| Wylie | e-texts based on the ACIP/ALL Input |
དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། །།ཤུབྷཾ།། །།ནུབ་ཀྱི?་སྤོ?་གྲགས་པ་དཔལ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བླ་མ ་མཛད་པའི་མངོན་རྟོགས་རྒྱན་གྱི་བསྡུས་དོན་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡཱ་ལ་ཀཱ་ར་བྲིཏྟི?་བིནདཱརྦ?། བོད་སྐད་དུ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་བསྡུས་དོན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་མ་ལ་ཕྱག་འཚལ་ལོ། །མངོན་རྟོགས་བརྒྱད་ཀྱི་མཚན་ཉིད་ཅན། །རང་བཞིན་མེད་ཅིང་རྟོག་ལས་འདས། །དཔག་བསམ་ཤིང་བཞིན་འབྲས་བཟང་ནི། །སྩོལ་མཛད་རྒྱལ་ཡུམ་དགའ་མ་རྒྱལ། །ཤེས་རབ་མི་གསལ་བསྟན་ཆོས་ཀུན། །ཕྱི་རོལ་གྱུར ་བདག་གང་ན་ཞིག་།ཟབ་མོའི་དོན་སྟོན་དཔལ་ལྡན་ནི། །བཟང་པོའི་འགྲེལ་པ་འང་གང་ན་སྟེ། །དེ་ལྟའང་དག་པའི་དགེ་བཤེས་ཀྱིས། །རྗེས་སུ་བཟུང་ཕྱིར་ཚིག་དང་ནི། །ངག་དག་ལ་ནི་བལྟོས་མེད་པར། །དེ་ཡི་བསྡུས་དོན་བདག་གིས་བྱ། །སློབ་དཔོན ་དཔལ་སེང་གེ་བཟང་པོ་འདིའི་ཞལ་སྔ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ལ་རྨོངས་པ་དང། དེའི་ལྡོག་པ་དག་པོ?་ངས?་པ་ཐམས་ཅད་དང། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པར་གཟིགས་ནས། རང་ཉིད་དེ་ཁོ་ན་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་དེ་ཁོ་ནའི་ཉེ་བར་བསྙད་བ་ཐུགས་སུ་ཆུང་དེ། གཞན་ལ་ཡང་དེ་རྟོགས་པར་བྱ་བར་བཞེད་པས། དང་པོར་རེ་ཞིག་རྟོག་པ་དང་ལྡན་པ་རྣམས་བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་སྔོན ་དུ་འགྲོ་བ་ཅན་གྱི་འབྲེལ་བ་དང། བརྗོད་བ་དང། དེའི་དགོས་པ་རྣམས་གསུངས་པ་ནི་ཤེས་རབ་ཕ་རོལ་ཕྱིན་པ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བཅོམ་ལྡན་འདས་བྱམས་པས་མཛད་པའི་མངོན་པར་རྟོཌ་པའི་རྒྱན་ཚིག་ལེའུར་བྱས་པ་ནི་གཞུང་འདིའི་བརྗོད་བྱ་ཡིན ་?་བཤད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱས་པ་དང། འབྱིད་དང། མདོར་བ་?་པའི་རྒྱལ་པའི་ཡུམ་ཐམས་ཅད་ཀྱི་རྒྱན་ཉིད་དུ?་བཅོམ་ལྡན་འདས་མ་ཕམ་པའི་དགོངས་པ་ལས་རྟགས་པར་བྱེད་པ་རྣམས་ཀྱིས་ཁོང་དུ་ཆུད་པ་ནི་བསྟན་བཅོས་འདིའི་དགོས་དང ་ཡིན་ཏེ། བསྒྲུབས་པར?་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཡང་དགོས་པ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་གཞན་དང་ལྡན་པ་སྟེ། སྐྱེས ་བུའི་དོན་མཛའ་དག་དེའི་ཚེ་ཉིད་གྲུབ་བས་ན་དགོས་པ་གཞན་ཚོལ་བ་མེད་པའི་ཕྱིར་རོ། །དེ་ལྟར་བསྟེན་བཅོས་དང་དགོས་པ་དག་གམ། དགོས་པ་དང་དགོས་པའི་དགོས་པ་དག་གི་རྒྱུ་དང་འབྲས་བུའི་དངོས་པོའི་འབྲེལ་པ་ནི་ཤུགས་ཀྱིས་བརྗོད་པ་ཡིན་ནོ། །དགོས ་པའི་དགོས་པ་ཡང་ཕྱག་བྱེད་པའི་ཡུལ་ཉིད་དུ་བརྗོད་པའི་ཕྱིར་ན་ལོགས་ཤིག་ཏུ་མ་བརྗོད་དེ། ཡུལ་གྱི་ཁྱད་པར་ཉེ་བར་བཟུང་པ་ཉིད་ཀྱིས་དེ་རྟོགས་པའི་ཕྱིར་རོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རྨོངས་པ་བཟློག་པ་ནི་སྔོན་གྱི ་སློབ་དཔོན་རྣམས་ཉིད་ཀྱིས་བྱས་ཟིན་ལ། མ་བྱས་སོ་ཞེས་ན་ཡང་ཁྱོད་ཀྱིས་ཀྱང་ཇི་ལྟར་བྱེད་སྙམ་པའི་དོགས་པ་བསལ་བའི་དོན་དུ་གསུངས་པ་ནི། འགྲོ་བའི་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་མའི་བཤད་པ་དང། ཊཱི་ཀ་མཛད ་པའི་འཕགས་པ་དང། སློབ་དཔོན་དག་གིས་ནི་དངོས་པོ་དང། ལམ་དང། རྣམ་པ་ཐམས་ཅད་བསྡུས་པ་ཡིན་ཡང། མངོན་པར་རྟོགས་པ་དང་སྦྱར་བ་ལ་མ་བལྟོས་པར་བཤད་པའི་ཕྱིར་དང། ཤེས་བྱ་ནང་གི་ཚུལ་ཅན་ལ་བརྟེན་པའི་ཕྱིར་ན་རྨོངས་པ་རྣམ་པ་ ་ཐམས་ཅད་དུ་ཟློག་པ་མ་ཡིན་ནོ། །འགྲེལ་པ་དང་རྣམ་འགྲེལ་མཛོད་པའི་འཕགས་པ་དང་སློབ་དཔོན་དག་གིས་ཀྱང། མངོན་པར་རྟོགས་པ་དང་སྦྱར་བ་ཡིན་ཡང། ཀུན་གྱི་རྒྱན་དུ་མ་གྱུར་པའི་ཕྱིར་དང། མཚང་པའི་ཕྱིར་ན། དོགས་པ ་ན་བཟློག་པ་ཁོ་ནའོ། །ཁོ་བོ་ནི་བཅོམ་ལྡན་འདས་བྱམས་པས་ཉེ་པར་བསྟན་པའི་ཕྱིར་དང། སློབ་དཔོན་རྣམ་པར་སྣང་མཛད་བཟང་པོའི་བཀའ་དྲིན་ལས། གཞི་དང་ལམ་དང་རྣམ་པ་མཛའ་དག་བསྡུས་པས། མངོན་བར་རྟོགས་པ་དང་སྦྱར་བ་དང། ཀུན་གྱི ་རྒྱན་དུ་འགྱུར་བའི་ཕྱིར་དང། དོགས་པ་མཛའ་དག་རྣམ་པར་གཅོད་པས་དབུ་མ་དང་སྦྱར་བའི་ཕྱིར་ན་རྨོངས་པ་བཟློག་པ་ཡིན་ནོ། །དེ་སྐད་དུ་ཡང་སློབ་དཔོན་སེང་གེ་བཟང་པོ་སེམས་ཅན་གྱི་དོན་ལ་མངོན་པར་ཕྱོགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོས? ་པ་ན་པོ་ཏི་དུ་མ་དག་ན་འདོན་པ་དུ་མ་དང་འཆད་པ་པོ་རྣམས་ཀྱིས་བཤད་པ་ན་ཡང་ཕན་ཚུན་འགལ་བ་མཐོང་བས་སྐྱོ་བ་སྐྱེས་ཏེ། མཛའ་གཅིག་ཏུ་གནས་པ་ན་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པས། དེའི་སྐྱོབ་བསལ་བའི་ཕྱིར ་མངོན་པར་རྟོགས་པ་དང་བཅས་པའི་བཅོམ་ལྡན་འདས་མ་ཡང་བཤད་དོ་ཞེས་ཟེར་བ་རྗེས་སུ་ཐོབ་པ་ཡིན་ཏེ། དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཅན་གྱི་རྨོངས་པ་བཟློག་པའི་ཕྱིར། ཁོ་བོའི་འདི་ཀུན་གྱི་རྒྱན་དུ་གྱུར་པ་མངོན་པར་རྟོཌ ་བའི་རྒྱན་བཤད་དོ་ཞེས་བྱ་བ་ཡིན་ནོ། །ཀུན་གྱི་རྒྱན་དུ་གྱུར་པ་ནི་མངོན་པར་རྟོགས་པའི་ཡན་ལག་དང། དེའི་རང་བཞིན་དང། དེ་བསྡུས་པ་བཤད་པ་རྣམ་པ་གསུམ་མོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བའི་སྒོ་ནས་ཀུན ་མཁྱེན་གསུམ་གྱི་བདག་ཉིད་ཅན། ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་ལ་གང་ཟག་རྣམ་པ་གཉིས་ཀ་ཡང་འཇུག་པ་བཤད་པ་ནི། མངོན་པར་རྟོགས་པའི་ཡན་ལག་གོ། ཀུན་མཁྱེན་གསུམ་གྱིས་དོན་བརྒྱད་བསྟན་པའི་ཕྱིར་མྱ་ངན་ལས ་འདས་པ་གསུམ་དང་སྦྱར་པ་ནི་མངོན་པར་རྟོགས་པའི་རང་བཞིན་ཡིན་པས་བསྟན་པ་ཡིན་ནོ། །རྒོལ་བ་དང་ལན་དག་གིས་གཞི་དང་ལམ་དང། རྣམ་པ་ཐམས་ཅད་བསྡུས་པར་བསྟན་པས་ཡུམ་རྣམ་པ་གསུམ་ག་ཡང་མངོན་པར་རྟོགས་པ་ཐམས་ཅད་དང་སྦྱར་བ་ནི ་མངོན་པར་རྟོགས་པ་བསྡུ་པ་སྟེ། དེ་ལྟར་ན། འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས་དང་སྤྱོད་པ་མཐུན་པར་བསྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཀུན་གྱི་རྒྱན་དུ་གྱུར་པར་ཉིད་དུ་བསྟན་པར་རྟོགས་པར་བྱའོ། །ཕྱག་འཚལ་བའི་ཚིགས་སུ་བཅད་པའི ་དོན་རྣམ་པ་གསུམ་པོ་འདི་ཉིད་བསྟན་བཅོས་སུ་བསྟན་པར་བཞེད་ནས་སྐྱེ་བོ་བློ་གྲོས་དམན་པ་དག་ཅེས་བྱ་བ་ལ་སོགས་པའི་རྩོད་པ་སྨྲས་སོ། །བསམ་པ་ནི་གལ་ཏེ་ཀུན་མཁྱེན་གསུམ་ཙམ་ཞིག་བསྟན་པར་འདོད་ན་ནི་དེའི་ཚེ་མ་བྱས་པ་དང་མཚུངས་ཏེ། དེ་ནི་རྒྱས? ་བའི་ཡུམ་རྣམ་པ་གསུམ་གང་ཡང་གསལ་བའི་ཕྱིར་རོ། །དེ་ངེས་དོན་བརྒྱད་སྟོན་པ་ཡིན་ན་དེའི་ཚེ་འབྲས་བུ་མེད་དེ་ཀུན་མཁྱེན་གསུམ་ལས་ལྷག་པའི་དོན་ནི་རྣམ་པ་གསུམ་གར་ཡང་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བའོ། །འདི་ལ་མངོན་པར་རྟོགས་པའི ་ཡན་ལག་བསྟན་པ་ལན་འདེབས་པ་ནི་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་བྱ་བ་ལ་སོགས་པའོ། །མདོའི་དོན་མངོན་པར་རྟོགས་པ་དང། དེའི་ཡན་ལག་ཆོས་སྤྱོད་རྣམ་པ་བཅུ་པོ་ཐོབ?་པ་དང་བསམ?་མི་པ་ལས་བྱུང་པའི་ཤེས་པས་བདེ་བླག་དུ་ཡུལ་དུ་? ་བྱེད་པ་ནི་བསྟན་བཅོས་ཀྱི་དགོས་པ་ཡིན་ལ། དེ་ཉིད་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བར་གྱུར་པའི་བསྒོམས་པ་ལས་བྱུང་པའི་ཞེས་པས་མངོན་དུ་བྱས?་པ་ནི་དགོས་པའི་དགོས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡི་གེ་འདྲི་མཆོད་སྦྱིན་པ་དང། །ཉན་དང ་ཀློག་དང་འཛིན་པ་དང། །འཆད་དང་ཁ་ཏོན་བྱེད་པ་དང། །དེ་སེམས་པ་དང་བསྒོམ་པའོ། །ཞེས་བྱ་བ་ཆོས་སྤྱོད་བཅུ་ཡིན་པར་འཆད་པ་ནི་མི་འཐད་དེ། དེ་ནི་མངོན་པར་རྟགས་པའི་ཡན་ལག་ཉིད་ཀྱིས་དེ་ལས་ཐ་དད་པར་བསྟན་པའི་ཕྱིར་ན་བྱང་ཆུབ་ཀྱི་སེམས ་དང་སྦྱིན་པ་ལ་སོགས་བ་རྣམས་ནི་མངོན་པར་རྟོགས་པ་ཉིད་ཀྱིས་མངོན་དུ་བྱེད་པ་སྲིད་པའི་ཕྱིར་རོ། །འདི་ལྟར་བསམས་པ་ཡིན་ཏེ་གལ་ཏེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་ཀུན་མཁྱེན་གསུམ་གྱིས་བསྡུས་པའི་དོན་སྣང་བར ་མཛད་པ་དེ་ལྟ་ན་ཡང་ཤིན་ཏུ་ཟབ་པའི་ཕྱིར་རྟོགས་པར་དཀའ་བས་ན། །ལོ་པོ་ཅག་གིས་གསལ་བར་བྱས་པ་ཡིན་ནོ། །མདོར་བསྡུས་པ་དང་རྒྱས་པར་བསྟན་པས་མངོན་པར་རྟོགས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར་ན། དེ་ལྟར་འབྲེལ་པ་ལ་སོགས་པ་ཞེས ་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མངོན་པར་ཏེ་ཀུན་དུ་འདིས་སམ་འདི་རྟོགས་པ་སྟེ། ཤེས་སོ་ཞེས་བྱེད་པ་དང་ལས་སུ་བསྒྲུབ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་བདུན་ནི་ལམ་ཡིན་ལ། བརྒྱད་པ་དེ་བཞིན་གཤེགས་པའི་སྐུ ་བཞིའི་མཚན་ཉིད་ནི་འབྲས་བུའི་མངོན་པར་རྟོགས་པ་ཡིན་ནོ། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པས། རྣམ་པ་གང་གིས་ལམ་གང་དག་ཏུ་གང་ཞིག་དམིགས་པར་བྱ་བའི་རྣམ་པ་དེ་དག་དང། ལམ་དེ་དག་དང ་དངོས་པོ་དེ་ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་པའི་ཤེས་རབ་གྱིས། ཐ་དད་པའི་ཡུལ་དུ་བྱེད་པའི་ཕྱིར་ན། ཀུན་མཁྱེན་པ་གསུམ་ནི་ཡུལ་ཡིན་ནོ། །ཡུལ་དུ་བྱས་པའི་རྣམ་པ་ལ་སོགས་པ་དེ་དག་མཚུངས་པར་སྦྱོར་བའི་ཕྱིར་ན ་གནས་སྐབས་ཀྱི་དབྱེ་བས་སྦྱོར་བ་རྣམ་པ་བཞིའོ། །སྦྱོར་པ་ཡང་བྱ་བའི་རང་བཞིན་པའི་ཕྱིར་དེ་རྫོགས་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་གིས་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་མཚན་ཉིད་སྐུ་བཞི་འགྲུབ་བོ། །དེ་ལྟར་ན་མངོན་པར་རྟོགས ་པ་གཞན་ལ་མི་བལྟོས་ཏེ་རང་བཞིན་གྱི་ཕུན་སུམ་ཚོགས་པ་ནི་འདི་དག་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །ལམ་དང་འབྲས་བུའི་བདག་ཉིད་ཀྱི་མངོན་པར་རྟོགས་པ་དེའི་རང་བཞིན་ཡང་མདོར་བསྡུས་པ་དང། རྒྱས་པ་དང། དེ་རྣམ་པར་བཤད་བས་གསལ ་པ?་དེས་ན་དེ་རིམ་གྱིས་བརྗོད་པ་མི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞེས་བྱ་བ་ལ་སོགས་པའོ། །དེའི་དོན་ནི་འདི་ཡིན་ཏེ། རྣམ་པ་ལ་སོགས་པ་རྣམས་སོ་སོར་ཡུལ་དུ་བྱས་ཀྱང། སོ་སོར་བསྒོམ་པར་བྱེད་མི་ནུས་པའི་ཕྱིར་ན། བསྡོམས་པ་ཁོ་ནས་བསྒོམ་པར་བྱ་བ་ཡིན་ནོ ་དེ་ལྟར་ན་ཡང་རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་ལ་དབྱེ་བ་མེད་པའི་ཕྱིར་ན། མངོན་པར་རྟོགས་པ་མཛའ་དག་ཀུན་མཁྱེན་གསུམ་གྱིས་བསྡུས་ཏེ། དེ་ལྟར་ན་མདོར་བསྡུས་པ་དང་རྒྱས་པར་བསྟན་ནས་མངོན་པར་རྟོགས་པ་མཛའ་དག་བཤད་པ་ཡིན་ནོ། །ང་ནི ་མངོན་པར་རྟོགས་པ་སྤྱིར་བཤད་ཀྱང་དེ་ཁོ་ན་བཞིན་དུ་རྟོགས་པར་མ་ནུས་པས་ན་ཁྱད་པར་དུ་བཤད་པའི་ཕྱིར་གསུངས་པ་ནི། དེ་ལྟར་བསྡུས་པའི་དོན་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་མངོན་པར་རྟོགས་པ་བརྒྱད་རྟོགས་པ་ཐོབ་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་འཐོབ་ལ། དེ་ཡང་ལམ་ཤེས་པ་ཉིད་ལ་སོགས་པ་མེད་པར་མི་འགྱུར་བ་དེས་ན་ཀུན་མཁྱེན་པ་གསུམ་པོ་རྣམས་ཀྱི་ནང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་ཡིན་པ་དེས་ན་དེ་དང་པོར་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ ་ཉིད་ནི་རྣམ་པ་ཐམས་ཅད་རྟོགས་པ་ཡིན་ལ། དེའི་ཡང་རྟེན་དང། རྣམ་པར་དག་པ་དང། སྦྱོར་བ་དང། རྒྱུ་དང། ཡུལ་དང། འབྲས་བུ་དང། རང་གི་ངོ་བོའི་རང་བཞིན་ཅན། བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་རྣམས་ཀྱི་རྣམ་པ་ལས་དང་པོ་པ་ནས ་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་རྣམས་ན་ཡོད་པ་གང་ཡིན་པ་དེ་དག་གི་ཐ་དད་པ་རྣཾ་པར་བཞག་པ་ནི་མངོན་པར་རྟོགས་པ་དང་པོའི་ཁྱད་པར་བསྟན་པའོ། །དེ་ལ་རྟེན་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་དང། དམིགས་པ་དང། རབ་ཏུ་དབྱེ་བ་རྣམས་ལས་མཚན་ཉིད་བརྗོད་པ་ནི་སེམས ་བསྐྱེད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །སྨོན་པ་དང་འཇུག་པའི་མཚན་ཉིད་ཅན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉི་ག་ཡང་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ལས་མི་འདའ་ཡང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོད་པ་དང། ་མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱའི་དམིགས་པ་ཐ་དད་པ་ནི་མ་ཡིན་ཏེ། གཞན་གྱི་དོན་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་མོས་པའི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་རབ་ཏུ་དབྱེ་བ་ཁྱད་པར་མེད་པ ་ཤེས་པ་དེ་ལྟར་ན་ཡང་འཇུག་པ་ཁོ་ནའི་ཡིན་གྱི་སྨིན་པའི་མ་ཡིན་ཏེ། དེ་ལ་ནི་སའི་དབྱེ་བའི་ཁྱད་པར་སྲིད་པའི་ཕྱིར་དང། གཞན་ལ་ནི་འདུན་པ་ཙམ་ཉིད་ཀྱིས་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་དག་གི་རབ་ཏུ་དབྱེ་བ་ལ་ཡང་མིང་དང། དཔེ་དང་རང? ་གི་ངོ་བོ་དང། བསྡུ་བའི་སྒོ་ནས་བདག་ཉིད་ཇི་ལྟ་བ་བཞིན་གྱི་བྱེད་པ་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་ཇི་སྙེད་པ་དེ་ཐམས་ཅད་ནི་མཚན་ཉིད་དང། དམིགས་པ་དང། རབ་ཏུ་དབྱེ་བས་བསྡུས་ལ། དེས་ན་མ་ཚང་བ་དང། ལྷག་བ་སྲིད་བའི ་དོགས་པ་མི་བྱའོ། །དེ་ལ་ལས་དང་པོ་པ་ནི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་དང། མཐོང་བས་ཐོབ་པ་དང་རྣམ་པ་གསུམ་ཡིན་ལ། དེའི་དབྱེ་བས་ས་ཐ་དད་པ་ཡིན་གྱི་དངོས་སུ་ནི་ལས་དང་པོ་པའི་ས་ལ་དབྱེ་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདུན ་པ་དང་བསམ་པ་དང། ལྷག་པའི་བསམ་པའི་སྒྲས་སེམས་ལས་བྱུང་བ་གཟུང་བ་ཡིན་ནོ་།འཆད་པར་འགྱུར་བའི་ཆུང་དུ་དང། འབྲིང་དང། ཆེན་པོའི་ངེས་འབྱེད་ཀྱི་ཆ་ལ་གནས་པ་ནི་འཇུག་པའི་ལམ་ཡིན་ནོ། །ས་དང་པོ་འཐོད་པའི་ལམ་ཡིན་པའི་ཕྱིར་ན ་གཉིས་པ་ལ་སོགས་པ་ནི་ཆུང་དུ་དང་འབྲིང་དང། ཆེན་པོའི་དབྱེ་བས་ཐ་དད་པའི་སྒོམ་པའི་ལམ་གྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །བཅུ་གཅིག་པ་སངས་རྒྱས་ཀྱི་ས་ལ་འཇུག་པ་ན་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔ་སྒྲུབ་པའི་བྱེད་པ་རྣམ་པ་ལྔའོ།། ་གལ་ཏེ་སེམས་བསྐྱེད་པ་གཅིག་བུ་ཉིད་ཀྱིས་སངས་རྒྱས་ཉིད་ཐོབ་པའི་ཕྱིར་ན། གང་གིས་ལམ་ཤེས་པ་ལ་སོགས་པ་ལ་མངོན་པར་རྟོགས་པ་ཐ་དད་པར་འགྱུར་བ་གདམས་ངག་ལ་སོགས་པ་ལ་བལྟོས་པ་ཅི་ཡོད་ཅེ་ན། གལ་ཏེ་གཞི་མེད་པ་རྣམ ་བཙན?་བསྒོམ་པར་ནུས?་ནི་ན་བདེན་བ་ཞིག་ན། །དམིགས་པ་དང་གཉེན་པོའི་ཁྱད་པར་དང་བྲལ་བའི་རྣམ་པའི་ཁྱད་པར་ནི་ནི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀུན་མཁྱེན་གསུམ་ཡུལ་ཡིན་པར་བརྗོད་དེ། སོ་སོར་ཡུལ་དུ་བྱས་པ་རྣམས་རྣམ་པ་ཀུན་མངོན་པར ་རྫོགས་པར་རྟོགས་པར་སྦྱོར་བའི་ཕྱིར་རོ། །ཡོངས་སུ་ཤེས་པར་བྱས་པའི་ཀུན་མཁྱེན་གསུམ་ཉིད་དབང་དུ་བྱ་བའི་དོན་དུ་ཡང་རྣམ་པ་ཐམས་ཅད་དང། ལམ་དང། གཞི་ཤེས་པས་བསྡུས་པས་ཀུན་མཁྱེན་གསུམ་ཉིད་བསྒོམ་པར་བྱེད་དོ་ཞེས་བྱ་བ་འདིའི་དོན་ནི་འདི་ཉིད ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གདམས་ངག་གིས་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་རྣམ་པར་དག་པ་བཤད་པའི་ཕྱིར་དབྱེ་བ་ཞར་ལ་བརྗོད་ནས་ཞེས་གསུངས་སོ། །གང་གི་ཕྱིར་རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་ལ། དམིགས་པ་དང་བཅས ་པའི་སྤྱོད་པས་བྱང་རྣམ་པར་རྟོག་པ་མི་ལྡོག་པ་ངེས་ན་སྒྲུབ་པ་དང། དམིགས་པ་དང། རྟེན་རྣམས་སུ་དམིགས་པ་ལ་ལོག་པར་ཞེན་པ་ཐམས་ཅད་ལྡོག་པའི་ཕྱིར་ན། དངོས་པོ་མཛའ་དག་ལ་རློམ་སེམས་མེད་པའི་ཕྱིར་དུས་ཐམས་ཅད་དུ་སེམས་ཞུམ་པ་མེད་པའི ་རང་བཞིན་ཉིད་ཀྱིས་ཐེག་པ་ཆེན་པོ་ལ་གནས་པར་འགྱུར་ཞིང། སེམས་བརྟན་པ་ཡང་ཏིང་ངེ་འཛིན་ཐོབ་པའི་ཕྱིར་ན་ཐེ་ཚོམ་དང་ཕྱིན་ཅི་ལོག་དང་བྲལ་བར་འགྱུར་རོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་ནས་ལམ་རྣམ་པར་དག་པ་ན། སངས་རྒྱས་ཉིད ་དུ་འགྱུར་རོ། །དེ་ལྟར་ན་ལས་དང་པོའི་ས་ནས་བརྩམས་ཏེ། སངས་རྒྱས་ཀྱི་སའི་བར་དུ་གདམས་ངག་གིས་བྱང་ཆུབ་ཀྱི་སེམས་སྒྲུབ་པ་རྣམ་པར་དག་པ་ཡིན་ནོ། །དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ་ཡོད་པས་ན། དེའི་ཁྱད་པར་སྟོན་པའི་དགེ་འདུན་དཀོན ་མཆོག་གི་སྐབས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོན་ནི་འདི་ཡིན་ཏེ། མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་དབང་པོ་རྟུལ་པོ་དང་རྣོན་པོ་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་དབྱེ་བས་བདག་ཉིད་ཇི་ལྟ་བ་བཞིན་ཉོན་མོངས་པ་སྤངས་པའི་ཕྱིར་འབྲས་བུ་དང་པོ ་ལ་ཞུགS་པ་ཉིད་རྣམ་པ་གཉིས་སོ། །གང་ཞིག་འདོད་པའི་ཁམས་སུ་འཇིག་རྟེན་པའི་སྒོམ་པའི་ལམ་གྱི་ཉོན་མོངས་པ་མ་སྤངས་པ་དེ་ནི་མཐོང་པའི་ལམ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་རྒྱུན་ཏུ་ཞུགས་པ་ཡིན་ནོ། །གང་ཞིག་འཇིག་རྟེན་པའི ་སྒོམ་པའི་ལམ་གྱི་ཉོན་མོངས་པ་རྣམ་པ་བཞི་སྤངས་པ་དེ་ནི་ལྷ་འམ་མི་རྣམས་སུ་ལན་ཅིག་རིགས་འཛིན་པའི་ཕྱིར་ན། ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་པའི་རྒྱུན་ཏུ་ཞུགས་པ་དག་གོ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་ལྔའམ་དྲུག་སྤངས་པ་ན། ་གོ་རིམ་ཇི་ལྟ་བ་བཞིན་འབྲས་བུ་གཉིས་པ་ལ་ཞུགས་པ་དང། འབྲས་བུ་ལ་གནས་པ་དག་གོ། འདིར་ཡང་སྡོམ་བཞིན་པར་ཆད་གཅིག་པ་འབྲས་བུ་གཉིས་པ་ལ་གནས་པ་ཡིན་ནོ། །དེ་ནས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་པ་བདུན་སྤངས་པ་ན། ་དབང་པོ་རྟུལ་པོ་དང་རྣོན་པོ་འབྲས་བུ་གསུམ་པོ་ལ་ཞུགས་པ་གཉིས་སོ། །གང་ཞིག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དགུ་སྤངས་པའི་ཕྱིར་འོངས་པ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་དང། གོང་དུ་འཕོ་པའི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་དང་པོ་ནི་སྐྱེ་བ ་དང་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་དག་སྤངས་པ་དང་མ་སྤངས་པའི་ཕྱིར་ན་བར་མདོ་དང། གཉི་ག་མ་སྤངས་པའི་ཕྱིར་ན་གཟུགས་ཀྱི་ཁམས་སུ་དང། མངོན་པར་འདུ་བྱེད་པ་དང། མངོན་པར་འདུ་མི་བྱེད་པའི་ཕྱིར་ན། དེ་ཉིད་དུ་ལམ་མངོན་དུ་བྱས ་པས་སྡུག་བསྔལ་མཐར་ཕྱིན་པ་ཐོབ་པ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་པར་མདོ་དང། སྐྱེས་གནས་དང། མངོན་པར་འདུ་བྱེད་པ་དང་བཅས་པ་དང། མངོན་པར་འདུ་བྱེད་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་པའི་དབྱེ་བS་རྣམ་པ་བཞིའོ། །གཉིས་པ་ཡང ་དང་པ་དང་མཐོང་བས་ཐོབ་པའི་ཁྱད་པར་གྱིས་འོག་མིན་གྱི་མཐར་ཐུག་པ་དང་སྲིད་པའི་རྩེ་མོའི་མཐར་ཐུག་པའི་དབྱེ་བས་ན་རྣམ་པ་གཉིས་སོ། །དེ་ལ་དང་པོ་ནི་འཇིག་རྟེན་པའི་སྒོམ་པའི་ལམ་གྱིས་རང་གིS་རིགས་སུ་གཏོགས་བའི་ཉོན་མོངས་པ། ཆུང་དུ་དང། འབྲིང ་དང། ཆེན་པོའི་དབྱེ་བ་སྤངས་པ་ན། འཕར་བ་དང། ཕྱེད་དུ་འཕར་བ་དང། གནས་ཐམས་ཅད་དུ་འཚི?་འཕོ?་བ་ཉིད་ཀྱིས་འོག་མིན་དུ་འཇུག་པས་ན་རྣམ་པ་གསུམ་མོ། །གཉིས་པ་ཡང་འཇིག་རྟེན་པའི་སྒོམ་པའི་ལམ་གྱིས་གཟུཌ་ཀྱི་ཁམས་པའི་ཉོན་མོངས་པ་མ་སྤངས་པ་དང། སྤངས ་པའི་?། མཐོང་བའི་ཆོས་ལ་ཞི་བ་དང། ལུས་ཀྱིས་མངོན་སུམ་དུ་བྱེད་པའི་དབྱེ་བ་རྣམ་པ་གཉིས་སོ། །དེ་ནས་སྲིད་པའི་རྩེ་མོའི་ཉོངས་བ་རྣམ་པ་བརྒྱད་སྤངས་པའི་ཕྱིར་ན་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ། །ཉོན་མོངས་པ་མ་ལུས་པ་སྤངས་པའི་དགྲ་བཅོམ་པ་ནི་སངས ་རྒྱས་དཀོན་མཆོག་གི་ནང་དུ་འདུས་པ་ངེས་ན་དེ་ནི་ནང་དུ་མི་བསྡུའོ། །སངས་རྒྱས་མ་བྱུང་བ་ན་རང་ལས་མངོན་དུ་གྱུར་པའི་ཕྱིར་སངས་རྒྱས་ཀྱང་ཡིན་ནོ། །དེ་ལྟར་བྱས་པ་དེས་ན་འབྲས་བུ་ལ་གནས་པ་དང་ཞུགས་པའི་དབྱེ་བས་འབྲས་བུ་དང་པོ་ནི་རྣམ་པ་ལྔའོ། །གཉིས་པ ་ནི་རྣམ་པ་གསུམ་མོ། །གསུམ་པ་ནི་རྣམ་པ་བཅུའོ། །བཞི་པ་ནི་གཅག་ཉིད་དོ། །རང་སངས་རྒྱས་ཀྱང་ཡིན་ནོ། །རྟོགས་པར་སླ་བ་ཉིད་ཀྱིས་ན་དང་པོ་དང་གཉིས་པའི་འབྲས་བུ་ལ་གནས་པ་དང། འབྲས་བུ་བཞི་པ་ལ་ཞུགས་པ་ནི་ཚིགས་སུ་བཅད་པས་མ་བརྗོད་དོ། །ལས ་དང་པོ་པའི་བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་ཐར་པའི་ཆ་དང་མཐུན་པ་མ་བརྗོད་པར་གྲུབ་པ་ངེས་ན་དེ་མ་བརྗོད་པར་མོས་པའི་སྦྱར་བ་སྤྱོད་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་ཡན་ལག་བདེན་པ་རྟོགས་པ་དང། རྗེས་སུ་མཐུན་པ་སྒྲུབ་པའི་སྦྱོར་པ་ངེས་འབྱེད་ཀྱི་ཡན་ལག་རྣམ ་པ་བཞི་སྟོན་པ་ནི་ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ལ་ཞེས་བྱ་བ་ལ་སོགས་པའོ། འདིར་ཡང་ངེས་འབྱེད་ཀྱི་ཆ་དང་འཐུན་པའི་ངོ་བོ་མ་བསྟན་པར་དེའི་ཁྱད་པར་བསྟན་པར་མི་ནུས་པའི་ཕྱིར་ན། ངོ་བོ་དང་དེ་དག་རིམ་པ་བཞིན་དུ་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དགོས་པ་ནི་ཀུན་འབྱུང་ལ་སོགས་པའི་བདེན་པ་བཞི་པོ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་རྒྱུ་དང། རྟོགས་བཞིན་པའི་རང་བཞིན་འབྲས་བུ་དང། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ངོ་བོ་དང། ཐ་མི་དད་པའི་ ་བདག་ཉིད་ཆོས་ཉིད་དེ། བཞི་པོ་རྣམས་ཀྱིས་ས་མ་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས། དམིགས་པ་རྣམས་ལ་སྒྲུབ་བ་རྣམ་པ་བཅུ་གཉིས་སྐྱེ་བ་ཞེས་བྱ་བ་ཡིན་ནོ། །བསྟན་ཟིན་པའི་ཁྱད་པར་གྱི་རབ ་ཏུ་དབྱེ་བ་བསྟན་བའི་ཕྱིར། དམིགས་པ་དང་ཞེས་བྱ་བ་ལ་སོགས་པས་འདྲི་བ་དགོད་པའོ། །བདེན་པ་བཞི་ལ་གནས་པའི་རྣམ་པ་མི་རྟག་པ་ཉིད་ལ་སོགས་པ་བཅུ་དྲུག་དེ་རྣམས་ཀྱི་ཉན་ཐོས་ལ་སོགས་པས་གཟུགས་ལ་སོགས་པ་ལ་དམིགས་པར་བྱེད ་པའི་རྣམ་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་མངོན་པར་ཞེན་པ་དང། མངོན་པར་མ་ཞེན་པ་འགོག་པ་ལ་སོགས་པའི་རྣམ་པར་དམིགས་པར་བྱེད་དོ། །ཇི་ལྟར་ཉན་ཐོས་ལ་སོགས་པའི་རྣམ་པ་དེ་ནི་ཆུང?་ངུའི་དམིགས་བར་འགྱུར་བ་དེ་བཞིན ་དུ་དེའི་རྣམ་པ་མངོན་པར་ཞེན་པ་ལ་སོགས་པ་འགོག་པ་གང་ཡིན་པ་དེ་ནི་འབྲིང་གི་དམིགས་པར་བྱ་བ་ཡིན་ནོ། །འབྲིང་གི་རྣམ་པ་ཆོས་ཀྱི་བརྡ་རྒྱུན་མི་འདྲ་བ་དང་འདྲ་བ་དག་ངོ་བོ་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་ཆེན་པོའི་དམིགས་པ་ཡིན་ནོ། །དེ་བཞིན ་དུ་རྩོ་མོ་ལ་སོགས་པ་འོག་མ་དག་ལ་ཡང་སྦྱར་བར་བྱའོ། །འདི་སྐད་བརྗོད་པ་ཡིན་ཏེ་བྱང་ཆུབ་སེམས་དཔའ་ནི་གནས་སྐབས་གང་དུ་རྣམ་པ་གང་གིས་གང་ཞིག་དམིགས་པར་བྱེད་པའི་དམིགས་པ་དང་རྣམ་པ་དེ་དག་གི་ཁྱད་པར་ལ་མངོན་པར་ཞེན ་པ་མེད་པ?་མངོན་པར་ཞེན་པ་མེད་པ་ཡང་མི་དམིགས་པའི་སྦྱོར་བས་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་མངོན་པར་ཞེན་པ་མེད་པ་དང། དམིགས་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དང། ་བྱང་ཆུབ་སེམས་དཔའ་ཨི་དམིགས་པ་ཉིད་དུ་བདེན་པ་བཞིར་འདོད་པའི་ཕྱིར་ནི་དམིགས་པ་དང་རྣམ་པ་དག་དེ་ལ་རྟེན་པ་ཉིད་དུ་ཤེས་པར་བྱའོ་ཞེས་བསྟན་པའི་དོན་དུ་།དམིགས་པ་མི་རྟག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཕྱོགས་ཉེ་བར་བཀོད་དོ།། ་?