| Wylie | e-texts based on the ACIP/ALL Input |
པར་བྱེད་ནུས་པར་གྱུར་ཅིག། །། *། །སློབ་དཔོན་གསེར་གླིང་པ་ཆོས་ཀྱི་གགས་པས་མཛད་པ་རྟོགས་པར་དཀའ་བའི་སྣང་བ་བཞུགས་སོ།། །།*་། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡཱ་ལངཀཱར་པྲཛྙ?་པཱ་ར་མི་ཏོ་པ་དེ་ཤ ་ཤཱསྟྲ་བྲིཏྟི་དུརྦོ་དྷཱ་ལོ་ཀ་ནཱ་མ་ཊཱི་ཀ་།བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངན་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བའི་འགྲེལ་བཤད། སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བྱང་ཆུབ་ཤིན་ཏུ་རྣམ་དག་པ། །མི་བམ་ལ་བཏུད་དེས་མཛད་ཚིག་ལེའུར་བྱས། །སེང་གེ་བཟང་པོའི་དཔལ་གྱི་ཞལ་སྔའི་འགྲེལ། །ཚིག་དོན་རྟོགS ་དཀའ་ཨི་ཚོགས་ནི་བཤད་པར་བྱ། །གང་ཕྱིར་རྒྱལ་བས་མི་ཁོམ་ཐམས་ཅད་ནི། །དད་པས་སྤོང་བར་འགྱུར་ཞེས་གསུངས་པས་ན། །དེ་ཕྱིར་འདི་ནི་ཡང་དག་རྩོམ་པ་ལ། །སྐྱེ་བོ་དམ་པ་རྣམས་ཀྱིས་བཟོད་པར་མཛོད། །གཞུང་རྩོམ་པ་ཐམས་ཅད་ལ་རྟོག་པ་དང་ལྡན་པ་ལ ་ཆེར་དེ་མཐར་ཕྱིན་པར་བྱ་བའི་ཕྱིར་དང། ཐོས་པ་ལ་སོགས་པ་ལ་འཇུག་པ་རྣམས་གེགས་མེད་པར་བྱ་བའི་ཕྱིར། །རང་གི་དད་པའི་ལྷ་ལ་ཕྱག་འཚལ་པ་ཡིན་པས། ཐོག་མར་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ་ཞེས་བྱ་བ་ལ་སོགས་པ ་སྨོས་པ་ཡིན་ཏེ། ཤེས་རབ་ནི་ཐོས་པ་ལ་སོགས་པའི་རང་བཞིན་གྱིས་ཤེས་པའོ། །དེའི་ཕ་རོལ་ཏུ་ཕྱིན་པ་ནི་རབ་ཀྱི་མཐར་སོན་?་སྟེ། གཉིས་སུ་མེད་པའི་ཡེ་ཤེས་དང། དེའི་དོན་ལམ་དང་གཞུང་དག་ནི་དངོས་དང་བཏགས་པའི་དབྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་རྣམ་པ་གསུམ་ཡིན་ནོ། །དེ་ལ་ཕྱག་འཚལ་བ་ནི་ལུས་ལ་སོགས་པ་གུས་པས་རབ་ཏུ་འདུད་པའོ། །ཅེ་ཞིག་གི་དོན་དུ་ཞེ་ན། དེ་རྒྱན་ཏེ་མངོན་པར་མ་ཐོ་བ་དག་ངེས་པར་ལེགས་པའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་མངོན་པར་རྟོགས་པ་རྣམ་བ་བརྒྱད་ནི་ཡུམ་དེའི་རྒྱུན ་ཡིན་ནོ། །དེའི་ཚིག་ལེའུར་བྱས་པ་དག་ནི་དེའི་ངོ་བོའི་དོན་རྟོགས་པ་རྫོགས་?་པར་བྱེད་པའི་ཚིགས་སུ་བཅད་པའི་སྡེབ་སྦྱོར་དུ?་བྱས་པ་ཡུམ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་རྒྱུ?་དེར་བཤད་པོ་རྣམ་པར་དབྱེ་བ་སྟེ། ཆར་ཆེ་བས་ཉེ་བར་བསྟན་པའོ། །ཇི་ལྟར་ཞེ་ན། སྟོང་ཕྲག ་བརྒྱ་བ་ལ་སོགས་པའི་དོན་བཤད་པ་བརྒྱན་པའི་ཕྱིར་མངོན་པའི་སྡེ་སྣོད་ལ་སོགས་པ། །ཀུན་གྱི་རྒྱན་དུ་འགྱུར་བའོ། །དེར་འགྱུར་བ་ནི་བསམ་པས་ཏེ། དེས་དེ་བསྟན་པ་ཡིན་བའི་ཕྱིར་རོ། །ཕྱིར་ཞེས་བྱ་བ་ནི་དེ་ལྟར་བདག་གིས་འཕགས ་པ་བྱམས་པའི་དགོངས་པ་ཤེས་པར་གྱུར་པས་སོ། །ཅི་རབ་ཏུ་བྱེད་པའི་རྣམ་པར་བཤད་པ་གཞན་དག་ཀྱང་ཡོད་དམ་ཞེ་ན། ཡོད་པའི་ཕྱིར་འགྲོ་ལ་ཆགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཕགས་པ་སྟེ་ཉོན་མོངས་པ་དང་བྲལ་བ་ལྟ་བུར ་ཆགས་བ་མེད་པར་སེམས་ཅན་གྱི་དོན་ལ་ཀུན་དུ་ཆགས་པར་མཛད་པ་གང་ཡིན་པ་དེས་ཀུན་དུ་ཆགས་པའོ། །དོན་འདི་ཉིད་ནི་འགྲོ་ལ་ཆགས་པས་ཀུན་ཆགས་མཛད་ཅེས་སྨོས་པ་ཡིན་ཏེ། འགྲོ་བ་ལ་ཆགས་པ་གང་ཡིན་པ་དེ་ནི་འགྲོ་བ་ལ་ཆགས་པ ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་དང་འདྲ་བར་ཀུན་དུ་ཆགས་པར་མཛད་པ་གང་ཡིན་པ་དེས་སོ། །དེ་ཉིད་ཀྱིས་ན་སྐྱོབ་པ་སྟེ། རང་གིས་གཟིགས་པའི་ལམ་སྟོན་པས་སེམས་ཅན་རྗེས་སུ་སྐྱོང་བར་མཛད་པའི་ཕྱིར་རོ། །རྣམ་བཤད་ནི ་ཁྱད་བར་ཅན་གྱི་དོན་སྟོན་པའོ། །མཛད་པ་ནི་རྣམ་པར་སྦྱར་བའོ། །གང་གི་ཞེ་ན། བསྟན་ཆོས་ཆེན་པོའི་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོའི་དོན་མ་ལུས་པ་སྡུད་པར་བྱེད་པས། བསྟན་བཅོས་ཆེན་པོ་སྟེ་མངོན་པར་རྟོགས་པའི་རྒྱན་ཅེས ་བྱའོ། །ཅི་དཔྱད་པས་སམ་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་མཛད་དམ་ཞེ་ན། མ་ཡིན་ཏེ་ཉིད་ཀྱིས་མི་ཕམ་མགོན་ལས་གསན་ནས་ནི་ཞེས་སྨོས་པ་ཡིན་ཏེ། ལྷ་དང་མི་རྣམས་ཀྱི་དམ་པར་གྱུར་པ་ཡིན་པའི་ཕྱིར་དང། འཇིག་རྟེན་གྱི་གཙོ་བོར་གྱུར ་པ་ཉིད་ཀྱིས་ན་དབང་ཕྱུག་ཆེན་པོ་ལ་སོགས་བས་མི་ཐུབ་པའི་ཕྱིར་མི་འཕམ་མོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་གནས་ནས་ལེགས་པར་བསམས་ཤིང་བསྒོམས་པས་བསྟན་པར་བྱས་ནས་ཞེས་བྱ་བར་དོན་གྱི་ཤེས་སོ། །འདི་ནི་ཏིང་ངེ་འཛིན་བརྙེས་པ་ཉིད་ཡིན་ན་ཡང ་ཇི་ལྟར་ལྷག་པར་མོས་པས་ཚིག་ལེའུར་བྱས་པས་མཛད་པ་པོ་ལས་མངོན་སུམ་དུ་གསན་པ་ཉིད་ཡིན་པས་ན་སྡུད་པ་པོ་དང་འདྲ་བར་འདིར་ཚད་མའི་སྐྱེས་བུར་གྱུར་བ་ཡིན་ལ། འདིར་གཞན་དག་ཐོས་པ་མང་བ་ཡང་ཡིན་ཞིང་དྲན་པ་ཡང་ཤེས་པ་བཞིན་བསྡུས་པ་བྱས་པ་ཉིད ་?་འདིར་ཅི་ཞིག་ལྟར་འགྲེལ་པ་བྱེད་པ་ལ་དབང་བ་ཡིན་ན། མཁས་པར་རློམ་པ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་དགོངས་སོ། །ཕྱི་རོལ་གྱི་ཤེས་བྱ་མེད་པ་།ནང་གི་ཤེས་བྱ་ལ་བརྟེན་ཅིང་སེམས་ཙམ་པའི་གཞུང་ལ་གནས་པ་ཉིད་ཡིན་པ་དེ་ནི་འགྲོ་དོན་རྩལ་གཅེས ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འགྲོ་བ་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་ལམ་ཡང་དག་པར་སྟོན་པར་མཛད་བས་ན་རྩ་ལག་གོ་།དོན་འདི་ཉིད་ནི་འགྲོ་དོན་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདོད་པའི་དོན་སྒྲུབ་པར་བྱེད་པ་ཡིན ་པའི་ཕྱིར་རོ། །སུ་ཞིག་ཅེ་ན་དབྱིག་གཉེན་ཞེས་བྱ་བའོ། །རང་གི་མོས་པ་གཙོར་བྱེད་པས་ཞེས་བྱ་བ་ནི་རང་གི་གཞུང་ལུགས་ལ་མངོན་པར་ཞེན་པས་སོ། །རྣམ་པར་བཀྲོལ་ཞེས་བྱ་བ་ནི་བཤད་པ་སྟེ། བསྟན་བཅོས་ཆེན་པོ་ཞེས་བྱ་བར་རྗེས་སུ་སྙེགས་སོ། །འཕགས ་བའི་ཁོངས་སུ་གཏོགས་པའི་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཐོབ་པ་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་བདག་མེད་པ་ལ་ལྷག་པར་མོས་པ་ཉིད་ཡིན་པའི་ཕྱིར། དབུ་མར་གནས་པའི་བློས་ཞེས་བྱ་བ་ནི་ཡོད་པ་རང་མེད་པ་ལ་སོགས་པའི་མཛའ་ ་སྤངས་པའི་དབུ་མའི་ཤེས་པས་བསྟན་བཅོས་ཆེན་པོ་རྣམ་པར་ཕྱེ་བ་ཡིན་ནོ། །སྔོན་ཆད་རྣམ་པར་ཕྱེ་ཟིན་བས་འདི་ནི་རིགས་པ་མ་ཡིན་ནོ་ཞེ་ན། དེས་བྱས་བྱས་བ་མིན་མཐོང་ནས། ཞེས་བྱ་བ་སྨོས་ཏེ། དབང་བྱ་བ་སྨོས་ཏེ། སྔར་བཤད་པའི་སྤོབ་དཔོན་དག་གིས་བྱས་པའི་འགྲེལ ་པ་རྣམ་པར་ཤེས་བ་ཙམ་གྱི་གཞུང་རང་བཞིན་དང་བཅས་པའི་འཇུག་པ་ཡིན་པའི་ཕྱིར་ཇི་ལྟ་བ་ཉིད་མ་ཡིན་ནོ་ཞེས་ཤེས་ནས་དེའི་ཕྱིར་རྣམ་བར་གྲོལ་བའི་སྡེས་བདག་མེད་པ་ལ་ལྷག་པར་མོས་པའི་སྟོབས་ཀྱིས་མུ་སྟེགས་པ་མ་ལུས་པའི་གཞུང་མཛའ་དག་བ་ཙམ ་ནས་རང་དང་རྗེས་སུ་མཐུན་པའི་བླ་མའི་ཚིག་གིས་བདག་ཉིད་ཀྱི་ཤེས་པ་གསལ་བར་བྱས་པའི་དབང་གིས་བསྟན་བཅོས་ཆེན་པོ་རྣམ་པར་བཤད་དོ་ཞེས་སྔ་མ་དང་སྦྱར་རོ། །འདི་སྙམ་དུ་སེམས་ཏེ། གལ་ཏེ་བཅོམ་ལྡན་འདས་ཡུམ་གྱི་ཡེ ་ཤེས་ཡོད་པའི་ངོ་བོ་ཡིན་ན་ནི་ཡོད་པར་འཛིན་པས་ཡང་དག་པར་གྲོལ་བར་མི་འགྱུར་ཞིང་གཞུང་ཡང་དྲང་བའི་དོན་དུ་འགྱུར་རོ། །སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་ནི་སྒྲ་ཇི་བཞིན་པ་ཉིད་ཡིན་པའི་ཕྱིར་བཤད་པ་རྟོགས་སླ་བ་དང། ་ཡོད་པ་དང་མེད་པ་ལ་སོགས་པའི་མཛའ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཡང་དག་པར་གྲོལ་པར་འགྱུར་རོ། །དེ་ཡང་དབུ་མ་ལ་འཇུག་པ་ལས་སློབ་དཔོན་ཀླུ་སྒྲུབ་ཞལ་སྔའི་ལམ་ནས་ནི། ཕྱི་རོལ་གྱུར་བའི་ཞི་བའི་ཐབས་མ་ཡིན། །དེ་ནི་ཀུན་རྫོབ་ཡང་དག ་བདེན་ལས་ཉམས། །དེ་ལས་ཉམས་བས་ཐར་བ་གྲུབ་ཡོད་མིན་ཞེས་བཤད་པ་དང། དབུ་མའི་དེ་ཁོ་ན་ཉིད་ནི་དེའི་རིགས་ཁོ་ན་ལ་རིགས་པ་ཡིན་ཏེ། འདི་ཉིད་ལས་སོ་སོའི་སྐྱེ་བོ་ཉིད་ན་འང་སྟོང་ཉིད་ཐོས། །ནང་གི་དགའ་བ་ཡང་དང་ཡང་དུ་ཐོབ། །དགའ་བ ་གྱུར?་མིག་ན་མཆིམས་བརླན། །ལུས་ཀྱི་སྦུ་ལྡར་བ་ཡང་སྐྱེ་བར་འགྱུར་ཞེས་གོང་བཤད་པ་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱིས་དང། འཕགས་པ་བྱམས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་འདྲ་བར་པ་གི་བསམ་བའི་དབང་གིས ་སེམས་ཅན་གྱི་དོན་དུ་རྟོགས་པ་ཡིན་པས་ཉེས་པ་མེད་དོ། །ཡང་རང་དང་རྗེས་མཐུན་ཙམ་དུ་ཞེས་བྱ་བ་འདིའི་དོན་ནི་དེའི་འོག་ཏུ་རྣམ་གྲོལ་སྡེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དད་པ་ཉིད་རྟེན་དུ་གྱུར་པས་ས་ཡིན་ཏེ། དེ་ལ་གནས་པ་ཡིས ་ཞེས་བྱ་བ་ཡིན། དད་པ་དང་ལྡན་པ་སྟེ། བཅོམ་ལྡན་འདས་ཀྱིས་དང་པས་མི་ཁོམ?་སྤོང་བར་འགྱུར་ཞེས་གང་གསུངས་པ་ཡིན་ནོ། །བསྟན་བཅོས་མཛའ་དག་མ་རྙེད་པར་ཞེས་བྱ་བ་ནི་སྔར?་སྨོས་པའི་བཤད་བའི་བསྟན་བཅོས་མ་ལུས་པ་དེ་མཛད་པ་པོ་ལས ་མངོན་སུམ་དུ་མ་ཐོས་པའམ་མ་མཐོང་བའོ། །ཡང་ན་ཆོས་མངོན་པའི་སྡེ་སྣོད་ལ་སོགས་པའི་བཤད་པའི་བསྟན་བཅོས་མ་རྙེད་བའོ། །ད་ནི་སྔར་སྨྲོས་པའི་བཤད་བ་དང་རྗེས་སུ་མཐུན་བ་ཉིད་ཡིན་པའི་ཕྱིར་རང་གི་བློའི་ཆེ་བའི་བདག་ཉིད་ནི་དེ་ལྟར་མཁས་པ་ཞེས ་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ཞེས་བྱ་བ་ནི་ཚུལ་དེ་ལྟར་རོ། །མཁས་པས་སྣང་བྱས་ཤིང་ཞེས་བྱ་བ་ནི་འཕགས་པ་ཐོགས་མེད་ལ་སོགས་པས་རྣམ་པར་སྦྱར་བའི་ཡེ་ཤེས་ཀྱི་སྒྲོན་མས་སོ། །།ཅིག་གིས་ནི་ཞེས་བྱ་བས་ནི་བདག་ལས་གཞན ་པའི་མཁས་པ་མཉམ་པར་བཞག་པ་རྣམས་ཀྱིས་སོ་བསྟན་བཅོས་ཀུན་ཞེས་བྱ་བ་ནི། རབ་ཏུ་བྱེད་པར་གྲགས་པའོ། །མ་རྙེད་པ་ནི་མ་མཐོང་བ་འམ་མཐོས་པའོ། །འདི་རྙེད་པ་ནི་བསྟན་བཅོས་གསལ་བར་བྱས་པ་རྙེད་ཅིང་ཉེ་བར་དམིགས་པ་སྟེ། ཡང་དག ་པའི་ཤེས་པའི་རང་བཞིན་ཞེས་བྱ་བ་ནི་ལྷག་མའོ། །མ་ཡིན་ན་ཡང་དེ་དག་ཉིད་ཀྱིས་བསྟན་བཅོས་སྣ་ཚོགས་ལྟས་པས་བློའི་ཁ་ཤིན་ཏུ་ཕྱེ་བར་གྱུར་པས་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པའི་དོན་སྣ་ཚོགས་མཐོང་པའི་ནུས་བ་ཡོད་པ་ནི་ངོ་མཚར་པ་ཡིན་ནོ། ། ་གལ་ཏེ་དེ་ལྟར་ཡིན་ན་གཞན་རྣམས་ཀྱི་རྣམ་པར་དབྱེ་བ་དོན་དང་བཅས་པའི་སྐབས་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དེ་ལྟས་ཤིན་ཏུ་རྙེད་དཀའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཤིན་དུ་རྙེད་དཀའ་བ་ཞེས་བྱ་བ་ནི་བསོད་ནམས་བསགས་པ་ཉིད་ཀྱིས ་རྙེད་པ་ཉིད་ཡིན་པའི་ཕྱིར་རོ། །ཟབ་མོའི་ལམ་ཅན་ཞེས་བྱ་བ་ནི་མངོན་པར་རྟོགས་པ་བརྒྱད་ཇི་ལྟར་བྱམས་པས་ཐུགས་སུ་ཆུད་པའི་བདག་མེད་པས་ཟིན་བ་ཉིད་ཡིན་པའི་ཕྱིར་རིགས་དང་མི་ལྡན་པ་དག་གིས་ངེས་པར་གཟུང་བར་མི་ནུས་པ་ལས་ཅི་ཞིག་ལྟར་རྣམ་པ་འགའ་ ་ཞིག་གིས་ཏེས་ཏེ། སངས་རྒྱས་ཀྱི་དབང་གིས་རྙེད་པ་སྟེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཐོབ་པ་ནི་མཁས་པ་རྣམས་ཀྱིས་དབྱེ་བའི་རིགས། བདག་ཀྱང་འགྲོ་བའི་དོན་འགྲོ་བར་དམ་བཅས་པ་ཡོད་པས་བདག་གིས་རྣམ་པར་ཕྱེ་བ་དང་དེ་རྣམས་ཀྱིས་རྣམ ་པར་ཕྱེ་བ་ལ་འགལ་བ་ཅི་ཞིག་ཡོད། །སྔོན་སངས་རྒྱས་པ་ཡོད་དོ་ཞེས་ཏེ། དེ་ལྟར་མི་བྱ་བ་མ་ཡིན་ཞིང་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་སེམས་ཅན་ཐམས་ཅད་ལ་རྒྱལ་བ་མ་ལུས་པའི་བསྟན་པ་དོན་མེད་པར་ཐལ ་བར་འགྱུར་རོ། །ལ་བར་བཤད་པ་ཁ་ཅིག་གིས་མི་འདུལ་བ་ཡང་མ་ཡིན་ཏེ། སངས་རྒྱས་དང་འདྲ་བར་དེ་རྣམས་ཀྱི་ཡང་དམ་བཅས་པ་མཉམ་པ་ཡིན་ནོ། །ལ་ལར་རྣམ་པ་དབྱེ་བ་ཡོངས་སུ་རྫོགས་པ་མེད་པ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི ་མདོ་ལས་ཚིགས་སུ་བཅད་པ་གཅིག་གིས་དོན་ཐོས་པ་ལ་སོགས་འཚར་རྒྱ་བ་ཉིད་དུ་བསྔགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཕུལ་དུ་དབྱུང་བ་མཁས་པར་གྱུར་པ་དང་བཅས་པ་ཡིན་པ་དང། བསམ་གཏན་ལ་མཉམ་པར་བཞག་པའི་བློ་ཉིད་ཀྱིས ་རྣམ་པར་དབྱེ་བའི་གོ་སྐྱབས་ཡོད་པ་ཉིད་ཡིན་ན་ཡང་བདག་ཉིད་ཁེངས་པ་མེད་པ་ཉིད་ནི་རྣམ་པ་ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྒྱལ་བའི་སྤྱོད་ཡུལ་ཡིན་པའི་ཕྱིར་རྣམ་པ་ཀུན་དུ་ཐོས་པ་ལ་སོགས་པའི་རྣམ་པས་ཀྱང་བདག་གི་སྤྱོད ་ཡུལ་མ་ཡིན་ན་གང་གི་ཕྱིར་དེ་ལྟ་ཡིན་ན་ཡང། རེང་དང་གཞན་ལ་ཕན་གདགས་འདོད་ནས་ཞེས་བྱ་བ་བདག་དང་སེམས་ཅན་རྣམས་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་མ་ལུས་པ་སྟེར་བ། བདག་གིར་བྱེད་པར་འདོད་པས་བསོད་ནམས་དག་སྒྲུབ ་དང་མཐུན་ཕྱིར་ཞེས་བྱ་བར་རབ་ཏུ་བྱེད་པ་རྣམ་པར་བཤད་པ་ལས། བསོད་ནམས་སྐྱེད་བ་ལ་གུས་པའི་སེམས་བསྐྱེད་པ་སྟེ། ཡང་དག་པར་སྤྲོ་བ་ལ་བདག་འཇུག་པ་ཡིན་པ་སྟེ། རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ལྷ་ག་མའོ། །ད་ནི་རང་གི་གཞུང་ལུགས་འཆད་པར ་མཛད་པས་བསྟོད་པ་དང་ཕྱག་འཚལ་བའི་དབྱེ་བའི་མཆོད་པ་རྣམ་པ་གཉིས་འཆད་པའི་རབ་ཏུ་བྱེད་པའི་དོན་ཅི་ནས་གསལ་བར་འགྱུར་ཞེས་འཇུག་པ་ནི་འཕགས་པ་བྱམས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཕགས་པ་བྱམས་པ་ནི་སྡིག་པ་མི ་མཉམ?་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བྱམས་པས་ཕན་འདོགས་པར་མཛད་པའི་ཚུལ་ཅན་ནོ། །རེ་ཞིག་ཐོག་མར་རྒྱལ་བའི་ཡུམ་གྱི་མངོན་པར་རྟོགས་པའི་དོན་བཤད་པར་རྩོམ་པ་ཉིད་ཡིན་ན་ཡང་དང་པོར་དེའི་ཡོན་ཏན་ཇི་ལྟ་བར ་སྟོན་པ་སྔོན་དུ་འགྲོ་བས་ཐོག་མར་ཡང་དག་པའི་ཡོན་ཏན་བརྗོད་དེ། ཕྱག་འཚལ་ཞིང་ལུས་ལ་སོགས་པ་གུས་པས་རབ་ཏུ་འདུད་པ་ནི་འཕགས་པ་བྱམས་པ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདག་ཉིད་ཡུམ་གྱི་དབང་གིས་བྱ་བ་བྱས་པ ་རྙེད་པ་ཉིད་ཡིན་ཞིང་གདུལ་བྱ་གཞན་དག་བཅོམ་ལྡན་འདས་མ་ཡོན་ཏན་ཏིན་པོ་ཆེ་ཕུལ་དུ་བྱུང་བའི་འགྱུར་གནས་ལ་ཞེས་བྱ་བ་དབང་ཕྱུག་དང་གཟུགས་བཟངས་ལ་སོགས་པ་དང་ལྡན་པ་འམ། ཉོན་མོངས་པ་བག་ཆགས་དང་བཅས་པར་བཅོམ་པའི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་གྱི་རྒྱ་མཚོ་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་འབྱུང་གནས་པ་དོན་གྱིས་ཞེས་བྱ་བ་མངོན་པར་མཐོ་བ་དང། ངེས་པར་ལེགས་པའི་དོན་གྱི་དབང་གིས་འཇུག་པར་བྱ་བའི་ཕྱིར་ཏེ། དད་པ་དང་ཤེས ་རབ་དག་ལས་སྐྱབས་གཞན་མེད་པའི་བསམ་པས་བསྒོམ་པ་ལ་སོགས་པ་ལ་འཇུག་པར་བྱ་བའི་དོན་དུ་རབ་ཏུ་དང་བ་བསྐྱེད་བའི་ཆེད་ནི་ཡིད་བདེ་བ་ཡན་དག་པར་བསྐྱེད་པའི་དོན་དུའོ། །ཅི་འདི་ཉེ་བར་བརྟགས་པས་སྦྱར་བ་ཡིན་ནམ། འོན?་ཏེ་དེས་མངོན་སུམ་དུ ་མཁྱེན་པ་ཡིན་ཞེ་ན། ཤེས་རབ་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔར་སྨྲས་ཟིན་ཏོ། །དེའི་ཡུལ་ནི་དེའི་རྟེན་ནོ། །རབ་ཏུ་དང་བ་ནི་མཉམ་པ་ལ་སོགས་པའི་ཡིད་བདེ་བའོ། །ལེགས་པ་ཐམས་ཅད་དེ། མངོན་པར ་མཐོ་བ་དང་ངེས་པར་ལེགས་པ་རྣམས་སོ། །འཐོབ་པའི་རྒྱུའི་གཙོ་བོ་ནི་དངོས་ཀྱི་རྒྱུ་ཡིན་ནོ། །དེ་ལ་རབ་ཏུ་དང་བ་ལ་རང་བཞིན་གྱི་ནུས་པ་འདི་དག་ཅི་ལྟར་ཡོད་ཅེ་ན། བདག་ཉིད་དམ་པ་རྣམས་ཀྱི་སྤྱོད་པ་དང་འཐུན་བར་རབ་ཏུ་སྟོན་ལས་ཞེས་བྱ་བ་སྨོས་ཏེ། རབ་ཏུ ་དང་བའི་བདག་ཉིད་དེ། རང་ཉིད་ཀྱི་རང་བཞིན་ནི་ཏིང་ངེ་འཛིན་དམ་པ་དང། དགེ་བ་བཅུ་ལ་སོགས་པའི་བྱ་བ་ལ་འཇུག་པ་རབ་ཏུ་སྟོན་པས་དེ་ལ་རབ་ཏུ་དང་བའི་རང་བཞིན་ནི་འདི་ཡིན་ཏེ། གང་གི་ཕྱིར་གདུལ་བྱའི་རྒྱུད་ལ་སྐྱེས ་པ་སྐྱེས་པ་ཙམ་གྱི་རྣམ་པར་གཡེང་བ་དང་མི་དགེ་བ་ལས་སེམས་རྣམ་པར་ལོག་ནས་ཏིང་ངེ་འཛིན་དང་དགེ་བ་བཅུ་ལ་འཇུག་གོ་།དེའི་དབང་གིས་ཀྱང་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བྱ་བར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་སངས ་རྒྱས་བཅོམ་ལྡན་བསམ་མི་ཁྱབ། སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དང་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མི་ཁྱབ་ཅེས་གང་གསུངས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུ་སོ་སོར་རང་གིས་རིག་པའི་ཡེ་ཤེས་གྱིས་དེས ་པར་བཟུང་ནས་ཞེས་བྱ་བ་ཐོས་པ་ལ་སོགས་པའི་རང་བཞིན་གྱི་ཤེས་པ་བསྒོམ་པའི་རབ་ཀྱི་མཐར་ཐུགཔ་ལ་འཇུག་པའི་མངོན་སུམ་གྱི་ཤེས་པས་ཉམས་སུ་མྱོང་ནས་དེའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པས་དེས་པར་བྱས་ནས། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ངེས་པར་མཛད་པའི་ཏིང་ངེ་འཛིན་བརྙེས་པ་ལས་བྱུང་བ་ཉིད་ཀྱི་ཚིག་ནི་བསླུ་བ་མི་སྲིད་པས་རྟོག་པ་དང་ལྡན་པ་རྣམས་ཤེས་རབ་བམ། དད་པས་འཇུག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་བྱང་ཆུབ་སེམས ་དཔའ་རྣམས་ལ་ལུགས་ཀྱི་བསྟན་བཅོས་ལ་སོགས་པ་བརྟག་ཅིང་སྦྱར་བའི་དོན་ནི་དྲན་པ་ཙམ་དུ་ཡང་བཀག་པ་ཡིན་ནོ། །སྐྱབས་ཉིད་ཀྱི་མཚམས་སྦྱར་བར་བྱ་སྟེ། བློ་ཕུལ་དུ་བྱུང་བ་མངའ་བ་འམ། མི་བསླུ་བའི་ཡེ་ཤེས་དང་ལྡན་པས་སངས་རྒྱས་ཏེ། ་ཉན་ཐོས་ལ་སོགས་པ་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ཡིན་པའི་ཕྱིར། ཉན་ཐོས་བྱང་ཆུབ་སེམས་དཔའ་ཨི་ཚོགས་དང་ལྡན་པ་ཡུམ་སྟེ། སྐྱེད་པར་མཛད་པ་གང་ཡིན་པའི་ཡུམ་དེ་ལ་ཕྱག་འཚལ་བ་ནི་ལུས་ལ་སོགས་པས་གུས་པས་ཕྱག ་འཚལ་བའོ། །ད་ནི་དོན་ཐམས་ཅད་ཀྱི་གཞིར་གྱུར་བ་ཉིད་ཀྱིས་ན་ཡུམ་གྱི་ཆེ་བའི་བདག་ཉིད་ནི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་གི་གདུལ་བྱ་རྣམས་ལ་ཚིག་གམ་ལུས་ཀྱི་ཆོས་སྒྲོགས་པས་ན། ཉན་ཐོས་ཏེ། ཉན་ཐོས་དང ་རང་སངས་རྒྱས་རྣམས་སོ། །དེ་ཞི་བ་ཚོལ་བ་རྣམས་ནི་མྱ་ངན་ལས་འདས་པར་འདོད་པའོ། །ཀུན་ཤེས་ཉིད་ཀྱིས་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས་སྐྱེ་བ་མེད་བར་ཤེས་པས་སོ། །ཉེར་ཞིར་ནི་ལྷག་མདང་བཅས་པ་དང་ལྷག་མ་མེད་པའི་མཚན་ཉིད་ཀྱི་མྱ ་ངན་ལས་འདས་པའོ། ཁྲིད་བར་མཛད་པ་ནི་ཐོབ་པར་མཛད་པའོ། །འགོ་ལ་ཕན་པར་བྱེད་རྣམས་ནི་འགྲོ་བ་རྣམས་ལ་མ་འོངས་པ་ན་ཕན་པའི་དོན་སྐྱེད་པར་མཛད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །ལམ་ཤེས་ཉིད་ཀྱིས་ཞེས་བྱ་བ་ནི་གདུལ་བྱའི་དབང་གིས ་ཉན་ཐོས་ལ་སོགས་པའི་ལམ་སྐྱེ་བ་མེད་པར་ཐུགས་སུ་ཆུད་པས་སོ། །འཇིག་རྟེན་དོན་གྲུབ་མཛད་པ་ནི་སེམས་ཅན་རྣམས་ཀྱི་ཕན་པའི་དོན་རྫོགས་པར་མཛད་བའོ། །གང་དང་ཡང་དག་ལྡན་པ་ནི་ཡུམ་གང་དང་ཡང་དག་པར་ལྡན་པའོ། །ཐུབ་རྣམས་ནི་བདག་ཉིད ་ཀྱི་དངོས་པོ་རྣམས་ཡང་དག་པར་བསྡམས་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །སྣ་ཚོགས་འདི་དག་རྣམ་པ་ཀུན་གསུངས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་འདི་དག་རྣམ་པ་ཐམས་ཅད་དུ ་གསུངས་ཞིང་སྟོན་བར་མཛད་བའོ། །འཕགས་པ་བྱམས་པ་བདག་ཉིད་དམ་པ་རྣམས་ཀྱི་སྦྱོད་པ་ཞེས་བྱ་བ་ལ་སོགས་པ་སྔར་སྨོས་པ་ཉིད་བསྒྲུབ་ཅིང་གསལ་བར་བྱས་པ་ནི། ཚིགས་སུ་བཅད་པ་འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པར་ཐར་པ ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་ཞེས་བྱ་བ་ནི་ཉན་ཐོས་རྣམས་ནི་བག་ཆགས་གཉིས་ཡོད་པ་ཡིན་ལ་རང་སངས་རྒྱས་ནི་གཟུང་བའི་བག་ཆགས་སྤངས་པ་ཡིན་ནོ། །དེའི་ཕྱིར་དེ་རྣམས་ནི་ཉན་ཐོས་རྣམས་ལས་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་ཡིན ་ཏེ། དེ་ནི་སེམས་ཀྱི་ཁྱད་པར་ཁོ་ན་ལས་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །དབང་ཕྱུག་ཆེན་པོ་ལ་སོགས་པ་ལས་རྣལ་འབྱོར་ལྷག་པ་ཡིན་པས་ཉོན་ཐོས་ལ་སོགས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་གོ། ཡེ་ཤེས་ལ་སོགས ་པའི་ཆི་བའི་བདག་ཉིད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གཙུག་ཏོར་གྱི་ནོར་བུ་ཡིན་པས་གཙོ་བོའོ། །འདི་ལྟར་མདོར་བསྡུས་ན་གང་ཟག་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་དད་པའི་རང་བཞིན་ཅན་ཡིན་ལ། དེ་ཡང་ཡུམ་འཛིན་པ་ལ། སོགས་པའི ་འབྲས་བུ་བསྟན་པ་ཐོས་པ་ཉྡ་ན་དཔྱོད་པ་མེད་པའི་དེའི་མདོ་ལ་ངེས་པར་འཛིན་པ་ལ་འཇུག་པ་ཉིད་ཡིན་ནོ། །གང་ཡང་རང་བཞིན་གྱིས་དབང་པོ་རྣ་བ་རྣམས་ནི་རྟག་པ་དང། བདག་ལ་སོགས་པར་བཤད་པའི་ཚིག་དང་འདྲ་བར་བསླུ་བ་ཡོད ་པ་སྲེད་པས་ལུང་གང་ལ་ཡང་བབ་ཆོལ་དུ་འཇུག་པར་མི་བྱེད་དེ། དེ་རྣམས་ཀྱང་གཅིག་དང་དུ་མ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའི་ཚད་མས་གྲུབ་པ་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པའི་མཚན་ཉིད་ཀྱི་ཡུམ་དང་དེ་ལ་བརྟེན་པའི་ཏིང་ངེ་འཛིན་རྒྱལ་པོ ་ལ་སོགས་པའི་མདོ་ཐོས་པ་ལ་སོགས་པའི་འབྲས་བུ་བསྟན་པ་ལས་དད་པ་ཕུལ་དུ་བྱུང་བ་ནི་རིགས་པ་ཉིད་དེ་གནོད་པ་མཐོང་པས་ཕན་ཚུན་འགལ་པར་བརྗོད་པ་མི་སྲིད་པའི་ཕྱིར་རོ། །དོན་ལ་ཐེ་ཚོམ་གྱིས་ཡང་དག་པ་རྣམས་ཀྱིས་འཇུག་པའི ་ཡན་ལག་ཡིན་པའི་ཕྱིར་ཏེ། ཚད་མ་རྣམ་འགྲེལ་མཛད་པས། བསྟན་བཅོས་གང་ཞིག་རིགས་པས་གྲུབ། །རང་གི་ཚིག་དང་མི་འགལ་མཐོང། །མ་མཐོང་ན་ཡང་དེ་གཟུང་བ། །དེ་ལྟར་རིགས་པ་མཁས་པས་ཤེས་ཞེས་གང་བཤད་པ་དང། ་ཡང་ཡོན་ཏན་སྐྱོན་དག་མ་མཐོང་བའི། །སྐྱེ་བོ་གསོག་ཏུ་སྐྱེས་པ་ལ། །གྲུབ་མཛའ་ལོག་པར་འཛིན་པ་དང། །ཀྱེ་མ་འདི་ནི་གང་གིས་བྱིན་ཞེས་ཀྱང་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་རྟག་པ་ལ་སོགས་པ་དངོས་པོ་ཁོ་ནར་གང་དུ་ཚད་མ་དང་འགལ་བར་འགྱུར ་?་རྟོག་པ་དང་ལྡན་པ་རྣམས་དོན་དང་མི་ལྡན་པའི་ཐེ་ཚོམ་གྱི་ཁྲུས་ལ་སོགས་པ་དེ་ལ་གང་ཞིག་འཇུག་པར་བྱེད། འཕགས་པ་ལྷའི་ཞལ་སྔ་ནས་གྱིས་ཀྱང་མུ་སྟེགས་བྱེད་པ་མང་པོ་ནི། བདག་ཏུ་ལྟ་བར་ཞུགས་མཐོང་ན། །ཆོས་འདོད་པ་ཡི་སྐྱེ་བོ་རྣམས། །སྙིང ་རྗེ་བདུད?་སུ་མི་འགྱུར་ཞེས་གང་བཤད་པ་ཡིན་ནོ། །གཞན་དག་གི་སྒོ་ནས་ཡུམ་གྱི་མཚན་ཉིད་ཟློས་ཏེ་སྨྲས་པ་དང། མ་ཚད་པ་ཉིད་དང་དགོས་པ་མེད་པར་རྟོག་པ་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པས་ཡང་དག་པར་རྫོགས་པ་ཉིད་ཡིན ་པ་ནི་དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་འོག་ནས་བཤད་པའི་རིམ་གྱིས་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་འོག་ནས་བཤད་བའི་ཚིག་ལེའུར་བྱས་པར་གྲགས་པ་ཇི་ལྟར་མཛད་ཅིང་སྦྱར་བ་ཡིན་ཞེ་ན། གཞི་དང་ཞེས་བྱ་བ ་ལ་སོགས་པ་སྨོས་པ་ཡིན་ཏེ། གཞི་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ནོ། །གཉེན་པོ་ནི་ཉན་ཐོས་པ་སོགས་པའི་ལམ་མོ། །རྣམ་པ་ནི་དངོས་པོས་སྟོང་པའི་རྣམ་པ་སྟེ། དེ་དག་ལས་གང་ཡང་རུང་བ་ཞིག་བསྡུས་པས་ཞེས་བྱ་བ་གང་ཡང་རུང་བ་ཞིག་ཉེ་བར ་གཟུང་བས་སོ། །ཕྱོགས་དང་པོ་ལྟར་ན་ནི་འབད་པ་དོན་མེད་པ་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་རྣམ་པར་སྦྱར་བའི་འབད་པ་ལ་དགོས་པ་མེད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་བྱ་བ་མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བཅོས་ཅེས་བྱ་བ་ལས། མཚན་ཉིད་ཀྱི་བསྟན་བཅོས་ཆོས་མངོན་པའི་སྡེ་སྣོད་ལ་སོགས་པ་དག་ལས་མི་སྨོས་ཤིང་མ་བཤད་པའི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི ་གཞི་གང་ཡིན་པ་དེ་འབྱུང་པ་མེད་པས་ཆོས་མངོན་པའི་སྡེ་སྣོད་ལ་སོགས་པ་ལས་སྨོས་པའི་གཞི་མངོན་པར་རྟོགས་པའི་རྒྱན་ལས་ཟློས་ཏེ་བཤད་པའི་ཉེས་པ་ཡོད་དོ། །དེ་བཞིན་དུ་ཕྱོགས་གཉིས་པ་ལྟར་ན་ཡང་འབད་པ་དོན་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེན ་རྣམ་པར་བྱང་བའི་དངོས་པོར་བསྡུས་པའི་ཕྱིར་ཏེ། རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་རྒྱུར་གྱུར་པས་འདིར་ནི་ལམ་ལ་བྱའོ། །དེས་ན་དོན་ནི་འདི་ཡིན་ཏེ་ཉན་ཐོས་ལ་སོགས་པའི་ལམ་བསྡུས་པའི་ཕྱིར ་རོ། །ཀུན་ནས་ཉོན་མོངས་པའི་དངོས་པོ་ནི་གཟུང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་སོ། །དེ་མ་བསྡུས་པ་ནི་མ་སྨོས་པའོ། །བས་ཞེས་བྱ་བ་ནི་རྒྱུའོ། །འདི་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པར་མི་འགྱུར་རོ་ཞེས་བྱ་བནི་མི་མཐུན་པ་དང་གཉེན་པའི ་ཕྱོགས་ཀྱི་སོ་སོར་ངེས་པར་རྟོགས་པ་མེད་པས་རྟོགས་པ་མེད་པའི་ཉེས་པ་ཡོད་དོ། །ཕྱོགས་གསུམ་པ་ལྟར་ན་ཡང་འབད་པ་དོན་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རྣམ་པ་གཞི་མེད་པ་ཙམ་གྱིས་བསྡུས་པའི་ཕྱིར་ཏེ། རྣམ་པར་རྟོག་པ་ལ ་གནས་པ་གཞི་མེད་པའི་རྣམ་པ་ཉིད་སྨོས་པའི་ཕྱིར་རོ། །ཅུང་ཟད་ཀྱང་མ་བཤད་པས་དོན་རྟོགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་བསྒོམས་པས་གཅིག་ནས་གཅིག་ཏུ་བརྒྱུད་པས་ཀྱང་གཞི་གང་ཡང་ཐོབ་པར་མི་འགྱུར་པའི་ཕྱིར་སྐྱེས་བུའི་དོན ་ལ་དགོས་པ་མེད་པས་བརྗོད་པ་མེད་པའི་ཉེས་པ་ཡོད་དོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་མ་བསྡུས་པའི་ཉེས་པ་ནི་ཕྱོགས་གསུམ་ཅར་ལ་ཡང་ཤེས་པར་བྱའོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དོན་མེད་པ་ཡིན་ནི་སྙམ་དུ་གཞ ་དག་སེམས་པར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བས་རྒོལ་བ་པོས་ཐམས་ཅད་མཐོང་བ་མ་ཡིན་ནོ། །ཞེས་བྱ་བའི་ཚུལ་གྱིས་བསྟན་བཅོས་ལ་དགོས་པ་མེད་དོ་སྙམ་དུ་ཤེས་པར་འགྱུར་པའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཐམས ་ཅད་མཁྱེན་པ་ཉིད་གསུམ་གྱིས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་ནི་ཐམས་ཅད་ཤེས་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ལམ་ཤེས་པ་ཉིད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པ་ཐམས་ཅད་མཁྱེན་པ ་མེད་དེ་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་དག་གིས། མངོན་པར་རྟོགས་པ་མཛའ་དག་བསྡུས་པ་ནི་འཚད་རྒྱ་བ་ཉིད་མངོན་སུམ་དུ་བྱེད་པ་ཐམས་ཅད་ཀྱི་རྒྱུར་སྨོས་པ་ཡིན་ལ། དེས་ན་གཞི་དང། གཉེན་པོ་དང་མི་མཐུན་པའི་ཕྱོགས་དང། གཞི་རྣམ་པའི་མཚན ་ཉིད་གསུམ་ཅར་གྱིས་ཀྱང་བསྡུས་པ་ཡིན་པའི་ཕྱིར་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་མཚན་ཉིད་ཀྱིས་བསྟན་བཅོས་སུ་མདོར་བསྡུས་ནས་ཡང་དག་པར་བསྟན་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་གསུམ་པོ་ཉིད་དུ་ཡུམ་གཙོར་མཚོན་ཏེ། ཡུམ ་ཀྱི་དོན་མ་ལུས་པ་ནི་དེའི་ཁོངས་སུ་འདུས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་མཚན་ཉིད་འདིས་མཚོན་པ་ཉིད་ཀྱིས་སྔར་སྨྲས་པའི་ཉེས་པ་ཡོད་པ་མ་ཡིན་ཏེ། མ་ལུས་པ་ཉིད་དང། ཡོངས་སུ་རྫོགས་པར་བྱེད་པ་ཉིད་དང། རབ་ཏུ་བྱད ་པའི་གོ་རིམ་རྟོགས་སླ་བ་ཉིད་ཡིན་པའི་ཕྱིར་བསྟན་བཅོས་འདི་ཐུན་མོང་མ་ཡིན་པ་དང། ཡང་དག་པའི་མཚན་ཉིད་མ་ཡིན་པ་ག་ལ་ཡིན་ཞེས་རབ་ཏུ་བྱེད་པ་རྣམ་པར་འབྱེད་པས་དགོངས་སོ། །དོན་འདི་ཉིད་མི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། ་དོན་དང་གཞུང་གི་མདོར་བསྡུས་ནས་གསུངས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་ཉེབར་བསྟན་ནས་དེའི་རྒྱུ་དང་འབྲས་བུ་བསྟན་པ་ནི། དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་ནི་གཟུགས་ལ ་སོགས་པ་སྟེ། གཟུགས་དང་ཚོར་བ་ལ་སོགས་པའོ། །དེའི་ཆོས་ཀྱི་རང་བཞིན་བསྒོམ་པར་བྱ་བ་ཉྡ་ལ་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པའི་བསམ་གཏན་ལ་བརྟེན་ནས། འབྲས་བུ་ནི་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ཏེ། བདག་? ་འཛིན་པ་སྟོང་པ་ཉིད་ནི་འབྲས་བུ་ཡིན་ནོ། །འདིས་ནི་གཟུགས་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་ཐམས་ཅད་ཤེས་པའི་སྟོབས་ཀྱིས་བདག་ཏུ་འཛིན་པ་ལས་ལྡོག་གོ་ཞེས་སྟོན་ཏེ། །ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་ནི ་ཉན་ཐོས་ལ་སོགས་པའི་ལམ་གྱི་འབྲས་བུའོ། །དེ་ཉིད་དེ་ཁོ་ན་ཉིད་དེ། དམིགས་སུ་མེད་པ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །དེའི་མངོན་སུམ་དུ་མི་བྱེད་པ་གང་ཡིན་པ་དེ་ལ་བརྟེན་པ་ནི་དེའི་རྒྱུས་སོ། །འབྲས་བུ་སེམས་ཅན་མ ་བསྡུས་པ་སྡུད་པར་བྱེད་པ་ཅན་ཡིན་པ་ནི་ཉན་ཐོས་ལ་སོགས་པའི་ལམ་གྱིས་འབྲས་བུ་མཐོབ་པ་དང། སྦྱིན་པ་དང་རབ་ཏུ་སྦྱིན་པ་ལ་གོམས་པའི་བྱ་བ་ནི་འབྲས་བུ་ཡིན་ཏེ་འདིས་ནི་ལམ་ཐམས་ཅད་དམིགས་པ་མེད་པར་དམིགས་པ་ནི་ལམ་གྱི་རྣམ་པར ་ཤེས་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་པའི་བར་དུ་ཐོས་པ་ལ་སོགས་པ་ལས་ལྡོག་པར་མི་བྱེད་དོ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་བརྟེན་པ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ལ་སོགས་པ་སྐྱེ་བ་མེད་པ་ཉིད་ཀྱི་རྒྱུ ་མཚན་ནོ། །ནམ་མཁའ་ཨི་ཁམས་ཀྱི་མཛའ་གཏུགས་པ་ནི་མཛའ་མེད་བའོ། །སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་ནི་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་སུ་སེམས་ཅན་གྱི་དོན་སྐྱེ་བ་ཐོག་མ་མེད་པ་ནས་གོམས་པ་ཡིན་པས་རང་དབང་མེད་པར ་བྱེད་པ་གང་ཡིན་པ་དང། གང་ཡང་འཁོར་བ་ཇི་སྲིད་དུ་ཀུན་ནས་འཇུག་ཅིང། །ཡང་དག་པ་ཉིད་ཀྱི་མཛའ་རྟོགས་པ་སྟེ། བདག་མེད་པས་མངོན་སུམ་དུ་བྱེད་དོ། །དེ་དག་གི་བག་ཆགས་ཀྱི་མཚམས་སྦྱོར་བ་ནི་རྣམ་པར་རྟོག་པ་གཅིག་ནས་གཅིག ་ཏུ་བརྒྱུད་པའོ། །དེ་སྤངས་བ་ཅན་ཡིན་པ་ནི་དོར་བའོ། །དེ་ཉིད་ནི་འབྲས་བུ་ཡིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་བརྟེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྣམ་པར་རྟོག་པ་མ་ལུས་པར ་སྤངས་པ་དང། སེམས་ཅན་གྱི་དོན་ཡང་ནམ་མཁའ་ལྡིང་བསྒྲུབས་པའི་མཆོད་སྡོང་དང་འདྲ་བར་བཤད་པ་ཡིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྐྱེ་བོ་བློ་གྲོས་དམན་པ་དག་ཅེས་བྱ་བ་ལ་སོགས་པ་ནི་བསྟན་བཅོས་ཀྱི ་དགོས་པ་མེད་པ་ཉིད་དུ་རྟོག་པ་ལ། དམ་པ་འཇུག་པའི་ཡན་ལག་བརྗོད་པར་བྱ་བ་ལ་སོགས་པ་སྟོན་པ་ཡིན་ཏེ། མ་ཕམ་པའི་རྫོགས་པའི་སངས་རྒྱས་དང་འདྲ་བར་རྒྱལ་བ་གང་ལ་མངའ་བ་དེ་ནི་མ་ཕམ་པ་རྒྱལ་པའོ། །དེ་དོན་ཅི་ཞིག་སྟེ། དགོས་པ་ཅི་ཞིག་ཡོད་སྙམ ་ན་རང་གི་བསྟན་བཅོས་ལས་ཐ་མི་དད་པའི་རྗོད་པ་དང་བརྗོད་པར་བྱ་བ་དང། འབྲེལ་པ་དང། བརྗོད་པར་བྱ་བའི་དགོས་པ་དང། གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་ཁོང་དུ་ཆུད་པའི་དགོས་པ་བརྗོད་པར་བྱ་བ་ཡིན་པ་དེ་ནི་དོན་ལ་ཐེ་ཙོམ་སྐྱེད་པ་ཞེས་བྱ་བ་ལ་སོགས ་པ་སྨོས་པ་ཡིན་ཏེ། མདོ་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོའི་བརྗོད་པར་བྱ་བ་མངོན་པར་རྟོགས་པ་རྣམ་པ་བརྒྱད་དོ། །དེའི་ཉེ་བར་མཚོན་པའི་དོན་ནི་ཆོས་སྤྱོད་བཅུའི་བདག་ཉིད་ཅན་ཞེས་བྱ་བ་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས ་དང། རྣམ་པར་དག་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དྲན་པ་ལ་གཞག་པ་སྟེ། ཐོས་པ་དང་བསམ་པ་དག་གིས་ཡང་དག་པར་དྲན་ནས་འདིར་ཡུམ་སྟོན་པར་མཛད་པ་སེམས་ཅན་གྱི་བསམ་པ་ཅི་ལྟ་བ་བཞིན་དུ་རྗེས་སུ་སྟོན་པར་མཛད་པས་བསྟན་པ ་གང་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་སྟེ། བྱང་ཆུབ་ཏུ་བདེ་བས་འགྲོ་བ་ཉིད་ཡིན་པས་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ལམ་མོ། །ལམ་དེ་ནི་གཞན་གྱིས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ལས་གཞན་རྣམས་ཀྱིས་མྱོང་བ་མ་ཡིན་ཞིང ་རྟོགས་པ་མ་ཡིན་ཏེ། བློ་དང་ལྡན་པས་རྟོགས་འགྱུར་ཏེ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཉིད་མངོན་སུམ་དུ་བྱེད་དེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འདིའི་ལུས་དང་སྤྱོད་ལམ་མཛའ་ཡས་ཤིང་ཐུག་པ་མེད་དོ ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཉིད་ཡིན་ན་ཡང་འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱ་བའི་སྨོན་ལམ་གྱི་དབང་གིས་གདུལ་བྱ་རྣམས་ལ་དེ་ལས་གཞན་པའི་སྐུ་དང་སྤྱོད་ལམ་སོ་སོར ་སྣང་བ་ལྟར་སྟོན་པ་ཡིན་པས་ཉེས་པ་མེད་དོ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་དགོས་བ་ཅིག་ཡིན་ནོ། །བདེ་བླག་ཏུ་ནི་རྟོགས་འགྱུར་བ་ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་མངོན་པར་རྟོགས་པ་བརྒྱད་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་རོ་ཞེས་བྱ ་པ་ནི་རྣམ་པར་དབྱེ་བ་བརྩོམ་པའི་དགོས་པ་གཉིས་པ་ཡིན་ནོ། །དེ་ལྟར་ན་མཚན་ཉིད་ཀྱི་བསྟན་བཅོས་མཛད་པའི་དགོས་པ་འདི་དག་ཁོ་ནས་སྐྱེས་བུའི་དོན་གྲུབ་པ་ཐམས་ཅད་རྫོགས་པར་འགྱུར་བ་ཡིན་པས་ན་ཐུག་པ་མེད་པ་མ་ཡིན་ནོ། །འདི་ལྟར་སྟོང་ཕྲག་བརྒྱ ་པ་ལ་སོགས་པའི་མདོ་ལ་ལར་བསྡུས་པ་དང། བསྡུས་པ་རྒྱས་པ་དང། རྒྱ་ཆེ་བ་དང་རྟོགས་པར་དཀའ་བ་ཡིན་ལ། བསྟན་བཅོས་འདི་ནི་དེ་ལས་གོ་ཟློག་པ་ཡིན་ནོ། །དེ་བས་ན་འདིས་ནི་ཚེ་དང་བློ་དང་ཤེས་རབ་ཆུང་དུ་དང་ལྡན་པ་དག་གིས་ཀྱང་རྣམ་པར་ཕྱེ ་བས་མངོན་པར་རྟོགས་པའི་དོན་མདོ་ལ་ཤེས་པ་དང། དེ་བསྒོམས་པས་ཀྱང་སངས་རྒྱས་ཉིད་ལ་སོགས་པ་འགྲུབ་པར་འགྱུར་བ་ཡིན་པས་སེམས་དང་ལྡན་པ་སུ་ཞིག་བསྟན་བཅོས་འདི་ལ་དོན་མེད་པ་ཉིད་དུ་རྟོགས་པར་བྱེད། །བཤད་མ་ཐག་པའི་མདོ ་དང་དེའི་མཚན་ཉིད་མཛད་པ་སངས་རྒྱས་དང་བྱམས་པ་དག་ལ་གོ་རིམ་བཞིན་དུ་དེ་གཉིས་ཀྱིས་གདུལ་བྱ་ཤེས་རབ་ཀྱིས་རློབ་པ་དང། ཅིག་ཤོས་ཀྱང་ཡོད་པས་དོན་མེད་པ་མ་ཡིན་ནོ། །འདིས་ནི་གང་ལ་ལ་ཞིག་མངོན་པར་རྟོགས་པ་ཉིད་ཀྱི་རྒྱན་ཡིན་གྱིS ་མཚན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་ཟེར་བ་དེ་དག་ཀྱང་བསལ་བ་ཡིན་ཏེ། གཉི་གའི་ཡང་རྒྱན་པ་ནི་ཕྱིར་རོ། །གང་ཡང་མདོ་ལས་བསྡུས་པ་དང་རྒྱས་པ་ཉིད་ལ་སོགས་པའི་དོན་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཅན་མ་ཡིན་ནོ་ཞེས་ཟེར་བས་དེའི་གཞུང ་གིས་ནི་མཚན་ཉིད་མཛད་པས་དོན་གང་ཡང་བྱས་པ་མ་ཡིན་ནོ་ཞེས་ཟེར་ན། མདོ་སྡེའི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནུབ་པས་དེའི་མཚན་ཉིད་ལ་ཡང་གདུལ་བྱ་གུས་པར་མི་འགྱུར་བའི་ཕྱིར་གཙོ་བོ་ཉིད་ཡིན་པས་དོགས་པ་གཉིས་གསུངས ་པ་ཡིན་ནོ། །འབྲེལ་པ་ལ་སོགས་པ་ནི་དོན་གྱི་ཤེས་པར་འགྱུར་བས་རབ་ཏུ་བྱེད་པ་ལས་མ་སྨོས་སོ། །འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད?་བྱེད་པ། །ཡོངས་བརྟགས་དབང་དུ་བྱས་པའི་ཚིག་།དེ་ལས་གཞན་པ་དབང་བྱས་མིན་ཞེས་སྨོས་པས ་དམ་པ་རྣམས་ནི་ཡོངས་སུ་བརྟག་པ་ཉིད་ཀྱིས་འཇུག་པར་བྱའོ་ཞེས་བྱ་བ་འདི་ནི་ལེགས་པར་སྨྲས་པ་ཡིན་ནོ། །ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཞེས་བྱ་བ་ནི་རྫུ་འཕྲུལ་དང་ཀུན་བརྗོད་པ་དང། རྗེས་སུ་བསྟན་པའི་མཚན་ཉིད་ཅན་གྱིས་སོ། །རང་དང་གཞན་གྱི་?་ཕུན ་སུམ་ཚོགས་པ་ནི་ངེས་པར་ལེགས་པ་ལ་སོགས་པ་གང་ཡིན་པ་སྟེ། དེ་དག་སྒྲུབ་པར་བྱས་ལ། ཅི་ལ་ཡང་མ་རིག་པར་ཆས་པ་ནི་ཕྱིར་མི་སྡོག་པ་ཉིད་ཀྱི་གོ་ཆ་བསྟན་པར་བྱས་པས་སོ། །ཉམས་སུ་མྱོང་བ་ཤིན་དུ་གསལ་པ་ནི་མཚན་ཉིད་ཀྱི་བསྟན་བཅོས་ཉེས་པ ་ལ་སོགས་པ་གསལ་པར་བྱས་པའི་ཤེས་པའོ་དེས?་བཞག་པའི་བག་ཆགས་ནི་མཚན་ཉིད་ཀྱི་བསྟན་བཅོས་ཕུལ་དུ་བྱུང་བའི་ཤེས་པ་གཅིག་ནས་གཅིག་ཏུ་རྒྱུད་པ་ལས་བྱུང་བའི་ནུས་པའོ། །དེ་ལས་བྱུང་དགའ་?་དྲིན་པའི་ཤེས་པ་གང་ཡིན་པ་ནི་དྲན་པའི་ཤེས ་པ་སྟེ། དེ་ལ་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པ་བསྒྲུབ་ཅིང་ཉམས་སུ་ལེན་པ་དེ་ཉིད་ནི་སྤྱོད་པ་ཡིན་ཏེ། འཁོར་བ་ཅི་སྲིད་པར་བརྟེན་པ་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་ནི་ཆོས་ཀྱི་དབྱིངས་ཁྱབ་པའི་ཤེས་པའོ། །དེ་རྟོགས་པ་ནི་མངོན་སུམ་དུ་བྱེད་པའོ།། ་དེ་ཉིད་ནི་མཚན་ཉིད་སྟེ། ངོ་བོ་ཉིད་སྟེ་རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་སོགས་པ་གང་ཡིན་པའོ། །དེ་རྣམས་རྟོགས་པའི་རིམ་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་པའི་རིམ་པ་ངེས་རྟོགས་པའོ། །འདིས་ནི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་དེ་དང་དེར་གནས་ཤིང་སངས་རྒྱས་ཉིད་སྒྲུབ་པ་ཡིན་པའི་ཕྱིར་རོ་ཞེས་འདིའི་དགོས་བ?་སྨྲས་པ་ཡིན་ནོ། །མངོན་པར་རྟོགས་པ་བརྒྱད་བདེ་བླག་ཏུ་རྟོགས་པས་ནི་དགོས་པ་མངོན་སུམ་དུ་བྱེད་པ་ཡིན ་ལ་གལ་ཏེ་མཚན་ཉིད་ཀྱི་བསྟན་བཅོས་ཀྱིས་མདོ་ལ་མངོན་པར་རྟོགས་པའི་དོན་རྟོགས་པར་མ་གྱུར་ན་མདོ་ལ་མངོན་སུམ་དུ་བྱེད་པར་ཡང་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་མངོན་པར་རྟོགས་པ་སོ་སོའི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་དོན་ནི་བྱམས་པ་མངོན་པར་བཞེད་པའི་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་དོན་ཚིག་རེ་རེ་ནས་གསུངས་པ་ཡིན་ནོ། །མ་འཛིངས་པ་ཉིད་ཀྱིས་བསྟན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན ་ལུས་རྣམ་པར་བཞག་པ་ནི་ལམ་དང་གཞུང་གི་བདག་ཉིད་ཅན་ནོ། །འདིར་མདོ་དོན་སྨྲ་བ་རྣམས་ཀྱིས་ནི། དགོས་པ་བསྡུས་པའི་དོན་བཅས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ་ཞེས་རྣམ་པར་བཤད ་པའི་རིགས་པ་ལས་ངེས་པར་བྱས་པ་ཉིད་ཡིན་པའི་ཕྱིར། འཕགས་པ་བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་ཚིག་ལེའུར་བྱས་པའི་རྒྱ་ཆེར་བཤད་པས་འཆད་བཞེད་པས་དགོས་པ་སྨྲས་ཟིན་ནས། རེ་ཞིག་བསྡུས་པ་དང་རྒྱས་པས་བསྡུས་པའི ་དོན་གསུངས་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །དེ་ལ་ཤེS་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གྱི་བདག་ཉིད་ཅན་ཚིག་གི་དོན་བརྒྱད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ངག་ཆེན་པོར་རྟོགས་པའི་ཚིག་ཏུ་བརྗོད་པ་བརྒྱད་ཀྱིས་སམ་ཡང་ན་འོག་ནས་བཤད་པའི ་དངོས་པོ་བརྒྱད་ཀྱིས་ཡང་དག་པར་བཤད་ཅིང་གསུངས་པ་ཡིན་ནོ། །འདིས་ནི་ལམ་དང་གཞུང་གི་བདག་ཉིད་ཅན་གྱི་ཡུམ་གྱི་ལུས་གསུངས་པ་ཡིན་ལ་དེ་གསུངས་པས་ཀྱང་སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བཤད ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཨི་ཚུལ་ཐམས་ཅད་དུ་ཀུན་རྫོབ་དང་དོན་དམ་པས་བརྒྱན་ཏེ། སྟོན་པར་མཛད་པ་ཉིད་ཡིན་ལ། གཞན་དུ་ན་གདུལ་བྱ་རྣམས་མཛའ་ཅིག་ཏུ་ལྟུང་བར་ཐལ་བར་འགྱུར་རོ། །དེ་ནི་དངོས་པོ་བརྒྱད་མདོར་བསྡུས་པ་ནི་ཤེས་རབ་ཅེས ་བྱ་བ་ལ་སོགས་པ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་ཀུན་མཁྱེན་ཉིད་དོ། །དེ་བཞིན་དུ་ལམ་ཐམས་ཅད་ཤེས་པ་ནི་ལམ་ཤེས་ཉིད་དོ། །དེ་བཞིན་དུ་གཞི་ཐམས་ཅད་ཤེས་པ་ནི་ཐམས་ཅད་ཤེས་པ་ཉིད་དོ། །ཐམས་ཅད་མཁྱེན ་པ་ཉིད་གསུམ་ཕོ་འདི་ཉིད་གཅིག་ཏུ་བྱས་པའི་བདག་ཉིད་ཐམས་ཅད་ཤེས་པ་ནི་རྣམ་པ་ཀུན་མངོན་བར་རྫོགས་བར་རྟོགས་པའོ། །དེ་ལས་ཀྱང་རབ་ཀྱི་མཐར་ཕྱིན་པ་ནི། རྩེ་མོར་ཕྱིན་པའོ། །འཆོལ་པ་དང་མ་འཆོལ་བར་རྟོགས་པའི་དོན་གོ་རིམ་དུ་ཡོད་པས་ན། ་མཐར་གྱིས་པའོ། །དོན་དེ་དག་ཉིད་སྐད་ཅིག་མ་གཅིག་གིས་རྟོགས་པས་ན་སྐད་ཅིག་མངོན་རྫོགས་བྱང་ཆུབ་བོ། །སྐད་ཅིག་མ་གཉིས་པར་བཅོས་མ་ཡིན་པའི་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་སྐུར་མངོན་པར་བྱང་ཆུབ་པས་ཆོས་ཉིད་ཀྱི་བདག་ཉིད་ཅན་གྱི ་སྐུ་ནི་ཆོས་ཀྱི་སྐུའོ། །རྣམ་པ་ཐེད་མཁྱེན་པ་ཉིད་དང། དེ་ནས་ཞེས་བྱ་བ་ནི་དེ་ནས་ལམ་ཤེས་པ་ཉིད་ཅེས་བྱ་བ་ལ་སོཌ་པའི་རིམ་གྱིས་སྐབས་རྣམ་པ་བརྒྱད་ཀྱི་གོ་རིམས་བསྟན་པའི་ཕྱིར། ཐམས་ཅད་ལ་སྦྱར་བར་བྱའོ། །དང་ཞེས་བྱ་བ་ནི་རྫོགས་པའོ། །དེ་རྣམ་བརྒྱད་ཅེས་བྱ་བ ་ནི་མངོན་པར་རྟོགས་པ་ནི་བརྒྱད་པོ་དེ་དག་གིས་ཡོངས་སུ་རྫོགས་པ་ཡིན་ཏེ་ལྷག་མ་མེད་པ་དང་མ་ཚང་བ་མེད་པ་འདི་དག་ཁོ་ནས་འཚང་རྒྱ་བ་ཉིད་གྲུབ་པ་ཡིན་ནོ། །ཡང་ན་དེ་ནས་ཆོས་ཀྱི་སྐུ་དང་ཞེས་བསྡུ་པར་བྱ་སྟེ། དེ་ནས་ངག་གི་འབྲས་བུ་ནི་ངེས་པར་བཟུང་བ ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་མངོན་པར་རྟོགས་པ་ནི་བརྒྱད་པོ་འདི་དག་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ། དེ་ལྟར་མངོན་པར་རྟོགས་པ་བརྒྱད་གོ་རིམས་བཞིན་དུ་མདོར་བསྡུས་ཏེ་ཡང་དག་པར་བསྟན་ནས་དེ་བཞིན་དུ་ཅུང་ཟད་ཅིག་གིས ་རྒྱ་ཆེ་པ་བསྟན་པ་ནི། སེམས་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་གྱི་ཕྱིར་འཚང་རྒྱ་བ་ཉིད་ལ་སེམས་འཇོག་པ་ནི། སེམས་བསྐྱེད་པའོ། །དེ་ཡང་སེམས་བསྐྱེད་པ་ནི་ཞེས་བྱ་བ་ལ་སོཌ་པS་སྟོན་ཏོ། །རྣམ་པ་བཅུ་ལ་བསླབ་པ་ནི་གདམ་ངག་དེ་ཡང ་སྒྲུབ་དང་བདེན་པ་རྣམས་དང་ནི། ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ངེས་པར་འབྱེད་པ་ནི་འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱེད་པའོ། །དེའི་ཡན་ལག་ནི་རྒྱུ་སྟེ་དྲོང་ལ་སོགས་པའི་དབྱེ་བས་རྣམ་པ་བཞིའོ། །དེ་ཡང་དམིགས ་པ་དང་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྒྲུབ་པ་ནི་ཉམས་སུ་ལེན་པ་སྟེ། དེའི་རྟེན་ནི་གཞིའོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དེ་ཡང་རྟོགས་པ་ཡིན?་ནི་ཞེས་བྱ་བ་ལ་སོགས་པས ་སྟོན་ཏོ། །དམིགས་པ་ནི། ཡུལ་ཡིན་ཏེ། དེ་ཡང་དམིགས་པ་ཆོས་རྣམས་ཐམས་ཅད་དེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གང་ལ་དམིགས་ནས་འཇུག་པ་དེ་ནི་ཆེད་ཡིན་ཏེ། དེ་ཡང་སེམས་ཅན་ཀུན་མཆོག་ཅེས་བྱ་བ་ལ་སོགས་པ་སྟོན་ཏེ།། ་གོ་ཆ་འཇུག་པའི་བྱ་བ་དང་ཞེས་བྱ་བ་ནི་དང་པོ་གཞན་གྱི་དོན་ལས་ཕྱིར་མི་ལྡོག་པའི་སེམས་ནི་གོ་ཆའོ། །དེའི་བྱ་བ་ནི་སྦྱིན་པ་ལ་སོགས་པ་རྣམ་དྲུག་ལ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །ཉམས་སུ་ལེན་པ་ནི་འཇུག་པ་སྟེ། དེའི་བྱ་བ་ནི་བསམ་གཏན ་གཟུགས་མེད་སྦྱིན་སོགས་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དང་ཞེས་བྱ་བ་ནི་ཐམས་ཅད་དུ་བསྡུས་པ་ཡིན་ནོ། །འདི་དག་གིས་བྱང་ཆུབ་ཐོབ་པའི་སྒོ་ནས་ཡང་དག་བར་འཛིན་པ་ན་ཚོགས་ཏེ་སྙིང་རྗེ་ལ་སོགས་པའོ། །ཚོགས་དེ་ཡང་བརྩེ ་དང་སྦྱིན་ལ་སོགས་པ་དྲུག་ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །ངེས་པར་འབྱུང་བཅས་རྣམས་ནི་ཐོབ་པ་དང་བཅས་པའོ། །དེའི་ཆེད་དུ་བྱ་དང་ཞེས་བྱ་བ་སོགས་པས་སྟོང་ཏོ། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱིའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཀྱིས་ལྷ་རྣམས་ཀྱི་འོད་དྲི་མ་ཅན་དུ་མཛད་པ་ནི་མོག་མོག་བར?་བྱེད་པའོ། །སོགས་པའི་སྒྲས་ནི་ཡུལ་སོ་སོར་ངེས་པ་ལ་སོགས་པའོ། །དེ་ནི་ལྷ་རྣམས་རུང་བར་བྱ་བའི ་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སློབ་མ་བསེ་རུའི་ལམ་གང་དང་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱིས་བཏུལ་བ་ཡིན་པས་ན། །སློབ་མ་སྟེ་ཉན་ཐོས་རྣམས་སོ། །གཅིག་ཏུ་སྤྱོད་པས་ན་བསེ་རུ་སྟེ། རང་སངས་རྒྱས་རྣམས་སོ། །འདི་གཉིས་ཀྱི་ལམ་གང་ཡིན ་པ་དེ་དག་ནི་འཕགས་པའི་བདེན་པ་བཞི་པོ་ལ་སོགས་པ་དང། གཟུང་བའི་རྟོག་པ་ཉམས་ཕྱིར་དང། ཞེས་བྱ་བ་ལ་སོགས་པས་གོ་རིམ་བཞིན་དུ་སྟོན་ཏོ། །འདི་དང་གཞན་པའི་ཡོན་ཏན་གྱིས། ཕན་ཡོན་ཆེ་བ་མཐོད་པའི་ལམ་ཞེས་བྱ་བ་ནི་མཐོང་བ་དང་མཐོང་བའི ་ཡོན་ཏན་དང་ལྡན་པས་འབྲས་བུ་ཆེ་བ་ནི་མཐོང་བའི་ལམ་སྟེ། དེ་ནི་བདེན་དང་བདེན་ལ་བཟོད་པ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བསྒོམ་པའི་ལམ་གྱི་བྱ་བ་ནི་བྱེད་པ་སྟེ། ཀུན་ནས་དུལ་དང་ཞེས་བྱ་བ་ལ་སོགས་པས་སྟོང་ཏོ། །ལྷག་བར་མོས་པ་ནི་མོས་པ་སྟེ ་དེ་ཡང་མོས་པ་རང་གི་དོན་དང་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ཡང་ཆུང?་ངུ?་དང་འབྲིང་དཱ?་ཆེན་པོ་ལ་སོགས་པས་སངས་རྒྱས་?