞེས་བྱ་བ་ནི་བྱིས་པ་རྣམས་ལ་བདག་དང་བདག་གིར་འཛིན་པའི་གཞིར་གྱུར་པ་ཕུང་པོ་ལ་སོགས་པ་ཡིན་ལ་དེ་བདག་མེད་པར་ཤེས་པ་དང། སྤོང་བ་ལ་སོགས་པར་འབྱེད་པས ་ན་གཞི་སྟེ། ལྷན་ཅིག་སྤྱོད་པའི་མིང། ལྷན་ཅིག་སྤྱོད་པས་ཐོབ་པའོ། །ཡང་ན་ལམ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་གཞི་སྟེ། དང་པོར་ནི་དེ་ལ་རྟེན་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་བྱིས་པ་དབང ་པོ་ཞན་ཅིང་ལེ་ལོ་ཅན། །ཐེག་པ་གཉིས་ལ་ནན་ཏན་མི་བྱེད་པ། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་ཆེན་ཐེག་ཆེན་སྣོད་མ་ཡིན་ཞེས་གསུངས་སོ། དེའི་ཚ་ནི་གཞི་འང་ཡིན་ལ་ཡེ་ཤེས་ཀྱང་ཡིན་ཞེས་བཞི་མཐུན་པའི་བསྡུ་པར་བསྟན་ཏོ། །དེ་ལྟར ་ཕྱག་འཚལ་བ་བསྟན་ནས། ད་ནི་དགོས་པ་ལ་སོགས་པ་སྙད་པའི་དོན་དགྲོལ་བར་བྱ་སྟེ། དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་ལ། དོན་ནི་རྒྱལ་བའི་ཡུམ་མངོན་པར་རྟོགས་པའི་རིམ་པ་བསྟན་པ་ཐམས་ཅད་འདིར་བརྗོད་པར་བྱ་བའི་དོན་དུ་གཟུང་ངོ། །དེ་རྣམས་ལ་ཐེ་ཚོམ་བསྐྱེད་པ ་ཉིད་ནི་དགོས་པ་ལ་སོགས་པ་སྟོན་པའི་ཚིགས་སུ་བཅད་པ་གཉིས་དང་པོར་སྨོས་པ་ཉིད་ཡིན་ཏེ། ཇི་ལྟ་ཞེ་ན། དང་པོར་སྨོས་པའི་དབང་གིས་རྟོགས་པ་དང་ལྡན་པ་དག་འདི་སྙམ་དུ་དགོས་པ་ལ་སོགས་པ་ཡོད་པ་ཉིད་དུ་དམ་བཅས་པ་འདི་དག་འདི་ཁོ་ན་ལྟར་ཡོད་དམ་ཅི་སྟེ་མ་ཡིན་པ་ནི་བདག ་ཉིད་ཀྱིས་གཞུང་འདི་མཉན་པ་ལ་སོགས་པས་ཤེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་འདི་ལ་དང་པོར་ཇི་སྐད་སྨྲས་པའི་དགོས་པ་ལ་སོགས་པ་ཡོད་པ་ལྟ་ན་ནི་ཁོ་བོ་ཡང་འདི་ལ་གུས་པས་གནས་པར་བྱའོ་ཞེས་འདི་ཉན་པ་ལ་སོགས་པ་ལ་འཇུག་སྟེ། དེའི་ཕྱིར་དགོས་པ ་ལ་སོགས་པ་བར་དང་མཐར་མ་བསྟན་གྱི་དང་པོར་བསྟན་པ་ཁོ་ནས་དོན་ལ་ཐེ་ཙོམ་བསྐྱེད་པ་ཉིད་ཡིན་ལ། དེ་ཉིད་ཀྱིས་འཇུག་པའི་ཡན་ལག་ཀྱང་ཡིན་ནོ། །དེ་ལྟར་ན་ཕྱག་འཚལ་བའི་དང་པོར་ཡང་ཅིའི་ཕྱིར་མི་བསྟན་ཅེ་ན། ལས་བརྩམས་ནས་ཕྱག་འཚལ་བ་ནི་འཇིག་རྟེན་ན་ཚུལ་མ ་ཡིན་པའི་ཕྱིར་དང། ཇི་སྐད་བསྟན་པའི་ཚུལ་གྱིས་ན་དང་པོར་ཡུམ་གྱི་ཡོན་ཏན་བརྗོད་པས་ནི་རྟོག་པ་དང་ལྡན་པ་རྣམས་ཀྱང་དང་པོར་འགྱུར་ལ། དད་པར་གྱུར་ནས་དགོས་པ་ལ་སོགས་དེའི་ཡོན་ཏན་ལ་ཡང་ཞིབ་ཏུ་ཡང་དབྱེད་པས་ན་ཕྱག་འཚལ་བ་ཡང་དགོས་པ་ལ་སོགས་པ ་ལྟར་འཇུག་པ་ཡན་ལག་གི་སྔོན་དུ་བྱ་བའི་ཡན་ལག་ཡིན་པས་ཉེས་པ་མེད་དོ། །རང་གི་བསྟན་བཅོས་ཞེས་བྱ་བའི་ཡུམ་མངོན་པར་རྟོགས་པའི་རིམ་པ་སྟོན་པ་ཐམས་ཅད་ཀྱི་མན་ངག་གི་ཚིག་ལེའུར་བྱས་པ་འདི་སྟེ། རྩ་བའི་གཞུང་ལྟ་བུར་གྱུར་པའོ། །བརྗོད་པར་བྱ་བའི ་རྒྱལ་བའི་ཡུམ་གང་དག་མངོན་པར་རྟོགས་པའི་རིམ་པ་སྟོན་པ་ཐམས་ཅད་དེ་འོག་ཉིད་ནས་རྒྱལ་ཡུམ་རྣམ་པ་སུམ་ཅར་ཞེས་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཉིད་དོ། །དགོས་པ་ནི་ཚིག་ལེའུར་བྱས་པ་འདི་ལ་བརྟེན་ནས་རྒྱལ་བའི་ཡུམ་དེ་དག་གི་དོན་ལེགས་པར་རྟོགས་པའོ། །དགོས་པའི ་ཡང་དགོས་པ་ནི་ཇི་ལྟར་རྟོགས་པ་ལྟར་སྒྲུབ་པས་ས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་པ་ནས་བརྩམས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་བར་དུའོ། །འབྲེལ་པ་ཁོང་ན་ཡོད་པ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་ནི་བརྗོད་པར་བྱེད ་པ་སྟེ། ཤེས་པར་བྱེད་པ་ཉིད་ཡིན་ལ། རྒྱལ་བའི་ཡུམ་རྣམས་ནི་བརྗོད་པར་བྱ་བ་ལ་འབྲས་བུ་ཤེས་པར་བྱ་བ་ཡིན་ཏེ། དེ་བས་ན་བརྗོད་པ་དང་བརྗོད་པར་བྱ་བ་འདི་དག་ནི་རྒྱུ་དང་འབྲས་བུ་ཤེས་བྱ་དང་ཤེས་པར་བྱེད་པས་ཆེད་དུ་མ་བྱས་ཀྱང་ཤུགས་ཉིད་ཀྱིས་རང ་དབང་མེད་པར་འབྲེལ་པས་ན་ཁོང་ན་ཡོད་པ་སྟེ། དེས་ན་འབྲེལ་པ་ནི་ཐབས་ཡིན་པར་ཡིད་ཆེས་པར་བྱེད་པའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང། །གཞན་གྱིས་མྱོང་བ་མ་ཡིན་ཏེ་ཞེས་བྱ་བ་ནི་བརྗོད་པར་བྱ་སྟེ། ཆོས་སྤྱོད་བཅུའི ་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་རྟོག་འགྱུར་ཞེས། །ཞེས་བྱ་བར་རིམ་པ་གཞན་དུ་སྦྱར་བ་ནི་དགོས་པའི་དགོས་པ་སྟོན་པའོ། །བདེ་བླག་ཏུ་ནི་རྟོགས་འགྱུར་པ། །རྩོམ་པ་ཡི་ནི་དགོས་པ་ཡིན་ཞེས་བྱ་བ་ནི་དགོས་པ་སྟེ། དགོས་པའི་སྒྲ་ནི ་འདིར་དགོས་པ་དང་དེའི་ཡང་དགོས་པ་གཉི་ག་ལ་བལྟ་བར་བྱའོ། །འབྲེལ་པ་ནི་གང་དུ་ཡང་ཚིག་གིས་ནི་མི་སྟོན་ཏོ། །ད་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཚིགས་སུ་བཅད་པའི་དོན་དགྲོལ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་རྣམ་པར་བཤད་པ་འདི་ལས་ནི་དང་པོ་བརྗོད་པར་བྱ་བ་སྟོན་ཏོ། །དེ་ནས་ནི་འབྲེལ་པ་སྟོན་ཏོ། །དེ་ནས་ནི་དགོས་པའི་དགོས་པ་སྟོན་ཏོ་དེས་ན་ས་ནི་དགོས་པ་སྟོན་ཏོ། །དེ་ལ་དག་དང་པོ་ནི་བདག་གིས་སྔར་བཤད་ཟིན་ཏེ་སྐབས་དང་པོ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཅོམ་འཇིགས་མེད ་སྐལ་བ་བཟང་པོ་དང། །སྲིད་པར་འགྲོ་ལས་འདས་དང་ཤེས་རབ་དང། །འཁྲུལ་དང་བྲལ་ཞིང་ཡོན་ཏན་དཔག་མེད་སྣོད། །ཡོན་ཏན་འདི་དག་རབ་རྒྱས་བཅོམ་ལྡན་འདས། །ཞེས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བཅོམ་ལྡན་འདས་སོ། །ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཞེས་བྱ་བ ་ནི་རྫུ་འཕྲུལ་དང། ཀུན་བརྗོད་པ་དང། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཏེ། དེ་ཡང་དང་པོ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་ཕ་རོལ་ཟིལ་གྱིས་གནོན་ཅིང། དེ་ནས་ནི་གདུལ་བྱའི་སེམས་ཀྱི་རྒྱུ་བ་ལུང་བསྟན་པས་དེ་རབ་ཏུ་དད་བར་བྱེད་ལ། དེ་ནས་རྗེས་སུ ་མཐུན་པའི་གདམས་ངག་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་དོན་དངོས་སུ་བསྟན་པར་མཛད་པ་ནི། འགྲོ་བ་མཛའ་དག་ལ་རྗེས་སུ་བསྟན་པར་མཛད་པ་དེ་ཉིད་ཀྱིས་ཞེས་སྨྲས་པའོ། །རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་བར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དང་ཞེས་བྱ་བ་ནི ་འདིར་ཚིག་ལེའུར་བྱིས་བ་ནི་བརྒྱུད་བརྗོད་པར་བྱ་བ་འམ། དོན་གྱིས་བརྗོད་པར་བྱ་བ་ཡིན་ལ། མདོ་རྣམས་ཀྱི་ནི་དངོས་ཀྱིས་བརྗོད་པར་བྱ་སྟེ་སྒྲའི་བརྗོད་བྱ་ཡིན་ནོ། །ཚིག་ལེའུར་བྱས་པའི་བརྗོད་པར་བྱ་བ་དངོས་ཏེ་སྒྲའི་བརྗོད་པར་བྱ་བ་ནི་རྒྱལ་བའི་ཡུམ་གྱི་གཞུང་ཉིད་ཡིན་ཏེ། ཇི་ལྟ ་ཞན། ཚིག་ལེའུར་བྱས་པས་ནི་འགྲེལ་པའི་ཡུམ་གྱི་གཞུང་ཤེས་པར་འགྱུར་ལ། གཞུང་དེ་དག་ཤེས་པ་ལས་ནི་དོན་སངས་རྒྱས་ཉིད་ཀྱི་ལམ་འབྲས་བུ་དང་བཅས་པ་ཤེས་པར་འགྱུར་བས་སོ། །དེའི་ཕྱིར་འདིར་གཙོ་བོར་ནི་དོན་གྱིས་བརྗོད་བྱ་བསྟན་ཏེ། སྒྲའི་བརྗོད་བྱ་ནི་གོ་སླ་བས་སོ། །བརྗོད ་པ་དང། བརྗོད་བར་བྱ་བ་དག་ཐབས་དང་ཐབས་ཀྱིས་སྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་པར་མཛད་པ་ཞེས་བྱ་བ་ནི་སྔར་བསྟན་པ་ཁོ་ནར་ཟད་དོ། །ཕྱི་རོལ་པ་དང་ཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པར་གོམས་པར་མ་བྱས་པ་རྣམས ་གྱིས་མ་མྱངས་པ་དེ་ཞེས་བྱ་བ་ནི་དོན་གྱི་བརྗོད་པར་བྱ་བ་དེའི་ཆེ་བ་བསྟན་པ་སྟེ། སྔར་ཁྱབ་འཇུག་དབང་འཇུག་ལ་སོགས་མྱོང་ཞེས་བྱ་བ་ལ་སོགས་པའི་ལུང་གིས་བསྟན་པ་ཉིད་གོ་སླའོ། །ད་ནི་དགོས་པའི་དགོས་བ་སྟོན་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ ་ཐམས་ཅད་དེ། །ཁྱད་པར་དུ་ནི་རིགས་ལ་གནས་པའི་ཕྱིར་མི་ལྡོག་པ་བཅུ་གསུམ་པོ་རྣམས་ཏེ། དེ་དག་ནི་དེས་པར་འགྱུར་པའི་ཕྱིར་རོ། །ཐོས་པ་ལས་བྱུང་བ་ལ་སོགས་པ་ཤེས་པའི་རིམ་གྱིས་ཞེས་བྱ་བཞི་ཤེས་རབ་གསུམ་གྱིས་རིམ་གྱི་འཇུག་པའོ། །དེ་ལྟར་ན་རྒྱལ་བའི་ཡུམ་འབད་པ་ཆུང་ངུས་ ་ཅིག་ཅར་རྟོགས་པ་དགག་པའོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པ་ཅི་ལ་ཡང་མ་རག་པར་ཆས་པ་དག་ཁོ་ནས་ཞེས་པ་ནི། སྔར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་སྨོས་པའི་དོན་ཉིད་བསྟན་པའོ། །ཉམས་སུ་མྱོང་བ་ཤིན་ཏུ་གསལ་བ་ཞེས ་པ་ནི་ཤེས་རབ་རྣམ་པ་གསུམ་གྱིས་ཡུམ་གྱི་མིང་དང་དོན་སེམས་ལ་གསལ་བོར་བྱས་པའོ། །དེ་དག་གིས་བཞག་པའི་བག་ཆགས་ཞེས་པ་ནི་ཡང་དང་ཡང་གོམས་པའི་དབང་ལས་སེམས་དེའི་རྣམ་པར་འབྱུང་བ་བསྟན་པས་ལྷུན་གྱིས་གྲུབ་པ་ཡིན་གྱི། ཏིལ་འབྲུ་ལ ་སྣ་མའི་མེ་ཏོག་གི་དྲིས་གོས་པ་ལྟར་ནི་མི་བསམ་མོ། །དེ་ལྟར་གོམས་པའི་དབང་དེའི་མཐུ་ལས་བྱུང་བའི་སེམས་ལས་བྱུང་བར་གདགས་པ་འདྲིས་པའི་དངོས་ལོ་མ་བརྗེད་པ་དེ་ཉིད་དྲན་པའི་ཤེས་པ་སྟེ། འདྲིར་དྲན་པ་དང་ལྡན་པའི་ཤེས་པ་ནི་དྲན་པའི་ཤེས་པའོ། །དེའི ་ཕྱིར་ཐམས་ཅད་དུ་སེམས་ཉིད་གཅིག་བུའི་མཐུའི་བྱེ་བྲག་ལས་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱིས་དབང་གིས་བཞག་པ་ནི་སློབ་དཔོན་ཆོས་སྐྱོང་གི་ཞལ་སྔ་ནས་འདི་དག་གི་དེའི་གནས་སྐབས་ཙམ་ལ་བཞག་གི་དངོས་སུ་གལ་ཡོད་ཅེས་བཤད་པའོ ་དེ་ལྟར་བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པར་ཅི་ལ་ཡང་རག་མ་ལས་པར་ཆས་པ་ཤེས་རབ་རྣམ་པ་གསུམ་གྱིས་རིམ་གྱིས་ཉམས་སུ་མྱོང་བས་གསལ་པོར་བྱས་པའི་བག་ཆགས་ཀྱི་ངོ་བོ་དྲན་པའི་ཤེས་པ་རིང་དུ་ཡང་ ་ཇི་ལྟར་ཐོས་པ་ལ་སོགས་པ་མི་བརྗེད་པའི་ངང་དུ་གྱུར་པ་དེ་ལ་ལེགས་པར་གཞག་ནས་ཞེས་སྦྱར་ཏེ་ལེགས་པར་བཞག་པ་ནི་འདྲིས་པའི་དངོས་པོ་རབ་ཏུ་མ་བརྗེད་པས་ཚེ་རབས་གཞན་དུ་ཡང་རྗེས་སུ་འབྲང་བར་གསལ་བའི་ཕྱིར་རོ། །ཅི་ཞིག་དྲན་པའི་ཤེས་པ་ལ་ལེགས ་པར་བཞག་ནས་ཞེ་ན། ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོད་ན་ཞེས་སྨོས་པ་བསྟན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་ཞེས་སྨོས་ཏེ། མདོ་དོན་ཞེས་སྨོས་པ་དང་སྦྱར་རོ། །མདོའི་དོན་དེ་ཡང་གླེང་གཞི་ལ་སོགས་པའི་གཞུང་མ་ལུས་པའི་དོན་ནམ ་ཡང་ན་སྙིང་པོའི་དོན་ཙམ་ཞིག་དྲན་པའི་ཤེས་པ་ལ་བཞག་ནས་སྙམ་པ་ལ། གཉི་གའི་གཙོ་བོ་མ་ཡིན་པའི་ཕྱིར་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཅེས་བ་སྨོས་ཏེ། འདི་ནི་དོན་གཙོ་བོར་གྱུར་པས་ན་དྲན་པའི་ཤེས་པ་ལ་བཞག་པར་བྱ་བ་སྟེ་སྙིང་པོའི་དོན་ཡང་དེའི ་ནང་དུ་འདུས་པའི་ཕྱིར་རོ། །གླེང་གཞི་ལ་སོགས་པ་གཞུང་མ་ལུས་པ་ནི་དྲན་པའི་ཤེས་པ་ལ་ངེས་པར་བཞག་པ་མེད་དེ། ལུང་གི་ཆོས་ནི་རྟོགས་པའི་ཆོས་ཡིད་ལ་བྱེད་པ་ནི་གཟིངས་དང་འདྲ་བའི་ཕྱིར་དང། རྣམ་པར་གཡེངས་པའི་ངོ་བོས་དམན་པའི་ཕྱིར་རོ། །མངོན་པར་རྟོགས་པ ་བརྒྱད་ཀྱི་བདག་ཉིད་དེའི་རང་བཞིན་བསྡུས་པ་ནི། ཆོས་སྤྱོད་བཅུའི་བདག་ཉིད་ཅེས་སྨོས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡིན་པས་ན་དེ་བསྟན་པར་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་བསྒྲུབ་པའི་སྤྱོད་པ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་སྨོས་པ་ནི་ལས་དང ་པོའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རྒྱུ་དང་འབྲས་བུའི་ངོ་བོས་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་མི་འབྲལ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་དེ་དང་ལྡན་པར་བསྟན་པའི་ཕྱིར་སྨོས་ཏེ། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས ་དེས་བྱིན་གྱིས་མ་བརླབས་པར་གྱུར་བ་སྦྱིན་པ་ལ་སོགས་པ་ཡང་སྤྱོད་པར་མི་འགྱུར་བའི་ཕྱིར་དེ་གཙོ་བོར་སྨོས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དང་ལྡན་པའི་ཞེས་བྱ་བ་ལས་?་ཚིག་མི་མངོན་པར་བྱས་པའོ། །སྦྱིན་པ་ལ་སོགས་པ་ཞེས་པ་ནི། སྦྱིན་དང་ཚུལ་ཁྲིམས ་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུར་འདོད་ཅེས་བཤད་པ་རྣམས། །དེ་དག་ཉིད་སྒྲུབ་པའི་སྤྱོད་པ་ནི། །ཐེག་པ་ཆེན་པོ་ལ་སྤྱོད་པ་གསུམ་ནི། །དང་པོ་སྨོན་པ་བྱང་ཆུབ་ཀྱི ་སེམས་ནི་འཇུག་པའི་སྤྱོད་པའོ། །དེ་ནས་འཇུག་པ་བྱང་ཆུབ་ཀྱི་སེམས་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་སྒྲུབ་པའི་སྤྱོད་པ་སྟེ་སྔར་ཇི་ལྟར་སྨོན་པ་སྒྲུབ་པ་འམ། འབྲས་བུ་ལེགས་པར་སྒྲུབ་པས་སོ། །དེ་ནས་སངས་རྒྱས་ཀྱིས་ནི་གྲུབ་པའི་སྤྱོད་པ་སྟེ། ཆོས་ཀྱི་སྐུའི་འདྲ་ནི་ལས་རྣམས་ ་ཁ་ཅིག་ནི་འདི་ཆོས་སྤྱོད་བཅུའི་བདག་ཉིད་ནི་འཕགས་པ་བྱམས་བ་ཉིད་ཀྱི་ཞལ་སྔ་ནས་གཞན་དུ། ཡི་གེ་འདྲི་མཆོད་སྦྱིན་པ་དང། །ཉན་དང་གློག་དང་ལེན་པ་དང། །འཆང་དང་ཁ་ཏོན་བྱེད་པ་དང། །དེ་སེམས་པ་དང་བསྒོམ་པའོ་ཞེས་གསུངས་པའོ་ཞེས་འཆད ་བ་ནི་མི་འཐད་དེ། །དེ་དག་ནི་སྦྱོར་བའི་ལམ་གྱིས་སྒྲུབ་པའི་སྤྱོད་པ་ཙམ་གཙོ་བོར་གྱུར་པའི་ཕྱིར་ཐམས་ཅད་དུ་མ་ཡིན་པ་དང། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་འགྲེལ་པར་དེ་དག་གི་ཟུར་ཙམ་ཡང་མ་སྨོས་པའི་ཕྱིར་རོ། །དེ་བཞིན་དུ་ཁ་ཅིག་ཆོས་སྤྱོད་བཅུ་ནི་རང་དང་གཞན་གྱི་དོན ་གྱི་ལས་དགེ་བ་བཅུའོ་ཞེས་འདོད་པ་ཡང་མི་འཐད་དེ། སློབ་དཔོན་གྱི་ཞལ་སྔ་ནས་འདིར་དེ་ཟུར་གྱིས་མ་བསྟན་པས་སོ། །དེ་ལྟར་གྲུབ་པའི་སྤྱོད་པ་དེ་སྤྱད་པའི་འབྲས་བུ་ཅི་ཞེ་ན། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་ས་རབ་ཏུ་དགའ་བ་ལ་སོགས་པ་རྟོགས་པའི་རིམ་པས་ཞེས ་པ་ལ་སོགས་པ་སྨོས་ཏེ། ཆོས་ནི་གཟུགས་ལ་སོགས་པ་ཇི་སྙེད་པ་ཆོས་ཅན་དུ་བསྡུ་བ་རྣམས་ཏེ། དེ་རྣམས་ཀྱི་དབྱིངས་ནི་རང་བཞིན་ནོ། །ཇི་ལྟར་མེའི་རང་བཞིན་ཚ་བ་ཉིད་དེ་ལ་མེའི་ཁམས་ཞེས་བརྗོད་པ་ན། མེ་དང་དེའི་ཁམས་ཚ་བ་ཉིད་ནི་ཅུང་ཟད་ཀྱང་དབྱེ་བར་ཡང་ཅི ་ནུས་ལ། ཐམས་ཅད་ནས་ཐམས་ཅད་དུ་གཅིག་བར་ཡང་མི་བརྗོད་དེ་འཛིན་པ་ཐ་དད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་རྣམས་དང་དེའི་དབྱིངས་ཀྱང་དེ་ལྟར་བལྟའོ། །དོན་དེ་ཉིད་ལེགས་པར་མཐོང་བ་ན་ཆོས་ཐམས་ཅད་མཛའ་ཡས་པ་སྟར་དེའི་དབྱིངས་ཀྱང་དེ་དག་ལས ་གཞན་དུ་མི་དམིགས་པས་ན། ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ཞེས་སྨོས་སོ། །མཚན་ཉིད་དེའི་མཚན་གཞི་གང་ལ་གདགས་ཞེ་ན། ས་རབ་ཏུ་དགའ་བ་ཞེས་བྱ་བ་སྨོས་ཏེ། ས་དང་པོ་ལ་དེ་ལྟར་རྟོགས་པ་ཡིན་ལ། མཚན་ཉིད་དེ་དང་ལྡན་པས་ན་རྗེས་ཀྱི་ཡེ་ཤེས་ལ ་བདག་ནི་ཆོས་ཀྱི་དབྱིངས་མཐོང་བའི་ཞེས་དགའ་བ་སྐྱེ་བས་ན་དེའི་མིང་དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་ལ་ནི་ཉེ་བ་དང། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེའི་ཕྱིར་རབ་དགའ་ཞེས་བརྗོད་དོ་ཞེས་གསུངས་པ་ནི་དོན་གཞན་གྱིས་མིང ་སྦྱར་བར་ཟད་དོ། །དེ་ལྟར་ཆོས་ཀྱི་དབྱིངས་རྟོགས་ན་ཅི་སྟེ་སངས་རྒྱས་ཉིད་དུ་མ་གྱུར་ཞེ་ན། དེ་བཞིན་གཤེགས་པའི་མཆོད་པའི་ལས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བྱ་བ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མ་རྫོགས་པའི་ཕྱིར་རོ། །གཞན་དག་ནི་དེ་དག་གི་ཆོས་ཀྱི་དབྱིངས ་རྟོགས་པ་ནི་འཇིག་རྟེན་ལས་འདས་པར་བཞག་པའི་རྒྱུ་མཚན་དུ་གྱུར་པ་ཙམ་ཡིན་གྱི། དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ནི་ཡང་དག་བར་རྫོགས་པའི་སངས་རྒྱས་ཁོ་ནའི་ཐུན་མོང་མ་ཡིན་པའི་གཟིགས་པ་ཡིན་ཏེ། དེ་ལྟར་བྱས་ན་དེའི་དེ་བཞིན་གཤེགས་པའི་སྙིང་པོ ་ཤིན་ཏུ་ཕྲ་ཞིང་ལྟ་དཀའ་ལ་ཟབ་པ་ཡང་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེའུ་མ་མཐོང་བ་ལས་མཐོང་བར་གྱུར་ཏོ་ཞེས་གསུངས་པ་འདི་ཡང་ལེགས་པར་འགྱུར་རོ་ཞེས་ཟེར་རོ། །སོགས་པའི་སྒྲས་ནི་ས་གཉིས་པ་དྲི་མ་མེད་པ་ལ་སོགས་པ་བསྡུའོ། །དེ་དག་རྟོག ་པའི་རིམ་པས་ཞེས་བྱ་བ་ནི་ས་དེ་དག་གི་རིམ་བ་ནི་རང་གིས་རྟོགས་པ་ཙམ་གྱིས་བཞག་གི་རྣམ་པ་གཞན་དུ་ལྟའི་རིས་ལ་སོགས་པ་ལྟར་མཐོ་དམན་དག་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བ་ཞེས་བྱ་བ་ཡང་དགོས་པའི ་ཡང་དགོས་པ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞེས་བྱ་བ་ནི་སྐབས་ཐ་མ་ལས་ཇི་སྐད་དུ་བསྟན་པ་དང་རྣམ་པ་དང་མཚན་ཉིད་དག་ལས་ཇི་ལྟར་བསྟན་པའི་བདག་ཉིད་དོ། །དེ་མངོན་སུམ་དུ་བྱེད་པར་འགྱུར་པ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས ་པ་བྱང་ཆུབ་པ་ལས་ཇི་སྐད་དུ་བསྟན་པའི་སྐད་ཅིག་མ་བཞིས། །དེས་མངོན་སུམ་དུ་བྱས་པ་དེ་ཉིད་དགོས་པའི་དགོས་པ་སྟེ། འབྲས་བུ་མཐར་ཕྱིན་ཅིང་ཕུལ་དུ་བྱུང་བ་དེ་ལས་འགའ་ཡང་མི་རྙེད་པའི་བདག་ཉིད་ཅན་ནོ། །ད་ནི་དགོས་པ་དེ་གྲུབ་པའི་རྒྱུར་གྱུར་པས་སྔོན ་དུ་འགྲོ་བའི་ཚིག་ལེའུར་བྱས་པའི་དགོས་པ་བསྟན་པའི་ཕྱིར་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་བཅོམ་པའི་དགོས་པ་ཡིན་པ་ཞེས་བྱ་བ་སྦྱར་ཏེ་མན་ངག་གཟུང་བདེ་བ་འདི་ལས་ནི་དོན་རྟོགས་པར་སླ་ལ། དེ་ཉིད་ཀྱིས་རྒྱལ་པའི ་ཡུམ་རྣམས་ཀྱི་དོན་བདེ་བླག་ཏུ་འདིས་རྟོགས་བར་འགྱུར་བས་ན་ཐབས་སླ་བའི་དགོས་པ་ཉིད་ཡོད་དོ། །རྒྱལ་བའི་ཡུམ་གྱི་དོན་གང་ཞེ་ན་སྙམ་པ་ལ་བྱང་ཆུབ་ཀྱི་སེམས་དང་སྒྲུབ་པ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་སྨོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས ་ནི་སྤྱོད་པ་རྣམ་པ་གསུམ་ཅར་བསྡུས་ལ། སྒྲུབ་པ་ནི་སྒྲུབ་པའི་སྤྱོད་པ་ཉི་ཚེ་གཟུང་བ་སྟེ། དེས་ན་མཚན་ཉིད་ཉིད་ཀྱིས་ནི་མངོན་པར་རྟོགས་པའི་སྙིང་པོ་བསྡུས་སོ། །དེ་དག་ཉིད་ནི་རྟོགས་ཤིང་ཐོབ་པར་འདོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཡིན་པ་དེ་བསྟན་པ་ཡིན ་ལ། དེ་ལ་ཡང་ཅིའི་ཕྱིར་མངོན་པར་འདོད་པ་སྐྱེས་ཅེས་རྟོག་པ་ལ་ནི། སྔར་ཇི་སྐད་དུ་བཤད་པའི་དགོས་པའི་ཡང་དགོས་པའི་ཆེད་དུ་རྟོགས་པ་དང་ཐོབ་པར་འདོད་ཅེས་སྦྱར་ཏེ། འདི་ནི་དོན་གྱི་གོ་རིམས་ལྟར་བཤད་པའོ།། །།དེ་ལྟར་བསྟན་པ་ནི་སྔར་དགོས་པ་བསྡུས ་པའི་དོན་བཅས་དང་ཞེས་བརྗོད་པ་ལས་དགོས་པ་ལ་སོགས་པ་བསྟེན་པ་སྟེ། ང་ནི་བསྡུས་པའི་དོན་བསྟན་པ་དགྲོལ་བར་བཞེད་ནས། དེ་ལྟར་འགྲེལ་པ་ལ་སོགས་པ་བསྙད་ནས་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོག་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། མདོར་བསྡུས་པ་དང་པོར་བསྟན་པས་ནི་དཀྱུས་ས་བསྟན་པའི་རྟ་ཐོགས་པ་མེད་པར་རྒྱུགས་པར་འགྱུར་བ་ལྟར་ཕྱིས་དོན་རྒྱས་པ་རྣམས་མི་འཁྲུག་པར་འགྱུར་ཏེ། དེ་བས་ན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་སྨོས་སོ། །བསྟན་བཅོས་ཀྱི་དོན་རྣམ་པར་ཕྱེ་བ ་བྱས་པ་ཡང་མ་འཛིངས་པ་ཉིད་ཀྱིས་བཤད་པར་སླ་བ་ཞེས་བྱ་བ་ནི་འཆད་པ་པོ་རྣམས་ཀྱིས་ཀྱང་དང་པོ་བསྡུས་པའི་ཕྱིར་མདོར་བསྡུས་པའི་དོན་ཁོང་དུ་ཆུད་ན། སྐྱེས་བུ་རྟའི་ཁ་ལོ་བ་ཡང་དཀྱུས་ཀྱིས་སྔར་མཐོང་བས་སེམས་སྟོབས་ཆེ་བར་འགྱུར་ཞིང་རྟ་ཚར ་གཅོད་པ་ནུས་པར་འགྱུར་བ་ལྟ་བུའོ། །གཟིགས་ནས་ཞེས་བྱ་བ་ནི་ཚིག་གཉི་གའི་མཐར་སྦྱར་རོ། །མདོ་དང་ཞེས་བྱ་བ་ནི་འགྲེལ་པ་ལས། དེ་ལ་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ནི་དངོས་པོ་བརྒྱད་བསྡུས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རྒྱས་པར་ཞེས ་པ་ནི་འགྲེལ་པ་ལས་ཚིག་ལེའུར་བྱས་པ་ལྷག་མ་བཅུ་གསུམ་གྱིས་ནི་དེ་དག་ཉིད་ཀྱིས་དོན་བསྡུས་ནས་རྒྱས་པར་བཤད་དེ་ཞེས་སྟོན་ཏོ། །ལུས་རྣམ་པར་བཞག་པ་ནི་སྤྱིར་བསྟན་པ་རྣམ་པར་བཞག་པ་སྟེ། ཇི་སྲིད་དུ་ཕྱེ་བ་རྣམས་ནི་ཡན་ལག་དང་ཉིང་ལག་དག་ལྟ་བུ་ཡིན་པའི ་ཕྱིར་རོ། །ལགས་པར་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་ཐབས་བཟང་པོ་སྦྱར་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ་།དེ་ནི་བསྡུས་པའི་དོན་རྒྱས་པར་རབ་ཏུ་བཤད་ན་བཟློས་བུའི་ཉེས་པས་གོས་ཀྱིས་དགོས་པས་དེ་མ་དཀྲོལ་བའི་རྒྱུ་མཚན་བསྟན་པར་བསྡུས་བའི་དོན་གྱིས་ཚིག་ལེའུར་བྱས་པ ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་བསྡུས་པའི་དོན་དང་ཚིག་གི་དོན་གྱི་བར་སྐབས་འདི་ཉིད་དུ་བརྗོད་པར་བྱ་བ་རབ་ཏུ་མང་པོ་ཞིག་ཡོད་པ་དེ་དག་བདག་གིས་བརྗོད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི ་རྒྱན་ཞེས་བྱ་བ་ཚིག་ལེའུར་བྱས་པ་འདིས་རྒྱལ་བའི་ཡུམ་ཐམས་ཅད་ཀྱི་དོན་བསྡུས་པའོ་ཞེས་བསྟན་པར་བྱ་བ་ཡིན་པ་ལས། ཇི་ལྟར་བསྡུས་པའི་ཚུལ་ལ་སོགས་པ་ངེས་པར་བརྗོད་དགོས་པས། དེ་བརྗོད་པའི་ཕྱིར་འདི་དྲན་པར་བྱ་སྟེ། རེ་ཤིག་མདོ་རྣམས་ཀྱི་དབང་དུ ་བྱས་པ་དང་མདོ་རྣམས་དང་ཚིག་ལེའུར་བྱས་པ་འགྲེལ་པའི་དབང་དུ་བྱས་ཏེ། གཞུང་རྒྱས་པར་བསྟན་པ་ནི་ཡན་ལག་གཅིག་ཉིད་དོ། །དོན་རྣམ་པར་ངེས་པ་ནི་ཡན་ལག་གཉིས་པ་ཉིད་དོ། །དེ་ལ་ཡན་ལག་དང་པོའི་དབང་དུ་བྱས་ཏེ། མདོའི་དོན་སྟོན་པའི་སྐབས་སུ་དོན་གཅིག ་སྟོན་པ་ལ་རྒྱས་པ་དང། འབྲིང་མདོར་བསྡུས་པའི་གཞུང་རྣམ་པ་ལྔ་དང། རབ་ཏུ་བསྡུས་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ཞེས་བྱ་བ་དང་བཅས་པ་བྱུང་ཞེ་ན། གདུལ་བྱ་ཁམས་དང་མོས་པ་སྣ་ཚོགས་པ་རྣམས་གནས་པའི་དབང ་པས་།ཐུབ་པ་ཆེན་པོས་ལུང་རྣམ་པ་དུ་མ་བསྟན་ཏེ། དེའི་དབང་གིས་དོན་ཅིག་བསྒྲུབ་པའི་གཞུང་དུ་མ་བྱུང་བ་འདི་ལ་དོན་མེད་པའི་ཉེས་པ་མེད་དོ། །དེ་ལས་དེང་སང་ནི་རྒྱལ་བའི་ཡུམ་བར་མའི་ཉུ་ངུ་གཉིས་འདི་ལྟ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་དང། སྟོང་ཕྲག་བཅུ་པ་ཞེས་བྱ་བ་ཡུལ་ཤར་ཕྱོགས་ནས་ཡོངས་སུ་སྤྱོད་ཅིང། ཡུལ་དབུས་ན་ནི་མདོར་བསྡུས་པའི་གཞུང་སྟོང་ཕྲག་བརྒྱད་པ་སྤྱོད་པས་སྟོན་པར་བྱེད་དོ། །འོ་ན་དེ་དག་གི་ཁྱད་པར་ཅི་ཞེ་ན། འདི་ནི་སློབ་དཔོན་གྱི ་ཞལ་སྔ་ནས། ལ་ལ་ལས་བོན་གཞན་ལས་ཚིག་།གཞན་ལས་རྣམ་གྲངས་མིང་གིས་ཏེ། མཁས་པ་རྣམས་ཀྱི་ཡུམ་ཀུན་ལའང། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ་ཁོ་ནར་ཟད། །དེ ་ལྷ་མིན་ན་ཐམས་ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན་ཞེས་འཆད་པར་འགྱུར་བ་སྟེ། ལ་ལ་ལས་དོན་ཞེས་བྱ་བ་ནི་རྒྱལ་བའི་ཡུམ་བསྡུས་པ་ལས་ནི་དོན་ཙམ་དུ་སྐབས་ཀྱི་དོན་སྟོན་གྱི་ཚིག་གིས་རྫོགས་པར་མི་ནུས་སོ། །གཞན་ལས་ཚིག་ཞེས་པ་ནི་ཡུམ ་བར་མ་ལས་ནི་སྐབས་ཀྱི་དོན་གང་ཡིན་པ་ཚིག་ཙམ་དུ་བསྟན་པར་གྱུར་ཀྱང་རྣམ་གྲངས་རྒྱས་པར་ནི་མ་ཡིན་ནོ། །གཞན་ལས་རྣམ་གྲངས་མིང་གིས་ཏེ་ཞེས་བྱ་བ་སྟེ་ནི་རྒྱལ་བ་བསྐྱེད་མ་རྒྱས་པ་ལས་ནི་དོན་ཐ་དད་པའི་རྣམ་གྲངས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན ་པའི་བར་དུ་ཡང་དང་ཡང་དུ་སྨོས་པས་སྟོན་ཅིང། མིང་གིས་གདགས་པ་མི་འདྲ་བས་ཀྱང་དོན་གཅིག་ཉིད་རྒྱས་བར་སྟོན་ཏེ་དེ་བཞིན་ཉིད་དང། ཡང་དག་པའི་མཛའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་སོགས་པ་མང་དུ་སྨོས་པས་སོ། །དེ་ཉིད་ཀྱིས་ན་ད་ལ ་བསྡུས་སོགས་རབ་དབྱེ་བའི། །ཁྱད་བར་ཡོད་པ་ཁོ་ནར་ཟད་ཞེས་གསུངས་ཏེ། རྒྱལ་བའི་ཡུམ་རྣམས་ཀྱི་ཁྱད་པར་ནི་དེ་ཙམ་དུ་ཟད་ཅེས་པའི་དོན་ཏོ། །ཁ་ཅིག་ནི་རྒྱལ་བའི་ཡུམ་རྣམས་ཀྱི་ཁྱད་པར་ནི། །དེ་ལ་བསྡུས་སོགས་རབ་དབྱེ་བའི། །ཁྱད་པར་ཡོད་པ ་ཁོ་ནར་ཟད་ཅེས་བྱ་བས་བསྟན་ལ་ཁྱད་པར་དུ་བྱས་པའི་ཡུམ་རྣམ་པ་གསུམ་ལས་མངོན་པར་རྟོགས་པའི་དོན་བསྡུ་བ་ནི་དོན་ཙམ་གྱི་བསྡུ་བ་དང་ཚིག་ཙམ་གྱིས་བསྡུ་བ་དང། རྣམ་གྲངས་དང་མིང་ཙམ་གྱིས་བསྡུ་བ་ནི། ལ་ལ་ལས་དོན་གཞན་ལས་ཚིག། གཞན ་ལས་རྣམ་གྲངས་མིང་གིས་ཏེ་ཞེས་བྱ་བས་སྟོན་ཏོ་ཞེས་ཟེར་རོ། །དེ་ལྟར་ཁྱད་པར་དུ་བྱས་པའི་རྒྱལ་བའི་ཡུམ་དེ་དག་ལས་ཡང་དང་ཡང་དུ་བསྟན་པས་ཟློས་གུར་གྱུར་པ་སྦྱོར་བའི་ལམ་ཉིད་ལན་བཅུ་གསུམ་དུ་བསྟན་པ་ལ་སོགས་པ་འདི་ཇི་ལྟར་འཐད་རྣམ་པ་ཐམས་ཅད་མཁྱེན ་པའི་སྐབས་ནི་མངོན་པར་རྟོགས་པ་མཛའ་དག་བསྡུས་པ་ཡིན་ཞེས་བསྟན་པས་དེའི་སྐབས་འབའ་ཞིག་གིས་ཀྱང་ཅིས་ན་དོན་ཡོངས་སུ་མ་རྫོགས་ཞེ་ན། ཟློས་བུ་དང་འདྲ་བར་བྱུང་བ་འདི་ནི་ཟློས་བུ་མ་ཡིན་པར་སྔར་སྐབས་ཀྱི་དོན་ངེས་པར་འབྱེད་པ་ན་ཡང་དོན་གྱིས་བསྟན་ཟིན ་ཏོ། །གཞན་ཡང་གདུལ་བྱ་རྒྱལ་བའི་ཡུམ་ཉན་པར་འདོད་པ་རྣམས་ཀྱང་ཁ་ཅིག་ནི་དང་པོ་ནས་ཐ་མའི་བར་དུ་འཁོད་དེ་འཕགས་པ་རབ་འབྱོར་ལ་སོགས་པའོ། །ཁ་ཅིག་མགོ་སྨོས་པས་གོ་བ་འམ། ཡོངས་སུ་རྫོགས་པ་ཉན་པའི་སྐལ་བ་མེད་བས་སྐབས་དེ་དང་དེ་ཐོས་ནས ་འཁོར་གྱི་དཀྱིལ་འཁོར་དེ་ནས་དོང་བ་སྟེ། དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནས། རྒྱང་མི་རིང་བ་ཞིག་ནས་མི་སྣང་བར་གྱུར་ཏོ་ཞེས་སླར་སོང་བར་བསྟན་པ་ལྟ་བུའོ། །ཡང་ཁ་ཅིག་ནི་གཞུང་དང་པོ་ནས་མ་ཐོས་ཀྱི་སྐབས་དེ་དང་དེ་དག་ཡོངས་སུ་རྫོགས་ནས ་འཁོར་དེར་འདུས་པ་སྟེ། དཔེར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པའི་ཚེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ ་མ་དང་ལྷན་ཅིག་ཏུ་འཁོར་དེར་འདུས་བར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་སྐབས་དེ་དང་དེར་བློ་བུར་དུ་འདུས་པ་རྣམས་ལ་བསྟན་པས། དེ་དག་ལ་ཐུགས་བརྩེ་བའི་ཕྱིར་ཡང་སྔར་འདས་པའི་དོན་རྣམས་ཚིག་གཞན་གྱིས་བསྟན་ཏེ། དེ་གདུལ་བྱ་མ་ཐོས་པ་རྣམས་ཀྱི་དོན་དུ་འགྱུར ་བས་ན་བཟློས་བུ་ནི་མེད་དོ། །གཞན་ཡང་སྦྱོར་བའི་ལམ་ལྟ་བུ་དོན་གཅིག་ཉིད་ལ་ལན་དུ་མར་བསྟན་པ་ཡང་ཁ་ཅིག་ནི་དོན་གྱི་རང་བཞིན་ཉིད་སྟོན་པ་སྟེ། སྐབས་དང་པོ་ལས་སྦྱོར་བའི་ལམ་གྱི་དམིགས་པ་དང་རྣམ་པར་དབྱེ་བ་བསྟན་པ་ལྟ་བུའོ། །ཁ་ཅིག་དོན་དེ་ལས་ཐ་མི་ ་ངད་ཀྱང་ཚིག་གཞན་གྱིས་བསྟན་ཏེ། སྐབས་དང་པོ་དེ་ཉིད་དུ་ཡང་སེམས་བསྐྱེད་པ་དང། རིགས་དང་གོ་ཆའི་སྒྲུབ་པ་དག་གིས་སྦྱོར་བའི་ལམ་དེ་བསྟན་ཏོ། །ཁ་ཅིག་ནི་དོན་གྱི་རྣམ་གྲངས་སྔ་མ་ལས་ཐ་དད་པས་དེ་བསྟན་ཏེ། ལམ་ཤེས་པའི་སྐབས་སུ་ཉན་ཐོས་དང ་རང་སངས་རྒྱས་ཀྱི་སྦྱོར་བའི་ལམ་སྔ་མ་ལས་དོན་གཞན་དུ་གྱུར་པ་བསྟན་པ་དང། སྐབས་བཞི་པ་དང་ལྔ་པ་ལས་སྦྱོར་བའི་ལམ་གྱི་རྟགས་ལ་སོགས་པས་དོན་གཞན་དུ་གྱུར་པ་བསྟན་པ་ལྟ་བུའོ། །དེ་བས་ན་ལ་ལ་ལས་དོན་གཞན་ལས་ཚིག། གནན་ལས་རྣམ་གྲངས་མིང་གིས ་ཏེ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ཡང་ཁ་ཅིག་གིས་ཟློས་བུ་ལྟ་བུ་སྤངས་ཏེ་དོན་ཅིག་ཏུ་བསྒྲུབ་པར་འཆད་པ་ཡང་ཡུམ་གྱི་དོན་བསྡུ་བའོ་ཞེས་བཤད་པ་ཡིན་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཕྱིན་ལ་རྟེན། །མདོར་བསྡུས ་དོན་འོད་དག་ཡིན། །སླར་ཡང་དོན་གཞན་ལ་རྟེན་ནས། དོན་འདི་ཉིད་ནི་བཟླས་པ་ཡིན་ཞེས་བཤད་ཅིང། སྨྲ་བའི་དམ་པ་ཁྱོད་ཀྱི་བཀའ་། །རྣམ་གྲངས་དུ་མ་ཉིད་མཆིས་ཤིང། །ཟློས་བུ་ཡང་ནི་མ་མཆིས་ལ། །སྦྱོར་བའི་ལུགས་ཀྱི་རིག་པ་ལགས་ཞེས་བསྟོད་པ་བྱེད་པ་ལས ་བརྗོད་པས་ན་ཟློས་བུའི་ཉེས་པ་ནི་ག་ལ་ཞིག་ཡིན། ཟློས་བུའི་སྐྱོན་མེད་དུ་ཟིན་ན་ཡང་འདིར་སྐབས་རེ་རེ་ཞིག་གིས་བྱང་ཆུབ་སེམས་དཔའ་ཨི་དོན་རྣམས་སྟོན་པར་ནུས་པ་བློ་བུར་དུ་འདུས་པའི་འཁོར་གྱི་དབང་དུ་བྱས་པ་ལྟར་ངེས་སམ། འོན་ཏེ་སྐབས་མ་ལུས་པས་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་དོན་སྟོན་པར་འགྱུར། གཞན་ཡང་གཞུང་འདི་དག་ལས་ནི་དོན་མཐུན་དུ་ཟིན་ཀྱང་སྦྱོར་བའི་ལམ་དང་མཐོང་བའི་ལམ་ལ་སོགས་པ་མིང་གདགས་པར་རྣམ་པ་གཞན་དུ་སྟོན་པའི་དགོས་པ་ནི་ཅི་ཞིག་འདི་ལ་གཟིགས། ཆོས་མངོན་པ་ལ་སོགས ་པའི་མདོ་ཁ་ཅིག་ལས་བསྟན་པ་ནི་དང་པོ་མི་སྡུག་པ་བསྒོམ་པ་དང། དབུགས་རྡུབ་པ་དང་འབྱུང་བ་བགྲང་བའི་ཞི་གནས་ལ་བརྟེན་ཏེ། དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་མཐོང་གི་བདག་ཉིད་བསྒོམ་མོ་ཞེས་བསྟན་ན་འདིར་རིམ་པ ་དེ་ལྟར་མཛད་པའི་དགོས་པ་ཇི་ལྟ་བུ་ཞིག་གཟིགས་ཞེ་ན། སྐབས་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་ཨི་དོན་སྟོན་པར་ནུས་པའི་ཕྱིར་བློ་བུར་དུ་ལྷགས་པའི་འཁོར་གྱི་དབང་དུ་བྱས་པ་ཁོ་ན་ལྟར་ངེས་པར་བརྗོད་ཅིང། སྐབས་མ་ལུས་པས་བྱང་ཆུབ་སེམས་དཔའ་ཨི་དོན ་བསྒྲུབ་པར་ནུས་པ་ནི་ཅི་ཞིག་སྨོས་སུ་ཡོད། གཞན་ཡང་སེམས་བསྐྱེད་པ་ལ་སོགས་པ་དག་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཐམས་ཅད་སྟོན་པར་འགྱུར་པས་ན་སློབ་དོན་གྱི་ཞལ་སྔ་ནས་དེ་ལྟར་ན་སེམས་བསྐྱེད་པ་དང་པོ་དང་ཐ་མ་ལས་བསྟན་པའི་གོ་རིམས ་བསྟན་པ་འདིས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམ་ཀྱང་ཁོང་དུ་ཆུད་པར་བྱ་སྟེ། ཚིག་མངས་སུ་དོགས་ནས་བདག་གིས་མ་བྲིས་སོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །འདིར་དོན་ནི་ཚིག་གི་ཟུར་ཙམ་འམ། དོན་གྱི་དབང་ཡང་རུང་སྟེ། ངག་རེ་རེ་ལ་ཡང་སྐབས་བརྒྱད ་ཅར་གྱི་དོན་རྫོགས་པར་སྦྱར་ཨང་བློས་བུར་ནི་མི་འགྱུར་རོ་ཞེས་དགོངས་པའི། །དེ་བས་ན་ངེས་པར་ཡང་དག་རེ་རེ་ལ་དོན་མཛའ་དག་རྣམ་པར་བཞག་པར་བྱའོ་ཞེས་ལྷག་པར་སྟོན་པ་ཡང་མེད་དོ། །ཁ་ཅིག་ན་དེ་སྐབས་དང་པོས་སྐབས་ཐམས་ཅད་བསྡུས་པའི་དབང་ལས ་བྱ་བ་ཡོངས་སུ་རྫོགས་པའི་འགྱུར་བ་ནི་མགོ་སྨོས་པས་གོ་བའི་དབང་དུ་བྱས་པའོ། །སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་སྐབས་ཐམས་ཅད་བསྡུས་པས་དོན་ཡོངས་སུ་རྫོགས་པར་འགྱུར་བ་ནི་དབང་པོ་བར་མའི་དབང་དུ་བྱས ་པའོ། །སྐབས་བརྒྱད་དུ་རྣམ་པར་ཕྱེ་བ་ནི་དབང་པོ་གཞན་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ་སྐབས་གསུམ་དང་དྲུག་དང་བརྒྱད་དུ་བསྟན་པ་ནི་ཡང་དབང་པོའི་བྱེ་བྲག་དེ་གསུམ་ཅར་ལ་ཡང་བསྡུས་པ་དང་འབྲིང་དང་རྒྱས་པ་ལ་དགའ་བའི་མོས་པ ་དང་ཐ་དད་པའི་དབང་ཙམ་དུ་བསྟན་པའོ་ཞེས་ཟེར་རོ། །གཞན་ཡང་འདི་ལས་མིང་གཞན་དུ་གདགས་བ་བྱས་པ་ལ་དགོས་པ་ཅི་ཞིག་གཟིགས་ཞེས་སྨྲས་པ་ནི། གལ་ཏེ་འོ་ན་ད་ལྟ་ན་གཞུང་གཞན་དུ་རྒྱལ་བའི་ཡུམ་འདི་དག་ལས་བསྟན་པ་ལྟར་ཅིའི་ཕྱིར་མི་བསྟན་ཅེས་འདྲི་མ ་དེ་ལ་ཡང་ཇི་སྐད་དུ་སྨྲ་བར་བྱེད། དེ་བས་ན་འདི་ནི་དོན་དང་མིང་དང་ཚིག་རྣམས་ལུགས་གཞན་ཁོ་ན་ཡིན་པར་ཤེས་པར་བྱ་སྟེ། དེ་བས་ན་སློབ་དཔོན་གྱི་ཞལ་སྔ་ནས་མདོར་བསྡུས་ཏེ་རྣམ་པར་དཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་མ་སྤྲོས་སོ།། ་དེ་བས་ན་འདི་ལྟར་འདི་ནི་ལུགས་གཞན་ཁོ་ན་ཡིན་པས་གང་དུ་ཡང་ཐེག་པ་གཞན་ལ་བརྟེན་ནས་སུན་འབྱུང་བ་བརྗོད་པར་མི་བྱའོ། ཞེས་འཆད་པར་མཛད་པ་ཡང་དོན་འདི་ཉིད་ཐུགས་ལ་བཞག་ནས་གསུངས་པར་མཛད་དོ། །དེ་བས་ན་ཚིག་ལེའུར་བྱས་པར ་རྣམ་པར་བཤད་པ་དང་བཅས་པ་ལས་མཐོང་བའི་ལམ་ལ་སོགས་བཞར་ལ་བདགས་པར་མཛད་པ་ནི་གདུལ་བྱ་བློ་བུལ་བ་རབ་ཏུ་མ་སྦྱངས་པ་དག་ལ་ཡུལ་གཞན་གྱི་སྐད་ཡུལ་གཞན་པ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའི་མཐུས་དངོས་པོ་ལ ་བརྟེན་ནས་བསླབ་པ་དང་འདྲ་བར་བསྟན་གྱི། སངས་རྒྱས་རྣམས་ལ་བཀུར་སྡི་བྱས་ཞེས་བྱ་བ་ལ་སོགས་པས་སྣོད་དུ་གྱུར་པ་ཕྱིར་མི་ལྡོག་པ་རྣམས་པའི་སྐད་དུ་གདགས་པ་མཛད་པ་ཁོ་ནས་དོན་ཡོངས་སུ་རྫོགས་པར་འགྱུར་བ་ཁོ་ནས་འདི་ལ་ནི་ལོག་པར་ཐ ་སྙད་མཛད་པ་ཅི་ཡང་མེད་ཀྱི་སོ་སོ་རང་གིས་ཁོང་དུ་མ་ཆུད་པར་ཟད་དོ། །གཞན་ཡང་མི་སྡུག་པ་བསྒོམ་པ་ལ་སོགས་པ་འཇུག་པའི་རྣམ་པ་མི་འདྲ་བ་འདིར་བསྟན་པ་ཡང་འཇུག་པ་པོ་རྣམས་ནི་ཁམས་སྣ་ཚོགས་དང། མོས་པ་སྣ་ཚོགས་སུ་རྣམ་པར་གནས་པའི ་ཕྱིར་གཅིག་ཇི་ལྟར་འཇིག་པ་དེ་ཁོ་ན་ལྟར་ཐམས་ཅད་ཀྱང་འཇུག་པར་ངེས་པའོ་ཞེས་ནི་ཅིས་བཞག་པར་ནུས་དེའི་ཕྱིར་མི་སྡུག་པ་བསྒོམ་པ་དང། དབུགས་རྡུབ་པ་དང། འབྱུང་བ་དྲང་བ་དག་ནི་ཆོས་མངོན་པའི་མདོ་ལ་སོགས་པར་སྦྱོར་བའི་ལམ་ཡོངས་སུ ་སྦྱོར་བའི་དང་པོར་བསྟན་ལ། འདིར་ནི་སེམས་བསྐྱེད་པའི་སྐབས་སུ་སེམས་བསྐྱེད་པ་གསུམ་པ་ལྷག་པའི་བསམ་པས་བསྡུས་པ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་སྐབས་སུ་འདི་ལྟ་སྟེ། ཚོགས་ཀྱི་ལམ་དེ་ཡོངས་སུ་སྤྱད་པའི་མཛའ་ལ་བསྟན་ཅིང ་དེ་བཞིན་ཐམས་ཅད་དུ་གཏོགས་པ་དམིགས་པའི་ཁོངས་སུ་གཏོགས་པར་མཛད་ཀྱི་གཅིག་ཁོ་ནར་ཚོགས་ཀྱི་ལམ་གྱི་དང་པོ་འབའ་ཞིག་ཏུ་ངེས་པ་མེད་ལ། ཆོས་མངོན་པའི་མདོ་ལ་སོགས་པར་ཇི་སྐད་དུ་བསྟན་པ་ལྟར་འདིར་ངེས་པར་བཀག་པ་ཡང་ཅི་ཞིག་ཡོད་དེ། ་དམིགས་པ་ཐམས་ཅད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་སུ་སྦྱར་རོ། །གལ་ཏེ་འདི་ནི་ཤིན་ཏུ་རྒྱས་པའི་སྡེའོ་ཞེས་བསྟན་པ་མ་ཡིན་ནམ། དེ་ལྟར་ན་མདོ་གང་དག་ལས་རབ་ཏུ་གསལ་བར་བསྟན་པ། ཤིན་ཏུ་འདུས་པ་ཆོས་ལྔས་སངས ་རྒྱས་ཀྱིས་བསྡུས་ཏེ་མེ་ལོང་ལྟ་བུ་དང་ཞེས་བྱ་བ་ལ་སོགས་པ་བསྟན་པ་དང། བྱང་ཆུབ་སེམས་དཔའ་རྣམ་པར་དགོས་པ་བཅུ་བསྟན་པ་དང། བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུ་ལ་སོགས་པ་བསྟན་པ་དེ་དག་འདིར་ཅིའི་ཕྱིར་མ་བསྟན་ཅེ་ན། གལ་ཏེ་དོན་དེ་དག་འདིར་ཚིག ་ཏུ་མ་སྨོས་པ་ཅིའི་ཕྱིར་ཞེས་འདྲ་ནི་ནི་ཁོ་བོས་ཀྱང་སླར་དྲི་སྟེ་དེ་དག་ཏུ་ཡང་རྒྱས་པའི་ཡུམ་འདིའི་ཚིག་སེམས་བསྐྱེད་པ་ལ་སོགས་པ་ཅིའི་ཕྱིར་སྨོས་པ་མ་མཛད། གལ་ཏེ་དོན་གྱིས་དབང་དུ་བྱས་ཏའོ་ཞེ་ན། དེའི་ཚེ་ནི་ཁ་དོག་ནི་རྒྱུས་བསྡུས་པ་དང། ཁ་ཅིག་ནི་འབྲས་བུས ་བསྡུས་པ་དང། ཁ་ཅིག་ནི་གྲོགས་ཀྱིས་བསྡུས་པ་དང། ཁ་ཅིག་ནི་རྣམ་གྲངས་ཀྱིས་བསྡུས་པ་དང། ཁ་ཅིག་ནི་ཆེད་དུ་མ་བཅལ་བ་ཡང་ཤུགས་ཀྱིས་འདུ་བའི་ཕྱིར་རྩོད་པ་དེའི་གནས་མེད་ལ། གཞུང་རྣམས་ཕན་ཚུན་བལྟོས་བ་དང་བཅས་པས་ལྕགས་སྒྲོག་གིས་འཆིང ་བ་ལྟ་བུ་ཡིན་པས་ན་འདི་ལས་མ་བསྟན་པ་རྣམས་ནི་དེ་དང་དེ་ཉིད་ལ་གཟུང་བར་དགོངས་ཏེ། མ་བསྟན་པས་ཀྱང་ཉེས་པ་མེད་ལ། རྣམ་པ་གཞན་ཡང་གདུལ་བྱ་རྣམས་ཁམས་དང་མོས་པ་སྣ་ཚོགས་པའི་ཕྱིར་ཞེས་སྔར་ནན་ཏན་དུ་སྨྲས་པར་ཟད་དོ། །དེ་ལྟར་ཇི་སྐད་དུ ་བསྟན་པའི་རིམ་པས་ལེགས་པར་སྨྲས་པ་ནི་དགེ་མོད་ཀྱི། རྣམ་པར་རྟོག་པ་གཞན་ཉེ་བར་གནས་ཏེ། སྦྱོར་བའི་ལམ་ལ་སོགས་པ་རྣམ་པ་རེ་རེ་ཡང་ལན་དུ་མར་བསྟེན་པ་དེ་དག་བར་དུ་རྣམ་པ་གཞན་གྱིས་ཡོངས་སུ་མ་བཅད་པ་འདི་ནི་མི་བསྟན་པ་འདིའི་དགོས་པ་ཅི་ཞེ་ན ་འདི་ནི་སྔར་སྐྱེ་བོ་མ་ཐོས་པ་རྣམས་ཀྱི་ཕྱིར་བར་བར་དུ་ཡོངས་སུ་བསྟན་པར་ཅད་ཅེར་བྱ་བ་དང། སྔར་འཇིག་རྟེན་པའི་ལམ་ནས་འཇིག་རྟེན་ལས་འདས་པའི་ལམ་གྱི་བར་དུ་རིམ་གྱིས་འཇུག་པ་དང། དེ་ལྟར་ཞུགས་ཏེ་བསྒོམ་པའི་ལམ་ལ་ནི་སྔར་ཇི་ལྟར ་ཞུགས་པ་ཁོ་ན་ལ་རབ་ཏུ་ཞན་པ་རྣལ་འབྱོར་དུ་བྱེད་དོ་ཞེས་བསྟན་པ་དང། སྐབས་རེ་རེ་འམ་ངག་རེས་ལ་ཡང་དོན་ཐམས་ཅད་རྫོགས་པར་བསྟན་པས་ཞི་གནས་ལས་མི་ཉམས་པར་བྱ་བའི་ཕྱིར་ཏེ། གཞུང་གང་དག་ལས་ཞི་གནས་ཀྱི་ཡོན་ཏན་བསྟན་པའི་དབང་དུ་བྱས ་ཏེ། བསྟན་པའི་ཆོས་ཐམས་ཅད་བྱེ་བྲག་མེད་པར་རོ་གཅིག་པར་ལྷག་པར་མོས་ཏེ་མཉམ་པར་འཇོག་ཅིང་ཕུང་པོ་ལ་སོགས་པ་དོན་གྱི་རྣམ་པ་ཐ་དད་པའི་འདུ་ཤེས་དང་བྲལ་བས་མདོ་ལ་སོགས་པའི་ཆོས་ཀྱི་དགའ་བ་ལ་དགའ་བ་ཐོབ་བོ་ཞེས་བསྟན་ལ། འཕགས ་པ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མདོ་རྣམས་བསྟན་ཀྱང། མདོ་གཅིག་གི་རང་བཞིན་གཅིག་ཏུ་ཐམས་ཅད་གནས་པར་བསྟན་པ་ཡང་དོན་གྱི་དབང་འདི་ཉིད་ལ་དགོངས་པར་ཟད་དོ། །དེའི་ཕྱིར་རིམ་པ་འཁྲུགས་པར་བསྟན་པ་ནི ་འཁྲུགས་པ་ཡང་ཡིན་པས་ཕྱོགས་གཅིག་ཏུ་བྱ་ལ་ཡང་ན་ཇི་ལྟར་བསྟན་པ་ལྟར་དེ་ཉིད་ངེས་པར་བཟུང་གི་འདི་ལ་གོ་རིམ་བཞིན་བསྟན་པ་ནི་ཅི་ཡང་མེད་དོ་ཞེས་ཤེས་པར་བྱའོ། །ད་ནི་ཚིག་ལེའུར་བྱས་པ་དང་འགྲེལ་པའི་གཞུང་གི་དོན་གཞན་རྣམས་བསྟན་པར་བྱ་སྟེ། ་འཕགས་པ་མི་ཕན་པའི་ཞལ་སྔ་ནས་ཚིག་ལེའུར་བྱས་པ་འདིས་ཅིའི་ཕྱིར་གླེང་གཞི་ལེའུ་མ་བསྡུས། དེ་བཞིན་དུ་རྗེ་བཙུན་ཉིད་ཀྱིས་ཞུས་པའི་ལེའུ་ལ་སོགས་པ་ཡང་མ་བསྡུས་ཞེ་ན། དང་པོར་གླེང་གཞིའི་ལེའུ་ནི་རྒྱལ་བའི་ཡུམ་འདི་ཇི་ལྟར་བྱུང་བར་གྱུར་པའི ་འཁོར་འདུས་པ་ལ་སོགས་པ་བསྟན་པ་ཡིན་པས་རབ་ཏུ་རྟོགས་པར་སླ་ཞིང་གདུལ་བྱ་རྣམས་ཀྱི་རང་དང་གིས་རྟོགས་པར་ནུས་བཞིན་དུ་ཡང་བསྟན་པ་ནི་ཇི་སྐད་དུ་བཤད་པའི་དགོས་པ་ལ་སོགས་པ་དང་མི་ལྡན་པས་བློ་དང་ལྡན་པ་དག་འབད་པའི་གནས ་མ་ཡིན་ནོ། །དེའི་འོག་ཏུ་སེམས་བསྐྱེད་པའི་ལེའུ་ལ་སོགས་པའི་ལེའུ་གྲངས་ལྷག་མ་ཆོས་ཉིད་འགྱུར་བ་མེད་པའི་མཐར་ཐུག་པ་ནི་རབ་ཏུ་རྟོགས་པར་དཀའ་བས་ན་ཐོག་མར་བཤད་པའི་དགོངས་པས་ལེའུར་བྱས་པ་དང་སྦྱར་ཏེ་བསྟན་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་ཨི ་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ནི་མཚན་ཉིད་གསུམ་གྱི་དབྱེ་བས་དོན་དམ་པའི་བདེན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་སྙིང་པོའི་དོན་ཐེག་པ་ཅིག་ཉིད་དང་རིགས་གཅིག་ཉིད་དུ་བསྟན་པ་ཡིན་ལ། སྙིང་པོའི་དོན་མདོ་སྡེ་ཟབ་མོ་དུ་མ་འཕགས་པ་འཇམ་དཔལ་གྱི་མན་ངག ་ལ་སོགས་པ་ལས་ཀྱང་གསལ་པོར་བསྟན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་དབུ་མ་ཤེས་རབ་ལ་སོགས་པར་གསལ་བར་མཛད་པས་འདིར་བསྟན་མི་དགོས་སོ་ཞེས་དང་པོར་བསྟན་ཏོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་དུ་བའི་ལེའུ་དང། འཕགས ་པ་ཆོས་འཕགས་ཀྱི་ལེའུ་དག་ནི་སློབ་མ་དང་དགེ་བའི་བཤེས་གཉེན་གྱི་ཚུལ་བསྟན་པ་སྟེ། གདུལ་བྱ་མ་འོངས་པ་རྣམས་ལ་དེ་ལྟར་བསླབ་པའི་ཆེད་དུ་སྔོན་བྱུང་བ་བསྟན་པ་སྟེ་གོ་བར་སླའོ། །ལེའུ་ཐ་མ་ནི་གཞུང་ཉེ་བར་བསྡུ་བའི་ཚུལ་རྒྱས་པ་སྟ་དེའི་ཕྱིར་དེ་དག་ཚིག་ལེའུ ་བྱས་པ་དང་མ་སྦྱར་རོ་ཞེས་ཤེས་པར་བྱའོ། །དེ་ལྟ་ན་གཞུང་མ་ལུས་པ་སྐབས་ཀྱི་དོན་དུ་མི་བསྡུར་མི་འཐད་བ་ནི་མ་ཡིན་གྱི། མདོའི་དོན་རྟོགས་དཀའ་བ་ཙམ་ཞིག་སྐབས་ཀྱིས་བསྡུས་པར་ཟད་དོ། །དེ་ནི་ད་ལྟ་ན་ཇི་ལྟར་སྦྱར་བའི་སྐབས་ཀྱི་དོན་སྟོན་པའི་ཚིག་རྣམས ་དང། ཚིག་ལེའུ་བྱས་པ་སྦྱར་བའི་རིམ་པ་ཇི་ལྟར་ཞེ་ན། འདི་ནི་རྒྱལ་བའི་ཡུམ་བར་མའི་དབང་དུ་བྱས་ཏེ་འཕགས་པ་རྣམ་པར་གྲོལ་བའི་སྡེས་སྦྱར་བ་ཡང་དག་པར་མཛད་ལ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་མདོར་བསྡུས་པའི་ཡུམ་བརྒྱད་སྟོང་པ་དང་ལེགས ་པར་སྦྱར་ཞིང། སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱང། རབ་ཏུ་བསྡུས་པའི་ཚིགས་སུ་བཅད་པ་རྣམས་དང་ཚིག་ལེའུར་བྱས་པ་དང་སྦྱར་ཏེ། དེ་དག་ལ་བརྟན་ཏེ་རྒྱལ་བའི་ཡུམ་མ་ལུས་པར་སྦྱར་བར་ནུས་པས་ན་ཡིད་འདིར་སྦྱར་བའི ་དལ་བ་ནི་མི་བྱའོ། །དེ་ལྟར་ཡང་དག་པར་སྦྱར་བའི་གནས་སུ་ཁ་ཅིག་ནི་མན་ངག་གི་ཚིག་དང་མདོའི་ཚིག་སྦྱར་བར་འཐད་པ་ཉིད་དུ་སྣང་ན། གང་ཡང་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་སྦྱིན་པ་དང་གཏོང་བ་དང་ཡོངས་སུ་ལན་པ་དམིགས་སུ་མེད་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཞེས་པ་ལ་སོགས ་པ་བསམ་པ་སྟེ་གསེར་བཟང་པོ་ལྟར་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་མི་འགྱུར་བའོ་ཞེས་པ་ལ་སོགས་པ་འདི་དག་ལ་ཁ་ཅིག་ན་དེ་ངེས་པར་བྱེད་ནུས་པ་མ་ཡིན་པ་དག་རྒྱུ་མཚན་གང་གིས་མན་ངག་གི་ཚིག་དང་སྦྱར་པར་འགྱུར། གཞན་ཡང་དྲོ་བར་གྱུར་པའི་གནས་སྐབས་སུ་བུད་མེད་དུ་ནི་མི་སྐྱེ་བར་བརྗོད་པ་ལ་སོགས་པ་མདོའཚིག་གང་དག་མན་ངག་གི་གཞུང་གིས་མ་བསྡུས་པ་རྣམས་ནི་ཇི་ལྟར་བརྗོད་པར་བྱ། ཡང་མདོ་སྡེའི་གླེགས་བམ་ཁ་ཅིག་ལས་མན་ངག་གི་བསྟན་བཅོས་སུ་སྨོས་པ་རྣམས ་ནི་སྣང་བ་ཡང་གང་དུ་སྦྱར་ཞེ་ན། གང་དང་གང་དུ་མན་ངག་གི་ཚིག་དང་མདོའི་ཚིག་སྦྱར་བར་བྱ་བ་ལ་ངེས་པར་བྱེད་པའི་རྒྱུ་མཚན་མེད་པ་ལྟར་གནས་པ་ནི་འགའ་ཞིག་ཏུ་ཟད་དོ། །དེ་དག་ཏུ་ཡང་སྦྱར་བའི་རྒྱུ་མཚན་ནི་གཉིས་ཏེ། ཁ་ཅིག་སྦྱར་བར ་རིག་པ་དག་མ་སྦྱར་བ་ནི་དེའི་ལྷག་མ་ནི་དེ་དང་མ་སྦྱར་བར་ཤུགས་ཉིད་ཀྱིས་གསལ་ཏེ། ཤུགས་ནི་འགྲེལ་པ་སྟེ་དངོས་སུ་བརྗོད་པ་ལ་གཙོར་མ་གྱུར་པའི་ཕྱིར་རོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་ལྟར་སྦྱར་བའི་ལུང ་བཅོམ་ལྡན་འདས་བྱམས་པ་འདི་ལ་མདའོ་ཞེས་ཀྱང་ཤེས་པར་བྱ་སྟེ། འདི་ནི་རྒྱལ་ཚབ་ཏུ་དབང་བསྐུར་བས་དམ་པའི་ཆོས་ཀྱི་མཛོད་གཞན་གྱིས་བལྟ་བར་བྱ་བ་མ་ཡིན་པ་ལ་ཕའི་ལུང་གིས་སྤྱོད་པའི་ཕྱིར་རོ། །དེའི་ཕྱིར་གང་དུ་རྒྱུ་མཚན་མེད་པ་ལྟར ་སྣང་བ་ཡང། །ལ་ལ་ལས་དོན་གཞན་ལས་ཚིག་།གཞན་ལས་རྣམས་གྲངས་མིང་གིས་དེ་ཞེས་བསྟན་པའི་ཚུལ་གྱིས་ན་ཐུབ་པ་ཆེན་པོ་དོན་བྱེད་དང་དེ་སྟོན་པའི་མཚན་མ་ཙམ་གྱི་ཚིག་ཏུ་བསྟན་པར་ངེས་པར་ཤེས་པར་བྱ་ཏེ། འཇིག་རྟེན་ཡང་རེས་འགའ་ ་ནི་དངོས་པོ་ཁ་ཅིག་ཚིག་དང་མིང་གི་རྣམ་གྲངས་དང། རྒྱུ་དང། འབྲས་བུ་དང། ལས་ལ་སོགས་པས་ཞི་བ་མོར་སྟོན་ཅིང། ཁ་ཅིག་ཏུ་ནི་དངོས་པོ་ལ་ལ་བརྡ་ཙམ་གྱིས་སྟོན་ཅིང་དེ་བསྟན་པར་ཡང་འགྱུར་བ་བཞིན་ནོ། །དེ་བས་ན་ཡུམ ་རབ་ཏུ་བསྡུས་པ་ལ་སོགས་པའི་ཚིག་ཁ་ཅིག་ལ་ངེས་པ་ཁོ་ན་རྒྱུ་མཚན་མཐུས་བཙལ་བར་ནི་མི་བྱའི་ཐུབ་པ་ཆེན་པོའི་གསུང་གི་ཕྱག་རྒྱ་དོན་རྒྱ་ཆེན་པོའི་བྱ་བ་ལ་ཉེ་བར་གནས་པ་ཙམ་དུ་ཤེས་པར་བྱའོ། །མདོའི་ཚིག་གང་དག་མན་ངག་ཏུ་མ་བསྡུས་པ་དྲོ་བར་གྱུར་པའི ་གནས་སྐབས་སུ་བུད་མེད་དུ་མི་སྐྱེ་བར་མདོ་ལས་བསྟན་པ་ལ་སོགས་པ་ཁ་ཅིག་ནི་བཟླས་བསྡུས་པས་རང་གི་སྐབས་དེར་གཏོགས་པར་ཤེས་པར་འགྱུར་རོ། །ཁ་ཅིག་ནི་གཙོ་བོས་ཡན་ལག་བསྡུས་པ་སྟེ་རྒྱལ་པོ་གཤེགས་པར་བརྗོད་པ་ལྟ་བུའོ། །ཁ་ཅིག་ནི་སྐབས ་བརྒྱད་ཀྱི་གཞུང་གི་ཁོངས་སུ་བསྟན་པ་ཡང་གོ་སླ་བས་ན་ཆེད་དུ་བསྡུས་པ་མེད་དེ། དགེ་སློང་རབ་ཏུ་མང་པོ་ལུང་བསྟན་པ་ལ་སོགས་པ་སྟེ། དེ་ལྟར་རང་གི་བློ་དྲི་མ་མེད་པས་ཅི་རིགས་སུ་རྗེས་སུ་དཔག་གོ་ཚིག་ལེའུར་བྱས་པར་སྨོས་པ་ཁ་ཅིག་མདོའི་གླགས ་བམ་ལ་ལ་ལས་མི་སྣང་བ་ནི་གཞུང་རབ་ཏུ་རྒྱས་པ་འདི་དག་ནི་འདྲི་བ་ལ་སོགས་པ་དཀའ་བས་འགྲུབ་པར་འགྱུར་བ་དང། ལྔ་བརྒྱ་ཐ་མལ་འགྲོ་བ་རྣམས་ནི་བློའི་སྟོབས་རབ་ཏུ་ཆུད་པའི་ཕྱིར་ལུང་གི་ཚིག་རབ་ཏུ་ཉམས་པར་ཟད་ཀྱི། འདི་ལ་ལོག་པར་བསྟན་པ ་དྲི་མ་མི་བསམ་སྟེ། བཅོམ་ལྡན་འདས་བྱམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏན་ལ་ཕབ་པའི་ཕྱིར་རོ། །དེ་ལྟར་དེ་དག་ནི་གཞུང་རྣམ་པ་གཉིས་ཀྱི་ཚུལ་བརྗོད་པ་མདོར་བསྡུས་པའོ། །ད་ནི་ཡན་ལག་གཉིས་པའི་དོན་མདོར་བསྡུས་པ་མངོན་པར ་བརྗོད་པར་བྱ་སྟེ། དེ་ཡང་རེ་ཞིག་སྙིང་པོའི་དོན་བསྒོམ་པ་དོན་དམ་པའི་བདེན་པ་གཙོ་བོར་བྱས་པ་དང། མངོན་པར་རྟོག་པའི་དོན་ཡིད་ལ་བྱ་བ་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་པའོ། །དེ་ནི་སྙིང་པོའི་དོན་བསྒོམ་པའི་དབང་དུ ་བྱས་ཏེ། སློབ་དཔོན་གྱི་ཞལ་སྔ་ནས་རྩེ་མོའི་མངོན་པར་རྟོགས་པའི་སྐབས་སུ་དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་བདག་མེད་དོ་སྙམ་དུ་བསྒོམ་པས་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་བ་དེ་ཡི་དབེན་པའི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར ་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ་སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་མེད་དོ་ཞེས་ཡིད་ལ་བྱེད་ཅིང། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་མངོན ་པར་ཞེན་པ་ཡོངས་སུ་མ་བོར་བས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ། གཟུང་བ་མེད་ན་འཛིན་པ་མེད་དོ་སྙམ་དུ་ངེས་པར་བསམ་ཞིང། འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ། གཉིས་སུ་མེད་པའི་ཡེ་ཤེས ་དེ་འབའ་ཞིག་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པ་སྟེ། ཡང་དག་པར་ན་གཅིག་ཏུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བརྟགས་པའི ་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་བསྒོམས་ཏེ། སྒོམ་པའི་སྟོབས་གྲུབ་བ་ན་ཁ་ཅིག་གང་ལ་ནོར་བུ་དང་དངུལ་ལ་སོགས་པའི་ཆོག་ཤེས་པ་བཞིན་དུ་འཁྲུལ་པའི་མཚན་མ་མཛའ་དག་སྤངས་པ། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་བར་མི་རྟོག ་པ་སོ་སོ་རང་གིས་རིག་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན་རྣལ་འབྱོར་བས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ། །དེ་ལྟ་མ་ཡིན་ཏེ་དུས་ཐམས་ཅད་དུ་ནམ་མཁའ་རྫས་མེད་བ་ཙམ་གྱི་ངོ་བོ་འཛིན་པ་བཞིན་དུ་སྐྱེད་དུ་མེད་པ་དང་སྤང་དུ་མེད་པའི་རང་གི་ངོ་བོ་འཛིན་པའི་ཕྱིར་སྐད་ཅིག་མའི་ཆོས་ཤེས ་པ་ཙམ་གྱི་ངོ་བོ་དང་ཤེས་བྱའི་མཚན་ཉིད་རྣམས་གལ་ཏེ་དོན་དམ་པར་ཡོད་པ་ཞིག་ཏུ་གྱུར་ན་དེའི་ཚེ་གཉེན་པོ་བསྒོམས་པས་ནམ་མཁའ་བཞིན་དུ་དེ་དག་ལ་ཅུང་ཟད་ཀྱང་མི་བྱེད་དོ། །དེའི་ཕྱིར་གཞན་དག་གིས་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་མི་ལྡོག ་པས་བཅོམ་ལྡན་འདས་ཀྱི་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་སྤངས་པ་གང་ཡིན་པ་དང། ཆོས་རྣམས་ཀྱང་ཡོད་པར་ཁས་ལེན་པ་གང་ཡིན་པ་དེ་ནི་ཕན་ཚུན་འགལ་བའི་དོན་ཁས་ལེན་པས་ཁོ་བོས་ཡ་མཚན་དུ་བརྩིས་སོ། །ཞེས་བྱ་བ་ཡིན ་ནོ་ཞེས་ལོག་པར་རྟོགས་པའི་ཕྱོགས་སྨད་པ་དང་བཅས་པར་བརྗོད་པ་འདི་ལ་བརྟེན་ཏེ་མ་བསྒོམ་པ་འམ། ཡང་ན་སློབ་དཔོན་བྱང་ཆུབ་སེམས་དཔའ་ཀ་མ་ལ་ཤི་ལའི་ཞལ་སྔ་ནས་རྣམ་པར་སྦྱར་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི ་མན་ངག་མདོར་བསྡུས་པ་ལས་ཇི་སྐད་དུ་བསྟན་པའི་མན་ངག་ལ་བརྟེན་ཏེ་བསྒོམ་པར་བྱའོ། །སྙིང་པོའི་དོན་དང་མངོན་པར་རྟོགས་པའི་དོན་གཉི་ག་དག་ལ་ཡིད་ལ་བྱས་པའི་མཐར་སློབ་དཔོན་གྱི་ཞལ་སྔ་ནས་སྦྱར་བའི་རྒྱལ་བའི་ཡུམ་འདིའི་བསྟོད་པ་རྣམ ་པར་མི་རྟོག་པར་བསྟོད་པ་ཞེས་བྱ་བ་ཡིད་བཏུད་པས་གུས་པར་བརྗོད་པར་བྱའོ། །གང་གི་ཚེ་མཉམ་པར་མ་བཞག་པ་དེའི་ཚེ་མངོན་པར་རྟོགས་པ་མ་ལུས་པ་བསྡུས་པར་གྱུར་པའི་རིམ་པ་རབ་ཏུ་གསལ་བའི་ཤེས་པ་གཉིད་དང་རྨུགས་པ་ལ་སོགས་པ་བསལ? ་ཅིང། ཡིད་ནང་དུ་བསྡུས་པས་རིམ་པ་བཞིན་དུ་རྣམ་པར་བསམས་ཏེ། དེ་ནས་སྐྱོན་བཞི་བཅུ་རྩ་དྲུག་ལ་སོགས་པ་ནི་རྣམ་པར་སྤང་པར་གོ་ཆ་བགོ་བར་བྱའོ། །ཡོན་ཏན་རྣམས་ཡིད་ལ་དྲན་པས་དབུགས་དབྱུང་བར་བྱའོ། །རྣམ་པ་དང་མཚན ་ཉིད་ལ་སོགས་པ་རྣམས་ན་མ་འདྲེས་པར་ཤེས་པར་བྱའོ། །དེ་ནས་དུབ་པ་དང་བྲལ་བ་ན་སླར་ཡང་སྤོང་བའི་འདུ་བྱེད་བརྒྱད་ཀྱིས་བསམ་གཏན་གྱི་སྐྱོན་རྣམ་པ་ལྔ་སྤངས་ལ་སྙིང་པོའི་དོན་བསྒོམ་པར་བྱ་སྟེ། དེ་ལྟར་ཡང་དག་པར་ཞུགས་པའི་རིགས ་ཀྱི་བུ་དགེ་བའི་བཤེས་གཉེན་ནམ་ཡང་མི་འདོར་བ་དེ་ནི་རིང་པོ་མི་ཐོགས་པར་ཚོགས་ཀྱི་ལམ་ལ་སོགས་པ་སྤྱངས་ཏེ་བདེན་པ་མཐོང་ནས་ཆོས་ཀྱི་རྒྱལ་པོ་གཅིག་བུའི་གོ་འཕང་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་ཡང་དག་པར་བརྩོན་པའི་རིགས ་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས། འཇིག་རྟེན་རྒྱང་པན་པའི་གཙུག་ལག་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་ཞིང་ཡིད་འབྱུང་བ་དང། སེམས་རྣམ་པར་དག་པར་མི་འགྱུར་བའི་གཞུང་ལ་ཀློག་པ་ལ་སོགས་པ་སྤངས་ཏེ་ཉིན་གཅིག་བཞིན་དུ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་ཡི་གེ་རབ་ཏུ་གསལ་བ་ཅི་ནུས་སུ་ཀློག་ཅིང་ལྷ་དང་ཀླུ་ལ་སོགས་པ་ལ་ཆོས་ཀྱི་སྦྱིན་པ་རྒྱས་པར་བྱའོ། །རང་གི་ཆོ་ག་དང་འདུལ་བ་དང། བྱ་བའི་ངེས་པ་གང་ཡིན་པ་རྣམས་ལས་ཀྱང་མི་འདའ་བར་བསྲུང་བར་བྱའོ། །ད ་ནི་མངོན་པར་རྟོགས་པའི་དོན་ཡིད་ལ་བྱ་བ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡིད་ལ་སྤྲོ་བར་བྱ་བ་དང་ཤེས་བྱ་ལ་ཡང་མ་རྨོངས་པར་བྱ་བའི་ཕྱིར་སྙིང་པོའི་དོན་བསྒོམས་པར་བྱེད་པ་བཏང་བ་ན་ཡང་འདུ་འཛི་དང་བྲལ་བའི་གནས་སུ་སྐྱིལ་མོ་ཀྲུང་དྲང ་བོར་བཅས་ཏེ་འདུག་པ་འམ་ཡང་ཇི་ལྟར་བདེ་བས་ཀྱང་རུང་སྟེ་སྟན་བདེ་ཞིང་འཇམ་པ་ལ་ཉེ་བར་འདུག་ལ་ཆོས་ཀྱི་ཕུང་པོ་ཇི་སྙེད་པ་ནི་རྒྱལ་བའི་ཡུམ་འདིར་སྙིང་པོ་བསྡུས་པའོ་ཞེས་བསམས་ཏེ། དེ་ནས་རྒྱལ་བའི་ཡུམ་ཡིད་ལ་བྱ་བ་ནི་ལམ་དང་འབྲས ་བུ་གཉིས་སུ་རྣམ་པར་ཕྱེ་སྟེའོ། །དེ་ལ་དང་པོར་ལམ་ཡིད་ལ་བྱ་བ་ཡིན་ཏེ་དེ་ཡང་ཚོགས་དང། སྦྱོར་བ་དང་མཐོང་བའི་ལམ་དང། སྒོམ་པའི་ལམ་རྣམས་གཅིག་ནས་ཕྱེ་སྟེ་རྟོགས་པར་ཡིད་ལ་བྱའོ། །དེ་ལ་དང་པོ་ཚོགས་ཀྱི་ལམ་གྱི་དབང་དུ་བྱས་ཏེ་དེ་ནི ་ཐ་དད་པའི་དོན་དང་རྣམ་པར་དབྱེ་བ་སྟེ། མིང་ཐ་དད་པའི་དོན་དབང་དུ་བྱས་ཏེ་དེ་ནི་ཚོགས་ཀྱི་ལམ་དང། ལས་དང་པོ་པའི་ས་དང། དད་པའི་ས་ཞེས་བསྒགས་པའོ། །རྣམ་པར་དབྱེ་བའི་དབང་དུ་བྱས་ཏེ་དེ་ནི་ཕལ་པ་དང་ཁྱད་པར་ཅན་གྱིས་རྣམ་པ ་གཉིས་སོ། །ཕལ་པ་ཉེ་བར་བཟུང་སྟེ་དེ་ཕལ་པར་བཞག་པའི་རྒྱུ་མཚན་ཉིད་དང། ངོ་བོ་ཉིད་བསྟན་པར་བྱང་ཆུབ་ཀྱི་ཕྱོག་དང་མཐུན་པ་དང་རབ་ཏུ་སྦྱར་བ་དང། རྣམ་པའི་དབང་དུ་ནི་དེ་དག་ཉིད་དངོས་པོ་ཡོངས་སུ་རྟོགས་པའི་ལམ་དང། རྩོལ་བའི་ལམ་དུ་བསྡུས ་པ་ལས་དབྱེ་བ་དང། སེམས་བསྐྱེད་པའི་དབྱེ་བ་ལས་ནི་འདུན་པ་དང། བསམ་པར་བརྗོད་པ་དང། གདམས་ངག་ལས་ནི་སྒྲུབ་པ་དང། དཀོན་མཆོག་གསུམ་དང། མ་ཞེན་པ་དང། ཡོངས་སུ་མི་ངལ་བ་དང། ལམ་ཡོངས་སུ་འཛིན་པ་དག་བདེན་པའི ་ཕྱོགས་ཙམ་པར་བརྗོད་པ་དང། དམིགས་པ་དང་ཆེད་དུ་བྱ་བ་རྣམས་རིལ་གྱིས་སྦྱར་བ་དང། མཚན་ཉིད་ལ་མ་ལུས་པ་ཤེས་པར་བྱ་བ་དང། ཆོས་ཀྱི་སྐུའི་འཕྲིན་ལས་འགྲོ་བའི་རབ་ཏུ་ཞི་བ་དང་བསྡུ་བའི་དངོས་པོ་བཞི་དང། བླང་བ་དང་དོར་པར་བྱ ་པ་རྣམས་རྟོགས་པ་དང། དངོས་པོར་འཛིན་པ་ལ་ཅུང་ཟད་གྲོལ་བས་ཚད་མེད་པ་བཞི་བསྒྲུབ་པ་དག་དང་དེའི་རྟགས་ཏེ། དེ་ལྟར་ན་དེའི་ངོ་བོ་ཉིད་དང། རྣམ་པ་དང། མཚན་ཉིད་དང། སེམས་བསྐྱེད་དང། གདམས་ངག་དང། དམིགས་པ་དང ་ཆེད་དུ་བྱ་བ་དང། ཐུབ་པ་ཆེན་པོའི་ཕྲིན་ལས་ཡང་དག་པར་སྦྱར་བ་དང། རྟགས་དག་སྟེ་རྣམ་པ་དགུས་ཡིད་ལ་བྱའོ། །དེ་ལ་རྟགས་ཀྱི་དབང་དུ་བྱས་ཏེ་དེ་ནི་མདོ་དེ་དང་དེ་ལས་རྣམ་པ་དུ་མ་བསྟན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས ་ཀྱང། སོ་སོའི་སྐྱེ་བོ་ཉིད་ནའང་སྟོང་ཉིད་ཐོས། །ནང་གི་དགའ་བ་ཡང་དང་ཡང་དུ་འབྱུང། །དགའ་ལས་བྱུང་བའི་མཆི་མས་མིག་ནི་རླན། །ལུས་ཀྱི་སྤུ་རྣམས་ལྡང་བ་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཕྲིན་ལས་དང་སྦྱར་བ ་ནི་བདག་ཅག་ལམ་ཡང་དག་པ་ལ་ཞུགས་ཤིང་ལོག་པའི་ལམ་དུ་མ་ཞུགས་པ་ནི་རྗེ་བཙུན་སངས་རྒྱས་ཀྱི་མཐུའོ་ཞེས་ཞེས་པར་སྟོན་པ་ལ་དྲིན་དུ་བཟོ་བས་དཀའ་བཞིན་དུ་བྱེད་པ་ལ་འཇུག་པའི་ཡན་ལག་ཏུ་འགྱུར་བ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ ་སོགས་པ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་སོ་ཞེས་ནི་ལུང་གིས་དང་པོར་བསྟན་ཅིང་ལན་དུ་མཆོད་པའི་ཚུལ་ཡང་སྔར་དེ་ཉིད་དུ་བསྟན་ཏེ། དོན་འདི་ལས་བསམས་ཏེ་སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་ཀྱང། དེའི་ཕྱིར་ལོག་པར་བསྟན ་པ་ཡི། །གྲུབ་མཐར་འཚལ་བའི་བློ་ཅན་ལ། །དེ་ལུགས་རྗེས་འཇུག་སྐྱེ་བོ་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེ། །བློ་ནོར་ལྡན་པས་ལུགས་གཞན་ལས། །ཇི་ལྟར་སྙིང་པོ་མེད་མཐོང་བ། དེ་ལྟར་དེ་དག་སྐྱོབ་པ་ལ། །གུས་པ་ཤིན་ཏུ་སྐྱེ་བར་འགྱུར ་ཞེས་བཤད་དོ། །ཚོགས་ཀྱི་ལམ་ཁྱབ་པར་ཅན་གྱི་དབང་དུ་བྱས་ཏེ། ཡང་མིང་ཐ་དད་པའི་དོན་དང། ངོ་བོ་བསྟན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལས་རྫུ་འཕྲུལ་གྱི་རྐང་པ་བཞིའི་བདག་ཉིད་དང། དེ་ཉིད་དང་རྣམ་པའི་དབང་དུ་བྱས་ཏེ་ཏིང་ངེ ་འཛིན་ཡོངས་སུ་སྦྱོང་པའི་ལམ་ལས་དབྱེ་བ་དང། སེམས་བསྐྱེད་པ་ལས་ནི་ལྷག་པའི་བསམ་པ་ཉིད་དང། གདམས་ངག་དང་དམིགས་པ་དང། ཆེད་དུ་བྱ་བ་ལས་སྔ་མ་ལྟ་བུ་དང། མཚན་ཉིད་དག་ཀྱང་མ་ལུས་པར་ཤེས་པར་བྱ་བ་དང། སྐབས ་བཞི་པ་ལས་རང་གི་ངོ་བོ་ཇི་སྐད་དུ་བསྟན་པས་ལེགས་པར་བཤད་པ་དང། རྣམ་པར་དབྱེ་བ་དང། རྟགས་དང། །ཐུབ་པའི་དབང་པོའི་བྱིན་གྱིས་རླབས་དང་སྦྱར་བ་དག་གིས་བསྟན་ཏེ། དེ་ལ་མིང་ཐ་དད་པའི་དོན་གྱི་དབང་དུ་བྱས་ཏེ་ནི་ཚོགས་ཀྱི་ལམ ་ཁྱད་པར་ཅན་དང། ཐར་པའི་ཆ་དང་མཐུན་པ་དགེ་བའི་རྩ་བ་ཞེས་གྲགས་སོ། །ཁྱད་པར་དུ་བཞག་པའི་རྒྱུ་མཚན་འདི་ནི་འདི་ནི་མ་ངེས་པའི་ཕྱིར་མི་ལྡོག་པ་ཞེས་བྱ་བའི་ཚུལ་གྱིས་སོ། །རྣམ་པར་དབྱེ་བ་ནི་གནས་སྐབས་སུ་རྟོགས་པ་དང། མོས་པ་ལས ་གྱུར་པ་དང། ལྷག་པར་འདོད་པ་ལས་གྱུར་པ་དང། འཐོབ་པ་ལས་གྱུར་པ་སྟེ་རྣམ་པ་བཞིའོ། །རྟགས་ཀྱི་དབང་དུ་བྱས་ཏེ་ནི་ཆོ་དང་ལུས་དང་རྫུ་འཕྲུལ་དང་བྱིན་གྱིས་བརླབས་ལ་དབང་བ་སྟེ་འབྲས་བུའི་རྟགས་སོ། །རང་བཞིན་གྱི་དབང་དུ་བྱས་ཏེ་ནི་ཐམས ་ཅད་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱའོ། །ཐུབ་པའི་དབང་པོའི་བྱིན་གྱིས་བརླབས་ཀྱི་དབང་དུ་བྱས་ཏེ། འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་གོམ་པར་བྱེད་པ་སྟེ་།དེ་ལྟར་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི ་རྩ་བ་ཡང་བསྟན་པའི་ཚུལ་རྣམ་པ་བཅུ་གཉིས་ཀྱིས་ཤེས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་སྦྱོར་བའི་ལམ་དང་མཐོང་བའི་ལམ་དང། སྒོམ་པའི་ལམ་ཐ་མལ་བ་དང། དེ་ཉིད་ཀྱི་ཁྱེད་པར་གྱི་ལམ་དང། དེ་ཉིད་སངས་རྒྱས་ཀྱི་སའི་བར་དུ་གྱུར་པ་དག? ་དང། ཡང་དང་པོ་གཞུང་རྣམ་པར་དབྱེ་བ་དང་བཅས་པའི་མན་ངག་གི་ལུགས་ངག་པའི་བཤེས་གཉེན་མཉེས་པར་བྱ་བས་ཐོས་པར་འགྱུར་བ་ནི་བདག་གིས་འདིར་བྲི་བར་མི་འཐད་པས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་ཆོ་གས?