་ཇི་ལྟར་མི་རྟག་པ་ཉིད་ལ་སོགས་པར་མངོན་པར་ཞེན་པ་བཀག་པ་ལ་སོགས་པའི་རྣམ་པས་དམིགས་པ། ཐེག་པ་གསུམ་ཀ་རྟོགས་པའི་རྒྱུ་ཡིན་ཏེ། དེ་ལྟར་ན་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེ་ན། གལ་ཏེ་ཐེག་པ ་གཉིས་ཡོངས་སུ་ཤེས་པ་མེད་པར་སངས་རྒྱས་ཉིད་དུ་འགྱུར་ན་ནི་དེ་བདེན་ནོ། །འདི་ལྟར་ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་དག་གིས་གཞི་དང་ལམ་ཐམས་ཅད་ཤེས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་རྣམ་བ་མཛའ་ ་དག་མངོན་དུ་བྱེད་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འབྲས་བུ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པ་ཡིན་ནོ། །དེས་ན་ཐེག་པ་གཉིས་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་ལ། གཅིག་ནི་ཤེས་ནས་མངོན་དུ་བྱ་བ ་ཡིན་པའི་ཕྱིར་ན་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའ་ཨི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར། དེ་ཡོད་ན་ཆོས་ཀྱི་དབྱིངས་མི་རྟོགས་སོ། །དེས་ན་འཆང་བར་འགྱུར་བའི་མཐོང་བའི་ལམ་དང། སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར། སྦྱོར ་བ་ནི་ལམ་དུ་དེ་སྤོང་བ་མ་ཡིན་ནོ། །དེ་ལྟ་ཡིན་ན་ཉན་ཐོས་ལ་སོཌ་པ་ལ་ནི་ཡོད་ཀྱང་མེད་པ་དང། ཁྱད་པར་མེད་པའི་ཕྱིར་ན། མེད་དོ་ཞེས་བྱ་བ་དང་དེ་ཡོད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྦྱོར་བ་ཁྱད་པར་དུ་གྱུར་པ་ཡིན་ནོ། །ཞེས་ཀྱང་བརྗོད་པ་ཡིན་ནོ། །འདི་སྐད་བརྗོད ་དེ་ཀུན་ནས་ཉོན་མོངས་པ་དང་དངོས་པོ་དང། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དག་གིས་སྲིད་པར་སྐྱེ་བས་ན་རྣམ་པར་བྱང་བའི་དངོས་པོ་དང། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་བཟུང་བ་དང། འཛིན་པའི་རྣམ་པར་རྟོག་པ ་དག་གིས་མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ། །བདེན་པར་འདོད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་རྣམ་པར་རྟོག་པ་ཉིད་ལམ་གྱིས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེས་ན་ཁྱད་པར་བཞི་པོ་འདི་ནི་དགེ་བའི་བཤེས་གཉེན་གྱི་ཁྱད ་པར་ཉིད་ལས་འགྱུར་བ་དེས་ན་དེའི་ཁྱད་པར་སྟོན་པ་ནི། ཚིགས་སུ་བཅད་པ་སྦྱར་བ་དང་མཐུན་པར་ཞེས་བྱ་བའོ། །གང་གི་ཚེ་ཐབས་མཁས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཤེས་པ་དེའི་ཚེ་དམིཌ་པ་ལ་སོང་བའི་ཁྱད་པར་ཅན ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྦྱོར་བས་རྟོགས་པའི་ཁྱད་པར་བཤད་ནས་རྟོགས་པ་པོ་བརྗོད་པ་ནི་སྒྲུབ་པ་དང་ལྡན་པ་ཞེས་བྱ་བའོ། །རྟོགས་པ་པོའི་གནས་སྐབས་ཀྱི་དབྱེ་བ་དང། རང་བཞིན་དག་གིས་འཆད་བཞིན་པའོ། །རིགས་རྟོགས་པའི་རྒྱུར་འགྱུར ་བ་དེས་ན་དང་པོར་གནས་སྐབས་ཀྱི་དབྱེ་བ་བཅུ་གསུམ་བརྗོད་པ་ནི། རེ་ཞིག་དང་པོར་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་དམིགས་ནས་བསྟན་ཟིན་པའི་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་རྣམ་པ་བཞིའི་སྟོབས་ཀྱི ་ཆོས་ཀྱི་དབྱིངས་ལྟས་ཏེ། བསྒོམ་པའི་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པས་རྣམ་པར་སྦྱངས་ནས། གཉེན་པོས་མི་མཐུན་པའི་ཕྱོགས་དྲུངས་འབྱིན་པར་བྱེད་ལ། རློམ་པར་ཡང་མི་བྱེད་དོ། །རློམ་པ་མེད་པ་བཞིན་དུ་ཡང་སྙིང་རྗེ་དང་ཤེས་རབ་དག་གིས་ཐུན་མོང་མ ་ཡིན་པའི་ཆོས་ཐོབ་པས། ཐེག་པ་གསུམ་ལ་སེམས་ཅན་འདུལ་བ་ན། སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟར་གོང་ནས་གོང་དུ་མངོན་པར་འཕེལ་བས་ན་རིགས་རྣམ་པ་བཅུ་གསུམ་མོ། །རང་གི་ངོ་བོར་བསྟན་པར་འདོད་པས་ཕྱོགས་སྔ་མ་དགོད་པ ་ནི་གལ་ཏེ་ཆོས་ཀྱི་དབྱིངས་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་སོ་སོར་ངེས་པ་ཉིད་དུ་འདི་ལ་གནས་ཏེ། དེ་ན་གལ་ཏེ་རྟེན་གྱི་མཚན་ཉིད་ཀྱི་རིགས་ལ་དབྱེ་བ་མེད་བ་དེ་ལྟར་ན་ཡང་ཐོག་མ་མེད་པ་སྲིད་པ་ནས་ཡོད་པའི་དངོས་པོ་ལ་མངོན་པར་ཞེན ་པའི་དྲི་མས་སྤགས་པ་ཉིད་ཀྱིས་སྦྱོར་བ་ལ་སོགས་པ་ལ་བལྟོས་ནས་གང་གིས་ཚོགས་སོགས་པ། རྟོག་བས་བྱས་པའི་དབྱེ་བ་ཡོད་པ་ཉིད་དོ། །དེ་སྐད་དུ་ཡང་ཀུན་ནས་ཉོན་མོངས་རྣམས་དག་པ། །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། ་དག་པ་བཞིན་དུ་དག་པར་འདོད་ཅེས་གསུངས་སོ། །གནས་སྐབས་བཅུ་གསུམ་གྱིས་དམིགས་པར་བྱ་བའི་ཡུལ་རྣམ་པ་བརྒྱད་དང། རང་གི་ངོ་བོ་ཉིད་གསུམ་དང་ལྡན་པར་བརྗོད་པ་ནི་སྒྲུབ་པའི་རྟེན་དུ་གྱུར་པ་ཇི་སྐད་བཤད་བ་ཞེས་བྱ་བའོ། །ཕུང་པོ་ལྔ་དང། བསམ་གཏན་བཞི་དང ་ཉེ?་བར?་ལེན་པའི་ཕུང་པོ་དང། དྲན་པ་ཉེ་བར་བཞག་པ་དང། འདོད་པ་ལ་སོགས་པའི་ཁམས་དང། དེ་བཞིན་ཉིད་དང་འཕགས་པའི་སྐྱེ་བོ་དང་འབྲེལ་པའི་བསམ་གཏན་བཞི་དང། སངས་རྒྱས་ཀྱི་ཆོས་ཉིད་ནི་དགེ་བ་དང། མི་དགེ་བ་དང། ལུང་དུ་མ་བསྟན་པའི་སྒྲས་བརྗོད ་པར་བྱ་བའི་ཆོས་ཐམས་ཅད་དེ། འཇིག་རྟེན་པ་ལ་སོགས་པ་རྣམ་པ་གཉིས་པོ་བཞིས་སྦྱོར་བའི་ལམ་ལ་སོགས་པ་རྣམས་ཀྱིས་དམིགས་པར་བྱེད་དོ། །དེས་ན་སྤྱི་དང་ཁྱད་པར་གྱི་ངོ་བོས་དམིགས་པ་རྣམ་པ་བཅུ་གཅིག་གོ། སྦྱོར་པ་རྣམས་ལ་འདི་སྒྲུབ་པས་ཆེད་དུ་བྱ ་བས་ན་སྒྲུབ་བའི་འབྲས་བུ་ནི་ཆེད་དུ་བྱ་བའོ། །དེ་འང་རང་གི་དོན་དང་གཞན་གྱི་དོན་གཉིས་ལས། རང་གི་དོན་སྤངས་པ་དང་རྟོགས་པའི་དབྱེ་བས་རྣམ་པ་གསུམ་མོ། །དེས་ན་དེ་ལྟར་རྟེན་ལ་སོགས་པའི་དྲུག་པོ་རྣམས་ཀྱི་རང་གི་ངོ་བོ་དང་རབ་ཏུ་དབྱེ་བ་གཉིས་ཡོངས་སུ་ཤེས ་པ་ལས་དེ་རྣམས་ལ་སྒྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡང་སྤྱི་དང་ཁྱད་པར་གྱི་དངོས་པོས་ཡུལ་དང་སྦྱོར་བ་གཉིས་ལ་གྲངས་ཇི་ལྟ་བ་བཞིན་དུ། དཀར་བའི་ཆོས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་རྗེས་སུ་སྒྲུབ་པའི་རང་བཞིན་ལས་ཀྱི་དབྱེ་བས་འབྲས་བུ་ཐ་དད་པའི་ཕྱིར་རྣམ་པ ་བཞིང་འགྱུར་རོ། །དེས་ན་དེ་དང་རང་གི་ངོ་བོ་དང། རབ་ཏུ་དབྱེ་བ་དག་བསྟན་པའི་ཕྱིར། དེ་ལྟར་སྒྲུབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉོན་མོངས་པ་དང་བྲལ་བའི་སྦྱོར་བ་རྣམས་སུ་འདིས་གོ?་ཆ?་བགོས་པས་ན་འདིའི་རང་གི་ངོ་བོ་ནི་བརྩོན་འགྲུས་ཡིན་ལ། སྦྱིན་པ་ལ ་སོགས་པ་དྲུག་ཚན་དྲུག་ཡིན་པའི་ཕྱིར་ན་རབ་ཏུ་དབྱེ་བ་ནི་སུམ་ཅུ་རྩ་དྲུག་སྟེ། དེ་བཞིན་དུ་གཞན་ལ་ཡང་དེ། །འདི་ལྟར་བསམ་པ་ཡིན་ཏེ་སྦྱོར་བའི་ལམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་རྟོགས་པ་ན། མཐོང་བའི་ལམ་གྱིས་ལ་གནས་པའི་བྱང ་ཆུབ་སེམས་དཔའ་བསྒོམ་པའི་ལམ་གྱིས་སྙིང་རྗེ་ལ་སོགས་པ་རྣམ་པ་སྔོན་དུ་བྱེད་པ་ནི་ཚོགས་བསགས་པ་ལས་ཁྱད་པར་གྱིས་ལམ་གྱིས་ཆེད་དུ་བྱ་བ་རྣམ་པ་གསུམ་ལོགས་པ་ཐོབ་པས་ན་བྱ་བ་བྱས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མངོན་པར ་རྟོགས་པ་དང་པོ་འདིའི་དོན་ནི་འདི་ཡིན་ཏེ། ཚུལ་ཇི་ལྟ་བ་བཞིན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་ན་ངེ་མཐར་ཐུག་པར་འགྲོ་བར་བྱ་བའི་དོན་དུ་དགེ་བའི་བཤེས་གཉེན་ལས་གདམས་ངག་གཟུང་སྟེ། སྦྱོར་བ་རྩོམ་པའི་དུས་སུ་རང་གི་གནས་སྐབས ་དང། ཆོས་རྣམས་ཀྱི་རང་བཞིན་ལ་རྣམ་པར་ལྟ་བ་ན་རང་དང་གཞན་གྱི་དོན་ཆེད་དུ་བྱས་ནས་གོ་ལ་སོགས་པ་སྒྲུབ་པ་སྤྱོད་པའི་རང་བཞིན་རྣམ་པ་བཞིས་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་དུ་བྱེད་དོ། །དེས་ན་དོན་བཅུ་པོ་འདི་རྣམས་ཀྱིས་རྣམ ་པ་ཐམས་ཅད་བསྡུས་པ་ཡིན་ནོ་ཞེས་བྱ་བའོ།། །།སྐབས་དང་པོའོ། །བཤད་ཟིན་པའི་རྣམ་པ་རྣམས་ནི་གཉེན་པོ་བསྒོམ་པ་མེད་པར་མི་འགྲུབ་པས་ན། ལམ་ཤེས་པ་ཉིད་ཀྱིས་གསུངས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ཞེས་བྱ་བའོ།། ་ལམ་གྱིས་ན་ལག་དང། དེའི་རང་གི་ངོ་བོ་དང། དེའི་རྒྱུ་དང་འབྲས་བུ་རྩམས་སྤྱིར་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་དང་པོ་ལམ་གྱི་ཡན་ལག་གསུངས་པ་ནི། ལམ་ཤེས་པ་ཉིད་སྐྱེ་བར་རུང་པ་ཉིད་དུ་ཞེས་བྱ་བའོ། །རློམ་པ་མེད་པ་ཉིད་དང། བྱང་ཆུབ་ཏུ་སེམས་བསྐྱེད ་པ་ཉིད་དང། ཐེག་པ་ཐམས་ཅད་པ་ཉིད་དང། རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མ་སྤངས་པ་ཉིད་དང། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་མཚན་ཉིད་རྟེན་དང། སོ་སོར་ངེས་པ་དང། ཁྱབ་པ་དང། རང་བཞིན་དང། ལམ?་ཀྱི་མིང་ཅན་རྣམས་ནི་གཉེན་བོའི? ་ཡན་ལག་ཡིན་པའི་ཕྱིར་ན། ལམ་གྱི་ཡན་ལག་ཏུ་བརྗོད་དོ། །དེ་བས་ན་དེ་མེད་པར་ལམ་ཤེས་བ་མི་འབྱུང་བའི་ཕྱིར་དེ་ཞིག་དེ་ཡུལ་དུ་བྱས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །ལམ་གྱི་རང་བཞིན་བརྗོད་པའི་སྐབས་སུ་རེ་ཞིག་ཉན་ཐོས་ཀྱི་ལམ་གྱི་རང་བཞིན ་བརྗོད་པ་ནི་དེ་ལྟར་རྟེན་ལ་སོགས་པ་ཞེས་བྱ་བའོ། །བདེན་པ་དེའི་རྣམ་པ་རྣམས་ལ་ཐེག་པའི་དབྱེ་བས་ཐ་དད་པ་མེད་པའི་ཕྱིར་དམིགས་པ་དང། མི་དམིགས་པས་བྱས་པའི་དབྱེ་བ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟར་ཡིན་ཡང་ཐེག་པ་དང་པོ་ལ་ཡང་བྱང་ཆུབ་སེམས་དཔའ་ ་མི་དམིགས་པའི་སྦྱོར་བས་དམིགས་པར་བྱ་བའི་བདེན་པ་རྣམ་པ་དག་མི་འདྲ་བ་དང། ལྷག་པར་འགྱུར་བ་ཡིན་ནོ། །འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀྱི་རྣམ་པ་མི་འདྲ་བ་བརྒྱད་པོ་རྣམས་ཀྱི་མཛའ་རེ་རེ་ལ་ཡིད་འབྱུང་བ་དང། འདོད་ཆགས་དང་བྲལ་བ་དང། འགོག་པའི ་རྣམ་པ་གསུམ་མོ། །དེ་རྣམས་ཀྱི་དང་པོ་ནི་མི་མཐུན་པར་འགྱུར་བ་ཉིད་དང། གཉེན་པོ་དང་བསམ་པ་ཉིད་ཀྱིས་ནི། ཕ་རོལ་ཉིད་དང། འཇིག་པའི་ཆོས་ཅན་ཉིད་ཅེས་བྱ་བ་གཉིས་སོ། །གཉིས་པ་ཡང་རང་གི་ངོ་བོ་རྣམ་པར་མི་གནས་པ་ཉིད་དང། རྒྱུ་ལ་མ་ལྟོས་པར་འཇིག་པ་ཉིད ་ཀྱིས་ན། གཡོ་བ་དང། རབ་ཏུ་འཇིག་པ་རྣམ་པ་གཉིས་སོ། །གསུམ་པ་ལ་ནི་འཇིག་རྟེན་འདི་དང་ཕྱི་མ་གཉིས་སུ་འཇིགས་པ་དང་བཅས་པ་དང། སེམས་ཡོད་པ་དང། སེམས་མེད་པས་བྱས་པའི་ཉེ་བར་འཚོ་བ་དང། བཅས་པ་རྣམས་ཀྱིས་ན་འཇིགས་པ་དང། འགོ་བའི་ནད་དང ་ཉེ་བར་འཚེ་བའི་རྣམ་པ་གསུམ་སྟེ། དེ་ལྟར་རྣམ་པ་བདུན་ནི་ལྷག་པ་ཡིན་ནོ། །དེ་བཞིན་དུ་འགོག་པའི་ལའང་མི་མཐུན་པའི་རྣམ་པ་བཞིའི་མཐར་རྟག་ཏུ་ཕན་པའི་གཞི་ཉིད་ཀྱིས་ན། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་བྱེད་པ་མེད ་པའི་རྣམ་པ་རྣམས་ལྷག་པར་གྱུར་པ་ཡིན་ནོ། །ལམ་ལ་རྣམ་པ་ལྷག་པའི་རྒྱུ་མཚན་མེད་པའི་ཕྱིར་ན་མི་འདྲ་བ་ཙམ་དུ་ཟད་དོ། །དེས་ན་བདེན་པ་བཞི་ལ་རྟེན་པའི་རྣམ་པ་ཉི་ཤུ་རྩ་དྲུག་པོ་འདི་རྣམས་བྱང་ཆུབ་སེམས་དཔའ་དང་འབྲེལ་པར་ཡི་ཡང་ཡོངས་སུ་ཤེས་པར་བྱ་བའི ་ཆོས་ཀྱི་སྒྲུབ་བྱེད་ཡིན་པའི་ཕྱིར་ན་ཉན་ཐོས་ཀྱི་ལམ་ཡིན་པས་ན་འགལ་བ་འགའ་ཡང་མེད་དོ། །དང་པོའི་ལམ་གྱི་རང་བཞིན་བརྗོད་ཟིན་ནོ། །དེའི་རྒྱུ་བརྗོད་པ་ནི་བདེན་པ་བཞི་ཡོངས་སུ་ཤེས་པ་ནི་ཞེས་བྱ་བའོ། །འདི་ལ་ཡང་རྣམ་པའི་ཁྱད་པར་དང། དེའི་རྒྱུ་བརྗོད་པར་བྱ་བ་ཡིན་ནོ། ་དེ་ལ་སྟོང་པ་ཉིད་རྣམས་ལ་ཐ་མི་དད་པར་དམིགས་པ་དང། དེ་མི་དམིགས་པ་དང། རྟོག་པ་ལ་སོགས་པར་དམིགས་པའི་གནས་འགོག་བ་དང། ས་བཅུ་པའི་གནས་འགོག་པའི་མཚན་ཉིད་རྣམ་པ་བཞི་པོ་རྣམས་ཀྱིས་བདེན་པ་བཞི་ཡུལ་དུ ་བྱས་བ་ན། ལམ་གྱི་རྣམ་པ་ལྔར་བཤད་པ་སྐྱེ་ཞིང། རྣམ་པ་དེ་དག་ཀྱང་ཚད་མས་མ་དམིགས་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཐེག་པ་དང་པོ་གཉིས་ལ་ནི་རྣམ་པའི་ཁྱད་པར་མེད་པའི་ཕྱིར་ན། འབྲས་བུ་དང་དམིགས་པའི་རྣམ་པ་དག་གིས་ཁྱད་པར ་ཉེ་བར་མཚོན་པར་བྱེད་པ་གསུངས་པ་ནི་ཉན་ཐོས་ཀྱི་ལམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གཞན་གྱི་ཉེ་བར་སྟོན་པ་ལ་མི་ལྟོས་པར་རང་བྱུང་གི་ཡེ་ཤེས་ཉིད་དང། ཟབ་པ་ཉིད་ནི་འབྲས་བུའི་ཁྱད་པར་ཡིན་ལ། གཟུང་བའི་རྟོག་པ་མི་དམིགས་པ་ནི། འཛིན? ་པའི་རྟོག་པ་ཙམ་གྱིས་སྡུར་བཤད་པའི་རྣམ་པ་རྣམས་ཀྱིས་སྒོ་ནས་བདེན་པ་ལ་དམིགས་པ་ཞེས་བྱ་བ་ནི་དམིགས་པ་དང་རྣམ་པའི་ཁྱད་པར་རོ། །ཁྱད་པར་འདི་གཉིས་ནི་རྒྱུའི་ཁྱད་པར་མེད་པར་མི་འབྱུང་བས་ན་དེ་བརྗོད་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན ་པ་ཐོབ་ན་ཞེས་བྱ་བ་ཡིན་ནོ། །གཟུགས་ལ་སོགས་པ་བཟུང་བའི་མཚན་ཉིད་མ་དམིགས་པའི་ཕྱིར་ན། དེ་བརྡ་ལས་བྱུང་བ་ཉིད་དང། འགྲིབ་པ་དང། འཕེལ་བ་མེད་པ་ཉིད་དང། ནད་སྟོང་པ་ཉིད་ལ་སོགས་པ་ཉིད་དུ་ཡོངས་སུ་མི་འཛིན་པ་དང། སྐྱེ་བ་དང་འགག ་པ་བཀག་པའི་རྣམ་པ་རྣམས་ཀྱིས་དམིགས་པ་ནི་རྒྱུའི་ཁྱད་བར་རོ། །ཐེག་པ་དང་པོའི་འབྲས་བུ་ནི་ཐེག་པ་གཉིས་པའི་འབྲས་བུ་བརྗོད་པའི་ཤུགས་ཁོ་ནས་བདེ་བླག་ཏུ་རྟོགས་ཏེ། དེས་ན་ལོགས་སུ་མ་བཤད་དོ། །ཐེག་པ་གསུམ་པ་ནི་ལམ་གྱི་སྐད་ཅིག་མ་རྣམ་པའི ་ཁྱད་པར་དག་ཁོ་ན་ནས་ཁྱད་པར་དུ་བྱ་བ་སྟེ། དེས་ན་དེ་དག་རིམ་པ་བཞིན་བཤད་པ་ན། རང་སངས་རྒྱས་ཀྱི་ལམ་གྱི་མཇུག་ཐོགས་སུ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་སྔར་བཤད་པའི་ཆུང་ངུའི་ཆུང་ངུ་ལ་སོགས་པ་ངེས་པར་འབྱེད་བའི་ཆ་དང་འཐུན་པ་བཅུ་གཉིས་ཀྱི ་དེ་མ་ཐག་ཏུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་སྐྱེ་ལ། དེ་ཡང་ངོ་བོ་ཉིད་ཀྱི་སྐུའི་མཚན་ཉིད་སངས་རྒྱས་དང། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཉིས་ལ་ཕན་ཚུན་རྟེན་དང་བརྟེན་པའི་དངོས་པོ་མི་དམིགས་པའི་རྣམ་པས་དམིགས་པ ་ན། བྱང་ཆུབ་སེམས་དཔའ་ཨི་ལམ་ཉིད་འཐོབ་པོ། །དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་སྐད་ཅིག་ལ་ཡང་གཟུགས་ལ་སོགས་པའི་ཆོས་ཀྱི་དབྱིངས་སུ་སྦྱོར་བ་རྣམས་ལ། ཆེན་པོ་ཉིད་ལ་སོགས་པའི་རྣམ་པས་སྒོམས་པས་ན་དེ་བཞིན་དུ་འགྱུར་རོ། །དེ་ལྟར་ན་ཡང་སྡུག ་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དང། དེ་ལས་རྣམ་པར་གྲོལ་བ་གྲངས་ཇི་ལྟ་བ་བཞིན་སྐྱེའོ། །དེ་ཡང་ཆོས་ཀྱི་དབྱིངས་ཟག་པ་མེད་པ་ཉིད་དུ་རྟོག་པའི་ཕྱིར། མཐོང་བའི་ལམ་གྱི་སྐད་ཅིག་མ་ཐམས་ཅད་རྒྱུའི་དངོས་པོར་འགྱུར་ཞིང། བདག་ཉིད་ཀྱང་མཐོང་བའི ་ལམ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ལམ་གྱི་སྐད་ཅིག་ཕྱི་མ་རྣམས་ལ་ཡང་སོ་སོར་རྣམ་པའི་ཁྱད་པར་རྟོགས་པར་བྱའོ། །རྣམ་པ་ཐ་དད་པས་སྐད་ཅིག་རྣམས་ཐ་དད་ཀྱང། ཆོས་ཀྱི་དབྱིངས་མཐོང་བའི་ལམ་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པ་སྦྱོར་བའི་ལམ་རྟེན ་པ། སྡུག་བསྔལ་གྱི་བདེན་པ་རྟོགས་པར་བྱ་བའི་ཆོས་རྣམ་པར་སྤྱོད་པ་བདག་པོར་བྱས་ནས། གང་གི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་འགྱུར་པའི་ཉོན་མོངས་པར་འགྱུར་བ་ཆོས་ཐམས་ཅད་ཀྱི་སྡུག་བསྔལ་གྱི་བདེན་པའི་དངོས་པོ་མངོན་དུ་བྱེད་བའི ་ཤེས་པ་འཇིག་རྟེན་ལས་འདས་པ་སྐྱེ་བ་ཡིན་ནོ། །དེས་ཀྱང་ཐེ་ཚོམ་དང་ཕྱིན་ཅི་ལོག་ལས་འདས་པའི་ཕྱིར་ན། སྡུག་བསྔལ་ཉིད་འདོད་ཅིང་བཟོད་ལ་ཡོངས་སུ་ཚོལ་ཏེ། འདི་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །དེ་ཉིད་ཀྱིས་ཉོན་མོངས་པ་རྣམ་པར་གྲོལ་པར་འགྱུར་ཏེ། ་ཆོས་ཉིད་ཀྱི་མཚན་ཉིད་ནི་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་བའི་བཟོད་པའོ། །བཟོད་པ་དང་ཤེས་པ་དེ་དག་ཀྱང་འཕགས་པའི་ཆོས་རྣམས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བའི་རྣམ་པར་བཟོད་པའི ་ཕྱིར་ན་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེའི་སྟོབས་ཀྱིས་ཀྱང་རྗེས་སུ་འགྲོ་བ་ངེས་པར་འཛིན་པར་བྱེད་པའི་མངོན་སུམ་ཟག་པ་མེད་པ་སྣང་བ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས ་ལ་ཡང་བཟོད་པ་དང། ཤེས་པ་རྣམས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཡིན་ཡང་སྐད་ཅིག་བཅུ་དྲུག་པོ་རྣམས་ལ་ཡང་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཉིད་ཡོངས་སུ་རྫོགས་པ་ཉིད་མཐོང་བའི་ལམ་གྱི་སྐད་ཅིག་ཡིན། །དེ་ལ་ཡང་ཆོས་ཤེས་པའི་བཟོད་པ་དང། ཆོས ་ཤེས་པ་གཉིས་ཀྱིས་བཟང་བརྟོགས་པ་དང། རྗེས་སུ་ཤེས་པའི་བཟོད་པ་དང། རྫས་སུ་ཤེས་པ་གཉིས་ཀྱིས་འཛིན་པ་ཡང་རྟོགས་པ་ན། བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་དང། མི་དམིགས་པ་ལ་གནས་པས་མཐོང་བའི་ལམ་ལ་གནས་པར ་འགྱུར་རོ། །འོ་ན་ཇི་ལྟར་མཐོང་བའི་ལམ་སྐད་ཅིག་གཅིག་ལ་མངོན་པར་རྟོགས་པར་བཤད་ཅེ་ན། འབྲས་བུའི་མངོན་པར་རྟོགས་པ་ལ་དགོངས་པའི་ཕྱིར་རོ། །འདི་ལྟར་བཤད་ཟིན་པའི་ལམ་གྱིས་སྡུག་བསྔལ་སྤོང་བ་ནི་ཀུན་འབྱུང་སྤོང་བ་མེད་པར ་མི་འབྱུང་ལ། དེ་ཉིད་ཀྱང་འགོག་པ་ཡིན་ནོ། །དེས་ན་འབྲས་བུ་གཅིག་ཡིན་པའི་ཕྱིར་མཐོང་བའི་ལམ་སྐད་ཅིག་གཅིག་མངོན་པར་རྟོགས་པ་ཡིན་ནོ། །རྟོགས་པའི་མངོན་པར་རྟོགས་པ་ལ་ཡང། གལ་ཏེ་སྐད་ཅིག་མ་བཅུ་དྲུག་གིས་རྟོགས་པའི་རྣམ་པ ་ཐ་དད་པ་དེ་ལྟ་ན་ཡང། ཆོས་ཀྱི་དབྱིངས་རྟོགས་པ་ལ་ནི་ཐ་དད་པ་ཅི་ཡང་མེད་དོ། །དེ་ལྟར་མ་ཡིན་ན་མིག་སེར་ཅན་ལ་སོགས་པའི་མཐོང་བ་བཞིན་དུ་ད?་དུང?་ཡང་འཁྲུལ་པ་མི་ལྡོག་པའི་ཕྱིར། ཇི་ལྟར་མཐོང་བའི་ལམ་དུ་འགྱུར་དེ་ལྟ་ན་ཡང་དེ་བསྒོམ་པའི ་ལམ་གྱིས་རྣམ་པར་དག་པར་མི་འགྱུར་ཏེ། མཐོང་བ་དག་བ་མི་འཐད་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་དབྱིངས་ནི་སྐད་ཅིག་གཅིག་ལ་རྟོགས་པ་ཅན་ཡིན་ནོ། །དེ་གཅིག་པའི་ཕྱིར་ན་ལམ་?་སྐད་ཅིག་གཅིག་ཉིད་དོ། །དེ་ལྟར་ལམ་གསུམ་གྱི་རང་བཞིན་བརྗོད་མ་ཐག?་ཏུ ་བའི་རྒྱུ་བརྗོད་པར་རིགས་པ་ཡིན་མོད་ཀྱི་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་སུ་བཤད་ཟིན་པའི་ཕྱིར་ན་དེ་མ་བརྗོད་པར་ལམ་གྱི་ཕྱོགས་གཅིག་གི་འབྲས་བུ་བཤད་པའི་ཕྱིར་བརྗོད་པ་ནི་མཐོང་བའི་ལམ་གྱི་འཇུག་ཐོགས་སུ་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། འཆང་བར ་འགྱུར་བ་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང། ཟག་པ་མེད་བདག་གིས་མཐོང་བའི་དོན་དག་པས། མཐར་ཕྱིན་པ་ན་ཁྱད་པར་གྱིས་ལམ་ཞེས་བྱ་བ་མཐོང་བའི་དོན་རྣམ་པར་དག་པའི་གནས་སྐབས་སུ་འགྱུར་བ་ཡིན་ནོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཞེ།? ་གནས་དང་ལྷག་མཐོང་དང་ལྡན་པའི་སེམས་བརྟན་པར་གྱུར་པ་ན་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་རྒྱལ་དང་ཆགས་པ་དག་ལྡོག་ལ། དེ་ལོག་པ་ན་ཡང་དེའི་རྒྱུ་ཅན་གྱི་སྡུག་བསྔལ་དང་ཀུན་འབྱུང་བལྡོག་གོ། དེས་?་སྒྲིབ?་པ་གཉིས་སྤངས? ་པས་སངས་རྒྱས་ཀྱི་ཆོས་མཛའ་དག་མངོན་དུ་བྱེད་པ་ན་དེའི་བདག་པོས་བཞིའི་ཡུལ་མཆོད་པར་བྱ་བ་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ན་ལམ་དང་པོ་གཉིས་ལ། བྱང་ཆུབ་སེམས་དཔའ་ལ་བསྒོམ་པའི་ལམ་གྱིས་བྱེད་པ་མེད་པའི་ཕྱིར་ནམ་བརྗོད་དོ། །ཡོངས་སུ་ཤེས་པའི ་ནི་མཐོང་བའི་ལམ་ཉིད་ཀྱིས་རྫོགས་པའ?་ཕྱིར་རོ། །འོན་ཇི་ལྟར་ཐག་པ་གཉིས་ཀྱིས་བསྒོམ་པའི་ལམ་མངོན་དུ་མ་བྱས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་ཅེས་བརྩད་པར་ནི་མི་བྱ་སྟེ། མཐོང་པའི་ལམ་བཞིན་དུ་བསྒོམ་པའི་ལམ་ལ་ཡང་རྣམ་པའི་ཁྱད ་པར་ཡོངས་སུ་ཤེས་པར་བྱར་མེད་པའི་ཕྱིར་རོ། །འདི་ལྟར་སྦྱོར་བ་རྣམ་པ་ལ་ཡང་བྱང་ཆུབ་སེམས་དཔའ་མི་དམིགས་པ་ལ་སོགས་པའི་རྣམ་པས་སྦྱོར་བའི་ཕྱིར། མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ངེས་ན་མཐོང་བའི ་ལམ་གྱི་རྣམ་པ་རྣམས་ཀྱང་ཁྱད་པར་འགྱུར་བ་ཡིན་ནོ། །གང་གིས་བསྒོམ་བའི་ལམ་གྱི་རྣམ་པ་ཁྱད་པར་དུ་ཡོངས་སུ་ཤེས་པར་བྱ་བར་འགྱུར་བ་དེ་བཞིན་དུ་མཐོང་བའི་ལམ་གྱི་རྣམ་པ་རྣམས་ལ་ནི་རང་གི་ངོ་བོས་ཁྱད་པར་ཡོད་པ་མ་ཡིན་ནོ། །དེས་ན་ཐེག་པ་ཐ་མ་བསྒོམ་པའི ་ལམ་ཡོངས་སུ་ཤེས་པ་ཁོ་ནས་དང་པོ་གཉིས་ཀྱིས་བསྒོམ་པའི་ལམ་ཤེས་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་ལ་འགལ་བ་དགའ་ཡང་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་ཡིན་ཡང ་སྡོམ་པའི་ལམ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ན་ཟག་པ་དང་བཅས་པ་ཡང་བསྟན་ཏོ། །དེ་ཡང་སྦྱོར་བ་དང་དངོས་དང་མཇུག་གི་དབྱེ་བས་མོས་པ་ལ་སོགས་པའི་མིང་ཅན་པ་གསུམ་མོ། །དེ་ལས་ཡུལ་དང། རབ་ཏུ་དབྱེ་བ་དང། འབྲས་བུའི་དབྱེ་བས་དབྱེ་བ་བརྗོད ་པའི་ཕྱིར་བྱེད་པའི་འོག་ཏུ་གསུངས་སོ། །ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རང་དང་གཞན་གཉི་གའི་དོན་གྱིས་ན་མོས་པའི་ཡུལ་གསུམ་མོ། །དེ་དག་ཀྱང་སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས། དམིགས་པའི་རྣམ་པ་ཐ་དད་པའི་ཕྱིར་མས?་པའི ་རྣམ་པ་ཡང་སུམ་ཅུ་རྩ་བདུན་ནོ། །མོས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་ན་ཡང་བསྟོད་པ་དང། བཀུར་བ་དང་བསྔགས་པའི་རང་བཞིན་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱི་ཡང་ཆུང་ངུ་ལ་སོགས་པའི་དབྱེ་བས་འབྲས་བུ་རྣམ་པ་ཉི་ཤུ་བདུན ་འཐོབ་པའི་ཕྱིར་སྦྱོར་བ་རྫོགས་པར་འགྱུར་རོ་ཞེས་སྟོན་པ་ནི་དེ་བསྒོམ་པའི་ཞེས་བྱ་བ་ལ་སོགས་པའོ། །ལེགས་པར་བསགས་པའི་སྦྱོར་བ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ནི་རྩ་བ་ཡིན་པ་དེས་ན། བླ་ན་མེད་པའི་བྱང་ཆུབ་ལ་སོགས་པ་དམིགས ་པ་རྣམ་པ་བཅུ་གཅིག་དང་ལྡན་པའི་མེས་པའི་ཁྱད་པར་མི་དམིགས་པ་ལ་སོཌ་པའི་རྣམ་པ་ཅན་རྣམས་ཀྱིས་མོས་པར་བྱ་བའི་དོན་ལ་དམིགས་པ་ན། ཐེག་པ་གསུམ་ལ་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ། དེའི་ལམ་ཉེ་བར་བསྟན་པས་བྱེད་པ ་ཐོབ་པའི་ཕྱིར་ཟག་པ་དང་བཅས་པའི་སྒོམ་པའི་ལམ་ཐོབ་པ་ཡིན་ནོ་ཞེས་སྦྱོར་བར་བྱེད་པ་ནི་དེ་ལྟར་མོས་པ་ལ་ཞེས་བྱ་བ་ལ་སོགས་པའོ། །ཐོབ་པའི་ལམ་ལ་རྗེས་སུ་ཡི་རང་བའི་མཚན་ཉིད་མཇུག་རྒྱས་པའོ། །དེས་ན་རྗེས་སུ་ཡི་རང་བས་ལམ་སྤེལ ་བ་བརྗོད་པ་ནི། དེ་ལྟར་ལེགས་པར་བསྔོས་བ་ཞེས་བྱ་བའོ། །འདི་ལྟར་བསམ་པ་ཡིན་ཏེ། མཐོང་བའི་ལམ་གྱི་དེ་མ་ཐག་ཏུ་བཤད་ཟིན་ཏོ། །སྦྱོར་བ་དང་དངོས་དང་མཇུག་གི་དབྱེ་བས་བསྒོམ་པ་ཡོངས་སུ་རྫོགས་པ་ན། འཇིག་རྟེན་ལས་འདས་པའི་ལམ་ཡིན་ནོ ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གསུངས་པ་ནི་ཟག་པ་དང་བཅས་པའི་འོག་ཏུ་ཞེས་བྱ་བའོ། །ལམ་གྱི་ཐོབ་པར་བྱ་བ་དོན་འདིས་མངོན་པར་འགྲུབ་པར་བྱེད་པས་ན། མངོན་པར་འགྲུབ་པའི་ལམ་གྱིས ་ཐོབ་པ་རྣམ་པར་དག་པའི་ལམ་གྱིས་སྤྱི་དང་ཁྱད་པར་དུ་རྣམ་པར་དག་པའི་ཕྱིར། ངོ་བོ་ཉིད་ལ་སོགས་པ་རྟོགས་པ་རྣམ་པ་ལྔའོ། །ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་མཐོད་བའི་རང་བཞིན་གྱི་ལམ་དུ་སངས་རྒྱས་ཉིད་ངེས་པའི་ཕྱིར་ན། ཆོས་ཐམས་ཅད ་ཀྱི་ཁྱད་པར་སྐྱེད་པ་ལ་འཐད་པ་མ་ཡིན་ནོ། །དེ་ལྟར་ན་ཡང་དེ་གསུམ་མི་དམིགས་པ་ཁོ་ནས་སངས་རྒྱས་ཀྱི་ཆོས་རྣམ་པ་ཐམས་ཅད་སྐྱེ་ལ་དེ་ལས་སངས་རྒྱས་ཉིད་ཀྱི་མཚན་ཉིད་ཀྱི་དོན་ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱི་དང་ཁྱད་པར་གྱི་དངོས་པོས ་རྣམ་པར་དག་པ་གཉི་གའི་སྐྱེ་བ་དང་འགོག་པའི་རྒྱུ་དག་ལེན་པ་དང་འདོར་བ་ཉིད་ལ་རྟོགས་པའི་ཕྱིར། ལེན་པ་དང་འདོར་བ་དག་གི་ཡུལ་རིམ་པར་བརྗོད་པ་ནི་དེའི་འོག་ཏུ་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །དེ་ཤིག་རྣམ་པར་རྟོགས་པ་དང་པོ་ནི་མངོན་པར་ཞེན ་བ་ལོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། དགེ་སྦྱོང་གི་འབྲས་བུ་ཡང་མི་དམིགས་པའི་ལམ་གྱིས་ཐོབ་པ་ན་གང་ལ་མངོན་པར་ཞེན་པར་འགྱུར་བའི་འབྲས་བུ་ལུས་པ་ཅི་ཞིག་ཡོད། དེས་མངོན་པར་ཞེན་པ་ལོག་པ་ཉིད་ལམ་རྣམ་པར་དག་པ་ཡིན་ནོ། །དེས་ན ་དེའི་ཁྱད་པར་བརྗོད་པ་ནི་རྣམ་པར་དག་པ་སྤྱིར?་བརྗོད་ནས་ཞེས་བྱ་བའོ། །ཁྱད་པར་དེ་ཡང་བྱེད་པ་དང་ཡུལ་གྱི་ཁྱད་པར་མེད་པར་བསྟན་པར་མི་ནུས་པ་ངས་ན། དང་པོར་བྱེད་པའི་ཁྱད་པར་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རང་རང་གི་ངེས་འབྱེད ་ཀྱི་ཆ་དང་མཐུན་པ་རྟོགས་པའི་རིམ་གྱིས་ལམ་མངོན་དུ་གྱུར་པ་ན་གོ་རིམ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་དང། གཟུང་བའི་རྣམ་པར་རྟོག་པའི་མཚན་ཉིད་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་དང། བྱང་ཆུབ་སེམས་དཔའ་ནི ་སྔར་བརྗོད་པའི་ཐེག་པ་གསུམ་གྱིས་བསྡུས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རིམ་གྱིས་ལམ་མངོན་སུམ་དུ་བྱས་པ་མ་ལན་གསུམ་གྱི་སྒྲིབ་པ་སྤངས་པའི་ཕྱིར། སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཐོབ་པ་ན་ཚད་མ་དང་གཞལ་བྱ་ཐམས་ཅད་ཀྱི་རང ་བཞིན་མ་དམིགས་པའི་ཕྱིར། མི་མཐུན་པའི་ཕྱོགས་དང་གཉེན་པོ་གང་རང་བཞིན་ནི་མཚུངས་པ་ཉིད་ཀྱིས་སྒྲིབ་པའི་ཕྱིར་རྣམ་པར་རྟོག་པ་ཡང་སྤངས་པའི་ཕྱིར། ལམ་གྱིས་རྫོགས་པའི་བྱང་ཆུབ་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །དེ་ལ་བསྡུས་པའི་དོན་ནི ་འདི་ཡིན་ཏེ། ལམ་གྱི་ཡན་ལག་རྣམ་པ་ལྔ་རྫོགས་པ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལས་མ་འདས་པར་ཉན་ཐོས་ཀྱི་ལམ་གྱིས་ཐམས་ཅད་ཀྱི་གཉེན་པོ་མཐོང་བ་ན། རང་སངས་རྒྱས་ཀྱི་ལམ་གྱིས་གཟུང་བའི་རྣམ ་པར་རྟོག་པ་དང་བྲལ་བ་དང། བྱང་ཆུབ་སེམས་དཔའ་ཨི་ལམ་གྱིས་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་རྟོགས་ནས་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་གིས་ངེས་སྤང་པར་བྱ་བའི་ཉོན་མོངས་པའི་ཚོགས་སྤངས་པ་ན། རྣམ་པ་ཐཾས་ཅད ་མཁྱེན་པ་ཉིད་ཀྱི་སྐབས་སུ་བཤད་པའི་རྣམ་པ་ཐམས་ཅད་འགྲུབ་བོ་ཞེས་བྱ་བ་ཡིན་ནོ། །སྐབས་གཉིས་པའོ།། །།ལམ་ཐམས་ཅད་སྐྱེ་བའི་རྒྱུ་གཞི་ཐམས་ཅད་རྟོགS་བ་ཐམས་ཅད་ཤེས་པའི་རང་གི་ངོ་བོ་དང། རྒྱུ་མཚན་དང། མི་མཐུན་པའི་ཕྱོགས ་དང་གཉེན་པོ་དང། ལམ་དང་དེའི་ཡན་ལག་དང། ཉེ་བར་བསྡུ་བ་རྣམས་ལས། རང་གི་ངོ་བོ་རྟོགས་པ་མེད་པར་ཕྱི་མ་རྣམས་རྟོགས་པར་མི་ནུས་པའི་ཕྱིར་ན། རེ་ཞིག་བརྗོད་པ་གཞི་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །བརྩེ་བ་དང་ཤེས་རབ་དག་གིས་རྟག་པ་དང་ཆད་པའི ་མཚན་ཉིད་དང། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང་དེའི་བར་སྟེ། དེ་རྣམས་སུ་གནས་བ་དང་བྲལ་པའི་རང་བཞིན་ཐམས་ཅད་ཤེས་པ་ཡིན་བའི་ཕྱིར་རང་བཞིན་དེ་དང་བྲལ་བ་ཉན་ཐོས་ལ་སོགས་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས ་གཅིག་ཏུ་གྱུར་པས་ཐམས་ཅད་ཤེས་པ་ཉིད་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་མཁྱེན་པ་ཉིད་ཀྱི་སྐབས་སུ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་དོན་ཡིན་ནོ། །ཀུན་ཤེས་པ་ཉིད་ལ་ཁྱད་པར་མེད་པར་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་དང། མེད་པ་ཡིན ་ཞེས་སྐྱེ་བོ་བློ་གྲོས་དམན་པའི་དོགས་པ་བཟློག་པའི་དོན་དུ་གཉིས་པ་རྒྱུའི་ཁྱད་པར་གསུངས་པ་ནི་ལུགས་ལས་ཞེས་བྱ་བ་ལ་སོགས་པའོ། །གཟུགས་ལ་སོགས་པའི་རང་བཞིན་རྟོགས་པ་ཉིད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྟོགས་པ་ཡིན་ལ། དེ་ཡང་དངོས་པོ་དང། དངོས ་པོ་མེད་པར་ཤེས་པ་སྤངས་པས་གཟུགས་ལ་སོགས་པ་དམིགས་པ་ན་འགྱུར་གྱི་གཞན་དུ་མ་ཡིན་ནོ། །དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཐབས་མཁས་པ་དང་འབྲེལ་པ་ཡིན་པས་དེ་ལྡོག་ན་ལྡོག་པ་ཉིད་དོ། །དེས་ན་ཉན་ཐོས་ལ་སོགས་པ་ལ་ནི་ཆོས་ཐམས་ཅད ་མཉམ་པ་ཉིད་དུ་རྟོགས་པ་ཡོད་པ་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོ་དངོས་པོར་གྱུར་པ་འགའ་ཡང་མེད་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་རྒྱུ་དང་འབྲས་བུའི་དངོས་པོས་དེ་དག་རྣམ་པར་བཞག་པ་ཡིན་ནོ། །དེ་ལྟ་ཡིན་ཀྱང་གཞན་གྱི་ཀུན་བརྟགས་པའི ་བདག་ལ་སོགས་པའི་གཉེན་པོ་ཉིད་ཀྱིས་སྟོང་པ་ཉིད་ལ་སོགས་པ་འཇུག་པ་ཡིན་ཡང་མངོན་པར་ཞེན་པ་དང་བཅས་པས་མི་བྱ་བ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ཉིད་དོ། །བྱང་ཆུབ་སེམས་དཔའ་རང་ཉིད་ང་རྒྱལ་མེད་པར་སྦྱིན་པ་ལ་སོགས་པ་ལ་ཞུགས་པའི་ ་ནི་གཞན་དག་དེ་ཁོ་ན་ལྟར་ངེས་པར་སྦྱོར་བ་གཉེན་པོ་ཡིན་ཏེ། མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །སྤྱིར་མངོན་པར་ཞེན་བ་མི་མཐུན་པའི་ཕྱོགས་ཡིན་བས་ན། དེ་བཞིན་གཤེགས་པ་ལ་སོགས་པར་མངོན་པར་ཞེན་པ་ཡང་མི་མཐུན་པའི་ཕྱོགས་ཉིད་དོ། ་དེས་ན་ཤེས་པ་དང་ཤེས་བྱའི་ཕུང་པོ་གཉིས་ཀྱིས་བསྡུས་པ་དངོས་པོ་རྣམས་ལ་རང་བཞིན་གཅིག་པ་ཅན་ཉིད་དུ་རྟོགས་པ་དེའི་གཉེན་པོ་ཡིན་ནོ། །དེ་ལྟར་ན་མི་རྟག་པ་ཉིད་ལ་སོགས་པ་དང། དེ་བཞིན་གཤེགས་པ་ཉིད་ལ་སོགས་པར ་མངོན་བར་ཞེན་པ་ནི་ཀུན་ནས་ཉོན་མོངས་པ་རབ་ཏུ་ཞི་བའི་ཐབས་ཡིན་པས། རྟག་པ་ལ་སོགས་པའི་གཉེན་པོ་ཡིན་ཡང། ཤེས་བྱའི་སྒྲིབ་པ་རང་བཞིན་ཡིན་པའི་ཕྱིར་ན་ཆོས་ཐམས་ཅད་མི་དམིགས་པ་དང། རང་བཞིན་གཅིག་པ་ཉིད་དུ་ཤེས ་བདག་གིས་སྤོང་བ་ཡིན་ཏེ། དེས་ན་མཚན་ཉིད་ཀྱིས་མི་མཐུན་པའི་ཕྱོགས་དང། གཉེན་པོ་རེ་རེ་ལ་ཡང་རྣམ་པ་གཉིས་ཡིན་ནོ། །དོན་འདི་ཡིན་ཏེ། མི་རྟག་པ་ཉིད་དང། དེ་བཞིན་གཤེགས་པ་ཉིད་ལ་སོགས་པར་དམིགས་པའི་དུས་ན་གལ་ཏེ ་རྟག་པ་ཉིད་ལ་སོགས་བའི་གཉེན་པོ་ཉིད་དང། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་དག་གིས་དེ་དག་མཚན་མར་བྱེད་ན་མི་མཐུན་པའི་ཕྱོགས་སུ་འགྱུར་བ་ཡིན་ནོ། །འོན་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་ཀྱི་ཕྱིར་གང་ཞིག་གཉེན་པོར་གྱུར་པ་འགའ་ ་ཡང་འགའ་ཨི་ཡང་མི་མཐུན་བའི་ཕྱོགས་མ་ཡིན་ནོ་ཞེས་མཚན་མ་མེད་པའི་སྦྱོར་བས་ངེས་པར་རྟོགས་པ་དེའི་ཚེ་ནི་བྱང་ཆུབ་སེམས་དཔའ་དེ་ནི་གཉེན་པོ་ཡིན་ནོ། །གཉེན་པོས་མི་མཐུན་པའི་ཕྱོགས་སྤངས་པ་དེ་ཡང་ལམ་ལས་འགྱུར་བའི ་ཕྱིར་ལམ་བརྗོད་བར་རིགས་པ་ཡིན་ཡང་འབྲས་བུ་ནི་རྒྱུ་ལ་རག་ལས་པའི་ཕྱིར་ན། ལམ་གྱི་རྒྱུའི་རབ་ཏུ་དབྱེ་བ་དང། རྣམ་པ་རེ་ཞིག་བརྗོད་པ་ནི། དེ་ལྟར་མི་མཐུན་པའི་ཕྱོགས་ལ་སོགས་བ་བརྗོད་ནས་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ་གཟུགས་དང ་ཚོར་བ་ལ་སོགས་པ་ལ། གཟུགས་སུ་རུང་བ་ལ་སོགས་པ་མཚན་ཉིད་དང། མི་རྟག་པ་ཉིད་ལ་སོགས་པ་རྣམས་ལ་བརྟགས་པས་སྟོང་པ་ལ་སོགས་པ་དང། རབ་ཏུ་འཇིགས་པ་ཉིད་ཀྱིས་མ་རྫོགས་པ་དང། རྫོགས་པ་ལ་རབ་ཏུ་འཇིག་པ་ཉིད་དང། ་མ?་ཆགས་པ་ལ་ཡིད་བརྟན་དུ་མེད་པ་ཉིད་དང། འགྱུར་བ་མེད་པ་ཉིད་ལ་སྐད་ཅིག་དང། བྱེད་པ་པོ་མ་ཡིན་པ་ལ་བྱེད་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདག་ཉིད་ཆེད་དུ་བྱ་བ་བཀག་པ་ཉིད་དང། ལམ་ཤེས་པ་ཉིད་ཀྱིས་རང་བཞིན་སྦྱོར་བ་དཀའ་བ་ཉིད་དང ་?་ཤེས་པའི་རང་བཞིན་བྱེད་པ་དཀའ་བ་ཉིད་གསུམ་ལ། ཐོབ་བ་སྟོང་པ་ཉིད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དང། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཉིད་རྣམས་དང། །རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་སྟོང་པ་ཉིད་ལ། ལྷག་པར་མོས ་པའི?་རང་བཞིན་དང། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་ལ་རྟོགས་བའི་དངོས་པོ་ཉིད་དང། ཡོངས་སུ་བསྔོ་བ་ལ་སོགས་པ་སྣང་བ་རྣམ་པ་བདུན་ལ། རང་གི་ངོ་བོ་སྟོང་པ་ཉིད་ཀྱིས་རྗེས་སུ་སྒྲུབ་པའི་མངོན་པར་ཞེན་པ་དོར་བའི་ཕྱིར་གོང་དུ་མངོན་པར་སྤེལ་བས། སྦྱོར ་བ་རྣམ་པ་བཅུ་པོ་ནི་རེ་རེ་ལ་ཡང། གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པ་དང། རློམ་པ་མེད་པ་ལ་སོགས་པ་རྣམ་པ་བཞིས་རྟོགས་པར་བྱའོ། །ནུས་བའི་རྒྱུ?་སྦྱོར་བ་རྣམ་པ་བཅུ་ཡོད་ན། འབྲས་བུ་མཐོང་བའི་ལམ་འབྱུང་བས། དེའི་རང་གི་ངོ་བོ་རྣམས ་སྟོན་པ་ནི། སྦྱོར་བ་མཉམ་པ་ཉིད་སོ་སོར་རྟོགས་ནས་ཞེས་བྱ་བའོ། །རང་བཞིན་མེད་པའི་ངོ་བོ་ཅན་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པ་ཉིད་ཀྱི་རང་བཞིན་དང་མི་ལྡན་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་གིས་སྡུག་བསྔལ་ལ་ཆོས་ཤེས་པའི ་བཟོད་པ་ལ་སོགས་པའི་སྐད་ཅིག་མ་བཅུ་དྲུག་བསྒོམ་པ་ན། བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །མཐོང་བའི་ལམ་དེ་སྐྱེད་པ་ནས་ཡང་དངོས་པོ་ཐམས་ཅད་ཀྱི་རྣམ་པ་ཕྱིན་ཅི་མ་ལོག་པར་རྟོགས་ཀྱི་རྣམ་པ་ཐམས་ཅད་རྟོགས་པ ་ནི་མ་ཡིན་ནོ། །ཀུན་མཁྱེན་གསུམ་གྱི་མཇུག་བསྡུ་བ་ནི་རྟོགས་སླའོ། །འདི་ཐམས་ཅད་ཀྱིས་ནི་འདི་སྐད་བརྗོད་པ་ཡིན་ཏེ། ཐབས་མཁས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པའི་དབང་དུ་བྱས་ཏེ། མི་མཐུན་པའི་ཕྱོགས་དང་གཉེན་པོ ་ཡོངས་སུ་ཤེས་པས་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་བ་བརྩམས་པ་དང་ལྡན་པ་ལ་གཟུགས་ལ་སོགས་པ་ལ་རྟག་པ་དང་མི་རྟག་པ་ཉིད་ཀྱིས་དབེན་པ་ལ་སོགས་པའི་རྣམ་པ་ཅན་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྐྱེ་ལ། དེ་སྐྱེས་པ་ན་ཡང་སྔར་བཤད ་པའི་ལམ་ཤེས་པའི་རྣམ་པ་རྣམས་སྐྱེ་བ་ཡིན་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ལམ་ཤེས་པ་ཉིད་ནི་མེད་ན་མི་འབྱུང་བ་ཉིད་ཀྱིས་དེ་ཡོངས་སུ་ཤེས་པའི་དུས་ཁོ་ནར་ཐམས་ཅད་ཤེས་པ་ཉིད་ཀྱང་ཤེས་པ་མ་ཡིན་ནམ། དེས་ནད་རྟོག་པ་བཏགས་ཟིན་པ་འཐག་པ་འདིས ་?་བྱ། དེ་སྟེ་སྔར་ནི་བྱང་ཆུབ་སེམས་དཔའ་ཨི་དབང་དུ་བྱས་པའི་ཕྱིར། ཉན་ཐོས་ལ་སོགས་པའི་ཐམས་ཅད་ཤེས་པ་ཉིད་མ་བརྗོད་ན། འོན་ནི་ལམ་ཤེས་པ་ཉིད་ཀྱིས་ལམ་ཐམས་ཅད་མ་བསྡུས་པ་དེས་ན་རྣམ་པ་ཐམས་ཅད་མཁྱེན་པས་ཀྱང་ཆོས་ཐམས་ཅད ་ཀྱི་རྣམ་པ་ཐམས་ཅད་མི་མཁྱེན་པར་འགྱུར་ཞིང། ཐམས་ཅད་ཤེས་པས་ཀྱང་ཉན་ཐོས་ཀྱི་ལམ་ལ་སོགས་པ་བསྡུས་པ་ན་གང་ཟག་གཅིག་ལ་མངོན་པར་རྟོགས་པ་བརྒྱད་མེད་པར་འགྱུར་ཞེ་ན། བསམ་པ་མ་ཤེས་ན་ཐམས་ཅད་བདེན་ནོ། །འདི་ལྟར ་ལས་ཤེས་ཉིད་ཀྱི་ཚུལ་ལ་ནི་འཕགས་པའི་བདེན་པ་བཞི་དག་གི་།རྣམ་པ་མི་དམིགས་སྒོ་ནས་ནི། ཉན་ཐོས་ལམ་འདི་ཤེས་པར་བྱ་ཞེས་སྔར་བཤད་ཟིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། བདེན་པ་བཞི་ཉིད་ཕ་རོལ་གྱིས་ཀུན་བཏགས་པ་ལ་སོགས ་པའི་གཉེན་པོར་མི་རྟག་པ་ཉིད་ལ་སོགས་པའི་རྣམ་པ་རྣམས་ཀྱི་སྒོ་ནས་ཉན་ཐོས་ལ་སོགས་པས་མངོན་དུ་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་དག་ཉིད་མི་དམིགས་པའི་རྣམ་པ་ཡིན་ཏེ། དེ་ལྟར་ན་རྣམ་པའི་ཁྱད་པར་ཉེ་བར་མཚོན་པ་ལྷུར་བྱེད་པས་ལམ་ཤེས ་པར་ཉན་ཐོས་ལ་སོགས་པའི་ལམ་ཡིན་ལ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། མི་མཐུན་ཕྱོགས་དང་གཉེན་པོ་དག། རྣམ་པར་དབྱེ་བ་མ་ལུས་པ། ཇི་སྐད་བཤད་པ་འདིར་ཤེས་བྱ་ཞེས་བྱ་བ་གསུངས་པའི་ཕྱིར་ན་འདིར་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ ་ཡོངས་སུ་ཤེས་བ་སྔོན་དུ་འགྲོ་བ་ཅན་སྦྱོར་བ་ཇི་ལྟ་བ་བཞིན་དངོས་པོ་ཐམས་ཅད་རྟོགས་པར་བྱེད་པ་ཡིན་ནོ། དེ་ལྟ་ན་ཡང་སྔ་མར་ལམ་ཉིད་རྟོགས་པར་བྱ་བ་ཡིན་ལ་ཕྱི་མར་ནི་ལམ་གྱི་དངོས་པོ་རྟོགས་པར་བྱེ་བ་ཡིན་པས། །དེས་ན་ཇི་ལྟར་བཏགས་པོ་འཐག་པ་ཡིན ་དེ་ཉིད་ཀྱི་ཕྱིར་མངོན་བར་རྟོགས་པ་གཉི་ག་ཡང་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཡིན་པའི་ཕྱིར་མངོན་པར་རྟོགས་པ་བཞི་ཐ་དད་པར་ཐལ་བར་འགྱུར་བའི་ཉེས་པ་ཡང་མེད་དོ་དེ་ཉིད་ཀྱི་ཕྱིར་གང་ཟག་གསུམ་དང་འབྲེལ་བའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ ་པ་ནི་སྔར་གྱི་སྐབས་གཉིས་སུ་ཅི་རིགས་པར་བཤད་ཟིན་པའི་ཕྱིར་འདིར་བརྗོད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ལམ་བཞིན་དུ་དེའི་རྒྱུ་རྣམས་ཀྱང་བརྗོད་པར་བྱ་བར་ཐལ་ལོ། །ལམ་གྱི་དངོས་པོ་རྟོགས་ན། ལམ་རྟོགས་པ་དང། དངོས་པོ་རྟགས་བ་སྔོན་དུ་འགྲོ་བ་ཅན་མི་འགྱུར་རོ ་ཞེས་བརྗོད་པར་མི་བྱ་སྟོ། ལམ་མེད་པར་འགལ་ཡང་རྟོགས་པ་མེད་པའི་ཕྱིར་རོ། །འདིས་ནི་མངོན་པར་རྟོགས་པའི་རིམ་པ་བརྗོད་པ་ཡིན་གྱི་དངོས་པོ་གནས་པའི་རིམ་པ་བརྗོད་པ་མ་ཡིན་ནོ། །དེ་ཡང་ལམ་མེད་པར་མི་འབྱུང་བ་དེས་ན་དེ་ཡང་ལམ་སྔོན་དུ་འགྲོ་བ ་ཅན་དུ་འདོད་པ་ཁོ་?། །དེས་ན་ཐམས་ཅད་ལེགས་པར་གནས་སོ། །སྐབས་གསུམ་མོ།། །།དེ་ལྟར་ཡུལ་གྱི་མངོན་པར་རྟོགས་པ་བསྟན་ནས། ཡུལ་རྟོགས་པར་སྦྱོར་བའི་འབྲས་བུ་ཡིན་པའི་ཕྱིར་ན། སྦྱོར་བའི་མངོན་པར་རྟོགས་པ་བརྗོད་པ་ནི། ཐམས་ཅད ་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པར་བྱ་བའོ། །ཡོངས་སུ་ཤེས་པའི་ཡུལ་གྱི་དབང་དུ་གྱུར་བ་དང་རབ་ཏུ་གྱུར་བ་དང་བསྟན་པར་འགྱུར་བ་དང། མཐར་ཕྱིན་པའི་དབྱེ་བས་སྦྱོར་བ་ཡང་རྣམ་པ་བཞིའོ། །དེ་ལ་དང་པོ་ནི་ཀུན་མཁྱེན་གསུམ་གྱི་རྣམ་པའི་བདག་ཉིད་ཀྱི ་དམིགས་པ་དང་རྗེས་སུ་སྒྲུབ་བའི་རང་བཞིན་གྱི་སྦྱོར་བ་དང། དེ་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་མཚན་ཉིད་ཡོན་ཏན་དང་སྐྱོན་དང། མཚན་ཉིད་ཀྱི་བདག་ཉིད་ཡོངས་སུ་ཤེས་བའི་རྒྱུ་དང?་འཐར་བའི་ཆ་མཐུན་གྱི་མཚན་ཉིད་ཟག་པ་དང་བཅས་པའི་ལམ་དང། དེས་འབྱེད་ཀྱི ་ཆ་མཐུན་ཟག་པ་མེད་པའི་?