་ལ་སོགས་པས་དོན་ཅི་ལྟ་བ་བཞིན་དུ་མངོན་པར་དགྱེས་པ་ནི་བསྟོད་དང་བཀུར་དང་བསྔགས་པ་དང་ཞེས་བྱ་བ་ཡིན་ཏེ། དེ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དགེ་བའི་རྩ་བ་རྣམས་འཚང་རྒྱ་བ་ཉིད་ཀྱི་ཕྱིར་སྟོབ་པ་ནི་ཡོངས་སུ་བསྔོ་པའོ། །དེ་བཞིན་དུ་དགེ་བ་རྣམས་ལ་ཡང་དག་པར་དགའ་བ་ནི་རྗེས་སུ་ཡི་རང་བའོ། །དེ་གཉིས་ཀྱི་ཡིད་ལ་བྱེད་པ་བླ་ན ་མེད་པ་དག་ནི། འཁོར་གསུམ་རྣམ་པར་དག་པའི་ཕྱིར་བླ་ན་མེད་པའི་སེམས་པའོ། །དེ་དག་ནི་ཡོངས་སུ་བསྔོ་པ་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་དང། ཐབས་དང་མི་དམིགས་པ་དག་གི་ཞེས་བྱ་བ་ལ་སོགས་པ་དག་གིས་གོ་རིམ་བཞིན་ཏུ་སྟོན་ཏོ། །སངས་རྒྱས་ཉིད་ལ ་བསྟོད་པས་ན་བསྒྲུབ་པ་སྟེ། དེ་ཡང་དེའི་ངོ་བོ་ཉིད་མཆོག་ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཤིན་ཏུ་དག་པ་ཞེས་བྱ་བ་ནི་མཛའ་ལས་རྣམ་པར་དག་པ་སྟེ། དེ་ཡང་སངས་རྒྱས་སྟེན་དང་ཞེས་བྱ་བ་ལ་སོགས་པས་འོག་ནས་སྟོན་ཏོ། །ཞེས་བྱ་བ་འདི་ནི་བསྒོམ་པའི ་ལམ་ཞེས་བྱ་བ་ནི་མོས་པ་དང་ཞེས་བྱ་བ་སོགས་པ་ལྔ་པའོ། །མཁས་རྣམས་ཀྱི་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཤེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དགོངས་པ་ཅན་ཡིན ་ནོ་ཞེས། ལམ་ཤེས་པ་ཉིད་བཤད་དོ། །ཤེས་པ་ཞེས་བྱ་བ་དགེ་བའི་བཤེས་གཉེན་ཡང་དག་པ་ལ་སོགས་པའི་སྟོབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོས་པ་ལ་སོགས་པའི་ཤེས་པས་བདག་ལ་སོགས་པ་ཚར་བཅད་པས་སྲིད་པ་མི་གནས ་ཤིང་ཞེས་བྱ་བ་ཉེས་དམིགས་མཐོང་བས་སྒྱུ་མ་དང་འདྲ་བའི་འཁོར་བ་ལ་རྟག་པའི་ལྟོ་བ་ལ་མངོན་པར་ཞེན་པ་མེད་དོ། །སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེས་ཞི་ལ་མི་གནས་ཏེ་བདག་ཉིད་ཐམས་ཅད་རྒྱུན་ཆད་པ་མར་མེ་ལྟ་བུར་མྱ་ངན ་ལས་འདས་པ་སེམས་ཅན་གྱི་དོན་གྱི་ཐབས་མ་ཡིན་པ་ལ་མངོན་པར་ཞེན་པ་མི་བྱེད་དོ། །བཤད་པ་འདིས་ནི་ཤེས་པ་དང་སྙིང་རྗེ་དག་གིས་བྱང་ཆུབ་སེམས་དཔའ་ཨི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་དང་ཆད་པའི་མཛའ་ནང་དུ་མི་ལྟུང་བར་གསུངS ་པ་ཡིན་ཏེ། དེ་ཡང་ཚུ་རོལ་ཕ་རོལ་མཛའ་ལ་མིན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དགེ་བའི་བཤེས་གཉེན་ཡང་དག་པ་ལ་སོགས་པ་ལས་ཡུམ་ཐོས་པ་ལ་སོགས་པའི་ཤེས་པ་མེད་པས་ན། གཟུགས་ལ་སོགས་པ་ལ་ཉེ་བར་དམིགས ་པའི་ཤེས་པ་ནི་ཐབས་མ་ཡིན་པ་སྟེ། དེས་ནི་ཉན་ཐོས་ལ་སོགས་པའི་ཡུམ་ཐོབ་པ་ལས་རིང་བ་ཡིན་ལ། འདི་ལས་གོ་བཟློག་པ་གཟུགས་ལ་སོགས་པ་ལ་མི་དམིགས་པའི་ཤེས་པ་ནི་ཐབས་ཡིན་ཏེ། དེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡུལ ་ཐོབ་པ་ནི་རིང་བ་མ་ཡིན་པ་ཉིད་ཡིན་ནོ། །དོན་འདི་དག་ནི་མཚན་བཅས་དམིགས་སྒོ་ནས་ཞེས་བྱ་བ་ལ་སོགས་པ་དང། འདི་ནི་ཐབས་ལ་ཞེས་བྱ་བ་ལ་སོགས་པས་གོ་རིམ་བཞིན་དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་མི་དམིགས་པ་རིགས་ཡིན་པའི ་ཕྱིར། རབ་འབྱོར་ལ་སོགས་པ་ལས་ཐོས་པ་ལ་སོགས་པས་ཡུམ་གྱི་རང་གི་ངོ་བོ་ཤེས་སོ། །རབ་འབྱོར་ལ་སོགས་པ་དེ་སྟོན་པ་ནི་བཅོམ་ལྡན་འདས་ཀྱི་མཐུ་ཉིད་ཀྱིས་ཡིན་ཏེ། རྩིག་པ་ལ་སོགས་པ་དང་འདྲ་ཞེས་བྱ་བར་དགོངས་སོ། །མཐོང་བའི་ལམ་ལ་སོགས་པ ་རྣམ་པར་གཞོམ་པར་བྱ་བ་ཡིན་པ་འམ་ཡང་དག་པའི་ཤེས་པའི་གེགས་བྱེད་པའི་ཡུལ་ནི་མི་མཐུན་པ་སྟེ། ཡང་དག་པར་ན་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པའམ་དེ་ལས་བྱུང་བའི་འདོད་ཆགས་ལ་སོགས་པའོ། །བླང་བར་བྱ་བ་འམ་གཟུང་བ་ལ་སོགས་པ ་འཇོམས་པར་བྱེད་པའི་ཕྱོགས་ཀྱི་ཡུལ་ནི་གཉེན་པོའི་ཕྱོགས་ཏེ། ཡང་དག་པར་ན་བྱང་ཆུབ་ཡིན་ལ་དེའི་རྒྱུར་གྱུར་པ་ཡིན་པས་འདིར་ལམ་ལ་བྱའོ། །འདི་དག་ནི་གཟུགས་སོགས་ཕུང་པོ་སྟོང་ཉིད་དང་ཞེས་བྱ་བ་ལ་སོགས་པ་དང། སྦྱིན་ལ་སོགས་པ་དང། སྦྱིན་ལ་སོགས་ལ་ངར་འཛིན ་མེད་ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། །རབ་ཏུ་སྦྱོར་བས་ན་སྦྱོར་བ་སྟེ། དེ་ནི་གཟུགས་སོགས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེའི་མཉམ་ཉིད་དང་ཞེས་བྱ་བ་ནི་སྦྱོར་བ་ཉིད་ཀྱིས་མཚུངས་པ་ཉིད་དེ། དེ་ནི་གཟུགས་ལ་སོགས་པ་རློམ་མེད་པ་ཞེས་བྱ་བ་ལ ་སོགས་པས་སྟོན་ཏོ། །མཐོང་བའི་ལམ་ནི་ཡང་དག་པའི་ཡེ་ཤེས་མཐོང་བའི་ལམ་མོ། །དེ་ནི་སྡུག་བསྔལ་ལ་སོགས་བདེན་པ་ལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཉན་ཐོས་ལ་སོགས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་རྣམས་ཀྱི་སྔར་བཤད་པའི་ཐབས་མ་ཡིན་པ་དང་ཐབས་དག་ནི་དེ་འདྲ་ཀུན་ཤེས་ཉིད་དུ་འདོད་ཅེས་བྱ་བ་ཡིན་ནོ། །ཀུན་ནས་དམིགས་པར་བྱ་བས་ན། རྣམ་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅན་ནོ། །སྦྱོར་བར་བཅས་རྣམས་དང་ཞེས་བྱ་བ ་ནི་སྦྱོར་བ་དང་ལྡན་པའོ། །དེ་དག་ཀྱང་གཞི་དང་ཡེ་ཤེས་རྣམ་པ་ཡི་ཞེས་བྱ་བ་ལ་སོགས་པ་དང། གཟུགས་ལ་སོགས་ལ་མི་གནས་ཕྱིར་ཞེས་བྱ་བ་ལ་སོགས་པས་གོ་རིམ་བཞིན་དུ་སྟོན་ཏོ། །བསླབ་པར་བྱ་བ་ཡིན་པས་ན་ཡོན་ཏན་ཏེ། སྦྱོར་བ་དང་རྗེས་སུ་མཐུན ་པའོ། །དེ་ཡང་བདུད་གྱི་མཐུ་བཅོམ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། སུན་པར་བྱེད་པས་ན་སྐྱོན་ཏེ་བར་དུ་གཅོད་པར་བྱེད་པ་རྣམས་སོ། །མཚན་ཉིད་བཅས་པ་ཤེས་པ་ལ་སོགས་པ་མཚན་ཉིད་རྣམ་པ་བཞི་སྟེ་དེ་དང ་ལྡན་པའོ། །དེ་ནི་སྐྱོན་ནི་བཅུ་ཚན་བཞིར་བཅས་པ་ཞེས་བྱ་བ་ལ་སོགས་པ་དང། གང་གིས་མཚོན་ཏེ་ཞེས་པ་ལ་སོགས་པས་གོ་རིམ་བཞིན་དུ་སྟོན་ཏོ། །ཐར་དང་ཞེས་བྱ་བ་ནི་ཉོན་མོངས་བ་དང་བྲལ་བའོ། །ངེས་འབྱེད་ནི་ཁྱད་པར་གྱི་ཡེ་ཤེས་མངོན་སུམ ་དུ་བྱའོ། །གོང་ནས་གང་དུ་ཤེས་པའི་རིམ་པས་འཇུག་པའི་ཕྱིར་དེ་ཉིད་ནི་ཆ་སྟེ། དེ་ལ་ཕན་པའི་ཕྱིར་ཐར་པ་དང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཉིས་སོ། །དེ་ཡང་མཚན་མེད་རབ་ཏུ་སྦྱིན་ལ་སོགས་ཞེས་བྱ་བ་དང། དྲོ་བ་རྣམས་གྱི་དམིགས་པ ་འདིར་ཞེས་བྱ་བ་ལ་སོགས་པས་གོ་རིམ་བཞིན་དུ་སྟོན་ཏོ། །བསླབ་པར་བྱ་བ་ཡོད་པ་དང་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་ན། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་བྱ་བ་ནི་སློབ་པ་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ནོ། །དེ་ཡང་ངེས་འབྱེད་ཡན ་ལག་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདིར་ཡང་དང་ཡང་དུ་འབྱུང་བས་ན་སྲིད་པ་སྟེ་འཁོར་བའོ། །སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བས་ན་ཞི་པ་སྟེ། མྱ་ངན་ལས་འདས་པའོ། །དེ་དག་གི་མཉམ་པ་ཉིད་ནི་མཚུངས་པ་མེད ་དོ། །དེ་ཡང་ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །ཞིང་ནི་སངས་རྒྱས་བཞུགས་བའི་གནས་སོ། །དེའི་དག་པ་བླ་ན་མེད་པའི་མཆོག་སྟེ། དེ་ནི་སེམས་ཅན་འཇིག་རྟེན་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། ་རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། འདི་ནི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་གསུམ་པོ་འདི་དག་གི་རྣམ་པ་ཐམས་ཅད་ཤེས་པ་ཡིན་ནོ། །དེ་ཡང་ཐབས་མཁས་བཅས་པ་ཡིན་ཞེས་བྱ་བ་སེམས་མ་ཞུམ་པ་ལ་སོགས་པ་ཉིད་ཀྱིས་བྱང་ཆུབ་སེམས ་དཔའ་ཨི་ཐབS་ལ་མཁས་པ་དང་ལྡན་པའོ། །མཁས་པ་དེ་ཡང་འདིའི་ཡུལ་དང་སྦྱོར་བ་སྟེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྩེ་མོའི་མངོན་པར་རྟོགས་པ་ནི་དེའི་རྟགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གིས་མཚོན་ཅིང་ཤེས་པར་བྱེད་པ་དེ་ནི་རྟགས་ཏེ། རྫེ་མོའི ་མངོན་པར་རྟོགས་པ་དེའི་འོ། །དེ་ཡང་རྨི་ལམ་ན་ཡང་ཆོས་རྣམས་ཀུན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བསོད་ནམས་ཀྱི་ཁྱད་པར་རྣམ་པར་འཕེལ་བ་ནི་རྣམ་པར་འཕེལ་བ་སྟེ། དེ་ཡང་འཛམ་བུའི་གླིང་གི་སྐྱེ་པོ་སྙེད་ཅེས་བྱ་པ་ལ་སོགས་པས་སྟོན་ཏོ། །ཐམས ་ཅད་མཁྱེན་པ་ཉིད་གསུམ་རྫོགས་པར་བྱེད་པ་ནི། །བརྟན་པ་སྟེ། དེ་ནི་སེམས་ཅན་ཡོངས་མི་གཏོང་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སེམས་ཀྱི་བརྟན་པ་ནི་སེམས་ཀུན་གནས་པ་སྟེ། ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དེ་ནི་གླིང་བཞི་པ་དང་སྟོང་དག་དང་ཞེས ་བྱ་བ་ལ་སོགས་པས་སྟོན་ཏོ། །རྣམ་པར་རྟོག་པ་རྣམ་བཞི་ཡི་ཞེས་བྱ་བ་ནི་འཇུག་པ་དང་ལྡོག་པ་དང་སྐྱེས་བུ་རྫས་སུ་ཡོད་པ་དང་བཏགས་པ་ལ་བརྟེན་པའི་བཟུང་བ་གཉིས་དང་འཛིན་པའི་གཉིས་ཏེ་རྣམ་པར་རྟོག་པ་རྣམ་པ་བཞི་ནི་མི་མཐུན་པའི་ཕྱོགས་ཞེས ་བྱ་བ་ཡིན་ལ། དེའི་གཉེན་བོའི་ཕྱོགས་དོན་གྱི་ཤུགས་ཀྱིས་རྙེད་པ་རྣམ་པ་བཞིའོ། །དེ་ཡང་གང་དུ་ཞེ་ན། མཐོང་བ་ཞེས་བྱ་བ་དང་བསྒོམ་པ་ཞེས་བྱ་བའི་ལམ་ལ་སོ་སོ་ལ་སྟེ་རེ་རེ་ཞིང་ངོ། །དེ་ནི་འཇུག་པ་དང་ནི་ལྡོག་པ་ལ་ཞེས་བྱ་བ་ལ་སོགས་པ་དང་སེམས ་ཅན་རྫས་དང་བཏགས་ཡོད་པར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །མཐོང་བའི་ལམ་ནི་སྦྱིན་པ་ལ་སོགས་རེ་རེ་ལ་ཞེས་བྱ་བ་ལ་སོགས་པས་སྨོས་ཏེ། སྒོམ་པའི་ལམ་ནི་འགོག་དང་བཅས་པའི་སྙོམས་འཇུག་དགུར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། ་ཏིང་ངེ་འཛིན་གང་གི་རྗེས་ཐོགས་ལ་བྱང་ཆུབ་མངོན་སུམ་དུ་བྱེད་པ་དེ་ནི་པར་ཆད་མེད་པའི་ལམ་སྟེ། །དེ་ཡང་སྟོང་གསུམ་སྐྱེ་བ་ཉན་ཐོས་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གང་ཞིག་བར་ཆད་མེད་པའི་ཏིང་ངེ་འཛིན་གྱིས་ལོག་པར་སྒྲུབ་ལ་ཟིལ་གྱིས་མནན ་ནས་བྱང་ཆུབ་མངོན་སུམ་དུ་བྱེད་པ་དེ་རྣམས་དང་བཅས་པ་སྟེ། དེ་ནི་དམིགས་པ་འཐད་དང་དེ་ཡི་ནི་ཞེས་བྱ་བ་ལ་སོགས་པས་བསྟན་པ་ནི་རྩེ་མོའི་མངོན་པར་རྟོགས་པ་ཡིན་ནོ། །སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས ་སུ་དྲན་པ་རྣམ་པ་གཉིས་ཀྱིས་ན་རྣམ་པ་གསུམ་མོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་རྣམ་པ་གཉིས་ཀྱི་ན་རྣམ་པ་བཅུ་གོ་རིམ་གྱིས་ཡོད་པའི་མངོན་པར་རྟོགས་པ་སྟེ། དེ་ཡང་སྦྱིན་པ་ཤེས་རབ་བར་དག་དང་ཞེས་བྱ་བ་ལ་སོགས་པ་འོག་ནས ་སྟོན་ཏོ། །སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་ཆུབ་པ་ཞེས་བྱ་བ་ནི་གུས་པ་དང་རྒྱུན་མི་འཆད་པ་དང་དུས་རིང་པོར་པ་བསླབས་པས་དྲན་པ་ཤིན་ཏུ་གསལ་པའི་སྟོབས་ཀྱིས་སྐད་ཅིག་མ་གཅིག་གིས་སྔར་རྣམ་པར་བསྒོམས་པའི་དོན་ལ ་དམིགས་པའི་ཡེ་ཤེས་སོ། །དེ་ནི་མཚན་ཉིད་སྟེ་མཚན་མའི་དབྱེ་བས་རྣམ་པ་བཞི་ཡིན་ལ་དེ་ཡང་སྦྱིན་པ་ལ་སོགས་རེ་རེས་ཀྱང་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་བཞི་པོ་འོག་ནས་འཆད་པ་ཡིན་ནོ། །ངོ་བོ་ཉིད་ནི་འཇིག་རྟེན་ལས་འདས་པའི ་ལམ་གྱིས་ཐོབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཡང་དག་པར་ན་རྒྱུན་མེད་པའི་ཉིད་ཀྱི་རང་བཞིན་གྱི་མཚན་ཉིད་ཡིན་ལ་དེ་ཡང་ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྐུ་གང་གིས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་། ་སངས་རྒྱས་ཀྱི་ཆོས་ཀྱིས་ཆོས་ལ་ཡང་དག་པར་ལོངས་སྤྱོད་པར་སྟོན་པ་དེ་ནི། །ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ཡང་མཚན་ནི་སུམ་ཅུ་རྩ་གཉིས་དང་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །གང་སྤྲུལ་པ་དང་འདྲ་བར་དོན་གྱི་བྱ་བ་བྱེད་པ་ཤཱ་ཀྱ་ཐུབ་པ ་ལ་སོགས་པའི་སྐུ་དེ་ནི་གཞན་ནི་སྤྲུལ་པ་སྟེ། ཉན་ཐོས་ལ་སོགས་པ་འགྲོ་བ་མ་ལུས་པ་ཕན་ཐོགས་པར་མཛད་པ་ཉིད་ཡིན་པས་ན་སྐུ་ཐམས་ཅད་ཀྱི་མཆོག་གོ་།དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་དེ་དང་འདྲ ་བར་རོ། །དེ་ལྟར་ན་དེ་ལས་གཞན་པའི་སྐུ་དང་ཀྱང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པ་བལྟ་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས་འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ་ཞེས་གང་གསུངས་པ ་ལྔ?། གསེར་འོད་དམ་པ་ལས་ཀྱང། སྐུ་ལ་?་དང་ཁྱབ་མེད་ན། སྐུ་གདུང་ཡོད་པར་ག་ལ་འགྱུར་ཞེས་གསུངས་པ་ཡིན་ནོ། །སྤྲུལ་པའི་སྐུ་ཡང་གང་གིས་འཁོར་ཐ་ཅི་སྲིད་པར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །རྫོགས་པའི་སངས་རྒྱས ་ཀྱི་ཆོས་ཀྱི་སྐུ་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་རང་གི་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་སྐུའོ། །མཛད་པར་བཅས་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་གཞན་གྱི་དོན་བྱེད་པ་སྟེ། འདི་ནི་ངོ་བོ་ཉིད་ཀྱི་སྐུའི་ཁྱད་པར་ཡིན་ནོ། །ཆོས་ཀྱི་སྐུ་མཛད ་པ་དང་བཅས་པ་ནི་བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་དུ་དེ་བཞིན་ལས་ཀྱང་བསམ་གྱིས་མི་ཁྱབ་ཅེས་བྱ་བ་ལ་སོགས་པས་གོ་རིམ་བཞིན་དུ་འོག་ནས་སྟོན་པ་ཡིན་ནོ། །རྣམ་པ་བཞིར་ནི་ཡང་དག་བརྗོད ་ཅེས་བྱ་བ་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་བའི་རྗེས་ཐོགས་ལ་བཅོས་མ་མ་ཡིན་པའི་ཡེ་ཤེས་ཀྱི་སྐུ་ངོ་བོ་ཉིད་ཀྱི་སྐུ་ཞེས་བཤད་པ་གང་ཡིན་པ་དེ་དང་བཅས་པར་བཅོམ་ལྡན་འདས་མངོན་པར་རྫོགས་པར ་འཚང་རྒྱ་པ་ཡིན་ཏེ། གཞན་དུ་ནད་མེད་ན་དེའི་རང་བཞིན་ཉིད་ཡིན་པས་སྐུ་གསུམ་པོ་དག་མེད་པར་ཐལ་བར་གྱུར་པས་རྣམ་པ་བཞིར་བཤད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ཁ་ཅིག་ནི་སྐུ་གསུམ་པོའི་བྱ་བ་ངོ་བོ་ཉིད་ཀྱི་སྐུ་ལོན་ཡིན་ཏེ། །ཡང་དག ་པར་ན་བཅོམ་ལྡན་འདས་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་ཐམས་ཅད་དུ་བཤད་དོ་ཞེས་ཟེར་རོ། །ཡང་ན་མཛད་པ་དང་བཅས་པས་འགྲོ་བ་ཞི་བ་ལ་སོགས་པ་ལ་འཇུག་པས་ན་མཛད་པར་བཅས་པ་ནི་རྩ་བ་ཆོས་ཀྱི་སྐུ་སྟེ་རྣམ་པ་བཞིར་ཡང་དག་པར ་བརྗོད་དོ། །ཇི་ལྟར་ཞེ་ན་ངོ་བོ་ཉིད་སྐུ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཕྱོགས་འདི་ལ་དེ་བཞིན་གཞན་ནི་ཆོས་སྐུ་དང་ཞེས་བཤད་ན་རྟོགས་སླ་བ་ཡིན་ནོ། །རྩ་བ་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་སྐུ་ལྔའི་བདག་ཉིད་ཅན ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་བཤད་པའི་རིམ་པས་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་གྱི་ཕྱིར་བྱང་ཆུབ་སྟེ་སངས་རྒྱས་ཉིད་ཐོབ་པའི་བསམ་པས། འབྲས་བུ་ཡིན་པའི་ཕྱིར་ཞེས་པ། ཕྱིན་ཅི་མ་ལོག་པར་རྟོགས་པ་ཉིད་ཡིན ་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་དགོས་ཤིང་མངོན་སུམ་དུ་བྱང་དགོས་པས་གཏན་ཚིག་དེའི་ཕྱིར་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བསྡུས་པའི་ཚིག་ལེའུར་བྱས་པ་སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་དེ་བཤད ་པའི་སྒོ་ནས་དེ་རྣམ་པར་དབྱེ་པའི་སྐབས་ཡིན་པས་བཤད་པར་བཞེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གི་དོན་གྱི་དེ་ཁོ་ན་ཉིད་ཁྱད་པར་གྱིས་ཉེ་བར་བསྟན་པར་མངོན་པར་བཞེད་པ་ཡིན་ཏེ། སེམས་བསྐྱེད་པ་ཡི་དམིགས་པ་དང་རང་གི་ངོ་བོ་དང་བཅས ་པ་སེམས་ཅན་གྱི་དོན་ལ་དམིགས་པའི་སྨོན་པ་དང་འཇུག་པའི་རང་བཞིན་ནི། སེམས་བསྐྱེད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། ཉན་ཐོས་ཞི་བ་ཞེས་བྱ་བ་ལ་སོགས་པ་ཡུམ་གྱི་བསྟོད་པའི་ལེའུར་བྱས་པ་ནི་ཇི་ལྟར་རུང་བས་ཡང་དག་པའི ་དོན་ཕུན་སུམ་ཚོགས་པར་འགྱུར་པ་ཡིན་པས་དེ་ལ་བརྒལ་དུ་ཅི་ཞིག་ཡོད་ཅེས་བྱ་བར་དགོངས། སེམས་བསྐྱེད་པ་དམིགས་པ་དང། རང་གི་ངོ་བོ་དང་བཅས་པ་ནི་སེམས་ཅན་གྱི་དོན་ལ་དམིགས་པའི་སྨོན་པ་དང་འཇུག་པའི་རང་བཞིན་ཏེ། སེམས་བསྐྱེད་པ ་ནི། ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའ་ཨི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ་ཞེས་བཤད་པས། སེམས་དང་སེམས་ལས་བྱུང་བ་དག་དབྱེ་བ་ཡོད་པར་སྨོས ་པ་ཡིན། དེ་འདིར་ཇི་ལྟར་འདྲེན་མར་བྱས་པ་ཡིན་ཞེས་བྱ་བའི་བསམ་པ་དང་ལྡན་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་བའི་ཆོས་ལ་འདུན་པ་ནི་མ་ཆགས་པ་ལ་སོགས་པ་ལ་འཇུག་པ་ཉིད་ཡིན ་པའི་ཕྱིར་དགེ་བའི་བདག་ཉིད་ཅན་གཞན་གྱི་དོན་གྱི་ཕྱིར་བྱང་ཆུབ་མངོན་པར་འདོད་པའོ། །སེམས་ཡུལ་ཁྱད་པར་ཅན་དུ་འཕགས་པར་སྣང་བ་ནི་གཞན་གྱི་དོན་ལ་དམིགས་པར་སྣང་བའོ། །རྒྱུས་འབྲས་བུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་རྒྱུ ་ནི་དགེ་བའི་ཆོས་ལ་འདུན་པའོ། །འབྲས་བུ་ནི་སེམས་བསྐྱེད་པ་སྟེ། ཆོས་ལ་མངོན་པར་འདོད་པ་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །དེ་བས་ན་འདི་གཉིས་ཉེ་བར་བཏགས་པས་གཅིག་ཏུ་བྱས་པ་ལ། ཉེས་པ་མེད་དོ། །ཞེས་བྱ་བར་དགོངS ་སོ། །ཡང་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། དེས་ན་འདིར་གཞན་གྱི་དོན་གྱི་ཕྱིར་སངས་རྒྱས་སུ་གྲུབ་པར་གྱུར་ཅིག་ཅེས་གསོལ་བ་འདེབས་པ་ནི་སྨོན་ལམ་གྱི་དོན་ཡིན་ལ་སྦྱིན་པ་ལ་སོགས་བ་ཉམས་སུ་ལེན་པ་ནི་འཇུག་པའི་དོན་ཡིན་ནོ་ཞེས་སྐབས་ཀྱིས ་སྨྲས་པ་ཡིན་ནོ། །དེ་དང་ལྷན་ཅིག་སྤྱོད་པ་ནི་དོན་དུ་གཉེར་བ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ནི་དེའི་སྒྲར་ཞེས་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་སྒྲར་བསྟན་པ་ཡིན་ནོ། །འདིས་ནི་མཚམས་སྦྱར་དང་རྒལ་ལན་དང་བཅས་པ་ཡིན ་ཏེ། འདིའི་འོག་མ་རྣམས་ལ་ཡང་བརྟག་པར་བྱའོ། །དེ་ལྟར་ན་དོན་དུ་གཉེར་བ་དང་ལྷན་ཅིག་པར་རྟོགས་པའི་སྨོན་ལམ་དང་འབྲེལ་པའི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་སུམ་ཅར་ལས་ཞེས་བྱ་བ་ནི་སྟོང ་ཕྲག་བརྒྱ་པ་དང། སྟོང་ཕྲག་ཉི་ཤུ་ལྔ་པ་དང། སྟོང་ཕྲག་བརྒྱ་པ་ཞེས་བྱ་བ་ལས་འདི་ཉིད་ནན་ཏན་དུ་བྱའོ་ཞེས་འོག་མ་དང་སྦྱར་རོ། །སྦྱིན་པ་ལ་སོགས་པ་ཞེས་བྱ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། སྦྱིན་པར་བྱ་བ་སྟེ་དངོས་པོ་དང། སྦྱིན་པ་པོ་སྟེ། ་བདག་ཉིད་དང། ལེན་པ་པོ་སྟེ་སློངས་མོ་པ་མི་དམིགས་ཏེ་དེ་ཁོ་ན་ཉིད་དུ་ན་སྦྱིན་བར་བྱ་བ་ལ་སོགས་པ་དམིགས་སུ་མེད་པའི་ཕྱིར་རོ། །ནན་ཏན་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་སྟོན་བ་ལྷུར་ལེན་བའི་ཚིག་གིས་ཞེས་བྱ་བ་ལ་ནན་ཏན་དུ་བྱ་བ་ནི་བསླབ ་པ་སྟེ། རྣལ་འབྱོར་དུ་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས་བསྒྲུབ་པར་བྱའོ། །བསླབ་པར་བྱའོ། །རྣལ་འབྱོར་དུའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་སོ། །བསྡུས་པ་དང་རྒྱས་པོ་སྒོ་ནས་ཞེས་བྱ་བ་ནི་གསུམ་པར་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པའོ། །སྦྱིན་པ་ཞེས ་བྱ་བ་ལ་སོགས་པ་ནི་རྒྱས་པ་ཉིད་དོ། །མདོའི?་དོན་དང་མི་འགལ་བས་ཞེས་བྱ་བ་ནི་དཀོན་མཆོག་རྣམ་བདུན་དང་སྡོང་པོ་བཀོད་པ་ལ་སོགས་པ་མདོའི་དོན་དང་མི་འགལ་བས་སོ། །ཡང་དག་པར་རྫོགས་པའི་བྱང ་ཆུབ་བསྟན་པ་ནི་ཡང་དག་བར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་ལམ་བཅོམ་ལྡན་འདས་གཞན་གྱི་དོན་གྱི་ཕྱིར་སྣོད་དུ་རུང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་གང་ཡིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུལ་གང་ལ་སོགས་པར་སྤྱོད ་པའི་ལས་སྤྱོད་པ་གང་ཡིན་པ་དང། གང་ཞིག་ཀུན་དུ་སྤྱོད་པ་དང་ཀུན་དུ་སྤྱོད་པ་གང་ཡིན་པ་དེ་ལ་མི་དམིགས་པ་དང། དེ་བཞིན་དུ་བཟོད་པ་ལ་སོགས་པ་ཡང་བལྟ་བར་བྱའོ། །སེམས་ཅན་ཐམས་ཅད་སྐལ་པ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་ནི ་གདུལ་བྱ་མ་ལུས་པ་ཇི་ལྟར་མཚན་པ་བཞིན་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་བ་ལ་རབ་ཏུ་འགོད་པར་འདོད་པས་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སེར་སྣ་ཅན་ལ་སོགས་པ་ཞེས་བྱ་བ་ནི་གཏོང་བ་མེད་པ་དང། ཉེས་པར་སྤྱོད་པ ་ཐམས་ཅད་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་འགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་ནན་ཏན་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །འདིར་ཡང་སེམས་ཅན་ཐམས་ཅད་ཞེས་བྱ་བ་ལ་སོགས་པ་ནི་བསྡུས ་བ་ཡིན་ལ། སེར་སྣ་ཅན་ལས་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པ་སྟེ། གཞན་གྱི་དོན་བསྟན་པ་ཡིན་ནོ། །དངོས་སུ་ལན་སྟོན་པའི་མཚན་ཉིད་ཡིན་པའི་ཕྱིར་གཞན་གྱི་དོན་ཏོ། །རྒྱལ་བའི་ཡུམ་ཞེས་བྱ་བ་ལ་སོགས་པ་སྨོས་པས་མི་དམིགས་པས་མངོན་པར ་རྟོགས་པ་བརྒྱད་ཀྱི་ལམ་བྱང་ཆུབ་སེམས་དཔའ་རང་ཉིད་རྫོགས་པའི་བྱང་ཆུབ་ལ་འཇུག་པར་བྱ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ། །གདུལ་བྱ་རྣམས་ཀྱང་དེ་དང་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་གཞན ་གྱི་དོན་ཡིན་ནོ། །དེ་ཡང་བསྡུས་བ་དང་རྒྱས་པ་དག་གིས་མདོ་བཞིན་དུ་བསྟན་པ་གང་ཡིན་པ་དེ་བསྡུས་པ་དང་རྒྱས་པ་དག་གིས་དེ་བཞིན་དུ་གསུངས་པ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་མདོའི་དོན་ཡིན་ནོ། །འདིས་ནི་སེམས་བསྐྱེད་པ་བཤད་པའི་གནས ་སྐབས་ཡིན་པས་མངོན་པར་རྟོགས་པའི་རྐྱེན་གྱི་བསྟན་བཅོས་མདོ་དང་མི་མཐུན་བ་གསལ་བར་བྱས་པ་ཡིན་ཏེ། མདོ་སྡེ་རྣམས་དང་རྒྱལ་བའི་ཡུམ་ཚིག་གཅིག་པ་ཉིད་དུ་སྟོན་ཏེ། ཚུལ་ཅིག་དང་འགལ་བའམ་མདོ་དང་མི་མཐུན་པའི་དོན་ལ་རྟོགས ་བ་དང་ལྡན་པ་སུ་ཡང་འཇུག་པར་མི་འགྱུར་རོ། །སྔར་སེམས་བསྐྱེད་པ་མདོར་བསྡུས་ཏེ་གསུངས་པའི་ཁྱད་པར་གྱིས་རབ་ཏུ་དབྱེ་བ་རྒྱ་ཆེར་བསྟན་པའི་གནས་སྐབས་ཀྱི་ཁོངས་སུ་གཏོགས་པ་ཡིན་པའི་ཕྱིར། བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། ་འདུན་པ་དང་བསམ་པ་དང་ལྷག་པའི་བསམ་པ་?་གཞན་གྱི་དོན་མངོན་པར་འདོད་པ་ཆུང་དུ་དང་འབྲིང་དང་ཆེན་པོའོ། །སྦྱོར་བ་ནི་སྦྱིན་པ་ལ་སོགས་པ་ལ་ལུས་ལ་སོགས་པའི་བྱ་བའོ། །སྦྱིན་པ་ནི་སློང་བ་རྣམས་བསམ་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་སྟེར ་བའོ། །ཚུལ་ཁྲིམས་ནི་ལེགས་པར་སྤྱོད་པའི་ལས་རྣམས་སོ། །བཟོད་པ་ནི་གཞན་གྱི་གནོད་པ་ཤེས་པ་བརྣགས་ནུས་པའོ། །བརྩོན་འགྲུས་ནི་དགེ་བའི་ལས་རྣམས་ལ་སྤྲོ་བའོ་བསམ་གཏན་ནི་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་ཐོས་པ་ལ་? ་པའི་ཤེས་པའོ། །ཐབས་མཁས་པ?་ནི་འཚང་རྒྱ་བ་ཉིད་ཀྱི་ཐབས་ལ་སེམས་མ་ཞུམ་པ་ལ་སོགས་པ་ལ་བྱ་བའོ། །སྨོན་ལམ་ནི་སྔ་མ་བཞིན་ནོ། །སྟོབས་ནི་འདི་ཉིད་ལ་བསྟན་པས་གོ་བགོས་པའོ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་ལ་བློ་ཕུལ་དུ ་བྱུང་བའོ། །མངོན་པར་ཤེས་པ་ནི་ཀུན་ནས་ཤེས་པ་སྟེ། ལྷའི་མིག་ལ་སོགས་པའོ། །བསོད་ནམས་དང་ཡེ་ཤེས་ནི་འོག་ནས་བཤད་པའི་བསོད་ནམས་དང་ཡེ་ཤེས་རྣམས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་ནི་འོག་ནས་བཤད ་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ། །སྙིང་རྗེ་ནི་སེམས་ཅན་གདོན་པར་འདོད་པའི་རྣམ་པའོ། །ལྷག་མཐོང་ན་ཤེས་རབ་བོ། །གཟུངས་དང་སྤོབས་པ་ནི་དོན་ལ་སོགས་པ་འཛིན་པའི་ཤེས་པའོ། །ཆོས་ཀྱི་སྐྱེད་མོས་ཚལ་ནི་གུང་དང་རྟོགས ་པའི་བདག་ཉིད་ཅན་གྱི་ཆོས་ཉེ་བར་འབྱིན་པ་འམ་མདོར་བསྡུས་ནས་རབ་ཏུ་སྟེར་བའོ། །བགྲོད་པ་གཅིག་པའི་ལམ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་གཅིག་ཏུ་འཇུག་པ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུ་སྟེ་འདི་རྣམས་དང་ལྡན ་ཞིང་དེ་དང་འབྲེལ་པའི་སེམས་བསྐྱེད་པ་ནི་ས་ལ་སོགས་པ་དང་འདྲའོ། །དེ་ནི་གོ་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཚང་རྒྱ་བ་ཉིད་ལ་སོགས་པའི་དགེ་བའི་ལམ་སྟོན་པས་ན་དགེ་བའི་བཤེས་གཉེན་ཏེ་བླ་མའོ། །སེམས ་ཅན་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་སྟེར་བས། ཡིད་བཞིན་གྱི་ནོར་བུའོ། །རྟག་པ་དང་བདག་ལ་སོགས་པར་རྨོངས་པའི་སྐྱེ་བོས་མཉན་པར་བྱ་བའི་དོན་ཚར་བཅད་པས་མཉན་པར་བྱ་བའི་བདག་མེད་པ་ཉིད་ལ་སོགས་པའི་དོན ་ཁོ་ན་ཉིད་ཡང་དག་པར་དུས་ཇི་ལྟ་བ་བཞིན་དུ་ཀུན་ནས་སྟོན་པའི་བདག་ཉིད་ཅན་གྱི་སྒྲ་ནི་ཆོས་ཀྱི་སྒྲ་དབྱངས་སྙན་པ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པའོ། །དབང་པོ་ལ་སོགས་པའི་གེགས་ཚར་བཅད་པས། བཅོམ་ལྡན་འདས་མངོན་པར་རྫོཌ ་པར་སངས་རྒྱས་པ་ན་དེ་ལ་མངོན་པར་དང་པའི་ལྷ་རྣམས་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྒྲ་ཀུན་ནས་སྒྲོགས་པ་ནི་སྒྲ་སྙན་པའོ། །དཔེ་དང་དཔེས་བརྗོད་པའི་དངོས་པོ་ངེས་པར་སྤྱད་པས་ས་ལ་སོགས་པའི་དོན་གྱི་བྱ ་མཉམ་པའི་འདུན་པ་ལ་སོགས་པ་ནི། ཆོས་དཀར་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆོས་དཀར་པོ་ཐམས་ཅད་ནི་མ་ཆགས་པ་ལ་སོགས་པའོ། །དེའི་གཞི་ནི་གནས་སོ་དེའི་དངོས་པོ་ནི་མ་ཆགས ་པ་ལ་སོགས་པ་ཡོད་པའོ། །བྱང་ཆུབ་ཀྱི་བར་དུ་མི་འགྱུར་བ་ནི་འཚང་རྒྱ་བ་ཉིད་ཀྱི་བར་དུ་གཞན་དུ་མི་འགྱུར་བའོ། །དགེ་བའི་ཆོས་མཛའ་དག་ནི་མ་ཆགས་པ་ལ་སོགས་པའོ། །དེའི་རྣམ་པར་འཕེལ་བ་ནི་གོང་ནས་གོང་དུ་འཕེལ་བའི་རིམ་གྱིས ་ལྷག་པའོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པ་ནི་དེའི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་རྣམས་སོ། །དེ་ཉིད་བུད་ཤིང་ཡིན་ཏེ་སྲེག་པའོ། །སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་ནི་གདུལ་བྱ་རྣམས་ལ་བསམ་པ་ཇི་ལྟ་བ་བཞིན ་དུ་ཆོས་དང་ཟང་ཟིང་རབ་ཏུ་སྦྱིན་པས་ཚིམ་པར་བྱེད་པའོ། །ལུས་ལ་སོགས་པ་དགའ་བ་བསྐྱེད་བ་ཉིད་ཀྱིས་ན་བསླབ་བར་བྱ་བ་ཡིན་པའི་ཕྱིར་ཡོན་ཏན་རིན་པོ་ཆེ་སྟེ་སྟོབས་བཅུ་ལ་སོགས་པའོ། །དེ་རྣམས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་དེའི་རྟེན་གྱི ་དངོས་པོའོ། །མི་འདོད་པ་ཐམས་ཅད་མི་བཟོད་པར་དཀའ་བའི་རལ་གྲི་དང། མདའ་དང། ལྕགས་མདུང་དང། མདུང་ཐུང་ལ་?་པའོ། །དེ་ཐོག་དུ་བབ་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སྙིང་པོ་ལ་ཞུགས་པའི་ཐད་དུ་བབ་པའོ། །དེས་མ་འཁྲུཌ ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མ་གཡོས་པའོ། །སངས་རྒྱས་པ་ཉིད་ཀྱི་རྗེས་ཐོགས་ལ་ཡང་དག་པར་ངེས་པ་ནི་ཡིད་ཆེས་པ་སྟེ། དེས་མི་འཇིགས་པ་བཞི་བརྙེས་པ་ན་བརྟན་པ་སྟེ་མི་ཚུགས་པའོ། །དེས་མི་ཕྱེད་པ་ནི་སྐུལ་བར་བྱེད་པ་དང ་བདུད་རྣམས་གྱིས་དབྱེ་བར་མི་ནུས་བའོ། །དམིགས་པ་ནི་འདོད་པའི་ལྷས་བཏང་བའི་རང་གི་བུ་མོ་ལ་སོགས་པའོ། །གང་དེ་རྣམས་ཀྱི་རྣམ་པར་གཡེང་བ་ནི་མིག་ཟུར་གྱིས་ལྟ་བ་ལ་སོགས་པའོ། །དེས་མི་བསྐྱོད་པ་ནི་ཏིང་ངེ་འཛིན་ལས་མ་གཡོས་པའོ། ། ་ཉོན་མོངས་བ་ཤེས་བྱའི་སྒྲིབ་བ་ནི་སངས་རྒྱས་ཉིད་མཐོང་བའི་ནད་མོང་པའི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རྩིག་པ་ལ་སོགས་པ་དང་འདྲ་བར་འདོད་ཆགས་ལ་སོགས་པ་དང་གཟུགས་ལ་སོགས་པ་བཟུང་བ་རྣམས་ནི་སྒྲིབ་པ་ཡིན་པས་ན་སྒྲིབ་པའོ། །དེ ་ཉིད་ནི་འཁོར་བ་གཅིག་ནས་གཅིག་ཏུ་རྒྱུད་བར་འཚོར?་བྱེད་པ་ཉིད་ཡིན་པའི་ཕྱིར་ནང་དོ། །རྣམས་རབ་ཏུ་ཞི་བ་ནི་རྣམ་པར་ཞི་བའོ། །གནས་སྐབས་ཐམས་ཅད་དུ་ལྷ་མོ་སྒྱུ་འཕྲུལ་ལ་སོགས་པའི་ལྷུམས་ནས་ནུར་ནུར་པོ་ལ་སོགས་པ་མེད་པར་གཞལ་ཡས་ཁང་ན་རྡོ་རྗེ ་?་དཀྲུང་གིས་བཞུགས་པ་ལ་སོགས་པའི་གནས་སྐབས་སུ་དེར་སེམས་ཅན་ཏེ། དབང་པོ་ལ་སོགས་པའི་དོན་དུ་ཆོས་སྟོན་པ་ལ་སོགས་པ་སྟེ་དེ་ཡོངས་སུ་མི་གཏོང་བའོ། །ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་པ་ནི་འཚད་རྒྱ་བ་ལ་སོགས་པའི་འབྱོར་པ ་རྫོགས་པའོ། །གདུལ་བྱ་སྟེ་ཉན་ཐོས་པ་སོགས་པ་རང་གི་མྱ་ངན་ལས་འདས་པར་སྨིན་པར་བྱེད་པ་ནི་ཡོངས་སུ་སྨིན་པར་བྱེད་པའོ། །གདུལ་བྱ་འདུན་བ་བྱེད་པའི་ཆོས་སྟོན་པ་ནི་བསིབ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་གདུལ་བྱ་རྣམས་ཤིན་ཏུ་ཕུལ་དུ་བྱུང་བ་དང་བཅས་པ ་ལ་འཇུག་པའོ། །མཐུ་ཐོགས་པ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་ཟིལ་གྱི་མི་གནོན་པའི་ནུས་པ་མངའ་བ་ཉིད་ཀྱིས་གཞན་གྱི་དོན་ཉམས་སུ་བཞེས་ཤིང་སེམས་ཅན་གྱི་དོན་རྩོམ་པའི་བསྐལ་པ་དུ་མར་སྤྱོད་པའི་གཏོང་བ་དང། ཤིན་ཏུ་གཏོང་བ་དང་གཏོང ་བ་ཆེན་པོ་ལ་སོགས་པ་དང། གནས་པ་སྣ་ཚོགས་པ་ལ་བསླབས་པ་ནི་བསོད་ནམས་དང་ཡེ་ཤེས་ཡིན་ཏེ། དེ་ཉིད་བྱང་ཆུབ་ཀྱི་རྒྱུ་ཉིད་དུ་ཡང་དག་བར་བསགས་པ་ཡིན་པས་ཚོགས་སོ་དེ་རྣམས་ཀྱི་མཛོད་ལྟ་བུ་ནི་རྫས་གཞག་པའི་ཁྱིམ་མོ། །འཕཊ ་པ་ཐམས་ཅད་དེ། བྱང་ཆུབ་སེམས་དཔའ་ལ་སོགས་པ་གཤེགས་ཤིང་རྗེས་སུ་གཤེགས་པ་ནི་ཡང་དང་ཡང་དུ་མངོན་སུམ་དུ་མཛད་ཅིང་རྟོགས་སླ་བར་མཛད་པའོ། །འཁོར་བ་དང་མྱ་ངན་ལས་འདས་བ་དག་སྟེ། སྲིད་པ་དང་ཞི་བ་གང་ཡང་རུང་བ་ཞིག་ཏུ ་ལྟུང་ཞིང་མི་འགྲོ་བའོ། །ཉོན་མོངས་པ་མེད་པར་བྱང་ཆུབ་ཐོབ་པར་བྱེད་པས་ན་བདེ་བླག་ཏུ་འགྲོའོ། །ཐོས་པ་དང་མ་ཐོས་པའི་ཆོས་མི་བཟད་པ་འཛིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོས་པ་དང་མ ་ཐོས་པའི་ཆོས་སྐྱེ་བ་ཐམས་ཅད་དུ་དགའ་བ་ཉིད་ཀྱིས་འཛིན་པར་བྱེད་པ་ཉིད་ཡིན་ཤིང་མི་ཟད་པ་ལ་ཉམས་པ་ཡིན་པའི་ཕྱིར་རོ། །ཐར་པ་འདོད་པ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་མངོན་པར་འདོད་པའི་སེམས་ཅན་རྣམས་ལ་སྦྱིན་པ་ལ་སོགས་པ ་བཤད་པའོ། །གཞན་གྱི་དོན་ཅེས་བྱ་བ་ལ་སོགས་པ་ལ་མཉམ་པ་ཉིད་ཀྱིས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ངེས་པར་ལེགས་པ་དང་མངོན་པར་མཐོ་བ་ཞེས་བྱ་བ་བྱེད་པ་ཡིན་པའི་ཕྱིར་རོ། ། ་དགའ་ལྡན་གྱི་ཞེས་བྱ་བ་ལ་སོགས་པ་སྤྲུལ་པ་ལྷུན་གྱིས་གྲུབ་པ་དགའ་ལྡན་ལ་སོགས་པའི་ལྷ་རྣམས་ལ་ཆོས་སྒྲོག་པ་ལ་སོགས་པའི་དོན་ཡང་དག་བར་སྟོན་པ་ཡིན་པའི་ཕྱིར་རོ། །དེ་དག་དང་འཚམ་ཞིང་རུང་བ་ཉིད་ཀྱིས་ན་འདུན་པ་ལ་སོགས་པ་ནི ་ས་ལ་སོགས་པའི་དོན་གྱི་བྱ་བ་ནུས་པ་ཉིད་ཀྱིས་གྲངས་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །ད་ནི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱིས་བྱང་ཆུབ་པའི་བར་དུ་ཁྱབ་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྐལ་བ་གྲངས་མེད་པ་གསུམ་དུ ་ཤེས་པ་གང་གིས་དགེ་བའི་བཤེས་གཉེན་དང། སངས་རྒྱས་བླ་བསྙེན་བཀུར་བྱ་བ་ལ་སོགས་པའི་ལས་ཀུན་ཏུ་སྤྱོད་པའི་ཤེས་པ་དེ་ནི་ལས་དང་པོ་པའི་སའོ། །ངེས་བསྡུས་པ་ནི་ཆུང་དུ་དང་འབྲིང་དང་ཆེན་པོ་ཉིད་ཀྱིས་དང་པོ་གསུམ་སྟེ། འདུན་པ ་དང་བསམ་པ་དང་ལྷག་པའི་བསམ་བར་རྟོགས་པའི་སེམས་བསྐྱེད་པ་རྣམས་སོ། །འདིས་ནི་དུས་དེའི་ཚེ་དགེ་བའོ་བཤེས་གཉེན་ལ་སོགས་པ་རྟེན་པས་དགེ་བའི་རྩ་བ་གང་ཅི་ཡོད་པ་དེ་ཐམས་ཅད་ཞིང་ས་བཟང་པོ་ལ་བཏབ་པའི་ས་བོན་གྱི་མྱུ ་གུས་འདྲ་བར་གནས་པར་གྱུར་བ་དང། གསེར་བཟང་པོ་དང་འདྲ་བར་ཟད་པ་མེད་པ་དང། ཆོས་གཅིག་གི་ཟླ་བ་དང་འདྲ་བར་འཕེལ་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་གཅིག་ནི་ཞེས་བྱ་བ་ནི་སྦྱོར་བ་དང་ལྡན་པར་འགྱུར་བའི་སེམས་བསྐྱེད ་པའོ། །ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བ་དེ་ལ་འཇུག་པའི་ལམ་གྱིས་བསྡུས་སོ་ཞེས་བྱ་བ་སེམས་གང་གིས་འཇུག་པ་ངེས་བསྡུས་པ་སྟེ། སྦྱོར་བ་དང་ལྡན་པའི་སེམས་འདིས་གང་གི་ཚེ་ཐམས་ཅད་མཁྱེན་པ་གསུམ་ཉིད་ཀྱི་སྒྲིབ་པ་རྣམས་མེས ་ཤིང་བསྲེགས་པ་དང་འདྲ་བར་འགྱུར་བ་དེའི་ཚེས་རབ་ཏུ་དགའ་བ་ལ་སོགས་པར་འཇུག་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེའི་འོག་ཏུ་སྦྱིན་པ་ལ་སོགས་པ་དང་ལྡན་པའི་སེམས་བསྐྱེད་པ་བཅུ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་སྤྱོད་ཡུལ ་ཅན་ཡིན་ཏེ། གོ་རིམ་བཞིན་དུ་རབ་ཏུ་དགའ་བ་དང། དྲི་མ་མེད་བ་དང། འོད་བྱེད་པ་དང། འོད་འཕྲོ་བ་དང། སྤྱད་དཀའ་བ་དང། མངོན་དུ་གྱུར་པ་དང། རིང་དུ་སོང་བ་དང། མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྦྱིན་ཞེས་བྱ ་བའི་ས་བཅུས་བསྡུས་པ་རྣམས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་སེམས་བསྐྱེད་པ་ཕུལ་དུ་བྱུང་བས་ན། རབ་ཏུ་དགའ་བ་ལ་སོགས་པའི་ས་སྐྱེ་བར་འགྱུར་ཏེ། འདིས་ནི་སྦྱིན་པ་ལ་སོཌ་པའི་སེམས་ཕུལ་དུ་བྱུང་བ་ལས་སར་བཅུ་དགའ་ ་བ་ལ་སོགས་པ་ལ་འཇུག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངེས་པར་གོ་རིམ་བཞིན་དུ་གཏེར་ཆེན་པོ་དང་འདྲ་བར་སེམས་ཅན་རྣམས་ཚིམ་པར་བྱེད་པ་དང། རིན་བོ་ཆེའི་འབྱུང་ཁུངས་ཀྱི་གནས་དང་འདྲ་བར་ཡོན་ཏན་རིན་པོ་ཆེའི་རྟེན་ཡིན་པ་དང། ་རྒྱ་མཚོ་ཆེན་པོ་དང་འདྲ་བར་མི་འདོད་པས་མི་འཁྲུག་པ་དང། རྡོ་རྗེ་དང་འདྲ་བར་གང་གིས་ཀྱང་མི་ཤེགས་པ་དང། རིའི་རྒྱལ་པོ་དང་འདྲ་བར་གང་གིས་ཀྱང་སྐྱོད་པར་མི་ནུས་པ་དང། སྨན་ཆེན་པོ་དང་འདྲ་བར་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་བྱེད་ ་དང། དགེ་བའི་བཤེས་གཉེན་དང་འདྲ་བར་སེམས་ཅན་གྱི་དོན་མི་འདོར་བ་དང། ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སྨོན་ལམ་གྱི་འབྲས་བུ་འགྲུབ་པ་དང། ཉི་མ་འདྲ་བར་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང། བཅོམ་ལྡན ་འདས་དང་འདྲ་བར་བདག་མེད་པ་ལ་སོགས་པའི་ཆོས་ཀུན་ནས་སྟོན་པར་བྱེད་པ་ཡིན་ནོ། །དེའའོག་ཏུ་གང་གིས་མི་ལས་ཁྱད་པར་དུ་གྱུར་པའི་ཤེས་པས་བར་ཆད་མེད་པའི་ལམ་ལ་འཇུག་པ་དེ་ནི་ཁྱད་པར་གྱི་ལམ་སྟེ། དེས་བསྡུས་པའོ། །ལྔ་ནི་ཞེས ་བྱ་བ་ནི་མངོན་པར་ཤེས་པ་དང། བསོད་ནམས་དང་ཡེ་ཤེས་དང། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང། སྙིང་རྗེ་དང། ལྷག་མཐོང་དང། སྤོབས་པ་དང་ལྡན་པའི་སེམས་བསྐྱེད་པ་རྣམས་སོ། །དེ་དང་འབྱོར་པའི་སྟོབས ་ཀྱིས་གོ་རིམ་བཞིན་དུ་རྒྱལ་པོ་ཆེན་པོ་དང་འདྲ་བར་གཞན་གྱི་དོན་ལ་རྗེས་སུ་གནས་པ་དང། བང་མཛོད་དང་འདྲ་བར་བསོད་ནམས་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་དང། ལམ་པོ་ཚེ་དང་འདྲ་བར་འཕགས་པ་ཐམས་ཅད་ཀྱིས་བགྲོད་སླ་བར ་མཛད་པའི་ལམ་རབ་ཏུ་ཐོབ་པ་དང། བཞོན་པ་བཟང་པོ་དང་འདྲ་བར་རྟག་པ་དང་ཆད་པའི་མཐར་མི་ལྟང་བ་དང། བཀོད་མའི་ཆུ་དང་འདྲ་བར་གདུལ་བྱ་རྣམས་ཀྱིས་འབྲས་བུ་ཐོབ་པར་བྱེད་པ་ལ་ཟོད་བ་མེད་དོ། །དེ་ནས་སངས་རྒྱས་ཁོ་ནའི་ཡུལ་ཡིན ་པའི་ཕྱིར་སངས་རྒྱས་ཀྱི་ས་བཅུ་གཅིག་པའི་ས་བསྡུས་པ་ནི་ཆོས་ཀྱི་སྐྱེད་མོས་ཚལ་དང། བགྲོད་པ་གཅིག་པའི་ལམ་དང། ཆོས་ཀྱི་སྐུ་དང་ལྡན་པ་སྟེ། གསུམ་གྱིས་བསྡུས་པ་ནི་སྦྱོར་བ་དང། དངོས་གཞི་དང་མཇུག་ཉིད་ཀྱིས་ཡིན་ཏེ། སེམས་གང་གིས ་དང་པོ་ལས་མངོན་པར་སྦྱོར་བ་དེ་ནི་སྦྱོར་བའི་སེམས་སོ། །གང་གི་ལས་རྫོགས་པར་བྱེད་པ་ནི་དངོས་གཞིའོ། །ལས་རྫོགས་པར་བྱས་པ་ལ་སེམས་གང་གིས་ལེགས་པར་བྱས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བ་དེ་ནི་འཇུག་སྟེ། དེ་ཡོད་པ་ཉིད ་ཡིན་པའི་ཕྱིར་རོ་།དེ་ལ་ཡང་གོ་རིམ་བཞིན་དུ་སྒྲ་སྙན་དང་འདྲ་བ་ཐོས་བ་དང་མ་ཏོས་པའི་ཆོས་རྣམས་སྙིང་ལ་འབབ་པར་སྒྲོགས་པ་དང། ཆུ་བོའི་རྒྱུན་དང་འདྲ་བར་སེམས་ཅན་གྱི་དོན་མཉམ་པ་ཉིད་ཀྱིས་བྱེད་པ་དང། སྤྲིན་ལྟ་བུར་དགའ་ལྡན་ལ་སོགས་པར་སྤྲུལ ་པས་དོན་སྟོན་པར་མཛད་པ་ཡིན་ནོ། །ཡོངས་སུ་སྦྱོང་པ་རྣམ་བཅུ་ཡིས། །ས་ནི་དང་པོ་ཐོབ་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་རབ་ཏུ་དགའ་བ་ལ་སོགས་པའི་ས་ནི་རྒྱུད་དུ་མ་ཞིག་གིས་སྒྲུབ་པས་འོག་ནས་འཆད་པ་མ་ཡིན་ནམ། དེ་ཇི་ལྟར་ཀུན་ལ ་སེམས་བསྐྱེད་པས་ཁྱབ་པ་ཡིན་ཞེ་ན་འགལ་བ་མེད་དེ་གང་གི་ཕྱིར་འཚང་རྒྱ་བ་ཉིད་དུ་སེམས་བསྐྱེད་པ་ཁོ་ནའི་རྒྱུའི་གཙོ་བོ་ཡིན་པར་བཤད་ཀྱི་འབྲས་བུ་གང་ལ་ཡང་རྒྱུ་ཅིག་ཡོད་པ་མ་མཐོང་སྟེ། རྒྱུ་གཞན་དག་ཀྱང་བཤད་པ་ལ་ཉེས་པ་མེད་དོ།། ་མདོ་སྡེ་རྒན?་ལས། སེམས་བསྐྱེད་པ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་བཤད་པས ་སོ་སོ་སྐྱེ་བོ་དང། བྱང་ཆུབ་སེམས་དཔའ་དང། དེ་བཞིན་གཤེགས་པའི་སའི་དབྱེ་བས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་རབ་ཏུ་དབྱེ་བ་བསྟན་པ་ཡིན་ལ། དེ་བཞིན་དེ་དོན་རྟོགས་པའི་རིམ་པས་ཇི་སྐད་བཤད་པའི་གོ་རིམ་གྱིས་།བྱང་ཆུབ་ཀྱི ་སེམས་བསྟན་པ་ཡིན་པའི་ཕྱིར། །དེ་ཙམ་ཁོ་ནས་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་མཆོད་བ་མ་ཡིན་ཞིང་ལྷག་པ་མ་ཡིན་པར་གོ་རིམ་བཞིན་དུ་བསྟན་པར་བྱའོ་ཞེས་སྟོན་ཏོ། །སྨོན་ལམ་སྔོན་དུ་འགྲོ་བའི་ཉམས་སུ་ལེན་པར་འདོད་པར་དེའི་? ་མི་ཤེས་བ་ལས་འབྲས་བུ་མེད་པ་ཁོ་ནར་འགྱུར་བས་ཐུན་མོང་མ་ཡིན་པའི་བསླབ་པའི་ཚིག་ལེའུར་བྱས་བས་འཆད་པར་བཞེད་པ་དེའི་དགོས་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དུས་ནི་ལྟ་པ་བཞིན་དུ་ཞེས་བྱ་བ་ནི་འཚེམ? ་གཉེར་གི་དུས་ལས་མ་འདས་པས་སོ། །དོན་དུ་གཉེར་བསྐྱེད་བ་ནི་གདམས་ངག་དོན་དུ་གཉེར་བའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་སྔར་བཤད་པའོ། །དེས་འཕངས་པའི་ཆོས་ནི་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་ལ་སོགས་པ་རྫོགས ་པར་བྱ་བའི་ཕྱིར་རོ། །ཡོན་ཏན་ཐོབ་པ་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་ལས་སེམས་བསྐྱེད་པས་གཞན་ལ་སྐྱབས་སུ་མི་འགྲོ་བ་ལ་སོགས་པའོ། །དེ་རྣམས་ཡོངས་སུ་བསྲུང་བའི་དོན་གྱིས་ཞེས་བྱ་བ་ནི་ཡོངས་སུ་བསྐྱང་བའི་དོན་དུའོ། །མངོན ་པར་འཕེལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་འདི་དག་ཉིད་གོང་ནས་གོང་དུ་འཕེལ་བའི་རིམ་གྱིས་ལྷག་པར་བྱ་བའི་ཕྱིར་སྒྲུབ་པ་དང་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པའི་དོན་གསུངས་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི ་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་ནི་བྱང་ཆུབ་ཀྱི་སེམས་ཉི་ཤུ་རྩ་གཉིས་ཀྱིའོ། །སྒྲུབ་པ་ནི་ཉམས་སུ་ལེན་པའོ། །མི་དམིགས་པའི་ཚུལ་གྱིས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་ཚུལ་གྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན ་པའོ། །ཀུན་རྫོབ་ནི་མ་བཏགས་ན་ཉམས་དགའ་བ་འཇིག་རྟེན་ཐ་སྙད་དུ་མི་བསླུ་བ་ལ་སོགས་པའི་དངོས་པོ་ཕུང་པོ་ལ་སོགས་པའོ། །དོན་དམ་པ་ནི་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ཏེ། དེ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ཕུང་པོ་ལ་སོགས་པ ་སྐྱེ་བ་མེད་པའི་ཤེས་པའོ། །དེ་ཉིད་ནི་བདེན་པ་སྟེ་འཇིག་རྟེན་པ་དང་རྫོགས་པའི་སངས་རྒྱས་དག་ལ་མི་བསླུ་བ་ཡིན་པའི་ཕྱིར་དེ་ལས་མི་འདའ་བའ་ཨོ། །འཇུག་པར་བྱ་བ་ནི་རབ་ཏུ་འཇུག་པར་བྱ་བའོ་ཞེས་སློ་པ་སྒྲུབ་པ་ལ་འདོམས་པའོ། །ཚད ་མས་འཐད་བར་འཚང་རྒྱ་བ་ཉིད་ཀྱིས་རྒྱུ་ཡིན་པའི་ཕྱིར་བདེན་པ་ནི་རྣམ་པ་བཞི་སྟེ། དེ་ལ་སྡུག་བསྔལ་ལ་ཞེས་བྱ་བར་ནི་སྡུག་བསྔལ་གྱི་བདེན་པ་ལའོ། །ཀུན་འབྱུང་གི་ཕུང་པོའི་འབྲས་བུ་ཉིད་ཡིན་པས་ན་འབྲས་བུར་གྱུར་པ་སྟེ་གཟུགས ་ལ་ཐོགས་པའི་ཆེ་ཕ་རོལ་གྱི་ཕུང་པོའོ། །དེ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་ནི་གཅིག་དང་དུ་མ་དང་བྲལ་བ་ལ་སོཌ་པའི་ཚང་མས་རྣམ་པར་བྱེད་ན་རང་བཞིན་གྱིས་དངོས་མེད་བ་ཉིད་ཡིན་པ་དང། གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་འདི་གཉིས་ནི་དེ་བཞིན་ཉིད་ཀྱི་ངོ་བོ ་འདི་ཡིན་པས་དོན་དཾ་བར་སྐྱེ་བ་མེད་པའི་ངོ་བོར་རང་བཞིན་གཅིག་པའི་ཕྱིར་དབྱེར་མེད་དོ། །ཀུན་འབྱུང་བ་ལ་ཞེས་བྱ་བ་ཀུན་འབྱུང་གི་བདེན་པ་ལ་སྟོང་པ་ཉིད་གང་ཡིན་པ་དང། གང་ཡང་འདི་ལས་སྡུག་བསྔལ་གྱི་ཕུང་པོ་ཀུན་འབྱུང་བས་ཀུན་འབྱུང་བ་ཞེས་བྱ་བ་རྒྱུར་གྱུར་གཟུཌ་ལ་སོཌ ་པའི་ཕུང་པོ་ཚེ་འདི་པ་སྟེ། འདི་གྱིས་ནི་ཐ་མི་དད་པ་ཉིད་ཀྱིས་དབྱེར་མེད་པར་གཟུགས་ལ་སོགས་པ་ཞེས་བྱ་བ་རྒྱུར་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་ནི་ཀུན་འབྱུང་བ་དང་འགོག་པ་དང་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱ་བའི་ཆོས ་ཅན་མ་ཡིན་ནོ་ཞེས་བྱ་བ་སྐྱེ་བ་དང་འཇིག་པ་དང། འདོད་ཆགས་ལ་སོགས་པ་དང་བདག་མེད་པའི་ངོ་བོ་ཉིད་མ་ཡིན་ནོ། །འགོག་པ་ལ་ཞེས་བྱ་བ་ནི་འགོག་པའི་བདེན་བ་ལའོ། །སྟོང་པ་ཉིད་ལ་སོགས་པ་ནི་རྟོགས་སླའོ། །གཟུགས་མེད་པ་ནི་གཟུཌ ་ཀྱི་ཕུང་པོ་མེད་པ་དང། ནས་ཤེས་བྱ་བ་འདི་ཚོར་བ་ལ་སོགས་བའི་ཕུང་པོ་རྣམས་བསྡུའོ། །མ་རིག་པ་སྐྱེ་བ་ཡང་མེད་པ་ནི་ཕུང་པོ་མེད་པས་ཤེས་པ་སྐྱེ་བ་མེད་པ་ལ་མ་རིག་པ་འགག་པ་མེད་དོ། །དེས་ན་མི་ཤེས་བ་འཇིག་པ་ཡང་མེད་དོ།། ་སངས་རྒྱས་ཀྱང་མེད་པ་ནི་རྟོགས་པ་པོ་མེད་པའོ། །དེ་ཉིད་ཀྱི་ན་རྟོགས་པར་བྱ་བ་མེད་པའི་ཕྱིར་བྱང་ཆུབ་ཀྱི་བར་དུ་ཡང་མེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་པའོ། །ལམ་ལ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་ལའོ། །སྦྱིན་པ་ལ་སོགས་པའི ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་བདག་ཉིད་དེ་སྦྱིན་པ་པོ་ཞེས་བྱའོ། །ནང་སྟོང་པ་ཉིད་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་ལ་སོགས་བ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཀྱིས་ཞེས་བྱ་བ་དང། དེ་བཞིན་དུ་ཕྱི་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཀྱིས་དང། ་ཕྱི་ནང་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །སྔོན་གྱི་མཛའ་དང་ཕྱི་མའི་མཛའ་དག་ཅེས་བྱ་བ་སྲིད་པ་དང་མྱ་ངན་ལས་འདས་པ་དག་ཕན་ཚུན་གཅིག་ལ་གཅིག་ལྡན་པ་དང་མི་ལྡན་པ ་ཡང་མ་ཡིན་པ་ཉིད་ཀྱིས་ན་འབྱོར་བ་ཉིད་ཀྱིས་མ་ཡིན་མི་འབྱོར་བ་ཉིད་ཀྱང་མ་ཡིན་ནོ་ཅེས་བྱ་བ་སྒྲུབ་པོ། །སངས་རྒྱས་ལ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་པའི་བར་དུ་བདེ་འགྲོའི་རྒྱུ་ཡིན་པ་ཉིད་ཀྱིས་ན་དགའ་བསྐྱེད་བར་བྱེད་པ་ཉིད་ཡིན ་པའི་ཕྱིར་སངས་རྒྱས་དཀོན་མཆོག་ལ་སོགས་པ་གསུམ་མོ། །དེ་ལ་སངས་རྒྱས་ལ་ཞེས་བྱ་བ་སངས་རྒྱས་དཀོན་མཆོག་ལ་སངས་རྒྱས་དང་བྱང་ཆུབ་ཅེས་བྱ་བ་མཚན་ཉིད་གཅིག་པ་ཉིད་ཀྱིས་ཏིང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། ། ་སངས་རྒྱས་སུ་བྱེད་པ་ནི་འཚང་རྒྱ་བ་ཉིད་རྫོགས་པར་བྱེད་པའི་ཆོས་སེམས་བསྐྱེད་པ་ལ་སོགས་པའོ། །དེའི་མཚན་ཉིད་ནི་དེའི་བདག་ཉིད་ཅན་གྱིས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ནི་དེ་ཁོ་ན་ཉིད་དུ་ནི་རང་བཞིན་མེད་པ་ཉིད ་ཡིན་པས་མི་དམིགས་པ་ལ་གཟུགས་ལ་སོགས་བ་མི་སྦྱོར་བས་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་དང་སྦྱོར་བ་མེད་པའི་ཕྱིར་རོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་པ་ཉིད་དུ་ཤེས་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན ་པ་ཉིད་ལ་སོགས་པ་དང། དེ་ལ་དམིགས་པར་བྱེད་པའི་སེམས་དག་ནི་སྣང་བ་མེད་པ་ཙམ་ཉིད་དུ་ཤེས་པའོ། །ཆོས་ལ་ཞེས་བྱ་བ་ཆོས་དཀོན་མཆོག་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཏེ་སྔར་བཤད་པ་གང་ཡིན་པའོ། །དེས ་བསྡུས་པ་ནི་གང་ཞིག་དང་གཉེན་པོ་དང་རྣམ་པ་མཛའ་དག་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་དང། རྣམ་པར་བྱང་བ་དང་གཟུགས་ལ་སོགས་པའི་རྣམ་པ་དེས། བསྡུས་པའི་ཆོས་ཐམས་ཅད་གཟུགས་ལ་སོགས་པས་བསྡུས་པ་རྣམས ་ནི་ཡང་དག་པར་ངོ་བོ་ཉིད་མེད་དེ་སྟོང་པ་ཉིད་ཡིན་ནོ། །དགེ་འདུན་ལ་ཞེས་བྱ་བ་ནི་དགེ་འདུན་དཀོན་མཆོག་ལ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ། །མ་ཞེན་པ་ནི་མངོན་པར་མ་ཆགས་པ་སྟེ། དེ་ནི་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཞེས ་སྒྲུབ?་ལ་སོགས་བ་ཡིན་ཏེ། བསྐལ་པ་གྲངས་མེད་པ་གསུམ་དང་ཀུན་ཏུ་འབྲེལ་པར་འཇུག་པ་ཉིད་ཀྱིས་ཇི་སྐད་དུ་བཤད་པའི་དོན་ལ་ནན་ཏན་དུ་བྱ་བའི་ཕྱིར་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་བསྒྲུབ་པ་ལའོ། །ལུས་ལ་སོགས་པ་བསོད ་ནམས་ཉིད་ཀྱིས་ཞེས་བྱ་བ་བདེ་བ་ཉིད་ཀྱིས་སོ། །ལ་ལ་ནི་དབང་པོ་བརྟུལ་པོའོ། །ཡོངས་སུ་མི་ངལ་བ་ནི་ཉོན་མོངས་པ་མེད་པ་སྟེ། དེ་ནི་དུས་རིང་མོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དངང?་པའི་རང་བཞིན་ཅན་དབང་བོ་རྟུལ་བ་ཉིད་ཡིན་པའི་ཕྱིར་འཇིགས་པའི་རང་བཞིན ་ཅན་ནོ། །གཟུགས་ལ་སོགས་པ་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ནས་ཚོར་བ་ལ་སོགས་པའི་བར་རོ། །རློམ་པ་མེད་བ་ཉིད་དུ་ཞེས་བྱ་བ་ནི་ཡང་དག་པར་ཚོར་བ་མེད་པའི་ཕྱིར་རོ། །ལམ་ནི་སྒྲུབ་པའོ། །དེ་ཡོངས་སུ་བཟུང་བ་ནི་འཛིན་པ་སྟེ། དེ་ནི་ཕྱོགས་བཅུ ་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དོན་རེ་རེའི་ཕྱིར་ཞེས་བྱ་བ་ནི་བརྗོད་པར་བྱ་བ་སྣ་ཚོགས་ཤེས་པར་བྱ་བའི་ཕྱིར་རོ། །སེམས་ཞུམ་བར་འགྱུར་བས་ཞེས་བྱ་བ་ནི་ཕྱོགས་སྣ་ཚོགས་པའི་སངས་རྒྱས་དང་དགེ་བའི་བཤེས་གཉེན་མཉེས་པར་བྱ་བ ་དང། དེས་ཉེ་བར་བསྟན་པའི་དོན་ཁོང་དུ་ཆུད་པ་སོ་སོའི་བྱ་བ་མང་པོ་ཡོད་པ་ཉིད་ལ་དབང་པོ་རྟུལ་བ་ཉིད་ཡིན་པའི་ཕྱིར། །སེམས་ལེ་ལོར་གྱུར་པ་ལ་ཆོས་རྣམས་རང་བཞིན་གྱིས་མ་པའོ། །དེས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་ནི་མི་རྟག་པ་ལ་སོགས་རང་བཞིན་གྱིས ་སྐྱེ་བ་མེད་པ་ཡིན་པའི་ཕྱིར་རོ། །མཐོང་བའི་རྒྱུར་གྱུར་པ་ཉིད་ཀྱིས་ན་སྤྱན་ཏེ་དེ་ནི་ཤའི་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཀུན་ནས་ཤེས་པས་ན་མངོན་པར་ཤེས་པ་ཡིན་ལ། དེ་ཉིད་ནི་མཐོང་བ་གདུལ་བྱའི་སྐྱེ་བོ་དང་རྗེས་སུ་མཐུན་པ་ཉིད་ཡིན ་པའི་ཕྱིར་བསླབ་པར་བྱ་བ་ཉིད་ཡིན་པས་ན་ཡོན་ཏན་ནོ། །དེ་ནི་རྫུ་འཕྲུལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ཤེས་པ་གཞན་ལ་བལྟོས་ན་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས་ན་མངོན་པར་འདུ་བྱེད་པ་ལས་བྱུང་བའི ་ལྷའི་མིག་གི་ཤེས་པའོ། །ཟག་པ་ནི་ཉོན་མོངས་པ་རྣམས་ཏེ། དེ་རྣམས་མེད་པ་ནི་ཐོག་པ་ཟད་པའི་ཤེས་པའོ། །གཟོད་མ་ནས་ཞི་བ་ཉིད་དུ་ཞེས་བྱ་བ་དེ་ཁོ་ན་ཉིད་དུ་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །མ་མཐོང་བའི་ཡོན་ཏན་མཐོང ་བའི་ཐབས་ཉིད་ཡིན་པའི་ཕྱིར་མཐོང་བའི་ལམ་ཞེས་བྱ་སྟེ། དེ་ནི་མཐོང་བའི་ལམ་བདེན་པ་བཞི་ས་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བདེན་པ་བཞི་ནི་སྡུག་བསྔལ་ལ་སོགས་པའོ། །དེས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་ནི་མི་རྟག་པ་ལ་སོགས ་པའོ། །དེའི་ངོ་བོ་ཉིད་ཀྱི་མཐོང་བའི་ལམ་ནི་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་བདག་ཉིད་ཅེས་བྱ་བ་བདེན་པ་རེ་རེ་ཞིང་ཆོས་དང་རྗེས་སུ་ཤེS་པ་དང་བཟོད་པ་གཉིས་ཏེ། ཤེས་པ་བཅུ་དྲུག་ཏུ་གྱུར་པ་དེའི་བདག་ཉིད་ཅན་ལའོ། །ཆོས་ཐམས ་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་ཞེས་བྱ་བ་ལ་གཟུགས་ལ་སོགས་པ་སྟོང་པར་ཤེས་པའི་ཕྱིར་རོ། །སྒྱུ་མ་མཁན་བཞིན་དུ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ལུས་ཅན་རང་གིས་ཇི་ལྟ་བ་བཞིན་དུ་སྤྲུལ་པ་ནི་ལོག་པ་ཉིད་ཡིན་པར་ཤེས་པས་སྒྱུ་མ་བྱེད་པ ་དག་མངོན་པར་ཞེན་པ་མེད་ལ། །དེ་བཞིན་དུ་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པའོ། །དེས་སྤང་བར་བྱ་བའི་དངོས་པོ་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་མི་མཐུན་པའི་ཕྱོགས་དེའི་གཉེན་པོ་ཡིན་པ་ཉིད་ཀྱིས་རྣལ་འབྱོར་པ་དེ་ཁོ་ན་ཉིད་སྒོམ་པར་བྱེད་དོ། ། ་བསྒོམ་པའི་ལམ་ནི་འདུས་བྱས་དང་ཞེས་བྱ་བ་ལ་སོགས་བ་སྟོན་པ་ཡིན་ཏེ། འདུས་བྱས་དང་འདུས་བ་བྱས་དག་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་བྱའི་སྤྱི་རྒྱུ་ཉིད་ཀྱིས་ན་གཟུགས་དང། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོའོ། །དེ་དག་ནི་ངོ་བོ་ཉིད་ཅིག་པ ་ཉིད་ཀྱིས་ཏེ། སྟོང་པ་ཉིད་ཀྱིས་སོ། །དེས་ན་ཕན་ཚུན་ཏེ་གཅིག་ལ་གཅིག་ཐ་དད་པར་གདགས་པར་མི་ནུས་པ་བཞིན་དུ་ཞེས་བྱ་བ་ཐ་སྙད་ཀྱི་དབྱེ་བ་མ་གཏོགས་པའི་ཕྱིར་རོ། །དེ་ཉིད་ཀྱི་དོན་དམ་པར་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར་སྐད་བཤད་པའི་མཐོང་བ་དང ་བསྒོམ་པའི་ལམ་དོན་དམ་པ་ཡིན་པ་ནི་ཇི་སྐད་བཤད་པའི་མཐོང་བའི་ལམ་མངོན་སུམ་དུ་བྱས་བའི་འཕགས་པའི་བདེན་པ་བཞི་པོ་དེ་དང་ཐ་མི་དད་པའི་ཕྱིར་ཞེས་བྱ་བར་སྨོས་པ་ཡིན་ཏེ། དེ་དང་ཐ་མི་དད་པར་དམིགས་པ་ཡིན་པའི་ཕྱིར་ཏེ། དེ་དག་ཡུལ་གཅིག་བ་ཉིད་ཡིན ་པའི་ཕྱིར། མཐོང་བ་དང་བསྒོམ་པའི་ལམ་དག་ཐ་དང་དུ་གྱུར་པ་མེད་པས་དབྱེ་བ་མེད་དོ། །རྒྱུ་དེས་ན་མཚན་ཉིད་པ་རྣམ་པར་བཞག་པ་ནི་མེད་ཀྱི་འོན་ཀྱང་བསྒོམ་པའི་ལམ་གྱི་དངོས་པོ་རྣམ་པར་བཞག་པ་ནི་མཐོང་བའི་ལམ་དང་ཐ་སྙད་འདྲ་བ་ཡིན་ནོ། །ཡུལ་གཅིག་པ ་ཉིད་ཡིན་པའི་ཕྱིར་ཡང་དག་པར་ན་མཐོང་བའི་ལམ་གྱི་ཁོངས་སུ་བསྒོམ་པའི་ལམ་འདུས་པ་མ་ཡིན་ནམས་དེ་བསྒོམས་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེ་ན། འོན་ཀྱང་དེ་ནི་དེས་སྤང་བར་བྱ་བའི་ཞས་བྱ་བ་ལ་སོགས་པ་སྨོས་པ་སྟེ། དེས་སྤང་བར་བྱ་བའི་དངོས་པོ་བསྒོམ ་པའི་ལམ་གྱིས་སྤང་བའི་མི་མཐུན་བའི་ཕྱོགས་དེ་ཡི་གཉེན་པོའི་ཕྱོགས་ཡིན་པ་ཉིད་ཀྱིས་ན་རྣམ་པར་བསྒོམ་མོ། །ཡུལ་ཅིག་པ་ཉིད་ཀྱིས་ན་ནུས་བ་ཐ་དད་པག་ལ་ཡོད་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དུ་ཞེས་བྱ་བ་སྨོས་ཏེ། རྒྱུད་དང་འབྲས་བུའི་དངོས ་པོ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །བསྒྲུབ་པའི་རྣམ་པ་ནི་གང་ཡིན། དམིགས་པ་ནི་གང་ཡིན། རྟེན་ནི་གང་ཡིན། མ་ཞེན་པ་ལ་སོགས་པའི་ཡང་དགོས་པ་ནི་གང་ཡིན་ཞེས་དོགས་པ་ལ་དེ་བསྟན་བ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར ་བྱས་ན་ཞེས་བྱ་བ་ནི་སྦྱིར་གདམས་པ་སྨྲ་བ་ལ་གནས་པ་ལ་ནའོ་ཕྱིར་མི་ལྡོག་པར་འགྲོ་བའི་རྒྱུ་ནི་དབྱེར་མི་ཕྱེད་པར་འགྲོ་བའི་རྒྱུའོ། །ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་ནི་རབ་ཀྱི་མཐར་ཕྱིན་པར་མི་འགྲོ་བའི་རྒྱུའོ། །གཞན་གྱི་དྲིད་མི་འཇོག་པར་འགྲོ་བ་ཉིད་ཀྱི་རྒྱུ་ ་ནི་བདུད་ལ་སོགས་པའི་ཤེས་པར་དྲང་བའི་དོན་ཉིད་དུ་རང་ཉིད་ཀྱིས་ཤེས་ནས་མི་འཇུག་པའི་རྒྱུའོ། །དགེ་འདུན་དཀོན་མཆོག་གི་ཁོངས་སུ་གཏོག་པ་ཉིད་ཡིན་པའི་ཕྱིར་དགེ་འདུན་གྱི་དབྱེ་བ་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རྟོགས་པ་ཁོ་ན ་ཡིན་པས་རབ་ཏུ་བྱེད་པ་གཉིས་པོ་ལ་དོན་མེད་དོ་སྙམ་དུ་སེམས་པ་ལ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ་། དགེ་འདུན་དཀོན་མཆོག་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་ལ་སོགས་པའི་དབྱེ་བ་ནི། དབང་པོ་རྟུལ་དང་ཞེས ་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པས་བཤད་པ་ཡིན་ནོ། །འཆད་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་མཐོང་བའི་ལམ་ལ་བརྟེན་ནས་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་ལ། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི ་བྱ་བྲག?