་ཡོངས་སུ ་རྫོགས་པར་བྱ་པའི་ཕྱིར་དགེ་བའི་བཤེས་གཉེན་མགུ་བར་གྱིས་ལ་སྙིང་པོ་བླང་བར་བྱོས་ཤིག་།དེ་ལྟར་ན་འཕགས་པ་མི་འཁྲུགས་པའི་སྔོན་གྱི་དམ་བཅས་པ་བསྟན་པ་ལ་སོགས་པའི་མདོ་ལ་སོགས་པ་དང། སེམས་ཅན་རྣམ་པར་དབྱེ་བ་མེད་པར ་ཆོས་ཀྱི་སྦྱིན་པ་བྱ་བར་བསྟན་པ་ལ་སོགས་པ་དང། འགལ་བར་འགྱུར་བ་མ་ཡིན་ནམ། དེར་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱ་བ་ལ་སོགས་པའི་ཡན་ལག་མ་བཤད་དོ་ཞེ་ན། དགེ་བའི་བཤེས་གཉེན་གྱི་སེམས་རྣམ་པར་དག་པ་སྟོན་པ་དེ་ནི་དེ་ལྟར ་འཐད་པར་འགྱུར་ཏེ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུའི་མདོ་ལ་སོགས་པ་ལས་ཟང་ཟིང་དང་འབྲེལ་པར་ཆོས་སྟོན་པ་ནི་བདུད་ཀྱི་ལས་ཡང་དག་པར་ཕུལ་ལོ་ཞེས་གསུངས་སོ། །ཉན་པའི་བྱང་ཆུབ་སེམས་དཔའ་ཨི་དབང་དུ་བྱས་ཏེ་ནི་བྱང་ཆུབ་སེམས་དཔའ་ ་ཐབས?་རབ་ཏུ་དུ་བས་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཕགས་པ་མཉེས་པར་བྱ་བའི་ཕྱིར་རང་གི་ཤ་དང་ཁྲག་དང་རྐང་ཡང་ཡོངས་སུ་བཏང་བའི་རྗེས་སུ་འབྲང་བར་བྱའོ། །དེ་བས་ན་འདིར་ཆོས་ཉན་པ་དང་ཆོས་སྒྲ་བ་དག་གི་ཚུལ་ཅུང་ཟད ་ཅིག་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཨི་ཆོས་ཉན་པར་བྱེད་པས་ཆོས་བཅུའི་བདག་ཉིད་དང་ལྡན་པར་བྱ་སྟེ། དེ་དག་ནི་ཇི་སྐད་དུ་གསུངས་པ། ཀྱེའི་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་ཡོངས་སུ་འཚོལ་བ ་སྟེ། བཅུ་གང་ཞེ་ན་འདི་ལྟར་གཡོ་དང་སྒྱུ་མེད་པས་བསམ་པ་ཐག་པར་ཆོས་ཡོངས་སུ་འཚོལ་བ་དང། བརྩོན་འགྲུས་ལྟོད?་བ་མེད་པར་སྲན་འཇུག་པས་བརྩོན་འགྲུས་ཀྱིས་ཆོས་ཡོངས་སུ་འཚོལ་བ་དང། ལུས་དང་སྲོག་ལ་མི་ལྟ་བར་ཆོས་ཡོངས་སུ་འཚོལ ་བ་དང། རྙེད་སྟོབས་དང་བཀུར་སྟི་དང་གྲགས་པའི་ཕྱིར་མ་ཡིན་གྱི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཆོས་ཡོངས་སུ་འཚོལ་བ་དང། བདག་འབའ་ཞིག་ལ་ཕན་པའི་ཕྱིར་མ་ཡིན་གྱི་བདག་དང་གཞན་དང་འགྲོ་བ་ཐམས་ཅད་ལ་ཕན་པའི ་ཕྱིར་ཆོས་ཡོངས་སུ་འཚོལ་བ་དང། ཆོས་ཀྱི་མདངས་ཀྱི་རས་ཚོང་བྱ་བའི་ཕྱིར་མ་ཡིན་གྱི། ཤེས་རབ་ལ་འཇུག་པའི་ཕྱིར་ཆོས་ཡོངས་སུ་འཚོལ་བ་དང། གོབ་ལོབ་ལ་དགའ་བའི་ཕྱིར་མ་ཡིན་གྱི་རབ་ཏུ་བརྟེན་པར་བྱ་བའི་ཕྱིར་ཆོས་ཡོངས་སུ་འཚོལ་བ ་དང། བྱང་ཆུབ་ཀྱི་སེམས་མ་བཏང་བས་སེམས་ཅན་རྣམས་ལ་སྙིང་རྗེའི་ཕྱིར་ཆོས་ཡོངས་སུ་འཚོལ་བ་དང། ཡིད་གཉིས་དགྲལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་བཅད་པའི་དོན་དུ་ཆོས་ཡོངས་སུ་འཚོལ་བ་དང། རློམ་སེམས་མེད་ཅིང་འདོད ་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བར་ཆོས་ཡོངས་སུ་འཚོལ་བ་དང་ཞེས་བྱ་བ་རྣམས་སོ། དེ་དེ་ལྟར་ཡོངས་སུ་ཆོས་འཚོལ་བ་ནི་དགེ་བའི་བཤེས་གཉེན་ཆོས་སྨྲ་པ་ལ་སེམས་བསྐྱེད་པ་བཅུ་ཡིས་ཉེ་བར་གནས་པར་བྱས་ཏེ། ་དེ་དག་ནི་ཇི་སྐད་དུ་གསུངས་པ། ཀྱེ་རྒྱལ་པའི་སྲས་བྱང་ཆུབ་སེམས་དཔའ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་དགེ་བའི་བཤེས ་གཉེན་རྣམས་ལ་རིམ་གྲོ་དང་བཀུར་སྟི་དང་གཉེན་བསྐུར་བྱའོ། །དེ་དགེ་བའི་བཤེས་གཉེན་རྣམས་ལ་རིམ་གྲོ་དང་བཀུར་སྟི་དང་བསྙེན་བཀུར་བྱེད་པའི་ཚེ་དགེ་བའི་བཤེས་གཉེན་རྣམས་ལ་སེམས་བསྐྱེད་པ་བཅུ་པོ་འདི་དག་བསྐྱེད་པར་བྱ་སྟེ། བཅུ་གང་ཞེ་ན། ་འདི་ལྟར་རིམ་གྲོ་བྱ་བའི་སེམས་དང། དཀྱེས་པར་བྱ་བའི་སེམས་དང། ཇི་སྐད་བསྒོ་བ་བཞིན་དུ་ནན་ཏན་བྱ་བའི་སེམས་དང། ཐུགས་མི་འབྱུང་བའི་སེམས་དང། རྣམ་པར་དཔྱོད་པ་དང་ཡོངས་སུ་འཁོལ་བ་ལ་སོགས་པ་ལ་ཇི་སྙམ་ཡང་མི་བྱེད་པའི་སེམས ་དང། གཅིག་ཏུ་ངེས་པའི་སེམས་དང། དགེ་བའི་རྩ་བ་ཐམས་ཅད་ལ་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པའི་སེམས་དང། སྨོན་ལམ་གཅིག་པའི་སེམས་དང། སྟོན་པའི་སེམས་དང། སྤྱོད་པ་མཚུངས་པར་ཡོངས་སུ་རྫོགས་པར་བྱ་བའི་སེམས་ཏེ། ཀྱེ་རྒྱལ་བའི ་སྲས་བཅུ་པོ་འདི་དག་ནི་ཉན་པ་དགེ་བའི་བཤེས་གཉེན་རྣམས་ལ་སེམས་བསྐྱེད་པ་རྣམས་སོ། །དེ་སེམས་བསྐྱེད་པ་བཅུ་པོ་འདི་དག་བསྐྱེད་པའི་ཚེ་ཡོངས་སུ་དག་པ་བཅུ་རབ་ཏུ་ཐོབ་པར་འགྱུར་ཏེ་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་རྒྱལ་བ་བསྐྱེད་མ་ལས། ཆོས་སྨྲ ་བ་དང། ཉན་པ་འགལ་བར་འགྱུར་བས་བདུད་ཀྱི་ལས་སུ་འགྱུར་བ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་ལ་སོགས་པར་འགྲོ་བའི་དབང་དུ་བྱས་པའི་ཚེ། ཡང་སློབ་མས་དགེ་བའི་བཤེས་གཉེན་གྱི་བཀའ་ནི་མི་འགོམ་གྱི་རང་གི་སྲོག་ལ་ནི་འགོམ་པར་བྱ་སྟེ། ་ཇི་ལྟར་བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་འཕགས་པ་ནོར་བཟང་མའི་གཡང་ས་ཆེན་པོར་མཆོད་པར་བྱ་བའི་ཕྱིར་བསྒོ་བའི་གཏམ་རྒྱུད་ལ་ཡང་སྦྱར་བར་བྱའོ། །ཡང་ཆོས་ཉན་པ་དེས་ཐུན་མོང་དུ་བྱ་བའི་ཆོས་བཅུ་བཞི་ལ་གནས་པར་བྱའོ། དེ་དག་ནི་ཇི་སྐད ་དུ་འཕགས་པ་དོན་རྒྱས་པའི་མདོ་ལས་ཚེ་དང་ལྡན་པ་དག་ཆོས་ཉན་པར་འདོད་པ་རྣམ་པ་བཅུ་བཞིས་ཆོས་ཉན་པར་བྱ་སྟེ། འདི་ལྟ་སྟེ། དུས་སུ་མཉན་བདག?་?་མཉན་པ་དང། མ་རངས་པ་མེད་པར་མཉན་པ་དང། བསྒོ་བ་བཞིན་མཉན་པ་དང། ཀླན་ཀ་མི་འཚོལ་བ་དང། ཆོས ་*། ལ?་གུས་པར་བྱ་བ་དང། ཆོས་ལ་མི་བརྙས་པ་དང། ཆོས་སྨྲ་བའི་གང་ཟག་ལ་མི་བརྙས་པ་དང། བདག་ལ་མི་བརྙས་པ་དང། རྩེ་གཅིག་པའི་སེམས་དང། ཀུན་ཤེས་པར་བྱ་བའི་སེམས་དང། རྣ་བླགས་ཏེ་མཉན་པ་དང། སེམས་བསྡུས་ཏེ་མཉན་པ་དང། སེམས ་ཐམས་ཅད་ཀྱིས་བསམས་ཏེ་ཆོས་མཉན་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་ཆོས་ལེགས་པར་མཉན་པ་ཞིག་ཡིན་ནམ་ཅི་སྟེ་མ་ཡིན་ཞེས། དགེ་བའི་བཤེས་གཉེན་གྱིས་རིང་དུ་ལྟ་བས་བརྟག་སྟེ། གལ་ཏེ་ཡང་དག་པར་ཚུལ་ཕུན་སུམ་ཚོགས་པ་ལྟ་ན ་རྒྱལ་བའི་ཡུམ་འདིའི་སྙིང་པོ་སྦྱིན་པར་བྱའི་དང་པོ་ཉིད་ནི་གཟུགས་བརྙན་གྱི་ཡོན་ཏན་སྟོན་སྲིད་པའི་ཕྱིར་རོ། །དེ་ལ་དགོངས་ཏེ། འཇིག་རྟེན་འདི་ན་ལེགས་པར་མ་བསྡམས་པ། །ཕལ་ཆེར་ལེགས་བསྡམས་རྟགས་ཀྱི་རྒྱུ་བྱེད་པས། །ལེགས་པར་མ་བརྟགས་པར ་དུ་མི་དག་གིས། །མདོག་གཟུགས་ལན་འགའ་མཐོང་བས་ཡིད་མི་རྟོན། །ར་གན་ཁ་བསྒྱུར་ལྟ་བུར་དེ་འཚལ་ཞིང། །ལྕགས་ཕྱེ་གསེར་གྱིས་གཡོགས་པ་ཇི་ལྟ་བར། །ཁོང་པ་རབ་གདུག་ཕྱི་རོལ་འཕགས་ཚུལ་གྱིས། །འཇིག་རྟེན་འདི་ན་འཁོར ་དང་བཅས་པ་རྒྱུ་ཞེས་གསུངས་ལ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་འོག་ནས་འཆད་པ་ལས། བྱང་ཆུབ་སེམས་དཔའ་དུས་ཡུན་རིང་མོ་ཞིག་ནས་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་དང་ལྡན་པ ་ཞེས་སྟོན་པར་འགྱུར་རོ། །རྒྱུ་མཚན་དེ་ཉིད་ཚད་མར་མཛད་པ་དང། སློབ་མའི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཡན་ལག་ཏུ་འགྱུར་བ་ལ་གཟིགས་ཏེ། རྗེ་བཙུན་བཟང་པོའི་ཞལ་སྔ་ནས་བདག་གིས་དགེ་བའི་བཤེས་གཉེན་ལ་ལོ་བཅུ་བདུན་ལ ་བསྙེན་བཀུར་བྱས་པ་ཡོངས་སུ་རྫོགས་ནས་རྒྱལ་བ་བསྐྱེད་མའི་སྙིང་པོ་རབ་ཏུ་བསྡུས་པའི་མན་ངག་རྨི་ལམ་གྱི་ཆོས་སུ་བསྟན་པ་སྟེ། རྨི་ལམ་གྱི་གནས་སྐབས་སུ་བསྟན་པ་ཡང་ངོ་མཚར་དུ་བྱིན་གྱིས་བརླབས་དང་ལྡན་པས་ཡིད་ཆེས་པར་བྱ་བ་དང། རྗེ ་བཙུན་གྱིས་གསུངས་པའི་བརྟུལ་ཞུགས་མ་རྫོགས་པས་དམ་བཅས་པ་ལ་བརྟེན་པའི་མཐུ་བསྟན་པའི་ཕྱིར་རོ། །དེ་ལྟར་ཆོས་ཉན་པ་པོའི་ཚུལ་མདོར་བསྟན་ནས། ད་ནི་ཆོས་སྨྲ་བར་བྱེད་པའི་འཇུག་པ་བརྗོད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་ཆོས ་སྨྲ་བ་ནི་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སློབ་དཔོན་གྱི་དཔེ་མ་ཁྱུད་མེད་པར་བྱས་ཏེ་ཆོས་སྦྱིན་བར་བྱའོ། །དོན་འདི་གཉིས་གཙོ་བོར་བསྟན་པའི་ཕྱིར་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས་ཀྱང། ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ ་མི་བསྐྱེད་པ་ཡང་བདུད་ཀྱི་ལས་སོ་ཞེས་པ་དང། ཡང་མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱིས་དོགས་ཏེ་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ་ཡང་བདུད་ཀྱི་ལས་སོ་ཞེས་གསུངས་སོ། །གཞན་ཡང་སྙིང་རྗེ་ཆེན་པོའི་རྒྱུ་མཚན་ལས་ཟང་ཟིང་དང་མ་འབྲེལ་བར་ཆོས་བསྟན་པར ་བྱ་སྟེ། སྔར་ཇི་སྐད་དུ་བསྟན་པའི་བདུད་ཀྱི་ལས་སུ་གྱུར་པ་སྤང་བར་བྱ་བའི་ཕྱིར་དང། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཀྱང། འདོད་ཕྱིར་སུ་དག་དམ་ཆོས་སྟོན་བྱེད་པ། །དེ་དག་འདོད་པ་བཏང་བ་ཕྱིར་ལེན་ཏེ། །མྱོས་པ་དེ་དག་ཐར་མེད་རིན ་ཆེན་ཆོས། །ཐོབ་པར་གྱུར་ཀྱང་སྤྲང་བོར་རྒྱུ་བར་བྱེད་ཅེས་གསུངས་ལ། འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཀྱང། འཁོར་ལ་ཅུང་ཟད་ཙམ་ཡང་བསླང་མི་བྱ་ཞེས་གསུངས་ཤིང། རྒྱལ་བ་བསྐྱེད་མ་ཉིད་ལས་ཀྱང། ཐ་ན་ལེགས་སོ་ཞེས་བྱ་བ་ཡང ་མི་འདོད་ཞེས་གསུངས་པའི་རྗེས་སུ་འཇུག་གོ་།གཞན་ཡང་འཕགས་པ་བྱམས་པའི་ཞལ་སྔ་ནས། བསྟན་པ་རྣམས་ནི་སྲོག་དང་ལོངས་སྤྱོད་ཚོགས་ཆེན་རྙེད་ཅིང་སྙིང་པོ་མེད་པ་དག་།རབ་དགའ་ཨི་ཡིད་ཀྱི་སེམས་ཅན་སྡུག་བསྔལ་རྣམས་ལ་སྦྱིན་རྣམས་རྒྱ་ཆེན་རྟག་གཏོང ་ན། ཆོས་ཡངས་སྐྱེད་གུ་རྣམས་ལ་རྣམ་པ་ཀུན་ཏུ་ཕན་བྱེད་ཚོགས་ཆེན་རྙེད་མིན་ཞིང། །ཤིན་ཏུ་བཏང་ཡང་ཟད་མེད་འཕེལ་འགྱུར་བ་ལྟ་ལན་ཅིག་མ་ཡིན་སྨོས་ཅི་དགོས་ཞེས་གསུངས་ལ། ཡང་འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བའི་མདོ་ལས་ཀྱང་གསུངས ་པ། བྱམས་པ་སུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ ་ཕུལ་བ་བས་གང་གིས་སྙིང་རྗེ་བས་ཚིགས་སུ་བཅད་པ་གཅིག་གཞན་གྱི་རྒྱུད་ལ་བཞག་ན། བྱམས་པ་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉོ་བར་མི་འགྲོ་།སྟོང་གི་ཆ་དང། འབུམ་གྱི་ཆ་དང། བྱེ་བའི་ཆ་དང། བྱེ ་བ་ཁྲག་ཁྲིག་འབུམ་གྱི་ཆ་དང། གྲངས་དང་ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དོ། །ཞེས་པ་དང། གང་གིས་གངྒཱའི་ཇི་སྙེད་འཇིག་རྟེན་ཁམས། །དེ་དག་རིན་ཆེན་བྱུར་བུར་བཀང་བྱས་ཏེ། །དགའ་བའི་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། ། ་གང་གིས་ཚིགས་བཅད་ཅིག་གཅིག་སེམས་ཅན་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །སྙིང་རྗེ་བསྐྱེད་ནས་ཚིགས་བཅད་སྦྱིན་པ་ལ། །གངྒཱའི་ཆ་དང་གྲངས་སུ་མི་ཕོད་ན། །ལན་གཉིས་ལན་གསུམ་སེམས་ལ་ག་ལ་ཞིག་ཅེས་སོ། །དེ་བཞིན་དུ་རྒྱལ་བ་བསྐྱེད ་མ་ལས་ཀྱང། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་མཉན་པ་དང་བསམ་པ་ལ་སོགས་པ་ཡང་དག་པས་ན། ཆོས་གཞན་ལ་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ལྡན་པར་རྒྱས་པར་གསུངས་སོ། །གཞན་ཡང་རྣམ་པར་བཤད་པའི་རིག་པ་ལས་ཇི་སྐད་དུ ་བཤད་པའི་འཇུག་པའི་བྱ་བ་རྣམས་དང་འབྲེལ་པར་ཡང་བྱའོ། །འདི་ནི་རྒྱལ་བའི་ཡུམ་སྨྲ་བ་པོ་དང། ཉན་པ་པོ་རྣམས་ལ་བདུད་ཀྱི་ལས་དང་བྲལ་བའི་ཐབས་མདོར་བསྟན་པ་ཉིད་དོ། །དེ་ལྟར་བསྡུས་པའི་དོན་གྱི་སྐབས་སུ་བརྗོད་པར་བྱ་བ་རྣམས་ཀྱིས་རྒྱལ་བའི་ཡུམ ་རྣམས་ཀྱི་དོན་མ་ལུས་པར་བསྟན་པ་ལ་འཇུག་པར་བྱས་ནས། ང་ནི་ཡན་ལག་གི་དོན་རྣམས་ལས་རྟོགས་པར་དཀའ་བ་འབའ་ཞིག་བརྗོད་པར་བྱ་མོད་ཀྱི། གང་གིས་སྔར་བཤད་པའི་རྗེས་སུ་འབྲངས་ཏེ། དགེ་བའི་བཤེས་གཉེན་གྱིས་ཉེ་བར་བསྟན་པ་རྙེད་ན་ནི། དེ་ལ ་ཐམས་ཅད་དཀའ་བ་མེད་པར་བློས་རྟོགས་པར་ནུས་ལ། གང་དག་གིས་དེ་མ་རྙེད་པ་རྣམས་ཀྱིས་ནི་དགའ་བའི་གནས་ཀྱང་དུས་ཡུན་རིང་མོས་ཀྱང་ཡུམ་འདིའི་དོན་རིམ་པར་འབྲེལ་པར་འགྱུར་བ་རབ་ཏུ་དཀའ་སྟེ། སྔོན་ཡང་དག་པར་སྤྱད་པ་དང། རྗེ་བཙུན་འཕགས་པ ་འཇམ་དཔལ་ལ་སོགས་པ་ལྷའི་ཁྱད་པར་དག་ཁོ་ནས་བྱིན་གྱིས་བརླབས་པ་དག་ནི་མ་གཏོགས་སོ། །དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས། བྱང་ཆུབ་སེམས་དཔའ་བྱང་ཆུབ་རྗེས་སུ་ཐོབ་པར་འདོད་པས་འབྲས་བུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ ་པར་བྱ་དགོས་པས། དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུད་པའི་ཚིག་ལེའུར་བྱས་པས་རྣམ་པར་བཤད་པའི་སྒོ་ནས་བཤད་པར་བཞེད་དེ་ཞེས་བྱ་བ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས ་ལམ་ཤེས་པ་ཉིད་ཅེས་གསུངས་ཏེ། དེ་ནས་ཡང་གཞི་ཐམས་ཅད་ལེགས་པར་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་ཅེས་གསུངས་སོ། །དེའི་འོག་ཏུ་ཡང་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་ཤེས་པ་ནི་དབང་དུ་བྱ ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པར་གསུངས་ཏེ། དེའི་རྗེས་ལ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལས་རབ་ཀྱི ་མཐར་ཕྱིན་པའི་རྟོགས་པ་འབྱུང་ངོ་ཞེས་གོ་སླ་བར་བྱ་བའི་ཕྱིར། རྟགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་རྩེ་མོའི་མངོན་པར་རྟོགས་པ་གསུངས་ཏེ། དེ་ནས་ཡང་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་པ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས། གོ་རིམས ་བཞིན་དུ་བླགས་ནས་བརྟན་པོར་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས་མཐར་གྱིས་པའི་མངོན་པར་རྟོགས་པ་གསུངས་ཏེ། དེའི་འོག་ཏུ་ནི་མཐར་གྱིས་པ་མངོན་པར་རྟོགས་པ་རྣམ་པར་བསྒོམས་པ་ནི་དེ་དག་ཉིད་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་སྐད་ཅིག་མ་གཅིག་གིས ་སྒོམ་པས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་ཏེ། དེ་ལྟར་རྒྱུ་ཐམས་ཅད་བསྟན་ནས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམ་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་སྐུ་མངོན་པར་བྱང ་ཆུབ་པ་གསུངས་ཏེ། ཞེས་གོ་རིམས་ངེས་པར་མཛད་པའི་རྒྱུ་མཚན་རིམ་གྱིས་སྨོས་པ་རྣམས་ཅིག་ཅར་བདག་གིས་བཀོད་པ་ནི་ཚེགས་ཆུང་ཞིང་དྲན་པ་ལ་འཛིན་དཀའ་བ་མེད་པའི་ཕྱིར་རོ། །གལ་ཏེ་མདོ་དེ་དང་དེ་དག་ལས་ནི་ལེའུ་གྲངས་རབ་ཏུ་མང་པོས་བསྟན་པ་མཛད་པ་མ་ཡིན ་ནམ། ཇི་ལྟར་ན་རྗེ་བཙུན་གྱི་ཞལ་སྔ་ནས་སྐབས་ཀྱི་དོན་འདི་སྙེད་དུ་མཛད་སྐབས་ཀྱི་དོན་དེ་ཡང་གཅིག་གི་བར་དུ་ནི་བསྡུ་བ་བསྟན་ན། གལ་ཏེ་དགུ་ལ་སོགས་པར་ཅིའི་ཕྱིར་མི་མཛད་ཅེ་ན། མདོ་དེ་དང་དེར་ལེའུ་གྲངས་དེ་སྙེད་དུ་མཛད་པ་ནི་གདུལ་བྱ་རབ་ཏུ་དམན་པ་རྣམས་ལེའུ ་རེ་རེ་ཞིག་ཀྱང་བྲི་བ་དང། ཀློག་པ་ལ་སོགས་པས་རིམ་གྱིས་འཇུག་པར་རུང་བ་ཉིད་ཀྱིས་སྟོན་པ་སྟེ། གཞན་ལས་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འཛིན་པར་བྱེད་ན་ཞེས་པ་ལ་སོགས་པ་བསྟན་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་མཐུ་དང་ལྡན་པ་རྣམས་ཀྱི་དབང ་དུ་བྱས་ཏེ་ནི་ཡོངས་སུ་རྫོགས་པར་གཟུང་བར་གསུངས་ལ། རྒྱལ་བ་སྐྱེད་མ་ཚང་བར་རྙེད་པ་དང་ཞེས་ཡོན་ཏན་གྱི་གྲངས་སུ་ཡང་བགྲང་བར་མཛད་པའི་ཕྱིར་རོ། །དེ་བས་ན་ཚིག་ལེའུར་བྱས་བར་ནི་བརྗེ་བཙུན་གྱི་ཞལ་སྔ་ནས་ནི་མངོན་པར་རྟོགས་པའི་དོན་རྣམས་ལ་གདུལ་བྱ ་རྣམས་མི་རྨོངས་པར་བྱ་བའི་ཕྱིར་སྐབས་བརྒྱད་ལ་སོགས་པར་བསྟན་ཏེ། དགུ་ལ་སོགས་པར་བསྡུ་བ་ལ་ནི་དོན་མེད་དོ། །རྒྱས་པའི་དུས་ན་ནི་ཉུང་བར་ཕྱེད་པ་ཉིད་བསྔགས་ཤིང་བསྡུས་པ་དབྱེ་བའི་ཚེ་ཡང་རྣམ་པར་རབ་ཏུ་མང་པོ་བསྔགས་པའི་ཕྱིར་དང། ་སྐབས་དགུ་པ་ལ་སོགས་པར་ཕྱེ་ན་ཇི་ལྟར་བརྒྱད་དུ་བསྟན་པ་ལས་ཅི་ཞིག་ཡོན་ཏན་ཐོབ་པར་འགྱུར། དེ་བས་ན་དོན་མེད་པའི་ཕྱིར་སྐབས་ཀྱི་དོན་དགུ་ལ་སོགས་པར་མ་མཛད་པར་ངེས་སོ། །སེམས་བསྐྱེད་པ་ཞེས་བྱ་བ་ལ། འདིར་ཁ་ཅིག་ནི་སེམས་བསྐྱེད་པ་དངོས་གཙོ་བོར་སྟོན་པ་སྟེ ་འདུན་པ་སོགས་པའོ། །ཁ་ཅིག་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པའི་གྲོགས་ལ་དེར་གདགས་ཏེ་སྦྱོར་བ་དང་སྦྱིན་པ་ལ་སོགས་པའོ། །ཁ་ཅིག་ནི་སེམས་བསྐྱེད་པའི་འབྲས་བུ་ལ་དེར་གདགས་ཏེ་བགྲོད་པ་གཅིག་པའི་ལམ་ལ་སོགས་པའོ། །དམིགས་པ་ཞེས་བྱ་བ་ནི་གང ་ལ་འདོད་པར་བྱ་བ་སྟེ་དོན་དུ་གཉེར་བར་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉིད་དེ་དམིགས་པར་བྱ་བ་ནི་བསྒྲུབ་པར་བྱའོ། །ཞེས་ཇི་ལྟར་བསྟན་པ་ལྟ་བུའོ། །རང་གི་ངོ་བོ་ཞེས་པས་ནི་འདོད་པ་ཞེས་པས་བསྟན་ཏེ་འོག་ནས་འཆད་པར་བྱེད་པའོ། །ཅིའི་ཕྱིར་འདོད་པར ་བྱེད་ཅེ་ན། གཞན་དོན་ཕྱིར་ཞེས་པས་བསྟན་ཏེ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པར་འདོད་པའི་སེམས་དང་ལྡན་པས་བྱང་ཆུབ་སེམས་དང་ལྡན་པས་ན་བྱང་ཆུབ་སེམས་དཔའ་ཨི་མིང་ཡང་འཐོབ་པའོ། །དེ་ལྟར་ན་དེ་ནི་སེམས་བསྐྱེད་པའོ། །ཞེས ་བསྟན་ཏོ། །སྨོན་པ་ཞེས་པ་ནི་སྨོན་པ་ཙམ་སྟེ་ཚོགས་བསགས་པས་སེམས་དེ་བསྐྱེད་པའི་ཆོ་གས་བླང་བ་ཡང་མ་བྱས་པའོ། །འཇུག་པ་ཞེས་པ་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ། བར་ཆད ་མེད་པའི་ལམ་གྱི་བར་དུ་གཏོགས་པའི་སྒྲུབ་པའི་སྤྱོད་པའོ། །དོན་འདི་ནི་སློབ་དཔོན་ཞི་བ་ལྷས་ཞལ་སྔ་ནས་ཀྱང། བྱང་ཆུབ་སེམས་དེ་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་དང་ནི། །འཇུག་པ་བྱང་ཆུབ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི ་བྱེ་བྲག་ཇི་ལྟར་བསྟན་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ་ཞེས་བཤད་དོ། །སློབ་དཔོན་དཔལ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ནི། སོ་སོའི་སྐྱེ་བོའི་ས་བའི་སེམས་ཅན་ཐམས་ཅད་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་ཉིད་དུ་བསྐྱེད་ལ ་?་རབ་ཏུ?་དགའ་བ་ནས་བརྩམས་ཏེ་ཡེ་ཤེས་ཀྱི་ཁྱད་པར་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ལ་འཇུག་པ་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་བསྟན་ཏོ། །ཡང་ཁ་ཅིག་ན་རེ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས ་བསྟན་པའི་སེམས་བསྐྱེད་བཤད་ཅེས་པ་དང། རྫོགས་པའི་སངས་རྒྱས་རབ་བརྟེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོགས་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད་ཅེས་གསུངས་པའི་དབང་ལས་ཕྱིར་མི་ལྡོག་པའི་སར་གནས་པ ་དང་དེ་མ་ཐོབ་པ་ལས་སྨོན་པ་དང་འཇུག་པ་བཞག་སྟེ་ཆོས་ལ་མི་རྟོག་པ་དང་པོ་ཐོབ་པ་ནི་དྲེ་བར་གྱུར་པ་སྟེ། ཟབ་མོའི་དོན་ལ་སོམ་ཉིད་མེད་ཅེས་གསུངས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས་ཞེས་པ་ལ་སོགས་པ་གསུངས་པས་སོ་ཞེས ་ཟེར་རོ། །ད་ནི་འདི་སྙམ་དུ་འདུན་པ་དང། སྙིང་རྗེ་ཞེས་བྱ་བ་སེམས་ལས་བྱུང་བ་གཉིས་དང་མཚུངས་པར་ལྡན་པའི་སེམས་སེམས་ཅན་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡུལ་ལ་དམིགས་ཏེ་སྐྱེས་པ་ནི་སེམས་བསྐྱེད་པ་ཡིན་ན། ཅིའི་ཕྱིར་ཚིག་ལེའུར་ ་བྱས་པ་ལས་སེམས་ལས་བྱུང་བ་འདུན་པ་འབའ་ཞིག་ལ་སེམས་བསྐྱེད་པའི་སྒྲར་བསྟན་ཅེས་བསམས་ནས་དྲི་བ་དང་ལན་རྣམས་འབྱུང་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས ་བྱའོ། །ལྷག་མ་ནི་གོ་སླའོ། །ཡང་འདོད་པའི་བདག་ཉིད་གང་ཡིན་པ་དེ་ནི་གང་ཡིན་ཞེས་སྦྱར་ཏེ། དེའི་ལན་བསྟན་པ་ནི་འདོད་པ་དེ་ལ་སྒྱུ་མ་ལྟར་འདོད་པ་ཉིད་ཡིན་གྱི་དངོས་པོ་ཉིད་དུ་ཞེན་པས་འདོད་པ་ནི་མ་ཡིན་ཏེ། ཇི་ལྟར་སྒྱུ་མ་མཁན་པོ་ཞིག་།སྤྲུལ་པ་ཐར ་པ་བྱ་ཕྱིར་བརྩོན། །དེ་ནི་སྔ་ནས་དེ་ཤེས་པས། །དེ་ལ་དྲེགས་པ་ཅུང་ཟད་མེད། །དེ་བཞིན་སྲིད་གསུམ་སྒྱུ་འདྲ་བར། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ཞེས་གསུངས་པའི་ཚུལ་གྱིས་ན། ་འགྲོ་བའི་ཕན་པ་འབྱུང་བའི་རྒྱུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཡང་སྒྱུ་མའི་དཔེ་རྣམ་པ་བརྒྱད་ཀྱིས་བསྟན་པ་ལྟར་འདོད་པར་སྟོན་པ་ནི། སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་པར་བྱ་བ་དང། སྦྱིན་པ་པོ་དང། ལེན་པ་པོ་ལ་སོགས་པ་མི་དམིགས ་པས་བསྒྲུབ་པར་བྱའོ། །ཞེས་བྱ་བར་ཤེས་པར་བྱ་བའི་ཕྱིར་དང་ཞེས་བསྟན་པའོ། །དེ་བཞིན་དུ་ཡང་གང་གི་དོན་དུ་སེམས་བསྐྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་གང་ཡིན་ཞེས་དྲིས་པའི་ལན་ནི། སེམས་ཅན་ཐམས་ཅད་སྐལ་པ་ཇི་ལྟ་བ་བཞིན་དུ་མྱ་ངན ་ལས་འདས་པ་ལ་དགོང་པར་འདོད་པ་ཞེས་བྱ་བ་སྟེ། འདི་ནི་བྱེད་པའི་རང་བཞིན་གྱིས་ལས་ཀྱིས་བྱེད་པ་པོར་བསྟན་པར་འགྱུར་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉན་ཐོས་ལ་སོགས་པ་དང་མཐུན་མོང་མ་ཡིན་པའི་ལས་ཅན་དུ་བསྟན་ཏོ། །གཞན་གྱི་དོན ་ནི་གང་ཡིན་ཅེ་ན་ཞེས་དྲིས་པ་སླར་བརྗོད་པ་ནི། སེར་སྣ་ཅན་ལ་སོགས་པ་སྦྱིན་པ་ལ་སོགས་པར་དཀོད་པར་འདོད་པས་ཞེས་བྱ་བ་ཚིག་སྔ་མ་དེའི་འབྲས་བུ་ཡང་སྦྱར་བས་ནི་གཞན་གྱི་དོན་བསྟན་ཏེ་འདི་ནི་དོན་བསྡུས་པའོ། །ད་ནི་གཞུང་བརྗོད་ཡང་དག་པར་རྫོགས་པའི ་བྱང་ཆུབ་དང་གཞན་གྱི་དོན་དག་གང་ཡིན་ཅེ་ན་ཞེས་དྲིས་པའི་ལན་དུ་རྗེ་བཙུན་གྱི་ཞལ་སྔ་ནས་ཉིད་ཀྱི་བསྟན་པ་སྤངས་ཞིང་མེད་ལས་ཤེས་པར་བྱ་བའི་ཕྱིར། ཇི་ལྟར་དྲིས་པ་དེ་དང་དེ་ནི་བླ་མའི་ལུང་གིས་མདོ་ལས་ཇི་སྐད་བསྟན་པ་བཞིན་དུ་ཤེས་པར་བྱ་ཞིང། མདོ་ལས ་ཀྱང་དེ་དག་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་པར་ཤེས་པར་བྱའོ། །ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ནི་སློབ་དཔོན་གྱི་ཞལ་སྔ་ནས་བསྡུས་པ་དང་རྒྱས་པའི་སྒོ་ཞེས་བྱ་བ་དགྲོལ་བར་རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ཆར་ལས་ཞེས་སྨོས ་ཏེ། དྲིས་པ་དེ་དག་བསྟན་ཏོ་ཞེས་བྱ་བ་ཚིག་གི་ལྷག་མའོ། །གཞན་དག་ནི་མདོ་རེ་རེ་ལ་ཡང་དེ་དག་བསྡུས་པ་དང་རྒྱས་པའི་སྒོ་ནས་བསྟན་ཏོ་ཞེས་ཟེར་ན། དེ་ནི་མདོ་རབ་ཏུ་བསྡུས་པ་དང་རྒྱས་པ་ལས་དེ་ལྟར་ག་ལ་ཞིག་བསྟན། མི་འགལ་བ་ཞེས་བྱ་བ་ནི་འདི་རྗེ་བཙུན་གྱི་ཞལ ་སྔ་ནས་རང་བཟོད་ནི་མ་བསྟན་གྱི། མདོ་ལས་ཀྱང་དེ་དང་དེ་དག་དེ་ཁོ་ན་སྐད་གསུངས་སོ་ཞེས་ཚིག་ཟུར་གྱིས་བསྟན་པ་སྟེ། འདི་ནི་ཚིག་ལེའུར་བྱས་པ་རིལ་ལ་སྦྱར་རོ། །གལ་ཏེ་དེ་དང་དེ་དག་མདོ་ལས་གསུངས་ན། ཇི་སྐད་དུ་གསུངས་པ་འདིར་སྨོས་དགོས་སོ་ཞེས་འདྲི་བ་སྲིད་པ ་ལ་ནི་དེའི་ལན་དུ། གཙུག་ལག་གི་གཞུང་སྐབས་ཀྱི་དོན་སྟོན་པ་ལྷུར་ལེན་པ་ནི་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི་ཚིག་མངས་སུ་དོགས་ནས་ཁུངས་ཉིད་དུ་མ་བྲིས་སོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཁོ་བོས་དེ་དག་བརྗོད་པར་མི་ནུས་པ་ནི་མ་ཡིན་མོད་ཀྱི ་གཞུང་མངས་ན་གདུལ་བྱ་ཕལ་ཆེར་དོན་བསྡུས་པའི་བློ་རྣམ་པར་འཁྲུགས་པར་འགྱུར་བས་ན་མི་བརྗོད་དེ། དེའི་ཕྱིར་འོག་ནས་འཆད་པ་ལས་ཀྱང། གོ་པར་སླ་ཕྱིར་ངག་དང་ནི། །ཚིག་སོགས་སྦྱོར་བ་མ་བྱས་པར་ཞེས་སྟོན་ཏེ། ཇི་ཙམ་དུ་གཟུགས་རྒྱས་པར་བསྟན་ཅིང ་ཚིག་བསྡུས་པ་ནི་མྱུར་དུ་གོ་བ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་རྒྱལ་བའི་ཡུམ་པར་མའི་དབང་དུ་བྱས་ཏེ་ནི། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་པའི་ཚིག་འདིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏེ་མདོར་བསྟན་པའོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས ་ཏེ་སྦྱིན་པ་དང། སྦྱིན་པར་བྱ་བ་དང། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་བར ་བྱའོ་ཞེས་པའི་བར་དུ་གང་གསུངས་པས་དེ་རྒྱས་པར་བསྟན་པ་ཡིན་ནོ། །ཡང་གཞན་གྱི་དོན་གང་ཡིན་པ་དེ་མདོར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་རེ་རེ་ཤིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ཁམས་རེ་རེ་ན་སེམས་ཅན་གང་དག་ཡོད་པ་ཐམས ་ཅད་ཅེས་བྱ་བའི་མཐར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་སོ། །ཡང་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ལ་གནས ་པ་རྣམས་དེ་དང་བྲལ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བའི་ཚིག་གིས་ནི་གཞན་གྱི་དོན་དེར་རྒྱས་པར་བསྟན་པར་ཤེས་པར་བྱའོ། །དེ་ལྟར་དེ་དག་ལ་སོགས་པ་མདོ་གཙོ་བོ་བྱས་པ་གནས་སྐབས་ཁ་ཅིག་ཏུ་བསྟན་པ་ཡང་ཉེ་བར ་མཚོན་པ་སྟེ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་རྩེ་མོའི་སྐབས་སུ་བདག་ཉིད་ཀྱང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ། སེམས་ཅན་གཞན་གང་དག་སྲོག་གཅོད་པ་སྤོང་བ་ཡང་དག་པར་བླངས ་པ་དེ་དག་གིས་ཡང་ལེགས་པར་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཡང་ཚིག་ཟུར་གཉིས་སུ་སྦྱར་བས་འདིར་ཡང་དྲངས་ཏེ། དེ་བཞིན་དུ་མདོའི་ཁུངས་རྣམས་ནི་ཇི་ལྟར་བདེ་བར་སྦྱར་བ་རིམ་པ་དུ་མ་ཚིག་རེ་རེ་ལ་བརྗོད་ཀྱང་ཉེས་པ་མེད་དེ་དེའི་མཐུ་ནི་གཅིག ་བུ་ཞིག་ཏུ་སྟོན་པར་ཡོངས་སུ་ཆད་པ་མ་ཡིན་པས་སོ། །ཁ་ཅིག་མདོའི་དོན་ཁུངས་སུ་དྲངས་པའི་ཚུལ་གྱིས། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་པ་ནི་གཞན་གྱི་དོན་འབའ་ཞིག་ལ་སྦྱོར་བར་བྱེད་དོ། །མདོའི་དོན་ཚིག་ཁུངས་སུ་སྦྱར་བའི་སྐབས་འདིར་སློབ་མ་ལ་བཤད་པ་དང། མངོན ་པར་བརྩོན་པའི་ཚོགས་ལ་བཤད་པའི་བྱེ་བྲག་དག་བརྗོད་པར་བྱ་བ་ཡིན་མོད་ཀྱི། དེ་དག་ནི་རབ་ཏུ་གྲགས་པ་ཉིད་ཡིན་པས་འདིར་བསྟན་པ་ལ་རེགས་ལས་པ་མ་ཡིན་པའི་ཕྱིར་བཞག་།དེ་ལྟར་སེམས་བསྐྱེད་པ་དམིགས་པ་དང་རང་གི་ངོ་བོ་དང་བཅས་པ་བརྗོད་ནས་ད་ནི་རབ ་ཏུ་དབྱེ་བ་ཉི་ཤུ་རྩ་གཉིས་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གིས་བཤད་དེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བས་རྣམ་པར་མི་དབྱེའོ། །དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་དུ་སྟོན་པར་རུང་བ་ཉིད་ཅེས་བྱ་བ་ལ། སེམས་བསྐྱེད་པ་ཐ་མ་གསུམ་ནི་སངས་རྒྱས ་ཀྱིས་ཀུན་ཏུ་འོད་ཀྱིས་བདག་ཉིད་དོ་ཞེས་འཆད་པ་མ་ཡིན་ནམ། དགའ་ལྡན་གྱི་གནས་ན་བཞུགས་པ་ནི་སྒོམ་པའི་ལམ་གྱི་མཛའ་ས་བཅུ་པའི་བཅུ་པའི་བྱང་ཆུབ་སེམས་དཔའ་ཉིད་ཡིན་ན། འདི་ཇི་ལྟར་སངས་རྒྱས་ཀྱི་སའི་ཡོན་ཏན་དུ་སྦྱར་བར་བྱ། འཆད་པར་འགྱུར་བ་ཆོས་ཀྱི་སྐུའི་ཕྲིན་ལས ་བསྟན་པ་ལས་ཀྱང་ས་བཅུ་པའི་དབང་དུ་བྱས་ཏེ། ཡང་དེ་ཉིད་ལ་སྐྱེ་བ་གཅིག་གིས་ཐོགས་པའི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་དང་ཞེས་སྟོན་ཏོ། །སྐྱེ་བ་གཅིག་གིས་ཐོགས་པ་ནི་བྱང་ཆུབ་སེམས་དཔའ་དགའ་ལྡན་ན་བཞུགས་པ ་ཁོ་ནའོ་ཞེས་ན། འདི་ནི་བདེ་མོད་ཀྱི་འོན་ཀྱང་དགའ་ལྡན་ན་བཞུགས་པའི་ཚུལ་སྟོན་པའི་བྱང་ཆུབ་སེམས་དཔའ་ཨི་གཟུགས་ནི་གཉིས་ཏེ། འཇིག་རྟེན་གྱི་ཁམས་ཁ་ཅིག་ན་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྲུལ་པའི་སྐུ་ཉིད་གདུལ་བྱའི་དབང་གི་དགའ་ལྡན་ན་བཞུགས་པའི ་བྱང་ཆུབ་སེམས་དཔར་སྣང་བས་རིམ་གྱིས་ཡང་བྱང་ཆུབ་པར་སྟོན་ཏེ། དོན་འདི་ཉིད་ཉེ་བར་གཟིགས་ནས་འཕགས་པ་ལངཀར་གཤེགས་པ་ལས། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་རྣམས་ནི་འདིར་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། མདོ་དེར་གཟུགས ་ཀྱི་ཁམས་འོག་མིན་ལ་ནི་དེར་ཞེས་གསུངས་ལ། འདོད་པའི་ཁམས་ལ་ནི་འདིར་ཞེས་གསུངས་ཏེ། བྱིས་པ་རྣམས་ཀྱི་རང་གི་རྟོག་པ་ཙམ་གྱིས་ཉེ་བ་དང་རིང་བར་འདོགས་པའི་དབང་དུ་བྱས་པའི་ཐ་སྙད་དོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི་བྱང་ཆུབ་སེམས་དཔའ་ས་བཅུའི ་དབང་ཕྱུག་དག་དགའ་ལྡན་ན་བཞུགས་ཤིང་རིམ་གྱིས་འཛམྦུའི་གླིང་འདིར་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་དག་པ་འམ་སྤྲུལ་བ་སྟོན་ཏེ། དོན་དེའི་དབང་དུ་མཛད་ནས་ནི་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་བཅུ་བོ་འདི ་དག་ནི་བྱང་ཆུབ་སེམས་དཔའ་དགའ་ལྡན་ན་གནས་པའི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་འདོད་པའི་བདེ་བ་བསྟན་པ་དང། དབང་ཕྱུག་མི་རྟག་པར་བསྟན་པ་དང། ཕུན་སུམ་ཚོགས་པ་ཐམས་ཅད་རྒུད་པར་འགྱུར་བར ་བསྟན་པ་དང། དེ་དག་བྱང་ཆུབ་ཀྱི་སེམས་ལ་ཡང་དག་པར་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་དང་པོའོ། །གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ལ་བསྟན་དང། རྣམ་པར་ཐར་བ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། རྣམ་པར་ལྡང་བ ་སྟོན་ཅིང་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་དེ་དག་ལ་མངོན་པར་ཞེན་པ་དང། སྲིད་བས་བྱུང་བའི་འཇིག་ཚོགས་སུ་ལྟ་བ་དང། གཏི་མུག་གི་ཤས་ཆེ་བའི་ཉོན་མོངས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་བསྟན་པ་དང། གཟུགས་མེད་པའི་ཕྱིན་ཅི་ལོག་ལ་ཞུགས་པ ་ཐམས་ཅད་སྡུག་པར་ཡིད་ལ་བྱེད་བ་ཐམས་ཅད་མི་སྡུག་ཅིང་མི་རྟག་བར་ཡོངས་སུ་བསྟན་ཏེ་བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གཉིས་པའོ། །ཀྱེ་རྒྱལ་བའི་སྲས་དགའ་ལྡན་གྱི་གནས་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི ་རྒྱན་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་ཏེ་ལུས་ལས་འོད་བཀྱེ་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་རྒྱས་པར་བཀང་ནས། སེམས་ཅན་རྣམས་ལ་ཇི་ལྟར་དད་པ་བཞིན་དུ་ཆོས་སྣ་ཚོགས་ཀྱི་སྒྲ་སྐད་རབ་ཏུ་བརྗོད་དེ་ཆོས་ཀྱི་སྒྲ་སྐད་དེ ་དག་ཐོས་ནས་སེམས་དང་བར་འགྱུར་ཏེ། དགའ་ལྡན་གྱི་ལྷར་བརྟུལ་ཞུགས་མཐུན་པར་སྐྱེ་བར་འགྱུར་ཞིང་དེ་ལྟར་སྐྱེས་ནས་ཀྱང་བྱང་ཆུབ་ཀྱི་སེམས་ལ་དགོད་པ་འདི་ནི་དགའ་ལྡན་ན་གནས་པའི་ལས་གསུམ་པའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ནས། ཡང ་དགའ་ལྡན་ནས་འཆི་འཕོ་བ་སྟོན་པའི་ལས་བཅུ་གསུངས་ཏེ། རྒྱ་ཆེར་མདོ་དེ་ཉིད་ལས་ཤེས་པར་བྱ་བ་སྟེ། གཞུང་མང་བར་འགྱུར་བས་འཇིགས་པའི་ཕྱིར་འདིར་མ་བརྗོད་དོ། །དབྱེ་བ་ཞར་ལ་བརྗོད་ནས་ཞེས་བྱ་བ་ལ་དང་པོ་ཉིད་དུ་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང ་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་བྱ་བའི་དབང་འདིས་སེམས་བསྐྱེད་བའི་ངོ་བོ་ཉིད་གཙོ་བོར་སྟོན་ཅིང་ངོ་བོ་ཉིད་ཀྱི་གནས་སྐབས་ཙམ་ལ་རྣམ་པར་དབྱེ་བར་བཞག་པའི་ཕྱིར་འདིར་ཞར་ལ་བསྟན་པ་ཁོ་ནའོ། །དུས་ཇི་ལྟ་བ་བཞིན་དུ་དོན་དུ་གཉེར་བར་བྱེད་པ་ཞེས་བྱ་བ་ནི། རྒྱུའི་རང་བཞིན ་གྱི་སེམས་བསྐྱེད་པ་རྣམས་ཀྱི་ས་མཚམས་གང་དང་གང་ཡིན་པར་མི་ཉམས་ཤིང། འཕེལ་བར་བྱ་བའི་ཕྱིར་འབད་པ་ནི་དོན་དུ་གཉེར་བར་བྱེད་པ་སྟེ། དེ་ཡང་དེའི་རྒྱུར་གདམས་ངག་དོན་དུ་གཉེར་བར་བྱེད་པ་ཉིད་དོ་ཞེས་དོན་དུ་གཉེར་པའི་སྒྲ་ནི་ཚིག་ཟུར་གཉིས་སུ་སྦྱར་རོ། །དེས་འཕངས ་པའི་ཆོས་འགྲུབ་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ། དེས་ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་དང་པོ་དང་རྟགས་མཐུན་པའི་ཕྱིར། རྒྱུའི་བྱང་ཆུབ་ཀྱི་སེམས་རྣམས་ཀྱིས་སོ། །དེ་རྣམས་ཀྱིས་འཕངས་པའི་ཆོས་ནི་འབྲས་བུའི་བྱང་ཆུབ་སེམས་གསུམ་གྱིས ་བསྡུས་པ་སངས་རྒྱས་ཀྱི་སའི་རྣམས་སོ། །འགྲུབ་པར་བྱ་བའི་ཕྱིར་གདམས་ངག་དོན་དུ་གཉེར་པར་བྱེད་ཅེས་སྦྱར་རོ། །གཞན་དག་ནི་དེས་ཞེས་བྱ་བ་འདི་ནི་བར་ཆད་མེད་པའི་ཕྱིར་དང། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཞེས་བྱ་བ་དང། ཡང་རྟགས་མཐུན་པའི་ཕྱིར་དེ་ཉིད ་དང་སྤྱིར་སྦྱར་ལ་འཕངས་པའི་ཆོས་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པའི་བསླབ་པ་ན་ཇི་སྙེད་པ་རྣམས་ཡིན་པས། དེ་དག་འགྲུབ་པར་བྱ་བའི་ཕྱིར་ནི་གདམས་ངག་དོན་དུ་གཉེར་བས་ན་ཡོན་ཏན་ཐོབ་པ་ནི་མི་སྡུག་པ་བསྒོམ་པ་ལ་སོགས་པ་ཡིན་ལ། དེ་དག ་ཡོངས་སུ་བསྲུང་བའི་དོན་གྱིས་ཞེས་བྱ་བ་ནི་སེམས་བསྐྱེད་པ་འཕེལ་བར་བྱེད་པ་དང་བཅས་ཏེ་བསྲུང་བའི་ཕྱིར་དོན་དུ་གཉེར་རོ་ཞེས་ཟེར་རོ། །འདི་ནི་ལེགས་པར་མ་སྨྲས་ཏེ་དེ་ལྟར་ན་འཆད་པར་བྱེད་པ་ལས་སེམས་བསྐྱེད་པ་དང་པོ་དང་ཐ་མའི་ལས་བསྟན་པའི་རིམ་པས་ལྷག ་མ་?་ཚིག་གི་དོན་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ་ཞེས་བསྟན་པ་ཡང་ཇི་ལྟར་དྲངས་ཏེ་དེའི་ཚེ་ཁྱེད་ནི་སེམས་བསྐྱེད་པའི་ངོ་བོ་ཙམ་ལས་ཁས་མི་ལེན་པའི་ཕྱིར་རོ། །ཡང་དེ་དང་དེས་འཕངས་པ་ཁྱེད་སྨྲ་བ་ན་སངས་རྒྱས་ཀྱི་ས་ལ་ཁྱེད་ཀྱི་སྤྱིར་སྦྱར་ཡང་མེད་དོ། །དེའི་ཕྱིར་ངེས་པར ་ཚུལ་སྔ་མ་ཁས་བླངས་ཏེ། ཡོན་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་ཞེས་བྱ་བ་སྔ་མ་སྔ་མ་མི་ཉམས་པར་བྱ་བའི་དབང་གིས་གོང་མ་གོང་མ་སྔ་མངོན་པར་འཕེལ་བར་བྱ་བའི་ཕྱིར་དོན་དུ་གཉེར་བར་བྱེད་ཅེས་ཤེས་པར་བྱའོ། །འདིར་ཡང་བར་ཆད་མེད་པའི་ལམ་ལ ་ནི་དེ་དོན་དུ་གཉེར་བ་མེད་དེ། རབ་འབྱུང་གི་ཡེ་ཤེས་བསྐྱེད་པར་ནུས་པའི་ཕྱིར་རོ། །འོ་ན་མདོ་དག་ལས་དེ་བཞིན་གཤེགས་པ་འགའ་ཞིག་ཆོས་གསུང་པའི་གནས་སུ་ཐུབ་པ་ཆེན་པོ་ཕལ་མོ་ཆེ་ཚོགས་ཏེ། མཇུག་ཏུ་ལེགས་སོ་ཞེས་བྱ་བ་གནང་བ་བསྟན་པ་དེར་དེ་དག ་གདམས་ངག་ནོད་པ་མ་ཡིན་ན་ཅི་ཞིག་ལ་འདུ་བ་མཛད། ཚུལ་འདི་ལས་ནི་བར་ཆད་མེད་པའི་ལམ་ལ་དེ་ལས་ཇི་ལྟར་ལོག་ཅེ་ན། དེར་ནི་དམ་པའི་ཆོས་ལ་གཅེས་སྤྲས་མཛད་པ་དང། ཆོས་ལ་བྱས་པ་བཟོ་བ་དང། ཆོས་ཀྱི་ཚུལ་ཡུན་རིང་དུ་བཞག་བའི་ཕྱིར་དེ་ལྟ་བུ་དག ་བསྟན་གྱི་དེ་དག་ནི་གདམས་ངག་ལ་བལྟོས་པ་དང་བཅས་པ་ག་ལ་ཞིག་ཡིན། འདོམས་པ་ནི་གདམས་ངག་སྟེ་ཞེས་བྱ་བ་ལ། འདིར་ནི་དོན་དུ་གཉེར་བར་བྱེད་པ་ནི་ཞེས་བརྗོད་པར་རིག་པ་མ་ཡིན་ནམ། ཇི་ལྟར་ན་འདོམས་པ་ནི་བསྟན་ཅེ་ན། ཁ་ཅིག་ན་རེ་འདི་ནི་བྱད་པའི་ལམ ་བསྟན་པ་སྟེ། འབྲས་ཅན་གྱི་བྱ་བ་དང་འབྲེལ་བའི་གཏམ་ལ་མེར་བརྗོད་པ་ལྟ་བུའོ་ཞེས་ཟེར་རོ། །དེ་ལ་མེ་ཉིད་བརྗོད་པ་ཅིའི་ཕྱིར་ཞེས་པ་ལས་དངོས་པོར་བྱ་བའི་འདྲི་བར་འགྱུར་བས་ཅི་ཞིག་ཕན?་པར་བྱེད་ཡང་གཞན་དག་ནི་ཇི་ལྟར་བསྟོད་པ་ལ་སོགས་པའི་གྲགས་པ་ལས ་འདས་པའི་ངོ་བོ་སངས་རྒྱས་རྣམས་ཐུགས་དགྱེས་པའི་ངོ་བོའི་གནས་སྐབས་ལ་བཞག་པ་ལྟར་འདིར་ཡང་གཞན་དགའ་ཞིག་གིས་འདོམས་བ་ཞེས་ནི་མི་བྱ་སྟེ། དེ་ནི་ལམ་ཡོངས་སུ་འཛིན་པའི་རང་བཞིན་འབའ་ཞིག་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རང་གིས་ཡོངས་སུ ་འདོམས་པ་ནི་གདམས་ངག་སྟེ་ཞེས་བྱ་ན་ཉེས་པ་འདིར་མི་འགྱུར་རོ་ཞེས་ཟེར་རོ། །བདག་ཅག་གི་རྗེ་བཙུན་གྱི་ཞལ་རྔ་ནས་ནི་རྒྱལ་བ་སྐྱེད་མ་ལས་བསྟན་པའི་ལམ་མ་ལུས་པ་ནི་ཐུན་མོང་ཉིད་དུ་མ་ལུས་པ་རྗེ་བཙུན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་རིམ་གྱི་སྐྱེ་བར་ངེས་པར ་ཁས་བླངས་པར་བྱ་བ་ནི། འགྲོ་རྣམས་ཞི་བའི་ལས་དང་ནི་ཞེས་བྱ་བ་ལ་སོགས་པར་འགྱུར་ལ། དེས་ན་འདིར་རང་གི་ཉམས་སུ་བླང་བའི་བྱ་བ་ལ་གཞན་གྱི་བྱེད་བ་སྦྱར་བ་ལ་ཉེས་པ་མེད་ཅིང། ཡང་ན་འདོམས་པ་ཡང་དེ་ཡིན་ལ་ཇི་ལྟར་གདམས་པ་ལྟར་རེ་སྒྲུབ་པ་ཡང་འདིར?་གཙོ་བོར ་གྱུར་པའི་གདམས་ངག་གོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་གཞན་གྱིས་བསྟན་པའི་གདམས་ངག་མི་འགོག་པ་ལྟ་ཞིག་ན་དེ་སྟོན་པ་པོ་ཡོངས་སུ་འཛིན་པ་དེའི་ཕྱིར་འདིར་མི་བསྟན་པ་མདོ་ལས་སྦྱོར་བའི་ལམ་དང་འབྲེལ་པར་སྟེན་ཅེ་ན། དེ་ཉིད་དུ་བསྟན་པར་མི་བྱ་བ ་ནི་རང་གིས་མངོན་པར་ཤེས་པའི་སྟོབས་ཀྱིས་ཕ་རོལ་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་ཞེས་པས་བརྗོད་པ་བསྐྱེད་པའི་དབང་དུ་བྱས་ཏེ། དེའི་ཕྱིར་དགེ་བའི་བཤེས་གཉེན་དང་ཕྲད་པ་ཡང་རབ་ཏུ་རྙེད་བར་དཀའ་བས་དེ་དང ་ཕྲེང་པ་ལ་རབ་ཏུ་འབད་པར་རིགས་སོ། །དད་པའི་ས་ལ་སོགས་པ་ནི་དམན་པ་ལ་བརྟེན་པར་ཤེས་པར་བྱའོ། །སྒྲུབ་པ་ལ་འདོམས་པ་ལ་སོགས་པ་འདི་དག་ལས་དང་པོ་ན་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་ལ་གདམས་བའོ། །ལྷག་མ་བདེན་པ་ནས་བརྩོམས་ཏེ་མངོན་པར་ཤེས་པ་ལ ་ཐུག་པའི་བར་ནི་ངེས་བར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སོ། །ལྷག་མ་གཉིས་ནི་གོ་སླའོ། །དད་པས་རྗེས་སུ་འབྲང་བ་ནི་གང་མིའི་ནང་ནས་མིའི་ནང་དུ་མཚམས་སྦྱར་བར་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་གཞན་ནམ་དགའ་ལྡན ་ནས་འདིར་སྐྱེས་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་བསམ་གཏན་དང། ཚད་མེད་པ་དང། སྙོམས་པར་འཇུག་པ་ཐོབ་པ་དག་ཐབས་མཁས་པའི་དབང་གིས་དེ་དག་གི་འབྲས་བུ་མངོན་དུ་མི་བྱེད་ཀྱི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལ་སོགས་པའི་ངོ་བོར་མིའི་ནང ་དུ་སླར་ཞིང་སྐྱེ་བའོ། །ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ཡང་གཞུང་སྔ་མ་ལྟ་བུས་འདོད་པའི་ཁམས་ཀྱི་ལྷ་དག་གི་ནང་ཁོ་ནར་སླར་སྐྱེ་ཞིང་སྐྱེ་བ་ཡོངས་སུ་འཛིན་པའོ། །དེ་ལྟར་ན་རྒྱུན་ཏུ་ཞུགས་པ་བསྡུས་པ་རྣམ་པ་བཞིའོ། །དད་པས་མོས་པ་ནི་བྱང་ཆུབ་སེམས་དཔའ་ཐབས་མི་མཁས ་པ་དག་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་མངོན་དུ་བྱས་ཏེ། དེར་སྐྱེ་བ་ཟློག་པར་མི་བྱེད་པར་དེར་མཚམས་སྦྱར་ཏེ་རིང་མོ་ཞིག་གནས་ནས་ཤི་འཕོས་ཏེ་སླར་འདིར་མཚམས་སྦྱར་ན། དེ་ནི་དབང་པོ་བརྟུལ་བའི་ཕྱིར་ན་དད་པ་ཙམ་ཡིན་གྱི་དེ་ལ་ཤེས་རབ་མེད་ཅེས ་དགག་པའོ། །དེ་ནི་དེ་ལྟ་ན་འདུ་ཤེས་མེད་པར་སྐྱེ་པའི་བྱང་ཆུབ་སེམས་དཔའ་དེ་གང་ཞིག་?་བདེན་པ་མཐོང་བ་ནི་མ་ཡིན་ཏེ། བསམ་གཏན་ལ་སོགས་པའི་ཡན་ལག་ཡོངས་སུ་ཟད་པ་དང་ཞེས་སྟོན་པའི་ཕྱིར་རོ། །སྣང་བ་ཐོབ་པ་ལ་སོགས་པ་ཡང་མ་ཡིན་ཏེ། མི་ཁོམ་པ ་ཟད་པ་དང་ཞེས་སྟོན་པའི་ཕྱིར་རོ། །དད་པའི་ས་པ་ཡང་མ་ཡིན་ཏེ། འདིར་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་འཆད་པས་དེ་དང་འབྲེལ་བ་མེད་པའི་ཕྱིར་རོ་ཞེས་ན། འདི་ལ་ནི་བརྗོད་པར་བྱ་བ་མི་ནུས་པ་ནི་མ་ཡིན་ཏེ། ཡུལ་ཨོ་དེ་ཤ་པའི་མཁས་པ་ཆེན་པོ་དག་གི་ཞལ་སྔ་ནས་མགྲིན ་གཅིག་ཏུ། འདིར་སློབ་པ་ཕྱིར་མི་ལྡོག་པ་ནི་ཕལ་ཆེར་བརྗོད་ཀྱི་གཞན་མེད་པ་མ་ཡིན་པས་ན། མདོ་ལས་ཀྱང། གང་གིས་མིའི་ནང་ནས་ཤི་འཕོས་ཏེ་མིར་སྐྱེས་པ་དེ་དག་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་མ་གཏོགས་པ་དབང་པོ་བརྟུལ་བོ་ཏེ་ཞེས་གསུངས་སོ་ཞེས ་ཟེར་རོ། །ཀོང་ཀན་པ་དག་གི་ཞལ་སྔ་ནས་ནི་སེམས་ཅན་འདུ་ཤེས་མེད་པ་དག་ནི་གཉིས་ཡིན་ཏེ། མི་ཁོམ་བར་བགྲང་བ་དང་དེ་ལས་གཞན་བའོ། །དེ་ལ་ཕྱི་རོལ་བའི་ལམ་ལ་སོགས་པས་ཁམས་དང་ས་འོག་མ་འོག་མ་དག་རྣམ་པར་སུན་ཕྱུང་ནས་དེར་སྐྱེས་པ་དག་ནི་འཆི་འཕོ་བའི ་ཚེ་ན་ལོག་པར་ལྟ་བའི་དབང་གིས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བས་མི་ཁོམ་བར་བགྲང་ཤིང། བྱང་ཆུབ་སེམས་དཔའ་བདེན་པ་མ་མཐོང་བདག་བརྒྱ་ལན་ན་ཅི་ཞིག་ལྟར་བཤེས་གཉེན་ངན་པ་ལ་སོགས་པས་དེར་སྐྱེས་ཀྱང་སངས་རྒྱས་ཀྱི་མཐུའི་དབང་དང། རང་གི་བྱང ་ཆུབ་ཀྱི་སེམས་ལ་སོགས་པའི་མཐུ་ཡིས་དེ་དག་ལྟར་ཉམས་པར་མི་འགྱུར་བས་ན། འདི་ལྷ་ཚེ་རིང་བོར་སྐྱེས་སུ་ཟིན་ཀྱང་མི་ཁོམ་པར་སྐྱེས་པ་མ་ཡིན་ཏེ། འདི་ལྟར་བཤད་པ་ལས་ནི་མདོ་གང་ལས་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་སྣོད་དུ་འགྱུར་པ་གཅིག་པུ་ཞིག་ཡོད་པ ་ནི་ལྟ་ཚེ་རིང་པོར་སྐྱེ་བར་གཟིགས་ཏེ་ཞེས་བ་ལ་སོགས་པ་ཡང་?་པར་བཤད་པར་འགྱུར་རོ་ཞེས་གསུང་ངོ། །བཾ?་གྷ་ལ་བ་དག་གིས་བཤད་བ་ནི་དྲང་ལ་སོགས་པའི་ཚེ་ཕལ་ཆེར་ངན་འགྲོ་ལ་སོགས་པ་སྤངས་པས་དེ་སྐད་བཤད་ཀྱིས་ངེས་པར་ནི་བཟོད་པ་ཐོབ་པ་ཁོ་ན་སྟེ། དེས་ན་ངན་འདྲོ ་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་ཞེས་འཆད་བས་འདི་ནི་དྲོད་དང་རྩེ་མོ་བ་ཡིན་ནོ། །དེ་དག་གནས་སྨད་བ་དེར་ཡང་ཡུན་ཐུང་བ་དང་སྡུག་བསྔལ་ཆུང་བ་ལ་སོགས་པ་སྦྱར་རོ་ཞེས་ཟེར་རོ། །རྗེ་བཙུན་གྱི་ཞལ་སྔ་ནས་ནི་དགོངས་པའི་དབང་གིས་བསྟན་པར་ཟད་བསན་པར ་ཆད་མེད་པའི་ལམ་གྱི་བར་དུ་སྦྱར་རོ་ཞེས་གསུང་ངོ། །འདི་ལྟ་བུ་ལ་སོགས་པ་མདོའི་གནས་དེ་དང་དེར་བདག་ཉིད་ཆེན་པོ་རྣམས་ཐ་དད་པར་འཆད་པ་རབ་ཏུ་མང་བ་ཞིག་ཡོད་པ་ནི་གཞུང་མངས་པས་འཇིགས་པའི་ཕྱིར་བདག་གིས་འདིར་མ་བྲིས་ཏེ། མདོ་མཉན ་པ་ལས་ཁོང་དུ་ཆུད་པར་བྱའོ། །མཐོང་བས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་གཞུང་དེ་བཞིན་དུ་སྦྱར་བ་ལ་ཐབས་མཁས་པའི་སྟོབས་ཀྱིས་ལྷ་ཚེ་རིང་པོར་མི་སྐྱེའི་གཞན་གང་ཡང་རུང་བ་ཞིག་ཏུ་སྐྱེ་བའོ། །འདི་ནི་ཐབས་མཁས་པའི་དབང་གིས་མི་སྐྱེ་བ་ཡིན་ལ། སྔ་མ་གཉིས ་པོ་ནི་འཇིག་པ་དང་བཅས་པས་སྨོན་ལམ་ལ་སོགས་པས་སྤོང་ངོ། །ལན་ཅིག་ཕྱིར་འོང་བ་ནི་བསམ་གཏན་དང་ཚད་མེད་པ་ལ་སོགས་པ་ཐོས་པས་དེ་དག་གི་འབྲས་བུ་མངོན་དུ་མི་བྱེད་པར་དགའ་ལྡན་དུ་སྐྱེས་ཏེ། དེའི་གནས་པ་མཐར་ཕྱིན་ནས་འཛམྦུའི་གླིང་འདིར་བབས་ནས་བྱང ་ཆུབ་པར་སྟོན་པའོ། །གཞན་པར་ཆང་གཅིག་པ་ནི་བསམ་གཏན་ནས་ཆོས་མ་འདྲེས་པའི་བར་གྱིས་ཡོན་ཏན་ཐོབ་ཀྱང་ད་དུང་སངས་རྒྱས་མཆོད་པ་ལ་སོགས་པའི་ཕྱིར་གནས་པ་ཚེ་གཅིག་གིས་ཐོགས་པ་སྟེ། འཇམ་དཔལ་ཁྱོད་ད་དུང་ཡང་དེ་བཞིན་གཤེགས་པ་ལ་མཆོད ་པའི་ལས་ཀྱིས་མཆིམ?་མམ་ཞེས་པ་ལྟ་བུའོ། །དད་པ་དང་མཐོང་བས་ཐོབ་པ་འདི་དག་ནི་སྔོན་བཞིན་ནོ། །ཕྱིར་མི་འོང་པ་ནི་ཞིང་མཛའ་ཡས་པར་འདོད་པ་ལས་ཕྱིར་མི་འོང་བ་དང། ཡང་ཐེག་པ་བླ་ན་མེད་པ་ཅན་དང། ཚེ་ཚད་མེད་པ་ཅན་དག་ཏུ་འདོད་པ་ལས་ཕྱིར་མི་འོང ་པ་སྟེ། དེ་དག་གི་སེམས་ཅན་གདུལ་བའི་དུས་ཉེ་བར་གནས་པ་ཡལ་པར་མི་འདོར་བ་ནི་གང?་བོར་བའི་ཁམས་གསུམ་དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡོད་པ་བསྟན་པས་ཐེག་པ་དམན་པའི་ཕྱིར་མི་འོང་བ་ལས་བྱེ་བྲག་ཏུ་བྱས་པའོ། །བར་མདོར་མྱ་ངན ་ལས་འདས་པ་ནི་ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་ལུས་དེ་ཉིད་ཀྱི་ཚོགས་བསགས་ཏེ་རྫོགས་པར་འཚང་རྒྱ་བར་རོ། །སྐྱེས་གནས་པ་ནི་སྲིད་པ་ཐ་མ་དང། གང་ཚེ་ཚད་མེད་པར་བྱིན་གྱིས་བརླབས་པའི་ཚེ་གཅིག་བུ་དེ་ལ་འཚང་རྒྱ་བའོ། །མངོན་པར་འདུ་བྱེད་པ་དང་བཅས ་བ་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ཏུ་མངོན་སུམ་པའི་འབད་པ་ས་འགྲོ་བ་རབ་ཏུ་མང་བ་འདུལ་ཞིང། དེར་ཡང་བདག་ཉིད་རབ་ཏུ་མ་སྨོས་པར་དོན་བྱེད་པའི་དབང་གིས་ལམ་སྦྱོང་བའོ། །མངོན་པར་འདུ་བྱེད་བ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་ནི་རང་བཞིན་དང་རྐྱེན ་གྱིས་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཕྱིར་མི་ལྡོག་པའི་ས་ཐོབ་པས་བྱང་ཆུབ་པར་འགྱུར་བ་སྟེ་འདི་ལྟར་དགེ་སློང་མི་འཁྲུགས་པ་དང་བྲམ་ཟེ་རྒྱ་མཚོའི་རྡུལ་དང། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་སེམས་ཅན་རྣམས་སྦྱིན་པ་ནས་བཟུང་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་ལ ་བཀོད་ནས་དེ་ཉིད་ཚངས་རིས་ནས་འོག་མིན་གྱི་བར་དུ་འགྲོ་བ་དེ་ནི་དེའི་འོག་ཏུ་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་སྟེ་ཞེས་བྱ་བ་ཉིད་ཡང་གསུམ་ཡིན་པ་ལས་འཕར་བ་གང་ཡིན་པ་ནི། དང་པོ་བསམ་གཏན་བཞི་རྫོགས་པ་ལས་སླར་རྐྱེན་འགའ་ཞིག་གིས་ཉམས་པ་མ་སླར་བསམ ་གཏན་དང་པོ་ཐོབ་པར་བྱས་ནས། དེ་ཚངས་རིས་སུ་སྐྱེས་ཏེ་དེར་བསམ་གཏན་གོང་མ་རྣམས་ཐོབ་པར་བྱས་ནས་དེ་ཤི་བན་འོག་མིན་དུ་སྐྱེ་བ་བླངས་ཏེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བྱང་ཆུབ་སྟོན་པའོ། །ཕྱེད་དུ་འཕར་བ་ནི་གཞུང་སྔ་མ་ལྟ་བུ་ལས་ཚངས་རིས་ནས་ཤི ་འཕོས་ན་གནས་གཙང་མ་འོག་མ་གཅིག་ཏུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེ་བའོ། །གནས་ཐམས་ཅད་དུ་འཆི་བ་ནི་དགའ་ལྡན་ཁོ་ནར་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་ཤི་འཕོས་ནས་དེར་སྐྱེ་ཞིང་རིམ་པ་དེ་ལྟར་གཟུགས་ཀྱི་ཁམས་ཀྱི་གནས ་རིས་བཅུ་བདུན་ཀུན་ཏུ་ཚེ་འཛིན་པ་དང། འདོར་བས་འོག་མིན་དུ་སོང་ནས་དེའི་འོག་ཏུ་འགྲོ་བ་དུ་མ་ཞིག་སྨིན་པར་བྱེད་པའོ། །ཡང་ཕྱིར་མི་འོང་བ་འབའ་ཞིག་གནས་གཙང་མ་ཡིན་པར་གཟུགས་དང་གཟུགས་མེད་པ་ཀུན་གྱི་བསམ་གཏན་གྱི་བདེ་བ་སྒྱུ་མ་ལྟར་ཉམས་སུ་མྱོང ་བར་བྱས་ཏེ། སྲིད་པའི་རྩེ་མོར་སྐྱེས་ནས་དེ་ནས་ཡང་འགྲོ་བ་མང་པོའི་དོན་བྱེད་པ་དེ་ནི་འདིར་དེའི་འོག་ཏུ་དེ་ཉིད་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་སྟེ་ཞེས་བྱ་བ་སྟེ། དེ་ཡང་རྣམ་པ་གཉིས་ཡོད་པ་ལས་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ནི་འདོད་པའི་ཁམས་འདིར་གཟུགས ་ཀྱི་ཁམས་ཀྱི་མཐོང་བ་དང། བསྒོམ་པས་སྤང་བར་བྱ་བ་སྤངས་ཏེ་གཟུགས་མེད་པའི་སྐྱེ་མཆེད་ཐོབ་པར་བྱས་ཏེ། འདི་ནས་ཤི་འཕོས་ནས་ཁམས་བར་མ་བོར་ཏེ་ཅིག་ཅར་དུ་དེར་སྐྱེས་ནས་དེ་ནས་ཡང་གདུལ་བྱ་སྨིན་པར་བྱེད་པའོ། །མཐོང་བའི་ཆོས་ལ ་ཞི་བ་ལུས་ཀྱི་མངོན་སུམ་དུ་བྱེད་པ་ནི། ཚེ་གཅིག་བུ་ཁོ་ན་ལ་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གནས་ཏེ་དེའི་ཚེ་ཚོགས་ཡོངས་སུ་བསགས་ནས་ཆོ?་གཞན་ལུས་གཞན་མི་ལེན་པར་རྫོགས་བར་འཚང་རྒྱ་བ་སྟེ་འདི་ནི་བྱང་ཆུབ་སེམས་དཔའ་ཨི་མཆོག་ཉིད་དོ། །ཕྱིར་མི་འོང་བ་ནི་དེ ་ལྟར་རྣམ་པ་བཅུའོ། །དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་རབ་ཏུ་གདུལ་དཀའ་བ་ལོག་པར་ལྟ་བ་རྣམས་འདུལ་ལ། རང་གི་སེམས་ལ་ཡང་རྨ་མི་འབྱིན་པར་ཚོགས་ཡོངས་སུ་རྫོགས་པར ་བྱེད་པ་དག་སྟེ། འདི་དཀའ་བ་མི་བཟོད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །རང་སངས་རྒྱས་ནི་ཤིན་ཏུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་འགའ་ཞིག་འཇིག་རྟེན་གྱི་ཁམས་གདན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པའི་འཇིག་རྟེན ་གྱི་ཁམས་དེར་སོང་ནས་མངོན་པར་བྱང་ཆུབ་པ་སྟོན་པ་གདུལ་བྱ་མང་དུ་འདུལ་བ་སྟེ། དེ་ལྟར་ཐ་མར་བསྟན་པ་འདི་གསུམ་ནི་རང་དང་གཞན་གཉི་གའི་དོན་ལས་བྱང་ཆུབ་སེམས་དཔའ་མཆོག་ཏུ་བསྟན་ཏོ། །འདིར་རྒྱུན་ཏུ་ཞུགས་པ་ལ་སོགས་པར་བྱང་ཆུབ་སེམས ་དཔའ་བསྟན་པ་ཡང་སྤྲུལ་པ་དང། སྒྲའི་གཞི་ཡོད་པས་གཉིས་ཏེ་དེ་ལ་སྤྲུལ་པ་ནི། ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང། །འདི་ནི་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་འདི་དག་ཉན་ཐོས་འགྱུར། །རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན་ཞེས ་གསུངས་སོ། །སྒྲའི་གཞིང་ཡོད་པའི་དབང་དུ་བྱས་ཏེ་ནི། སྤྲོས་མེད་རྙོག་བ་མེད་པ་སྟེ། །ཆགས་མེད་དབྱིངས་ནི་སྟོན་པར་བྱེད། །སངས་རྒྱས་ཆོས་རྣམས་མ་ལུས་པར། །རྣམ་པར་མཐོང་ནས་སྟོན་པར་བྱེད། །སངས་རྒྱས་རྣམས་ཀྱིས་གང་གསུངས་པ། །ཆོས་དང་རིང་བར་མི་རྟོག ་ཅིང། །ཆོས་དང་ཉེ་བར་མི་རྟོག་སྟེ། །དེས་ན་དེ་དག་འདྲེ་བ་མེད། །སྒྲོགས་ཀྱང་འདྲེ་བ་མ་ཡིན་ཏེ། །སེམས་ཅན་དཔག་ཏུ་མེད་ལ་བརྗོད། །སེམས་ཅན་དེ་དག་མཐོང་བ་མེད། །དེས་ན་དེ་ནི་ཉན་ཐོས་བརྗོད། །ཀུན་དགའ་འདི་ལ་དགོངས་ནས་ནི། །ད་ཡིས་ཉན་ཐོས་ཡོངས་སུ་བསྟན། །གནས ་མེད་བྱང་ཆུབ་སེམས་དཔའ་ནི། །དེ་ལྟར་ཉན་ཐོས་སུ་ཤེས་ཀྱིས་ཞེས་བྱ་བ་དང། རྐྱན་རྣམས་འདི་དག་ཤེས་ནས་ནི། །དེ་ནི་གང་ལའང་མི་གནས་ཏེ། །རང་སངས་རྒྱས་ཤེས་བྱ་བའི་སྒྲར། །བྱང་ཆུབ་སེམས་དཔའ་རབ་ཏུ་སྟོན་ཞེས་གསུངས་ལ། ཡང་བྱང་ཆུབ་སེམས་དཔའ་འདི་དག ་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་ཁྱད་པར་གྱི་སྒྲའི་གཞི་ཡོད་པར་ཡང་བསྟན་ཏེ། རྒྱ་ཆེར་ནི་འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས་དྲང་བར་བྱའོ། །ཡང་འདིར་གང་གིས་ཉོན་མོངས་པའི་རྣམ་པ་ལས་དྲུག་གམ་བདུན་ནམ་བརྒྱད་ཀྱི་རྣམ་པ་སྤང་བ་ལས་ནི། དེ ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཞུགས་པའོ་ཞེས་བྱ་བ་ནས། གང་གིས་སྲིད་པའི་རྩེ་མོའི་ཉོན་མོངས་པ་བརྒྱད་ཕོ་སྤངས་པ་དེ་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ་ཞེས་བྱ་བའི་བར་གྱིས་སྤངས་པས་གདགས་པ་ནི་ཆོས་མངོན་པ་ལས་རབ་ཏུ་གསལ་བ་དང། འདིར་དེ་ལྟར ་སྤངས་པ་གཙོ་བོར་གྱུར་པའི་ཕྱིར་བརྗོད་པས་ཅི་ཞིག་བྱ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་བ་ལ་ངེས་པ་ཞེས་བྱ་བ་ནི་མ་ལུས་པའོ། །འབྱེད་པ་ནི་འཇོམས་པའོ་།ཆ་ནི་ཕྱོགས་གཅིག་གོ་།ི་ཡ་ནི་ཕན་པ་སྟེ་རྒྱུ་རུ་རྟོགས་པའོ་ཞེས་བྱའོ། །རྒྱུའི་སྒོ་ནི་ཐེག་པ ་མ་ལུས་པའི་འོ། །འབྲས་བུ་ནི་སངས་རྒྱས་ཉིད་ཀྱི་མངོན་སུམ་པའི་རྒྱུར་གྱུར་པས་སོ། །ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ངེས་པར་གནས་པ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ་ཞེས་བའི་ཚུལ་ལས་སོ། །ཆོས་ཉིད་ཀྱི་རྣམ་པའི ་སྒོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཡང་ཀུན་རྫོབ་བའི་དམིགས་པ་དང་རྣམ་པ་ལ་སོགས་པའི་བྱེ་བྲག་དུ་མར་རྟེན་ཅིང་འབྲེལ་པར་འབྱུང་བའི་མཐུའི་ཆེ་བས་གནས་ཞེས་བྱ་བའི་དོན་ཏོ། །དེས་ན་ཐེག་པ་ཆེན་པོ་འདིར་ནི་རང་བཞིན་གཅིག་ཉིད་ལས་སྣ་ཚོགས་པར་འགྱུར ་བ་ནི་ཐབས་ལ་མཁས་པའི་མཐུའི་ཆེ་བ་ཡིན་ལ། སྣ་ཚོགས་ཀྱང་གཅིག་ཁོ་ན་འདི་ལྟར་སྤྲོས་པ་མེད་པར་འགྱུར་བ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཆེ་བའོ། །དེ་ལྟར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་རྣམ་པར་ཕྱེ་ནས། ད་ནི་སྒྲུབ་པའི ་གཞིར་གྱུར་པ་རིགས་བསྟན་པ་དགྲོལ་བར་བྱ་བའི་ཕྱིར། སྒྲུབ་བ་དང་ལྡན་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཇི་སྐད་བཤད་པ་དང་མཐོང་བའི་ལམ་ལ་སོགས་གཞན་ཡང་འབྱུང་བས་སྒྲུབ་པའི་རྟེན་དུ་གྱུར་པ་གསུངས་ཏེ་ཞེས་བྱ་བ་ལ་སོགས་པས་གསུངས ་ཏེ་སྒྲུབ་པ་འཆད་པར་འགྱུར་བ་བཞི་པོ་དེ་དག་ཉམས་སུ་ལེན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྒྲུབ་པ་པོ་རྣམས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདས་མ་ཐག་ཏུ་ཇི་སྐད་བཤད་པ་འབྱུང་བ་སྟེ། དེ་ནི་གོ་ཆའི་སྒྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །མཐོང་བའི་ལམ ་ལ་སོགས་པ་གཞན་ཡང་འབྱུང་བས་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་བསྒོམ་པའི་ལམ་དང་ཁྱད་པར་གྱི་ལམ་བསྡུས་ཏེ། དེ་དག་ནི་འཇུག་པ་དང་ཚོགས་དང། ངེས་པར་འབྱུང་བའི་སྒྲུབ་པ་རྣམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ལུས་པའི་གཞི་རིགས་ཡིན་ན། དེ ་ལྟར་ན་དང་པོ་ཁོ་ནར་ཅི་ཏེ་ན་དེ་མ་བསྟན་ཅེ་ན། སེམས་བསྐྱེད་པ་ལ་སོགས་པའི་རྒྱུས་ཚོགས་ཀྱི་ལམ་གཉིས་སྦྱངས་ཏེ་སྦྱོར་བའི་ལམ་ཐོབ་པ་ནི་རིགས་ལ་གནས་པར་བགྲད་དོ་ཞེས་རྒྱུས་འབྲས་བུ་ཤེས་པར་བྱ་བའི་ཕྱིར་རོ། །གཞན་དག་ནི་དེ་ལྟར་སྦྱར་བ་ནི་མངོན་པར་འདུས ་བྱས་པའི་རིགས་ལ་གསུངས་པ་ཡིན་པས། རང་བཞིན་གྱིས་རིགས་ལ་ནི་དང་པོ་ཉིད་དུ་རིགས་བརྗོད་པར་རིགས་མོད་ཀྱི་རིགས་གཉིས་སུ་ཤེས་པར་བྱ་བའི་ཕྱིར་འདིར་བསྟན་ཏོ་ཞེས་ཟེར་རོ། །དེ་ལྟར་སྒྲུབ་པའི་རྟེན་རིགས་ཡིན་པས་དེ་སྒྲུབ་པ་རྣམས་ཀྱི་དང་པོར་ནི་བསྟན་ན ་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ཞེས་བྱ་བ་འདིའི་དོན་ཅི་ཞེ་ན། དེའི་ཕྱིར་རིགས་ཞེས་བྱ་བ་འདི་ནི་ཡོད་པར་སྒྲུབ་པ་དང། དེའི་རང་བཞིན་དང། རྣམ་པར་དབྱེ་བ་དང། རྟགས་དང། ཡོན་ཏན་དང། ཉེས་པ་དང། དེས་པའི་ཚིག་དག་གིས་ཤེས་པར་འགྱུར་ཏེ། དེ་ལ ་དང་པོའི་དབང་དུ་བྱས་ཏེ་ནི་ཁམས་རྣམས་དང་ནི་མོས་པ་དང། སྒྲུབ་པ་ཐ་དད་དམིགས་པ་དང། །འབྲས་བུ་ཐ་དད་དམིགས་པ་དང། །རིགས་ཡོད་ཉིད་དུ་ངེས་པར་བརྗོད་ཅེས་གསུངས་སོ། །གཉིས་པའི་དབང་དུ་བྱས་ཏེ། རིགས་ཀྱི་རང་བཞིན་ནི་ཁ་ཅིག་ཏུ་ཆོས་ཀྱི་དབྱིངས་ཏེ། ཀྱེ ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ། ནམ་མཁའ་ལྟར་ཡངས་པ། རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས ་ཀྱི་རིགས་སུ་སྐྱེས་པ་ཡིན། མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན་ཞེས་གསུངས་ལ། འདི་ཉིད་ལས་ཀྱང། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ། ་རིགས་ནི་ཐ་དད་རུང་མ་ཡིན་ཞེས་རྒོལ་བ་སྨྲ་བས་སོ། །ཡང་འཇམ་དཔལ་ཆོས་ཀྱི་དབྱིངས་གཅིག་དང་ཡང་དག་པའི་མཛའ་གཅིག་ཡིན་ན་སྣོད་དང་སྣོད་མེད་པར་ཇི་ལྟར་བརྟགས་ཞེས་ཀྱང་གསུངས་པས་སོ། །ཡང་ཁ་ཅིག་ཏུ་ནི་རིགས་ཞེས་བྱ་བ་འདི་ངེས་པར་སྐྱེ་མཆེད ་ཀྱི་བྱེ་བྲག་ཉིད་ལ་འདོད་པར་མཐོང་སྟེ་ཆོས་མངོན་པ་ལས་ཀྱང། ཁ་ཅིག་དང་པོ་ནས་དེའི་རིགས། ཁ་ཅིག་སྦྱངས་པ་ལས་གྱུར་ཏོ་ཞེས་བཤད་ལ། ཐེག་པ་ཆེན་པོའི་དབང་དུ་བྱས་ཏེ་ཡང་འཕགས་པ་ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤིས་ཤིང ་ཆུ་སྐྱར་ལས་ནི་ཆུ་ཤེལ་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་པའི། །རིགས་ནི་རྟགས་ཀྱི་སྒོ་ནས་ཤེས་ཞེས་གསུངས་ཏེ། འདིར་རྟགས་ནི་གང་ལ་སྐྱེ་མཆེད་ཁྱད་པར་ཅན་ཡོད་པའི་རང་བཞིན་གྱི་རྟགས་ཀྱི་ཁྱད་པར་འགའ་ཞིག་ལ་བྱ་བར་དགོངས་ཀྱི། གང་ལ ་ཆོས་ཀྱི་དབྱིངས་ཡོད་པའི་རྟགས་ཞེས་ན་མི་རིགས་ཏེ་དེ་ནི་སྤྱི་ལ་ཡོད་པའི་ཕྱིར་རོ། །དེ་ལས་འདིར་ནི་རྗེ་བཙུན་གྱི་ཞལ་སྔ་ནས་རིགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཡིན་པར་བཞེད་ལ། འོན་ཀྱང་རིགས་ཀྱི་དབྱེ་བ་ནི་མེད་པ་མ་ཡིན་ཏེ། ཡང་དག་པར་རིགས་གཅིག་པུ་ཡིན ་དུ་ཟིན་ཀྱང་འགའ་ཞིག་རང་བཞིན་ནམ་སྦྱངས་པ་ལས་སྐྱེ་མཆེད་ཁྱད་པར་དུ་གྱུར་པའི་དབང་ལས་ཐ་དད་པར་བཞག་པ་ཙམ་དུ་ཡང་དགོངས་པར་ནི་དཔེ་ཡིས་སྟོན་ཏོ། །གསུམ་པ་རྣམ་པར་དབྱེ་བ་ནི་སྦྱིར་ཐེག་པ་ཆེན་པོ་དང་རང་སངས་རྒྱས་དང། འཕགས ་པ་ཉན་ཐོས་དང། མ་ངེས་པ་དང། རིགས་མེད་པ་ཞེས་སྔར་འཕགས་པ་ལངཀར་གཤེགས་པ་ལས་གསུངས་པ་ཉིད་དེ། འོན་ཀྱང་རིགས་ཆད་པ་ཞེས་བྱ་བ་འདི་ནི་རྣམ་པར་གྲོལ་བ་དཀའ་བའི་དབང་ཙམ་ལ་དགོངས་པ་སྟེ། གཞན་དུ་ན་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་མཆོག་དང་པོ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པ་དང། ཡང་འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་ཀུན་མ ་ལུས་སངས་རྒྱས་འགྱུར། །ཞེས་གསུངས་པ་དག་ཇི་ལྟར་དྲངས། །བཞི་པ་རྟགས་ཀྱི་དབང་དུ་བྱས་ཏེ་ནི། །སྦྱོར་བའི་སྔོན་དུ་སྙིང་རྗེ་དང། །མོས་པ་དང་ནི་བཟོད་པ་དང། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ་ཞེས་གསུངས་སོ། །ལྔ་པ་དང་དྲུག་པའི ་དབང་དུ་བྱས་ཏེ་ནི། རིང་མོ་ཞིག་ན་ངན་སོང་དུ། །འགྲོ་ཞིག་མྱུར་དུ་ཐར་པ་དང། །དེའང་སྡུག་བསྔལ་ཆུང་ངུ་མྱོང། །སྐྱོ་བཅས་སེམས་ཅན་ཡོངས་སྨིན་བྱེད་ཅེས་པ་དང། ཉོན་མོངས་གྲོམས་དང་གྲོགས་ངན་དང། །འཕོངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས ་ཀྱི་ཉེས་པ་ནི། །རྣམ་པ་བཞིར་ནི་ཤེས་པར་བྱ། །ཞེས་གསུངས་སོ། །བདུན་པ་ནི་ངེས་པའི་ཚིག་གི་དབང་དུ་བྱས་ཏེ་ནི། ཕྱོགས་སམ་ས་ལ་སྐྱོབ་ནི་གོའི་སྒྲ་སྟེ། །རི་འོང་ས་དང་རྡོ་རྗེ་དང། །མཐོ་རིས་བ་ལང་ཆུ་རྣམས་ལ། །མཁས་པས་གོ་སྒྲ་ཤེས་པར་བྱ་ཞེས་བརྗོད་པའི ་ཚུལ་གྱིས་སོ། །ཡང་སྙིང་རྗེའི་དབང་གི་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་ངན་པར་ཐིམ་པས་ན་ཀུ་ལའོ། །གཞན་དག་ནི་ཡོན་ཏན་གྱི་ཚོགས་ཀྱི་རྟེན་དུ་འགྱུར་བའི་ཕྱིར་ན་ཀུལ?་ཞེས་སྐད་ཀྱི་བྱིངས་བསྟན་པའི་རྗེས་སུ་འབྲང་ངོ། །མིང་གི་དོན་ཡོན་ཏན་བསྐྱེད་པའི ་ཕྱིར་རིགས་ཉིད་ཆེས་བྱ་སྟེ། འདི་ནི་ས་བོན་དང་ནུས་པའི་མིང་གི་དོན་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཁོ་ན་ཞེས་བྱ་བ་ནི་དང་པོ་བསྡུས་པའི་དོན་གྱི་སྐབས་སུ། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཞེས་གསུངས་པ་ཐུགས་ལ་བཞག་ནས་འདི་སྐད ་སྨོས་སོ། །ཇི་སྐད་དུ་བཤད་པའི་ཆོས་ནི་སྒྲུབ་པ་རྣམ་པ་བཞི་ལ་སོགས་པའོ། །གཞིར་གྱུར་པ་ནི་ཆོས་ཀྱི་དབྱིངས་ཏེ་རྟོགས་པས་དེ་དང་འབྲེལ་བའི་བདག་ཉིད་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་ལ་རིགས་ཞེས་བསྟན་ཏོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི། བདུད་རྩི་ཐོབ་བྱེད་ལམ ་ནི་འདི་མིན་གྱིས། །ལམ་ངན་སྤོངས་ལ་ལམ་མཆོག་མནོས་ཤིག་ཅེས། ལྟ་ངན་སེམས་ཅན་མཐོང་ནས་གོ་བྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ་ཞེས་བྱ་བའི་ཚུལ་གྱིས་ན། བྱང་ཆུབ་ལ་དགོད་པའི་ཕྱིར་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རྣམ་པ་བཅུ ་གསུམ་ལ་ཞེས་བྱ་བ་ནི་ཇི་སྐད་དུ་བགྲངས་པ་བཅུ་གསུམ་སྟེ། དེ་ཡང་དང་པོ་ནི་སྦྱོར་བའི་ལམ་གྱིས་བསྡུས་པ་བཞིའོ། །ལྔ་པ་ནི་མཐོང་བའི་ལམ་མོ། །དྲུག་པ་ནི་བསྒོམ་པའི་ལམ་མོ། །བདུན་པ་དང་དགུ་པ་ནི་དེ་དག་ཉིད་ཀྱི་བྲལ་བ་དང་བྲལ་བའི་ཐོབ་པ་གཉིས་སོ། །བརྒྱད་པ་ནི་ས་འོང་བྱེད་པ་ནས ་ས་དྲུག་པའི་བར་རོ། །བཅུ་པ་ནི་ས་བདུན་པའོ། །བཅུ་གཅིག་པ་ནི་ས་མི་གཡོ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་རོ། །བཅུ་གཉིས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་དང་སྲིད་པ་ཐ་མ་པའོ། །བཅུ་གསུམ་པ་ནི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་ལ་སྐྱེ་བ་གཅིག་གིས་ཐོགས་པའི ་ས་པ་ནི་འགྲོ་བ་རྣམས་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པས་གདུལ་བྱ་ཕལ་མོ་ཆེ་བསྟན་པ་ལ་དགོད་པར་བྱེད་པའི་ཕྱིར་ན་དེའི་འོག་ཏུ་ཇི་ལྟ་བ་བཞིན་དུ་བཞུགས་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འགྲོ་བ་འགའ་ ་ཞིག་བསྟན་པ་འདི་ལ་གཞུག་པའི་ཕྱིར་དང་པོར་དེའི་སྒྲིབ་པ་སྤང་པའི་ཐབས་ཀྱིས་བདག་དང་གང་ཟག་དང་ཁམས་ལ་སོགས་པ་ཡོད་པར་བསྟན་པ་དང། ཆོས་ཐམས་ཅད་མེད་པ་དང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་དང། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག ་ཅིང་རང་བཞིན་གྱིས་འོད་གསལ་ལོ། །ཞེས་ཀུན་ཏུ་བརྟགས་པ་དང། གཞན་གྱི་དབང་དང། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བརྟེན་ཏེ་གསུངས་པ་ཆོས་ཀྱི་ཕུང་པོ་གཅིག་གསུངས་པར་མི་མཛད་ཀྱི་གདུལ་བྱ་ལ་རྟེན་ཅིང་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྙེད ་བསྟན་པ་དང། བྱང་ཆུབ་ཀྱི་སྤྱོད་པ་རབ་ཏུ་དཀའ་བ་བརྟེན་ཏེ་ཉོན་མོངས་པ་ལ་གནས་པས་ནི་བྱང་ཆུབ་དེ་ཐོབ་བོ་ཞེས་བསྟན་པ་དག་གཞུག་པ་ལ་ལྡེམ་པོར་དགོངས་པ་དང། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང། སྒྱུར་པ ་ལ་ལྡེམ་པོར་དགོངས་?་པ་དང། ཡང་ཚོགས་དང་ཆོས་ཀྱི་སྐུ་དག་དང། །འགྲོ་བའི་དོན་ནི་སྤྱོད་པ་ཡི། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །ཞེས་པ་ལ་རྟེན་ནས་འདས་པའི་དུས་ཀྱི་སངས་རྒྱས་ཁ་ཅིག་ཀྱང་ང་ཉིད་ཡིན་ཞེས་བསྟན་པ་དང། སངས་རྒྱས་འགའ་ཞིག་མཚན་ཐོས ་པས་ཕྱིར་མི་ལྡོག་པ་འགྱུར་ཞེས་དུས་རིང་མོ་ཞིག་ན་འགྱུར་བ་ལ་བརྟེན་པ་དང། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་རིམ་གྲོ་བྱ་བ་བྱས་ན་དེ་ནས་གདོད་ཐེག་པ་མཆོག་གི་དོན་ཁོང་དུ་ཆུད་པར་འགྱུར་རོ་ཞེས་སྟོན་པ་དོན་གཞན་ལ་རྟེན་པ་དང། གང་ཟག་འགའ་ཞིག་ལ་དང་པོར ་སྦྱིན་པའི་ལེགས་པ་བརྗོད་དེ་ཡང་ཕྱི་ནས་སྦྱིན་པ་སྨད་པ་ལ་སོགས་པ་བསྟན་པ་གང་ཟག་གི་བསམ་པ་ལ་བརྟེན་པ་སྟེ། དེ་ལྟ་ན་མཉམ་པ་ཉིད་ལ་དགོངས་པ་དང། དུས་གཞན་ལ་དགོངས་པ་དང། དོན་གཞན་ལ་དགོངས་པ་དང། གང་ཟག་གི་བསམ་པ་ལ་དགོངས ་པ་སྟེ་དགོངས་པ་བཞིའོ། །འདི་དག་ནི་ཐེག་པ་ཆེན་པོ་ལ་སྣང་བ་ལྟ་བུར་གཟུང་བར་བྱ་སྟེ། ཞུ་བའི་འོག་ཏུ་ཟ་བ་ལ། །མར་གྱི་ཉིད་ཁུ་སྦྲང་རྩི་དང། །ཁར་དག་ནི་བདུད་རྩི་བཞིན། །མ་ཞུ་ཟས་ལ་དུག་དུ་འགྱུར། །དེ་བཞིན་རབ་རྒྱས་བདུད་རྩི་ཡིས། །དགོངས་པའི་ཚིག་ལ ་མི་ཁས་ཤིང། །བྱིས་པའི་བློ་དང་ལྡན་པ་ལ། །མི་བཟད་པ་ཡི་དུག་དུ་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་དགོངས་པ་བརྒྱད་ཀྱི་འགྲོ་བའི་དོན་ལ་འབད་པ་ནི་རྟ་འདུལ་སྦྱོང་བྱེད་པ་ལྟར་ངེས་པར་དུལ་བར་འགྱུར་བས་ན་དེ་དག་ཉིད་ཐེག་པ་གསུམ་གྱི་ལམ་ལ་སེམས་ཅན་མ ་ལུས་པར་འགོད་པའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམས་སོ་ཞེས་བྱའོ། །དོན་འདི་ལ་དགོངས་ཏེ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་སུ་བསྟན་པ་མཛད་དོ། །དེའི་འོག་ཏུ་འཁོར་བ་ཇི་སྲིད་པ་ལ་སོགས་པ་ནི་སྐབས་བདུན་པར་ཞིབ་ཏུ་རྣམ་པར་འབྱེད་པས་ཤེས ་པར་འགྱུར་བས་འདིར་མི་བརྗོད་དོ། །གང་དག་ཐ་མར་བསྟན་པ་འདི་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པ་ནི་མི་རིགས་ཏེ་དེ་ལྟར་ན་སྔར་སྨོས་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་ཞེས་པ་ཇི་ལྟར་དྲང། ལྷག་མའི་ཚིག་གི་དོན་ནི་གོ་སླ་བས་རྣམ་པར་མ་ཕྱེ་སྟེ། རྣམ་པར ་བཤད་པའི་རིམ་པ་བཟློག་པ་འདི་ནི་དང་པོར་བཤད་པའི་བྱང་ཆུབ་སེམས་དཔའ་དབྱེ་བར་རིགས་པར་བསམས་ཏེ་དེ་ལྟར་བཤད་པར་ཟད་དོ། །ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་རྟོགས་པའི་རིམས་ཀྱིས་དམིགས་པ་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་འདིས་ནི་འདི ་སྐད་དུ་བསྟན་པར་འགྱུར་ཏེ་ཉན་ཐོས་དག་ནི་རྣལ་འབྱོར་སྤྱོད་པ་ལྟར་རིགས་ཐ་དད་པ་དང་ད་ཆང་བ་ཡོད་པར་མི་འདོད་པས་ན་སེམས་ཅན་ཐམས་ཅད་མ་ངེས་པའི་རིགས་ཅན་དུ་འདོད་པས་ན་དེ་ལྟར་འདོད་པ་ཁྱེད་ཉིད་ཀྱི་ལུགས་ཀྱིས་རིགས་ཀྱི་ངོ་བོ་ཅིག་ཡིན་ཡང་རྐྱེན་གྱིས་བྱས་པའི ་རྟོགས་པ་ཐ་དད་པ་ཙམ་གྱིས་རིགས་ཐ་དད་པར་འཐོང་བ་ལྟར་ཁོ་བོ་ཅག་ཀྱང་རིགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་གཅིག་པུ་ཁོ་ན་བཞིན་དུ་འདོད་ཀྱང་དེ་རྟོགས་པའི་རིམ་པ་ལས་རིགས་ཁྱད་པར་ཅན་བཅུ་གསུམ་དུ་འདོད་ཅེས་པ་འདི་ནི་བསྟན་བཅོས་ལས་གྲགས་པའི ་དཔེའོ། །སླ་ཆོས་ཉིད་དུ་ཞེས་པ་ནི་བསྟན་པར་སླ་བ་དང་གོ་སླ་བ་འཇིག་རྟེན་ལ་གྲགས་པའི་དཔེའོ། །སྒྲུབ་པའི་རྟེན་དུ་གྱུར་པ་ཇི་སྐད་བཤད་པའི་ཞེས་པ་ནི་འདས་མ་ཐེག་པ་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་རྣམས་ཀྱིའོ། །དམིགས་པ་གང་ཡིན་ཞེ་ན་སྙམ་དུ ་ཕྱོགས་སྔ་མ་ལ་རྟོགས་པ་ལ། དམིགས་པ་གསུངས་ཏེ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་དམིགས་པ་ཞེས་བྱ་བ་འདི་གང་ཞིག་ཡིན། འདི་ལྟར་ཆོས་མངོན་པ་ལས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང། ཡིད་ཀྱི་རྣམ་པར་ཤེས་པ་དང། མིང་ལ་མ་བྱང་བའི་ཡིད་ཀྱི་རྣམ་པར ་ཤེས་པ་དང། བརྡ་ལ་བློ་མ་བྱང་བ་དང། ལྟ་བ་དང། ང་རྒྱལ་དང། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་བོར་བ་དེ་ལས་གཞན་དག་དང། གང་དག་བོར་བ་དེ་དག་དང། ཟག་པ་མེད་པ་དང། སྐལ་པ་མི་འདྲ་བའི་ཁམས་དང། ས་ཀུན་ཏུ་འགྲོ ་བ་རྣམས་དང། མ་འོངས་པའི་དམིགས་པ་གཞི་གཏན་ལ་མ་ཕེབས་པ་རྣམས་དང། གང་པོར་བ་རྣམས་དང། རྟག་པ་ལ་སོགས་པར་སྐྱེས་པའི་འཛིན་པ་རྣམས་དང། དེ་དག་ལས་ཟློག་པའི་རྣམ་པར་འབྱུང་བ་རྣམས་དང། ཤེས་བྱའི་སྒྲིབ་པ་མ་བོར་བ་རྣམས་དང། དེ་སྤང ་བ་རྣམས་ཀྱི་དབང་དུ་བྱས་ཏེ། ཡུལ་ཡོངས་སུ་ཆད་པ་དང། དེ་ལས་ཟློག་པ་དང། ཡུལ་ལ་བཀྲ་བར་མི་འཛིན་པ་དང། དེ་ལས་ཟློག་པ་དང། དངོས་པོ་དང་བཅས་པ་དང། དེ་ལས་ཟློག་པ་དང། དངོས་པོ་དང། ཀུན་བརྟགས་པ་དང། ཕྱིན་ཅི་ལོག་དང། དེ་ལས་བཟློག ་པ་དང། ཐོགས་པ་དང་བཅས་པ་དང། ཐོགས་པ་མེད་པའི་དམིགས་པ་སྟེ་རྣམ་པ་བཅུ་གཉིས་སུ་ཕྱེ་བའི་དམིགས་པ་བསྟན་ན་འདིར་དེ་དག་ལས་གང་དག་བཟུང་ཞེ་ན། རེ་ཞིག་ཡུལ་ལ་བཀྲ་བར་མི་འཛིན་པའི་དམིགས་པ་རབ་ཏུ་སྨད་པ་དང། ཐོགས་པ་མེད ་པའི་དམིགས་པ་མཆོག་དག་ནི་འདིར་མི་བཟུང་ངོ། ལྷག་མ་བཅུ་ལས་ཀྱང་བྱང་ཆུབ་སེམས་དཔའ་ས་དང་པོ་བཞི་ནི་སྔར་བསྟན་པ་ལྟར་རྣམ་པར་རྟོག་པའི་རིགས་བཞི་མ་སྤངས་པས་ན་ཕྱིན་ཅི་ལོག་དང་ཀུན་བརྟགས་པའི་དམིགས་པ་དང་ཡང་འབྲེལ་ཞིང་དམིགས་ ་པ་ལྷག་མ་རྣམས་ཀྱང་ཅི་རིགས་སུ་སྦྱར་རོ། །བྱང་ཆུབ་སེམས་དཔའ་ལྷག་མ་དགུ་ནི་ལྷག་མའི་དམིགས་པ་བརྒྱད་དང་འབྲེལ་བར་འགྱུར་རོ། །ཡང་གཞན་དག་ནི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་ནི་ཐོགས་པ་མེད་པའི་དམིགས་པར་འདོད་དོ། །དགེ་སྦྱོང་ཚུལ་ཉིད་ཞེས་བྱ ་བ་ནི་ལམ་གྱི་བདེན་པ་གཙོ་བོ་གྱུར་པ་སྟེ་ཇི་སྐད་དུ་ཆོས་མངོན་པ་ལས། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །ཞེས་བསྟན་པ་ལྟ་བུའོ། ལུང་དུ་མ་བསྟན་པའི་ལུས་ཀྱི་ལས་ཞེས་བྱ་བ་ནི་ཕན་པ་འམ་གནོད་པའི་སེམས་དང་བྲལ་བའི་བཟོ་བྱེད་པ་འམ་ཁ་ཟས་ཟ་བ་ལ ་སོགས་པའོ། །རྣམ་པ་གཉིས་པའི་དབྱེ་བ་བཞི་ཉིད་ཀྱིས་ཞེས་བྱ་བ་ནི་གཞུང་རྩ་བ་ལས་ཟུང་དུ་སྦྱར་བ་ཕྲག་བཞི་བསྟན་པ་རྣམས་སོ། །ཆོས་ཅན་སྟོབས་བཅུ་སྟེ་ཞེས་བྱ་བ་ལ། སྟོབས་བཅུ་ཉིད་ཆོས་ཅན་ཏེ་སྟོབས་རེ་རེ་ལ་ཡང་དཔག་ཏུ་མེད་པའི་སྟོབས་མངའ་མོད་ཀྱི་མདོ ་བསྡུས་ན་སྟོབས་བཅུར་བསྟན་ཏོ། ཞེས་མདོ་ལས་གསུངས་པ་ན་རང་གི་ཡན་ལག་ནི་འདིར་ཆོས་སུ་བརྗོད་དོ། །གཞན་དག་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་གཙོ་བོ་ནི་སྟོབས་བཅུ་ཡིན་པས་འདིར་ཆོས་ཅན་གྱི་སྒྲས་ནི་གཙོ་བོ་བསྟན་ལ། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ནི་ཆོས ་ཀྱི་སྒྲས་བསྟན་པར་འགྱུར་རོ་ཞེས་འདོད་དོ། །དེ་ལྟ་བུ་ལ་སོགས་པ་ལ་ཞེས་བྱ་བ་ལ་དེ་ལྟ་བུ་ནི་དམིགས་པ་རྣམ་པ་བཅུ་གཅིག་རྣམས་སོ། །སོགས་པ་སྨོས་པ་ནི་གྲངས་རྣམ་པ་བཅུ་གཅིག་ཏུ་བཞག་པའི་དམིགས་པ་ནི་ཉེ་བར་མཚོན་པ་སྟེ། རྒྱས་པར་ནི་རང་དང་སྤྱིའི་མཚན་ཉིད ་མ་ལུས་པ་ལ་དམིགས་པར་རིག་པས་ན་ཆོས་ཐམས་ཅད་ཅེས་བསྟན་ཏེ། རྒྱལ་སྲས་རྣམས་ཀྱི་མི་བསླབ་པ། །དེ་ནི་འགའ་ཡང་ཡོད་མ་ཡིན་ཞེས་བཤད་པ་ལྟ་བུའོ། །རྟོགས་པ་ཇི་ལྟ་བུས་རིམ་གྱིས་དམིགས་པས་ན་ཞེས་བྱ་བ་ལ་རྟོགས་པའི་རིམ་པ་མི ་འདྲ་བའི་ཤུགས་ཀྱིས་ན་སྔར་དམིགས་པ་བཅུ་གཉིས་ལས་ཅི་རིགས་སུ་ཕྱེ་བ་ཡིན་ཏེ་ལས་དང་པོ་ལ་རྣམས་ནི་མངོན་པར་ཞེན་པས་དམིགས་པ་ཕྱི་མ་ཕྱི་མ་རྣམས་ནི་དེ་ལས་ཟློག་པར་དམིགས་པའི་ཕྱིར་ཏེ་དེ་ནི་རྟོགས་པ་ཇི་ལྟ་བའི་དོན་ཏོ། །གཞན་དག་ནི་བྱང ་ཆུབ་སེམས་དཔའ་བཅུ་གསུམ་པོ་དེ་དག་ཀུན་ཀྱང་དགེ་བ་ལ་དང་པོར་དམིགས་ཤིང། རིམ་གྱིས་ཐ་མར་སྟོབས་བཅུ་ལ་དམིགས་པའི་བར་དུ་དམིགས་པ་ནི་རྟོགས་པའི་རིམ་པའོ། །ཞེས་འདོད་དོ། །ཆེད་དུ་བྱ་བ་ལ་བྱང་ཆུབ་སེམས་དཔའ་དེ་དག་དོན་ཅི་ཞིག་ཆེད་དུ་དམིགས ་པ་དེ་ལྟ་དུ་ལ་དམིགས་པ་སྒྲུབ་པར་བྱེད་ཅེ་ན་ཞེས་བྱ་བར་སྦྱར་རོ། །དེའི་ལན་དུ་ནི་སེམས་ཅན་ཐམས་ཅད་རིམ་གྱིས་རིམ་གྱིས་སེམས་ཅན་གྱི་མཆོག་སངས་རྒྱས་ཉིད་དུ་བྱའོ་ཞེས་ཡིད་ལ་བྱེད་པའི་ཕྱིར་སེམས་དཔའ་ཆེ་བ་ཉིད་དེ། དེ་དག་ལ་སོགས་པའི་དོན་ཆེན་པོ་གསུམ ་གྱིས་རིམ་པས་དམིགས་ཞེས་བྱ་བའི་ཐ་ཚིག་གོ་།གལ་ཏེ་དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་མིའི་མཆོག་ཏུ་གྱུར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་གི་སེམས་ཅན་ཐམས་ཅད་གང་ཞེ་ན། དེ་ནི་རང་རང་གི་སངས་མ་རྒྱས་པའི་གནས་སྐབས་ལ་དགོངས ་པས་ཉེས་པ་མེད་དོ། །དམིགས་པ་ནི་ཆེད་དུ་བྱ་བ་དེ་དག་མཐོང་ནས་དམིགས་པས་ན་དང་པོ་ནི་དམིགས་པ་འབྱུང་ལ་དེ་ནས་ནི་ཆེད་དུ་བྱ་བ་དེའི་མཐུས་འབྱུང་བས་ན། འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་མངའ་ལྟོང་དུ་འཇུག་པ་དང། འབེམ་ལ་ཕོག་པའི ་དཔེ་དང་དུས་ཉེ་བ་དང་རིང་བའི་དབང་གིས་འདི་གཉིས་བསྟན་པ་མཛད་དོ། །དེའི་རང་གི་ངོ་བོ་གང་ཡིན་ཞེ་ན་ཞེས་པ་ལ་དེའི་རང་གི་ངོ་བོ་ནི་སྔར་སྒྲུབ་པ་ཞེས་བྱ་བའི་མིང་ཙམ་ཞིག་ལན་མང་དུ་བྱུང་བས་ན། དེ་ནི་དེའི་ངོ་བོ་ཉིད་ཅན་སྟོན་ཅིག་ཅེས་བྱ་བའི་དོན་ཏོ། །དེའི་ལན་དུ་ནི ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་དོན་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཁྱོད་ཀྱིས་དྲིས་པའི་སྒྲུབ་པའི་ངོ་བོ་དེ་ནི་མདོར་ན་རྣམ་པ་གཉིས་ཏེ་ཇི་ལྟར་ཞེ་ན་གོམས་པའི་མཐུ་མ་ཐོབ་པའི་ཕྱིར་སྒོ་དུ་མ་ནས་སྤྱོད ་པའི་སྒྲུབ་པ་བཞི་ནི་སྐབས་དང་པོ་གསུམ་གྱི་དབང་དུ་བྱས་ཏེ། དེའི་ངོ་བོར་བཞག་ལ། ཡུན་རིང་དུ་འདྲིས་པའི་མཐུས་དགེ་བ་སྒྲུབ་པ་ཇི་སྙེད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་དང་ལྡན་པར་བསྡུ་སྟེ་བསྒྲུབ་པར་ནུས་པའི་སྒྲུབ་པ་དྲུག་ནི་སྐབས་ལྷག་མ་བཞི་རྣམས་ཀྱིས་སྒྲུབ ་བའོ། །དེ་ལ་རྗེ་བཙུན་གྱི་ཞལ་སྔ་ནས་ནི་གོ་ཆའི་སྒྲུབ་པས་བསྒྲུབ་པ་གཉི་ག་བསྟན་ལྷག་མ་འཇུག་པ་ལ་སོགས་པ་ནི་སྒྲུབ་པ་དང་པོའོ་ཞེས་དགོངས་པས་དུས་གཅིག་ཚུལ་གྱིས་སྟོན་པར་མཛད་དོ་ཞེས་བྱའོ། །ཡང་གཞན་དག་ནི་སྐབས་བདུན་པར་ནི་ཕ་རོལ་ཏུ ་ཕྱིན་པ་གཅིག་གིས་ཀྱང་མ་ལུས་པར་བསྒྲུབ་པར་ནུས་པས་ན་མངོན་པར་རྟོགས་པ་རྣམ་པ་བཞི་ལ་ཞེས་བྱ་བ་འདི་ནི་རྣམ་པ་གསུམ་པ་ཞེས་བྱ་བར་བརྗོད་པར་རིགས་སོ་ཞེས་བྱ་བར་འདོད་དོ། །དེ་ལ་གོ་ཆ་ལ་སོགས་པའི་སྒྲུབ་པ་དང་པོ་རྣམ་པ་ནི་གོ་རིམ་བཞིན་དུ ་འཇུག་པ་དང། ཞུགས་པ་ཁྱད་པར་དུ་གྱུར་པ་དང། འབྲས་བུ་ཐོབ་མངོན་དུ་བྱེད་པ་རྣམས་ཡིན་ལ། སྒྲུབ་པ་ཐ་མ་ནི་མ་ལུས་པ་གཅིག་ཏུ་དབྱེར་མེད་པས་བསྒྲུབ་ཅིང་སྔ་ཕྱིའི་ཆར་ཡང་མི་ལྟ་བར་བསྒོམ་པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ནི་རྣམ་པ་ཐམས་ཅད ་སྐད་ཅིག་ལ་མཁྱེན་པའི་དང་པོར་སྦྱོར་བ་ཡིན་པའི་ཕྱིར་རོ། །གོ་ཆའི་སྒྲུབ་པ་ཞེས་བྱ་བ་ནི་བརྩོན་འགྲུས་རྣམ་པ་གསུམ་པོ་གོ་ཆ་དང་སྦྱོར་བ་དང་སེམས་ཅན་གྱི་དོན་བྱ་བ་དག་ལས། འདིར་ནི་གོ་ཆའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དུ་ཤེས་པར་བྱ་སྟེ་གོ་ཆ་ཡང་ཕ་རོལ་ཏུ་ཕྱིན་པ ་སུམ་ཅུ་རྩ་དྲུག་དག་ཏུ་བསྒྲུབ་པར་སེམས་ཀྱིས་སྲན་བཙུགས་པས་དེའི་མི་མཐུན་པའི་ཕྱོགས་ཀྱི་མི་ཕུགས་པས་ན་གོ་ཆ་དང། ཆོས་མཐུན་ཏེ། དེ་བས་ན་གོ་ཆ་བརྟན་པར་གྱོན་པ་ལ་ཐམས་ཅད་འགྲུབ་པའི་ཕྱིར་དེ་དང་པོར་བསྟན་ཏེ། དགོས་པ་སྒྲུབ་ལ་མཁས་རྣམས་སྲན ་ཐུབ་པས། །དཀའ་བ་རྣམས་ཀྱང་དཀའ་བ་མེད་པར་རྒལ་ཞེས་བཤད་པ་ལྟ་བུའོ། །ཡང་དེ་ནི་དུ་ཞེ་ན་དྲུག་ཚན་དྲུག་གིས་ཇི་བཞིན་བཤད་ཅེས་བྱ་བའི་བཀའ་ལུང་འདིས་སུམ་ཅུ་རྩ་དྲུག་མདོ་དང་མཐུན་པར་བསྟན་ཏོ། །དེ་ལ་སློབ་དཔོན་གྱི་ཞལ་སྔ་ནས་ནི་བསྟན་པ་གང་དག ་བསྡུས་པ་ནི་རབ་ཏུ་ཕྱིན་གོ་བའི་ཡན་ལག་ཏུ་འགྱུར་ཏེ། དཔེར་ན་གཟུགས་ཞེས་བསྟན་པའི་ཚེ་རྒྱུ་དང་རྒྱུར་བྱས་པ་དག་གིས་དབྱེ་བས་བསྟན་པ་ལྟ་བུའོ། །བསྟན་པ་གང་རབ་ཏུ་རྒྱས་པ་དེ་དག་ནི་བསྡུས་པ་གོ་བར་བྱེད་པ་ཡིན་ཏེ། དཔེར་ན་གཟུགས་གང་ཇི་སྙེད་པ་ནི་ཕུང་པོ་ལྔ་པོའོ ་ཞེས་བྱའོ་ཞེས་པ་འམ། ཇི་ལྟར་རྒྱལ་བའི་ཡུམ་གྱི་མདོའི་ལེའུ་རབ་ཏུ་མང་པོ་དག་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་ལེའུ་བརྒྱད་དུ་གདགས་པ་མཛད་པ་ལྟ་བུའོ། །འདིར་ཡང་སུམ་ཅུ་རྩ་དྲུག་ཏུ་བསྡུས་ན་གོ་སླ་བར་དགོངས་པས་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་གོ་ཞེས ་བྱ་བ་གསུངས་ཏེ། འདི་ལ་རྒྱུ་མཚན་འགའ་ཞིག་མེད་པར་ནི་བསྡུ་བར་མི་རིགས་པས་ན་སྦྱིན་པ་ལ་སོགས་པ་དྲུག་དང་ཆོས་མཐུན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཕྱིན་པ་ལ་བརྟེན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་དེའི་ཚེ་དེའི་རྒྱུ་ལས་བྱུང་ཞིང་དེའི་ཉམས་སུ་ལེན་པ་ལས་ཕྱེ་བར་ཟད་པས ་ན་རྒྱུ་གཅིག་ལས་བྱུང་བར་འདྲ་བས་ན་ཆོས་མཐུན་པའོ། །གཞན་དག་ནི་གདུལ་བྱ་ཆོས་ཀྱི་རྣམ་པར་དབྱེ་བ་ལ་མི་རྨོངས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ལྟ་དེ་ལྟར་གདགས་པ་མཛད་པས་མིང་གི་ཆོས་མཐུན་པ་ཞེས་བྱ་བའི་རང་གི་ངོ་བོ་ནི་ཕ་རོལ ་ཏུ་ཕྱིན་པ་དྲུག་ཁོ་ནར་ཟད་དེ། གལ་ཏེ་ཉན་ཐོས་ལ་སོགས་པར་ཡོངས་སུ་བསྔོས་ན་དེས་ཕ་རོལ་ཏུ་ཕྱིན་པར་ག་ལ་འགྱུར་ཞེས་འདོད་དོ། །འཇུག་པའི་སྒྲུབ་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་འཇུག་པ་ཐོབ་ནས་སྒྲུབ་ཅེས་པའི་དོན་ཏེ་དེའི་འོག་ཏུ་ནི་མཐུན་པ་ཙམ་གྱིས་སྤྱོད་པའོ། ། ་དོན་འདི་ཉིད་ལས་དགོངས་ཏེ་སློབ་དཔོན་དཔལ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་སྨོན་པའི་བྱང་ཆུབ་སེམས་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་ས་དང་པོ་རབ་ཏུ་དགའ་བ་ལས་བརྩམས་ཏེའོ་ཞེས་བཤད་དོ། །མི་དམིགས་པ ་དང་ལྡན་པ་དང་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པར་མི་དམིགས་ཤིང་རྟགས་པ་དང། བདེ་བ་དང། བདག་དང། ཞི་བ་དང། སྟོང་པ་དང། མཚན་མ་དང། སྨོན་པ་དང། དུས་དང། ཁམས་དང། ཟག་པ་དང་བཅས་པ་དང། འདུས་བྱས་ཀྱི་ཁམས་དང། ་འདུས་མ་བྱས་ཀྱི་ཁམས་རྣམས་གང་དུ་ཡང་དམིགས་ཤིང་དེ་དག་མེད་དོ་ཞེས་ཀྱང་མི་དམིགས་པའོ། །ཆེད་དུ་བྱ་བ་དང་ཞེས་བྱ་བ་ནི་སྟོང་པ་ཉིད་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་ཏེ། མི་སློབ་པའི་ཆོས་རྣམས་ཀྱི་ཆེད་དུ་སྔར ་ཡུན་རིང་དུ་འདྲིས་པར་བྱ་བ་རྣམས་བསྒོམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ནི་འབྲས་བུ་ལ་དམིགས་ཏེ་འཇུག་པའི་དོན་ཏོ། །དེ་ལྟར་འཇུག་པ་བྱས་པ་ལ་ཞེས་བྱ་བ་ནི་མཐོང་བའི་ལམ་བསྐྱེད་པ་ལའོ། །ཚོགས་ཀྱི་ལམ་སྐྱེ་བས་ཞེས་པ་ནི་སྒོམ་པའི་ལམ་འབྱུང ་བ་སྟེ། འདིར་སངས་རྒྱས་ཀྱི་རྒྱུའི་ཆོས་རྫོགས་པར་བྱེད་པས་ན་ཚོགས་ཏེ། དངོས་སུ་ན་ཆོས་དུ་མའི་དོན་ཏོ། །དེས་ན་ལས་དང་པོ་པའི་ས་ནས་ཁྱད་པར་གྱི་ལམ་གྱིས་བར་དུ་ཚོགས་ཡིན་མོད་ཀྱི། སྒོམ་པའི་ལམ་འདིར་ནུས་པ་མཐུ་ཅན་གྱི་ཆོས་རྒྱས་པ་ལ་དམིགས་པས་ན་འདི་ལ ་ཚོགས་ཀྱི་གཙོ་བོར་གྱུར་པས་ཚོགས་ཞེས་གསུངས་སོ། །ཡེ་ཤེས་ཀྱི་ཚོགས་ལ་སྟོང་པ་ཉི་ཤུར་གསུངས་པ་ལ། ཁ་ཅིག་ནི་འདིར་ནི་ལམ་གྱི་སྐབས་ཀྱི་ཡེ་ཤེས་གཙོ་བོར་སྟོན་པ་ནི་འབྲས་བུའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་གཙོ་བོར་མ་བསྟན་ཏོ་ཞེས་ཟེར་རོ། །འཕགས་པ ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་ནི་དེ་དག་ཀྱང་འདིར་དྲངས་ཏེ་བརྗོད་པར་རིགས་ཏེ། སྟོང་པ་ཉིད་ཉི་ཤུ་བོ་འདི་དག་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་མེ་ལོང་ལྟ་བུ་དང་བཅས་པའི་བྱེ་བྲག་གོ་ཞེས་གསུངས་སོ། །སའི་ཚོགས་ཞེས་བྱ་བ་ལ་འདིར་སའི་ཚོགས་དེ་ནི་རྒྱས་པར་ཁོང་དུ་ཆུད ་པར་བྱ་ན་སའི་ངེས་པའི་ཚིག་དང། སའི་དབྱེ་བ་དང། རང་བཞིན་དང། ཤས་ཆེ་བའི་ཆོས་དང། ཡོངས་སུ་སྦྱོང་བ་དང། ས་དེ་དག་ཐོབ་པར་ལུས་ཡོངས་སུ་འཛིན་པ་དང། ཀུན་རྫོབ་ཀྱི་ཡེ་ཤེས་དང། མི་མཐུན་པའི་ཕྱོགས་དང། ས་དེ་དག་གི་རྟགས་དང། འབྲས་བུ་རྣམས་བརྗོད་པར ་བྱ་བར་རིགས་སོ། །དེ་ལ་ངེས་པའི་ཚིག་ནི་སྤྱི་དང་སོ་སོ་བས་གཉིས་ཏེ། རེ་ཞིག་སྤྱིའི་དབང་དུ་མཛད་ནས་ནི། །དགེ་བ་བསྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟགས་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །འབྱུང་པོ ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ་ཞེས་གསུངས་སོ། །དེ་བཞིན་དུ་སོ་སོ་བའི་དབང་དུ་བྱས་ཏེ་རིམ་པ་བཞིན་དུ། །བྱང་ཆུབ་ལ་ནི་ཉེ་བ་དང། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ ་དགའ་བ་སྐྱེ་འགྱུར་ཏེ། །དེའི་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོམ་པའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོང་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་ཤེས་སྲེག་མེ་ལྟ་བུ། །དེ་དང་ལྡན ་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་བར་དཀའ་ཞེས་བྱ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་ ་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པ་ཞེས་བཤད་དོ། །བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང ་དག་རིག་བློ་བཟང། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱི་ནམ་མཁའ་ཨི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་བྱ་བ་ལ་སོགས་པ་གཞུང་གང་དག་ཏུ་ཇི་ལྟར་བསྟན་པ་རྣམས་སོ། །དེ་ལ་སའི་དབྱེ་བ་མི་འཇིག་རྟེན་ལས་འདས་པའི་ས་སློབ་པས ་བསྡུས་པ་ནི་ཐེག་པ་ཆེན་པོ་འདིར་ངེས་པའི་ཚིག་གིས་བསྟན་པའི་བཅུ་པ་རྣམས་སོ། །གཞན་དུ་དད་པའི་ས་ལ་སོགས་པ་མང་ཞིག་འབྱུང་བ་ནི་འདིར་སྐབས་མ་ཡིན་པའི་ཕྱིར་མི་དབྱེའོ། །ས་རྣམས་ཀྱི་རང་བཞིན་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་ངོ་བོ་ཉིད་དོ། ་ས་གང་ཞིག་ལ་ཆོས་གང་ཞིག་ཤས་ཆེ་ཞེ་ན། ཁ་ཅིག་ན་རེ་ཕ་རོལ་ཏུ་ཕྱིན་པ་བཅུ་དངོས་པོར་མི་དམིགས་པས་ནི་ས་སོ་སོར་སྦྱོང་བར་བྱེད། བསམ་དང་ཕན་པའི་དངོས་ཉིད་དང་ཞེས་པ་ལོགས་པ་འཆད་པར་འགྱུར་བ་རྣམས་ནི་ས་དེ་དང་དེ་ལ་ཤས་ཆེར་རྒྱས་པར ་སྤྱོད་པའི་ཆོས་དེ། དེ་ལྟར་བྱས་ན་མདོ་དང་མཐུན་པར་འགྱུར་རོ་ཞེས་ཟེར་ལ། གཞན་དུ་རིགས་པ་མ་ཡིན་ཏེ། གལ་ཏེ་ཇི་སྐད་དུ་འཆད་པར་བྱེད་པའི་སའི་ཚོགས་འདི་དག་ས་མ་ཐོབ་པ་ཐོབ་པར་བྱེད་པ་མ་ཡིན་གྱི་ཐོབ་པ་ལ་ཤས་ཆེ་བ་ཞིག་ཡིན་ན་དེའི་ཚེ་ས་དགུ ་པའི་ཚོགས་བསྟན་པར། ངེས་འབྱུང་བྱང་ཆུབ་ཤིང་རྣམས་ཀྱི། །ཡོན་ཏན་ཞེས་བྱ་བ་ལ་སོགས་པ་སྨོས་པ་འདི་མི་འཐད་པར་འགྱུར་ཏེ། དེ་དག་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཡིན་ཏེ། དེས་ན་སློབ་དཔོན་གྱིས་ཀྱང་དེ་དག་ནི་ས་དེ་ཐོབ་པར ་བྱེད་པའི་རྒྱུར་གསལ་པོར་བསྟན་ཏོ། །དེ་ལས་ས་གང་ལ་ཆོས་གང་ཞིག་གིས་ཤས་ཆེ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་རིམ་བཞིན་དང། ཆོས་གང་གིས་ས་དེ་ཐོབ་པར་བྱ་བའི་ཆོས་དེ་ཉིད་ལ་ཡང་ཤས་ཆེར་སློབ་ཅིང། གཞན་ཡང་འཕགས་པ་ས་བཅུ་པའི་ལེའུ ་ལས། དེ་ལ་བསྡུ་བའི་དངོས་པོ་སྦྱིན་པ་དང་དག་སྙན་པ་གཉིས་ཀྱི་ཤས་ཆེ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་སྦྱར་རོ། །ཡོངས་སུ་སྦྱོང་བ་ནི་ཞར་ལས་བརྗོད་ཟིན་ཏོ། །ལུས་ཡོངས་སུ་འཛིན་པའི་དབང་དུ་བྱས་ཏེ། ཛམྦུའི་གླིང ་གི་རྒྱལ་པོ་དང། འཁོར་ལོས་སྒྱུར་པའི་རྒྱལ་པོ་ཉིད་དང། ལྷའི་དབང་པོ་བརྒྱ་བྱིན་ཉིད་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་རྣམས་དང། སྟོང་གི་བདག་པོ་ཚངས་པ་དང། སྟོང་གསུམ་གྱི་སྟོང་ཆེན ་པོའི་བདག་པོ་ཚངས་པ་ཆེན་པོ་དང་ལྷའི་བུ་དབང་ཕྱུག་ཆེན་པོ་རྣམས་སུ་ཕལ་ཆེར་འགྱུར་པས། སེར་སྣ་དང། འཆལ་པའི་ཚུལ་ཁྲིམས་དང། འདོད་པའི་འདོད་ཆགས་དང། འཇིག་ཚོགས་ལ་ལྟ་བ་དང། མུ་སྟེགས་བྱེད་ཀྱི་གནས་དང། ང་རྒྱལ་རྣམ་པར་འཇོམས ་ཤིང་སེམས་ཅན་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་བྱེད་པའོ། །ཀུན་རྫོབ་ཀྱི་ཡེ་ཤེས་ཀྱི་དབང་དུ་བྱས་ཏེ། ས་དང་པོ་ལ་ནི་སངས་རྒྱས་བརྒྱའི་ཞལ་མཐོང་བ་དང། ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང། སངས་རྒྱས་ཀྱི་ཞིང་བརྒྱ ་སྦྱོང་བ་ལ་སོགས་པ་སྐད་ཅིག་གཅིག་ལའོ། །དེ་བཞིན་དུ་སྦྱར་ཏེ་གྲངས་བསྒྱུར་བ་སྟོང་དང། བརྒྱ་སྟོང་དང། ཁྲག་ཁྲིག་དང། ཁྲག་ཁྲིག་ཕྲག་བརྒྱ་དང། ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང། སྟོང་གསུམ་བརྒྱ་སྟོང་ཕྲག ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅེས་བསྒྱུར་ཏེ། ས་འདི་དག་གི་ཡོན་ཏན་དེ་ལྟ ་བུ་ལ་སོགས་པ་ཕལ་ཆེར་ནི་འཕགས་པས་བཅུའི་ལེའུར་བལྟ་བར་རིགས་སོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་ཐུན་མོང་ཉིད་དུ་བཟུང་བ་དང། འཛིན་པའི་རྣམ་པར་རྟོག་པ་རིགས་བཞི་གངས་བརྒྱ་རྩ་བརྒྱད་དུ་རྒྱུར་བ་རྣམས་སོ། །བྱེ་བྲག་ཏུ་ནི་ཇི་སྐད་དུ་དེ་ལས་དང་པོ་ལ་ནི་གང་ཟག་དང་ཆོས ་ལ་མངོན་པར་ཞེན་པའི་ཤིན་ཏུ་རྨོངས་པ་དང། ངན་སོང་བའི་ཉོན་མོངས་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པའི་ཤིན་ཏུ་རྨོངས་པ་དང། ལས་ཀྱི་འགྲོ་བ་སྣ་ཚོགས ་ལ་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །གསུམ་པ་ལ་ནི་འདོང་པའི་འདོད་ཆགས་ཀྱི་ཤིན་ཏུ་རྨོངས་པ་དང། ཐོས་པའི་གཟུངས་ཡོངས་སུ་རྫོགས་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བཞི་པ་ལ་ནི་སྙོམས ་པར་འཇུག་པ་ལ་སྲེད་པའི་ཤིན་ཏུ་རྨོངས་པ་དང། ཆོས་ལ་སྲེད་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ལྔ་པ་ལ་ནི་འཁོར་བ་ལ་ཤིན་ཏུ་ཕྱིར་ཕྱོགས་པ་དང། མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང། མྱ་ངན་ལས ་འདས་པ་ལ་ཕྱིར་ཕྱོགས་པ་དང་མངོན་དུ་ཕྱོགས་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དྲུག་པ་ལ་ནི་འདུ་བྱེད་འབྱུང་བ་མངོན་སུམ་དུ་འགྱུར་བའི་ཤིན་ཏུ་རྨོངས་པ་དང། མཚན་མ་མང་དུ་འབྱུང་བའི་ཤིན་ཏུ་རྨོངས ་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་འབྱུང་བའི་ཤིན་ཏུ་རྨོངས་པ་དང། རབ་ཏུ་མཚན་མ་མེད་པ་ཡིད་ལ་བྱེད་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །བརྒྱད་པ་ལ་ནི་མཚན་མ་མེད་པའི་སྒྲིབ་པའི ་ཤིན་ཏུ་རྨོངས་པ་དང། མཚན་མ་དག་ལ་དབང་བའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །དགུ་པ་ལ་ནི་ཆོས་སྟོན་པ་ཚད་མེད་པ་དང། ཆོས་ཀྱི་ཚིག་དང་ཡི་གེ་ཚད་མེད་པ་དང། གོང་ནས་གོང་དུ་ཤེས་རབ་དང། སྤོབས་པ་དང་གཟུངས་ཀྱི་དབང ་གིས་ཤིན་ཏུ་རྨོངས་པ་དང། སྤོབས་པ་ལ་དབང་བའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་མི་མཐུན་པའི་ཕྱོགས་སོ། །ས་བཅུ་པ་ལ་ནི་མངོན་པར་ཤེས་པ་ཆེན་པོའི་ཤིན་ཏུ་རྨོངས་པ་དང། གསང་བ་ཕྲ་མོ་ལ་འཇུག་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན ་མི་མཐུན་པའི་ཕྱོགས་སོ། །ཞེས་གསུངས་པ་རྣམས་དང། ཡང་སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་རབ་ཏུ་ཕྲ་བའི་ཆགས་པའི་ཤིན་ཏུ་རྨོངས་པ་དང། ཐོགས་པའི་ཤིན་ཏུ་རྨོངས་པ་དང། དེའི་གནས་ངན་ལེན་དུ་གྱུར་པ་མི་མཐུན་པའི་ཕྱོགས་སོ། །ཞེས་གསུངས་པ་རྣམས་ཏེ། ཐ་མ ་སངས་རྒྱས་ཀྱི་སའི་སྒྲིབ་པ་འདི་ཡང་ས་བཅུ་པ་ཉིད་ལ་ལྡན་པའི་ཕྱིར་སྤོང་བ་མ་ཡིན་ཡང་དེར་བསྡུ་བར་བྱའོ། །སངས་རྒྱས་ཀྱི་སའི་སྒྲིབ་པས་ས་བཅུ་པ་ཉིད་ལ་རྣམ་པར་བཞག་པར་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་རབ་ཏུ་ཕྲ་བའི་གནས་སྐབས་དང། ཉོན་མོངས་པའི ་བག་ཆགས་རྣམས་ནི་སངས་རྒྱས་ཀྱི་སའི་སྒྲིབ་པའོ་ཞེས་སྔོན་གྱི་སློབ་དཔོན་ཁ་ཅིག་གིས་བསྟན་པ་ལས་ཀྱང། དོན་གྱིས་ན་འདིར་འགྱུར་རོ། །ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་བྱེ་བྲག་ཅན་འདི་ནི་བདག་གིས་ས་ལ་འཇུག་པ་ལས། ཡན་ལག་བཅུ་གཅིག་རྫོགས་གྱུར་པས། །རབ་ཏུ ་དགའ་སོགས་ས་བཅུ་གཅིག། རྨོངས་གཉིས་གནས་ངན་ལེན་གཅིག་སྟེ། །མི་མཐུན་ཕྱོགས་དེ་ཐ་དད་དོ། །ཞེས་བཤད་པའི་ལུགས་ཀྱིས་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་ལུང་གིས་བཤད་པའོ། །ས་དེ་དག་ཐོབ་པའི་རྟགས་ནི་རྨི་ལམ ་གྱི་རྣམ་པ་ལས་ཤེས་པར་བྱའོ། །དེ་ལྟར་ན་རྨི་ལམ་དྲོ་བར་གྱུར་པའི་ཚེ་ན་མེད་དེ་དེར་གཉིས་ལ་སོགས་པའི་སྒྲིབ་པ་ལྔ་ཟད་པའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟར་ན་དེ་དག་གི་རྟགས་རྨི་ལམ་དུ་ངེས་པར་འགྱུར་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་གཉིད?་དེ་ནི་རྣམ་པ་གཉིས་ཏེ། རང་དབང་མེད་པ ་ཉོན་མོངས་པའི་བདག་ཉིད་དང། དེ་ལས་ཟློག་པ་ཉིད་དོ། །སྦྱོར་བའི་ལམ་ཉིད་དུ་དང་པོ་བཅོམ་ཡང་ཆེད་དུ་བྱིན་གྱིས་བརླབས་པས་ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དང་དེ་དག་ལ་ཡང་ངེས་པར་ཡོད་པས་ན། འདི་ལ་ཉེས་པ་མེད་དོ། །གཞན་དག་ནི་བློ་བུར་བའི ་ཤེས་པའི་སྣང་བ་རྨི་ལམ་ལྟ་བུར་བྱུང་བ་ནི་ས་དེ་དང་དེ་དག་ལ་ཆོས་ཐམས་ཅད་རྨི་ལམ་ལྟར་རྟོགས་པའི་ཕྱིར་རྨི་ལམ་གྱི་མིང་གིས་བསྟན་ཏོ་ཞེས་ཟེར་ཏེ། འདིར་ལུང་དང་འགལ་བ་བསྒྲུབ་པས་ཅི་ཞིག་བྱ། ལུང་གིས་ཚིག་ནི་དགོས་པ་མེད་པར་སྒྲ་གཞན་གྱིས་སྟོན་པར་མི་མཛད་དོ། །དེ་ལ ་མཚན་མ་རྣམས་ནི་ས་དང་པོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་བའོ། །ས་གཉིས་པ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་ལག་མཐིལ ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་མཐོང་བའོ། །ས་གསུམ་པ་ལ་ནི་བདག་ཉིད་དཔའ་ཞིང་ལག་ཆ་དང། གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་བའོ། །ས་བཞི་པ་ལ་ནི་ཕྱོགས་བཞི་ནས་རླུང ་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་མཐོང་བར་མཐོང་བའོ། །ས་ལྔ་པ་ལ་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་བའོ། །ས ་དྲུག་པ་ལ་ནི་ཐེམ་སྐས་བཞི་དང་ལྡན་པའི་རྫིང་གསེར་གྱི་བྱེ་མ་བརྡལ་བ་དང་ཞིང་སྙོག་པ་མེད་པ་ལ་ཆུ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ་མེ་ཏོག་ཨུཏཔ་ལ་དང། ཀུ་མུ་ད་དང། པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་ནས་དེ་ལ་བདག་ཉིད་རྩེ་དགའ་ཡོངས་སུ ་ལོངས་སྤྱོད་པར་མཐོང་ངོ། །ས་བདུན་པ་ལ་ནི་ངོས་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། བདག་ཉིད་མ་སྨས་མཉམས་པར་དེ་ནས་སླར་ལྡོག་པར་མཐོང་བའོ། །ས་བརྒྱད་པ་ལ་ནི་ཕྲག་པ་གཉིས་ན་རི་དགས་ཀྱི་རྒྱལ་པོ་སེངྒེ་རལ་པ་ཅན་ཅོད ་བན་ཐོགས་པ་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་གནས་པར་མཐོང་བའོ། །ས་དགུ་པ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་མཐོང་སྟེ་སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། མགོ་བོའི་སྟེང་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས ་པས་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་བའོ། །ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ། སྐུ་མདོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས?་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པར ་མཐོང་ཞེས་བྱ་བ་སྟེ། འདི་ནི་བདག་གིས་འཕགས་པ་བློ་གྲོས་མི་བཟད་པས་ཞུས་པ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ་རྣམས་བསྡུས་ཏེ་བཀོད་པའོ། །གང་གིས་གནས་སྐབས་མ་ཡིན་པར་མཚན་མ་འདི་དག་མཐོང་བར་གྱུར་པ་ནི་སྔགས་ཀྱི་མཐུ་འམ། བདུད་ཀྱི་བྱིན་གྱིས ་བརླབས་ཡིན་པར་ཤེས་པར་བྱའོ། །ས་འདི་དག་གི་འབྲས་བུ་ནི་སངས་རྒྱས་ཀྱི་ས་འོད་བྱེད་པ་ཉིད་ཡིན་ལ། དེ་ལ་གཞན་དུ་ཡང་ས་ཕྱི་མ་ཕྱི་མ་རྣམས་ནི་དེ་ལ་སྔ་མ་སྔ་མར་གྱུར་བ་རྣམས་ཀྱིས་འབྲས་བུར་རིག་པར་བྱའོ། །ཉི་མ་ལ་སོགས་པ་ལས་སྐྱེས་པ་དང་ཞེས་པ་ནི ་ཇི་ལྟར་མངོན་པར་འབྱུང་བའི་མདོ་ལས་ཉི་མ་ལས་སྐྱེས་པ་དང་བུ་རམ་ཤིང་པའི་མངོན་བྱུང་བ་འཕགས་པ་མཽངྒལ་གྱི་བུས་ཤཱཀྱ་རྣམས་ལ་བཤད་པ་ལྟ་བུ་སྟེ། མའི་མངལ་དུ་མ་བཅོས་པས་ན་དང་པོའི་རིགས་བཙུན་པར་གྲགས་པའོ། །གཞན་དག་ནི་ཉི་མ་དང་གསེར ་དང་ནོར་བུ་ལ་སོགས་པའི་འོད་ལྟ་བུའི་སྐུ་མདོག་ཅན་དུ་སྐྱེས་པ་ཞེས་འདོད་ཅིང། དེ་ལྟར་བྱས་ན་ཁྱོད་སྐུ་གསེར་མདོག་འོད་གསལ་བའི། །ཚད་ནི་དམིགས་སུ་མ་མཆིས་ཏེ། །སྐད་ཅིག་མདོག་གསེར་བཙོང་ཁ་དང། །མྱུར་བར་ཤེལ་འོད་འདྲ་བར་གདའ་། །ཞེས་གསུངས་པ་ལ ་སོགས་པའི་མདོའི་ཚིག་རྣམས་ཀྱང་ལེགས་པར་དྲངས་པར་འགྱུར་རོ་ཞེས་ཟེར་རོ། །སྨོན་ལམ་ཤེས་པར་གང་གིས་གནས་པ་ཞེས་བྱ་བ་ནི་དུང་ངོ་བོ་ཉིད་ཀྱི་བྱང་ཆུབ་ཆེན་པོ་མ་ཐོབ་ཏུ་ཟིན་ཀྱང་སྨོན་ལམ་གྱི་མཐུས་ནི་དགའ་ལྡན་གྱི་གནས་ནས་བབས་པ་ལ་སོགས་པའི་མཇིད ་པ་བཅུ་གཉིས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྦྱོར་བ་ཤེས་པས་གནས་པའོ། །དེ་ལྟ་ན་འཕགས་པ་ས་བཅུ་པའི་ལེའུ་ལས། སྨོན་ལམ་གྱི་མཐུས་ནི་ས་རབ་ཏུ་དགའ་བ་ལ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་པས་དེ་དག་ཀྱང་ཇི་ལྟར ་ན་སངས་རྒྱས་ཀྱི་སར་བགྲང་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ས་དེ་དག་དེའི་མངོན་པར་འཚང་རྒྱ་བ་ནི་རབ་ཏུ་ཉུང་བར་སྔར་བསྟན་པའི་ཚུལ་གྱིས་བརྒྱ་ལ་སོགས་པས་དམན་པའི་ཕྱིར་འདི་དང་ག་ལ་ཞིག་སྙམ། གཉེན་པོའི་ཚོགས་ཤེས་བྱ་བ་ནི་འགའ་ཞིག་ལོགས་ན་ཡོད ་པར་རྟོག་པ་སྲིད་པ་དགག་པའི་ཕྱིར་གཟུང་འཛིན་གྱི་རྣམ་པར་རྟོག་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ནི་མཐོང་བ་དང་སྒོམ་པའི་ལམ་གཉིས་ཁོ་ན་གཉེན་པོ་ཞེས་བྱ་བ་འདི་ལས་གཞན་ནི་འདིར་མི་བཙལ་ལོ་ཞེས་བསྟན་པའི་ཕྱིར་བར་སྐབས་ཀྱི་ཚིགས ་སུ་བཅད་པ་གཅིག་གིས་དེ་བསྟན་ཏོ། །དེ་ལྟར་སྔར་ཚོགས་ཀྱི་སྒྲུབ་བ་ནི་སྒོམ་པའི་ལམ་དུ་བསྟན་པ་ཡིན་ན། མཐོང་བའི་ལམ་འདིར་ཅི་ཞིག་འབྲེལ་ཞེ་ན། དེ་ལྟར་སྒྲུབ་པ་བཞི་ལམ་བཞིར་བསྟན་པ་ནི་རེ་ཞིག་ཤས་ཆེ་བའི་དབང་དུ་བྱས་ཀྱི་དེ་དག་རེ་རེ་ཡང་ཐམས་ཅད ་དུ་མི་འགྲོ་བ་ནི་མ་ཡིན་པས་ན་ཉེས་པ་མེད་དོ། །གཞན་དག་ནི་འདིར་གཉེན་པོར་བགྲད་བ་ནི་སྒོམ་པའི་ལམ་ཡིན་མོད་ཀྱི་མཐོང་བའི་ལམ་ཡང་སྦྱིན་གཉེན་པོ་ཡིན་པར་ཞར་ལ་བསྟན་ཏོ་ཞེས་ཟེར་རོ། །གནས་སྐབས་ཀྱི་ཁྱད་པར་ཞེས་བྱ་བ་ནི་ལམ་དེ་དག་ལ་ཡང་མཉམ ་པར་བཞག་པའི་གནས་སྐབས་ན་གཉེན་པོའི་མིང་ཐོབ་ཀྱི། མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལྟ་བུ་ནི་ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པ་བརྒྱད་པས་གཟུང་པ་དང་འཛིན་པའི་རྣམ་པར་རྟོག་པའི་གཉེན་པོར་མི་འགྱུར་ཏེ། དེ་ལྟར་ན་འཕགས་པ་རྣམ་པར ་གྲོལ་བའི་སྡེའི་ཞལ་སྔ་ནས་མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་ཨི་དགོངས་པ་མཛའ་ཡས་མཛད་པ་ཡིན་ཏེ། གཞན་དུ་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་བལྟོས་པ་མེད་པའི་འགོག་པར་ལྟུང་བར་འགྱུར་རོ་ཞེས་གསུངས ་སོ། །དེ་བཞིན་དུ་སྒོམ་པའི་ལམ་ཡང་ཟག་པ་མེད་པ་མངོན་པར་བསྒྲུབ་པའི་མཚན་ཉིད་ཀྱི་གནས་སྐབས་ཁོ་ན་གཉེན་པོར་བཞག་གོ་།ཇི་སྐད་དུ་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་བྱ་བ་ལ། ཇི་སྐད་བཤད་པ་ནི་གཉེན་པོའི་ཚོགས་ཀྱི་མཐར་ཐུག་པའི ་གནས་སྐབས་དང་པོ་འདིར་ཇི་སྐད་བཤད་པ་རྣམས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདུན་པ་ལ་སོགས་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ནི་འདིའི་རྒྱུ་ཡིན་པས་དེ་སྐད་ཅེས་བྱ་ཞིང། ཁ་ཅིག་ན་འདི་ཉིད་ཀྱི་དངོས་པོ་སྟེ་སེམས་བསྐྱེད ་པ་བཅུ་དགུ་པ་ལ་སོགས་པའོ། །དེ་ལྟར་དེ་དག་མ་ལུས་པ་སྔར་སྦྱང་བ་དང་ཕྱིས་འཐོབ་པ་ལ་དམིགས་ནས་སྐད་ཅིག་མ་གཅིག་གིས་འབྱུང་བས་ན་ངེས་པར་འབྱུང་བ་སྟེ་ཚུལ་འདི་ནི་རྣམ་པ་བརྒྱད་ཅར་ལ་སྦྱར་རོ། །གཞན་དག་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་ཞེས་བྱ་བ་ལ་སོགས་པ་མདོའི་ཚིག་གིས་ཇི་སྐད་བཤད་པ་ཁུངས་སུ་བྱས་ཏེ། རྣམ་པ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་འདི་ཅི་ཞེ་ན། ཁ་ཅིག་ནི་བདེན་པ་རྣམས་བཞི་ལ་དམིགས་པའི་ཡེ་ཤེས ་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པར་འདོད་དོ། །གཞན་དག་ནི་དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང། མ་སྐྱེས་པ་དང་མ་འགགས་པ་དང། བཟོད་མ་ནས་ཞི་བ་དང། རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པ་མཁྱེན་པས་བསྡུས་པར་འདོད་དོ། །ཁ་ཅིག་ནི་སངས་རྒྱས་ཀྱི ་ས་འདིར་ནི་གཉེན་པོ་མི་མཐུན་པའི་ཕྱོགས་གཉིས་ཀྱི་ཆར་དབྱེ་བ་མེད་པས་ན་མཁྱེན་པ་མི་མཁྱེན་པ་དང། དག་པ་དང། བཟད་པ་དང། ངན་ཅིང་མི་གཙང་བ་ལ་སོགས་པ་མཁྱེན་པ་ཀུན་རྫོབ་པ་མི་མངར་ཟིན་ཀྱང། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་ལྟར་མི་རྟོག་བཞིན ་དུ་འགྲོ་བ་རྣམས་ཀྱི་མངོན་པར་འདོད་པ་འགྲུབ་པས་ན་གཞན་གྱིས་ཤེས་པའི་སྣང་བའི་དབང་ཙམ་ལས་དེ་རྣམ་པ་ཐམས་ཅད་མཁྱེན་པར་བརྗོད་དོ་ཞེས་ཟེར་ཏེ། མཁའ་ལྡིང་གྲུབ་བ་ཇི་ལྟ་བུར། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་ནས། དེ་འདས་ཡུན་རིང ་ལོན་ན་ཡང། །དུག་ལ་སོགས་པ་སེལ་བ་ལྟར་ཞེས་བྱ་བ་ལ་སོགས་པ་སྨྲ་བར་བྱེད་དོ། །ཡང་གཞན་དག་ནི་ཉོན་མོངས་པ་དང་ཤེས་བྱ་དང་བག་ཆགས་ཀྱི་སྒྲིབ་པ་མ་ལུས་པ་སྤངས་པས་ན། མི་ཤེས་པ་དང་བྲལ་བའི་ཐོབ་པའི་འབྲས་བུ་ལག་འཐིལ་གྱི་ཤིང་ཐོག ་ལྟར་མ་ལུས་པ་སྒྱུ་མ་ལྟར་བཀྲ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ནི་སྒྲ་ཇི་བཞིན་པར་ངེས་པར་ཁས་བླང་ངོ་ཞེས་ཟེར་རོ། །ཡང་གཞན་དག་ནི་ཤེས་བྱའི་མཆོག་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡིན་ཏེ་དེའི་དབང་དུ་བྱས་ཏེ། ཤེས་བྱའི་གནས་དང་མཚན་ ་ཉིད་ལ་སོགས་པ་བཅུ་མཁྱེན་པས་ན་ཐམས་ཅད་མཁྱེན་པའོ་ཞེས་གསུངས་པར་འདོད་དོ། །འདིར་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྣང་བ་དང་བཅས་པའི་ཡེ་ཤེས་དེ་མངའ་འམ་ཅི་སྟེ་མ་ཡིན་ཞེས་པ་ལས་གྱུར་པར་ཤེས་པར་བྱ་སྟེ། ཁ ་ཅིག་ནི་སྣང་བ་དང་བཅས་པའི་ཡེ་ཤེས་དེ་མངའ་བར་གྱུར་པའི་ཚེ་གཟུང་བ་དང་འཛིན་པའི་ཉེས་པར་འགྱུར་བས་ན་ཡེ་ཤེས་རྣམ་པ་མེད་པ་ཀུན་རྫོབ་བ་ཙམ་ཞིག་ནི་རང་རིག་པར་འགྱུར་བ་སྟེ། འདི་ཙམ་ཞིག་གོ་ཞེས་སྔར་བསྟན་པའི་ཕྱོགས་གསུམ་པ་འདོད། ། ་གཞན་དག་ནི་བསྐལ་པ་དུ་མར་གཟུང་བ་དང་འཛིན་པ་རྫུན་པའི་ངོ་བོ་ཉིད་དུ་གོམས་པར་གྱུར་པ་དེ་ལ་སྣང་བ་རྣམས་གཟུང་པ་དང་འཛིན་པ་ཇི་ལྟར་འགྱུར་ཏེ་ཇི་སྐད་དུ། འདི་ལྟར་མཐོང་དང་ཐོས་པ་དང། །འདི་ལ་ངག་པ་བྱ་མེད་ཀྱི། །གང་ཕྱིར་སྡུག་བསྔལ་རྒྱུར ་འགྱུར་བ། །བདེན་པ་ཉིད་དུ་རྟོག་པ་ཟློག་།ཅེས་བཤད་པས་ན། ངེས་པར་སྣང་བ་དང་བཅས་པའི་ཡེ་ཤེས་མེད་ན་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པར་བརྗོད་ཅེས་ཟེར་རོ། །ལ་ལ་ནི་རང་བཞིན་གྱིས་འོད་གསལ་བ་ཙམ་ལ་དམིགས་ནས་བརྗོད་དུ་མེད་པའི ་རང་བཞིན་དུ་ཡོད་ཅེས་འདོད་པས་ཕྱོགས་གཞན་དུ་གྱུར་པའོ། །ཧ་ཅང་སྤྲོས་པས་ཅི་ཞིག་བྱ་སྟེ་འདི་ནི་ཉེ་བར་བཞག་གོ་།ངེས་པར་འབྱུང་བའི་སྒྲུབ་བ་ལྷུར་བླང་བར་བྱ་སྟེ་དང་པོ་ནི་སེམས་བསྐྱེད་བ་ལས་མངོན་པར་ཤེས་པ་ལ་སོགས་པ་ལྔ་བསྟན་ཏེ། དེ་ནས ་ནི་འདིར་སྒྲུབ་པ་རྣམས་པ་བརྒྱད་དོ། །དེ་ནས་ནི་སྐབས་བཞི་པར་རྣམ་པ་དག་གི་ནང་དུ་སྤོང་བའི་ལམ་སྟེ་མ་ལུས་པར་སྤོང་ཞེས་བྱ་བའི་དོན་བསྡུའོ་དེ་ནས་ནི་སྐབས་ལྔ་པར་དམིགས་པ་དང་རྣམ་པ་ལོག་པར་རྟོག་པ་རྣམས་ཀྱིས་ལྷུར་བླངས་ཏེ་བསྟན་ཏོ། །དེ་ནས ་ནི་སྐབས་བདུན་པར་མཚན་ཉིད་རྣམ་པ་བཞིར་ཕྱེ་སྟེ་བརྗོད་དོ། །དེ་ནས་ནི་ཡང་སྐབས་བརྒྱད་པ་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་ལས། བྱང་ཆུབ་ཡན་ལག་ལས་རྣམས་ནི། །ཆུང་མི་ཟ་དང་བདེན་མཐོང་དང། །ཕྱིན་ཅི་ལོག་ནི་སྤོང་བ་དང། །དེ་གཞི་མེད་པའི ་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང་ཞེས་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། འདི་དག་སོ་སོ་དང་བསྡུས་པས་ཁོང་དུ་ཆུད་པར་བྱ་བ་ནི་འདིར་ནི་མན་ངག་གོ་ཐམས་ཅད་དམིགས་པ་ཉིད་ལས་ཁྱད་པར་དུ ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར་མི་དམིགས་པའི་རང་བཞིན་ཁོ་ནས་ཡོངས་སུ་སྤྱོད་པར་བྱ་བ་ཅེས་སམ། དེ་ལྟར་བྱོས་ཤིག་ཅེས་ཚིག་ཟུར་གྱིས་ན་གདམས་པ་སྟེ། ཚིག་འདི་ནི་བྱུང་བ་དང་འབྱུང་བར་འགྱུར་བ་རིལ་ལ་སྦྱར་བར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ནི་སྔར་བསྟན་ཏོ། །མན་ངག་གི་བསྟན་བཅོས་ཞེས་བྱ་བ་ནི་ཤེས་པར་བྱེད་པའི་ཡུལ་མྱུར་དུ་ཁོང་དུ་ཆུད་པར་བྱེད་པའི་གཞུང་ལུགས་སོ། ། བི་ནི་མངོན་དུ་ཕྱོགས་པས་སོ། །སམ་ཞེས་བྱ་བ་ནི་ཡང་དག་པར་ངེས་པ་ཉིད་དུ་བརྗོད་པའོ། །ི་ཡ་ནི་འགྲོ་བའི་དོན་ཏོ། །དེ ་ན་མངོན་དུ་ཕྱོགས་པས་ཡང་དག་པ་ཇི་ལྟ་བར་ངེས་པར་འགྲོ་བས་ཡེ་ཤེས་རྟོགས་པའི་ལམ་འདི་ནི་མངོན་པར་རྟོགས་པའི་གཞན་དག་ནི་མངོན་དུ་ཕྱོགས་པར་གྱུར་ན་དུས་ཇི་ལྟ་བ་བཞིན་དུ་དེ་ལས་མི་འདའ་བར་འབྲས་བུ་འབྱིན་ལས་ན་མངོན་དུ་ཕྱོགས་པའི་དུས་ཅན་ཞེས ་འཆད་པར་བྱེད་དོ། །རྒྱན་གྱི་དོན་ནི་བཤད་ཟིན་ཏོ། །སྐབས་ནི་ལེའུ་ཞེས་བྱ་བའི་དོན་ཏོ། །དང་པོ་ནི་གཉིས་པ་ལ་བལྟོས་པ་འམ། ཡང་ན་མཆོག་གི་དོན་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་མ་ལུས་པའི་ལུས་ཡིན་པའི་ཕྱིར་རོ། །འབྲེལ་བ་ཞེས་བྱ་བ་ནི་དོན་ཙམ་གྱིའོ། ། ་སྐབས་དང་པོའི་འགྲེལ་བཤད་རྫོགས་སོ།། །།དེ་ལྟར་སྐབས་དང་པོའི་ཚིག་གི་ལེའུར་བྱས་པ་རྣམས་རྣམ་པར་བཀྲོལ་ནས་ད་ནི་གཉིས་པ་དགྲོལ་བའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་འདི་རྟོགས་པ་ནི་ལམ་ཤེས་པ་ཉིད་མང་ན་མེད་པས་ལམ་ཤེས་པ ་ཉིད་གསུངས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ཤེས་པ་ཉིད་ནི་དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་སྐྱེ་བོ་ཞེས་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། འདིར་ང་རྒྱལ་དང་ཞུམ་པ་གཉི་ག་བསལ་བ་ལ་ལམ ་སྐྱེའི་གང་ཡང་རུང་པ་གཅིག་དང་ལྡན་པ་ལ་མ་ཡིན་པ་ནི་མངོན་པར་འབྱུང་བའི་མདོ་ལས་རྒྱལ་པོ་ཟས་གཙང་མའི་ལམ་ཇི་ལྟར་བསྐྱེད་པའི་དབང་དུ་བྱས་པ་ལྟ་བུའོ། །འདིར་ལྟ་རྣམས་ཞུམ་པ་མེད་ཅིང་ང་རྒྱལ་དང་ལྡན་པས་དེ་སྤང ་བར་མཛད་པའོ། །ཚིག་ཟུར་གྱིས་རྟེན་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་ལས་བཀའ་སྡུད་པ་ཉིད་ཀྱིས་ཤེས་བྱའི་དོན་ཏེ། ཚིག་ལེའུར་བྱས་པ་ལ་ནི་ལྷ་རྣམས་རུང་བར་བྱ་བའི་ཕྱིར་ཞེས་སྨོས་པས་དངོས་ཁོ་ནར་བསྟན་ཏོ། །མདོ་ལས་ནི་དངོས་སུ་བཅོམ་ལྡན་འདས ་ཀྱི་མཐུ་ཆེ་བ་བསམ་གྱིས་མི་ཁྱབ་པ་བཅུ་ལས་འོད་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་ཟུར་གྱིས་རྟན་བསྟན་པའོ་ཞེས་བྱ་བར་གནས་སོ། །འདོད་ཆགས་དང་བྲལ་བ་འཕགས་པ་ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱིས་ནི་ཞི་བའི་དབྱིངས་ནས་ལངས་ཏེའོ། །ཅིག་ཤོས་བྱང་ཆུབ ་སེམས་དཔའ་རྣམས་ཀྱིས་ད་ལྟར་ཉིད་གནས་སོ། །ཉོན་མོངས་རྣམ་པ་ཐམ་ཅད་དུ་སྤངས་པ་མ་ཡིན་པས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དངོས་སུའོ། །སངས་རྒྱས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལས་འཁྲུངས་པ་རྣམས་ཀྱང་ཤཱཀྱའི་བུ ་མོས་འཚོ་མ་བདག་གིར་མཛད་པ་ལ་སོགས་པའི་ཐབས་མཁས་པས་འགྲོ་པའི་དོན་དུ་ཉོན་མོངས་པ་མ་སྤངས་པ་ལྟ་བུར་སྟོན་པས་ན་འདི་འཐད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཡོངས་སུ་ཤེས་པར་བྱའོ་ཞེས་པ་ནི་ཆེད་དུ་འམ་འདི་ལོགས་སུ ་སྒོམ་པའི་འཐད་པ་ནི་མི་དགོས་ཀྱི། བདག་གི་ལམ་ལ་དེ་དག་གི་ཡོན་ཏན་རྫོགས་པར་ཤེས་པར་བྱ་བའི་དོན་ཏེ། ཤཱ་རིའི་བུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ ་ཐོབ་པའོ་ཞེས་གསུངས་པས་སོ། །དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡང་གཉིས་ཏེ། ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་དང། ས་མི་གཡོ་བའོ། །ཚད་མར་གྱུར་པའི་སྐྱེས་བུས་མི་གཟིགས་པའི་རྒྱུ་འཐད་པ་དག་གིས་ཞེས་བྱ་བ་འདིས་ནི་ལུང་གི ་ཚན་མ་སྟོན་ཏེ། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་ཚེ་ནི་གང་ཡང་སྐྱེ་བ་འམ་འགག་པ་མ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་སོ་བདེན་པའི་དམིགས་པ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེའོ་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྐྱེས་བུ་ལ ་བསྣུན་པའི་མཚོན་ཆ་ནི་དང་པོར་གོ་ཆ་ཕུག་ནས་དེའི་འོག་ཏུ་འདོད་པའི་སྐྱེས་བུ་ལ་ཕིགས་པའི་དཔེས་སོ། །ལུང་ལས་ཉན་ཐོས་རྣམས་གཞན་གྱི་བསྟན་པ་ལ་བལྟོས་ནས་རང་གི་བྱང་ཆུབ་རྟོགས་པར་འགྱུར་ལ་ཞེས་བྱ་བ་ནི། ཇི་སྐད་དུ་འཕགས་པ་བྱང་ཆུབ་སེམས་དཔའ་ཨི ་སྡེ་སྣོད་ལས། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ་ཞེས་གསུངས་པ་ལྟ་བུ་སྟེ། དོན་འདི་ཉིད་ཀྱི་དབང་གིས་སློབ་མ་ཞེས་འདི་དག་བརྗོད་དེ་ངེས་པར་སློབ་དཔོན་དགོས་པས་སོ། །གཞན་དག་ཀྱང་བརྗོད་པ་དང་བཅས་པའི་ཆོས་བསྟན་པས་དགེ་བ་ལ་འཇུག ་པར་བྱད་དེ་ཞེས་འབྱུང་ངོ་ཞེས་བྱ་བ་ནི་འདི་དག་ཐོས་པ་སྒྲོགས་པར་བྱེད་པས་ན་ཐོས་སྒྲོགས་སོ་ཞེས་བྱ་བ་ལྟ་བུའོ། །སྔོན་ཞེས་བྱ་བ་ནི་བསྐལ་པ་བརྒྱའི་བོར་དུ་སྟེ། བསེ་རུ་བསྐལ་པ་བརྒྱ་ཡིས་རྒྱུས་ཞེས་བཤད་པས་སོ། །རང་གི་བྱང་ཆུབ་རྟོགས་པར་འགྱུར་ཏེ་ཞེས་བྱ ་བ་ནི་རྐྱེན་གྱིས་མཐུ་ཡིས་ཏེ་རང་རྒྱལ་བ་རྣམས་ཀྱི་རྐྱེན་གྱིས་འདུ་ཤེས་ཅན་ཞེས་གསུངས་པས་སོ། །སྤངས་པ་ནི་གཟུང་བའི་རྣམ་པར་གྱུར་པ་ཕྱི་རོལ་གྱི་ཡུལ་རྣམས་རང་བཞིན་མེད་པར་ཤེས་པ་ནི་མེ་དང་ཆུ་ལ་སོགས་པས་ཡང་དང་ཡང་དུ་འཇིགས་པས་རྟོགས་པར ་སླ་བའི་ཕྱིར་རོ། །འདི་ཙམ་ལས་ན་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པར་བསྟན་ཏོ། །བཏགས་པའི་ཆོས་ཉིད་མི་འགལ་པར་རབ་ཏུ་སྟོན་པ་ཞེས་བྱ་ནི་ཇི་ལྟར་བཏགས་པ་ཡང་ཆོས་ཀྱི་དབྱིངས་ལ་རབ་ཏུ་མ་འདས་པའི་ཕྱིར་རོ། །ཚིག་ལེའུར་བྱས་པའི་དོན་ཉེ་བར ་མཚོན་པ་ལྷུར་ལེན་པའི་གཞུང་གིས་ཞེས་བྱ་བ་ནི་དེ་དག་དེ་དག་རྣམ་པའོ་ཞེས་མ་སྨོས་ཀྱི། ལམ་ཤེས་ཉིད་ཀྱིས་སྐད་ཅིག་མ་ཞེས་སྨོས་པས་ན། མཐོང་བའི་ལམ་དེ་ལ་རྣམ་པ་ཇི་སྙེད་ཡོད་པའི་དོན་མི་བཤད་ཀྱིས་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ཚིག་ལེའུར ་བྱས་བར་ཉེ་བར་མཚོན་པ་ཉི་ཚེར་མཛད་པར་ཟད་དེ། རྣམ་པའི་དབྱེ་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པའི་སྐབས་སུ་སྟོན་པའི་ཕྱིར་རོ་སྙམ་དུ་སེམས་ཏེ། བཤད་པ་ནི་སྔར་དམིགས་པ་དང་ནི་རྣམ་པ་དང་ཞེས་བྱ་བ་ལ་སོགས་པའོ། །མ་བཤད་པ ་ནི་འོག་ཉིད་ནས། །གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་བྱ་བ་ལ་སོགས་པས་འཆད་པ་རྣམས་སོ། །དེ་བཞིན་དུ་ལྟ་བར་བྱའོ་ཞེས་པ་ནི་སྐད་ཅིག་མའི་དོན་ཙམ་དུ་ཤེས་པར་བྱའོ་ཞེས་སོ། །སྒོམ་པའི་གོ་རིམ་ལ་སོགས་པ་མ་བསྟན་པའི་ཕྱིར་ཞེས་བྱ་བ་ནི། གལ་ཏེ་དེ ་དག་ཟེར་བ་ལྟར་སྐད་ཅིག་མའི་ཁྱད་པར་ཙམ་དུ་ཟད་ན་དེའི་ཚེ་མཐོང་བའི་ལམ་རིམ་གྱིས་བསྒོམ་པ་རིམ་པ་ཡེ་མ་བསྟན་པར་འགྱུར་ལ། སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་མཉམ་པར་བཞག་པའི་དུས་ན་ཡིད་ལ་བྱ་བའི་རིམ་པ་ཡང་མ་བསྟན་པར ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱོན་གཞན་ཡང་དམིགས་པ་དང་ནི་རྣམ་པ་དང། ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་དངོས་སུ་ཁྱེད་ཀྱི་དེ་ལུང་དང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདི་ནི་རྣམ་པ་རིམ་པ་བཅུ་དྲུག་དང་ཆེ་འབྲིང་ཡིན་གྱི་སྐད་ཅིག་གིས ་ཆོས་ནི་མ་ཡིན་ནོ། །གདུལ་བྱ་བརྗོད་པར་བྱ་བ་ཉུང་བ་ཉིད་དང་ཞེས་བྱ་བ་ནི་སྒོམ་པའི་ལམ་འདི་བྱེད་པའི་རྒྱུ་གང་ཡིན་ཞེས་རྩོད་པས་མང་དུ་སྨྲ་པ་དགག་པ་འམ། གདུལ་བྱ་གང་དག་ལམ་འདིའི་བྱེད་རྒྱུ་ལ་གནས་པར་བརྗོད་དུ་རུང་བ་དེ་དག་ནི་ཆེས་ཉུང ་སྟེ་རབ་ཏུ་དཀོན་ནོ་ཞེས་བསྟན་པས་ལམ་འདི་རྙེད་དཀའ་བར་བསྟན་པའོ། །ཡང་གདུལ་བྱ་རྣམས་འབྲས་བུ་ལ་གཞོལ་བར་ཞུགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་སྟེ་སྒོམ་པའི་ལམ་གང་ཡིན་པ་ལ་མོས་པ་ཡིད་ལ་བྱེད་པ་ལ་སོགས་པས་དེར་གཞོལ ་བ་ཉིད་དུ་ཞུགས་པར་བྱ་བའི་ཕྱིར་ནི་དང་པོར་བྱེད་པ་དྲུག་པོ་འདི་དག་དེར་གཞོལ་ཞིང་འཇུག་པར་བྱའོ་ཞེས་ལམ་སྐྱེ་བའི་རྒྱུ་བསྟན་པས་དེ་དག་ལ་གདམས་པའོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བྱེ་བྲག་ནི་རྣམ་པར་རྟོག་པ་དང་བཅས་པ་དེ་དང་བྲལ ་བ་གཙོ་བོར་གྱུར་པའོ། །འདིར་བསྡུས་པའི་དོན་ནི་མོས་པ་དང་བསྔོ་བ་དང། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དག་ནི་དག་པ་འཇིག་རྟེན་པའི་གནས་སྐབས་རྗེས་ཀྱི་ཡེ་ཤེས་ཀྱིས་སྦྱོར་བ་ཡིན་ལ། མངོན་པར་བསྒྲུབ་པ་ནི་མཉམ་པར་བཞག་པའི་ཡེ་ཤེས་སོ། །དེ་དག་ཀྱང་ཉན་ཐོས ་ལ་སོགས་པ་ལ་ཡང་ཅི་རིགས་སུ་ལྡན་པས་ཁྱད་པར་ཅན་དུ་བསྒྲུབ་པ་ནི་རྣམ་པར་དག་པའོ། །གཞན་དག་གིས་ནི་དྲི་མ་མེད་པ་ནས་ཇི་སྲིད་ས་བདུན་པའི་བར་དུ་ནི་སྒོམ་པའི་ལམ་ཟག་པ་དང་བཅས་པ་རྣམས་ཡིན་ལ། ས་བརྒྱད་པ་ལ་སོགས་པར་ནི་མངོན་པར་བསྒྲུབ་པའི ་སྒོམ་པའི་ལམ་ཡིན་ཏེ། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བསྒོམ་པའི་ལམ་ཐམས་ཅད་པ་དཀྱུས་མ་ཡིན་པ་ནི་འཆད་པར་འགྱུར་བ་ལས། དེ་ནི་རྒྱུན་ཆགས་འཆང་བའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་དང། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ནི་རྣམ་པ་དགུར ་བཞེད་དོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་དག་པ་ནི་དངོས་སུ་ན་སྒོམ་པའི་ལམ་གྱི་འབྲས་བུ་དང་རྒྱུའི་དུས་མངོན་སུམ་པ་དང་རིང་བ་དག་གི་བྱེ་བྲག་བཤད་པར་ཟད་དོ། །དེ་ལྟར་ན་འདི་ནི་སྒོམ་པའི་ལམ་གྱི་ཡན་ལག་ཏུ་གཏོགས་པ་བསྟན་ཅིང་རྣམ་པ་སོགས་པ་ནི་གཞན་དུ་བསྟན ་ཏོ་ཞེས་ཟེར་རོ། །དེ་དག་ཇི་ལྟར་ཡང་རུང་སྟེ་ས་རེ་རེ་ལ་ཡང་རརྣམ་པ་དགུ་དགུར་ནི་བརྗོད་དོ། །མོས་པ་རྣམ་པ་ཉི་ཤུ་རྩ་བདུན་ནོ་ཞེས་བྱ་བ་ལ་འདིར་མོས་པའི་རྒྱུ་ནི་ལུང་རྣམ་པར་དག་པ་དང། རིགས་པ་ཇི་ལྟ་བུའོ། །འདིའི་ངོ་བོ་ཉིད་ནི་ངེས་པར་བྱས་པའི་དངོས་པོ་ལ་དེ་ཁོ་ན་ལྟར་འཛིན ་པའོ། །འདི་ལས་ཐེ་ཚོམ་ཟློག་པ་སྟེ་མོས་པ་དང་ལྡན་པ་ནི་རང་གི་གྲུབ་པའི་མཛའ་ལས་གཞན་གྱིས་འཕྲོག་པར་མི་ནུས་པས་སོ། །རྣམ་པར་དབྱེ་བ་ཇི་ལྟ་བུ་ཞེ་ན། རང་ཉིད་ཀྱི་དོན་དུ་ཡུམ་ལ་མོས་པ་དང། གཞན་གྱི་དོན་དུ་དང། གཉི་གའི་དོན་དུ་ཡུམ་འདི་ལ་རབ་ཏུ་མོས་པ་སྟེ ་དང་པོ་ནི་འདི་ལྟར་འགྲོ་བ་ནི་བདེ་བ་འདོད་ཅེས་གསུངས་པའི་ཚུལ་གྱིས་ན། རང་གི་ཆེད་དུ་འབད་པ་མེད་པར་འབྱུང་སྟེ། འཁོར་བ་ཐོག་མ་མེད་པ་ནས་རབ་ཏུ་གོམས་པས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དང་པོར་སེམས་དེ་བྱུང་བ་ན་རང་དང་གཞན་མཉམ་པ་འམ། རང་དང ་གཞན་དུ་རྗེ་བའི་ཚུལ་གྱིས་གཉེན་པོ་སེམས་ཅན་མགུ་བར་བྱ་བའི་རིམ་པ་དྲན་པ་ལ་སོགས་པས་རང་གི་དོན་དུ་དམིགས་པ་བཟློག་ཏེ། དེ་ཉིད་གཞན་གྱི་ཕྱིར་སྦྱོར་བར་བྱེད་ལ་དེའི་ཡང་ཕྱི་མའི་སེམས་ལ་ནི་དངོས་པོའི་སྟོབས་ཀྱིས་མགུལ་ན་སྦྲེལ ་བ་ལྟར་རང་གཞན་གཉི་གའི་དོན་འགྲུབ་བར་ཤེས་པ་ངེས་པ་ཅན་སྐྱེ་བའི་སྔ་མ་ལྟར་རེ་རེ་ཞིག་ལ་ཞེན་པ་མེད་པས་སོ། །ཁ་ཅིག་ནི་འདིར་རང་གི་དོན་ས་རིང་དུ་སོང་བའི་བར་དུའོ། །ས་མི་གཡོ་བ་ནས་བརྩམས་ཏེ་ནི་གཞན་གྱི་དོན་ཏེ་ས་དེ་ལ་རང་གི་དོན་དུ་རབ་ཏུ་ཞི་བ་ལ་གནས ་པ་ལས་གཞན་གྱི་དོན་ཁོ་ནར་སླར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསླང་བའི་ཕྱིར་རོ། །ས་བཅུ་པ་ལ་ནི་རང་དང་གཞན་གཉི་གའི་དོན་ཏེ་ས་འདི་ལ་གནས་པ་ནི་རྒྱུ་མཚན་འདིས་ན་སངས་རྒྱས་ཞེས་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །གྲངས་ཉི་ཤུ་རྩ་བདུན་དུ་བརྩི་བའི ་ཕྱིར་ནི་དང་པོ་རང་གི་དོན་དུ་མོས་པ་ཆུང་ངུའི་དབང་དུ་བྱས་ཏེ་ནི་རྒྱལ་བའི་ཡུམ་འདི་གླེགས་བམ་ཇི་སྐད་དུ་གསུངས་པ་ལྟར་བྲིས་ཏེ་བཅངས་པ་ཙམ་གྱིས་སངས་རྒྱས་ཀྱི་སྐུ་གདུང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་ལས་བྱུང་བ་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག ་སྟེ་མཆོད་པ་བྱས་པ་བས་ཚེས་བསོད་ནམས་མང་དུ་འཛིན་ཅེས་བྱའོ། །ཆུང་ངུའི་འབྲིང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཐུས་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། སླར་ལྡོག་པའི་ཕྱིར ་འདིའི་མཐུ་ཆེ་བ་ཕུལ་དུ་བྱུང་བ་བསྟན་པ་སྟེ། ཇི་ལྟར་རྒྱལ་པོ་གསེར་མདོག་གི་མདོ་ལས། བསྐལ་པ་བརྒྱར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སླར་ལྡོག་པར་བསྟན་པ་བཞིན་ནོ། །ཆུང་ངུའི་ཆེན་པོ་ནི་གང་མྱ་ངན་ལས་འདས་པ་ཐོབ་པར་འདོད་ན་འདི་ལ་བསླབ་སྟེ། ་སངས་རྒྱས་རྗེ་བཙུན་བཞུགས་སམ་གྲོངས་ཀྱང་རུང་འདི་ཉིད་སྟོན་པའི་མཛད་པས་ཉེ་བར་གནས་པའི་ཕྱིར་རོ་ཞེས་འདིའི་མཐུ་ལ་མོས་པའོ། །འབྲིང་གི་ཆུང་ངུའི་ནི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གྱི་དཔེ་ཉེ་བར་བཟུང་སྟེའོ། །འབྲིང་གིས་འབྲིང་ནི་དེ་ལྟ་བུས་འཛམྦུའི ་གླིང་བྱུར་བུར་བཀང་བའི་དཔེ་ཡིས་སོ། །འབྲིང་གི་ཆེན་པོ་ནི་དེ་ལྟ་བུས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བཀང་བའི་དཔེ་ཡིས་སོ། །ཆེན་པོའི་ཆུང་ངུ་ནི་དེ་ཉིད་ཀྱིས་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དཔེར་བཟུང་བས་སོ། །ཆེན་པོའི་འབྲིང་ནི་སྟོང་གཉིས་པ་བར་མའི?་འཇིག ་རྟེན་གྱི་ཁམས་དཔེར་སྦྱར་བས་སོ། །ཆེན་པོའི་ཆེན་པོ་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དཔེར་བཟུང་བའོ། །རང་དང་གཞན་གྱི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུ་དབང་དུ་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ ་དེ་དག་ལས་སེམས་ཅན་རེ་རེས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བྱས་ཏེ་མཆོད་པའི་དཔེས་བསྟན་ཏོ། །ཆུང་ངུའི་འབྲིང་ནི་ལྷ་མ་ཡིན་གྱི་གཡུལ་བཟློག་པ་ལ་སོགས་པའི་མཐོང་བའི་ཆོས་ཀྱི་ཡོན་ཏན་མང་པོས་སོ། །ཆུང་ངུའི་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པས་མ་ཟིན་པའི་འཇུག་པ་གང་ཡང་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པར་བསྟན་པས་སོ། །འབྲིང་གི་ཆུང་ངུ་ནི་རྒྱལ་བ་སྐྱེད་མ་འདི་འཛིན་པ་དང་འཆང་བ་ལ་སོགས་པ་དང་ལྡན་པ་ན་ཉི་ཚེ་བའི་ཐེག་པ་དང་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཚད ་མེད་པ་བསྐྱེད་པར་བསྟན་པས་སོ། །འབྲིང་གི་འབྲིང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་འཆད་པ་དེ་ལ་ལྷའི་བུ་རྣམས་སྤོབས་པ་ཉེ་བར་བསྒྲུབ་པ་ལ་སོགས་པར་བསྟན་པས་སོ། །འབྲིང་གི་ཆེན་པོ་ནི་དེ་ལ་ཕ་མ་དང་འཕགས་པའི་སྐྱེ་པོ་རྣམས་ཀྱིས་ཀྱང་དབེན ་ཞིང་ཡིད་དུ་འོང་བར་བྱ་བ་ལ་སོགས་པ་གང་བསྟན་པའོ། །ཆེན་པོའི་ཆུང་ངུ་ནི་སྤོབས་པ་མི་འཕྲོག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སེམས་མི་འཕྲོག་པའི་བར་དུ་གང་གསུངས་པས་སོ། །ཆེན་པོའི་འབྲིང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གང་གནས ་པའི་ལྷའི་བུ་རྣམས་གནས་དེར་དོང་ཞིང་གླེགས་བམ་དུ་བྱས་པ་འདི་གློག་པ་དང་བཟུང་བ་དང། བཅང་བ་དང། ཀུན་ཆུབ་པར་བྱ་བའི་ཕྱིར་གནས་པས་དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་གནས་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱའོ་ཞེས་པ་ལ་སོགས་པ་གང་གསུང།། ་ཆེན་པོའི་ཆེན་པོ་ནི་དེར་ལྷའི་ཚོགས་ཐམས་ཅད་འོངས་པས་མོས་པ་རྒྱ་ཆེན་པོ་ལྡན་པར་འགྱུར་བ་དང། ལུས་ལས་སུ་རུང་བ་ཐོབ་པ་ལ་སོགས་ཏེ་མངོན་པར་ཞེན་པ་རྣམས་སྤང་བ་བསྟན་པས་སོ། །གཞན་གྱི་དོན་ལ་མོས་པ་ཡང་ཆུང་ངུའི་ཆུང་ངའི་དབང ་དུ་བྱས་ཏེ་ནི་གླེགས་བམ་བཟུང་བ་བྱས་པ་དང་མཆོད་པ་ཙམ་གྱིས་མཐུ་བསྟན་པས་སོ། །ཆུང་ངུའི་འབྲིང་ནི་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་རོ་བཀང་བའི་དཔེས་བསྟན་པས་སོ། །ཆུང་ངུའི་ཆེན་པོ་ནི་ནས་བླ་ན་མེད་པ་ཡང་དག་པ་རྫོགས་པའི ་བྱང་ཆུབ་ཐོབ་པའི་བར་དུ་ཉན་ཐོས་ལ་སོགས་པའི་སའི་འཇིགས་པ་མེད་པ་བསྟན་པས་སོ། །དེ་ལྟར་ནས་བརྒྱད་པ་འདི་དག་གི་འཇིགས་པ་དང་བཅས་པར་བསྟན་པ་ཅི་ཞེ་ན། མོས་པ་རྣམ་པ་གསུམ་གྱིས་མཚམས་བརྗོད་པ་ཁོ་ནར་ཟད་དོ། །འབྲིང་གི་ཆུང་ངུ་ནི་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུང་བུར་བཀང་བའི་དཔེས་བསྟན་ཏོ། འབྲིང་གི་འབྲིང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་རྣམས་མདོ་སྡེ་ལ་སོགས་པའི་ཆོས་རྣམས་གསུངས་པ་དང། ཡང་ཉན་ཐོས ་ལ་སོགས་པ་གང་དག་ཆོས་འཆད་པ་དེ་དག་ནི་རྒྱལ་བའི་ཡུམ་འདི་ལས་བྱུང་བར་བསྟན་པས་སོ། །འབྲིང་གི་ཆེན་པོ་ནི་ཡུམ་འདི་ལ་བརྟེན་པ་ནི་རྒྱལ་པོའི་སྐྱེས་བུའི་དཔེ་ཉེ་བར་གཟུང་བས་སོ། །ཆེན་པོའི་ཆུང་ངུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་གངྒཱའི་ཀླུང ་གི་བྱེ་མ་སྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བཀང་བའི་དཔེས་བསྟན་ཏོ། །ཆེན་པོའི་འབྲིང་པོ་ནི་ཕྱོགས་བཅུའི་འཕགས་པ་རྣམས་ཀྱི་རྟོགས་པའི་རྒྱུ་ཉིད་དུ་འདི་བསྟན་པས་སོ། །ཆེན་པོའི་ཆེན་པོ་ནི་ཤིང་རྣམས་ལོ་མ་དང་དབྱིབས་དང་ཁ ་དོག་ལ་སོགས་པ་ཐ་དད་ཀྱང་གྲིབ་མ་ལ་བྱེ་བྲག་མེད་པར་བསྟན་པའི་དཔེས་བརྗོད་དོ། །མོས་པ་ཉི་ཤུ་རྩ་བདུན་པོ་ཆུང་ངུ་ནས་བརྩམས་པའི་རིམ་པ་འདིས་མི་མཐུན་པའི་ཕྱོགས་ན་དེ་ལས་ཟློག་སྟེ་ཆེན་པོ་ནས་བགྲང་བར་ཤེས་པར་བྱའོ། །ཅི་འདིར་རང་ཁོ་ནའི་ཕྱིར ་མོས་པ་ལ་སོགས་པ་བརྗོད་དམ། ཡང་ན་རང་གི་ཕྱིར་རྒྱལ་བ་བསྐྱེད་མ་ཁོ་ན་ལ་མོས་པ་བརྗོད་ཅེ་ན། ཕྱོགས་གཉི་ག་ལྟར་མི་བསམ་གྱི་རང་ལ་སོགས་པའི་ཕྱིར་ཡུམ་ཁོ་ན་ལ་མོས་ཞེས་བརྗོད་དོ། །རང་གི་དོན་དུ་མོས་པ་ན་ཡང་གཞན་གྱི་ནི་མེད་པ་ཡང་མ་ཡིན ་ལ། ལྷག་མ་གཞན་གྱི་དོན་དུ་མོས་པ་ན་ཡང་རང་གི་དོན་གྱིས་ག་ལ་ཞིག་དཔེན། གཉི་གའི་ཕྱིར་མོས་པ་ན་ཡང་རེ་རེ་ལ་ཁྱབ་པ་ནི་མི་འདོར་ཏེ། སྤྱི་ནི་བྱེ་བྲག་ལ་ཁྱབ་པའི་ཕྱིར་རོ། །བསྟོད་པ་དང་བཀུར་བ་དང་བསྔགས་པ་ཞེས་བྱ་བ་ལ། འདི་དག་ནི་ངག་སྙན་པ ་ངོ་བསྟོད་ཀྱི་རང་བཞིན་མི་ཡིན་གྱི་ལེགས་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཐུགས་དགྱེས་པས་གནས་པ་ཁོ་ན་བསྟོད་པ་ལ་སོགས་པ་ཡིན་ཏེ། འདི་ཡང་ཚོགས་ཀྱི་ལམ་ཡང་དག་པར་སྦྱོང་བའི་དུས་ན་གནས་སྐབས་ཐམས་ཅད་དུ་ཡང་འབྱུང་བ་ནི། ལས ་དང་ཕོ་པའི་ས་ཉིད་ལ་བྱང་ཆུབ་སེམས་དཔའ་སྡོམ་པ་ཡང་དག་པར་ལེན་པ་གྲུབ་པའི་དབང་དུ་བྱས་ཏེ། དེའི་ཚེ་དེ་ལ་དགེ་བའི་ཕྱིར་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱི་རྟག་པར་ཡང། །བུ་སྡུག་འབྲལ་བར་དགོངས་པ་ཡིན་ཞེས ་བཤད་དེ་རྒྱས་པར་ནི་བྱང་ཆུབ་སེམས་དཔའ་ཨི་སའི་ཚུལ་ཁྲིམས་ཀྱི་ལེའུར་བལྟའོ། །ཚུལ་འདིས་ན་ཐམས་ཅད་དུ་ཡང་ལྡན་ཡང་སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ནི་འདིར་ཡོན་ཏན་ཡོངས་སུ་བསྟན་པའི་ཕྱིར་ཏེ། ཡམས་ནད་འདི་རྣམས་ཟད་ནས་ནི་ཞེས་བྱ་ལ ་སོགས་པར་བསྟན་པས། །དེ་ལྟར་བསྟན་པའི་ཚུལ་གྱིས་ན་རིགས་བྱེད་ལས། ཡི་གེ་ཨོམ་ལྡན་ཕྱེ་དང་བཞི། །ཆེད་དུ་བྱས་པས་སྙན་པ་བརྗོད། །འདི་ནི་བསྟོད་པ་སྨྲ་བ་དང། །སྒྲ་ཡི་ཚངས་པ་འང་འདི་ཉིད། །བཀུར་བའང་དེ་ལྟར་བརྗོད་པར་བྱ། །ཡི་གེ་དང་ལྡན ་ཚད་སྔོན་བཞིན། །སྙན་སྨྲ་སྙན་ཚིག་རིག་བྱེད་དེ། །དེ་ནི་བསྔགས་པར་འདོད་པའོ་ཞེས་བྱ་བ་སྨྲས་པ་བསལ་ཏེ་དགུ་ཚན་གསུམ་ཞེས་བྱ་བ་ནི་བསྟོད་པའི་དགུ་ཚན་དང། བཀུར་བའི་དགུ་ཚན་དང། བསྔགས་པའི་དགུ་ཚན་ཏེ་དེ་དག་ཀྱང་རང་གི་དོན་དུ་མོས་པ་ལ་ནི་བསྟོད ་པའོ། །རང་དང་གཞན་གྱི་དོན་དུ་མོས་པ་ལ་ནི་བཀུར་བའོ། །གཞན་གྱི་དོན་དུ་མོས་པ་ནི་བསྔགས་པའོ་ཞེས་སྦྱར་རོ། །དེ་ལ་དགུ་ཆེན་དང་པོའི་དང་པོ་ནི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བཀང ་བའི་དཔེ་ཡིས་བསྟན་ཏོ། །གཉིས་པ་ལ་ནི་ཡུམ་འདི་གཞན་གྱི་ཐད་དུ་སོང་སྟེ་བསྟན་པའི་ཆེ་བ་བརྗོད་པས་སོ། །གསུམ་པ་ལ་ནི་སེམས་ཅན་གཅིག་འབྲས་བུ་དང་པོ་ལ་གཞག་པ་དང། འཛམྦུའི་གླིང་གི་སེམས་ཅན་དེ་དག་གི་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི ་དཔེས་བསྟན་ཏེ། །བཞི་པ་ནི་སེམས་ཅན་གཅིག་འབྲས་བུ་གཉིས་པ་ལ་བཀོད་པ་བསྟན་པས་སོ། །ལྔ་པ་ནི་འབྲས་བུ་གསུམ་པ་ལ་བཀོད་པས་སོ། །དྲུག་པ་ནི་འབྲས་བུ་ཞི་པ་ལ་བཀོད་པས་སོ། །བདུན་པ་ནི་རང་བྱང་ཆུབ་ལ་བཀོད་པས་སོ། །བརྒྱད་པ་ནི་འཛམྦུའི་གླིང་གི་སེམས ་ཅན་མ་ལུས་པ་འབྲས་བུ་དང་པོ་ལ་བཀོད་པ་བས། །སེམས་ཅན་གཅིག་ཅིག་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་པ་མཆོག་ཏུ་བསྟན་པས་སོ། །དགུ་པ་ལ་ནི་འཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་འབྲས་བུ་གཉིས་པ་ལ་བཀོད་པས་ཞེས་བསྟན་པས་སོ། ་བཀུར་བའི་དགུ་ཚན་གྱིས་དང་པོ་འཛམྦུའི་གླིང་གི་སེམས་ཅན་ཐམས་ཅད། འབྲས་བུ་གསུམ་ལ་བཀོད་པའི་དཔེ་ཡིས་སོ། །གཉིས་པ་ནི་འབྲས་བུ་བཞི་པ་ལ་བཀོད་པས་སོ། །གསུམ་པ་ནི་རང་བྱང་ཆུབ་ལ་བཀོད་པས་སོ། །བཞི་པ་ནི་འཛམྦུའི་གླིང་གི་སེམས་ཅན་ཐམས་ཅད ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་གླེགས་བམ་དུ་གྱུར་པ་ཞིག་གཞན་ལ་བྱིན་ནམ། ཚུལ་བཞིན་ཡིད་ལ་བྱེད་ན་བསོད་ནམས་ཆེ་བར་བསྟན་ཏོ། །ལྔ་པ་ནི་གཉིས་སུ་མེད་པའི་དོན་ཇི་ལྟར་བར་བསྟན་པའི་ཆེ་བསྟན་པའོ། དྲུག་པ་ནི་ཡུམ་འདི་ནི་དོན་དང་ལྡན་ཡི་གེ་དང་ལྡན་པར ་བསྟན་པ་ལ་ཡོངས་སུ་རྫོགས་པར་བྱེད་པ་ནི་བསོད་ནམས་མང་པོ་དེད་ལྡན་པར་བསྟན་པས་སོ། །བདུན་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་བས་རྒྱལ་བའི་ཡུམ་འདི ་ཡི་གེ་དང་དོན་མ་ནོར་བར་གཞན་ལ་བསྟན་པ་བསོད་ནམས་ཆོས་མང་བར་བསྟན་པས་སོ། །བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་ལྟར་སྣང་བས་བསྐལ་པ་ཚད་མེད་གྲངས་མེད་པར་སྦྱིན་པར་སྦྱིན་པ་ལ་སོགས་པ་ལ་སྤྱད་པ་བས་རྒྱལ་བ་བསྐྱེད་མ་ཕྱིན་ཅི་མ་ལོག་པར་གཞན་ལ་བསྟན་པ་ཆེས ་བསོད་ནམས་མང་དུ་འཕེལ་བར་བསྟན་པས་སོ། །དགུ་པ་ནི་འཛམྦུའི་གླིང་ལ་སོགས་པ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། སེམས་ཅན་གཅིག ་ཅིག་ཕྱིར་མི་ལྡོག་པ་དམ་པ་ལ་བཞག་ན་འདི་ཉིད་བསོད་ནམས་ཆོས་མང་དུ་འཕེལ་བར་གསུངས་པས་སོ། །བསྔགས་པའི་དགུ་ཚན་ལས་དང་པོ་ནི་ཕྱིར་འོང་བའི་དཔེས་སོ། །གཉིས་པ་ནི་ཕྱིར་མི་འོང་བའི་དཔེས་སོ། །གསུམ་པ་ནི་དགྲ་བཅོམ་པའི་དཔེ་སོ། །བཞི་པ་ནི་རང ་བྱང་ཆུབ་ཀྱི་དངོས་སོ། །ལྔ་པ་ནི་འཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་བས། སེམས་ཅན་གཅིག་ཅིག་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་བསོད་ནམས་ཆེས་མང་པའི་དཔེ་སོ། །དྲུག་པ་ནི་གླིང་བཞི་པའི ་སེམས་ཅན་དཔེ་དེ་ལྟར་ཉེ་བར་བཟུང་བས་སོ། །བདུན་པ་ནི་སྟོང་སྤྱི་ཕུད་ཀྱི་སེམས་ཅན་དཔེ་དེ་ལྟར་ཉེ་བར་བརྗོད་པས་སོ། །བརྒྱད་པ་ནི་སྟོང་གཉིས་པ་བར་མ་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན ་རྣམ་པ་དཔེ་སྔ་མ་དང་སྦྱང་བས་སོ། །དགུ་པ་ནི་འཛམྦུའི་གླིང་ནས་བརྩམས་ཏེ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་འདི་དག་མ་ལུས་པ་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་བས་ནི་ཕྱིར་མི་ལྡོག་པ་གང་ཞིག ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་རྒྱལ་བའི་ཡུམ་འདི་སྟོན་པར་བྱེད་ན་ཆེས་དེ་ཉིད་བསོད་ནམས་མང་བར་བསྟན་པས་སོ། །བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་དགེ་བ་འདི་དག་འདི་ལྟ་བུར་གྱུར་ཅིག་ཅེས་ཡུལ་རྣམ་པ་བཅུ་གཉིས་སུ་སྦྱར་བ་དང། ་ཚོགས་རྣམ་པ་བཅུ་གཉིས་པོ་འདི་དག་གིས་བདག་ཆོས་ཀྱི་རྒྱལ་པོར་གྱུར་ཅིག་ཅེས་བསྔོ་བར་བྱ་བ་བཅུ་གཉིས་སུ་ཡང་སྦྱར་རོ། །ལྷག་མ་རྣམས་ནི་གོ་སླའོ། །སྐབས་གཉིས་པའི་འགྲེལ་བཤད་རྫོགས་སོ།། །། ་དེ་ལྟར་སྐབས་གཉིས་པ་རྣམ་པར་བཤད་པར་བྱས་ནས། ད་ནི་སྐབས་གསུམ་པ་དགྲོལ་བའི་ཕྱིར། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་གསུངས་ཏེ། ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདིར་གཞི་ཐམས་ཅད་ཡོངས་སུ་ཤེས་པ་ནི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཞེས་བྱ་བ་ནི་གཉེན་པོ་མི་མཐུན་པའི་ཕྱོགས་ལ་བལྟོས་ཏེ། འཇོག་པ་ཉིད་དུ་བྱེད་ན། གང་གི་ཚེ་མི་མཐུན་པའི་ཕྱོགས ་ཁོང་དུ་ཆུད་པ་མེད་ན་འདི་གང་གི་གཉེན་པོར་གྱུར་པ་ག་ལ་ཞིག་ཤེས་པར་འགྱུར་ཞེས་དགོངས་པ་སྟེ། དེ་བས་ན་སློབ་དཔོན་དཔལ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་ཀྱང་འདི་མན་ཅད་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་མཚན་ཉིད་དེ་བྱང་ཆུབ་གཞན་ཤེས ་པར་བྱས་ནས་ཡང་དག་པར་བྱ་དགོས་པའི་ཕྱིར་ཞེས་བསྟན་ཏོ། །དེ་ལྟར་བྱས་ན་ལྔ་པ་འདི་ཡང་རྒྱུ་མཚན་ཉིད་དུ་བསྟན་ཏོ། །ལུགས་ལས་ཞེས་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་ལས་དེ་ནི་ཐམས་ཅད་ཀྱི་འདོད་པར་བྱ་བའི་ཕྱིར་ལུགས་སོ། །རྟེན་ཅིང་འབྲེལ་པར ་འབྱུང་བ་གང་ཞེས་པ་ནི་ཀུན་རྫོབ་པ་རྣམས་སོ། །དེ་ཉིད་ཤེས་པ་ནི་དེའི་རང་བཞིན་ནོ། །ཁྱོད་ནི་ཞེས་པ་ན་རྗེ་བཙུན་སངས་རྒྱས་སོ་སྟོང་པར་བཞེད་ཞེས་བྱ་བ་ལ། འདི་གང་གིས་སྟོང་ཞེ་ན། ཀུན་རྫོབ་པ་འདི་ཀུན་རྫོབ་ཀྱིས་སྟོང་པ་སྟེ་དེ་ལྟར་ཀུན་རྫོབ་པའི་རང་བཞིན་ནི་རྟག ་ཏུ་ཀུན་རྫོབ་ཀྱིས་སྟོང་པ་ཡིན་པས་ཅིར་ཡང་བརྗོད་དུ་མེད་པ་ཡིན་པའི་ཕྱོགས་འདི་ལས་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལས་སྤངས་པ་མེད་པའི་རང་བཞིན་སྟོང་པ་ཉིད་དུ་བསྟན་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་ལྟར་ན་ཐེག་པ་ཆེན་པོ་འདིར་སྟོང་པ ་ཉིད་ནི་གསུམ་སྟེ། །ཀུན་བརྟགས་པས་སྟོང་པ་ཉིད་དང། གཞན་གྱི་དབང་གིས་སྟོང་པ་ཉིད་དང། ཐམས་ཅད་ཀྱིས་སྟོང་པ་ཉིད་ཅེས་བྱའོ། །ཇི་ལྟར་ཞེ་ན། བདག་ལ་སོགས་པའི་རྣམ་པར་རྟོག་པ་ངན་པ་སྙིང་པོར་གྱུར་པ་ཁོ་ན་ཡིན་གྱི་དེ་དག་ནི་ནམ་ཡང་མི་དམིགས ་པའི་ཕྱིར་རོ། །དེ་ལྟར་མངོན་པར་རྟོག་པ་དེས་སྟོང་པ་ཉིད། འདི་ནི་འཕགས་པ་ཉན་ཐོས་ལ་སོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་འཕགས་པར་བྱེད་པ་རྣམས་སོ། །འདི་ན་མ་དག་པར་གྱུར་པའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་པ་ནི་གཞན་གྱི་དབང་ཞེས་རྣལ ་འབྱོར་སྤྱད་པ་པ་ལ་སོགས་པས་བསྟན་ཏེ། དེས་གང་ཞིག་སྟོང་པ་ནི་དངོས་པོ་ཀུན་རྫོབ་པ་རྣམས་ཏེ། མ་བརྟགས་གཅིག་པུ་ཉམས་དགའ་ཞིང། །སྐྱེ་དང་འཇིག་པའི་ཆོས་ཅན་ཡང། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོག་ཞེས་བསྟན ་པ་རྣམས་སོ། །དེ་ལྟར་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ནི་རིགས་པར་འགྱུར་ཏེ་ཚུ་རོལ་མཐོང་བ་རྣམས་ཀྱིས་ནི་ཀུན་རྫོབ་པ་ག་ལ་ཞིག་ཅེས་ཏེ། ཀུན་རྫོབ་ཙམ་གྱིས་ང་དང་ང་ཡིར ་འཛིན་པ་ཉི་ཚེས་སྤྱོད་ལ། དེ་ཡང་སེམས་ཙམ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ནས་ན་དེར་ནི་གཞན་གྱི་དབང་གི་རྗེས་སུ་འབྲད་བས་དེ་སྐད་གསུངས་སོ། །དེ་ལྟར་ན་འཇིག་རྟེན་གྱི་ཁམས་འཆགས་པའི་རྒྱུ་བཅུ་བརྗོད་པའི་ཚེ་ཁ་ཅིག་ཀུན་རྫོབ་ཏུ་བསྟན་ཏོ། །དེ་ལྟ་ཉི ་ཚོར་མ་ཟད་པ་ནི་ཀུན་རྫོབ་པར་བསྟན་ཏོ། །དེ་ལྟར་ན་གཞན་གྱིས་དབང་གིས་སྟོང་པ་ཉིད་འདི་ནི་རང་གི་མཚན་ཉིད། བྱང་ཆུབ་ཀྱི་སེམས་དང་པོ་ཏོགས་པས་ནས་བརྩམས་ཏེ་སྣང་བ་དང་བཅས་པའི་ཡེ་ཤེས་ཀྱིས་འཛིན་པར་བྱེད་དོ། །སངས་རྒྱས་ཀྱི་ས་ཀུན ་ཏུ་བཟང་པོ་དེ་ལ་སྣང་བ་དང་བཅས་པའི་ཡེ་ཤེས་མངོན་པར་བརྗོད་པ་ལ་རྟོག་པ་ངན་པའི་གནས་མེད་དོ་ཞེས་བསྟན་པ་ཡང་རྒྱུ་མཚན་ནི་འདི་ཉིད་དུ་ཟད་དེ། གཞན་དུ་ན་ཕྱི་རོལ་གྱི་དོན་སྟོན་པ་ལྟར་སྣང་ན་ཇི་ལྟར་གཟུང་བ་དང་འཛིན་པའི་ཉེས་པར་མི་འགྱུར། ནང་གི ་ཤེས་པའི་བདག་ཉིད་ནི་ཕྱི་རོལ་ལྟར་སྣང་ཞེས་བྱ་བ་ལ་སོགས་པའི་ཕྱོགས་ལ་ཡང་བདག་ཉིད་ལ་བདག་ཉིད་བྱེད་པ་ལ་སོགས་པའི་ཉེས་པར་འགྱུར་ལ། སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་ཡང་སྣང་བའི་ཚོགས་རྣམས་ཉིད་ཀྱི་ཡེ ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དོན་མེད་པར་རྟོགས་པར་ཇི་ལྟར་མི་འགྱུར། དེ་བས་ན་སློབ་དཔོན་སྐལ་ལྡན་ལ་སོགས་པས་ཀུན་རྫོབ་པ་གཙོ་བོར་བརྗོད་པ་ཡིན་ལ། གཞན་དག་གི་ནི་ཀུན་རྫོབ་ཏུ་བརྗོད་པས་ཕྱོགས་རེ་རེར་འཛིན་པ་བཀག་པ་ཁོ་ནར ་ཟད་པས། སྟོད་པ་ཉིད་གཉིས་པོ་དབུ་མ་ཆེན་པོ་ལས་བསྟན་པ་ནི་རེ་རེ་ཡང་འགེགས་པར་ག་ལ་མཛད་ཅེས་པར་གནས་སོ། །སྟོང་པ་ཉིད་གསུམ་པ་ནི་གནས་སྐབས་གཞན་དུ་བསྟན་ཏོ། །ཐམས་ཅད་ལ་ཡོད་པ་མ་ཡིན་ནམ་ཞེས་བྱ་བ་ལ་འདིས་ན་དངོས ་པོ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་ཡིད་ལ་བྱས་ཏེ། འཇུག་པ་རྣམས་ཀྱི་བསམ་པ་བོར་ནས་དྲིས་པར་ཟད་ཅེས་ཤེས་པར་བྱའོ། །ལྷག་མ་རྣམས་ཀྱི་དོན་ནི་གོ་བར་སྨྲ་བས་བདག་གིས་རྣམ་པར་མ་ཕྱེའོ། །སྐབས་གསུམ་པའི་འགྲེལ་བཤད་རྫོགས ་སོ།། །།དེ་ལྟར་སྐབས་གསུམ་པ་རྣམ་པར་ཕྱེ་ནས། ང་ནི་སྐབས་བཞི་པའི་ལེའུར་བྱས་པ་དོན་དགྲོལ་བར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པས ་སྨོས་ཏེ། འདིར་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་སྐབས་བརྒྱད་ཅར་བསྡུས་པའི་སྐབས་གསུམ་པོ་འདི་དག་ཐོས་པ་དང་བསམ་པའི་རང་བཞིན་ཡིས་ཤེས་རབ་ཀྱིས་བསྡུས་པ་དང་རྒྱས་པར་ཡོངས་སུ་ཤེས་པར་བྱེད་པས་སོ། །ནི་ཞེས་བྱ་བ་ནི་ངེས་པར་ཞེས་བྱ ་བའི་དོན་ཏོ། །དབང་དུ་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྒོམ་པས་རང་གི་རྒྱུད་ལ་སྐྱེད་པས་རང་དབང་ཐོབ་པའི་ཕྱིར་ཏེ། ཐོས་པ་དང་བསམ་པའི་ཤེས་རབ་དག་ནི་མི་བརྟན་པས་རང་དབང་མ་ཡིན་ལ། སྒོམ་པ་ལས་ནི་རང་དབང་དུ་འགྱུར་བས་སོ། །དེ་ལྟར་ཤེས ་པ་རྣམས་གསུམ་ཆར་འབྲེལ་བར་བྱ་བར་རིགས་སོ་ཞེས་ཐུགས་ལ་བཞག་ནས་ནི་འཕགས་པ་མི་ཕམ་པའི་ཞལ་སྔ་ནས། གལ་ཏེ་ཐོས་པ་ཙམ་གྱིས་དོན། །མཐོང་འགྱུར་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་བསྒོམས་པས་དོན་མཐོང་འགྱུར། །དེ་ཚེ ་ཐོས་པ་དོན་མེད་འགྱུར་ཞེས་པ་ལ་སོགས་པ་གསུངས་ལ། ཡང་གཞན་ལས་ཀྱང། ཐོག་མ་ཉན་འདོད་བླ་མ་བསྙེན་བཀུར་བཟོད་དང་དེས་བྱས་ཤིང། །རང་བཞིན་མེད་པའི་ཆོས་ལ་རབ་རྟོག་བསམ་གཏན་བསྙེན་བྱེད་པ། །བདེ་གཤེགས་ཉིད་ནི་རྟོགས ་འགྱུར་འགྲོ་བ་རྣམས་བསྒོམ་སེམས་ཚིམ་བྱེད། །ཆོས་ཉིད་འདི་འདྲའི་སྤྱོད་པས་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར་ཞེས་གསུངས་སོ། །འདི་ལྟར་སྒོམ་པས་འདྲིས་པར་བྱ་དགོས་པའི་ཕྱིར་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་དེ ་བསྟན་ཅེས་སྦྱར་རོ། །དེ་ལྟར་ན་འདི་བསྟན་པས་ཅི་ཞིག་བྱ། སྔར་ཇི་ལྟར་ཐོས་པ་ལ་སོགས་པ་བྱས་པའི་སྐབས་གསུམ་ཉིད་གོམས་པར་བྱས་པ་ཅི་ཞིག་ནུས་ཞེ་ན། དེའི་ཕྱིར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ལམ་དང་གཞི་ཞེས་བསྡུས་པའི་སྒོ་ནས ་སྒོམ་པར་བྱེད་བཅེས་སྦྱར་ཏེ། འདི་སྐད་དུ་བསྟན་པར་འགྱུར་ཏེ། ཐོས་པའི་ཤེས་རབ་ནི་མིང་འབའ་ཞིག་ལ་དམིགས་པས་རབ་ཏུ་སྤྲོས་པའི་བདག་ཉིད་ཅན་རྒྱུད་འཁྲུགས་པར་བྱེད་པའོ། །བསམ་པའི་ཤེས་རབ་ནི་མིང་དོན་དང་འབྲེལ་ཅིང་རྣམ་པར་རྟོག ་པ་ཅུང་ཟད་བསྡུས་པའོ། །སྒོམ་པའི་ཤེས་རབ་ནི་དོན་འབའ་ཞིག་ལ་དམིགས་པས་ཤིན་ཏུ་ཞི་ཞིང་སྤྲོས་པ་བསྡུས་པའི་ངོ་བོ་ཉིད་ཡིན་པས་ན་སྐབས་སྔ་མ་དག་གཅིག་ཏུ་བསྡུས་པ་སྐབས་འདི་ཡིན་པའི་ཚུལ་གྱིས་རིམ་པ་གཞན་དུ་བསྟན་པ་ཡིན ་ལ། རྩེ་མོའི་མངོན་པར་རྟོག་པ་ལ་སོགས་པ་གསུམ་ཡང་སྒོམ་པ་གོང་ནས་གོང་དུ་ཁྱད་པར་ཞུགས་པའི་དབང་གིས་རིམ་གྱིས་བསྡུས་པ་ཏེ་བསྟན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བ་ལ་རྣམ ་པ་ནི་བྱེ་བྲག་སྟེ་སངས་རྒྱས་ཀྱིས་ལ་སོགས་པར་ཆོས་ཀྱི་བྱེ་བྲག་ཇི་སྙེད་ཅིག་ཡོད་པར་སྟོན་པའོ། །ཀུན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ཆར་བགྱིའོ། །གཞན་དག་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རེ་རེ་ཡང་རྣམ་པ་ཀུན་ཞེས ་ཟེར་བ་ནི་མི་འཐད་དེ་དེ་ནི་དངོས་སུ་བསྟན་པས་སོ། །མངོན་པར་ཞེན་པ་ནི་མངོན་དུ་ཕྱོགས་ཏེའོ། །སམ་ནི་རྫོགས་པར་རམ། ཡང་ན་ཡང་དག་པར་རོ། །རྟོགས་པས་ནི་བསྒོམ་པས་ཁོང་དུ་ཆུད་པའོ། །ང་ནི་རྣམ་པ་ཞེས་བྱ་བ་ནི་དུ་ཞིག་ཡོད་རྣམ་པའི་རང་བཞིན་ཡིན། རྣམ ་པ་དེ་དག་གང་གིས་བཞག་ཅེས་རྟོག་པ་ལ། གཞི་དང་ཡེ་ཤེས་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་བསྟན་པ་དགྲོལ་བའི་ཕྱིར། རྟག་པ་ལ་སོགས་པར་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་སྨོས་པ་ནི་བདེ་བ་དང། གཙང་བ་དང་བདག་ལ་སོགས ་པ་བསྡུའོ། །དེ་ལྟར་འཛིན་པ་ཉིད་མི་མཐུན་པའི་ཕྱོགས་ཏེ་བྱིས་པ་རྣམས་སྲིད་པར་འཁྱམ་པའི་རྒྱུའི་གཙོ་བོ་ཡང་འདི་ཉིད་ཡིན་པས་ན་འདི་ནི་འཁོར་བའི་གཞི་འམ་རྒྱུའོ། །ད་ནི་གཞི་དེ་ཇི་ལྟར་གཟུང་བ་ལྟར་མེད་པར་ཤེས་པའི་སྒོ་ནས་གཞི་ཤེས་པར་བསྟན་པ་ནི ་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པར་དམིགས་པ་དང་ཞེས་སྨོས་ཏེ། དེའི་དབང་དུ་བྱས་པའི་རྣམ་པ་ཞེས་བྱ་བ་དང་སྦྱར་རོ། །ཡེ་ཤེས་དང་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དང་འབྲས་བུ་མ་ལུས་པ་ནི་ཡེ་ཤེས་རྟོགས་པའི ་གནས་སྐབས་ལ་བརྗོད་པ་ཙམ་དུ་ཟད་པས་ན་ཡེ་ཤེས་ཞེས་བྱ་སྟེ། དེའི་རྣམ་པ་ཞེས་བྱ་བ་དང་སྦྱར་རོ། །རྣམ་པ་ཞེས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་ཡོན་ཏན་སྨོས་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནས་འདིར་ཡང་རྣམ ་པ་ཞེས་སྨོས་ཏེ། རྣམས་ཞེས་བྱ་བ་ནི་དྲུག་པ་མང་པོའི་ཚིག་ཅན་ཉིད་དོ། །དེ་ལྟར་རྣམ་པ་ནི་གསུམ་ཞེས་བསྟན་ནས། ང་ནི་རྣམ་པའི་རང་བཞིན་ཅི་ཞིག་ལ་བྱ་བ་དེ་སྟོན་པས། རྣམ་པ་ཉིད་དུ་བཞག་པ་ནི་མཚན་ཉིད་དེ་ཞེས་སྨོས་ཏེ། དང་པོར་རེ་ཞིག་སྔར་བསྟན་པ ་ལྟར་རྣམ་པ་ཞེས་བྱ་བ་ནི་བྱེ་བྲག་དུ་མ་ལ་བྱའོ་ཞེས་བསྟན་ཅིང། དེའི་འོག་ཏུ་བྱེ་བྲག་དེ་དག་ཐ་དད་པར་རྟོག་པ་སྲིད་པས་དེ་དགག་པར་ནི། ཆོས་ཅན་མཚན་གཞི་གཅིག་གི་མཚན་ཉིད་དོ་ཞེས་ཐ་དད་བ་སྤོང་བར་བྱེད་པའོ། །དེ་ལ་ཐམས་ཅད་ཤེས་པའི་རྣམ་པ་ཉི་ཤུ་རྩ་བདུན ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་གང་ཟག་ལ་བདག་མེད་པར་རྟོག་པའི་ཡེ་ཤེས་མཚན་གཞི་དེའི་མཚན་ཉིད་དོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་དྲུག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་པ་རྣམ་པ་གཉི་གའི་རྟོགས་པའི་ཡེ་ཤེས་ཆེན་པོའི་མཚན ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྒྱ་རྩ་བཅུ་པོ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལ་སྐད་ཅིག་གིས་མཁྱེན་པའི་མཚན་གཞི་དེ་ལ་བརྟེན་པའི་མཚན་ཉིད་དེ། །སངས་རྒྱས་ཀྱི་རྒྱུད་ལ་ནི ་འཕགས་པའི་སྐྱེ་བོ་མ་ལུས་པའི་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་འཇུག་པ་ཞི་བས་བརྟེན་པའི་ཕྱིར་རོ། །གཞན་དག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་ལས་ཐམས་ཅད་ཤེས་པ་དང་ལམ་ཤེས་པས་བསྡུས་པའི་རྣམ་པ་སུམ་ཅུ་རྩ་བདུན་དང། རྣམ་པ་སུམ་ཅུ ་རྩ་བཞི་པོ་རྣམས་ནི་ཐེག་པ་ཐམས་ཅད་ནི་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའི་རྣམ་པར་བཞག་གི་དངོས་སུ་ན་ཐམས་ཅད་ཤེས་པ་དང། ལམ་ཤེས་པའི་རྣམ་པར་གོང་དུ་དྲངས་ཏེ་བརྩིའོ་ཞེས་ཟེར་ཏེ། འདིར་ནི་སྤྱིར་མཚན ་གཞི་དང་མཚན་ཉིད་སྦྱོར་བའོ། །ཐམས་ཅད་ཤེས་པའི་སྐབས་སུ་ཉན་ཐོས་རྣམས་ཀྱི་རྣམ་པ་བཅུ་དྲུག་སྨོས་པ་ནི་དེ་དག་གི་མཐོང་བ་དང་སྒོམ་པའི་ལམ་གྱི་མཚན་ཉིད་དོ། །རང་སངས་རྒྱས་རྣམས་ཀྱི་རྣམ་པ་བཅོ་ལྔ་སྨོས་པ་ནི་དེ་དག་གི་སྒོམ་པའི་ལམ་གྱི ་མཚན་ཉིད། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་དྲུག་སྨོས་པ་ནི་མཐོང་བ་དང་སྒོམ་པའི་ལམ་གྱི་མཚན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྒྱ་རྩ་བཅུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་གཅིག་པུ་བ་དེའི་མཚན་ཉིད་དོ། །ཡང་སྐབས་དེར ་བསྟན་པའི་ཐམས་ཅད་ཤེས་པའི་རྣམ་པ་སུམ་ཅུ་རྩ་བདུན་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་མཚན་གཞི་རྣམས་ཀྱི་མཚན་ཉིད་དོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་བཞི་ནི་རྣམ་པར་ཐར་བ་བརྒྱད་དང། མཐར ་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་གྱི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་དག་ནི་བདེན་པ་མཐོང་ནས་བསམ་གཏན་ལ་སོགས་པའི་ཡན་ལག་ཟད་ནས་དེ་དག་ལ་སྙོམས་པར་འཇུག་པའི་རིགས་པས་སོ། ། ་སྤོང་བའི་ལམ་གྱི་རྣམ་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །སངས་རྒྱས་ཉིད་ཀྱི་ལམ་ནི་འབྲས་བུའི་མཚན་ཉིད་དོ། །ལྷག་མ་རྣམས་ནི་སྔོན་བཞིན་ཏེ། འདི་ནི་མཚན་ཉིད་དང་མཚན་གཞིའི་སྒོ་ནས་རྣམ་པའི་རང་བཞིན་ནི་མཚན་ཉིད་དུ ་བསྟན་པའོ། །གལ་ཏེ་རྣམ་པའི་རང་བཞིན་མཚན་ཉིད་ཡིན་ན་འདི་དག་བསྟན་པའི་དགོས་པ་ནི་ཅི་ཞིག་ཡིན། འོག་ནས་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་སྟོན་པའི་མཚན་ཉིད་རྣམས་དང་འདི་ལ་ཁྱད་པར་ཅི་ཡོད་ཞེ་ན། འདི་བསྟན་པའི་དགོས་པ་ནི ་དང་པོར་རེ་ཞིག་བྱང་ཆུབ་སེམས་དཔའ་ཐོས་པ་དང་བསམ་པའི་ཤེས་རབ་དག་ལ་གོམ་པ་ཕུལ་དུ་ཕྱིན་པས་རྒྱལ་བའི་ཡུམ་བསྒོམ་པ་ལ་སོགས་པ་ལ་ཡོན་ཏན་བཅུ་བཞི་ཡོད་པར་ཤེས་པར་བྱས་པས་ཡིད་སྤྲོ་བར་བྱས་ལ། ཇི་སྐད་དུ་བསྟན་པའི་ཡོན་ཏན ་ཐོབ་པར་འདོད་པས་སྐྱོན་ཇི་སྐད་གསུངས་པ་རྣམས་ཇི་ལྟར་རིགས་པར་སྤངས་ཏེ། དེ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཚན་ཉིད་རྣམས་ཤེས་པར་བྱས་པས་དེ་དག་སྤང་བ་དང་པོ་བླང་བ་དང་ཐོབ་པར་འགྱུར་བར་ཡིད་ལ་བྱས་ལ། ཐར་པའི་ཆ ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་དེ་སྦྱོར་བ་རྣམ་པ་ཉི་ཤུ་བསྟན་པ་དང་བཅས་པའི་དྲོང་ལ་སོགས་པ་རྒྱུད་ལ་བསྐྱེད་ལ། དེ་ནས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བསྒོམ་པར་བྱའོ་ཞེས་བྱ་བའི་རིམ་པ་འདིས་ནི་རྣམ་པ་བསྟན་པས་ནི་མཐོང་བ་དང་སྒོམ་པའི ་ལམ་དག་ཇི་ལྟར་བསྒོམ་པ་གཙོ་བོར་བསྟན་ཏེ་འདི་ནི་དགོས་པའོ། །དེ་ཉིད་ཀྱིས་ན་རྣམ་པ་ནི་སྒོམ་པའི་རིམ་པ་ཡིན་ལ། འོག་ནས་འཆད་པའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཙམ་ཞིག་སྟོན་གྱི་སྒོམ ་པའི་རིམ་པ་ནི་གཙོ་བོར་མ་གྱུར་པས་ཁྱད་པར་ནི་ཡོད་ལ། ཡང་བདག་གི་གོ་སླ་བར་བྱ་བའི་ཕྱིར་འདིར་རྣམ་པ་རྣམས་མཚན་ཉིད་དང་མཚན་གཞིར་ཕྱེ་སྟེ་བསྟན་ཀྱང། དང་པོར་རིམ་པ་ནི་འདིར་རྣམ་པ་ཇི་སྙེད་པ་བསྟན་ལ། འོག་ནས་ནི་མཚན་གཞི་དང་མཚན ་ཉིད་དུ་སྟོན་པས་ན་ལུགས་ཐ་དད་པའི་ཁྱད་པར་ཡོད་ཅེས་ཀྱང་ཤེས་པར་བྱའོ། །དེ་ལྟར་རང་བཞིན་བསྟན་ནས་ད་ནི་རྣམ་པ་དེ་དག་གང་གིས་བཞག་མཉམ་པ་ལ། ཇི་ལྟར་ཕྱེ་བ་ནས་དེས་གཞན་གྱི་འདི་ལ་རྒྱུ་མཚན་གཞན་ནི་མེད་ཅེས་བསྟན་པའི་ཕྱིར་དེ་དག ་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བྱེ་བྲག་གིས་ཤེས་བྱ་བ་སྨོས་ཏེ། གསུམ་པ་འདི་ནི་རྒྱུ་མཚན་སྟོན་པར་བྱའོ། །དེའི་ཕྱིར་རྒྱུ་མཚན་ངེས་ན་རྣམ་པ་གསུམ་ཁོ་ནར་བཞེད་དོ་ཞེས་བྱ་བ་སྨོས་ཏེ། འདིས་ནི་གྲངས་ངེས་པའི་རྒྱུ་མཚན་ཡང་བསྟན་པར་དགོངས ་པའོ། །མེད་པ་ནི་རྟག་པའི་རང་བཞིན་མེད་པས་སོ། །མི་སྐྱེ་བའི་སྐད་ཅིག་གཅིག་ལས་ལྷག་པར་སྐྱེ་བ་མེད་པ་སྟེ། གང་སྐྱེ་བས་འཕེལ་པ་མེད་པ་ནི་བྱུང་མ་ཐག་ཏུ་འཇིག་པས་ན་ཆུའི་ཆུ་བུར་ལྟ་བུའོ་ཞེས་བསྟན་པ་ལྟ་བུའོ། །དེས་ན་མེད་པ་ནི་རྟག་པ་མེད་པས་རྒྱུན ་ཆད་པར་འགྱུར་བའི་སྡུག་བསྔལ་ཉིད་དེ། མི་སྐྱེ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་སྐད་ཅིག་རེ་རེར་འཇིག་པའོ། །དབེན་པ་ནི་བྱེད་པ་པོ་དང་གཙང་བ་ལ་སོགས་པས་སོ། །མི་རྫི་བ་ནི་བདག་མེད་པའི་ཕྱིར་བདག་གིས་མེད་པར་རྟོགས་པས་མི་རྫི་བ་སྟེ། དེ་བཞིན་དུ་གཞན་ནི ་ཡང་ཅི་རིགས་སུ་ཤེས་པར་བྱ་སྟེ། ཚིག་གི་དོན་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་ཅེས་བྱ་བ་ནི་སངས་རྒྱས་བྱུང་བ་གང་ཡང་དེ་བཞིན་ཉིད་མི་སྟོན་པ་ནི་འགའ་ཡང་མི་སྲིད་མོད་ཀྱི་འོན་ཀྱང་སངས་རྒྱས་ཁ་ཅིག་ན ་ཐེག་པ་གཅིག་གིས་སྟོན་ཏོ། །ཁ་ཅིག་ནི་གདུལ་བ་དམན་པ་དག་རྗེས་སུ་བཟུང་བའི་ཕྱིར་ཐེག་པ་གསུམ་གྱིས་སྟོན་ཏོ། །ཡང་ཁ་ཅིག་ནི་ཐེག་པ་ལྔས་སྟོན་པ་ནི་གདུལ་བྱ་སྐྲག་པ་སྤང་བའི་ཕྱིར་ཏེ། ཇི་སྐད་དུ་འཕགས་པ་སའི་སྙིང་པོ་འཁོར་ལོ ་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང། བད་ཀན་ནད་ལ་འོ་མ་འཐུང་བཅུག་བཞིན། །དེ་ཕྱིར་དུག་ཏུ་འགྱུར་གྱི་ནད་མི་སེལ། །དེ་བཞིན་སྣོད་མིན་ཉན་ཐོས་ཐེག་པ་དག་།ཐེག་ཆེན་བཤད་པ་ཐོས་ན་རྨོངས་འགྱུར་ཞིང། །ཆད་པར་ལྟ་ལ་ངན་སོང་ལྟུང་འགྱུར ་བས། །དེས་ནི་དབང་པོ་རྟགས་ཏེ་ཆོས་བསྟན་ཏོ། །ཞེས་གསུངས་ཏེ་རྒྱ་ཆེར་ནི་ཐེག་པ་ཅིག་ཏུ་སྟོན་པ་འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཤེས་པར་བྱའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དེ་ནི་མྱ་ངན་ལས་འདས་པ་ཡིན ་ཏེ། མྱ་ངན་ལས་འདས་པ་དེ་གང་ཞེ་ན། དེ་བཞིན་ཉིད་རྣམ་པར་དག་པའོ་ཞེས་བསྟན་པ་སྟེ་དེའི་ཕྱིར་སངས་རྒྱས་ཀྱི་ཆོས་སུ་བསྟན་ཏོ། །ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །དེ་དག་ལ་མངའ་སྒྱུར་བ་ནི་སྤང་བ་དང་མངོན་དུ་བྱ་བ་དང། བཅས་པ་དང། སྐྱེད ་པ་དང། དགག་པ་དང། བསྐལ་པ་སྐད་ཅིག་ཏུ་བྱ་བ་དང། སྐད་ཅིག་བསྐལ་པ་ཙམ་དུ་བྱིན་གྱིས་བརླབས་པ་ལ་སོགས་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་མངའ་སྒྱུར་བ་དེ་ནི་རང་བྱུང་གི་མཐུའོ། །དེ་ལ་རང་བྱུང་གང་ཞེ་ན། རབ་བྱུང་གི་ཡེ་ཤེས་སོ། །དེ་ཡང་གཉིས ་ཏེ་ཆོས་ཀྱི་དབྱིངས་དང། སྲིད་པ་ཐ་མ་པས་ཐོབ་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཀྱི་དབྱིངས་ཀྱི་དབང་དུ་བྱས་ཏེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་རྣམས་ལ་ལ་དག་།བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང། ། ་ནམ་མཁའ་འཇིག་པར་འགྱུར་པ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ་ཞེས་གསུངས་སོ། །དེ་ཇི་ལྟར་རང་བྱུང་གི་ཡེ་ཤེས་ཡིན་ཞེ་ན། རྒྱུ་དང་རྐྱེན་གྱི་རྣམ་པས་མ་བྱས་པའི་ཕྱིར་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །གཞན་དག་ནི་རྒྱལ་བའི་ཡུམ་ལས ་ཡེ་ཤེས་ཀྱི་ཡུམ་ནི་གང་ཡང་མ་ཡིན་ནོ། །ཡེ་ཤེས་ཀྱང་གང་གི་ཡུལ་ཡང་མ་ཡིན་ནོ། །ཡེ་ཤེས་ནི་ཡུལ་མེད་པའོ། །གལ་ཏེ་ཡེ་ཤེས་ལ་ཡུལ་ཡོད་ན་མི་ཤེས་པར་འགྱུར་རོ། ཞེས་གསུངས་པས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་ཡེ་ཤེས་སུ་འདོད་དེ་དེ་ལྟར ་བྱས་ན་ཤིན་ཏུ་འདུས་ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་ཏེ་ཞེས་གསུངས་པ་ལ་སོགས་པ་དང་འགལ་བར་འགྱུར་རོ། །སྲིད་པ་ཐ་མ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་དབང་དུ་བྱས་ཏེ་ནི་བྱང་ཆུབ་སེམས་དཔའ་དུས་རིང་དུ་དགེ་བའི་བཤེས་གཉེན་རབ་ཏུ ་མཉེས་པར་བྱས་པའི་གདམས་ངག་རབ་ཏུ་བསྟན་པ་ཐོབ་པས་ཚེ་དེ་ལ་སློབ་དཔོན་མེད་པའི་ཡེ་ཤེས་བརྙེས་པ་ན་གཞན་ལ་རག་མ་ལུས་པའི་ཕྱིར་རང་བྱུང་སྟེ། ཇི་སྐད་དུ་ཉེར་འགྲོ་ད་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད་ཞེས་བྱ་བ་ལ་སོགས་པ་གསུངས་པ ་ལྟ་བུའོ། །དེ་ལ་རང་བྱུང་དང་པོ་ནི་སྔར་བསྟན་པའི་དེ་བཞིན་ཉིད་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའོ། །འདི་ནི་རང་བྱུང་གཉིས་པ་བཟུང་སྟེ་བསྐལ་བ་མང་པོར་གོམས་པའི་མཐུ་ལས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ནི་གོམས་ཏེ་སླ་བར་མ་གྱུར་པའི་དངོས ་དེ་གང་ཡང་ཡོད་མ་ཡིན་ཞེས་ཇི་སྐད་བཤད་པ་ལྟ་བུའོ། །ཡུན་དེ་སྲིད་དུ་བསོད་ནམས་བསགས་པའི་མཐུ་ལས་ཀྱང་དབང་སྒྱུར་བར་འགྱུར་བ་ནི་བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ་ཞེས་གསུངས་ལ། རྒྱས་པར་ནི་གཞོན་ནུ་བསོད་ནམས ་སྟོབས་ཀྱི་རྟོགས་བར་བརྗོད་པའི་མདོ་ལས་ཤེས་པར་བྱའོ། །གཞན་ཡང་ཆོས་ཐམས་ཅད་ལ་མངའ་སྒྱུར་བའི་གཙོ་བོ་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ་ཞེས་བྱ་བ་དང། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས ་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གི་དངོས་གཅིག་དེ་བཞིན་ཉིད་དུ་རྟོགས། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་རྟོགས་ཞེས་བྱ་བའི་རིགས་པས། གང་གིས་ཆོས་ཀྱི་དབྱིངས་ཤེས་ན་དེའི་མཐུས་ཇི་ལྟར་འདོད་པ་ཙམ་ལ་རག་ལས་པ་འདི་ཉིད་ཡིན་པར་ཁོང་དུ་ཆུད་པར ་བྱའོ། །དེ་ལྟར་དེ་བཞིན་ཉིད་ལ་དམིགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་ན་དངོས་པོ་རྣམས་ལ་དབང་སྒྱུར་བའི་མཐུའི་སྒོ་ནས་རང་བྱུང་དུ་བཞག་ལ་དེ་ཉིད་དུ་སྣ་ཚོགས་མ་འདྲེས་པར་མཁྱེན་པའི་སྒོ་ནས་ནི་རྣམ་པ་ཐམས་ཅད་མངོན ་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་ཞེས་བྱ་སྟེ་ཁྱད་པར་འདི་ཙམ་དུ་ཟད་དོ། །ཁ་ཅིག་ནི་རང་བྱུང་གི་རྒྱུ་དང་ཆོས་ཅན་ཡིན་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འབྲས་བུ་དང་ཆོས་ཅན་དེའི་ཆོས་ཉིད་དོ་ཞེས་ཟེར་ཞིང ་དེའི་ལུང་ནི་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ནས་ཏིང་ངེ་འཛིན་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སེམས་ཅན ་རྣམས་ཇི་སྙེད་པ་དེ་ཉིད་ཀྱི་སྐུ་ཀུན་ཏུ་གནས་པའོ། །སྐུ་ཇི་སྙེད་པ་དེ་ཉིད་ཀྱི་གསུང་ཐུགས་ཀུན་ཏུ་གནས་སོ་ཞེས་གསུངས་པའོ་ཞེས་འདོད་དོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཨི་བྱེ་བྲག་གི་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ལམ ་ཐམས་ཅད་བསྒོམ་པར་བྱ་བ་ཡིན་ཞེས་སྔར་བསྟན་པས་ན། ཐམས་ཅད་ཤེས་པ་ཉིད་བྱང་ཆུབ་སེམས་དཔས་འདྲིས་པར་བྱ་བའི་ཕྱིར་བསྒོམ་པ་ན་ཟག་པ་དང་བཅས་པ་སྟེ། དེ་དག་ནི་ཆེད་དུ་ཉོན་མོངས་པ་མི་སྤོང་གི་ཟིལ་གྱིས་གནོན་པ་ཙམ་ཞིག་བྱེད་པའི་ཕྱིར་རོ།། ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བསྒོམ་པའི་ཚེ་ནི་ཟག་པ་མེད་པ་སྟེ། དེ་དག་ནི་ཉོན་མོངས་པ་རྣམས་མངའ་དུག་ཅན་དང་འདྲ་བར་སྤོང་བའི་ཕྱིར་རོ། །དེ་ནི་གོ་རིམ་བཞིན་དུ་ཞེས་བྱ་བ་ནི་དོན་བསྟན་པའོ། །ཉོན་མོངས་པ་ཤིན་ཏུ་དུ་མ་སྤང་པའི་ཕྱིར ་ཞེས་བྱ་བ་ནི་འོད་སྲུངས་གྲོང་ཁྱེར་ཆེན་པོའི་ཕྱག་དར་དང་ལྗན་ལྗིན་དང་མི་གཙང་བ་རྣམས་ནི་བུ་རམ་ཤིང་གི་ཞིང་དང་འབྲས་ཀྱི་ཞིང་དང། ཏིལ་གྱི་ཞིང་དག་ལ་ཕན་པར་བྱེད་དོ། །འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡང ་བྱང་ཆུབ་ལ་ཕན་པར་བྱེད་དོ་ཞེས་གསུངས་པའི་དགོངས་པ་མཐོང་ནས་མི་སྤོང་བ་སྟེ། གཞན་ཡང་ཐབས་ཆེན་དག་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར་ཞེས་བསྟན་ཏེ། ཡན་ལག་གི་དོན་ནི་རྒྱུའི་དོན་ཏོ། །ཟག་པ་ནི་ཉོན་མོངས་པའི་མིང་གིས་བྱེ ་བྲག་གི་སྟེ་འདི་ནི་ཁམས་དེ་དང་དེར་ཟག་ཅིང་ལྟུང་བར་བྱེད་པས་ན་ཟག་པ་སྟེ་ཟག་པ་ནི་ལྟུང་བའི་མིང་གིས་ཁྱད་པར་རོ། །དེ་བཞིན་དུ་ཀུན་ཏུ་སྦྱོར་བ་དང། འཆིང་བ་དང། བག་ལ་ཉལ་བ་དང། ཉེ་བའི་ཉོན་མོངས་པ་དང། ཀུན་ནས་དཀྲིས་པ་དང། ཆུ་བོ་དང། ་སྦྱོར་བ་དང། ཉེ་བར་ལེན་པ་དང། མདུད་པ་དང། སྒྲིབ་པ་དང། ཐ་བ་དང། དྲི་མ་དང། ཟུག་རྔུ་དང། ཅི་ཡང་དང། ཉེས་པར་སྤྱོད་པ་དང། ཕོངས་པ་དང། ཡོངས་སུ་གདུང་བ་དང། འཁྲུག་པ་དང། འཐབ་པ་དང། རིམས་ནད་དང། ནགས་སྦྱོར་དང ་གགས་ཞེས་བྱ་བ་རྣམས་ཀྱིས་ཀྱང་བརྗོད་པར་བྱ་བ་རྣམས་སོ། །སྦྱོར་བ་ཁྱད་པར་ཅན་དག་གིས་ཞེས་བྱ་བ་ལ་སྦྱོར་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིན་ནོ། །ཁྱད་པར་ཅན་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་གྱུར་པ་རྒྱུ་དང་ཡོངས་སུ་འཛིན་པ་ལ་སོགས་པས ་ཁྱད་པར་འགྱུར་བའམ། ཡང་ན་སྔར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་སུ་སྦྱོར་བ་བསྟན་པ་རྣམས་ནི་ཐོས་པ་དང་བསམ་པའི་ཡུལ་དུ་གྱུར་པས་ན་མཆོག་མ་ཡིན་ལ། འདིར་ནི་བསྒོམ་པའི་བྱ་བ་བྱས་པས་ན་མཆོག་ཅེས་བྱ་བར་གདགས་སོ། །འདིར་ཡང ་སྦྱོར་བ་ནི་ཉི་ཤུ་ཞེས་བསྡུས་ཏེ། བསྟན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་ཅར་གྱི་ཐུན་མོང་དུ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་ཞེས་ཤེས་པར་བྱའོ། །ཚིག་གི་དོན་ནི་གོ་སླའོ། །ཡོན་ཏན་ཞེས་བྱ་བ་ལ་ཡོན་ཏན་འདི་དག་ནི་ལས་དང་པོ་པའི་ས་ནས་བརྩམས་ཏེ ་ལྡན་མོད་ཀྱི་ལེགས་པར་འབྱོར་པ་ནི་དྲོང་ཐོབ་པ་ཡན་ཆད་ལ་སྦྱོར་བར་བྱ་སྟེ། ཚིག་གི་དོན་ནི་གོ་སླ་བས་མ་ཕྱེའོ། །བར་ཆད་བྱེད་པ་སྐྱོན་ཞེས་བྱ་བ་ནི་ལས་དང་པོ་པའི་ས་ནས་སྒོམ་པའི་ལམ་ཕལ་བའི་བར་དུ་ལྡན་པར་བཞག་མོད་ཀྱི། འོན་ཀྱང་སྐྱོན་འདི་དེ་དག་ནི་ཕལ ་ཆེར་ལས་དང་པོ་པའི་ས་དང་སྦྱོར་བའི་ལམ་ལ་རྣམ་པར་བཞག་སྟེ། དེ་ལྟར་ན་ཡོན་ཏན་རིམ་གྱིས་ལམ་གོང་མ་གོང་མ་ལ་ལྡན་ལ། སྐྱོན་ནི་ལམ་འོག་མ་འོག་མ་ལ་ལྡན་པར་རིག་པར་བྱའོ། །ད་ནི་འདི་བརྗོད་པར་བྱ་སྟེ། འཕགས་པ་ནམ་མཁའ་ཨི་མཛོད་ཀྱིས ་ཞུས་པའི་མདོ་ལས་བདུད་ཀྱི་ལས་རབ་ཏུ་རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། དགེ་བའི་བཤེས་གཉེན་གྱི་མན་ངག་གིས་བསྡུས་སོ་ཞེས་གསུངས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ཏེ་ནི་ཡོངས་སུ་འཛིན་པའི་སྐབས་དང། སྐབས་འདིར ་མདོ་ལས་རྒྱས་པར་བསྟན་པ་ཁོང་དུ་ཆུད་པར་བྱའོ། །གང་ལུང་གཞན་ལ་ལེགས་པར་བསྡུ་བ་དེ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་སྟེ། དེ་ནི་ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱི་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་བདུད་དེ། བཅུ་གང་ཞེ་ན། འདི་ལྟར་མངོན་པར་ཆགས་པའི་ཕྱིར་ཕུང་པོ་བདུད་དང། གླགས་སུ་གྱུར་པའི་ཕྱིར་ཉོན་མོངས་པའི་བདུད་དང། སྒྲིབ་པའི་ཕྱིར་ལས་ཀྱི་བདུད་དང། སློང་བའི་ཕྱིར་སེམས་ཀྱི་བདུད་དང། སྐྱེས་པ་དང་བྲལ་བར་བྱེད་པ་ཙམ་གྱི་བདུད་དང། ་གཡོ་བ་དང་རློམ་པ་དང། འགྱུར་བ་དང་བག་མེད་པར་སྤྱོད་པས་ལྷའི་བུའི་བདུད་དང། དེ་ལ་ཞེན་པའི་ཕྱིར་དགེ་བའི་རྩ་བའི་བདུད་དང། རོ་མྱང་བར་བྱེད་པའི་ཕྱིར་ཏིང་འཛིན་གྱི་བདུད་དང། གཟུགས་བརྙན་གྱི་ཕྱིར་དགེ་བའི་བཤེས་གཉེན་གྱི་བདུད་དང། ལམ ་མངོན་པར་མི་བསྒྲུབ་པས་ཆོས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པའི་བདུད་དོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་དོ་དེ་དག་ཡོངས་སུ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་བརྩོན་པར་བྱ་བ་དག་གོ་།ཞེས་གསུངས་ལ། ཡང་དེ་ཉིད་ལས་ཀྱེ ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། བཅུ་གང་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་དགེ་བའི་རྩ་བ་བརྩམས་པ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །སེམས་མི་མཉམ་པའི་སྦྱིན་པ་ཡོངས་སུ་གཏོང་བ ་དང། ཚུལ་ཁྲིམས་འཆལ་པ་ལ་ཡོངས་སུ་འཁྲུག་པ་དང། ངན་སེམས་དང་ལྡན་པ་ཡོངས་སུ་སྤོང་བ་དང། ལེ་ལོ་ཅན་ཡོངས་སུ་གཏོང་བ་དང། སེམས་འཁྲུག་པ་ལ་བརྙས་པ་དང། ཤེས་རབ་འཆལ་པ་ཅན་སྨོས་པ་ནི་བདུད་ཀྱི་ལས་སོ། །ཆོས་ལ་སློབ་དཔོན་གྱི་དཔེ་ལ་བྱུང་བྱེད ་པ་དང་བཅས་པ་དང། ཆོས་ཀྱི་སྣོད་ལ་ཁྱད་དུ་གསོད་པ་དང། ཟང་ཟིང་དང་འབྲེལ་པར་ཆོས་སྟོན་པ་ནི་བདུད་ཀྱིས་ལས་སོ། །སྣོད་མ་ཡིན་པ་ལ་ཆོས་རྒྱ་ཆེན་པོ་སྟོན་པ་ནི་བདུད་ཀྱི་ལས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཐོས་པ་དང་ཐོས་ནས་ལོག་པར་འཇུག་པ་དང། ལོག་པར ་ཞུགས་ནས་ལེ་ལོ་བྱེད་པ་དང། ལེ་ལོ་བྱས་ནས་སེམས་ཞུམ་པར་བྱེད་པ་དང། སེམས་ཞུམ་པར་གྱུར་ནས་བྱང་ཆུབ་ཀྱི་ལམ་སྤངས་པ་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་མི་འབྱུང་པ་ནི་བདུད་ཀྱི་ལས་སོ། །སྡིག་པའི་གྲོགས་པོ་ལ་བརྟེན་པ་དང། དགེ་བའི་བཤེས ་གཉེན་ཡོངས་སུ་སྤོང་བ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང། སྐྱེ་བའི་སྐྱེ་མཆེད་ལ་མངོན་པར་མི་དགའ་བ་དང། མྱ་ངན་ལས་འདས་པ་དང། འདོད་ཆགས་དང་བྲལ་བ་དང། སེམས་ཉེ་བར་ཞི་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ལ་ཞེ ་སྡང་བའི་བསམ་པ་དང། མི་སྙན་པ་བརྗོད་པ་དང། ཐོབ་པའི་གེགས་བྱེད་པ་དང། འཁྲུལ་པའི་སྐྱོན་འཚོལ་བ་དང། མི་བདེ་བའི་མིག་གིས་ལྟ་བ་ནི་བདུད་ཀྱི་ལས་སོ། །དམ་པའི་ཆོས་སྤོང་བ་དང། མ་ཐོས་པའི་མདོ་སྡེ་ཐོས་ན་སྨོས་པ་དང། ཆོས་སྨྲ་བ་གཞན་གྱི ་བཤད་པ་ཉན་པར་མི་དགའ་ཞིང་བརྙས་ཏེ། ཁྱད་དུ་གསོད་པ་དང། བདག་བསྟོད་པ་དང་གཞན་སྨོད་པ་ནི་བདུད་ཀྱི་ལས་སོ། །འཇིག་རྟེན་རྒྱང་པན་བ་འཚོལ་ཞིང་ཡི་གེ་སྣ་ཚོགས་དང། འབྲུ་སྣ་ཚོགས་སུ་རང་བཟོར་བྱས་པའི་རང་བཟོ་ལ་དགའ་བ་དང། ཉན་ཐོས་དང་རང ་སངས་རྒྱས་ཀྱི་གཏམ་རྗེས་སུ་དྲན་པ་དང། ཟབ་མིའི་གཏམ་འཆབ་ཅིང་སྤེད་པ་དང། གཏམ་སྣ་ཚོགས་རྣམ་པར་བརྗོད་པ་དང། སྣོད་མ་ཡིན་པ་ལ་ཟབ་མོའི་ཆོས་སྟོན་པ་དང། བྱང་ཆུབ་ཀྱི་ལམ་མི་འཚོལ་བ་དང། ལམ་ངན་པའི་རྒྱུད་ལ་གནས་པ་ནི་བདུད་ཀྱི་ལས་སོ། གྲོལ ་བ་དང་རྒལ་བ་དང་དབུགས་ཕྱིན་པ་ལ་བརྟེན་ཅིང་བསྙེན་པ་དང། བཀུར་བ་དང། རིམ་འགྲོ་བྱེད་ཀྱི། མ་གྲོལ་བ་དང་མ་རྒལ་བ་དང། དབུགས་མ་ཕྱིན་པ་ལ་ནི་མི་བརྟེན་བསྙེན་བཀུར་མི་བྱེད་རིམ་གྲོ་མི་བྱེད། ཡོངས་སུ་སྨིན་པར་མི་བྱེད་པ་དང་མངོན ་པའི་ང་རྒྱལ་དུ་ལྷུང་སྟེ། སུ་ལའང་མི་འདུད་ཅིང་ང་རྒྱལ་ཡོངས་སུ་འཕེལ་བར་བྱེད་པ་དང། སེམས་ཅན་ལ་ཁོང་ཁྲོ་བ་དང། ཆོས་ཀྱི་ཡེ་ཤེས་མི་འཚོལ་བ་དང། ཡེ་ཤེས་ཀྱི་གཏེར་མི་སྲུང་བ་དང། སེམས་རྟག་ཏུ་སླང་བ་དང། མགུ་དགའ་ཞིང་གསོལ་བ་གདབ་པར ་དཀའ་བ་ནི་བདུད་ཀྱི་ལས་སོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཏེ། དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཆོས་འཚོལ་བར་འགྱུར་བ་དག་གོ་ཞེས་གསུངས་སོ། །ཡང་དེ་ཉིད་ལས ་ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཨི་བདུད་ཀྱི་བྱིན་གྱིས་བརླབས་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཞུམ་པར་གྱུར་པ་ནི་བདུད་ཀྱི་བྱིན་གྱིས་བརླབས་སོ། །བསམ་པ་འཁྲུགས་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་སོ། །རྒྱ་ཆུང་ངུས་དགུ་པ་ནི ་བདུད་ཀྱི་བྱིན་གྱིས་བརླབས་སོ། །གཅིག་ལམ་མི་བཟོད་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་སོ། །སྨོན་ལམ་ལས་ལྷག་པར་དམིགས་བ་ནི་བདུད་ཀྱི་བྱིན་གྱིས་བརླབས་སོ། །ཉོན་མོངས་པ་རྣམ་པར་བཟློག་པ་དང་ཞི་འདོད་པ་ནི་བདུད་ཀྱི་བྱིན་གྱིས་བརླབས་སོ། །འཁོར་བའི་རྒྱུན ་གཅོད་པ་ནི་བདུད་ཀྱི་བྱིན་གྱིས་བརླབས་སོ། །སྤྱོད་པ་ལས་ཕྱིར་ལྡོག་པ་ནི་བདུད་ཀྱི་བྱིན་གྱིས་བརླབས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་བདུད་ཀྱི་བྱིན་གྱིས་བརླབས་སོ། །ཆོས་ལ་ཐེ་ཚོམ་ཟ་ཞིང་དམ་པའི་ཆོས་སྤོང་བ་ནི་བདུད་ཀྱི་བྱིན་གྱིས་བརླབས་སོ། །ཀྱེ་རྒྱལ་བའི ་སྲས་བཅུ་པོ་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་ཏེ་དེ་དག་ཡོངས་སུ་སྤངས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་བླ་ན་མེད་པ་ཐོབ་པར་འགྱུར་བ་དག་གོ་ཞེས་གསུངས་སོ། །ཡང་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་བའི་མདོ་ལས་ཀྱང ་ལྷའི་བུ་ཉི་ཤུ་པོ་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུ་ཕྱིན་ཏོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ་རྣལ་འབྱོར་སྤྱོད་པ་རྣམ་པར་གྲོལ་བ་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བསྙེན་པ་དང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ ་སོ་སོར་བརྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་པ་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱི་དགེ་བའི་རྩ་བས་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །བསམ་གཏན་བསྐྱེད་ཅིང་བསམ་གཏན་ལས་རྣམ་པར་ལྡོག་པ་འཚོལ་བ་ཡང་བདུད་ཀྱི་ལས་སོ། །ཆོས་སྟོན་ཀྱང ་ཆོས་ཉན་པ་རྣམས་ལ་སྙིང་རྗེ་ཆེན་པོ་མི་བསྐྱེད་པ་ཡང་བདུད་ཀྱི་ལས་སོ། །ཡོན་ཏན་དང་ལྡན་པ་དང་སྦྱིན་གནས་ཚོལ་ཞིང་ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁོང་ཁྲོ་བ་ཡང་བདུད་ཀྱི་ལས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་གཏམ་སྟོན་ཅིང་ཐེག་པ་ཆེན་པོའི་གཏམ་འཆབ ་པ་ཡང་བདུད་ཀྱི་ལས་སོ། །ཟབ་མོའི་གཏམ་འཆབ་ཅིང་གཏམ་སྣ་ཚོགས་སུ་སྟོན་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་ལམ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་མི་འཚོལ་བ་ཡང་བདུད་ཀྱི་ལས་སོ། །རབ་ཏུ་བརྩོན་པའི་བསྔགས་པ་བརྗོད་ཀྱང ་སེམས་ཅན་མི་བརྩོན་པ་རྣམས་མངོན་པར་མི་སྦྱོར་བ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་མངོན་དུ་མི་བྱེད་པ་ཡང་བདུད་ཀྱི་ལས་སོ། །ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་སེམས་ཅན་རྣམས་ལྷག་མཐོང་ཡང་དག་པར་འཛིན་དུ ་མི་འཇུག་པ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པ་ཟད་པ་འཚོལ་ཞིང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ཤེས་རབ་ཀྱི་རྣམ་པར་སྤྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པ་མི་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཐབས་དང་མི ་ལྡན་པར་དགེ་བ་སྤྱོད་པ་ཐམས་ཅད་ཀྱང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་མི་འཚོལ་གྱི་འཇིག་རྟེན་རྒྱང་པན་པའི་གསང་ཚིག་འཛིན་པ་ཡང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱིས་དོགས་ཏེ་ཆོས་ལ་སློབ་དཔོན་གྱི་དཔེ་འཁྱུང་བྱེད་པ་ཡང ་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་དགོས་པ་ཞལ་ལྟ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་སྐལ་བ་མཉམ་པ་རྣམས་མི་བསྙེན་པ་བསྙེན་བཀུར་མི་བྱེད ་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་སྐལ་པ་མི་མཉམ་པ་ལ་དགའ་བའང་གང་གི་ཚེ་བརྒྱ་བྱིན་ནམ། ཚངས་པ་འམ་འཇིག་རྟེན་སྐྱོང་བ་འམ་རྒྱལ་པོ་འམ། ཚོང་དཔོན་ནམ། ཁྱིམ་བདག་གི་ལོངས་སྤྱོད་དང། ནོར་དང་རིན་པོ་ཆེ་དང་དབང ་ཕྱུག་གི་ཆེ་བ་ཉིད་དུ་གྱུར་པ་དེའི་ཚེ་ཆོས་ཀྱི་ཆེ་བ་ཉིད་དང་ལྡན་པ་རྣམས་ལ་མི་བསྙེན་བསྙེན་བཀུར་མི་བྱེད་པ་འདི་དག་ནི་ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུའོ་ཞེས་གསུངས་སོ། །ཡང་འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་ཕ ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་བླ་མ་རྣམས་ལ་མི་གུས་པ་ནི་བདུད་ཀྱི་ལས་སོ། །བདག་བརྗོད་པས་མངོན་པའི་ང་རྒྱལ་བྱེད་པ་ཡང་བདུད་ཀྱི་ལས་སོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ཕ་རོལ་ཏུ་ཕྱིན་པའི་ལམ་འདོར་བ་ཡང་བདུད་ཀྱི་ལས་སོ། །འཇིག་རྟེན་པ་དང ་འཇིག་རྟེན་རྒྱང་པན་པའི་གསང་ཚིག་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་ཀུན་ཏུ་འཛིན་པ་ནི་བདུད་ཀྱི་ལས་སོ། །ཐབས་དང་བྲལ་བའི་ཤེས་རབ་དང། ཤེས་རབ་དང་བྲལ་བའི་ཐབས་དང། ཐོས་པ་ཉུང་བས་བསམ་གཏན་རྙེད་པ་དང། མང ་དུ་ཐོས་ཀྱང་བདག་བསྟོད་པ་ནི་བདུད་ཀྱི་ལས་སོ། །དགེ་པའི་རྩ་བ་དང་བྲལ་བས་སྐྱེ་བ་ཡོངས་སུ་འཛིན་པ་དང། དགེ་བའི་རྩ་བ་བསགས་ཀྱང་ཐེག་པ་ཆུང་ངུ་འདོད་པ་ནི་བདུད་ཀྱི་ལས་སོ། །དམ་པའི་ཆོས་མི་སྲུང་བ་དང། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ ་སེམས་དཔའ་ལ་ཞེ་སྡང་བ་དང་ཆོས་སྨྲ་བའི་བསྔགས་པ་མི་བརྗོད་པ་ཡང་བདུད་ཀྱི་ལས་སོ། །དགེ་བའི་རྩ་བ་ཡང་དག་པར་བླངས་པ་འདོར་བ་དང། མི་དགེ་བའི་སེམས་དང་དུ་ལེན་པ་ཡང་བདུད་ཀྱི་ལས་སོ། །དགོན་པ་ལ་གནས་ཀྱང་འདོད་པ་དང། གནོད་སེམས་དང་འཚོ་བའི་རྣམ་པར་རྟོག་པ་དང ་འཁོར་གྱི་ཚོགས་ཀྱི་ནང་དུ་ཞུགས་ཀྱང་རྙེད་པ་དང་དཀུར་སྟིས་བཀུར་བ་ནི་བདུད་ཀྱི་ལས་སོ། །སྣོད་མ་ཡིན་པ་ལ་ཆོས་སྟོན་པ་དང། སྣོད་དུ་འགྱུར་བ་ཁྱད་དུ་གསོད་པ་ཡང་བདུད་ཀྱི་ལས་སོ། །བདུད་ཀྱི་ལས་འདི་ལྟ་བུ་འདི་དག་ཁོང་དུ་ཆུད་པ་དང། ཐམས་ཅད་མཁྱེན་པའི་སེམས་ལ ་གཡེང་བ་ཡང་བདུད་ཀྱི་ལས་སོ། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོར་བསྡུས་ནས་ནི་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། མདོར་ན་ཇི་ཙམ་དུ་གཡོ་བ་དང་རློམ་པ་དང་སྤྲོས་པ་དང་གཉིས་སུ་རྟོག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། ཞེས་གསུངས་པ ་དོན་གྱི་དབང་དུ་ཤེས་པར་བྱའོ། །གཞན་ཡང་དེ་ཉིད་ལས་ལྷའི་བུ་བྱང་ཆུབ་སེམས་དཔའ་ཨི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་བྱུང་བར་རིག་པར་བྱའོ། །ཞེས་གསུངས་པས་རབ་ཏུ་སྦྱོར་བའི་དུས་ན་བདུད་ཀྱི་ལས་རྣམས་འབྱུང་པར་རིག་པར་བྱའོ། །དེ་དག་རིག་པར་གྱུར ་ནས་བཟློག་པར་བྱ་བ་ནི་ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ། བཅུ་གང་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་ཕྱིར་ང ་རྒྱལ་ཐམས་ཅད་ཡོངས་སུ་སྤོང་བ་ནི་བདུད་ཀྱི་ལས་བཟློག་པའོ། །བདག་ལ་མི་སྟོང་མི་བསྔགས་པ་ནི་བདུད་ཀྱི་ལས་བཟློག་པའོ། །སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་མོས་ཤིང་མི་སྤོང་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཐམས་ཅད་མཁྱེན་པའི་སེམས་ཡོངས་སུ་ཉམས་པར་མི ་བྱེད་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཆོས་ཟབ་མོའི་ཚུལ་ལ་བརྩོན་ཞིང་བག་ཡོད་པར་གནས་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའ་ཨི་སྡེ་སྣོད་ལ་གནས་ཤིང་ཆོས་ཐམས་ཅད་ཡོངས་སུ་འཚོལ་བ་ནི་བདུད་ཀྱི་ལས་བཟློག་པའོ། །ཡང་དང་ཡང་ཉན་ཅིང ་ཡང་དག་པའི་གཏམ་གྱིས་ཡོངས་སུ་མི་སྐྱོ་བ་ནི་བདུད་ཀྱི་ལས་བཟློག་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་མ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐྱབས་དང་དཔུང་གཉེན་འཚོལ་བའི་འདུ་ཤེས་ནི་བདུད་ཀྱི་ལས་བཟློག་པའོ། །སྒྲུབ་པ་ལ་སངས་རྒྱས་ཐམས་ཅད ་ཀྱི་བྱིན་གྱིས་བརླབས་རྗེས་སུ་དྲིན་ཞིང་མོས་པ་ཡང་དག་པར་ལེན་པ་ནི་བདུད་ཀྱི་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའ་གྲོགས་ཐམས་ཅད་དགེ་བའི་རྩ་བ་དང་མི་གཉིས་པར་མངོན་པར་བསྒྲུབས་པ་ནི་བདུད་ཀྱི་ལས་བཟློག་པའོ། །ཀྱེ་རྒྱལ་བའི་སྲས ་བཅུ་པོ་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་བཟློག་པ་སྟེ་དེ་དག་གིས་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་ཐམས་ཅད་ལས་འདའ་བར་འགྱུར་བ་དག་གོ་ཞེས་གསུངས་སོ། །རང་གི་གཞུང་གི་ཚིག་གི་དོན་གོ་སླ་བས་རྣམ་པར་མ་ཕྱེའོ། །ད་ནི་བྱང་ཆུབ ་སེམས་དཔའ་ལེགས་པར་ཞུགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ལས་བརྩམས་ཏེ། རྒྱལ་བའི་ཡུམ་འདིའི་མཚན་ཉིད་ཇི་སྙེད་པ་སྟོན་པར་བྱེད་པའི་ཚིག་གི་ལེའུར་བྱས་པ་རྣམས་དགྲོལ་བའི་ཕྱིར་སྐྱོན་གྱི་འོག་ཏུ་དེ་དག་གི་མཚན་ཉིད་གསུངས་ཏེ་ཞེས ་སྦྱར་རོ། །དེ་དག་གི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྦྱོར་བ་པོ་འམ། ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དེ་དག་གི་ཞེས་བྱའོ། །མཚན་ཉིད་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་རྣམ་པར་དབྱེ་བའི་མཚན་ཉིད་དོ། །རྣམ་པར་དབྱེ་བའི་མཚན་ཉིད་ནི་བུམ་པ་ལ་སོགས་པ་གང ་དུང་ལ་སོགས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དངོས་པོ་གཅིག་ཏུ་ཡང་དཔག་ཏུ་མེད་པར་ལྡོག་པའི་དབང་གིས་བརྗོད་པ་སྟེ། ཇི་སྐད་དུ་ཚང་མ་རྣམ་འགྲེལ་ལས། །གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི ་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན་ཞེས་བསྟན་ཅིང། ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས། །ཞེས་བསྟོད་པ་བརྗོད་པ་ལྟ་བུའོ། །དེ་ལ་སློབ་དཔོན་ཟླ་གྲགས་ཀྱི་ཞལ་སྔ་ནས་ནི། འདི་དག་ནི་དགོས་པ་ཉེ་བར་གྱུར་པའི་དབང་དང་རྣམ་པར་རྟོག་པའི ་དབང་ཙམ་གྱིས་ཕྱེ་བར་ཟད་པས་ན་དངོས་པོ་ལ་མི་ལྡན་པས་མཚན་ཉིད་དུ་མི་འགྲོང་ཞེས་འཆད་ཅིང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང། སྔར་དོན་ཅིག་ཏུ་རབ་ཏུ་སྦྱོར་བ་ལ་ལྡོག་པ་ལ་བལྟོས་པས་ཉེ་བར་བསྐྱེད་པའི་ཐ་དད་པའི་ངོ་བོར་བྱེད་བཟོད་པ་ནི་མ་ཡིན་ནོ་ཞེས ་བསྟན་པའོ། །གཞན་དག་ནི་གལ་ཏེ་རིག་པའི་ལམ་དུ་འཇུག་པ་ཞིག་ནི་དེའི་དངོས་པོ་ཐམས་ཅད་ཀྱང་སྒྲའི་སྤྱིའི་རྣམ་པ་མིང་ཙམ་དུ་ཟད་ཅིང་བརྟགས་པ་ཙམ་ཞིག་སྙིང་པོར་གྱུར་པ་ཁོ་ནའོ། །མངོན་པར་ཞེན་པ་སྟུག་པོ་ཕྱི་རོལ་གྱི་དོན་ཡོད་པ་ལྟར་གནས་པའི་དབང་དུ ་བྱས་པའི་ཚེ་ནི་ཡང་དག་པའི་ཀུན་རྫོབ་རྣམས་ནི་ཇི་སྙེད་དུ་བཏགས་པ་དེ་སྙེད་ཀྱི་ནུས་པའི་མཚན་ཉིད་དངོས་པོ་རེ་རེ་ལ་ཡང་ལྡན་ཞེས་ཟེར་རོ། །རང་གི་མཚན་ཉིད་ནི་རང་གི་ཐུན་མོང་མ་ཡིན་པའི་ཡན་ལག་མེ་ལ་སོགས་པའི་ཚ་བ་ལ་སོགས་པ་འཇིག་རྟེན་རྣམས་ན ་རིགས་པས་མ་བཅོས་པའི་ཚེ། གཞན་ལ་མི་བལྟོས་པར་དོན་བྱེད་པར་སྣང་བའི་དངོས་པོར་རགས་པ་རྣམས་སོ། །འདིར་ནི་རང་བཞིན་གྱི་མཚན་ཉིད་ཟུང་ངོ། །དེ་ཡང་མཚོན་པར་བྱེད་པའི་མཚན་ཉིད་ནི་ཤེས་པ་དང། ཁྱད་པར་དང་བྱེད་པ་རྣམས་ཏེ། དེ་ལ་ཤེས་པའི ་མཚན་ཉིད་ནི་ཐམས་ཅད་མཁྱེད་པ་ཉིད་གསུམ་གྱི་ཐ་དད་པ་གསུམ་ཆར་ཡང་རྒྱལ་བའི་ཡུམ་འདི་ནི་དེ་བཞིན་གཤེགས་པ་བསྐྱེད་པའོ་ཞེས་བྱ་བ་ལ་སོགས་པས་ཤེས་པར་བྱའོ། །གལ་ཏེ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གསུམ་ཆར་གྱི་རྒྱལ་བའི་ཡུམ ་གྱི་བདག་ཉིད་ཆེ་བ་ཤེས་པར་བྱེད་པར་གྱུར་ན་དེའི་ཚེ་གཞི་ཐམས་ཅད་ཤེས་པར་གྱུར་པ་ཁོ་ནས་ཆོག་པས་ལམ་ཐམས་ཅད་ཤེས་པས་ཅི་ཞིག་བྱ་སྙམ་པ་ལ། ཤེས་པར་བྱེད་པར་མཚུངས་སུ་ཟིན་ཀྱང་དེ་དག་གི་ཁྱད་པར་ནི་འདི་དང་འདི་ལྟ་བུའོ་ཞེས་སྟོན་པར ་བྱེད་པ་ནི་ཁྱད་པར་གྱི་མཚན་ཉིད་དོ། །ཁྱད་པར་ཅན་གྱི་མཚན་ཉིད་དེས་དོན་ཅི་ཞིག་བྱེད་སྙམ་པ་ལ་ནི་བྱེད་པའི་མཚན་ཉིད་བསྟན་ཏོ། །ངོ་བོ་ཉིད་མཚན་པར་བྱ་བའི་མཚན་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དེ་གསུམ་གྱིས་རང་བཞིན་གཞན་ཁོང་དུ་ཆུད་པར་བྱ་བ ་ལ་གཙོ་བོར་མ་གྱུར་པའི་རང་བཞིན་དུ་ཟད་དོ། །བསྡུས་པའི་དོན་ནི་འདི་ཙམ་ཞིག་ཏུ་ཟད་ཅིང་གང་དག་གིས་རེ་རེ་ནས་མ་ཕྱེ་བའི་དོན་རྣམས་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་རྣམ་པར་སྦྱར་བ་ཚིག་ལེའུར་བྱས་པ་མདོ་བར་མའི་དབང་དུ་མཛད་པ་ལས ་རྒྱས་པར་བསྟན་པ་ལས་ཤེས་པར་གྱིས་ཤིག་།ཐར་པའི་ཆ་དང་མཐུན་པ་ཞེས་བྱ་བ་ལ་ཐར་པ་ནི་ལས་དང་ཉོན་མོངས་པ་ཆེས་རགས་པ་མི་ཁོམ་པ་བརྒྱད་དུ་འཕེན་པར་བྱེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར། དེ་ལས་ཐར་པས་ན་དྲོང་ལ་སོགས ་པ་སྦྱོར་བའི་ལམ་ཡིན་ཏེ། དོན་འདི་ནི་འཕགས་པ་རྣམ་པར་གྲོལ་བའི་ཞལ་སྔ་ནས། དེ་ལ་འདིར་ཐར་པ་ནི་བྲལ་བའི་ཁྱད་པར་ཡིན་ལ་དེའི་ཆ་ལ་ཕན་པས་ནི་ཐར་པའི་ཆ་དང་མཐུན་པ་ཞེས་བྱའོ་ཞེས་བསྟན་ཏོ། །དེའི་ཕྱིར་ཆོས་མངོན་པ་ལས་ཐར་པ་བླ་ན ་མེད་པ་ཡིན་ཞེས་བརྗོད་པ་ནི་འདིར་མི་སྦྱར་རོ། །དེའི་ཆ་ཞེས་སྨོས་པ་ནི་ཕྱོགས་གཅིག་ཙམ་གྱིས་ཕན་འདོགས་ཀྱི་དངོས་སུ་ནི་ཐར་པའི་ཆ་དང་མཐུན་པ་ཐོབ་ནས་དམིགས་པ་དང་རྣམ་པ་ལ་སོགས་པ་ཇི་སྐད་དུ་བསྟན་པའི་ཁྱད་པར་ཅན་ལ་སློབ་པས་དྲོད་ལ་སོགས ་པ་འཐོབ་སྟེ། དེའི་ཕྱིར་ལམ་སྤྱི་དང་ཁྱད་པར་དག་གི་མཚམས་སུ་རང་གི་ལམ་མ་ཐོབ་ཀྱང། དེའི་ཁོངས་སུ་བསླན་པས་བསྟན་པ་ལ་འོག་མ་དག་ལས་བྱད་ཞུགས་པའི་མཚམས་སྦྱོར་གྱི་ངོ་བོ་དག་ཡོད་དོ་ཞེས་བཤད་པའོ། །ི་ཡ་ཞེས་བྱ་བ་ནི་སྔར་བསྟན་པ ་བཞིན་ནོ། །འདིའི་དབྱེ་བ་ནི་འཕགས་པ་རྣམ་པར་གྲོལ་པའི་ཞལ་སྔ་ནས་ཆེན་པོ་དང་འབྲིང་དང་ཆུང་ངུ་ཞེས་གསུངས་ལ། ལམ་འདི་མཚོན་པར་འགྱུར་བའི་རྟགས་ཀྱང་སེམས་མི་འཇུག་པ་དང། མི་འགོད་པ་དང་ཡིད་ལ་འགྱོད་པར་འགྱུར་བ་མེད་པ་ཞེས ་གསུངས་སོ། །གཞན་ཡང་ལམ་འདི་ཐོས་པ་དང་བསམ་པའི་རང་བཞིན་ཡིན་ནོ་ཞེས་ཁ་ཅིག་འཚོད?། གཞན་དག་ནི་འདི་དག་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཕལ་ཆེ་བ་ཡིན་གྱི་སྒོམ་པའི་ཤེས་རབ་ཀྱང་མེད་ཅེས་ངེས་པར་མི་དག་གོ་ཞེས་འཆད་དོ། །འཕགས་པ ་རྣམ་པར་གྲོལ་བའི་ཞལ་སྔ་ནས་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ནི་ཐོས་པ་དང་བསམ་པའི་རང་བཞིན་དུ་བཞེད་པའི་ཕྱིར་རོ། །འདི་རྣམས་ཐམས་ཅད་ཀྱང་ཐོས་པ་དང་བསམ་པའི་རང་བཞིན་ཅན་ཡིན་པར་ཤེས་པར་བྱ་སྟེ་དེ་ཐོག་མ་ཁོ་ནར ་བསྟན་པ་ལ་འཇུག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བརྗོད་ཅིང་སྦྱོར་བའི་ལམ་དུ་ནི་དེ་ལྟར་ངེས་པར་གདགས་པ་མཛད་པའོ། །ཐར་པའི་ཆ་དང་མཐུན་པ་འདི་ཡང་ཕྱིར་མི་ལྡོག་པ་རྣམ་པར་བཞག་གམ་ཅི་མ་ཡིན་ཞེ་ན། རེ་ཞིག་ཕྱིར་མི་ལྡོག་པ་ནི་བྱང་ཆུབ་ལས་ཕྱིར ་མི་ལྡོག་པ་དང། བྱང་ཆུབ་ཁྱད་པར་ཅན་ལས་ཕྱིར་མི་ལྡོག་པ་དང། འཇིག་རྟེན་ལས་འདས་པའི་ས་ལས་ཕྱིར་མི་ལྡོག་པ་དང། རྩོལ་བ་མེད་པ་ལས་ཕྱིར་མི་ལྡོག་པ་དག་གོ་།དེ་ལས་དང་པོ་ནི་འཕགས་པ་ཉན་ཐོས་རྣམས་དང་ཐུན་མོངས་སུ་བྱས་པ་ཐར་པའི་ཆ་དང ་མཐུན་པ་ནས་བཟོད་པའི་ཕྱིར་རོ། །གཉིས་པ་ནི་ཐེག་པ་ཆེན་པོའི་དྲོད་ནས་བརྩམས་པའོ། །གསུམ་པ་ནི་ས་དང་པོའི་ངོ་བོ་ཉིད་དོ། །བཞི་པ་ནི་ས་མི་གཡོ་བ་ལའོ། །དེ་ལྟར་ན་ཐར་པའི་ཆ་དང་མཐུན་པ་ནི་ཐེག་པ་ཁྱད་པར་ཅན་གྱི་བྱང་ཆུབ་ལས་མི་ལྡོག་པར་ངེས་པ་མ་ཡིན ་པས་ན་ཕྱིར་མི་ལྡོག་པ་ཞེས་མི་བརྗོད་དོ། །ཐེག་པ་ཆེན་པོ་འདིར་ནི་དྲོ་བར་གྱུར་པའི་དགེ་བའི་རྩ་བ་རྒྱུད་ལ་སྐྱེས་པར་གྱུར་པའི་ཚེ་ཕན་ཆད་དུ་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པ་ནི་རྩེ་མོའི་མངོན་པར་རྟོགས་པ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་རྨི་ལམ ་ན་ཡང་མི་འདོད་པར་འགྱུར་རོ། །འོ་ན་འཕགས་པ་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་ཏེ་ཆོས་མངོན་པ་ལ་སོགས་པར་ཐར་པའི་ཆ་དང་མཐུན་པ་འདི་དེ་དག་གི་ཕྱིར་མི་ལྡོག་པར་བཞག་གམ་ཅི་སྟེ་མ་ཡིན་ཞེ་ན་ཁ་ཅིག་ན་རེ་དེ་དག་མི་ཤེས་རབ་དང་སྙིང་རྗེ ་ཆུང་བ་དང་སྦྱོངས་པ་ཡུན་ཐུང་བའི་དབང་གིས་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེས་སུ་ཟིན་ཀྱང། ངེས་པར་ཕྱིར་མི་ལྡོག་པར་ངེས་པ་མེད་དོ་ཞེས་ཟེར་རོ། །གཞན་དག་ནི་དེ་དག་གི་དབང་དུ་བྱས་ཏེ། ཡང་རང་གི་མངོན་པར་འདོད་པའི་ཆེད་དུ་བསྒྲུབས་པའི་བྱང ་ཆུབ་ལས་ནི་སླར་ལྡོག་པར་མི་འགྱུར་གྱིས་དུས་རིང་ཞིག་གིས་དེ་འཐོབ་པས་ན་རིང་དུ་ཐོགས་པའི་དབང་ཙམ་ལས་ཕྱིར་མི་ལྡོག་པར་མི་བཞག་གོ་ཞེས་ཟེར་ཏེ། འདིར་ནི་ཕྱིར་ལྡོག་པ་དང་མི་ལྡོག་པ་ལ་བརྩམས་ཏེ། གླེངས་པར་ཟད་ན་དུས་ཉེ་བ་དང་རིང་བའི་རྩོད་པ་སུ ་ཞིག་བྱེད། དེ་ལྟར་ན་དྲོད་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དབང་པོ་རྟུལ་ཞིང་ཉོན་མོངས་པ་མང་བ་ལ་སོགས་པ་མངོན་པར་ཤེས་པ་བུལ་ལ་དཀའ་བ་ལ་སོགས་པ་ཡང་ཕྱིར་མི་ལྡོག་པར་འགྱུར་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི ་རྒྱུད་ངེས་པའི་རྒྱུ་མཚན་གཙོ་བོར་མཛད་པ་ཞིག་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་འདི་ཡང་ཕྱིར་མི་ལྡོག་པར་བརྗོད་མོད་ཀྱི། རང་གི་རྟོགས་པ་དང་འཚམ་པར་གཞན་ཡིད་ཆེས་པར་བྱེད་པའི་ཡོན་ཏན་རྣམས་འདི་ལ་མེད་པས་ན་དེའི་ཕྱིར་དང། རང ་ཡང་དངོས་པོས་ངེས་ཀྱང་རང་ངེས་པར་བྱེད་པའི་རྟགས་བཟུང་སླ་བ་ཡང་མེད་པའི་ཕྱིར་ཐ་སྙད་གདགས་པའི་གཞིར་མ་གྱུར་པས་ན་འདི་ཕྱིར་མི་ལྡོག་པའོ་ཞེས་གང་དུ་མ་གསུངས་ཏེ། འཕགས་པ་འདོད་ཆགས་དང་བྲལ་པར་གྱུར་པ་དེ་དག་ལ་ཡང་དྲོང་ལ་སོགས ་པའི་རྟགས་ཅི་རིགས་སུ་རང་དང་གཞན་ངེས་པར་འབྱེད་པ་དག་འབྱུང་བར་ཤེས་པར་བྱའོ། །རང་གི་རྒྱུད་ལ་སྐྱེ་བར་ཁས་པ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་དམིགས་པ་རབ་ཏུ་སྲབ་པ་སྟེ་དྲོད་མ་རྙེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ལ་དམིགས ་པར་བྱེད་མོད་ཀྱི་ད་དུང་བདག་དང་གཞན་མཉམ་པ་དང། བདག་དང་གཞན་རྗེ་བར་ནུས་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཡང་འདི་ཕྱིར་མི་ལྡོག་པ་ག་ལ་ཡིན། རང་བཞིན་གྱི་དབང་དུ་བྱས་པའི་ཚེ་ནི་རིགས་དང་རྐྱེན་གཉི་གས་བྱང་ཆུབ་སེམས་དཔའ་ཁ་ཅིག ་ཚོགས་ཀྱི་ལམ་ཕལ་པའི་དུས་ཉིད་ན་ཕྱིར་མི་ལྡོག་པར་གྱུར་པས་ན་རང་གི་རྒྱུད་ལས་ལུང་བསྟན་པ་གསུངས་ཏེ། འོན་ཀྱང་ཕྱིར་མི་ལྡོག་པར་བརྗོད་པས་སུ། ཞིག་ཡིད་ཆེས་བྱེད་པར་ནུས། ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །དབང་པོའི་ངོ་བོ་ཉིད་མ་ཡིན་པ ་ཞེས་བྱ་བ་ལ། དབང་བྱེད་པའི་དོན་གྱིས་དབང་པོར་བརྗོད་པ་ཡིན་ན། ལམ་འདིར་མི་མཐུན་པའི་ཕྱོགས་མ་དད་པ་དང། ལེ་ལོ་ལ་སོགས་པ་གཞོམ་པར་ངེས་པར་དབང་བྱེད་པར་ནུས་པ་མ་ཡིན་ཏེ། རེས་འགའ་མི་མཐུན་པའི་ཕྱོགས་མཐུ་ཆེ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད ་ཀྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པ་མ་ཡིན་ཞེས་བྱ་བ་ལ་བར་ཆད་མེད་པར་འཐོབ་པ་མ་ཡིན་གྱི་ཞེས་དགག་གི་རིམ་གྱིས་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་སངས་རྒྱས་ཉིད་དུ་འགྱུར་བར་སྔར་བསྟན་པའི་ཕྱིར་རོ། །དེ་དག་ཉིད་རྡུལ་པོས་རྟོགས་པར་དཀའ་བའོ་ཞེས་བྱ་བ ་ནི་ཐེག་པ་ཆེན་པོ་དབུ་མ་པ་དག་གིས་རྟོགས་པར་དཀའ་བར་བརྗོད་པ་འདི་ཉིད་ལ་རྣལ་འབྱོར་སྤྱོད་པ་པ་དག་ནི་རིགས་ཆད་པ་ས་བོན་ཚིག་པ་ལྟ་བུ་ཞེས་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྐུར་པ་སྨྲ་བར་བྱེད་དོ། །ཆོས་ཉིད་ཡིན་པས་ཞེས་བྱ་བ་ནི་བྱེད་པ་པོ་མེད་བཞིན ་དུ་དངོས་པོ་སྒྱུ་མ་ལྟ་བུ་རྣམས་ཀྱི་ནུས་པ་སྒྱུ་མ་ཙམ་ཞིག་རིགས་པའི་ཁུར་མི་ཐེག་པར་དེ་ལྟར་གྲུབ་པར་ཟད་དེ། འདི་ཅིའི་ཕྱིར་ཞེས་སུས་ཀྱང་དཔྱད་དུ་ནི་མེད་ཅེས་བྱ་བའི་དོན་ཏོ། །འདིས་ནི་འཐད་པ་བསྒྲུབ་པའི་རིགས་པ་རྟོག་བཀག་པའོ། །ངེས་པར་འབྱེད་པའི་ཆ་དང ་མཐུན་པར་འབྱུང་བ་ཞེས་བྱ་བ་ལ་འདིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་རེ་རེ་ལ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་དུ་དབྱེ་བར་བྱ་སྟེ། རེ་ཞིག་དྲོད་ཀྱི་དབང་དུ་བྱས་ཏེ་མཉམ་པ་ནི་ཆུང་ངུའོ། །བྱམས་པ་དང་ཕན་པ་དང། ཁོང ་ཁྲོ་བ་མེད་པ་དང། རྣམ་པར་འཚེ་བའི་སེམས་མེད་པའི་རྣམ་པ་ལྔ་ནི་འབྲིང་ངོ། །ཕ་དང་མའི་སེམས་དང། སྤུན་དང་སྲིང་མོའི་སེམས་དང། བུ་དང་བུ་མོའི་སེམས་དང། བཤེས་དང་གྲོགས་ཀྱི་སེམས་དང། གཉེན་དང་སྣག་གི་ཉེ་མཚམས་ཀྱི་སེམས་རྣམས་ནི་ཆེན་པོའོ། །རྩེ ་མོའི་མངོན་དུ་བྱས་ཏེ་མི་དགེ་བ་དང་དགེ་བ་གྲངས་བཞིན་དུ་ཉམས་པ་དང། ལེན་པའི་སྒོ་ནས་ལྡོག་པ་དང་ཞུགས་པའི་བདག་ཉིད་ཅན་དེའི་སྒོ་ནས་རྣམ་པ་གཞན་རྣམས་སྡིག་པ་ལས་ལྡོག་པ་དག་ལ་གནས་པ་དག་ལ་སྦྱོར་བའི་རྣམ་པ་གཉིས་དང་ཞེས་བྱ་བ་ནི་རིམ ་པ་བཞིན་དུ་ཆུང་ངུ་དང། འབྲིང་ངོ། །གཞན་དག་ཉིད་དེ་ལྟར་ཞུགས་པ་རྣམས་ལ་བསྔགས་པ་བརྗོད་པ་དང་མཐུན་པར་བྱ་བ་ཞེས་བྱ་བ་ནི་ཆེན་པོའོ། །བཟོད་པའི་དབང་དུ་བྱས་ཏེ་ནི་སྦྱོར་བ་དང་བསྔགས་པ་བརྗོད་པ་དང། མཐུན་པར་བྱ་བ་ཞེས་བྱ་བ་རྣམས་རིམ་བཞིན་དུ་ཆུང་ངུ་དང་འབྲིང་དང ་ཆེན་པོར་སྦྱར་རོ། །འཇིག་རྟེན་ཆོས་ཀྱི་མཆོག་གི་དབང་དུ་བྱས་ཏེ་ནི་སྨིན་པར་བྱེད་པ་དང། གྲོལ་བར་བྱེད་པའི་ལམ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབང་དུ་བྱས་པ་དེ་དག་རིམ་པ་བཞིན་དུ་ཆུང་ངུ་དང་འབྲིང་དང་ཆེན་པོར་སྦྱར་བར་བྱའོ། །དེ་ལྟར ་ན་འདིར་ཞེས་བྱ་བས་སྔར་ཐམས་ཅད་མཁྱེན་པ་ལ་སོགས་པའི་དབང་དུ་བྱས་ཏེ། རིམ་གྱིས་རྒྱུད་ལ་ལམ་བསྐྱེད་པ་འམ། ཐོས་པ་དང་བསམ་པའི་ཤེས་པའི་ཤེས་རབ་གཙོ་བོར་བྱས་པའི་ཚེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་ད་དག་དེ་ཡང་རྗེས་སུ ་མཐུན་པ་དང། ཁྱད་པར་ཅན་དང། རབ་ཏུ་རྟོགས་པ་དང། གཞན་དུ་ཡོངས་སུ་བསྒྱུར་བ་དང། ཚེ་གཅིག་པ་དང། སྟན་ཅིག་པ་སྟེ། རྣམ་པ་དྲུག་ཅེས་བརྗོད་པར་བྱ་ལ། འདིར་ནི་དབྱེའོ་ཞེས་དགོས་པའི་ཕྱིར་འདིར་ཞེས་བྱ་བའི་སྒྲ་སྨོས་པ་ཡིན་ནོ། །ལྷག་མ་རྣམས་ནི ་གོ་སླ་བས་རྣམ་པར་མ་ཕྱེའོ། །གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཞེས་བྱ་བ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་རབ་ཏུ་སྲབ་ཅིང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་དོ། །རང་དང་མཐུན་པའི་བྲས་བུ་ཞེས་བྱ་བ་ལ། རང་ནི་མཉམ་པར ་བཞག་པའི་ཡེ་ཤེས་ཏེ་དེ་དང་མཐུན་པའི་འབྲས་བུ་ནི་ཇི་ལྟར་མཉམ་པར་བཞག་པའི་ཚེ་ནི་དངོས་པོ་གཉིས་སུ་མི་འཛིན་པས་ན་གཟུང་བ་དང་འཛིན་པར་སྣང་བ་ཉིད་མེད་པ་ལྟར་དེ་ལས་ལངས་པ་ན་ཡང་གཟུང་བ་དང་འཛིན་པར་སྣང་བ་ཙམ་ཞིག་ཡོད་དུ་ཟིན ་ཀྱང་གཉིས་སུ་ཞེན་པ་མེད་པའི་ཕྱིར་ན་དེ་རང་གི་རྒྱུད་དང་མཐུན་པའི་འབྲས་བུར་བརྗོད་དོ། །རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བ་ནི་བདེན་པ་མཐོང་བ་རྣམས་ཀྱིའོ། །ཐ་སྙད་རྣམས་ནི་བྱ་བ་ལ་འཇུག་པའི་བདག་ཉིད་རྣམས་ཏེ་དེ་རྣམས་ནི་དུས་དང་ཡུལ་ཐམས་ཅད་དུ་རང ་གིས་མཉམ་པར་བཞག་པའི་དུས་ན་ཆོས་ཀྱི་ཀུན་ཏུ་འགྲོ་བའི་རང་བཞིན་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ཏེ་འདི་ནི་བཟང་ངོ། །འདི་ནི་དན?་པའོ། །བདག་གིས་ཆོས་འདིའི་ཕྱིར་ཆོས་སྨྲ་བ་འདི་ལ་ལུས་འདི་འབུལ་ཞིང་སྲོག་ནི་བཏང་ངོ་ཞེས་བྱ་བ་ལ་སོགས་རྣམ་པར་རྟོག ་པ་མེད་དེ་བརྡ་ལ་བློ་བྱང་བ་དག་གིས་མེ་ལོང་ལ་སོགས་པར་གཟུགས་བརྙན་མཐོང་བ་སྣང་བ་ཙམ་ཞིག་ཡོད་དེ་ལ་ཇི་ལྟར་ཡང་མི་རྩོལ་བར་གནས་པ་བཞིན་ནོ། །དེ་ལྟ་ན་འོ་ན་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ཐོབ་པ་ནི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་བརྒྱ ་ཡོངས་སུ་སྦྱོང?་ངོ?་ཞེས་བྱ་བ་ལ་སོགས་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར་སེམས་ཅན་གདུལ་བའི་དགོས་པའི་དབང་མ་གཏོགས་པར་དེ་ལྟར་ངེས་པའོ་ཞེས་ཚིག་ཐ་མ་ཁོང་ནས་དབྱུང་སྟེ་དེས་ན་སེམས་ཅན་ཐམས་ཅད་གདུལ་བའི་དགོས་པའི་དབང་ཉེ་བར་གནས་པ ་ན་སྔོན་གྱི་སྨོན་ལམ་གྱི་མཐུས་སྒྱུ་མ་ཙམ་དུ་འདི་ལ་ཆོས་ཉིད་འདི་ལྟ་བུ་ཞིག་བདག་གིས་བསྟན་ཏོ་མཉམ་པ་ལ་སོགས་པ་འབྱུང་བར་འགྱུར་ཏེ། དགོས་པོའི་དབང་དུ་རྒྱལ་བ་རྣམས། །ད་དང་ང་ཡི་གསུངས་པ་ལྟར་ཞེས་བསྟན་པ་ལྟ་བུའོ། །འགྲོ་བ་འགའ་ ་ཞིག་འདུལ་བའི་ཕྲིན་ལས་མི་མཛད་པའི་ཚེ་ན་ནི་སྔར་བསྟན་པ་ལྟར་རང་དང་མཐུན་པའི་འབྲས་བུ་ཙམ་ཞིག་ལ་གནས་ཀྱི་དོན་མཛད་པའི་རྣམ་པར་རྟོག་པ་ལ་སོགས་པ་ཅི་ཡང་མི་མངའ་བས་དེ་དག་ཀྱང་ཉེ་བར་བརྟགས་ནས་བཤད། བརྟགས་པ་ནི་འདིར ་དོན་མཛད་པའི་གནས་སྐབས་དེ་མི་མཛད་པའི་དུས་ལ་ཡང་ངམ་འབྲས་བུས་རྒྱུ་ལ་བརྟགས་ཏེ་བརྗོད་དོ། །བརྟགས་པའི་དགོས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པར་རྟོག་པ་མེད་པས་ཆོས་ཉིད་རྟོགས་པ་ཁོ་ན་དང་མཐུན་པ་ཡིན་ནོ་ཞེས་ཤེས ་པར་བྱ་བའི་ཕྱིར་རོ། །གཞན་དག་ནི་དོན་མཛད་པ་དང་མི་མཛད་པའི་གནས་སྐབས་གཉིས་སུ་ནི་མི་དབྱེའི་དོན་མཛད་པར་སྣང་བའི་ཚེ་ན་ཡང་རྟོགས་པ་དང་མཐུན་པ་ལས་མ་ཉམས་མོད་ཀྱི་དོན་གང་དང་གང་ཞིག་མཛད་པའི་ཏིང་ངེ་འཛིན་རྣམས་སུ་ལྷུན་གྱིས་གྲུབ་པའི་ཚུལ་གྱི་དུག ་པ་ཡིན་ཏེ། ཇི་སྐད་དུ་འཇམ་དཔལ་སྒྲ་སྐད་ཐམས་ཅད་ཀྱི་བརྡ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་ན་བྱང་ཆུབ་སེམས་དཔའ་སྒྲ་སྐད་དང། བརྗོད་པ་དང་བརྡ་ཐམས་ཅད་རྟོགས་ཤིང་ཡི་གེ་ཐམས་ཅད་ཀྱི་ཡི་གེ་གཅིག་སྟོན་པ་དང། ཡི་གེ ་གཅིག་གིས་ཡི་གེ་ཐམས་ཅད་སྟོན་པར་བྱེད་དོ། །འཇམ་དཔལ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་བསོད་ནམས་དང་དགེ་བའི་རྩ་བ་ཐམས་ཅད་སོགས་ཤིང་སྟོན་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། དེ་ཏིང་ངེ་འཛིན་དེ་ཐོབ་ནས་བྱང་ཆུབ ་སེམས་དཔའ་ཅད་མི་སྨྲ་བར་སྙོམས་པར་ཞུགས་ཏེ། ཡི་གེ་གཅིག་ཙམ་ཡང་མི་བརྗོད་པར་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང། དགེ་འདུན་གྱི་སྒྲ་དང། ཉན་ཐོས་ཀྱི་སྒྲ་དང། རང་སངས་རྒྱས་ཀྱི་སྒྲ་དང། བྱང་ཆུབ་སེམས་དཔའ་ཨི་སྒྲ ་དང། ཕ་རོལ་ཏུ་ཕྱིན་པའི་སྒྲ་ཐོས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟར་གང་ཡང་རུང་སྟེ་ཕྱོགས་གཉིས་ཀ་ལ་བཏགས་པར་བསྟན་པ་ཡོད་པས་བཏགས་པའི་དགོས་པ་བསྟན་པ་ནི་དེ་ལྟ་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལ ་སོ་སོ་རང་གིས་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེས་བྱ་བ་གསུངས་ཏེ། བཏགས་པ་ཙམ་གྱིས་ཀྱང་དེའི་ཡོན་ཏན་མ་བསྟན་ནས་སུ་ཞིག་མཐོང་བའི་ལམ་ལ་ཡིད་ཆེས་ནས་ཐོབ་པར་བྱ་བའི་ཕྱིར ་འཇུག་ཞེས་བྱ་བའི་དོན་ཏོ། །སྒོམ་པའི་ལམ་ཟབ་པ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ནི་ཟབ་པ་དང། རྒྱ་ཆེ་བ་ཡིན་ལ་སྒོམ་པའི་ལམ་ནི་ཕལ་ཆེར་ཤེས་བྱའི་སྒྲིབ་པའི་གཉེན་པོར་སྟོང་པ་ཉིད་དུ་གོམས་པར་བྱེད་པས་ན་ཟབ་པ་སྟེ། དེ་ལྟར་ན་ཟབ་པ་ལ ་རབ་ཏུ་གོམས་པར་བྱས་པའི་དབང་གིས་ན་ས་བརྒྱད་པ་ལ་སངས་རྒྱས་ཀྱིས་བསྐུལ་བའི་མཐར་ཐུག་པ་ཡིན་ནོ། །དེ་ལྟར་རབ་ཏུ་ཟབ་པའི་སྟོང་པ་ཉིད་ཆེན་པོ་མངོན་དུ་བྱེད་པས་ན་སྔར་སྟོང་པ་ཉིད་ལ་སོགས་པ་ལ་ཡང་གཟུགས་མེད་ལ། སྟོང་པ་ཉིད ་ལ་སོགས་པ་གཟུགས་ལས་གཞན་པ་ཡང་མ་ཡིན་པས་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་བདེན་པ་བསྟན་ཏེ། གཉེན་པོའི་སྟོབས་ཀྱིས་བློ་ཆོས་ཀྱི་དབྱིངས་ཇི་ལྟ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་།པ་རི་ནི་གོང་དུའོ། །མཐོང་བའི་དོན་ཡེ་ཤེས ་ཀྱིས་རིམ་གྱིས་ཉམས་སུ་མྱོང་བའི་དོན་དེ་ལའོ། །སེམས་དཔའ་ནི་ཐོས་པའི་ཤེས་རབ་ཀྱིས་སམ་སྦྱོར་བའི་དུས་ནའོ། །འཇལ་པ་ནི་བསམ་པའི་ཤེས་རབ་ཀྱིས་སམ་དངོས་ཀྱིས་སོ། །ངེས་པར་རྟོག་པ་ནི་སྒོམ་པའི་ཤེས་རབ་ཀྱིས་སམ་རྗེས་ལས་བྱུང་བས་སོ། །དེ་རྣམ? ་པ་དུ་ཞིག་ཅེ་ན་ཞེས་བྱ་བ་ལ་སོགས་པས་ནི་དང་པོ་ལམ་ཤེས་པའི་སྐབས་སུ་ཕྱེ་བའི་སྒོམ་པའི་ལམ་དེ་དག་རེ་རེ་ལ་ཡང་རྣམ་པར་དག་པ་དགུར་བསྟན་ཅིང་དེ་ལས་མང་བ་ནི་རྒྱལ་བའི་ཡུམ་དེ་དང་དེ་ལས་ཞེས་བྱ་བ་ལ་སོགས་པས་འགེགས་པར་བྱའོ་ཇི་ལྟར ་དེ་བཞིན་ཉིད་རབ་ཀྱི་མཐར་ཕྱིན་པའི་མཚན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དོན་མངོན་སུམ་དུ་གྲུབ་པར་སྣང་བ་ལྟར་རང་གི་དོན་ཡང་དོན་དམ་པར་རང་བཞིན་མེད་བཞིན་དུ་ཀུན་རྫོབ་ཏུ་འགྲུབ་པར་ཅིས་ན་མི་འགྱུར་ཞེས་བསྟན་པའོ། །རྒྱུ་མེད་པར ་འཇིགས་པ་ཡིན་ལ་ཞེས་བྱ་བ་ནི་སེམས་ཅན་ཕ་རོལ་ལ་སོགས་པས་གནོད་པ་མ་བྱས་ཀྱང་རྒྱུ་སྟེ། འཇིགས་པའི་བྱེད་པ་པོ་མེད་པར་རང་གིས་ངང་གིས་འཇིག་པ་ཡིན་ཏེ། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །བྱ་བ་བྱུང་བ་ཉིད ་ཡིན་པས། །བྱེད་པ་དེ་སུ་དེ་ལ་བྱ་ཞེས་གསུངས་པ་ལྟ་བུའོ། །སྐད་ཅིག་མ་ཉིད་ཀྱིས་ཞེས་བྱ་བ་འདི་ནི་དེའི་རྒྱུ་མཚན་དུ་སྦྱར་རོ། །དེས་ན་གསུམ་པ་འདི་ནི་རྒྱུ་མཚན་དུ་བལྟ་བར་བྱའོ། །འདིར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ནི་དངོས་པོ་རྣམས་ནི་སྐད་ཅིག ་མའི་མི་རྟག་པ་མེད་མོད་ཀྱི་གདུལ་བྱ་ཡིད་འབྱུང་བར་བྱ་བའི་ཕྱིར། དེ་ལྟར་བསྟན་ཏེ་མི་རྟག་པ་ནི་རྒྱུན་ཆད་པའི་མི་རྟག་པ་འབའ་ཞིག་གོ་ཞེས་གསུངས་སོ། །མདོ་སྡེ་རྒྱན་ལ་སོགས་པའི་ལུགས་ཀྱིས་ནི་དངོས་པོ་རྣམས་ལ་དེ་ལྡན་པར་བསྟན་ཏེ། རང་རང་གི་རྣམ་པར ་རྟོག་པའི་དབང་ཙམ་ལས་དེ་དངོས་པོ་ཞེས་བྱ་བ་དང་གྲུབ་པ་མེད་ཅེས་བརྗོད་པས་དེ་དག་འཐད་པར་འགྱུར་རོ། །ཕྱོགས་འདིས་ཀྱང་རྒོལ་བ་ད་ནི་གནོད་ཅེས་ལན་དང་པོར་བརྗོད་པའོ། གྲུབ་པའི་མཛའ་ལས་ཀྱང་ཞེས་བྱ་བ་ལ་སོགས་པས་ཀྱང་ལན་གཉིས་པ་སྟོན ་[ི]་*། །ཏེ། དངོས་པོར་མངོན་པར་ཞེན་པ་རབ་ཏུ་མ་སྤངས་པ་ཁྱེད་རང་གི་གྲུབ་པའི་མཛའ་སྟེ་རིག་པ་དང་ལུང་གིས་རབ་ཏུ་བསྟན་པར་རང་གི་འདོད་པ་གྲུབ་པ་ནི་དེ་ནས་ཕར་ཡང་འགྲོར་མེད་པས་ན་མཛའ་ཨོ། །དེ་ཙམ་དུ་ཁྱེད་ཀྱིས་གཏན་ལ ་ཕབ་པའི་འདོད་པ་སྟོན་པའི་གཞུང་ལས་ནི་འཇིག་རྟེན་སྣ་ཚོགས་ལས་སྐྱེས་ཞེས་འབྱུང་བའི་ཕྱིར་ན་རང་གི་ལས་ཀྱིས་རང་ཤི་ན་དེ་ལ་གསེད་པ་པོ་ལ་སྡིག་པར་ཇི་ལྟར་འགྱུར་ཞེས་འདྲི་བ་འདི་ཁྱེད་ལ་ཁོ་བོ་ཅག་གི་ཟླའི་ཤུགས་ཀྱིས་དྲིས་པ་ན་ཁྱེད ་ལ་ཡང་ཁོ་བོ་ཅག་དང་མཚུངས་པར་གནོད་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་དུལ་བ་ལྷའི་ཞལ་སྔ་ནས་ཉེས་པ་མཚུངས་པ་ཁོ་ནས་ཕ་རོལ་པོ་ཆོམས་པར་འགྱུར་བས་དེ་ལ་ཉེས་པ་གཞན་མི་མི་བརྗོད་དོ། །ཞེས་བསྟན་ཏེ་འདི་ཡང་ཆོས་ཉིད ་ཀྱི་རིགས་པ་ཡིན་ཏེ། ཆོས་ཁ་ཅིག་འགྲོ་བ་རྣམས་ལ་མངོན་སུམ་ལ་སོགས་གནོད་པ་ལྟ་བུར་སྨད་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ཁས་བླང་བར་བྱ་བ་ཡོད་དེ། ཚ་བས་ཚིག་པ་ལ་སླར་ཚ་བ་ལ་གདུང་བ་ལ་སོགས་པ་ལྟ་བུའོ། །དོན ་དམ་པར་ཞེས་བྱ་བ་ནི་ཁྱེད་ཀྱི་དོན་དམ་པ་ངེས་པར་ཡོད་ཅིང་དོན་བྱེད་པའི་དབང་དུ་བྱས་སུ་ཟིན་ཀྱང་རང་གི་ལས་ཀྱི་འབྲས་བུ་ལ་སྤྱད་པར་ཟད་པས་ན་གང་ཟག་གཞན་དུ་བགྲང་བར་སུས་ཀྱང་བསད་པ་ཡང་མེད་ཞེས་བྱ་བ་ལ ་སོགས་པའི་ཀླན་ཀ་ཁྱེད་ལ་ཡང་འབྱུང་ཞེས་སྦྱར་རོ། །དེ་དང་དེ་ལ་ཕྱོགས་གཞན་ནས་ཞེས་བྱ་བ་ནི་དབུ་མའི་བསྟན་བཅོས་དག་ཏུ་གང་དོན་དམ་པར་མེད་པ་དེ་དག་ནི་ཀུན་རྫོབ་ཏུ་ཡང་མེད་རྩོད་པ་སྨྲ་བའི་ལན་བཏབ་པའི་གནས ་སྐབས་དེ་དང་དེ་དག་ཏུ་ཞིབ་ཏུ་བསྟན་གྱིས་དེར་ལྟོས་ཤིག་ཅེས་བྱའོ། །ཕྱོགས་གཞན་ནས་ཞེས་བྱ་བ་ནི་རིག་པ་གཞན་ཡང་དེ་དག་བསྟན་ཞེས་བྱའོ། །དཔེ་པ་གྲུབ་པ་ཞེས་བྱ་བ་ནི་རང་བཞིན་མེད་པ་ནི་དོན་དམ་པར་འདོད་པ་ཡིན་ལ་རྨི་ལམ ་[ི]་གྱི་གནས་སྐབས་ལ་སོགས་པ་ནི་ཀུན་རྫོབ་ཀྱང་རྨི་ལམ་ལ་སོགས་པ་འདྲ་ཞེས་འདོད་པས་ཀྱང་དཔེ་མ་གྲུབ་ལ། གལ་ཏེ་ཀུན་རྫོབ་པ་ཉིད་དུ་ཞེས་ཟེར་ན་ཡང་གཉིད་ལོག་པའི་ཚེ་སེམས་གཉིད་ཀྱིས་མཐུ་ཉམས་པ་དང། གཉིད་མ་ལོག་པའི་ཚེ་མ ་ཉམས་པ་ནི་ནུས་པ་ག་ལ་མཉམ་པས་ན་དཔེ་མ་གྲུབ་བའོ། །སངས་རྒྱས་ཀྱི་མཛད་པ་བྱ་དགོས་པས་ན་ཐབས་ལ་མཁས་པས་གསུངས་ཏེ་ཞེས་བྱ་བ་ལ་ཐབས་མཁས་པ་བཅུ་པོ་འདི་སངས་རྒྱས་ཀུན་ཏུ་བཟང་པོའི་ཆོས་སུ་བསྟན་ཏམ ་འོན་ཏེ་མ་ཡིན། གལ་ཏེ་ཕྱོགས་དང་པོ་ལྟར་ན་ནི་ཕྱིར་མི་ལྡོག་པའི་རྟགས་ཞེས་བྱ་བ་ལ་འདི་ཇི་ལྟར་རུང་བར་འགྱུར་གལ་ཏེ་ཕྱོགས་གཉིས་པ་ལ་ལྟར་ན་ཡང་སངས་རྒྱས་ཀྱི་མཛད་པ་ཞེས་སྨོས་པར་མི་རིགས་ཀྱི ་བྱང་ཆུབ་སེམས་དཔའ་ཨི་བྱ་བྱ་བྱ་དགོས་པས་ཞེས་སྨོས་པར་རིགས་སོ་ཞེ་ན། འདི་ནི་སྔར་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཞེས་བྱ་བར་བརྗོད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ན། ས་བཅུ་པའི་བྱང་ཆུབ ་སེམས་དཔའ་དབང་བསྐུར་བའི་ས་ལ་གནས་པ་དང། སྐྱེ་བ་གཅིག་གིས་ཐོགས་པའི་རྣམ་པར་འཕྲུལ་བ་སངས་རྒྱས་སུ་སྣང་བའི་དབང་དུ་བྱས་པའི་མཛད་པ་ཡིན་པར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཅུ་ནི་ཐབས ་ལ་མཁས་པ་རྣམ་པ་བཅུ་སྟེ། དེ་དག་བྱང་ཆུབ་སེམས་དཔའ་ཨི་མཆོག་དེ་དག་གིས་དམིགས་པར་བྱ་བ་ཡིན་པས་ན་ཡུལ་ཏེ། མངོན་སུམ་དུ་བྱ་བ་ནི་དཀའ་ཐུབ་སྤྱོད་པ་ལ་སོགས་པ་ལུས་དང་ངག་དང་སེམས་ཀྱིས་ཅི་རིགས་སུ་ཉམས་སུ་བླང་བའོ། ་དུས་དང་དུ་མ་ཡིན་པ་ཤེས་པའི་སྦྱོར་བ་ནི་ཞེས་བྱ་བ་ནི་སེམས་ཅན་འདུལ་བར་འགྱུར་བ་ནི་མངོན་སུམ་དུ་བྱ་བའི་དུས་ཡིན་ལ། གལ་ཏེ་དེ་དག་མི་འདུལ་ནི་དོན་མེད་པས་མངོན་དུ་བྱ་བའི་དུས་མ་ཡིན་ནོ། །དེ་ལྟར་ཤེས་པའི་སྦྱོར་བ་སྟེ། ་[ིི]་*། །ཤེས་ནས་མངོན་སུམ་དུ་བྱ་བ་འམ་མི་བྱ་བ་ལ་སྦྱོར་བ་ནི་ཐབས་ལ་མཁས་པ་ཡིན་ནོ། །དེས་ན་ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །སྐབས་བཞི་པའི་འགྲེལ་བཤད་རྫོགས་སོ།། །།དེ་ལྟར་སྐབས་བཞི་པ ་རྣམ་པར་ཕྱེ་ནས་ང་ནི་སྐབས་ལྔ་པ་བསྟན་པ་དབྱེ་བའི་ཕྱིར་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོག་པ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཀྱིས་མཐར་ཕྱིན་པ་རྟོག་པ་འབྱུང་ངོ་ཞེས་གོ་སླ་བར་བྱ་བའི་ཕྱིར་རྟགས་པ་ལ་སོགས ་པ་སྙེད་བ་སྔོན་དུ་འགྲོ་བའི་རྩེ་མོའི་མངོན་པར་རྟོགས་པ་ཞེས་བྱ་བ་ལ། རབ་ཀྱིས་མཐར་ཕྱིན་པ་ནི་འོག་ནས་འཆང་བའི་ཚུལ་གྱིས་མི་གཡོ་བ་ཐོབ་པར་གྱུར་ཕྱིན་ཅད་དོ། །དེ་ནས་བརྩམས་ཏེ་སྔར་ཇི་ལྟར་ཉམས་སུ་མྱོང་བའི་དྲོད་ལ་སོགས་པ་ཡང ་འདྲིས་པར་བྱེད་པའི་ཚེ། རྟགས་རྣམ་བ་བཅུ་གཉིས་དང་ལྡན་པ་ལ་སོགས་པའི་རྟོགས་པ་འབྱུང་ངོ་ཞེས་སྐབས་ཐ་དད་བ་ཅིག་ཏུ་བསྟན་པ་ནི་སློབ་པའི་ཚེའི་ས་མཚམས་གང་དུ་འདི་དག་སྦྱར་བ་གོ་སླ་བར་བྱ་བའི་ཕྱིར་ཏེ། དགོས་པ་དེ་གཟིགས་ན་སྔར་བསྟན་ཟིན་པའི ་དྲོད་ལ་སོགས་པ་ཡང་རྟགས་ལ་སོགས་པར་སྙེད་པ་སྟེ། མིང་གཞན་དུ་བཏགས་པས་དེ་དག་སྔོན་དུ་འགྲོ་བའི་རྩེ་མོའི་མངོན་པར་རྟོགས་པ་གསུངས་སོ། །དེའི་ཕྱིར་ན་འདིར་རྩེ་མོའི་ཞེས་བྱ་བ་ནི་དང་པོ་རིམ་གྱིས་སྐྱེ་བའི་དུས་དང། ས་གཉིས་པ་ལ་སོགས ་པ་སྔར་ཇི་ལྟར་བསྐྱེད་པ་གོམས་པར་བྱས་པའི་ཆོས་དག་པས་མཆོག་ཏུ་གྱུར་པའི་ཕྱིར་སྐབས་འདིས་བསྡུས་པའི་དོན་སུན་རྩེ་མོར་བཞག་གོ་།ཡང་ན་རྩེ་མོ་ནི་སྐབས་འདིར་བསྟན་པའི་དྲོད་ལ་བྱ་སྟེ་འདིར་བསྟན་པའི་དྲོད་ནི་སྔར་བསྟན་པའི་མཐོང་བའི་ལམ ་ལ་སོགས་པ་མཆོག་ཏུ་གྱུར་པའི་ཕྱིར་ན་རྩེ་མོའོ། །དེ་ལྟར་ན་རྩེ་མོ་ལ་སོགས་པའི་མངོན་པར་རྟོགས་པ་ནི་རྩེ་མོའི་མངོན་བར་རྟོགས་པའོ། །དེ་ལ་རྟགས་ནི་ཕྱི་དང་ནང་གི་རྟགས་བཅུ་གཉིས་བསྟན་པ་དང་ལྡན་པས་རྟགས་ཏེ་དེས་བསྟན་པའི་དོན་གྱི་རྟགས་སུ་བསྟན་བའོ ་[ིི]་རྣམ་པར་འཕེལ་བ་ནི་ཇི་སྐད་སྨོས་པའི་བསོད་ནམས་བཅུ་དྲུག་གིས་འཕེལ་བའི་ཕྱིར་རོ། །ངེས་པ་ཞེས་བྱ་བ་ནི་སྔར་ཉམས་སུ་མྱོང་བ་མི་གསལ་བ་རྣམས་འདིར་རབ་ཏུ་གསལ་བར་མཐོང་བ་ཕྱིན་ཅི་མ་ལོག་པ་ནི་ངེས་པ་སྟེ། དེའི་ཕྱིར་ན་བསྟན་པ་ཞེས་ཀྱང་བསྟན་ཏོ། ། ་སེམས་ཀུན་ཏུ་གནས་པ་ནི་འགའ་ཞིག་ངེས་པར་བསྟན་ལ་ཕེབས་པས་མཐོང་བའི་དོན་ལ་ཐེ་ཚོམ་མེད་པ་དེ་ནི་དེ་ཉིད་ལས་སེམས་རྩེ་གཅིག་པའི་ཚུལ་གྱིས་ཀུན་ནས་གནས་ཀྱི་དམིགས་པ་གཞན་མི་འཚོལ་བས་ན་སེམས་ཀུན་ཏུ་གནས་པའོ། །ཚིག་གི་དོན་གོ ་སླའོ། །ད་ནི་ངེས་པར་འབྱེད་བའི་ཆ་དང་མཐུན་པ་རྣམས་རེ་རེ་ཡང་རྣམ་པར་རྟོག་པ་བཞི་བཞི་དང་ལྡན་པར་བསྟན་པ་དང། གཉེན་པོའི་ཚོགས་ཀྱང་རྣམ་པར་རྟོག་པའི་རིགས་བཞི་པོ་གཉིས་སུ་བསྡུས་པ་ཁམས་ཀྱི་ཕྱེ་ན་ཁམས་རེ་རེ་ན་སུམ་ཅུ་རྩ་དྲུག་དྲུག་ཡང་བས་སྤྱིར ་ཁམས་གསུམ་ཆར་གྱི་དབང་དུ་བྱས་པའི་ཚེ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་དུ་བགྲང་བ་དེ་དག་འདིར་སྐོད་པས་དེ་བསྟན་པའི་ཕྱིར་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས ་བསྟན་པའི་ཚུལ་གྱིས་མི་མཐུན་པའི་ཕྱོགས་ནི་རྣམ་པར་རྟོགས་པའི་རིགས་གཉིས་སོ། །དེ་ལ་རྣམ་པར་རྟོག་པ་ཡང་རྣམ་པ་བཞི་སྟེ། རང་བཞིན་གྱི་རྣམ་པར་རྟོག་པ་འདོད་ཆགས་ལ་སོགས་པ་དང། གཉེན་པོའི་རྣམ་པར་རྟོག་པ་ཕ་རོལ་དུ་ཕྱིན་པ་ལ་སོགས་པ་དོན ་འགྲོའི་གཉེན་པོར་གྱུར་པ་དང། དེ་ཁོ་ནའི་རྣམ་པར་རྟོག་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་དང། ཐོབ་པའི་རྣམ་པར་རྟོག་པ་སྐུ་གསུམ་གྱིས་བསྡུས་པ་རྣམས་ཏེ། འདི་དག་ནི་འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པ་ཞེས་བྱ་བའི་གཟུངས ་ལས་ཁོང་དུ་ཆུད་པར་བྱའོ། །དེ་དག་འདིར་དང་པོ་མཐོང་བའི་ལམ་གྱི་དབང་དུ་བྱས་པའི་གཟུང་པའི་རྣམ་པར་རྟོག་པར་གཉི་ག་ཡང་གཉེན་པོ་ལ་རྣམ་བར་རྟོག་པ་དང། དེ་ཁོ་ནའི་རྣམ་པར་རྟོག་པ་དང། ཐོབ་པའི་རྣམ་པར་རྟོག་པ་རྣམས་སུ་ཅི་རིགས་སུ་སྦྱར་རོ། དེ ་ཉིད་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་ཀྱང་དེ་དང་འདྲ་བ་ཉིད་ལས་འཛིན་པའི་རྣམ་པར་རྟོག་པ་ཐ་མ་ནི་རང་བཞིན་གྱི་རྣམ་པར་རྟོག་པའི་རྒྱུ་ལ་བྱུང་བའི་གཉེན་པོའི་རྣམ་པར་རྟོག་པ་སྟེ། རང་བཞིན་གྱི་རྣམ་པར་རྟོག་པ་འདོད་པ ་ཆགས་ལ་སོགས་པ་ནི་ལམ་དྲུག་ཏུ་བསྐལ་པ་དུ་མ་ཞིག་ཏུ་ཟིལ་གྱིས་མནན་ཏེ། དེའི་ཕྱིར་མཐོང་བའི་ལམ་ལ་སོགས་པར་དེ་དག་རབ་ཏུ་སྲབ་པའི་ཕྱིར་ཅིག་ཏུ་འབད་པར་བྱ་བ་ཡིན་པས་ན་དེ་དག་ལ་སྨོས་སོ། །ཡང་སྒོམ་པའི་ལམ་གྱི་དབང་དུ་བྱས་པའི ་རྣམ་པར་རྟོག་པའི་རིགས་བཞི་ཡང་གཉེན་པོ་དང་དེ་ཁོ་ན་དང་ཐོབ་པའི་རྣམ་པར་རྟོག་པའི་དབང་དུ་བྱས་པར་ཅི་རིགས་སུ་སྦྱར་ཏེ། རང་བཞིན་གྱི་རྣམ་པར་རྟོག་པ་མ་ཡིན་པའི་རྒྱུ་མཚན་སྔ་མ་བཞིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་རྣམས་ལམ་གཉི ་གའི་སྦྱོར་བའི་གནས་སྐབས་ཉེར་བསྡོགས་ཀྱིས་སྟོང་བར་བྱེད་པ་ནི་དེ་དག་ནི་དེ་དག་རིགས་པས་ཤེས་པར་སླ་བའི་ཕྱིར་རོ། །འཛིན་པའི་རྣམ་པར་རྟོག་པ་རྣམ་ལམ་གཉིས་ཀས་འཇུག་པའི་གནས་སྐབས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་སྤོང་བ ་ནི་དེ་དག་ཕྲ་བའི་ཕྱིར་ཉེར་བསྡོགས་ཀྱིས་སྤོང་བར་མི་ནུས་པའི་ཕྱིར་ཏེ། སྦྱོར་བའི་གནས་སྐབས་ནི་མོས་པ་ཡིད་ལ་བྱེད་པ་ལྟ་བུའི་ཕྱིར། །དེ་ལ་དེ་དག་ཀྱང་གནས་སྐབས ་གཉིས་པོ་དེ་དེར་གཅིག་ནས་ཕྱེ་སྟེ་སྤོང་ངམ་འོན་ཏེ་བསྡོམས་ཏེ་སྤོང་ཞེ་ན། སྦྱོར་བའི་གནས་སྐབས་སུ་ནི་གཅིག་ནས་ཕྱེ་སྟེ་སྤོང་ལ། འཇུག་པའི་གནས་སྐབས་སུ་ནི་བསྡོམས་ཏེ་སྤོང་བར་བྱེད་དོ། །འདིར་སྤང་བར་བྱ་བའི་རྣམ་པར་རྟོག་པའི་རིགས་དེ་དག་སྔར ་མཉམ་པར་མ་བཞག་པ་ན་མངོན་པར་རྟོགས་པའི་དོན་བསྒོམ་པའི་རིམ་པས་ལེགས་པར་ཡིད་ལ་བྱས་ལ། དེ་ནས་སྙིང་པོའི་དོན་བསྒོམས་པ་ན་དེ་དག་རེ་རེ་ཡང་གཅིག་དད་དུ་མ་ལ་སོགས་པས་དབེན་ཞིང། ཇི་སྐད་བསྟན་པའི་བདག་དང་ཕུང་པོ་ནས ་བརྩམས་ཏེ་ཡང་དག་པའི་ཡེ་ཤེས་ཀྱི་བར་དུ་ཡང་དག་བར་མ་གྲུབ་པར་བསྒོམ་པས་རིམ་གྱིས་སྤོང་བ་དང། ཇི་ལྟར་ཡིད་ལ་བྱས་པའི་རྣམ་པར་རྟོག་པ་རྣམས་ལྕུག་མ་བཀྲམ་པ་གཏུབས་པའི་དཔེས་དུས་གཅིག་ཏུ་བསྒོམ་པས་གཞོམ་པར་བྱའོ། ་དེ་བཞིན་དུ་ཁམས་ན་རྣམ་པར་རྟོག་པ་སུམ་ཅུ་རྩ་དྲུག་རྩ་དྲུག་ཡོད་པ་ནི་དེ་དག་ཏུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་བདེན་པ་མ་མཐོང་བ་རྣམས་དང། བདེན་པ་མཐོང་བའི་ཡང་སྙོམས་པར་འཇུག་པ་རྒྱུའི་སྒོ་ནས་དེ་དག་ལ་དེ་ལྟར་ལྡན་པར་བསྟན་པས། ་ཚུལ་སྔ་མ་ཁམས་དེ་དང་དེར་དེ་དག་རང་རང་གི་ཁམས་ཀྱི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་དང། ཁམས་གཅིག་པོ་གང་ཡང་རུང་བ་དག་ཏུ་ལམ་བསྒོམ་པས་ཀྱང་རིམ་གྱིས་སམ། སྡོམ་པའི་ཚུལ་གྱིས་སྙིང་པོའི་དོན་བསྒོམ་པ་ཁོ་ནས་དེ་དག་སྤོང་བར ་བྱེད་པར་ཤེས་པར་བྱའོ། །དེའི་ཕྱིར་ན་མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པའི་དུས་སུ་ནི་རྒྱལ་པོའི་ལྟ་བ་པོས་ཉེས་པ་བྱེད་པ་རྣམས་ངེས་པར་གཟུང་བ་ལྟ་བུ་ཡིན་ནོ། །སྙིང་པོའི་དོན་གྱི་ཉེར་བསྡོགས་ཀྱི་དུས་སུ་ནི་ཉེས་པ་བྱས་པའི་མི་རྣམས་གཤེད་མའི་ལག ་ཏུ་ཁྲིད་པ་ལྟ་བུ་ཡིན་ནོ། །དེའི་འཇུག་ལ་སོགས་པའི་གནས་སྐབས་ན་ནི་དེ་དག་ལ་ཡན་ལག་བཅད་པ་དང། མིག་དགག་པ་ལ་སོགས་པ་ལྟ་བུ་ཡིན་ནོ། །སྙིང་པོའི་སྒོམ་པའི་རབ་ཀྱི་མཛའ་བར་ཆད་མེད་པའི་ལམ་ལ་ནི་དེ་དག་མགོ་བཅད་པ་ལྟ་བུ་ཡིན་ནོ། །སངས ་རྒྱས་ཀྱི་ཀུན་ཏུ་བཟང་པོ་ལ་ནི་སླར་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ལྟ་བུའོ། །འདི་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱི་བསྡུས་པའི་དོན་གཅིག་ཅར་བསྟན་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་མཐོང་བའི་ལམ་ཡིན་ཏེ་ཞེས ་བྱ་བ་ནི་དྲོད་ལ་སོགས་པ་བཞི་ཅར་དུ་ཕྱི་རོལ་གྱི་སྤོང་བ་ལ་རབ་ཏུ་གོམས་པར་བྱས་ནས། དེའི་འོག་ཏུ་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་ལམ་དུ་དུས་ཅི་རིགས་པར་དབང་པོ་ལ་སོགས་རྗེས་སུ་མཐུན་པར་འཛིན་པ་རང་བཞིན་མེད་པར་གོམས་བར་བྱས་ཏེ་དེ་ལྟར ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རབ་ཏུ་ཉམས་སྨད་པས་སྐྱེས་བུ་ལུས་བཀྲུ་སྨན་གྱིས་སྦྱངས་པ་ལྟར་བྱས་ནས་མཐོང་བའི་ཡེ་ཤེས་རྣམ་པར་དག་པ་སྨན་བཅུད་ཀྱིས་ལེན་ལྟ་བུ་རྒྱུད་ལ་སྐྱེད་ཅེས་བྱ་བའི་དོན་ཏོ། །དེ་ལ་ཞེས ་བྱ་བ་ནི་མཐོང་བའི་ལམ་དེ་ལའོ། །འདིར་ཁ་ཅིག་ན་རེ་མཐོང་བའི་ལམ་ནི་སྐད་ཅིག་མ་གཅིག་ཁོ་ནའི་བདག་ཉིད་ཡིན་པས་ན་གཅིག་གིས་ཚིག་ཅན་དུ་མཛད་དོ་ཞེས་ཟེར་ཏེ། གལ་ཏེ་སྐད་ཅིག་མ་གཅིག་ཡིན་ན་ཇི་ལྟར་གཉེན་པོ་རྣམ་པ་བཞི་ཡོད་ཞེ་ན་མི་མཐུན་པའི ་ཕྱོགས་རྣམ་པ་བཞི་ཡོད་པ་ལ་བརྟེན་པར་བདེ་གང་དག་རྣམ་པར་རྟོག་པ་མེད་པ་དེ་དག་ནི་སྐད་ཅིག་མར་ངེས་ཏེ་མངོན་སུམ་གྱི་ཚད་མ་བཞིན་ནོ། །གལ་ཏེ་སྐད་ཅིག་མ་གཉིས་པ་ལ་སོགས་པར་གྱུར་པ་ནི་ངེས་པར་རྟོག་པ་དང་བཅས་པར་འགྱུར་རོ་ཞེས ་ཟེར་རོ། །འདི་ནི་ཕྱིན་ཅི་ལོག་ཏུ་སྨྲས་པ་སྟེ་ཆོས་ཀྱི་དབྱིངས་རྟོག་པའི་རྒྱུ་ལས་ནི་བསྐལ་པ་དུ་མ་ཞིག་ཏུ་ཡང་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དང། མཐོང་བའི་ལམ་དེ་ཡང་ཐོབ་པར་བྱེད་པ་ངེས་བསྡུས་པའི་ཉེར་བསྡོགས་དང་དངོས་དང་དེའི་རྗེས་ལས ་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པས་ཅིག་ཅར་དུ་ཞིང་བརྒྱ་སྦྱོང་ཞིང་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་ལ་སོགས་པ་ལས་མང་དུ་ཡོད་པས་ན་སྐད་ཅིག་མ་གཅིག་ཏུ་ག་ལ་ཞིག་ཏུ་འགྱུར་དེ་ཉིད་ཀྱི་ཕྱིར་ཁ་ཅིག་གིས་རྣམ་པར་རྟོག་པ ་བརྒྱ་རྩ་བརྒྱད་སྤང་པའི་ཕྱིར་མཐོང་བའི་ལམ་ཡུམ་འདིའི་སྙིང་པོ་ལ་ལན་བརྒྱ་རྩ་བརྒྱད་དུ་ཡང་སྙོམས་པར་འཇུག་པའོ་ཞེས་ཀྱང་བསྟན་ཏོ། །བརྡ་སྤྲོད་པའི་རིགས་པ་རྣམས་ནི་དོན་གྱིས་ཤུགས་ཀྱིས་ཁ་ཅིག་ཏུ་མ་ངེས་པར་འགྱུར་ཏེ་དྲུག་པ་འདི ་ནི་བཞི་པར་སྦྱར་རོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ལྟ་བུའོ། །དེ་ལྟར་ན་མཐོང་བའི་ལམ་དེ་ལ་དུས་ཇི་སྙེད་ཅིག་ཐོགས་ཞེ་ན། འདི་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་དང་བརྩོན་འགྲུས་དང་དད་པ་རྗེས་སུ་འབྲང་བས་ན་གཅིག་ཏུ་འཆད་པ་ཅི་ཡང་མེད་དེ། དེ ་བཞིན་དུ་སྤྱིའི་དུས་བསྐལ་པ་གྲངས་མེད་པ་གསུམ་ཞེས་བྱ་བ་ལ་སོགས་པའི་དུས་ཀྱང་ངེས་པར་ནི་ནམ་ཡང་མི་འགྱུར་རོ། །གཉེན་པོ་རྣམ་པ་བཞི་ནི་དེ་དང་དེ་སྤོང་བའི་གཉེན་པོ་ཞེས་བཟློག་པས་གདགས་སོ། །གཟུང་བའི་རྣམ་པར་རྟོག་པ་ཞེས་བྱ་བའི་སྒྲ་ནི་ཡུལ ་འདོགས་པར་སྲིད་པ་དགག་པར་བཟུང་བར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་པར་ཞེས་འཆང་ངོ། །ཉོན་མོངས་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པར་ཅིག་མོང་ཇི་ལྟར་དགུ་ཡིན་མཉམ་པ་ལ། ཡུལ་གྱི་དབྱེ་བས་ཞེས ་བྱ་བ་སྨོས་ཏེ་ལྔ་པ་འདི་ནི་རྒྱུ་མཚན་དུ་སྦྱར་བའོ། །དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ཞེས་བྱ་བ་ལ། དངོས་པོ་ནི་མིང་ཅན་ཏེ་ཇི་ལྟར་རྟོགས་པར་བྱེད་པའི་ཡུལ་ལོ། །མ་འབྲེལ་བ་ནི་གལ་ཏེ་དངོས་པོ་དེ་དག་བརྟགས་པ་ལྟར་ཡོད་ན་དེའི་ཚེ་འབྲེལ་པར་ཡང་འགྱུར་བ ་ལྟ་ཞིག་ན། དེ་དག་མེད་པའི་ཕྱིར་མ་འབྲེལ་ཏེ་ངེས་ན་མ་འབྲེལ་ཅེས་བྱ་བ་འདིས་ནི་རྣམ་པར་རྟོག་པ་བཞི་མེད་པ་ཙམ་ཞིག་ཏུ་ཟད་ཅེས་སྟོན་པའོ། །འཇུག་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྐྱེས་བུ་འགའ་ཞིག་དྷ་དུར?