་དང། སློབ་བ་ཕྱིར་མི་ལྡོག་པའི་མཚན་ཉིད་ཆུང་དུ་དང། འབྲིང་དང། ཆེན་པོའི་རྟོགས་པ་དང། མཉམ་པ་ཉིད་ཀྱི་སྐུའི་ཆེད་དུ་བྱ་བ་དང། ཞིང་ཡོངས་སུ་དག་པའི་མཚན་ཉིད་གཟུགས་ཀྱི་སྐུའི་ཆེད་དུ་བྱ ་བ་དང། ཐབས་མཁས་པའི་མཚན་ཉིད་གཞན་གྱི་ཆེད་དུ་བྱ་བའི་རྣམ་པར་དབྱེ་བ་བཅུ་གཅིག་གོ། དེ་ལ་དམིགས་པར་འགྱུར་བའི་རྣམ་པ་རྣམས་ཀྱི་སྤྱིའི་ཁྱད་བར་གྱི་ངོ་བོས་རང་གི་ངོ་བོ་དང། རབ་ཏུ་དབྱེ་བ་བརྗོད་པར་བྱའོ། །རང་བཞིན་གང་གིས་རྟག་པ་ལ ་སོགས་པར་འཛིན་པའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་གྱུར་པ་མི་རྟག་པ་ཉིད་ལ་སོགས་པ་ལ་དམིགས་པ་དེ་ཡང་མཐུན་མོང་མ་ཡིན་པའི་ཕྱིར་རྣམ་པ་རྣམས་ཀྱི་རང་གི་མཚན་ཉིད་ཡིན་ནོ། །ཀུན་མཁྱེན་གསུམ་གྱི་སོ་སོའི་ལམ་གྱི་གནས་སྐབས་ཀྱི ་ཁྱད་པར་གང་ཡིན་པ་དེ་ནི་རྣམ་པ་རྣམས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །འདི་གཉི་ག་ཡང་རེ་ཞིག་སྤྱིར་སྟོན་པ་ནི་རྟག་པ་ལ་སོགས་པར་འཛིན་པ་ཞེས་བྱ་བའོ། །ཁྱད་པར་ནི་རྟག་པའི་རང་བཞིན་དང། མ་སྐྱེས་པ་དང། བདག་དང། དེས་བྱིན་གྱིས་བརླབས་པ་ཉིད ་མི་དམིགས་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ། སྡུག་བསྔལ་གྱི་བདེན་པ་ལ། མེད་པ་དང། མི་སྐྱེ་བ་དང། དབེན་པ་དང། མི་རྫི་བའི་རྣམ་པ་རྣམས་སོ། །དེ་བཞིན་དུ་རྣམ་པ་ཕྱི་མ་རྣམས་ལ་ཡང་བདག་ཉིད་ཇི་ལྟ་བ་བཞིན་གྱི་རྒྱུར་སྦྱར་བར་བྱའོ། །ལམ ་གྱི་བདེན་པ་ལ་ནི་ལྟ་བའི་དབྱེ་བས་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རང་བཞིན་ཅན་ཐ་དད་པ་ཡིན་ནོ། །དེས་ན་སྦྱོར་བའི་དོན་དུ་གསུངས་པ་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་བའོ། །དོན་འདི་ཡིན་ཏེ ་ཉན་ཐོས་དང་རང་སངས་རྒྱས་དག་གི་ཉོན་མོངས་པའི་སྒྲིབ་པ་སྤང་བྱ་ཉིད་དུ་མཚུངས་པའི་ཕྱིར་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་གནས་པ། མི་རྟག་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་མེད་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་མཚུངས་པ་ཁོ ་ནའོ། །རང་སངས་རྒྱས་ཀྱི་ནི་ཐུན་མོང་མ་ཡིན་པའི་ཕྱིར་ཤེས་བྱའི་སྒྲིབ་བའི་གཉེན་པོར་གྱུར་པ། ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་སྒོམ་པ་དང་མཐོང་བའི་ལམ་ལ་བརྟེན་པ། རིགས་པས་འཐད་པའི་སྐྱེ་བ་མེད་པའི་ཕྱིར། སྐྱེ་བ་མེད་པ་རྣམ་པར་རིག་པར ་བྱེད་པ་ཉིད་ཉེ་བར་བཟུང་ནས་ངོ་བོ་མེད་པ་ལ་སོགས་པའི་མཚན་ཉིད་རྨི་ལམ་ལ་སོགས་པའི་རྣམ་པ་ལྔའོ། །དེས་ན་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་ལ་ངོ་བོ་ཉིད་མེད་པ་དང། རྟེན་གྱི་རང་བཞིན་ཉོན་མོངས་པའི་སེམས་ཅན་མི་དམིགས་པ་དང། ནམ་མཁའ་ལྟར་ན ་རང་བཞིན་གྱི་འོད་གསལ་བ་ཉིད་ཀྱིས་ཉེ་བར་མ་གོས་པ་དང། མི་དམིགས་པས་རློམ་པ་ཐམས་ཅད་ལས་འདས་པ་དང། དམིགས་པ་ཐམས་ཅད་བཅོམ་པས་མི་གཡོ་བ་ཉིད་དང། འཁོར་བ་ཇི་སྲིད་པར་ཆོས་ཀྱི་དབྱིངས་གནས་པ་ཉིད་ལ་བརྟེན་ནས་གོ་རིམ་ཇི་ལྟ་བར་ཀུན་ནས ་ཉོན་མོངས་པ་ལ་སོགས་པའི་གཉེན་པོར་གྱུར་པ། ཀུན་ནས་ཉོན་མོངས་པ་མེད་པ་ལ་སོགས་པའི་རྣམ་པ་དྲུག་གོ། དེ་ལྟར་ཐམས་ཅད་ཤེས་པ་ཉིད་ཀྱིས་རྣམ་པ་བཅུ་གཅིག་བསྡུས་པའོ། །ལྷག་མ་ལ་ནི་རྟོགས་པར་སླའོ། །འོན་ཀྱང་བརྗོད་པར་བྱ་བ་འདི་ཡོད་དེ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་རྣམས་ཁོ་ནས་ཐམས་ཅད་ཤེས་པ་ཉིད་གཉིས་ཀྱིས་རྣམ་པ་རྣམས་བསྡུས་པའི་ཕྱིར་དེ་གཉིས་ལོགས་སུ་བསྟན་པས་ཅི་བྱ། འོན་ཏེ་ཐ་དད་པར་བསྟན་པ་ཡིན་ཡང། ཕྱིས་བསྡུས་པ་ཡིན་ན་དེ་ལྟ་ན་འོན་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱང་འབའ་ཞིག་བསྟན་བར་ཐལ་ལོ་ཞེ་ན། བརྗོད་པ་དངོས་པོ་དང་ལམ་ཤེས་པའི་རྣམ་པ་ཐམས་ཅད་རྟོགས་ཀྱང། རྣམ་པ་ཐམས་ཅད་རྟོགས་པ་མེད་པའི་ཕྱིར་དང། རྣམ་པ་ཐམས་ཅད་རྟོགས་པ་མེད་ན་ནི་མེད་པ་ཉིད་ཀྱིས་དེ་རྟོགས་པ་ཡང ་ཡོད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་གཉིས་ཀྱང་བསྡུས་པ་ཡིན་ནོ། །རྣམ་པ་ནམས་ནི་དེ་བཞིན་དུ་ཕན་ཚུན་བསྡུས་པ་མ་ཡིན་ཏེ། འདིར་དེ་རྣམས་ཉིད་དམིགས་པར་འདོད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཙམ་ལོགས་སུ ་བསྟན་པ་ཡང་མ་ཡིན་ཏེ། དངོས་པོ་ལམ་གྱི་རྣམ་པ་ལ་གནས་པའི་རྣམ་པ་རྣམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ན ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱིས། དངོས་པོ་ཐམས་ཅད་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱི་ལམ་ཤེས་པ་ཉིད་ཀྱིས་ལམ་ཐམས་ཅད་རྟོགས་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀུན་མཁྱེན་པ་གསུམ་གྱི་རྣམ་པ་རྟོགས་པའི་ཕྱིར་ན། ཐམས ་ཅད་ཤེས་པ་ཉིད་གཉིས་ལན་གཉིས་བཟླས་པ་ཡིན་ནོ་ཞེས་འབད་པས་ཤེས་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་དེ་རྣམས་ཡུལ་ཉིད་ཀྱིས་དེའི་ཀུན་མཁྱེན་གསུམ་པོ་རྣམས་ཀྱང་ཡུལ་ཡིན་ནོ། །རྣམ་པ་དེ་རྣམས་ཀྱང་བསྒོམ་པའི་མཚན་ཉིད ་ཀྱི་སྒྲུབ་པའི་ཡུལ་དུ་བྱས་པ་ཡིན་པའི་ཕྱིར་སྒྲུབ་པ་སྦྱོར་བ་བརྗོད་པར་བྱ་བ་ཡིན་ནོ། །དེ་ཡང་རྟོགས་པ་པོའི་གནས་སྐབས་ཀྱི་དབྱེ་བ་རྣམ་པ་ཉི་ཤུར་འགྱུར་བའི་ཕྱིར་རེ་ཞིག་བརྗོད་པ་ནི། སྦྱོར་བ་ཁྱད་པར་ཅན་དག་གིས་ཞེས་བྱ་བའོ། །བསམ་པ་ནི་འདི ་ཡིན་ཏེ། བདག་པོ་དང་ཉེ་བར་ལེན་པ་དང། ལྷན་ཅིག་བྱེད་པའི་རྐྱེན་ལ་རྟེན་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལ། སངས་རྒྱས་བསྟེན་པ་དང་ཡང་དག་པར་འདྲི་བ་ལ་སོགས་པས་ཆོས་ཀྱི་སྤྱོད་པ་སྐྱེས་བ་དེའི་ཚེ་གཟུགས་ལ་སོགས་པ་ལ་མི ་གནས་པ་ལ་སོགས་པའི་རྣམ་པས་སྦྱོར་བའི་སྐྱེ་བའོ། །འདི་ལྟར་གཟུགས་ལ་སོགས་པ་རྣམས་ལ་མངོན་པར་ཞེན་པ་མེད་པའི་སྦྱོར་བས་གནས་པ་ནི་མི་སྦྱོར་བའི་སྦྱོར་བས་མངོན་པར་བརྩོན་ལ་དེས་ཀྱང་གཟུགས་ལ་སོགས་པ་དེ་དག་རྣམས་ལ ་ཆུང་དུ་དང་འབྲིང་དང་ཆེན་པོའི་མཚན་ཉིད་ཟབ་པ་དང། གཏིང་དཔག་དཀའ་བ་དང། ཚད་མེད་པ་ཉིད་རྟོགས་པའི་ལམ་དང་པོ་པ་དང་གཞན་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པར་སྦྱོར་བ་བསྒྲུབ་པ་དང། མི་སྒྲུབ་པ་ཉིད་ཀྱིས་འབད ་པ་དང་བདེ་བླག་ཏུ་ཆོས་ཀྱི་དབྱིབས་རྟོགས་པ་དང། ལུང་བསྟན་པ་དང། ཕྱིར་མི་ལྡོག་པའི་ས་ཐོབ་པ་ན་རིམ་བཞིན་དུ་ངེས་པར་འབྱུང་བ་དང། མི་ལྡོག་པ་ཉིད་དང། ཉེ་བར་གྱུར་པ་དང། མྱུར་དུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །དེ་ནས་གཞན་གྱི་དོན་བྱེད་པ ་ནི། འཕེལ་བ་དང་འགྲིབ་པ་མེད་པའི་ཆོས་ཅན་སྤྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དང། ཁྱད་པར་དུ་གཟུགས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ལ། འདུ་ཤེས་ཐམས་ཅད་སྤངས་བའི་ཕྱིར་རྣམ་པར་མི་རྟོག་པ་འབྲས་བུ་རིན་ཆེན་སྦྱིན་པས། ་སྔར་ལོ་སྐོར་དུ་མངོན་པར་སྦྱོར་བས་སེམས་ཀྱི་རྒྱུད་ལེགས་པར་བསྒྲུབས་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན་སྦྱོར་བའི་ལམ་ལ་རྣམ་པ་ལྔ་དང། མཐོང་བའི་ལམ་ལ་གཅིག་དང། བསྒོམ་པའི་ལམ་ལ་ཆུང་དུའི་ཆུང་དུ་ལ་སོགས་པའི་རིམ་བས ་དགུ་དང་ཁྱད་པར་གྱིས་ལམ་ལ་གསུམ་དང། བར་ཆད་མེད་པའི་ལམ་ལ་གཉིས་ཏེ། དེ་ལྟར་རྟོགས་པའི་རིམ་པས་ལམ་ལྔས་བསྡུས་བའི་སྦྱོར་བ་ཉི་ཤུ་བརྗོད་བ་ཡིན་ནོ། །གསུམ་པ་སྐྱེ་བའི་རྒྱུ་བརྗོད་པ་ནི། སྦྱོར་བའི་འོག་ཏུ་དེ་དག་གི་ཡོན་ཏན་ཞེས་བྱའོ།། ་འདི་སྐད་བརྗོད་པ་ཡིན་ཏེ་སྦྱོར་བ་རྩོམ་པའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཐོབ་པས་བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པའི་ཡོན་ཏན་སྐྱེས་པ་ན་ཇི་སྐད་བཤད་པའི་སྦྱོར་བ་རྣམས་འགྲུབ་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །བཞི་པ་མི་སྐྱེ ་པའི་རྒྱུ་བཤད་པ་ནི། དེའི་འོག་ཏུ་ཡང་གང་ཞིག་སྤངས་ནས་ཞེས་བྱ་བའོ། །འདི་ལྟར་བསམ་པ་ཡིན་ཏེ། སྦྱོར་བ་རྩོམ་པ་ན་གལ་ཏེ་སྐྱོན་བཞི་བཅུ་རྩ་དྲུག་པོ་རྣམས་ཀྱི་ནང་ནས་སྐྱོན་གཅིག་ཡོད་ན་ཡང་དེའི་ཚེ་ལྔར་བཤད་པའི་དེ་བཞིན་གཤེགས་པས་བྱིན ་གྱིས་བརླབས་པ་དང། དགོངས་བ་ལ་སོགས་པའི་ཡོན་ཏན་བསྐྱེད་བར་བྱ་བ་ན་ཡིན་ནོ་ཞེས་བྱ་བའོ། །ལྔ་བ་ཡོངས་སུ་ཤེས་པའི་རྒྱུ་བརྗོད་པ་ནི། གོ་རིམ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའོ། །དེའང་རང་གི་ངོ་བོ་དང། རབ་ཏུ་དབྱེ་བ་བཤད་པས་བདེ་བླག་ཏུ་རྟོགས་པའི ་ཕྱིར་ན། དེ་གཉིས་བརྗོད་པར་བྱའོ། །དེ་ལ་རང་བཞིན་ནི་སྦྱོར་བའི་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །རྟོགས་པ་དང། རྣམ་པར་དག་པ་དང། འབྲས་བུ་སྦྱིན་པར་ནུས་པ་དང། དེ་མཉམ་པ་ཉིད་ཐོབ་པའི་བདག་ཉིད ་ཅན་ཤེས་པ་དང། ཁྱད་པར་དང་ཁྱེད་པ་དང། ངོ་བོ་ནི་རབ་ཏུ་དབྱེ་བའོ། །དེ་ལ་རེ་ཞིག་རྟོགས་བ་ནི་ཡུལ་གྱི་དབྱེ་བས་ཐ་དད་པ་ན་སྦྱོར་བ་མཚོན་པར་བྱེད་པ་ཡིན་ཏེ། དེས་ན་ཡ་ཨུལ་གྱི་ཁྱད་པར་ཉེ་བར་སྟོན་པ་སྔོན་དུ་འགྲོ་བ་ཅན་དེའི་ནང་ཚད་གྱི ་དབྱེ་བ་བརྗོད་པ་ནི་དེ་ལ་ཤེས་པའི་མཚན་ཉིད་ཅེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་བརྟེན་པའི་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ལ་ཡོད་པའི་སྔར་བཤད་པའི་ཀུན་མཁྱེན་གསུམ་གྱི་ནས?་བ་གང་ཡིན་པ་དེ ་དག་རྣམས་ཀྱི་རྟོགས་པས་སྦྱོར་བ་མཚོན་པར་བྱེད་དེ་ཞེས་བྱ་བ་ཡིན་ནོ། །ཐ་དད་པར་ཉེ་བར་མཚོན་པ་དེ་རྣམས་ཀྱི་རྣམ་པར་དག་པ་སྦྱིར་ཡིན་པ་དེས་ན་དེའི་བདག་ཉིད་ཁྱད་པར་གྱི་མཚན་ཉིད་བརྗོད་པ་ནི། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུ ་པ་ཞེས་བྱ་བའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་ཅན་དུ་གྱུར་པ་ཉིད་ནི་རྣམ་པར་དག་པའི་རང་བཞིན་ཡིན་ནོ། །ཡུལ་གྱི་ཁྱད་པར་དང་རྗེས་སུ་མཐུན་པ་ཉིད་ནི་རབ་ཏུ་དབྱེ་བའོ། །དེས་ན་ཀུན་མཁྱེན་གསུམ་ཉིད་སྦྱིར་བདེན་པ་བཞི ་ལ་བརྟེན་པའི་སྐད་ཅིག་ས་བཅུ་དྲུག་པ་རྣམས་ལ། རྣམ་པར་དག་པ་སྐྱེས་པ་ནི། ཁྱད་པར་གྱི་སྦྱོར་བ་མཚོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རྒྱུ་མ་ཆེད་པ་མེད་པ་ཅན་གྱི་བྱེད་བའི་ཁྱད་པར་སྐད་ཅིག་གཉིས་པ་ལ་འགྱུར་བ་ཡིན་པའི ་ཕྱིར་ན། བྱེད་པས་སྦྱོར་བ་མཚན་པར་བརྗོད་པ་ནི། ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་བཅད་པ་རྣམས་ཀྱི་ཞེས་བྱ་བའོ། །རྒྱུ་རྟོགས་པའི་ཡུལ་གྱི་ཁྱད་པར་དུ་འགྱུར་བའི་ཕྱིར་གཞན་གྱི་དོན་གྲུབ་པ་ཡང་དེ་ཁོ་ན་བཞིན་དུ་ཁྱད་པར་དུ་འགྱུར་རོ ་ཞེས་བྱ་བའི་དོན་ཏོ། །བྱ་བའི་ཁྱད་པར་ཡོད་ན་འབྲས་བུའི་ཁྱད་པར་འགྲུབ་པའི་ཕྱིར། དེས་ཀྱང་སྦྱོར་བ་མཚོན་པར་བྱ་བ་ཡིན་ནོ་ཞེས་གསུངས་པ་ནི་བྱེད་པའི་མཚན་ཉིད་ཀྱིས་ཤེས་པར་བྱས་པ་རྣམས་ཀྱི་ཞེས་བྱ་བའོ། །གང་གི་ཕྱིར་ཀུན་མཁྱེན་རྣམ་པ་གསུམ་གྱི་ཡུལ ་?་ཀྱི་བྱ་བའི་ཁྱད་པར་ཉིད་ལས་འབྲས་བུའི་ཁྱད་པར་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་འབྲས་བུ་མངོན་དུ་བྱེད་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཚན་ཉིད་བཞི་པོ་རྣམས་ཀྱིས་ཡོངས་སུ་ཤེས་པར་བྱས་པའི་སྦྱོར་བ་རྣམས་དགེ་བའི་རྩ་བ་དང ་ལྡན་པའི་སེམས་ཀྱི་རྒྱུད་ལ་སྐྱེ་བའི་ཕྱིར་དྲུག་པ་ཐར་པའི་ཆ་དང་མཐུན་པ་དྲག?་པ་དང་བཅས་པའི་ལམ་བརྗོད་པའི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པ་ཁོ་ན་ལ་ཞེས་བྱ་བའོ། །འདིར་?