་གིས་ཏེ། དད་པ་དང་ཤེས་རབ་ཀྱི་རྗེས་སུ་འབྲང་བ་ཉིད་དག་གིས་འབྲས་བུ་དང་པོ་ལ་ཞུགས་པ་སྟེ་ཞེས་བྱ་བ་རྒྱུན་ཏུ་ཞུགས་པའི་འབྲས་བུ་གྲུབ་པ་དང་ལྡན་པ་དབང་པོ་རྟུལ་པོ་དང་རྣོན་པོ་རྣམ་པ་གཉིས་ཏེ། ཡུན་རིང་པོས་ཤེས་པ་དང་མྱུང་བར་ཤེས ་པའོ། །དེའི་འོག་ཏུ་དེ་ཉིད་འདོད་པའི་འདོད་ཆགས་དང་མ་བྲལ་བ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་ནི་རྒྱུན་ཏུ་ཞུགས་པའོ། །དེའི་འོག་ཏུ་དེ་ཉིད་བསྒོམ་པའི་ལམ་ལ་ཉོན་མོངས་པ་རྣམ་པ་བཞི་རབ་ཏུ་སྤངས་པ་ལས། ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ ་ཉིད་ཀྱིས་གཞན་རྣམ་པ་གཉིས་ཡིན་ཏེ། ལྷ་དང་མི་དག་ཏུ་སྐྱེ་བ་གཉིས་སམ་གསུམ་ཐོས་པས་ལྷའི་རིགས་ནས་རིཌ་དང། མིའི་རིཌ་ནས་རིགས་སུ་སྐྱེS་བར་རིགས་ནས་རིགས་སུ་སྐྱེ་བའོ། །དེའི་འོག་ཏུ་དབང་པོ་བརྟུལ་པོ་དང་རྣོན་པོ་དད་བ་དང་མཐོང་བས་ཐོབ་པ་སྟེ། དད་པ་དང་ཤེས ་རབ་དང་ལྡན་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ལྔ་སྤངས་པས་འབྲས་བུ་གཉིས་པ་ལ་ཞུགས་པ་སྟེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྒྲུབ་པ་དང་ལྡན་པ་ནི་གཅིག་ཁོ་ན་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉེན་མོངས་པ་རྣམ་པ་དྲུག་སྤངས་པས་ལན་ཅིག་ཕྱིར ་འོངས་པ་ཡིན་ནོ། །དེའི་འོག་ཏུ་དེ་ཉིད་ལྷ་རྣམས་སུ་སྐྱེ་བ་གཅིག་ལྷག་མ་ལུས་པ་ཡིན་པའི་ཕྱིར་གཞན་བར་ཆད་གཅིག་པ་ཡིན་ནོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བདུན་བ་དང་བརྒྱད་པ་སྤངས་པས་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ཏེ། ཕྱིར་མི་འོངS ་བའི་འབྲས་བུ་གྲུབ་པ་དང་ལྡན་པའོ། །དད་པ་དང་མཐོང་བས་ཐོབ་པ་ནི་སྔ་མ་བཞིན་དུ་གཅིག་ཡིན་ཏེ་དད་པ་དང་མཐོང་བས་ཐོབ་པའོ་འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་བདག་ནི་དད་པ་དང་མཐོང་བས་ཐོབ་པར་བཤད་པ་ཡིན་ནོ། །རྒྱས་པར་བཤད་པ་ནི་ལུང ་གི་དབང་གིས་ཡིན་པར་ཤེས་པར་བྱའོ། །དེའི་འོག་ཏུ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དགུ་པ་སྤངས་པས་ཕྱིར་མི་འོང་བའི་རྣམ་པ་ལྔ་སྟེ་དེ་ནི་བར་མདོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐྱེ་བའི་ཀུན་དུ་སྦྱོར་བ་ནི་སྤངས། མངོན་བར་འགྲུབ་པའི་ཀུན་ཏུ ་སྦྱོར་པ་ནི་མ་སྤངས་པའི་ཕྱིར་སྲིད་པ་བར་མ་མངོན་པར་སྒྲུབ་པ་བྱེད་པ་ན་འམ། མངོན་པར་སྒྲུབ་པ་ན་སྲིད་པ་བར་མར་ལམ་མངོན་སུམ་དུ་བྱས་པས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་པའོ། །ཀུན་ཏུ་སྦྱོར་བ་གཉི་ག་མ ་སྤངས་པའི་ཕྱིར་གཟུགས་ཀྱི་ཁམས་སུ་སྐྱེས་ནས་སྡུག་བསྔལ་གྱི་མཐར་བྱེད་པ་ཐོབ་པ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །དེ་བཞིན་དུ་སྐྱེས་ནས་མངོན་པར་འདུ་བྱེད་པ་དང་བཅས་པས་ལམ་མངོན་དུ་བྱེད་པ་ཐོབ་པའི་ཕྱིར་སྡུག་བསྔལ་གྱི་མཐར་བྱེད་པ ་ཐོབ་པ་ནི་མངོན་པར་འདུ་བྱེད་པ་དད་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །དེ་ལས་གོ་བཟློག་པ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་བ་སྟེ་རྣམ་པ་བཞི་དང་གོང་དུ་འཕོ་བ་ནི་ལྔ་སྟེ། དེ་ཡང་འོག་མིན་གྱི་མཐར་ཐུག ་པར་འགྲོ་བ་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་འགྲོ་བ་སྟེ་རྣམ་པ་གཉིས་སོ། །དེའི་འོག་ཏུ་གོང་དུ་འཕོ་བ་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི་འཕར་བ་དང་ཕྱེད་དུ་འཕར་བ་དང་གནས་སྐབས་ཐད་དུ་འཆི་འཕོ་བ་ཉིད་ཀྱིས་འོག་མིན་ཏུ་འཇུག་པ་ནི་གོང་དུ་འཕོ་བ་བཞན? ་རྣམ་པ་གསུམ་མོ། །དེའི་འོག་ཏུ་གོང་དུ་འཕོ་བ་དེ་ཉིད་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་སྟེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་གཉིས་ཏེ་མཐོང་བའི་ཆོས་ལ་ཞི་བ་དང་ལུས་ཀྱིས་མངོན་སུམ་དུ་བྱེད་པ་གཞན་རྣམ་པ་གཉིས ་ཡིན་ནོ། །དེའི་འོག་ཏུ་སྲིད་པའི་རྩེ་མོའི་ཉོན་མོངས་པ་བརྒྱད་པ་སྤངས་པས་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །དེའི་འོག་ཏུ་ཉན་ཐོས་ཀྱི་སྡེ་སྣོད་ཉིད་ལ་དམིགས་ནས་རང་གི་ལམ་མངོན་སུམ་དུ་བྱེད་པས་སངས་རྒྱས་མི་འབྱུང་བ་ན་རང་སངས ་རྒྱས་སུ་འགྱུར་བ་སྟེ་དེ་ལྟར་ཉི་ཤུའོ། །འདིར་གོ་སླ་བས་འབྲས་བུ་དང་པོ་དང་གཉིས་པ་དང་བཞི་པ་ལ་ཞུགས་པའི་གྲངས་མ་སྨོས་སོ། །དེ་ལྟར་ཕྱིར་མི་ལྡོག་པའི་འཁོར་ལོའི་མེད་དོ་དང། སྟོང་ཕྲག་ཉི་ཤུ་ལྔ་པ་དང། ཆོས་མངོན་པ་ལས། དེ་ལ་སྐད་ཅིག་བཅོ ་ལྔ་ནི། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་དང་གྲང་དང་བཅས་པར་གསུངས་པ་ཡོད་པས་ལོག་པར་ཁོང་དུ་ཆུད་བར་མི་བྱའོ། །ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ལ་ཞེས་བྱ་བ་ནི་འདིར་བསོད་ནམས་ཀྱི་ཚོགས ་ལ་སོགས་པ་ཡང་དག་པར་རྫོགས་པ་དང་ལྡན་པ་ལ་ཡེ་ཤེས་ཀྱི་ཚོགས་གྲུབ་པར་བྱ་བའི་ཕྱིར་བསྐལ་པ་གྲངས་མེད་པས་ངེས་པར་འབྱུང་བའི་མོས་པས་སྤྱོད་པའི་ས་ཡོངས་སུ་སྤྱད་པར་བྱ་བའི་དོན་དུ་ཞུགས་པ་ལ་ཞེས་བྱ་བར་བལྟ་བར་བྱའོ། །བྱང་ཆུབ ་སེམས་དཔའ་དམ་པ་སྐྱོབ་པ་རྣམས་ཀྱི་དྲོ་བ་ལ་སོགས་པ་རྣམ་པར་རྟོག་པ་བཞི་པོ་འོག་ནས་བཤད་པ་དེ་དང་ལྡན་པ་སྟེ་དེ་དང་ཡང་དག་པར་སྦྱོར་བའོ། །བསྟེན་པ་སྟེ་བསྟེན་བཞིན་པ་ན་བྱང་ཆུབ་སེམས་དཔའ་ཨི་ཆུང་དུ་དང་འབྲིང་དང་ཆེན་པོར་བཤད་པ་ནི ་ཉན་ཐོས་བསེ་རུ་ལྟ་བུར་བཅས་པ་དག་གི་དྲོ་བ་ལ་སོགས་པ་བཤད་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་དག་གི་དམིགས་པ་ལ་སོགས་པ་ནི་སྨོན་པ་ཡིན་པའི་ཕྱིར་རོ། །གང་དུ་གང་གི་ཅི་ཞིག་ཅེ་ན། འགྲེལ་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཨི་མོས་པས་སྤྱོད་པའི་ས་ཡོངས་སུ་སྦྱང་བ་ལ་ཞུགས་པ་རྣམས་ཀྱི་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པས་ཐོབ་པའི་ཐར་པའི་ཆ་དང་འཐུན་པ་སྟེ་ཉོན་མོངས་པ་ལ་སོགས་པ་དང་བྲལ་བ་ལ་ཕན་པའི་དད་པ་དང་བརྩོན ་འབྲུས་ལ་སོགས་པའི་མཚན་ཉིད་ཀྱི་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་ཀྱི་རྩ་བ་སྟེ། རྒྱུའི་གཙོ་བོ་གང་ཡིན་པ་དེའི་འོག་ཏུ་སྟེ། རྗེས་ཐོགས་ལ་བདེན་པ་བཞི་པོ་སྡུག་བསྔལ་ལ་དེ་རྣམས་རྟོགས་པ་དེ་བཞིན་ཉིད་ཤེས་པ་དེ་རྗེས་སུ་མཐུན་པའི ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཉོན་མོངས་པ་ལ་སོགས་པ་དང་བྲལ་བའི་ཤེས་པ་ལ་མངོན་སུམ་དུ་ཕན་པ་འཇིག་རྟེན་པའི་སེམས་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་པ་ཡིན་ལ། བསྒོམ་པ་གོམས་པ་ལས་བྱུང་བ། དྲོ་བར་གྱུར་པ་དང་འབྲེལ ་པ་དགེ་བའི་རྩ་བ་དང་ཞེས་བྱ་བ་ལ་སོགས་པ་ཆུང་དུ་དང་འབྲིང་དང་ཆེན་པོ་ཞེས་བྱ་བ་ལ་ཆུང་ངུ་ལ་སོགས་པའི་རིམ་གྱིས་སྐྱེ་ཞེས་བྱ་བ་ནི་ཆུང་དུ་དང་འབྲིང་དང་ཆེན་པོའི་གོ་རིམ་སྐྱེ་བའམ། བྱང་ཆུབ་སེམས་དཔའ་དང་འབྲེལ་པ་སྟེ། དེའི་རིགས་ཅན་གྱོ་? ་པོ་རྟུལ་པོ་ལ་སོགས་པའི་གང་ཟག་ཆུང་ངུ་དང། འབྲིང་དང་ཆེན་པོའི་ཤེས་པ་དང་ལྡན་པ་ལུས་ཅན་དེའི་བྱེ་བྲག་དང་ལྡན་པ་ལ། །དྲོ་བ་ལ་སོཌ་པ་དེའི་ཁྱད་པར་གྱིས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དམིགས་པ་ཡིན་ཞེས་སྨོས་པ་ནི་འོག་ནས་བཤད་བའི་དམིཌ ་པའི་ཁྱད་པར་མི་རྟག་པ་ལ་སོགས་པ་སྟེ་དེའི་ངོ་བོ་ཉིད་དོ། །བདེན་པ་བཞི་ནི་སྡུག་བསྔལ་ལ་སོགས་པའོ། །དེ་ཉིད་ནི་དངོས་པོ་སྟེ་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་དམིགས་པ་ནི་ཡུལ་རྣམས་སོ། །རྣམ་པ་ཡིས་ནི་ཆོས་སུ་ལྟ་བ་ཞེས ་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་སུ་ལྟ་བ་ནི་གཟུགས་ལ་སོགས་པ་ཡོད་པར་འཛིན་པའི་ཕྱིར་རོ། །དེའི་གཉེན་པོ་ཉིད་ཀྱིས་ན་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་སྟེ། མ་ཆགས་པ་དང་མི་དམིགས་པ་ལ་སོགས་པའི་རྣམ་པར་བྱེ་བྲག་གིས་སོ།། ་རྒྱུ་ཡིས་ནི་ཐེག་པ་གསུམ་ཅར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་སྒྱུ་མ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་གང་སངས་རྒྱས་ལ་སོགས་པའི་མྱ་ངན་ལས་འདས་པ་གསུམ་ནི་ཐེག་པ་གསུམ་ཅར་སྟེ། མྱ་ངན་ལས་འདས་པའོ། །དེ་རྟོགས་པ་ནི་ཐོབ ་པའོ། །དེའི་རྒྱུའི་ངོ་བོ་ནི་བྲོ་བ?་ལ་སོགས་པར་ཞུགས་པའོ། །ཡོངས་སུ་འཛིན་པ་ཡིས་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐབས་ཞེས་བྱ་བ་འཚང་རྒྱ་བའི་རྒྱུ་ལ་མཁས་པའི་དགེ་བཱི་བཤེས་གཉེན་ཏེ་བླ་མ་གང་ཡིན་པའོ ་ཉི་མཚན་ཉིད་ཀྱིས་ཡོངས་སུ་བཟུང་བ་ནི་འཚང་རྒྱ་བ་ཉིད་ཀྱི་བར་དུ་བདག་གིར་བྱས་པའམ། ཡོངས་སུ་བཟུང་བ་དང་ལྡན་པ་ཉིད་ཡོན་པའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཡོངས་སུ་བཟུང་བའོ། །དེ་དང་ལྡན་པ་ནི་དེ་དང་བཅས་པའི་དྲོ་བ་ལ་སོགས་པའོ། །རྣམ་རྟོག་བཞི་པོ་ཞེས ་བྱ་བ་ལ་སོགས་པ་ནི་མཐོང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མཐོང་བ་དང་བསྒོམ་པ་དག་གིས་སོ་སོར་སྦྲང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པ་རྟོག་པ་བཞི་པོ་འཆད་པར་འགྱུར་བ་སྟེ། འོག་ནས་འབྱུང་བ་གང་ཡིན་པའི་དེའི་ཚུལ་དང? ་འབྲེལ་པ་སྟེ་འདྲེས་པ་ལ་སོགས་པའོ། །ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པའི་ཁྱད་པར་མེད་པ་ཉིད་ཡིན་པ་ནི་དེ་དག་གི་དྲ་བར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉན་ཐོས་ལ་སོགས་པ་དེ་དག་གི་ཡང་ཕྲོ་བར་གྱུར་པ་ལ་སོགས་པའི་དགེ ་པའི་རྩ་བ་ནི་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོའི་བདག་ཉིད་ཀྱི་སྟེ་དངོས་པོ་གང་ལ་ཡང་གཟུགས་སུ་རུང་བ་དང། ཉམས་སུ་མྱོང་བ་ལ་སོགས་པའི་མཚན་ཉིད་ཀྱི་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་དེའི་བདག་ཉིད་ཅན་གྱི་བདེན་པ་བཞི ་པོ་སྡུག་བསྔལ་བ་ལ་སོགས་པ་དེ་ལ་དམིགས་པ་གང་ཡིན་པ་དང་བདག་ཏུ་ལྟ་བ་ནི་བདག་ཏུ་མཐོང་པའོ། །དེའི་གཉེན་པོ་ཉིད?་ཡིན་བས་མི་རྟག་པ་ལ་སོགས་པ་ཞེས་བྱ་བ་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པས་ཞུགས་པའོ། །རང་གི་ཐེག་པ་ནི་ཕུང ་པོ་ལྟར་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་བའོ། །དེ་?་བ་ཁོ་ན་ནི་དེ་ཐོབ་པ་ཉིད་དོ། ཡོངས་སུ་བཟུང་བ་ནི་སྔ་མ་བཞིན་དུ་སྟེ་དེ་དང་བྲལ་བའོ། །རྣམ་པར་རྟོག་པ་རྣམ་པ་བཞི་ནི་འོག་ནས་བཤད་པའོ། །དེ་དང་མི་ལྡན་པར་འབྱུང་ངོ་ཞེས་བྱ་བའི་ཚུལ་གྱིས་ཏེ། དེ་ལྟར་བྱས་ན་རྣམ་པར ་རྟོག་པ?་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་གེགས་གྱུར་བ་མ་ཡིན་ནོ། །ཉན་ཐོས་ཀྱི་ལུང་ལས་འདྲེས་སུ་ཟིན་ཀྱང་མ་འདྲེས་པར་སྐྱེ་བ་ཡིན་ནོ་ཞེས་བཤད་པས་རྣམ་པར་རྟོག་པ་རྣམ་པ་བཞི་དང་བྲལ་བ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པ་དང་དམིགས་པ་དག་ཡོངས་སུ ་?་པའི་དབང་གིས་ཁྱད་པར་སུ་འཕགས་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བདེན་པ་བཞི་པོའི་དངོས་པོ་ལ་དམིགས་པ་ནི་ངེས་པར་འབྱེད་པ་དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །དེ་ནི་ཅི་རིགས་པར་ཁ་ཅིག་ཏུ་ནི་ཞེས་བྱ་བ་ནི་ཀུན ་འབྱུང་པ་ལའོ། །རྒྱུའི་སྒོ་ནས་ནི་ཀུན་འབྱུང་ནི་སྡུག་བསྔལ་གྱི་ཕུང་པོའི་རྒྱུ་ཉིད་ཡིན་པས་སོ། ཁ་ཅིག་ཏུ་ནི་ཞེས་བྱ་བ་སྡུག་བསྔལ་ལ་ནི་འབྲས་བུའི་སྒོ་ནས་ཞེས་བྱ་བ་སྡུག་བསྔལ་འབྲས་བུར་གྱུར་པའི་སྒོ་ནས་ཏེ། སྡུག་བསྔལ་ནི་ཀུན་འབྱུང་གི་འབྲས་བུ་ཉིད་ཡིན་པས་སོ། །ཁ་ཅིག ་ཏུ་ནི་ཞེས་བྱ་བ་འགོག་པ་ལ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་ཞེས་བྱ་བ་ཡང་དག་པར་ནི་ཆོས་ཐམས་ཅད་འགོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཁ་ཅིག་ཏུ་ནི་ཞེས་བྱ་བ་ལམ་ལ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་མི་དམིགས་པ་ཉིད་ཡིན ་པའི་ཕྱིར་རོ། །སྔ་མ་བཞིན་དུ་རྣམ་པ་གཞན་གྱིས་ཀྱང་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་ལ་སོགས་པས་སོ། །བསྲིབ?་ཞེས་བྱ་བ་ནི་རྒྱ་ཆེར་བསྒོམ་པ་ནའོ། །ཕལ་ཆེན་སྡེ་པ་རྣམས་བདག་ཅག་གི་སྡེ་སྣོད་གསུམ་ལ་ཁྱེད་ཀྱིས་ཐེག་པ་མི་སྣང་བས་ཁྱེད་ཅག་གི་ཐེག་པ་ནི་སངས་རྒྱས་ཀྱིས ་གསུངས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་སུན་འབྱིན་པར་སྨྲ་བས། དེ་བསལ་བར་བྱ་བའི་ཕྱིར་དེ་བསམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་ལུགས་གཞན་ཁོ་ན་ཡིན་པས་ཞེས་བྱ་བ་ནི་གང་གི་ཕྱིར་ཐེག་པའི་གནས་སྐབས་ཁྱད་པར་རྣམ་པ་ལྔས་ཁྱད་པར་དུ་འཕགས་པ ་ཡིན་པ་དེ་བསན་སྟེ། དེའི?་ཕྱོགས་ཐེག་པ་ཆེན་པོ་ལས་ལུགས་གཞན་ཁོ་ན་ཡིན་པས་དེ་?་བརྟེན་ནས་ཞེས་བྱ་བ་དེ་མཐོང་བའི་ཚུལ་གྱིས་ཐེག་པ་ཆེན་པོ་གང་དུ་ཡང་སུན་འབྱིན་པར་བརྗོད་པར་མི་བྱ་ཞིང་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ཞེས་བརྒལ ་བར་མི་བྱ། བདག་ཅག་གི་སྡེ་སྣོད་གསུམ་དུ་ཁྱེད་ཀྱི་ཐེག་པ་མི་སྣང་བ་དང་སམ་སྐྲི་ཏའི་སྐད་ཀྱིས་མ་གསུངས་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པར་ཐར་བར་འགྱུར་བ་དང། སྐད་གཞན་མ་མཁྱེན་ན་ཐམས་ཅད་?་བ་མ་ཡིན་པ་དང་ཁྱེད་ཅག་ཁོ་ན་གདུལ ་བྱ་ཉིད་ཡིན་ན་ཐམས་ཅད་གདུལ་བྱ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ན། ཡུ་བུ་ཅག་གཉི་ག་དེ་ལྟར་མི་འདོད་པས་འདི་ནི་ཅི་ལྟར་ཡང་མི་རུང་ངོ། །དེ་ལྟ་བུ་ལ་སོགས་པའི་རྒོལ་བ་ནི་མདོ་སྡེ་རྒྱན་ལ་སོགས་པ་ལས་ཤ་ཟའི་སྐད་ལ་སོགས་པ་ལ་མངོན་པར་ཞེན་པ་ཡང ་དག་པའི་ལྟར་མི་ཤེས་པའི་ཤན་རྣམས་ལ་མཉམ་པར་བསྟན་པས་རྒྱ་ཆེར་ཚར་གཅད་པ་ཡིན་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཡང་འདིའི་དགོངས་པ་འདི་མ་ཡིན་པས་རྟག་པའི་ལུང་དང་མི་རྟག་པའི་ལུང་བཞིན་དུ་ཐེག་པ་གཞན་དང་གཞན་འགལ་བ་མ་ཡིན་ནོ ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། །གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ་ཞེས་བྱ་བ་ལ་སོགས་པ་དེའི་བྱང་ཆུབ་དང་འགལ་བར་འོག་ནས་བཤད་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་བྱེ་བྲག་ཏུ་སྨྲ་བ་དང། མདོ་སྡེ་པ་དང། རྣལ་འབྱོར་སྤྱོད་པ་དང། དབུ་མ་པའི་སངས ་རྒྱས་པ་རྣམས་གོང་ནས་ཀྱི་རིམ་པས་ཁྱད་པར་དུ་འཕགས་པར་ཇི་ལྟར་འགྱུར། །ཡང་ན་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་བསྟན་པ་ན་ཐེག་པ་གཞན་ཁྱད་པར་ཅན་མ་ཡིན་ནམ། དེས་འཕོངས་པ་ལ་འཇུག་བའི་ལས་ཀྱི་ཉེས་པར་ཅིའི་ཕྱིར་མི་འགྱུར་ཞེས་བྱ ་བའི་ཕྱོགས་ལྔ་མའི་ལན་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་ལུགས་གཞན་ཁོ་ན་ཡིན་པས་ཞེས་བྱ་བ་ནི་ཐེག་པ་ཁྱད་པར་ཅན་དང། ཁྱད་པར་ཅན་མ་ཡིན་པ་དག་ཇི་ལྟ་བ་བཞིན་དུ་རྟོགས་པ་བརྟན་པར་བྱའོ་ཞེས་བྱ་བའི་སྐབས་ཡིན་ནོ།། ་?་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གང་དུ་ཡང་ཐེག་པ་གཞན་ལ་བརྟེན་ནས་སུན་དབྱུང་བ་བརྗོད་པར་མི་བྱའོ་ཞེས་བྱ་བ་ཆོས་ཀྱིས་འཕོངས་བར་འགྱུར་པ་ལ་འཇུག་པའི་ལས་ཀྱི་ཉེས་པ་བརྗོད་པར་བྱ་སྟེ་།རང་རང་གི་ཐེག་པ་ལ་གནས་པ་རྣམས་བདག་ཅག་གི་?་གཞན་གྱི་ཐེག་པ ་?་ཉམས་པར་འདོད་པ་ཉིད་ཡིན་པའི་ཕྱིར་རང་གི་ཐེག་པ་ལས་ཉམས་ནས་དེ་ལྷག་པར་མོས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱིས་ན་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ་ཞེས་བྱ་བ་ལ་སོགས་པ་སུན་དབྱུང་བ་སྔར་བཤད་པའི་ཉེས་པ་ནི་ཉེས་པ་མ་ཡིན་ཏེ་འདོད ་པ་ཉིད་ཡིན་པའི་ཕྱིར་རོ། །བཤད་པ་འདི་ལ་རང་གི་ཐེག་པ་ལ་གནས་པ་དག་ནི་རང་གི་ཐེག་པ་སྦྱོར་བ་དེས་ཕོངས་པར་གྱུར་པའི་ལས་སུ་བཞག་པ་ཡིན་པར་བལྟ་བར་བྱའོ། །དམིགས་པ་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ལ་སོགས་པའི་སྐྱེ་བ་དང་འཇིག་པ་ནི་བསྒྲུབ་པ་དང ་དགག་པ་ངག?་གོ། གནས་པ་ནི་འདིས་གནས་ཤིང་ཐ་སྙད་དུ་བྱེད་པས་ན་གནས་ཏེ་སྒྲ་མ་ལུས་པའོ། །བྲལ་བ་ནི་མི་གནས་པ་སྟེ་མེད་པ་ཡིན་པས་གནས་གྲལ་ལོ། །བཏགས་དང་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་ཐ་སྙད་དེ་དང་དེ་ནི་བརྗོད་དུ་མེད་པ་ཡིན་པས། །བཏགས ་དང་བརྗོད་དུ་མེད་པ་ཞེས་བྱའོ། །དྲོ་བར་གཏོགས་པའི་དགེ་བའི་རྩ་བ་རྣམ་པ་གསུམ་གྱི་དམིགས་པ་དང་རྣམ་པ་དག་འགྲེལ་པ་ལས། ཆུང་ངུའི་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་དྲོ་བ་ཆུང་དུའི་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་མི་རྟག་པ་ཞེས ་བྱ་བ་ལ་སོགས་པས་བཤད་དོ། །དྲོ་བ་འབྲིང་གི་དམིགས་པ་ནི་མོས་པ་དང་ཞེས་བྱ་བ་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ལ་ཡོད་པ་ལ་སོགས་པར་མངོན་པར་ཞེན་པའོ། །དེ་ཁོ་ན་ཉིད་ནི་དོན་དམ་པ་མཐོང་བས་དེ་རྣམས་ཉིད་བདག་མེད་པའོ། །དེ་དག་གི་ཡིད་ལ་བྱེད་པ་གང ་།ཡིན་པ་དེ་དག་གིས་གྲངས་བཞིན་དུ་གཟུགས་ལ་སོགས་པ་ཞེས་བྱ་བ་གཟུགས་དང་ཚོར་བ་ཞེས་བྱ་བར་སྒྲུབ་པ་དང་དགག་པ་དག་ནི་དམིགས་པར་མཐོང་བ་ཞེས་བྱ་བ་སྤྲུལ་པའི་གཟུགས་ལ་སོགས་པ་ལ་ལྟ་བ་དང་འདྲ་བར་དངོས་པོ་སྣང་བཞིན་པ་ནི་དངོས་པོ་མེད་པ་ ་ཡིན་ལ་།དེ་ཡང་དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། ཞེས་དམིགས་པ་གཉི་ག་སྒྱུ་མ་བྱེད་པས་སྤྲུལ་བ་ལྟ་བུར་བྱའོ་ཞེས་བྱ་བར་དགོངས་སོ། །མིང་ཐམས་ཅད་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་མེད་པས་ཡང་དག་པར་མེད་དུ་ཟིན་ན་ཡང ་རྒྱུན་དང་འདྲ་བར་ཞེས་བྱ་བ་རང་གི་རིགས་གསལ་བ་མ་ལུས་པ་ལ་ཁྱབ་པས་ན་རྒྱུན་ཏེ་སྤྱིའོ། །དེ་མི་འདྲ་པ་གང་ཡིན་པ་དེ་ནི་འདིར་གསལ་བར་རང་གི་མཚན་ཉིད་བརྗོད་པའོ། །རྒྱུན་ནི་སྔ་མ་དང་འདྲའོ་འདི་གཉིས་ཀྱི་མཚན་ཉིད་ནི་རང་དང་སྤྱིའི་མཚན་ཉིད་དོན་གྱི་བྱ་བ ་ནུས་པ་དང?་མི་ནུས་པའི་བདག་ཉིད་ཅན་དུ་མེད་དེ། བརྗོད་པ་པོ་མེད་བས་བརྗོད་པར་བྱ་བ་མེད་དོ། །ཞེས་བྱ་བར་དགོངས་སོ། །རང་གི་མཚན་ཉིད་ནི་ཀུན་རྫོབ་ཏུ་ཡང་བརྗོད་དུ་མེད་པ་མ་ཡིན་ནམ་སྒྲ་རྣམས་ནི་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཇི་ལྟར་དེར་དགག་ཅེ་ན ་བདེན་མོད་ཀྱི་སྒྲ་གསལ་བ་ཉིད་ལ་འཇུག་བ་ན་ལན་འགའ་ཞིག་དེ་ལ་ཡང་བརྗོད་པར་བྱ་བ་ཉིད་ཡིན་པར་མངོན་པར་ཞེན་ཏོ་ཞེས་བྱ་བའི་བར་དུ་སྲིད་པ་དགག་པ་ཡིན་པས་ཉེས་པ་མེད་དོ་ཞེས་བྱ་བ་ནི་གནས་བྲལ་བའོ། །དྲོ་བ་ཆེན་པོ་ནི་གཟུགས་ལ་སོགས་པའི ་ཆོས་ཐམས་ཅད་ཀྱི་བཏགས་པ་སྟེ་ཐ་སྙད་དོ། །དེ་ནི་ཆེན་པོའི་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་བརྡར་བརྟགས་བའི་ཆོས་ཐ་དད་དུ་བྱ་བའི་དབང་གིས་ཀུན་ཏུ་ཐ་སྙད་དུ་བྱས་པ་དང་འདྲ་བར ་སངས་རྒྱས་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་གཅིག་ཡིན་པའི་བསམ་པས་མིང་དུ་ངེས་པའོ། །དེ་ནི་གཟུགས་ནས་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ཀྱིས་བརྗོད་དུ་མེད་པའོ། །དྲོ་བ་ཞེས་བྱ་བའི་དོན་དང་ལྡན་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ། ་ཡིན་ཏེ། འདིའི་རྗེས་ཐོགས་ལ་བར་ཆད་མེད་ན་མཐོང་བའི་ལམ་དུ་འགྱུར་བ་ཡིན་པས་ཐར་པའི་ཆ་དང་མཐུན་པའི་འོག་ཏུ་དྲོ་བའི་ཁྱད་པར་རོ། །རྩེ་མོར་གཏོགས་པའི་དགེ་བའི་རྩ་བའི་དམིགས་པ་དང་རྣམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ནི། གཟུགས་ལ་སོགས ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། །གཟུགས་སོགས་མི་གནས་ཞེས་བྱ་བ་ནི་ཡོད་པ་ཉིད་དུ་མངོན་པར་མ་ཞེན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་དེ་དག་ནི་དེའི་ངོ་བོར་ཞེས་བྱ་བ་གཟུགས་ལ་སོགས་པའི་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན ་ནོ། །དེ་དག་ཅེས་བྱ་བ་གཟུགས་ལ་སོགས་པ་དང། །སྟོང་པ་ཉིད་འདི་དག་ནི་གཅིག་ལ་གཅིག་སྟེ། །ཕན་ཚུན་རང་བཞིན་ནམ་ངོ་བོ་ཉིད་གཅིག་ཡིན་ནོ། །དེ་མི་རྟག་ལ་སོགས་པར་མི་གནས་ཞེས་བྱ་བ་གཟུགས་ལ་སོགས་པ་ལ་མི་རྟག་པ་དང། །སྡུག་བསྔལ་? ་སོགས་པར་ཞེན་པ་མེད་པའོ། །དེ་རྣམས་ཞེས་བྱ་བ་གཟུགས་ལ་སོགས་པའི་སྟོང་པ་ཉིད་ནི་དེའི་ངོ་བོས་སྟོང་ཞེས་བྱ་བ་སྟོང་པ་ཉིད་ཡིན་པའི་ཕྱིར་ངོ་བོས་བདག་མེད་ཅིང་དེ་དག་སྟེ། །གཟུགས་ལ་སོགས་པ་དང་སྟོང་པ་ཉིད་དག་ནི་གཅིག་ལ་གཅིག་སྟེ། ཕན་ཚུན་རང་བཞིན ་གཅིག་པ་ཉིད་ཡིན་ནོ། །ཆོས་རྣམས་མི་འཛིན་གང་ཡིན་དང་ཞེས་བྱ་བ་གཟུགས་ལ་སོགས་པ་ནི་དེ་ཁོ་ན་ཉིད་དུ་མེད་པས་བདག་གིར་མི་བྱེད་པ་གང་ཡིན་པའོ། །དེ་དག་མཚན་མར་མི་མཐོང་ཕྱིར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་གཟུགས་ལ་སོགས་པའི་མཚན་མ་མ་མཐོང ་བའི་ཕྱིར་རོ། །ཤེས་རབ་ཀྱིས་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམ་པར་སྤྱོད་པའི་རྒྱུ་སྟེ་ཤེས་བའི་ཁྱད་པར་རོ། །ངེས་ཡོངས་སུ་རྟོག་པ་ནི་དེ་ཁོ་ན་ཉིད་དུ་རྣམ་པར་དབྱེ་བའི་ཡུལ་གཟུགས་ལ་སོགས་པའི་ཆོས་རྣམས་མེད་ཅིང་དངོས་པོ་མེད་པ་ཉིད་དུ་ཤེས་པའོ། ། ་དེ་ནི་ཐམས་ཅད་དམིགས་སུ་མེད་པར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆུང་ངུའི་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་འགྲོལ་བའོ། །ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་ཉིད་ཀྱིས་གཟུཌ་ལ་སོཌ་པའི་ཆ་སྐྱེ་བ་མེད་པར་རྟོགས་པ་ཉིད་དུ་རྣམ་པར་ཤེས་པས ་དཔྱོད་ཅིང་རྣམ་པར་བརྟག་པ་སྟེ། ཤེས་རབ་གང་གིས་གཟུགས་ལ་སོགས་པ་སྐྱེ་བ་མེད་པར་མཐོང་བ་རྣམ་པར་འབྱེད་པའི་ཤེས་རབ་དེ་ལ་ཡང་སྐྱེ་བ་མེད་པར་བསམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་རྣམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ཅིང་རང་བཞིན་མེད་པ ་ཉིད་དུ་ཆོས་ཀྱི་སྒོ་ནས་བཤད་པ་ཡིན་ནོ། །དགེ་བའི་རྩ་བ་གཡོ་བ་ནི་དད་པ་ལ་སོགས་པ་དང་འདྲ་བར་གོང་ནས་གོང་དུ་ཁྱད་པར་ཐོབ་ཅིང་གཡོ་བ་ཡིན་པའི་ཕྱིར་དགེ་བའི་རྩ་བ་གཡོ་བ་སྟེ་དྲོ་བ་ཞེས་བྱ་བའོ། །དེའི་མཆོག་ཡིན་པའི་ཕྱིར་རྩེ་མོར་གྱུར ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བཟོད་པར་གཏོགས་པའི་དགེ་བའི་རྩ་བ་དམིགས་པ་དང་རྣམ་པ་གསུམ་ནི་གཟུཌ་སོ། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ལ། རབ་ཏུ་བྱེད་པའི་དོན་ནི་ཆུང་དུའི་དམིགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བཟོད ་པ་གཏོགས་པ་ཆུང་དུའི་ནི་གཟུགས་ལ་སོགས་པའི་མཚན་ཉིད་གཟུགས་སུ་རུང་བ་དང་ཉམས་སུ་མྱོང་བ་ལ་སོགས་པའོ། །དེའི་རང་གི་ངོ་བོ་ནི་ཡང་ས་ལ་སོགས་པའི་རང་བཞིན་ས་བ་ལ་སོགས་པ་འདི་ཉིད་ནི་འདིའི་མཚན་ཉིད་ཡིན་ནོ། །འདི་དག་ནི་དེ་ཁོ་ན་ཉིད་དུ་ན་སྟོང་པ ་ཉིད་ཡིན་པས་ངོ་བོ་ཉིད་མེད་པར་རང་བཞིན་གཅིག་པ་ཉིད་ཀྱི་ས་ན་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པའི་མཚན་ཉིད་དང་ས་ལ་སོགས་པ་དེའི་མཚན་ཉིད་དང་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་པ་ནི་བཤད་ཟིན་ཏོ། །སྐྱེ་བོ་དམིཌ ་པ་ཅན་ནི་ཕྱི་རོལ་གྱི་དོན་ཡོད་པ་ལ་ལྟ་བ་རྣམས་ཏེ། དེའི་དོར་གཟུགས་ལ་སོགས་པ་སྔར་བཤད་པ་དང་དངོས་པོ་མེད་པ་དེ་ཉིད་ངོ་བོ་ཉིད་དོ་ཞེས་བཤད་དོ། །གཟོད་པར་གཏོགས་པ་འབྲིང་ཀྱི་ནི་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་ཡང་དག་པར་ན་གཟུགས་ལ་སོགས ་པ་སྐྱེ་བ་ཡང་མེད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པར་གཟུགས་ལ་སོགས་པ་སྟོང་པ་ཉིད་དུ་ཤེས་པའི་ཕྱིར་རོ། །ལུས་ལ་སོགས་པ་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་རྣམ་པས་རྣམ ་པར་དག་ཅིང་དྲི་མེད་པ་ཡིན་ཏེ། འདིར་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་གནས་སྐབས་སུ་རྣམ་པ་ཐམས་ཅད་དུ་དག་པ་སྟེ་མེད་པས་ཅུང་ཟད་ཙམ་གྱིས་དག་པ་ཡིན་པར་བལྟ་བར་བྱའོ། །དེ་དག་སྐྱེ་མེད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བཟོད་? ་གཏོགས?་པའི་ཆེན་པོའི་རང་དང་སྦྱིའི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །དེ་མི་འཐད་པ་ནི་གཟུགས་ལ་སོགས་པ་ཡིན་པར་མི་རུང་ཞིང་མི་རིགས་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་མེད་པ་སྟེ། དེའི་མཚན་མ་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། ་རང་བཞིན་ཁོ་ན་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱིས་ན་གཟུགས་ལ་སོགས་པའི་རྟེན་མེད་པས་མོས་པ་ཡིད་ལ་བྱེད་པ་སྟེ་ཀུན་རྫོབ་ཏུ་གཟུཌ་ལ་སོགས་པ་ཡོད་པར་མངོན་པར་ཞེན་པ་དང། དེ་ལ་མི་མོས་པ་ནི་མངོན་པར་མ་ཞེན་པའོ། །གཟུགས་ལ ་སོགས་པའི་རང་གི་མཚན་ཉིད་ལ་སོགས་པ་ནི་སྔར་བཤད་པ་སྟེ་དེའི་མཚན་མའོ་དེའི་མཚན་མར་མི་རྟེན་པ་ནི་མངོན་པར་མ་ཞེན་པའོ། །དེའི་མཚན་མ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ་པའོ། །དེ? ་ཡོངས་སུ་ཤེས་པ་མེད་པ་ནི་དམིགས་སུ་མེད་པའི་ཡང་དག་པའི་ཤེས་པ་དང་ལྡན་པ་ནི་འདུ་ཤེས་ཉིད་དོ། །དེ་མེད་པས་ན་འདུ་ཤེས་མེད་པ་ཉིད་དེ། དངོས་པོའི་ཆོས་ལ་མངོན་པར་ཞེན་པ་དང། མངོན་པར་མ་ཞེན་པ་དེ་མེད་ན་དེ་ཅི་ལྟར་ཡོད་ཅེས་བྱ་བར་དགོངས་སོ། །བཟོད་པ་ཞེས་བྱ ་བ་དོན་དང་ལྡན་པ་ཉིད་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ན་བཟོད་པའི་དམིགས་པ་དང་རྣམ་པ་དང་ལྡན་པ་ལ་ནི་ངན་འགྲོ་མེད་པས་ཞེས་བྱ་བ་ནི་ཆོས་མངོན་པ་ལས་བཟོད་ཐོབ་ངན་སོང་མི་འགྲོའི་ཞེས་བཤད་པས་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སོ ་སོའི་སྐྱེ་བོ་དང་འདྲ་བར་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་མེད་པའི་ཕྱིར་རོ། །ཆོས་ཆེན་པོ་ལ་བཟོད་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མེད་པ་ལ་སོགས་པར་བཟོད་པས་ཡིད་དུ་འོང་བའི་བཟོད་པར་གཏོགས་པ་ནི་རྣམ་པ་གསུམ་མོ། །ཆོས་ཀྱི་མཆོག་ཏུ་གཏོགས་པའི ་དགེ་བའི་རྩ་བའི་དམིགས་པ་དང་རྣམ་པ་གསུམ་ནི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དམིགས་པ་དང་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་ཆོས་ཅན་ཡང་བསྟན་པར་རིགས་པ་མ་ཡིན་ནམ། དེ་ཆོས་ཙམ་དུ་བརྟེན་པ་ཉིད་ཀྱིས་བསྒོམ་པ་ནི་མི་རིགས་? ་དམིགས་པ་མི་རྟག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་མ་གཏོགས་པ་ཞེས་བྱ་བ་དེར་ནི་ཆོས་དང་ཆོས་ཅན་ཡོད་པས་གཞན་དག་ལ་སྒྲའི་དབྱེ་བས་དོན་སྟོན་པར་བྱེད་པ་ཡིན་པའི་ཕྱིར། ཁྱད་པར་དུ་བྱས་བའི་ཆོས ་དང་ཆོས་ཅན་གྱི་ཚིག་ཏུ་བརྗོད་པར་བྱེད་པ་གང་ཡིན་པའི་དེ་སྒྲ་དེས་དམིགས་པ་ཚིག་དུ་བརྗོད་པར་བྱ་བ་ཡིན་ན་ཞེས་བྱ་བ་འདིར་དམིགས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ལ་དེས་ན་དོན་ནི་འདི་ཡིན་ཏེ། དམིགས་པ་དང་རྣམ་པར་བརྗོད་པ་ཡང་ཁྱད?་པར་དུ་བྱས་པའི་ཚིག་གིས་ཡིན ་ཏེ། རྣམ་པ་མངོན་ཞེན་ལ་སོགས་འགོག་ཅེས་བྱ་བ་ལ་སོགས་པས་རྣམ་པ་དང་དམིགས་པའི་ཆོས་ཅན་ཀུན་ཏུ་དྲངས་པ་ལྟ་བུར་ཐམས་ཅད་དུ་བཤད་པ་ཡིན་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟོན་པ་བརྗོད་པའི་རབ་ཏུ་བྱེད་པ་ལས་སྟོན་པ་ཡིན་ནོ། །དེ་ལྟ་ན ་ཡང་ཅི་དེར་ཆོས་བརྗོད་པས་ཆོས་ཅན་རྟོགས་པ་ཡོད་དམ་ཞེན་མ་ཡིན་ཏེ། ཁྱད་པར་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཁྱད་པར་གཞན་ནི་རིགས་མི་མཐུན་པའོ། །དེ་རྣམས་སྤོང་པ་དང་མི་སྤོང་བ་ནི་ལྡོག་པ་དང་མི་ལྡོག་པ་མ་གཏོགས་པ་འདི་དག ་ལ་ཆོས་དང་ཆོས་ཅན་གྱི་ཁྱད་པར་ནི་ཡང་དག་པར་ན་དགའ་ཡང་མེད་དོ་ཞེས་ལུགས་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་བསྟན་བཅོས་ཀྱི་རིགས་པས་སོ། །གལ་ཏེ་དེ་ཁོ་ན་ཉིད་དུ་ན་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཡོད་ན་དེའི་ཚེ་དངོས་པོ་སྤྱིར་ཡང་མི་འགྱུར་ཏེ་སོ་སོ་མེད ་བའི་ཕྱིར་རོ། །དེ་བསན་འདི་ནི་ཤིང་ཉིད་དང་འདྲ་བར་འདིར་ཡང་གང་དུ་འཕགས་པའི་བདེན་པ་བཞིན་རྟོགས་པའི་དམིགས་པ་དང་རྣཾ་པ་མ་སྨྲས་པ་དེར་ཡང་མི་ལྡོག་པའི་སྒོ་ནས་དེ་དག་ནི་དེར་གཏོགས་པ་ཉིད་ཡིན་པར་གྲགས་པས་གྲུབ་པས་ཆོས་དང་ཆོས་ཅན་དག ་གཉི་ག་མེད་ན་མི་འབྱུང་བ་ཉིད་ཡིན་པས་རྒོལ་བ་འདི་ནི་ཅིར?་ཡང་མི་རུང་?་དོན་གྱིས་ཀྱང་འཕགས་པའི་བདེན་པ་བཞི་ལ་བརྟེན་པར་འགྱུར་བ་ནི་རྣམ་པ་གཅིག་ཏུ་ན་ཞེས་སྨོས་པ་ཡིན་ཏེ། ཡང་ན་ཚིག་ལེའུར་བྱས་པ་བསྡེབ་པའི་ངོར་ཞེས་བྱ་བ་ཚིག་ལེའུར་བྱས ་པའི་སྡེབ?་སྦྱོར་དང་འགལ་བའི་འཇིགས་པས་ཐ་དད་པར་བརྗོད་ཀྱང་ཞེས་བྱ་བ་ཆོས་ཅན་བདེན་པ་ལས་ཀུན་ཏུ་དྲངས་ཏེ་།རྣམ་པ་མངོན་ཞེན་ཞེས་བྱ་བ་ལ་སོགས་པའི་ཚིག་དབྱེ་བ་དམིགས་པ་དང་རྣམ་པའི་ཆོས་ཀྱི་དབྱེ་བ་སྨོས་པ་ཡིན་ན་ཡང་སྡུག་བསྔལ་ལ་སོགས་པའི་བདེན་པ་ནི ་ཆོས་ཅན་ཡིན་ལ་དེར་གཏོགས་པ། ཐོ་ན་དམིགས་པ་དང་རྣམ་པ་ཆོས་ཡིན་ནོ་ཞེས་འཆད་པ་པོ་རྣམས་ཀྱིས་བཤད་པ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། མངོན་པར་ཞེན་པ་ལ་སོགས་པ་འགོག་པར་བྱེད་བའི་བདག་ལ་སོགས་པ་ནི་ཡང་དག་པར་སྐྱེ་བ་དང་འཇིག་པ་དང་བྲལ ་པ་ཞེས་བྱ་བ་རིམ་འམ་ཅིག་ཅར་དག་གིས་དོན་གྱི་བྱ་བ་བྱེད་པར་མི་རིགས་སོ་ཞེས་བྱ་བ་ལ་སོགས་པའི་ཚད་མས་རང་གི་ངོ་བོ་བརྟག་པ་ནི་རི་བོང་གི་རྭ་དང་འདྲ་བར་བསྒྲུབ་པ་དང་དགག་པས་སྟོང་པ་ཡིན་ལ། མངོན་པར་ཞེང་པ་ལ་སོགས་པ་ནི་ཀུན་རྫོབ་དང་དོན་དམ་པ་དག་ཏུ་མེད་པའི ་ཕྱིར་བ་དག་ལ་སོགས་པ་རྟེན་ཡིན་པར་མི་རིགས་ཀྱི་དོན་གྱིས་ན་བདེན་པ་ལ་བརྟེན་པ་ཉིད་ཡོད་དོ། །ཀུན་རྫོབ་ཀྱི་བདེན་པར་ཡོད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི་གང་དུ་ཆོས་ཙམ་ཞིག་བསྟན་པ་དེར་ཐམས་ཅད ་དུ་སྔར་བཤད་པའི་ཚུལ་གྱིས་འཕགས་པའི་བདེན་པ་བཞི་པོ་ཁོ་ན་ཆོས་ཅན་ཡིན་པར་ཤེས་པར་བྱའོ། །རྣམ་པར་རྟོག་པ་བཞི་ནི་གཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུང་བར་རྣམ་པར་རྟོག་པ་ནི་གཉིས་ཏེ། ག་ལས་ཤེས་ན་གཞི་སྟེ་སྲིད་པ་གཅིག་? ་གཅིག་ཏུ་བརྒྱུད་པའི་བྱ་བ་བྱེད་བའི་ཕྱིར་ཏེ་འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་སོ། །དེའི་གཉེན་པོ་ནི་ལམ་སྟེ་དེ་བསན་རྣམ་པ་གཉིས་ལ་དེ་དག་གི་དབྱེ་བས་དེ་ནི་རེ་རེ་ཞིང་རྣམ་པ་དགུ་ཡིན་ནོ། །ག་ལས་ཤེས་ན། རྨོངས་དང་ཕུང་སོགས་བྱེ་བྲག་གིས་ཞེས་བྱ་བ ་མ་རིག་པ་ལ་སོགས་པའི་དབྱེ་བས་སོ། །ཚིག་ལེའུར་བྱས་པའི་དོན་ནི་གཟུང་བར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་བརྟེན་ཅན་དང་གཉེན་པོའི་རྟེན་ཅན་ཉིད་ཀྱིས་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ལ་བརྟེན་པ་དང། སེམས ་བསྐྱེད་པ་ལ་སོགས་པ་ཀུན་བརྟེན་པས་གཞི་དང་དེའི་གཉེན་པོ་ཡིས་ཞེས་བྱ་བ་ཡིན་ནོ། །གཟུང་བར་རྟོག་པ་རྣམ་པ་གཉིས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །མ་རིག་པ་དང། རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བས་ཞེས་བྱ་བ་ནི ་མ་རིག་པ་ལ་སོགས་པའི་རབ་ཏུ་དབྱེ་བ་དང། བླ་ན་མེད་པའི་གཟུགས་ལ་སོགས་པའི་དབྱེ་བས་སོ། །རྨོངས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ནི་བདག་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། །རྫས་དང ་བརྟགས་པའི་རྟེན་ཅན་གྱི་ཞེས་བྱ་བ་ནི་གང་ཟག་དང་སྐྱེས་བུ་ལ་གནས་པ་འཛིན་པ་རྣམ་པ་གཉིས་སུ་འདོད་ཅེས་བྱ་བར་ཤེས་པར་བྱའོ། །དེ་བཞིན་ཞེས་བྱ་བ་ནི་དེ་ཡང་རེ་རེ་ཞིང་རྣམ་པ་དགུའོ། །གང་ལས་ཤེ་ན། བདག་སོགས་རང་དབང་ངོ་བོ་དང་ཞེས་བྱ་བ་སྟེ། ་རང་དབང་ཅན་གྱི་བདག་ཏུ་བལྟ་པ་ལ་སོགས་པའི་ཚུལ་གྱིས་སོ། །ཕུང་སོགས་ལ་རྟེན་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཚིག་ལེའུར་བྱས་པའི་དོན་ནི་ལ་ལ་ཞིག་གིས་བརྟགས་པ་ཉིད་ཡིན་པའི་ཕྱིར་རྫས་ཏེ་གང་ཟག་གོ་ཐ ་སྙད་ཉིད་དུ་བརྟགས་པ་ཉིད་ཀྱིས་ན་བརྟགས་པ་སྟེ་སྐྱེས་བུའོ། །དེ་ལ་དམིགས་པ་ནི་དེའི་ཡུལ་ཏེ་ཞེས་བྱ་བ་ལ་སོགས་པས་རྫས་དང་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །བདག་རང་དབང་ཅན་དུ་ཕུང་པོ་ལ་སོགས་པ་ལ་དམིགས་པ་ཉིད་ཀྱིས་ན་བདག ་རང་དབང་ཅན་དང་ཕུང་པོ་ལ་སོགས་པའི་དམིགས་པོ་སྟེ། རང་དབང་ཞེས་བྱ་བ་ལ་སོགས་པ་དང། དེ་བཞིན་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེ་ལ་མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མང་དུ་ཡོད་ན་ཡང་མདོར་བསྡུས ་ན་རྣམ་པར་རྟོག་པ་བཞིའི་དོན་བཤད་པར་བྱའོ། །རེ་ཞིག་གཟུང་བའི་རྣམ་པར་རྟོག་པ་གཉིས་ནི་གཟུང་བར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་ནི་འདོད་ཆགས་ལ་སོགས་པ་ལ་གནས་པའོ། །མ ་?་ཤེས་པའོ། །གཟུགས་ལ་སོགས་པའི་ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །མིང་ནི་ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །འདི་དག་ལ་མངོན་པར་ཞེན་པ་ནི་མིང་དང་གཟུགས་ལ་མངོན ་པར་ཞེན་པའོ། །མཛའ་གཉིས་ལ་ཆགས་པ་ནི་རྟག་པ་དང་ཆད་པའི་མཛའ་ལ་ཞེན་པའོ། །ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པས་སོ། །རྣམ་པར་བྱང་པ་ནི་མྱ་ངན་ལས་འདས་པའོ། །འཕགས་པའི་ལམ་ལ་མི་གནས་པ་ནི་མཐོང་པའི་ལམ་ལ་སོགས་པ ་ལ་མངོན་པར་ཞེན་པའོ། །དམིགས་པ་ནི་གཟུགས་ལ་སོཌ་པ་ལ་མངོན་པར་ཞེན་པའོ། །བདག་ལ་སོགས་པ་ནི་འདོད་ཆགས་དང་གཞན་དུ་འདུ་ཤེས་པ་ལ་སོགས་པའོ། །རྣམ་པར་དག་བསྐྱེད་པ་ལ་སོགས་པ་ནི་འཁོར་གསུམ་རྣམ་པར་དག་པ་སྐྱེད་པ་སྟེ་།དེ་ཡང་དག་པར ་སྦྱངས་པའི་དག་པ་རྣམ་པ་གསུམ་མོ། །དེ་ལ་གཟུང་པའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པ་དེའི་གཉེན་པོའི་ཕྱོགས་ཀྱི་ལམ་ལ་གནས་པའོ། །ཕུང་པོ་ནི་ཕུང་པོ་རྣམས་སོ། །སྐྱེ་བའི་སྒོ་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །རིགས་ནི་ཁམས་བཅོ་བརྒྱད་དོ། །སྐྱེ་བ ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །སྟོང་པ་ཉིད་ནི་བདག་མེད་པའོ། །ཕ་རོལ་ཏུ་ཕྱིན་པའི་དོན་ནི་འཚང་རྒྱ་བ་ཉིད་དོ། །མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་ནི་གསུམ་སྟེ། དེ་ལ་གཟུང་བའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པ་ནི་དེ་དག་གོ། ཁ་ཅིག་ན་རེ ་དེ་ལ་གཞི་ཐམས་ཅད་ཁོ་ན་དང་པོར་གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་རྣམ་པར་བྱང་བའི་གཞི་ཁོ་ན་ནི་གཉིས་པ་ཡིན་པས་འདི་དག་ནི་གཟུང་བའི་རྣམ་པར་རྟོག་པ་འདི་ནི་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་ན་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་གཉིས་པ་ཡང་དེ་ཡིན ་ནོ་ཞེས་སྔ་མ་སྟོན་པར་བྱས་པ་ཡིན་ལ་དེ་ཞིག་དང་པོ་གང་ཡིན་པ་དེ་གཉིས་པ་ཡང་ཡིན་ཏེ་འདི་ཏར་གཞི་ཐམས་ཅད་པ་དང་པོ་གཟུང་བའི་རྣམ་པར་རྟོག་པར་འགྱུར་གྱི་གཉིས་པ་ནི་དང་པོ་མ་ཡིན་ཏེ། འདི་ལྟར་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ནི་རྣམ་པར་བྱང?་བ་ཙམ་ ་ལ་བརྟེན་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་འདི་གཉིས་ཀྱི་དབྱེ་བ་ནི་གཞན་རྣམ་པར་གཅད་པའི་དོན་གྱིས་ན་དང་པོ་ནི་ཀུན་ནས་ཉོན་མོངས་པའི་གཞི་ལ་བརྟེན་པ་ཡིན་ལ་གཉིས་པ་ནི་རྣམ་པར་བྱང་བའི་གཞི་ལ་བརྟེན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི ་འཛིན?་པའི་རྣམ་པར་རྟོག་པ་ནི་འཛིན་པར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཞན་གྱིས་ཡོངས་སུ་བརྟགས་པའི་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དེ་ནི་གཞན་ལ་མི་ལྟོས་པ་ཉིད་དང། ཆ་ཤས་མེད་བ་ཉིད་དང། རྒྱུར་གྱུར་པ་ཉིད་དང་ལྟ་བ་པོ་ཡིན་པ་ཉིད་ཀྱིས་ན་བདག ་རང་དབང་ཅན་དང་གཅིག་དང་རྒྱུ་དང་ལྟ་བ་པོའོ། །འདི་དག་ཉིད་ནི་བདག་གོ། དེར་རྟོགས་པ་ཉིད་ཀྱིས་ན་ཀུན་ནས་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །འདོད་ཆགས་དང་བྲལ་བ་ནི་ཡུལ་ལ་ཕྱིར་ཕྱོགས་པའོ། །མཐོང་བ་དང་བསྒོམ་པ་ནི་མཐོང་བའི་ལམ་དག་གོ་། ་དོན་བྱས་པ་ནི་བྱ་བ་བྱས་པ་ཉིད་དོ། །འདི་དག་ཀྱང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་གཞི་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རྟེན་གྱི་བདག་ཉིད་ཡིན་པའོ། །རྣམ་པར་རྟོག་པ་བརྩི་བ་ན་བདག་རང་དབང་ཅན་ལ་སོགས་པའི་རིམ་གྱིས་གཞིའོ། །ཀུན་ནས་ཉོན་མོངས་པའི ་རྟེན་གྱི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་ལྔ་སྟེ། འཛིན་པའི་རྣམ་པར་རྟོག་པ་དགུ་པོ་འདི་དག་གང་ཡིན་པ་དེས་བསྡུས་པ་ཡིན་ནོ། །བརྟགས་པར་འཛིན་པར་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཕུང་པོ་ནི་གཟུགས་ལ ་སོགས་པའོ། །སྐྱེ་མཆེད་ནི་ཕྱི་དང་ནང་གི་བདག་ཉིད་ཅན་མིག་དང་གཟུགས་ལ་སོགས་པ་བཅུ་གཉིས་སོ། །ཁམས་ནི་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པའི་དབྱེ་པས་རྣམ་པ་བཅོ་བརྒྱད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གྲགས ་བར་ཟད་དོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའོ། །མཐོང་བ་དང་བསྒོམ་པ་དང་ཁྱད་པར་དང་མི་སློབ་པའི་ལམ་སྟེ་བཞིའོ། །དེ་རྣམས་དང་འཛིན་པའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པ་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་ངེས་པར། འབྱེད་པའི ་ཆ་མཐུན་?་བཞིའི་དྲི་བ་ལ་སོགས་པ་བཞི་དང་གྲངས་ཇི་ལྟ་བ་བཞིན་དུ་ལྡན་པ་ཡིན་ནོ། །དེ་ལྟ་བུའི་རྣམ་པར་རྟོག་པ་བཞི་དང་ལྡན་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྣམ་པར་རྟོག་པ་མཛའ་ཡས་མ་ཡིན་ན་ཡང་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ལམ་དུ་གཏོགས་པ་ཁོ་ནའི ་རྣམ་པར་རྟོག་པ་བསྟན་གྱི་དེ་ལས་གཞན་པའི་ཅི་ཡང་མི་བྱེད་པ་ཉིད་ཀྱིས་ན་སྤང་བར་བྱ་བ་མ་ཡིན་ཞིང་བླང་བར་བྱ་བ་མ་ཡིན་པས་ཉེས་པ་མེད་དོ། །ཚིགས་སུ་བཅད་པ་སྦྱང་བ་དང་མཐུན་པར་ཞེས་བྱ་བ་ནི་དམིགས་པ་དང་ནི་རྣམ་པ་དང་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས ་ཡོངས་སུ་འཛིན་པ་སྔར་གསུངས་ནས་ཡང་མཇུག་ཐོགས་སུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་སོ་ཞེས་བྱ་བར་སྦྱར་པའོ། །ཡང་ན་དེའི་སྟོབས་ཀྱི་ཇི་སྐད་དུ་བཤད་པའི་ཁྱད་པར་དུ་འགྱུར་རོ་ཞེས་བྱ་པར་སྦྱར་རོ། །ཡོངས་སུ་འཛིན་པའི་དབང་གིས་རྣམ་པར་རྟོག་པ་བཞི་པོ་ཉན་ཐོས་ལ ་སོགས་པ་དང་ཐུན་མོང་མ་ཡིན་པ་བསྟན་པར་བྱ་བའི་ཕྱིར་སེམས་མི་འགོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉན་ཐོས་རྣམས་ཀྱི་སྟོན་པ་པོ་ནི་ཕྱི་དང་ནད་དུ་ལྟ་བ་ཡོད་པས་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །བཅོམ་ལྡན་འདས་ཉིད་ལམ་སྟེ་སྟོན་པར ་མཛད་པ་ཡིན་ནོ་ཞེས་ཐོས་པ་མ་ཡིན་ནམ་ཞེ་ན། གལ་ཏེ་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དང་འདྲ་པར་མི་དམིགས་པ་ལ་དམིགས་པར་འགྱུར་ན་ལྟ་བདེན་མོད་ཀྱི་འདི་ཡོད་པ་མ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་རྣམ་པར་རྟོག་པ་མི་མངའ་བ་དེའི་དབང་གིས་དངོས ་པོ་མི་རྟག་པ་ལ་སོགས་པའི་ལམ་རང་གི་བསམ་པའི་དབང་གིས་ཞུགས་པ་ཡིན་དུ་ཟིན་ན་ཡང་འོན་ཀྱང་ཡང་དག་པར་འཛིན་པ་ཡོད་པ་མ་ཡིན་ཏེ། ཡང་དག་པར་སྟོན་པར་མཛད་ན་ཡང་དེའི་བསམ་པའི་དབང་གིས་གཞན་དུ་འགྱུར་བའི་ཕྱིར་རོ། །འདིར་བཅོམ་ལྡན ་འདས་ཀྱིས་ཉེས་པ་མ་ཡིན་ཏེ། སེམས་ཅན་གྱི་བསམ་པའི་དབང་གིས་སྐབས་དང་འདྲ་བར་ཐེག་པ་ཆེན་པོ་ལ་འཇོག་པར་བྱ་བའི་ཕྱིར་ཡང་དག་པར་སྟོན་པར་མཛད་པ་མ་ཡིན་ན་ཡང་དེ་ལྟར་སྨོན་ལམ་བཏབ་པའི་ཕྱིར་རོ། །ཉན་ཐོས་ཉིད་ཡང་དག་པ་མ་ཡིན་པའི་ལྟ་བསྐྱེས་པ ་ཡིན་ཏེ་གང་གི་ཕྱིར་རང་གི་མངོན་པའི་ང་རྒྱལ་གྱི་དབང་གིས་སྲིད་པ་ཐོག་མ་མེད་པ་ནས་རྣམ་པར་བསྒོས་པའི་བག་ཆགས་ཀྱི་བཅོམ་ལྡན་འདས་དོན་དམ་པར་དངོས་པོ་ཡོད་པར་ཞལ་གྱིས་བཞེས་པ་དང་དེ་བཞིན་དུ་མི་རྟག་པ་ལ་སོགས་པའི་ལམ ་གྱིས་ཞེས་བྱའི་སྒྲིབ་པ་སྤོང་བ་ལ་ཞུགས་པར་རྟོགས་པ་ཡིན་ནོ། །དེ་ལྟ་ན་ནི་སོ་སོའི་སྐྱེ་བོ་རྣམས་ཀྱང་དེ་ལྟར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདི་ཉིད་ལས་གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་ཡིན་ནོ། །བསྒྲུབ་པ་དང་ལྡན ་པ་ལ་ཞེས་བྱ་བ་ལ་སོཌ་པ་ལ་རྫོཌ་པ་ཡི་ནི་ཆོས་དྲུག་སྟེ་ཞེས་བྱ་བ་ནི་རྟོཌ་པར་བྱ་བའི་ཆོས་རྣམ་པ་དྲུག་གི་རྟེན་ཞེས་བྱ་བ་གཞི་ལ་ནི་བྱང་ཆུབ་སེམས་དཔའ་ཨི་རྒྱུད་ཀྱི་རིགས་ཡིན་ནོ་ཞེས་བཤད་པར་བྱའོ། །གང་ལ་བྱང་ཆུབ་སེམས་དཔའ་བརྟེན་པའི་རྟོགས་པར་བྱ་བའི་ཆོས་གང་ཞིག ་ཡིན་ཞེས་རྟོག་པ་ལ། དེར་དེ་བསྐྱེད་པའི་རིམ་གྱིས་ཆོས་དེ་བསྟེན་པར་བྱ་བའི་ཕྱིར་གཉེན་པོ་དང་ནི་ཞེས་བྱ་བ་སོགས་པ་གསུངས་ཏེ། གཉེན་པོ་དང་ནི་སྤོང་བ་དང་ཞེས་བྱ་བ་ནི་སྤོང་བ་དང་ཞེས་བྱ་བ་ནི་བསྒོམ་པའི་རབ་ཀྱི་མཐར་ཐུག་པ་ལ་གནས་པའི་སེམས་ཀྱི་ཁྱད་པར་དང་དེས་སྤང ་བར་བྱ་བ་མི་མཐུན་པའི་ཕྱོགས་དག་གོ། གཉེན་པོ་དང་མི་མཐུན་པ་དེ་དག་སྤང་བ་སྟེ། དེ་དག་ཡོངས་སུ་གཏུགས་པ་ནི་དེའི་རྣམ་པར་རྟོག་པ་ཟད་པའོ། །ཤེས་རབ་དང་སྙིང་བརྩེར་བཅས་པ་ནི་ཤེས་རབ་དང་སྙིང་རྗེ་དག་གོ་།སློབ་མ་ཐུན་མོང་མིན་ཉིད་དང་ཞེས་བྱ་བ་ནི་ཉན་ཐོས་ལ ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཆོས་སོ། །གཞན་གྱི་དོན་གྱི་གོ་རིམ་དང་ཞེས་བྱ་བ་ནི་དེའི་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་སྟོན་པའི་རིམ་པའོ། །ཡེ་ཤེས་རྩོལ་བ་མི་མངའ་བར་ཞེས་བྱ་བ་ནི་གཞན་གྱི་དོན་གྱི་ཡེ་ཤེས་རང་གི་དང་གིས་སྐྱེ་བ་ཡིན་པའི་ཕྱིར ་རོ། །གང་སྔར་གྱི་རྟེན་བཤད་པ་དང་བཅས་བས་འགྲེལ་བ་ལས་བསྟན་པ་ནི་རེ་ཤིག་དང་པོར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། །རེ་ཤིག་དང་པོར་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བ་ལ་སོགས་པ་སྐྱེ་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་འཇིག་རྟེན ་ལས་འདས་པའི་མཐོང་བའི་ལམ་དང་བསྒོམ་བའི་ལམ་སྐྱེ་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་ཞེས་བྱ་བ་དྲོ་བ་ལ་སོགས་པ་དང་མཐོང་བ་ལ་སོགས་པའི་ལམ་སྐྱེ་བའི་མཐུས་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་བ་ལྟ་བུར་ཞེས་བྱ་བ་སྐད་ཅིག་མ ་གང་ཁོ?་ན་ཇི་ལྟར་རྐུན་མ་ཅིག་བཏན་ནས་སྐད་ཅིག་མ་དེ་ཉིད་ཁོ་ན་ལ་གཞན་གང་ཡིན་པ་དེ་མི་འཇུག་པར་བྱ་བའི་ཕྱིར་སྒོ་འཕར་བཅས་པ་སྟེ། དེ་འཇུག་པའི་སྒོ་གཅོད་པ་དང་འདྲ་བར་དུས་མཉམ་དུ་གཉེན་པོའི་ཕྱོགས་མ་ལུས་པར་ཡོངས་སུ་དག་པའི་སེམས་ཀྱི་ཁྱད་པར་རྣམས ་དང་མི་མཐུན་པའི་ཕྱོགས་སྤང་བར་བྱ་བས་ཉོན་མོངས་པའི་སེམས་ཀྱི་ཁྱད་པར་དེ་དག་གོ་རིམ་བཞིན་དུ་སྐྱེ་བ་དང་འགག་པ་འབྱུང་བ་ཡིན་པའི་ཕྱིར་ཏེ། གཉེན་པོ་དང་ནི་སྤོང་བ་དང་ཞེས་བྱ་བ་བཤད་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་མི་དམིགས་པས་ཞེས་བྱ་བ་དམིགས་པར ་བྱ་བའི་བདག་ཉིད་ཡང་དག་པར་ན་སྟོང་པ་ཉིད་ཡིན་པས་གཉེན་པོ་དང་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འགོག་པ་དང་ཉེ་བར་དམིགས་པས་སྐྱེ་བ་དང་འགོག་པ་དང་གཉེན་བོ་སྐྱེ་བ་དང་མི་མཐུན་པའི་ཕྱོགས་འཇིག་པ་དེ་དག་དང་ལྡན་པའི་རྣམ་པར་རྟོག་པ་སྟེ། ཉོན་མོངས་པའི་བསམ ་བ་སྤངས་བས་བདག་ལ་ཡང་དག་པའི་བསམ་པ་སྐྱེས་སོ་ཞེས་ཀུན་ཏུ་རྟོག་པ་དེ་སྤངས་པ་སྐྱེ་བ་ཡིན་པའི་ཕྱིར། དེ་དག་ཡོངས་སུ་གཏུགས་པ་དང་ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་སངས་རྒྱས་སུ་གྱུར་ནས་གཞན་གྱི་དོན་བྱའོ་ཞེས་སྔོན་གྱི་སྨོན་ལམ་དང་དེ་ལ་སྦྱིན་པ་ལ་སོགས ་པ་ཐབས་ལ་མཁས་པ་གང་ཡིན་པ་སྟེ། སེམས་མི་འགོང་བ་ཉིད་ལ་སོགས་པ་དེའི་སྟོངས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཤིང་སྲིད་བ་དང་ཞི་བ་མི་གནས་པ་དེའི་མཚན་ཉིད་དེའི་བདག་ཉིད་ཅན་གྱི་ཤེས་རབ་དང་སྙིང་རྗེ་དག་གིས་ཤེས་རབ་དང་ཐབས་ཀྱི ་ཡེ་ཤེས་སྐྱེ་བའི་ཕྱིར་ཤེས་རབ་སྙིང་བཙེར?་བཅས་པ་དང་ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་སྐྱེས་བས་ཞེས་བྱ་བ་ལས་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་གཉིས་སྐྱེས་པས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་སྟེ། ཆོས་གང་ཉན་ཐོས་དང་རང་སངས་རྒྱས ་དང་མཉམ་པ་ན་ཡིན་པ་སྟོབས་བཅུ་ལ་སོགས་པ་དེ་སྐྱེ་བའི་ཕྱིར་སློབ་མ་ཐུན་མོང་མིན་ཉིད་དང་ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་གདུལ་བྱ་རྣམས་ཀྱི་སྤྱོད་པ་ལས་མ་འདས་པས་གཞུག་པ་ལ་སོགས་པ་ལ་ལྡེམ?་པོར ་དགོངས?་པའི་སྒོ་ནས་ཞེས་བྱ་བ་གལ་ཏེ་དང་པོར་ཆོས་དང་གང་ཟག་ལ་བདག་མེད་བ་ཐོམ?་པས། སྐྲག་ནས་མུ་སྟེགས་པའི་ལྟ་བ་ཉིད་ལ་གནས་པར་འགྱུར་པས་སྙིང་རྗེས་བུ་གཅིག་པ་དང་འདྲ་བར་མཆོད་སྦྱིན་ལ་སོགས་པ་ལ་སྲོག་གཅོད་པ་ལ་སོགས་པ་དང་ཐོག་མ་མེད་པའི་དུས ་ནས་གོམས་པའི་རྟག་པ་དང་ཚངས་པ་ལ་སོགས་པའི་ལྟ་བ་ལས་བཟློག་ནས་ཐེག་པ་གཉིས་ལས་གསུངས་པའི་དགེ་པ་བཅུའི་གཞི་དང་མི་རྟག་བ་ལ་སོགས་པའི་ལྟ་བ་ལ་བཅུ་གཅིང་དལ་སོ་བ་སྔོན་དུ་འགྲོ་བས་ཐོག་པ་ཆེན་པོ་ལ་གཞག་པའི་བསམ་པའི་ཐབས་ཀྱིས་དེ་ལྟར ་ཐེག་པ་གསུམ་གྱི་ལམ་ལ་བཀོད་པ་གང་ཡིན་པ་དེའི་མཚན་ཉིད་ཀྱི་གཞན་གྱི་དོན་གྱི་གོ་རིམ་བཞིན་དུ་དེ་ལས་འབྱུང་བའི་ཕྱིར་གཞན་གྱི་དོན་གྱི་གོ་རིམ་དང་ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་འཁོར་བ་ཅི་སྲིད་ཀྱི་བར་དུ་ཕྱིའི་མཚིན་མ་དང་འབད་པ་དག་སྟོང་པ་ཉིད ་ཡིན་པའི་ཕྱིར་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་གཞན་གྱི་དོན་གྱི་ཡེ་ཤེས་འབྱུང་པའི་ཕྱིར་ཡེ་ཤེས་རྩོལ?་པ་མི་མངའ་བར་ཞེས་བྱ་བའི་བཤད་པ་ཡིན་ནོ། འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྱང་ཆུབ་སེམས་དཔའ་ནི་སྒྱུ་མའི་སྐྱེས་བུ་ལྟར་ཆོས ་ཐམས་ཅད་ལ་ཞེན་པ་མེད་པ་ཉིད་དུ་སྒོམ་པ་མ་ཡིན་ནམ། ཇི་ལྟར་ཡང་དག་པ་ནི་རྟེན་ཡོད་པ་ཡིན་ནོ། དེ་ནི་མི་རིགས་སོ་ཞེས་རྟོག་པས་ཀུན་རྫོབ་ཏུ་གཏན་ལ་དབབ་པ་ནི་སྒྲུབ་པའི་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྒྲུབ་པའི་ཆོས་ནི་སེམས་བསྐྱོད་པ ་ལ་སོགས་པའོ། །དེའི་གནས་སྐབས་ཀྱི་དབྱེ་པ་ནི་གདུལ་བྱའི་བྱེ་བྲག་ལས་རང་བཞིན་ཕྱེ་བའོ། །དབྱེ་བ་དེས་ཡང་དག་པར་ན?་དེ་ལས་གཞན་པའི་རང་བཞིན་མི་རིགས་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ཇི་སྐད་བཤད་པའི་ཆོས་ཀྱི་གཞིར་གྱུར་པ་ཡིན་ཏེ། གཉེན་པོ ་དང་ནི་སྤོང་བ་དང་ཞེས་བྱབ་ལ་སོགས་པ་ལ་ཆོས་དྲུག་གི་རྟེན་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་ལ་རིགས་ཞེས་བསྟན་ཏོ་ཞེས་བྱ་བ་ནི་ངེས་པའི་ཚིག་ཏུ་ན་ཡོན་ཏན་བསྐྱེད་བའི་དོན་གྱིས་ན་ཀུན་རྫོབ་ཏུ་རིགས་ཞེས་བྱའོ་ཞེས་ཡུམ་ལས་བཤད་དོ། །ཆོས་ཀྱི ་དབྱིངས?་ལ་ཞེས་བྱ་བ་ལ་སོགས་པའི་འོག་ནས་བཤད་པའི་ཚིགས་སུ་བཅད་པ་ཕྱེད་སྔ་མས་ནི་ཕྱོགས་སྔ་མ་སྟོན་པའི་ཟུར་གྱིས་རྣམ་པར་འབྱེད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་དག་པར་ནད་ལས་གཞན་པའི་རྒྱུ་ཡོད་པར་མི་འཐད་པས་ཆོས་ཀྱི ་དབྱིངས?་ས?་བོན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་འཕགས་པའི་ཆོས་རྟོགས?་པར་འགྱུར་བ་ཞེས་བྱ་བ་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་བདག་ཉིད་ཅན་གྱི་ཞེས་བྱ་བ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ནོ། །བླ་ན་མེད་པའི ་སངས་རྒྱས་ཀྱི་ཆོས་རྣམས་ནི་སྟོབས་བཅུ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་མེད་པས་ཤེས་པ་ཙམ་གྱིས་ཚུལ་ལོ། །རིགས་ནི་ཆོས་ཉིད་དུ་བརྟགས་པའོ། །སྤྱི་ལ་ཡོད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེའི་ཚེ ་ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པ་ལས་ཅིར་འགྱུར་ཞེ་ན། འདི་ནི་རང་བཞིན་གྱིས་གནས་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་བརྒྱུད་པའི་ཆོས་ཉིད་ལས་ཐོབ་པ་ཡིན་ལ། འདི་ནི་ཚོགས་པ་ལས་བྱུང་བ་ཡིན་ཏེ། སྔོན་གྱི་དགེ་བའི་རྩ་བ་གོམས་པ་ལས་ཐོབ་པ ་ཡིན་ནོ། །འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་སུངེས་པ་ཡིན་ཏེ། རྒྱ་ཆེན་པོས་ཀྱང་བཟློག་མི་ནུས་པའི་ཕྱིར་རོ། །འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང། དེ་བཞིན་གཤེགས་པའི་རིགས་སུ་མ་ངེས་པ་ཡིན་ཏེ། རྐྱེན་གྱིས་བཟློག་ཏུ་འདོད ་པ་ཡིན་པའི་ཕྱིར་རིགས་ཐ་དད་པ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁོ་ན་མ་ཡིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འབའ་ཞིག་རིགས་ཡིན་ནོ་ཞེས་བྱ་བ་མི་རིགས་ཏེ། ཉན་ཐོས་ལ་སོགས་པའི་རིགས་ཀྱང་རིགས་ཉིད་དུ་འདིང?་འདོད་པ་ཡིན་པའི ་ཕྱིར་རོ་ཞེས་བྱ་བའི་རྒོལ་པ་པོ་གཞན་གྱིས་བསམ་པ་ཡིན་ནོ་སྙམས་པ་ཞེས་བྱ་བ་དེ་ལྟར་སྐྱེ?་བོ་བློ་?་བ་ལུང་མངོན་པར་མི་ཤེས་པ་དེ་རྣམས་ཀྱི་ངོར་ཞེས་བྱ་བ་ལ་བརྩེ་བའི་དབང་གིས་དེ་མི་ཤེས་པ་བསལ་བར་བྱ་བའི་ཕྱིར་དོགས་པ་བསུ་བ་སྔར ་གསུངས་ཤིང་རྒོལ་པ་བསླངས་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྒོལ་བའི་དོན་བྱེད་སྔ་མའི་ལན་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་སྟེ ་དེ་རྟོགས་པའི་རིམ?་གྱིས་ཞེས་བྱ་བ་ནི་གོང་ནས་གོང་དུ་ཤེས་པའི་གོ་རིམ་གྱིས་ཇི་ལྟར་སྟེ་ཇི་ལྟ་བར་དམིགས་པ་བཞིན་དུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་དབྱིངས་ལ་ཞེས་བྱ་བ་ནི་ལྷག་མའོ། །དེ་བཞིན་དུ་དེ་དང་འདྲ་བར་འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར་དམིཌ ་པར་བྱའོ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ངེས་ཅིར་འགྱུར་ཞེ་ན། རིགས་ཉིད་དུ་ཐ་སྙད་འདོགས་སོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཁོ་ན་ཉན་ཐོས་ལ་སོགས་པའི་རིགས་སུ་ཐ་སྙད་དུ་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཁོ་ན་རྒྱུར་གྱུར་པར་རྣམ་པར་བཞག་པ ་ཡིན་པའི་ཕྱིར་ཏེ། ཡང་དག་པར་ན་དེ་ལས་གཞན་པའི་རྒྱུ་ཡོད་པར་མི་འཐར་པས་ཐེ་པ་གསུམ་གྱི་རིགས་ཀྱི་རྒྱུ་ཉིད་བྱང་ཆུབ་སེམས་དཔའ་ཨི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཁོ་ན་ཡིན་པར་མདོ་སྡེ་ལས་བསྟན་པའི་ཕྱིར་ལུང་ལས་ཆོས་ཀྱི་དབྱིང་ཀྱི་རང་བཞིན་བྱང་ཆུབ ་སེམས་དཔའ་རྒྱར་བྱས་ནས་སྤྱིར་ཐེག་པ་གསུམ་ལ་འབྲས་བུ་ཡིན་པ་ལ་བརྟེན་ཏེ། ཇི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམ་པར་བཞག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་སུ་དེ་བཞིན་གཤེགས་པའི་རིགས་ཤེས་པར་འགྱུར་ཞེས་བྱ་བ་ནི ་སྤྱིའི་དེ་ན་ཡིན་ནོ། །ཐེག་པ་གསུམ་དབྱེར་མེད་པའི་ཕྱོགས་ལྟར་ན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཁས་བླངས་པ་དེ་རིགས་པའི་དཔེས་བྱང་ཆུབ་སེམས་དཔའ་རིགས་སུ་རྣམ་པར་བཞག་པ་གང་ཡིན་དེའི་ཕྱིར་དཔེ?་མ་གྲུབ་པའི་དོགས་བ་མི་བྱའོ ་ལན་ཅིག་ཀྱང་ཞེས་བྱ་བ་ལ་སོགས་པ་ལ་ལན་གཞན་དུ་གསུངས་ཏེ་ཞེས་བྱ་བ་ནི་ཡང་དག་པར་ན་བརྟེན་དང་བརྟེན་པ་པོའི་དངོས་པོ་ཡོད་པ་མ་ཡིན་ན་ཡང་ཆོས་ཀྱི་ཕྱིར?་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཐེག་པ་གསུམ་པོ་མངོན་སུམ་དུ་བྱ་བའི་ཕྱིར་འདོད་ཆགས་དང་བྲལ་བ་ཉིད་ལ་སོགས་པའི་ཡོན་ཏན ་བྱེད?་པ་པོ་ཉིད་དུ་ཡོངས་སུ་བརྟགས་ནས། བྱང་ཆུབ་སེམས་དཔའ་རིགས་ཡིན་པར་རྣམ་པར་བཞག་པའི་སྐབས་སུ་ཐེག་པ་གསུམ་གྱི་རིགས་སུ་རྣམ་པར་བཞག་པ་ཚིགས་སུ་བཅད་པ་བྱེད་འོགཾ་མས་ལན་བཏབ་པ་ནི་བརྟེན་པའི་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུང་པ་ཡིན་ནོ། །ལུང། ་ལས་འཕགས་བའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བའོ་ཞེས་གསུངས་པའི་ཕྱིར་དང་པོ་ཁོ་ནར་རིགས་བརྗོད་པར་བྱ་བ་ཡིན་ཏེ་སེམས་བསྐྱེད་པ་དང། ཐར?་པ་དང་ངེས་ཡང་འབྱེད་པའི་?་མཐུན་པ་རྣམས་ནི་དེ་སྔོན་དུ་འགྲོ་བ་མ་ཡིན་ནམ་ཇི་ལྟར་ན་དེ་ལྟར ་བཤད། བདེན་མོད་ཀྱི་འདི་ནི་དོན་གྱི་གོ་རིམ་ཡིན་ལ་འདི་ཡང་བསྟན་པའི་གོ་རིམ་ཡིན་ཏེ། འབྲས་བུ་གང་ཡིན་པ་བསྟན་ནས་དེའི་འོག་ཏུ་རྒྱུ་བསྟན་པ་ཡིན་པས་ཉེས་པ་མེད་དོ། །ཇི་སྐད་དུ་བཤད་པའི་བསྒྲུབ་པ་སྟེ་སེམས་བསྐྱེད་པ་ལ་སོགས་པར་མི་དམིགས་པའི ་མཚན་ཉིད་དུ་སྔར་བཤད་བའོ། །དེའི་རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་ལེ་འུར་བྱས་པའི་དོན་ནི་རེ་ཞིག་དང་པོར་ཞེས་བྱ་བ་ལ་སོགས་པ་སྨྲེས་པ་ཡིན་ནོ་ཏེ། དང་པོར་སྤྱི་བོ་ནས་བྱ་བ་ནི་ཐོག་མར་ཉན་ཐོས་པ་སོགས་པ ་དང་ཐུན་མོང་དུ་བཤད་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ་བླང་བར་བྱ་བ་དང་དོར་བར་བྱ་བ་དང་བཏང་སྙོམས་སུ་བྱ་བའི་གནས་རྣམས་སོ། །གང་ཡིན་ཞེ་ན། གོ་རིམ་བཞིན་དུ་དགེ་སྦྱོང་གི་ཚུལ་ཉིད་དང་སྲོག་གཅོད་པ་ཉིད་དང། ?་དུ་མ་བསྟན་?