་ཟོས་པའི་རྒྱུས་ནམ་མཁའ་ལ་གསེར་གྱིས་ཁབ་ལེན་པའི་ཕྱིར་འཇུག ་པ་ལྟ་བུར་གཞི་མེད་པར་འཇུག་པ་སྟེ། དེའི་ཕྱིར་བར་ཆད་མེད་པའི་ལམ་གྱི་དབང་དུ་བྱས་ཏེ་ཕྱིན་ཅི་ལོག་བཞི་མེད་པ་སྤང་བའི་ཡེ་ཤེས་ཞེས་བསྟན་ཏོ། །སོ་སོའི་སྐྱེ་བོ་ཡུལ་དུ་བྱས་ཏེ་དེ་སྐྱེས་བུ་རྫས་སུ་ཡོད་པར་འཛིན་པ་དང། འཕགས་པའི་གང་ཟག་ཡུལ་དུ་བྱས་ཏེ ་དེ་ལ་བཏགས་པར་ཡོད་པར་འཛིན་པ་ཞེས་གཟུང་བ་དང། འཛིན་པར་སྦྱར་རོ། །དེ་ལ་སོ་སོའི་སྐྱེ་བོ་དེ་དག་ནི་སྐྱེས་བུ་ཞེས་བྱ་སྟེ་འཇིག་རྟེན་ལ་གྲགས་པའི་རྗེས་སུ་བྲང་བའོ། །དེ་དག་རྫས་སུ་ཡོད་པ་ནི་ཡང་དག་པའི་ཀུན་རྫོབ་དོན་བྱ་བ་ལ་མཐུ་དང་ལྡན་པ་ཟླ་བ་གཉིས་པ་ལ་སོགས ་པ་ལྟ་བུ་མ་ཡིན་ནོ། །འཛིན་ལ་ནི་འདི་ནི་བདེན་དེ་མངོན་སུམ་དུ་གྱུར་པའི་ཕྱིར་དང། ལུང་ལས་ཀྱང་གྲོལ་ལམ་དང་རང་བཞིན་པདང་ཞེས་དབྱེ་བ་གསུངས་པའི་ཕྱིར་རོ་སྙམ་པའོ། །འཕགས་པའི་གང་ཟག་ནི་མྱ་ངན་ལས་འདས་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་བཏགས་པ ་ཙམ་སྟེ། ཇི་སྐད་དུ་དགེ་སློང་དག་ཆོས་ལྔ་པོ་འདི་དག་ནི་བཏགས་པ་ཙམ་སྟེ་ལྔ་གང་ཞེ་ན། འདས་པ་དང་མ་འོངས་པ་དང། མྱ་ངན་ལས་འདས་པ་དང། སོ་སོར་མ་བཏགས་པའི་འགོག་པ་དང། གང་ཟག་རྣམས་ཏེ་འདི་དག་ནི་མིང་ཙམ་མོ་ཞེས་གསུངས ་པ་རྣམས་སོ། །དེ་ལྟར་འཛིན་པ་ནི་བདེ་ནི་འདི་ན་ཏེ་འདི་ན་མིང་ཙམ་དུ་ཡོད་པར་གྲགས་པས་གྲུབ་ཅིང་མིང་ཙམ་པོ་དེ་མེད་ན་སུ་ཞིག་ལམ་ལ་ནན་ཏན་བྱེད་ཅེས་མིང་ཙམ་གྱི་ཞེན་པས་འཕགས་པའི་གང་ཟག་རྣམས་ཡོང་བར་རྗེས་སུ་དཔོག་པར་ཡང་བྱེད ་བའོ། །དེ་དག་ཇི་ལྟར་ན་མི་མཐུན་པའི་ཕྱོགས་ཡིན་པར་གྱུར་སྙམ་དུ་ཁ་ཅིག་རྟོག་པ་སྲིད་པ་ལ། གང་གི་ཚེ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་བཟུང་བའི་དོན་སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་དེ་དག་བློས་བཏགས་པ་དེ་བཞིན་དུ་གཟུང་བར་བྱ་སྟེ། ་ཡུལ་གྱི་ངོ་བོར་ཡོད་པ་མ་ཡིན་ཞེས་གཏན་ཚིགས་སུ་སྦྱར་ཏེ། དང་པོ་ཕྱག་འཚལ་བའི་དོན་དགྲོལ་བའི་སྐབས་སུ་གཅིག་དང་དུ་མ་ལ་སོགས་པའི་ཚང་མས་དངོས་པོ་རྣམས་མ་གྲུབ་པར་བསྟན་པའི་ཚུལ་གྱིས་སྙིང་པོའི་དོན་བསྒོམས་པས་འཁོར་བ་དང ་མྱ་ངན་ལས་འདས་པ་གཉི་ག་སྒྱུ་མ་ཙམ་དུ་ཡང་མ་གྲུབ་པས་ན་དེ་དག་ལ་འཛིན་པའི་རྣམ་པར་རྟོག་པ་ཡུལ་ཅན་རྣམས་ལྟ་ག་ལ་ཞིག་འགྲུབ་དགོངས་པའོ། །ཁ་ཅིག་འདིར་གལ་ཏེ་གཟུང་དོན་རང་བཞིན་མེད། དེ་དག་གང་གིས་འཛིན་པར་འདོད། །དེ ་ལྟར་དེ་དག་འཛིན་པ་ཡི། །ངོ་བོ་ས་སྟོང་པའི་མཚན་ཉིད་དོ། །ཞེས་བྱ་བའི་ཚིག་འདིས་གཟུང་བའི་རྣམ་པར་རྟོག་པ་བཅོ་བརྒྱད་ནི་ཡུམ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་བཅོ་བརྒྱད་ནི་ཡུལ་ཅན་ཡིན་ནོ་ཞེས་རྣམ་པར་རྟོག་པའི་རིགས་གཉིས་ཡུལ ་དང་ཡུལ་ཅན་དུ་སྦྱོར་བ་དེ་དག་གིས་ནི་ཅུང་ཟད་ཀྱང་ཁོང་དུ་མ་ཆུད་དེ། དེ་དགག་པའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་གཟུང་བར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་པ་ཞེས་སྔར་སྨོས་པ་མཛད་པའོ། །གལ་ཏེ་འཕགས་པའི་གང་ཟག་བཏགས་པར ་ཡོད་པ་ཙམ་དུ་རྟོག་པ་ཡང་སྐྱོན་ཡིན་ན། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །གང་མྱ་ངན་ལས་འདས་པ་ལས་ཆེས་མཆོག་ཏུ་གྱུར་པའི་ཆོས་འགའ་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ནི ་མཉམ་པར་མ་བཞག་པའི་ཤེས་པ་མངོན་པར་ཞེན་པ་རབ་ཏུ་སྲབ་པའི་དབང་དུ་བྱས་པ་སྟེ། མཉམ་པར་བཞག་པའི་ཚེ་ནི་སྒྱུ་མ་ཙམ་དུ་ཡང་རྟོག་པ་དགག་པར་བྱ་བའི་ཕྱིར་ཏེ། གང་ལ་སེམས་སྒྱུ་མ་ཡང་མང་ན་ཡི་གེ་རྣམས་ལ་སྨོས་ཀྱང་ཅི་དགོས་ཞེས ་བྱ་བ་ལ་སོགས་པ་གསུངས་པས་སོ། །ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་དབང་ལྟར་བཞི་རེ་རེ་ལ་བརྟེན་པའི་རྣམ་པར་རྟོག་པ་རྣམས་འབྱུང་བ་བསྟན་ཏེ་གོ་སླའོ། །རྒྱུ་གང་ཡིན་པ་དེ་དག་ཞེས་བྱ་བྱ་བ་ལ་རྒྱུ་དང་པོ་ནི་འགྲོ་བ་རྣམས ་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་མཐོང་བའི་ལམ་ལ་སོགས་པ་ལ་སྦྱོར་བའོ། །གཉིས་པ་ནི་མཐོང་བའི་ལམ་སྐྱེས་པ་དེ་དག་སྒོམ་པའི་ལམ་གྱིས་འཕེལ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའོ། །གསུམ་པ་ནི་ངེས་པར་བྱང་ཆུབ་བར་འགྱུར་ཞིང ་དེ་ནས་འགྲོ་བ་རབ་ཏུ་མང་པོ་གང་ཡང་བྱང་ཆུབ་བྱེད་པའི་རྒྱུར་རྒྱལ་བའི་ཡུམ་གྱི་དོན་བསྒོམས་པའོ། །བར་ཆད་མེད་པའི་རྒྱུ་ནི་སངས་རྒྱས་ཉིད་ཀྱི་དངོས་ཀྱི་རྒྱུ་སྟེ་དེ་ཡིད་ལ་བྱས་པའི་བདག་གཅིག་བུ་བྱང་ཆུབ་ཐོབ་པར་མ་ཟད་ཀྱི་རང་བས་ཆེས་མང་བའི ་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཐོབ་པར་བྱེད་བར་འགྱུར་ཞེས་སྦྱར་རོ། །བྱང་ཆུབ་ཆེན་པོ་ནི་མཐོང་བའི་ལམ་གྱིས་རྒྱུ་མཚན་དུ་བསྟན་པ་ནི་རྒྱའི་གཙོ་བོ་སྟེ། སྒོམ་པའི་ལམ་ཡང་དེ་ངེས་པར་བྱས་ལ་དྲོད་ལ་སོགས་པ་ཡང་དེའི་ཆེད་ཙམ་དུ་བྱུང་བས་སོ། །སྒྱུ ་དང་འབྲས་བུ་དག་དོན་དམ་པར་ཡོད་པར་འཐད་པའི་དངོས་པོ་མེད་དེ། ཚད་མ་ལ་སོགས་པས་མ་གྲུབ་པའི་ཕྱིར་ཞེས་སྦྱར་ཏེ། སོགས་པ་ཞེས་པས་ནི་ངེས་པའི་དོན་དང་ལྡན་པའི་ལུང་བསྡུ་བར་བྱའོ། །གཞན་དག་ནི་ཚད་མ་ཞེས་བྱ་བ་ནི་འཐད་པ་སྒྲུབ་པའི ་རིགས་པ་ཡིན་ལ། སོགས་པ་ཞེས་པས་ནི་རིགས་པ་ལྷག་མ་གསུམ་དང་ལུང་བཟུང་ངོ་ཞེས་འདོད་དོ། །ཆོས་ཀྱི་སྐུ་ལ་སོགས་པ་ཞེས་བྱ་བས་ནི་སྐུ་བཞི་ཅར་བཟུང་སྟེ། དེ་དག་ནི་མ་ལུས་པར་ཡང་འཁྲུལ་པའི་དྲི་མ་དང་བྲལ་བའི ་ཕྱིར་ཇི་ལྟ་བ་བཞིན་གྱི་བདག་ཉིད་དོ། །ནི་ཞེས་གང་གི་ཕྱིར་ཞེས་བྱ་བ་འམ་དེ་ཁོ་ན་ཞེས་བྱ་བའི་ཚིག་ཏུ་སྟོན་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཞེས་བྱ་བ་འདི་ནི་སྔར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྣམས་ནམ་མཁའ་བཞིན་དུ་སྐྱེ་བ་དང་འགག ་པ་མེད་པའི་ཕྱིར་རམ་ཞེས་བྱ་བ་ལ་ཆོས་ཉིད་ཀྱི་རིག་པ་འདི་ཁོ་ནའི་དབང་གིས་ཞེས་སྟོན་པ་སྟེ། ཆོས་ཀྱི་དབྱིངས་ལ་ཟད་པ་དང་སྐྱེ་བ་མེད་པའི་ཕྱིར་ཁྱེད་ཀྱི་ལྟ་བ་འདི་མི་འཐད་དོ་ཞེས་སྟོན་པའོ། །གཅིག་དང་དུ་མའི་ངོ་བོ་ཉིད་ཞེས་བྱ་བ་ལ་སོགས་པ ་འཐད་པ་སྒྲུབ་པའི་རིགས་པ་དེ་ལྟ་ཡིན་པ་གང་ཡིན་པ་དེའི་ཕྱིར་ཞེས་བརྗོད་པའི་ཚེ་ནི་རིགས་པ་འདིས་ཁྱེད་ལ་གནོད་པར་འགྱུར་བ་དེའི་ཕྱིར་ཞེས་བྱ་སྟེ། ཁ་ཅིག་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚད་མས་ཡིན་ལ། ་སོགས་པས་ཞེས་བྱ་བ་ནི་རྡོ་རྗེ་གཟིགས་མ་ལྟ་བུ་དང། མཛའ་བཞི་ལས་སྐྱེ་བ་དགག་པ་དག་བསྡུའོ་ཞེས་འདོད་དོ། །གང་དག་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་རྣམས་དང། རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ཏེ་དེ་དག་ནི་ཆོས་ཀྱི་དབྱིངས་ཀྱི ་རང་བཞིན་དུ་མ་གཏོགས་པས་ན་ཟད་པ་ལ་ཟད་དོ་མཉམ་པ་ལ་སོགས་པའི་ཤེས་པ་ངེས་པར་འབྱུང་བས་སོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ནི། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཞེས་བྱ་བས་དག་པའི་གཞི་ཡོངས ་སུ་གྲུབ་པ་དོན་དམ་པའི་དངོས་པོར་ཁས་ལེན་པའི་ཕྱིར་རོ། །ཁོ་བོ?་གར་བུམ་པ་ལ་ནི་དོན་དམ་པར་དངོས་པོ་ཡོད་པ་ནི་སྐྲའི་རྩེ་མོས་བསྟན་པར་བྱ་བ་ཙམ་ཡང་མ་མཐོང་བས་ན། ཡང་དག་པར་ཟད་པ་དང་མི་སྐྱེ་བ་ནི་འདི་ལ་རུང་ངོ་ཞེས་བྱ་བའི་དོན་ཏོ།། ་གོ་རིམ་བཞིན་དུ་ཞེས་བྱ་བས་ནི་སྐྱེས་པ་རྣམས་ནི་དེ་ཟད་པས་དེ་འགོག་པའི་ངོ་བོ་ཡིན་ལ་མ་སྐྱེས་པ་རྣམས་སླར་སྐྱེ་བའི་གགས་བྱེད་པའི་དབང་གིས་འགོག་པ་ཡིན་ཏེ་དེ་ལྟར་སྐྱེས་པ་དང་མ་སྐྱེས་པའི་མཚན་ཉིད་ལ་གནོད་པའི་འགོག་པ་དེ་དག་དང་བྲལ ་ཏེ། རྣམ་པར་རྟོག་པ་དེ་དག་མི་རྒྱུ་བ་ནི་ཁོ་བོ་ཅག་དབུ་མ་པའི་དོན་དམ་པར་བཞག་པ་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་ན། ཁྱེད་ནི་རྣམ་པར་རྟོག་པ་དེ་དག་དང་མ་བྲལ་བའི་ཕྱིར་ཁྱེད་ལ་དོན་དམ་པའི་བདེན་པ་རྟོགས་པའི་ལྟ་བ་མེད་ཅིང། དེ་མེད་པའི་རྒྱུས ་ན་ཁྱེད་ཀྱི་མཐོང་བའི་ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་དངོས་པོར་ལོག་པར་མངོན་པར་ཞེན་པ་དེ་སྟོབས་ཀྱིས་ཅི་ཞིག་ཟང་ཅིང་ཅི་ཞིག་སྐྱེ་ཞེས་སྦྱར་རོ། །དེའི་དབང་ལས་གཞན་གྱི་མར་འདོད་གང་ཡིན་པ། །དེ་ཉིད་གཞན་གྱི་ཆུང་མ་སྟེ། །ཁྱེད་ཀྱི ་དོན་དམ་གང་ཡིན་པ། །དེ་ནི་ཁོ་བོའི་ཀུན་རྫོབ་འདོད་ཅེས་བསྟན་ཏོ། །དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སྙིང་པའི་དོན་བསྒོམ་པའི་རིགས་པ་ཡིད་ལ་བྱ་བ་འདི་ནི་དབུ་མའི་བསྟན་བཅོས་ལས་གསལ་བས་བདག་གིས ་འདིར་མི་བསམ་མོ། །ནོར་བུ་དང་དངུལ་ཞེས་སྨོས་པ་ནི་ཡེ་ཤེས་དེའི་དམིགས་པ་བག?་ཅིང་ཡིད་དུ་འོང་པར་སྟོན་པའི་དཔེའོ། །སོགས་པ་ཞེས་དཔེ་དུ་མ་སྨོས་པ་ནི་ནོར་བུ་ལ་སོགས་པའི་དངོས་པོ་དུ་མ་ཞིག་སྐྱེས་བུ་མིག་དག་པས་དུས་ཅིག་ཁོ་ནར་མཐོང་ལ། ་དེ་དག་བླངས་པས་ཕམ་པར་བྱེད་པ་ལྟར་མཐོང་བའི་ལམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེའི་དམིགས་པའི་ཡུལ་དུ་ནི་ཀུན་རྫོབ་ཀྱི་དངོས་པོ་མ་ལུས་པ་ལག་འཐིལ་གྱི་ཤིང་ཐོག་ལྟར་གསལ་བོར་འགྱུར་ཏེ་དེ་དག་གིས་གནོད་པ་ཡང་མི་བྱེད་ཅིང ་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་ཕན་འདོགས་པར་བྱེད་ཅེས་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་རྒན་པོ་ཁ་ཅིག་གི་ཞལ་སྔ་ནས། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། གངས་རབ་ཏུ་དགའ་བ་མ་ཐོབ་པ་རྣམས་ཀྱི་གཟུང་བ་དང་འཛིན་པའི་བསྡུས་པ་རྣམས་སོ། ་དོན་དམ་པའི་བདེན་པ་གང་ཞེ་ན། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྣམ་པ་གཉིས་ཡུལ་དང་བཅས་པ་དག་གོ་ཞེས་བསྟན་ཏོ། །འཁྲུལ་བའི་མཚན་མ་མཛའ་དག་སྤངས་པ་ཞེས ་བྱ་བ་ལ་འཁྲུལ་བ་ནི་སྒྲོ་འདོགས་པ་དང། སྐུར་པ་འདེབས་པ་སྟེ། དེའི་མཚན་མ་ནི་བདེན་པར་འཛིན་པ་བརྗོད་དུ་མེད་པར་མ་ཤེས་པ་འཁྲུལ་བའི་རྒྱུར་གྱུར་པ་རྣམས་ཏེ་མཛའ་དག་ནི་རིགས་ཐམས་ཅད་དོ། །སྤངས་པ་ཞེས་པ་བ་ནི་རགས་པ་རྣམས་ཏེ། ཕྲ ་བ་མཛའ་དག་སྤངས་པ་ནི་སངས་རྒྱས་ཀྱི་ཀུན་ཏུ་འོད་གང་བ་ཡིན་པའོ། །ང་ནི་དཔེའི་སྒོ་ནས་བསྟན་པའི་ཕྱིར། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་ཞེས་བྱ་བ་ལ་སོགས་གསུངས་ཏེ། གང་ཞིག་རྒྱུ་དང་རྐྱེན་ཚོགས་པའི་མཐུའི་དབང་གིས ་རབ་ཏུ་གསལ་བར་ནི་སྣང་ལ། འོན་ཀྱང་དེ་ལ་རྟ་དང་གླང་པོ་ཆེ་དང་གྲུ་དང་ཁྱི་ལ་སོགས་པའི་དངོས་པོ་རྣམ་པར་སྨིན་པ་ལས་བྱུང་བ་མེད་པ་དེ་དག་ནི་སྒྱུ་མའོ། །དེ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ནི་བྱང་ཆུབ་སེམས་དཔའ་གང་གི་ཡེ་ཤེས་ཀྱི་དངོས་པོ་ཀུན ་རྫོབ་པ་རི་མོར་བྲིས་པ་ལྟ་བུ་འདི་དག་པདྨའི་འདབ་མ་ལྟར་ཡང་མ་འདྲེས་པར་མཐོང་ལ། དེས་དེ་ལྟར་མཐོང་བའི་ཚེ་ཉིད་ནི་ཡོད་པའོ་ཞེས་བྱ་བ་དང། མེད་པའོ་ཞེས་བྱ་བ་ལ་སོགས་པར་གང་དུ་ཡང་མི་འཛིན་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས ་ཉིད་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཛའ་དང་བྲལ་བ་རབ་ཏུ་ཟབ་པ་མི་རྟོག་པ་སྐྱེ་ལ། དེ་ཡང་དོན་དམ་པར་ནི་རང་བཞིན་མེད་པ་ཉིད་དོ། །དེ་བཞིན་ཉིད་ལ་བརྗོད་པར་མི་ནུས་པས་ན་སོ་སོ་རང་གི་རིག་པར་མི་ནུས་སོ། །མེད་པ་ཡང་མ་ཡིན་ལ་གཞན ་ལ་བརྗོད་པར་མི་ནུས་པའི་ཕྱིར་ཐ་སྙད་གདགས་པར་དཀའ་བས་ན། ཅི་ཞིག་ལྟར་ཡང་དག་པར་སྐྱེན་ཞེས་གསུངས་ཏེ། དེའི་ཕྱིར་སྐྱེས་བུ་མིག་བཙུམ་པས་གཟུགས་རྣམས་མི་མཐོང་བ་ལྟར་ཅི་ཡང་མཐོང་བ་མེད་པ་ནི་མཐོང་བའི་ལམ་མ་ཡིན་གྱི་སྣ་ཚོགས་མཐོང ་ཡང་སྒྲོ་འདོགས་པ་དང། སྐུར་བ་འདེབས་པ་མེད་པ་ནི་མཐོང་བའི་ལམ་སྟེ། འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་བྱ་བ་བར་ཆད་མེད་པའི་ལམ་དང་སངས་རྒྱས་ཀྱི་ས་དང་རབ་ཏུ་མཐུན་པར་སྐྱེས་པ་སྟེ། དེའི་ཕྱིར་མཐོང་བའི་ལམ་འདི་གཅིག་ཏུ་ཡང་བྱང་ཆུབ ་ཆེན་པོའི་རྒྱུར་གྱུར་པ་བསྔགས་པ་མཛད་དོ། །དེ་ནས་དེའི་འོག་ཏུ་ནི་མཐོང་བའི་ལམ་གྱི་རྒྱུན་དང། སྒོམ་པའི་ལམ་ལ་རེས་འགའ་ཨི་ཚེ་ནི་སྙིང་པོའི་དོན་བསྒོམ་པ་ན་བློ་དོན་དམ་པའི་བདེན་པ་ཁོ་ན་དང་མཐུན་པར་སྐྱེ་བས་སྣ་ཚོགས་འདི་དག་རྡུལ་ཕྲ ་རབ་ཙམ་ཡང་མི་སྣང་ལ། མེད་པ་ལ་སོགས་པ་ཡང་དེའི་ཚེ་མི་རྟོག་པར་འགྱུར་ཏེ། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་བསྐུལ་བ་ལས་སྟོན་པ་ལྟ་བུའོ། །རེས་འགའ་ཡང་དེའི་ཡེ་ཤེས་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་རང་བཞིན་གྱི་རྣམ་པར ་རྟོག་པས་བསྡུས་པ་མེད་ཀྱང་རང་གི་ངོ་བོའི་རྣམ་པར་རྟོག་པ་སྟུག་པོ་ལྡན་ཞིང་གཉེན་པོའི་རྣམ་པར་རྟོག་པ་ལ་སོགས་པ་མང་པོས་གླགས་པ་འབྱུང་བ་ནི་རེས་ཀྱི་ཚུལ་གྱིས་སོ། །དེ་ནས་ས་བརྒྱད་པ་ལ་ནི་སྣང་བ་མེད་པའོ། །དེ་ནས་གཞན་གཉིས་ལ་ནི ་སྣང་བ་དང་བཅས་པའོ། །དེ་ནས་བར་ཆད་མེད་པའི་ལམ་ནས་བརྩམས་ཏེ་དང་པོའི་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་སྐབས་བདུན་པ་ནས་བསྟན་པའི་ངོ་བོ་སྐྱེ་བ་དང་དེ་ལ་གནས་པར་འགྱུར་རོ། །དེ་ལྟར་ན་མདོ་ལས་ཅི་ཡང་མཐོང་བ་མེད་པ་ནི་དོན་དམ་པ ་མཐོང་བའོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་དང་བར་ཆད་མེད་པའི་ལམ་ལ་སོགས་པའི་དབང་དུ་བྱས་ཏེ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང་ལྡན་པ་ཅིར་ཡང་མི་མཐོང་བ་ནི་དོན་དམ་པ་མཐོང་བའོ་ཞེས་བྱ་བས ་མ་ཡིན་པར་དགག་པ་གཟུང་སྟེ། བྲམ་ཟེ་མ་མཐོང་ཞེས་བྱ་བས་རྒྱལ་པོ་ལ་སོགས་པ་མ་མཐོང་བ་ནི་མི་འགེགས་པ་བཞིན་ནོ། །འོན་ཀྱང་འདི་ནི་དོན་དམ་པའི་བདག་ཉིད་མཐོང་བ་ཞེས་བྱའོ། །ས་མི་གཡོ་བ་ལ་སོགས་པའི་དབང་དུ་བྱས་ཏེ་ནི་མེད་པར ་དགག་པ་ཁོ་ན་སྟེ། སྒྲ་ཇི་ལྟ་བ་བཞིན་དུ་དེ་ནི་མཐོང་བ་སྐྲའི་རྩེ་མོས་གཟུང་བར་བྱ་བ་ཙམ་ཡང་མེད་པའི་ཕྱིར་རོ། །རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་ཞེས་བྱ་བ་ནི་ཡེ་ཤེས་འདི་གཉིས་ཀས་སོ། །དེ་དག་ལ་ཅུང་ཟད་ཀྱང ་མི་བྱེད་དོ་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་ཕྱིར་ཏེ། ཤེས་པ་དང། ཤེས་བྱ་དོན་དམ་པར་རང་གྲུབ་པས་རི་མནདྷ་ར་སྐྱོད་ཅིང་བཅེས་པས་རི་འབིགས་བྱེད་ལ་ཅི་ཞིག་ཏུ་འགྱུར། ཁོ་བོ་ཅག་ནི་དོན་དམ་པར་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྡུས་པར་འདོད་པས་དེ ་རྟོགས་པའི་ཚེ་ན་གཅིག་གིས་ཐམས་ཅད་གཡོ་བ་ལ་སོགས་པར་འདོད་ལ་དེ་མ་རྟོགས་པའི་བར་དུ་ནི་ཇི་ཙམ་གྲགས་པ་ཙམ་ཞིག་ཁས་ལེན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པའི་ངོ་བོ་ཉིད་ལ་ཞེས་བྱ ་བས་ནི་སྣང་བ་མི་བསལ་ཞེས་སྟོན་ཏེ། ཇི་སྐད་དུ། དེ་ཕྱིར་རང་བཞིན་མེད་སྨྲ་ཡི། །སྣང་བ་བསལ་ཕྱིར་མ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །འོ་ན་སྣ་ཚོགས་འདི་ལྟ་བུར་དངོས་པོར་ལྟུང་བར་མི་འགྱུར་རམ་མཉམ་པ་ལ། འདི་ཉིད་ལ་རང་བཞིན་མེད་པ་ལ་སོགས་པའི ་ངོ་བོར་བརྟག་པར་བྱ་སྟེ་ཞེས་གསུངས་ཏེ། འདི་ནི་མདོ་ལས་པི་ཝང་གི་སྒྲ་འཚོལ་བའི་དཔེ་ཡིས་བསྟན་ཏེ། གལ་ཏེ་པི་ཝང་རྒྱུད་སྒྲེང་བ་ལ་སོགས་པའི་འབད་པ་མེད་པར་ཡང་སྒྲ་མི་འབྱུང་ལ། པི་ཝང་གི་སྤུབས་ལ་སོགས་པ་བཤིག་པ་ལས ་ཀྱང་སྒྲའི་དངོས་པོ་མ་རྙེད་ཀྱི་སླར་རྒྱུན་ཆད་པར་འགྱུར་རོ། །དེ་བཞིན་དུ་སྲིད་པ་དང་ཞི་བ་གང་དུ་ཡང་མ་ལྷུང་བ་དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་ཟབ་པ་དེ་ནི་གཟུགས་ལ་སོགས་པའི་དེ་ཁོ་ན་ཡང་མ་ཡིན་ལ། འདི་དག་སྤངས་ཏེ་སྣང་བ་མེད་པར ་འགྱུར་བ་མང་ཞི་བའི་དབྱིངས་ཙམ་ཞིག་ཡིན་པས་རབ་ཏུ་སྤངས་པས། དེའི་ཕྱིར་འདི་དག་གི་རང་བཞིན་འདི་དག་གཞན་ཉིད་དང་འདི་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཙམ་ཞིག་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བར་གནས་སོ། །དེ་ལྟར་ན་སྒྱུ་མེའི་གླང་པོ་སྒྱུ་མའི ་གླང་པོ་གཞན་ཞིག་ཕམ་པར་བྱས་པ་ལྟ་བུར་ཕྱིན་ཅི་ལོག་ལྡོག་པས་དེ་ཁོ་ན་ཉིད་མཐོང་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་སྨོས་ཏེ། དོན་འདི་ནི་བཅོམ་ལྡན་འདས་བྱམས་པའི་ཞལ་སྔ་ནས་ཀྱང་མདོ་སྡེ་རྒྱན་ལས། སྒྱུ་མའི་རྒྱལ་པོས་སྒྱུ་མ་ཡི། །རྒྱལ་པོ ་གཞན་ཞིག་ཕམ་པ་ལྟར། །གང་དག་གིས་ནི་ཆོས་མཐོང་བ། །རྒྱལ་སྲས་གང་དག་ང་རྒྱལ་མེད་ཅེས་གསུངས་སོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ངེས་པར་བཟུང་བ་སྟེ། སྐད་ཅིག་མ་དེ་ཤེས་ཆེར་གྱུར་པ་ཞེས ་བྱའོ། །རྣམ་པ་སུམ་ཅུ་རྩ་དྲུག་ཅ་ནི་རྟོག་པ་དེ་སྙེད་ཅིག་གི་གཉེན་པོར་གྱུར་པས་སོ། །སྐྱེས་པ་ནི་བློ་དེ་ལྟར་བྱུང་བའི་བདག་ཉིད་དོ། །རྩེ་མོའི་མངོན་པར་རྟོག་པ་འདིར་ཞེས་བྱ་བ་ནི་སྐབས་དང་པོ་རྣམས་ཀྱི་མཐོང་བའི་ལམ་གྱིས་ནི་འདི་ལྟར་རྣམ་པར་རྟོག ་པ་དེ་སྙེད་དེ་བདེ་བླག་ཏུ་སྤོང་བར་ནུས་པ་མ་ཡིན་ལ་སྐབས་འོག་མ་དག་ཏུ་ནི་དེ་དག་སྤང་པ་ལ་གཅིག་ཏུ་འབད་པར་བྱ་མི་དགོས་པས་ན་འདིར་དེ་དག་སྤོང་བར་བྱེད་དོ། །བག་ཆགས་ཀྱི་ཉོན་མོངས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་དག་གི་རྒྱུ་སྟེ། ཁ་ཅིག་ཏུ་ནི ་སྔོན་དུ་རྒྱུ་བཅོམ་པས་བག་ལ་ཉལ་བཅོམ་པར་འགྱུར་ཏེ། དཔེར་ན་ཤིང་ཏཱ་ལའི་རྩེ་མོ་བཅད་པའི་མཐུ་རྩ་བའི་ཆ་མྱུར་དུ་སྐམ་པ་ལྟ་བུའོ། །འདིར་ཡང་རྣམ་པར་རྟོག་པ་ཙམ་ཡིན་གྱི་དངོས་པོ་དང་མ་འབྲེལ་བ་ཡིན་ཏེ། གང་དུ་བུད་མེད་ལ་སོགས ་པ་དང་འབྲེལ་བ་རང་བཞིན་གྱི་རྣམ་པར་རྟོག་པ་ཕལ་ཆེར་བ་ལ་ཉལ་བ་མ་བཅོམ་ན་མངོན་དུ་རྒྱུ་འབྱུང་བ་ནི་རྒྱ་མཚོའི་བྱ་གནམ་ལ་ཕུར་བའི་གྲིབ་མའི་རྫས་སུ་འབྲང་བའི་ཚུལ་དང། ཤིང་ནྱ་དྷའི་རྩ་བ་ལས་ཆེར་འཕེལ་བ་ལྟ་བུའོ། །རྟེན་ཅིང་འབྲེལ ་པར་འབྱུང་བ་མི་གཟུགས་ལ་སོགས་པ་སྒྱུ་མ་ཙམ་དུ་གྱུར་པ་རྣམས་ཏེ། དེ་དག་གི་ཆོས་ཉིད་ནི་སྤྲོས་པ་དང་བྲལ་བའོ། །དེ་ན་དམིགས་པས་ན་ཞེས་བྱ་བ་ནི་དེ་ལ་གོམས་པར་བྱས་པའི་ཕྱིར་རོ། །ཏིང་ངེ་འཛིན་སེངྒེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་ནི་བྱང ་ཆུབ་ཀྱི་སེམས་དང་པོའི་མཚན་ཉིད་སྔར་ཇི་སྐད་བསྟན་པ་དེ་ལ་ཡང་སྙོམས་པ་ཞུགས་ནས་དེའི་འོག་ཏུ་དུས་ཕྱོགས་ཏེ་རྒྱུན་གྱིས་བསྡུས་པའི་མཐོང་བའི་ལམ་མཉམ་པར་མ་བཞག་པའི་དུས་ནའོ། །དེ་ལྟར་ན་སྣང་བ་དང་བཅས་པའི ་ཡེ་ཤེས་དང་སྣང་བ་མེད་པ་དང་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་གསུམ་པོ་དེ་དག་ནི་མཐོང་བའི་ལམ་སྟེ། དང་པོ་ནི་སངས་རྒྱས་ཀྱི་སའི་རྒྱུ་མཐུན་པའོ། །གཉིས་པ་ནི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའོ། །ཡང་སྣང་བ་དང་བཅས ་པས་ནི་ཞི་བའི་དབྱིངས་སུ་མི་ལྟུང་བར་བྱེད་པའོ། །རྣམ་པར་རྟོག་པ་དང་བཅས་པ་ནི་དངོས་པོ་ཀུན་རྫོབ་བའི་རང་བཞིན་ཀུན་རྫོབ་པ་ལ་གོམ་པར་བྱེད་པའོ། །དེ་ལྟར་མཐོང་བའི་ལམ་རྣམ་པར་རྟོག་པ་དང་བཅས་མོད་ཀྱི་དུས་རིང་ཞིག་ཏུ་དངོས་པོ་རྣམས ་རང་བཞིན་མེད་པར་མོས་པར་བྱས་པའི་དབང་གིས་འདི་ལ་བློ་བྱང་བའི་སྐྱེས་བུས་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་བརྙན་མཐོང་བ་ལྟར་མངོན་པར་ཞེན་པ་ཤིན་ཏུ་སྲབ་པས་ཁ་ཅིག་གིས་ནི་དོན་དམ་པའི་བདེན་པར་བཞག་ཅིང་ས་དེ་དག་ཏུ་ཉོན ་མོངས་པ་ཡང་མི་རྒྱུ་བ་ཉིད་དོ། །རྟེན་བསྒོམ་པའི་ལམ་ཞེས་བྱ་བ་ལ། འདི་བརྟན་ཡང་ཡིན་ལ་སྒོམ་པའི་ལམ་ཡང་ཡིན་པས་ན་རྟེན་བསྒོམ་པའི་ལམ་སྟེ་གཞི་མཐུན་པའི་བསྡུ་བའོ། །དེ་ལ་དེ་གང་གི་རྟེན་ཡིན་ཞེ་ན། ཡོན་ཏན་མ་ལུས་པ་རང་ལས་ཐ་མི ་དད་པ་རྣམས་ཀྱི་རྟེན་ཏེ་འཆད་པར་འགྱུར་བ་ལས། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིངས་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་བསྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྦ ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་སྟན་པར་བྱེད། །ཅེས་སྟན་པར་བྱེད་དོ། །གཞན་ཡང་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤོང་བར་བྱེད་པ་ནི་སྔར་ལམ་ཐམས་ཅད་མཁྱེན་པའི་སྐབས་སུ་སྒོམ་པའི་ལམ་རྣམ་པ་གཉིས་བསྟན་པ་ལ་ཟག་པ་མེད ་པའི་སྒོམ་པའི་ལམ་དང་པོར་མངོན་པར་བསྒྲུབ་པའི་མཚན་ཉིད་ཀྱི་བྱེད་པ་ཡིན་ལ་དེ་ཡང་སྣང་བ་མེད་པའི་ཡེ་ཤེས་ཡིན་ནོ། །དེའི་རྟེན་ནི་རྣམ་པར་རྟོག་པ་དང་བཅས་པའི་སྒོམ་པའི་ལམ་ཐོད་རྒལ་གྱི་སྙོམས་པར་འཇུག་པ་འདི་ཡིན་པས་རྟེན་སྒྲུབ་པ་སྔོན་དུ ་འགྲོ་བ་ཡིན་པ་གོ་སླ་བས་ཞེས་སྨོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ནི་སྒོམ་ལམ་ལ་གནས་པ་རྣམས་སོ། །ནི་ཞེས་བྱ་བ་ནི་དམིགས་ཀྱིས་བཟུང་བ་སྟེ་དེའི་ཕྱིར་ཉན་ཐོས་རྣམས་ལ་ནི་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ཡོད་ཀྱང། ཐབས་དང ་ཤེས་རབ་ཆེན་པོས་བྱིན་གྱིས་མ་བརླབས་པས་ན་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤོང་བ་ལ་སོགས་པའི་ཡོན་ཏན་ཆེན་པོ་ཉིད་མེད་དོ་ཞེས་སྟོན་པོའོ། །འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་རིག་པ་དང་ཐ་བ་ངན་པ་དང་རྩིག་པ་སྟུག་པོ་ལ་སོགས ་པའི་རྣམ་པར་སྒྱུ་མ་ཙམ་དུ་ལྟ་བ་འམ། ཡང་ན་སེམས་ཅན་དམྱལ་བ་ལ་སོགས་པ་ཇི་ལྟར་གནས་པ་རྣམས་སྒྱུ་མ་ཙམ་དུ་དྲན་པའོ། །དབྱུང་བ་ལ་ནི་འདས་པ་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་དམིགས་པ་དང་རྣམ་པ་བསྟན་པའི་ལུགས་སོ། །ཡང་དག ་པར་སྐྱེ་བའི་རྒྱུ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང། །དེའི་རྒྱུ་ནི་ཡོངས་གཏོད་དང། དེ་འཐོབ་པར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ་ཞེས་བསྟན་པ་རྣམས་སོ། །མ་འོངས་པ་ནི་ཉེ་བར་གྱུར་པ་བར་ཆད་མེད་པ་ཏིང་ངེ་འཛིན་ཏེ་དེ་མེད་པ་ནི་དེ་བསྐྱེད་པར ་ནུས་པའི་སྒོམ་པའི་ལམ་མེད་པའོ། །ཉན་ཐོས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་དེའི་ཐེག་པ་ཡིད་ལ་བྱེད་པ་དང་ཞེས་བྱ་བ་ལ། ཉན་ཐོས་ཀྱི་རིགས་ཅན་ཞེས་བྱ་བ་ནི་རྐྱེན་འགའ་ཞིག་གིས་དེ་ལ་དགའ་བས་དེའི་ལམ་དུ་ཞུགས་པའི་ཡིན་གྱི་རྣལ་འབྱོར་སྤྱོད་པ་པ ་རྣམས་སྨྲ་བ་ལྟར་དང་པོ་ནས་དེ་དག་གི་རིགས་ཅན་ཡིན་ཞེས་ནི་མི་བརྗོད་ཀྱི། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། ཇི་སྐད་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་དང་པོ་ལས་བྱང་ཆུབ་སེམས་དཔའ་ཀུན ་ཏུ་བཟང་པོ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་ལ། འཕགས་པ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་རྣམས་མ་ལུས་སངས་རྒྱས ་འགྱུར་ཞེས་གསུངས་སོ། །འོན་ཀྱང་འགའ་ཞིག་ལམ་དེར་ཞུགས་ན་དམན་པ་ལ་གོམས་པ་བསྒྲུབ་པར་སླ་བའི་ཕྱིར་ཕྱིས་དུས་རིང་དུ་ཡང་དེ་ལ་འདུན་པ་འབྱུང་སྟེ། དོན་འདི་ལས་དགོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས ་པའི་ཞལ་སྔ་ནས། ཉན་ཐོས་མ་ངེས་རྣམས་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང། །འདོད་ཆགས་བྲལ་མིན་འདི་དམན་པའོ། །འདི་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་འབྱུང་བའི་ཕྱིར ་བསམ་གྱིས་མི་ཁྱབ་སྒྱུར་བ་ཡེ། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་སྒྱུར་བར་བྱེད། །ཅིག་ཤོས་ཕྱིར་མི་འོང་བ་དང། །ལྡན་ཕྱིར་སྤྲུལ་པ་རབ་ཏུ་སྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང ་ལྡན་པས། །མྱ་ངན་འདས་ལ་མངོན་དགའ་ཨི་ཕྱིར། །རྟོག་པ་བུལ་བ་ཡིན་པར་འདོད། །དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར་ཞེས་གསུངས་ཏེ། ་འདིར་རྟོགས་པ་བུལ་བ་ཞེས་བྱ་བ་ཁུངས་ཉིད་དུ་འདོད་པར་བྱའི་མ་ལུས་པ་ནི་མ་ཡིན་ཏེ། དེ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་ངོར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མངོན་པ་ལས། །གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན ་གསུམ་ཡང། །སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཛའ་རྟེན་ཅིག་ལ་ཀུན་ཞེས་པ་ཡང་མི་འདོད་དོ། །འདིར་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་པ་རྣམས། ་ངལ་སོའི་དོན་ཏེ་དེ་ཉིད་མིན། །ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་དྲེགས་པས་མྱོས་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང། །བསོད ་ནམས་ཡེ་ཤེས་ཉེར་འཕེལ་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར་ཞེས་གསུངས་པའི་རྗེས་སུ་འབྲང་ཞིང་བྱང་ཆུབ་སེམས་དཔའ་ཨི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ལས་ཀྱང། བྱེ་བྲག་མེར་པ་ཁོ་ནར་ཉན་ཐོས་རྣམས་བསམ་གྱིས་མི་ཁྱབ་པའི་སྐྱེ་བ ་བསྒྱུར་བར་བསྟན་ཏོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པའི་བྱང་ཆུབ་པ་སྟེ། འདི་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དབང་དུ་བྱས་ཏེ་མངོན་པར ་ཤེས་པ་ལ་སོགས་པ་ལྔས་བསྟན་ནོ། །རིགས་ཀྱི་དབང་དུ་བྱས་ཏེ་ཤེས་རབ་དང་ཐབས་དང། སློབ་མ་རྣམས་དང་ཐུན་མོང་མ་ཡིན་པའི་ཆོས་དང། གཞན་གྱི་དོན་གྱི་གོ་རིམ་དག་གིས་བསྟན་ཏོ། །ཐེག་པ་གཞན་གྱིས་ངེས་པར་འབྱུང་བ་བས་མཆོག་ཏུ ་གྱུར་པའི་དབང་དུ་བྱས་ཏེ་ངེས་པར་འབྱུང་བའི་སྒྲུབ་པ་བརྒྱད་ཀྱིས་བསྟན་ཏོ། །སྒོམ་པའི་ལམ་གྱི་དབང་དུ་བྱས་དེ་ནི་རྣམ་པར་དག་པས་བསྟན་ཏོ། །རྣམ་པའི་དབང་དུ་བྱས་དེ་ནི་སྤོང་བའི་ལམ་དུ་བརྟགས་པ་བདེན་པ་བཞིས་བསྡུས་པ་ཉོན་མོངས ་པ་དང་མི་ལྡན་པའི་མཚན་ཉིད་གཞིར་བསྟན་ཏོ། །བསོད་ནམས་ཀྱི་ཚོགས་ཀྱི་ཚོགས་ཆེན་པོའི་དབང་དུ་བྱས་ཏེ་ནི་འདིར་བསྟན་ཏོ། །དམིགས་པ་དང། བདག་པོ་དང། རྣམ་པའི་དབང་དུ་བྱས་པ་དང། ལོག་པར་རྟོག་པ་རྣམས་ཀྱང་འདིར་བསྟན་ཏོ། །ས་མཚམས ་དང་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་ནི་སྐབས་བདུན་པར་སྟོན་པར་འགྱུར་རོ། །ཐུབ་བ་ཆེན་པོའི་ཕྲིན་ལས་ཀྱི་དབང་དུ་བྱས་ཏེ་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ལས། བྱང་ཆུབ་ཀྱི་ཡན་ལག་དང། ལས་ཆུང་མི་ཟ་བ་ལ་སོགས་པའི་རྣམ་པ་བརྒྱད་ཀྱིས་སྟོན་པར ་འགྱུར་ཏེ། འདི་དག་དང་གཞན་ཡང་ཡོན་ཏན་ལ་སོགས་པ་མཛའ་དག་གིས་འདིར་གཏན་ལ་དབབ་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་ལན་མང་ཞིག་སྨོས་པ་འདིའི་ཚད་ནི། གླིང་བཞི་པ ་དང་ཉི་ཟླ་དང། །རི་རབ་དང་ནི་འདོད་ལྷ་དང། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན་ཞེས ་ཇི་སྐད་བསྟན་པའོ། །ཡང་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་ཤེས་པར་འདོད་པ་དག་གིས་ནི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ལ་ནི་སྟོང་གསུམ་མོ། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་མཚམས་སྦྱོར་བའོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་རྒྱུད ་གཅིག་གོ། དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམ་གྱི་རྒྱུད་བར་མ་གཅིག་གོ་།དེ་བྱེ་བ་ཕྲག་བརྒྱ་ལ་ནི་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་གཅིག་སྟེ། འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་ཞིང་ཞེས་ཤེས་པར ་བྱ་ཞིང་དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་འཐིལ་གྱི་རྡུལ་ཕྲ་རབ་གཅིག་ལ་གནས་ཏེ། འདི་ལྟ་བུའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། ཞེས་ཤེས་པར་བྱའོ། །དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད ་དངོས་པོ་མེད་པར་དམིགས་པ་ཡིན་ནོ། ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་ངོ་བོ་ཉིད་དེ་ལ་དམིགས་པས་ན་ཞེ་ན། ཡོན་ཏན་མ་ལུས་པ་རང་ལས་ཐ་མི་དད་པ་རྣམས་ཀྱི་རྟེན་འཆད་པར་འགྱུར་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་སྐྱེ་བ་ཞེས་བྱ་བའི་དོན་ཏེ ་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་རི་བོང་གི་རྭ་ལ་སོགས་པ་ལྟར་མིང་ཙམ་ཞིག་ཡིན་པའི་ཕྱིར་ཤིན་ཏུ་མེད་པར་གྱུར་ན་ནི་དེའི་ཕྱིར་དེ་དམིགས་པའི་རྐྱེན་དུ་ཡང་ཇི་ལྟར་ཞིག་འགྱུར། ཤིན་ཏུ་མེད་པ་གང་ཡིན་པ་ནི་ནུས་པ་མ་ལུས་པ་དང ་བྲལ་བའི་ཕྱིར་དམིགས་པར་ག་ལ་ཞིག་བཞག་།གལ་ཏེ་འོ་ན་རང་བཞིན་གྱིས་འོད་གསལ་བར་གྱུར་བ་ཞིག་འདིའི་དམིགས་པར་རྣམ་པར་བཞག་ན། འོ་ན་དེ་ཉིད་དངོས་པོར་འགྱུར་བ་མ་ཡིན་མ། དེའི་ཚེ་ཇི་ལྟར་ན་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས ་པ་ཡིན་ཞེ་ན། བྱིས་པ་རྣམས་ལ་ཐ་སྙད་ཙམ་ཞིག་ཏུ་རང་བཞིན་གྱིས་གསལ་བ་ཞེས་བརྗོད་ཀྱི། རང་གི་རང་བཞིན་བརྗོད་པར་ནི་དེ་སུས་ཀྱང་ནམ་ཡང་མི་ནུས་ཤིང་ཡོད་པ་དང་མེད་པ་ལ་སོགས་པའི་དངོས་པོ་གང་དུ་ཡང་མ་གྲུབ་པས་ན། འཕགས་པ ་སོ་སོའི་རང་གིས་རིག་པའི་སྤྱོད་ཡུལ་ཞེས་བསྒྲགས་པའོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ་ཞེས་བྱ་བ་ལ། ས་དང་པོ་རབ་ཏུ་དགའ་བ་ལ་བྱང་ཆུབ་ཀྱི་སེམས་དང་པོ་བདེན་པ་རྣམ་པ་གཉིས་དབྱེར་མེད་པའི་རང་བཞིན་གྱི་ཡེ་ཤེས་ཡང་ནས་ཡང་དུ་འདྲིས་པར ་བྱས་པའི་དངོས་པོ་དེ་མ་བརྗེད་པ་ནི་འདིར་སྐྱེད་པར་བྱེད་པས་བདག་པོའི་རྐྱེན་ཏེ། བདག་པོའི་སྒྲ་ནི་གཙོ་བོའི་དོན་སྟོན་པའོ། །རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། རྣམ་པ་ནི་ཁ་ཅིག་ཏུ་རང་བཞིན་གཅིག་ཐ་དད་པར་སྣང་བ་ལ་བྱ་བར་མཐོང་སྟེ ་མའི་རྣམ་པ་གང་ཞེ་ན། ཟླུམ་པོ་དང་གྲུ་བཞི་དང་འཕྲོ་བ་དང་འཁྱིལ་བ་ལ་སོགས་པའོ་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ཏུ་ན་རང་བཞིན་ལ་རྣམ་པ་ཞེས་ཟེར་ཏེ། རྣམ་པ་དམན་པ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ལས་འདིར་ནི་རང་བཞིན་ལ་རྣམ་པ་ཞེས་འདོད་དེ། འདིའི ་རང་བཞིན?་རང་གི་ངོ་བོའི་རྣམ་པར་རྟོག་པ་དང། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ལ་སོགས་པ་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་ཞི་ན་སྣང་བ་མེད་པའི་ཡེ་ཤེས་ཙམ་དུ་འགྱུར་ཞིང?། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན ་པར་མི་འགྱུར་རོ། །གལ་ཏེ་ཞི་བའི་རྣམ་པ་མ་ཡིན་ན་ཡང་དངོས་པོར་འཛིན་པ་དང་བྲལ་བར་མ་གྱུར་པ་འདིས་སངས་རྒྱས་ཉིད་མ་ཐག་ཏུ་ག་ལ་ཞིག་སྐྱེད་ཅེས་བདེན་པ་གཉིས་འགལ་བར་འགྱུར་བས་ན། གནས་འདི་ལ་ནི་ཏིང་དཔག་དཀའ་བའི་ཕྱིར་ཞེས ་བྱ་བ་ལ་སོགས་པ་སྨོས་སོ། །ཟབ་པ་ཉིད་ཅེས་བྱ་བ་ནི་བྱིས་པ་གང་དག་བདེན་པ་གཉིས་དབྱེར་མེད་པར་མི་ཤེས་པ་དག་འཇིག་པའི་གནས་སུ་གྱུར་པ་དང། གཏིང་རྟོགས་པར་དཀའ་བའི་ཕྱིར་རོ། །བློའི་ནོར་ཅན་རྣམས་ཀྱིས་ཞེས་བྱ་བ་ནི་བདེན ་པ་གཉིས་དབྱེར་མེད་པ་ཁོང་དུ་ཆུད་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ལོག་པར་རྟོགས་པ་ཞེས་བྱ་བ་ནི་མདོར་བསྡུས་ན། ཇི་སྲིད་དུ་དོན་དམ་པའི་བདེན་པ་འབའ་ཞིག་འདོད་པས་ཀུན་རྫོབ་པའི་རང་བཞིན་སྤོང་བ་དང། གང་དག་ཀུན་རྫོབ་པ་འདོད་པས ་རང་བཞིན་མེད་པ་སུན་འབྱིན་ཞིང། བདེན་པ་གཉིས་དབྱེར་མེད་པའི་དོན་འདི་མི་སྤྱོད་པ་ཐམས་ཅད་ལོག་པར་རྟོགས་པ་སྟེ། དེ་ལས་ཕྱེ་བས་ནི་རྣམ་པ་བཅུ་དྲུག་ཏུ་འགྱུར་བའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་ཐ་དད་པའི་དངོས ་པོ་མེད་པ་ཉིད་ཀྱིས་བདེན་པ་གཉིས་གཅིག་ཅར་དམིགས་པ་འཐད་པ་དང་ཞེས་བྱ་བ་ཚིག་རྣམ་པར་སྦྱར་ཏེ། དེ་ལ་སོགས་པས་ནི་བདེན་པ་རེ་རེ་ཞིག་གཟུང་བས་འགལ་བར་འདོད་པ་རྣམས་སེལ་ཏེ། གོ་སླའོ་དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ ་ཅན་གྱི་ཀླན་ཀ་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་དག་བདེན་པ་རེ་རེ་ཞིག་ཚད་མར་བྱས་ནས་ཅིག་ཤོས་སུན་ཕྱུང་ནས། ཡང་དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཀླན་ཀ་འཚོལ་པ་རྣམས་སོ། །བདེན་པ་གཉི ་ག་ལ་རྟེན་པའི་ཐབས་མཁས་པས་ཞེས་བྱ་བ་ནི་བདེན་པ་གཅིག་ཅིག་འདིའི་ཡུལ་ཡིན་ཞེས་མི་སྨྲ་བའི་ཐབས་ཀྱིས་སོ། །རྣམ་པ་སྟོང་དུ་ཞེས་བྱ་བ་ནི་ཐབས་དེ་ལ་རྟེན་པ་ལས་ནི་ལན་མི་ཟད་པའི་དོན་ཏེ། སྟོང་ནི་མི་ཟད་པ་མཚོན་པ་གཞན་གྱི་དོན་ཏོ། །ངེས་པར ་རྣམ་པ་ཐམས་ཅད་ཡང་དག་པར་བསྐྱེད་པ་ནི་རང་དང་གཞན་གཉི་ག་ལའོ། །བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་བདེན་པ་གཉིས་སུ་དབྱེར་མེད་པ་ལ་མོས་པ་ཡིད་ལ་བྱེད་པ་དང། དེ་ཁོ་ན་ཡིད་ལ་བྱ་བའི་སྒོ་ནས་སོ། །སྐབས་ལྔ་པའི ་འགྲེལ་བཤད་རྫོགས་སོ། །དེ་ལྟར་སྐབས་ལྔ་པའི་དོན་རྣམ་པར་ཕྱེ་ནས། ད་ནི་སྐབས་དྲུག་པ་སྟོན་པར་མཛད་པ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་ནི་ས་བཅུ་པའི་བར་གྱིས་ཐོབ་པར་བཞག་གོ་།དེ་ལ་ས་བཅུ་པ་ནི་གནས་སྐབས ་གསུམ་དུ་དབྱེ་བར་བྱ་སྟེ། རྩེ་མོའི་མངོན་པར་རྟོགས་པ་ལ་སོགས་པ་ཡོངས་སུ་སྤྱོད་ཅིང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་སུ་གསུངས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྤྱོད་པ་ལ་སོགས་པ་བྱེད་པ། འོག་མིན་དུ་རྣམ་པར་སྨིན་པའི་ལུས ་སྐྱེས་པ། དབང་བསྐུར་བའི་ས་ལ་གནས་པ་ནི་གནས་སྐབས་གཅིག་སྟེ། འདིའི་ཆེ་བའི་བདག་ཉིད་ནི་ཆོས་ཀྱི་དབྱིངས་ལ་བསྟོད་པ་ལས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ནས་སྐྱེ་བ་གཅིག་གིས་ཐོགས་པའི་ངོ་བོ་དགའ་ ་ལྡན་དུ་སྐྱེས་པ་ནི་གནས་སྐབས་གཉིས་པ་སྟེ། གནས་སྐབས་འདི་དང། སྲིད་པ་ཐ་མ་པའི་བྱང་ཆུབ་ཀྱི་སྙིང་པོར་བདུད་བཏུལ་བའི་བར་དུ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་ལ་སྤྱོད་པར་བྱེད་པའོ། །དེ་ནས་སྙིང་པོ་བྱང་ཆུབ་དེར་སྐད་ཅིག ་གཅིག་དང་ལྡན་པའི་ཤེས་རབ་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ནི་གནས་སྐབས་གསུམ་པ་སྟེ། དེར་ནི་སྐབས་བདུན་པ་བསྟན་པའི་དོན་རྫོགས་པར་མཛད་པའོ། །འདི་ནི་སྤྲུལ་པའི་སྐུའི་དབང་དུ་བྱས་པའོ། །ཁོ་བོ་ཉིད་ཀྱི་མངོན་པར་བྱང ་ཆུབ་པའི་དབང་དུ་བྱས་ཏེ་ནི། འོག་མིན་དེ་ཉིད་དུ་སྐབས་སྔ་མ་བ་ཉིད་ཀྱི་དོན་ཁོང་དུ་ཆུད་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སོ་སོ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་བྱ་བ་ལ། སོ་སོའི་དོན་རྣམས་ནི་སྐབས་རེ་རེས་ཇི་ལྟར་བསྟན་པ ་དང། ཚོགས་ཀྱི་ལམ་ལ་སོགས་པའི་གནས་སྐབས་རེ་རེ་ལ་ཡང་རང་བཞིན་ཇི་སྙེད་ཡོད་ཅེས་མངོན་པར་རྟོགས་པའི་དོན་ཏེ། དེའི་རྗེས་ཀྱི་ངོ་བོར་ཐོབ་པའི་ཡེ་ཤེས་ཀྱིས་རྟོགས་པའོ། །བསྡུས་པ་ཉིད་ཀྱི་དོན་ནི་སྙིང་པོའི་དོན་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོགས་ ་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དོན་དེ་ནི་མཉམ་པར་བཞག་པའི་ཡེ་ཤེས་ཀྱིས་རྟོགས་པར་མཛད་ནས་སོ། །དེ་ལྟར་ན་གོ་རིམ་བཞིན་དུ་བཀླགས་ཞེས་བྱ་བ་ནི་ཡིད་ཀྱི་བཀླགས་ནས་ཞེས་བྱ་བའི་དོན་ཏེ། ་བསྐལ་པ་གྲངས་མེད་པ་དང་པོར་ནི་འཇིག་རྟེན་མཆོག་གི་བར་དུའོ། །གཉིས་པར་ནི་ས་མི་གཡོ་བའི་བར་དུའོ། །གསུམ་པ་ནི་ས་བཅུ་པའི་བར་དུ་དེ་སྲིད་དུ་གོམས་པར་བྱས་པ་ནི་གོ་རིམ་བཞིན་དུ་བཀླགས་པའོ། །འོན་ཀྱང་ད་དུང་དེ་ལ་གོམས་པར་མི་ཟད་པར ་བསྟན་པའི་ཕྱིར། བརྟན་པོར་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པས་ཞེས་བྱ་བ་སྨོས་ཏེ། བརྟན་པོར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་ཆེད་དུ་འབད་པ་མི་དགོས་པར་བྱ་བའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་ཁྱད་པར་ཅན་དུ ་སྟེ་སྔོན་བསྒོམས་པ་དག་པས་ཆེས་ཕུལ་དུ་བྱུང་བའི་ཕྱིར་རོ། །སྒོམ་པར་བྱེད་པ་ཞེས་བྱ་བ་ནི་ཡིད་དེའི་སྐལ་པ་ཅན་དུ་བྱེད་པ་འམ་དེའི་དངོས་པོར་བྱེད་པའོ། །མཐར་གྱིས་པའི་མངོན་པར་རྟོག་པ་ཞེས་བྱ་བ་ལ། དང་པོའི་ཚོགས་ཀྱི་ལམ་ཕལ་པ ་ནས་བཟུང་སྟེ་ས་བཅུ་པ་དབང་བསྐུར་བའི་ས་ལ་གནས་པའི་བར་དུ་རང་དང་གཞན་གྱི་དོན་ཇི་སྙེད་ཅིག་ཙམ་ཡང་དེ་དག་ལ་རབ་ཏུ་འདྲིས་པར་སླར་ཡང་ཡིད་ལ་བྱེད་པས་ན་འདི་མཐར་གྱིས་པ་སྟེ། དོན་འདི་ནི་འཕགས་པ་སྡོང་པོ་བཀོད་པ་ལས ་འཕགས་པ་མི་འཕམ་པའི་ཞལ་སྔ་ནས་ཚོང་དཔོན་གྱི་བུ་ནོར་བཟང་ལ་རང་གི་མཐར་གྱིས་པའི་མངོན་པར་རྟོགས་པ་ཇི་ལྟ་བ་ཁང་བཟངས་རྣམ་པར་སྣང་མཛད་ལ་གཟུགས་བརྙན་གྱི་ཚུལ་དུ་བསྟན་པའི་རིམ་པ་ལྟར་དེ་ཤེས་པར་བྱའོ། །དེ་ལྟར ་རྣམ་པར་བསྒོམ་པ་དེ་ཉིད་ནི་མངོན་པར་རྟོགས་པ་ཞེས་བྱ་སྟེ། དུས་ཇི་ལྟར་བའི་རིམ་གྱིས་རྟོགས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །གཞུང་ཡང་དེ་བརྗོད་པས་དེའི་མིང་བཏགས་པ་སྟེ་འབྲས་བུ་ནི་དེ་ལས་བྱུང་བའི་ཕྱིར་དེ་སྐད་ཅེས་གདགས ་སོ། །ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་ཞེས་བྱ་བ་ལ་འདི་ཇི་ལྟ་ཞེ་ན། ཐབས་དང། སྟོབས་དང། སྨོན་ལམ་དང། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་པོ་འདི་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་ནང་དུ་འདུས་པར་འགྱུར་བ་ནི་སྦྱིན་པ་ལ་སོགས་པ་རྣམས་བྱང་ཆུབ་ཆེན་པོར་བསྔོས་པའི་མཐུ་ཡིས་ཆུང་ངུ་ཙམ་ཡང་འཁོར་བ་ཇི་སྲིད་དུ་མི་ཟད་པར་བྱེད་པའི་ཐབས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་ཤེས་རབ་ཀྱི་ཁྱད་པར་རོ། །ཡང་སྦྱིན ་པ་ལ་སོགས་པ་དངོས་པོ་ངན་པ་འམ་ཉུང་དུ་ཞིག་ན་ཡང་འཕགས་པ་ནམ་མཁའ་ཨི་མཛོད་ཀྱི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ཏེ། མང་ཞིང་ཁྱད་པར་ཅན་དུ་སྤྲུལ་ཏེ། ཕན་འདོགས་པས་འདི་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་ལྟར་བྱང་ཆུབ ་སེམས་དཔའ་རྟག་པར་རབ་ཏུ་དུ་བ་ལ་སོགས་པའི་ཁྲག་རྣམས་བརྒྱ་བྱིན་གྱིས་ཙན་དན་གྱི་ཆུར་བྱིན་གྱིས་བརླབས་པ་ལྟ་བུའོ། །འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གོ་།གང་བྱང་ཆུབ་སེམས་དཔའ་ལེགས་པར་སྦྱང་བ་རྣམས་བློས ་གཅིག་ཏུ་བསྡུས་ཏེ་དངོས་པོ་དམན་པ་རྣམས་ཀྱང་ཁྱད་དུ་མི་གསོད་པར་བདག་དགེ་བའི་ལས་འདིས་སངས་རྒྱས་འཇིག་རྟེན་གྱི་འདྲེན་པར་གྱུར་ཅིག་།དེ་མ་ཐོབ་པའི་བར་དུ་ཡང་རིགས་དང་ལོངས་སྤྱོད་ལ་སོགས་པ་འདི་དང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན ་ལམ་འདེབས་པས་དེའི་ཇི་ལྟར་སྨོན་པ་ལྟར་འགྲུབ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩལ་རབ་ཏུ་བརྟེན། །བདག་གིས་སྨོན་ལམ་འདི་བཏབ་པས། །དེ་དང་འདྲ་བའི་འབྲས་བུ་འཐོབ། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །འདི ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་རོ། །དེ་དེ་ལྟར་སྨོན་ལམ་གྱི་འབྲས་བུ་གྲུབ་པ་སྤྱོད་པ་ན་ཡང་ཚེ་གཞན་དང་གཞན་དེ་དག་ཏུ་དེ་ལྟ་བུའི་གོ་འཕངས་ལས་མི་ཉམས་པའི་ཡེ་ཤེས་ཀྱི་སྤྱོད་པ་དང། ཇི་ལྟར་འཐོབ་པའི་བདེན་པ་རྣམས་ལེགས ་བར་སྤྱོད་པའི་འབྲས་བུར་འདོད་ཀྱི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུར་སྨྲ་བ་ལ་སོགས་པར་མི་འདོད་པ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་གོ་།འདིར་ཉེ་བར་བསྡུ་བའི་དབང་དུ ་གསུངས་ཀྱི་མདོར་ན་ལེགས་པའི་ལས་ཇི་སྙེད་པ་ནི་ཤེས་རབ་ལ་བརྟེན་པར་བྱའོ། གཞན་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་བསྡུ་བའི་ཚུལ་རྣམས་ཀྱང་ཤེས་པར་བྱ་སྟེ་འདིར་སྦྱང་བ་ལ ་ཉེས་པ་མེད་དོ། །ལྔ་པོ་འདི་ནི་གཏན་ཚིགས་སུ་བལྟ་བར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་དྲུག་ཅེས་བྱ་བ་ལ། འདིར་སྦྱིན་པ་ལ་སོགས་པ་དྲུག་འཁོར་གསུམ་རྣམ་པར་དག་པས་ཕ་རོལ་ཏུ ་ཕྱིན་པ་རབ་ཏུ་ཕྱེ་བ་ཞེས་སྦྱར་ཏེ། དེ་ལ་འཁོར་གསུམ་ནི་སྦྱིན་པ་དང་ལེན་པ་དང་རྫས་ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། འདི་དག་ནི་གཙོ་བོས་ཡོངས་སུ་དག་པར་མ་བྱས་ན་སྲིད་པའི་བདེ་བ་ཙམ་ལས་བགྲོད་པར་མི་ནུས་པའི་ཕྱིར་རྒྱལ་པོའི་ཕྱག་རྒྱ ་དང་བྲལ་བའི་དམིག་དཔུང་ལྟ་བུའོ། །དེ་དག་གི་གཙོ་བོར་ནི་གང་གིས་དེ་དག་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན། པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་བྱེད་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་འདི་ནི་རྒྱལ་པོ་ལྟ་བུའོ། དེའི་ཕྱིར་ཇི་སྐད་དུ་གསུངས་པ། དམུས་ལོང་དམིགས་བུ་མེད ་བ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །དེ་བཞིན་མིག་མེད་ཕ་རོལ་ཕྱིན་ལྔ་འདི་དག་ཀྱང། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། ཞེས་སོ། །རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར ་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པ་དང་ཞེས་བྱ་བ་ལ། འདི་དག་ལ་འགའ་ཞིག་མ་ཚང་ཡངས་བཅུ་པའི་དབང་ཕྱུག་ཏུ་མི་འགྱུར་པས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་ཞེས་སྨོས་ཏེ་གསུམ་པ་ནི་རྒྱུ་འཆད་དུ་བལྟ་བར་བྱའོ། །དེ་ཡངས་རེ་ལ་ཕ་རོལ་ཏུ་ཕྱིན་པ་རེ་རེ་ཞིག ་ཤས་ཆེ་བར་ཟད་ཀྱི་དངོས་ཀྱི་ཚུལ་དཔྱད་པའི་ཚེ་ནི་ས་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཆར་སྦྱར་བར་བྱའོ། །འདིས་ནི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་འབའ་ཞིག་གིས་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་སྨྲ་བ་དེ་དག་ཀྱང་གསལ་བ་ཡིན་ཏེ། ་ཇི་སྐད་དུ་སྨྲ་བའི་ཆོག་ནི་གང་ཡང་རུང། ཆོས་གཅིག་གིས་ནི་འབྱུང་བ་མེད། །གང་ཡང་འབྱུང་བ་ཡོད་མིན་ཏེ། །འབྱུང་བར་ཡང་དག་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དྲན་པ་ཉེ་བར་བཞག་པ་ལ་སོགས་པ་དང་ཞེས་བྱ་བ་དྲན་པ་ཉེ་བར་བཞག་པ་བཞི ་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཏེ། དེ་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ཞེས་བསྟན་པ་དང་སྦྱར་ཏེ། དེ་དག་ཚོགས་ཀྱི་ལམ་ལ་ནི་སློབ་པ་ཡིན་ལ། ཕྱིར་མི་ལྡོག་པའི་ས་ལ་བཞག་པར་དགོངས ་པས་ན་སྔོན་ལས་གཞན་དུ་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང་ཞེས་བྱ་བ་ནི་དྲན་པ་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པ་སྟེ། དེ་དག་ནི་མཐོང་བའི་ལམ་ཞེས་བྱ་བ་དང་སྦྱར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་ནི་ཡང་དག་པའི ་ལྟ་བ་ལ་སོགས་པ་སྟེ་དེ་དག་ནི་སྒོམ་པའི་ལམ་ཞེས་སྨོས་པ་དང་རབ་ཏུ་སྦྱར་རོ། །དེ་ལྟར་ན་ཇི་ལྟར་སྦྱར་བ་དེ་དག་ནི་གོ་རིམ་བཞིན་དུ་ཚིག་གཞན་དུ་བསྟན་པས་རང་གི་མིང་གིས་རྣམ་གྲངས་ཀྱིས་བརྗོད་པར་བྱེད་པ་སྟེ། དེ་ལྟར་སངས་རྒྱས་ཀྱི་མཚན་ཉིད་རྗེས་སུ ་དྲན་པ་ལམ་རྣམ་པ་གསུམ་པོ་འདི་དག་གིས་དྲན་པར་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ནི་ལམ་གྱི་བདག་ཉིད་མ་ཡིན་ནམ། སངས་རྒྱས་ནི་འབྲས་བུའི་བདག་ཉིད་ཡིན་ན་ཇི་ལྟར་ལམ་དྲན་པས་དེ་རྗེས་སུ་དྲན་པར་འགྱུར་ཞེ་ན། ་འདི་ནི་ཉེས་པ་མེད་དེ་འོག་ནས་ལམ་ཐམས་ཅད་ནི་ཆོས་ཀྱི་སྐུའི་ཕྲིན་ལས་སུ་འཆད་པས་ལས་ཀྱི་བྱེད་པ་པོ་རྗེས་སུ་དྲན་པར་བྱ་བའི་ཕྱིར་དང། སངས་རྒྱས་དེ་དང་པོ་ལམ་ཇི་ལྟར་བརྙེས་པས་བྱང་ཆུབ་པས་བྱང་ཆུབ་པར་གྱུར་པ་ལམ་དང་བཅས་པར་དྲན་པ་ནི ་གཅིག་ཏུ་རབ་ཏུ་དང་བར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོར་འཛིན་པས་དེ་རྗེས་སུ་དྲན་པར་བྱེད་པ་སྲིད་པས་དེ་དགག་པར་བྱ་བའི་ཕྱིར་དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་དུ་རྗེས་སུ་དྲན་པར་བྱའོ་ཞེས་སྦྱར་ཏེ། གང ་གིས་ང་ལ་སྒྲར་ཤེས་ཤིང། །གང་གིས་ང་ལ་གཟུགས་སུ་མཐོང། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་དུ་ནི་སངས་རྒྱས་ལྟ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི ་ནུས། །ཞེས་གསུངས་པ་དང་ཡང་མི་འགལ་ལ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་རྣམ་པར་དག་པའི་བློ་མངའ་བ་ཞེས་བྱ་བ་ལ་སོགས་པ་འཕགས་པ་ཟླ་བ་སྒྲོན་མའི་མདོ་ ་ལས་གསུངས་པ་ལྟར་ཡང་དྲན་པར་བྱེད་པ་སྟེ། འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་དང་ཕྲད་པར་འགྱུར་བའི་རྒྱུར་ཡང་རིག་པར་བྱའོ། །དེ་བཞིན་དུ་རྗེས་སུ་དྲན་པ་དང་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་དོན ་དམ་པར་དྲན་པ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་ལ་སྦྱོར་བའི་དོན་ཏོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཞེས་བྱ་བ་དགེ་བ་རྣམས་ནི་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་འདི་མཐོང་བ་ལ་ཡོད་པ་མཁས་པ་རྣམས ་ཀྱི་རང་གི་རིག་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་དྲན་པར་བྱའོ། །མི་དགེ་བ་རྣམས་ནི་མི་དགེ་བ་རང་གི་རང་བཞིན་གྱིས་གྲུབ་པ་མེད་པ་དང། དེའི་རང་བཞིན་མ་ཤེས་པའི་དབང་དུ་བྱས་ཏེ་ནི་སྤང་བར་དྲན་པར་བྱའོ། །ལུང་དུ་མ་བསྟན་པ་རྣམས་ནི་དེ ་དག་ལ་མི་འཇུག་ཅིང་དགེ་བར་གྱུར་པ་རྣམས་ལ་འཇུག་པར་དྲན་པར་བྱའོ། །ཡང་ན་ཆོས་རྣམ་པ་གསུམ་དུ་ཕྱེ་བ་ནི་རང་གི་བློའི་འཇུག་པའི་དབང་ཙམ་ལ་རག་ལས་པ་ཡིན་གྱི་ཆོས་རྣམས་ལ་དེ་ལྟར་རང་གྲུབ་པ་ནི་མེད་པས། སེམས་རྣམ་པར་རིག་པའི་མཛའ་ ་ལས་ནི་ལུང་དུ་མ་བསྟན་པ་རྣམས་ཀྱང་དགེ་བར་འགྱུར་ཏེ། ཇི་སྐད་དུ་རིག་པ་དང་གཙོ་ལ་སོགས་པ་གུས་པར་བྱས་ཏེ་སྦྱིན་པ་བྱིན་པས་རང་གིས?