་པ་ནི་ཉོན་མོངས་པ་དང་བྲལ་པའི་ཁྱད་པར་རོ། །དེའི་ཆ་ནི ་ཕན་པའི་ཕྱིར་ན་ཐར་པའི་ཆ་དང་འཐུན་པའོ། །དེ་ཡང་རང་གི་ངོ་བོ་དང། རབ་ཏུ་དབྱེ་བ་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བ་ཅན་སྒོམ་པ་ན་དེ་ལྟར་འགྱུར་བའི་ཕྱིར། དེ་གཉིས་རྫོགས་པར་བྱ་བ་ཡིན་ནོ། །དེ་ཕ་མཚན་མ་མེད་པ་ལ་དམིགས་པའི་ཤེས་པའི་རྣམ་པས། སྦྱིན ་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་སངས་རྒྱས་ཆོས་ཐམས་ཅད་རང་གི་རྒྱུད་ལ་ཡང་དག་པར་གྲུབ་པར་བྱེད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱི་ཐབས་མཁས་པ་གང་ཡིན་པའི་ནི་དེའི་རང་གི་ངོ་བོ ་ཡིན་ནོ། །དཀོན་མཆོག་གསུམ་ལ་སོགས་པའི་དམིགས་པ་ལྔ་པོ། །རྣམས་ལ་དད་པ་ལ་སོགས་པ་ཁྱད་པར་ཅན་དུ་གྱུར་བ་དབང་དུ་བསྒྱུར་བ་མ་ཡིན་པའི་ཕྱིར་དབང་པོའི་རང་བཞིན་མ་ཡིན་ཞིང། དགེ་བའི་རྩ་བ་ཉིད་དུ་ཁྱད་པར་མེད་ཀྱང་དམིགས་པ་ལ ་སོགས་པའི་དབྱེ་བས་རང་བཞིན་ལྔར་གྱུར་པ་གང་ཡིན་པ་ནི་རབ་ཏུ་དབྱེ་བའོ། །དེ་ཉིད་ཀྱི་ཕྱིར་ན་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དེ་སྐྱེ་པའི་ཕྱིར་ཐེག་པ་ཡང་ཐ་དད་པ་ཡིན་ནོ། །བདུན་པ་ཟག་པ་མེད་པའི་གནས་སྐབས་ཀྱི་སྦྱོར་བ་བརྗོད་པ་ནི། ཐར་པའི་ཆ ་དང་མཐུན་བ་སྐྱེད་པ་ཞེས་བྱ་བའོ། །དེ་ཡང་དམིགས་པ་དང་རྣམ་པའི་དབྱེ་བས་རྣམ་པར་བཞག་ན་བདེ་བླག་ཏུ་ཤེས་བའི་ཕྱིར། དེ་གཉིས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་རེ་ཞིག་དམིགས་པ་ནི་བཞི་པོ་རྣམས་ཀྱི་ཐ་དད་པ་མེད་པར ་སེམས་ཅན་ཐམས་ཅད་ཡིན་ནོ། །དེ་རྣམས་ཉིད་ལ་ཆགས་པ་དང་བཅས་པ་དང་ཆགས་པ་མེད་པ་རྣམ་པ་གཉིས་སོ། །བཅུ་ཉིད་ཀྱིས་ནི་དང་པོའི་རྣམ་པའོ། །གཉིས་པ་ནི་དགེ་བ་དད་མི་དགེ་བ་དང། བསྔགས་པ་བརྗོད་པ་དང་རྗེས་སུ་མཐུན་པ་གཉིས ་སོ་སོར་རང་དང་གཞན་ལ་དམིགས་པ་ཐ་དད་པའི་ཕྱིར་རྣམ་པ་བཞིའོ། །རྣམ་པ་དེ་རྣམས་ཉིད་ཀྱིས་རང་དང་གཞན་གྱི་རྟེན་ཅན་གྱི་བདེན་པ་བཞི་ལ་དམིགས་པར་འཐད་པའི་ཕྱིར་ན་གསུམ་པའི་རྣམ་པ་བཞིའོ། །རང་དང་གཞན་ལ་གནས་པའི་སྨིན་པར ་བྱེད་པ་དང། གྲོལ་བར་བྱེད་པའི་ནི་ཡང་དག་པར་ཕྲད་པར་བྱེད་པའི་གཞི་པའི་རྣམ་པའོ། །གལ་ཏེ་ཀུན་མཁྱེན་གསུམ་ཀ་ལ་ཡང་ངེས་འབྱེད་ཀྱི་མ་དང་མཐུན་པ་བརྗོད་ཟིན་མ་ཡིན་ནམ། ཡང་འདིར་བརྗོད་པས་ཅི་བྱ། འོན་ཏེ་སྔར་ནི་སོ་སོར་ངེས་པ་ཉིད ་དུ་བརྗོད་པ་ཡིན་ལ། འདི་ནི་སྤྱིར་བརྗོད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་འོ་ན་བསྒོམ་པར་བྱ་བའི་དབྱེ་བས་སྒོམ་པ་ཡང་ཐ་དད་པར་འགྱུར་རོ་ཞེས་བྱ་བའི་དོགས་པ་སལ་བ་བརྗོད་པ་ནི་རྣམ་པ་དང། ལམ་དང་གཞི་ཐམས་ཅད་སྒོམ་པའི་ཞེས་བྱ་བའོ། །འདི ་སྐད་བརྗོད་པ་ཡིན་ཏེ། །ཀུན་མཁྱེན་གསུམ་དུ་བརྗོད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྟོབས་ཀྱིས། དངོས་པོ་དང་ལམ་དང་རྣམ་པ་ཐམས་ཅད་རྟོགས་པའི་དོན་དུ་འཇིག་རྟེན་ལས་འདས་པའི་མཐོང་བ་དང་བསྒོམ་པ་ཐོབ་པའི་ཕྱིར་ན། ་རྣམ་པ་ཀུན་མངོན་པར་རྟོགས་པའི་མཚན་ཉིད་ཁྱད་པར་གྱི་ལས་བྱ་བར་བྱེད་པའི་དུས་སུ། ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པས་ཟག་པ་མེད་པའི་ཤེས་པ་སྐྱེ་ལ། རིམ་པ་དེ་ཡང་རང་གི་ངོ་བོས་ཐ་སྙད་ཐ་དད་པ་མེད་པའི་ཕྱིར་ན་ངེས་པར ་འབྱེད་པའི་ཆ་ངོ་བོར་ཐུན་པ་ལ་སོགས་པར་བསྟན་པ་ཡིན་ནོ། །ཐར་པའི་ཆ་དང་མཐུན་པའི་བྱེད་པ་ནི་སེང་གེ་རྣམ་པར་བལྟ་བའི་ཚུལ་གྱིས་སྔ་མ་ཁོ་ནར་ཡིན་གྱི། འདིར་ཡང་ནི་མ་ཡིན་ཏེ། ཀུན་མཁྱེན་གསུམ་དང་འབྲེལ་པའི་ངེས་འབྱེད་ཀྱི་ཚད་དམ་ཐུན་ལ་ཐོབ་པ ་ནི་དེ་སྔོན་དུ་འགྲོ་བོ་ཅན་ཡིན་པའི་ཕྱིར་དང། ཁྱད་པར་གྱི་ལམ་ལ་དེའི་བྱེད་པ་མེད་པའི་ཕྱིར་རོ། །དེ་ནས་རྣམ་པ་ཀུན་མངོན་བར་རྫོགས་པར་རྟོགས་པར་ཀུན་མཁྱེན་པ་ཉིད་གསུམ་གྱི་སྤྱིར་སྦྱོར་བའི་ལམ་ལ་སོགས་པ་ཉེ་བར་བཀོད་པར་ཐར་པའི་ཆ ་དང་མཐུན་པ་བཞིན་དུ་བྱོས་ཤིག་ཅེ་ན། དེ་ལྟར་ནི་མ་ཡིན་ཏེ། ཁྱད་པར་ཐམས་ཅད་མེད་པའི་ཕྱིར་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀུན་མཁྱེན་གསུམ་གྱི་རྣམ་པ་རྣམས་ཁྱད་པར་ཁོ་ནར་ཉེ་བར་བཀོད་དོ། །ཐར་པའི་ཆ་དང་མཐུན་པ་ལ་ཡང་རྒྱད?་དང ་འབྲིང་དབ་ཆེན་པོའི་ཐ་དད་པའི་མཚན་ཉིད་ནི་ཐེག་པའི་དབྱེ་བ་ཉིད་ཀྱིས་ཉེ་བར་བཀོད་ཀྱིས་སྤྱིར་ནི་མ་ཡིན་ཏེ། དེས་ན་ཇི་ལྟར་ཆོས་མཐུན་པའི་དཔེ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྤྱིར་ཡོངས་སུ་ཤེས་པར་བྱས་པ་རྣམས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོཌ ་བས་དེ་ཁོ་ན་ལྟར་བསྒོམས་ནས་དབང་དུ་གྱུར་པའི་ཕྱིར་དབང་དུ་གྱུར་པའི་སྦྱོར་བ་ཞེས་བརྗོད་དོ། །བརྒྱད་པ་ཆུང་དུ་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཕྱིར་མི་ལྡོག་པའི་ཚན་ཉིད་བརྗོད་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཞེས་བྱ་བའོ། །དེ་ཡང ་དམིགས་པ་དང་རྣམ་བའི་ཁྱད་པར་རྟོགས་ན་བདེ་བླག་ཏུ་རྟོགས་པའི་ཕྱིར་དེ་གཉིས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་རེ་ཤིག་དམིགས་པ་ནི་སྦྱོར་བའི་ལམ་ལ་སོགས་པའི་གནས་སྐབས་ན་ཡོད་པ་འཕགས་པའི་བདེན་པ་བཞིའོ། །རྣམ་པ་ཡང་གཟུགས་ལ་སོགས ་པ་ལས་ལྡོག་པ་ལ་སོགས་པའི་བདག་ཉིད་ཀྱིས། བདག་ཉིད་སོ་སོ་ལ་ངེས་པ་ཁོ་ན་ཡིན་པ་དེས་ན་དེ་ལ་བརྟེན་པ་ཁོ་ནར་རྟོགས་པར་བྱའོ། །བསྒོམ་པའི་ལམ་ལ་ནི་རང་གི་ངོ་བོ་དང། རབ་ཏུ་དབྱེ་བ་དང། བསྡུ་བ་དང། བྱེད་པ་དང། ཡུལ་རྣམས་བརྗོད་པར ་བྱ་བ་ཡིན་ནོ། །དེ་ལ་རང་གི་ངོ་བོ་ཁྱད་པར་དང་ཁྱད་པར་ཅན་གྱི་དབྱེ་བས་སྟོན་པ་ནི། དེའི་འོག་ཏུ་བསྒོམ་པའི་ལམ་ལ་གནས་པའི་ཞེས་གསུངས་སོ། །དོན་འདི་ཡིན་ཏེ་སྒྲོ་འདོགས་པ་དང། སྐུར་པའི་མཐར་དང་བྲལ་བའི་ཟབ་པའི་ཁྱད་པར་དང ་ལྡན་པ། སྦྱོར་བ་ལ་སོགས་པའི་ལམ་གྱིས་མཐོང་བའི་དོན་གྱི་ཡུལ་དང། ཏིང་ངེ་འཛིན་གྱི་སྦྱོར་བ་དང། དངོས་དང། མཇུག་ཡོད་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྐྱེས་པ། བསམས་པ་ལ་སོགས་པའི་ཤེས་པ་ནི་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བའོ། །གཉིས་པ་རབ ་ཏུ་དབྱེ་བ་བསྟན་པའི་ཕྱིར་བརྗོད་པ་ནི། དེ་རྣམ་པ་དུ་ཞིག་ཅེ་ན་ཞེས་བྱ་བ་ལ་སོགས་པའོ། །བསྒོམ་པ་ལས་བྱུང་བའི་ཤེས་པའི་རང་བཞིན་དུ་ཐ་དད་པ་མེད་ཀྱང། ས་དགུ་ལ་རྟེན་པའི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པའི་དབྱེ་བས་རྣམ་པ་དགུ་ཉིད་དོ་ཞེས་བྱ ་བའི་དོན་ཏོ། །གསུམ་པ་བསྡུ་པ་བཤད་པའི་ཕྱིར། རྒྱལ་བའི་ཡུམ་དང་དེ་ལས་ཞེས་གསུངས་སོ། །འདི་ལྟར་དགོངས་པ་ཡིན་ཏེ། ཅི་འདི་དེ་ཁོ་ནར་མེད་པ་ཉིད་དུ་ཐལ་ལམ། འོན་ཏེ་ཀུན་རྫོབ་ཏུ་དང་པོ་ལྟར་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྣམ་པར་རྟོག་པ་མེད ་པའི་རང་བཞིན་གཅིག་ལ་ཐོ་དད་པ་མི་འདོད་པའི་ཕྱིར་རོ། །གཉིས་པ་ལ་ཡང་གཞན་ལ་ལྟོས་པའི་ཐ་དད་པ་ཁས་ལེན་པ་ན་བལྟོས་པར་བྱ་པ་རྣམ་པ་དགུ་ཡིན་པས་བལྟོས་པར་བྱེད་པ་དུ་མ་ཉིད་དུ་ཇི་ལྟར་ཐལ། བཞི་པ་བྱེད་པ་བསྟན་པའི་ཕྱིར་སྟོང ་པ་ཉིད་ཀྱི་མཚན་ཉིད་ཀྱིས་ཞེས་གསུངས་སོ། །དོན་འདི་ཡིན་ཏེ། གལ་ཏེ་དེ་ཁོ་ནར་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་ཡོད་ན་དེ་ལོག་པ་དང། མངོན་པར་འགྲུབ་པར་བྱེད་པར་ཡང་འགྱུར་བ་ཞིག་ན། དེ་དག་མེད་ན་ནི་ཆོས་ཐམས་ཅད་བྱེད་པ ་མེད་བ་ཉིད་དེ་ངེས་ན་ལམ་གྱིས་ཅི་བྱ་ཞེས་བྱ་བའོ། །འདིར་ཀུན་རྫོབ་ལ་བརྟེན་པའི་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ལན་བརྗོད་པ་ནི་དེ་ལྟ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་དེ་ཁོ་ནར་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པའི་ཕྱིར ་ལམ་གྱི་བྱེད་པ་མེད་པར་བརྗོད་ན། དེའི་ཚེ་ནི་ལྷག་པ་བརྗོད་པ་མེད་དོ་སྒྲོ་བཏགས་པ་རྣན་པར་བཅད་ལ། བཏགས་པའི་འབྲས་བུ་ནི་རང་བཞིན་མེད་པ་ཉིད་ཀྱིས་དེ་ལ་བྱེད་པ་འགའ་ཡང་མེད་པའི་ཕྱིར་དང། དེ་འཛིན?་པའི་ཚད་མ་མངོན་སུམ་དང་རྗེས་སུ་དཔག་པ ་དག་བཏགས་པའི་ཡུལ་ཅན་ཉིད་ཀྱིས། དེ་ཁོ་ནའི་རང་བཞིན་ཅན་གྱི་བྱེད་བ་རྣམ་པར་འཇིག་མི་ནུས་པའི་ཕྱིར་རོ། །འོན་ཏེ་ཐ་སྙད་དུ་དེ་མེད་པ་བརྗོད་ན་དེའི་ཚེ་ཡང་མར་མེ་ལ་སོགས་པ་ལ་མངོན་སུམ་གྱིས་དམིགས་པས་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། ་དེ་ལ་ནི་ཡོད་པའི་ཐ་སྙད་ཁོ་ནར་འཐད་ཀྱི་དགག་པ་མ་ཡིན་ནོ། །མི་དགག་པའི་གཉེན་པོ་བསྒོམ་པས་འདོད་པའི་རྣམ་པར་རྟོགས་པ་ལས་ཐོབ་པ་ལྡོག་པར་ནི་དེ་ལྟར་རང་རང་གི་རྒྱུད་ལས་མཐོང་བ་ཡང་ཡིན་ཏེ། དེས་ན་ཡང་དག་པའི་ཀུན་རྫོབ་ལ ་བརྟེན་ནས་བྱེད་པ་འགོག་པ་མ་ཡིན་ནོ། །རང་བཞིན་མེད་པ་ལ་རང་བཞིན་དངོས་པོ་མེད་པའི་ཕྱིར་ན། དེ་ལ་བྱེད་པ་འགའ་ཡང་ཇི་ལྟར་ཡང་མེད་དོ་ཞེ་ན། མ་ཡིན་ཏེ། རང་བཞིན་ལ་ཡང་ཉེ་བར་བསྟན་པའི་རྣམ་པར་རྟོག་པ་གཉིས་འཇུག་པ་ན། གང ་ཡང་རུང་བར་གནས་པའི་ཕྱིར་དང་གཅིག་ལ་འདོད་པ་སྒྲུབ་པར་བྱེད་ན། གཞན་ལ་བཏགས་པའི་ངོ་བོ་དགག་པར་མི་ནུས་པའི་ཕྱིར་རོ། །ཡང་དག་པའི་ཀུན་རྫོབ་ལ་བརྟེན་པའི་རྒྱུ་དང་འབྲས་བུའི་དངོས་པོ་འདི་ནི་རང་ཉིད་ཀྱིས་ཊཱི་ཀར་རྒྱས་པར་བསྒྲུབ་པའི ་ཕྱིར་ན་འདིར་མི་སྤྲོའོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ། ཡང་དག་པའི་ཀུན་རྫོབ་ཏུ་མི་མཐུན་པའི་ཕྱོགས་དང་གཉེན་པའི་ཐ་སྙད་ཡོད་པ་ན། དེའི་ལེག?་པ་དང་མངོན་པར་འགྲུབ་པའི་མཚན་ཉིད་ཀྱི་བྱེད་པ་དང་དེ་ཁོ་ན་བཞིན་དུ་ཡིན་ཏེ། དེས་ན་ལམ ་གྱིས་ཅི་ཡང་བྱར་མེད་བ་མ་ཡིན་ནོ། །ལྔ་པ་ཡུལ་བསྟན་པའི་ཕྱིར། བསྒོམ་པའི་ལམ་ལ་གནས་པའི་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ནི་ཁྱད་པར་གྱི་ལམ་རྟོགས་པའི་མཐུས། རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ན། སྐྱེ་བ ་སོགས་པའི་ཡུལ་རྣམ་པ་བརྒྱད་ལ་ཕན་ཚུན་འགལ་བའི་དོན་རྗེས་སུ་སྒྲུབ་ཀྱང། རང་དང་གཞན་གྱི་དོན་ཐོབ་པ་ལས་མི་ཉམས་སོ་ཞེས་བྱ་བ་ནི་སྒོམ་པའི་ལམ་ཟབ་མོ་ཡིན་ནོ། །སློབ་པའི་ཆོས་ཐོབ་པའི་ཆེ་དུ་བྱ་བ་ནི ་ཐུན་མོང་མ་ཡིན་བའི་ཆོས་ཀྱི་སྐུ་ཡིན་པས་ན། མཉམ་པ་ཉིད་ཀྱིས་དེ་སྟོན་པ་ནི་སློབ་པའི་ཚོགས་ཀྱི་ཞེས་བྱ་པའོ། །དེ་ལ་མཉམ་པ་ཉིད་ཀྱིས་རང་གི་ངོ་བོ་དང། དེའི་རྟེན་གྱི་ཐ་སྙད་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་དང་པོ་ནི་རེ་ཤིག་འདིར་སྤངས་བྱ་དང། ་བླང་བྱའི་མཚན་ཉིད་འཁོར་བ་དང་མྱ་ངན་ལས་འདས་པ་དག་རང་གི་ངོ་བོ་མེད་པར་རྟོགས་པའི་ཕྱིར། སྒྲོ་འདོགས་ཀྱི་རྣམ་པར་རྟོག་པ་ལོག་པ་མཉམ་པ་ཉིད་དེ་བཞིན་ཉིད་ཅེས་བྱ་བའི་མིང་ཙམ་དུ་ཤེས་པར་བྱའོ། །གཉིས་པ་ཡང་སྒྲུབ་པར་བྱེད་པ་དང་གནོད ་པར་བྱེད་པ་དེ་ལ་བརྟེན་པའི་ཐ་སྙད་ཀྱི་ཡུལ་ཅན་མི་དམིགས་པ་ན་ཐེག་མ་མེད་པའི་དུས་ཅན་གྱིས་ཕྱིན་ཅི་ལོག་གོམས་པའི་དབང་གིས་འཇིག་རྟེན་གྱི་འཇུག་པ་ཀུན་རྫོབ་ཀྱི་མིང་ཅན་ཡིན་པར་ཤེས་པར་བྱའོ། །བཅུ་པ་གཟུགས་ཀྱི་སྐུའི་ཆེད་དུ་བྱ་བའི ་མཚན་ཉིད་ཤིང་རྣམ་པར་དག་པ་བརྗོད་པ་ནི་གཉི་ག་དང་མཉམ་པ་ཉིད་དུ་ཞེས་བྱ་བ་སྟེ་རྟོགས་སླའོ། བཅུ་གཅིག་པ་གཞན་གྱི་ཆེད་དུུ་བྱ་བ་བརྗོད་པ་ནི། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཞེས་བྱ་བའོ། །གཞན་གྱི་དོན་བྱ་བའི་རང ་བཞིན་ཡིན་པའི་ཕྱིར་ན། དབྱེ་བ་དང། ཡུལ་དང། རང་གི་ངོ་བོ་རྣམས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་ལམ་གྱི་ངོ་བོ་ཉིད་ཀྱིས་མངོན་དུ་བྱ་བའི་ཕྱིར་ས་བཅུ་དང། ཀུན་མཁྱེན་གསུམ་གྱིས་བསྡུས་པས་རྫོགས་པ་ཡིན་པའི་ཕྱིར་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་ཐབས་ལ་མཁས་པ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་གྱི་རབ་ཏུ་དབྱེ་བ་དང། ཡུལ་དང། རང་གི་ངོ་བོ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ། ་ཡུལ་གྱི་མངོན་པར་རྟོགས་པ་བརྗོད་པ། དམིགས་པ་ལ་སོགས་པའི་དབྱེ་བས་ཅིག་ཏུ་བྱས་ནས་སྒོམ་པར་བྱ་བའི་ཀུན་མཁྱེན་གསུམ་པོ་རྣམས་ལ། རྣམ་པ་ཀུན་མངོན་པར་རྟོགས་པར་བརྗོད་པའི་རྣམ་པ་སྐྱེ་ལ། རྣམ་པ་དེ་རྣམས་སུ་ཡུལ་དུ་བྱས་ཏེ་བསྐྱེད་པ ་དང། མི་སྐྱེད་པའི་རྒྱུ་དག་ལེན་པ་དང། སྤོང་བ་སྔོན་དུ་འགྲོ་བཙན་མཚན་ཉིད་ཤེས་པས་མཚོན་པའི་སྦྱོར་བ་བརྩམ་པར་བྱ་བ་ཡིན་ནོ། །དེའི་དུས་ན་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་མིང་ཅན། ཆུང་དུ་དང་འབྲིང་དང་ཆེན་པོའི ་དབྱེ་བས་ཐ་དད་པའི་ཁྱད་པར་གྱི་ལམ་ཡོངས་སུ་དག་པ་ནི། སློབ་པའི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་མཉམ་པ་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུ་བདག་པོར་བྱས་ནས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པས་བསྟན་པའི་གཟུགས་ཀྱི་སྐུས ་ཐབས་མཁས་པས་འཕངས་པའི་སེམས་ཅན་གྱི་དོན་འགྲུབ་བོ་ཞེས་བྱ་བ་ནི་ཀུན་མཁྱེན་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དབང་དུ་འགྱུར་བའི་སྦྱོར་བས་དབང་དུ་གྱུར་པ་ཡིན་ནོ།། །།སྐབས་བཞི་པའོ།། །། ་དེ་ལྟར་ཀུན་མཁྱེན་གསུམ་གྱིས་རྣམ་པ་དབང་དུ་གྱུར་པ་རྣམས་ཀྱི་ལམ་ཐབས་ཅད་རབ་ཏུ་གྱུར་བ་ན། རབ་ཏུ་འགྲོ་བ་ཡིན་པའི་ཕྱིར། །རབ་ཏུ་འགྲོ་བའི་སྦྱོར་བ་བརྗོད་པ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་ལས་ཞེས་བྱ་བའོ། །གལ་ཏེ ་ཡང་ལམ་སྔ་མ་རབ་ཏུ་གྱུར་པ་ན་ལམ་ཕྱི་མ་ཕྱི་མ་མངོན་དུ་གྱུར་པ་དེ་ལྟར་ན་ཡང་ཁྱད་པར་གྱི་ལམ་ལ་ཐུན་མོང་མ་ཡིན་པའི་མཚན་ཉིད་མེད་པའི་ཕྱིར་ན་སྦྱོར་བའི་ལམ་ལ་སོགས་པ་རབ་ཏུ་གྱུར་པའི་སྒོ་ནས་དེ་རབ་ཏུ་གྱུར་པ་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་དྲོ ་དྲོ་བ་ལ་སོགས་བ་སྦྱོར་བའི་ལམ་རྣམ་པ་བཞི་ལས་དྲོ་བ་ལ་སོགས་པ་རྟགས་བཅུ་གཉིས་ཀྱི་རབ་ཏུ་གྱུར་པའི་འཐོབ་པ་དང། རྩེ་མོ་ལ་བརྟེན་པའི་རྣམ་པར་འཕེལ་བ་བཅུ་དྲུག་གིས་རབ་ཏུ་གྱུར་པ་འཕེལ་བ་དང། བཟོད་པ་ལ་སོགས་པ་ཀུན་མཁྱེན་གསུམ་གྱི་ཆོས་ངེས? ་བས། འཕེལ་བ་མཐར་ཕྱིན་པ་དང། རྩེ་མོ་ལ་བརྟེན་པ་སེམས་ཡང་དག་པར་གནས་པས་རབ་ཏུ་གྱུར་པས་བརྟན་པར་གྱུར་པ་ཞེས་བྱ་བ་ནི་སྦྱོར་བའི་ལམ་རབ་ཏུ་གྱུར་པའོ། །དེའི་རྗེས་ལ་མཐོང་བའི་ལམ་གྱི་རབ་ཏུ་གྱུར ་པ་ཡིན་པས། དེའི་སྤང་བྱ་དང། རྒྱུ་དང་འབྲས་བུ་དང། བྱེད་པ་དང། རང་གི་ངོ་བོ་དང། སྒོམ་པ་རྣམས་བརྗོད་པར་བྱའོ། །དེ་ལ་སྤང་བྱའི་རབ་ཏུ་དབྱེ་བ་དང། ཡུལ་དག་བརྗོད་པར་བྱ་བ་ཡིན་པའི་ཕྱིར། གཟུང་བ་དང། འཛིན་པའི་རྣམ་པར་རྟོག་པ ་སོ་སོར་འཇུག་པ་དང་ལྡོག་པའི་རྟེན་ཅན་ཉིད་ཀྱི་གཞིར་གྱུར་པ་དག་ལ་སོ་སོར་དབྱེ་བ་རྣམ་པ་དགུ་སྟོན་པ་ནི་།ངེས་པར་འབྱེད་པའི་ཆ་དང་མཐུན་པའི་འོག་ཏུ་ཞེས་བྱ་བའོ། །དེ་དག་གི་དབྱེ་བ་ནི་ཡུལ་གྱི་སྒོ་ནས་དབེ་བ་ཡིན་པ་དེས་ན་དེ་བརྗོད་པ་ནི། གཟུང ་བའི་རྣམ་པར་རྟོག་པ་དང་པོ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་རང་གི་ངོ་བོ་དང་འཛིན་པ་དང་སོ་སོར་ཐར་པ་ལ་སོགས་པ་རྣམ་པ་བཅོ་བརྒྱད་ཀྱི་ཡུལ་ཅན། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་།གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཀྱིས། ་སྲིད་པ་དང། ཞི་བར་ལྟུང་བའི་རྒྱུ་མཚན་རྟོགས་པ་དམན་པ་ཉིད་དང། ཇི་ལྟར་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་མེད་པ་ཉིད་ལ་སོགས་པ་ཡུལ་རྣམ་པ་བཅོ་བརྒྱད་དང་ལྡན་པའི་གཟུང་བ་དང་འཛིན་པའི་རྣམ་པ་རྟོག་པ་གཉིས་ཀྱིས་འཇུག་པ་ན། ་མཐོང་བའི་ལམ་དུ་གྱུར་པའི་གྲོགས?