་ལུས་ཀྱི ་ལས་ལ་སོགས་པ་ཞེས་བྱ་བ་ལ། དགེ་སྦྱོང་གི་ཚུལ་ནི་དྲི་མ་མེད་པའི་ལམ་དང། བསམ་བཞིན་དུ་འཁྲུལ་བ་མེད་པར་གཞན་གྱི་སྲོག་གཅོད་པ་དང་ཤེས་བཞིན་མ་ཡིན་པའི་ལུས་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་སོ། །སོགས་པའི་སྒྲ་ནི་རེ་རེ་ཞིང་སྦྱར་ཏེ། ཚུལ་ཁྲིམས ་དང། མ་བྱིན་པར་ལེན་པ་དང། ངག་གི་ཉེས་པར་སྤྱོད་པའི་ལས་ལ་སོགས་པ་སྟེ། ཆོས་གསུམ་པོ་དེ་དག་གོ། དེའི་འོག་ཏུ་དེ་དག་ཉིད་ཅེས་བྱ་བ་སྔར་བཤད་པ་རྣམས་སོ། །ལྷག་མ་རྣམས་ཞེས་བྱ་བ་ས་བོན་རུལ་བ་དང་འདྲ་བ་ཉིད་ཀྱིས་ན་ལུང་དུ་མ ་བསྟན་པ་དོར་ལ་གང་དགེ་བ་དང་མི་དགེ་བའི་ཆོས་གང་ཡིན་པ་དེ་དག་ནི་འཇིག་རྟེན་པ་ལ་སོགས་པ་རྣམ་པ་གཉིས་སུ་དབྱེ་བ་བཞི་ཉིད་ཀྱིས་ཞེས་བྱ་བ་དེ་རྣམས་ཉིད་རེ་རེ་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དབྱེ་པས་ཕུང ་པོ་རྣམ་པ་བཞི་ཉིད་དོ། །དེ་ནི་གྲངས་བཞིན་དུ་ཞེས་བྱ་བ་འཇིག་རྟེན་པའི་ལམ་གྱིས་བསྡུས་པ་ཡིན་པའི་ཕྱིར་འཇིག་རྟེན་པ་རྣམས་ཏེ། བྱིས་པའི་སྐྱེ་བོ་ཞེས་བྱ་བ་ལ་སོགས་པའོ། །ཡང་དག་པའི་འཕགས་པའི་ལམ་གྱིས་བསྡུས་པའི་ཕྱིར་འཇིག་རྟེན་ལས ་འདས་པ་སྟེ། འཕགས་པའི་སྐྱེ་བོ་ཞེས་བྱ་བ་ལ་སོགས་པའོ། །བདག་ཏུ་ལྟ་པའི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་ན་འཇིག་རྟེན་པ་ཉིད་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་སྟེ། བདག་ཏུ་ལྟ་བ་ཞེས་བྱ་བ་ལ་སོགས་པའོ། །བདག་ཏུ་ལྟ་བའི་གཉེན་པོ་ཉིད ་ཡིན་པས་ན་དེར་ལྟ་བ་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་ཟག་པ་དང་བཅས་པས་ཟག་བ་མེད་པ་སྟེ་བཞིའོ། །རྒྱུའི་ལྷན་ཅིག་བྱེད་པ་ལས་སྐྱེས་པའི་ཕྱིར་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཉོན་མོངས་པ་ལ་སོགས ་པ་བསལ་བས་རང་ཉིད་སྐྱེ་བའི་ཕྱིར་རྒྱུ་ལ་མི་བལྟོས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་འདུས་བྱས་དང་འདུས་མ་བྱས་གཉིས་སོ། །འཕགས་པའི་སྐྱེ་བོ་དང་ཞེས་བྱ་བ་སྨོས་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་རྒྱུད་ལ་བྱུང་བ་ཉིད་ཡིན་པའི་ཕྱིར ་ཐུན་མོང་མ་ཡིན་པའི་བདག་ཅན?་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་འབྱུང་བའི་ཆོས་ཅན་ནོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ། མཁྱེན་པའི་སྟོབས་ཏེ་དེ་ལྟར་གཅིག་ཡིན་ནོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི ་ཕུང་པོ་ལ་སོགས་པ་རེ་རེ་ཞིང་སྦྱར་བར་བྱ་སྟེ། སྐྱེ་མཆེད་དང་གཟུགས་མེད་པ་དང་སྐྱེ་མཆེད་རྣམས་དང། ཡང་དག་པར་སྤོང་བ་དང། གཟུགས་ལ་སོགས་པའི་ཁམས་དང། སྟོང་པ་ཉིད་དང། །གཟུགས་མེད་པ་དང། མི་འཇིགས་པ་ལ་སོགས་པའོ། །ཡང་དག ་པར?་རྫོགས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཕགས?་པ་རྣམ་པར་གྲོལ་བའི་སྡེས་རྟེན་དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་ནི་རང་བཞིན་གཙོ་བོར་གྱུར་བ་ནི་རིགས་ཡིན་ལ། འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ནོ་ཞེས་བཤད་དོ། །དང་པོ་ཡུམ ་གྱི་ཤེས་པ་རྟོགས་ནས་དེའི་འོག་ཏུ་དེ་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་བསྐྱེད་པར་བྱའོ། །ཞེས་བྱ་བའི་སེམས་ཆེན་པོ་དང་ལྡན་པས་སེམས་ཅན་ཀུན་མཆོག་ཉིད་དེ་སེམས་ཆེན་པོ་ཉིད་དོ། །གདུལ་བྱ་རྣམས་ཀྱིས་སེམས་ཅན་ལ་སོགས་པ? ་སྟོབ?་བག་ཆགས་དང་བཅས་པ་སྤང་བར་བྱ་བའི་ཕྱིར་ཆོས་སྟོན་པས་སྤོང་བ་ཆེན་པོ་ཉིད་དོ།། འདོད་ཆགས་ལ་སོགས་པ་མ་ལུས་པ་སྤངས་ནས་ཀྱང་བྱང་ཆུབ་རྟོགས་པར་བྱེད་པས་རྟོགས་པ་ཆེན་པོ་ཉིད་དོ། །གསུམ་པོ་དེ་དག་སྟེ་ཆེན་པོ་ཉིད་གསུམ་གང་ཡིན་པའི་བདག ་ཉིད་ཆེན་པོ་གང་ཡིན་པ་རྣམས་ཆེད་དུ་བྱས་ཤིང་ཐོབ་པར་བྱ་བའི་སྒྲུབ་པ་ལ་འཇུག་པར་འགྱུར་བའི་དེས་རང་འབྱུང་གི་ཡེ་ཤེས་ཙམ་གོང་ནས་གོང་དུ་སྐྱེས་པའི་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་དུ་ཤེས་པར་བྱའོ། །རྣམ་པ ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་དུ་འགྲོ་པ་མི་དམིགས་པར་རྟོགས་པའི་སེམས་དང་ཉོན་མོངས་པ་བག་ཆགས་དང་བཅས་པར་སྤངས་པ་དང། ཡུལ་དང་དུས་ཀྱིས་མཆོད་པ་དང་དངོས་པོ་ཕྲ་པ་ཡང་ཤེས་པ་མི་སྲིད་པས་ཉན་ཐོས་ལ་སོགས་པ་ལ ་བདག་ཉིད་ཆེ་བ་གསུམ་པོ་འདི་དག་ཡོང་མ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། འདོད་པ་ཙམ་གྱི་ཉོན་མོངས་པ་སྤོང་བ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྱད་པར་ཡང་དག་པར་ན་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐོབ?་བའི ་སྐལ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པ་དང་ལྡན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རང་འབྱུང་བ་ཡིན་ནོ་ཞེས་བཤད་པ་ཉེས་བ་མེད་དོ། །དམིགས་པ་ལས་ཆེད་དུ་བྱ་བ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ད་ལྟར་གྱི་ནི ་དམིགས་པ་སྟེ་ཉེ་བ་ན་གནས་པའོ། །མ་འོངས་པ་ནི་ཆེད་དུ་བྱ་བ་སྟེ་རྒྱད་རིང་བ་ཡིན་པ་ནི་འཕགས་པ་རྣམ་པར་གྲོལ་སྡེས་མངའ་སྟོང་སྦྱོར་བ་དང་འབེན་ལ་ཕོག་པ་དང་ཆོས་མཐུན་པ་ཡིན་ནོ་ཞེས་བཤད་དོ། །སྒྲུབ་པའི་རྟེན་དུ་གྱུར་པ་ལ་སོགས་པ་ཞེས་བྱ་བ་རྟེན ་དང་བཅས་པ་དང་ཆེད་དུ་བྱ་བ་བཅོད་ནས་སྒྲུབ་པ་དེའི་རང་གི་ངོ་བོ་གང་ཡིན་ཞེ་ན་ཞེས་འདྲི་བ་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་པ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །སྤྱིར་ཏེ་ཐམས་ཅད་ལ་མངོན་པར་ཁྱབ་པ་དགེ་བའི་ཆོས་གྱི་རྟེན་ཅན ་སྟེ?་ཆོས་ཀྱི་དབྱིངས་ལ་གནས་པའོ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞི་ལ་མངོན་པར་རྟོགས་པ་རེ་རེ?་།ཞིང་ཞེས་བྱ་བ་རེ་རེའི་བསྒོམ་པར་བྱ་བའི་རྟགས་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་ཞེས་བྱ་བ་ནི་སྦྱིན་པ ་ལ་སོགས་པ་ལ་རྟེན་པའི་བྱ་བ་ཉམས་སུ་ལེན་པ་ནི་སྒྲུབ་པ་ཡིན་ནོ། །ཆོས་ཀྱི་སྐུའི་མངོན་པར་རྟོགས་པའི་ནི་རང་བཞིན་གྱིས་དཀར་པོ་ཉིད་ཡིན་ཞིང་གནས་མེད་པ་ཉིདྱིན་པའི་ཕྱིར་མ་བཤད་དོ། །དེ་ལྟར་བསྒྲུབ་པ་རྣམ་པར་བཞག་ནས་སོ་སོའི་མཚན?་ཉིད་བརྗོད ་པར་བྱ་བ་ཡིན་པས་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་འོ་གནས་བཤད་པའི་རིམ་པས་སྦྱར་བ་དང་མཐོང་བ་དང། བསྒོམ་པ་དང་ཁྱད་པར་གྱི་ལམ་སྟེ། བཞི་བོ་དེའི་ངོ་བོ་ཉིད་ཀྱིས་བསྒྲུབ་པའི་མཚན་ཉིད་གོ་ཆ་ལ་སོགས་པ་འོག་ནས་བཤད་པ་དེ་རྣམས་ཀྱི་ནང་ནས་བརྩོན ་འགྲུས་ཀྱི་ངོ་བོ་ཉིད་ཡིན་ཞིང་དགེ་བའི་ལས་ལ་སྒྲོ་བའི་བདག་ཉིད་ཅན་ཡིན་པ་དེ་ཉིད་ཀྱིས་ན་དང་པོ་གོ་ཆའི་སྒྲུབ་པ་གསུངས་པ་ཡིན་ནོ། །སྦྱིན་པ་ལ་སོགས་ཏེ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །རྣམ་པ་དྲུག་ལ་དེ་དག་སོ་སོར་བསྡུས་པ་ཡིས་ཞེས་བྱ་བ ་སྦྱིན་པ་ལ་སོགས་པ་དེ་རྣམས་ཉིད་སོ་སོའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །གོ་ཆའི་སྒྲུབ་བ་གང་ཡིན་པ་དེ་ནི་ཐོག་མ་ཁོ་ནར་བྱང་ཆུབ་པའི་བར་དུ་དོན་གྱི་བྱ་བ་དམ་བཅས་པ་ཉམས་སུ་ལེན་པའོ། །དེ་ནི་ཇི་སྐད་དུ་བཤད་པའི་འཁོར་གསུམ་རྣམ་པར་དག་པ་ལ་སོགས་པས ་ཡུམ་གསུམ་ཅར་ལས་དྲུག་ཚན་དྲུག་གིས་ཏེ། རྣམ་པ་སུམ་ཅུ་རྩ་དྲུག་ཇི་ལྟ་བ་བཞིན་དུ་གསུངས་པར་ཤེས་པར་བྱའོ། །ཚིག་ལེའུར་བྱས་པའི་དོན་ནི་ཆོས་ཀྱི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལོངས་སྤྱོད་ལ་བལྟོས་པ་མེད་པས་ཚུལ ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུང་བ་ནི་བཟོད་པ་དང་ལྡན་པར་འགྱུར་རོ། །སྐྱོ་བ་བརྣགས་པར་ནུས་ན་བརྩོན་འགྲུས་རྩོམ་མོ། །ལེ་ལོ་དང་བྲལ་ན་བསམ་གཏན་རྫོགས་པར་བྱེད་དོ། །བསམ་གཏན་ཕུན་སུམ་ཚོགས་པ་ན། ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པར་བྱ་བ་ཡིན་པས་དེ་ལྟར་སྦྱིན་པ་ལ་སོགས་པར་རྟོཌ་པའི་གོ་རིམ་གྱིས་བསྟན་ཏོ་།དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ལ་སོགས་པ་ཆོས་དང་ཟང་ཟིང་གི་སྦྱིན་པ་རབ་ཏུ་སྦྱིན་པར་བྱེད་པའོ། །བདག་ཉིད་གཅིག་པུ་དུས ་བར་བྱའོ། །ཞེས་བྱ་བ་ལ་སོགས་པའི་སེམས་ནི་ཉན་ཐོས་ཀྱི་ཡིད་ལ་བྱེད་པའོ། །སོགས་པའི་སྒྲས་ནི་དངོས་པོ་མི་རྟག་པ་ལ་སོགས་པའི་ཡིད་ལ་བྱེད་པ་སྟེ། དེ་སྤྱོད་བ་ནི་ཚུལ་ཁྲིམས་སོ། །སྐྱེ་བོ་ཐམས་ཅད་ཀྱི་མི་སྙན་པར་སྨྲ་བ་ནི་གཤེ་པ་ལ་སོགས་པ་བརྗོད་པའོ། དེ་བཟོད ་པ་ནི་བཟོད་པའོ། །འདུན་པ་ནི་མངོན་པར་འདོད་པའོ། །དེས་སྐྱེད་པ་ནི་བརྩོན་འགྲུས་སོ། །ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ཉིད་ནི་ཉན་ཐོས་ལ་སོགས་པའི་ལམ་དང་ཐ་དད་པར་ཆོས་ཐམས་ཅད་མི་དམིགས་པ་ནི་བསམ་གཏན་ནོ། །བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པ་ནི་སྦྱིན་པ་ལ་སོགས་པའི་བསོད་ནམས་སེམས་ཅན་ཐམས་ཅད་འཚང་རྒྱ་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་སྟོབས་ནི་ཤེས་རབ་བོ། །འདི་རྣམས་ལ་སྦྱིན་པར་བྱེད་པ་ལ་སོགས་པ་ཞེས་བྱ་བ་སྦྱིན་པར་བྱ་བ་དང། སྦྱིན་པ་པོ ་ལ་སོགས་པ་དེར་གང་མི་དམིགས་པ་སྟེ། དེར་གོ་ཆ་བགོས་པ་ཉིད་ཀྱིས་བྱང་ཆུབ་བའི་བར་དུ་བརྩོན་འགྲུས་བརྩམས་པའོ། །སྦྱིན་པའི་ཕྱོགས་ལ་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་སྤངས་པས་འདིར་གཞན་གྱི་དོན་ལ་དམ་འཆའ་བ་ནི་ཚུལ ་ཁྲིམས་སོ། །དེ་མེད་ན་མི་འབྱུང་བའི་སྦྱིན་པ་དང། བཟོད་པ་ལ་སོགས་པ་ཡོད་པ་ནི་སྦྱིན་པ་ལ་སོགས་པ་མེད་པར་གཞན་གྱི་དོན་བྱ་བ་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་བཟོད་པ་དང་ལྡན་ན་སེམས་ཅན་དབང་དུ་འགྱུར་རོ། །འདིར་དེ་བཞིན་དུ་སྦྱིན་པ་དང་ཚུལ ་ཁྲིམས་དང་བརྩོན་འགྲུས་ལ་སོགས་པ་ཡོད་པ་ཡིན་ནོ། །འཁོན་མེད་ན་དགྲ་བོ་ཞེ་བར་འགྱུར་བས་སེམས་ཅན་རྣམས་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་སྦྱིན་པ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་བརྩོན་འགྲུས་ནི་དགེ་བའི་ལས་པ་སྤྲོ་བ་ཉིད་བླ?་མི་དེ ་དང་ལྡན་པ་ལ་སྦྱིན་པ་ལ་སོགས་པ་དང་བསམ་གཏན་དང་ཤེས་རབ་ཡོད་པ་ཡིན་ཏེ། བརྩོན་འགྲུས་དང་བྲལ་བ་ལ་སྦྱིན་པ་ལ་སོགས་པ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་དང་ལྡན་པ་ནི་འཁོར་གསུམ་རྣམ་པར་དག་པའི་སྦྱིན་པ་ལ་སོགས་པ་དེང? ་ཤེས་རབ་ནི་རྣམ་པར་གཡེངས་པ་ལ་དེ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་དང་ལྡན་པ་ལ་དེ་བཞིན་དུ་སྦྱིན་པ་ལ་སོགས་པ་ཡོད་དེ། །སྦྱིན་པ་ལ་སོགས་པ་མེད་པར་སེམས་ཅན་རྣམས་བྱང་ཆུབ་པར་ཡོངས་སུ་བསྔོ་བའི་དགེ་བ་མི་སྲིད་པའི་ཕྱིར་རོ། །དེས ་ལྟར་ན་སྦྱིན་པ་ལ་སོགས་བ་རེ་རེ་ཞིང་ཚུལ་ཁྲིམས་ལ་སོགས་པ་ཁོང་དུ་ཆུང་པར་ཡིན་པའི་ཕྱིར་སྦྱིན་པ་ལ་སོགས་པ་སྨོས་པ་ནི་རྣམ་པ་དྲུག་ཉིད་ཡིན་ནོ། །དེ་ལྟར་སྦྱིན་པ་ལ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་མི་དམིགས་པ་ལ་སོགས་པའི ་གི?་ཆ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ནི་དེ་ལྟར་ཚུལ་ཁྲིམས་བསྲུང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་པ ་ཡིན་ཏེ། དང་པོ་ལ་སོགས་པ་བཞི་ནི་བསམ་གཏན་ནོ། །ནམ་མཁའ་མཛའ་ལས་སྐྱེ་མཆེད་ལ་སོགས་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པའོ། །སྦྱིན་སོགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁམས་གསུམ་པའི་སེམས་ཅན་ལ་ཁྱབ་པར་དམིགས་པའི ་བྱམས་པ་དང། སྙིང་རྗེ་ལ་སོགས་པའི་ཚད་མེད་པ་རྣམས་སོ། །དམིགས་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་དག་པར་གནས་པ་ནི་སྨོན་པའི་སེམས་དང་ཉམས་སུ་ལེན་པའི་སེམས་ཀྱི་མཐར་ཐུག་པའི་སེམས་སོ། །དེའི་ས་ཚན?་ཉིད་ནི་དེའི་ངོ་བོ་ཉིད་དོ། ། ་དེ་ཉིད་ཀྱིས་ན་ཐེག་པ་ཆེན་པོའི་ཆོས་མཛའ་དག་ཅེས་བྱ་བ་སེམས་བསྐྱེད་པ་ལ་སོགས་པའོ། །དེ་གནོད་པ་ནི་རིམ?་གྱིས་མི་ལྡོག་པའི་སེམས་ཀྱིས་བགྲོད་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་སོ། །འཇུག་པའི་བསྒྲུབ་པ་ཐེག་ཆེན་ལ་འཇིག?་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདིར ་ཡང་རྟོགས་པའི་རིམ་པས་བསམ་གཏན་ལ་སོགས་པའི་རིམ་པ་ཡིན་ནོ། །དེ་ནི་རྣམ་པ་དགུའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་བརྩེ་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་བཤད་པ་ཡིན་ཏེ། ཟུར་དུ་འབྲེལ? ་བའི་ལམ་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་དག་ནི་མཛའ་གཉིས་སུ་མི་ལྟུང?་བ་དང་འབྲེལ་པ་ཡིན་པའི་ཕྱིར་ཏེ། ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ཏོ། །ཐབས་ལ་མཁས་པ་ནི་སེམས་མ་ཞུམ་པ་ལ་སོགས་པའོ། །ས་དང་གཏེན་པོ་རྣམས་ནི་འོག་ནས་སྟོན་ཏོ། །ཚོགས ་ཞེས་བྱ་བའི་མིང་དོན་དང་ལྡན་པ་ནི་ཀུན་རྫོབ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་ཞེས་བྱ་བ་ནི་དོན་དམ་པ་དང་མི་འབྱོར་པས་ཀུན་རྫོབ་ཏུ་བསྒོམ་པར་བྱ་བ་ལ་སོགས་པ་ཡོངས་སུ་བརྟགས་པའོ། །ཐེག་པ་ཆེན་པོའི་དོན་མཛའ་དག་། ་ཅེས་བྱ་བ་སེམས་བསྐྱེད་པ་ལ་སོགས་པའོ། །དེ་བསྒྲུབ་པ་ནི་ཉམས་སུ་བླངས་པས་སོ། །འདི་དག་གིས་ཡང་དག་པར་འཇུག་པའི་ངོ་བོར་ཐོབ་པའི་སྒོ་ནས་ལེགས་པར་བརྟགས་ཤིང་འཛིན་པས་བྱང་ཆུབ་ཆེན་པོ་སྟེ། ཁྱབ་པའི་སངས་རྒྱས་ཉིད་དུ་འགྱུར་པའི་ཕྱིར་རོ། །སྙིང་རྗེ ་ལ་སོཌ་པ་ནི་དོན་བཤད་ཟིན་པའི་ཕྱིར་བོར་ནས་ཡེ་ཤེས་ཀྱི་ཚོགས་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ནང་དང་ཞེས་བྱ་བ་ལ་སོགས་པ་ནང་དང་ཕྱི་རོལ་ཞེས་བྱ་བ་ལ་སོགས་པར་སྦྱར་ནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར ་བརྗོད་པར་བྱ་སྟེ། ནང་གིས་བདག་ཉིད་ཅན་གྱི་མིག་ལ་སོགས་པ་ནི་དེ་ཁོ་ན་ཉིད་དུ་ནི་མེད་པ་ཡིན་པའི་ཕྱིར་ནང་སྟོང་པ་ཉིད་དོ། །དེ་བཞིན་དུ་ཕྱིའི་གཟུགས་ལ་སོགས་པ་ནི་ཕྱི་སྟོང་པ་ཉིད་དོ། །དེས་བསྐྱེད་པ་ཡིན་པའི་ཕྱིར་དབང་པོས་བསྡུས་པ་ཡིན་པའི་ཕྱིར་གཉི་ག ་སྟེ། ཕྱི་དང་ནང་གཉིས་ནི་ཕྱི་ནང་སྟོང་པ་ཉིད་དོ། །གང་ཟག་ལ་སོཌ་པ་བརྟགས་པའི་དངོས་པོའི་ཆོས་ཐཾས་ཅད་སྟོང་པ་ཉིད་ཡིན་ཞིང། སྟོང་པ་ཉིད་ཀྱིས་ནང་གི་བདག་ཉིད་ལ་སོགས་པ་སྟོང་པ་ཉིད་དུ་དམིགས་པའི་ཤེས་པའི་བདག་ཉིད་ཅན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཕྱོགས ་ནི་ཕྱོས་རྣམས་དང་ས་ལ་སོགས་པའི་སྣོང?་དང་འགྲོ་བ་རྣམས་ཀྱི་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་དོ། །མྱ་ངན་འདས་ལ་མ་ནི་མྱ་ངན་ལས་འདས་པ་དང་དེའི་ལམ་ནི་དོན་དམ་པར་སྟོང་པ་ཉིད་དོ། །རྐྱེན་ལས་སྐྱེས་དང་ཅིག་ཤོས་དང་ཞེས་བྱ་བ་ཁམས་གསུམ་པ་ནི ་འདུས་བྱས་སྟོང་པ་ཉིད་དོ། །མ་སྐྱེས་པ་ལ་སོགས་པ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །མཛའ་ལ་སོགས་དང་དོར་མེད་དང་ཞེས་བྱ་བ་ལ་རྟག་པ་དང་ཆད་པ་དང་བྲལ་བ་ནི་མཛའ་ལས་འདས་པ་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་དང་དཔུས་དང་བྲལ་བ་ནི་ཐོག་མ་དང ་ཐ་མ་མེད་བ་སྟོང་པ་ཉིད་དོ། །དོར?་བ་མེད་པ་ནི་གང་དུ་ཡིད་གཡེང་པ་མེད་པ་ཉིད་ཀྱི་ཕྱིར་གནས་མེད་པར་བསྒོམ་པའི་ལམ་སྟེ། དོར་བ་མེད་པ་སྟོང་པ་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་རང་བཞིན་སྟོང་པ་ཉིད་དོ། །དངོས་པོ་ཐམས་ཅད་ཀྱི་སྟོང ་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཆོས་སྐྱེ་ལ་སོགས་འདས་སོགས་དང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་སྐྱེ་བ་དང་རྒ་བ་ལ་སོགས་པ་ནི་མཚན་ཉིད་སྟོང་པ་ཉིད་དོ། །འདས་པ་ལ་སོགས་པའི་ཆོས་རྣམས་མི་དམིགས་པ་ནི་མི་དམིགས་པ ་སྟོང་པ་ཉིད་དོ། །ལྡན་དང་ཅིག་ཤོས་ངོ་བོ་དང་ཞེས་བྱ་བ་ལྡན་པའི་ཆོས་རྣམས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་དངོས་པོའི་སྟོང་པ་ཉིད་དོ། །ནམ་མཁའ་སྟོང་ཞེས་བྱ་བ་དང་ཞེས་བྱ་བ་ནི་འདུས་མ་བྱས་ནམ་མཁའ་ལ་སོགས་པ་ནི་དངོས ་པོ་?་པའི་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཆོས་ཀྱི་གཞན་དངོས་པོ་མེད་པ་ཉིད་ཅེས་བྱ་བ་ནི་གཞན་གྱི་ངོ་བོའི་བྱེད་པ་པོ་སྟོང་པ་ཉིད་ཡིན་པའི་ཕྱིར་གཞན་གྱིངོ་བོ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱི་བྱེ་བྲག་གིས་ཞེས ་བྱ་བ་ནི་དེ་ལྟར་ནི་སྟོང་པ་རྣམས་ཀྱི་ཁྱད་པར་རྣམ་པ་ཉི་ཤུ་ནི་སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ནོ། །སྟོང་པ་ཉིད་དང་རྣམ་པ་ཉི་ཤུ་ཡིན་པའི་རྒྱུ་ནི་རང་རང་ངོ་བོས་སྟོང་པའི་ཕྱིར་ཞེས་སྨོས་པ་ཡིན་ཏེ། མིག་ལ་སོགས་པའི་ངོ་བོ་ཉིད་ཇི་སྲིད་གཞན་རྣམས་ཀྱིས་བརྟགས་པའི་དེ ་རྣམས་ནི་རང་གི་ངོ་བོ་ཉིད་སྟོང་པ་ཡིན་པའི་ཕྱིར་དང། དེ་དང་དེར་ཀུན་རྫོབ་དང་དོན་དམ་པ་དང་གཉི་ག་དག་གིས་ཅི་རིགས་པར་རྣམ་པར་དཔྱད་ཅིང་བརྟག་པ་མི་བཟོད་བ་ཉིད་ཀྱིས་ན་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །སའི་ཞེས་བྱ་བ་ལ་སོགས་པ་ནི ་སའི་ཚོགས་ཡིན་ཏེ་ཡོངས་སུ་སྦྱོང་བ་ནི་འདུས་བྱས་པའི་ཁྱད་པར་རྣམས་སོ། །དེ་དག་ཀྱང་བསམ་པ་ལ་སོགས་པ་བཅུ་པོ་འདི་དག་རང་བཞིན་མི་དམིགས་པ་ཡིན་པར་ཤེས་པར་བྱའོ། །འདི་དག་རང་བཞིན་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དོན་འདི་ཉིད་ནི་དེ་ལྟ་བུའི་མཚན? ་ཉིད་ཀྱི་ཆོས་བཅུས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་རྣམ་པ་ཀུན་གྱིས་སོ། །བསྐྱེད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་བསྐྱེད་བར་བྱ་བ་ཡིན་པའི་ཕྱིར་རོ། །ཡོངས་སུ་ནི་ཀུན་ནས་དེ་ས་རབ་ཏུ་དགའ་བ་ཡོངས་སུ་སྤྱོད་པའི་རྒྱུ ་ཉིད་ཡིན་བའི་ཕྱིར་ཡོངས་སུ་སྦྱོར་པའི་རྒྱུའི་ཁྱད་པར་བཅུ་པོ་འདི་དག་གིས་སོ། །ཡང་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་མི་དམིགས་བས་ཞེས་བྱ་བ་གང་ལ་ལ་ཞིག་གིས་འབྱུང་བ་ཆེན་པོ་ལ་སོགས་པའི་རང་བཞིན་གཞན་གྱིས་བརྟགས་པ་དེ་ཡང་དག་པ་ཉིད་དུ་སྟོང་པ་ཉིད་ཡིན་པས ་?་མཐོང་བའི་ཕྱིར་རོ། །དེས་ཁྱད་པར་དུ་བྱས་པའི་མཚན་ཉིད་མི་དམིགས་པས་གང་ལ་ཡོངས་སུ་སྦྱང་བ་སྟེ། འདུས་བྱས་པའི་ཁྱད་པར་ཁོ་ནས་བྱའོ། །དེ་ལས་གོ་བཟློག་པ་གྱ་གྱུའི་བསམ་པ་ལ་སོགས་པ་ཉིས་པ་གཞན་གྱིས་ནི་མ ་ཡིན་ནོ། །རབ་ཏུ་དགའ་བའི་ས་ལ་བཤད་པའི་ལས་བཅུས་བྱས་པ་ཡིན་ཏེ། ཆོས་དེ་རྣམས་ཀྱང་སྟོང་པ་ཉིད་དུ་དམིགས་པ་ནི་བྱེད་པ་པོ་ཡིན་གྱི་གཞན་དུ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་བརྒྱད་པོས་དྲི་མ་མེད་པའི་རྒྱུར་གྱུར ་པའི་ཚུལ་ཁྲིམས་ལ་སོགས་པས་ཡོངས་སུ་སྦྱོང་བ་བྱས་པའི་རྒྱུའི་ཁྱད་པར་སྔ་མ་བཞིན་དུ་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པས་འདུས་བྱས་པ་ཡིན་ཏེ། འོག་ནས་འབྱུང་བའི་ཚིག་ལེའུར་བྱས་པ་རྣམས་ལ་ཡང་དེ་བཞིན་དུ་བཤད་པར་བྱའོ། །ཉོན ་མོངས་པ་རྣམས་སྲབ་མོར་བྱེད་པས་ན་སྦྱངས་པའོ། །དེ་ཉིད་ཡང་དག་པར་སྒོམ་པ་སྟེ། དེ་རྣམས་རྟེན་པའོ། །བདག་དང་སེམས་ཅན་ཞེས་བྱ་བ་ལ་སོགས་པ་དང། རྣམ་ཐར་སྒོ་གསུམ་ཞེས་བྱ་བ་ལ་སོགས་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་སྦྱར་བར་བྱ ་སྟེ། བདག་ལས་གོ་བཟློག་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཤེས་པ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་གྱི་ནི་འཁོར་གསུམ་རྣམ་པར་དག་པ་ཉིད་དོ། །གང་ཟག་གི་ནི་སྙིང་རྗེའོ། །ཆང་པ་ནི་རློམ་པ་མེད་པའོ། །རྟག་པའི་ཆོས་མཉམ་པ་ཉིད་དོ། །མཚན ་མའི་ཚུལ་གཅིག་ཤེས་པ་ཉིད་དོ། །རྒྱུ་དང་ཕུང་པོའི་ནི་སྐྱེ་བ་ཤེས་པའོ། །ཁམས་ནི་མི་ཟབ་པོ་ཤེས་པའོ། །སྐྱེ་མཆེད་ཀྱི་ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན་པའོ། །ཁམས་གསུམ་པ་ལ་གནས་པ་ཡིན་ནི་རྟོག་པ་ཀུན་ཏུ་འཇོམས་པའོ། །ཆགས་པ་དང་སེམས ་ཀུན་ཏུ་ཞུམ་པ་ནི་འདུ་ཤེས་སུ་ལྟ་པའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བདག་ཉིད་ཅན་ནི་དཀོན་མཆོག་གསུམ་དང་དེའི་ཚུལ་ཁྲིམས་ཀྱི་ཉོན་མོངས་པ་སྤོང་བའོ། །ལྟ་བ་ལ་མངོན་པར་ཞེན་པའི་ནི་ཞི་གནས་ངེས་པར་སེམས་པ་དང། ལྷག་མཐོང་ལ་ནི ་གངས་པ་དང། སེམས་དུལ་བ་ཉིད་དང། ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་སོ། །སྟོང་པ་ཉིད་ལ་བརྩོད་པའི་ནི་ཆགས་པའི་ས་མ་ཡིན་པའོ། །དེ་དང་འགལ་བར་བརྗོད་པ་ནི་གང་དུ་འདོད་པར་ཞིང་གཞན་དུ་མཉམ་པར་འགྲོ་བའོ། །ཐམས་ཅད་དུ་བདག་ཉིད་ཀྱི་ངོ་བོར ་སྟོན་པ་དང་ཞེས་བྱ་བ་དང་ཉི་ཤུའོ། །བདག་ལ་སོགས་པའི་ལྟ་བ་མེད་པ་དང། རྣམ་པར་ཐར་པའི་སྒོ་ཤེས་པ་ལ་སོགས་པ་སྐྱེས་པའི་ཚོགས་པ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་སི?་རིང་དུ་སོང་བ་འཐོབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཉན་ཐོས་ལ་སོགས་པའི ་རིགས་དང་ཞེས་བྱ་བ་ལ་སོགས་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རིགས་དང་བརྒྱད་པ་དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། ཉན་ཐོས་ལ་སོགས་པའི་རིགས་ནི་རིགས་ཀྱིས་སོ། །འབྲས་བུ་དང་པོ་ལ་ཞུགས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས ་པ་གང་ཡིན་པ་དེ་ནི་བརྒྱད་པའི་སའོ། །རྒྱུན་ཏུ་ཞུགས་པ་ནི་མཐོང་བའི་སའོ། །ལན་ཅིག་ཕྱིར་འོང་བ་ནི་བསྲབས་པའི་སའོ། །ཕྱིར་མི་འོང་བ་ནི་འདོད་ཆགས་དང་བྲལ་བའི་སའོ། །དགྲ་བཅོམ་པ་ནི་བྱས་པ་རྟོགས་པའི་སའོ། །ཞུགས་པ་གསུམ་ནི་ཉན་ཐོས་ཀྱི་སའོ།། ་རང་སངས་རྒྱས་ནི་རང་སངས་རྒྱས་ཀྱི་ས་ཞེས་བྱ་སྟེ། དེ་ལྟར་ས་བརྒྱད་པ་སྟེ། ཉན་ཐོས་ཀྱི་རིགས་ལ་སོགས་པའི་ཤེས་པའི་ཁྱད་པར་རྣམས་སོ། །འདིར་རིགས་ཀྱི་ས་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟོག་པར་བྱ་བ་མ་ཡིན་པས་མིང་ཙམ་ཞིག་བརྗོད་པ ་ཡིན་ལ་དེ་བས་ན་རྒྱུ་དང་མཚན་ཉིད་མ་བརྗོད་དོ་ཞེས་བརྩད་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་ཨི་ས་དགུ་ནི་གཅིག་ཡིན་པས་ས་དགུ་འདས་ནས་ཞེས་བཤད་པ་ཡིན་ནོ། །ཐེག་པ་གསུམ་གྱི་དོན་ཐོབ་པ་ནི་ངེས་པར་འབྱུང་བ་ཡིན་ཏེ། དེ་ནི་ཐོབ་པའི་མཚན་ཉིད་ངེས་པ་བྱུང ་དང་ཞེས་གསུངས་པ་ཡིན་ནོ། །གཞན་དག་ནི་ཚུལ་ཤེས་པ་རྣམས་ཀྱིས་གོ་སླའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་ཆོས་ཀྱི་གྲགས་པས་བཀའ་འགྲེལ་དུ ་བྱས་པ་ལས་སྐབས་དང་པོའི་བཤད་པའོ།། །།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ཞེས་བྱ་བ་ལ་སོགས་པས་ལམ་ཤེས་པ་ཉིད་གསུངས་པ་ཡིན་ཏེ། རང་བཞིན་གྱི་འོད་ནི་ཡེ་ཤེས་ལས་བྱུང་བའོ། ། ་རྣམ་པར་སྨིན་པའི་འོད་ནི་ལས་ལས་སྐྱེས་པའོ། །ལམ་ཤེས་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་འཕགས་པའི་བདེན་པ་རྣམ་པ་བཞིའི་ནང་ནས་སོ། །སྡུག་བསྔལ་གྱི ་བདེན་པ་ཞེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་བཞི་བའི་རྣམ་པ་བཞི་དང་གོ་རིམ་བཞིན་དུ་བརྗོད་པ་བྱའོ་ཞེས་བྱ་བ་ནི་ལྷ་མའོ། །དེ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་དང་མི་མཐུན་པ་ཉིད་ཀྱིས་ན་མི་རྟག་པ་དང་སྡུག་བསྔལ་བདག་ཏུ་བཤད ་ལ། སྡུག་བསྔལ་བ་ཉིད་མི་རྟག་པ་ཡིན་པར་མཚུངས་སུ་ཟིན་ན་ཡང་ཟག་པ་དང་བཅས་པ་ཉིད་ནི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་འཕགས་པའི་ལམ་གྱི་ནི་མ་ཡིན་ཏེ། ཟག་པ་མེད་པ་ཉིད་ཀྱིས་ན་འཕགས་པ་རྣམས་དང་རྗེས་སུ་མཐུན་པ་ཉིད་ཡིན་པར་བལྟའོ། །གཞན ་གྱིས་བརྟགས་པའི་དབང་གིས་སྟོང་པ་ཉིད་ཡིན་པའི་ཕྱིར་སྟོང་པའི་མཚན་ཉིད་ཀྱི་བདག་མེད་པའོ། །རང་ཉིད་བདག་མེད་པ་ཉིད་ཀྱིས་ན་དེའི་མཚན་ཉིད་ནི་ཞི་བ་སྟེ། རྣམ་པ་འདི་དག་གི་རང་བཞིན་མི་དམིགས་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འདིས ་ནི་འདི་ལྟ་སྟེ་མི་རྟག་པ་ཉིད་དང། སྡུག་བསྔལ་བ་ཉིད་དང་བདག་མེད་པ་ཉིད་དང་ཞི་བ་ཉིད་དེ་རྣམ་པ་བཞི་དག་གོ། ཀུན་འབྱུང་གི་བདེན་པའི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུན་སྡུག་བསྔལ་གྱི་རྩ་བའི་རྒྱུ་ཡིན་པས་སོ། །ཀུན་འབྱུང་བ་ནི་འཕྲལ་གྱི་སྡུག་བསྔལ་གྱིའོ། ་རབ་ཏུ་སྐྱེ་བ་ནི་འཕྲལ་དུ་ཤིན་ཏུ་སྡུག་བསྔལ་བའོ། །རྐྱེན་ནི་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་འོ། །དེ་རྣམས་ཀྱི་ངོ་བོ་ཉིད་ནི་ནང་སྟེ། མ་ཞུ་བ་ལ་སོགས་པ་དང། འབྲས་དང་ཟུག་རྔུ་ནི་གྲགས་པར་ཟད་དོ། །སྡིག་པ་ནི་འཇོམས་པ་སྟེ། རྣམ་པ་འདི་རྣམས ་ཀྱི་ངོ་བོ་ཉིད་མི་དམིགས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །འདིས་ནི་རྒྱུད་ལ་སོགས་པའི་བདག་ཉིད་ཀྱི་རྣམ་པ་བཞི་ཡིན་ཏེ། །འདི་ལྟ་སྟེ་ནད་ཉིད་དང་འབྲས་ཉིད་དང། ཟུག་རྔུ་ཉིད་དང། སྡིག་པ་ཉིད་དོ། །སྔར་བཤད་པའི་ཉིད་དང་སྡིག་པ་ཉིད་དོ་སྔར་བཤད་པ་བདེན་པ ་དག་གི་རྣམ་པ་གཞན་དག་ནི་ཡིད་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡིད་འབྱུང་བ་ནི་སྐྱོ་བའོ། །འདོད་ཆགས་དང་བྲལ་བར་བྱ་བ་ནི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའོ། །འགོག་པ་ནི་སེམས་དང་སེམས་ལས་བྱུང་བ་མི་རྒྱུ་བ་འམ་སེམས་ཕྲ་བར་འཇུག ་པའི་གནས་སྐབས་སོ། །དེའི་དོན་གྱི་ཕྱིར་ཞུཌ་པ་ནི་ཉམས་སུ་ལེན་པ་དང་ལྡན་པར་འགྱུར་བའོ་ཞེས་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ལུང་ལས་གསུངས་པ་སྟེ། སྡུག་བསྔལ་དང་ཞེས་བྱ་བ་ལ་སོགས་པར་རྗེས་སུ་སྦྱར་བར་བྱའོ། །ཡིད་འབྱུང་བའི་མཚན་ཉིད་དག་གི ་ཞེས་བྱ་བ་ནི་ཡིད་འབྱུང་བ་ཉིད་ཀྱིས་སོ། །ཕ་རོལ་དང་འཇིག་པའི?་ཆོས་ཅན་གྱི་རྣམ་པ་དག་དང་ཞེས་བྱ་བ་ནི་ཕྱིར་རྒོལ་བར་གྱུར་པ་ཉིད་ཀྱིས་ན་ཕ་རོལ་ལོ། །ཕྱིར་རྒོལ་བར་གྱུར་པ་ནི་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་འཇིག་པའི་ཆོས་ཅན་ཉིད་དེ་འདི་དག་ནི་ཡིད ་འབྱུང་བའི་རྣམ་པའོ། །འདོད་ཆགས་དང་བྲེལ་པའི་རྣམ་པ་དག་ནི་གཡོ་བ་དང་རབ་ཏུ་འཇིག་པའི་རྣམ་པ་དག་ཅེས་བྱ་བ་ཡིན་ཏེ། རང་གི་ངོ་བོར་མི་གནས་པ་ཉིད་ཀྱིས་ན་གཡོ་བའོ། །རྒྱུ་ལ་མི་བལྟོས་པར་རང་བཞིན་གྱིས་འཇིག་པ་ཉིད་ཡིན་པས་ན་རབ་ཏུ་འཇིག་པའོ? ་འདི་དག་ནི་འདོད་ཆགས་དང་བྲལ་བའི་རྣམ་པའོ། །འགོག་པ་ཞེས་བྱ་བ་ལ་སོགས་པས་ན་རྣམ་པ་གཞན་དག་གསུངས་པ་ཡིན་ཏེ། འདི་དང་ཕྱི་མའི་འཇིགས་པའི་གནས་སུ་གྱུར་པ་ཉིད་ཀྱིས་ན་འཇིགས་པ་ཉིད་དང། སྲིན་པོ་ལ་སོགས་པའི་ཉེ་བར་འཚེ་བའི་ལུང?་དུ་གྱུར? ་པ་ཉིད་ཀྱི་ཀྱིས?་ན་ནད་འགོ་བ་ཉིད་དང་འབྱུན་བ་ཆེན་པོ་འཁྲུཌ་པ་དང། བློ་བུར་བའི་གནས་སུ་གྱུར་པ་ཉིད་ཀྱིས་ན་འཚེ་བ་ཉིད་དེ། དེ་དག་ཉིད་ལ་སོ་སོར་འགོག་པའི་རྣམ་པ་གསུམ་ཡིན་ནོ། །འདི་རྣམས་ཀྱི་ངོ་བོ་ཉིད་མི་དམིགས་པ་ནི་སྔ་མ་བཞིན་ནོ། །ཡིད་འབྱུང་བ་ལ་སོགས ་པ་རྣམ་པ་བདེན་པ་གཉིས་སུ་གཏོགས་པ་ཉིད་ཀྱིས་ན་རེ་རེ་ཞིང་གཉིས་སུ་གཉིད་དུ་བལྟ་བར་བྱའོ། །དེས་ན་ཡིད་འབྱུང་བ་ལ་ཕ་རོལ་དང་འཇིག་པའི་ཆོས་ཅན་དང། འདོད་ཆགས་དང་བྲལ་བ་ལ་གཡོ་བ་དང། རབ་ཏུ་འཇིགས་པའི་རྣམ་པ་བརྒྱད་དང། ་འགེག་པ་ལ་འཇིགས་པ་དང། ནད་འགོ་བ་དང་འཚེ་བའི་རྣམ་པ་དྲུག་སྟེ། སྤྱིར་ན་བཅུ་བཞི་ཡིན་ནོ། །འགོག་པའི་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་དང་བྲལ་པ་ཉིད་ཉིས་ན་བདག་མེད་པ་ཉིད་དང། སྡུག་བསྔལ་རབ་ཏུ་ཞི་བ་ཉིད་དང། གྱ་ནོམ་པའི་རྣམ་པ ་དང་བདག་གིས་དབེན་པ་ཞེས་བྱ་བ་བདེ་བ་དང་གཙང་བ་དང་བྲལ་བ་ཉིད་ཀྱིས་ན་དབེན་པ་ཉིད་དེ། རྣམ་པ་གསུམ་མོ། །ངེས་པར་འབྱུང་བ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་སྟེ། དེའི་མཚན་ཉིད་ནི་རྟག་པ་དང་ཕན་པའི་དངོས་པོ་ཉིད་ཀྱི་ན། སྟོང་པ་ཉིད་ལ་སོཌ ་པའི་རྣམ་པ་གཅིག་ཡིན་ནོ། །འདི་རྣམས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ལམ་གྱི་བདེན་པ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་ཕྱིན་པའི་དོན་གྱིས་ན་ལམ་ཉིད་དོ། །ཉོན་མོངས་པ་མེད་པ་དང་ཉོན་མོངས་པའི་གཉེན་པོའི་ཆོགས་སུ་གྱུར་པ་ན་རིགས་པ་ཉིད་དོ། ་སེམས་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་ཀྱིས་ན་སྒྲུབ་པ་ཉིད་དོ། །མངོན་པར་ཞེན་པ་མེད་པའི་རྟག་བའི་གནས་སུ་འགྲོ་བ་ཉིད་ཀྱིས་ན། ངེས་པར་འབྱིན་པ་ཉིད་དོ། །རྣམ་པ་འདི་རྣམས་ཀྱི་ངོ་བོ་ཉིད་མི་དམིགས་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རིམ་པ་འདི ་ཉིད་ཀྱིས་ན་ཐེག་པ་ཆེན་པོར་རྣམ་པར་ཁ་ཅིག་ནི་རྣམ་གྲངས་ཉིད་དུ། ཁ་ཅིག་ནི་རང་གི་ངོ་བོ་ཉིད་དུ་སྟོན་པ་ཡིན་པས་ཉན་ཐོས་ཀྱི་ལམ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ངེས་པར་འབྱེད་པ་ཞེས་བྱ་བ་ཚིག་ལེའུ ་བྱས་པའི་དོན་སྟོན་པ་ཡིན་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་རང་རང་གི་ངོ་བོ་དབང་པོ་དང། དོན་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་ཉམས་སུ་མྱོང་བ་ལ་སོགས་པ་ནི་ངེས་སྟོང་པ་ཉིད་ཡིན་པའི་ཕྱིར་དེ་རྣམས་ཀྱི་སྟོང་པ་ཉིད་གཟུགས་ལ་སོགས་པའི་སྟོང་པ་ཉིད་སྣ ་ཆོགས་པ་ཕན་ཚུན་ཐ་དད་པ་མེད་པ་ནི་གཅིག་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་མཆོག་གི་དོན་དུ་དགོངས་པ ་ནི་འདི་ཡིན་ཏེ། བདག་ཅག་གི་ཐམས་ཅད་མཁྱེན་པས་བག་ཆགས་དང་བཅས་པའི་ཉོནམོངས་པ་མ་ལུས་པ་སྤངས་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་སྒྱུ་མ་ལྟ་བུའི་རང་བཞིན་དུ་དམིགས་ཤིང་མཁྱེན་གྱི། དེ་ལས་གཞན་པའི་བདག་ལ་སོགས་པ་གཙོ་བོའི ་དོན་ནི་རིགས་པ་མ་ཡིན་པས་དེ་བཞིན་གཤེགས་པ་ལས་གཞན་པའི་ཚད་མར་གྱུར་པ་སུ་ཞིག་ཡོད། ཉན་ཐོས་ལམ་ཞེས་བྱ་བ་ལ་སོགས་པས་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་ཟབ་པར་གསུངས་པ་ཡིན་ཏེ། གང་སྒྲར་བརྗོད་པ་ནི་ཆོས་བསྟན་པའི་སྒོ་ནས་ཆོས་འཕཌ ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟོན་པར་མཛད་པ་ན་ངེས་ཉན་པ་པོ་རག་ཏུ་དུ་ལ་སོགས་པ་རྣམས་ཀྱི་འཆད་པ་པོའི་ཤེས་པའི་རྩལ་རྟོགས་པར་བྱེད་པ་ནི་ཆོས་འཕགས་ལ་སོགས་པ་སྟོན་པ་པོའི་ཤེས་པའི་ནུས་པ་ཁོང་དུ་ཆུད་པར་བྱེད་ཅིང ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཡེ་ཤེས་བདག་ཉིད་ལ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཐ་སྙད་དུ་བྱ་བའི་སྟོན་པའི་རྣམ་པ་ཡིན་ལ། དེ་དག་ནི་ཞེས་བྱ་བར་རང་སངས་རྒྱས་ནི་སྒྲ་མེད་པའི་ཆོས་བསྟན་པས་ཞེས་བྱ་བ་དག་གིས་སྟོན་པ་མེད་པར་རང་གི་ཐོས་པའི ་ཡེ་ཤེས་ལ་སོགས་པ་སྟེ། བཟུང་བའི་དོན་གྱི་བག་ཆགས་སྤངས་པའི་ཡེ་ཤེས་ཀྱི་སྨོན་ལམ་དེའི་མཐུས་གཞན་དག་སྟེ། དེས་འདུལ་བའི་སེམས་ཅན་རྣམས་དགེ་བ་བཅུ་ལ་སོགས་པ་ཞེས་སྲེག?་གཅོད་པ་ལ་ལྡོག་པ་ལ་སོགས་པ་ལ་འཇུག་པར་བྱེད་དོ། །དེའི ་ཕྱིར་རང་སངས་རྒྱས་དེ་དག་གི་ཡེ་ཤེས་མི་རྟག་པ་ཉིད་དེ། ཡེ་ཤེས་ཀྱི་རྩལ་ནི་མཚན་མས་བརྟག་ཏུ་མེད་པ་ལ་སོགས་པ་ཡིན་ནོ། །ཆོས་སྟོན་པ་ནི་ཆོས་ཉེ་བར་སྟོན་པ་མ་ཡིན་ནམ། དེ་མེད་ཀྱང་ཇི་ལྟར་དེ་རྣམ་པར་བཞག་ཅེས་རྟོག་པ་ལ་སྐད་ཀྱི་དབྱིངས ་གཞན་དུ་བྱས་ནས་གང་གི་ཚེ་བརྗོད་པ་མེད་པར་སྟོན་པ་དེ་ཡང་སྟོན་པའི་དོན་ཡིན་པ་ལ་འགལ་པ་མེད་པས་ཆོས་སྟོན་པ་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། གང་གི་ཕྱིར་གང་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི ་བརྗོད་པར་བྱ་བའི་ཆོས་ཚིག་ཏུ་སྟོན་པའི་ཕྱོགས་ཚིག་ཏུ་བརྗོད་པར་འདོད་པ་ལ་སོགས་པ་ཉེ་བར་བསྟན་པའི་དོན་ཡིན་ན་ཡང་བྱིན་གྱིས་རླབས་ཀྱི་ཉན་པ་པོའི་རྒྱུད་ལ་ད་ལྟར་ཁྱད་པར་དང་བཅས་པའི་ཤེས་པ་ངེས་པར་སྐྱེ་བར་འགྱུར་བས་སྟོན་པ་ནི་བསྐྲུན་པའི་དོན་ལ་ཡང ་འགལ་བ་མེད་དེ་སྐད་ཀྱི་དབྱིངས་ཀྱི་དོན་ནི་དོན་དུ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཁྱད་ཞུགས་པ་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཟུང་བའི་རྟོག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་གཟུང་བ་དང་ཞེས་བྱ་བ་ལ་སོགས་པ ་སྨོས་པ་ཡིན་ཏེ། གཟུང་བ་དང་འཛིན་པ་ཉིད་དོན་ཡིན་ཏེ། །ཡུལ་ཡིན་པ་དེ་ལ་གང་རྣམ་པར་རྟོག་པ་སྟེ། དེ་དག་གི་གོ་རིམ་བཞིན་དུ་སྤངས་པ་དང་མ་སྤངས་པ་ཞེས་བྱ་བ་གཟུང་བའི་ཡུལ་གྱི་རྣམ་པར་རྟོགས་ནི་སྤངས་པ་དང། འཛིན་པའི་ཡུལ་གྱི་རྣམ་པར ་རྟོག་པ་ནི་མ་སྤངས་པ་སྟེ། གཟུང་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རང་སངས་རྒྱས་ཀྱི་ཐེག་པས་ཞེས་བྱ་བ་ལམ་གྱིས་བསྡུས་པ་རྟེན་པའི་ཆོས་རང་ཉིད་རྟོགས་བ་ལ་སོགས་པ་གང་ཡིན་པ་དེའི་གཞིའི་ཁྱད་པར་གྱིས་རང་ཉིད་རྟོགས་པ་ལ་སོགས་པའི་རྟེན་གྱིས ་ཕྱེ་བས་སོ། །ཇི་སྐད་དུ་བཤད་པའི་ཞེས་བྱ་བ་ལ་སོགས་པ་ལ་གཞི་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བསྒོམ་པ་ཉིད་ཀྱིས་ཞེས་བྱ་བ་གཟུགས་ལ་སོགས་པའི་དངོས་པོ་རྣམས་རྟོགས་པ་ལས་མ་འདས་པས་སྒྱུ་མ་བྱེད་པས་སྤྲུལ་པ་ལྟ་བུར་རྒྱུ་ལ ་སོགས་པ་ལས་སྐྱེས་པ་ཉིད་ཡིན་པས་ཡང་དག་པར་གཟུགས་ལ་སོགས་པ་ནི་རིགས་པ་མ་ཡིན་པ་དང་།སྐྱེ་བ་མེད་པར་བསྒོམས་པས་ཆོས་ཁྱད་པར་དུ་འཕགས་པ་རྟོགས་ཤིང་རང་གིས་ཁོང་དུ་ཆུད་པ་ལ་སོགས་པ་ཡིན་པར་ཡོངས་སུ་ཤེས་པ་ཡིན་གྱི་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་མངོན་སུམ་དུ་ནི་མི་བྱའོ། །བརྟགས་པའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པའི་དོན་ནི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་ལ་སོགས་པའི་ཆོས་བརྡའ་ལས་བྱུང་བ ་ནི་སངས་རྒྱས་ལ་སོགས་པས་ངོ་བོ་ཉིད་དང་རྒྱུ་ལས་ངེས་པར་བྱས་པ་ནི་བཏགས་པ་སྟེ་མིང་ངོ། །དེའི་ཆོས་ཉིད་དང་མི་འགལ་བར་ནི་ཇི་ལྟར་རྒྱལ་བ་དང་འགྲོ་བ་ལ་གྲགས་པ་སྟོན་བའོ། །བཏགས་པའི་ཞེས་བྱ་བ་ལ་སོགས་པ་དང། སྟོན་པའི་རྣམ་པར་དྲོར་གྱུར་པ ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་རྩེ་མོར་གྱུར་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ ་སོགས་པའི་བཤད་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་སོགས་སྐྱེ་བ་མེད་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་བཟོད་པ་ཉིད་སྔོན་དུ་འགྲོ་བ་ཅན་ཉིད་འཕགས་པའི ་བདེན་པ་བཞི་པོའི་སོ་སོའི་མ་སྐྱེས་པ་ལ་སོགས་པ་ཡོད་པ་ལ་ཤེས་པ་གཉིས་སྐྱེ་བས་བཟོད་པ་དང་ཤེས་པ་དག་སྟེ། བཟོད་པ་དང་ཤེས་པ་བཞི་ཡིན་ལ། དེ་ཉིད་ནི་སྐད་ཅིག་མ་ཡིན་ཏེ། བཟོད་པ་དང་ཤེས་པའི་སྐད་ཅིག་མ་དེ་རྣམས་སོ། །བདེན་དང་བདེན ་ལ་ཞེས་བྱ་བ་སོ་སོར་བདེན་པ་བཞི་དང་འབྲེལ་པ་རྣམ་པ་བཞིས་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་གྱི་ཕན་ཡོན་དང་བཅས་པ་སྟེ། འབྲས་བུ་དང་བཅས་པར་བཤད་དོ། །ཚིག་ལེའུར་བྱས་པའི་དོན་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཆོས་མི་རྟག་པ་དང། ་སྡུག་བསྔལ་བ་དང་སྟོང་པ་ལ་སོགས་པའི་ཆོས་གང་ཡིན་པ་དེའི་ཤེས་པ་ནི་མི་དམིགས་པར་ཤེས་པར་བྱའོ། །དེ་ལ་བཟོད་པ་ནི་འདོད་པ་སྟེ་ཆོས་ཤེས་པའི་བཟོད་པའོ། །འདོད་པ་སྔོན་དུ་འགྲོ་བའི་ཆོས་དེ་ལ་དེ་བཞིན་དུ་ཤེས་པ་ནི་ཆོས་ཤེས་པའོ། །དེ་བཞིན་དུ ་སྡུག་བསྔལ་ལ་སོགས་པ་ལ་མ་སྐྱེས་པ་ལ་སོགས་པ་ཡོད་པ་ལ་སྔ་མ་བཞིན་དུ་ཆོས་གང་ཡིན་པའི་ཤེས་པ་མི་དམིགས་པ་གང་ཡིན་པ་དེ་ནི་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །རྗེས་སུ་ཤེས་པ་ཡང་དེ་བཞིན་ནོ། །དེ་ལྟར་ན་བཟོད་པ་དང། ་ཤེས་པའི་མཚན་ཉིད་བཞི་པོ་དེ་རྣམས་ལ་སོགས་པས་འདི་དང་གཞན་པའི་ཡོན་ཏན་དང་ཞེས་བྱ་བ་ཕྱིར་མི་ལྡོག་པ་ལ་སོགས་པ་འདི་དང་སྐྱེ་བ་དྲན་པ་ལ་སོགས་པ་གཞན་པའི་ཡོན་ཏན་ཆོས་དང་རྗེས་སུ་མཐུན་པ་དག་དང་ལྡན་པའོ། །དེ་ཉིད་ཀྱི་ན་ཕན་ཡོན་ཆེན་པོ ་སྟེ། དེ་ལ་སོགས་པའི་འབྲས་བུ་ཐམས་ཅད་ལ་མཆོག་ཏུ་གྱུར་པ་སྟེར་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཇི་ལྟ་བུར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་བཅུ་དྲུག་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་ཏེ། དེ ་བཞིན་ཉིད་དང་སངས་རྒྱས་དག་རྟེན་དང་བརྟེན་པ་པོའི་རྣམ་གྲངས་སུ་ཁས་མི་ལེན་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ། །ཆེན་པོ་ཉིད་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་རྣམ་པའོ། །ཚད་མེད་པ་ཉིད་ནི་རྗེས་སུ་ཤེས་པའི་བཟོད་པའི་རྣམ ་པ་ཡིན་ནོ། །དཔག་ཏུ་མེད་པ་ནི་རྗེས་སུ་ཤེས་པའི་རྣམ་པ་ཡིན་ནོ། །མཛའ་ཉིད་ལ་སོགས་པ་མེད་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ། །སངས་རྒྱས་ཉིད་དུ་ངེས་པར་འཛིན་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་རྣམ་པའོ། །བླང་བ་མེད ་པ་དང་དོར་བ་མེད་པ་ནི་རྗེས་སུ་ཆོས་ཤེས་པའི་ཟོད་པའི་རྣམ་པ་ཡིན་ནོ། །བྱམས་པ་ལ་སོགས་པ་བསྒོམ་པ་ནི་རྗེས་སུ་ཆོས་ཤེས་པའི་རྣམ་པ་ཡིན་ནོ། །སྟོང་པ་ཉིད་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པའོ། །སངས་རྒྱས་ཉིད་ཐོབ་པ་ནི་འགོག་པ་ལ་ཆོས ་ཤེས་པའི་རྣམ་པའོ། །རྣམ་པར་བྱང་བ་ཐམས་ཅད་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པའི་རྣམ་པའོ། །ཉམ་ང་བ་དང་ནད་ཀུན་སེལ་བ་ནི་རྗེས་སུ་ཆོས་ཤེས་པའི་རྣམ་པའོ། །མྱ་ངན་ལས་འདས་པ་ལ་འཛིན་པའི་ཞི་བ་ཉིད་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པའོ ་སངས་རྒྱས་རྣམས་ཀྱི་བསྲུང་བ་ལ་སོགས་པ་ནི་ལམ་ལ་ཆོས་ཤེས་པའི་རྣམ་པའོ། །དགེ་བ་བཅུ་ལ་སེམས་ཅན་རྣམས་དགོད་བ་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པའི་རྣམ་པའོ། །སྦྱིན་བ་ལ་སོགས་པའི་དགེ་བ་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བ་ནི་ལམ་ལ་རྗེས་སུ་ཆོས་ཤེས ་པའི་རྣམ་པ་ཡིན་ནོ། །གཞན་དག་ན་རེ་ཤེས་པ་དང་རྣམ་པར་སྦྱར་བ་ནི་ཤེས་པའི་རྣམ་པ་གཞན་དུ་མི་འཐད་པས་རྣམ་པ་འདི་དག་བདེན་པ་རྣམས་ཁོ་ནའི་ཡིན་པར་བལྟ་བར་བྱའོ་ཞེས་ཟེར་རོ། །མཐོང་བའི་ལམ་འདིའི་ཡང་ངེས་པར་འབྱེད་པའི་ཆ་དང་འཐུན་པ་ནི་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་དུ་གསུངས་པ་གཟུང་བར་བྱའོ། །གལ་ཏེ་དེ་ལྟ་ཡིན་ན་དེར་ཡང་རབ་ཏུ་དགའ་བའི་ས་ལ་སོགས་པ་བརྗོད་པ་ཡོད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་བསྟན་པ་ཡིན་པའི་ཕྱིར་ཡང་ཅིའི་ཕྱིར་སྨོས་ཤེ་ན་བརྗོད་པར་བྱ་སྟེ། དེ ་བཞིན་གཤེགས་པ་རྣམས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་བརྗོད་པས་རྒྱུ་དང་འབྲས་བུ་མ་ལུས་པ་རྟོགས་པ་ལ་ལྟོས་པ་ཡིན་པས་རྒྱལ་བའི་སྲས་རྣམས་ཀྱི་ནི་དེ་ལས་གསུངས་པའི་ལམ་དུ་མི་འགྱུར་བར་དོགས་པ་བཟློག་པའི་དོན་དུ་དེ་ཉིད་ལས ་རྒྱུ་ཙམ་ཞིག་དྲངས་ནས་རྒྱལ་བའི་སྲས་རྣམས་ཀྱི་མཐོང་བ་ལ་སོགས་པའི་ལམ་གྱི་བདག་ཉིད་ཅན་ལམ་ཤེས་པ་ཉིད་དུ་ལོགས་ཤིག་ཏུ་བཞག་པ་ཡིན་ནོ། །དེ་ལྟར་འཕགས་པ་རྣམས་པར་གྲོལ་སྡེའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་བཟོད་པ་ཞེས་བྱ་བ་ལ་སོགས་པ་བཤད ་མ་ཐག་པའི་མཐོང་བའི་ལམ་གྱི་རྣམ་པ་ཡིན་པར་བཟང་པོའི་ཞལ་སྔ་ནས་ཀྱིས་སྦྱར་པ་ཡིན་ནོ། །གཞན་དག་ནི་མཐོང་བའི་ལམ་གྱི་གཞུང་དང་དོན་མ་ལུས་པ་རྣམ་པ་དང་སྦྱར་བ་མ་ཡིན་པས་ཁ་ཅིག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་ཁ་ཅིག་ཅེས་བྱ་བ་ནི ་ཡང་སློབ་དཔོན་ལ་ལ་གཞན་དུ་འཆད་དེ་དེ་ནི་བདེན་དང་བདེན་ལ་བཟོད་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་གང་ཡིན་པ་ནི་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཅན་ཡིན་ལ། ཉེ་བར་མཚོན་པ་ལྷུར་ལེན་པའི་གཞུང་གིས་དེའི་རྣམ་པ? ་དོན་སྟོན་པ་དེ་བཞིན་ཉིད་དང་སངས་རྒྱས་དག་ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པས་རྣམ་པའི་དོན་མ་བཤད་པར་ཞེས་བྱ་བ་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་དངས་རྒྱས་དག་རྟེན་དང་བརྟེན་པ་པོའི་རིམ་པར་མི་གནས་པ་ནི་སྡུག ་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ལ་སོཌ་པའི་ངེས་པས་རྣམ་པའི་རང་གི་ངོ་བོ་མ་བརྗོད་པར་ཉ་ཉན་ཐོས་ལ་སོཌ་པའི་མཐོང་བའི་ལམ་ཇི་སྙེད་བཤད་པ་དེ་ལ་སྐད་ཅིག་མ་བཅུ་དྲུག་གང་ཡིན་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པའི་བཟོད་པའོ། །དེའི ་ཉེ་བར་མཚོན་པ་ཉི་ཚེར་མཛད་ཅིང་སྦྱར་བར་ཟད་པས་འདིར་ཡང་བྱང་ཆུབ་སེམས་དཔའ་ཨི་མཐོང་བའི་ལམ་གྱི་རྣམ་པ་འབའ་ཞིག་སྨོས་པ་ཡིན་ནོ་ཞེས་བྱ་བར་མི་བྱའོ་ཞེས་བྱ་བ་ནི་དགོངས་བ་ཡིན་ནོ། དེས་ཅིར་འགྱུར་ཞེ་ན། བཤད་པ་དང་མ་བཤད་པའི་རབ་ཏུ་བྱེད་པ་མ་ལུས་པ་ནི ་མཐོང་པའི་ལམ་སྟོན་པར་བྱེད་པ་ཡིན་ལ། དེ་ཡང་དེ་བཞིན་ཉིད་དང་སངས་རྒྱས་དག་ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་རྣམས་དང་སྦྱར་བར་བལྟའོ། །ཕྱོགས་འདི་ལ་བཟང་པོའི་ཞལ་སྔ་ནས་ཀྱི་ཉེས་པ་བརྗོད་པ་ནི་དེ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ ་སྨོས་པ་ཡིན་ཏེ། སློབ་དཔོན་དེ་དག་གིས་ནི་བསྒོམ་པའི་གོ་རིམ་ལ་སོགས་པ་མ་བསྟན་པའི་ཕྱིར་ཞེས་བྱ་བ་མངོན་པར་རྟོགས་པ་ལས་གསུངས་པའི?་རིམ་གྱིས་བསྒོམ་ཞིང་བསླབ་པའི་གོ་རིམས་སོ། །སོགས་པའི་སྒྲ་ནི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་སྟེ། དེ་ལས་ཀྱང་སངས ་རྒྱས་ཉིད་སྒྲུབ་པ་ཡིན་ལ་འདིས་ནི་མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་ཏོ་ཞེས་བྱ་བ་སྔར་བཤད་པའི་སེམས་བསྐྱེད་པ་ལ་སོགས་པའི་ལམ་དེའི་རབ་ཀྱི་མཛའ་སངས་རྒྱས་ཉིད་སྒྲུབ་པའི་གོ་རིམ་ཅུང་ཟད་ཀྱང་མ་བཤད་པ་ཐམས་ཅད་དུ་འབྲེལ་པའི ་དབང་དུ་བྱས་པའི་གོ་རིམ་མེད་པས་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ལྟར་འཆོལ་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཉེས་པ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དམིགས་པ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པའི་དོན་?་ལ་སོགས་པའི ་དམིགས་པ་དང་རྣམ་པའི་ཁྱད་པར་ཉན་ཐོས་རྣམས་ལས་གང་ཡང་ཤིན་ཏུ་ཁྱད་ཞུགས་པར་བསྟན་པ་དེ་ཡང་མེད་པར་འགྱུར་ཏེ། ཕྱོགས་འདི་ལ་ནི་ཐུན་མོང་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཕྱོགས་འདི་ནི་ལེགས་པ་མ་ཡིན་པ་སྙམ་སེམས་སོ། །འདོད་ཆགས་ལ་སོགས ་པའི་ཉོན་མོངས་པའི་ཚོགས་ཀྱི་རྩ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཡིན་ལ་དེ་དང་མི་མཐུན་པ་ནི་བདག་མེད་པ་ལ་གོམས་པ་དང། སྡུག་བསྔལ་གྱི་ཕུང་པོ་ལ་སོགས་པ་དངོས་པོ་ལ་དམིགས་བ་དག་ནི་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་བདག་མེད་པ་གོམས་པ་འགྲུབ་པར ་མི་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་དེའི་རྒྱུ་ཅན་སྡུག་བསྔལ་གྱི་ཕུང་པོ་ལ་སོགས་པའི་ཡུལ་རྣམ་པ་བཅུ་དྲུག་ལ་དམིགས་པས་འདིར་སྡུག་བསྔལ་ལ་ཆོས་ཤེས་བའི་བཟོད་པ་ལ་སོགས་པར་འགྱུར་ཞེ་ན། མ་ཡིན་ཏེ་གང་གི་ཕྱིར་དེ་བཞིན་ཉིད་དང་སངས་རྒྱས་དག ་ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་རྣམས་ཀྱིས་སྡུག་བསྔལ་ལ་སོགས་པ་རྣམ་པ་བཅུ་དྲུག་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པར་བསྟན་པས་དངོས་པོ་མེད་པ་ཉིད་དུ་ཇི་སྐད་གསུངས་པ་དེ་བཞིན་དུ་བསླབས་པས་ན། ཆོས་ཉིད་ཀྱིས་དེ་བསྐྱེད་པར་བྱེད་པར ་འགྱུར་བས་དོན་དམ་པར་དོན་གྱི་བྱ་བ་མི་འཐད་པའི་ཕྱིར་ཞེས་ཐམས་ཅད་དུ་ཤེས་པར་བྱའོ། །མཐོང་བའི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །མོས་པ་རང་གི་དོན་དང་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་རང་དང་གཞན་དང་ཞེས ་བྱ་བ་ལ་སོགས་པ་ཡིན་ཏེ། རང་དང་གཞན་དང་གཉི་གའི་དོན་ལ་དམིགས་པ་ཉིད་ཅེས་བྱ་བ་ལ་རང་གི་དོན་ལ་དམིགས་པ་ནི་རང་ཉིད་སྣོད་དུ་རུང་བ་ཉིད་ཀྱི་ཕྱིར་རོ། །གཞན་གྱི་དོན་ལ་དམིགས་པ་ནི་གདུལ་བྱ་སྣོད་དུ་རུང་བའི་དོན་ཉིད་ཡིན་པའི་ཕྱིར་རོ། །རང ་དང་གཞན་གྱི་དོན་ལ་དམིགས་པ་ནི་རང་དང་གདུལ་བྱ་སྣོད་དུ་རུང་བའི་དོན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་མོས་པ་བཞིན་དུ་ཞེས་བྱ་བ་ནི་བདག་མེད་པ་ལས་མ་འདས་པས་སོ། །མཐོང་བ་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ལམ་ཉིད་དུ་ཐུགས་སུ་ཆུད་པའོ། །དགེ ་བའི་ཆོས་གང་ཡིན་པ་ནི་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སེམས་བསྐྱེད་པ་ལ་སོགས་པའོ། །དེའི་རྟེན་ཡིན་ན་ཡང་ཞེས་བྱ་བ་ནི་དེའི་གཞི་ཡིན་ན་ཡང་ངོ། །དང་པོར་ཐོག་མར་རོ། །མངོན་དུ་མི་བྱེད་པའི་ངོ་བོ་ནི་རང་དང ་གཞན་དང་གཉི་གའི་ཕྱིར་སེམས་བསྐྱེད་པ་ལ་སོགས་པ་ལ་དམིགས་པ་ནི་འདིར་མངོན་པར་ཞེན་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལས་ཤེ་ན་བསྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལས་ཞེས་བྱ་བ་སྨོས་ཏེ། གོམས་པའི་གནས་སྐབས་ལས་ཏེ། རབ་ཀྱི ་མཐར་ཐུག་པ་མེད་པར་སློབ་པའི་དུས་སུ་མངོན་སུམ་དུ་བྱ་བ་ནི་སུ་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རང་གི་དོན་ལ་མོས་པ་ཉིད་ནི་འདི་ལྟར་རྣམ་པ་དགུ་ཉིདྱིན་ཏེ། འདི་ལྟ་སྟེ་ཆུང་ངུའི་ཆུང་ངུ་དང། ཆུང་ངུའི་འབྲིང་དང། ཆུང་ངུའི་ཆེན་པོ་དང། ་འབྲིང་གི་ཆུང་ངུ་དང། འབྲིང་གི་འབྲིང་དང། འབྲིང་གི་ཆེན་པོ་དང། ཆེན་པོའི་ཆུང་ངུ་དང། ཆེན་པོའི་འབྲིང་དང། ཆེན་པོ་ཆེན་པོའོ། །དེ་བཞིན་དུ་གཞན་གྱི་དོན་ལ་མོས་པ་དང་གཉི་གའི་དོན་ལ་མོས་པ་ལ་རེ་རེ་ཞིང་དགུ་དགུ་སྟེ། མོས་པ་རྣམ་པ་ཉི་ཤུ་རྩ་བདུན ་ནོ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཆུང་ངུ་དང་འབྲིང་ལ་སོགས་པའི་བདག་ཉིད་ཅན་འདི་ནི་གཉེན་པོ་ཉིད་ཡིན་པས་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་ཉི་ཤུ་རྩ་བདུན་ཡང་དོན་གྱིས་ཤེས་པར་བྱའོ་ཞེས་འཆད་དོ། །ལུང་ལས་བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པ་དང་ཐམས་ཅད་གཅིག་ཏུ་ཞུགས་སོ་ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་ཨི་ལྷག་པར་མོས་པའི་སྟོན་པ་ནི། དེ་བསྒོམ ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྔོ་བ་ཁྱད་པ་ཅན་ནི་བདག་མེད་པ་ལ་ལྷག་པར་མོས་པ་དང། སེམས་ཅན་ཐམས་ཅད་ཀྱི་དོན་དག་གི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །ཡང་དེའི ་བྱེད་པ་མཆོ་ནི་རང་གཞན་དག་གི་བྱང་ཆུབ་སྒྲུབ་པའོ། །དམིགས་མེད་རྣམ་པ་ཞེས་བྱབ་ལ་སོགས་པ་ནི་རང་དང་གཞན་དག་གཉི་གའི་སེམས་བསྐྱེད་པ་ལ་སོགས་པར་བྱེད་པའི་ཡིད་ལ་བྱེད་པ་ནི་ལྷག་པར་མོས་པའི་ཡིད་ལ་བྱེད་པ་ཞེས་བཤད་དོ། །མོས་པ་དང་བསྔོ་པ ་ཡིད་ལ་བྱེད་པ་དག་སྔོན་དང་ཕྱི་མར་གནས་པ་དག་གི་ཡུལ་ནི་སེམས་བསྐྱེད་པ་ལ་སོགས་པ་ཡིན་པའི་ཕྱིར་ཡུལ་གྱི་ཁྱད་པར་མེད་དོ། །ཞེས་བྱ་བ་དགོངས་པ་དང་ལྡན་པས་ཇི་སྐད་བཤད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་མོས་པའི་ཁྱད་པར་མི ་དམིགས་པ་གང་ཞིག་ཡིན་ཞེ་ན། མི་དམིགས་པ་སྟེ་དེ་ནི་དམིགས་མེད་རྣམ་པ་ཅན་ཞེས་བྱ་བ་ཡང་འདི་ནི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་དམིགས་པ་མེད་པ་ཞེས་བྱ་བ་ཡིན་ནོ། །བདག་ཏུ་ལྟ་པ་ལ་སོགས་པའི་ལྟ་བའི་ཕྱིན་ཅི་ལོག་མེད་པས་ཕྱིན་ཅི་མ་ལོག་པ་སྟེ། ་ཕྱིན་ཅི་མ་ལོག་མཚན་ཉིད་དོ། ཞེས་བྱ་བའོ། །གཟུང་པ་ལ་སོགས་པ་མེད་པས་དབེན་པའོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་དོན་སྟོན་པ་ཡིན་ནོ། །སེམས་མ་ཞུམ་བ་ལ་སོགས་པ་དང་ལྡན་པས་ཐབས་ལ ་མཁས་པ་དང་བཅས་པའོ། །སྦྱིན་པར་བྱ་བ་ལ་སོཌ་པ་མི་དམིགས་པས་མཚན་མ་མེད་པའོ། །སངས་རྒྱས་དགྱེས་པ་ཡིན་པས་སངས་རྒྱས་གནང་བའོ། །འདོད་པ་ལ་སོགས་པའི་ཁམས་ལ་མངོན་པར་ཞེན་པ་མེད་པ་ཡིན་པའི་ཕྱིར་ཁམས་གསུམ་པར་མ་གཏོགས ་པ་ཏེ། ཐབས་བཅས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཆུང་ངུ་དང་འབྲིང་དང་ཆེན་པོའི་བསྔོ་བ་གཞན་ནི་རྣམ་གསུམ་དང་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཐམས་ཅད་ལས་མཆོག་ཏུ་གྱུར་པའི་བསོད་ནམས་ཀྱི་བདག་ཉིད་བསྐྱེད་པ་ཡིན་པའི་ཕྱིར་རོ། །བསོད ་ནམས་ཆེ་འབྱུང་བདག་ཉིད་དོ་ཞེས་བྱ་སྟེ། བསོད་ནམས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ལྟར་མིང་དུ་བཏགས་པའི་ཡིད་ལ་བྱེད་པས་དམིགས་པ་མེད་པ་ལ་སོགས་པའི་མིང་ཅན་གྱི་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་བཅུ་གཉིས་མི་དམིགས་པ ་ལ་དམིགས་བས་ཐེག་པ་གསུམ་གྱིས་གདུལ་བར་བྱ་བའི་སེམས་ཅན་ལ་དེ་རྣམས་ཀྱི་ལམ་ཉེ་བར་སྟོན་པའི་རྒྱཱི་ངོ་བོའི?་བྱེད་པ་དང?། ལྡན་པ་གང་ཡིན་པ་དེ་དང་ལྡན་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མི་ཟད་པར་བྱ་བའི་ཕྱིར་ཞེས་བྱ་བ་བྱང་ཆུབ ་ཀྱི་བར་དུ་འཕེལ་བར་བྱ་བའི་དོན་དུ་བསྔོ་བ་རྣམ་པ་བཅུ་གཉིས་ཀྱིས་བསྔོ་བར་བྱེད་དོ། །གང་ཞིག་མི་དམིགས་པ་ལ་དམིགས་པའི་བསྔོ་བའི་ཡིད་ལ་བྱེད་པ་དེ་ནི་གོ་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ནི་འཚང་རྒྱ་བ་ཉིད་དོ། །ཚུལ་ཁྲིམS ་ལ་སོགས་པའི་ཕུང་པོ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་ལ་སོགས་པའོ། །སེམས་གང་གིས་བསྔོ་བར་བྱེད་པ་དེ་དང་དེའི་བདག་ལ་སོགས་པ་དང་ལྡན་པའི་གཞི་ཅན་ནི་བདག་དང་གཞན་གྱི་རྣམ་པར་རྟོག་པའི་ཉོན་མོངས་པའི་ཕུང་པོའོ། །། ་དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བ་ནི་བྱུན་གབ་དང་འབྱུང་བར་འགྱུར་བ་དང། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་བསོད་ནམས་སོ། །སྦྱིན་པ་ལ་སོགས་པ་དང་མཚན་ནི་སྦྱིན་པར་བྱ་བ་ལ་སོགས་པ་འཚང་རྒྱ་བའི་རྒྱུ་ཉིད་དོ། །ལམ་ཐམས་ཅད་ནི་ཐེག་པ ་གསུམ་མོ། །འདོད་པ་ལ་སོགས་པའི་ཁམས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སོ། །དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་ནི་སྲོག་གཅོད་པ་ལས་ལྡོག་པ་ལ་སོགས་པའོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་ནི་རྒྱུན་དུ་ཞུགས་པ་དང་ལན ་གཅིག་ཕྱིར་འོང་པ་ལ་སོགས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །འདིས་ནི་སེམས་བསྐྱེད་པ་ལ་སོགས ་བསྔ?་མ་བཞིན་དུ་མོད་ནས་བླ་ན་མེད་པའི་བྱང་ཆུབ་མི་དམིགས་པ་ལ་སོགས་པའི་བསམ་པས་སེམས་ཅན་རྣམས་ཐེག་པ་གསུམ་གྱི་རིམ་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་དེ་བསྔོ་བར་བྱའོ་ཞེས་བྱ་བར་དགོངས་སོ། ། ་བསྒོམ་པའི་ལམ་གྱི་རྗེས་སུ་ཡི་རང་བ་བསྒོམ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་དང་འགྲེལ་བ་ནི་གོ་སླའོ། །ཆོས་ཀྱིས་ཕོངས་པའི་རྒྱུ་ནི་རང་གི་ཆོས་མཉན་པ་ལ་སོགས་པ་མ་ཐོབ་པའི་རྒྱུ་རྣམས་སོ། །ཤིན་ཏུ་ནམ་པར་དག་པའི་སྐབས་ཡིན་པས་རྣམ་པར་དག་པ་སྤྱིར་ཡིན་ཏེ། ། ་ཀུན?་རྫོབ་དེ་བཞིན་ཉིད་གང་ཡིན། དེ་ནི་དོན་དམ་ཡིན་པར་འདོད་ཅེས་བྱ་བའི་ཚུལ་གྱིས་དེ་ལྟར་ཐོབ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འབྲས་བུ་དག་པ་ཞེས་བྱ་བ་ལ་སོགས་པའི་ཆིག་ལེའུར་བྱས་པའི་དོན་ནི་འཕགས་པའི་གང་ཟག་ཅེས་བྱ་བ་ལ་སོགས་པ ་ཡིན་ཏེ། འཕགས་པའི་གང་ཟག་ནི་ཉན་ཐོས་ལ་སོགས་པའོ། །དེའི་དགེ་སྤྱོང་གི་ཚུལ་གྱི་འབྲས་བུ་གང་ཡིན་པ་ནི་རྒྱུན་ཏུ་ཞུགས་པའི་ལ་སོགས་པའོ། །དེའི་མི་མཐུན་པའི་ཕྱོགས་གང་ཡིན་པ་ཐམས་ཅད་དེ། དེ་དང་བྲལ་བ་ཉིད་ཀྱིས་རྣམ་པར་དག་པ་སྟེ་དྲི་མ་མེད་པའོ།། ་དེ་གང་ཡིན་ཞེ་ན། གང་གཟུགས་ལ་སོགས་པའི་རྣམ་པར་དག་པ་སྟེ། གཟུང་བ་ལ་སོགས་པ་མེད་པས་གཟུགས་ལ་སོགས་པའི་སྟོང་པ་ཉིད་དོ། །འབྲས་བུ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་སྟེ། རྒྱུན་དུ་ཞུགས་པ་ལ་སོགས་པའི ་སྔ?་མ་བཞིན་དུ་རྣམ་པར་དག་པ་གང་ཡིན་པ་དང། གཟུགས་ལ་སོགས་པ་ལ་བདག་ཏུ་མངོན་པར་ཞེན་པ་སྟེ། དོན་དམ་པར་ཡོད་པར་ཞེན་པ་གང་ཡིན་པ་དེ་དག་དང་བྲལ་བས་རབ་ཏུ་ཕྱེ་བ་ཉིད་ཀྱིས་ན་དེ་བཞིན་ཉིད་དང་གཟུགས་ནི་གཅིག་པ་ཉིད་དོ། །དོན་འདི ་ཉིད་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་དག་གི་རྣམ་པར་དག་པ་ཞེས་བྱ་བ་གང་གི་ཕྱིར་འཚང་རྒྱ་བ་ཉིད་དང། གཟུགས་ལ་སོགས་པའི་དག་པ་དག་ནི་ཐ་མི་དད་ཅིང་གཅང་དུ་མེད་པ་ཉིད་དོ། །དོན་མཚུངས་པ་ཡིན་ན་ཡང་ཁྱད་པར་གྱི ་སྒོ་ནས་ཐ་དད་པའི་སྒྲར་བརྗོད་པའི་རྒྱུ་ནི་རང་དང་སྤྱིའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་ཐ་དད་པ་ཉིད་མ་ཡིན་པས་དེའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་དང་གཟུགས་ལ་སོགས་པའི་རང་དང་སྤྱི་ཇི་ལྟར་གྲགས་པའོ། །ཡང་ན་གཉིས་སུ་མེད ་པའི་ཡེ་ཤེས་ཁོ་ན་སྐད་ཅིག་མ་གཅིག་པ་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་གོང་ནས་གོང་དུ་རིམ་གྱིས་རྒྱུད་ལ་གནས་པ་ཡིན་པའི་ཕྱིར་རང་དང་སྤྱིའིའོ། །དེ་དག་གི་མཚན་ཉིད་སྟེ། དོན་དམ་པར་ནི་སྒྱུ་མའི་ངོ་བོ་ཉིད་དེ་དེ་དང་འདྲ་བར་ཐ་དད་པ་ཉིད་མ་ཡིན ་པའི་ངོ་བོ་ཉིད་ཡིན་ནོ། །དེ་ལྟར་ན་རང་དང་སྤྱིའི་མཚན་ཉིད་ཐ་དད་པ་དང་བྲལ་བས་གོ་རིམ་བཞིན་དུ་དེ་དག་གི་རྣམ་པར་དག་པ་ནི་ཐ་མི་དད་ཅིང་གཅང་དུ་མེད་པ་ཉིད་ཡིན་ནོ། །ཡང་ན་འདི་དག་ནི་ཡང་དག་པ་ཉིད་དུ་སྣ་ཚོགས་པའི་མཚན་ཉིད་ཀྱི་དབྱེ་པ་མེད་པས་ཐ་མི་དད་པ་ཡིན ་ལ། རབ་ཏུ་དབྱེ་བའི་མཚན་ཉིད་ཀྱི་གཅད་པ་མེད་པས་གཅད་དུ་མེད་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་རྣམ་པར་དག་པ་ཡིན་ཏེ། གཟུགས་ལ་སོགས་པའི་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས?་བུའི་རྣམ་པར་དག་པ་ཡིན་ནོ་ཞེས ་བཤད་དོ། །དེ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྣམ་པར་དག་པའི་ཁྱད་པར་དགེ་བ་སྤྱིར་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས ་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་ཆོས་ཀྱི་གྲགས་པས་དགའ་འགྲེལ་དུ་བྱས་པ་ལས་སྐབས་གཉིས་པའི་འགྲེལ་པའི་བཤད་པའོ།། །།དེ?་ཞི་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རབ་ཏུ་བྱེད་པའི་འབྲེལ་བ་བརྗོད་ནས་ཐམས་ཅད་ཤེས ་པ་ཉིད་བཤད་པ་ཡིན་ནོ། །ཚུ་རོལ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པོ?་རྣམ་པར་འགྲེལ་པ་ནི་དུས་གསུམ་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དུས་གསུམ་པའི་ཆོས་རྣམས་ནི་དུས་གསུམ་དུ་གནས་བའི་གཟུགས་ལ་སོགས་པའོ། །སྐྱེ་བ་མེད་པའི་རྣམ ་པར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་པ་ཉིད་ཀྱིས་མ་སྐྱེས་པ་ཉིད་ཡིན་པར་མཉམ་པ་ཉིད་དུ་རྟོགས་པས་ཞེས་བྱ་བར་གཅིག་པ་ཉིད་དུ་ཤེས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད ་པ་རང་གི་སེམས་ལ་གནས་པའི་གཉིས་སུ་མེད་པའི་ཡེ་ཤེས་གང་ཡིན་པའི་ངོ་བོ་དེ་ནི་ཉན་ཐོས་ལ་སོགས་པ་གཞན་དག་གི་མ་ཡིན་ཏེ། དེ་རྣམས་ལ་གཟུང་བ་ལ་སོགས་པའི་བག་ཆགས་ཡོད་པས་ཐམས་ཅད་དུ་འགྲོ་བའི་སྐྱེ་བ་མེད་པའི་ཡེ་ཤེས་མེད་པའི་ཕྱིར་རོ།། ་དུས་རྣམས་ཤེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་གང་ལ་ཡང་མི་གནས་པ་ནི་ཚུ་རོལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་རྒྱལ་བའི?་སྲས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་གྱི་མཛའ་ནི་འཁོར་བ་སྟེ། སོ་སོའི་སྐྱེ་བོ་ལ་སོགས་པས་བགྲོད་ཅིང་མཐོང་བ ་ཉིད་ཀྱིས་ཉེ་བར་གྱུར་པའི་སྲིད་པའི་མཐར་མི་གནས་ཤིང་མངོན་པར་ཞུགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཤེས་རབ་ཀྱིས་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཐོས་པ་ལ་སོགས་པས་ཤེས་པའི་ཕྱིར་རོ། །ཕ་རོལ་གྱི ་མཛའ་ནི་མྱ་ངན་ལས་འདས་པ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་ཞིང་མ་མཐོང་བ་ཉིད་ཀྱིས་མཛའ་རིང་བའི་མྱ་ངན་ལས་འདས་པ་ལ་མི་གནས་སོ། །ཅིའི་ཕྱིར་ཞེ་ན་སྙིང་རྗེས་ཞེས་བྱ་བ་སྟེ། སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེས་སོ། །སྲིད ་པ་དང་ཞི་པ་འདི་དག་རྣམ་གྲངས་གཞན་གྱིས་གསལ་པར་བྱ་བ་ནི་གོ་རིམ་བཞིན་དུ་བདག་ལ་སོགས་པར་ལྟ་བ་དང་མི་ལྟ་བར་གྱུར་པ་ཉིད་ཀྱིས་སྲིད་པ་དང་མྱ་ངན་ལས་འདས་པ་ནི་རྟག་པ་དང་ཆད་པའི་མཚན་ཉིད་ཡིན་ལ། དེ་དག་གི་བར་ན་མི་གནས་པ་ནི་ཡང་དག་པར་ན ་སྲིད་པ་དང་ཞི་བདག་མེད་པས་དེའི་བར་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེ་ན། ཚུལ་དེ་ལྟ་ན་སྲིད་པ་དང་མྱ་ངན་ལས་འདས་པའི་མཛའ་དང་བར?་ན་གནས་པ་མེད་པས་སྲིད་པ་དང་ཞི་བ་ལ་མི་གནས་པ་ཡིན་ཏེ། སྲིད ་པ་དང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བཤད་དོ། །འདིས་ནི་ཤེས་རབ་ཀྱིས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་རྗེས་སུ་འགྲོ་བའི་སྒོ་ནས་བཤད་ཅེས་ལྡོག་པའི ་སྒོ་ནས་ཉན་ཐོས་ལ་སོགས་པ་རྣམས་ལ་དེ་མེད་པ་ནི་ཀུན་ཤེས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་ཤེས་པ་ཉིད་ཀྱི་གནས་སྐབས་སུ་ཞེས་བྱ་བ་ནི་ཐམས་ཅད་ཤེས་པའི་དབང་དུ་བྱས་པར་བཟློག་སྟེ་བསྟན་པས་ཞེས་བྱ་བ་བྱང་ཆུབ་སེམས ་དཔའ་ལས་གོ་བཟློག་པའི་སྒོ་ནས་བཤད་པ་ཡིན་པའི་ཕྱིར། ཉན་ཐོས་ལ་སོགས་པ་ལ་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར་ཞེས་བྱ་བ་དུས་གསུམ་དུ་གནས་པའི་དངོས་པོ་སྐྱེ་བ་མེད་པར་ཤེས་པ་མེད་པས་སོ། །ཡང་དག་པའི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་པས་ཞེས་བྱ་བ་ནི་ཐམས་ཅད་དུ་མངོན་པར་ཞེན་པ་མེད་པའི་ཤེས་པ་རིང་དུ་སྤངས་པ་ཡིན་ཏེ། དེ་ནི་དུས་གསུམ་གྱི་དངོས་པོ་སྐྱེ་བ་མེད་པར་ཤེས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་གྱུར་པ་རང་གི་རྟོགས་པ ་ཙམ་སྟེ། རང་གི་རིག་པའི་ངོ་བོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར། མྱ་ངན་ལས་འདས་པ་ལ་དངོས་པོ་མཐོང་བས་སྐྲག་པའི་ཕྱིར། མྱ་ངན་ལས་འདས་པའི་ཆད་པའི་བདག་ཉིད་ཅན་དང། འཁོར་བའང ་འཁྲུལ་པ་གཅིག་ནས་གཅིག་ཏུ་རྒྱུད་པ་ཆ་འདྲ་བས་རྟག་པར་ལྟ་བ་བསྐྱེད་པ་ཡིན་པར་གནས་ཤིང་མངོན་པར་ཞུགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། དེའི་གཞུང་གིས་རྟག་པ་ཡིན ་པའི་ཕྱིར་དོན་དམ་པར་ཡོད་པའི་དངོས་པོ་ནི་མྱ་ངན་ལས་འདས་པའོ། །མི་རྟག་པ་ལ་སོགས་པའི་ཚུལ་གྱིས་ན་དེ་རྣམས་ཀྱི་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་སྲིད་པ་ནི་དངོས་པོ་མེད་པའོ། །དེ་དམིགས་པ་ཉིད་ཀྱིས་ཤེས་པའོ། །ཡང་ན་ཡང་དག་པ་ཉིད་དུ ་ཕྱིན་ཅི་ལོག་ཉིད་ཡིན་པས་གཟུགས་ལ་སོགས་པའི་དངོས་པོ་རྣམས་དོན་དམ་པར་དངོས་པོ་ཡོད་པ་ཉིད་དང། ཡང་དག་པར་ན་དེ་མེད་པས་དེའི་མི་རྟག་པ་ཉིད་ལ་སོགས་པ་ལ་དངོས་པོ་མེད་པར་མངོན་པར་ཞེན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཉི་ག ་ལྟར་ན་ཡང་ཉན་ཐོས་ལ་སོགས་པ་དམིགས་པ་ཅན་རྣམས་ནི་ངེས་པར་དངོས་པོ་འབའ་ཞིག་ལ་ཀུན་ཏུ་ཆགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་དུ་ཟིན་ན་ཡང་ཉམས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ལུགས་ལས་ཞེས་བྱ་བ་ལ་སོགས་པ་དང། ་དེའི་མཚན་བཅས་ཞེས་བྱ་བ་ལ་སོགས་པའི་ལན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ནི་གོ་སླའོ། །དངོས་པོ་མཚན་མ་དང་ལྡན་པར་རྟོགས་ནས་ཞེས་བྱ་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་རགས་པ་ལ་སོགས་པ་དང་ལྡན་པར་ཆ་འདྲ་བ ་གཅིག་ནས་གཅིག་ཏུ་རྒྱུད་པའི་གཟུགས་ལ་སོགས་པའི་ངོ་བོ་ལ་རྟོགས་པས་སོ། །ཡང་ན་ཚོགས་པ་ལས་བྱུང་པ་ཡིན་པའི་ཕྱིར་དངོས་པོ་ལ་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མའི་རྒྱུ་དང་ལྡན་པར་གཟུགས་ལ་སོགས་པ་རྟོགས་པས་སོ། །དངོས་པོའི་ངོ་བོ་མི ་ཤེས་པ་རྣམས་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་རང་བཞིན་ལོག་པ་རྣམས་མི་ཤེས་པའོ། །དེའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གཟུགས་ལ་སོགས་པ་སྐྱེ་བ་མེད་པའི་ཡེ་ཤེས་སོ། །ཐབས་མ་ཡིན་པས་ནི་ཞེས་བྱ་བ་ལ་སོགས་པའི་བཤད་པས་ནི་ཐབས་མ ་ཡིན་པས་དིར་བ་སྟེ་ཞེས་བྱ་བ་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དུས་རིང་མོ་ཞིག་ནས་ཞེས་བྱ་བ་ལ་སོགས་པའི་བཤད་པས་དེ་ནི་ཐབས་མཁས་པ་ཡིས་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ།། །།ཉན་ཐོས་ལ་སོགས་པའི་གཉེན་པོ ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཉིད་ཡིན་པ་ནི་དེ་ལྟར་ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ན་ཉན་ཐོས་ལ་སོགས་པས་འོག་ནས་བཤད་པའི་རིམ་གྱིས་ཡུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་བར ་འགྱུར་བ་སྒྲུབ་པ་ཡིན་ཞིང་མི་འཐོབ་པ་ཡིན་པའི་ཕྱིར་ལོག་པར་གོམས་པ་ཡིན་པས་དེ་རྣམས་ཀྱི་གཉེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་འཕགས་པ་བྱམས་པས་མི་མཐུན་པའི་ཕྱོགས ་ཡིན་པར་གསུངས་སོ། །གཟུགས་སོགས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཟག་པ་དང་བཅས་པ་དང། འཕགས་པ་རྣམས ་ཀྱི་ཐག་པ་མེད་པ་དང་གཉི་གའི་ངོ་བོ་སྟེ། ཉོན་མོངས་པའི་ཕྱོགས་གཅིག་སྤངས་པའི་སོ་སོའི་སྐྱེ་བོ་འདོད་ཆགས་དང་བྲལ་བའི་ཚོགས་སོ། །གཟུགས་ལ་སོགས་པ་དུས་གསུམ་པའི་ཆོས་གང་ཡིན་པ་དེ་ཐམས་ཅད་ལ་དེའི་གཞུང་གིས་དངོས་པོར་མི་གྱུར ་པ་ལ་དངོས་པོར་དམིགས་པ་ཉིད་ཀྱིས་དོན་དམ་པར་ཡོད་པར་མངོན་པར་ཞེན་པས་གཟུགས་ལ་སོགས་པ་གང་ཡིན་པར་ཤེས་ལ། དེ་བས་ན་གཟུགས་ལ་སོགས་པའི་ཕུང་པོ་དེ་རྣམས་ཉིད་ལ་གཞན་གྱིས་ཀུན་བརྟགས་པའི་བདག་ལ་སོགས་པ་སྟོང་པ ་ཉིད་དུ་ལྟའོ། །སྦྱིན་པ་ལ་སོགས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དང། བྱང་ཆུབ་ཀྱི་ཕྱོགས་རྣམས་དང། བསམ་གཏན་བཞི་རྣམས་ཏེ། འདི་རྣམས་ལ་སྒྲུབ་པའི་འདུ་ཤེས་ཞེས་བྱ་བ་བདག་མེད་དོ་ཞེས་མངོན་པར་ཞེན་པ་ནི་ཉན་ཐོས ་ལ་སོགས་པ་དེ་རྣམས་ཀྱི་གཉེན་པོ་སྟེ་ལམ་ཡིན་ནོ། །ཅིའི་ཕྱིར་ཞེན་ཕྱིན་ཅི་ལོག་འབྱུང་བ་ཉིད་ཀྱིས་བདག་ལ་སོགས་པ་ལ་མངོན་པར་ཞུགས་པའི་སོ་སོའི་སྐྱེ་བོ་རྣམས་ལས་གོ་བཟློག་པར་ཞུགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བཤད་མ་ཐག་པའི ་ཉན་ཐོས་ལ་སོགས་པའི་གཉེན་པོའི་ཕྱོགས་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཕྱིན་ཅི་ལོག་པ་འབྱུང་བ་ཉིད་ཀྱིས་སྤང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའམ། གཟུགས་ལ་སོགས་པ་དེ་ཁོ་ན་ཉིད་དུ་མེད་པས ་སྟོང་པ་ཉིད་དུ་ལྟ་བ་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟློག་སྟེ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །མཐོང་བ་ལ་སོགས་པ་བཀག་པ་ཡིས་ཞེས་བྱ་བ་ནི ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟོགས་པར་བྱ་བ་ཉིད་ཡིན་པ་མདོ་ལས་བཀག་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རང་བཞིན་ཏེ་རྟོགས་པར་དཀའ་བ་ཉིད་ཡིན་ཏེ། འཇིག་རྟེན་པའི་ཚད་མས་རྟོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པར་སྤང ་པར་བྱ་བ་དང། བླང?་བར་བྱ་བ་མ་ལུས་པ་ལ་ཆགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གསུངས་པ་ཡིན་ཏེ། གཟུགས་ལ་སོགས་པའི ་ཆོས?་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་སྟོན་པ་ཡིན་ཏེ། སྒྲུབ་པ་ནི་གཟུགས་ལ་སོགས་པ་ལ་བདག་མེད་པར་སློབ་པ་ལ་རྩོམ་པའོ། །དེའི་ཡོངས་སུ་ཤེས་པ་ནི་ཉེ་བར་དམིགས་པའོ། །དེ་གསལ་བའི་སྒོ་ནས་ཞེས་བྱ་བ་ནི་གཟུགས་སུ་མ་ཡིན ་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་དུ་བཀག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་དང་དེ་ལ་སྦྱོར་བ་ནི་གཟུགས་ལ་སོགས་པ་ལ་མངོན་པར་མ་ཞེན་པས་བདག་མེད་པ་ལ་གོམས་པའི་མཚན་ཉིད་ཕུལ་དུ་བྱུང་བའི་སྦྱོར་བ་ནི་རྣམ་པ་བཅུ་སྟེ། གཟུགས་ལ ་སོགས་པ་ལ་ཡུལ་གྱི་དབྱེ་བ་རྣམ་པ་བཅུ་ཡིན་པ་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་ལ་རབ་ཏུ་བྱེད་པ་ལས་ཞེས་བྱ་བ་ནི་ལྷག་མ་སྟེ། སྦྱོར་བ་དགག་པ་ཞེས་བྱ་བའི་འགྲེལ་པ་ཡིན་ནོ། །གཟུགས་ལ་སོགས་པ་ཞེས་བྱ་བ་བཤད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་ཉིད་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་གོ་སླའོ། །མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་བརྟགས་པའི་ཕྱིར་དང། ཡོན་ཏན་གྱི་ཚོགས་དང་ལྡན་པ་ཉིད་དང་ཆོས་ཉིད་ཀྱི་ངོ་བོ་ཡིན་པས་སོ་སོར་མ་རྫོགས་པ་དང་རྫོགས་པ་ཉིད་དེ ་གཟུགས་ལ་སོཌ་པ་ཚང་བ་ཉིད་དང་མ་ཚང་བ་ཉིད་དོ། །ཆགས་པ་མེད་པ་ནི་གཟུགས་ལ་སོགས་པ་ལ་མ་ཞེན་པ་སྟེ། གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིའི་བཤད་པ་ཡིན་ནོ། །གཞན་དུ་མི་འགྱུར་བ་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡུམ ་ནི་འགྱུར་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ན་བྱེད་པ་པོ་མེད་པ་ཉིད་ཡིན་ཏེ། མི་འགྱུར་བྱེད་པོ་མེད་ཉིད་དང་ཞེས་བྱ་བ་པའི་བཤད་པ་ཡིན་ནོ། །གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ ་ནི་སྔ?་བཤད་པ་སྟེ། དེའི་བདག་ཉིད་ཅན་གྱི་ཆེད་དུ་བྱ་བ་དང་སྦྱོར་བ་དང་བྱེད་པ་གང་ཡིན་པ་ནི་སྔར་བཤད་པ་སྟེ། དེ་རྣམས་ཀྱི་དགའ་བ་ཉིད་ནི་རྣམ་པ་ཐམས་ཅད་དང་ལམ་དང་བཞི་རྣམས་དེ་ཁོ་ན་ཉིད་དུ་མེད་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད ་?་བྱིན་པ་ལ་སོགས་པ་ལ་འབད་པས་དེའི་བདག་ཉིད་ཅན་གྱི་ཆེད་དུ་བྱ་བ་ལ་སོགས་པས་ནི་སྒྲུབ་པར་དཀའ་བ་ཉིད་ཡིན་པས་སྦྱོར་བ་དཀའ་བ་རྣམ་པ་གསུམ་དང་ཞེས་བཤད་པ་ཡིན་ནོ། །བསྐལ་པ་ཅི་ལྟ་བ་བཞིན་དུ་འབྲས་བུ་འཐོབ་པས་མི་སྟོང་པ་ཉིད་དེ། ། ་བསྐལ་པ་དང་འཚམ་པ་ལས་མི་འདའ་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་འབྲས་བུ་འཐོབ་པ་དོན་ཡོད་པ་ཉིད་ཀྱིས་ན་བསྐལ་པ་ཇི་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི ་དམ་པར་འགྱུར་བས་མཆོག་གཞན་མེད་པའམ། ཡང་དག་པར་ན་དེ་ལས་གཞན་པ་མེད་པའི་ཕྱིར་བདག་མེད་པ་བསྒོམ་པའི་བདག་ཉིད་དོ། །དེ་ནི་བདག་ཉིད་བསྲུང་བ་ལ་སོགས་པའི་དོན་གྱི་རྒྱུར་གྱུར་པ་ཡིན་པས་ན་རྐྱེན་ཏོ། །ཡང་ན་གཞན་གྱི་རྐྱེན་གྱི་བདག་ཉིད ་གྱི་བསྲུང་བ་ལ་སོགས་པའི་ཕྱིར་དངོས་པོ་རྣམས་དངོས་པོ་མེད་པར་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེར་འགྲོ་བ་ནི་དེར་ཐོབ་པ་སྟེ། རང་ལས་གཞན་པའི་ནུས་པས་སམ། ཕྱི་རོལ་དུ་ལྟ་བའི་སྲུང་བ་ལ་སོགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་ལེགས་པ་མ་ཡིན་ཏེ། ་སེམས་ཀྱི་བགེགས་སེལ་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཡང་གང་འདི་རྒྱུ་བ་དང་ནི་མི་རྒྱུ་བ། །གང་ཡང་ནམ་མཁའ་ཨི་ངོ་བོར་ཡོངས་རྟོགས་པ། །དོན་དམ་མཐོང་བའི་བསྲུང་བ་དེ་ཉིད་ཡིན་། བསྲུང་པའི་གོ?་ཆ་གཞན་དག་འདིར་ཅི་དགས་ཞེས་གང་བཤད་པ ་ཡིན་ནོ། །རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉིད་ཡིན་པས་ན་ཡོངས་སུ་འགྱུར་པའོ། །སྔགས་དང་སྨན་གྱི་ཚོགས་པ་ཉིད་ཡིན་པས་ན་མཉམ་པར་སྦྱོར་པའོ། །མེད་པ་ཉིད་ཀྱིས་ན་འགལ་པའོ། །སྒྲ་ནི་རྐྱེན་ལས་རག་ལས་པས་ན་རྐྱེན་ཏོ། །ཤེས་བྱའི་ཚུལ་ལས་འདའ་པས? ་མི་འདའ་པའོ། །གཞི་མེད་པས་ན་རྟེན་མེད་པའོ། །རྒྱུ་དང་བྲལ་བས་ན་བྱེད་པ་པོ་མེད་པའོ། །འདི་རྣམས་སུ་སྣང་བ་ཞེས་བྱ་བ་གང་ཡིན་པ་ནི་ཡང་དག་པར་ན་རྣམ་པར་ཤེས་པ་ལ་སོགས་པ་ཡིན་པར་མི་འདོད་པས་དེ་ཡོངས་སུ་གྱུར་པ་ལ་སོགས་པ་ནི་ལོག་པར་སྣང་བ་ཡིན་ནོ ་ཞེས་བྱ་བའི་བར་དུའོ། །གང་དེའི་གཉེན་པོའི་ཤེས་པ་ཡིན་པ་ཉིད་ཀྱིས་ན་རྨི་ལམ་དང། སྒྱུ་མ་དང། སྨིག་སྒྱུ་དང། བྲག་ཆ་དང། མིག་ཡོར་དང། དྲི་ཟའི་གྲོང་ཁྱེར་དང། སྤྲུལ་པ་ལྟ་བུ་ཉིད་ཀྱིས་ན་གོ་རིམས་བཞིན་དུ་དངོས་པོ་རྣམས་ཤེས་པ་རྣམ་པ་བདུན་པོ་དེ་ལ ་ཤེས་བྱེད་རྣམ་བདུན་ཞེས་བྱ་སྟེ། བཤད་མ་ཐག་པར་གྲགས་པའི་རྨི་ལམ་ལ་སོགས་པའི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་དོན་ནི་འདི་ཡིན་ཏེ། དེ་ལ་རྣམ་པར་ཤེས་པ་ཡོངས་སུ་གྱུར་པ་ཉིད་ཀྱིས་ན་ཡོངས་སུ་གྱུར་པ་ཞེས་བྱ་སྟེ། དངོས་པོ་རྣམས་ནི་རྨི་ལམ་ལྟ་བུར ་ཤེས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བཀའ་འགྲེལ་ཉིད་ལས་གསལ་བ་ཡིན་ནོ། །ཉན་ཐོས་ལ་སོགས་པ་དེ་ལས་གོ་བཟློག་པའི་སྦྱོར་བ་རྣམ་པ་བཅུ་ནི་ཤུགས་ཀྱིས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྦྱོར་བའི་མཉམ་པ་ཉིད་མཉམ ་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ལ། གཟུགས་ལ་སོགས་པ་ལ་ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པའི་དོན་ནི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་ལ་མངོན་པར ་ཞེན་པ་ནི་མངོན་པར་ཆགས་པའོ། །གཟུགས་ལ་སོགས་པའི་ཐ་སྙད་དུ། བྱ?་བའི་རྒྱུ་མཚན་ཡིན་པའི་ཕྱིར། སྔོན་པོ་ལ་སོགས་པའི་མཚན་མའོ། །གཟུགས་རྣམ་གཉིས་དང་ཉི་ཤུའོ་ཞེས་བྱ་བ་ལ་སོགས་པ་ནི་སྤྲོས་པའོ། །རྡོད་ལ་སོགས་པའི་ཤེས་པ་རྟོགས་ ་པའོ། །འདི་རྣམས་ཀྱི་རློམ་པ་རྣམས་ནི་མངོན་པར་ཞེན་པ་ལ་སོགས་པ་ཡུལ་བཞིའི་དབྱེ་བས་ཤེས་པ་རྣམ་པ་བཞི་ཡིན་ནོ། །དེ་རྣམ་པ་ཐམས་ཅད་དུ་མི་དམིགས་པ་ནི་མ་མཐོང་བའོ། །སྦྱོར་བ་མཉམ་པ་ཉིད་ནི་སྦྱོར་བ་མཚུངས་པ་ཉིད ་དོ། །སྐྱོང་བ་མཉམ་པ་ཉིད་སོ་སོར་རྟོགས་ནས་ཞེས་བྱ་བ་ལ་སོགས་པ་ནི་སྡུག་བསྔལ་ལ་སོགས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལ་འཇུག་པ་ཡིན་ཏེ། ཆོས་ཤེས་རྗེས་སུ་ཤེས་བཟོད་དང། །ཤེས་པ་ཞེས་བྱ་བ་ནི་ཆོས་ཤེས་པ་དང། །རྗེས་སུ་ཤེས ་པའི་བཟོད་པ་དང་ཤེས་པ་དག་སྟེ། བཞི་བོ་དེ་དག་ནི་སྐད་ཅིག་མ་འབྱུང་བ་ཉིད་ཡིན་པས་སྐད་ཅིག་སྟེ། དེའི་བདག་ཉིད་ཅན་ནི་སྡུག་བསྔལ་ལ་སོཌ་པ་ཞེས་བྱ་བ་ཡིན་ནོ། །གཟུགས་རྟག་མ་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ལ་སོཌ ་པ་སྨོས་པ་ཡིན་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དུ་ན་གཟུང་ལ་སོགས་པའི་སྟོང་པ་ཉིད་ཡིན་པས་སོ། །གཟུགས་ལ་སོགས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པ་སྟེ། རྟག་པ་དང་མི་རྟག་པ་ཞེས་བྱ་བ་བརྟན་ཞིང་ཅིག་པ་དང་འཇིག་པའི་བདག ་ཉིད་ནི་དངོས་པོའི་ཆོས་ཡིན་ལ་དེ་དག་བྲལ་ཞིང་མེད་པས་ན་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། བསྟན་པ་དང་འཇིག་པ་ཡང་མ་ཡིན་པའོ། །དེ་བཞིན་དུ་སྡུག་བསྔལ་ནི་ཚོར་བ་ཡིད་དུ་མི་འོང་བའོ། །དེ་མེད་པ་ནི་སྡུག་བསྔལ་མ་ཡིན་པའོ། །དེ་དག ་དང་བྲལ་བ་ཉིད་ཀྱིས་ན་འཆིང་བ་དང་ཐར་པའི་རྟག་པ་དང་ཆད་པའི་མཛའ་དང་བྲལ་བའོ། །གཞན་གྱི་བདག་གི་དངོས་པོ་མེད་པ་ཡིས་སྟོང་པ་དང་དེ་མེད་པ་མི་སྟོང་པ་སྟེ། དེ་དང་བྲལ་པའི་ཕྱིར་རྣམ་པར་དག་པའོ། །རང་ཉིད་བདག་གི་ངོ་བོ་ཉིད་ཀྱིས་ན་བདག་ཡིན ་ལ?་དེ་མེད་པ་ནི་བདག་མེད་པ་སྟེ། དེ་དག་ཉིད་ཁོ་ནའི་ངོ་བོ་དེ་ལྟར་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །དེས་མ་སྐྱེས་པའི་ཕན་ཚུན་འགལ་བའི་ཚུལ་གཉིས་ཀྱིས་སྐྱེ་བ་མི་རིགས་པའི་ཕྱིར་དང། དེ་ལྟར་སྐྱེ་པ་མེད་པས་མ་འགགས་ཤིང་འཇིག་པ་མེད་པ་དང། ་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང། དེ་མེད་པས་རྣམ་པར་བྱང་བ་མ་ཡིན་པའོ། །སོགས་པའི་སྒྲས་ནི་ཉམས་པ་དང་འཕེལ་བར་རིགས་པ་མ་ཡིན་ནོ། །སྡུག་བསྔལ་གྱི་བྱེད་རྒྱུ་ནི་རྒྱུ་ཡིན་ལ་དེ་མེད་པས་རྒྱུ་མ་ཡིན་པའོ། །དེ་དག་ནི་གསོག་ཉིད ་ཡིན་པའི་ཕྱིར་ནམ་མཁའ་དང་འདྲ་བའོ། །ཚེ་འདིའི་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་བ་ཡིན་ལ་དེ་མེད་པ་ནི་ཀུན་འབྱུང་བ་མེད་པ་སྟེ། དེ་དང་མི་ལྡན་པའི་ཕྱིར་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་ཁྲོལ་དང་ཁོན་དུ་འཛིན་པ་ལ་སོཌ ་པ་སྟེ་དེ་དག་སྤངས་བའོ། །ཚེ་འདི་དང་ཡུན་རིང་པོའི་སྡུག་བསྔལ་གྱི་རྒྱུ་ནི་རབ་ཏུ་སྐྱེ་བ་ཡིན་ལ་དེ་མེད་པ་ནི་རབ་ཏུ་སྐྱེ་བ་མེད་པས་ཀུན་ནས་ཉོན་མོངས་པའི་ཕྱིར་ཡོངས་སུ་འཛིན་པ་ལས་གྲོལ་བ་སྟེ། ཀུན་ཏུ་ཆགས་པས་སྟོང་པའོ། །སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་བའི ་རྒྱུན་རྐྱེན་ཡིན་ལ་དེ་མེད་པ་ནི་རྐྱེན་མ་ཡིན་པའོ། །དེ་དག་ལས་རྣམ་པར་གྲོལ་བ་ཡིན་པའི་ཕྱིར་རང་གི་ངོ་བོ་ཞེས་པའི་ངོ་བོས་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ན་འགོག་པ ་ཡིན་ལ་དེ་མེད་པ་ནི་འགོག་པ་མེད་པའོ། །གང་གི་ཕྱིར་ཡང་དག་པར་ནི་དེ་དག་དང་མ་བྲེལ་པ་དེའི་ཕྱིར་འགོག་པའི་བདེན་པའི་དོན་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཚིག་ཏུ་བརྗོད་པས་ཞེས་བྱ་བའི་ཚིག་གིས་བསྟན་པས་རྒྱུ་གཞན་དག་ལ་སྦྱིན་དུ་མེད་པ ་ཡིན་ཏེ། སྟོང་པ་ཡིན་པའི་ཕྱིར་སྦྱིན་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་མི་འབྱུང་བ་ཉིད་ཀྱིས་ན་ཞི་བ་ཡིན་ལ་དེ་མེད་པ་ནི་མ་ཞི་བའོ། །འདི་དག་ནི་ཡང་དག་པར་ན་མེད་པ་ཡིན་པའི་ཕྱིར་དམིགས་པ་མེད་པར་བྱེད་པ་སྟེ། མི་དམིགས་པར་ཤེས་པའོ། །བདེ་བ ་དང་གཙང་བས་དབེན་པ་ཉིད་ཀྱིས་ན་གྱ་ནོམ་བ་ཡིན་ལ་དེ་མེད་པས་གྱ་ནོམ་པ་མ་ཡིན་པའོ། །དེ་དག་དང་བྲལ་པའི་ཕྱིར་མཛའ་གཉིས་ལས་འདས་པས་རྣམ་པར་དག་པ་ཞེས་བྱ་སྟེ། ཆེད་པ་དང་རྟག་པའི་མཛའ་མེད་པའི་དྲི་མ་མེད་པར། །མྱ་ངན་ལས་འདས་པ་ནི་ངེས་པར ་འབྱུང་བ་ཡིན་ལ་དེ་མེད་པ་ནི་ངེས་པར་འབྱུང་བ་མེད་པའོ། །དེ་དག་མེད་པའི་ཕྱིར་ནད་ཐམས་ཅད་ནི་སྐྱེ་བ་ཞེས་བྱ་སྟེ། ཕྱི་ནང་གི་མུ་སྟེགས་པའི་བལྟ་བ་འཇིག་པ་སྟེ་གནས་མེད་པ་ཡིན་པའི་ཕྱིར་རོ། །ཐར་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི ་དོན?་གྱིས་ན་ལམ་ཡིན་ལ་དེ་མེད་པས་ལམ་མ་ཡིན་པའོ། །དེ་དག་དང་བྲལ་བ་ཡིན་པའི་ཕྱིར་ངན་སོང་ཆད་པའོ། །ཉོན་མོངས་པ་མ་ལུས་པའི་གཉེན་པའི་ཕྱོགས་སུ་གྱུར་པས་ན་རིགས་པ་ཡིན་ལ་དེ་མེད་པ་ནི་རིགས་པ་མ་ཡིན་པ་སྟེ། དེ་དག་དང་མ་འདྲེས ་པའི་ཕྱིར་རོ། །འབྲས་བུ་ནི་འཚང་རྒྱ་བ་ཉིད་ཡིན་ལ་དེ་མངོན་སུམ་དུ་བྱ་བ་ནི་མངོན་དུ་བྱ་བའོ། །དེའི་དོན་གྱི་ཐབས་གང་ཡིན་ཞེ་ན། རྣམ་པར་མི་རྟོག་པ་ཉིད་དེ། ཐམས་ཅད་དུ་མངོན་པར་ཞེན་པ་མེད་པའོ། །སེམས་བྱིན་ཅི་མ་ལོག་པ་སྟོན་པའི་དོན་ཀྱིས་མ་སྒྲུབ ་པ་ཡིན་པ་དེ་མེད་པ་ནི་བསྒྲུབ་པ་མ་ཡིན་པའོ། །དེ་དག་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་གཟུགས?་ལ་སོགས་པའི་ཆོས་ཐམས་ཅད་མཚན་མ་སྔོན་པོ་ལ་སོགས་པས་ཐ་སྙད་དུ་བྱ་བའི་རྒྱུ་བ་དང་མ་འབྲེལ་ཅིང་མ་འདྲེས་པའི་ཆོས་ཉིད་ཀྱི་གནས་སྐབས་སོ་ཞེས་བྱ་བའི་བར ་དུའོ?། །མངོན་པར་ཞེན་པ་མེད་པའི་རྟག་པའི་གནས་སུ་འགྲོ་བས་ན་ངེས་པར་འབྱིན་པ་ཡིན་ལ་དེ་མེད་པ་ནི་ངེས་པར་འབྱིན་པ་མ་ཡིན་ཏེ། དེ་དག་མེད་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཡིན་པའི་ཕྱིར་བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པའི་ངོ་བོའི་མཚན་ཉིད་ཤེས་བྱ་བར?་? ་གཉིས་ལ་ཤེས་པ་སྐྱེ་བ་མེད་པ་ཞེས་བྱ་བ་ནི་ཡང་དག་པར་ན་བརྗོད་པར་བྱ་བ་དང། བརྗོད་པར་བྱེད་པ་དག་མེད་པས་དེ་དག་གི་ཤེས་པའི་ཡུལ་མ་ཡིན་པ་ཉིད་དེ་ཆོས་ཀྱི་དབྱིངས་ཉིད་ཀྱིས་གནས་སོ་ཞེས་བྱ་བའི་བར་དུའོ། །འདིས་ནི་སྡུག་བསྔལ་ལ་སོགས་པའི ་བདེན་པ་བཞི་རྣམས་ཀྱི་རྣམ་པ་བཅུ་དྲུག་སྔར་བཤད་པ་དེ་རྣམས་ཀྱི་ནང་ནས་བདེན་པ་རེ་རེ་ཞིང་རྣམ་པ་གཉིས་གཉིས་ཀྱིས་ཆོས་གང་ཡིན་པ་དང། རྗེས་སུ་ཤེས་པ་གང་ཡིན་པ་ཀུན་རྫོབ་ཀྱི་བདེན་པར་བརྗོད་པ་ཡིན་ལ་དེ་ནི་ཤེས་པ་གཉིས་གཉིས་སུ་ལྟ་བར་བྱའོ། །དེ་ལ་རྟག ་པར་མི་རྟག་པ་དང་སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པ་དག་མི་དམིགས་པའི་ཆོས་ཤེས་པ་དང་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་བཞིན་བདག་དང། བདག་མེད་པ་དང་སྟོང་པ་དང། མི་སྟོང་པ་མི་དམིགས་བདག་གི་རྗེས་སུ་ཤེས་པ་གང་ཡིན་པ་དེ་དག་ནི་རྗེས་སུ་ཆོས ་ཤེས་རབ་བཟོད་པ་དང་རྗེས་སུ་ཆོས་ཤེས་པ་ཡིན་ནོ། །དེ་བཞིན་དུ་ཀུན་འབྱུང་བ་ལ་སོགས་པ་རེ་རེ་ཞིང་ཡང་ཤེས་པ་བཞི་བཞི་དང་སྦྱར་བས་ཤེས་པ་བཅུ་དྲུག་ཡིན་ནོ། །གཞན་དག་ན་རེ་ཤེས་པ་འདི་རྣམས་ཀྱང་རྟག་པ་དང་མི་རྟག་པ་ལ་སོགས་པ་མི་དམིགས་པའི་རྣམ ་པར་བདེན་པ་བཞིའི་ཡུལ་ལ་སྐྱེ་བའི་ཤུགས་ཀྱིས་རྟག་པ་དང་མི་རྟག་པ་ལ་སོགས་པའི་རྣམ་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་འདོད་དོ། །ཉན་ཐོས་ལ་སོགས་པའི་ཕྱོགས་ལྟར་ན་ནི་རྟག་པ་དང་སྡུག་བསྔལ་བ་དག་གི་ཆོས་གང་ཡིན་པ་དེ་དག་གི་ཤེས་པ་གང་ཡིན ་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང། སྡུག་བསྔལ་ལ་ཆོས་ཤེས་པ་ཡིན་ལ་སྟོང་པ་དང་བདག་མེད་པའི་རྗེས་གང་ཡིན་པ་དེ་དག་གི་ཤེས་པ་གང་དགུ་ཡིན་པ་དེ་དག་ནི་རྗེས་སུ་ཆོས་ཤེས་པའི་བཟོད་པ་དང། རྗེས་སུ་ཆོས་ཤེས་པའི་ཡིན་ནོ། །དེ་བཞིན་དུ ་ཀུན་འབྱུང་བ་ལ་སོགས་པ་རེ་རེ་ལ་ཡང་ཤེས་པ་བཞིར་སྦྱར་བས་ཤེས་པ་བཅུག་ཡིན་ནོ། གཞན་དག་ན་རེ་འདིར་ཡང་མི་རྟག་པའི་རྣམ་པ་བདེན་པ་བཞིའི་ཡུལ་ལ་སྐྱེ་བོའི་དོན་གྱི་ཤུགས་ཀྱིས་ཤེས་པ་རྣམས་ཀྱང་བདེན་པ་བཞིའི་རྣམ་པར་ཤེས་པ་བྱའོ་ཞེས་ཟེར་རོ། །དེ ་ནི་དེ་ལྟ་བུའི་རྣམ་པ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འཕགས་པ་བྱམས་པ་དང་སེང་གེ་བཟང་བའོ་ཞལ་སྔ་ནས་དག་གིས་ཡུམ་གསུམ་ཅར?་ཤེས་པ་དང་རྣམ་པ་མ་བསྟན་ན་ཡང་བདག་གིས་མ་བསྟན་པ་ནི་དོན་གྱི་ཤུགས་ཀྱིས་འོངས?་པ་ཡང་དོན་ཡིན་ནོ ་ཞེས་བྱ་བའི་ཚུལ་གྱིས་སོ། །ཤེས་པ་ཡང་ཡུལ་གྱི་རྣམ་པ་ཅན་ཉིད?་ཡིན་པའི་ཕྱིར་ཡུལ་ཡོད་པ་དང་ཤེས་པར་སྨྲ་བ་རྣམས་ཀྱི་ཚད་མ་ཡིན་པས་ཉེས་པ་མེད་དོ། །ལམ་ཤེས་པ་ཉིད་ལ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་ཉན་ཐོས་དང་བྱང་ཆུབ ་སེམས་དཔའ་དག་གི་བསྒོམ་པའི་ལམ་སོ་སོར་མེད་ཅེ་ན། ཀུན་ཤེས་པ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཤེས་པས་མཐོང་ནས ་འདའ་བར་བྱའོ་ཞེས་གསུངས་པས་མངོན་སུམ་དུ་བྱ་བ་མ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བསྒོཾ་པའི་ལམ་མ་བསྟན་ལ། ཉན་ཐོས་ལ་སོགས་པ་ནི་ཇི་ལྟར་ཡོངས་སུ་མཐོང་བའི་དོན་ཉིད་ཡང་དང་ཡང་དུ་མངོན་དུ་བྱ་བ་ནི་བསྒོམ་པའི་ལམ་ཡིན་པས་རྟོགས་སླ་པའི ་ཕྱིར་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱང་སྔར་བཤད་པ་ཉིད་ཡིན་རེ་ཤེས་པར་བྱའོ། །ཉན་ཐོས་ལ་སོགས་པའི་ནི་མི་རྟག་པ་ལ་སོགས་པས་རྣམས་པས་བདན་པ་བཞིལ་དམིགས་པ་ན་ཟག་པ་དང་བཅས ་པའི་བསྒོམ་པའི་རང་བཞིན་གྱི་དྲི་བ་ལ་སོགས་པ་ནི་གསལ་བ་ཉིད་ཡིན་པའི་ཕྱིར་མ་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རྒྱས་པར་བསྟན་ནས་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་རྟོགས་པ་བརྒྱད་ཀྱི་མཚན་ཉིད་ཀྱི་དོན་གང་ཡིན་པ་དེ་མཛའ་དག་སྡུད་པར་བྱེད་པ ་ཡིན་པས་གཙོ་བོ་ཡིན་པ་ཉིད་ཀྱིས་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་མཇུག་བསྡུ་བར་གསུངས་པ་ཡིན་ཏེ་ཞེས་བྱ་བ་རྒྱལ་པའི་ཡུམ་ལས་བཤད་དོ་ཞེས་བྱ་བའོ། །ལམ་ཤེས་པ་ཉིད་དུ་ཉན་ཐོས་ལ་སོགས་པའི་ལམ་བརྗོད་པས་ཐམས་ཅད་ཤེས་པ་ཉིད ་བཤད་པ་མ་ཡིན་ནམ། ཅིའི་ཕྱིར་ཡང་ཐམས་ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་བསྟན་ཅེ་ན། བརྗོད་པར་བྱ་སྟེ། དེར་ནི་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར ་བྱ། །ཞེས་བྱ་བས་མི་དམིགས་པར་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཉན་ཐོས་ལ་སོགས་པའི་ལམ་བྱང་ཆུབ་སེམས་དཔས་བསྒོམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་མི་རྟག་པ་ལ་སོགས་པའི་རྣམ་པས་ཟློག་པའི་སྒོ་ནས་འཕངས་པའི་བཞི་མ་ལུས ་པ?། ཡོངས་སུ་ཤེས་པར་བྱ་བའི་དོན་དུ་ཐམས་ཅད་ཤེས་པ་ཉིད་ལོགས་ཤིག་ཏུ་སྨོས་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང?་རྟོགས་དཀའ་བའི་སྣང ་?་དཀའ་འགྲེལ་དྷརྨ་ཀཱིརྟིས་བྱས་བ་ལས་སྐབས་གསུམ་པའི་བཤད་པའོ།། །།ཐམས་ཅད་མཁྱེན་པ་ཉིད་གསུམ་ཞེས་བྱ་བ་ལ་སོགས་པས་འབྲེལ་པ་བརྗོད་ནས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་མཛད་ནས་གཞི་དང་ཞེས་བྱ་བ་ལ ་སོགས་པ་གསུངས་པ་དེ་སྐད་གསུམ་དུ་གསུངས་པའི་གཉེན་པོ་མ་ལུས་པ་ནི་གཞི་སྟེ། དེ་རྣམས་ཀྱི་ཡེ་ཤེས་ཀྱི་རྣམ་པ་ནི་དེ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ། །དེ་རྣམས་ཀྱི་རྣམ་པ་གང་ཡིན་པ་ནི་སྣང་པའོ། །ཀུན་མཁྱེན་ཉིད་ནི་རྣམ་པ་ཐམས ་ཅད་དང་ལམ་དང་གཞི་སྐྱེ་བ་མེད་པར་མཁྱེན་པས་ཡེ་ཤེས་ནི་རྣམ་པ་གསུམ་ཡོད་པས་དེ་ནི་རྣམ་པ་གསུམ་པོ་ཉིད་ཡིན་ལ། དེ་ལྟར་ཅི་རིགས་པའི་མཚན་ཉིད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱིར?་མཚན་ཉིད་ཡིན་པར་འདོད་པར་ཤེས་པར་བྱའོ།། ་ཚིག་ལེའུར་བྱས་པའི་དོན་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟག་པ་ལ་སོགས་པར་འཛིན་པ་ནི་རྟག་པ་དང་སྡུག་བསྔལ་མ་ཡིན་པ་ལ་སོགས་པར་མངོན་པར་ཞེན་པའོ། །དེ་ཉིད་ནི་སྤང་བར་བྱ་བ་ཡིན་པས་ན་མི་མཐུན་པའི་ཕྱོགས་སོ། །དེའི་གཉེན ་པོ་ནི་མི་རྟག་པ་ལ་སོགས་པའོ། །དེའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ནི་ཤེས་པར་སྣང་བ་སྟེ་དེ་རྣམས་ཀྱིའོ། །དེ་ནི་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་རྣམ་པ་རྣམས་ཞེས་སྨོས་པ་ཡིན་ཏེ། མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་ཁྱད་པར ་ལ་རྣམ་པ་ཉིད་དུ་རྣམ་པར་བཞག་པ་ནི་རྣམ་པ་ཡིན་ནོ་ཞེས་ངེས་པར་བྱས་པའོ། །མཚན་ཉིད་ནི་སྦྱིར་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པས་དམིགས་པའི་མཚན་མའོ། །དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་འདིས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི ་གཞིའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་ན་སྔར་སྨྲས་པའི་རྣམ་པ་རྣམས་གཞི་མེད་པའི་རྣམ་པ་ཡིན་པར་ཉེས་པ་བསལ་པ་ཡིན་ནོ། །སྤྱིར་ཞེས་བྱ་བས་རྣམ་པ་རྣམས་ལ་དབྱེ་བ་མ་བརྗོད་པར་རྣམ་པ་གསུམ་བསྟན་ནས་ད་ནི་ཁྱད་པར་སྟེ། འཕགས ་པའི་འདི་ནང་བཞི་ལ་བརྟེན་པའི་དབྱེ་བས་མེད་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མེད་པའི་རྣམ་པ་ནས་བཟུང་སྟེ་ཞེས་བྱ་བ་ནི་མེད་པ་དང་མི་སྐྱེ་བའི་རྣམ་པར་ནས་གཟུང་སྟེ། མི་གཡོ་བའི་རྣམ་པའི་མཐར་ཐུག་པའི་བར་གྱིས་སོ། །བརྩི་བ་ནི་བདེན་པ ་སོ་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བདེན་སོ་སོ་ལ་ལ་བ་ཞི་དང་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་ལ་བཞི་བཞི་སྟེ་བཅུ་གཉིས་སོ། །ལམ་གྱི་བདེན་པ་ལ་ནི་བཅོ་ལྔར་ཞེས་བྱ་བ་དེ་དག་ནི་རྣམ་པ་ཞེས་བྱ་བ་ཡིན་པར་བཤད་དོ། །དེ ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་སྨོས་པ་ཡིན་ཏེ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་འདིར་སོར་བསྒོམ་པར་འདོད་པས་ཐམས་ཅད་ཤེས་པ་ཉིད་ཀྱི་གནས་སྐབས ་ཡིན་པའི་ཕྱིར་རོ། །མེད་པ་ནི་ནམ་མཁའ་དང་མཉམ་པའི་རྟག་པའི་ཚུལ་གྱིས་མེད་པའོ། །མི་སྐྱེ་པ་ནི་ཡང་དག་པར་སྐྱེ་བ་མེད་པའོ། །དབེན་པ་ནི་ཡོན་ཏན་སྐྱེད་པར་བྱེད་པ་ཉིད་ཀྱིས་ན་བདག་སྟོང་པ་ཉིད་དོ། །མི་རྫི་བ་ནི་བདག་མེད་པ་ཉིད་ཀྱིས་མ་སྟེགས་པ་རྣམས་ཀྱིས ་འཁྲུག་པར་མི་ནུས་པ་སྟེ་སྡུག་བསྔལ་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པའི་མཚན་ཉིད་དོ། །ཡང་དག་པར་ན་མིང་དང་གཟུགས་ཀྱི་ཕུང་པོ་སྐྱེ་བར་བྱེད་པ་མེད་པའི་དོན་གྱིས་ན་གནས་མེད་པའོ། །ནམ་མཁའ་ནི་དངོས་པོ་མེད་པའོ། །ཡང་དག་པར་ན་ཆིག་ཏུ་བརྗོད་དུ ་མེད་པ་ནི་བརྗོད་དུ་མེད་པའོ། །གཟུགས་ཅན་མ་ཡིན་པའི་ཕུང་པོ་མེད་པ་ནི་མིང་མེད་པ་སྟེ། ཀུན་འབྱུང་གི་རྒྱུ་དང། ཀུན་འབྱུང་བ་དང། རབ་ཏུ་སྐྱེ་བ་དང། རྐྱེན་གྱི་མཚན་ཉིད་དོ། །འགྲོ་བ་མེད་པ་ནི་ཡང་དག་པ་ཉིད་དུ་འགྲོ་བ་མེད་པའོ། །མི་འཕྲོགས་པ་ནི ་བཟོད་མ་ནས་ཞི་བ་ཉིད་ཀྱིས་ན་ཡུལ་མེད་པའོ། །མི་ཟད་པ་ནི་ཟད་པ་མེད་པའོ། །སྐྱེ་བ་མེད་པ་ནི་མ་སྐྱེས་པ་སྟེ་འགོག་པའི་འགོག་པ་དང། ཞིང་དང་གྱ་ནོམ་པ་དང། ངེས་པར་འབྱུང་བའི་མཚན་ཉིད་དོ། །དེ་ལྟར་ན་མེད་པ་ལ་སོགས་པ་རྣམ་པ་བཅུ་གཉིས་པོ་འདི་དག་ནི་གོ ་རིམས་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་གསུམ་གྱི་མི་རྟག་པ་ལ་སོགས་པའི་མཚན་ཉིད་དག་ཡིན་པར་བཤད་པར་བྱའོ། །ད་ནི་ལམ་གྱི་བདེན་པ་རྣམ་པ་གསུམ་ཉོན་མོངས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་སྟེ། ཉོན་མོངས་པ་ཉིད་ནི་རྩིག ་པ་ལ་སོགས་པ་དང་འདྲ་བར་བསྒྲིབ་པ་ཡིན་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་གེགས་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་དང་པོ་ཉན་ཐོས་རྣམས་ཀྱི་ཟག་པ་མེད་པའི་ལམ་ལ་ཡང་དག་པ་ཉིད་དུ་ན་བྱེད་པ་པོ་དམིགས་སུ ་མེད་པས་ན་བྱེད་པ་པོ་མེད་པའོ། །བདག་ཉིད་མེད་པས་ཤེས་པ་པོ་མེད་པའོ། །ཡང་དག་པར་ན་འཕོ་བ་མེད་པས་ན་འཕོ་བ་མེད་པའོ། །ཉོན་མོངས་པ་འདུལ་བ་མེད་པས་འདུལ་བ་མེད་པའོ། །དེ་ལྟར་ན་རྣམ་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ལམ་ལ་སོགས་པའི་མཚན ་ཉིད་ཡིན་ཏེ། ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་པར་འབྱིན་པའི་བདག་ཉིད་དོ། །གཉིས་པ་ནི་རང་སངས་རྒྱས་རྣམས་ཀྱི་ལམ་ཟག་པ་དང་བཅས་པ་སྟེ། རབ་ཏུ་གཉིད་ཀྱི་ལོག་པའི་གནས་སྐབས་ཀྱི་ཤེས་པ་ནི་རྨི་ལམ་མོ། །བྲག་ཆ་ནི་སྒྲ་བརྙན་ནོ། །ཟླ་བ་གཉིས་པ ་ལ་སོགས་པའི་སྣང་བ་ནི་མིག་ཡོ་རོ། །སྨིག་རྒྱུ་ནི་མྱ་ངམ་གྱི་སྨིག་རྒྱུའོ། །མིག་འཕྲུལ་ནི་སྒྱུ་མའོ། །དེ་ལྟར་ན་རྣམ་པ་ལྔ་ལྔ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པ་ཉིད་དུ་ན་སྐྱེ་བར་མི་རིགས་པ་ཉིད་དོ། །ཞེས་པ་ལྟ་བར་བྱའོ། །སྦྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར ་གྱུར་བདག་ཡིན་ནོ། ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པའོ། །གསུམ་པ་ནི་རང་སངས་རྒྱས་རྣམས་ནི་ལམ་ལ་འདོད་ཆགས་ལ་སོགས་པ་མེད་པས་ན་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་མེད་པ་ནི་ ་རྣམ་པར་བྱང་བ་མེད་པའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་མ་གོས་པས་ན་གོས་པ་མེད་པའོ། །གཟུགས་ལ་སོགས་པའི་སྤྲོས་པ་མེད་པ་ནི་སྤྲོས་པ་མེད་པའོ། །མངོན་པར་ཞེན་པ་མེད་པ་ནི་རློམ་པ་མེད་པའོ། །ཆོས་ཀྱི་དབྱིངས་ལྟར ་བསྟན་པས་ན་མི་གཡོ་བ་སྟེ། འདི་དག་རྣམ་པ་རྣམས་ཡིན་ནོ། །ཀུན་ནས་ཉོན་མོངས་བ་ནི་འདོད་ཆགས་ལ་སོགས་པའོ། །རྣམ་པར་བྱང་བ་མ་ཡིན་པ་ནི་མྱ་ངན་ལས་འདས་པ་མ་ཡིན་པའོ། །ཉོན་མོངས་པའི་བག་ཆགས་ནི་འདོད་ཆགས་ལ་སོགས་པའི་རྒྱུན་ནམ་མེད ་པའི་རྣམ་པ་ཉེ་བར་མཐོང་བར་ནུས་པའི་ཉོན་མོངས་པའི་བག་ཆགས་རྣམས་སོ། །གཟུགས་ལ་སོགས་པའི་སྤྲོས་པ་ནི་གཟུགས་དང་ཚོར་བ་ལ་སོགས་པའི་བར་དུ་དབྱེ་བའོ། །རང་གི་རྟོགས་པ་ནི་འཛིན་པའི་ཤེས་པ་ལ་ཉེ་བར་དམིགས་པའོ། །ཡོངས་སུ་ཉམས་པ་ནི་ཉོན་མོངས་པ ་འཇོམས?་པ་སྟེ། མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པ་འདི་རྣམས་ཀྱི་སོ་སོར་ངེས་པའི་གཉེན་པོར་གྱུར་པ་དག་ཡིན་ནོ་ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཤེས་བྱའི་སྒྲིབ་པ་གང་ཡིན་པ་དེ་རྣམས་ཀྱི་དྲུག་པོ་དག་ཉིད་ཡིན་ནོ། ། ་རྒྱུ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་བཤད་པར་འདོད་ནས། གནས་སྐབས་ལ་བདེན་པ་རྣམས་ཀྱི་སོ་སོར་སྨོས་པའི་རྒྱུ་མཚན་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏོ། ཀུན་ནས་ཉོན་མོངས་པ་དང་ཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཡུལ་གྱི་དབྱེ་བས་སོ། །གྲངས་བཞིན་དུ་རྣམ་པ་བརྒྱད་དང་ཞེས་བྱ་བ་ལ་སོགས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཀུན་འབྱུང་དང་ལམ་དག་ལ་རྣམ་པ་བརྒྱད་དང་བདུན་རྣམས་སོ། །སྡུག་བསྔལ་དང་འགོག? ་པ་ལ་རྣམ་པ་ལྔ་དང་བཅུ་དྲུག་ཏུ་ཤེས་པར་བྱའོ། །དེ་ལ་ཀུན་འབྱུང་གི་བདེན་པར་རྟོགས་པ་བརྒྱད་ནི་འདོད་ཆགས་དང་བྲལ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡུལ་ལ་རྒྱབ་གྱི་ཕྱོགས་པ་ནི་འདོད་ཆགས་དང་བྲལ་བའོ། །མངོན་པར་ཞེན་པ་མེད་པ་ནི ་མི་གནས་པའོ། །ཉེས་པ་ཉེ་བར་ཞི་བ་ནི་ཞི་བའོ། །འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་མེད་པའོ། །ཞེ་སྡང་དང་བྲལ་བ་ནི་ཞེ་སྡང་མེད་པའོ། །ཡང་དག་པའི་ཡེ་ཤེས་ནི་གཏི་མུག་མེད་པའོ། །ཉོན་མོངས་པ་དང་བྲལ་བ་ནི་ཉོན་མོངས་པ་མེད་པའོ། །སེམས་ཅན་མེད་པ ་ན་སེམས་ཅན་མེད་པ་སྟེ། རྣམ་པ་འདི་དག་ནི་གོ་རིམ་བཞིན་དུ་འདི་རྣམས་གང་དག་གི་གཉེན་པོ་ཡིན་ཞེ་ན། མི་མཐུན་པའི་ཕྱོགས་ནི་ཀུན་འབྱུང་གི་བདེན་པའི་རྒྱུ་དང། ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་ཏེ་རྣམ་པ་བཞི་སྨོས་ཡིན་ལ། དེ་ལ་རྒྱུ་གང་ཡིན་པ་དེ་ནི ་སྔོན་དང་ཕྱི?་མའི་རྒྱུ་དང་འབྲས་བུ་དང་བསྐྱེད་པའི་དབྱེ་བས་རྣམ་པ་གསུམ་ཡིན་ལ། དེ་ནི་འདུན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདུན་པ་ནི་ཡུལ་ཐམས་ཅད་མངོན་པར་འདོད་པའོ། །དེ་སྔོན་དུ་འགྲོ་བའི་མངོན་པར་ཞེན་པ་ནི་འདོད་ཆགས་ཏེ། འདོད་ཆགས ་ལས་ནི་དགའ་བ་སྟེ། ལྷར་འགྱུར་པའམ་མི་འགྱུར་པར་བྱའོ་ཞེས་སྲིད་པ་ལ་མངོན་པར་དགའ་བར་བྱེད་པའོ། །མི་མཐུན་པའི་ཕྱོགས་འདི་རྣམས་ཀྱི་གཉེན་པོ་ནི་འདོད་ཆགས་དང་བྲལ་བ་དང། མི་གནས་པ་དང་ཞི་བའི་རྣམ་པ་སྟེ་གསུམ་ཡིན་ནོ། །ཀུན་འབྱུང་བ་གང་ཡིན་པ ་དེ་ཡང་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གོ། འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་འདི་རྣམས་ཀྱི་གཉེན་པ་ནི། འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའོ། །རབ་ཏུ་སྐྱེ་བ་གང་ཡིན་པ་དེ་ནི་ཀུན་ཏུ་རྟག་པ་སྟེ། མི ་མཐུན་པའི་ཕྱོགས་མ་ལུས་པའི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་ཉོན་མོངས་པ་མེད་པ་སྟེ་ཉོན་མོངས་པ་ལྡོག་པ་ལས། རྣམ་པར་རྟོག་པ་ཐམས་ཅད་ལྡོག་པ་ཡིན་པའི་ཕྱིར་རོ། །རྐྱེན་གང་ཡིན་པ་དེ་ནི་སེམས་ཅན་དུ་མོལ་པར་ཞེན་པ་སྟེ། དེའི་རྣམ ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་གཉེན་པོ་ནི་སེམས་ཅན་མེད་པ་སྟེ། སེམས་ཅན་མེད་པར་ཤེས་པ་ལས་དེའི་མངོན་པར་ཞེན་པ་ལྡོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་རྣམས་ཀྱི་གཉེན་པོར་གྱུར་པ་སྟེ། འདུན་པ་དང་འདོད་ཆགས་སོགས་པ་མི་མཐུན ་པར་གྱུར་པའི་ངོ་བོ་གསུམ་དང་གསུམ་དང་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་པ་ལ་སོགས་པ་དང། འདོད་ཆགས་མེད་པ་ལ་སོགས་པ་དང་གཅིག་དན་གཅིག་སྟེ་ཞེས་བྱ་བ་ཉོན་མོངས་པ་མེད་པ་དང་སེམས་ཅན་མེད་པ་སྟེ། བརྒྱད ་དང་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་རྣམ་པ་བརྒྱད་ཡིན་ནོ་ཞེས་བྱ་བར་བསྒྲགས་སོ། །ལམ་གྱི་རྣམ་པ་བདུན་ནི་ཚད་མེད་པ་དང། ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟོག་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ན་ཚད་མེད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ ་གཉིས་སྤངས་པས་ན་མཛའ་གཉིས་དང་མ་འབྲེལ་པ་སྟེ་མ་དམིགས་སོ། །ཆོས་ཀྱི་དབྱིངས་དང་འདྲ་པ་དབྱེར་མེད་པ་ཉིད་ཡིན་པས་ན་ཐ་མི་དད་པའོ། །ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་དང་མ་འདྲེས་པས་མཆོག་ཏུ་འཛིན་པ་མེད་པའོ། །རྣམ་པར་རྟོག་པ་ཐམས་ཅད་ནི ་སྟོང་པ་ཉིད་ཡིན་པར་མཚུངས་པ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ཤེས་པར་བྱ་བ་མེད་པས་ན་དཔག་ཏུ་མེད་པའོ། །ཆོས་ཐམས་ཅད་ལ་ཞེན་པ་མེད་པའི་ཕྱིར་ཆགས་པ་མེད་པ་སྟེ། རྣམ་པ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་གང་སེམས་ཅན་ཐམས་ཅད་ལ་གོ ་སྐབས་འབྱེད་པ་ནི་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ཕྱིར་ལམ་ནི་ཐར་པའི་གྲོང་ཁྱེར་ཐོབ་པར་བྱེད་པའོ། །ཇི་ལྟར་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་ཇི་ལྟར་སྨོས་པ་ལ་སོགས་པས་སོ། །རིགས་པ་གང་ཡིན་པ་དང་ཇི་ལྟར་རིགས་པ་ཡིན་པ་ནི་ཡང ་དག་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པ་དང་ཉོན་མོངས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །སྒྲུབ་པ་གང་ཡིན་པ་དང་ཇི་ལྟར་བསྒྲུབ་པ་ཡིན་པ་ནི་སེམས་བསྐྱེད་པ་ལ་སོགས་པའི་གཉེན་པོ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ཉིད་དང། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ ་ངེས་པར་འབྱུང་བ་གང་ཡིན་པ་ནི་མྱ་ངན་ལས་འདས་པའོ། །དེ་དག་ནི་དེ་རྣམས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པའི་རྣམ་པ་ནི་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མེད་པའི་དོན་ནི་མི་རྟག་པའི་དོན་ཡིན་ནོ་ཞེས་གསུངས ་པའི་ཕྱིར་མེད་པས་ན་མི་རྟག་པའོ། །འདུ་བྱེད་ཉིད་ཡིན་པས་ན་སྡུག་བསྔལ་པའོ། །གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ལ་སོགས་པས་སྟོང་པས་ན་སྟོང་པའོ། །གང་ཟག་ལ་སོགས་པོ?་མེད་པས་ན་བདག་མེད་པའོ། །མཚན་ཉིད་མེད་པའི་རྣམ་པ་ནི་ལྔ་ཡིན་ཏེ། དེ་ཡང་གང ་ཞེ་ན་ངོ་བོ་ཉིད་ཅེས་བྱ་བ་མ་སྐྱེས་པ་སྟེ། ཐམས་ཅད་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་བཏགས་པའི་བདག་ཉིད་ལ་སོགས་པ་ཆོས་བརྒྱད་པོ་དེ་དག་ལ་མངོན་པར་ཞེན་པ་བཀག་པས་ཡང་དག་པ་ཉིད་དུ་མེད་པ་ཉིད་ཀྱིས་ན་གོ་རིམ་བཞིན་དུ་སྟོང་མ ་ཞེས་བྱ་བ་སྟོང་པ་ཉིད་དང། ཆེན་པོ་ཞེས་བྱ་བ་ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་ཞེས་བྱ་བ་དོན་དམ་པར་སྟོང་པ་ཉིད་དང། འདུས་བྱས་ཞེས་བྱ་བ་འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་ཞེས་བྱ་བ་འདུས་མ་བྱས་སྟོང་པ་ཉིད་དང། མཛའ་ལས་འདས་པ་ཞེས་བྱ་བ ་མཛའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ཐོག་མ་ཐ་མ་མེད་བསྟོད་པ་ཉིད་དང། དོར་བ་མེད་པ་ཞེས་བྱ་པ་དོར་བ་མེད་པ་སྟོང་པ་ཞེས་བྱ་བ་སྟེ་རྣམ་པ་དེ་དག་ཡིན་ནོ། །གྱ་ནོམ་པའི་རྣམ་པ་གང་ཞིག་ཡིན་ཞེ་ན། གཞན་གྱིས་ཞེས་བྱ་བ ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྣམས་ཀྱིས་ཀུན་བརྟགས་པའི་བྱེད་པ་པོ་གང་ཡིན་པ་དེ་བཀག་པས་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། ཡང་དག་པར་ན་བྱ་བ་མེད་པས་ལྷས་བྱིན་ལ་སོགས་པ་ལས་བྱེད་པ་པོ་ནང་ན་མི་དམིགས་པའི་ཕྱིར་དང། མ་མཐོང་བར་བརྟགས་པ་ནི་ཧ་ཅང ་ཐལ་ཆེས་པ་ཡིན་པའི་ཕྱིར་རོ། །ངེས་པར་འབྱུང་བའི་རྣམ་པ་བཤད་དོ་ཞེས་བྱ་བ་ནི་ལྷག་མའོ། །ཡུལ་དུ་འཁྲུལ་པ་ཡང་དག་པ་ཉིད་དུ་ཤེས་པའི་རྣམ་པ་ཡིན་ན་ཡང་ཕྱི་རོལ་གྱི་གཟུགས་ལ་སོགས་པ་འཁྲུལ་པ་སྟེ། དེའི་བདག་ཉིད་རྣམས་ནི་བཏགས་པ་སྟེ། གཟུགས་ལ ་སོགས་པའི་ཐ་སྙད་དོ། །མཚན་ཉིད་ནི་གཟུགས་སུ་རུང་བ་ལ་སོགས་པའོ། །དུས་ནི་དཔྱིད་ལ་སོགས་པའོ། །འདི་རྣམས་སུ་འཁྲུལ་པ་རྣམས་ནི་གང་དེ་ཁོ་ན་ཉིད་དུ་ན་ཡང་དག་པ་མ་ཡིན་ན་ཡང་ཡང་དག་པར་རྣཾ་པར་འཁྲུལ་པའོ། །དེ་རྣམས་ཀྱི་འགག་པར་ཆོས་ཐམས་ཅད་ཅེས་བྱ ་བ་ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་ཅེས་བྱ་བ་རང་གི་མཚན་ཉིད་སྟོང་པ་ཉིད་དང། གཞན་གྱིས་ཡོངས་སུ་བརྟག་པའི་དུས་ནི་ཀུན་རྫོབ་དུ་ཡང་མི་དམིགས་པའི་ཕྱིར་དང། ཡང་དག་པར་ན་ཤེས་པའི་སྣང་བ་ལས་གཞན ་པའི་དུས་ཀྱང་མི་འཐད་པའི་ཕྱིར་མི་དམིགས་པ་ཞེས་བྱ་བ་མི་དམིགས་པ་སྟོང་པ་ཉིད་དེ། རྣམ་པ་གསུམ་པོ་དེ་དག་གོ། དེས་པར་འབྱུང་བའི་རྣམ་པ་ཁོ་ན་ཞེས་བྱ་བ་མྱ་ངན་ལས་འདས་པའི་རྣམ་པ་ཉིད་ཡིན་ལ་ངོ་བོ་ཉིད་མེད་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད ་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ནི་བཅུ་དྲུག་ཏུ་བསྒྲགས་སོ། །ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཚིག་ལེའུར་བྱས་པའི་དོན་ནི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས ་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པས་སོ། །འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཡང་དག་པར་རྫོགས་པའི་སངས་རྒྱས ་བསྡུས་པའི་ཕྱིར་ཏེ། གྲངས་བཞིན་ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་འོག་མ་དང་སྦྱར་བར་བྱའོ། །དྲན་པ་ཉེ་གཞག་ནས་བཟུང་སྟེ། ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་དང་པོར་བྱས་ནས་སོ། །ཐ་མ་སངས་རྒྱས་ཉིད་རྣམ་པར་ཞེས་བྱ་བ་ནི་གནས་དང ་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་རྣམ་པ་སུམ་ཅུ་རྩ་དགུའི་བར་ནི་རྣམ་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པ་ཡིན་ཞེ་ན། ཐམས་ཅད ་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་གྲགས་པ་དེས་བསྡུས་པའི་ལམ་གང་ལ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་གྱི་བདེན་པ་རྣམ་པ་གསུམ་པོ་དེའི་སྒོ་ནས་ཞེས་བྱ་བ་དེའི་ཐབས་ཀྱིས་སོ། །འདིས་ནི་ཀུན་མཁྱེན ་ཉིད་གསུམ་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །འདིར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པ་ཡང?་དག?་?་མཁྱེན་པ་ཡིན་པར་བཤད་ལ། དེ་ཡང་ཉན་ཐོས་ལ་སོགས་པ་ལམ་གསུམ་གྱི་བྱེ་བྲག་གིས་གསུམ་ཉིད ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །དེ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་སོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དངོས་པོར་ཡོངས་སུ ་རྟོག་པའི་ལམ་ལ་ཞེས་བྱ་བ་ནི་ལུས་ལ་སོགས་པ་རྣམ་པར་དཔྱད་པའི་ཐབས་པའོ། །བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པའི་བསྒོམ་པའི་ལམ་ལ་འཇུག་པར་བྱ་བའི་ཕྱིར་རོ། །རྣམ་པར་དཔྱད་པ་ནི་ལུས་དང་ཞེས་བྱ་བ་ལ་སོགས་པ ་ཡིན་ཏེ། ལུས?་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་དག་གི་དོན་གྱི་བྱ་བ་ནུས་པ་དང་མི་ནུས་པ་དག་གིས་ཡོངས་སུ་བརྟག་ཅིང་སྐྱེ་བ་མེད་པ་ཉིད་དུ་ཤེས་པར་བྱེད་པ་གང་ཡིན་པ་དེ་རྣམ་པ་ཡིན་ནོ། །བརྩོན་འགྲུས་བསྐྱེད་པའི་ཕྱིར་རྩོལ་པའི་ལམ་སྟེ། ཡང་དག་པར་སྤོང?