་ཨེ་ཎེ་ཡའི་ལྟ་བུའི་ཉིད་དང་ཞེས་གསུངས་ཏེ་ཨེ་ཎེ་ཡ་ནི་བསེ་ཁི་སྒོའོ། །ཡང་སྡིག་པ་སྲབ་པའི་དབང་དུ་བྱས་ཏེ ་སྟོབས་བསྐྱེད་པ་རྙེད་པ་རྣམས་ལ་བདེ་བ་ཉེ་བར་སྟོན་པའི་སླད་དུ་བུལ་ལོ་ཞེས་གསུངས་ཏེ། དེའི་ཕྱིར་དངོས་པོ་རྣམས་ནི་རང་བཞིན་གྱིས་འོད་གསལ་བ་ཙམ་ཞིག་ཏུ་བདེན་གྱི་ལྷག་མའི་སྣང་བ་རྣམས་ནི་མ་ངེས་པར་ཁོང་དུ་ཆུད་པར་བྱའོ། །ཆོས་ཞེས་བྱ་བ་ནི ་རྟོགས་པ་དང་ལྡན་པ་རྣམས་ལ་ཇི་སྐད་བཤད་པའི་ཚུལ་གྱིས་ཐམས་ཅད་ལ་ཕན་འདོགས་པས་ན་ངན་སོང་ལ་སོགས་པར་ལྟུང་བ་ལས་འཛིན་པའི་ཕྱིར་རམ། ཡང་ན་རང་གི་མཚན་ཉིད་འཛིན་པའི་ཕྱིས་ངེས་པའི་ཚིག་གི་ཚུལ་གྱིས་ཆོས་སོ། །སྔ་མ་བཞིན་དུ་རྗེ ་སུ་དྲན་པར་བྱའོ་ཞེས་སྦྱར་ཏེ་དེ་ལ་སྔ་མ་བཞིན་དུ་དོན་གཉིས་སྟོན་པར་བྱེད་དེ་སྔར་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་གདམས་ངག་བསྟན་པ་ལས། དབང་པོ་རྟུལ་དང་རྣོན་པོ་དག་ཅེས་བྱ་བ་ལ་ཡང་སྙགས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱིར་མི ་ལྡོག་པའི་དགེ་འདུན་ཞེས་བྱ་བ་སྨོས་སོ། །དེ་ལས་གཞན་པ་ནི་དོན་དམ་པར་དྲན་པ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་ལ་ཡང་སྙེགས་པར་བྱེད་དོ། །དེ་ལ་རྗེས་སུ་དྲན་པར་བྱ་བ་ནི་ཐུན་མོང་དུ་དྲན་པར་བྱ་བ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི ་ལེགས་པར་ཞུགས་པ། མཐུན་པར་ཞུགས་པ་དྲང་པོར་ཞུགས་པ་ཕྱག་འཚལ་བའི་འོས་སུ་གྱུར་བ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་སོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་རྗེས་སུ་དྲན་པ་ནི་ཕྱིར་མི་ལྡོག་པའི་ས་རབ་ཏུ་བརྙེས་པ། ཆོས་ཀྱི་རྒྱལ་པོའི་སྲས ་བཞིན་འཛུམ་ཞིང་གསོང་པོར་སྨྲ་བ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་བྱས་པའི་སྡེར་གཏོགས་པའི་མདོ་སྡེ་དང། དེ་ལས་ཇི་སྐད་གསུངས་པ་ལྟར་རྗེས་སུ་དྲན་པར་བྱའོ། །དེ་བཞིན་ ་རྗེས་སུ་དྲན་པར་བྱའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཚུལ་ཁྲིམས་ཀྱི་སྡོམ་པ་དང། དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་ཏེ་དེ་དག་རྗེས་སུ་དྲན་པར་བྱ་བ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ནི་འགྱོད་པ་མེད་པས་རྒྱུད་གསིལ་བར ་བྱེད་པའོ། །མཐོ་རིས་ཀྱི་ལམ་དུ་གྱུར་པའོ། །ཇི་ལྟར་སྨོན་པའི་འབྲས་བུ་སྒྲུབ་པའོ། །འགྱོད་པ་མེད་པས་ཏིང་ངེ་འཛིན་བསྐྱེད་པའོ། །ལྷ་དང་མིའི་སྦྱིན་པ་ཡོངས་སུ་སྦྱོང་བའོ་ཞེས་བྱ་བ་ལ་སོགས་པའི་རིམ་པས་སོ། །གཏོང་བ་ནི་སེར་སྣ་སྤངས་པས་སེམས་ཅན ་ལ་ཀུན་ཏུ་འཛིན་པ་མེད་ཅིང་རང་གི་ལུས་དང་སྲོག་ལ་སོགས་པ་རྣམ་པར་འབྱེད་པ་སྟེ། དེའི་ཡོན་ཏན་རྗེས་སུ་དྲན་པར་བྱ་བ་ནི་སྦྱིན་པ་ནི་མཛའ་ཤེས་འཕེལ་བར་བྱེད་པའོ། །ཚེ་རབས་སུ་རབ་ཏུ་བདེ་བའི་རྒྱུར་གྱུར་པའོ། །ཕ་མ་དང་བླ་མ་ལ་མཆོད་པའི་ཡན ་ལག་ཏུ་གྱུར་པའོ། །གཞན་ལ་རག་མེ་ལས་པའི་གཙོ་བོ་ཞེས་བྱ་བའི་རིམ་པ་སྟེ། རྒྱ་ཆེར་ནི་འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །ལྷ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པ་སྟེ་དེ་དག་རྗེས་སུ་དྲན་པར་བྱ་བ་ནི ་ཡིད་དུ་འོང་བའི་ལས་ཁྱད་པར་ཅན་ལས་གྲུབ་པ་སྟེ། རྣམ་རྟོག་དགེ་ལས་བྱུང་བ་ཡིས། །ལས་དགེ་འབྲས་བུ་ལྷ་རྣམས་ཏེ། རབ་ཏུ་དང་བའི་ཡིད་ཀྱིས་ནི། །མཛེས་པའི་ལྷ་རྣམས་མངོན་པར་གྲུབ་ཅེས་གསུངས་པས་སོ། །དེའི་ཕྱིར་བདག་གིས་ཀྱང་སེམས་ཅན ་རྣམས་ཡིད་རབ་ཏུ་དང་བར་བྱས་ཏེ། ལྷར་སྐྱེ་བར་བྱ་བ་ལ་དགོད་ཅིང་རིམ་གྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་རྗེས་སུ་དྲན་པ་དང་གཞན་ཡང་འཕགས་པ་འཇིག་རྟེན་དབང་ཕྱུག་དང། རྗེ་བཙུན་ལྷ་མོ ་སྐུལ་བྱེད་མ་དང། རྗེ་བཙུན་སྒྲོལ་མ་ལ་སོགས་ཏེ་མདོག་གང་དང་གང་དག་ལས་མཆོག་ཏུ་ཐུགས་བརྩེ་བ་དང་ལྡན་པ་རྣམས་ལྷག་པའི་ལྷ་དེའི་ཡོན་ཏན་ཇི་སྐད་བསྟན་པ་རྣམས་རྗེས་སུ་དྲན་པར་བྱ་བ་ནི་འཕགས་པ་སྡོང་པོ་བཀོད་པ་ལས། དེ་ནས་ཁོ་མོ་སྔོན་ཡོངས ་སུ་བསྟེན་པའི་ལྷ་མོ་ཞིག་གིས་བསྐུལ་ཏེ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་འཐོབ་པའོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པ་རྣམས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཅེས་བྱ་བ་ནི ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུའོ། །ཁོང་དུ་ཆུད་པས་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པས་སོ། །རྟོགས་པས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སོ། །ཡང་ན་དེ་དག་མངོན་པར་རྟོགས་པའི་དོན་དང་སྙིང་པོའི་དོན་ལ་སྦྱོར་རོ། །ཡང་ན་རྣམ་གྲངས་ཀྱི་བསྟན ་པའོ། །གང་ཡིན་པ་དེ་ནི་མཐར་གྱིས་པའི་བྱ་བར་བཞེད་པ་ཡིན་ནོ་ཞེས་བྱ་བ་ལ་སྐབས་འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་དང། རྗེས་སུ་དྲན་པ་དྲུག་དང། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པ་ཞེས་བྱ་བ་རྣམ་པ་བཅུ་གསུམ་ཞིག་བསྟན་པ་ནི་སྔར་རྣམ་པར ་གཡེང་བ་སྤང་པའི་ཕྱིར། དག་རེ་རེས་ཀྱང་མངོན་པར་རྟོགས་པའི་དོན་མ་ལུས་པ་སྟོན་པར་བྱེད་པའོ་ཞེས་བཤད་པའི་ཚུལ་གྱིས་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དང། སྲིད་པ་ཐ་མ་པ་བཅུ་གསུམ་པོ་འདི་དག་ལ་བརྟེན་ནས་བཤད ་པ་དང། འཆད་པར་འགྱུར་བའི་རིམ་པ་ཐམས་ཅད་ཡིད་ལ་རབ་ཏུ་གོམས་པར་བྱེད་དེ། ཁ་ཅིག་ན་རེ་མཐར་གྱིས་པའི་བྱ་བ་འདི་ནི་དབང་བསྐུར་བའི་ས་དང་ས་དགུ་པ་ལ་སོགས་པ་ཡང་ཡིད་ལ་བྱེད་དོ། །ཞེས་ཟེར་བ་ནི་མི་འཐད་དོ། །འདི་ནི་སྐབས་འོག་མ་བར་ཆད ་མེད་པའི་ལམ་དང་ཅིས་ཀྱང་བར་དུ་མཆོད་པར་བསྟན་པའི་ཕྱིར་རོ། །སྐབས་དྲུག་པའི་འགྲེལ་བཤད་རྫོགས་སོ།། །།ད་ནི་སྐྱེ་བ་གཅིག་གིས་ཐོགས་པ་དང་སྲིད་པའི་མཛའ་མར་ཡང་ཤིན་ཏུ་གོམས་པར་བྱས་པ་དབང་བསྐུར་བའི་ས་ལ ་སོགས་པར་ཡང་ཅི་རིགས་ཀྱིས་གོམས་པར་བྱས་པས། ལྷུན་གྱིས་གྲུབ་པར་འཇུག་པ་ལ། རབ་ཏུ་ལས་སུ་རུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་ཨི་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོའི་མཆོག་དམ་པ་ལ་འདུག་པར་གྱུར་པ ་སྟེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་བྱེད་པ་དེ་བསྟན་པའི་ཕྱིར་མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསྒོམ་པ་ནི་སྔར་ཇི་ལྟར་བསླབས་པའི་དོན་དེ་དག་ཉིད་ཤིན་ཏུ་གོམས ་པར་བྱས་པའི་ཕྱིར་སྐད་ཅིག་མ་གཅིག་གིས་བསྒོམ་པས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐད་ཅིག་མ་ཞེས་བྱ་བའི་དོན་འདི་ཇི་ལྟར་བལྟ་བར་བྱ་ཁ་ཅིག་ཏུ ་འདུས་བྱས་ཀྱི་ཆོས་རྣམས་མྱུར་དུ་འགྲོ་བའི་སྐད་ཅིག་ས་གོལ་གཏོགས་པ་གཅིག་ལ་ཡང་དེ་དཔག་ཏུ་མེད་པ་ཞིག་འགག་ཅེས་གྲུབ་པའི་མཛའ་ལས་བསྟན་ཏེ། དེའི་ཡུལ་ལ་ཡང་འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་དེ་སུམ་བརྒྱ་དང ་དྲུག་ཅུ་རྩ་བརྒྱད་འགྲོ་བར་འདོད་དེ། སྐད་ཅིག་མ་འདིའི་ངོ་བོར་བྱ་བའམ་ཡང་ན་གདགས་པའི་བསྟན་བཅོས་ལ་སོགས་པ་ལས་དུས་རྣམས་ཀྱི་མཐར་རྣམ་པར་བཞག་པའི་སྐད་ཅིག་མ་ཇི་སྐད་བསྟན་པའི་དབང་དུ་འདི་བྱའམ། གལ་ཏེ་ཞིག་ན ་སྐྱེས་བུའི་མངོན་པར་འདོད་པའི་དོན་གྲུབ་པའི་དུས་སྐད་ཅིག་མ་དེ་ལ་བདག་གི་བྱ་བ་རྫོགས་སོ་ཞེས་བརྗོད་པའི་སྐད་ཅིག་མ་འདི་གཟུང། དེ་ལ་དང་པོ་དང་བར་མའི་དབང་དུ་བྱས་སོ་ཞེ་ན་ནི་ཧ་ཅང་ཡང་དུས་ཡུན་ཐུང་བས་ཇི་ལྟར་དེ་རྫོགས ་པར་ནུས། ཐ་མ་ལྟར་བྱ་བ་ནི་ཏིང་ངེ་འཛིན་འདིའི་དུས་ངེས་པ་མེད་དེ་སྙིང་པོ་བྱང་ཆུབ་དེར་ཡང་ཡུན་ཇི་སྲིད་ཅིག་བཞུགས་པར་འགྱུར་ཞེ་ན། འདིར་སྔར་ཉིད་དུ་བདག་གིས་དུས་རྣམས་ནི་རིང་ཐུང་ངུ་གྱུར་པ་བསམ་པའི་དབང་ལས་རང་གྲུབ་པ་མེད ་ཅེས་བསྟན་ཟིན་པས་འདི་ལྟ་བུའི་རྣམ་པར་རྟོག་པ་བསྐྱེད་པའི་མི་ཆའོ། །འོན་ཀྱང་ཕྱོགས་གསུམ་པ་ལ་བསྙེན་པར་བྱ་སྟེ། བར་ཆད་མེད་པའི་ཏིང་ངེ་འཛིན་དེ་ནི་ངེས་པར་སྙིང་པོ་བྱང་ཆུབ་དེར་སྐྱེད་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་འགའ་ ་ཞིག་སྙིང་པོ་བྱང་ཆུབ་དེར་ཞུས་པ་ལས་ཏིང་ངེ་འཛིན་དེ་མ་སྐྱེད་པར་སླར་སྡང་བ་ནི་མི་སྲིད་ཅེས་གསུངས་ལ། སྙིང་པོ་བྱང་ཆུབ་དེར་ཡང་དུས་ཇི་སྲིད་གཅིག་གིས་ཏིང་ངེ་འཛིན་དེ་བསྐྱེད་པ་ནི་རང་བཞིན་བརྩན་པར་བྱས་པའི་ཚེ་ནི་བཞེད་པ་ལ་རག ་ལས་པའི་ཕྱིར་དང། དུས་ལ་མངའ་བརྙེས་པས་སྐད་ཅིག་མ་ཕྱོགས་དང་པོའི་ཡུན་གྱིས་ཀྱང་དེ་སྙེད་པ་ལ་གནོད་པ་མེད་མོད་ཀྱི། གདུལ་བར་བྱ་བའི་དབང་གིས་གཅིག་ཁོ་ནར་ངེས་པ་མེད་པ་སྟེ། དེའི་ཕྱིར་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ཞེས ་བྱ་བའི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོ་ཞེས་བྱ་བ་དེ་བཙུན་མོའི་འཁོར་ནས་མངོན་པར་བྱུང་སྟེ། སྲས་བཅུ་དྲུག་སྤངས་ནས་སྙིང་པོ་བྱང་ཆུབ་ལ་བཞུགས་ཏེ། བདུད་བཅོམ་ནས་དེའི་འོག་ཏུ ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། བར་གྱི་བསྐལ་པ་ལྔ་བཅུར་སྐྱིལ་མོ་ཀྲུང་མ་བཤིག་པར་བཞུགས་པ་ལས། དེ་ནས་གདོད་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་ལ། བདག་ཅག་གི་རྗེ་བཙུན་ཤཱཀྱ་ཐུབ ་པའི་ཞལ་སྔ་ནས་ནི་སྙིང་པོ་བྱང་ཆུབ་ལ་གཞུགས་པའི་ཞག་དེ་ཉིད་ཀྱི་ཐོ་རངས་བར་ཆད་མེད་པའི་ཏིང་ངེ་འཛིན་བརྙེས་པས་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་ཏོ། །དེ་བཞིན་དུ་ཁྱོད་ཀྱི་དང་པོར་ལྷའི་བུའི། །བདུད་ཀྱི་མེ་ཏོག་རྒྱལ་མཚན་བསྙལ ་ར་ན་ཉོན་མོངས་བདུད་ཀྱིས་ནི། །ང་རྒྱལ་རྒྱལ་མཚན་མཐོན་པོ་བརྟིབ། །ཁྱོད་ཀྱིས་བྱང་ཆུབ་མ་བརྙེས་པ། །འདོད་ཁམས་དབང་ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ་ཞེས་བྱ་བ་ལ་སོགས ་པའི་ཚུལ་ཡང་གདུལ་བར་བྱ་བའི་སྣང་བ་དང། འཚམ་པར་བརྗོད་ཀྱི་རང་གི་རང་བཞིན་ནི་ཅི་ཁྱོད་བྱང་ཆུབ་པ་དང་དུས་ཅིག། ཁོ་ནར་བདུད་ཐམས་ཅད་ངེས་པར་བཅོམ་ལགས་སམ་ཞེས་བྱ་བ་ལ་སོགས་པར་རྗེས་སུ་འབྲང་བར ་བྱའོ། །དེ་ཡང་མཚན་ཉིད་ཀྱིས་རྣམ་པ་བཞི་ཡོད་པས་དང་པ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་བཞི་པོ་འདི་དག་སྐད་ཅིག་ལ་རྟོགས་པར་བྱེད་དམ། འོན་ཏེ་རིམ་གྱིས་བྱེད། ཕྱོགས་དང་པོ་ལྟར་ན་དང་པོ་གཉིས་ལ་སོགས་པའི་དོན་ཇི་ལྟར་དྲང་བར ་བྱ་ཕྱོགས་གཉིས་པ་ལྟར་ན་ཡང་སྐད་ཅིག་མ་གཅིག་པའི་མིང་ཇི་ལྟར་རུང་སྟེ། སྐད་ཅིག་མ་བཞི་པའི་མངོན་པར་རྫོགས་པར་བྱང་ཆུབ་པར་ཇི་ལྟར་མི་འགྱུར་ཞེ་ན། དེ་ནི་ཉེས་པ་མེད་དེ་ཕྱོགས་དང་པོ་ལྟར་ན་ཡང་དང་པོ་དང་གཉིས་པ་ལ་སོགས་པ་ནི ་གྲངས་བསྟན་པའི་རིམ་པ་སྨོས་པར་ཟད་ཀྱི། དོན་གྱི་དབང་དུ་བྱས་པའི་ཚེ་ནི་དང་པོ་ལ་སོགས་པར་མི་བརྗོད་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་ཡང་ཉེས་པ་མེད་དེ། བྱིས་པ་རྣམས་ཀྱི་སྐད་ཅིག་གཅིག་ཁོ་ན་ལ་དུས་ལ་དབང་ཐོབ་པ་རྣམས་ཀྱི་སྐད ་ཅིག་མ་བཞིའི་སྐབས་སུ་འགྱུར་བའི་ཕྱིར་ན། དེ་འདོད་ན་སྐད་ཅིག་ཀྱང་བསྐལ་པ་ཙམ་དུ་བྱིན་གྱིས་བརླབས་པ་བྱེད་དེ་ཞེས་ཇི་སྐད་གསུངས་པའི་ཚུལ་གྱིས་སོ། །གལ་ཏེ་དེ་ལྟར་སྐད་ཅིག་མ་བཞིའི་རིམ་པས་ཡིད་ལ་བྱེད་པ་ལ་སྐྱོན་མེད་ཅིང་བཅོམ་ལྡན ་འདས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོའི་ཞལ་སྔ་ནས་ཀྱང་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པའི་བྱང་ཆུབ་པ་འདི་བར་གྱི་བསྐལ་པ་ལྔ་བཅུར་བསྒོམ་པ་ཞིག་ན། དེའི་ཚེ་འདི་ཡང་ཇི་ལྟར་མཐར་གྱིས་པའི་མངོན་པར་རྟོགས་པར་མི་འགྱུར ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐབས་དང་པོ་སྔར་ནི་ཚོགས་ཀྱི་ལམ་ལ་སོགས་པ་སྔར་མ་མཐོང་བ་དང། མཐོང་བའི་དོན་རྣམས་ལ་རེ་རེ་ལ་ཡང་དུས་རིང་ཞིག་ཏུ་སྒོམ་པར་བྱེད་པ་ན་རང་རང་གི་གནས་སྐབས་པ་ཡིན་གྱི། མཐར ་གྱིས་པའི་མངོན་པར་རྟོགས་པ་མ་ཡིན་ལ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་སུ་ནི་པདྨ་འདབ་མ་བརྒྱ་འབིགས་པའི་བར་དུ་མྱུར་བའི་ཤུགས་ཀྱིས་སྔ་ཇི་ལྟར་མཐོང་བའི་ལམ་འབྲས་བུ་དང་བཅས་པ་རྣམས་རིམ་གྱིས་འཇུག་པའི་ཚུལ་ལས ་རིམ་པ་སྔ་མ་ལ་ཐོགས་པ་སྤངས་ཏེ། དེ་མ་ཐག་པའི་འཇུག་པས་རིམ་པ་འོག་མ་ཡང་དྲན་པའི་སྦྱོར་བས་ཡིད་ལ་བྱེད་ཀྱི། རིམ་པ་རེ་རེ་ལ་ཡུན་རིང་དུ་མི་གནས་པས་ན་མཐར་གྱིས་པ་སྟེ། རབ་ཏུ་མྱུར་བའི་རིམ་གྱིས་རྟོགས་པའི་མཐར་གྱིས་པའོ། །སྐབས ་བདུན་པའི་དབང་དུ་བྱས་ཏེ་ནི་སྐྱེས་བུ་རྩིག་པ་ལ་འཆོང་བའི་དཔེས་ནི་རིམ་གྱིས་ཡིད་ལ་བྱེད་པ་གཉི་ག་ལྟེར་མ་ཡིན་གྱི། སྔར་ཇི་ལྟར་ཡིད་ལ་བྱས་པའི་དོན་རྣམས་གཅིག་ཏུ་བསྡུས་ཏེ། དེ་དག་གི་སྤྱིའི་མཚན་ཉིད་གཅིག་ཏུ་བར་མ་ཆད་པས་བཞི་ཆར་དུས ་གཅིག་ལ་རྟོགས་པར་བྱེད་ཅིང་དུས་རིང་ཞིག་ཐོགས་པ་ལྟ་ཞིག་ན་ཡང་ཡིད་ལ་བྱེད་པ་ཅིག་ཉིད་ལ་ཡང་ནས་ཡང་དུ་གཏོད་ཀྱི་སྔོན་བཞིན་དུ་རིམ་གྱིས་མ་ཡིན་པའི་ཕྱིར་འདི་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་ལས་མཚན་ཉིད་གཞན་དུ་གྲུབ་པོ། །རྣམ་པར་སྨིན་པ ་མ་ཡིན་པའི་ཟག་པ་མེད་པར་ཞེས་བྱ་བ་ལ། རྣམ་པར་སྨིན་པ་ནི་རྣམ་པ་གསུམ་སྟེ། ས་དང་པོ་ལ་འཇིག་རྟེན་ལས་འདས་པ་རྣམ་པར་སྨིན་པ་དང། ས་བརྒྱད་པ་ལ་མཚན་མ་མེད་པར་རྣམ་པར་སྨིན་པ་དང། སངས་རྒྱས་ཀྱི་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་ ་གྱིས་གྲུབ་པར་རྣམ་པར་སྨིན་པ་སྟེ། དེ་དག་ཏུ་ཆོས་ཐམས་ཅད་གནས་སྐབས་སྔ་མ་ལས་མི་འདྲ་བར་སྨིན་པས་ན་རྣམ་པར་སྨིན་པའོ། །དེ་ལྟར་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་བ་ནི་གང་དག་མཐོང་པའི་ལས་རྒྱུད་ལ་སྐྱེས་པ་དེ་དག་གི་གཟུང་བ་དང ་འཛིན་པས་བསྡུས་པའི་ཆོས་ཇི་སྙེད་སྣང་བ་དེ་ཐམས་ཅད་ནི་རྣམ་པར་ཡིན་པར་མ་ཡིན་པ་ཞེས་བྱའོ། །ཟག་པ་མེད་པ་ཞེས་བྱ་བ་ལ་དེ་དག་གིས་འཇུག་པའི་དབང་དུ་བྱས་ཏེ། རྣམ་པར་སྨིན་པ་མ་ཡིན་དུ་ཟིན་ཀྱང། ཆོས་དེ་དག་གི་རང་བཞིན་ནི་ཟད་པ ་མེད་པ་ཡིན་ཏེ། བྱིས་པ་བྱང་ཆུབ་མི་ཤེས་ཀྱང། །དེ་དག་དེ་ལ་རྣམ་པར་གནས། ཞེས་གསུངས་པའི་ཚུལ་གྱིས་སོ། །འདིར་ཟག་པ་ནི་རྟོག་པ་དང་ཉོན་མོངས་པ་གཉི་ག་ལ་སྦྱར་རོ། །གཉིས་པ་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས ་སྐབས་ཀྱི་ཟག་པ་མེད་པར་ཞེས་བྱ་བ་ནི་སྔར་ཇི་སྐད་བཤད་པའི་རྣམ་པར་སྨིན་པ་གསུམ་གྱིས་བསྡུས་པ་འཕགས་པའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཆོས་ཇི་སྙེད་གནས་པར་གྱུར་པའི་ཕྱིར་རྣམ་པར་སྨིན་པ་ཞེས་བརྗོད་པ་དེ་དག་གི་རང་བཞིན ་ཆོས་ཉིད་ཀྱི་གནས་སྐབས་ཟག་པ་མེད་པ་ཁོ་ནར་གནས་པའོ། །རྣམ་པར་སྨིན་པ་ནི་གནས་ཡོངས་སུ་གྱུར་པའོ་ཞེས་བརྗོད་ན་གནས་གྱུར་པ་ཅི་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་སྣང་བ་རྣམ་པར་དག་པ་ལྟར་གྱུར་པ་ཡིན་གྱི་གང་དག་གིས། འགོག་དང་འདུ ་ཤེས་མེད་སྙོམས་འཇུག་།འདུ་ཤེས་མེད་པས་ལས་བྱུང། །མིག་ལ་ལྟོས་བཞིན་རྒྱུ་རྐྱེན་ལྟོས། །ཆད་ནས་ཡང་འབྱུང་འཁོར་འཇུག་ལྟོས་ཞེས་བྱ་བ་དང། །ལེན་དང་བཟོད་དང་གསལ་བ་དང། །ས་བོན་དང་ནི་ལས་རྣམས་དང། །ལུས་ཀྱིས་མྱོང་དང ་སེམས་མོད་པའི། །སྙོམས་འཇུག་དེ་བཞིན་འཆི་མི་འཐད་ཅེས་བྱ་བའི་རིགས་པས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡོད་པར་འདོད་ཅིང་དེ་གནས་ཡོངས་སུ་གྱུར་པ་དང། མ་གྱུར་པ་ལས་རྣམ་པར་སྨིན་པ་དང། རྣམ་པར་སྨིན་པ ་མ་ཡིན་པར་བརྗོད་པ་ནི་རིག་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ནི་ཡུལ་གང་ཞིག་འཛིན་པར་བྱེད་པ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་ལྷན་ཅིག་ཏུ་ཡང་མ་མཐོང་ལ། རྒྱལ་བ་ལ་སོགས་པའི་ཚེ་དེ་དག་རྒྱུན་ཆད་པ་ན་ཡང་མ་ཡིན་ཏེ། ་དེའི་ཕྱིར་རྟག་པ་དང་ཆད་པ་ལ་སོགས་ལྷ་བ་ལས་ཟློག་པའི་ཕྱིར་བདག་དང་ཀུན་གཞི་ལ་སོགས་པ་ནི། ཆོས་ཀྱི་དབྱིངས་དགོངས་པའི་གཞིར་བཞག་ལས་དེ་ཉིད་ལ་དེ་ལྟར་བསྟན་ཅིང་བརྟགས་པ་སྟེ། ཇི་སྐད་དུ་གསང་བའི་བདག་པོ ་དེ་ལ་འཁོར་བ་ཐོག་མ་མེད་པ་ནས་བྱིས་པའི་སྐྱེ་བོ་རྣམས་ངར་འཛིན་པ་དང་ང་ཡིར་འཛིན་པར་མངོན་པར་ཞེན་པས་བདག་གི་ཁྱད་པར་གྲངས་མེད་པ་རབ་ཏུ་བརྟགས་ཏེ། གསང་བའི་བདག་པོ་དེ་དག་བདག་གི་ངོ་བོ་ཉིད་ལ་མ་དཔྱད་པར་བདག་གོ་ཞེས ་ངར་འཛིན་པ་ཀུན་ནས་སློང་ངོ། །གཞན་དག་ནི་དུས་ལས་བྱུང་བ་དང་འཛིན་པ་པོས་སྤྲུལ་བ་པ་དང་ངེས་པར་འབྱུང་བ་དང་འདི་ལྟ་སྟེ། དབང་ཕྱུག་དང་འབྱིན་པ་པོ་དང། དུས་དང། གཙོ་བོ་དང། བྱེད་པ་པོ་དང། བྱེད་པ་པོ་མ་ཡིན་པ་དང། རྣལ་འབྱོར་དང། ་ཚད་མ་དང། དག་པ་དང། མ་དག་པ་དང། ནང་གི་བདག་དང། སྐྱེས་བུ་དང། ཁྱབ་བདག་དང་སྲོག་དང་གང་ཟག་དང། རྣམ་པར་ཤེས་པ་དང། ཀུན་གཞི་དང། ཤེས་པ་པོ་དང། མཐོང་བ་པོ་དང། གཟུང་བ་དང། འཛིན་པ་དང། ཤེས་པ་དང། ་ཤེས་བྱ་བ་དང། ཤེས་པར་བྱ་བ་དང། ཤེད་ལས་སྐྱེས་དང། ཤེད་བུ་དང། བརྗོད་པར་བྱ་བ་དང། རྗོད་པར་བྱེད་པ་དང། བརྗོད་པར་བྱ་བ་མ་ཡིན་པར་རྟོག་སྟེ། གསང་བའི་བདག་པོ་བདག་གི་ཁྱད་པར་དེ་ལྟ་བུ་ལ་སོགས་པ་རྣལ་འབྱོར་པ་དག་གིས ་ཐར་པས་སྔོན་བརྟགས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དེ་དག་གཉི་ག་ཡང་བྱེ་བྲག་མེད་པར་མཚན་ཉིད་མེད་པར་རྟོག་པར་བྱེད་པའི་ཕྱིར། གསུམ་པ་མཚན་ཉིད་མེད་པར་ཞེས་བྱ་བ་སྨོས་ཏེ ་མཚན་ཉིད་ནི་ཆོས་རྣམས་ཀྱི་རང་གི་ཐུན་མོང་མ་ཡིན་པའི་རང་བཞིན་སྲ་བ་དང། གྲང་བ་དང། རིག་པ་དང། བེམ་པོ་ལ་སོགས་པ་སོ་སོ་རང་གི་མཚན་ཉིད་མ་ལུས་པའོ། །དེ་མེད་པར་དོན་དམ་པར་རིག་པའི་མཐུ་མི་ཐེག་པས་ན་མེད་ཅེས་བརྗོད་ཀྱི། རི ་བོང་དྲ་ལྟ་བུ་ནི་མ་ཡིན་ཏེ། མ་བརྟགས་ན་ཉམས་དགའ་བའི་ངོ་བོ་སྒྱུ་མ་ཙམ་དུ་དེ་དག་རང་རང་གི་མཚན་ཉིད་དུ་ཡོད་པ་ནི་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་མེད་པ་དེ་དག་ཀྱང་མཚན་གཞི་ཐ་དད་པ་དང་སྲ་བ་དང། ཚ་བ་ལ་སོགས་པ ་ཐ་དད་པ་ལྟར། རང་རང་གི་ཡོད་པའི་མཚན་ཉིད་ལས་ལོག་པ་ཙམ་དུ་གནས་སོ་སྙམ་དུ་རྟོགས་ལ། དོན་དམ་པ་ནི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་དེ་ལྟར་ནི་མི་བསམ་པར་སྟོན་པ་བཞི་པ་གཉིས་སུ ་མེད་པའི་མཚན་ཉིད་དུ་ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་སྟོང་པ་ཉིད་དང་ཚོར་བ་ལ་སོགས་པའི་སྟོང་པ་ཉིད་གང་དག་ཡིན་པ་དེ་དག་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པར་རྟོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། ། ་རྟོགས་པ་ཞེས་བཞི་ཆར་གྱི་མཐར་ཆོས་ཐམས་ཅད་ཅེས་བྱ་བ་བསྟན་པ་ནི་རྟོགས་པ་དེ་དག་རེ་རེ་ཡང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་མ་ལུས་པར་བསྡུས་པའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་མ་གཅིག་པའི་མཚན་ཉིད ་ཅེས་བྱ་བ་སྨོས་པ་ཡང་རྟོགས་པ་དེ་དག་བཞི་ཅར་ཡང་ཁྱད་པར་ཅན་གྱི་ཡེ་ཤེས་ཀྱི་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་བྱེད་པར་སྟོན་པའོ། །དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ། སམ་ནི་རྫོགས་པའི་དོན་སྟོན་པ་སྟེ ་ཆོས་ཐམས་ཅད་ཅེས་སྨོས་པས་སོ། །དེ་ནས་ནི་མངོན་དུ་བྱང་ཆུབ་པ་སྟེ་མངོན་དུ་རྟོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་སྐད་དུ་བྱང་ཆུབ་སེམས་དཔའ་བསྐལ་པ་མང་པོ་ཞིག་ཏུ་ཀུན་རྫོབ་ཀྱི་དངོས་པོ་རྣམས་ཀྱང་མ་ལུས་པར་པདྨའི་འདབ་མ་ལྟར ་མ་འདྲེས་པར་རང་གི་མཚན་ཉིད་དང། ལམ་སམ་རྒྱུ་ལ་སོགས་པར་ཤེས་པ་ལ་གོམས་པར་བྱས་ལ། དེ་དག་གི་རང་བཞིན་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་ཡང་ཡུན་རིང་དུ་གོམས་པར་བྱས་པ་ལ་གོམས་པའི་མཐུ་མཐར་ཐུག་པའི་རྟོགས ་པ་འདི་སྐྱེ་བ་ན་ཀུན་རྫོབ་ཀྱི་བདེན་པ་དང། དོན་དམ་པའི་བདེན་པ་གཉིས་གཅིག་ཅར་ཉིད་དུ་ཡེ་ཤེས་ཀྱིས་ཡུལ་དུ་བྱས་ནས་ཕན་ཚུན་འགལ་བར་སྣང་བ་དག་མི་འགལ་བར་ཡུལ་དུ་བྱེད་པ་ནི་ཡུལ་གྱི་རང་བཞིན་དེ་ཉིད་དེ་ལྟར་གནས་པའི ་ཕྱིར་ཡང་སྟེ་ཇི་སྐད་དུ། འོ་ན་དེ་ནི་རྟོགས་གྱུར་པས། །དེའི་རང་བཞིན་མངོན་སུམ་ཕྱིར། །མི་མཁས་རྣམས་ཀྱང་དངོས་རྣམས་ཀྱི། །དངོས་པོ་འདི་འདྲ་ཅི་མི་རྟོགས། །མ་ཡིན་ཐོག་མེད་རྒྱུད་ལྕི་བར། །དངོས་པོར་སྒྲོ་བཏགས་དབང་བྱས་པས། །དེའི་ཕྱིར ་སྲོག་ཆགས་ཐམས་ཅད་ཀྱིས། །མངོན་སུམ་རྟོགས་པར་མི་འགྱུར་རོ། །དེ་ལ་སྒྲོ་བཏགས་གཅོད་བྱེད་པ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱིས། །རྗེས་སུ་དཔོགས་ན་ཤེས་པར་བྱེད་དོ། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ་ཞེས་བྱ་བ་ལས ་གླེངས་ཏེ། ཐོག་མ་མེད་པའི་སྲིད་པར་སྐྱེད་པ་དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་དཀྲུགས་པའི་བློ་ཅན་དག་གིས་མངོན་སུམ་ཙམ་དུ་རྟོགས་པས་རྣམ་པ་རྣམས་ཁོང་དུ་ཆུད་པར་མི་ནུས་ཏེ། འདྲ་བ་གཅིག་ནས་གཅིག་ཏུ་རྒྱུད་པ་དམིགས་པས ་བློ་སྣང་བ་དག་གིས་སྐད་ཅིག་མ་མི་རྟོགས་པ་བཞིན་ནོ་ཞེས་བཤད་ཅིང་དེ་ལས་ཀྱང་བརྩམ་སྟེ། འདིས་ན་དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པ་དབེན་པ་ནི་སྟོང་པ་ཉིད་ཅེས་བྱ་ན། སྟོང་པ་ཉིད་སྒྲོ་བཏགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་བཟུང་བཞིན་དུ་བྱིས་པ་རྣམས་ཀྱིས་ངེས་པར་མི་འགྱུར་ཏེ། དེའི་ཕྱིར་གཟུང་མོད་ཀྱི་ཐ་སྙད་གདགས་སུ་མི་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་ཉིད་ཡིན་པས་འདི་ནི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ནོ་ཞེས ་བསྟན་ཏོ། །དེའི་ཕྱིར་བློའི་འཇུག་པའི་དབང་དུ་བྱས་ཏེ་དོན་དམ་པའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ལས་རྣམ་པར་དབེན་པ་ཡིན་ཏེ། ས་རབ་ཏུ་དགའ་བ་ལ་སོགས་པའི་མཉམ་པར་བཞག་པའི་ཡེ་ཤེས་ལ་ཀུན་རྫོབ་རྣམས་མི་སྣང་བའི་ཕྱིར་རོ། ་ཀུན་རྫོབ་ཀྱི་བདེན་པ་དེ་ཡང་དོན་དམ་པའི་བདེན་པ་ལས་སོ་རྣམ་པར་དབེན་པ་སྟེ་བྱིས་པ་རྣམས་ཀྱིས་ཤེས་པ་ལ་ནི་ཀུན་རྫོབ་འབའ་ཞིག་སྣང་བའི་ཕྱིར་རོ། །ཤེས་རབ་དང་ཐབས་གཉི་ག་ལ་གོམས་པ་ཕུལ་དུ་བྱུང་བའི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང། ཐུབ་པའི་དབང་པོ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་པ་རབ་འབྱམ་གྱིས་ནི་གཉི་ག་ལྟར་སྣང་བ་རྣམ་པར་བཏང་སྟེ། བདེན་པ་གཉིས་སུ་དབྱེར་མེད་པར་སྣང་བའི ་དབང་གིས་སྲིད་པ་དང། ཞི་བ་གཉི་གར་མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་སྟེ། དོན་འདི་ལ་སྦྱར་བའི་ཕྱིར་ནི་འཕགས་པ་ས་བཅུ་པའི་ལེའུ་ལས། ས་མི་གཡོ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དག་པར་བསྐུལ་བའི་དབང ་དུ་བྱས་ཏེ། དེ་དག་ས་བདུན་ཤེས་རབ་ཐབས་ཀྱིས་རབ་སྦྱངས་ཤིང། །ཤིན་ཏུ་ཚོགས་བསགས་སྨོན་ལམ་ཆེན་པོ་རབ་ཏུ་བཏབ། །མི་ཡི་དམ་པས་བྱིན་བརླབས་དགེ་བའི་རྩལ་ལྡན་ཞིང། །ཡེ་ཤེས་མངོན་འདོད་མཁས་པ་བརྒྱད་པ་ཡོངས་སུ ་གནོན། །བསོད་ནམས་ཡེ་ཤེས་ཉེར་བསགས་སྙིང་རྗེ་བྱམས་ལྡན་ཞིང། །ཚད་མེད་སེམས་ཀྱི་རྗེས་སོང་མཁའ་དང་འདྲ་བའི་བློ། །དྲང་སྲོང་ཆེན་པོ་ཆོས་ཐོས་རྟོགས་པའི་སྟོབས་ལྡན་པས། །མི་སྐྱེ་བའི་བཟོད་པ་ཕྲ་ཞིང་ཞི་བ་རབ་ཏུ་ཐོབ། །སྔ་ནས་མ ་སྐྱེས་མི་སྐྱེ་མཚན་ཉིད་མེད་པ་དང། །མ་བྱུང་འཇིག་པ་མེད་ཅིང་རྒྱུ་བ་མེད་པ་དང། །དངོས་པོ་སྐྱེ་འཇིག་མེད་ཅིང་དེ་ཉིད་རྟོག་མེད་པ། །ཡིད་དང་སེམས་ཀྱི་རྒྱུ་བ་མེད་ཅིང་ནམ་མཁའ་འདྲ། །དེ་དང་འདི་འདྲ་བཟོད་ལྡན་སྤྲོས་པ་མེད་གྱུར་བའི། །མཁས ་བའི་ཟབ་སྤྱོད་ཞི་བའི་གནས་རབ་ཐོབ་པ་ཡིན། །དགྲ་བཅོམ་རང་རྒྱལ་འགྲོ་བ་ཀུན་གྱིས་ཤེས་པར་དཀའ་། །མཚན་མ་སྣ་ཚོགས་འཛིན་པའི་འདུ་ཤེས་རྣམ་པར་གསལ། །དེ་ལྟར་གནས་པའི་ཡིད་དང་སེམས་ནི་རྟོགས་པ་མེད། །དགེ་སློང་འགོག ་དང་ལྡན་ལྟར་རྣམ་པར་རྟོག་མི་འཐོབ། །རྨི་ལམ་ཆུ་ཁྱེར་གཉིད་སད་བཞིན་དུ་རྩོལ་དང་བྲལ། །ཚངས་པའི་གནས་ཀྱི་འདོད་པ་ཇི་བཞིན་ཉིད་ཀྱང་མེད། །སྔོན་གྱི་བྱིན་གྱི་བརླབས་ཀྱིས་བདེ་གཤེགས་བསྐུལ་བ་མཛད། །འདི་ནི་བདེ་གཤེགས་དབང ་བསྐུར་བཟོད་པ་དམ་པ་སྟེ། །ངེད་ཀྱི་ཡེ་ཤེས་སྟོབས་ཡང་སངས་རྒྱས་ཆོས་ཀྱི་རྣམས། །དེ་དག་ཁྱོད་ལ་མེད་ཀྱིས་དེ་ལ་བརྩོན་འགྲུས་རྩོམས། །ཅི་ཕན་ཁྱོད་ཀྱི་ཉོན་མོངས་འབར་བ་ཀུན་ཞི་ཡང། །འཇིག་རྟེན་ཉོན་མོངས་མིས་ཚིག་དེ་དག་མི་ལྟ ་འམ། །སེམས་ཅན་ཕྱིར་སྤྱད་པ་ཡི་སྔོན་གྱི་སྨོན་ལམ་སོམས། །འགྲོ་བ་མཐར་གྱུར་ཡེ་ཤེས་དོན་ཞུགས་ཤེས་རབ་ཀྱིས། །ཆོས་ཉིད་དེ་བཞིན་ཉིད་འདི་མི་རྟོགས་རྟག་ཏུ་འདུག་།ས་ནི་རྒྱལ་བ་ཉན་ཐོས་རང་རྒྱལ་ཀུན་གྱི་སྟེ། །འདིས་ནི་འཇིག ་རྟེན་དག་ཏུ་སྟོབས་བཅུ་མི་བརྗོད་དོ། །གཞན་དུ་ཡེ་ཤེས་ཡངས་པ་དུས་གསུམ་ཚད་ཀྱིས་བརྗོད། །དེ་ལྟར་དེ་ལ་མཚུངས་མེད་ལྷ་དང་མིས་མཆོད་པ། །ཡེ་ཤེས་སྒོ་མོ་རྣམས་མང་ཉེ་བར་བསྒྲུབ་པ་མཛད། །རྒྱལ་བའི་ཆོས་བསྒྲུབས་ཕ་རོལ ་མཛའ་ཡས་བཞུགས་མཛད་པ། །དེ་ལ་སྔོན་གྱི་བྱང་ཆུབ་སྤྱོད་པ་ཆར་མི་འགྲོ་།ཁྱུ་མཆོག་འདི་དག་ཡེ་ཤེས་མཆོག་འདི་ཐོབ་ནས། །ཕྱོགས་རྣམས་ཀུན་ཏུ་སྐད་ཅིག་གཅིག་གིས་རྒྱས་འགེངས་པ། །ཡེ་ཤེས་ཤུགས་དང་ལྡན་ཞིང་མངོན་ཤེས་ ་མཆོག་ཐོབ་པས། །རྒྱལ་མཚོ་ཆེར་ཕྱིན་གྲུ་ཆེན་རླུང་གིས་ཁྱེར་བ་བཞིན། །ཆེད་དུ་སྐྱོ་སེམས་བྲལ་ཞིང་ཡེ་ཤེས་ལས་ལ་གནས། །ཞིང་རྣམས་འབྱུང་ཞིང་གནས་པ་རྣམ་པར་སྤྱོད་པར་བྱེད། །ཁམས་རྣམས་བཞི་པོ་ཁ་དོག་ཐ་དད་སྤངས་པ ་དང། །ཕྲ་ཞིང་ཆེ་དང་རྣམ་པར་ཆེ་ལ་ཡང་དག་འཇུག་།སྟོང་གསུམ་ཤིན་ཏུ་རྡུལ་ཕྲ་ཀུན་ལ་འཇུག་བྱེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་གང་དག་སངས་རྒྱས་ཀྱི་ཀུན་ཏུ་བཟང་པོ་ལ་སྣང་བ་དང་བཅས་པའི་ཡེ་ཤེས་མི་འདོད་ཅིང། རྣམ་པར ་མི་རྟོག་པའི་ཡེ་ཤེས་ཙམ་ཞིག་འདོད་པ་ཡང་ཇི་ལྟར་རྣལ་འབྱོར་སྤྱོད་པ་པ་རྣམ་པ་མེད་པར་སྨྲ་བ་རྣམས་ཀྱིས། མི་རྟོགས་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད་ཅེས་བྱ་བ་དང། ་དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་རིག་པ་མ་ཡིན་ནོ་ཞེས་བསྟན་པ་དང་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི ་དོན་དམ་པའི་བདེན་པ་རབ་ཏུ་ཞི་བ་དེ་ཐུགས་རྗེ་ཆེན་པོས་ཆེད་དུ་མངོན་སུམ་དུ་མི་མཛད་ཀྱིས། བདེན་པ་གཉིས་སུ་དབྱེར་མེད་ཅིང་ཕ་རོལ་གྱི་དོན་དང་རྣམ་པར་ཤེས་པ་གཉིས་གང་དུ་ཡང་རྟག་ཏུ་མེད་མོད་ཀྱི་ཆོས་ཀྱི་དབྱིངས་ཀྱི་མཐུ་རླབས་སྣ ་ཚོགས་སུ་སྣང་བའི་རྣམ་པར་རི་མོར་བྲིས་པ་ལྟ་བུ་རྣམ་པ་མ་ལུས་པ་གསལ་བར་གྱུར་པས་བཞུགས་པར་ངེས་སོ། །གང་ཡང་ས་ལ་གཟུགས་རྣམས་ཡོད་པ་དང། །ལྷ་ཡུལ་གནས་པའི་ཁྱིམ་རྣམས་ནི། །རྣམ་པ་སྣ་ཚོགས་གང་སྣང་བ། །དེ་དག ་ཀུན་གཞི་སྣང་བ་ཡིན། །ཀུན་གཞི་ཀུན་ཏུ་ལག་པ་སྟེ། །ཀུན་ཏུ་ཁ་མིག་མགོ་བོ་ཡང། །གཅིག་ཅར་རམ་ནི་རིམ་གྱིས་ནི། །ས་རྣམས་ཁྱབ་པར་རབ་ཏུ་གནས། །བྱིས་པ་རྣམ་པར་མྱོས་བྱེད་དེ། །རང་གི་སྙིང་ལ་གང་གནས་པ། །དེ་ནི་དེ་ལ་གཉིས་ཚུལ་དུ།། ་ལུས་ཀུན་བཀང་སྟེ་རབ་ཏུ་གནས། །ཞེས་བསྟན་ནས་དེ་ནས་ཡང་ཀུན་གཞི་ཞེས་བྱ་བར་བཏགས་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་ལ་ཆོས་ཀྱི་དབྱིངས་དེ་ཉིད་དེ་སྐད་ཅེས་བྱ་བའི་མིང་དུ་བཏགས་ཏེ་བསྟན་ཏོ་ཞེས་སྟོན་པར་མཛད་པ་ནི། །སྟོང་མིན་དངོས་པོ་གང ་ཡང་མེད། །ཐོ་བས་རྫ་མ་ཇི་བཞིན་དུ། །དངོས་པོ་གང་ལ་གཞོམ་བྱ་བའི། །དངོས་པོ་དངོས་སུ་ཡོད་མ་ཡིན། །དེ་སྟེ་སྟོང་པའི་དངོས་ཡོད་ན། །འཇིགས་བྱེད་མ་ཡིན་གཞིག་པར་འགྱུར། །གཞིག་བྱ་གཞིག་པར་བྱེད་པ་དང། །དེ་ནི་རྣམ་པར་རྟོག་པས་བཏགས་ཞེས ་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། དང་པོ་བདག་ཏུ་སྨྲ་བ་དང། ཕྱི་རོལ་གྱི་དོན་དུ་སྨྲ་བ་སུན་ཕྱུང་སྟེ། ཤེས་བྱ་ནང་གི་ཉིད་དུ་བསྒྲུབ་པ་མཛད་ནས་དེ་ནས་སླར་ཡང། །དེ་ནི་ཇི་བཞིན་དེར་ནི་སྣང། ཇི་ལྟར་སྣང་སྟེ་དེ་བཞིན་མིན། །རྣམ་ཤེས་བདག ་མིན་ཚུལ་ཡིན་པས། །རྣམ་ཤེས་མིན་པའི་གཞི་གཞན་སྣང། །དཔེར་ན་ཁབ་ལེན་མཐོང་བ་ན། །ལྕགས་ནི་མྱུར་དུ་ཡོངས་སུ་འགུལ། །འདི་ལ་སེམས་དཔའ་ཡོད་མིན་ན། །སེམས་དང་བཅས་པ་བཞིན་དུ་སྣང། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །སེམས་མེད་སེམས ་དང་བཅས་པ་བཞིན། །འགྲོ་དང་འོད་བས་རྣམ་གཡོ་ཞིང། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི་མཛའ་མ་ལས། །ངེས་པར་རླབས་ནི་རྣམ་པར་གཡོ། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །ལུས་ལ་བརྟེན་ཏེ་གཡོ་བར་བྱེད་ཅེས་བསྟན་ཅིང། །དཔེར་ན་བུ་རམ ་མངར་བ་དང། །མེ་ནི་ཚ་བའི་རང་བཞིན་ཏེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ནི། །སྟོང་པའི་རང་བཞིན་ཉིད་དུ་འདོད་ཅེས་གསུངས་པས། སྣ་ཚོགས་ཀྱི་དབྱིངས་དེ་ཉིད་སྣང་བ་དང་བདེན་པ་གཉིས་དབྱེར་མེད་པར་བསྟན་ཏོ། །ས་རབ་ཏུ་དགའ་བ་ལ་སོགས་པར་ནི་དེ ་དག་གཅིག་མངོན་དུ་བྱས་པ་ན་གཅིག་མི་སྣང་བས་ཕན་ཚུན་བཟློག་པའི་ངོ་བོར་གནས་ཤིང། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་དེ་དག་དབྱེར་མེད་པར་མོས་པ་ཙམ་ཞིག་བྱེད་པ་ནི་སྔར། དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་དེས་འཛིན་དང།། ་ཞེས་གསུངས་པར་གསལ་པོར་བསྟན་པ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཉིད་དུ་ངེས་པར་འཛིན་པ་དང་ཞེས་བསྟན་པས་སོ། །ལུགས ་ལས་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པའི་ངག་གཅིག་པོ་འདི་ནི་མཚན་ཉིད་རྣམ་པ་བཞི་ཅར་ལ་ཡང་སྦྱར་བར་བྱའོ། །སྦྱིན་པ་ལ་སོགས་པའི་ཡེ་ཤེས་བྱ་བ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་རབ་ཏུ་བསྡུ་བར་མངོན་པར་རྟོགས་པའི ་རིམ་པ་སྨོས་པ་ཡིན་མོད་ཀྱི། །དེའི་ནང་ནས་ཀྱང་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་གསུམ་ལས་གང་ཡང་རུང་བ་གཅིག་སྐད་ཅིག་ལ་དམིགས་པས་བཤད་པ་དང་འཆད་པར་འགྱུར་བའི་དོན་མ་ལུས་པ་སྐད་ཅིག་མ་གཅིག་ལ་དམིགས་པར་ནུས་ཏེ་དེའི་རྒྱུ་མཚན ་བསྟན་པའི་ཕྱིར། །དངོས་པོ་སོ་སོར་ངེས་པར་འཛིན་པ་དང་བྲལ་བ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གཅིག་ཏུ་གོམས་པས་སོ། །དེའི་ཕྱིར་སོ་སོར་འཛིན་པ་ལས་གོ་བཟློག་པའི་ངོ་བོས་ནི་མང་པོ་གཅིག་ཏུ་བསྡུས་པ་འབའ་ཞིག་ཏུ་མ ་ཟད་ཀྱི་ཟོ་བའི་དོང་བུའི་དཔེས་གཅིག་གིས་ཀྱང་མང་པོ་སྡུད་ནུས་པས་ན། སྦྱིན་པ་ལ་སོགས་པ་རེ་རེས་ཀྱང་སྦྱིན་པ་ལ་སོགས་པ་ནས་དཔེ་བྱད་བཟང་པོ་བརྒྱད་བཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་བསྡུས་པའི་ཕྱིར་ཞེས་ཚིག་རྣམ་པར་སྦྱར་རོ། །སྔོན ་གྱི་སྨོན་ལམ་གྱི་ཕེན་པ་དང་ཞེས་བྱ་བ་ནི། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟོགས་པར་གྱུར་ཅིག་ཅེས་བྱ་བ་དང། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པ་རྒྱུན་དུ་སྟོན་པའི་དབང་གིས་ཏེ་དེ་བས་ན་འཕགས ་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང། བཟང་པོའི་སྤྱོད་ལམ་ཇི་ལྟ་པ་བྱང་ཆུབ་སེམས་ལ་གཞོལ་བ་ཡིས། །བློ་གྲོས་གཡོ་བ་མེད་པར་བྱ་ཞེས་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་མཐུ་ནི་ཐམས་ཅད་དེའི་རང་བཞིན་ཡིན་པས ་གཅིག་དང་ཐ་དད་པ་ཉིད་མེད་པས་ཡང་དག་པར་ན་གཅིག་གིས་དུ་མ་ཏབསྡུས་པ་ཉིད་ཀྱང་མ་ཡིན་པས་ངོ་མཚར་ཅི་ཞིག་ཆེ་ཞེས་བྱའོ། །ཚིག་ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །སྐབས་བདུན་པའི་འགྲེལ་བཤད་རྫོགས་སོ། ། ་དེ་ལྟར་སྐབས་བདུན་པོ་དེ་དག་གིས་རྒྱུའི་གནས་སྐབས་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་སྐབས་བརྒྱད་པ་འབྲས་བུའི་བདག་ཉིད་བསྟན་པར་བྱ་བའི་ཕྱིར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ ་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ནི་ངོ་བོ་ཉིད་དང། ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པ་རྣམས་སོ། །ཁ་ཅིག་ན་རེ་སློབ་དཔོན་གྱི་ཞལ་སྔ་ནས་ནི་གཞུང་གཞན་དུ་སྐུ་གསུམ་དུ་བསྟན་པས་དེ་ལྟར་བཞེད ་མོད་ཀྱི། འདི་ནི་མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི། གདམས་ངག་གཙོ་བོར་མཛད་པས་ན། དེའི་བཞེད་པ་བཀོད་པའོ་ཞེས་ཟེར་ཏེ། འོག་ནས་སྐུའི་གྲངས་ངེས་པར་ཐ་དད་པ་བསྟན་པའི་ལུགས་གང་ཡང་སུན་མ་ཕྱུང་བས་ན། དེ་ལྟར་ངེས་པ་ནི་ཅི་ཡང ་མེད་དོ་སློབ་དཔོན་གྱི་ཞལ་སྔ་ནས་ནི་སྐུ་དུར་བཞག་ཀྱང། ཉེས་པ་མེད་པར་གཞེད་པར་གསལ་ལོ། །དང་པོ་ཞེས་བྱ་བ་ནི་གྲངས་ཀྱི་དང་པོ་འམ། ཡང་ན་མཆོག་གི་དོན་གྱིས་དང་པ་སྟེ། སྔར་རང་བཞིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེ་བའི་བདག་ཉིད་བསྟན ་པའི་སྐབས་སུ་བསྟན་པའི་ཚུལ་གྱིས་སོ། །ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་འདི་ནི་ངོ་བོ་ཉིད་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་ན་ངོ་བོ་ཉིད་ཀྱི་སྐུ་ཞེས་གཞི་མཐུན་པའི་བལྡུ?་བའོ། །དེ་ལ་ངོ་བོ་ཉིད་ནི་ཆོས་ཅན་ཁྱད་པར་ཅན་རྣམས་ཀྱི་ཆོས་ཉིད་ཁྱད་པར་ཅན་གང་ཡིན་པ་དེ ་འདིར་ངོ་བོ་ཉིད་ཅེས་བྱའོ། །ཆོས་ཅན་ཁྱད་པར་ཅན་རྣམས་ནི་སངས་རྒྱས་ཀྱིས་ཀུན་ཏུ་བཟང་པོའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །དེ་དག་གི་ཆོས་ཉིད་ཁྱད་པར་ཅན་གང་ཡིན་པ་ནི་དོན་དམ་པའི་བདེན་པ་གང་ལ་སེམས་ཀྱི་རྒྱུ་བ་མེད་ན་ཡི་གེ་རྣམས་ལྟ ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྟེ། དེའི་ཕྱིར་དེ་བཞིན་ཉིད་རྣམ་པར་དག་པ་དང་རྣམ་པར་དག་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཅན་གྱི་དབང་གིས་རྣམ་པར་བཞག་པ་མ་ཡིན་པ་གཞན་གྱིས་ནི་ཆུང་ཟད་ཀྱང་རྣམ་པར་གཞག་པ་ནུས་པ་མ་ཡིན་ལ། ཆོས་ཅན་དང། དེའི ་ཆོས་ཉིད་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའོ་ཞེས་སྔར་བསྟན་ཏོ། །དེ་དག་གི་རང་བཞིན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་དེ་དག་གི་རང་བཞིན་ནི་ངོ་བོ་ཉིད་དེ་ཞེས་བྱ་བའོ། །མཚན་ཉིད་ཅན་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་སྐྱེ་བ་མེད་པའི་ངོ་བོ་ཉིད་འདི་ཡིན་ཏེ ་ཞེས་བྱ་བ་སྟེ། མཚན་ཉིད་ཅེས་བྱ་བ་ནི་རང་བཞིན་དེའི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་ཁྱད་པར་འགའ་ཞིག་ལ་བློས་ཐ་དད་པར་བཟུང་བའི་ངོ་བོ་ཉིད་ལ་བྱ་བའི་ཕྱིར་ལ་འདིར་ནི་ཐ་དད་པ་མ་ཡིན་པའི་ཆོས་ཀྱི་མཚན་ཉིད་དེ་ཡང་སྐྱེ་བ་མེད་པ་ཉིད་ལ་འདོད་དེ། དེས་ན་རང ་བཞིན་དང་དེའི་མཚན་ཉིད་སྐྱེ་བ་མེད་པ་སྟེ། དེ་ལས་གཞན་མ་ཡིན་པ་བློས་མཚོན་པར་བྱ་བ་དང། མཚོན་པར་བྱེད་པ་ཙམ་དུ་བཏགས་པའོ། །བཅོས་མ་མ་ཡིན་པའི་དོན་གྱིས་ཤེས་བྱ་བ་དང། ངོ་བོ་ཉིད་དང་ལྷན་ཅིག་སྐྱེ་བ་དང། མ ་བཅོས་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཏེ། དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་ལྟར་ཡིན་གྱི་སུས་ཀྱང་བྱས་པ་མ་ཡིན་པས་ཞེས་བསྟན་ཏེ། གསུམ་པ་འདི་ནི་གཏན་ཚིགས་སུ་བལྟ་བར་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ཀྱི ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའི་མཉམ་པར་བཞག་པའི་ཤེས་པ་སེམས་རྒྱུ་བ་མེད་པ་ནི་དེ་ཐོབ་པ་སྟེ་དེ་དང་དབྱེར་མེད་པར་འགྱུར་བའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པ་ཡང་དེའི་འཕན་པ་དང་མ་བྲལ་བས་ན་ཐོབ་པ་ཞེས་བྱའོ། །འཇིག་རྟེན་ལས ་འདས་པའི་ལམ་གྱིས་ཐོབ་པ་ཉིད་བསྟན་པ་ནི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རྟོགས་པས་ཐོབ་པ་ཡིན་ནོ་ཞེས་སྨོས་ཏེ། རྣམ་པར་ཤེས་པ་ནི་ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་རབ་རྣམས་སོ་དེ་ཉིད་དོན་དམ་པར་མེད་དུ་ཟིན་ཀྱང་ཀུན ་རྫོག་ཙམ་དུ་དོན་བྱེད་པ་མི་འདོར་བས་ན་སྒྱུ་མ་ལྟ་བུས་ཞེས་བྱ་བ་སྨོས་སོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ་ཞེས་གསུངས་པས་སོ། །ཐོབ་པ་ནི་སྔ་མ་བཞིན་ནོ། །གཞན་ཡང་ངོ་བོ ་ཉིད་ཀྱི་སྐུ་ཐོབ་པ་ནི། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད་ཅེས་གསུངས་པས། བྲལ་བའི་སྒོ་ནས་ཐོབ་པ་རྣམ་པར་ངེས་པར་བཞག་སྟེ། ནད་མེད་པ་ཐོབ་པ་ལྟ་བུའི་དཔེས་སོ། །ཆོས་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི ་རྗེས་སུ་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཐོབ་པར་རྣམ་པར་བཞག་པ་སྟེ་འདི་ནི་དེ་ཙམ་གྱིས་ངེས་པར་བཞག་པར་བྱ་བ་ལས་རྣམ་པ་གཞན་དུ་མི་ནུས་པས་སོ། །འདི་རྣལ་འབྱོར་གྱི་མངོན་སུམ་དུ་སྒྲུབ་པའི་ཚུལ་ཡང་དེ་ཉིད་ཡིན་པར་ཟད་དོ། །ཆོས་ཅན་ཀུན་རྫོབ ་མཁྱེན་པ་རྣམས་ནི་རང་རིག་པའི་མངོན་སུམ་གྱི་རྣམ་པར་བཞག་གོ་།དེ་ཉིད་ཀྱང་རྗེས་སུ་དཔག་པ་དང་ད་ལྟར་བས་རྣམ་པར་བཞག་ཅིང་དེ་ཡང་ད་ལྟར་བའི་མངོན་སུམ་ལས་འབྲེལ་བ་ཐོབ་པའོ། །དེ་དག་གི་རིམ་པར་འབྲེལ་བ་ནི་རྒྱུ་རྣམས་བྱ་བ་བྱེད་པའི ་རིག་པ་ཉིད་ཡིན་པའི་ཕྱིར་དང་འབྲས་བུ་རྣམས་བལྟོས་པའི་རིག་པ་ཡིན་པའི་ཕྱིར་རོ། །དེ་དག་གི་ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་ནི་ཆོས་ཉིད་ཀྱི་རིག་པས་སེལ་བར་བྱེད་དེ། དེས་ན་སངས་རྒྱས་ཀྱི་ས་ལ་ངེས་པར་འབྱེད་པའི་ཚུལ་ནི་རིག་པ་བཞི་ཅར་གྱིས་བསྒྲུབ ་པར་བྱའོ་ཞེས་བྱ་བར་གནས་སོ། །གཞན་དག་ནི་འདི་ནི་ལུང་གིས་འགྲུབ་པ་ཡིན་གྱི་རིག་པའི་ལམ་གྱིས་བསྒྲུབ་པའི་མི་བྱའོ་ཞེས་ཟེར་ཏེ་དེ་དག་གིས་ཀྱང་ལེགས་པར་སྨྲས་སོ། །ཁ་ཅིག་ནི་དེ་མི་འདོད་དེ་ལུང་ནི་རྗེས་སུ་དཔག་པའི་ཚད་མར་འདུས་པའི་ཕྱིར་ལུང ་འབའ་ཞིག་གིས་ཇི་ལྟར་ཚིགས་མེད་པར་འཇུག་པར་བྱ་ཞེས་ཟེར་རོ། །ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དེའི་རྗེས་ལ་ཐོབ་པའི་སྣང་བ་ཉིད་ཡིན་གྱི་གཙུག་ལག་ཁང་གཅིག་ལ་བྱིས་པ་རྣམས་ཀྱི་ཐུན་མོང་གི་ཐ་སྙད ་ལ་བསྟན་པ་ནི་འདིར་མི་གཟུང་ངོ། །སྣང་བ་ཞེས་བྱ་བ་ནི་སྣང་བ་ཙམ་ཡིན་གྱི་དེ་དག་དངོས་པོར་གྲུབ་པའི་མཐུ་ཅན་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཞེས་སྨོས་ཏེ་ཀུན་རྫོབ་ནི་དངོས་པོ་ཉིད་དུ་བཞག་པ་མེད་དོ་ཞེས་སྔར ་བསྟན་པའི་ཚུལ་གྱིས་ཏེ། དངོས་པོ་ཞེས་བྱ་བ་ཡང་རིག་པ་དང་ལྡན་པར་དོན་བྱེད་པར་ནུས་པའི་རང་བཞིན་ཡིན་ན། ཡང་དག་པའི་ཀུན་རྫོབ་པ་དེ་དག་ནི་རིག་པའི་སྤུངས་མི་བཟོད་པས་ན་དེ་ལྟར་ག་ལ་ཞིག་འགྱུར། །དེའི་ཕྱིར་སངས་རྒྱས་ཀྱིས་ཀུན་ཏུ་བཟང ་བ་འབྲུལ་བའི་དྲི་མ་མཛའ་དག་མ་ལུས་པར་སྤངས་པ་ལས་ལུས་དང་ངག་གི་བཀོད་པ་སེམས་ཅན་དང་སེམས་ཅན་མ་ཡིན་པས་བསྡུས་པ་ཇི་སྙེད་ཅིག་སྣང་བ་དེ་དག་ནི་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་དེ་ཉིད། གདུལ་བྱ་རྣམས་ལ་རང་རང་གི་ཇི་ལྟར་མོས་པས ་རབ་ཏུ་ཕྱེ་བ་ཉིད་དུ་སྣང་བའོ། །གདུལ་བྱ་དེ་དག་ཀྱང་གང་ཞེ་ན། སངས་རྒྱས་རྣམས་ནི་དང་པོ་སྟེ། དེ་དག་ལ་ནི་ཆོས་ཀྱི་སྐུ་གཉིས་པ་ཕན་ཚུན་དུ་སྣང་ངོ། །དོན་དམ་པའི་སྐུ་དང་པོ་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཀྱི་ཡང་ཡུལ་མ་ཡིན་ཏེ། དེ་ནི་ཡུལ་གྱི་རང་བཞིན་གང་དུ་ཡང་མ་གྱུར་པས་སོ། །ཆོས་ཀྱི་སྐུ་སྟེ་གཉིས་པ་ནི་དེ་དག་གི་ཡེ་ཤེས་ཀྱི་སྣང་བ་རབ་འབྱམས་དག་ལ་ལྷུན་གྱིས་གྲུབ་པར་སྣང་ཏེ་དེ་ཡང་ཐ་དད་པའི་རྟོག་པ་མི་འབྱུང་བའོ། ། ་གདུལ་བྱ་གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་དག་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྣང་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་འབའ་ཞིག་ལ་དེར་སྣང་ངོ། །གཞན་དག་ནི་ས་བརྒྱད་པ་ནས་བཟུང་སྟེ་དེ་སྣང་བར་སྨྲ་ལ། ཡང་གཞན་དག་ནི ་སྨོན་ལམ་དང་བསོད་ནམས་ཆེར་བསགས་པའི་མཐུ་ལས་ཐམས་ཅད་ལ་ཡང་སྣང་མོད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཆ་ལུགས་ལ་མངོན་པར་ཞེན་པའི་རིགས་ཅན་དེ་དག་འབའ་ཞིག་ལ་སྣང་བར་མི་འགྱུར་ཏེ། དེའི་ཕྱིར་འཕགས་པ་ཐེག་པ་ཆེན་པོ་ལ། ་དད་པ་རབ་ཏུ་བསྒོམ་པའི་མདོ་ལས་དེའི་འཁོར་དུ་ལྷ་དང་ཀླུ་དང་གནོད་སྦྱིན་དང་མི་འམ་ཅི་ལ་སོགས་པ་བསྟན་པ་མཛད་དོ། ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་དེ་དག་གིས་ནི་སྤྲུལ་པའི་སྐུ་ཉིད་ལ་ལོངས་སྤྱོད་རྫོགས་པའོ། །ཞེས་མཐོང་བ་བརྩོན་པར་བྱས་པའོ། ། ་གདུལ་བྱ་དམན་པ་ནི་ཉན་ཐོས་ལ་སོགས་པ་སྟེ་དེ་དག་གི་ཡུལ་དུ་ནི་སྤྲུལ་པའི་སྐུ་འབའ་ཞིག་སྣང་ངོ། །སོགས་པ་ཞེས་བྱ་བ་ནི་མ་ངེས་པ་འབྲས་བུ་གང་ལ་ཡང་མ་ཞུགས་པ་དག་ལའོ། །དེ་ཡང་དྲོ་བར་གྱུར་པ་ཐོབ་པ་ན་ནི་སྤྲུལ་པའི་སྐུ་བརྟགས་པར་མཐོང་བ་སྟེ། ་སངས་རྒྱས་ལ་སོགས་པ་མཐོང་བ་དང་ཞེས་བསྟན་པས་སོ། །དྲོད་ལ་སོགས་པ་མ་ཐོབ་ཀྱང་དེ་ལན་འགའ་ཞིག་མཐོང་བ་ནི་དགག་གོ་།ས་རབ་ཏུ་དགའ་བ་ལ་སོགས་པར་ནི་ཆོས་ཅན་ཐམས་ཅད་མཐོང་བ་ལས་ངོ་བོ་ཉིད་ཀྱི་སྐུ་མཐོང་བར་མོས་པར་བྱེད་དེ། དེར ་སྣང་གཟུགས་ལ་སོགས་པ་ལ། སངས་རྒྱས་ཉིད་དུ་ངེས་འཛིན་དང་ཞེས་བསྟན་པས་སོ། །ཐ་མི་དད་ཀྱང་ཞེས་བྱ་བ་ནི་རང་གི་རང་བཞིན་གྱི་དབང་དུ་བྱིས་ཏེའོ། །ཐ་དད་པར་རྣམ་པར་བཞག་གོ་ཞེས་བྱ་བ་ནི་དེའི་མཐུའི་བྱེ་བྲག་གིས་ཐ་དད་པ་ལྟར་སྣང་བའི་དབང་གིས ་སོ། །དེའི་ཕྱིར་བྱིས་པ་རྣམས་ལ་འགལ་བ་ལྟ་བུར་གནས་ནས་ཀྱང་འགལ་བ་མེད་པ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ཕྱིར་སུན་དབྱུང་བར་ནུས་པ་མ་ཡིན་པས། གང་དུ་ཡང་བདེན་པ་གཉིས་ཕན་ཚུན་འགལ་བས་གཅིག་གིས་གཅིག་སུན་དབྱུང་བར ་ནི་མི་བྱའོ། །རང་གི་རྟོག་པས་གཉི་ག་ལས་འགལ་བར་མི་བྱའོ། །དེའི་ཕྱིར་འདིར་བྱིས་པའི་གནས་སྐབས་ན་ནི་ཡོངས་སུ་མ་དག་པའི་ཆོས་ཀྱི་དབྱིངས་དེ་སྣ་ཚོགས་སུ་རྣམ་པར་རྟོག་པ་མེད་བཞིན་དུ་སྣང་ལ། སངས་རྒྱས་ཀྱི་ཀུན་ཏུ་བཟང་པོ་ལ་ནི་ཡོངས་སུ་དག་པའི ་དེ་བཞིན་ཉིད་དེ་ཉིད་སྣ་ཚོགས་སུ་སྣང་བའོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མེད་དངོས་པོ་མེད་པ་མ ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་མཉམ་པའི་ཁྱབ་པ་ཅན་ཏེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། ཞེས་བསྟོད་པ ་མཛད་དེ། གཞན་ལས་ཀྱང་འདིའི་མཚན་ཉིད་བསྟན་པ་གསང་བ་བའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཇི་ལྟར་དགོས་པ་ཐམས་ཅད་མངོན་པར་བསྒྲུབ་ཅེ་ན། གསང་བའི་བདག་པོ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ཨི་ཁམས་ནི་སེམས་ཅན་ཡང་མ་ཡིན། སྲོག ་ཀྱང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། གཟུང་པ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ་འདི་ལ་ནི་དོག་པ་མེད་དོ། །ཐམས་ཅད་མཁྱེན་པ་གནས་མེད་འདི། །འགྲོ་བ་རྣམས་ཀྱི་ཕྱི་དང་ནང། །ཐམས་ཅད་ངེས་པ་ཉིད་དུ་སྒྲུབ་ཅེས་གསུངས་སོ། །ཆོས་ཀྱི་སྐུ ་ཞེས་བྱ་བ་ནི་སྐུ་བཞིར་བཞག་པའི་ཚེ་ན་ཆོས་ཅན་གྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། སྔར་ཇི་སྐད་དུ་བསྟན་པའི་ངོ་བོ་ཉིད་ཀྱི་ཆོས་ཅན་ནི་འདི་ཡིན་པའི་ཕྱིར་རོ། །གང་གི་ཚེ་སྐུ་གསུམ་དུ་བསྟན་པ་དེའི་ཚེ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བསྡུས་པ་ལས་བཏགས་པ་སྟེ་། ་ཆོས་ཉིད་ནི་ཆོས་ཅན་ལས་ཐ་དད་པར་བཞག་པར་མི་ནུས་པས་སོ། །སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ནི་སྔར་བསྟན་པ་ཉིད་དོ། །ད་ནི་སྤྲོས་པ་མེད་པ་ཡང་རྣམ་པ་དུ་མར་གནས་པར་བསྟེན་པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པའི ་ངོ་བོ་ཞེས་བྱ་བ་སྨོས་ཏེ། སོགས་པ་ཞེས་བྱ་བ་ནི་ཚད་མེད་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་བརྒྱ་བཞི་བཅུ་རྩ་བཞི་པོ་རྣམས་སོ། །གལ་ཏེ་དེ་ལྟར་རྣམ་པ་དེ་སྙེད་ཅིག་ཡོད་ན་ཇི་ལྟར་ན་སྤྲོས་པ་མེད་པའི་ཡེ་ཤེས་ཞེས་བྱ་ཞེ་ན། ཟག་པ་མེད་པ་ཞེས་བྱ་བ ་སྨོས་ན། ཟག་པ་ཞེས་བྱ་བ་ཡང་ཁ་ཅིག་ཏུ་ནི་ཉོན་མོངས་པ་ལ་བྱ་བར་ཡང་མཐོང་སྟེ་ཟག་པ་ཟད་པ་ཞེས་བྱ་བ་ལྟ་བུའོ། །དེ་ཡང་འདིར་གཟུང་སྟེ་ཉོན་མོངས་པ་ཆེད་དུ་མ་སྤངས་པ་བག་ལ་ཉལ་བའི་ཚུལ་ལྟ་བུར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་རྒྱུད་ལ་ཡོང་པ་ཅུང་ཟད་པ་དེ་སངས་རྒྱས་ཀྱི་ས་ལ་ཟད་པར་བྱས་པས་སོ། །ཁ་ཅིག་ཏུ་ནི་ཟག་པ་ཞེས་བྱ་བ་རྣམ་པར་རྟོག་པ་ལ་བྱ་བར་མཐོང་སྟེ། ཟག་པའི་དབང་གིས་དེའི་ཉོན་མོངས་པ་རྣམས་སྐྱེ་བ་ནི་ཞེས་བསྟན་པ་ལྟ་བུའོ། །འདིར་ཕྱོགས་ཕྱི་མ་འདི ་གཙོ་བོར་བཟུང་སྟེ། རྣམ་པ་དེ་སྙེད་དུ་ཟིན་ཀྱང་དེ་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པས་ན་ཟག་པ་མེད་པའོ། །ཡང་ན་བསྐལ་པ་གྲངས་མེད་པ་དུ་མ་ཞིག་གི་བར་དུ་དངོས་པོ་རྣམས་ལ་དོན་དམ་པར་འཛིན་པ་དང་བདེན་པར་འཛིན་པ་སྤང་བ ་ལ་རབ་ཏུ་གོམས་པར་མཛད་པས་སྣང་བ་རྣམས་སྒྱུ་མ་ཙམ་དུ་ཡོངས་སུ་མཁྱེན་པའི་ཕྱིར་སྒྱུ་མ་ལྟ་བུའི་རྣམ་པར་རྟོག་པ་མངའ་ཡང་འདི་ལ་ཉེས་པ་མེད་དེ། དོན་འདི་ཉིད་ཐུགས་ལ་བཞག་ནས། སེམས་ཅན་གྱི་ནི་དོན་མཛད་ཐབས། །རྣམ་རྟོགས་ཡེ ་ཤེས་མངའ་བ་ན། །དེ་ཡི་ཀུན་མཁྱེན་རྩོམ་པ་ནི། །དེ་དོན་ཡིན་ཕྱིར་ཉེས་པ་མེད་ཅེས་བསྟན་ཅིང། །ཡང་བདེན་པར་འཛིན་པའི་དབང་གིས་སྐྱོན། །ཆགས་དང་ཞེ་སྡང་ལ་སོགས་པ། །དགྲ་རྣམས་རང་འབྱུང་དེ་ལོག་ན། །དེ་རྣམས་འབྱུང་བར་ག་ལ་འགྱུར ་ཞེས་གསུངས་སོ། །དེའི་ཕྱིར་རང་གི་རྣམ་རྟོག་བདེན་པར་འཛིན་པ་ཉིད་སྤང་བ་ལ་གཅིག་ཏུ་འབད་པར་བྱའོ། །སྒྱུ་མ་ལ་སོགས་པ་ལྟར་གནས་པའི་ཐ་སྙད་རྣམས་ཀྱི་ནི་ཤིན་ཏུ་འཇིགས་པར་མི་བྱ་སྟེ། དོན་འདི་ལས་དགོངས་ནས་འཕགས་པ་ལ་དཀར་གཤེར ་པ་ལས་འཆིང་བའི་རྒྱུ་ནི་ཡུལ་མ་ཡིན་ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ནི་རིམ་པ་བཞིན་དུ་སྐུ་རིང་སྲེལ་དུ་གཤིག་པ་ན་མི་དགྱེས་པ་མི་མངའ་བ་དང། ཚོར་བ་ཐམས་ཅད་ཀྱིས་མི་འཕྲོགས་པ་དང། ཐུགས་ཡུལ་རྣམས་ལ ་མི་རྒྱུ་བ་དང། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ངོ་བོ་ཉིད་ལས་མི་འདའ་བའ་ཨི་ཕྲིན་ལས་རྣམས་མཛད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་ནི་དགེ་བའི་ཆོས་རྣམས་ལས་མི་ཉམས་པ་དང། དེའི་མི་མཐུན་པའི་ཕྱོགས་དེ་གང་གིས་ཉིད་ཀྱི་རྒྱུད་ལ ་ཡོངས་སུ་མི་གོས་པའི་ཕྲིན་ལས་མཛད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ནི་མུ་སྟེགས་ཀྱི་གཙོ་བོ་རྣམས་གདུལ་བ་ལ་སོགས་པའི་རྒོལ་བ་ཚར་བཅད་པ་དང་གཞན་འདུན་པར་མཛད་དོ། །དབང་པོ་རྣམས་ཀྱིས་ནི་དགེ་བ་རྣམས་ལ་བཞེད་པ་བཞིན ་སྦྱོང་བ་ལ་ཐོགས་པ་མེད་པར་མཛད་དོ། །སྟོབས་རྣམས་ཀྱིས་ནི་དགེ་བ་རྣམས་ལ་སྦྱོར་བ་དང་ནང་དུ་ཡང་དག་པར་འཇོག་པ་ལ་སོགས་པ་དག་ལ་བར་ཆད་ཀྱི་ཆོས་གང་གིས་ཀྱང་རྫི་བར་མི་ནུས་པ་མཛད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ནི་མངོན ་པར་བྱང་ཆུབ་པ་མཛད་པ་ལ་ཉིད་ཀྱི་རྒྱུད་གཞན་དུ་ཐབས་ཀྱི་གྲོགས་བཙལ་བ་ལ་རག་ལུས་པ་མེད་ཅིང་རང་བྱུང་གིས་ཡེ་ཤེས་བརྙེས་པར་མཛད་དོ། །འཕགས་པའི་ལམ་ཡན་ལག་རྣམས་ཀྱིས་ནི་མ་འདྲེས་པའི་ལམ་ལ་བརྟེན་པས་སྒྱུ ་རྩལ་ཤེས་ཀྱི་བུ་རིང་འཕུར་ལ་སོགས་པའི་སློབ་མའི་རིམ་པས་བྱང་ཆུབ་པར་གྱུར་པ་མ་ཡིན་གྱི་རང་གི་ལུགས་ཀྱི་ལམ་བཟང་པོ་ལ་རྟེན་དགོས་པའི་ཕྲིན་ལས་མཛད་དེ། འདི་དག་ནི་མདོར་བསྡུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ལས་བརྗོད་པ་སྟེ་། ་རྒྱས་པར་སོ་སོའི་ལས་རེ་རེར་ཅི་རིགས་སུ་སྦྱར་ཏེ། རྒྱས་པར་ནི་འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཤེས་པར་བྱའོ། །ཚད་མེད་པ་རྣམས་ཀྱིས་ནི་འགྲོ་བ་ལ་ཐུགས་བརྩེ་བ་ལ་ཞུགས་པས་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དོ། ། ་མི་མཐུན་པའི་ཕྱོགས་ཀྱང་སྤོང་ངོ། །འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པ་ལ་ཡོངས་སུ་མི་སྐྱོ་བའོ། །རྣམ་པར་ཐར་པ་རྣམས་ལས་དང་པོ་གཉིས་ཀྱི་ནི་སྤྲུལ་པའི་ལས་མངོན་པར་གྲུབ་པར་བྱེད་ཅིང། གསུམ་པས་ནི་སྡུག་པར་སྤྲུལ་ནས་ཀུན་ནས་ཉོན་མོངས ་པར་མི་འགྱུར་བར་བྱེད་དེ། ལྷག་མ་བཞིས་ནི་ཞི་བའི་རྣམ་པར་ཐར་པ་རྣམས་ལ་མི་ཆགས་སོ། །ཐ་མས་ནི་མོས་པའི་དབང་གིས་འཕགས་པའི་གནས་པ་དམ་པ་ཤིན་ཏུ་ཞི་བར་གནས་པས་གནས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས ་ཀྱིས་ནི་དང་པོ་བཞིས་ནི་འདོད་པའི་ཁམས་ཀྱི་བདེ་བ་རྣམས་ལ་མ་ཆགས་པས་ཤིང་འཛམ་བུའི་གྲིབ་མ་ལ་བརྟེན་པས་ལྷ་རྣམས་འདུལ་བ་དང། བཙུན་མོའི་འཁོར་སྟན་ཀྱང་འདོད་པའི་བདེ་བས་མ་གོས་པར་སྟོན་ཅིང་འབྲས་ས་ལུའི་ཆ་ན་དང་སྨན་མར་དགེ་བ་ཆེན ་པོ་ལ་སོགས་པ་གསོལ་ཡང་ཁམས་ཀྱི་ཟས་ལ་ཆགས་པ་མེད་པར་མཛད་དོ། །ལྷག་མ་བཞིས་ནི་གཟུགས་མེད་པར་སྐྱེས་པའི་ལྷའི་བུ་རྣམས་སྐལ་པ་མཉམ་ཞིང་རིས་མཐུན་པའི་ཚུལ་གྱིས་འདུལ་ཏེ། དེ་ནས་གཟུགས་མེད་པའི་ལྷའི་བུ་དེ་དག་མེ་ཏོག ་སྣ་ཚོགས་ལག་ན་ཐོགས་ཏེ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་རྒྱས་པའི་མདོ་དེ་དང་དེ་ལས་བསྟན་པ་ལྟ་བུའོ། །ཐ་མས་ནི་འཕགས་པ་ཉན་ཐོས་རྣམས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ལས་ཁྱད་པར་དུ་སྟོན་ཏེ། དེ་དག་ནི་ཞག་བདུན་དུ་ཡང་གནས་པའི ་མཐུ་མེད་ལ། བཅོམ་ལྡན་འདས་ནི་བཞེད་ན་བསྐལ་བའི་བར་དུ་དེ་ལ་གནས་པས་སོ། །ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་ཟད་པར་རྒྱས་པར་མཛད་པའི་ཆེད་དུ་རྣམ་པར་ཐར་པའི་དམིགས་པ་ཡོངས་སུ་བསྒྲུབ་པར་མཛད་དོ། །ཟིལ་གྱིས་གནོན་པའི་སྐྱེ ་མཆེད་རྣམས་ཀྱིས་ནི་དམིགས་པ་ཐ་དད་པར་རྟོག་པ་ཟིལ་གྱིས་གནོན་པའི་ཕྱིར་རྣམ་པར་ཐར་པ་གསུམ་པོ་རྣམས་དམིགས་པ་ལ་དབང་སྒྱུར་བར་མཛད་དོ། །ཉོན་མོངས་པ་མེད་པས་ནི་བཀའ་ལུང་བཟུང་བར་བྱ་བར་མཛད་དོ། །སྨོན་གནས་མཁྱེན་པས་ནི ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་རྣམས་ལུང་སྟོན་པས་གཞན་ལ་ཕན་འདོགས་པ་དང། རྒྱུ་མཚན་དེས་འཇིག་རྟེན་མང་པོས་བཀུར་བར་བྱ་བར་མི་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཀྱིས་ནི་བདག་དང་གཞན་གྱི་རྒྱུད་ཀྱིས་བསྡུས ་པའི་ཤེས་བྱ་མཁྱེན་པར་བྱ་བ་ལ་ཐོགས?