་ཡིན་པའི་ཕྱིར་། དེ་དག་ལྟག་མ་མེད་པར་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །གཉིས་པ་རྒྱུ་བརྗོད་པ་ནི། དེ་ལྟར་མཐོང་བའི་ལམ་ལ་ཞེས་བྱ་བའོ། །འདིའི་ཡང་མཚན་ཉིད་དང། རབ་ཏུ་དབྱེ་བ ་གཉིས་བརྗོད་པར་བྱ་བ་ལས། དེའི་མཚན་ཉིད་ནི་དེ་ལ་ཐེག་པའི་རྒྱུ་ཉིད་ཡིན་ལ། གཞན་དག་བྱང་ཆུབ་ལ་སོགས་པ་ལ་འགོད?་པ་ལ་སོགས་པ་ནི་རབ་ཏུ་དབྱེ་བའོ། །གསུམ་པ་འབྲས་བུ་བརྗོད་པ་ནི་གང་གི་དོན་དུ་ཞེས་བྱ་བའོ། །དེ ་ཡང་རང་གི་ངོ་བོ་དང། དེ་ལྟར་སྣང་བ་རྟོགས་ན་བདེ་བར་རྟོགས་པའི་ཕྱིར། དེ་གཉིས་རིམ་གྱིས་བརྗོད་པ་ནི་དྲི་མ་ཟད་དང་ཞེས་བྱ་བ་ལ་སོགས་བའོ། །འཆད་པར་འགྱུར་བའི་ལམ་གྱི་སྟོབས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཀྱི་དྲི་མ་རྣམས་སྐྱེ ་བ་དང་འགག་པ་མེད་པར་ཡོངས་སུ་ཤེས་པ་ཉིད་དང། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་དོ། །དེས་ན་མཚན་ཉིད་པ་ནི་ངོ་བོ་ཡིན་ནོ། །སྤྲོས་བ་ཐམས་ཅད་བྲལ་བའི་བྱང་ཆུབ་ལ་ངོ་བོ་ཉིད་ནི་འགའ་ཡང་ཡོད་བ་མ ་ཡིན་ཏེ། དངོས་པོའི་མཚན་ཉིད་སྔོན་དུ་འགྲོ་བ་ཉིད་མེད་པའི་ཕྱིར་རོ། །གཉིས་པ་དེ་ལྟར་སྣང་བ་བརྗོད་པ་ནི་གང་གི་ཕྱིར་དེ་ལྟར་ཡིན་པ་ཞེས་བྱ་བ་སྟེ། རྟོགས་པར་སླའོ། །བཞི་པ་བྱེད་པ་བརྗོད་པ་ནི། དེ་ལྟར་བྱེད་པའི་ཕྱོགས་ཞེས་བརྗོད ་པའོ། །ལམ་གྱི་བྱེད་པ་ནི་འདི་ཁོ་ན་ཡིན་ཏོ། །གཟུགས་ལ་སོགས་པ་ལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་བསྣན་པ་དང། བསལ་བ་ལེག་པ་གང་ཡིན་པའོ། །དེས་ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་ན། སྒྲོ་འདོགས་པ་ཐམས་ཅད ་ལྡོག་པའི་མཚན་ཉིད་ནི། བྱང་ཆུབ་ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྔ་པ་རང་གི་ངོ་བོ་བརྗོད་པ་ནི། དེ་ལྟར་ཞར་ལ་འོངས་པ་བརྗོད་ནས་ཞེས་བྱ་བའོ། །དྲུག་པ་སྒོམ་པ་བརྗོད་པ་ནི་དེ་སྐྱེས་པ་ན་ཞེས་བྱ་བའོ། །བརྗོད་མ་ཐག་པའི་མཐོང ་བའི་ལམ་རབ་ཏུ་གྱུར་པས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་རྣམ་པར་རྟོག་པ་རྣམ་པ་བཞི་སྤངས་པ་ན། དེ་ལས་འཇིགས་པ་མེད་པའི་ཕྱིར་། སེང་གེ་ལྟ་བུར་རྣམ་པར་རོལ་པས་ན་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན ་ལ་སྙོམས་བར་ཞུགས་ནས། མི་དམིགས་པའི་སྦྱོར་བས་ལུགས་དང་འཐུན་པ་དང། མི་མཐུན་པའི་ངོ་བོ་ཉིད་མེད་པའི་མཚན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་དུ་བྱེད་ངོ?་ཞེས་བྱ་བའི་དོན་ཏོ། །གསུམ་པ་སྒོམ་པའི་ལམ་རབ་ཏུ་གྱུར་པ་ ་བརྗོད་པ་ནི། དེ་ལྟར་མཐོང་བའི་ལམ་བརྗོད་ནས་ཞེས་བྱ་བའོ། །འདིར་ཡང་རང་གི་ངོ་བོ་དང་སྤང་བྱ་དང། འབྲས་བུ་བདེ་བླག་ཏུ་རྟོགས་པའི་ཕྱིར་ན། རེ་ཞིག་རང་གི་ངོ་བོ་བརྗོད་པ་ནི། འདོད་པར་རྟོགས་པའི ་ཞེས་བྱ་བའོ། །བསམ་གཏན་དང་པོ་ལ་སོགས་པ་ཐོད་རྒལ་ཉིད་ཀྱིས་འདོད་པ་ན་སྤྱོད་པའི་མཉམ་པར་མ་བཞག་པའི་ཤེས་པ་མཚམས་སུ་བྱས་པའི་ཕྱིར། མི་མཉམ་པར་འགྲོ་བས་ན་འདིའི་རང་གི་ངོ་བོ་མི་མཉམ་པར་འགྲོ་བ་ཡིན་ནོ།། ་གཉིས་པ་སྤང་བར་བྱ་བ་ནི་རབ་ཏུ་དབྱེ་བ་དང། ཡུལ་གྱི་དབྱེ་བས་སྔ་མ་བཞིན་དུ་རྟོགས་པར་བྱའོ། །གཞན་ཡང་ལམ་གཉི་ག་ཡང་སོ་སོར་མི་མཐུན་པའི་ཕྱོགས་སུ་གྱུར་པའི་རྣམ་པར་རྟོག་པ་རྣམ་པ་བཞི་བཤད་ཟིན་པའི་ཕྱིར་ན། གཉེན་པོ? ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ་ཞེས་སྟོན་པ་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམས་བཞི་ཞེས་བྱ་བའོ། །གསུམ་པ་འབྲས་བུ་བརྗོད་པ་ནི། སྔ་མ་བཞིན་དུ་ཞེས་བྱ་བ་སྟེ་རྟོགས་པར་སླའོ། །བཞི་བ་བར་ཆད་མེད་པའི ་ལམ་རབ་ཏུ་གྱུར་པ་བརྗོད་པ་ནི། སྒོམ་པའི་ལམ་གྱི་རྗེས་ལ་ཞེས་བྱ་པའོ། །འདི་ལ་ཡང་མཚན་ཉིད་དང། དམིགས་པ་དང་། རྒྱུ་དང་རྣམ་པ་དང་། སྤང་བྱ་རྣམས་བརྗོད་པར་བྱ་བ་ལས།། རེ་ཞིག་མཚན་ཉིད་གསུངས ་པ་ནི། སྟོང་གསུམ་གྱི་སྤྱི་བོ་ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཡིན་ཏེ། ཐེག་པ་གསུམ་པོ་རྣམས་ལ་སྐལ་བ་ཇི་ལྟར་བཞིན་སེམས་ཅན་ཐམས་ཅད་འགོད་པའི་བསོད་ནམས་མང་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ ་པ་དང། སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་པའི་ཕྱིར། སངས་རྒྱས་ཉིད་སྒྲུབ་པར་བྱེད་པ་ནི་མཚན་ཉིད་ཡིན་ནོ་ཞེས་བྱ་བའོ། །དེའི་དམིགས་པ་ལ་སོགས་པ་ཇི་ལྟ་བུ་ཞིག་ཅེས་བྱ་བ་ལ་སོགས་པ་ནི་དམིགས་པ་ལ་སོགས་པ་བརྗོད་པ ་སྟེ། རྟོགས་པར་སླའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། ཁྱད་པར་གྱི་ལམ་ལ་གནས་པ་ལ། གལ་ཏེ་ཇི་སྐད་བརྗོད་པའི་ལམ་བཞི་རབ་ཏུ་གྱུར་བ་དེ་འི་ཚེ་བསྒོམ་པའི་ཆོས་ཀྱི་རྩེ་མོ་ཐོབ་པའི་ཕྱིར་ན། རྩེ་མོ་མངོན་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའོ།། ་སྐབས?་ལྔ་པའོ།། །།དེ་ལྟར་རབ་ཏུ་གྱུར་པ་ཐོབ་ཀྱང། ཐོག་མ་མེད་པའི་དུས་ཙམ་གྱིས་བག་ཆགས་ཀྱི་ས་བོན་ཅན་གྱི་རྣམ་པར་རྟོགས་པ་མི་མཐུན་པའི་ཕྱོར། དུ་མི་སྐྱེས་པས་སྐྱེས་པ་ཉིད་ཀྱིས།། ་དེའི་གཉེན་པོ་ཡང་དུས་ངེས་པ་ཉིད་མེད་པའི་ཕྱིར། ལམ་གྱིས་ཐོབ་པར་བྱ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མ་ངེས་པར་ཐོབ་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་དག་བསྟན་པར་གྱུར་པ་མ་ཡིན་ཏེ། དེས་ན་བརྟན་པར་བྱ་བའི་དོན་དུ་སྔར་བཤད ་པའི་ལམ་གྱི་གོ་རིམ་ཅན་གྱི་བསྒོམ་པ་ཡིན་པས་ན། གསུམ་པ་བརྟན་པར་གྱུར་པའི་སྦྱོར་བ་གསུངས་པ་ནི། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བའོ། །འདིར་ཡང་ཁྱད་པར་གྱི་ལམ་གྱི་རང་བཞིན་ཉིད་ཀྱིས། ?་བརྟེན ་པའི་ཁྱད་པར་ཅི་ཡང་མེད་པའི་ཕྱིར། ཆུང་དུ་དང་འབྲིང་དང། ཆེན་པོའདབྱེ་བས། སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་བརྟན་པར་གྱུར་པ་ནི། སྦྱོར་བའི་ལམ་ལ་སོགས་པར་བསྙད་པ་ཡིན་ནོ། །དེ་ལྟར་ཡིན་ན་དེ་མ་ཐག ་པའི་སྐབས་གཉིས་སུ་བརྗོད་པའི་དོན་རྣམས་ཉིད་སྦྱིན་པ་ལ་སོགས་པའི་རང་གི་ངོ་བོར་གྲུབ་པའོ།། །།སྐབས་དྲུག་པའོ།། །།དེ་ལྟར་བརྟན་པར་གྱུར་བའི ་དོན་རྣམས་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་གིས་མི་སློབ་པའི་ལམ་ལ་འཇུག་པའི་ཕྱིར་།སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། མཐར་ཐུག་པའི་འགྲོ་བའི་སྦྱོར་བ་ཡིན་ཏེ། ་དེ་ལས་གོང་དུ་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །སྐད་ཅིག་གཅིག་པ་ཟག་བ་མེད་པ་དེ་ལ་ཡང། དངོས་པོར་ན་དབྱེ་བ་འགའ་ཡང་མེད་པ་དེས་ན། རྣམ་པར་སྨིན་པ་ཡིན་པ་དང། ་རྣམ་པར་སྨིན་པ་མ་ཡིན་པའི་དབྱེ་བ་མཚན་ཉིད་མེད་པ་དང། གཉིས་སུ་མེད་པའི་མཚན་ཉིད་ཀྱི་དབྱེ་བས་ལྡོག་པའི་ཐ་དད་པ་ལ་བརྟེན་ནས། རང་གི་ངོ་བོ་དང་། དབྱེ་བ་བརྗོད་པ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་སྒོམ ་པ་ནི་ཞེས་བྱ་བ་སྟེ། གོ་སླའོ། །སྐབས་བདུན་པའོ།། །།དེ་ལྟར་སྦྱོར་བའི་མངོན་པར་རྟོགས་པས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཐོབ་པ་ན་།རང་དང་གཞན་གྱི་དོན་གྱི་རང་བཞིན་གྱི་འབྲས་བུ་ཡིན་པས་ན། ཆོས་ཀྱི་སྐུའི་མཚན་ཉིད་འབྲས་བུའི་མངོན་པར་རྟོགས་པ་བརྗོད་པ་ནི་། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས ་བྱ་བ་ལ་སོགས་པའོ། །དེ་ཡང་རང་དང་གཞན་གྱི་དོན་གྱི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་དང་པོ་ནི་དོན་དམ་པ་དང། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། རྣམ་པ་གཉིས་ཡིན་ཡང་ཀུན་རྫོབ་ལ་བརྟེན་པ་དེ ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་དང། ཉན་ཐོས་ལ་སོགས་པ་དང། ཐུན་མོང་པ་ཉིད་ཀྱིས་རྣམ་པ་གསུམ་ཡིན་པའི་ཕྱིར་ན། རྣམ་པ་བཞིར་འགྱུར་རོ། །གཉིས་པ་ལ་ཡང་ལས་དང་པོའི་ས་ནས ་བརྩམས་ནས། སངས་རྒྱས་ཀྱི་སའི་མཐར་ཐུག་པའི་དབང་དུ་བྱས་ཏེ་། གང་ཟག་གཅིག་གི་དབང་དུ་བྱས་ནས། རྣམ་པ་ཉི་ཤུ་རྩ་གཉིས་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་མངོན་པར་རྟོགས་པའོ། །དེ་ལྟར་ན་ཡུལ ་དང། རང་བཞིན་དང། འབྲས་བུ་བཤད་པའི་སྒོ་ནས་མངོན་པར་རྟོགས་པའི་རང་བཞིན་བརྗོད་ནས། བསྡུ་བ་བརྗོད་པའི་དོན་དུ་གསུངས་པ་ནི། རྒྱས་པ་ལ་དད་པའི་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ།། ་ཀུན་གྱི་རྒྱན་དུ་གྱུར་པ་ཉིད་དང། གོམས་པ་དང། །དེའི་ཚིག་ལེའུར་བྱས་པ་རྣམ་པར་དབྱེ་ཕྱིར་ཞེས་དམ་བཅས་པ་གསུམ་པོ་གང་ཡིན་པ་དེ་གཞུང་གཟུགས་པར་བཞེད་ནས། རེ་ཞིག་དང་པོར་གཞུང་གཟུགས་བ་ནི ་ལ་ལ་ལས་དོན་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་བའི་ཡུམ་རྒྱས་པ་དང། འབྲིང་བཞིན་དུ་རྒྱལ་བའི་ཡུམ་མདོར་བསྡུས་པ་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་ཉི་ཤུ་རྩ་གཉིས་ལ་སོགས་མངོན་པར་རྟོགས་པ་འགའ་ ་ཞིག་མ་མཐོང་ཡང། གདམ་ངག་ལ་སོགས་པ་ཉེ་བར་བླངས་པའི་ཤུགས་ཉིད་ལས་དེ་འགྲུབ་པོ། །གདམས་དག་ལ་སོགས་པ་ལ་ཉེ་བར་བླངས་པ་གང་ཡིན་པ་དེ་ནི་གཞུང་དང་། འདོན་པ་ལ་སོགས་པ་ཐ་དད་ཀྱང་དོན་ཐ་མི་དད ་པའི་ཕྱིར་ན། ཀུན་གྱི་རྒྱན་དུ་གྱུར་བ་ཉིད་མི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་གཞུང་གཟུགས་པ་བཤད་པ་ནི། འཕགས་པ་རྣམ་པར་གྲོལ་སྡེའི་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་བྱམས་པའི་བཤད་པ ་ལས་དོན་རྟོགས་པ་ཡིན་ཡང་འཕགས་པ་རྣམ་པར་གྲོལ་སྡེའི་ལུགས་ཀྱི་རྗེས་སུ་འཇུག་པ་ཉིད་ཀྱིས། བཅོམ་ལྡན་འདས་མའི་ཚིག་དང་ངག་གི་སྡེ་བ་སྦྱོར་མ་བྱས་པར་བདག་གིས་བཤད་དོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་གཞུང ་གཟུགས་པ་ནི་མཁན་པོ་ཡང་དག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་དེ་རྟོགས་སླའོ། །བདག་ཉིད་ཀྱི་གཞུང་བྱས་པའི་བསོད་ནམས་ཡོངས་སུ་བསྔོ་བ་དང། ཁེངས་བསྒྱུར་བ་དང། རྟོགས་པའི་ཁྱད་པར་བརྗོད་བ་ནི། དེ་སྤེལ་པ་ལས་བྱུང་བ ་ཡི་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ། །བདག་གིས་མཁན་པོས་མཛད་པ་ལ། །དག་པའི་བརྒྱུས་དོན་བྲིས་པ་ལས། །ཐོབ་པའི་དགེ་བ་གང་ཡིན་དེས། །འགྲོ་བ ་མྱུར་དུ་རྒྱལ་བར་གྱུར། །ནུབ་ཀྱི་སྒོ་གླེགས་པ་དཔལ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་མངོན་པར་རྟོགས་པའི་རྒྱན་གྱིས་བཤད་པ་བསྡུས་དོན། རྫོགས ་།།པཎྜི་ཏ་ཆེན་པོ་སུ་མ་ཀཱི་རྟི་དང། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། མངྒ་ལཾ།། ་