་པའི ་ཐབས་ལ་མི་དགེ་བ་ངེས་པར་སྐྱེས་པ་དང། སྐྱེས་པ་ཡང་དག་པར་སྤང་པར་བྱ་བའི་ཕྱིར་དང། མི་བསྐྱེད་པར་བྱ་བའི་ཕྱིར་དང། དགེ་བ་ཡང་དག་པར་སྐྱེས་པ་དང་མ་སྐྱེས་པ་དག་འཕེལ་བར་བྱ་བ་དང་བསྐྱེད་བར་བྱ་བའི་རྒྱུ་ནི་བརྩོན་འགྲུས་སོ། །སེམས་ལས་སུ་རུང་བ་ཉིད་དུ ་བྱེད་བ་ནི་སེམས་རྩེ་གཅིག་པར་གྱུར་བ་ཡིན་པས། ཏིང་ངེ་འཛིན་ཡོངས་སུ་སྤྱོད་པའི་ལམ་སྟེ། །བསམ་གཏན་འདུ་བྱེད་པའི་ཐབས་རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་ལའོ། །ཏིང་ངེ་འཛིན་གྱིས་སྤོང་བ་ནི་འདོད་ཆགས་ལ་སོགས་པ་རྩལ་བའོ། །དེའི་དོན་དུ་འདུ་བྱེད་པ་ནི ་འབད་བའོ། །དེ་དང་ལྡན་ཞིང་བཅས་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ། རྫུ་འཕྲུལ་གྱི་རྟེན་ཡིན་པ་ནི་འདི་དག་གི་སྟོབས་ཀྱིས་རྫུ་འཕྲུལ་བྱེད་པ་ཡིན་པའི་ཕྱིར་ཏེ། འདུན་པ་ལ་སོགས་པའི་སྒོ་ནས་ལས་སུ་རུང་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཡོངས་སུ་སྤྱང་བ་བྱས་ཤིང ་ཏིང་ངེ་འཛིན་དང་ལྡན་པའི་མངོན་པར་རྟོགས་པའི་སྤྱོད?་པའི་ལམ་སྟེ། སྦྱོར་པའི་ནུས་པ་ལས་བྱུང་བའི་དད་པ་ལ་སོགས་པའི་ཐབས་ལའོ། །དད་པ་ལ་སོགས་པའི་དབང་པོས་འཕགས་པའི་ལམ་ཡང་དག་པར་བསྒྲུབ་པར་བྱ་བའི་ཕྱིར་དྲོ་བ་དང་རྩེ་མོའི ་སྦྱོར་བ་རྟོགས་པར་གྱུར་པ་ཡིན་པའི་ཕྱིར་རོ། །དྲོ་བ་ལ་སོགས་པ་ཐོབ་ཅིང་དྲ་བ་དང་རྩེ་མོ་རྟོགས་པ་ནི་བཟོད་པ་ལ་སོགས་པ་མངོན་པར་རྟོགས་པ་དང་འབྲེལ་ཅིང་གཅིག་ཏུ་གྱུར་བའི་ལམ་དང་པའི་སྟོབས་ལ་སོགས་པ་གང་ཡིན་པ་དེ་ལ་དང་པོ་ལ་སོགས་པའི་སྟོབས་ཀྱིས་རྗེས ་ཐོགས་ལ་བདེན་པའི་རྟོགས་པའི་དོན་དུ་དེ་དང་མེད་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་བཟོད་པ་དང་ཆོས་ཀྱི་མཆོག་གིས་སྦྱོར་བ་ཡིན་པའི་ཕྱིར་རོ། །དྲོ་པ་ལ་སོགས་པ་བཞི་རྟོགས་པ་ལ་ནི། བདེན་པ་བཞི་མཐོང་བའི་ལམ་སྟེ། བདེན་པ ་བཞི་ཤེས་པའི་ཐབས་ལ་ནི་མངོན་པར་རྟོགས་པའི་ལམ་ཞེས་བྱ་སྟེ། དྲན་པ་ལ་སོགས་པའི་ཐབས་དེས་ཐོག་མ་ཁོ་ནར་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་རང་རིག་པ་ཡོངས་སུ་ཤེས་པ་ཡིན་པའི་ཕྱིར་རོ། །བདེན་པ་མཐོང་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པའི་ལྟ་བ ་ལ་སོགས་པ་ནི་ཡང་དག་པར་ངེས་པར་འབྱིན་པའི་ལམ་ཡིན། མཐོང་བའི་ལམ་ཡན་ཆད་འདིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པར་དག་པར་ངེས་པར་འབྱིན་པ་ཡིན་པའི་ཕྱིར་རོ། །དེར་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་རྣམས་གོ་རིམ ་བཞིན་དུ་འབྱུང་བས་གོ་རིམ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་དངོས་པོར་ཡོངས་སུ་རྟོགས་པའི་ལམ་ལ་སོགས་པ་ལམ་རྣམ་པ་བདུན་གྱི་དབང་དུ་བྱས་ནས་སློབ་མ་རྣམས་ལ་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་སྟེ། དེ་ལ་གནས་པ་ཡིན་ནོ། །ད་ནི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་བཞི་ནི་ལམ་ཤེས་བར?་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལྟ་བ་ནི་གཟུང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཀྱི་ཤེས་པའོ། །དེ་རྣམས་ཀྱི་གཉེན་པོའི་ལམ་ནི་རྣམ་པར་སེལ་?་ཐབས ་རྣམ་པ་གསུམ་མོ། །དེ་ནི་ལྟ་བས་བྱས་བ་ཞེས་སྨོས་ཏེ། ལྟ་བ་ལས་གྱུར་པའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའོ། །དེའི་རྒྱུ་མཚན་ནི་ལྟ་བའི་རྒྱུའི་རྣམ་པར་རྟོག་པ་སྟེ། རྟོག་པ་གང་ཡིན་པ་དེ་རྣམས་ཀྱི་གཉེན་པོའོ། །ཁམས་གསུམ་པ་ལ་སྨོན་པ་ནི་སེམས་ཅན་དུ་ལྟ་བ་ལ་ཞུགས ་པ་གང་ཡིན་བ་སྟེ། དེ་ནི་གཉེན་པོའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཞི་བའི་རྣམ་པས་མཚན་མ་མེད་ཅེས་བྱ་བ་འདི་དང་འགལ་ལོ་ཞེ་ན། འདི་ནི་དངོས་པོའི་རྒྱུ་མཚན་དང་རྗེས་སུ་འབྲེལ་བའི་ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་ནས་དེ་སྐད་བརྗོད་པ་ཡིན་པའི་ཕྱིར་རོ། །སྤྲུལ ་པའི་ལམ་ནི་སྤྲུལ་པའི་ཐབས་ཀྱི་བྱ་བ་རྣམ་པ་གསུམ་མོ། །ནང་གི་བདག་ཉིད་ཀྱི་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པའི་ཕྱིར་ཞེས་བྱ་བ་ལ་སོགས་ཕྱི་རོལ་གྱི་གཟུགས་རྣམས་ལ་ཞེས་བྱ་བ་ཁ་དོག་བཟང་བ་དང་ཁ་དོག་ངན་པའོ། །བལྟའོ་ཞེས་བྱ་བ་ནི་བདག་ཉིད ་བསམ་གཏན་ནམ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ཏེ་ཞེས་བྱ་བར་ཤེས་པར་བྱའོ། །སྤྲུལ་པའི་སྒྲིབ་པ་ནི་དེའི་མི་མཐུན་པའི་ཕྱོགས་ཏེ། དེའི་གཉེན་པོ་བསྣོན?་པ་གཉིས་སོ། །རྣམ་པར་ཐར་པ་གསུམ་པ་ནི་གཟུགས་ཤེས་བྱ་བ་ལ་སོགས་པ་སྨོས་པ་ཡིན ་ཏེ། གདུལ་བྱ་རྣམས་ཀྱི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་རྒྱུ་ལས་བྱུང་བས་གཟུགས་སྡུག་པ་དང་མི་སྡུག་པ་སྟེ། འཕགས་པ་དང་ཅིག་ཤོས་ཀྱི་རྣམ་པ་དག་སྟེ། དེ་དག་གི་སྤྲུལ་པའོ། །དགའ་པ་ནི་འབད་པའོ། །མི་དགའ་བ་ནི་རྒྱབ་ཀྱིས་ཕྱོགས་པའོ། །གཉིས ་པ་དེ་དག་ནི་ཀུན་ཏུ་ཆགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་སྟེ། མི་མཐུན་པ་ཡིན་ལ་དེ་དག་གི་གཉེན་པོ་ནི་རྒྱུར་གདུལ་བྱ་རྣམས་ཀྱི་སྡུག་པ་སྟེ། བསོད་ནམས་ཀྱི་རྒྱུའི་རྣམ་པར་ཐར་པའི་སྒོ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ཐབས་སོ། ལུས་ཀྱི་མངོན་སུམ ་དུ་བྱས་ནས་ཞེས་བྱ་བ་ཇི་ལྟར་གདུལ་བར་ལུས་ཀྱི་འཕགས་པའི་རྣམ་པར་གྱུར་པའོ། །རྫོགས་པར་བྱས་སྟེ་ཞེས་བྱ་བ་ནི་བསྟན་པར་དམིགས་པའོ། །གནས་སོ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ཀུན་ཏུ་སྤྱོད་པའོ། །འདིར་ཡང་བདག་ཉིད་གཟུཌ་?་པ་དང་མི་སྡུག་པ་ལ་ཕན་ཚུན་བལྟོས ་བའི་འདུ་ཤེས་དང། ཕན་ཚུན་རྗེས་སུ་འགྲོ་བའི་འདུ་ཤེས་ལ་བརྟེན་ཏེ། ཕན་ཚུན་གྱི་འདུ་ཤེས་རོ་གཅིག་པ་ཐོབ་པས་གཟུགས་ཇི་ལྟར་འདོད་པའི་རྣམ་པར་ཐར་པ་ལ་དབང་ཐོབ་པ་ཡིན་ནོ། །ཞེས་བལྟ་བར་བྱ་སྟེ། རྫོགས་པའི་བྱང་ཆུབ་ཀྱི ་བདག་ཉིད་ཐར་བ་ཁྱད་པར་ཅན་གྱི་རྒྱུར་གྱུར་པས་རྣམ་པར་ཐར་པའོ། །མཐོང་བའི་ཆོས་ནི་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་མཛད་པའི་ཡེ་ཤེས་སོ། །དེའི་བདག་ཉིད་ཅན་གྱི་བདེ་བར་གནས་པ་གང་ཡིན་པ་ནི་ཇི་ལྟར་བདེ་བར་གནས་པའོ། །དེའི་ལམ་ནི་ཐབས ་རྣམ་པ་ལྔའོ། །ཐབས་ཀྱི་རང་བཞིན་ཡང་རྣམ་པ་གཉིས་བཤད་པ་ནི་དེ་མཐོང་བས་གཞན་རྣམས་ཀྱི་ཡང་དེ་བསྟན་པས་ཐར་པ་དང་མཐུན་པར་གནས་པའི་རྒྱུར་གྱུར་པས་ཐར་པ་དང་མཐུན་པ་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་བའི་སྙོམས་པར་འཇུག་པ་རྣམ་པ ་བཞི་སྟེ། ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་པ་བཞིའོ། །ཞི་བར་གནས་པའི་ལམ་གྱི་རང་བཞིན་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་མེད་པའི་ཕྱིར་རོ། །འདུ་ཤེས་ཞེས་བྱ་བ་ལ་སོགས་པས་ནི་འགོག་པའི་སྙོམས་པར་འཇུག་པ་སྟེ། ་གཅིག་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ཐབས་རྣམ་པ་དགུ་ལའོ། །སྤོང་བའི་ལམ་ནི་ཉོན་མོངས་པཱི་སེལ་བའི་ཐབས་ལའོ། །བར་ཆད་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ལམ་གཅིག་ཡིན་ན་ཡང་བདེན་པ་བཞིའི་བྱེ་བྲག་གི་ཉོན་མོངས་པ་དང་མི ་ལྡན་པའི་མཚན་ཉིད་ཀྱང་བཞི་ཡིན་ནོ། །སངས་རྒྱས་ཉིད་ཀྱི་ལམ་ནི་སྦྱིན་པ་ལ་སོགས་པ་སྟེ། དེ་ནི་སྦྱིན་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་ན་ལམ་རྣམ་པ་དྲུག་གི་དབང་དུ་མཛད་ནས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ།། ་ད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དགུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། །ཤིན་ཏུ་ཕུལ་དུ་བྱུང་བའི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཆོག་ཡིན་པ ་ཉིད་ཀྱི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་ལ་ལམ་གཅིག་པུ་ཁོ་ན་ཡིན་ན་ཡང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་བྱེ་བྲག་གིས་བྱེ་བ་ཡིན་ཞེས་བྱ་བར་དགོངས་སོ། །དེ་ནི་དེ་ལ་ནི་གནས་དང་གནས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས ་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་རྣམ་པ་ནི་སུམ་ཅུ་རྩ་དགུའོ་ཞེས་བྱ་བ་ནི་སྟོབས་ལ་སོགས་པ་རྣམ་པ་སུམ་ཅུ་རྩ་དྲུག་དང་འདི་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དང། གང་ཞིག་དེ་ཆོས་ཐམས་ཅད་ལ་མངའ་བསྒྱུར་པའི་རང་བྱུང་དང། གང་གི་དོན་དུ་རྣམ་པ་ཐམས་ཅད ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཅེས་བྱ་བ་གསུམ་མོ། །རྣམ་པ་ཐམས་ཅད་བསྡུས་ཏེ་རང་བཞིན་དང་གྲངས་ནི་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲི་མ་མེད་པའི་རྣམ་པ་བཅུ་དྲུག་ལས་གཞན་མེད་དོ? ་ཞེས་གང་གསུངས་པ་དེ་ནི་ཉེན་མོངས་པའི་སྒྲིབ་པའི་གཉེན་པོ་ལས་དགོངས་བ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །སྦྱོར་བ་ཁྱད་པར་ཞེས་བྱ་བ་ལ་སོགས་པས་རྣམ་པ་དང་བཅས་པའི་སྦྱོར་བའི་བདག་ཉིད་ཀྱི་ཡུམ་བསྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ ་?་ཀྱི?་ཤུགས་ཀྱིས་འཕགས་པ་བཤད་པ་ཡིན་ནོ། །དེ་དག་ཀྱང་སྦྱོར་བ་པོ་མེད་པར་བརྗོད་པར་མི་ནུས་པས་ཞེས་བྱ་བ་ནི་དགོས་པ་མེད་པའི་ཕྱིར་སྨྲ་བར་མི་རིགས་སོ། །སངས་རྒྱས་རྣམས་ལ་བཀུར་སྟི་བྱས་པ་ནི་སངས་རྒྱས་ལ་དམིགས་ཏེ་གཙུག་ལག་ལག?་པ་སོགས་པ ་བྱེད་པ་དང། སངས་རྒྱས་རྣམས་ལ་བསོད་སྙོམས་ལ་སོགས་ཕུལ་བས་སོ། །དེ་ལ་དགེ་བའི་རྩ་བ་བསྐྲུན་པ་ནི་སངས་རྒྱས་ལ་བསྙེན་བཀུར་བྱས་པ་ལ་སོགས་པས་སོ། །དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་ཤིང་དགེ་བའི་བཤེས་གཉེན་རྣམས་ཀྱི་མགོན་དང་ལྡན ་པ་ནི་རྣམ་པ་དང་བཅས་པའི་སྦྱོར?་བའི་བདག་ཉིད་ཀྱི་ཡུམ་འདི་ཉན་པའི་སྣོད་ཡིན་ཞིང་འཛིན་པ་དང་འཆང་པ་ལ་སོགས་པ་ནི་སྣོད་ཉིད་ཡིན་པར་དམ་པ་རྣམས་བཞེད་པ་སྟེ། དེར་བསྔགས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱིས་གནང་བ་ཡིན་ནོ། །ཚིག་ལེའུར་བྱས་པའི ་དོན་ནི་འདས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་གཞན་དག་མཉམ་པ་ལ་སོགས་པ་ཐོབ་པར་མི་འགྱུར་བས་འདས་པ་དང་བ་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་སྟེ། སངས་རྒྱས་ཐམས་ཅད་ལ་དམིགས་ཏེ་གཙུག་ལག་ཁང་ལ་སོགས་པ་བྱེད་པ་དང་དེ་རྣམས་ལ་བསོད་སྙོམས་ལ་སོགས་པ་ཕུལ?་བས་དང་པོར་ཐར་པའི་ཆ་དང་མཐུན་པའི་ས་བོན་ཐོབ་པའོ། །སྤྱིར་ཞེས་བྱ་བ་ནི་གཞན་རྣམས་ལ་མེད་པས་སངས་རྒྱས་དེ་དག་ཉིད་ལ་བཀུར་སྟི་བྱས་པ་དང། དགེ་བའི་རྩ་བ ་བསྐྱད་ཅིང་སྦྱངས་པའི་སྦྱོར་པ་པོ་ཐམས་ཅད་ཀྱིའོ། །ལུས་ལ་སོགས་པ་ཞེས་བྱ་བ་ལུས་དང་ངག་དང་སེམས་ཀྱིས་བསྐོར་བ་བྱ་བ་དང། དོན་ཅི་ལྟ་བ་བཞིན་བསྟོང་པ་དང་ཐོས་པ་དང་བསམས་པ་ལ་སོགས་པས་བསྙེན་བཀུར་བྱས་ཤིང་བསྟན་པར་བྱས་པ་དང། རས ་རིམ?་ལ་སོགས་པར་གཏོགས་བའི་དེ་བཞིན་གཤེགས་པ་རྣམས་ལ་མཉེས་པར་བྱས་ཤིང་མཆོད་པ་ནི་ལུས་ལ་སོགས་པའི་བསྙེན་བཀུར་གྱིས་བསྙེན་པར་བྱ་བའོ། །ཐེ་ཚོམ་གྱི་དོན་ཡོངས་སུ་འདྲི་བ་ནི་ཡིད་གཉིས་སུ་གྱུར་པའི་དོན་དགེ་བའི་བཤེས་གཉེན་ལ་ཞུ་བའོ།། ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པ་ནི་ཉམས་སུ་ལེན་པའོ། །དེ་དང་ལྡན་པའི་དགེ་བའི་བཤེས་གཉེན་དག་གིས་བྱིན་གྱིས་བརླབས་པ་འདི་ཉིད་ནི་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་ཞེས་བྱ་བ་རྣམ་པའི་སྦྱར་བའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་གོ་རིམ་ཇི་ལྟ་བ་ཞེས་བྱ་བ་བཀུར་སྟི་བྱས་ཤིང་དགེ་པའི་རྩེ་བ་བསྐྲུན་ཅིང་སྦྱངས་པ་དང། སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང། ཐེ་ཚོམ་གྱི་དོན་ཡོངས་སུ་དྲི་པ་དང། སྦྱིན་པ་ལ་སོགས་པ་སྒྲུབ་པ་དང་ལྡན་པ་སྟེ། དགེ་བའི་བཤེས་གཉེན་དང་ལྡན་པ ་བཞི་པ་ནི་མཉན་པ་ལ་སོགས་པ་བཞིའི་སྣོད་ཉིད་དུ་གྱུར་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚིག་ཅེས་བྱ་བ་ལ་སོགས་པས་ནི་ལན?་པ་དང་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི་ལམ་བསྒོམ་པའོ། །གང་གིས་སྔོན་སངས ་རྒྱས་མངོན་སུམ་དུ་མཐོང་ཞིང་དེ་རྣམས་ལ་ངེས་བཀུར་སྟི་བྱས་པའི་བསོད་ནམས་ཉེ་བར་བསགས་ན་ངེས་དེ་རྣམས་ཉིད་ལས་ཅིའི་ཕྱིར་ཡུམ་མཉན་པ་ལ་སོགས་པ་མ་བསྒྲུབས་ཞེས་བརྗོད་པར་མི་བྱ་སྟེ། དེ་རྣམས་ནི་དེའི་ཚེ་དེས་མངོན་སུམ་དུ་འདུལ་བར་འགྱུར་བ་མ ་ཡིན་ལ་དེ་ལྟར་ནི་ཚུལ་དེ་འམ?་རྒྱུད་དེ་ལས་དགེ་བའི་བ་ཤེས་གཉེན་ངེས་འདུལ་བ་ཉིད་ཀྱིས་ན་ཡུམ་མཉན་པ་ལ་སོགས་པ་འབྱུང་བར་འགྱུར་པའོ། །ཟ་མ་ཏོག་བཀོད་པ་ལས་དེ་བཞིན་གཤེགས་པའི་བཀས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བ་ར་ཏུ? ་སེཾས?་ཅན?་གནས་བའི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་དང་འདྲ་བ་ཡིན་པས་ན་ཉེས་པ་མེད་དོ། །གཟུགས་ལ་སོགས་པ་ཞེས་བྱ་བས་ནི་སྦྱོར་བའི་རབ་ཏུ་བྱེད་པའི་དོན་བཤད་པ་ཡིན་ཏེ། ཡང་དག་པར་ན་གཟུགས་ལ་སོགས་པ་ངོ་བོ་ཉིད ་མེད་པ་ཉིད་ཀྱིས་མི་གནས་པ་ནི་མངོན་པར་མ་ཞེན་པའོ། །གཟུགས་ལ་སོགས་པ་དེ་དག་ལ་མི་སྦྱོར་བ་ཉིད་སྦྱོར་བ་ཡིན་པ་ནི་བསྒོམ་པར་བྱ་བ་ལ་སོགས་པ་གསུམ་པོ་ཉེ་བར་མ་དམིགས་པའོ། །གཟུགས་ལ་སོགས་པ་དེ་དག་ཉིད་དེ་བཞིན་ཉིད། ངོ་བོ ་ཉིད་ཀྱིས་སྟོང་པ་ཉིད་ཡིན་པས་ཟབ་པ་དང། གཏིང་དཔག་དཀའ་བ་དང། །ཚད་མེད་བ་ཉིད་མི་གནས་པ་དང། མི་དམིགས་པ་དང། རང་བཞིན་དང། རྙོག་པ་མེད་པ་དང། མཛའ་མེད་པ་ཉེ་བར་མ་དམིགས་པ་ཉིད་སྟེ། དེ་ལྟར ་རྟོགས་ཤིང་ཤེས་པ་དང་ལྡན་པ་རྣམས་ལ་གྲངས་བཞིན་དུ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལྔ་ནི། གཟུགས་ལ་སོགས་པ་ལ་མི་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ།། །།ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་དེ་ལ་ཚོགས་ཆེན་པོ་དང་ཡུན་རིང་པོ་དག་གིས་སྡུག་བསྔལ་བ་དང། །བསྐལ་པ་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ལ་སྐྲགS་བའོ། །སངས་རྒྱས་རྣམས་ལས་འཚར་རྒྱ་བ་ཉིད་ཀྱིས་དུས་དང་མིང་དང། ? ་ངེས་པ་ལ་སོགས་པ་ཐོབ་པ་གང་ཡིན་པ་དེ་ནི་ལུང་བསྟན་པ་ཐོབ་པ་སྟེ། དེ་ལ་མི་བསྐྲག་པས་ནི་ཚོགས?་ཆེན་ཡུན་རིང་རྟོགས་པའི་ཕྱིར་ལུང་བསྟན་ཅེས་བྱ་བ་བཤད་པ་ཡིན་ནོ། །ཕྱིར་མི་ལྡོག་པ་ཉིད་དུ་ཡང་དག་པར ་མངོན?་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་བཟུང་བའོ། །ངེས་པར་འབྱུང་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ལ་བར་ཆད་ཀྱི་ཆོས་འོག་ནས་སྨོས་པའི་ཉེས་པ་གང་ཡིན་པ་དེ་རྣམས་སྤོང་བ་ནི་དགེ་བའི་བཤེས་གཉེན་ལ་སོཌ ་པའི་སྟོབས?་ཀྱིས་འདོར་བའོ། །བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རྟག་ཏུ་ཆོས་སྒོམ་པའི་ཡིད་ཉིད་ཀྱིས་གུས་པ་དང་བཅས་པ་ལ་སོགས་པས་སྒོམ་པའོ། །རང་གི་ཚུལ་ལས་བལྟོས་ནས་ཡང་དག་པར་མངོན་པར་རྫོགས་པར་བྱང་ཆུབ་དང་ཉེ་བ་ཡིན་ཞིང་ཟག་པ་མེད་པའི ་ཆོས་གསང?་གྱི་རྟེན་ཉིད་ཡིན་པ་ནི་སངས་རྒྱས་ཁོ་ནར་གྱུར་ན་ཉེ་བར་དམིགས་པའི་གནས་སྐབས་སུ་རྟོགས་པའི་ཆོས་མཐོང་བ་དང་བྲལ་བའི་ཕྱིར་ཉིད་སྔོན་དུ་མ་བྱུང་བ་ནི་ཉོན་མོངས་བ་ཅན་མ་ཡིན་པའི་ཡེ་ཤེས་ཀྱི་རང་གི་མཚན་ཉིད་འཛིན་པའི་སྟོབས་བཅུ་ལ་སོགས་པའི ་རྟེན་ཉིད་ཡིན་པའོ། །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་ཅིང་འབྲས་བུ་ཆོས་ཀྱི་སྐུ་མངོན་པར་གྲུབ་པ་ནི་ཕ་རོལ་གྱི་སྟོབས་བཅུ་ལ་སོགས་པའི་རྟེན་གྱི་ཆོས་ཀྱི་སྐུ་རྫོགས་པར་བྱེད་པ་སྟེ། དེ་ལྟར་སྨོན་པ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་ཉེ་དང་མྱུང?་བ་དང་ཞེས་བྱ་བ་བྱང་ཆུབ ་རྣམ་པ་གཉིས་བཤད་པ་ཡིན་ནོ། །གཞན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ནི་ཀུན་ནས་ཆོས་སྟོན་པར་མཛད་པའོ། །འཕེལ་བ་མེད་པ་དང་འགྲིབ་པ་མེད་ཅིང་གཟུགས་ལ་སོགས་པའི་འཕེལ་བ་དང་འགྲིབ་པ་མི་མཐོང་བ་ནི་མ་དམིགས་པའོ། །ཆོས་ནི་གཟུགས ་ལ་སོགས་པའོ། །ཆོས་མིན་ནི་ནམ་མཁའ་ལ་སོགས་པའོ། །སོགས་པའི་སྒྲས་ནི་གང་ཟག་ལ་སོགས་པ་སྟེ། དེ་རྣམས་ཡང་དག་པར་མི་མཐོང་བ་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཉེ་བར་མི་དམིགས་པ་སྟེ། དེ་ལ་འདོད་པའི་ཁམས་སུ་མི་དམིགས་པའོ། ། ་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པའི་སྟོང་པ་ཉིད་ཀྱིས་འགོག་ཅིང་མི་དམིགས་པ་གང་ཡིན་པ་དེ་ལ་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་རློམ་པ་མེད་པ་ནི་གཟུགས་ལ་སོགས་པའི་སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་པའོ། །གཟུགས་ལ ་སོགས་པའི་དངོས་པོ་ལ་མི་རྟོག་པ་ནི་གཟུགས་དང་དེའི་མཚན་མ་དང་དེའི་ངོ་བོ་ཉིད་དུ་རྣམ་པར་མི་རྟོག་པ་སྟེ། གཟུགས་ཀྱི་ཕུང་པོ་དང་སྔོན་པོ་ལ་སོགས་པ་འབྱུང་བ་ཆེན་པོ་ལ་སོགས་པའོ། །འབྲས་བུ་རིན་ཆེན་སྦྱིན་བྱེད་པ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ནས་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་རིན་པོ་ཆེ་སྦྱིན་པ་ལ་འབྲས་བུ་དང་པོ་མཐོང་བ་ནི་རྒྱུན་ཏུ་ཞུགས་བ་ལ་སོགས་པའི་འབྲས་བུ་ཤེས་པའོ། །དག་བ་ནི་དེ་བཞིན་ཉིད་ཀྱིས་དྲི་མ་མེད་བ་ཉིད་ནི་གཟུགས་རྣམ་པར་དག་པ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས ་པ་དྲི?་མཆེད?་པའོ། །མཚམས་ནི་བྱི་བའི་དུས་ལ་སོགས་པའི་ངེས་པས་ལོ་སྐོར་དུ་མངོན་པར་བརྩོན་པ་མི་འདོར་བ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་དང་ལྡན་པ་རྣམས་གོ་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་རྣམ་པ་བཅོ་ལྔའོ། །སྦྱོར་བ་ཉི་ཤུ་ཡིན་ནོ་ཞེས་བྱ་བ ་ནི་སྔར་བཤད་པའི་སྦྱོར་བ་ལྔ་དང་བཅས་པ་སྟེ། གཞན་དོན་འཕེལ་མེད་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ། །སྦྱོར་བ་ཉི་ཤུ་པོ་དེ་དག་གི་གོ་རིམས་འདི་ནི་རིགས་པ་ཁོ་ན་ཡིན་ཏེ། དེ་ཡང་གཟུགས་ལ་སོགས་པཱི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ ་མེད་པས་གནས་པ་དང། དེ་ལ་མི་སྦྱོར་བའི་སྦྱོར་བ་ལ་མངོན་པར་བརྩོན་བདེ་དག་གི་གཟུགས་ལ་སོགས་པ་ལ་ཟབ་པ་ཉིད་དང། གཏིང་དཔག་དཀའ་བ་ཉིད་དང། ཚད་མེད་པ་ཉིད་རྟོགས་པར་འགྱུར་རོ། །དེ་ནས་འདི་ཡང་དག་པའི་སྦྱོར་བ་མི་བྱེད་པ་ཉིད་ཀྱིས་ནི་ལས ་དང་པོ་པས་ནི་ཚེག་ཆེན་པོས་འཐོབ་བོ། །དེ་ལས་གཞན་བ་ནི་ལུང་བསྟན་པ་དང། ཕྱིར་མི་ལྡོག་པའི་ས་བདེ་བླག་ཏུ་ཐོབ་ནས་ངེས་པར་འབྱུང་བ་དང་མི་འབྲལ་བར་འགྱུར་ཞིང་བར་ཆད་མེད་པར་འགྱུར་བ་དང། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཉེ་བར་འགྱུར ་པ་དང། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །དེ་ལས་གཞན་གྱི་དོན་བྱེད་ཅིང་འཕེལ་བ་མེད་པ་དང་འགྲིབ་པ་མེད་པར་འགྱུར་རོ། །དེ་ནས་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ལ་མིང་དང་གཟུགས་དང་བསམ ་གྱིས་མི་ཁྱབ་པ་ལ་ཁྱད་པར་གྱིས་འདུ་ཤེས་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པ་དང། འབྲས་བུ་རིན་པོ་ཆེ་སྤྱན་པས་མཆོག་ཏུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པར་འགྱུར་སྟེ། སྔ་མ་བཞིན་དུ་ལོ་གཅིག་གི་བར་དུ་མངོན་པར་བརྩོན་པ་སེམས་ཀྱི་རྒྱུད ་ཡོངས་སུ་སྦྱངས་པ་ཡིན་པས་འདི་ནི་མངོན་པར་རྟོགས་པས་རབ་ཏུ་བྱ་བ་ཡིན་ནོ། །བདུད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག?་ལེའུར་བྱེད་པའི་དོན་ནི་བདུད་ཀྱི་མཐུ་བཅོམ་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བདུད་ཀྱི་མཐུ་བཅོམ་པ་ནི་དབང་པ་ལ་སོགས ་པའི་བགེགས་ཀྱི་ནུས་པ་བསལ་བའོ། །སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་ཉིད་ནི་སྦྱོར་བ་དང་དངོས་བཞི་དང་མཇུག་གྱི?་གནས་སྐབས་སུ་སངས་རྒྱས་ཀྱི་སྤྱན་རས་ཀྱིས་བཅས་པའོ། །སངས་རྒྱས་ཀྱི་མངོན་སུམ་དུ་མཛད་པ་ནི་སངས་རྒྱས་ཀྱི་ཡུལ་དུ ་མཛད་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ནི་བྱང་ཆུབ་དང་ཉེ་བར་གྱུར་པ་ཉིད་དོ། །དོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རིན་ཆེན་པོ་སྟེ། རང་གི་དོན་གཙོ་བོ་མ་ཡིན་ན་ཡང་གཞན་གྱི་དོན་གཙོ་ཆེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །དེའི ་དངོས་པོ་ནི་དོན་ཆེན་པོ་ཉིད་དོ། །གཞུང་གི་བདག་ཉིད་ཀྱི་ཡུམ་འཆད་བ་དང་ཀློག་པ་ཉིད་ཀྱིས་རྫོགས་པའི་སངས་རྒྱས་དང། བདེ་འགྲོ་དག་དང་ཡང་དག་པར་འཚང་རྒྱ་བ་ཉིད་དང་མི་འབྲལ་བ་ཉིད་ཡིན་པ་ལ་སོགས་པའི་སྒྲས་ནི་དེ་ཕན?་ཆད་ཀྱང་ཡིད་བཞིན་གྱི ་ནོར་བུ་དང་འདྲ་བ་རྣམ་བ་ཐམས་ཅད་དུ་གཞན་གྱི་དོན་རྒྱུན་མི་འཆད་པའོ། །ཡུལ་དཔྱད་པ་ནི་ཡུམ་བཤད་པའི་ཕྱིར་འཆད་པ་པོའི་བྱང་ཕྱོགས་ལ་སོགས་པའི་ཡུལ་རྣམ་པར་བརྟག་པའོ། །ཟག་བ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ནི་སངས་རྒྱས ་ཀྱི་ཡོན་ཏན?་བསྐྱེད་པའོ། །སྨྲ་བའི་སྐྱེས་བུ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོན་པ་པོ་མི་ཕྱེད་པ་ཉིད་དོ། །མི་ཕྱེད་པ་ཉིད་ནི་བྱང་ཆུབ་ལས་མི་སྐྱོད་པ་ཉིད་དོ། །དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེ་པ་ནི་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པའི ་བསོད་ནམས་བསྐྱེད་པའོ། །དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་སྒྲུབ་པ་ནི་སྔོན་གྱི་སྨོན་ལམ་རྣམ་པ་ཐམས་ཅད་དུ་རྫོགས་པའོ། །འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ནི་འཚང་རྒྱ་བ་ཉིད་འཛིན་པའོ། །སེམས་ཅན་གྱི་དོན་སྒྲུབ་པ་ནི་ཆོས་སྟོན་པ་ལ་སོཌ ་པ་ལ་གཞན་གྱི་དོན་ལེན་པའོ། །ངེས་པར་འཐོབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཚང་བ་མེད་པར་ཐོབ་པའོ་ཞེས་བྱ་བའི་ཡོན་ཏན་རྣམས་ནི་འབྲས་བུར་འགྱུར་བའོ། །དོན་གྱིས་འཕངས་པའི་རྒྱུར་གྱུར་པའི་ཡོན་ཏན་ནི་གྲངས་བཞིན་དུ་ཞེས་བྱ་བ་ལ་སོགས ་པ་སྨོས་པ་ཡིན་ཏེ། བྱིན་གྱིས་བརླབས་པ་ནི་ནུས་པ་སྐྱེད་པའོ། །དགོངས་པ་ནི་གཟིགས་པའོ། །ཡེ་ཤེས་ཀྱིས་གཟིགས་པ་ནི་ལྷ་དང་ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་ནི་ཡེ་ཤེས་སོ། །ཉེ་བར་གྱུར་པ་ནི་ཉེ་བ་ཉིད་དོ། །ཕན་ཡོན་ཆེན་པོ་ནི་བསྟོད་དང་བཀུར ་དང་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའོ། །གཉེན་པོའི་ཆོས་ཡོངས་སུ་རྫོགས་པ་ནི་ལམ་ཤེས་པ་ཡོངས་སུ་རྫོགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་བརྗོད་པ་ནི་ཡུམ་སྟོན་པའོ། །གྲོགས་མཛད ་པ་ནི་མགོན་དང་བཅས་པའི་བྱ་བས་མཉམ་པ་ཉིད་དུ་སྐྱེད་པའོ། །དགའ་བརྒྱ་ཆེན་པོ་སྐྱེད་པ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དགའ་བ་སྐྱེད་པའོ། །དེའི་དམ་བཅས་པའི་ཚིག་ལ་རྗེས་སུ་ཡི་རང་བ་ནི་སྤྱོད་བ་དང་ལྡན་པའི་སྨོན་པའི་ཚིག་ལ་དགའ་བའོ། ། ་ཆོས་ཟབ་མོ་མངོན་པར་འདོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པར་མངོན་པར་མོས་པའོ། །སེམས་ཅན་གྱི་དོན་བྱེད་པ་ནི་སྔ་མ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་བར་རྙེད་པ་ནི་ཡུམ་ཡང་དག་པར་རྫོགས་པར་བྱེད་པའོ། །དེ་ལྟར་ན་སངས ་རྒྱས་ཀྱིས་བྱིན་གྱིས་བརླབས་ལ་སོགས་པའི་རྒྱུར་གྱུར་བའི་ཡོན་ཏན་བཅུ་བཞི་པོ་དེ་དག་ཕྱིན་ཅི་མ་ལོག་པའི་སྦྱོར་བ་ལ་མངོན་པར་དགའ་བའི་སྔར་བཤད་པའི་སྒོམ་པ་པོ་ལ་འབྲས་བུར་གྱུར་པའི་ཡོན་ཏན་འབྱུང་བར་འགྱུར་ཞིང་མངོན་སུམ ་དུ་འགྱུར་ལ་རྗེས་སུ་མཐུན་པར་བསླབ་པར་བྱ་བ་ཉིད་ཡིན་པས་ཡོན་ཏན་བཅུ་བཞི་ཡིན་ནོ། །དེའི་འོག་ཏུ་ཡང་གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་ཚིག?་ལེའུར་བྱས་པའི་དོན་ཡིན་ལ་སྦྱོར་བ་པོའི་བར་ཆད་ཅེས་བྱ་བ་ལ་སོགས་པས་ནི་ཉེས་པ་བཤད་པ་ཡིན་ནོ། །ཚོགས ་ཆེན་པོས་འཐོབ་པ་ནི་ཡུམ་ཤེས་པར་རང་ཞིག་ན་ཐོབ་པའོ། །སྤོབས་པ་ཧ་ཅང་མྱུར་བ་ནི་སྔོན་དང་ཕྱི་མ་མ་དཔྱད་པར་ཡུམ་ཤིན་ཏུ་མྱུར་བར་ཤེས་པའོ། །ལུས་ཀྱི་གནས་ངན་ལེན་དང་སེམས་ཀྱི་གནས་ངན་ལེན་ནི་ལུས་དང་སེམས་དག་གིས་རྣམ་པར་གཡེང ་བའོ། །རིགས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་གཅིག་ལ་གཅིག་རྒོད་པ་ལ་སོགས་པས་འདྲི་བ་ལ་སོགས་པ་བྱེད་པའི་ཕྱིར་རོ། །ཕྱིར་སེམས་པའི་རྒྱུ་མཚན་ཞེས་བྱ་བ་ལ་སོགས་པ་ནི་ཡུམ་གཉེན་པར་ལ་སོགས་པ་ལ་དད་པ་མེད་པས་སོ། །རྒྱུ་ལ་མངོན ་པར་ཞེན་པ་ཉམས་པ་ལ་སོགས་པ་ནི་ཐེག་པ་ཆེན་པོ་སྤངས་ནས་ཐེག་པ་གཞན་བྱང་ཆུབ་ཀྱི་རྒྱུ་ཉིད་ཡིན་པ་དང། གྱ་ནོམ་པ་ཉིད་དང། རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཉིད་དང། རྟག་ཏུ་ཆེད་དུ་བྱ་བ་ཉིད་དང། རྒྱུ་དང་འབྲས་བུ་འབྲེལ་པ་ཉིད་དང། ་གོང་ན་མེད་པ་ཉིད་དུ་མངོན་པར་ཞེན་པས་རྒྱུ་ལ་མངོན་པར་ཞེན་པ་ལ་སོགས་པ་དྲུག་པོ་ལ་ཉམས་པ་ཞེས་སྨོས་པ་ནི་ཐེག་པ་ཆེན་པོ་ལས་ཉམས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡུལ་རྣམ་པ་མང་པོ་ལ་ཞེས་བྱ་བ་ལ་སོགས་པ་ནི་བུད་མེད་པ་སོགས་པ་ཡུལ ་རྣམ་པ་མང་པོའི་རྣམ་པར་རྟོག་པའི་ཤེས་པ་སྐྱེ་བའི་ཕྱིར་རོ། །ཡི་གེར་འབྲི་བ་ལ་མངོན་པར་ཞེན་པ་ལ་སོགས་པ་ཡང་ཐེག་པ་ཆེན་པོ་ལས་གཡེངས་པའི་རྒྱུ་རྣམས་ཡིན་ནོ། །འདི་རབ་ཏུ་ཚན་སྔ་མ་ནི་ཉེན་པོ་པོ་ཡིན་ལ་བཅུ་ཚན་ཕྱི་མ་ནི་འཆད་པ་པོ་ཡིན་ཏེ་།དེ ་ནི་གྲངས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་།གྲངས་བཞིན་དུ་ཉན་བ་པོ་དང་འཆད་པ་པོ་དག་ཅེས་བྱ་བ་ཉན་བ་དང་འཆད་པར་བྱེད་པ་དེ་དག་གང་ཡང་རུང་པ་ནི་གཅིག་གཅིག་གོ། དེ་ནི་སྔ་མ་དང་ཕྱི་མ་དང་མངོན་པར་འབྲེལ་པས་ཞེས་སྨོས་པ་ཡིན་ནོ། །བཅུ་ཚན་སྔ ་མའི?་སྦྱོར་བ་ནི་སྔ་མ་ཉན་པ་པོ་ཡིན་ལ་བཅུ་ཚན?་ཕྱི་མའི་སྦྱོར་བ་ལ་ནི་ཕྱིས་སྨོས་པ་འཆད་པོ་པ་ཡིན་པར་སྦྱོར་རོ་ཞེས་བྱ་བའི་ཐ་ཚིག་གོ། འདུན་པ་དང་སྙོམས་ལས་ནི་མངོན་པར་འདོད་ན་ཡང་ལེ་ལོ་བྱེད་པའོ། །འདུན་པའི་ཡུལ་ཐ་དད་པ་ནི་ཉན་པ་པོའི་འདུན་པའི་ཡུལ་ལས ་འཆད་པ་པའི་འདུན་ཐ་དད་པ་ཉིད་དོ། །འདོད་ཅན་ཆུང་བ་དང་འདོད་ཅེན་ཆུང་བ་མ་ཡིན་པ་ཉིད་ནི་ཉན་པ་པོ་དང་འཆད་པ་པོ་དག་ཡུམ་བསྒོམ་པ་མེད་པའི་རྒྱུ་ཉིད་ཡིན་པས་འདི་དག་ལ་ཉམས་པ་ཞེས་བརྗོད་དོ། །སྦྱངས་པའི་ཡོན་ཏན་དང་ལྡན་པ་དང། མི་ལྡན་པ་དག ་ནི་ཉན་པ་པོ་དང་འཆད་པ་པོ་དག་འདོད་ཅེན་ཆུང་བ་དང། འདོད་ཅེན་ཆུང་བ་མ་ཡིན་པ་དག་གིས་ཞེས་བཤད་པར་བྱའོ། །དགེ་བ་དང་དགེ་བ་མ་ཡིན་པའི་ཆོས་ཉིད་དང་གཏོང་མ་དང་སེར་སྣ་བྱེད་པ་ནི་དད་པའི་ཆོས་ཉིད་ཀྱིས་ནི་ཉན་པ་པོ་ནོར་གཏོང་བ་དང་དད་པ་མ་ཡིན་པའི་ཆོས ་ཉིད་ཀྱིས་འཆད་པ་པོ་འཆད་པ་ལ་སེར་སྣ་བྱེད་པའོ། །སྦྱིན་པ་དང་མི་ལེན་པ་ནི་ཉན་པ་པོ་དང་འཆད་པ་པོ་དག་སྟེར་བ་དང་མི་ལེན་པའོ། །མགོ་སྨོས་པས་གོབ་དང་རྣམ་པར་སྤྲོས་པ་ཉིད་ནི་ཉན་པ་པོ་དང་འཆང་བ་པོ་དག་གོ། མདོ་སྡེ་ལ་སོགས་པའི་ཆོས་མངོན་པར་ཤེས ་པ་དང། མངོན་པར་མི་ཤེས་པ་ཉིད་ནི་འཆད་པ་པོ་དང་ཉན་པ་པོ་དག་གོ། དེ་ཉིད་ཀྱིས་ནི་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་སྦྱར་བར་བྱའོ། །གྲངས་བཞིན་དུ་གཅིག་བུ་ཞེས་བྱ་བ་ལ་སོགས་པའི་ཚིག? ་སྔ་མ་སྔ་མ་དག་ནི་འཆད་པ་པོ་ཡིན་ལ། ཕྱི་མ་ཕྱི་མ་དག་ནི་ཉན་པ་པོ་ཡིན་པར་སྦྱར་བར་བྱའོ། །དེ་ནི་འཆད་པ་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཁོར་ལ་མངོན་པར་དགའ་བ་ཉིད་ནི་བདག་ཉིད་འཁོར་དང་བཅས་པར་འགྱུར་བ་བྱའོ་ཞེས་མངོན་པར་འདོད་པའོ། ། ་གོ་སྐབས་མི་འབྱེད་པ་ཉིད་དང་འདོད་པ་ཉིད་ཀྱི་རྗེས་སུ་མ་འབྲེལ་བ་ཉིད་ནི་བདག་ཉིད་ཁོ་ན་སྦྱིན་པ་པོ་ཉིད་དུ་འདོད་པའོ། །ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང་དེ་སྦྱིན་པར་མི་འདོད་པ་ཉིད་ནི་ནོར་རྣམས་ལ་སྦྱིན་པར་མི་འདོད་པའོ། །སྲོག་གི ་བར?་ཆད་དུ་ཞེས་བྱ་བ་ལ་སོགས་པ་ལ་བཅུ་ཚན་བཞི་པ་ནི་སྔར་བཤད་པ་བཞིའོ། །འོག་ནས་བཤད་པའི་ཉེས་པ་དྲུག་པོ་དེ་ནི་དེ་བཞིན་དུ་མུ་གེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ན་ཉེས་པ་བཞི་བཅུ་རྩ་དྲུག་གིས་ནི་ཡུམ་ཤེས་པ་ལ་སོགས་པར ་དུས་?་སེམས་སུན་འབྱིན་པར་བྱེད་པ་ཡིན་པའི་ཕྱིར་སྐྱོན་ཡིན་ནོ། །གོ་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་མཚན་ཉིད་རྣམ་པ་བཞི་པོ་རེ་རེ་ཞིང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཁྱད་པར་ཡོད་པ་རྣམས་ཀྱི་ནང་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོཌ ་པ་ནི་ཚིག་ལེའུར་བྱས་པའི་དོན་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་ནི་ཡུམ་གྱི་དབང་གིས་སངས་རྒྱས་སུ་འགྲུབ་པའོ། །འཇིག་རྟེན་འཇིག་པ་མེད་པ་ནི་སྐད་ཅིག་མ་ཉིད་དང་རྒྱུན་མི་འདྲ་བའི་རྒུད་པའི་འཇིགས་པས་ཡང་དག་པར་ནི་མ་འཇིགས ་བའོ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ནི་སེམས་ཅན་གྱི་བསམ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འམ་གྲངས་མེད་པའོ། །སེམས་བསྡུས་པ་ནི་ཡང་དག་པའི་སེམས་སོ། །སེམས་རྣམ་པར་གཡེངས་པ་ནི་དེ་ལས་གོ་བཟློག་པའོ། །སེམས་མི་ཟད་པའི་རྣམ་པ་ནི ་གཞལ་བྱ་མི་ཟད་པ་ཉིད་ཀྱིས་ན་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སེམས་སོ། །སེམས་འདོད་ཆགས་དང་བཅས་པ་ལ་སོགས་པའི་ཉོན་མོངས་པ་དང་བཅས་པ་དང། ཉོན་མོངས་པ་མེད་པའི་སེམས་སོ་།སེམས་རྒྱ་ཆེན་པོ་ལ་སོགས་པ་ནི་རྒྱ་ཆེ་བ་ཉིད ་ཀྱི་ཕྱིར་དང་ཁྱབ་བའི་ཕྱིར་དང་གྲངས་དང་ཚད་དག་གིས་གཞལ་བར་མི་ནུས་པ་ཉིད་ཀྱི་ཕྱིར་དང། དཔེ་མེད་པའི་ཕྱིར་དང་དབང་པོ་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སེམས་གཡོ་བ་ལ་སོགས་པ་ཞེས་བྱ་བ་གཡོ་བ་དང་མི་གཡོ་བ་ནི་རང་གི ་ཡུལ་ལ་སྒྲུབས་པ་དང་དགག་པའི་སྒོ་ནས་འཇུག་པའོ། །དེ་ལས་སྐྱེས་པའི་སེམས་ནི་གཡོ་བའོ། །སོགས་པའི་སྒྲས་ནི་སེམས་མི་གཡོ་པ་ཞེས་བཤད་པ་ཡིན་ནོ། །གཡོ་པ་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རྣམ་པ་ཅན་ནི་སྔར་བཤད་པའི་གཡོ་བ་དང་མི་གཡོ་བདག་སྟོང་པའི ་བདག་ཉིད་དོ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྟོགས་པ་ཅི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྟོང་པ་ཉིད་ཤེས་པའོ། །དེ་གཞན་ལ་བསྟན་ཅིང་བཏགས་པ་ནི་གདུལ་བྱ་རྣམས་ལ་དེ་ཁོ་ན་ཉིད་སྟོན་པ་དང། ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཉིད་ཀྱིས་དེ་རྣམ་པར ་འཇིག་པའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་འབྱུང་པ་ཞེས་བྱ་བ་ལ་སོགས་པ་འདི་རྣམས་ཇི་ལྟ་བ་བཞིན་དུ་རྗེས་མི་དམིགས་པའི་ཤེས་པའི་བར་གྱི་རྣམ་པས་དེ་ལ་མི་དམིགས་པའི་ཤེས་པའི་ཁྱད་པར་རོ། །རྣམ་པ་བཅུ་དྲུག་གི་ཚུལ་བཞིན་དུ་ཞེས་བྱ་བ་ཐ་དད་པ་ཉིད་དུའོ ་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ནི་སྔར་བཤད་པ་རྣམས་མཚོན་ཅིང་ཤེས་པས་ན་ཤེས་པའི་བདག་ཉིད་ཅན་གྱི་མཚན་ཉིད་ནི་ཤེས་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ངོ་བོ་ཉིད་དང་རྟེན་མེད་པ་དང་ནམ་མཁའ་ཨི་མཚན་ཉིད་སྟེ་གསུམ་ནི་མྱ་ངན ་ལས་འདས་པ་དང་ཆོས་ཀྱི་དབྱིངས་དང། དེ་བཞིན་ཉིད་ཀྱི་ཡེ་ཤེས་རྣམས་ཡིན་ནོ། །ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་ལ་སོགས་པ་ལ་བདག་ལ་སོགས་པར་སྒྲོ་མི་འདོགས་པས་སྟོང་པ་ཉིད་ལས་མཉམས ་པའོ། །འདུ་མི་བྱེད་པ་ནི་ཡང་དག་པར་ན་ཕུང་པོ་ལ་སོགས་པ་མེད་པའོ། །རྣམ་པར་མི་རྟོག་པ་ནི་རྣམ་པར་རྟོག་པ་མེད་པའོ། །རབ་ཏུ་དབྱེ་བ་ནི་སྣ་ཚོགས་པ་ཉིད་དོ། །མཚན་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་ཆགས་པ་མེད་པའོ། །དེ་ནི་ཉིད་ཀྱི་ཆོས་བསྟེན་ནས་ཞེས ་བྱ་བ་ལ་སོགས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་ལེའུར་བྱས་པའི་དོན་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་ཉིད་ཀྱི་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་པར་བྱའོ། །ཉིད་ཀྱི་ཆོས་ལ་བརྟེན ་ནས་གནས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པའི་སྤྱོད་ལམ་བཞིའི་རྣམ་པའོ། །གུས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པ་ཞེས་བྱ་བར་དོན་གཅིག་གོ། བྱེད་པ་མེད་ཉིད་ནི་བྱེད་བ་པོ་མེད་པས་འབྲས་བུ་མེད་པ་ཉིད་དོ། །ཐམས་ཅད ་དུ་འགྲོ་བ་ནི་གདུལ་བྱའི་དབང་གིས་སོ། །མ་མཐོང་བའི་དོན་སྟོན་པ་ནི་དེ་ཁོ་ན་ཉིད་དུ་གཟུགས་ལ་སོགས་པ་མ་མཐོང་བ་སྟོན་པའོ། །འཇིག་རྟེན་སྟོང་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་སྟོང་པ་ཉིད་ཡིན་པའི་ཕྱིར་དང། དེ་བཞིན་དུ་བརྗོད་པའི་ཕ་ཡིར་དང། ཤེས ་པར་མཛད?་པའི་ཕྱིར་དང། སྟོན་པར་མཛད་པ་ཡིན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་པའི་ཕྱིར་དང། ཞི་བ་ཉིད་ཡིན་པའི་ཕྱིར་དང། འགོག་པ་ཉིད་ཡིན་པའི་ཕྱིར་དང། འདུ་ཤེས་མེད་པ་ཉིད ་ཡིན་པའི་ཕྱིར་རོ། །ཁྱད་བར་གྱི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །བསམ་གྱིས་མི་ཁྱབ་པ་དང་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གྱི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ ་ལ་སོགས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པས་ལེགས་པར་ཡོངས་སུ་བཟུང་བའི་ཤེས་རབ་ཀྱི་སྟོབས་ཀྱིས་བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་དང་གཞལ་དུ་མེད་པ་དང། བགྲང་དུ་མེད་པ་ཉིད་ཡིན་པས་བསམ་གྱིས་མི་ཁྱབ་པ་ཉིད་དང ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འཕགས་པའི་གང་ཟག་ཅེས་བྱ་བ་ལ་སོགས་པས་ཡུམ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་དང། དེ་འཕགས་པ་རྣམས་དང་རྗེས་སུ་འབྲེལ་པ་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བཤད ་དོ། །སྐྱེས་བུ་མཁས་པ་ཞེས་བྱ་བ་ལ་སོགས་པ་ནི་ཚད་མ་ལ་མཁས་པས་རྟོགས་པར་བྱ་བ་ཡིན་པའམ། རྣལ་འབྱོར་པའི་རང་རིག་པ་ཉིད་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡུལ་དང་དུས་ཀྱིས་ཆོད་པའི་དངོས་པོ་ཕྲ་མོ ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །རང་གི་ལུགས་ལས་ཤེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བསྐལ་པ་གྲངས་མེད་པ་གསུམ་མམ། དེའི་ཕྱེད་དམ་དེ་དག་ཀྱང་ཉུང་བས་མྱུར་པར་ཡང་དག་པར་ཡེ་ཤེས་ཐོབ་པར་གསུངས་པ་ཡིན་པའི་ཕྱིར་རོ། ་ཀུན་རྫོབ་དང་ཅེས་བྱ་བ་ལ་སོགས་པ་སྨོས་པ་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པའི་བྲི་བ་མེད་པ་ཉིད་དང་གང་བ་མེད་པ་ཉིད་ཡིན་ཏེ། ཀུན་རྫོབ་ཀྱི་དབང་གིས་བསགས་པ་ཉེ་བར་དམིགས་པའི་ཕྱིར་རོ། །དོན་དམ་པར་བྲི་བ་མེད་པ་དང་གང་པ་མེད་པ་ནི་དངོས་པོ་མེད་པ་ཉིད་ཀྱིས ་ཐ་སྙད་དུ་བྱ་པའི་གཟུགས་ལ་སོགས་པ་མ་མཐོང་པའི་ཕྱིར་རོ། །འཁོར་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་ན་སྦྱིན་པ་ལ་སོགས་པ་ལ་སྦྱིན་པར་བྱ་བ་ལ་སོགས་པར་མ་དམིགས་པར་དྲག་ཏུ་རབ་ཏུ་བསྒྲུབ་པ་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཞེས་བྱ་བ་ལ་སོཌ ་པ་ནི་འཁོར་གསུམ་ཡོངས་སུ་དག་པས་བསོད་ནམས་དང་ཡེ་ཤེས་བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པས་ཐོབ་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ལ་ཕྱི་དང་ནང་གི་དངོས་པོ་རྣམས་ལ་དག་པ་ཉིད་དུ་དམིགས་པ་ཡིན་པའི ་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་པ་དགོན་ཡུམ་ཤེས་པ་ལ་གནས་པ་ཡིད་པར་མི་འཐད་པའི་ཕྱིར་རོ། །སྨོན་ལམ་ཞེས་བྱ་པ་ལ་སོགས་པ་དང། དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་མ་ཚད ་པ་མེད་པ་ཙམ་དང་རྗེས་སུ་འབྲལ་པ་དང་འཚམ་པ་ཉིད་དུ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །མངོན་པར་ཞེན་པའི་རོ་མྱོང་པ་མེད་པ་ནི་ཆགས་པ་མེད་པ་ལ་ཡང་མ་ཞེན་པ་སྟེ་།འཚང་རྒྱ་བ་ཉིད་ཀྱི་གནས་སྐབས་སུ་ནི་དེ་ཡང་སྤྲང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བཅུ་དྲུག ་གི་བདག་ཉིད་ཞེས་བྱ་བ་ནི་ཁྱད་པར་གྱི་བདག་ཉིད་བཅུ་དྲུག། འདིས་ཅི་ཞིག་ནི་མཚོན་འདིའི་ཁྱད་པར་ནི་ཇི་ལྟ་བུ་ཞིག་ཡིན་པ་དང་ཇི་ལྟར་ན་ཁྱད་པར་གྱི་ལམ་དུ་བསྟན་པ་ལ་བརྟེན་པ་ཡིན་ཞེ་ན། དེའི་ཕྱིར་གོ་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ་དེ་ལྟར་བཅུ་དྲུག་པོ་ནི་གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་པ་བདེན་པ་སྐད་ཅིག་མ་རྣམས་ཀྱི་རེ་རེ་ཞིང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ལ་མཚན་ཉིད་བཞི་བཞི་ཡིན་ལ་ལམ་ཤེས་པ་ལ་སོགས་པ་གཉིས་ནི་ཞེས་བྱ་བ ་ལམ?་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དག་ཉན་ཐོས་ལ་སོགས་པའི་ལམ་སྔར་གསུངས་པ་རྣམས་ལས་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི ་ཁྱབ་པར་ཀྱི་དབྱེ་བ་བསྟན་པ་གང་ཡིན་པས་ཁྱད་ཞུགས་ཤིང་རྫོགས་པའི་བྱང་ཆུབ་ཀྱི་ཐབས་ཉིད་ཡིན་པའི་ཕྱིར་ཁྱད་པར་གྱི་ལམ་ཡིན་སྟེ། སྔར་བཤད་པའི་བསམ་གྱིས་མེ་ཁྱབ་པ་ལ་སོགས་པའི་ཁྱད་པར་དུ་འཕགས་པའི་བདེན་པ་བཞིའི་མཚན་ཉིད་དོ། །འདིར ་ཉན་ཐོས་ལ་སོགས་པའི་ལམ་བརྗོད་པར་ཡང་རིགས་པ་མ་ཡིན་ནམ་གཞན་དུ་ན་ཁྱད་པར་ཁོང་དུ་ཆུད་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ལམ་སྔར་བཤད་པ་ལས་ཉན་ཐོས་ལ་སོགས་པ་དེ་དག ་གི་ནི་ཙ་སྐད་དུ་བཤད་པའི་ཁྱད་པར་དང་བྲལ་བ་སྟེ། བསམ་གྱིས་མི་ཁྱབ་པ་ལ་སོགས་པས་སྟོང་པའི་འཕགས་པའི་བདེན་པ་བཞིའི་ལམ་ཡིན་ནོ། །དེ་ལྟར་ན་ཡང་ཅིའི་ཕྱིར་མ་བཤད་ཅེ་ན། མངོན་པར་ཤེས་པ་ལ་སོགས་པའི་སྐྱེ་བའི་མཚན་ཉིད་ཀྱིས་ཞེས་བྱ་བ ་མཉམ་པར་བཞག་པ་ལས་མིག་ལ་སོགས་པའི་མངོན་པར་ཤེས་པའི་ཕྱོགས་གཅིག་པའི་ཤེས་པའི་མཚན་ཉིད་ཡིན་ཞེས་སོགས་པའི་སྒྲས་འདོད་པའི་འདོད་ཆགས་དང་བྲལ་བ་ཉིད་ལ་སོགས་པ་སྐྱེད་པ་ཉིད་ཀྱིས་ན། གོ་སླ་བའི་ཕྱིར་དང་ལུགས་དང་བྱང་ཆུབ ་སེམས་དཔའ་ཨི་ཚུལ་ལས་གྲགས་པའི་ཕྱིར་མ་བཤད་དོ། །དེ་ལྟར་ཁྱད་པར་གྱི་མཚན་ཉིད་ཀྱིས་དེ་སྔར་བཤད་པས་སོ། །མཚམས་བཅད་པ་ནི་ཉན་ཐོས་ལ་སོགས་པའི་ལམ་རྣམས་ལས་ཐ་དད་པར་བྱས་པའི་བདེན་པ་བཞིའིའོ། །བྱེད་པ་ཞེས་བྱ་བ་གང ་ཞིག་ཡིན་ཞེ་ན། བྱེད་པ་པོའི་མཚན་ཉིད་ནི་ཕན་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་མ་འོངས་པའི་ཕན་པ་དང་ཚེ་འདིའི་བདེ་བ་ནི་འཇིག་རྟེན་པ་ཕ་རོལ་པོའི་དང། འཇིག་རྟེན་འདི་པའི་ལུས་དང་སེམས་ཀྱི་བདེ་བ་དང ་ཡིད་བདེ་བའོ། །སྡུག་བསྔལ་མེད་པའི་རྣམ་པར་སྨིན་པ་ནི་བཏང་སྙོམས་ཏེ་ལུང་དུ་མ་བསྟན་པའི་སེམས་ཡིན་ལ་དེ་ཉིད་ནི་རྣམ་པར་སྨིན་པ་མ་ཡིན་པ་སྟེ། བདེ་འགྲོ་དང་ངན་འགྲོའི་འབྲོས་བུ་འབྱིན་པ་མ་ཡིན་པའི་ཕྱིར་རོ། །འདི་རྣམས་ཀྱི་ཆོས་ཉིད་ནི་རྗེས་སུ་མཐུན་པ་ལ་སོགས་པའི ་རང་བཞིན་ནོ། །དེའི་ཉེ་བར་བསྒྲུབ་པ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་ཞུགས་པའི་འཕགས་པའི་བདེན་པ་བཞི་བསྒོམ་པ་པོ་ལ་སྟེང་བའོ། །རྒྱུ་དེས་ན་ཕན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གཏན་དུ་ཞེས་བྱ་བ་ལ་སོགས་པ་ནི་སྡུག་བསྔལ་ལམ། ་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པར་བྱེད་པ་མ་འོངས་པ་ན་ཕན་པའི་མྱ་ངན་ལས་འདས་པའི་བདེ་བའོ། །འཁོར་བཞེས་བྱ་བ་ལ་སོགས་པ་ནི་འཁོར་བ་དང་ཞི་བ་མཉམ་པ་ཉིད་དུ་ཤེས་པའོ། །རང་དང་ཞེས་བྱ་བ་ལ་སོགས་པ་ནི་བདག་དང་གཞན་གྱི་ངེས་པར་ལེགས་པ་དང་མངོན་པར ་མཐོ་བའི་རྒྱུ་ཉིད་དོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་ནི་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་སྒྲུབ་པའོ། །སེམས་ཅན་གྱི་དོན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དོན་ལ་ཤིན་ཏུ་བསླབས་པས་ཕ་རོལ་གྱི་དོན་ལ་འབད་པ་མེད་པར་འཇུག་པའོ། །ཐེག་པ ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ། །དེ་ལྟར་བདུན་པོ་འདི་རྣམས་དུས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ལ ་སོགས་པས་ཁྱད་ཞུགས་པའི་འཕགས་པའི་བདེན་པ་བཞི་བསྒོམ་པར་རབ་གྱི་མཐར་ཕྱིན་པའི་དུས་ལས་མི་འདའ་བའ་ཨི་རིམ་གྱིས་ཐོགས་པ་མེད་པར་གཞན་གྱི་དོན་ཇི་ལྟ་བ་བཞིན་དུ་ཡང་དག་པར་ཉེ་བར་སྒྲུབ་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གང་གི་ཆོས་ཐམས་ཅད་ནི་སེམས་བསྐྱེད་པ་ལ་སོགས་པའོ། །དེ་སྟོན་པ་ཉེ་བར་སྒྲུབ་པ་ནི་དོན་གྱིས་ན་རྟེན་གྱི་མཛད་པ་སྟེ། གདུལ་བྱ་རྣམས་ཀྱི་རྟེན་ཉིད་ནི་གཅིག་སྟེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། ། ་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེའི་འབྲས་བུའི་བརྟགས་གནས་ངན་ལེན་གྱི་མཚན་མ་ནི་ལུས ་ལ་སོགས་པའི་ཉེས་པ་གང་ཡིན་པ་དང། དེའི་མཚན་མཚུལ་བཞིན་མི་ཡིན་པའི་ཡིད་ལ་བྱེད་པ་སྟེ། །འདོད་ཆགས་ལ་སོགས་པའི་རྒྱུ་མཚན་གྱི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའོ། །སོགས་པའི་སྒྲས་ནི་དག་འཁྱལ་པ་ལ་སོགས་པ་སྟེ་དེའི་རྣམ ་པར་རྟོག་པའི་འོ། །འདོད་ཆགས་དང་འདོད་ཆགས་མེད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་སྟེ། ཉོན་མོངས་པ་དང་ལམ་དག་གིས་བསྡུས་པ་དག་ནི་སྟོད་པ་ཉིད་ཀྱིས་ན་འདི་སྣམས་མེད་པ་ཡིན་པའི་ཕྱིར་དབེན་པའི་ངོ་བོ་ཉིད་སྟེ། ཉོན་མོངས ་པ་དང་རྟགས་དང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་ནི་དབེན་པའི་བདག་ཉིད་ཡིན་ནོ། །དོན་དམ་པར་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་ཨེད་པ་ལ་མྱ་ངན་ལས་འདའ་བ་མི་རིགས་པའི་ཕྱིར་རོ། ། ་ཐེག་ལ་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་ས་བརྒྱད་པར་གཏོགས་པའི་ཐེག་པ་ཆེན་པོ་ལ་གནས་པ་ནི་ངེས་པར་ཉན་ཐོས་ལ་སོགས་པའི་ལམ་དུ་མི་ལྷུང་བ་ཡིན་པའི་ཕྱིར་རོ། །ཡུན་རིང་པོ་རས་ཞེས་བྱ་བ་ལ་སོགས་པ་ནི་བསྐལ་པ་གྲངས་མེད་པ་གསུམ་ལས་ངེས ་པར་འབྱུང་པའི་འཚང་རྒྱ་བ་ཉིད་ཀྱི་མཆོག་དང་རབ་དང་ཐུ་པོ་དང། རབ་མཆོག་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་སྒོ་ནས་ངོམས་པ་མེད་པ་ཉིད་སློབ་པ་ཡིན་པའི་ཕྱིར་རོ། །བསྒོམ་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་བསྒོམ ་བྱ་བ་པ་སོགས་པ་ཡོད་པ་མི་འཐད་པའི་ཕྱིར་རོ། །དངོས་པོར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ནི་སྔར་བཤད་པ་སྟེ། དེས་ཡང་དག་པར་བསྡུས་པའི་དངོས་པོའི་ཁྱད་པར་ཕྱི་དང ་ཉིད?་གི་བདག་ཉིད་ཅན་གྱི་ལམ་གྱི་བདག་ཉིད་དེ་ལ་དམིགས་པའོ། །འཇིག་རྟེན་ནི་ཕྱི་རོལ་གྱི་བསྟན་བཅོས་ལ་མངོན་པར་དགའ་བའོ། །དེ་རྣམས་ཀྱི་སྒྲུབ་པ་གང་ཡིན་པའི་སྒྲ་ནི་ཚངས་པ་རྟག་པ་ལ་སོགས་པར་བརྗོད་པའི་རང་གི་འཛིན་པ་ལ་སོགས་པ་དེ་རྣམས་ལས ་?་པ་ལ་སོགས་པ་ལས་བཟློག་པ་སྟེ། དེའི་བསྟན་བཅོས་དང་དག་ལ་བའི་ཆོས་དང་གང་ཟག་ལ་བདག་མེད་པ་སྟོན་པའི་ཡུམ་ཉན་པ་དང། གཞུང་འཛིན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་སྟོན་པ་ཡིན་ལ་དེ་ཉིད་ནི་མི་མཐུན་པ་ཡིན་ཏེ། འཇིག་རྟེན་དང་འགལ་བའི ་ཤེས་པ་གཟུགས་ལ་སོགས་པ་བདག་མེད་པའི་ཤེས་པ་ནི་ཚད་མ་དང་འགལ་བར་འཛིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཐོགས་པ་མེད་པར་ཤེས་པ་ནི་གཟུགས་ལ་སོགས་པ་ཚད་མ་དང་མི་འགལ་པའི་ཀུན་རྫོབ་ཀྱི་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ། ་ཤེས་བྱ་དང་ཤེས་པ་མི་དམིགས་པས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མེད་པས་གཞི་མེད་པ་སྟེ། རྟེན་མེད་པའོ། །དེ་བཞིན་ཉིད་ཀྱིས་འགྲོ་བ་མེད་པ་ནི་དེ་བཞིན་ཉིད་ཀྱིས་འགྲོ་བ་མི་རིགས་པ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ནི་སྟོང་པ། ་ཉིད་ཡིན་པས་གཟུགས་ལ་སོགས་པ་སྐྱེ་བ་མི་འཐད་པ་ཡིན་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཅིག་པ་ཉིད་ཀྱིས་ན་ཚུལ་གསུམ་གྱི་བོ་བོར་མི་འཐད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་ལས ་ཐ་དད་པར་བཤད་པའི་མཚན་ཉིད་རྟོགས་པ་མེད་པས་སྦྱོར་བ་ནི་མཚན་ཉིད་ཁོ་ནར་མི་འཐད་པས་སྦྱོར་བ་དག་མཚན་ཉིད་དང་ལྡན་པ་བཞིན་དུ་ཞེས་སྨོས་པ་ཡིན་ནོ། །ཐར་པའི་ཆ་དང་འཐུན་པའི་ཚིག་ལེའུར་བྱས་པ་ནི་མཚན་མ་མེད་ཅེས་བྱ་བ་ལ་སོགས་པ ་ཡིན་ཏེ། མཚན་མ་མེད་པ་ནི་བདག་མེད་པའོ། །དེས་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་ལ་ཡང་དག་པར་སྒྲུབ་པ་ནི་ཉམས་སུ་ལེན་པ་ཐོབ་པ་གང་ཡིན་པའོ། །དེ་ལ་མཁས་པ་ནི་དད་པ་ལ་སོགས་པའོ། །མཚན་མ་མེད་པར ་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ཡིན་ཏེ། མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་དམིགས་པའི་སེམས་སོ། །སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད ་ལ་ཐུག་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པ་རྣམས་སོ། །རང་གི་རྒྱུད་ལ་སྐྱེད་པ་ནི་ཉམས་སུ་ལེན་པ་ཉིད་ཀྱིས་རྣལ་འབྱོར་པའི་སེམས་ལ་ངེས་པར་སྐྱེད་པ་སྟེ་དེ་ལ་མཁས་པའོ། །དད?་པ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོག་པ ་རྟོགས་པ་འདི་ལ་སྟེ། དེའི་སྦྱོར་བ་ཤེས་པའི་སྐབས་སུ་ཐར་པའི་ཆ་དང་མཐུན་པ་སྟེ། ཉོན་མོངས་པ་དང་བྲལ་བའི་ཁྱད་པར་དང་རྗེས་སུ་མཐུན་པ་ཡིན་པར་རྒྱལ་བ་རྣམས་འདོད་ཅིང་བཤད་དེ་།དགེ་བའི་རྩ་བ་ཉིད་ཡིན་པའི་ཕྱིར་བླང་བར་བྱ་བ་ཉིད་དུ་མངོན ་པར་བཞེད་དོ། །གཞན་དུ་ན་འཇིག་རྟེན་པའི་སྒོམ་པ་རང་བཞིན་གྱི་དང་པ་ལ་སོགས་པ་ཙམ་ནི་གདུལ་བྱའི་རྒྱུ་ལ་ལམ་བསྐྱེད་པར་ངེས་པ་མེད་པ་ཡིན་ལ། འདིར་ངེས་པ་ནི་ཐར་པའི་ཆ་དང་མཐུན་པ་ཡིན་པར་བཤད་དོ་ཞེས་བྱ་བར་དགོངས་སོ། །སངས ་རྒྱས་སོགས་ཞེས་བྱ་བ་ལ་སོགས་པའི་མཁས་པའི་ཚིག་ལེའུར་བྱས་པ་རྣམ་པར་འབྲེལ་པ་ནི་དང་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དད་པ་ལ་སོགས་པ་ནི་དཀོན་མཆོག་གསུམ་ལ་མངོན་པར་ཡིད་ཆེས་པ་ལ་སོགས་པའི་རྣམ་པའོ། །ཁྱད་པར་ཅན་དབང ་པོའི་ངོ་བོ་ཉིད་མ་ཡིན་པ་ནི་དབང་པོའི་དོན་མེད་པའི་ཕྱིར་གཞན་པ་དད་པ་ལ་སོགས་པའོ། །གྲངས་བཞིན་དུ་སངས་རྒྱས་ནི་རྫོགས་པའི་སངས་རྒྱས་སོ། །སྦྱིན་པ་ནི་གཏོང་པའོ། །བསམ་པ་ཕུན་སུམ་ཚོགས་པ་ནི་དགེ་པ་འདོད་པ་ཉིད་ལ་སོཌ་པའོ། །རྣམ་པར་མི་རྟོག་པ ་ནི་ལས་དང་བྱེད་པ་པོ་དང་བྱ་བ་མི་དམིགས་པའོ། །ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པའོ། །རྣམ་པ་ཐམས་ཅད་ནི་རང་དང་སྦྱིའི་ཚུལ་གྱིས་ཡོངས་སུ་ཤེས་པ་སྟེ། དེ་ལ་སོགས་པའི་ཡུལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི ་སྤྱོད་ཡུལ་གྱི་ཐབས་རྣམ་པ་ལྔ་ལ་མཁས་པའོ། །ཅི་ཐབས་མཁས་པ་ཡོད་པ་ཁོ་ནས་བྱང་ཆུབ་འཐོབ་པའམ་འོན་ཏེ་མ་ཡིན་ཞེ་ན་དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡོད་པ་ཙམ་གྱིས་ཞེས་བྱ་བ་དང་པ་ལ་སོགས་པ་ཡོད་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མ ་ཡིན་ཞིང་ཀུན་རྫོབ་ཏུ་སྐྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་ཉིད་ཡིན་ཏེ། བྱང་ཆུབ་ཀྱི་ལམ་འདི་ནི་བསམ་གྱིས་མི་ཁྱད་པ་ཡིན་པས་དད་པ་ལ་སོགས་པ་རྣོ་ཞིང་གསལ་བ་ཆེན་པོས་ནི་བསྐལ་བ་གྲངས་མེད་པ་གསུམ་དུ་གོང་ནས་གོང་དུ་བསླབས་པ་མཆོག་ཏུ ་གྱུར་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་བར་ཤེས་པར་བྱ་ལ་དེ་དག་ཉིད་བརྟུལ?་པོས་ནི་ཞེས་བྱ་བ་དེ་མངོན་སུམ་དུ་བྱེད་པར་མི་ནུས་པའི་དད་པ་ལ་སོགས་པ་ཆུང་དུས་ནི་རྟོགས་པར་དཀའ་ཞིང་ཤེས་པར་དཀའ་པ་ཡིན་ནོ། །འདིར་དད་པ་ལ་སོཌ ་པ་ཡོད་པ་ཙམ་གྱིས་ཞེས་བྱ་བ་དང་དེ་ཉིད་ལས་སྨོས་པས་ཡང་དག་པར་ན་བྱང་ཆུབ་ཀྱི་ཐབས་རྣམ་པ་གཉིས་ཡོད་པས་དེ་ནི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་ཡེ་ཤེས་ཆེན་པོ་དང་འབྲིང་དང་ཆུང་དུའི་བྱེ་བྲག་གིས་བྱང་ཆུབ་གསུམ་གྱི་དབྱེ་བ ་སྟོན་པ་ཡིན་ལ། དེ་བས་ན་ཆེན་པོས་ནི་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱ་བར་སྟོན་པས། དེ་ལས་གཞན་པའི་དད་པ་ལ་སོགས་པ་མ་སྨོས་སུ་ཟིན་ཀྱང་དེའི་ཤེས་པའི་དབང་གིས་འབྲིང་དང་ཆུང་ཉིད་ཐོབ་པ་རྣམས་ཀྱི་རང་སངས་རྒྱས་དང་ཉན་ཐོས་ཀྱི་བྱང་ཆུབ ་ཀྱི་བྱ་བ་ནི་གཞན་དུ་བྱ་བར་མི་ནུས་པས་ཐེག་པ་ཆེན་པོ་ཐམས་ཅད་དུ་བྱང་ཆུབ་གཉིས་པོ་ནི་རྫོགས་པའི་བྱང་ཆུབ་ལས་གོ་བཟློག་པར་བསྟན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་ཤུགས་ཀྱིས་འཕངས་པ་ཡིན་ནོ། །དྲོ་བ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ངེས་པར་འབྱེད ་པའི་ཆ་དང་མཐུན་པའི་ཚིག་ལེའུར་བྱས་པ་ནི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པ་ཡིན་ཏེ། ཚུལ་ངན་པ་མེད་པ་དང། ད་ལྟར་དང་མ་འོངས་པའི་དོན་བསམ་པ་ཉིད་དག་དང། ང་རྒྱལ་བཅོམ་པ་ཉིད་དང་མངོན་པར་འཚོ་བ ་མེད་པ་ཉིད་ཡིན་པའི་ཕྱིར་གོ་རིམ་བཞིན་དུ་མཉམ་པ་དང་ཞེས་བྱ་བ་ལ་སོགས་པའི་སེམས་ལྔ་ཡིན་ནོ། །དེ་རྣམས་ཀྱི་ཕ་དང་མའི་སེམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྩེ་མོང་རྟོགས་པའི་ནི་འདོར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མདོར་ཞེས ་བྱ་བ་ནི་དབྱེ་བ་ལ་བལྟོས་པ་མེད་པའོ། །མི་དགེ་བ་ནི་ཆགས་པ་ལ་སོགས་པའོ། །དགེ་བ་ནི་དེ་ལས་གོ་བཟློག་པ་ལ་ཉམས་པ་དང། ལེན་པའི་སྒོ་ནས་ཞེས་བྱ་བ་ནི་སྤང་བ་དང་བླང་བའི་དབང་གིས་གཞན་རྣམས་སྡིག་པ་ལས་ལྡོག་པ་དང། དགེ་བ་ལ་གནས་པ་དག་ལ་སྦྱོར? ་?