་པ་མེད་ཅིང་དེ་ཡང་ལུས་ཀྱི་ལས་ཀྱིས་བསྟན་པ་ལ་འདུན་པར་མཛད་དོ། །ངག་གི་ལས་ཀྱིས་ཀྱང་འདུན་པར་མཛད་དོ། །སེམས་ཀྱིས་ཀུན་ཏུ་བརྗོད་པས་ཀྱང་འདུན་པར་མཛད་དོ། །བསྟན་པས་སེམས་ཅན་རྣམས་ཀྱི ་ཚིམ་པར་མཛད་དོ། །སེམས་ཅན་རྣམས་ཀྱི་སྤྱོད་པ་དང་པོ་འོང་བ་དང་འགྲོ་བ་མཁྱེན་ནས་སེམས་ཅན་རྣམས་ངེས་པར་འབྱུང་བ་ལ་ཇི་ལྟ་བར་འདོམས་པ་སྟེ། དེས་ཀྱང་གདུལ་བྱ་མྱུར་དུ་གྲོལ་བར་མཛད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས ་ཀྱིས་ནི་ཆོས་བསྟན་པ་ཐོགས་པ་མེད་པ་རྣམ་པ་སྣ་ཚོགས་པས་གདུལ་བྱ་རྣམས་ཀྱི་སེམས་ཚིམ་པར་མཛད་དེ། ཆོས་ཀྱི་ཚིག་ཀུན་མངོན་པར་མཁྱེན། །དོན་རྣམས་ཀུན་གྱི་ཚུལ་ལ་མཁས། །སྐད་ཀུན་རྣམ་པར་འབྱེད་པ་མཁྱེན། །ཕྱོགས་རྣམས ་ཀུན་ཏུ་ཡོངས་དག་ལྡན་ཞེས་གསུངས་པས་སོ། །ཡོངས་སུ་དག་པ་རྣམས་ཀྱིས་ནི་སྲིད་པ་རྣམས་སུ་སྐྱེ་བ་བསམས་བཞིན་དུ་འཛིན་ཅིང་བཞེད་པར་གྱུར་ན་བསྐལ་པ་མང་པོར་བཞུགས་ཏེ། ཇི་སྐད་དུ་འཕགས་པ་སྙིང་རྗེ་ཆེན ་པོ་པདྨ་དཀར་པོའི་མདོ་ལས། ཇི་སྐད་གསུངས་པ་ལྟ་བུའོ། །ཡང་བཞེད་ན་ཚོའི་འདུ་བྱེད་གཏོང་ངོ། །ཡང་ཆོས་ལ་མངའ་སྒྱུར་ཞིང་ཏིང་ངེ་འཛིན་ལ་མངའ་སྒྱུར་ཏེ་དམ་པའི་ཆོས་ཀྱང་རབ་ཏུ་འཛིན་ཏོ། །དབང་རྣམས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས ་ཡོངས་སུ་རྫོགས་པར་སྟོན་པའི་འབྲས་བུའི་ཆེ་བ་གཞན་ལས་སོ་སོར་རིག་པར་མཛད་དོ། །དབང་པོ་གསུམ་ནི་སྦྱིན་པའི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བཟོད་པའི་འབྲས་བུའོ། །དེའི་འོག་མ་ནི་བརྩོན ་འགྲུས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བསམ་གཏན་གྱི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །སྟོབས་རྣམས་ཀྱིས་ནི་རྒྱུ་མེད་པར་སྨྲ་བ་དང། མི་མཐུན་པའི་རྒྱུར་སྨྲ་བ་དང། རང་གིས་བྱས་པ་མ་ཡིན་པ་དང་ཆད ་བར་སྨྲ་བ་བསལ་ནས་ཡང་དག་པར་མངོན་པར་མཐོ་བའི་ལམ་སྟོན་ཏོ། །སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་དང། བསྟན་པ་བཞག་པ་སྣོད་དང། བསམ་པ་དང། བག་ལ་ཉལ་བ་དང། དམིགས་པ་དང། ཚོགས་དང། འོས་སུ་འགྱུར་བ་དང། ་ངེས་པར་འབྱུང་བ་ཡང་དག་པར་རྗེས་སུ་རྟོགས་ནས་ངེས་པར་ལེགས་པའི་ལམ་ཇི་ལྟ་བ་བཞིན་དུ་སྟོན་ཏེ་བདུད་ཐམས་ཅད་ཀྱང་ཚར་གཅོད་དོ། །ཐམས་ཅད་དུ་ཞུ་བ་ཞུས་པ་ཡང་ལུང་སྟོན་ཏོ། །མི་འཇིགས་པ་རྣམས་ཀྱིས་ནི་འཁོར་གྱི་ནང་དུ་བདག་ཡང ་དག་པའི་སྟོན་པ་ཡིན་པར་རབ་ཏུ་འདོག་པ་དང། མུ་སྟེགས་ཅན་གཞན་རྒོལ་པ་རྣམས་ཚར་གཅོད་པར་མཛད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་ནི་སློབ་མའི་ཚོགས་ལ་རྟག་ཏུ་གདམས་པ་མཛད་དོ། །ཡང་དག་པར་རྗེས་སུ་ཡང་སྟོན་ཏོ། །དྲན་པ་ཉེ ་པར་གཞག་པ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མི་མངའ་བར་ཚོགས་ཡོངས་སུ་སྡུད་དོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱིས་ནི་སངས་རྒྱས་ཀྱི་མཛད་པ་ཡལ་པར་མི་འདོར་ཏེ། རྒྱ་མཚོ་ཆུ་སྲིན་ཆེན་པོའི་གནས། །དུས་རླབས་ཡོལ་བར ་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལ་ཡོངས་མི་འདའ་། །ཞེས་བསྟན་པའི་ཚུལ་གྱིས་སོ། །བག་ཆགས་ཡང་དག་པར་བཅོས་པས་ནི། །ཉོན་མོངས་པ་མི་མངའ་བས་ན་ཉོན་མོངས་པ་ལྟ་བུའི་སྤྱོད་པ་མི་སྟོན་ཏོ། ། ་ཐུགས་རྗེ་ཆེན་པོས་ནི་ལྷུན་གྱིས་གྲུབ་པས་རྟག་ཏུ་ཡེ་ཤེས་ཀྱི་སྣང་བས་འཇིག་རྟེན་ལ་གཟིགས་ཏེ། སྐད་ཅིག་ཙམ་ཡང་མི་གཟིགས་པར་མི་འགྱུར་རོ། །གཞན་དག་ནི་འདི་ནི་བསྙེལ་བ་མི་མངའ་པའི་ཆོས་ཉིད་ཡིན་ཏེ་ཉིན་ལན་གསུམ་མཚན་ལན ་གསུམ་དུ་རྟག་ཏུ་གཟིགས་པ་ནི་ཐུགས་རྗེ་ཆེན་པོ་སྟེ། དེ་ལྟར་བཤད་ན་མདོའི་དོན་དང་ཡང་མཐུན་ལ་མདོ་སྡེའི་རྒྱན་གྱི་ཚིག་ལེའུར་བྱས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ་ཞེས་ཟེར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ནི་སྐུ་དང ་གསུང་དང་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་དག་པ་དང། རྙེད་པ་དང་གཤེགས་པ་དང་བཞུགས་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད ་ཅིང་ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་སྟེ། དེས་སེམས་ཅན་ཡོངས་སུ་མི་སྨིན་པ་རྣམས་ནི་ཡོངས་སུ་སྨིན་པར་མཛད་དོ། །ཡོངས་སུ་སྨིན་པ་རྣམས་ནི་རྣམ་པར་གྲོལ་བར་མཛད་དོ། །ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ནོ་ཞེས་བྱ ་བ་ནི། སྔར་ཉན་ཐོས་ཀྱི་མཐོང་བའི་ལམ་གྱི་ཡོན་ཏན་དང། རང་སངས་རྒྱས་རྣམས་ཀྱི་སྒྲ་མེད་པར་ཆོས་སྟོན་པ་ལ་སོགས་པ་ཡོན་ཏན་དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ལ་མངའ་སྟེ། སྔར་དགེ་སློང་དག་ང་ལན་སྟོང་དུ་ཉན་ཐོས་ཀྱི་ས་མྱ་ངན་ལས ་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་ལ་སོགས་པའི་ཚུལ་བསྟན་པས་སོ། །དེ་དག་ཀྱང་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པ་ན་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་རྣམ་པར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏེ། དེ་དག ་གི་ལས་ཀྱང་སངས་རྒྱས་མི་འབྱུང་བའི་དུས་སུ་གདུལ་བྱ་སྨིན་པར་མཛད་པ་དང། ཐེག་པ་དམན་པ་ལ་དད་པ་དག་ཉན་ཐོས་ལུང་སྟོན་པ་ལ་སོགས་པས་ཐེག་པ་ཆེན་པོ་ལ་འཇུག་པར་མཛད་དོ། ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་སྦྱར་རོ། ། ་དེ་དག་ནི་ཆོས་དེ་དག་གི་ཕྲིན་ལས་སོ་སོ་བའོ། །ཆོས་དེ་དག་གི་ངོ་བོ་རྣམས་ནི་མདོའི་ཚིག་གིས་གོ་བར་ནུས་ཏེ། ཅུང་ཟད་རྣམ་པར་ཐར་པ་རྣམས་ཀྱིས་ནི་དང་པོ་སེམས་ཡོངས་སུ་སྦྱོང་བར་རྩོམ་པར་བྱེད་ཅིང་དེ་ནས་ཟིལ་གྱིས་གནོན་པའི་སྐྱེ ་མཆེད་རྣམས་ཀྱི་ནི་ལེགས་པར་སྦྱོར་བར་བྱེད་ལ། དེའི་རྗེས་ལ་ཟད་པར་གྱི་སྐྱེ་མཆེད་རྣམས་ཀྱིས་ནི་དེ་ཡོངས་སུ་གྲུབ་པར་ཤེས་པར་བྱ་སྟེ། དེ་ཉིད་ཀྱིས་ན་སྔར་རྣམ་པའི་སྐབས་སུ་བྱང་ཆུབ་སེམས་དཔའ་ཨི་ལམ་ལ་གཙོ་བོ་རྣམ་པར་ཐར་པ ་བརྒྱད་ལ་སྨོས་པས་ལྷག་མ་རྣམས་བསྡུས་པར་ཤེས་པར་བྱའོ། །དབང་རྣམ་པ་བཅུའི་དབང་དུ་བྱས་ཏེ་བསྐལ་པ་བརྗོད་དུ་མེད་པར་ཚེའི་ཚང་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་དང། ཏིང་ངེ་འཛིན་གྲངས་མེད་པ་ལ་ངེས་པར་རྟོག་པར་འཇུག་ཅིང་ཡེ་ཤེས ་ཀྱི་འཇུག་པའི་ཚུལ་གྱིས་སེམས་ལ་དབང་བ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱན་རྣམ་པར་དབྱེ་བ་དུ་མས་བརྒྱན་པར་བྱིན་གྱིས་བརླབས་པ་སྟོན་པའི་ཚུལ་གྱིས་ཡོ་བྱད་ལ་དབང་བ་དང། དུས་ཇི་ལྟ་བ་བཞིན་ལས་ཀྱི་རྣམ་པར་སྨིན ་བར་བྱིན་གྱིས་རློབ་པས་ལས་ལ་དབང་བ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་སྟོན་པས་སྐྱེ་བ་ལ་དབང་བ་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བར་བསྟན་བས་མོས་པ་ལ་དབང་བ་དང། དུས་དང་ཞིང་གང་དུ ་འདོད་པར་མངོན་པར་འཚང་རྒྱ་བས་སྨོན་ལམ་ལ་དབང་བ་དང། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་ཐམས་ཅད་ཡོངས་སུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་དང། ཆོས་ཀྱི་སྒོ་སྣང་བ་མཛའ་དང་དབུང་མེད་པར་ཡང་དག་པར་སྟོན་པས་ཆོས་ལ་དབང་བ་དང། དེ་བཞིན ་གཤེགས་པའི་སྟོབས་བཅུ་དང་མི་སྙེངས་པ་སྐད་ཅིག་སྐད་ཅིག་ཏུ་གོ་བར་ཡོངས་སུ་སྟོན་པས་ཡེ་ཤེས་ལ་དབང་བའོ་ཞེས་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ་རྣམས་འདིར་བཀོད་པའོ། །ཆོས་ཀྱི་སྐུ་མངོན་བར་བརྗོད་དོ་ཞེས་ཟེར་རོ་ཞེས་བྱ་བའི་མངོན་པར ་འདོད་པ་དང་པོ་འདི་ནི་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་གཅིག་ཏུ་འདོད་པས་གཉིས་སུ་མི་དབྱེའོ་ཞེས་སྟོན་པར་བྱེད་པ་སློབ་དཔོན་ཡེ་ཤེས་ཟླ་བ་ལ་སོགས་པའི་གྲུབ་པའི་མཛའ་ཨོ། །གཞན་དག་ནི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ་ཞེས་བྱ་བ་འདི་ནི་སྔར ་སློབ་དཔོན་ཉིད་ཀྱིས་ཇི་ལྟར་བཤད་པ་ཁོ་ན་ཡང་བསྡུས་ནས་བཟླས་པ་སྟེ། མཁན་པོ་ཡང་དག་རྣམ་པར་སྣང་མཛད་ཀྱི་བཞེད་པའོ། །གཞན་དག་ན་རེ་དེ་དག་གི་ལྟར་ན་ཞེས་བྱ་བ་ལ་སོགས་པའི་བསྟན་པ་གསུམ་པ་འདི་ནི་འདི་སྙམ་དུ་གལ་ཏེ་དེ་ལྟར་ངོ་བོ་ཉིད་ཀྱི་སྐུ་དང ་ཆོས་ཀྱི་སྐུ་ནི་ཆོས་དང་ཆོས་ཅན་ཡིན་ལ། དེ་དག་ཀྱང་དབྱེར་མེད་ན་རྣམ་པ་ཐམས་ཅད་དུ་སྤྲོས་པ་དང་བྲལ་བའི་ངོ་བོར་གྱུར་པས་སེམས་དང་སེམས་ལས་བྱུང་བ་རྣམས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་གཟུང་བ་དང་འཛིན་པ་གཉིས་སུ་མེད་པ་སྒྱུ་མ་ཙམ་དུ ་སྣང་བའི་ངོ་བོས་འགྲོ་བའི་དོན་མཛད་པ་རྣམས་མེད་པར་འགྱུར་ཏེ། དེ་དག་ཡོད་ན་ནི་ཡང་ངོ་བོ་ཉིད་ཀྱི་སྐུ་མེད་པར་འགྱུར་བས་དེའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ནི་མི་བརྗོད་དོ་ཞེས་བསམས་ནས་ཡེ་ཤེས་ཀྱི་སྐུ་དང་ལོངས་སྤྱོད་པའི་སྐུ་དང། སྤྲུལ་པའི་སྐུ་གསུམ་དུ་འཇོག ་ཅིང་དེ་དག་ཐམས་ཅད་ཀྱང་དོན་དམ་པར་མ་སྐྱེས་པར་བརྗོད་ཀྱི། མ་སྐྱེས་པ་དེ་སྐུ་གཅིག་ཏུ་ག་ལ་ཞི་བཞག་ཅེས་འདོད་པའོ། །ཁ་ཅིག་ན་རེ་སྐུ་གསུམ་ཁོ་ནའོ་ཞེས་ཟེར་རོ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི། སྐུ་ནི་གསུམ་ཁོ་ན་ཞིག་ཡིན་ལ། དེ ་ཡང་ངོ་བོ་ཉིད་ཀྱི་སྐུ་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་དག་ཏུ་འདོད་པས་།ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་སྐུའི་མིང་གི་རྣམ་གྲངས་སུ་འདོད་པ་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་བོ་དེ་ལ་ནི་ཆོས་ཀྱི་དབྱིངས ་ལྟར་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་དེ་ཙམ་ཞིག་ལ་སྔོན་གྱི་སྨོན་ལམ་གྱི་མཐུས་གདུལ་བྱ་རྣམས་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པར་སྣང་བ་སྐྱེས་པ་ཡིན་གྱི། རང་བཞིན་ནི ་དེ་ལྟ་བུ་མ་ཡིན་ཏེ། དེའི་ཕྱིར་ན་དེའི་སྣང་བ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཡང་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་མཐུའི་ཤུགས་ཀྱིས་སྣང་བས་ན། དངོས་སུ་མི་མཐུན་པ་ཆེན་པོ་ལ་ནི་སྐུ་གཅིག་ཏུ་ཟད་པས་ན། འཕགས་པ་འཇིག་རྟེན་ལས ་འདས་པའི་ལེའུ་ལས། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་བོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད་ཅེས་གསུངས་སོ་ཞེས་བརྗོད ་ཅིང་ཚུལ་དེ་ལྟ་བུས་བྱིས་པ་རྣམས་ཀྱི་དབང་དུ་སྐུ་གཅིག་པོ་དེ་ཉིད་སུ་གསུམ་དུ་བསྟན་ཏོ་ཞེས་འདོད་པའོ། །ཚིག་ལེའུར་བྱས་པ་ལས་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་ཞེས་བྱ་བའི་ཚིག་འདི་ནི་དེའི ་རིག་པ་སྟོན་པ་སྟེ། གལ་ཏེ་སྐུ་བཞི་བ་ཡིན་ན་དེའི་ཚེ་ཚིག་ལེའུར་བྱས་པའི་ནང་དུ་ངོ་བོ་ཉིད་ཀྱི་སྐུའི་འོག་ཉིད་དུ་འབྲེལ་བར་ཆོས་ཀྱི་སྐུ་སྨོན་པར་རིགས་སོ་ཞེས་སྨོས་སོ། །དེ་དག་གིས་ནི་རྣམ་པ་བཞིར་ནི་ཡང་དག་བརྗོད་ཅེས་བྱ་བ་ལ་བཞི་ནི་འཕྲིན་ལས ་དང་བཞི་ཞེས་འདོད་བར་བྱེད་དོ། །གཞན་དག་ན་རེ་ཞེས་བྱ་བ་མངོན་པར་འདོད་པ་བཞི་པ་འདི་ནི་སྔར་སྐུ་བཞིར་འདོད་པར་སྨྲ་བ་རྣམས་ཀྱི་ལན་བཏབ་པ་སྟེ། ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མ་སྨོན་པ་ནི། ཚིག ་ལེའུར་བྱས་པ་སྦྱར་བའི་ངོར་ནི་ཡེ་ཤེས་ཁོ་ན་དང་མཛད་པར་སྦྱར་བའི་ཕྱིར་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་དེ་སྐད་གསུངས་པ་ཡིན་ཏེ། དེའི་ཕྱིར་དེ་ནི་སྐུ་གསུམ་དུ་བཞག་པའི་རྒྱུ་མཚན་དུ་མི་རུང་ངོ་ཞེས་བྱ་བ་ནི་བསྡུས་པའི་དོན་ནོ། །དེ་ལྟར ་མཛད་པ་རྣམས་ནི་ཆོས་ཀྱི་སྐུའི་འཕྲིན་ལས་ཞེས་བཏགས་ཀྱང། སྤྲུལ་པའི་བར་དུ་སྐུ་ཐམས་ཅད་ཀྱིས་རྒྱུད་པ་དང་དངོས་སུ་མཛད་པས་ན། སྐུ་ཐམས་ཅད་ཀྱི་མཇུག་ཏུ་བསྟན་པར་རིག་པས་དེ་ལྟར་བསྟན་ལ། མཛད་པ་ཉི་ཤུ་རྩ་བདུན་པོ་དེ་དག་སྤྲུལ ་པའི་སྐུའི་རྗེས་ཁོ་ནར་འབྱུང་བས་དེ་དག་གི་སྤྲུལ་པའི་སྐུའི་འཕྲིན་ལས་ཡིན་པ་ལྟ་ཞིག་ཅེས་ཁ་ཅིག་སེམས་པ་ལ། སྔར་ཆོས་ཀྱི་སྐུའི་གདགས་པ་ནི་མ་མཛད་ལ། སྐུ་དེ་ནི་གྲུབ་པའི་མཛའ་ཐམས་ཅད་ལས་གྲགས་པས་འདིར་ཡང་སྟོན་པར་རིག་པ་དེ་ལྟར་ན ་དེའི་ལས་ཡིན་ཏེ། དེས་ན་ལས་ཀྱི་བྱེད་པ་པོ་བསྟན་ཏེ་ལས་དང་བྱེད་པ་པོ་ནི་ཐ་མི་དད་པའི་ཕྱིར་རོ་ཞེས་རྟོག་པར་བྱ་བའི་ཚིག་ལེའུར་བྱས་པའི་ངོ་བོ་ཉིད་ཀྱི་སྐུའི་མཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་མ་བཏགས་སོ། །དེ་ལྟར་དེ་ནི་དགོས་པ་ཉེ་བར་སྟོན་པའི་ཤུགས་ཞེས ་བྱའོ། །ཡེ་ཤེས་ཁོ་ན་ཞེས་བྱ་བ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང། ཞེས་བྱ་བ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཏེ། དེ་དང་མཛད་པ་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་དུ་སྦྱར་བ་ནི་བྱེད་པ་པོ་དང་དེའི་ལས་སུ་སྦྱར་རོ། །འོ་ན་ཡེ་ཤེས་རྣམས ་སྤྲུལ་པའི་སྐུའི་རྗེས་སུ་ཅིའི་ཕྱིར་མི་བསྟན་ཅེ་ན། དེ་ནི་སྐུ་རྣམས་གཙོ་བོའི་རིམ་གྱིས་བསྟན་པར་རིག་པའི་ཕྱིར་དང། ངོ་བོ་ཉིད་དང་ཡེ་ཤེས་རྣམས་ཆོས་ཉིད་དང་ཆོས་ཅན་དུ་བསྟན་པའི་འབྲེལ་པ་བསྒྲུབ་པའི་ཕྱིར་རོ། །ཡང་ཁ་ཅིག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ ་མངོན་པར་བྱང་ཆུབ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གི་སྣང་བའི་ལམ་དུ་གྱུར་པ་ལོངས་སྤྱོད་རྫོགས་པ་ཆེན་པོའི་སྐུ་ཇི་སྐད་བཤད་པའི་ཡེ་ཤེས་རྣམས་ཀྱི་གཞིར་གྱུར་པ་དང། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་པའི་སྣང་བ་ལམ ་དུ་གྱུར་པ་སྤྲུལ་པའི་སྐུ་ལ་ལོངས་སྤྱོད་རྫོགས་པར་བཏགས་པ་དང། སྤྲུལ་པའི་སྐུ་སྟེ་སྐུ་ལྔར་འདོད་དོ། །གཞན་དག་ནི་སྤྲུལ་པའི་སྐུ་ལ་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བས་སྐུ་ལྔར་སྟོན་པར་བྱེད ་དོ། །ལྷག་མ་རྣམས་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །མཚན་དང་དཔེ་བྱད་བཟང་པོ་འབར་བ་ཞེས་བྱ་བ་ལ། འདི་དག་གི་སྐྱེས་བུ་ཆེན་པོར་འཚོན་པར་བྱེད་པས་ན་མཚན་དེ་འོག་ནས་འཆད་པའི་སུམ་ཅུ་རྩ་གཉིས་སོ། །འདི་དག་གིས་གཞན་གྱི་རྒྱུད ་ལ་རྣམ་པར་སྒོ་བར་བྱེད་པས་ན་དཔེ་བྱད་བཟང་པོ་སྟེ། འདིར་ཨཉྫ་ནའི་སྒྲའི་དོན་ནི་ཕ་རོལ་པོའི་རྒྱུད་ལ་ཐུབ་པ་ཆེན་པོའི་སྐུའི་མཛེས་པ་ཉིད་ཀྱི་རྣམ་པར་སྒོ་ཞིང་ཞེན་པའི་བྱེད་པའི་དོན་ཏེ། དེ་བས་ན་མཚན་དང་དཔེ་བྱད་རྣམས་ཀྱི་ཕྲིན་ལས་ནི་སྐྱེས་བུ ་ཆེན་པོར་བྱེད་པ་དང། གདུལ་བྱ་རབ་ཏུ་འདུན་པར་བྱེད་པའོ། །དེ་ལ་མཚན་རྣམས་ནི་གཙོ་བོར་གྱུར་པས་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་གི་རྒྱུ་ལས་བྱུང་བར་བསྟན་ཏེ། ཇི་སྐད་དུ་སྨིན་མཚམས་ཀྱི་མཛོད་སྤུ་བ་མོ་དང་དུང་དང་མེ་ཏོག་ཀུན་ད་ལྟར་དཀར ་བ་ནི་སྦྱིན་པའི་འབྲས་བུའོ། །གཡས་སུ་འཁྱིལ་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །སྦ་ཞིང་ཟིལ་གྱིས་གནོན་པ་ནི་བཟོད་པའི་འབྲས་བུའོ། །རིང་བར་གནས་པ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །ཤིན་ཏུ་འཁྱིལ་ཅིང་ལེགས་པར་གནས་པ་ནི་བསམ ་གཏན་གྱི་འབྲས་བུའོ། །འོད་མཛའ་ཡས་པས་ཁྱབ་པ་ནི་ཤེས་རབ་ཀྱི་འབྲས་བུའོ་ཞེས་བྱ་བ་ལ་སོགས་པ་སྟེ་རྒྱས་པར་ནི་འཕགས་པ་བསྐལ་པ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དཔེ་བྱད་རྣམས་ནི་འཁོར་དུ ་གྱུར་བ་ལ་ནི་དེ་ལྟར་བསྟན་པ་མེད་དེ་གཙོ་བོས་བསྡུས་པའི་ཕྱིར་རོ། །ཇི་ལྟར་ན་གཙོ་བོ་དང་འཁོར་དུ་བསྟན་ཞེ་ན། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང། སེན་མོའི་མདོག་སྣུམ་པ་དང། སེན་མོ་མཐོ་བ་དང། སེན་མོ་རྣམས་ཟླུམ་པ་དང། སེན་མོ་རྣམས ་རྒྱས་བ་དང། སོར་མོ་རྣམས་བྱིན་གྱིས་ཕྲ་བ་སྟེ་དཔེ་བྱད་བཟང་པོ་འདི་དྲུག་ནི་མཚན་ཕྱག་གི་སོར་མོ་རིང་བའི་འཁོར་དུ་གྱུར་པའོ། །དབུ་གདུགས་ལྟ་བུར་རྒྱས་པ་དང། དབུ་སྐྲ་བུང་བ་ལྟར་གནག་པ་དང། དབུ་སྐྲ་སྟུག་པ་དང། དབུ་སྐྲ་འཇམ་པ་དང། དབུ་སྐྲ ་མི་འཇིངས་པ་དང། དབུ་སྐྲ་མི་བཤོར་བ་དང། དབུ་སྐྲ་དྲི་ཞིམ་པ་སྟེ། འདི་དག་ནི་དབུ་གཙུག་ཏོར་དང་ལྡན་པ་དང། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའི་འཁོར་དུ་གྱུར་པའོ། །དཔྲལ་བ་ལེགས་པར་དབྱེས་པ་དང། དཔྲལ་བའི་དབྱེས་ཆེ་བ་དང། ་སྨིན་ཚུགས་རིང་བ་དང། སྨིན་མ་འཇམ་པ་དང། སྨིན་མ་སྣུམ་པ་དང། སྨིན་མའི་སྤུ་མཉམ་པ་དང། ཤངས་མཐོ་བ་དང། ཤངས་གཙང་བ་སྟེ། འདི་དག་ནི་མཛོད་སྤུའི་འཁོར་དུ་གྱུར་པའོ། །སྤྱན་དག་པ་དང། སྤྱན་མཛེས་པར་འཛུམ་པ་ལྟ་བུ ་དང། སྤྱན་ཡངས་པ་དང། རྫི་མ་སྡུག་པ་དང། སྤྱན་པདྨའི་འདབ་མ་འདྲ་བ་སྟེ། འདི་རྣམས་ནི་སྤྱན་མཐོན་མཐིང་དང། སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུའི་འཁོར་དུ་གྱུར་པའོ། །སྙན་མཉམ་པ་དང། སྙན་མཉམས་བ་སྟེ། འདི་དག་ནི་འགྲམ་པ་སེང་གེའི ་ལྟ་བུའི་འཁོར་དུ་གྱུར་པའོ། །ཞལ་ཧ་ཅང་མི་རིང་བ་དང། སྒྲོས་ཤིང་ཐོག་བིམཔ་ལྟར་དམར་བ་དང། ལྗགས་མཉེན་པ་དང། ལྗགས་སྲབ་བ་དང། ལྗགས་དམར་བ་དང། འབྲུག་གི་སྒྲ་ཉིད་དང། གསུང་མཉེན་པ་དང། གསུང་འཇམ་པ་དང། མཆེ་བ ་བླུམ་པ་དང། མཆེ་བ་རྣོམ་བ་དང། མཆེ་བ་དཀར་བ་དང། མཆེ་བ་མཉམ་པ་དང། མཆེ་བ་བྱིན་གྱིས་ཕྲ་བ་སྟེ། འདི་རྣམས་ནི་ལྗགས་ཡངས་པ་དང། ཚངས་པའི་དབྱངས་དང། ཚེམས་དཀར་བ་དང། ཚེམས་ཐགས་བཟང་བ་དང། ཚེམས་བཞི་བཅུ ་མངའ་བ་དང། ཚེམས་མཉམ་པ་དང། རོ་བྲོ་བའི་མཆོག་མཉེས་པ་རྣམས་ཀྱི་འཁོར་དུ་གྱུར་བ་སྟེ། ཅི་རིགས་སུ་སྦྱར་རོ། །རྩ་མི་མངོན་པ་དང། རྩ་མདུད་པ་མེད་པ་དང། ལོང་བུ་མི་མངོན་པ་དག་དང། སྐུ་གཞོན་མདོག་ཅན་དང། ཕྱག ་ཤིང་བལ་ལྟར་འཇམ་པ་དང། ཕྱག་གི་རི་མོ་མདངས་ཡོད་པ་དང། ཕྱག་གི་རི་མོ་ཟབ་པ་དང། ཕྱག་གི་རི་མོ་རིང་བ་རྣམས་ནི། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང། ཞབས་ལོང་བུ་མི་མངོན་པའི ་འཁོར་དུ་གྱུར་པ་སྟེ། དཔེ་བྱད་ཀྱི་ལོང་བུ་མི་མངོན་པ་ནི་ལོང་བུ་ཆུང་དུ་བཟུང་ལ་མཚན་བཟང་པོའི་ནི་དེ་ཆེན་པོ་བཟུང་ངོ། །ཁ་ཅིག་ནི་མཚན་གྱི་ཕྱིའི་ལོང་བུ་སྟེ་དཔེ་བྱད་ཀྱི་ནང་གི་ལོང་བུ་ཞེས་འདོད་དོ། །ཞབས་མཉམ་པ་དང། ཞབས་རུས་སྦལ ་ལྟར་གནས་པའི་འཁོར་དུ་གྱུར་པའོ། །སེངྒེ་དང། གླང་པོ་ཆེ་དང། ངང་པ་དང། ཁྱུ་མཆོག་དང། གཡས་ཕྱོགས་དང། མཛེས་པར་དང། དྲང་པོར་གཤེགས་པ་དང། གོམ་པ་སྙོམས་པ་རྣམས་ནི། ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་བ ་དང། རྟིང་པ་ཡངས་པ་རྣམས་ནི་འཁོར་དུ་གྱུར་པའོ། །སྐུ་འཁྲིལ་བག་ཆགས་པ་དང། སྐུ་བྱི་དོར་བྱས་པ་དང་འདྲ་བ་དང། སྐུ་རིམ་པར་འཚམ་པ་དང། སྐུ་གཙང་བ་དང། སྐུ་འཇམ་པ་དང། སྐུ་དག་པ་དང། སྐུ་ཁོ་ལག་ཡངས་ཤིང་བཟད་བ ་དང། སྐུ་མ་ཞུམ་པ་དང། སྐུ་རྒྱས་པ་དང། སྐུ་ཤིན་ཏུ་གྲིམས་པ་དང། ཡན་ལག་རྣམས་པར་མཛེས་པ་དང། དཀུ་ཟླུམ་པ་དང། དཀུ་སྐབས་ཕྱིན་པ་དང། དཀུ་མ་རྙོངས་པ་དང། སྐུ་ཀུན་ནས་ལྟ་ན་སྡུག་པ་པ་དང། ཀུན་ཏུ་སྤྱོད་པ་གཙང་བ་དང། སྐུ ་ལ་སྨེ་བ་གནག་བག་མེད་པ་དག་ནི་སྐུ་ཆེ་ཞིང་དྲང་བ་དང། སྐུའི་བདུན་མཐོ་བ་དང། པགས་པ་གསེར་གྱི་མདོག་འདྲ་བ་དང། པགས་པ་སྲབ་པ་དང། དཔུང་མགོ་ཟླུམ་པ་དང། ཐལ་གོང་རྒྱས་པ་དང་རོ་སྟོད་སེངྒེའི་འདྲ་བ་དང། ཤིང་ནྱ་གྲོ་དྷ་ལྟར ་ཆུ་ཞེང་གབ་པའི་འཁོར་དུ་གྱུར་པའོ། །ཕྱལ་ཕྱ་དེ་བ་དང། ཕྱག་མ་རྙོངས་པ་དང། དཀུ་ཟླུམ་པ་དང། ལྟེ་བ་ཟབ་པ་དང། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་རྣམས་ནི། འདོམས་ཀྱི་གསང་བ་སྦུབས་སུ་ནུབ་པའི་འཁོར་དུ་གྱུར་པའོ། །དཔལ་བེའུ ་དང། བཀྲ་ཤིས་དང། ཉ་དང་གཡུང་དྲུང་ཁྱིལ་པ་ལ་སོགས་པ་རྣམས་ནི། མཚན་བཟང་པོ་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང། ཕྱག་དང་ཞབས་དྲ་བས་འབྲེལ་བའི་འཁོར་དུ་གྱུར་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོས་བཅུ་ལ ་བཞུགས་པ་རྣམས་དང། ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང། བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར་ཞེས་བྱ་བ་འདི་ནི་མཚན་གྱི་དོན་བསྟན་ཏེ། ཐེག་པ་ཆེན་པོའི་ཆོས་ནི་རྟོགས་པའི་ཆོས་སོ། །ཁ་ཅིག ་ན་རེ་ལུང་གི་ཆོས་ཐུན་མོང་མ་ཡིན་པ་ཡང་སྟོན་ཏོ་ཞེས་ཟེར་རོ། །སྐུ་འདིའི་མཚན་ཉིད་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། །རང་གི་འབྱོར་པ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་རྒྱུའི་འབྲས། །བློ་ཅན་རྣམས་ཀྱི་དགའ་བ་བསྐྱེད ་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་པ། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་ཏུ་འཕྲོ་བར་མཛད་པ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ་ཞེས་གསུངས་སོ། ། ་དེ་ལྟ་བུའི་སྐུ་འདི་ཅི་རྟག་པ་ཡོངས་སུ་མྱ་ངན་ལས་མི་འདའ་གཞིག་གམ། དེ་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཞེ་ན། ཁ་ཅིག་ན་རེ་གདུལ་བྱ་གང་དག་སངས་རྒྱས་དཀོན་མཆོག་མི་རྟག་པའི་ཕྱིར་རྩོམ་པ་དོན་མེད་པར་རྟོག་པ་དེ་དག་གི་ཕྱིར་འདི་རྟག་པ ་ཡོངས་སུ་མི་འཇིག་པའི་སྐུར་བརྗོད་ཅིང། རང་གི་རང་བཞིན་གྱི་དབང་དུ་བྱས་ཏེ་ནི། འདི་ཡང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་མོད་ཀྱི་འོན་ཀྱང་ལྷའི་དབང་པོ་བརྒྱ་བྱིན་རྣམས་ནི་འཆི་འཕོ་བ་དང་དེར་སྐྱེ་བ་དེ་དག་ཉིད་དང། དེ་བས་ཆེས་ཆེ་བའི་ལྷ་རྣམས ་ཀྱིས་ཤེས་ཀྱི་ལྷ་ཡི་བུ་ཕལ་པ་རྣམས་ཀྱིས་ནི་བདག་ཅག་གི་གནས་འདིར་ལྷ་ཡི་དབང་པོ་གཅིག་ཤི་འཕོས་ཏེ། གཞན་ཞིག་ལྷ་ཡི་རྒྱལ་པོར་གྱུར་ཞེས་བྱ་བ་ནི་རབ་ཏུ་མི་ཤེས་ཏེ། ལས་ཀྱི་མེ་ལོང་ལ་སོགས་པ་ལ་ལྟ་བས་ངེས་པར་གཞན་གྱིས་མི་ཤེས ་པར་དེ་ཉིད་དམ་གཞན་ཞིག་མཚམས་སྦྱོར་བ་ནི་བརྒྱ་བྱིན་དུ་གྱུར་པ་རྣམས་ཀྱི་ཆོས་ཉིད་དུ་ངེས་པའོ། །དེ་བཞིན་དུ་འདི་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་དེ་བཞིན་གཤེགས་པ་རྣམས་འབའ་ཞིག་གི་ཡུལ་དུ ་འགྱུར་གྱི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡུལ་དུ་མི་འགྱུར་བའི་ཕྱིར་སྐུ་གདུང་རྣམ་པར་དབྱེ་བ་ལ་སོགས་པ་མེད་དོ་ཞེས་འདོད་ཅིང། སྐུ་འདི་མྱ་ངན་ལས་འདའ་བའ་ཨི་རྒྱུ་ཡང་ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དེ་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ནས་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། གདུལ་བྱ་ཐམས་ཅད་ཤིན་ཏུ་བཏུལ་ནས་བྱང་ཆུབ ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་གྱུར་ཏེ། མཉམ་པ་མེད་པའི་གོ་འཕངས་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདའ་ཨོ་ཞེས་གསུངས་སོ། །ཞེས་ཟེར་རོ། །དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། གཞན་གང་དག ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་མྱ་ངན་ལས་འདའ་བར་བཤད་པ་དེ་དག་ནི་སྔར་བསྟན་པ་ལྟར། སྤྲུལ་བའི་སྐུ་ལ་ལོངས་སྤྱོད་རྫོགས་པར་བཏགས་པའི་དབང་དུ་བྱས་པ་ཡིན་གྱི། ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་རྣམ་པར་དག་པའི་གཞིར ་གྱུར་པ་ནི་ནམ་ཡང་མྱ་ངན་ལས་མི་འདའ་ཨི་སྐད་ཅིག་མའི་རྒྱུན་ཅན་ཉིད་དུ་ནི་གནས་སོ། །སྐུ་འདི་ཡང་སྨོན་ལམ་འམ། ཚོགས་ཀྱི་འཕེན་པ་འམ། བཞེད་པ་ཙམ་གྱིས་ཕྱེ་བའི་འོག་མིན་གྱི་གནས་གཅིག་ཁོ་ནར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རྣམ་པ་རབ ་ཏུ་མང་པོའི་ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་རྣམས་ན་གནས་པ་ནི་སྤྲུལ་པའི་སྐུ་འབའ་ཞིག་རྒྱ་ཆེན་པོར་སྣང་བར་ཟད་དོ། །ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ཇི་སྙེད་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་བུ ་ཞིག་གི་རང་བཞིན་དུ་ཟད་ཅིང་ཆོས་ཀྱི་སྐུ་དང། སྤྲུལ་པའི་སྐུ་དང། ངོ་བོ་ཉིད་ཀྱི་སྐུ་ཡང་དེ་ལྟར་གཅིག་ཏུ་ཟད་པས་སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་ཐ་དད་པའོ་ཞེས་བྱ་པའི་སྒྲུབ་པ་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་ནི་མཚུངས་པ་མ་ཡིན་ཏེ། འོན་ཀྱང ་སྨོན་ལམ་གྱི་དབང་གིས་བདག་སེམས་ཅན་འདིའི་བུར་གྱུར་ཏེ། སྤྲུལ་པའི་སྐུ་བྱང་ཆུབ་རྙེད་པར་གྱུར་པས་དེ་དག་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པས་དོན་མཛད་པར་ནི་མི་འདྲ་བར་གྱུར་ཏོ་ཞེས་ཟེར་ཏེ། འདི་ལྟ་བུ་དག་ནི་བདག་ཅག་གི ་སྤྱོད་ཡུལ་དུ་མ་གྱུར་པས་དཔྱད་པའི་རྣམ་པར་རྟོག་པ་ངན་པ་ཅི་ཞིག་བྱ་སྟེ། ཇི་ལྟར་བསྟན་པ་ཡང་བཟོད་པར་མཛོད་ཅིག་།ལྷག་མ་རྣམས་ནི་གོ་སླའོ། །ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས་ཞེས་བྱ་བ་ལ། དགའ་ལྡན་ནས་བབས་པ་ལ་སོགས་པ ་དོན་མཛད་པ་རྣམ་པ་བཅུ་གཉིས་ཀྱི་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ནི་རྣམ་པར་སྨིན་པའི་སྤྲུལ་པའི་སྐུ་སྟེ། དེ་ལ་དོན་མཛད་པ་བཅུ་གཉིས་ནི་འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། ཇི་སྐད་དུ་དུས་གཅིག་ཏུ་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་དགའ་ལྡན་གྱི་གནས་མཆོག་ན་བཞུགས་པ་དང། འཆི་འཕོ་བ་དང་སྐྱེ་བ་དང། མངོན་པར་འབྱུང་བ་དང། དཀའ་བ་སྤྱོད་པའི་སྦྱོར་བ་དང། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང། བདུད་བཅོམ་པ་དང ་མངོན་པར་རྫོགས་པར་བྱང་ཆུབ་པ་དང། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང། ཡོངས་སུ་མྱ་ངན་ལས་འདའ་བ་དང། ཆོས་ནུབ་པར་སྟོན་པ་ལ་མཁས་པ་ཞེས་གསུངས་པ་རྣམས་ཏེ། འདིར་ཆོས་ནུབ་པ་བསྟོན་པ་ཡང་གདུལ་བྱ་རབ་ཏུ་མ་གུས་པ་དག་གི་ཆོས ་དང་ཆོས་སྨྲ་བ་ལ་རྟེན་པའི་སྡིག་པ་མི་འབྱུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་ཆེན་པོ་སྟེ། དེའི་ཕྱིར་འཕགས་པ་གསེར་འོད་དམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང། །ཆོས་ཀྱང་ནུབ་པར་མི་འགྱུར ་ཏེ། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །མྱ་ངན་འདའ་ལ་སོགས་པར་སྟོན་ཞེས་གསུངས་སོ། །མཚན་ཉིད་འདི་ལས་གཞན་པ་ཁྱེའུ་དང་བུ་མོ་ལ་སོགས་པའི་གཟུགས་སུ་སྣང་བས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང། ཡང ་དཔག་བསམ་ཤིང་དང་ནོར་བུ་རིན་པོ་ཆེ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་དུ་བསྡུས་པར་སྤྲུལ་ཡང་སྲིད་དེ། འཕགས་པ་དཀོན་མཆོག་སྒྲོན་མའི་མདོ་ལས་ཇི་སྐད་དུ། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་གྱུར། །སྨན་དང་རིན་པོ་ཆེ་ཡི་གཏེར་རྣམས ་དང། །ཡིད་བཞིན་ནོར་བུ་འདོན་འབྱིན་སྙིང་པོ་དང། །ལམ་གོལ་དོང་བ་རྣམས་ལ་ལམ་སྟོན་འགྱུར་ཞེས་གསུངས་པས་སོ། །དེ་ལྟ་བུ་དེ་དག་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྤྲུལ་པའི་སྐུ་སྟེ། འདིར་རྣམ་པར་སྨིན་པའི་སྒྲ་ནི་རབ་ཏུ་རྒྱས་པས་མི་འདྲ ་བར་སྨིན་པའི་དོན་དུ་བརྗོད་པར་བྱ་བ་ཡིན་ལ། ཁྱེའུ་དང་བུ་མོ་ལ་སོགས་པ་དེ་དག་ནི་དམན་པར་སྣང་བའི་ཕྱིར་སློབ་པའི་ལམ་གྱི་གནས་སྐབས་དང་མི་འདྲ་བའི་ཤས་ཆུང་བའི་ཕྱིར་དེ་དག་ལ་དེ་སྐད་ཅེས་བྱའོ། །སྐུ་འདིའི་མཚན་ཉིད་ཀྱང་འཕགས ་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སེམས་ཅན་རྣམས་ནི་སྨིན་པར་མཛད་ཕྱིར་ལ་ལ་དག་ཏུ་མེ་འབར་བཞིན་དུ་གང་སྣང་ཞིང། །ལ་ལར་ཡང་ནི་རྫོགས་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་ཏུ་ཞི་པར་གང་སྣང་ལ། །སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ ་མར་འཇུག་ཅིང་སྲིད་པ་གསུམ་གྱི་འཇིགས་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་གང་ཡིན་དེ་ལ་བདག་ཕྱག་འཚལ་ཞེས་བསྟན་ཏོ། །དང་པོར་འགྲོ་བ་བཟང་པོ་དང་བཟང་པོ་མ་ཡིན་པ་ལ་མངོན་པར་ཞེན་པའི་མཚན ་ཉིད་ཅེས་བྱ་བ་ལ་སོགས་པ་རྣམས་ལ། དང་པོ་བཞི་ནི་ཚོགས་ཀྱི་ལམ་ཕལ་པའི་རང་བཞིན་ནོ། །དེའི་འོག་མ་ལྔ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལ་སྦྱར་རོ། །དེ་ནས་གཉིས་ནི་སྦྱོར་བའི་ལམ་ལ་སྦྱར་རོ། །ལྷག་མ་རྣམས་ནི་གསལ་ལོ། ། ་ཁ་ཅིག་ན་རེ་དང་པོ་ནི་ཚོགས་ཀྱི་ལམ་མོ། །དེ་ནས་ལྔ་ནི་སྦྱོར་བའི་ལམ་གྱི་རང་བཞིན་ནོ། །དེ་ནས་གཅིག་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་འབའ་ཞིག་སྟེ་དེར་འཛིན་པ་སྤོང་བའི་སྦྱོར་བ་ཡིན་ལ། འོག་མ་རྣམས་ནི་གཟུང་བའི་རྣམ་པར་རྟོག་པ་སྤོང་བའི་ཕྱིར་ཞེས ་ཟེར་ཏེ། གཟུང་བ་དང་འཛིན་པའི་དོན་ཡང་ཕྱི་རོལ་གྱི་དོན་དང། རྣམ་པར་ཤེས་པ་ནང་གི་བདག་ཉིད་དུ་བལྟ་བར་བྱའོ། །སྔར་ཇི་ལྟར་བསྟན་པའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་མ་ཡིན་ཏེ་དེ་དག་ནི་ས་དེ་དང་དེར་འབྲེལ་བའི་ཡིན་གྱི་དེས་སྤོར ་བར་ནི་མི་ནུས་ཏེ། དེ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་སྤང་བ་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་ནས་ཞེས་བྱ་བ་ལ། འགྲོ་བ་ནི་མི་ལ་སོགས་པ་སྟེ། དེ་དག་རབ་ཏུ་ཞི་བ་ནི་འདོད་ཆགས་འབར་བ་མཛེས་དགའ་བོ་དང། ཞེ ་སྡང་འབར་བ་སོར་མོའི་ཕྲེང་བ་དང་གཏི་མུག་འབར་བ་སྟེང་རྒྱས་འོད་སྲུངས་ལ་སོགས་ཏེ། དེ་དག་ཀྱང་རབ་ཏུ་ཞི་བར་བྱ་བའོ། །གཞན་ཡང་འཕགས་པའི་གང་ཟག་མ་ཡིན་པ་ཐམས་ཅད་ལ་ཐུན་མོང་དུ་རབ་ཏུ་སྤང་དཀའ་བ་ནི་འཁྲིག་པའི་འདོད་ཆགས་ཡིན་ལ ་དེ་ཡང་བུད་མེད་གཞོན་ནུ་རྣམས་ནི་རབ་ཏུ་ཤས་ཆེ་བ་ཡིན་མོད་ཀྱི་སངས་རྒྱས་རྣམས་ཀྱིས་དེ་ཡང་འདི་བར་ཡོངས་སུ་སྤོང་དུ་འཇུག་པར་སྤྱོད་པའི་ཕྱིར་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ ་ཡུལ་ནམ་མཁའ་དང་ནི་ས་སྟེངས་རྒྱས་མཛད་ནས། །ས་ལ་མི་དང་མཐོ་རིས་ན་ཆུང་མཆོག་བདེ་བའི། །དགའ་ལ་དགའ་རྣམས་བཞེད་དགུར་རབ་ཏུ་དགའ་མཛད་ནས། །ཉོན་མོངས་ཉམས་ཐག་སེམས་ཅན་ཚོགས་ཀྱི་འཇིག་སྐྱེ་དང། །སྐྱེ་བ་ཞི་མཛད་རྒྱལ་བའི་དབང ་པོ་ཉིད་རྙེད་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་གཡོ་བ། །མི་བསྙེངས་ནོང་མི་མངའ་བའི་གོ་འཕངས་བརྙེས་པར་མཛོད་ཅེས་གསུངས་སོ། །དེ་ལྟར་འགྲོ་བའི་ཉོན་མོངས་པ་ཞི་བར་གྱུར་པས་ཕྲིན་ལས་དང་པོ་མཛད་ནས་འཁོར་གྱི་དོན་བྱ་བའི་ངོ་བོ ་དེ་དག་ཇི་ལྟར་དགའ་བའི་མུ་ཏིག་དོ་ཤལ་དང། བཟའ་བ་དང་བཅའ་བའི་སྦྱིན་པས་སྡུད་དེ་ཡང་གྲོལ་བར་བྱེད་པའི་ཆོས་བསྟན་པ་དང། དེ་སྤྱོད་པ་དང། རྗེས་སུ་མཐུན་པར་བྱ་བ་དང། བདག་ཀྱང་བསྒྲུབ་པ་སྙིང ་པོར་བྱེད་པས་སྨྲ་བ་ལྷུར་མི་ལེན་པ་དག་ནི་ཕྲིན་ལས་གཉིས་པ་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་ལ་བཀོད་པ་སྟེ། ཇི་སྐད་དུ་འདི་དག་གི་ཡོན་ཏན་དང། འཁོར་སྡུད་པ་དང་ལྡན་པ་རྣམས། ཚུལ་འདི་ལ་ནི་ཡང་དག་བརྟེན། །ཀུན་གྱི ་དོན་ཀུན་སྒྲུབ་བྱེད་པས། །ཐབས་བཟང་ཡོན་ཏན་ལྡན་པ་ཡིན་ཞེས་གསུངས་སོ། །རྟོགས་པར་མཛད་ནས་ཞེས་བྱ་བ་ནི་སྙན་པར་སྨྲ་བ་ཡུན་རིང་དུ་བརྟེན་ཅིང་དེ་བཞིན་དུ་བསམ་པ་ལ་སོགས་པ་ནི་ངེས་པར་བླང་བ་དང་དོར་བར་ཁོང་དུ་ཆུད་པར་ནུས་པ ་སྟེ་ཕྲིན་ལས་གསུམ་པའོ། །གཞན་དག་གི་དོན་བྱམས་པ་ལ་སོགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཇི་ལྟར་བསམ་པ་ལྟར་སྒྲུབ་པར་རྟོགས་པས་ན་སྒྱུ་མ་མཁན་བཞིན་དུ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་སེམས་ཅན་གྱི ་དོན་ཅེས་བསྟན་ཏོ། །སེམས་ཅན་རྣམས་བདེ་པར་གྱུར་ཅེས་བསམ་པ་འབའ་ཞིག་གིས་ཆགས་པར་འཛིན་པ་དགག་པའོ། །དེ་ནི་བླང་བ་དང་དོར་བ་རྟོགས་ནས་ཡང་རྟོགས་པ་དང་མཐུན་པར་དངོས་སུ་སྒྲུབ་པའི་དོན་ཏེ་ཕྲིན་ལས་བཞི་པའོ། །རང་གི ་དོན་ཅེས་བྱ་བ་ནི་རང་གི་དོན་ལ་མངོན་པར་ཞེན་པ་དང་མ་བྲལ་བའི་ཕྱིར་རོ། །འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་སྔར། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་འདི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། ་ཐར་པའི་ཆ་དང་མཐུན་པར་འདོད་ཅེས་བསྟན་པ་རྣམས་སོ། །རང་དང་གཞན་གྱི་དོན་གྱི་མཚན་ཉིད་ཅེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་དང། མ་བྱིན་པར་ལེན་པ་སྤོང་བ་དང། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང། རྫུན་དུ་སྨྲ་བ་སྤོང་བ་དང། ཚིག ་རྩུབ་པོ་སྤོང་བ་དང། ཕྲ་མ་སྤོང་བ་དང། གནོད་སེམས་སྤོང་བ་རྣམས་ནི་གཞན་ལ་གནོད་པ་སྤོང་པ་གཞན་གྱི་དོན་དུ་བསྡུས་ལ། ངག་འཁྱལ་པ་དང། བརྣབ་སེམས་དང་ལོག་པར་སྟ་བ་རྣམས་སྤོང་བ་ནི་རང་ལ་གནོད་པ་སྤོང་བས་རང་གི་དོན་བསྡུས་པ་འམ། ཡང་ན ་རང་དང་གཞན་གྱི་དོན་ཅེས་བྱ་བ་ནི་སངས་རྒྱས་ཉིད་དུ་བསྔོས་པས་ཉན་ཐོས་རྣམས་ལྟར་རང་འབའ་ཞིག་གི་དོན་ནི་མ་ཡིན་གྱི་གཉི་གའི་དོན་དུའོ་ཞེས་བྱ་བའོ། །སངས་རྒྱས་ཉིད་ཀྱི་ལམ་ཞེས་བྱ་བ་ནི་སངས་རྒྱས་ཐོབ་པར་བྱ་བ་ལ་ལམ་དང་ལམ་གྱི་ཡན་ལག་ཇི ་སྙེད་དུ་བསྟན་ཀྱང་དེ་དག་ལས་གཙོ་བོ་ནི་དགེ་བ་བཅུ་པོ་འདི་དག་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དགེ་པ་བཅུའི་ལས་ཀྱི་ལམ་ལའོ་ཞེས་བྱ་བ་ལ། འདི་དག་རྣམ་པར་སྨིན་པ་སྡུག་ཅིང་ཡིད་དུ་འོང་བ་ཅན་ཡིན་པས་ན་དགེ་བའོ། །ལུས་ཀྱི་གསུམ་དང་ངག་གི་བཞི ་དང་ཡིད་ཀྱི་གསུམ་རྣམས་ནི་བཅུའོ། །ལས་ཀྱི་ལམ་ཞེས་བྱ་བ་ནི། སྐད་ཅིག་གཞན་དུ་མི་གནས་ཤིང། །བྱེད་མེད་ཡིད་ཀྱང་གང་གིས་ནི། །བྱེད་དང་བཅས་ལྟར་སྣང་བྱེད་པ། །སེམས་དཔའ་དེ་ནི་ཡིད་ཀྱི་ལས། ཤེས་བྱ་བའི་ཚུལ་གྱིས་ན་ལས་ནི་སེམས་པ་སེམས་པ་དེ་ཡང ་བརྣབ་སེམས་སྤོང་བ་དང། གནོད་སེམས་སྤོང་བ་དང། ལོག་པར་ལྟ་བ་སྤོང་བ་རྣམས་ཀྱི་དབང་དུ་འགྲོ་ཞིང། དེ་དག་གི་ལམ་དུ་འཇུག་པས་ན་ལས་དེའི་ལམ་ནི་དེ་དག་གོ་།ལྷག་མ་སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལས་ཀྱང་ཡིན་ལ་སེམས་པ་ཡང ་དང་པོར་འདི་དག་སློང་ཞིང་བསྐྱེད་ལ་དེ་ནས་ཀྱང་འདི་དག་ལ་བརྟེན་ཅིང་འཇུག་པས་ལས་ཀྱི་ལམ་ཡང་ཡིན་ཏེ། དེ་སྐད་དུ་དཔྱིག་གཉེན་གྱི་ཞལ་སྔ་ནས། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུ་བྱས་པ་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན ་ཞེས་བཤད་ལ། ལས་ཀྱི་མཚན་ཉིད་ཀྱང། དེ་ནི་སེམས་པ་དང་དེས་བྱས། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས་ཞེས་སོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གོམས་པ་ལའོ་ཞེས་བྱ་བ་ནི་མོས་པ་ཡིད་ལ ་བྱེད་པའི་དབང་གིས་གོམས་པར་བྱེད་པ་ཙམ་ཞིག་དུ་བཞག་གིས་དངོས་གཞི་མ་ཡིན་ཏེ། དེ་ནི་ས་རབ་ཏུ་དགའ་བ་ལ་སོགས་པར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པར་བཞག་པའི་ཕྱིར་རོ་དེའི་རྗེས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ ་བརྟེན་ནས་ཞེས་བྱ་བ་ནི་སྦྱིན་པའི་བསོད་ནམས་ཀྱི་ལས་ཀྱི་མཆོག་ཡིན། བསོད་ནམས་ཤིན་ཏུ་ཆེར་བསགས་པའི་སེམས་ལ་ཇི་ལྟར་སྨོན་པ་འགྲུབ་པའི་ཕྱིར་ན་སྦྱིན་པ་ནི་ས་དང་པོ་དེར་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད ་གཉིས་སུ་མེད་པའི་ཆོས་ཀྱི་རྒྱུས་ཏེ་དེ་ལ་སྦྱོར་ཞེས་བྱ་བའི་དོན་ཏོ། །ཚོགས་ནི་ས་དང་པོའི་བསོད་ནམས་དང་ཡེ་ཤེས་གཉིས་སོ། །དེ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་ལ་ཚོགས་ཁྱད་པར་ཅན་ལ་གནས་ཀྱང་ད་དུང ་ཡོངས་སུ་རྫོགས་པ་ནི་མ་ཡིན་པས་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ས་གཉིས་པ་ལ་སོགས་པ་ལ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང། དེའི་ཚེ་ཡང་དེ་དག་གི་བརྡར་བརྟགས་པར ་ཤེས་པར་སྤྱོད་ཀྱི་དངོས་པོ་འཛིན་པའི་ཚུལ་གྱིས་ནི་མ་ཡིན་པ་ལ་འགོད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་བརྡར་བརྟགས་པ་ཙམ་ལ་བལྟོས་པའོ། །ཤེས་པ་དང་ཤེས་བྱའི་དངོས་པོར་མངོན་པར་མ་ཞེན་པའི་མཚན་ཉིད་ཆོས་ཐམས་ཅད་དམིགས་སུ ་མེད་པའི་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་བློ་རབ་ཏུ་ལོག་པས་འདི་དག་ནི་དབྱེར་མེད་པར་ཆོས་ཀྱི་དབྱིངས་སྣ་ཚོགས་སྣང་བའོ་ཞེས་བྱ་བ་ལ་ངེས་པར་གྱུར་པའོ། །དེ་ལྟར་ན་ཤེས་པའི་ཕྱིར་རང་དང་གཞན་དུ་འབྱེད་པ་མེད་པས་རང་གི་དོན ་དུ་མཐོང་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་སེམས་ཅན་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་ཡེ་ཤེས་ཕྲིན་ལས་དང་བཅས་པ་དེ་ཉིད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་སོ། །དེ་ལ་སེམས་ཅན་ཡོངས་སུ་སྨིན་པ་ནི་དྲོད་ལ་སོགས་པ་ཐོབ་པ ་སྟེ། ཤིང་ཐོག་སྨིན་པ་དང། མ་སྨིན་པ་བཞིན་དུ་ལས་སུ་རུང་བའོ་ཞེས་བདག་གིས་བླ་མས་ལུང་ཕོག་པའོ། །དེ་ལྟར་ན་མདོ་སྡེ་བརྒྱན་ལས་ཀྱང་བསྟན་ཏོ། །ཉན་ཐོས་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའ་ཨི་ལམ་ནི་ཤིན་ཏུ་མཚན་མ་མེད་པའི ་དབྱིངས་སུ་ཡང་ཞུགས་ལ་འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་བའི་མཐུས་ཡང་དག་པའི་མཛའ་མངོན་སུམ་དུ་ནི་མི་བྱེད་པས་སོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤངས་པ་ཞེས་བྱ་བ་ནི་སྔར། རྒྱལ་ལ་སོགས་ལ་ཆགས་པ་ཕྲ་ཞེས ་བསྟེན་པའི་ཆགས་པ་ཕྲ་མོ་ཡངས་འདི་ལས་བརྩམས་ནས་ནི་བྲལ་ཏེ། འོན་ཀྱང་བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པའོ། །གཞན་དག་ནི་ས་འོག་མ་ལ་བལྟོས་ནས་མངོན་པར་ཞེན་པ་སྤངས་པར་འདོད་ཀྱི་ཆགས་པ་ཕྲ་མོ་ནི་ས་བཅུ་པའི་བར་དུ་ལྡན་པར ་འདོད་དོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་བྱང་ཆུབ་ཐོབ་པ་ལའོ་ཞེས་བྱ་བ་ལ། འདིར་བྱང་ཆུབ་ནི་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དེ་ཐོབ་པ་ནི་ཚོགས་མ་རྫོགས་པས་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པར་མི ་ནུས་ཀྱི། གདུལ་བྱའི་དབང་གིས་གཟུགས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་སྨོན་ལམ་གྱི་མཐུས་ནུས་པར་གྱུར་ཏེ། འདི་སྐད་དུ་རྒྱལ་བའི་ཡུམ་བར་མ་ལས། ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན ་པ་དྲུག་ལ་གནས་ཤིང་སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེད་མ་སྙེད་དག་ཏུ་དོང་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་ལ་སོགས་པ་གསུངས་སོ། །འོ་ན་འཕགས་པ ་ས་བཅུ་པའི་མདོ་ལས། ས་བཅུ་པ་ནས་བརྩམས་ཏེ་སྨོན་ལམ་གྱི་མཐུས་ནི་དགའ་ལྡན་ནས་བབས་པ་ལ་སོགས་པའི་རིམ་པས་མངོན་པའི་རྫོགས་པར་སངས་རྒྱས་པར་གསུངས་པ་ཇི་ལྟར་དྲང་ཞེ་ན། དེའི་ཚེ་ནི་ས་དགུ་པ་ལ་འཇིག་རྟེན་གྱི་ཁམས་རབ་ཏུ་མང ་པོར་འཚང་རྒྱ་བའི་སྦྱོར་བ་སྟོན་པས་འོག་མ་དག་ལས་ཁྱད་པར་དུ་བསྟན་ཏོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་བཀོད་ནས་ཞེས་བྱ་བ་ལ་ཞིང་རྣམས་ནི་ཡང་དག་པའི་དོན་དུ་ན་ཡེ་ཤེས་ཀྱི་སྣང་བ་སྟེ། དེའི ་ཕྱིར་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འདོད་པས་ནི་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ་ཞེས་གསུངས་ལ་འདིར་ཡང་ཡེ་ཤེས་ཀྱི་སྟོབས་ཀྱིས་ཞེས་གསུངས་སོ། །དེ་ལྟ་བུའི ་ས་བཅུའི་བདག་ཉིད་ཀྱི་མཛའ་ཨི་བྱ་བ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ནས་སྒོམ་པའི་ལམ་ཁྱད་པར་ཅན་གྱི་དབང་དུ་བྱས་ཏེ། བྱང་ཆུབ་མཛའ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི ་ཡན་ལག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་མཛའ་དག་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་པའི་བྱང་ཆུབ་ཐམས་ཅད་དོ། །དེ་དག་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་སྣ ་བདུན་ཏེ། སྔར་རྣམ་པའི་སྐབས་སུ་བཤད་པ་རྣམས་སོ། །དེ་ཡང་དེ་དག་ནི་མཐོང་བའི་ལམ་ཡིན་ལ། མཐོང་བའི་ལམ་ནི་བྱང་ཆུབ་ཆེན་པོ་གྲུབ་པར་བྱེད་པ་མཐོང་བའི་ལམ་ཞེས་བསྟན་པས་ན་དེ་དག་ལ་བྱང་ཆུབ་མཛའ་དག་འདྲེན་པར་བཞག་གོ་།ལས ་དང་འབྲས་བུར་འབྲེལ་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཆུད་མི་ཟ་བའི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་དེས་ནི་ཡེ་ཤེས་རྣམ་པར་དག་པ་བསྐྱེད་ཀྱི། བསྐལ་པ་མང་པོ་ཞིག་ཏུ་དཀའ་བ་བྱས་ནས་རང་གི་ཡེ་ཤེས་རྒྱུན ་གཅོད་པ་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་དག་སངས་རྒྱས་ཀྱི་སའི་ཡེ་ཤེས་ཀུན་རྫོབ་ཏུ་ཡང་མེད་པར་སྨྲ་བ་དེ་དག་གི་ལྟ་བ་དགག་པར་འདི་གསུངས་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམས་སོ། །ཡང་དག་པ་ཇི་ལྟ ་བ་བཞིན་དུ་རྟོགས་པ་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་ལས་དེ་དག་ཐ་དད་པར་མི་འཛིན་པའི་ངོ་བོ་སྟེ་ཇི་སྐད་དུ་འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བདེན་པ་གཉིས་སུ་དབྱེར་མེད་པར་བསྟན་པ་ལྟ་བུའོ། །ཕྱིན་ཅི་ལོག་ཐམས་ཅད་ཅེས་བྱ་བ་ནི ་མདོར་ན་བདེན་པ་གཉིས་ལོག་པར་རྟོགས་པ་སྟེ། དེ་དག་སྤང་བ་ནི་ཇི་སྐད་དུ་བསྟན་པའི་བདེན་པ་གཉིས་སུ་མི་འཛིན་པའི་མཐུ་སྟེ། དེས་ན་སྔ་མའི་འབྲས་བུར་འདི་བསྟན་པའོ། །དེ་ལྟར་ཕྱིན་ཅི་ལོག་སྤང་བ་དེ་ཡང་གང་ཞིག་ཡོད་པར་བོར་བ་ནི་མ་ཡིན་པས་ན ་ཕྱིན་ཅི་ལོག་སྤང་བ་གཞི་མེད་པའི་ཡེ་ཤེས་ཞེས་སྨོས་ཏེ། གཟོད་མ་ནས་དངོས་པོ་རྣམས་ལ་ཕྱིན་ཅི་ལོག་ཕྲ་བ་ཡང་མེད་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་ཞིག་དེས་ཤེས་པར་ཟད་དེ། དེ་ལྟ་བས་ན་སྔར་འདི་ལ་གསལ་བ་ཅི་ཡང་མེད། །བསྣན ་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། ཞེས་གསུངས་ལ་འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང། ཡུལ་འདི་དག་ནི་དུག་མེད་སྟོང་པ་སྟེ། དངོས་པོར་དམིགས ་པ་ཐམས་ཅད་གཟུང་དུ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་འདི་ནི་རྒྱ་ཆེར་འཕགས་པ་འཇམ་དཔལ་གྱི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཤེས་པར་བྱའོ། །དེ་ལྟར་བསྟན་པའི་ཚུལ་གྱིས་རང་བཞིན་གྱིས་ཡོངས་སུ་དག་པའི་མཚན་ཉིད་ཀྱི ་བྱང་ཆུབ་སེམས་དཔའ་ཨི་རྣམ་པར་བྱང་བ་ཞེས་གསུངས་ཏེ། རྒྱལ་བའི་སྲས་དེའི་ཡོན་ཏན་དེ་དག་རབ་ཏུ་དག་ཅིང་འོད་གསལ་བའི་རྒྱུ་མཚན་ནི་སྔ་མ་ཉིད་དོ། །དེ་ལྟར་རྣམ་པར་དག་པའི་ཡོན་ཏན་གྱི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱི་སའི་རྒྱུར་གནས་པའི་ཕྱིར་དྲི་མ་ཐམས ་ཅད་དང་བྲལ་བའི་རྣམ་པར་བྱང་བའི་རྒྱུའི་ཚོགས་ཞེས་སྨྲོས་སོ། །ཡང་ལམ་དེ་ལ་གནས་པ་ནི་བདག་གི་སློབ་པའི་ས་འདི་ཡོངས་སུ་སྤངས་ཏེ་ཆོས་ཀྱི་སྐུ་འདུས་མ་བྱས་ཐོབ་པར་བྱའོ་ཞེས་མི་རྟོག་པར་སྟོན་ན་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་འདུས་བྱས་དང་འདུས་མ་བྱས་ཐ ་མི་དད་པར་ཡོངས་སུ་ཤེས་པ་ལ་བཀོད་ནས་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་འགྲོ་བ་རབ་ཏུ་ཞི་བར་མཛད་པ་ནས་གཟུང་སྟེ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ནི་གནས་སྐབས་གོང་མ་གོང་མ་ལས་འོག་མ་འོག་མ ་རྣམས་ཐ་དད་ལ། སྐྱེ་བ་གཅིག་གིས་ཐོགས་པའི་ཁྱད་པར་གསུམ་དང་ཁྱད་པར་གྱི་ལམ་གྱི་ཡོན་ཏན་རྣམ་པ་བརྒྱད་རང་རང་གི་ཆོས་ཅན་ཅིག་གི་ཡོན་ཏན་གྱི་ཁྱད་པར་ལྔའོ། །དེ་བཞིན་གཤེགས་པའི་ས་ནི་ཀུན་ཏུ་འོད་དེ། དེ་ནི་མི་གནས ་པའི་མྱ་ངན་ལས་འདས་པའོ། །དེ་ལ་འགོད་པར་མཛད་པས་ན་ཕྲིན་ལས་ཡོངས་སུ་རྫོགས་པས་ཐུགས་ལ་མི་མངའ་བར་གྱུར་པའི་ཕྱིར་ལས་གཞན་དེ་ནས་མ་སྨོས་སོ། །འཁོར་བ་ཇི་སྲིད་པར་ཞེས་བྱ་བ་ནི་སྔར། དེ་ཉིད་ཟད་པ་མེད་པའི་ཕྱིར། རྟག་པ་ཞེས ་ཀྱང་ངེས་པར་བརྗོད་ཅེས་བསྟན་པའི་ཚུལ་གྱིས་སོ། །གལ་ཏེ་དེ་ལྟར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་ཕྲིན་ལས་མཛད་པ་ལ་མངོན་པར་བརྩོན་པའི་ཕྱིར། སངས་རྒྱས་རྒྱུད་པ་ཐོག་མ་མེད་པ་དག་གིས་སེམས་ཅན་དཔག་ཏུ་མེད་པ་ཕུང་པོ ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་སྔ་མ་ཉིད་དུ་བཀོད་ཅིང། དེ་ལྟར་དང་མ་འོངས་པའི་དུས་སུ་ཡང་དེ་ལྟར་འགོད་པ་མཛད་ན་ཅིའི་ཕྱིར་འཁོར་བ་ཐ་མ་མེད་ཅེ་ན། དགེ་སློང་དག་ཁྱེད་ཀྱིས་ལྷ་ཡི་མིག་དག་པས་སྟོང་གསུམ་གྱི ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཇི་སྙེད་ཅིག་གནས་པ་མཐོང་བ་ནི་ཆེས་ཉུང་གིས། ངས་ཤིང་རྟའི་ཕང་ལོ་ཙམ་གྱི་ཕྱོགས་ན་སེམས་ཅན་གནས་པ་རྣམས་མཐོང་བ་ནི་ཆེས་མེད་ཞེས་གསུངས་པའི་ཚུལ་གྱིས་ཕུང་པོ་ནི་རབ་ཏུ ་མང་ལ་སངས་རྒྱས་རྣམས་ནི་བརྒྱ་ལམ་ལ་ནི་ལན་འགའ་ཁོ་ན་ཨུ་དུམྦ་རའི་མེ་ཏོག་བཞིན་དུ་འབྱུང་བའི་ཕྱིར་འདི་དག་ཟད་པར་བྱ་བ་དཀའ་བའི་ཕྱིར་ཏེ། རྡུལ་ཕྲ་རབ་རེ་རེ་ལ་ཡང་སངས་རྒྱས་དཔག་ཏུ་མེད་པར་བཞུགས་པ་གང་དང་གང་ལས ་བསྟན་པ་ནི་སྤྲུལ་པའི་སྐུའི་དབང་དང་བྱང་ཆུབ་སེམས་དཔའ་དབང་ཐོབ་པའི་ཡུལ་དུ་བྱས་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་བུའི་དུས་ཉེ་བར་གནས་སུ་ཆུག་ན་ཡང་དེ་དག་གི་ཡེ ་ཤེས་སྐད་ཅིག་མ་བདེ་བ་ཆེན་པོ་རྒྱུན་དུ་འབྱུང་བ་ཉིད་ལ་འཁོར་བ་ཞེས་བྱ་བའི་ཕྱིར་ཡང་ཉེས་པ་མེད་དོ། །བཞད་པས་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འབྱུང་བ་སྟེ། ཁྱོད་ཀྱི་ཕྲིན་ལས་ཇི་སྙེད་པ། །བཞེད་པ་ཙམ་ལ་རག་ལས་ཏེ། །སྦྱོར་འབྱུང ་ཡོན་ཏན་གཅིག་མ་མཆིས་ཞེས་བསྟོད་པ་ལྟ་བུའོ། །སེམས་བསྐྱེད་པ་དང་པོ་ནི་དེ་ཡང་ས་གསེར་ཟླ་བ་མེ་ཞེས་བྱ་བ་ལ་སོགས་པའོ། །ཐ་མ་ནི་འགྲོ་རྣམས་ཞི་པའི་ལས་དང་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གི་ལས་དེ་ལྟར་བསྟན་པས་ཞེས་བྱ་བ་ནི་རང་གི ་གནས་སྐབས་ཀྱི་བྱ་བ་དང། ཡོན་ཏན་དང་རང་བཞིན་བསྟན་པའོ། །གོ་རིམ་བསྟན་པའི་རིམ་པ་ཞེས་བྱ་བ་ནི་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རིམ་པ་མ་འཁྲུགས་པར་བསྟན་པས་སོ། །ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཀྱི་གོ་རིམ་ཀྱང་ལས་དང་པོ་པའི ་ས?་ནས་སངས་རྒྱས་ཀྱི་སའི་བར་དུ་སྟོན་པའི་དབང་དུ་བྱས་པ་དེ་དག་གིས་རྗེས་སུ་འབྲངས་ཏེ། དེ་དག་ཁོ་ན་ལྟར་ཁོང་དུ་ཆུད་པར་བྱས་ཏེ། དེའི་དགོས་པ་ནི་སྔར་བསྟན་ཏོ། །དེ་ལྟར་ན་སློབ་དཔོན་གྱི་ཞལ་སྔ་ནས་ཅིའི་ཕྱིར་འབྲེལ་བར་དེ་ལྟར་མི་སྟོན་སྙམ་པ་ལ་ཚིག་མངས་སུ ་དོགས་པས་བདག་གིས་མ་བྲིས་སོ་ཞེས་བྱ་བ་གསུངས་ཏེ། དེས་ན་ཚེགས་ལ་ལྟ་བ་འམ། དགོད་པར་མི་མཁྱེན་པ་ནི་མ་ཡིན་གྱིས་དང་པོ་ནས་ཀྱང་ཡུམ་འདི་ཟློས་བུ་ལྟ་བུར་རབ་ཏུ་མང་པོ་བྱུང་བས་དོན་ཁོང་དུ་ཆུད་པར་དཀའ་བར་འགྱུར་ན། གལ་ཏེ་དག་རེ་རེ་ལ་སྐབས ་ཀྱི་དོན་མཛའ་དག་བཀོད་ན། དེའི་ཚེ་ཡུམ་འདིས་གདུལ་བྱ་ཕལ་ཆེར་ཁམས་རབ་ཏུ་འཁྲུགས་པར་བྱེད་པ་ཉི་ཚེ་བ་ཞིག་གི་ཡན་ལག་ཏུ་འགྱུར་བའི་ཕྱིར་མ་བཀོད་དོ། ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་བདག་གིས་ཀྱང་འདིར་སྤྱད་པ་མ་བྱས་སོ། སྐབས་བརྒྱད་པའི་འགྲེལ་བཤད ་རྫོགས་སོ།། །།སྐབས་བསྡུས་པ་གཉིས་ཀྱི་དོན་ནི་དང་པོར་བཤད་ཟིན་ཏེ། ཚིག་གི་དོན་ཡང་གོ་བར་སླའོ། །ཆུང་ཟད་དུ་ན་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་སྐབས་བསྡུས་པ་རྣམ་པར ་དབྱེ་བ་བསྡུས་པ་ཡིན་དུ་ཟིན་ཀྱང། དོན་ལ་ནི་ཁྱད་པར་བྱ་བ་མེད་དེ། ཚེགས་ཆུང་ཟད་ཅིག་བྲི་བར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ་།ད་ནི་གཞུང་ཉེ་བར་བསྡུ་བ་སྟོན་ཏེ། འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡི་དོན་མཐོང་སྒོ་ནས་ནི། ཚིག་ལེའུར་བྱས་པའི ་འགྲེལ་གསལ་བ། །འདི་ནི་སེང་གེ་བཟང་པོས་བྱས་ཞེས་བྱ་བར་སྦྱར་ཏེ་ཇི་ལྟར་བྱས་ཤེ་ན། ཚིག་དང་ནི་ངག་སོགས་སྦྱར་བ་མ་བྱས་པར་ཞེས་བྱ་བར་སྦྱར་ཏེ། དེ་ལ་ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་སྟོན་པར་བྱེད་པའོ། །ངག་ནི་ཚིག་ཇི་སྙེད་བས་བརྗོད་པར་བྱ ་བ་གཅིག་སྟོན་པར་བྱེད་པ་སྟེ། ཀ་བ་ནི་བྱས་པའི་ཕྱིར་མི་རྟག་ལ་དེའི་ཕྱིར་དེ་ལ་རང་བཞིན་མེད་དོ་ཞེས་བྱ་བ་ལྟ་བུའོ། །སོགས་པ་ཞེས་བྱ་བ་ནི་སྡེབ་སྦྱོར་གྱི་བསྟན་བཅོས་ལྷུར་བླངས་ཏེ་དོན་སྟོན་པར་མཚུངས་ཀྱང་ཚིག་ཡིད་དུ་འོང་བར་བྱེད་པའི་སྙན་ངག་དག་ཀྱང་མ ་སྦྱར་ཅེས་བསྡུ་བའོ། །དེ་ལྟར་དག་དང་ཚིག་དང་སྙན་ངག་རྣམས་འདིར་ཅིའི་ཕྱིར་སྦྱོར་བ་མ་མཛད་ཅེ་ན། གོ་བར་སླ་བར་བྱ་བའི་ཕྱིར་ཏེ། དོན་རྒྱ་ཆེན་པོ་ཁོང་དུ་ཆུད་པར་བྱ་བའི་དུས་ན་ཚིག་གི་ཚོགས་རབ་ཏུ་མང་པོ་བསྟན་པ་ནི་དོན་དེ་ཁོང་དུ་ཆུད་པའི་བར་ཆད་དུ་འགྱུར ་བར་སྣང་སྟེ། དེའི་ཕྱིར་འདི་གཟུ་བོར་བསྟན་པས་སློབ་མ་ལ་བཤད་པའི་ཕྱོགས་བསྟན་པའི་ཁོང་དུ་ཆུད་པར་སླ་བའི་ཡན་ལག་ཏུ་བྱས་པའོ། །ཅི་འདི་གཞན་གྱིས་རྗེས་སུ་མ་གནང་བར་བྱས་སམ་ཞེ་ན་མ་ཡིན་ཏེ། མཁན་པོ་ཡང་དག་རྣམ་སྣང་མཛད། །བླ་མ་བཟང་ལ ་ཕྱག་འཚལ་ནས། །དེ་དག་ལ་གནང་བ་མནོས་ཤིང་མན་ངག་གི་ཆ་གནང་བ་ནས་འདི་བྱས་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་འདི་ལྟར་མཁན་པོ་ཡང་དག་རྣམ་སྣང་མཛད་ཅེས་བྱ་བ་ནི་རྗེ་བཙུན་རྣམ་པར་སྣང་མཛད་ལས་སྣང་བ་ཐོབ་པར་སྟོན་པ་ཡིན་ཏེ། སློབ་དཔོན་འདི་ནི ་དེའི་མངོན་སུམ་བ་ཡིན་པའི་ཕྱིར་རོ། །བླ་མ་བཟང་པོ་ནི་འཕགས་པ་རྣམ་པར་གྲོལ་བའི་སྡེ་སྟེ། དེ་དག་ལ་ཕྱག་འཚལ་ནས་གནང་བ་མནོས་ཏེ། འདི་བརྩམས་ཞེས་འཆད་པར་བྱེད་དོ། །བདེ་གཤེགས་ཤེས་རབ་ནི་ཆོས་ཀྱི་སྐུའོ། །མི་གསལ་ཞིང་ཞེས་བྱ་བ་ནི་རྗེས་སུ་དཔག ་པ་ལས་འཇུག་གི་མངོན་སུམ་དུ་ཡུམ་འདི་དོན་དམ་པར་མ་གྱུར་བས་སྟོན་པ་སྟེ། ཇི་སྐད་དུ་དེ་ལ་སྒྲོ་བཏགས་གཅོད་བྱེད་པའི། །རྗེས་སུ་དཔག་རྣམས་ཤེས་པར་བྱེད། །རྣལ་འབྱོར་དབང་རྣམས་མངོན་སུམ་གསལ་ཞེས་བསྟན་པ་ལྟ་བུའོ་དེ་ལྟར་དེས་ནི་རྟོགས་པའི་ཆོས་ཁོང་དུ ་ཆུད་པར་བསྟན་ཏེ། ད་ནི་ལུང་གི་ཆོས་ཀྱང་མ་རྟོགས་པར་བྱེད་པ་ནི་བསྟན་བཅོས་ཀུན་ལས་ཐག་རིང་ལ་ཞེས་སྨོས་པའོ། །དེ་དག་ཀྱང་གང་གི་ནུབ་མོ་ལ་དགྲ་བཅོམ་པ་ངེས་པ་དང། སྡེ་སྣོད་གསུམ་པ་སློབ་མ་ཅན་གཉིས་མྱ་ངན་ལས་འདས་པ་དང། ཚེའི་དུས་བྱས་པ་དེའི་ནུབ ་མོ་ནུབ་པས། དེ་ཕྱིན་ཅད་ནི་ཆོས་ཀྱི་གཟུགས་བརྙན་ལ་སྤྱོད་པའི་ཕྱིར་རོ། །འོ་ན་དེ་དག་སུས་ཤེས་ཞེ་ན། བསྟན་བཅོས་རྣམས་ཀྱི་དོན་ཇི་ལྟ་བུ་ཡིན་པ་ནི་བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་བསགས་པས་བདག་ཉིད་ཆེ་བའི་བློ་ཅན་རྣམས་དང། ཡུན་རིང་དུ་དགེ ་བའི་བཤེས་གཉེན་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མན་ངག་ཡོངས་སུ་བཟུང་བ་རྣམས་དང། འཕགས་པའི་སྐྱེ་བོ་འཕགས་པ་རྣམ་པར་གྲོལ་བ་ལ་སོགས་པ་དེ་དག་གི་སྤྱོད་ཡུལ་ཡིན་ནོ། །སྐྱེ་བོ་མཁས་པ་རྣམས་ནི་བློ་དང་ལྡན་པ་རྣམས་སོ། །བཟོད་པ ་མཛོད་ཅེས་བྱ་བ་ནི་བདག་ལ་སྨད་པས་ཁྱེད་རྣམས་ཉམས་པར་མ་གྱུར་ཅིག་ཅེས་དགོངས་པ་འམ། ཡང་ན་གཞན་གྱིས་འཇིགས་པས་ང་རྒྱལ་མེད་པར་སྟོན་པ་སྟེ། འགྲོ་བ་ཀུན་ལ་བྲན་གྱུར་བཞིན་དུ་གནས་པར་བྱ་ཞེས་གསུངས་པའི་ཚུལ་གྱིས་སོ། །ཤིན་ཏུ་རྒྱ་མཚོའི ་ཕ་རོལ་མ་མཐོང་རྒྱ་མཚོའི་བྱ་འདྲ་བདག་གིས་ནི། །གཞུང་མཆོག་ཚིག་གི་ཆུ་གཏེར་འདི་ལ་འབད་པས་རྒལ་བར་བསམས་པ་དང། །གང་གི་གཏིང་ནི་རབ་ཏུ་རྙེད་པར་དཀའ་བས་རབ་ཟབ་ཅེས་བརྗོད་པ། །དེ་ཡི་གཏིང་ཡང་བདག་གིས་དམན་པ་བློ་ཡིས་བཙལ་བས་འབད ་པ་ཡིན། །དེ་ཡི་དགེ་བ་དྲི་མེད་ཟླ་ཟེར་འདྲ་བ་བདག་ལ་གང་སྐྱེས་དེས། །སངས་རྒྱས་ཡེ་ཤེས་འགྲོ་བའི་བཤེས་གཉེན་དམ་པའི་དཔལ་དུ་བདག་གྱུར་ཅིག་།འགྲོ་བ་རྣམས་ཀྱང་འཇིག་རྟེན་རྒྱང་པན་ལ་སོགས་གསང་ཚིག་འདོན་པ ་སོགས་།རྣམ་ལོག་ཉིན་དང་མཚན་དུ་རྒྱལ་བའི་ཡུམ་ལ་གུས་འབད་གནས་གྱུར་ཅིག་།ཅིའི་ཕྱིར་ཞེ་ན། གཞུང་གང་འདོད་ཆགས་བྲལ་དང་མི་མཐུན་དེ་རབ་འཕེལ། །རྩོད་དང་སྡང་པའི་རྩ་བ་གཅིག་པུ་འགྲོ་བ་རྣམས་ལ་རབ་འཚེའི་རྒྱུ། །དེ་རྟེན་གྱུར་པས་ཇི ་ལྟར་གོ་འཕང་བླ་མེད་འགྲོ་བའི་གཉེན་ཅིག་འགྱུར། །དེ་མཐོང་ཕྱིར་ན་བདག་ནི་ཡུམ་འདིར་གཞོལ་ཕྱིར་སྨོན་ལམ་བརྩོན་པར་བྱེད། །དཔེར་ན་རིན་ཆེན་མང་པོས་གང་བའི་གླིང་དུ་སོང་བའི་བློ་ཉམས་པའི། །ཚོང་བས་ནོར་བུ་རིན་ཐང་མེད་པ་བོར་ཏེ་འཆིང་བུ་ནོར ་བུ་ལེན། །དེ་བཞིན་རྒྱལ་བ་སྐྱེད་མ་རིན་ཐང་མེད་པའི་ནོར་བུ་པོར་ནས་ནི། །གཅེར་བུའི་གསང་ཚིག་དག་དང་ཉི་ཚེའི་ཐེག་པ་དག་ལ་བརྩོན་བྱེད་སྨད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར ་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ། ཡུལ་ཆེན་པོ་བཻ་ད་ལར་སྐྱེས་པའི་སློབ་དཔོན་མཁས་པ་ཆེན་པོ་པ། གྲུབ་པའི་མཛའ་རབ་འབྱམ་ལ་མཁྱེན་པའི་སྣང་བས་ཁྱབ་པ། ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་དཔལ་ཆོས་ཀྱི་བཤེས ་གཉེན་ཞེས་བྱ་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཨ་བྷི་ཡུག་ཏ་ཀད་ཏར་ཤྲཱི་མ་ཏྲ་དང། བོད་ཀྱི་ལོཙྪ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་དད་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ ་པའོ།། (།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སློབ་དཔོན་ཀུ་མཱ་ར་ཤྲཱི་བྷ་དྲས་མཛད་པ་བཞུགས།།)་།།རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་པིནྟཱ་རཱ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ་ཞེས་བྱ ་