་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །དགེ་བ་དང་མི་དགེ་བ་དག་ནི་གཉིས་ཡིན་པའི་ཕྱིར་རྣམ་པ་གཉིས་སོ། །དེ་བཞིན་དུ་ཞུགས་པ་རྣམས་ལ་རང་དང་གཞན་སྡིག་པ་ལས་ལྡོག་པ་དང་དགེ་བ་ལ་སྦྱོར་བ་ནི་གཞན་དག་ལ་སྔགས་པ་བརྗོད་པ་དང་མཐུན་པར་བྱེད་པའོ།། ་བསྔགས?་པ?་སྨྲ་བ་དང་མཐུན་པར་བྱེད་པ་གཉིས་ཡིན་པས་རྣམ་པ་གཉིས་ཡིན་ནོ། །སྦྱར་བར་བྱ་བ་དང་སྦྱོར་བ་པོ་དང་།དེའི་ཡུལ་མཛའ་ཡས་པའི་ཕྱིར་རྣམ་པ་རྣམས་ནི་ཡང་དག་པར་ན་མཛའ་ཡས་པ་ཡིན་པས་དེའི་ཆོས་ཀྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པ་སྐྱེས་པ ་ཡིན་ཏེ། དེ་ལྟར་དེ་རྣམས་ཀྱི་སེམས་ཅན་ལ་དམིགས་ཤིང་ཡུལ་དུ་བྱས་པ་ནི་རྩེ་མོར་གྱུར་པ་ཡིན་ནོ། །བདག་ཉིད་བྱ་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྩེ་མོར་གྱུར་པ་ལ་ཞེས་བྱ་བ་ལ་སོགས་པས་ནི་དང་གཞན་ཞེས་བྱ་བ་ལ་སོགས་པའི་བཤད་པ་ཡིན་ནོ།། ་སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་མཆོག་དེ་བཞིན་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །ཡང་ངེས་པར་འབྱེད་པའི་ཆད་དང་མཐུན་པ་འདི་རྣམས་ནི་ཆུང་དུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རེ་རེ་ཞིང་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལ་དྲོ་བར ་གཏོགས་པ་ཆུང་དུའི་ནི་མཉམ་པ་དང་བྱམས་པའི་སེམས་དག་ཡིན་ཏེ། དེ་ཉིད་ཀྱི་ཚེ་གཞན་ལ་འཚེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲིང་གི་ནི་ཕན་པ་ལ་སོགས་པའི་སེམས་གསུམ་གྱིས་མ་འོངས་པའི་གཞན་ལ་ཕན་པའི་བསམ་པ་ཉིད་ཡིན་པའི་ཕྱིར་རོ། །ཆེན་པོ་ཡི་ནི་པ ་ལ་སོགས་པའི་སེམས་བསྐྱེད་པས་དེའི་ཚེ་ཕྱི་དང་ཕྱི་མ་དག་ཏུ་གཞན་རྣྣམས་ཀྱི་འདོད་པ་ཉེ་བར་སྒྲུབ་པ་འདོད་པ་ཉིད་ཡིན་པའི་ཕྱིར་བསྟན་པ་ཡིན་ནོ། །རྩེ་མོར་གཏོགས་པ་ཆུང་དུའི་ནི་བདག་དང་གཞན་སྡིག་པ་ལས་ལྡོག་པ་ལ་སྦྱོར་བ་དང། གཞན་རྣམས་ཀྱི་སྡུག་བསྔལ་གྱི ་རྒྱུད་ལས་ལྡོག་པར་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །འབྲིང་གི་ནི་སྦྱིན་པ་ལ་སོགས་པ་ལ་རང་དང་གཞན་གནས་པས་གཞན་རྣམས་ཀྱི་དགེ་པའི་རྒྱུ་ལ་སྦྱོར་བར་མངོན་པར་འདོད་པ་ཡིན་པའི་ཕྱིར་རོ། །ཆེན་པོ་ཡི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་གཉིས་བསྒོམ་པ་ལས་བདག ་དང་གཞན་ཞུགས་པས་གཞན་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་ལ་ཕྱིན་ཅི་ལོག་པ་སྤང་བའི་བསམ་པ་ཉིད་ཡིན་པའི་ཕྱིར་རོ། །བཟོད་པ་ནི་ཆུང་དུ་དང་འབྲིང་དང་ཆེན་པོར་བཤད་དེ། གོ་རིམ་བཞིན་དུ་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ལ་ཞུགས་པའི ་བར་གྱིས་དེ་ལྟར་གཞན་རྣམས་འཕགས་པའི་ལམ་དང་འབྲས་བུ་དང་པོ་ལ་སོགས་པ་དང། འཚང་རྒྱ་པ་ཉིད་ལ་སྦྱོར་བར་འདོད་པ་ཉིད་ཡིན་པའི་ཕྱིར་བཤད་མོད་ཀྱི། འོན་ཀྱང་བཟོད་པ་ཆེན་པོ་ནི་སྐད་ཅིག་མ་དུ་མར་བཟུང?་བར་བྱའོ། །ཆོས་ཀྱི་མཆོག་ཆུང་དུ་དང་འབྲིང་དང་ཆེན ་པོ་ནི་གོ་རིམ་བཞིན་དུ་གཞན་རྣམས་ཁྱད་པར་མེད་པར་ཐེག་པ་གསུམ་ལ་སྨིན་པར་བྱ་པའི་ཕྱིར་དང། །བྱང་པར་དུ་བྱང་ཆུབ་སེམས་དཔའ་ཨི་ལམ་ལ་སྦྱང་བར་བྱ་བའི་ཕྱིར་དང། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རབ་ཀྱི་མཐར་ཐུག་པར་འདོད་པ་ཉིད་ཡིན་པའི་ཕྱིར་སེམམས་ཅན། ་ཡོངས་སུ་སྨིན་པར་སྒྲིབ་པ་མེད་པའི་ངོར་དམ་བཅས་པའི་ཚིག་གསུངས་པ་ཡིན་ནོ། །ཆོས་མངོན་པ་ལས་ཇི་ལྟར་བཟོད་པ་ཆེན་པོ་སྐད་ཅིག་མ་གཅིག་ཡིན་པ་ལྟར་ཆོས་ཀྱི་མཆོག་ཀྱང་དེ་བཞིན་ནོ་ཞེས་གང་གསུངས་པ་དེ་ནི་རང་གི་དོན་གྱི་དབང་དུ་མཛད་པ་ཡིན་ལ། འདིར་ནི ་གཞན་གྱི་དོན་ལ་བརྟེན་པ་རྣམས་ཀྱི་ཆུང་དུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གི་བཤད་པ་ཡིན་ཏེ། གཞན་གྱི་དོན་ལ་བརྩོན་པའི་རབ་དང་མཆོག་གིས་གནས་སྐབས་དག་སྲིད་པས་འདི་དང་དེ་ལ་འགལ་བ་མེད་དོ། །མངོན་པར་རྟགས་པ་དྲུག་ཏུ་ངེས ་པར་འབྱེད་པའི་ཆ་དང་འཐུན་པ་ལ་སོགས་པ་ཅིའི་ཕྱིར་བསྟན་ཅེ་ན། རྣམ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དང་ལམ་དང་བཞི་ཐམས་ཅད་ནི་སྔར་བཤད་པའོ། །དེ་རྣམས་རྣམ་པར་བསྒོམ་པ་ནི་བྱེ་བྲག་གིས་བསམ་གཏན་གྱི་ཁྱད་པར་གྱིས་མངོན་པར ་རྟོགས་པས?་དྲུག་པོ་རྣམས་སུ་ངེས་པར་འབྱེད་པའི་ཆ་དང་འཐུན་པ་ལ་སོགས་པ་བཤད་པ་ཡིན་པར་བལྟ་བར་བྱའོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མངོན་པར་རྟོགས་པ་བཤད་པ་?་ད་མཁྱེན་པ་ཉིད་དང། ལམ་ཤེས་པ་ཉིད་དང། ཐམས་ཅད ་ཤེས་པ་ཉིད་སྟེ། གསུམ་ལ་ངེས་པར་འབྱེད་པའི་ཆ་དང་འཐུན་པ་ལ་སོགས་པ་བསྟན་པ་ཡིན་ཏེ། སྔར་བཤད་པའི་ངེས་པར་འབྱེད་པའི་ཆ་དང། ཐར་པའི་ཆ་དང་འཐུན་པ་ལ་སོགས་པ་བསྟན་པ་གསུངས་པ་ཡིན་པར་ཤེས་པར་བྱའོ་ཞེས་འོག་མ་དང་སྦྱར་བར་བྱའོ ་འདི་ན?་བརྗོད་པའི་རྒྱུ་ནི་འཇིག་རྟེན་བཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་འཐུན་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་གི་དྲེ་བ་ལ་སོགས་པའོ། །དེ་རྟོགས་པ་ནི་ཤེས་པའོ། །དེ་སྔོན་དུ་འགྲོ་བ་ནི་དེ་ནི་རྒྱུ་ཅན་ནོ། །གང ་གི་ཕྱིར་འཇིག་རྟེན་ལས་འདས་པ་ནི་ཉན་ཐོས་ལ་སོགས་པས་མ་རྟོགས་པའི་མཐོང་པའི་ལམ་དང་བསྒོམ་པའི་ལམ་གང་ཡིན་པ་དེ་དག་རྟོགས་པ་ནི་ཤེས་པ་ཡིན་ཏེ། དེ་བས་ན་ཞེས་བྱ་བར་ཤེས་པར་བྱའོ།། །།རྣམ་པ་ཀུན ་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་གསུམ་ལ་ནི་ཞེས་བྱ་བ་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་དང། རྩེ་མོ་ཐོབ་པ་དང། མཐར་གྱིས་པའི་སྦྱོར་བ་ལ་ངེས་པར་འབྱེད་པའི་ཆ་དང་འཐུན་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར ་པར་བྱའོ། །འདིར་བརྗོད་པའི་རྒྱུ་ནི་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམ་པ་ནི་གོམས་པའོ། །དེ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་གོ་རིམ་ལས་གྱུར་པའི་རབ་ཀྱི་མཛའ་སྟེ། རྒྱུ་དེས་ན་རྣམ་པ་ཐམས་ཅད་སྟེ། རྣམ་པ་ཀུན་ཏུའོ།། ་བྱད?་པར་ཀྱི་ལམ་ནི་སྔར་བཤད་པའོ། །དེས་སྡུས་པའི་ཡེ་ཤེས་ཟག་པ་མེད་པ་ནི་འདོད་ཆགས་ལ་སོགས་པས་སྟོང་པའོ། །ཆུང་དུ་དང་འབྲིང་དང་ཆེན་པོའི་རིམ་གྱིས་སྐྱེ་ཞིང་འབྱུང་བ་ཡིན་པས་དེ་ལྟར་ན་ཅིག་ཅར་སྐྱེ་བ་དགག་པར་བྱ་བའི་ཕྱིར་ཏེ། ཤེས་པ་གཅིད ་ལ་སྐྱེ་པ་བསལ་བར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་པོར་མཐོང་བ་ལ་སོགས་པའི་ལམ་ཤེས་པར་བྱེད་པའི་རྒྱུ་ཉིད་ཡིན་པས་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་ཡང་ཁྱད་པར་གྱི་ལམ་ཤེས་པའི་རྒྱུ་ཉིད་ཡིན་པས་ངེས ་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་བརྗོད་པ་ཡིན་ལ། མངོན་པར་རྟོགས་པ་གཉིས་ལ་ནི་དེ་མེད་པས་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ལ་སོགས་པ་དང། ངེས་འབྱེད་ཡན་ལག་ཅེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པས ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྦྱོར་བའི་ལམ་ལ་གནས་པ་དང། དེ་བཞིན་དུ་བཟོད་པ་དང་ཤེས་པས་བསྡུས་པའི་མཐོང་བའི་ལམ་ལ་གནས་པ་དང། རྒྱུན་དང་ལྡན་པའི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན ་བཤད་པ་ཡིན་ནོ། །དེ་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ནི་གོ་སླའོ། །ཡང་ལྡོག་པ་ཞེས་བྱ་བ་ལ་སོཌ ་པ་ལ་གཟུགས་ལ་སོགས་པས་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་རྣམ་པ་ཉི་ཤུའི་ཚིག་ལེའུར་བྱས་པའི་དོན་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །མཐོང་བའི་ལམ་ལ་གནས་པ་ཡིན་ནི་ངེས་པར་འབྱེད་པའི་ཞེས་བྱ་བ་ལ་སོགས་ ་པ་ཡིན་ནོ། །མཐོང་བའི་ལམ་ལ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐད་ཅིག་མའི་རྣམ་པ་ནི་མཚན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྣམ་པའི་ཚིག་ལེའུར ་བྱས་པའི་དོན་ནི་རང་གི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་དག་པར་ན་དོན་གྱི་བྱ་བ་ནུས་པའི་ངོ་བོ་མེད་པས་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་གཟུགས་ལ་སོགས་པའི་མངོན་སུ་མ་གྱི་ཤེས་པ་ལྡོག་པ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ ་ནི་མ་དགེ་བ་ཟད་ཅིང་ཐར་པའི་ཆ་དང་འཐུན་པའི་དགེ་བ་འཕེལ་བས་སངས་རྒྱས་ལ་སོགས་པས་བྱང་ཆུབ་པའི་བར་དུ་བྱང་ཆུབ་ཀྱི་སེམས་བསྟན་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་སེམས་བསྐྱེད་པ་ལ་སོགས་པ་གཟུང་བ ་ཉམས་སུ་ལེན་པ་ཡིན་པའི་ཕྱིར་རོ། །ཆོས་རབ་ཏུ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཐུས་གཟུགས་ལ་སོགས་པའི་ཆོས་རྣམས་སྐྱེ་བ་མེད་པར་ཤེས་པའི་ཕྱིར་རོ། །སོགས་པའི་སྐྲས་ནི་འགོག་པའི་སྙོམས་པར་འཇུག་པའོ། །འདི་དག ་ཉིད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་དེ་སྐྱེད་པའི་ཡན་ལག་ཡང་དག་པ་སྟེ་ཡང་དག་པའི་རྒྱུའོ། །དེ་རྣམས་ཡོངས་སུ་ཟད་པ་ནི་མ་ཆགས་པའོ། །མི་དགེ་བ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ནི་མི་དགེ་བ་དང་ལྡན་པ་ཁོ་ནའི་ལུས་ལ་སོགས་པ་ལས་སུ ་མི་རུང་བ་ནི་ལྕི་བ་ཉིད་ཡིན་པའི་ཕྱིར་རོ། །སེམས་ཅན་འདུལ་བ་ཞེས་བྱ་བ་ལ་སོགས་པ་ནི་བསམ་པ་ཇི་ལྟ་བ་གཞན་གྱི་དོན་གྱི་སྨོན་ལམ་མེད་པས་འདུལ་བར་མི་ནུས་པ་ཉིད་ནི་གཟུགས་ལ་སོགས་པ་ལ་ཉེ་བར་ལོངས་སྤྱོད་པ་ལ་མངོན་པར་ཆགས་པ་ཡིན་པའི་ཕྱིར་རོ། ། ་ཡུལ་གྱི་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ཏུ་སྦྱོར་བ་ལ་མངོན་པར་ཞེན་པ་ཉིད་ཡུལ་གྱི་ཉེས་དམིགས་མ་མཐོང་བ་ཉིད་ཡིན་པའི་ཕྱིར་རོ། །སྐྱེས་བུ་དམ་པ་ཞེས་བྱ་བ་ལ་སོགས་པ་ནི་སྨེ་ཤ་ཅན་ལ་སོགས་པ་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་ནི་སྡིག་པའི་རྒྱུ་ཉ་ལ་སོགས་པ ་གནོད?་ཅིང་འཆི་བའི་རྒྱུར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་ན་བདག་མེད་པའི་བསམ་པ་ཡོད་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྔར་བཤད་པ་དེ་རྣམས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་ལ་མངོན་པར་ཞེན་པ་དང་ཤིན་ཏུ་མངོན་པར་ཞེན ་བདག་ཏུ་མི་བྱ་བར་སྟེ། དེ་ལྟར་སྦྱོར་བ་དང་རྗེས་སུ་སྦྱོར་པ་དག་གི་གནས་པ་སྟེ། སྤྱོད་པའི་ཁྱད་པར་གང་ཡིན་པ་དེ་སོ་སོར་བཀག་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་བསམ་གཏན་དང་ལྡན་པ་ནི་རྟེན་མེད་པ་ཉིད་ཀྱིས་ཐམས་ཅད་དུ་མངོན་པར་ཞེན་པ་དང་བྲལ་བའི ་ཕྱིར་མི་མཐུན་པའི་ཕྱོགས་བསལ་བ་ཉིད་ཀྱིས་ནི་གཟུང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སྤངས་པ་ཉིད་ཀྱིས་གང་ཞིག་རྟོགས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཤེས་པ་ཡིན་ལ། དེ་རྣམས་ཀྱི་བར་ཆད་བྱེད་པའི་ཆོས་ནི་སྔར་བཤད་པའི་ཉེས་པ? ་རྣམས་ཏེ། དེ་ལ་སྔ་མ་བཞིན་དུ་ཞེས་བྱ་བ་སྟོང་པ་ཉིད་ལ་གནས་པ་ཉིད་ཀྱིས་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པར་མི་བྱའོ་ཞེས་འདིའི་ཕྱི་མ་རྣམས་ལ་ཡང་སྒྲའི་དོན་ནི་སྔ་མ་བཞིན་ནོ། །རྣམ་པར་རྟོག་པའི་ཞེས་བྱ་བ་ལ་སོགས་པ་ནི་བདུད་ལ་སོགས ་པའི་ཉེས་པ་ནི་དེ་ལས་འབྱུང་བ་ཉིད་ཡིན་པའི་ཕྱིར་ཡང་དག་པར་ན་རྣམ་པར་རྟོག་པ་ཉིད་ཉེས་པ་ཡིན་ནོ་ཞེས་ཡོངས་སུ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་རྒྱུའི་སྦྱིན་པ་ལ་སོགས་པ་ལ་ཡང་མངོན་པར་ཞེན་པ་མེད་པའི་ཕྱིར་རོ ་གཟུང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་གཉིས་སུ་མངོན་པར་ཞེན་པའི་རྒྱུ་ཉིད་ཀྱིས་ན་བདུད་དང་བདུད་ཀྱི་འཁོར་རྣམས་ཀྱི་རལ་གྲི་དང་མདའ་ལ་སོགས་པ་རྣམས་ལུས་ཀྱི་དབང་པོ་ལ་སོགས་པའི་བྱ་བ་ཡིན་པས་རྣལ་འབྱོར་པ་རྣམས་ལ་གཡུལ་འགྱེད་པ་མེད་པ་ཡིན་པའི་ཕྱིར ་ཏེ། བྱམས་པས་སམ་ཆོས་ཐམས་ཅད་ཉེ་བ་མ་དམིགས་པས་བགེགས་ཉེ་བར་ཞི་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྦྱིན་པ་ཞེས་བྱ་བ་ལ་སོགས་པ་རང་གི་རྒྱུད་སྦྱིན་པ་ལ་སོགས་པས་བྱས་པའི་སེར་སྣ་ལ་སོགས་པ་ལས་ལྡོག་པའི་ཁྱད་པར་ཤེས་པ་ཡིན་པའི ་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ལ་ཕྲ་རབ་ལ་སོགས་པའི་ངོ་བོ་བ་དབང་ཕྱུག་ལ་སོགས་པའི་རྒྱུ་དང་གྱ་ནོམ་དང་གྱ་ནོམ་མ་ཡིན་པ་དང་བྲལ་བ་ཡིན་པའི་ཕྱིར་རོ། །རྟོགས་པའི་ཆོས་ནི་འདིར་བྱང་ཆུབ ་ཡིན་ནོ། །མངོན་པར་ཡིད་ཆེས་པ་ལ་སོགས་པ་ནི་མངོན་པར་ཤེས་པ་དྲུག་གི་སྟོབས་ཀྱིS་མངོན་པར་ཡིད་ཆེས་པ་ཐོབ་པས་ཡང་དག་པའི་ཡེ་ཤེས་ངེས་པར་ཐོབ་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་རང་གི་ས་གསུམ་ལ་རང་གི་ས་ཡིན་པ ་ཉིད་ཀྱིས་ན་ངེས་པ་ཉིད་ཀྱིས་ཏེ། ས་བརྒྱད་པ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་གནས་པ་ནི་ཐེ་ཚོམ་མེད་པར་དམིགས་སུ་མེད་བའི་ཡེ་ཤེས་སུ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །གཅིག་ཏུ་གཞོལ་བ་ཞེས་བྱ་བ་ལ་སོགས་པ་ནི་གཅིག་ཏུ་གཞོལ་བ་ཉིད་ཀྱིས་ཕུལ་དུ ་བྱུང་བ་བཅས་པའི་སེམས་བསྐྱེད་པ་ལ་སོགས་པའི་ཆོས་མངོན་དུ་གྱུར་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ཡིན་ཏེ། རྟག་ཏུ་དུ་བ་ལ་སོགས་པ་དང་འདྲ་བར་སྲོག་གི་བར་ཆད་དུ་འགྱུར་བའི་ཡུལ་གཞན་དུ་འགྲོ ་པ་འམ་ལུས་བཅོད་བ་ལ་སོགས་བའོ། །ཤེས་པའི་མཚན་ཉིད་ཇི་སྐད་དུ་བཤད་བའི་རྣམ་པའི་ཐབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་བྱས་པ་ཡིན་ལ། དེ་ཉིད་ཀྱིས་ན་གཞན་གྱིས་མི་རྟོགས་པ་མ་ཡིན་ནམ། ཇི་ལྟར་ན་གཞན་རྣམས་ཀྱིས ་རྟོགས་པའི་མཚན་ཉིད་ཡིན་ཞེས་རྟོག་པ་ལ། ཤེས་པའི་མཚན་ཉིད་རྣམས་ནི་འདུ་ཤེས་ལས་ལྡོག་པ་ལ་སོགས་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་ཏེ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་བལྟོས་ཕྱིར། །དེ་ནི ་རང་བཞིན་ཡིན་པར་བརྗོད་ཞེས་བྱ་བའི་རིགས་པས་འཚམ་པ་ཉིད་ཀྱི་རྗེས་སུ་དཔག་པས་མཚན་ཉིད་ཁོ་ན་ཡིན་བར་བསྟན་པ་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར་ན་བཟོད་པ་དང་ཤེས་བའི་སྐད་ཅིག་མ་རྣམ་པ་བཅུ་དྲུག་གིས་བསྡུས་པ ་འདི་རྣམས་ནི་འབྲས་བུ་ཉིད་ཡིན་པས་བདེན་པ་བཞིའི་རྣམ་པ་དང་འབྲེལ་བའི་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་བཅུ་དྲུག་ཡང་དག་པར་ཐོབ་པ་རྣམ་པར་མི་རྟོག་པ་ཉིད་ཀྱིས ་སོགས་པར་བྱས་པར་གྱུར་བ་ནི་ཉོན་མོངས་པ་མེད་པས་དག་པ་འཇིག་རྟེན་པའི་ཐ་སྙད་ཀྱིས་རྒྱུ་ཡིན་པའི་ཕྱིར། འཇིག་རྟེན་པ་ཡིན་པ་གང་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་ཉིད་ཀྱི་བཟོད་པ་དང། ཤེས་པའི་སྐད་ཅིག་མ་རྣམ་པར་མི་རྟོག་པ ་ལས?་ཕྱིས་བྱུང་བ་ཡིན་པའི་ཕྱིར་རྗེས་ཀྱི་སེམས་རྣམ་པར་རྟོག་པ་དང་བཅས་པ་དེས་བསྡུས་པ་གང་ཡིན་པའི་རང་དང་མཐུན་པའི་འབྲས་བུ་སྟེ། རྣམ་པར་རྟོག་པ་རྣམ་པར་དག་བའི་བདག་ཉིད་ཅན་གྱི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་ལས་ལྡོག་པ་ལ་སོགས ་བ་སྔར་བཤད་པ་དེ་རྣམས་ཀྱི་རྒྱུ་ཡིན་པས་སོ། །སྐྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པའི་སྐད་ཅིག་མའི་མཚན་ཉིད་ནི་ངོ་བོ་ཉིད་མ་ཡིན་མོད་ཀྱི་འོན་ཀྱང་དེ་སྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཉེ་བར་བཏགས་པའི་དགོས་པ་ནི་རྣལ ་འབྱོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ལྟ་བ་ལ་ཡང་རྟོགས་པ་དང་འཐུན་པ་ཁོ་ན་ཡིན་པ་ནི་ཐོས་པའི་ཤེས་པ་དང་རྗེས་སུ་མཐུན་པ་ཉིད་དོ། །རྣལ་འབྱོར་པ་རྣམས་ནི་ལམ་དེའི་བསམ་གཏན་རབ་ཀྱི་མཐར་ཕྱིན་པ ་དང་ལྡན་པའོ། །ཐ་སྙད་ནི་རྣལ་འབྱོར་ལ་སོགས་པའི་རང་བཞིན་གྱི་རྫུ་འཕྲུལ་ལ་སོགས་པའི་འཇིག་རྟེན་དང་མཐུན་པར་སྤྱོད་པ་ནི་ངེས་པ་ཡིན་ལ་བཅོས་མ་ནི་ངེས་པ་མེད་པའོ། །དེ་ནི་སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པར་ཞེས་སྨོས་པ ་ཡིན་ཏེ། གདུལ་བྱའི་དོན་དུ་ཡང་རྟོགས་པའི་དོན་དང་འཐུན་པ་མ་ཡིན་ན་ཡང་ཐ་སྙད་དུ་རྣམ་པར་མི་རྟོག་པ་མི་མངའ་བའི་བཅོམ་ལྡན་འདས་དང་འདྲ་བ་ཡིན་པས་ཉེ་བར་བཏགས་ནས་ཤེས་པའི་སྐད་ཅིག་མའི་མཚན་ཉིད་ཀྱིས་བཤད་ཅིང་བསྟན་ཏོ། །དེ་ལྟ་མ ་ཡིན་ན་ཞེས་བྱ་བ་ལ་ཉེ་བར་བཏགས་པ་མ་ཡིན་ནོ། །རྣལ་འབྱོར་པའི་རྒྱུད་ལས་སོ་སོ་རང་གིས་རིག་པ་ནི་བསྒོམ་པ་པོའི་རང་རིག་པའི་སྐད་ཅིག་མ་རྣམས་ཏེ། ཤེས་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པ་ཞེས་བྱ་བ་བསྒོམ ་པ་པོ་ལས་གཞན་པ་དག་གིས་ཤེས་པའི་མཚན་ཉིད་ཡིན་པར་མི་འཐད་དེ། རང་གི་རིག་པ་ནི་གཞན་གྱིས་རིག་པ་མ་ཡིན་ཏེ། རང་གིས་རིག་པ་ཉིད་དུ་མི་འཐད་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །བསྒོམ་པའི་ལམ་ལ་བརྗོད་པར་བྱ་བ་མང་དུ་ཡོད་ན་ཡང་དང་པོ ་ཁྱད་པར་བརྗོད་པའི་རྒྱུ་ནི་དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམ་པའི་ལམ་ནི་ཟབ་པ་དང་ལྡན་པའི་ཕྱིར་ཟབ་མོ་ཡིན་ནོ། །ཟབ་མོ་དེ་གང་ཞེ་ན་སྟོང་པ་ཉིད་ལ་སོགས་པའོ། །སྟོང་པ་ཉིད་ལ་སོགས་པའི་ཟབ་པ་གང་ཞེ་ན། སྒྲོ་འོད་དགས?་པ་དང་སྐུར་པ ་འདེབས་པའི་མཛའ་ལས་གྲོལ་བ་ཉིད་དོ། །ཆིག་ལེའུར་བྱས་པ་རྣམ་པར་འགྲེལ་བ་ནི་སྟོང་པ་ཉིད་ལ་སོགས་པ་ཞེས་བྱ་བ་ཡིན་ཏེ། སྟོང་པ་ཉིད་དང་དེ་བཞིན་ཉིད་ལ་སོགས་པའོ། །གཟུགས་མེད་པ་ལ་ཞེས་བྱ་བ་ནི་གཟུགས་སུ་སྒྲོ་འོད་གས་པ་བཀག་པའོ། ། ་སྟོང་པ་དང་སྟོང་པ་མ་ཡིན་པ་དག་ལ་སྟོང་པ་ཉིད་ལ་སོགས་པ་དང་གཟུགས་ལ་སོགས་པ་གཅིག་པར་འགལ་བའི་ཕྱིར་རོ། །དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ལ་ཚོར་བ་ལ་སོགས་པ་མེད་པོ་ནས་བལྟ་བར་བྱའོ། །གཟུགས་སྟོང་པ་ཉིད་ལ་སོགས་པ་ཐ་དད ་པ་ཉིད་ཀྱིས་ནི་གཟུགས་དང་སྟོང་པ་ཉིད་ལ་སོགས་པ་སྐུར་པ་བཏབ་པ་དང་འགལ་བ་ཡིན་ཏེ། གཟུགས་ཀྱི་སྟོང་པ་ཉིད་ལ་སོགས་པ་མེད་པས་རང་གི་ངོ་བོ་དང་བཅས་པར་ཐལ་བར་འགྱུར་བས་སྟོང་པ་ཉིད་ལ་སོགས་པ་གཟུགས་ལ་སོགS་པ་ལས་གཞན་པ་ཡང་མ ་ཡིན་པས་ཞེས་བྱ་བས་ནི་སྐུར་བ་འདེབས་པ་དགག་པ་ཡིན་ནོ། །དེ་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་ནི་ཚོར་བ་?་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་བལྟ་བར་བྱའོ། །དེ་བཞིན་དུ་གོ་རིམ་བཞིན་དུ་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་སྒྲོ་འདོགས་པ་དང ་སྐུར་བའི་མཛའ་ཅན་ཡིན་ཏེ། འདི་ལྟར་འདི་དག་ནི་འཇིག་པའི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །དེ་དག་ལས་གྲོལ་ཞིང་བྲལ་བའི་སྟོང་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་ཟབ་མོ་སྟེ་སྟོང་པ་ཉིད་ལ་སོགས་པ་ཡིན་ལ་སྟོང་པ་ཉིད་ལ་སོགས་པ་ལ་གཟུགས ་ལ་སོགས་པ་མེད་པ་དང་གཟུགས་ལ་སོགས་པ་ལ་ཡང་སྟོང་པ་ཉིད་ལ་སོགས་པ་མེད་པ་གང་ཡིན་པ་དེ་དག་ནི་རྣལ་འབྱོར་བའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཡིན་པས་ཟབ་མོ་ཉིད་ཡིན་པས་ཟབ་མོ་ཉིད་དང་ལྡན་པའི་ཕྱིར་འོག་ནས་བཤད་པའི ་བསྒོམ་པའི་ལམ་ནི་ཟབ་ཅིང་གཏིང་དཔག་དཀའ་བ་ཡིན་ནོ། །ཐོས་པ་ཞེས་བྱ་བ་ལ་སོགས་པ་ནི་ངེས་འབྱེད་ཅེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་བ་ཡིན་ཏེ། གང་གི་ཚེ་རྣམ་པ་ཀུན་མངོན་པར་རྫོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང ་དང་ལེའུ་དང་ཚིག་དང་ངག་དང་ཡི་གེ་དང་དབྱངས་ཀྱི་ཡི་གེའི་བདག་ཉིད་ཅན་བསྒོམ་པ་དེའི་ཚེ། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་གསུམ་ལ་ངེས་པར་མཐོང་བའི་དོན་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་སྐབས་གསུམ་དུ ་གསུངས་པའི་དྲོ་བ་ལ་སོགས་པ་དང་མཐོང་བ་དང་བསྒོམ་པ་དོན་ལ་དམིགས་པའི་རྣམ་པའི་རབ་ཏུ་དབྱེ་བ་རྣམས་གོ་རིམ་བཞིན་དུ་ཐོས་པ་དང་བསམས་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་རབ་དག་ཡང་དང་ཡང་དུ་སེམས་དཔའ་དང་འཇལ་བ་དང་ངེས་པར་རྟོག ་པ་ཞེས་ཚིག་གསུམ་བཤད་པར་བྱའོ། །གང་གི་ཚེ་ལམ་གྱི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ་ཏིང་ངེ་འཛིན་གྱི་ཞེས་བྱ་བ་ལམ་བསྒོམ་པ་ལ་སྦྱོར་བ་དང། དངོས་གཞི་དང་འཇུག་རྣམས་སུ་སྔར་བཤད་པ་དེ་སྒོམ་པའི་ཤེས ་རབ་ཀྱིས་གཟུང་བ་ལ་སོགས་པ་མེད་པ་ལ་དམིགས་པ་རབ་ཏུ་གྱུར་བའི་སེམས་ཀྱིས་ངེས་པར་འབྱེད་བའི་ཡན་ལག་དང་མཐོང་བ་དང་བསྒོམ་པའི་ལམ་གྱི་དམིགས་པའི་རྣམ་པ་ལ་ཡང་དང་ཡང་དུ་སེམས་དཔའ་དང། འཇལ་བ་དང་ངེས་པར་རྟོག་པ་ཞེས་བྱ་བ ་ནི་ཚིག་གསུམ་ཡིན་ཏེ། དེ་ལྟར་ན་བསྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་དམིགས་པའི་རྣམ་པ་གསུམ་གྱི་དབྱེ་བ་ལ་དམིགས་པས་ན་ཡང་དང་ཡང་དུ་དེ་རྣམས་ཉིད་ལ་དམིགས་བས ་དམིགས་པར་བྱེད་པའི་སེམས་ནི་གྲངས་མེད་པའི་ཕྱིར་བསྒོམ་པའི་ལམ་ལ་དེའི་རང་བཞིན་ཡིན་པས་མཛའ་ཡས་བར་འགྱུར་རོ་ཞེས་བྱ་བའི་ངེས་པ་ནི་དེ་རྣམ་པ་ཞེས་བྱ་བ་ལ་སོགས་པ་དང། དེའི་རྒྱུན་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟར ་བཤད་མ་ཐག་པའི་རིམ་པས་དོན་དམ་པར་ཞེས་བྱ་བ་དེ་ཁོ་ན་ཉིད་མཐོང་བས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྣམ་པའི་སྒོ་ནས་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་དམིགས་པའི་སེམས་ཀྱི་ཁྱད་པར་གྱིས་སོ། །རྣམ་པར་རྟོག་པའི་གཉེན་པོའི་དབྱེ་བ་ལས་ཞེས་བྱ་བ་ནི ་ཆུང་དུ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་བའི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དགུའི་གཉེན་པོ་ཉིད་ཡིན་པས་རྣམ་པ་དགུ་ཡིན་པའི་ཕྱིར་རོ། །གྲངས་བཞིན་དུ་འདོད་པའི་ཁམས་ལ་སོགས་པ་ས་དགུ་དག་ཏུ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་བསམ་གཏན་དང ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དགུ་ལ་བསྒོམ་པའི་ལམ་དགུ་ནི་རྒྱུན་ཆགས་ཡིན་ནོ། །ཅིའི་ཕྱིར་ཞེ་ན་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་ཞེས་བྱ་བ་སྟེ། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་དོན་མང་པོ་ལ་དམིགས་པ་ལས་བྱུང་བའི་ཕྱིར ་རིམ་བར་ཚད་མེད་པའི་ལམ་དུ་རྒྱུན་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །བསྒོམ་པའི་ལམ་རྣམ་པ་དགུ་ཉིད་ཡིན་པར་དེ་ཁོ་ན་ཉིད་དུ་མི་འཐད་དོ་ཞེས་དོགས་པ་ལ་ཀུན་རྫོབ་ཡིན་པའི་ལན་བཏབ་པ་ནི་རྒྱལ་བའི་ཡུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒྱལ ་པའི་ཡུམ་དེ་དང་དེ་ལས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ལ་སོགས་པོ་ལས་སོ། །རྣམ་པ་རེ་རེའི་དབང་དུ་མཛད་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་བསྒོམ་པའི་ལམ་གྱི་དྲོ་བ་ལ་སོགས་པ་རེ་རེ་ནས་ཉེ་བར་གཟུང་སྟེ། འབྲངས?་དང་ཚད་དྡག ་མངོན་སུམ་ལ་སོགས་པའི་ཚད་མས་ཀྱང་རྟོགས་པར་མི་རུང་བའི་ཕྱིར་རོ། །མ་ཆགས་པའི་དགེ་བའི་རྩ་བ་ལ་སོགས་པའི་བསོད་ནམས་གྲངས་མེད་པ་དཔག་ཏུ་མེད་པ་ཚད་མེད་པ་གང་ཡིན་པ་དེ་རྣམས་སྐྱེ་བར་གསུངས་པའི་ཕྱིར་ཞེས་བྱ་བ་སྐྱེ་བར་བརྗོད་པས་བྱེ་བྲག་མང ་བ་སྟེ། བསྒོམ་པའི་ལམ་གྱི་དྲོ་བ་ལ་སོགས་པའི་གྲངས་མེད་པ་ལ་སོགས་པའི་བསོད་ནམས་ཀྱི་འབྲས་བུ་ཉིད་ཡིན་པས་ན་གྲངས་མེད་པ་ལ་སོགས་པ་ཉིད་དུ་འགྱུར་ན་ཇི་ལྟར་རྣམ་པ་དགུ་ཉིད་ཡིན་ཏེ་མི་འཐད་དོ་ཞེ་ན་གྲངས་མེད་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས ་པས་ནི་བྱེད་སྔ་མ་རྣམ་པར་འགྲེལ་ཏེ། གྲངས་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །སོགས་པའི་སྒྲས་ནི་བྲཧོད་དུ་མེད་པ་ལ་སོགས་པའོ། །དེ་རྣམས་བསྟན་པ་རྣམས་ཏེ་དེ་དང་དེར་སྨོས་པ་རྣམས་སོ། །དེ་ཡང་ཡང་དག་པའི་དོན་མ་ཡིན་པ་དེ་ནི་དམ་པའི་དོན་དུ ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚིག་ཏུ་བརྗོད་པའི་ངོ་བོ་རྣམས་ནི་དོན་དམ་པར་མི་འཐད་པ་ཉིད་ཀྱིས་ཞེས་བྱ་བ་ཡང་དག་པར་ན་ཇི་ལྟར་གྲགས་པའི་དོན་དུ་མི་རུང་བ་ཡིན་པའི་ཕྱིར་ཏེ། སྙན་དང་གས་སྦྱར་བ་དང་འདྲ་བར་སྒྲ་དགོད་པ་ཙམ་དུ་སྦྱར་བའི་ཁྱད་པར་གྱི ་བདག་ཉིད་ཅན་གྱི་བརྗོད་པར་བྱ་བའི་སྒྲ་ནི་བརྫུན་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་བས་ན་བསྒོམ་པའི་ལམ་བཅོམ་ལྡན་འདས་ཀྱི་བཀའ་ལས་ཇི་སྐད་བཤད་བའི་མཚན་ཉིད་ཅན་ཏེ། ཟབ་མོ་ལ་སོགས་པའི་བདག་ཉིད་ཅན་གྱི་བསྒོམ་པའི་ལམ་ནི་བྱེ་བྲག་ཏུ་དབྱེ་བ་བྱེད་པར ་བཟོད་པ་མ་ཡིན་ཏེ། གྲངས་མེད་ལ་སོགས་པ་ཉིད་དུ་བྱ་བར་མི་ནུས་སོ། །ཇི་ལྟར་ཞེ་ན་དོན་གཅིག་ཏུ་སྟེ་དོན་གྱིས་དབྱེ་བ་གཞན་ལ་བལྟོས་པ་མེད་པས་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ཡུལ་གཅིག་པ་ནི་དོན་གཅིག་པ་ཡིན་ལ། དེ་ལ་རབ་ཏུ་སྦྱར་ཞིང ་ངེས་པར་ལྡན་པའི་ལྡོག་པའི་དབྱེ་བ་གང་ཡིན་པ་དེ་ལ་བལྟོས་པས་རྒྱུ་དེ་ལས་ཉེ་བར་བསྐྱེད་པའི་ཐ་དད་པ་ཉིད་ཀྱི་ངོ་བོ་སྟེ། གྲངས་མེད་པའི་ལ་སོགས་པ་གང་ཡིན་པ་དེས་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ཡུལ་གཅིག་པ་ཉིད་ལ་སོགས་པ་ཡིན་པར་ ་གཅིག་ཏུ་ཞུགས་པ་ཡིན་ནོ། །དེ་བས་ན་བྱེ་བྲག་ཏུ་སྣང་བ་ཉིད་ཡིན་ན་ཡང་དབྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དབྱེ་བ་གཞན་ལ་བལྟོས་ནས་ཡང་ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པ་དོན་སྣ་ཚོགས་པ་དང་རབ་ཏུ་སྦྱར་བའི ་ལྡོག་པ་ལ་བལྟོས་བའི་ལས་ཉེ་བར་བསྐྱེད་བའི་ཐ་དད་པ་ཉིད་ཀྱི་ངོ་བོ་བྱེ་བྲག་ཏུ་དབྱེ་བ་ཉིད་ཡིན་ནོ། །ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་ཕྱེད་འོག་མ་བཤད་པ་ཀུན་རྫོབ་ཏུ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀུན་རྫོབ་ཏུ་ནི་སངས་རྒྱས་ལ་སོགས་པའི་ཐ་སྙད ་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཞེས་བྱ་བ་རྣམ་པར་མི་རྟོག་བས་ཁྱབ་པའི་ཐུགས་རྗེ་དེའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཏེ། སྟོབས་བཅུ་ལ་སོགས་པའི་རྒྱུ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རྒྱུ་མཐུན་པར་གྱུར་པ་ཡིན་པ་ནི་ཆ་འདྲ་བའི་ངོ་བོའོ། །དེ་ནི ་བཤད་པའི་ཆོས་ཀྱི་ངོ་བོ་ཉིད་སྟེ། ཡང་དག་བའི་གཉིས་སུ་མེད་བའི་ཡེ་ཤེས་སྟོན་པའི་ཆོས་ཀྱི་བདག་ཉིད་དེ། རྣམ་པ་ཐམས་ཅད་དུ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྟོང་པ་ཡིན་པའི་ཕྱིར་རོ། །ཇི་སྐད་བཤད་ཅིང་བསྟན་པ་ནི་གྲངས་མེད་བ་ལ་སོགས་པའི ་སྒྲ་རྣམས་སོ། །བྱིས་པའི་སྐྱེ་བོ་རྣམས་ནི་མ་རིག་པས། བྱ་པ་པ་རྣམས་བཞུགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལྷག་མའོ། །འབྲས་བུ་ཆེན་པོ་སྐྱེད་པར་རབ་ཏུ་སྟོན་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་འབྲས་བུ་སྐྱེད་པར་བརྗོད་པ་ཡིན་པས་སོ། །དེ་བཞིན་གཤེགས ་པ་བཞེད་པས་ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པར་སེམས་ཅན་གཞུག་པའི་ཚུལ་མཁྱེན་པའི་དེ་བཞིན་གཤེགས་པ་རྣམས་དགོངས་སོ། །རྒྱུ་དེ་བས་ན་མང་པོ་ཉིད་དུ་ཐལ་པར་མི་འགྱུར་རོ་ཞེས་བྱ་བ་བསྒོམ་པའི་ལམ་གྲངས་མེད་པ་ལ་སོགས་པར་ཐལ་བར་མི་འགྱུར་རོ། ་ཆོས་ཀྱི་དབྱིངས་གྲངས་མེད་པ་ལ་སོགས་པ་ཡིན་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་བསོད་ནམས་གྲངས་མེད་པ་ལ་སོགས་པ་ཉིད་ཡིན་པ་ནི་ཀུན་རྫོབ་ཏུ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ཏེ། བསོད་ནམས་ཀྱི་རྒྱུ་དེས་པོར་འབྱེད་པའི་ཡན་ལག་ལ་སོགས་པ་དང་། ་སྦྱིན་པ་ལ་སོགས་པ་གྲངས་ལ་སོགས་པ་ཉིད་ཡོད་ན་ཇི་ལྟར་ན་དེའི་འབྲས་བུ་གྲངས་མེད་པ་ལ་སོགས་པ་ཉིད་ཡིན་ཏེ། དེའི་འབྲས་བུ་མ་ཡིན་པར་ཐལ་བར་འགྱུར་ན་དེ་ལྟར་ན་ཡང་བཅོམ་ལྡན་འདས་ནི་བརྫུན་དུ་གསུངས་པ་ཉིད་མ་ཡིན་ཏེ། སེམས་ཅན་རྣམས་གཞུག་པའི་ཚུལ ་ཕྱིར་ཅི་མ་ལོག་པར་མཁྱེན་པ་ཉིད་ཀྱིས་ན་གང་ཟག་ལ་སོགས་པ་དང་འདྲ་བར་ན་དེ་ལྟར་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཡང་ཉེ་བར་གནོད་ཕྱིར་ཡང་དག་པ། གང་ཞིག་སྨྲས་གྱུར་དེ་ཉིད་བརྫུན། །བདེན་དང་བདེན་མིན་དོན་ཅི་ཡིན། །གཞན་དོན་བྱེད ་གང?་དེ?་བདེན?་ཡིན་ཞེས་བཤད་པ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་བསྒོམ་པས་ཅི་ཞིག་བྱ། །འོན་ཏེ་ཡང་དག་པར་རང་བཞིན་ཡོད་ན་དེ་ལྟ་ན་ཡང་བསྒོམ་པས་ཅི་ཞིག་བྱ། རང་བཞིན་ལ་ནི་གཞན་དུ ་བྱ་བར་མི་ནུས་པའི་ཕྱིར་གཉི་ག་ལྟར་ན་ཡང་ངེས་པར་འབྱེད་བའི་ཡན་ལག་ལ་སོགས་པའི་བསྒོམ་པའི་ལམ་ནི་སྟོང་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་དོན་མེད་པར་རྟོག་པ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་ཞེས་བྱ་བ་ནི་གཟུང་བ?་ལ་སོགས་པའི་མི་མཐུན་པའི ་ཕྱོགས་དང། ངེས་པར་འབྱེད་པའི་ཡན་ལག་ལ་སོགས་པའི་ལམ་དང། དེ་བསྒོམ་པའི་སེམས་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་ཏེ། གཅིག་དང་དུ་མ་དང་བྲལ་བ་ལ་སོགས་བའི་ཚད་མ་ནི་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྒོལ་པ་པོའི་བསམ་པ་ཡིན་ནོ། ། ་གོམས་པ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར་ཞེས་བྱ་བ་ནི་གུས་པ་དང་བཅས་པ་དང་རྒྱུན་མི་འཆད་པ་དང་དུས་རིང་པོར་བསླབས་སུ་ཟིན་ན་ཡང་རབ་ཏུ་སྦྱོར་བར་མི་རིགས་ཏེ། མེད་པ་ལ་མེད་པར་གོམས་པ་ནི་མིའི་རྭ?་ནི་རི་བོང་གི་རྭ་ཉིད་དུ་ཕུལ་དུ་བྱུང?་བ་བྱུང་མི་འཐོབ ་དོ། །དེའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ནའོ་ཞེས་བྱ་བ་བསྒོམ་པའི་ལམ་ནི་ཅི་ཡང་བྱེད་མི་ནུས་ཏེ། གང་དུ་ཁྱད་པར་དུ་བྱར་མེད་པ་དང་རྣམ་པ་གང་གིས་ཀྱང་མེད་པ་ནི་བྱེད་པ་པོ་ཉིད་དུ་མི་རིགས་སོ་ཞེས་སྐྱེ་བོ་བློ?་དམན་པ་དག་གིས་དོར་དེས་པར་འབྱེད་པའི་ཡན ་ལག་ལ་སོགས་པའི་ལམ་ཀུན་རྫོབ་ཏུ་ཡོད་པ་ཡིན་ཞིང་རྒྱུ་དང་འབྲས་བུའི་དངོས་པོར་འཐད་པའི་རབ་ཀྱི་མཛའ་མི་ཤེས་པའི་སྐྱེ་བོ་རྣམས་ཀྱི་དོར་དོགས་པ་བསུ་བ་ནི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཚིག་ལེའུར་བྱས ་པའི་དོན་རྣམ་པར་འགྲེལ་བ་ནི་ཆོས་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཡང་དག་པར་ན་རང་བཞིན་མེད་པའི་ཕྱིར་ཡང་དག་པར་ན་དེ་ཉིད་དང་གཞན་ཉིད་དང་གཉི་ག་དང་གཉི་ག་མ་ཡིན་པ་ཉིད་ཀྱིས་བྱེ་བྲག་དང་བྱེ་བྲག་མེད་པ་དང་གཉི ་ག་དང་གཉི་ག་མ་ཡིན་པར་བརྗོད་དུ་མེད་པ་ལ་ཐོས་པ་ལ་སོགས་པ་མི་ནུས་པ་ནི་ཅི། ཀུན་རྫོབ་ཏུ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན། ཆོས་ཉིད་ཀྱི་རང་གི་ངོ་བོར་ཞེས་བྱ་བ་སྨོས་ཏེ་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །རྒྱའི་ཁྱད་པར ་དེ་དག་གིས་ན་གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པ་དེའི་ཕྱིར་བརྗོད་དུ་མེད་པ་ནི་མངོན་པར་འདོད་པའི་ལམ་གྱི་ངོ་བོ་ཡིན་ཏེ། སྔར་བཤད་པའི་བསྒོམ་པའི་ལམ་ནི་བརྗོད་དུ་མེད་པ་ཉིད་ཀྱིས་ན་གང་ཟག་ལ་སོགས་པ་དང་འདྲི་བར་དངོས ་པོར་ཡོད་པ་མ་ཡིན་ནོ། །དེ་བས་ན་བསྒོམ་པའི་ལམ་གྱིས་ཏེ། རྒྱུས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སྔར་བཤད་པ་དག་ལས་གོ་རིམ་བཞིན་དུ་འབྲལ་བ་དང་སྐྱེ་བར་མི་རུང་ངོ་ཞེས་བྱ་བར་བསྒོམ་པ་ཕུལ་དུ་ཕྱིན་པ་བྱར་མེད་པའི་ཕྱིར་ཞེས་བྱ་བ་ཡང ་དག་པར་ན་བསྒོམ་པའི་ལམ་མེད་པ་ཉིད་ཀྱིས་ན་བསྒོམ་པ་ཕུལ་དུ་བྱུང་བར་བྱར་མེད་པའི་ཕྱིར་དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཀུན་རྫོབ་ཏུ་བསྒོམ་པའི་ལམ་དུ་བཤད་པ་ལ་ནི་ཐོས་པ་ལ་སོགས་པར་ནུས་པ་ཡིན་ཞིང་དོན་དམ་པར་ནི་དེ་ལྟར ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བསྒོམ་པར་བྱ་བ་ལ་སོགས་པ་མེད་པ་ཡང་དག་པར་ན་བསྒོམ་པ་མེད་པ་ལ་ཡང་ཡང་དག་པར་ན་བསྒོམ་པ་དང་དེའི་དོན་གྱི་བྱ་བས་ཀྱང་ཉོན་མོངས་པ་བསལ་བ་དང་བྱང་ཆུབ་སྐྱེད་པའི་བདག་ཉིད་མེད་པ ་ཉིད་ཡིན་པ་བདེན་མོད་ཀྱི། དེ་ལྟ་ན་ཡང་རྣལ་འབྱོར་བའི་ཀུན་རྫོབ་ཏུ་དངོས་པོ་ལ་སོགས་པ་ཡོད་པས་བསྒོམ་པ་ཡོད་པ་ཡིན་ནོ། །དེ་ལྟ་བས་ན་བྱང་ཆུབ་ཇི་ལྟ་བ་བཞིན་དུ་བསྒོམ་པའི་ལམ་ཕུལ་དུ་ཕྱིན་པ་ལས་ཉོན་མོངས་པ་རྣམས་གློ་བུར་བ་ཡིན་པས་ན་སྔར་བཤད ་བའི་ཉེས་པ་མེད་པའི་ཕྱིར། དེ་བསལ་བས་གཉེན་པོ་ཞེས་བྱ་བ་སྐྱེ་བ་ལ་ཡང་འགལ་བ་མེད་དོ་ཞེས་བྱ་བར་དགོངས་སོ། །རྣམ་འགྲེལ་མཛད་པས་ཀྱང། དེ་བས་ཡང་དག་ཡང་དག་མིན། །ཤིན་ཏུ་བསྒོམས་ཤིང་གང་གང་ཡིན། །བསྒོམ་པའི་སྟོབས ་ནི་རྫོགས་པ་ན། །དེ་གསལ་མི་རྟོག་བློའི་འབྲས་བུ་ཞེས་གང་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དང་བསྒོམ་པ་དག་ནི་དོན་དང་བཅས་པ་ཉིད་ཡིན་ཏེ། མདོ་སྡེའི་རྒྱན་ལས། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད ་འགྱུར། གལ་ཏེ་མཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར་ཞེས་བཤད་པས་རྟོག་པ་དང་ལྡན་པས་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམས་ལ་འབད་པར་བྱའོ། །མ་གྲུབ་པས་ཅི་ཡང་སྒྲུབ་པར་མི་བྱེད་དོ་ཞེས་བྱ་བའི་ཚུལ་གྱིས་བསྒོམ་པ་མ་གྲུབ་ན ་བྱང་ཆུབ་མི་འགྲུབ་པ་མ་ཡིན་ནམ། ཇི་ལྟར་ན་དེས་དོན་གྱི་བྱ་བ་དེ་སྒྲུབ་པར་བྱེད་ཅེས་བྱ་བའི་བསམ་པ་དང་ལྡན་པས་ཡང་སྔ་མའི་ཕྱེད་ཀྱིས་བྱང་ཆུབ་མེད་པར་དོགས་པ་བསུ་བ་ནི་དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་དཔྱད་པར་བྱ་སྟེ་རེ་ཞིག ་བྱང་ཆུབ་ནི་སྔོན་དང་ཕྱི་མར་གྱུར་པའི་སེམས་ལས་བྱུང་བ་ཡིན་ལ། དེ་སྔ་ཕྱིར་གྱུར་པའི་སེམས་རེ་རེ་འམ། མང་པོ་གཅིག་ཅར་འདུས་པ་འམ། རིམ་གྱིས་འབྱུང་བའི་སེམས་བྱང་ཆུབ་ཀྱི་རྒྱུ་ཡིན་ཞེས་བརྟག་པ་རྣམ་པ་གསུམ་ཡིན་ནོ་ཕྱོགས་དང་པོ་ནི་རེ་རེས་བྱང་ཆུབ་པ་ནི ་རིགས་པ་མ་ཡིན་ནོ་ཞེས་སྨོས་ཏེ། ཅིའི་ཕྱིར་ཞེ་ན་སྔ་ཕྱིར་གྱུར་པའི་སེམས་རེ་རེ་ལ་སངས་རྒྱས་ཀྱི་བྱང་ཆུབ་རྣམ་པར་མི་རྟོག་པ་ཡེ་ཤེས་དེ་སྒྲུབ་པར་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཛའ་དག་ཅེས་བྱ་བ་སྔར་བཤད་པ་གང་ཡིན་པ ་དེ་མི་སྣང་བའི་ཕྱིར་ཏེ་།སེམས་གཅིག་ལ་ཡུལ་དུ་མ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཕྱོགས་གཉིས་པ་བསལ་བ་ནི་མང་པོ་ཉིད་ཀྱིས་ཀྱང་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ནོ་ཞེས་སྔ་མ་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན། འདོད ་བའི་དོན་སྒྲུབ་པར་བྱེད་པར་སྣང་བའི་སེམས་གཅིག་ཅར་འབྱུང་བ་ཞེས་བྱ་བ་སྟེ། འདོད་པའི་དོན་ནི་བྱང་ཆུབ་པོ། །གང་དུ་དེ་སྒྲུབ་པར་བྱེད་པར་སྣང་བ་སེམས་གཅིག་ཅར་འབྱུང་བ་མང་པོ་དེ་རྣམས་ཀྱིས་བྱང་ཆུབ་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི ་ཕྱིར་ཞེན་མ་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ་དུས་གཅིག་གི་ཚེ་རྟོག་པ་དུ་མ་མི་སྐྱེ་བས་སོ། །ཉམས་སུ་མྱོང་བ་གྲུབ་པ་ཡིན་ན་ཡང་འདི་ནི་རྟོག་པ་ཉེ་བར་བསྒྲུབས་པ་ཡིན་ནོ། །ཞེས་འགའ་ཞིག་ཕྱིན་ཅི་མ་ལོག་པ་བསལ་བར་བྱ་བའི་ཕྱིར་ལུང་ནི་སེམས་ཅན་རྣམས ་རྣམ་པར་ཤེས་པའི་རྒྱུད་རེ་རེ་པའོ་ཞེས་འབྱུང་བས་ཞེས་སྨོས་པ་ཡིན་ཏེ། རྣམ་པར་རྟོག་པ་མང་པོ་གཅིག་ཅར་འབྱུང་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་འདི་བཤད་པ་ཡིན་ནོ། །དེས་ན་སེམས་ཅན་རྣམས་ཀྱི་སྙིང་ནི་རྣམ་པར་རྟོག་པ་གཅིག་ཡིན་ནོ་ཞེས་བྱ་བའི་ཐ ་ཚིག་གོ། དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་མཛད་པས་ཀྱང་རྣམ་པར་རྟོག་པ་གཉིས་པོ་དུས་གཅིག་མིན་ཞེས་བཤད་པ་ཡིན་ནོ། །བརྟགས་པ་གསུམ་པ་བསལ་བ་ནི་རིམ་གྱིས་འབྱུང་བ་ཡང་མ་ཡིན་ཏེ། ཞེས་སྨོས་པ་ཡིན་ཏེ། སྔར་བཤད་པའི་སྔ་ཕྱིར་གྱུར་པའི ་སེམས་གང་ཡིན་པ་དེ་མང་པོ་ཉིད་ཡིན་ན་ཡང་བྱང་ཆུབ་པར་ནི་རིགས་པ་མ་ཡིན་ཞེས་སྔ་མ་དང་སྦྱར་རོ། །ཇི་ལྟ་བུ་ཞེ་ན་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པ་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་དང། སངས་རྒྱས་ཀྱི་ཆོས་མེ་འདྲེས་པ་བཅོ་བརྒྱད ་ཀྱི་བར་རྟོགས་ཤིང་ཤེས་པའི་རང་གི་ངོ་བོ་སྒྱུ་མ་ལྟ་བུར་ཤེས་པའི་ཚུལ་གང་ཡིན་པ་ངེས་སོ། །ཅིའི་ཕྱིར་བྱང་ཆུབ་པ་རིགས་པ་མ་ཡིན་ཞེ་ན། དེ?་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཇི་སྐད་བཤད་པའི་སེམས་དབང་གི་རང་གིས་བྱུང་མ ་ཐག་གི་རྗེས་སོགས་ལ་འཇིག་ཅིང་ཉམས་པ་གང་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་མེད་པ་སྟེ། རྒྱུ་མེད་པ་ཡིན་ལ་དེའི་དངོས་པོ་དེ་ཉིད་ཀྱིས་ཏེ། དེས་ན་ཕན་ཚུན་འབྲེལ་བ་མེད་བའི་ཕྱིར་རོ། །ཞེས་བྱ་བ་གཅིག་ལ་གཅིག་འབྲེལ་པ་མེད་བའི་ཕྱིར་རོ། །རྒྱུ་དེ་བས་ན་ཁྱད་པར་ཅན ་ཏེ། དྲན་བ་ཉེ་བར་བཞག་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེར་སྣང་བའི་སེམས་བསྐྱེད་བའི་སྒོ་ནས། ཇི་ལྟར་དོན་གྱི་བྱ་བ་བྱང་ཆུབ་སྒྲུབ་པའི་མཚན་ཉིད་ཅན་ཡིན་ཏེ། མི་རིགས་སོ་ཞེས་བྱ་བ་ནི་གཞན་གྱི་ཡིན་ཏེ། དེ་ལྟར་ན་སྔ་ཕྱིར་གྱུར་བའི་སེམས ་འདུས་བདག་གིས་བྱང་ཆུབ་སྒྲུབ་བར་བྱེད་པ་ཡིན་ན་འདུས་ལ་ཡང་མེད་དེ། འདི་ནི་བྱུང་མ་ཐག་ཏུ་འཇིག་པའི་ཕྱིར་རོ་སྙམ་དུ་སེམས་སོ། །དེ་ནི་ཡང་དག་པ་མ་ཡིན་པས་ཞེས་བྱ་བ་ནི་བརྟག་པ་གསུམ་པོ་གང་ཡིན་པ་དེ་དག་ནི་ལེགས་པ་མ་ཡིན་ནོ་ཞེས་གྲུབ་པའི ་མཛའ་སྨྲ་བས་སྨྲས་པ་ཡིན་ནོ། །མར་མེ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་ཡང་མེ་ལྕེ་དང་སྙིང་པོ་ཅི་རེ་རེ་ནས་སྐད་ཅིག་མ་སྔ་ཕྱིས་སམ་འོན་ཏེ་ཕྲང་ནས་སྙིང་པོ ་ཚིག་པ་ཡིན་ཞེས་བརྟག་པ་གཉིས་ཡིན་ནོ། །དེ་ལ་དང་པོ་བསལ་བར་བྱ་བའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལྕེ་ནི་མང་མེའི་མེ་ལྕེའོ། །སྙིང་པོ་ནི་གྲགས་པར་ཟད་དོ། །འདི་དག་ཕྲད་པའི་སྐད་ཅིག་ནི་འདུས་པའི་མཚན་ཉིད་དེ་དང་པོ་སྲེག་པར ་ནུས་པ་ནི་སྐད་ཅིག་མ་གཉིས་པ་མེད་པར་ཞེས་བྱ་བ་ནི་སྲེག་པར་ནུས་པའི་སྐད་ཅིག་མ་གཉིས་པ་མེད་པར་མེ་ལྕེ་ནི་སྲེག་པར་བྱེད་པ་ཡིན་པའི་ཕྱིར་རྒྱུ་ཡིན་ལ་སྙིང་པོ་ནི་སྲེག་པར་བྱ་བའི་ཕྱིར་འབྲས་བུ་ཡིན་པར་ཅི་རིགས་པ་འདི་ནི་མཚན་ཉིད་ཀྱི་རང་བཞིན་ཡིན་ཏེ། ་གང་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་མེ་ལྕེ་དང་སྙིང་པོ་དག་ནི་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་ཉིད་ཡིན་པར་ཇི་ལྟ་བ་བཞིན་དུ་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། མེ་ལྕེ་དང་སྙིང་པོ་དག་གི་རང་གི་རྒྱུས་ཞེས་ཉེ་བར་ལེན་པའི་མཚན་ཉིད་དང ་ཕན་ཚུན་ལྷན་ཅིག་བྱེད་པའི་སྐད་ཅིག་མས་དེ་དག་ཕན་ཚུན་གྱི་སྒོ་ནས་རྒྱུན་གྱིས་འཇུག་པའི་དབང་གི་དུས་མཉམ་དུ་སྟེ། དུས་མཚུངས་པར་གྱུར་པའི་ཕྲེང་བའི་བསྐྱེད་བས་ཞེས་བྱ་བ་མི་ལྕེ་དང་སྙིང་པ་ཕྲད་བ་སྐྱེད་པ་ཡོད་པ་གང་ཡིན་པ་དེ་ནི ་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར་ཏེ། ཐུན་མོང་ཡིན་པ་ཉིད་ཀྱིས་རང་རང་གི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུར་བྱས་པ་དུས་མཉམ་པར་གྱུར་པ་ཉིད་ཀྱིས་མ་རུས་མཚུངས་པར་བྱུང་བའི་བ་ལང་གིར་དང་འདྲ་བས་ཇི་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང ་སྙིང་པོ་སྲོག་པར་བྱེད་པ་དང་བསྲེག་པར་བྱ་བའི་གནས་སྐབས་སུ་གནས་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ནུས་པ་ཡིན་ཕྱིར་ཏེ་གང་མེ་ལྕེ་དང་སྙིང་པ་དེ་དག་སྐྱེ་བ་སྐད་ཅིག་མ་གཉིས་པ་འམ་ཡང་ཞེས་བྱ་བ་སྐད་ཅིག་ལ ་དང་པོ་མ་ཡིན་པར་སྔ་མ་བཞིན་དུ་རྒྱུ་དང་འབྲས་བུའི་མཚན་ཉིད་མེ་ལྕེ་དང་སྙིང་པོ་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བའི་ངོ་བོར་མི་རུང་ངོ་ཞེས་བྱ་བ་ནི་ལྷག་མའོ། །རྟག་ཏུ་ཡོད་པ་མ་སོགས་པར་ཐལ་བར་འགྱུར་བས་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་སྐད ་ཅིག་མ་དང་པོ་མེད་པར་འབྱུང་བར་ཁས་ལེན་པ་ན་རྒྱུ་མེད་པ་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །དངོས་པོ་རྣམས་ནི་རེས་འགའ་ཞིག། འབྱུང་བ་བལྟོས་པ་ལས་ཡིན་ནོ་ཞེས་བྱ་བའི་རིགས ་བས་རྟག་ཏུ་ཡོད་པ་འམ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་དེ་གང་གི་ཕྱིར་སྐད་ཅིག་མ་དང་པོ་མེད་པར་སྐད་ཅིག་མ་གཉིས་པ་འབྱུང་བར་ཁས་ལེན་ན་ཐམས་ཅད་འབྲས་བུ་ཡིན་པར་ཁྱད་པར་མེད་བའི་ཕྱིར་ཀུན་རྫོབ་ཏུ ་ཡང་སྐྱེ་བ་མེད་པ་ཡིན་ལ་དེའི་ཕྱིར་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཡང་ན་སྐད་ཅིག་མ་དང་པོ་ལ་མ་བལྟོས་པར་སྐད་ཅིག་མ་གཉིས་པ་སྐྱེ་ན་རྟག་ཏུ་ཡོད་བས་ན་རྒྱུའི་སྐད་ཅིག་མ་མ་ཞིག་པས་སོ། །མེད་པ་ཡང ་ནུས་པ་མེད་པ་ཡིན་པའི་ཕྱིར་སྙིང་པོ་ཚིག་པ་ཀུན་རྫོབ་ཏུ་ཡང་མེད་པར་འགྱུར་རོ། །དེ་བསན་མེ་ལྕེ་དང་སྙིང་པོ་ནི་རྒྱུ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་བྱའོ། །སྐད་ཅིག་མ་དང་པོ་དད་སྐད་ཅིག་མ་གཉིས་པ་ཕྲད་པ་ཁོ་ནས་ཀུན་རྫོབ་ཏུ་སྙིང་པོ་ཚིག་པ་ནི ་གང་གིས་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་སྐད་ཅིག་མ་སྔ་མ་དང་ཕྱི་མ་རེ་རེས་ཡིན་པར་མི་རུང་བ་དེའི་ཕྱིར་རྒྱུ་འདི་དང་རྐྱེན་འདི་ལས་སྐྱེ་བས་འདིའི་རྐྱེན་ཉིད་འདི་བ་ཙམ་ཡིན་པ་དེའི་བདག་ཉིད་ཅན་གྱི་རྟེན་ཙམ་འབྲེལ་བར ་འབྱུང་བའི་ཆོས་ཉིད་ཀྱི་ཞེས་བྱ་བ་རྒྱུ་དང་རྐྱེན་ལས་རག་ལས་?་ལས་སྐྱེས་པའི་རང་བཞིན་གང་ཡིན་པ་དེས་མེ་ལྕེ་དང་སྙིང་པོ་ནི་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བའི་གནས་སྐབས་སུ་བཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། གང་གི་ཚེ་གཉི་ག ་བྲང?་ཅིང་འདུས་པའི་གཉིས་པ་ལ་སོགས་པ་ཕྲང་བའི་སྐད་ཅིག་མ་སྐྱེད་པར་རུང་བ་མེ་ལྕེ་དང་སྙིང་པོ་གཉི་ག་?་དུ་རུང་བའི་སྐད་ཅིག་མེད་ལ་བལྟོས་ཤིང་རྒྱུར་བྱས་ནས་མ་བརྟགས་ན་གཅིག་ཏུ་ཉམས་དགའ་བ་ཞེས་བྱ་བ་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུར་འབྲེལ་བ ་གང་ཡིན་པ་དེའི་སྟོབས་ཀྱིས་ཏེ། །དེའི་རྒྱུས་སྐད་ཅིག་མ་དང་པོ་དེས་དྲངས་ཤིང་སྒྲོ་བཏོགས་པའི་མཐུ་ཁྱད་པར་ཅན་སྲེག་ཏུ་རུང་བ་ཉིད་ཀྱི་མཚན་ཉིད་གང་ཡིན་པ་དེ་ཉིད་ཡིན་གྱི་རིས་མི་མཐུན་པ་གཞན་དག་མ་ཡིན་ཏེ། ཁྱད་པར་དུ་སྙིང་པོ་བསྲེག་པ་སྐྱེད་པར ་རུང་བའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་སྟེ། སྐད་ཅིག་མ་གཉིས་པ་དང་གསུམ་པ་ལ་སོགས་པ་ཡོད་ན་དེའི་ཆོ་རྒྱུ་མེད་པར་ཞིག་ཀྱང་ཞེས་བྱ་བའི་རྒྱུའི་སྐད་ཅིག་མ་རང་གི་རང་གིས་འཇིག་ན་ཡང་རྒྱུ་དང་འབྲས་བུ་དག་ཅེས་བྱ་བ་མེ་ལྕེ་དང་སྙིང་པོའི་མཚན ་ཉིད་དག་གོ་རིམ་བཞིན་དུ་གང་དུས་མཉམ་དུ་སྲང་མདའི་མཐོན་དམན་དང་འདྲ་བ་སྐྱེ་བ་འཇིག་པ་སྟེ། སྐྱེ་བ་དང་འགག་པ་གང་ཡིན་པ་དེ་དག་ཉེ་བར་དམིགས་པ་ཡིན་པའི་ཕྱིར་ཏེ། མེའི་འབྲས་བུ་དུ་བ་སྟེ། འབྲས་བུའི་ཆོས་ཀྱི་རྗེས་འཇུག་ཕྱིར། །དེ་མེད་པར་ ་ཡང་དེ་ཡོད་ན། རྒྱུ་དང་ལྡན་པ་ལས་འདས་འགྱུར་ཞེས་བྱ་བའི་རིགས་པས་མངོན་སུམ་དང་མི་དམིགས་པ་རྣམ་པ་ལྔ་དག་གིས་མེ་ལྕེ་དང་སྙིང་པོ་དག་འཇུག་པ་དང་ལྡོག་པའི་བདག་ཉིད་ཅན་གྱི་རྒྱུ་དང་འབྲས་བུ་དམིགས་པའི་ཕྱིར་རོ། །ཡང ་གང་གི་ཕྱོགས་ལ་ཡང་དག་པར་ན་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་བ་དེ་ལ་ཡིད་བརྟན་དུ་རུང་བ་མེད་དེ་དེའི་ཕྱོགས་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དེ་རྗེས་སུ་སྦྱར་བར་འདོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །གཞན་དུ་ན་དེའི་ཕྱོགས་ལ་སྣ་ཚོགས་རྒྱུ་མེད་པའམ ་རྒྱུ?་མ་ངེས་པར་འགྱུར་ཏེ་ངེས་པ་མེད་པའི་ཕྱིར་རོ། །རྣམ་འགྲེལ་མཛད་པས་ཐམས་ཅད་ནུས་པ་མེད་ཅེ་ན། ས་བོན་སོགས་ནི་མྱུག་སོགས་ལ། །ནུས་མཐོང་གལ་ཏེ་དེ་ཀུན་རྫོབ། །འདོད་ན་ཇི་ལྟ་དེ་ལྟར་ཟད་ཅེས་གང་བཤད་པ་དང། དབུ་མའི་རྒྱན་ལས་ཀྱང ་དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱི་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་ངན་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །པས་ཞེས་བྱ་བ་ལ་སོགས་པས་དཔེས་བསྟན་པའི་བྱང་ཆུབ་དང་མར ་མེའི?་དཔེའི་སྦྱར་བ་ནི་མར་མེའི་དཔེའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་སྔ་ཕྱིར་གྱུར་པ་གཉིས་ཀྱི་གང་ཡུལ་གཅིག་ལ་ཞེས་བྱ་བ་མར་མེར་གཏོགས་པ་སྲེག་པ་ལའོ། །དེ་ལ་ཏེ་བར་སྦྱོར་བ་ནི་དེའི་རྒྱུ་ཉིད་དུ་ཤེས་པར་བྱེད་པ་ནི ་སྟོན་པའོ། །དེ་ལྷུར?་ལེན་པ་ནི་དེ་གཙོ་བོར་གྱུར་བས་མར་མེའི་དཔེའི་ཚུལ་དུ་རིགས་པས་སོ། །བྱང་ཆུབ་སྒྲུབ་པར་བྱེད་པ་དངོས་པོ་ཚང་ཡོད་པ་ནི་མངོན་པར་རྟོགས་པ་བརྒྱད་ཀྱི་མཚན་ཉིད་དམ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མཚན་ཉིད་དོ།། ་དེར་སྣང་བའི་རྣམ་པར་ཤེས་པ་ནི་མངོན་པར་རྟོགས་པ་བརྒྱད་ལ་སོགས་པར་རྣམ་པར་རྟོག་པའི་སེམས་རྒྱུར་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །སྔ་མ་ལ་བརྟེན་ནས་ཞེས་བྱ་བ་ནི་འདི་ནི་རྐྱེན་ཙམ་གྱི་བདག་ཉིད་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས ་ཉིད་ཀུན་རྫོབ་ཏུ་རྒྱུར་བྱས་ནས་སོ། །སྣང་བའི་དོན་མིག་གིས་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་གཟུང་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་དུ་ངེས་པའི་ཡུལ་ལོ། །དེས་ན་དབེན?་བ་ནི་ལྷག་པར་ཁྱད་པར་དུ་འཕགས་པ་སྟེ། ཁམས་གསུམ ་པ་ཁྱབ་པར་བྱས་པའི་སྣང་བ་ཉིད་ནི་ལྟག་པའི་སེམས་ཀྱི་ཁྱད་པར་ཏེ། དེའི་གཉེན་པོའི་མཚན་ཉིད་དེའི་གཉེན་པོར་སྣང་བའི་རྣམ་པར་ཤེས་པ་ཕྱི་མ་ཞེས་བྱ་བ་ཕྱིས་འབྱུང་བའི་བྱང་ཆུབ་ལ་རྟོག་པའི་སེམས་སྐྱེ་བར་གྱུར་པ་ན་བྱང་ཆུབ་ཐོབ་པར་གྱུར་པ་སྟེ། ཉོན ་མོངས་པ་བག་ཆགས་དང་བཅས་པ་སྤངས་པར་རིགས་པ་ཡིན་ཏེ། དབུ་མའི་རྒྱན་ལས་ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་བ་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང་ཞེས་ཇི་སྐད་བཤད་པ ་དང། ཡང་དེ་ཉིད་ལས་རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཀུན་རྫོབ་ཏུ་ནི་མ་བཟློག་པས། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །རྣམ་པར་བཞག་པ་འཁྲུགས་པ་མེད་ཅེས་གང་བཤད་པ་དང། དབུས་དང་མཛའ་རྣམ་པར་འབྱེད་པ་ལས་ཀྱང། ཉོན ་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད་ཅེས་སྨོས་པ་ཡིན་ནོ། །དེ་ལྟར་མར་མེའི་དཔེས་ཡང་དག་པར་ན་རྒྱུ་དང་འབྲས་བུ་ཉིད་དུ་མི་རུང་བས་བྱང་ཆུབ་ཀུན་རྫོབ་ཏུ་ཉེ་བར ་བསྟན་པ་ཡིན་ལ། གཞན་དུ་ཡང་བཅོམ་ལྡན་འདས་ཀྱིས་རྟོགས་པར་དཀའ་བའི་དོན་རྣམ་པ་བརྒྱད་གསུངས་པ་དམ་པ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་ཇི་སྐད་སྨོས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྐྱེ་བ་དང་ནི ་ཞེས་བྱ་བ་ལ་སོགས་པ་སྒོམ་པའི་ལམ་ལ་གནས་བའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་བ་ནི་སྐད་ཅིག་མ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བསྒོམས་པར་རྟོགས་པར་བྱ་བ་ནི་ཐོབ་པར་བྱ་བའོ། །དོན་ཁྱད་པར་འཕཌ་པ ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་གང་ཡིན་པའོ། །དེ་བསྐྱེད་པ་ནི་གོམས་པར་བྱེད་པའོ། །སྐད་ཅིག་མ་སྔ་མ་དང་ཕྱི་མ་དག་གིས་ཀྱང་སྔ་མ་བཞིན་དུ་མི་འཐད་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཀྱང་སྔ་མ་བཞིན་དུ་མི ་འཐད་དོ། །ཞེས་བྱ་བ་ནི་རྒྱུ་གཉིས་པ་ཡིན་ནོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་སྔར་ཉེ་བར་བསྟན་པ་དང་བསམ་གྱིས་མི་ཁྱབ་པའི་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་པོའི་ཤེས་པ་ཟབ་པ་ཉིད་ནི་འོག་ནས་བཤད་པའི་དོན་བདུན་ཅར་ལ་ཡང་སྦྱར་བར་བྱའོ། །རང ་བཞིན་གྱིས་དངོས་པོ་མེད་པར་བྱུང་བ་ཉིད་ཀྱིས་ན་ཡང་དག་པར་འགག་པར་མི་འཐད་པས་འགག་པ་དེ་ནི་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་དག་ལ་གོམས་པས་མངོན་སུམ་དུ་བྱས ་པ་དང་ལྡན་པ་ཉིད་ཀྱིས་དེ་བཞིན་ཉིད་མངོན་སུམ་དུ་མི་བྱེད་པ་ཡིན་ཏེ། དེ་ནི་གནས་སྐབས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྦྱིན་པར་བྱ་བ་ལ་སོགས་པ་རང་བཞིན་མེད་པས་སྦྱིན་པར་བྱ་བ་ལ་སོགས་པར་རྟོག་པའི་སྦྱིན་པ་ལ་སོཌ ་པ་རྣམ་པ་དུ་མ་སྒྲུབ་ཅེས་བྱ་བ་ཤེས་པ་ཞེས་བྱ་སྟེ་སྦྱིན་པར་བྱ་བ་ལ་སོགས་པའི་གཟུང་བའོ། །དེ་ནི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་ཀྱིས་གཟུང་བར་བྱ་བའི་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པས ་སྦྱིན་པར་བྱ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཤེས་པ་སྟེ། དེ་ནི་དེ་བཞིན་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྟོང་པ་ཉིད་ཡིན་པས་ན་སེམས་བསྐྱེད་པ་ལ་སོགས་པ་དང་གཞན་དག་ཉམས་སུ་ལེན་པ་མེད་པའི་ཕྱིར་སྤྱོད་པ་ནི་སེམས ་བསྐྱེད་པ་ལ་སོགས་པ་ཉམས་སུ་ལེན་པ་ཡིན་ཏེ། དེ་ནི་ཆོས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཟུགས་ལ་སོགས་པའི་ཚུལ་རྣམ་པ་གཉིས་སུ་སྣང་བས་ཤེས་པ་མི་འཐང་བའི་ཕྱིར་གཟུང་པ་ལ་སོགས་པ་མེད་པ་ནི་གཉིས་སུ་མེད་པ་སྟེ། ་དེ་ནི་གཉིས་སུ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །སྙིང་རྗེ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱིས་ན་སངས་རྒྱས་ལ་སོགས་པ་ཉིད་འཐོབ་པས་མི་འཇིགས་པས་ཐབས་ལ་མཁས་པ་སྟེ། །སེམས་མ་ཞུམ་པ་ལ་སོགས་པར་རོ། །དེ་ནི་ཚོགས ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་ནི་ཡང་དག་པར་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཨི་ལམ་རྟོགས་པར་དཀའ་བའི་ཤེས་པ་ཉིད་ཡིན་པས་ཤེས་པ?་ཐོབ?་པ་ནི་བསམ་གྱིས ་མི་ཁྱབ་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ནི་ཏིང་ངེ་འཛིན་ཐོབ་པ་ཁོ་ནའི་ཡུལ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་དགོངས་པས་ཚུ་རོལ་མཐོང་བས་ནི་འདིར་དང་པ་ཁོ་ན་ལེགས་ཞེས་བྱ་བ་དགོངས་སོ། །གང་གིས་འདྲེ? ་པའི་ངེས་འབྱུང་བའི། །དད་པ་བཞོན་པ་མཆོག་ཡིན་ནོ། །དེ་བས་དད་པའི་རྗེས་འབྲང་ཉིད། །བློ་ལྡན་མི་ཡིས་བསྟན་པར་གྱིས། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོའི་བཞིན་ནོ་ཞེས་གང ་གསུངས་པ་ཡིན་ནོ། །ཆོས་རྣམས་ཤེས་བྱ་བ་ལ་སོགས་པའི་ལམ་གྱི་དོན་གྱི་འཁོར་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་།འཁོར་བ་དང་རྣམ་པར་བྱང་བ་ནི་སྲིད་པ་དང་མྱ་ངན་ལས་འདས་པར་གྱུར་པའི་མི་མཐུན་པ་དང་གཉེན?་པོ་ནི་གཟུང་བ་ལ་སོགས་པ ་དང་ལམ་གྱི་འབྲས་བུར་བརྗོད་པ་གང་ཡིན་པ་དེ་རྣམས་ནི་སྣང་བརྙན་ཙམ་གྱི་ངོ་བོ་ཉིད་དེ་སེམས་ཙམ་ཉིད་ཡིན་པས་གང་རྨི་ལམ་དང་འདྲ་པ་ཉིད་དུ་རྟོགས་ཤིང་ཁོང་དུ་ཆུད་པ་དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས ་ན་མཉམ་པ་ཉིད་དུ་ལྷག་པར་མོས་པ་ནི་མཉམ་པ་ཉིད་ཡིན་ཏེ། སློབ་དཔོན་ན?་གརྫུ་ནའི་ཞལ་སྔ་ནས་ཀྱིས། །མྱ་ངན་འདས་མཛའ་གང་ཡིན་པ། །དེ་ནི་འཁོར་བའི་མཛའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་པྲ་བའང་ཡོད་མ་ཡིན་ཞེས ་གང་གསུངས་པ་ཡིན་ནོ། །རྨི་ལམ་དང་འདྲ་བ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་ནི་ཀླན་ཀ་ཡིན་ལ། ལན་ནི་ཅི?་སྐད་བཤད་པར་ཟད་ཅེས་བྱ་བའི་བཤད་པ་ནི་ཇི་ལྟར་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་ལྟར་ཕྱི་རོལ་གྱི་དོན་དུ ་སྨྲ་བའི་ལུགས་ལ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའི་གཞུང་ལུགས་ལའོ། །སྐད་ཅིག་མ་ཉིད་ཀྱིས་རྒྱུ་མེད་པར་འཇིག་པ་ཡིན་ལ་ཞེས་བྱ་བ་ནི་རལ་གྱིས་བསྣུན་པ་ལ་སོགས་པ་མཐོང་དུ་ཟིན་ན་ཡང་དེ་ལམ་བལྟོས་པར་སྲོག་ཆགས་ལ་སོཌ་པ་རང་གི་རང་གིས་འཇིག ་པ་ཡིན་ལ། གྲུབ་པའི་མཛའ་ལས་ཀྱང་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་ཞེས་འབྱུང་བའི་ཕྱིར་རང་གི་ལས་ཀྱི་སྟོབས་ཀྱིས་སྲོག་འཇིག་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་ལུང་ཡིན་པས་དོན་དམ་པར་དེའི་ཐ་སྙད་ཀྱི་དབང་གིས་སྲོག་ཆགས་ལ་སོགས་པ་ནི ་སྐད་ཅིག་མ་ཉིད་ཀྱིས་འཇིག་པའི་ཕྱིར་དང། དེ་གསོད་པ་པོ་ལ་སོགས་པ་ཡང་རང་གི་ལས་ཀྱིས་སྤྲུལ་པ་ཡིན་པའི་ཕྱིར་སྲོག་བཅད་པ་ལ་སོགས་པ་མི་སྲིད་པས་ན་སུས་ཀྱང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མ་བླངས་པ་ཡང་མ་ཡིན་ཅེས་བྱ་བ་ཡུལ་མེད་པས་དེ་དགག ་པ་ཡང་རིགས་པ་མ་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་སུའི་ཡང་བུད་མེད་གང་གིས་ཀྱང་བླངས་པ་མེད་དོ་ཞེས་བྱ་བ་ལ་སོགས་པའི་ཉེས་པའི་ཕྱོགས་ཀྱི་རྒྱུན་ལ་འཇུག་པ་ན་སྲོག་ཆགས་ལ་སོགས་པ་ལ་དགའ་བའི་དངོས་པོ་ལུས་ལ་སོགས་པ་གཡོ་བ་མེད ་པའི་མཚན་ཉིད་གང་ཡིན་པ་དེ་རལ་གྲི་སོགས་པས་སྐྱེད་པ་ལ་བསོད་པ་ལ་སོཌ་པར་རྟོཌ་པ་ནི་བདག་གིས་བསད་དོ། །འདིའི་རྫས་སམ་བུད་མེད་བདག་གིས་བླངས་སོ་ཞེས་བྱ་བ་ལ་སོགས་པར་མངོན་པར་ཞེན་པ་དེ་རྟོགས་པའི་སྒོ་ནས་ཏེ། དེའི་དབང་གིས་སྲོག་བཅོད?་པ ་ལ་སོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཇི་ལྟ་བུར་ཞེས་ན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པ་ལ་མི་དགེ་བ་ལ་སོགས་པ་དང་འདྲ་བར་ཞེས་བྱ་བ་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་ཉིད་དུ་རིམ?་བཅས་པ་དང་ལྡན་པའི་དགེ ་སློང་ལ་ལ་ཞིག་ལ་ལན་འགའ་ཞིག་ཏུ་བུད་མེད་འགའ་ཞིག་མཐོང་བས་ནུ་མ་སྲ་ཞིང་མཁྲང་ལ་རྒྱས་པ་མཉེ་བ་ལ་སོགས་པའི་བསམ་པ་སྔོན་དུ་འགྲོ་བས་ཕྲད?་པ་ན་མཁྱུད་པ་ལ་སོཌ་པས་ཉམས་པས་རྩ་བའི་ལྟུང་བའི་མཚན་ཉིད་ཅན་མི་དགེ་བར་འགྱུར་བ་ཡིན་པ་ལ་སོགས་པའི ་སྒྲས་ནི་དེའི་མོད་ལ་དགེ་འདུན་ལ་འཆབ་པ་མེད་པས་དེ་ལ་འཐོལ་བ་སྔོན་དུ་འགྲོ་བས་དགེ་སློང་ཉིད་འཐོབ་པའི་ཕྱིར་དགེ་བ་ཡིན་ལ་དེ་ཉིད་གཉིད་ཀྱིས་ལོག་པ་ནི་ལུང་དུ་མ་བསྟན་པ་རྣམ་པར་བཞག་པ་དང་འདྲའོ། །ཅིའི་ཕྱིར་དོན་དམ་པར་ཡོད་པར་སྨྲ་བའི་གཞུང ་གི་ཕྱོགས་ལྟར་ན་ཇི་ལྟར་སྐད་ཅིག་མ་ཉིད་ཀྱིས་ན་མི་དགེ་བ་ལ་སོགས་པའི་སྐད་ཅིག་མ་འཇིག་པའི་ཕྱིར་དང། ལས་ལས་སྐྱེས་པ་ཉིད་ཡིན་པའི་ཕྱིར་དེ་བྱེད་པ་མི་དགེ་བ་ལ་སོགས་པ་མེད་དོ། །ཡང་ན་དགེ་བ་ལ་སོགས་པ་དང་འགལ་བ་མི་དགེ་བ་ལ་སོགས ་པ་རྟོགས་པ་དགེ་སློང་དེའི་གནས་སྐབས་སུ་འཇོག་པ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན་དུ་དངོས་པོ་རྨི་ལམ་དང་འདྲ་བ་ལ་ཡང་ཞེས་བྱ་བ་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་དེ་དང་མཐུན་པའི་སྟེ། རང་བཞིན་གྱིས་སྟོང་པའི་དོན་གྱི་སྲོག་ཆགས་ལ ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་ལ་གང་དངོས་པོར་མངོན་པར་ཞེན་ཅིང་དངོས་པོ་ལ་མངོན་པར་ཆགས་པའོ། །སོགས་པའི་སྒྲས་ནི་བདག་གིས་རལ་གྲི་ལ་སོགས་པས་བསད་དོ་ཞེས་བྱ་བ་ལ་སོགས་པ་མངོན་པར་ཞེན་པ་གང་ཡིན་པ་དེའི་?་གིས ་ཕྱིན་ཅི་ལོག་གི་འཆིང་བ་མཛའ་དག་མ་ཉམས་པ་རྣམས་ལ་བདག་མེད་པ་ལ་ལྷག་པར་མོས་པ་རྣམས་ལ་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་གོ་ཞེས་བྱ་བ་ལ་སོགས་པའི་ལ་ནི་ཡན་ལ་དེ་དང་དེ་ཕྱོགས་གཞན་ལས་གསུངས་པའི་མདོ་སྡེ་ལས ་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །འདིར་དངོས་པོ་ལ་སོགས་པ་ལ་མངོན་པར་ཞེ་ན་པས་ཐམས་ཅད་དུ་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་སྟེ། སོ་སོར་རྟོག་པ་དང་ལྡན་པ་རྣམས་ཀྱི་ཇི་སྲིད་དེ་ཡོད་པ་དེ་སྲིད་བྱང་ཆུབ་པའི་བར་དུ་? ་མི་དགེ་བ་སྤངས་ལ་ངེས་པར་དགེ་བར་བྱའོ་ཞེས་བྱ་བར་དགོངས་སོ། །སྟོང་ཉིད་དོན་ནི་མི་ཤེས་པར། །ཐོས་པ་ཙམ་དུ་འཇུག་བྱེད་ཅིང། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་བརླག་ཅེས་བྱ་བ་ལ་སོགས ་པ་གང་དག་བཤད་པ་ནི་ལ་ན་ཡིན་ནོ། །སོགས་པའི་སྒྲས་བསྡུས་པའི་ལན་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གཞན་ཡང་ཞེས་བྱ་བ་ནི་ལན་བསྡུས་པ་ཡིན་ནོ། །རྨི་ལམ་སེམས་ནི་གཉིད་ཀྱིས་ཉམ་ཞེས་བྱ་བ་གང་གི་ཕྱིར་གཉིད ་ཅེས་བྱ་པའི་ལེ་ལོའི་ཁྱད་པར་གྱི་སྒྲིབ་པར་བཤད་པས་ཉམས་ཤིང་མི་གསལ་བར་གྱུར་པའི་སེམས་ནི་རྒྱུ་དེས་རྨི་ལམ་སྟེ་གཉིད་ཀྱིས་ལོག་པའི་གནས་སྐབས་སྲོག་གཅོད་པ་ལ་སོགས་པའི་ཤེས་པ་དང་འབྲས་བུ་འདྲ་བ་མ་ཡིན་ཏེ། གཉིད་ཀྱི་ལོག་པའི ་གནས་སྐབས་དང་མཚུངས་པ་མི་དགེ་བ་ལ་སོགས་པ་འབྲས་བུ་རྣམ་པར་བཞག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །གལ་ཏེ་རྨི་ལམ་ན་ཡང་སེམས་གསལ་བར་གྱུར་ན་དེའི་ཚེ་གཉིད་མ་ལོག་པའི་གནས་སྐབས་དང་འདྲ་བར་སྲོག་གཅོད་པ་ལ་སོགས་པ ་ཞུ་བ་བྱུང་དང་འདྲ་བར་དེར་ཡང་རྣམ་པར་བཞག་པ་ཉིད་ཡིན་ཏེ། དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པར་མཉམ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་དཔེ་མ་གྲུབ་བོ?་ཞེས་བྱ་བ་རྨི་ལམ་གྱི་དཔེ་ནི་གཉིད་མ་ལོག་པའི་གནས་སྐབས ་སུ་མི་དགེ་བ་ལ་སོགས་པ་མེད་པར་སྒྲུབ་པ་མ་ཡིན་ནོ། །ལན་གྱི་རྣམ་པ་གཞན་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་གཉིད་ཀྱིས་མ་ལོག་པའི་གནས་སྐབས་དེ་དང་འདྲ་བར་རྨི་ལམ་ན་དགེ་བ་དང་མི་དགེ་བའི་སྦྱད་པ ་ནི་ཞེས་བྱ་བ་རྨི་ལམ་དུ་དགེ་བ་ལ་སོགས་པ་བྱས་བསད་པའི་གནས་སྐབས་ནི་ལྡང་བའི་གནས་སྐབས་སོ། །ཐོ་ལེ་བྱས་སོ་ལེགས་པ་བྱས་སོ་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བས་དགེ་བ་ལ་སོཌ་པ་ལ་དགའ་བ་ཡིན་པའི་ཕྱིར་རྗེས་གྱི་གནས་སྐབས་ཀྱི་སེམས་ནི། ་ཕྱི་མར་གྱུར་པའི་སེམས་ཀྱིས་མངོན་པར་ཞེན་པའི་གསོས་ནི་འཕེལ་བ་གང་ཡིན་པ་སྟེ། དེས་ཡོངས་སུ་གསོས་བ་ནི་དགེ་བ་ལ་སོགས་པ་འཕེལ་བར་རྣམ་པར་བཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་ཕྱིར་ཡང་དཔེ་མ་གྲུབ་པས་ཞེས་བྱ་བ་ནི་རྨི་ལམ་གྱི་དཔེ་གཉིད་མ ་ལོག?་པའི་གནས་སྐབས་སུ་མི་དགེ་བ་ལ་སོགས་པ་མེད་པ་གྲུབ་པ་མ་ཡིན་ནོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་བའི་འགྲེལ་བ་ནི་གོ་སླའོ། །འདིའི་ཡུལ་དང་ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་ནི་བར་ཆད་ཀྱི་ཆོས་ལས་ཞེས ་བྱ་བ?་ལ་སོགས་པས་རྣམ་པར་འགྲེལ་པ་ཡིན་ཏེ། བར་ཆད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་གཟུང་བའི་ཆོས་རྣམས་ཡོད་པར་ལྟ་བ་ལས་ནི་བདུད་ལ་སོགས་པ་འབྱུང་ལ་དེ་མེད་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པས་བདག་མེད་པར་བསྒོམ་པ་གོམས་པར་བྱས་བ་ནི་ཐམས་ཅད་མཉམ་པ་ཉིད་ཡིན་པས་གང་དུ་ཡང་མངོན་པར་ཞེན་པ་མེད་པ་ཡིན་པའི་ཕྱིར་རོ། །སྨོན་ལམ་ལས་གྲུབ་པས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད ་དུ་གཞན་གྱི་དོན་ལ་གོ་ཆ་བསྒོམ་པ་ཡིན་པའི་ཕྱིར་རོ། །དཀའ་བར་སྤྱད་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ནི་གཏོང་བ་དང་གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་ལ་གོམས་པ་ཡིན་པའི་ཕྱིར་རོ། །ཆོས་དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི་བདག་མེད་པས་ཐམས ་ཅད་དུ་བསམ་པ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཐར་པའི་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཐབས་ལ་གོམས་པ་ཡིན་པའི་ཕྱིར་རོ། །འདྲི་བ་སྔོན་དུ་བཏང་བ་ཞེས་བྱ་བ་ལ་སོགས་པ་ནི་དྲིས་པའི། ། ་རྗེས་ཐོགས་ལ་ཆོས་སྟོན་པའི་ཕྱིར་རོ། །ཡུལ་ཐབས་ཤེས་པ་ཉིད་དང་བྱམས་པ་ལ་སོགས་པ་ཚད་མེད་པ་ལ་མཁས་པའི་ཕྱིར་ཏེ། དགྲ་རྣམས་ལས་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །འདིའི་ཡུལ་ཞེས་བྱ་བ་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལྟར ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་མི་རྟོག་པའི་བདག་ཉིད་ཅན་ནི་རྣམ་པ་བཅུ་སྟེ་རྣམ་གྲངས་བཅུ་ཡིན་ལ། དེའི་ཡུལ་ནི་སྤྱོད་ཡུལ་མངོན་སུམ་དུ་བྱ་བ་ནི་གང་བདག་ཉིད་ཀྱི་མངོན་སུམ་དུ་བྱ་བ་སྟེ། དེའི་དུས་དང་དུས ་མ་ཡིན་པ་ཤེས་པ་ནི་རིགས་པ་དང་མི་རིགས་པའི་དུས་ཤེས་པའི་སྦྱོར་བ་ནི་བསམ་པའི་ཁྱད་པར་རོ། །ཐབས་ལ་མཁས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ལམ་རྣམ་པ་བཅུ་ལ་བྱ་བའོ། །འདིའི་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་གནས་པའི་དོན་གྱིས་ཤེས ་པར་བྱའོ། །ཡང་ཐམས་ཅད་མཁྱེན་པ་གསུམ་དང། རྣམ་པ་ཐམས་ཅད་མངོན་བར་རྫོགས་པར་རྟོགས་པའི་ཁྱད་པར་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་ན་རེ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་དུ་བཤད་བའི་རྣམ་པས་རྣམ་པའི་ཡུལ་སོ་སོར་ངེས ་པ་ཡིན་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་ཅན་དུ་རྣམ་པར་བཞག་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར ་རྟོགས་པ་ནི་སྦྱོར་བ་ཅན་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་བཞག་པས་རབ་ཏུ་ཕྱེ་བ་ཡིན་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རང་བཞིན་གྱིས་ཞི?་བའི་རྣམས་པ? ་ཉིད་ཡིན་པའི་ཕྱིར་དེ་ལྟ་བུ་མ་ཡིན་ནོ་ཞེས་འཆད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བྱ་སྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་གྱི་གཞུང་རྟོགས་པར་དཀའ་བའི་སྣང་བ ་མདོར་བཤད་པ་ཆོས་ཀྱི་གྲགས་པས་བྱས་པ་ལས་སྐབས་བཞི་བའི་འགྲེལ་པའི་བཤད་བའོ།། །།གང་དུ་འབད་པ་མེད་པར་དྲན་པ་མེད་པ་དེར་ནི་འབད་པས་བསམ་པར་བྱའི་གཞན་དག་ཏུ་ནི་མ་ཡིན་ཏེ། དེ་ནི་ལྷུན་གྱིས་གྲུབ་པར ་?་པ་ཡིན་པའི་ཕྱིར་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སེམས་བསྐྱེད་པ་ལ་སོགས་པ་བསྒོམ་པའི་རིམ་གྱིས་གང་དུ་རྩོལ་བ་མེད་པ་དེར་ནི་རྩོལ་བ་དོར་བར་བྱ་ལ། གང་དུ་དེ་མེད་པ་དེར་ནི་རྩོལ་བ་བྱའོ། །དེ་ལྟར་སྐབས་རྣམ་པ་བཞིའི་དོན ་བསྒོམས་པས་རྣམ་པ་ཐམས་ཅད་དང་ལམ་དང་བཞིའི་སྐྱེ་བ་མེད་པར་ཤེས་པ་དང་ལྡན་པར་བཤད་བའི་རིམ་གྱིས་བསྒོམ་པར་བྱ་བའི་དོན་དུ་ཡང་དེ་ལས་རབ་ཀྱི་མཐར་ཕྱིན་པའི་ལམ་བྱའོ། །ཞེས་བསྟན་པར་རྟོགས་པར་བྱ་བའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས ་པ་ལས་ཞེས་བྱ་བ་སྨོས་ཏེ། རྣམ་པ་ཐམས་ཅད་དང་ལམ་དང་གཞི་སྐྱེ་བ་མེད་པར་ཤེས་པ་དང་ལྡན་པ་ལས་ཅིར་འགྱུར་ཞེ་ན། རབ་ཀྱི་མཐར་ཕྱིན་པར་རྟོགས་པ་འབྱུང་ངོ་ཞེས་བྱ་བ་ཡིན་ཏེ། འདི་ལ་རབ་ཀྱི་མཐར་ཕྱིན་པར་རྟོགས་པ་ཡོད་པ་སྟེ། རྩོལ་བ་དང་མི་རྩོལ ་བདག་གིས་རྩེ་མོའི་མངོན་པར་རྟོགས་པ་བསྒོམས་པས་ལྷུན་གྱིས་གྲུབ་བའི་ཡེ་ཤེས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །རྩེ་མོའི་མངོན་པར་རྟོགས་པ་ལས་དང་པོར་རྟགས་ལ་སོགས་པ་བཤད་པའི་རྒྱུ་གོ་སླ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན ་ཏེ། རྨི་ལམ་ན་ཞེས་བྱ་བ་ལ་སོགས་པའི་རྟགས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ཤིན་ཏུ་གོམས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གུས་པ་དང་བཅས་པ་ལ་སོགས་པས་བདག་མེད་པའི་ལམ་བསྒོམས་པ་ན་ཉུང་ཟད་ཙམ་གྱི་རང་ཀྱིས་མཐས ་གཉིད་མ་ལོག་པའི་གནས་སྐབས་སུ་མཐོང་བ་ཉིད་ཀྱིས་ན་གཟུགས་ལ་སོགས་པའི་ཆོས་རྣམས་རྨི་ལམ་དང་སྒྱུ་མ་ལ་སོགས་པར་མཐོང་བར་མ་ཟད་ཀྱི་གཞན་དུ་ན་གཉིད་ཀྱིས་ཉམས་པའི་གནས་སྐབས་སུ་ཡང་མཐོང་བའི་ཕྱིར་རོ། །དེའི་རྗེས་ལ་ཉན་ཐོས ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་བློ་རབ་མཆོག་ཡོད་པས་ལམ་གཞན་སྙིང་པོ་མེད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་རང་གི་སེམས་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་?་མི ་དད་པར་མཐོང་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ལུས་ལ་སོགས་པ་ཡང་བས་རང་དང་གཞན་གྱི་སྒྲུབ་པ་དང་མཚམས་བའི་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་མཐོང་བའི་ཕྱིར་རོ། །ཆོས་སྟོན་པ་ཞེས་བྱ་བ་ལ ་སོགས་པ་ནི་དེ་བཞིན་དུ་དམན་པ་ཉིད་ཀྱིས་ན་སྨད་དེ། སྤོང་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དམྱལ་བ་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་རང་གི་སེམས་དག་བས་རང་གི་སངས་རྒྱས་ཀྱི་ཞིང་དག་པ་ཡིན་ལ། དེ་དྲན་པས་དམྱལ་བ་ལ་སོགས་པ་དག ་པ་ཡིན་ཏེ། རང་གི་སེམས་ལས་ཐ་དད་པར་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །གྲོང་ཁྱེར་ཞེས་བྱ་བ་ལ་སོགས་བས་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་ལ་བསླབ་པས་ནུས་པ་བསམ་གྱིས་མི་ཁྱབ་པ་རྫོགས་པ་ཡིན་པའི་ཕྱིར་རོ། །གནོད་སྦྱིན་ཞེས ་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་གཟུང་བ་ལ་སོགས་པ་ཡོངས་སུ་སྤངས་པའི་ཕྱིར་རོ། །རང་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་ཁྱད་པར་དུ་འཕགས་པ་ལ་བརྩོན་པ་ཉིད་བདུད་ཀྱིས་བགྲོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས ་ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་དུ་རྟག་པ་དང་བདག་ལ་སོགས་པ་དག་སྙིང་པོ་མེད་པ་ཉིད་ཀྱིས་ན་ཕྱི་དང་ནང་གི་མུ་སྟེགས་པའི་སྐྱེ་བོ་ཚར་བཅད་པས་ཕུལ་དུ ་བྱུང་བའི་དོན་དང་གཞུང་གིས་ཁྱད་པར་དུ་འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེའི་དོན་ལ་སློབ་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་གཟུང་བ་ལ་སོགས་པའི་བསམ་པ་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞེས ་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་བསམ་པ་དྲི་མ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིའོ། །རྟགས་ཡིན་ནོ་ཞེས་བྱ་བ་ནི་རྩེ ་མོའི་མངོན་པར་རྟོགས་པའི་རྣལ་འབྱོར་པས་མཚན་མ་ལ་སོགས་པ་སྟེ། འདིར་ཞུམ་པའི་སེམས་ནི་གཟུང་བར་བྱ་།རྒོད་པ་ཡང་ནི་ཞི་བར་བྱ་ཞེས་སྨོས་པས་བསྒོམ་པ་ཐམས་ཅད་ལ་ཞུམ་པའི་སེམས་ནི་སྣང་བ་ཡིད་ལ་བྱེད་པས་སོ། །འདོད་ཆགས་དང་རྣམ་པར་རྟོག་པ ་དག་གིས་རྒོད་པ་ལས་ནི་གོ་རིམ་བཞིན་དུ་མི་སྡུག་པ་དང། དབུགས་པ་གྲང་བ་དྲན་པའི་བསམ་གཏན་དག་གིས་བཟློག་པར་བྱ་བར་ཤེས་བར་བྱའོ། །འཛམ་བུའི་གླིང་གི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་འཛམ་བུའི་གླིང་ལ་སོགས་པར་སྐྱེས ་པའི་སྐྱེ་བོ་རྣམས་ནི་འཛམ་བུའི་གླིང་གི་སྐྱེ་བོ་སྟེ། དེ་རྣམས་ཇི་སྙེད་ཡོད་པ་གྲངས་དེ་སྙེད་ཀྱིས་སངས་རྒྱས་གང་ཡིན་པ་དེ་རྣམས་ལ་མཆོད་པ་ནི་ཡིད་དགའ་བ་བསྐྱེད་པར་བྱེད་པའོ། །དགེ་བ་ལ་སོགས་པ་ནི་བསོད་ནམས་ཀྱི་མཆོག་གོ། དཔེར་མཛད་ནས་ནི་རྣམ ་མཐད?་དུ་ཞེས་བྱ་བ་ནི་མེ་ཏོག་དང་སྤོས་ལ་སོགས་པ་རྣམ་པ་མང་བ་ཉིད་ཀྱིས་ཡང་དང་ཡང་དུ་སྟེ། དེ་ཉིད་སྔ་མ་སྔ་མ་ཕྱི་མ་ཕྱི་མས་ཕན་ཚུན་དཔེར་མཛད་ནས་གོང་ནས་གོང་དུ་རྣམ་པར་འཕེལ་བའི་རིམ་གྱིས་བསོད་ནམས་འཕེལ་བའི་བདག་ཉིད་ཅན་བཅུ་དྲུག་ཡིན་ནོ།། ་གླིང་བཞི་བ་དང་ཉི་ཟླ་དང། རི་རབ་དང་ནི་འདོད་ལྷ་དང། ཚངས་བའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུང་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ ་ཡིན་ཞེས་འབྱུང་བས་དེའི་དོན་ནི་འདི་ཡིན་ཏེ། ཚིག་ལེའུར་བྱས་པ་ལས་འཛམ་བུའི་གླིང་སྨོས་པ་ནི་ཉེ་བར་མཚོན་པ་ཉིད་ཡིན་པའི་ཕྱིར་འཛམ་བུའི་གླིང་ལ་སོགས་པས་འཛམ་བུའི་གླིང་དང། ཤར་གྱི་ལུས་འཕགས་པོ་དང། ནུབ་ཀྱི་བ་ལང་སྤྱོད་དང། བྱང་ག ་སྒྲ་མི་སྙན་དང། ཟླ་བ་ལ་སོགས་པ་དང་བཅས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ན?་སེཾས་ཅན་གང་ཡིན་པ་དེ་ཉིད་ཀྱི་གྲངས་དང་ལྡན་པའི་རང?་བཞིན་གཤེགས་པ་གང་ཡིན་པ་དེ་རྣམས་ལ་མཆོད་པ་ནི་རྣམ་པར་འཕེལ་བ་དང་པོ་ཡིན་ནོ། །ཁྱད་པར་དུ ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འཕེལ་བ་རྣམ་པ་བདུན་དུ་བཤད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གསུམ་མོ། །དེ་ཡིད་ལ་བྱེད་བ་ནི་བསྒོམ་པ་ལ་སོགས་པ་བསྟེན་པའོ། །མི་སྐྱེ་བ་ནི་ཆོས་རྣམས་ཀྱི་སྐྱེ་བ་མེད་པ་སྟེ། ་དེ་ལ་བཟོད་པ་ནི་སྲེད་པ་དེ་ཐོབ་པའོ། །བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་ཆོས་མི་དམིགས་པ་ནི་ཤེས་བྱ་ལ་སོགས་པ་མི་དམིགས་པའོ། །ཁྱད་པར་ཅན་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་དགེ་བ་བཅུ་ལ་སོགས་པ་དང་གཟུགས་མེད ་པའི་སྙོམས་བར་འཇུག་པ་སྟེ། དེ་དག་ཐོབ་པའོ། །ལྷའི་རིས་ཐམས་ཅད་དུ་ཉེ་བར་འགྲོ་བ་ནི་ལྷ་ལ་སོགས་པ་འདུས་བར་གཏོགས་པར་གཞན་གྱི་དོན་གྱི་ཕྱིར་འགྲོ་བའོ། །བདུད་ཐམས་ཅད་ནི་དབང་པོ་ལ་སོགས་པའོ། །དེ་རྣམས་ཟིལ་གྱིས་གནོན་པ་ནི་མངོན ་པར་ཤེས་བས་ནུས་པ་མེད་པར་བྱས་པས་སོ། །སྟོན་པ་དང་འདྲ་བའི་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དང་མཚུངས་པར་གནས་པ་ནི་བྱ་བ་དེ་ཉིད་ཉམས་སུ་ལེན་པའོ། །ཡང་བསོད་ནམས་ནི་རྣམ་པ་བརྒྱད་དེ་ཞེས་འོག་མ་དང་སྦྱར་རོ། །དེ་ནི་རྣམ་པ་ཐམས ་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པ་ནི་དང་པ་ལ་སོགས་པས་སོ། །བསླབ་པ་ཡོངས་སུ་དག་པ་ནི་བདག་མེད་པས་ཟིན་པའི་སྦྱིན་པ་ལ་སོགས་པའོ་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བ་ནི་ཉན་ཐོས་ལ ་སོགས་པའི་རིགས་འཇིག་པའོ། །འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་ནི་སེམས་བསྐྱེད་པ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པའོ། །དེ་དང་མི་མཐུན་པའི་ཕྱོགས་ནི་སེར་སྣ་ལ་སོགས་པ་སྟེ་དེའི་སེམས་མི་སྐྱེ་བའོ། །གཟུཌ ་ལ་སོགས་པ་དང་ལྡན་པར་རྟོགས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །དེ་རབ་ཏུ་མི་སྐྱེ་བ་ནི་ཤེས་བྱ་རང་གི་སེམས་ཀྱི་རྣམ་པ་ཉིད་ཡིན་པར་མཐོང་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པ་སྟེ། དེའི་ཀུན་བསྡུས་བ་ནི་སྦྱིན་པ་ལ ་སོགས་པ་རེ་རེ་ལ། སྦྱིན་པ་ལ་སོགས་པ་ཐམས་ཅད་ཁོངས་སུ་འདུས་པའོ། །དེ་ཤེས་པ་ནི་རྟོགས་པའོ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དག་གོ། དེ་ཐོས་པ་ནི་རབ་ཏུ་རྙེད་པའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གཉིས་སུ་མེད་པའི ་ཡེ་ཤེས་སོ། །དེ་དང་ཉེ་བར་གྱུར་བ་གཟུང་བ་ལ་སོགས་པའི་ལྟ་བ་དང་བྲལ་བས་ཐག་ཉེ་བའོ། །འཛམ་བུའི་གླིང་གི་ཞེས་བྱ་བ་ལ་སོགས་པས་དེ་ལྟར་རྣམ་པར་འཕེལ་བས་རྣམ་པར་སྤེལ་བ་སྟེ། བཤད་མ་ཐག་པའི་བསོད་ནམས་རྣམ་པར་འཕེལ་བ་རྣམ་པ་བཅུ་དྲུག ་མཐར་ཕྱིན་པའི་དབང་དུ་གྱུར་བ་ནི་མངོན་སུམ་དུ་གྱུར་བ་རྟོགས་བ་ཡིན་ལ་དེ་ཉིད་ནི་མཐར་ཕྱིན་པ་གང་ཡིན་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། དེའི་མཚན་ཉིད་རྣམས་ནི་དེའི་རང་བཞིན་པའི་ཕྱིར་རོ། །ངེས་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་པོ ་ཐམས་ཅད་ཀྱི་མཐར་ཐུག་པ་རྫོགས་པ་ནི་སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་དད་པ་ལ ་སོགས་པའི་ནུས་པས་སོ། །དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པའི་བསོད་ནམས་ཀྱི་རིམ་པས་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ན་འཚང་རྒྱ་བ་ཉིད་ཀྱིས་ན་སྙིང་རྗེ་ཆེན་པོ་ལ་སོགས་པ་མི་དམིགས་པས་ཁྱབ་པའི་སྙིང་རྗེ་དང་བྱམས་པ་ལ་སོགས་པ་སྟེ། ་དེ་རྣམས་མངོན་སུམ་དུ་བྱེད་པའི་ངོ་བོ། །དེའི་དབང་དུ་གྱུར་པ་སྟེ། དེས་ན་དེའི་དབང་གིས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་དུ་རྒྱུན་མི་འཆད་པར་གཞན་གྱི་དོན་གྱི་རྒྱུ་ཡིན་ནོ། །ཇི་སྐད་བཤད་པ་ཞེས་བྱ་བ་ལ་སོགས ་པ་ལ་བྱ་བ་མེད་པ་ཉིད་ཡིན་ན་ཡང་བསོད་ནམས་ཀྱི་དབང་གིས་གཞན་གྱི་དོན་ལས་མི་ལྡོག་པས་བདག་མེད་པ་བསྒོམ་བ་དང་ལྡན་པ་རྣམས་ཀྱི་བྱང་ཆུབ་ཐོབ་ན་ཡང་བསོད་ནམས་ཀྱི་བྱ་བ་ལ་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་དེས་བས ་གཏན་ལ་ཕབ་པའི་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒྲུབ་བས་རྫོགས་པར་གྱུར་པ་ནི་བརྟན་པར་འགྱུར་བ་སྟེ། དེ་ཉིད་དུ་བརྟན་པོར་འགྱུར་བ་དེའི་མཚན་ཉིད་ཅན་གྱི་སེམས་ཀུན་ཏུ་གནས་པ་ནི་སྔར་བཤད་པའི་རྣམ ་པར་མི་རྟོག་པའི་སེམས་ཡོངས་སུ་མི་འདོར་བའོ། །སེམས་ཀུན་དུ་གནས་པ་ནི་གླིང་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། གླིང་བཞི་པ་ནི་གླིང་བཞི་པ་དང་ཟླ་བ་ལ་སོགས་པ་སྟེ། དེ་དང་ལྡན་པའི་སྟོང་དང་སྟོང་གཉིས་པ་དང། སྟོང་གསུམ་ནི་སྔར ་བཤད་བའོ། །དེ་དག་དཔེར་མཛད་ནས་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡེ་ཤེས་ཞེས་བྱ་བ་ནི་ལྷག་མའོ། །དེ་བསོད་ནམས་མང་བ་ཉིད་ཀྱིས་ན་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་སེམས་ཀུན་དུ་གནས་པ་ཡིན་ནོ་ཞེས་ཡོངས་སུ་བསྒྲགས་སོ། །ཚིག་ལེའུར་བྱས་པ་རྣམ ་པར་འགྲེལ་བ་ནི་ལུགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྲིད་པ་བཟུང་ན་ཞེས་བྱ་བ་ནི་ཚད་ཡོད་པ་སྲིད་ན་དངོས་པོ་སྲང?་ཚད་ཀྱིས་གཞལ་བར་ནུས་ཀྱི་ཞེས་བྱ་བའི་ཚུལ་གྱིས་ཚུ?་རོལ་མཐོང་བ་རྣམས་ཀྱི་ཚད་མས་གཞལ་བར་མི་ནུས་ཀྱི་འོན་ཀྱང ་ཐམས་ཅད་མཁྱེན་པ་ཚད་མར་བྱས་ནས་གཞལ་ཞིང་ཡོངས་སུ་བརྟགས་པ་ཡིན་པའི་ཕྱིར་སེམས་ཀུན་ཏུ་གནས་པ་རྣམ་པར་གཞག་པའི་དོན་ཡིན་ནོ་ཞེས་འདིར་ཡང་ཤེས་པར་བྱའོ། །དེ་ནི་གླིང་བཞི་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་།གླིང་བཞི་ལ་སོགས ་པ་དང་ལྡན་པའི་སྟོང་གསུམ་པ་སྟེ། སྟོང་དང་སྟོང་གཉིས་པ་དང་སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་རྣམས་སོ། །དེ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་སྙིང་རྗེ་ལ་སོགས་པའི་ཚིགས?་རྣམས?་སོ། ། ་དེའི་ངོ་བོ་ཉིད་ཀྱི་ཏིང་ངེ་འཛིན་མཛའ་ཡས་པ་གང་ཡིན་པ་དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་གང་ཡིན་པ་དེ་སོ་སོར་རེ་རེ་ནས་དཔེ་སྟེ་ཆ་འདྲ་པར་མཛད་ནས་དེ་དག་ལས་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་བའི་བསོད་ནམས་མང་པོ་ཉིད་ཀྱིས ་གྲངས་མེད་པའི་བསོད་ནམས་གང་ཡིན་པ་དེའི་རྒྱུས་ཏིང་ངེ་འཛིན་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་སྙིང་རྗེ་ལ་སོགས་པའི་སྟོབས་ལས་གྱུར་པའི་ཏིང་ངེ་འཛིན་ལས་སྐྱེས་པ་བསོད་ནམས་དང་ཡེ་ཤེས་ཚད་མེད་པ་ལས་ཡང་དག་པར་སྐྱེས་པ ་རྣམ?་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་བརྟན་པའི་རྒྱུ་ཅན་སེམས་རྩེ་གཅིག་པ་ཉིད་སྟེ། དེའི་མཚན་ཉིད་ཅེས་བྱ་བའི་དེའི་ངོ་བོ་ཉིད་ནི་སེམས་ཀུན་ཏུ་གནས་པས་ཞེས་བྱ་བར་བཤད་དེ། །བཤད་མ་ཐག་པའི་རྣམ་པར་མི་རྟོག་པའི་སེམས་རྒྱུན་གྱིས་འཁོར ་བ་ཇི་སྲིད་པར་གནས་པ་ཡིན་ལ། གཞན་དག་ཏུ་ནི་འདུལ་བའི་དབང་གིས་འཚེ་བ་མེད་པ་ཉིད་དང། ཡང་དག་པའི་དོན་ཡིན་པ་ཉིད་དང། དེའི་ཕྱོགས་སུ་ལྟུང་བར་བཤད་པ་ཉིད་ཡིན་ནོ། །གཞན་དུ་ན་སྨོན་ལམ་གྱི་དབང་དུ་བྱས་པའི་སེམས་ནི་ཉོན་མོངས་པ་ལ་སོགས ་པས་ལྡོག་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ཡང་ཚད་མ་རྣམ་འགྲེལ་མཛད་བས། །འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློགས་ཏེ། །བློ་ནི་དེ་ཡི་ཕྱོགས་འཛིན་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། ། ་རྟགས་དང་རྣམ་པར་འཕེལ་བ་དང། །ངེས་པ་དང་སེམས་ཀུན་ཏུ་གནས་པ་ནི་མདོར་དྲོ་བ་ལ་སོགས་པའི་རང་བཞིན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་པར་བཤད་ལ། དེ་ནི་རྟགས་ལ་སོགས་པར་ཞེས་བྱ་བ་ལ་སོགས་པ་སྤྱོས?་པ་ཡིན་ནོ། །འཇུག་པ་དང ་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་བའི་དོན་འཇུག་པ་དང་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་པ་ཡིན་ཏེ། གོ་རིམ་བཞིན་དུ་མི་དམིགས་པའི་ངོ་བོ་ཉིད་ཀྱིས་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཆོས་ཡིན་ཏེ་ངོ་བོ་ཉིད་ལ་སོགས་བའོ། །དམིགས ་པའི་ངོ་བོ་ཉིད་ལྡོག་པ་ནི་ཉན་ཐོས་ལ་སོགས་པའི་ཆོས་ཡིན་ཏེ། སྲིད་པ་དང་ཞི་བར་ལྟུང་བ་ཡིན་པའི་ཕྱིར་རོ། །དེ་ལེན་པ་དང་དོར་བའི་སྒོ་ནས་གཟུང་བ་སྟེ། དམིགས་པར་བྱ་བ་དག་གོ། དེ་ལྟར་ན་གཟུང་བའི་རྣམ་པར་རྟོག་པ་ཁྲོ?་ན་གཟུང་བ་ཡིན་ནོ་ཞེས་བྱ་བའི་ཐ ་ཚིག་གོ། དེ་ནི་དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ཞེས་སྨྲོས་པ་ཡིན་ཏེ། སྤྱིའི་ཡུལ་ཡིན་པ་ཉིད་ཀྱིས་མདོ་སྡེ་ལ་སོགས་པས་སྦྱར་པའི་ཤ་ཟ་སྙམ་པ་ལ་སོགས་པ་ཕྱིའི་ཡུལ་དང་འརེལ་པ་ཉིད་ནི་མི་འཐད་པ་ཡིན ་པས་སོ། །དེ་ཉིད་ཀྱིས་ན་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཏེ། ཕྱིའི་ཚུལ་གྱིས་སྤྱིའི་ངོ་བོ་ལ་སོགས་པའི་རང་བཞིན་གྱི་རང་གི་རྣམ་པར་འཛིན་པ་ཡིན་པའི་ཕྱིར་བརྫུན་པར་ཤེས་པ་ཡིན་པས་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་སྟེ། བརྫུན་པའི ་ཡུལ་གྱི་བདག་ཉིད་ཅན་དག་གི་ཡུལ་གྱི་དབྱེ་བས་རྣམ་པར་བརྟགས་པའི་རང་བཞིན་ལ་སོགས་པ་ནི་ཡུལ་སྣ་ཚོགས་པ་ཉིད་ལ་སོགས་པའོ། །ཉོན་མོངས་པའི་ཕྱིར་ཞེས་བྱ་བ་ནི་སྲིད་པ་གཅིག་ནས་གཅིག་ཏུ་རྒྱུད་པར་ཉོན་མོངས་པ་བྱེད་པ་ཡིན་པའི་ཕྱིར་རོ། །སེམས ་ཅན་རྫས་དང་ཞེས་བྱ་བ་ལ་སོགས་པའི་འཛིན་པའི་ཚིག་ལེའུར་བྱས་པ་ནི་སོ་སོའི་སྐྱེ་བོ་དང་ཞེས་བྱ་བ་ལ་སོགས་པས་རྣམ་པར་འགྲེལ་ཏེ། གོ་རིམ་བཞིན་དུ་སོ་སོའི་སྐྱེ་བོ་དང་ཉན་ཐོས་ལ་སོགས་པའི་སྐྱེས་བུ་རྫས་དང་བརྟགས་པར་ཡོད་པ་དེ་དག་ནི་ཡང་དག་པར་དང་ཐ་སྙད ་ཉིད་དུ་བརྟགས་པ་ཡིན་ལ། དེའི་རྟེན་ཅན་ནི་དེ་ལ་གནས་པའི་འཛིན་པ་དག་སྟེ་དེ་ལྟར་ན་འཛིན་པའི་རྣམ་པར་རྟོག་པ་དག་ནི་རྣམ་པར་རྟོག་པ་ཉིད་འཛིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་གང་གི་ཚེ་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐྱེས་བུ་དང་གི་ཡུལ་གི་དབང ་པོར་གྱུར་ཅིང་དམིགས་པར་རྟོགས་པའི་གཟུང་བའི་དོན་དག་སྟེ་། འོག་ནས་བཤས་པའི་ཡུལ་དག་ཇི་ལྟར་དེ་དག་གིས་ཡོངས་སུ་བརྟགས་པ་དེ་བཞིན་དུ་གང་གི་ཚེ་གཟུང་བའི་ངོ་བོར་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱིའི་གཟུང་བ་ཉིད་འཛིན་པའི་རྒྱུ་ཉིད་ཀྱིས་ན་དེ་དག ་འཛིན་པ་ཉིད་དུ་འཐད་དོ་ཞེས་བྱ་པའི་རྒྱུ་དེས་ན་དེའི་ཚེ་གང་གི་འཛིན་པར་འདོད་ཅེས་སྔ་མ་དང་སྦྱར་རོ། །དེ་ལྟར་ཕ་ཡིའི་གཟུང་བའི་འབྲས་བུ་ཉིད་ཀྱི་མཚན་ཉིད་འཛིན་པ་ཉིད་མི་འཐད་པས་འཛིན་པའི་ངོ་བོས་སྐྱེས་བུ་རྫས་སུ་ཡོད་པ་དང་བཏགས་པར་ཡོད་པ་དག་གི ་དབེན་ཞིང་མེད་པའི་ངོ་བོ་ཡིན་པས་ནི་ཕྱིན་ཅི་ལོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨྲོས་པ་ཡིན་ཏེ། སྔ་མ་བཞིན་དུ་ཡུལ་གྱི་དབྱེ་བས་ཞེས་བྱ་བ་དམིགས་པས་སྣ་ཚོགས་པ་ཉིད་ཀྱིས་ན་ཇི་ལྟར་གཞན་གྱི་ཡོངས་སུ་བརྟགས་པའི་སྲིད་པ་དང་ཞི་བར་ལྟུང་བ་ཉིད་ཡིན་པའི་ཕྱིར་རོ།། ་གགས་བྱེད་པ་ཡིན་པས་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྒྲིབ་པ་ཉིད་ཡིན་པའི་ཕྱིར་སྟེ། རེ་ཞིག་གཉིས་སུ་མེད་པའི་ཚུལ་ལ་སྟེ་སྨོས་ཀྱང་ཅི་དགོས། །ཕྱི་རོལ་སྨྲ་བའི་ཚུལ་ལ་ཡང། །ཐ་དད་དུས་སུ་བཟུང་བ་ན། །ཇི་ལྟར་ཡིན་སྙམ་རིགས་ཤེས་པས། །ཤེས་པའི ་རྣམ་པ་གཏོང་ནུས་པའི། །རྒྱུ་ཉིད་ཡིན་པར་ཤེས་པར་བྱ་ཞེས་སྨོས་པའི་ཕྱིར་གཟུང་བ་དང་འཛིན་པ་ཉིད་དུ་མི་འཐད་པས་། བཤད་མ་ཐག་པའི་གཟུང་བ་དང་འཛིན་པ་དག་ནི་རྟགས་ཡིན་པའི་ཕྱིར་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ངོ་བོ་ཉིད་དང་ཞེས་བྱ ་བ་ལ་སོགས་པ་གཟུང་པའི་རྣམ་པར་རྟོག་པ་དང་པོའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་བ་ནི་དབེན་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དབེན་པ་ཞེས་བྱ་བ་གཟུང་པ་ཉིད་ལ་སོགས་པས་སྟོང་པར་གཟུགས་ལ་སོགས་པ་མ་རྟོགས་པའི་ངོ་བོ་ཉིད་ཀྱི་མིག ་གི་རྣམ་པར་ཤེས་པ་ལ་སོགས་པའི་ཡུལ་མ་ཡིན་པའི་བདག་ཉིད་ཅན་ནོ། །ཅིའི་ཕྱིར་ཞེ་ན་དབེན་པས་ཞེས་བྱ་བ་གཟུང་བ་ལ་སོགས་བསྟོང་པའི་ཚུལ་གྱིས་ན། དེ་ལ་སྐྱོན་མེད་པ་ཉིད་ཀྱིས་ཏེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡིན་པ་ཉིད་ཀྱིས་ཉོན་མོངས་པ་མེད་པ ་ཉིད་ཡིན་པས་དེ་ཉིད་ཀྱི་ཕྱིར་གཟུང་བར་བྱ་བ་ཉིད་ཡིན་ཞིང་བླང་བར་བྱ་བའི་དམིགས་པ་ཉིད་ཀྱིས་འཇུག་པར་ཞེས་འོག་མ་དང་སྦྱར་རོ། །ས་མི་གཡོ་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་མི་གཡོ་ལ་ལ་སོགས་པ་ལ་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ས་བདུན་པའི་བར་དུ་རིགས་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །སྒྱུ་མ་ལྟར་བུར་ཞེས་བྱ་བ་ལ་སོགས་པ་ནི་འདིར་དམིགས་པ་དང་བཅས་པ་ཉིད་ཀྱིས་མཐོང་བ་ལ་སོགས་པའི་ལམ་ཐོབ་པ་མེད་པའི་ཕྱིར་རོ། །སྣང་བརྙན་ཙམ ་དུ་ཟད་པས་ཞེས་བྱ་བ་རྣམ་པ་རིག་པ་ཙམ་དུ་ཟད་པས་འཁྲུལ་པ་མེད་པའི་ཤེས་པ་ནི་གཉིས་དུ་མེད་པའི་ཤེས་པ་དམིགས་པར་བྱ་བ་ལ་སོགས་པ་ནི་དམིགས་པ་དེ་ལ་དམིགས་པའོ། །ཡོན་ཏན་དུ་སྐྱོན་ནི་སྲིད་པ་གཅིག་ནས་གཅིག་ཏུ་རྒྱུད ་པ་ལས་ལྡོག་པ་དང་འཇུག་པའི་མཚན་ཉིད་དོ། །དེ་མཐོང་བ་སྟོན་དུ་འགྲོ་བའི་གང་བླང་བར་བྱ་བ་དང་དོར་བར་བྱ་བ་ཉིད་ཀྱིས་གཉེན་པོ་དང་མི་མཐུན་པའི་ཕྱོགས་སོ། །དྲི་མ་ཐམས་ཅད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ལམ་གྱི་གཟུང་བ་ལ་སོགས ་པའི་རྣམ་པར་རྟོག་པ་རྣམས་ནི་ཉེས་པ་ཐམས་ཅད་དེ། ཉོན་མོངས་པ་ལ་སོགས་པའི་ཉེས་པ་རྣམས་སོ། །དེ་དང་བྲལ་བ་ཉིད་ཀྱིས་རང་གིས་རྟོས་པ་རྫོགས་པའི་བྱང་ཆུབ་ཐོབ་པའོ། །སྔར་བཤད་པའི་དམིགས་པ་ལ་སོགས་པའི་ནི་དམན་པ་ཉིད་ཡིན་པ་དང ་དམིགས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་དམན་ཞིང་གནོམ?་པ་མ་ཡིན་པ་ཉིད་ཡིན་ལ་ངེས་ཉན་ཐོས་ལ་སོགས་པའི་ས་ནི་སྔར་བཤད་པའི་ས་བརྒྱད་ཡིན་ལ་དེ་རྣམས་ཐག་བསྲིང་བར་བྱེད་པ་ནི་སྤང་པའི་ཕྱིར་རོ། །བསམ་པ་ཇི་ལྟ་བ་དང་མཐུན་པར་སྤྲུལ་པ་ནི ་གདུལ་བྱའི་དབང་གིས་ཉན་ཐོས་ལ་སོགས་པའི་ཡུལ?་དུ་སྟོན་པ་སྟེ། དེས་སེམས་ཅན་གྱི་དོན་གྱི་ལས་ཏེ། གདུལ་བྱ་རྣམས་ཀྱི་ངེས་པར་ལེགས་པ་དང་མངོན་པར་མཐོ་བ་བསྒྲུབས་པའི་ལས་རྣམས་སོ། །དང་ཞེས་བྱ་བ་ནི་བསྡུ་པ་ཡིན་ནོ། །ཡང་དག་པའི ་ཐབས་ལ་མཁས་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པ་ལ་དམིགས་པའི་དད་པ་ལ་སོགས་པས་སྐྱེ་བ་ཐམས་ཅད་སྔར་བཤད་པའི་མྱ་ངན་ལས་འདས་པ་དེ་ལ་དགོད་པའི་བྱ་བ་ཉིད་འབྲས་བུ་ཡིན་ཏེ་དེ་ལའོ། །ངོ་བོ་ཉིད་ལ་སོགས་པ་ནི ་སྐྱོན་མེད་པ་ཉིད་ཀྱིས་དེ་བཤད་པ་ཉིད་ནི་བསལ་བ་ཡིན་པས་ལོགས་ཤིག་ཏུམ་བཤད་དོ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་ནི་ཡུལ་ལ་གནས་པའོ་།མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ནི་མཐོང་བའི་ལམ་གྱི་བསམ་གཏན་གྱི་ཁྱད་པར་གང ་ཡིན་པ་སྟེ། དེས་སྤོང་བར་བྱ་བར་ཞེས་བྱ་བ་ལ་སོགས་པའོ། །སྲིད་དང་ཞེས་བྱ་བ་ལ་སོགས་པ་གཟུང་པའི་རྣམ་པར་རྟོག་པ་ལྡོག་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་ནི་འཁོར་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་ནང་?་གང ་ཡང་རུང་བ་ཞིག་ཏུ་ལྷུང་བ་ཉིད་ཀྱིས་ལྟུང་བ་དེ་ནི་ཉེས་པ་དང་བཅས་པ་ཉིད་ཀྱིས་དམིགས་པ་དང་བཅས་པ་ཉིད་ཡིན་ཞིང་རྟག་པ་དང་ཆད་པར་ལྟ་བའི་ཉེས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་ཞིང་སྤང་བར་བྱ་བ་ལ་དམིགས་པ་ཉིད་ཀྱིས་ན་ལྡོག་པར་བྱའོ་ཞེས་འོག་མ་དང ་སྦྱར་རོ། །དེ་ལྟར་རྟོགས་པ་དང་དམན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱ་སྟེ། ཀུན་ཏུ་འགྲོ་བ་བདག་མེད?་པས་སྟོང་པའི་ཕྱིར་དམན་པ་སྟེ། ཡོངས་སུ་མ་རྫོགས་པ་ཉིད་ཀྱི་རྟོགས་པའི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་སོགས་པ ་གང་ཡིན་པ་དེ་ལའོ། །དགེ་བའི་བཤེས་གཉེན་གྱི་རྒྱུ་ཐབས་ལ་མཁས་པ་སྟེ། སེམས་མི་འགོད་པ་ལ་སོགས་པའི་ཤེས་པ་གང་ཡིན་པ་སྟེ་དེ་དང་བྲལ་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པ་སྟེ། དགེ་བའི་བཤེས་གཉེན་ཡང་དག་པས ་བདག་གིས་བྱས་པ་མེད་པའོ། །ཤེས་བྱའི་སྒྲིབ་པ་མཛའ་དག་ནི་ཡུལ་ལ་སོགས་པས་ཆོས་པའི་གཟུང་བ་ལ་སོགས་པའོ། །དེ་རྣམས་ཀྱི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་འཇོམས་པར་མི་ནུས་པ་ཉིད་ཡིན་ཞིང། །སྒྲུབ་པའི་ལམ་མ་ཚང་བ་སྟེ། ཡེ་ཤེས་ཀྱི་ཐབས་ཀྱིས ་སྟོང་པ་ཉིད་དོ། །དེ་བཞིན་གཤེཌ་པ་ལ་སོཌ་པའི་གདམས་ངག་ལ་ལྟོས་པ་དད་བཅས་པ་ཉིད་ཀྱིས་ཞེས་བྱ་བར་དེ་ཉིད་རྟོགས་པ་མེད་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་གཅིག་ལ་གཅིག་གི་གདམས་ངག་ལས་སྐྱེས་པའི་ཤེས་པ་ཡོད་པ་ཉིད་ཀྱིས ་ན་གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་དེ། སངས་རྒྱས་ལ་སོགས་པའི་མཁྱེན་པས་འཁྲིད་པ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཆེན་པོ་ཉིད་ལ་སོགས་པ་ནི་སྔར་བཤད་པ་སྟེ། དེ་ལ་མི་འཇུག་པ་ཉིད་ཀྱིས་ན་དེ་མེད་པ་ཡིན་པས་ཆེད་དུ་བྱ་བ་ལས ་ལོག་པ་ཡིན་ཏེ་།ཆེད་དུ་བྱ་བ་རྣམ་པ་གསུམ་མེད་པའོ། །གཟུང་པ་ལ་སོགས་པའི་བག་ཆགས་ཡོད་པས་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་གི་གཉེན་པོར་གྱུར་པ་ཉིད་ཀྱིས་ན་ཉི་ཙོ་བ་ཞེས་བྱ་བ་ཕྱོགས་གཅིག་པའི་ལམ་གྱི་བྱེད ་པ་སྟེ། བདེན་པ་བཞིའི་རྣམ་པའི་བྱེད་པ་གང་ཡིན་པ་དེ་ལའོ། །དེ་ལ་དམིགས་པ་དང་བཅས་པ་ཉིད་ཀྱིས་ཞེས་བྱ་བ་གཟུང་པ་ལ་སོགས་པའི་དམིགས་པ་ཡོད་པས། འབྲས་བུ་དང་པོ་ལ་སོགས་པ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པ ་ཆགས་ཏེ། དེ་རྣམས་སྤངས་པ་ཉིད་ཀྱིས་ན་གནས་པ་དང་འགྲོ་བ་བག་ལ་ཉན་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་བག་ཆགས་ཏེ། དེ་རྣམས་སྤངས་པ་ཉིད་ཀྱིས་ན་གནས་པ་དང་འགྲོ་བ་མི་ཤེས་པ་སྟེ། གདུལ་བྱའི་ཡུལ་དུ་འགྲོ་བ་མི་ཤེས་པའོ།། ་ཐེག་པ་ཆེན་པོ་ཐམས་ཅད་བསྡུད་པར་བྱེད་པ་ཉིད་ཀྱི་རྒྱུ་ཡིན་པས་རྣམ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཐམས་ཅད་མཁྱེན་པ་གསུམ་པོ་ཉིད་ཀྱིས་སངས་རྒྱས་ལ་སོགས་པའི་མྱ་ངན་ལས་འདས་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་གང་ཡིན ་པ་དེའི་འོག་ཏུ་གང་མཇུག་ཏུ་འགྲོ་ཞིང་རྗེས་སུ་འབྲང་བ་དེ་ལ་དང་བའི་ལམ་མེད་པས་ཡོན་པོའི་ལམ་གྱིས་འགྲོ་བ་ནི་འདིར་ཉེས་པ་ཡིན་ནོ། །འདི་དག་ལ་ཡང་དང་ནི་བསྡུ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ལ་སོགས་པ་ལས་ལྡོག་པ་དང་འཇུག ་པའི་གནས་སྐབས་གོ་བཟློག་པ་ནི་གཟུང་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མཐོང་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་གང་ཡིན་པ་སྟེ། དེ་རྣམས་ཀྱི་འཇུག་པའི་གནས ་སྐབས་ནི་གཟུང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཉིད་ཡིན་པས་རྒྱུན་གྱིས་འབྱུང་བའི་ཁྱད་པར་དེས་སྤང་བར་བྱའོ། །འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་སྐྱེས་བུ་རྫས་སུ་ཡོད་པའི་ཚིག་ལེའུར་བྱས་པ་རྣམ་པར་འགྲེལ་པ་ནི་ཀུན་རྫོབ་ཏུ་ཞེས་བྱ་བ་ལ ་སོགས་པ་སྨོས་པ་ཡིན་ཏེ། སྒྱུ་མ་བཞིན་དུ་སྟེ། སྒྱུ་མ་དང་འདྲ་བར་ཀུན་རྫོབ་ཏུ་དབྱེ་བའི་ཐ་སྙད་ཀྱིས། འཛིན་པ་དང་ཐར་བ་སྟེ་གཟུགས་ལ་སོགས་པ་ལེན་བ་དང་འདོར་བའོ། །ཡང་དག་པ་ཉིད་དུ་དབྱེ་བ་སེང་པའི་བློས་ཡིད་ལ་མ་བྱེད་པ་སྟེ། ཡུལ་མེད་པའི་ཕྱིར་གཉིས ་སུ་མེད་པར་འཇོག་པའི་སེམས་ཀྱིས་ཡིད་ལ་བྱེད་པའོ། །ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་དམིགས་པའི་སེམས་ཆོས་ཉིད་ཀྱིས་ཏེ། གཉིས་སུ་མེད་པས་ཁམས་གསུམ་ཆར་དང་ཉེ་བར་འབྲལ་པ་ཞེས་བྱ་བ་རྣལ་འབྱོར་པའི་ལྟ་བས་འདོད་པ་དང་གཟུགས ་དང?་གཟུགས་མེད་པའི་ཁམས་རྣམས་གཅིག་ཏུ་དམིགས་པའོ། །སྟོང་པ་ཉིད་དུ་མི་གནས་པ་ནི་གནས་ལ་མངོན་པར་ཞེན་པ་མེད་པའོ། །དེས་གནས་པ་ནི་གཟུགས་ལ་སོགས་པ་ལ་གནས་པའོ། །དངོས་པོ་ལ་མངོན་པར་མ་ཞེས་པ་ནི་གཟུགས་ལ་སོགས་པ་མ?་མཆགཌ ་པས་སོ། །ཐམས་ཅད་ལ་མངོན་པར་ཞེན་པ་ནི་གཟུགས་ལ་སོགས་པ་ལ་ཀུན་ཏུ་ཆགས་པའོ། །རྫས་སུ་ཡོད་པ་མེད་པས་ཞེས་བྱ་བ་ནི་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཆོས་སུ་བཏགས་པ་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པའི་ཐ་སྙད་དུའོ། །དེ ་ཁོ་ན་ཉིད་ཤེས་པའི་ཆགས་པས་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ལ་མངོན་པར་ཆགས་པ་ཡིན་པའི་ཕྱིར་རོ། །མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་ཆགས་པ་ནི་མངོན་པ་བཞེན་པ་མེད་པས་གཟུགས་ལ་སོགས་པ་ལ་ཆགས་པའོ། །མཉམ་པ ་ཉིད་དུ་བསྒོམ་པ་ནི་དེ་ཁོ་ན་ཉིད་དུ་ན་གཟུགས་ལ་སོགས་པ་རྣམ་པ་གཅིག་པར་བསྒོམ་པའོ། །དེ་ཉིད་ནི་གཟུང་བ་ལ་སོགས་པ་བྱེ་བྲག་གི་བློ་འཛོམས་པར་བྱེད་བ་ནི་ཡིན་པའི་ཕྱིར་གཉེན་པོ་སྟེ། དེས་ན་ཐམས་ཅད་མཁྱེན་པ་གསུམ་གྱི་ལམ་ནི་གཉེན་པོ་ཡིན་ནོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ཐོགས་པ་ལ་ཞེས་བྱ་བ་ནི་གང་གོ་ཚ?་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལམ་གྱི་བདག་ཉིད་ཅན་ཡིན་པ་དེའི་ཚེ་དངོས་པོ་ལ་སོགས་པར་མི་དམིགས་པར་གཉིས་སུ་མེད་པའི ་ཡེ་ཤེས་ཀྱི་ངོ་བོ་ཡིན་པར་མ་རྟོགས་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་གཟུགས་ལ་སོགས་པ་མི་དམིགས་པའི་ཤེས་པ་ནི་འཇུག་པ་ཡིན་ལ་ཡང་གང་གི་ཚེ་འབྲས་བུའི་བདག་ཉིད་ཅན་ཡིན་པ་དེའི་ཚེ་གཉིས་སུ་མེད་པའི་ཡེ ་ཤེས་མངོན་སུམ་དུ་བྱས་པ་ཡིན་པས་ཇི་ལྟར་འདོད་པ་བཞིན་དུ་ཐམས་ཅད་དུ་འགྲོ་བ་ལ་ཐོགས་པ་མེད་པ་ཡིན་ནོ། །དང་ཞེས་བྱ་བ་རྣམས་ནི་བསྡུ་བ་ཡིན་ནོ། །བཤད་མ་ཐག་པའི་འཛིན་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་སྔ་མ་བཞིན་དུ་མཐོང་བའི་ལམ ་གྱི་བསམ་གཏན་གྱི་ཁྱད་པར་གྱིས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དོན་དམ་པའི་དངོས་པོ་ནི་སྐྱེས་བུ་རྫས་སུ་ཡོད་པ་སྟེ། དེ་ལ་མངོན་པར་ཞེན་པ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆེད་བཞིན ་ཞེས་བྱ་བ་ལ་སོགས་པ་འཛིན་པའི་རྣམ་པར་རྟོག་པ་སྐྱེས་བུ་བཏགས་པར་ཡོད་པའི་ཚིག་ལེའུར་བྱས་པའི་རྣམ་པར་འབྲེལ་པ་ནི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བ་ཉིད་ཀྱིས་ཞེས་བྱ་བ་ནི་གདུལ་བྱའི ་དབང་གིས་ཉན་ཐོས་ལ་སོགས་པའི་ལམ་ཉིད་ཡིན་པའི་ཕྱིར་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་སྟེ། ཆེད་དུ་བྱ་བ་འབྱུང་བ་ལས་མ་འདས་པས་སོ། །ངེས་པར་མི་འབྱུང་བ་ནི་ཆེན་པོ་ཉིད་གསུམ་མ་ཐོབ་པའོ། །ལམ་ཐམས་ཅད་ལས་ཡོངས་སུ་རྒྱལ ་བར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་བདག་གིར་བྱས་པ་ལས་རང་གི་མངོན་པར་འདོད་པའི་ལམ་མེད་པས་ཞེས་བྱ་བ་བདག་ཉིད་ཀྱིས་ངེས་པའི་ལམ་མེད་པས་ལམ་གཞན་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་སྟེ། མི་དམིགས་པ ་ལ་དམིགས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་ལས་ཐ་དང་པའི་ལམ་ལ་ལམ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་འཛིན་པའོ། །རྒྱུ་དང་འབྲས་བུ་ཀུན་རྫོབ་ཀྱི་ངོ་བོས་ཞེས་བྱ་བ་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ཡོད་པས་སྐྱེ་བ་དང་འགག་པ་སྟེ། སྐྱེ་བ ་དང་འཇིག་པའོ། །བར་ཆད་མེད་པ་དང་གཅིག་ཤོས་སུ་སྣང་བ་ཉིད་ཀྱིས་ཞེས་བྱ་བ་དོན་དམ་པ་ཉིད་དང་ཀུན་རྫོབ་ཏུ་དབྱེ་བ་མེད་པར་རྟོགས་པས་དངོས་པོ་མཛའ་དག་སྟེ་གཟུགས་ལ་སོགས་པ་རྣ་ནས་ལ་ལྡན་པ་སྟེ། །དབྱེ་བ་མེད་པར་རྟོགས་པ་དང་མི་ལྡན་པ་སྟེ། །དབྱེ་བ་གང ་ཡིན་པ་དེ་ལ་ཐ་དད་པ་མེད་པར་ཤེས་པ་སྔོན་དུ་འགྲོ་བས་དབྱེ་བ་ཤེས་པའོ་ཞེས་བྱ་བའི་ཐ་ཚིག་གོ་།ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བ་ཉིད་ཀྱིས་ན་བརྟེན་མེད་པ་ཉིད་ཀྱིས་གཟུཌ་ལ་སོཌ་པའི་གནས་ལ་གཟུགས་ལ་སོགས་པ་གནས་མེད་པར་གནས་པའོ། །བྱང་ཆུབ ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཞེས་བྱ་བ་སངས་རྒྱས་ལ་སོགས་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་གདམས་ངག་ལ་སོགས་པ་ཡོངས་སུ་བཟུང་བའི་དབང་གིས་ཉན་ཐོས་ལ་སོགས་པའི་རིགས་འཇིག་པ་ཡིན་ཏེ། སངས་རྒྱས་ཀྱི་རིགས་ཉིད ་ཡིན་པའི་ཕྱིར་རོ། །དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པས་ཞེས་བྱ་བ་ནི་སྟོང་པ་ཉིད་ལས་ཁྱད་པར་འཕགས་པའི་གཟུགས་ལ་སོགས་པ་མེད་པའི་ཕྱིར་འདོད་པ་མེད་དེ། འདོད་པའི་ཡུལ་མི་དམིགས་པས་འདོད་པ་མེད་པའོ། །དོན་དམ་པའི ་བདེན་པ་ལ་བརྟེན་ནས། དེ་ཁོ་ན་ཉིད་མཐོང་བས་རྒྱུ་མེད་པ་སྟེ། ཡང་དག་པའི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུ་མེད་པའོ། །སེར་སྣ། ཤིན་དུ་གོམས་པར་བྱས་པའི་ཆོས་ཉིད་ཀྱིས་ཞེས་བྱ་བ་ནི་གཏོང་བ་མེད་པ་ལ་གོམས་པའི་ཕྱིར་རོ། །བདུད་ལ་སོགས ་པའི་ཕྱིར་རྒོལ་པའི་དབོས་པོ་དམིགས་པ་ནི་རྫས་གཅིག་ལ་མངོན་པར་འདོད་པའི་མི་དང་བདུད་དང་དགྲ་བོ་ལ་སོགས་པའི་ཡུལ་དུ་འཛིན་པའི་ཤེས་པ་ཡོད་པའོ། །དང་གི་སྒྲ་ནི་སྔ་མ་བཞིན་ནོ། །བཏགས་པའི་དངོས་པོ་ནི་སྐྱེས་བུ་ཡོད་པར་བཏགས་པའོ། །དེ ་ལ་མངོན་པར་ཞེན་པ་ཉིད་གྱིས་དེ་ལ་མངོན་པར་ཆགས་པའི་ཕྱིར་ཞེས་བྱ་བ་ལ་སོས་པ་སྨོས་སོ། །གཉེན་པོ་མ་བསྟན་དུ་ཟིན་ཀྱང་འདིར་མི་མཐུན་པའི་ཕྱོགས་སྨོས་པས་ཤུགས་ཀྱིས་འཕངས་པར་ལྟའོ་ཞེས་བྱ་བ་ནི་ད་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ ་པ་ཡིན་ཏེ། རྣམ་རྟོག་འདི་དག་རང་ཉིད་ནི། །མ་རིག་ངོ་བོ་ཉིད་དུ་རྟོགས། །གང་ཕྱིར་དང་གི་རྣམ་པ་ནི། །ཕྱིའི་ངོ་བོར་སྒྲོ་བཏགས་འཇུག་ཅེས་སྨོས་པས་མ་རིག་པ་དང་བྲལ་པའི་བྱང་ཆུབ་པའི་གནས་སྐབས་སུ་རྣམ་པར་རྟོག་པ་ཐམས་ཅད་ནི ་མེད་རིན?་པ་ཡིན་པའི་ཕྱིར་སྤང་བར་བྱའོ་ཞེས་སྤང་བར་བྱ་བ་ཉིད་སྔར་བཤད་པ་ཡིན་ནོ། །འདིར་གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་མ་ཡིན་པ་ནི་མུ་བཞི་སྟེ། དེ་ལ་མུ་དང་པོ་ནི་གང་གཟུང་བའི་རྣམ་པའི་ཡུལ་རྟོགས་པའི་རྣམ་པར ་ཤེས་པའོ། །གཉིས་པ་ནི་སྐད་ཅིག་མ་གཅིག་པ་འཛིན་པའི་རྣམ་པའོ། །གསུམ་པ་ནི་དེ་ཉིད་ཀྱིས་སྐད་ཅིག་མ་གཞན་ནོ། །བཞི་པ་ནི་རྣམ་པ་དེ་དང་བྲལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཉིད་ཡིན་ལ་རིགས་ཀྱི་རྣམ་པར་རྟོག་པར་གྱུར་པ་མ་ཡིན ་པར་ཞེས་བྱ་བ་ཕྱི་མ་སྟོན་པར་བྱེད་པ་ནི་རེ་ཞིག་རིགས་ཀྱི་རྣམ་པར་རྟོག་པ་གང་ཡིན་པ་རིགས་ཀྱང་དེ་ཉིད་ཡིན་པ་ནི་འདི་ལྟ་སྟེ། གཉེན་པོ་ཡང་དག་པར་སྒྲུབ་པའི་དུས་ཀྱི་རིགས་སོ། །རིགས་ཉིད་ཡིན་ལ་རིགས་ཀྱི་རྣམ་པར་རྟོག་པར་གྱུར་པ་མ་ཡིན་པ་ནི་འདི་ལྟ ་སྟེ་ཡང་དག་པར་སྒྲུབ་པར་གྱུར་པའི་རིགས་སོ་ཡང་དག་པར་སྒྲུབ་པའི་རྣམ་པར་རྟོག་པ་ཡིན་ལ་དམིགས་པའི་རྣམ་པར་རྟོག་པར་གྱུར་པ་མ་ཡིན་པ་ཞེས་བྱ་བ་ནི་སྔ་མ་སྟོན་པར་བྱེད་པ་ནི་རེ་ཞིག་ཡང་དག་པར་སྒྲུབ་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ཉིད་དམིཌ ་པའི་རྣམ་པར་རྟོག་པ་ཡང་ཡིན་པ་ནི་འདི་ལྟ་སྟེ། ཡང་དག་པར་སྒྲུབ་པར་གྱུར་པའི་ཡང་དག་པའི་དམིགས་པ་ལ་རབ་ཏུ་སྦྱོར་པའོ། །དམིགས་པའི་རྣམ་པར་རྟོག་པ་ཉིད་ཡང་དག་པར་སྒྲུབ་པའི་རྣམ་པར་རྟོག་པ་མ་ཡིན་པར་གྱུར་པ་ནི་འདི་ལྟ་སྟེ་དམིགས ་པ་ཡོངས་སུ་རྫོགས་པའོ། །ཕྱོགས་འདིས་ལྷག་མ་རྣམས་དཔག་པར་བྱའོ། །འབྲས་བུ་འདོད་པའི་སྐྱེ་བོ་ནི་དང་པོར་རྒྱུ་ཚོལ་བར་འགྱུར་པ་ཡིན་པས་བྱང་ཆུབ་ཀྱི་རྒྱུ་མཐོང་བའི་ལམ་གྱི་ལྷན་ཅིག་བྱེད་པའི་རྒྱུ་རྣམ་པ་གསུམ་འཆད་པར་བྱེད་པའི་ཕྱོགས ་སྔ་མ་བཀོད་པས་ཚིག་ལེའུར་བྱས་པ་ལ་འཇུག་པ་ནི་དེ་ལྟར་མཐོང་བའི་ལམ་ཞེས་བྱ་བ་ལ་སོགས་པ་ཡིན་ལ་ཚིག་ལེའུར་བྱས་པའི་དོན་ནི་འཆད་པར་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་བྱང་ཆུབ་ན་འཚང་རྒྱ ་གཉིད་དོ། །གཞན་དག་ལ་ནི་གདུལ་བྱ་རྣམས་ལའོ། །མཐོང་བའི་ལམ་ལ་སོགས་བསྟོན་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མཐོང་བ་དང་བསྒོམ་པའི་ལམ་ཐོབ་པས་སོ། །རབ་ཏུ་འགོད་པ་ནི་གདུལ་བ་རྣམས་ལ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྦྱིན་པ་ནི་རྒྱུ་གཅིག ་ཡིན་ནོ་ཞེས་འོག་མ་དང་སྦྱར་རོ། །བྱང་ཆུབ་ཀྱི་རྒྱུ་མཚན་ཁོ་ནར་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་རྒྱུར་རོ། །དེ་དག་ལ་ནི་གདུལ་བྱ་རྣམས་ལའོ། །ཡང་དག་པའི་ཚིག་དང་དོན་ནི་བཅོས་མའི་དོན་གྱི་སྟོང་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའོ། ། ་སོགས་པའི་སྒྲས་ནི་ལམ་དེ་དང་སྒོ་དེ་དང་མན་ངག་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པ་སོ་སོར་གཏོང་ཅིང་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཡུམ་རབ་ཏུ་སྦྱིན་པ་ནི་རྒྱུ་གཉིས་པ་ཡིན་ནོ། །བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་བདག་ཉིད་ལ་བར་ཆད་མེད ་པ་ནི་རྒྱུ་གསུམ་པ་ཡིན་ནོ། །དེ་ནི་རང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་ལས་ཏེ་བདག་ཉིད་ལས་ཆེས་མང་པོའི་གུས་པ་ལ་སོགས་པའམ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་སོགས་པ་སྟེ། ཐོས་པ་དང་བསམ་པ་ལ་སོགས་པ ་གང་ཡིན་པ་ངེས་བསོད་ནམས་ཏེ། སེམས་ཀྱི་དག་བྱེད་དེའི་མཚན་ཉིད་དེ། དེ་ལྟར་ན་རྒྱུ་རྣམ་པ་གསུམ་བསྟན་པ་ཡིན་ནོ། །གང་གི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་སྟེ་ཉོན་མོངས་པ་གང་ཡིན་བཟང་པ་དང། མི་སྐྱེ་བ་དེ་དག་གི་ཡེ་ཤེས་ནི་རྣམ་པར་མི ་རྟོག་པའི་མཚན་ཉིད་ཅན་དུ་གང་གི་ཚེ་གྱུར་པ་དེའི་ཚེ་བྱང་ཆུབ་ཅེས་བརྗོད་དེ་རྣམ་པར་རྟོག་པ་ཐམས་ཅད་བྲལ་བའི་འཚང་རྒྱ་བ་ཉིད་ནི་སྔར་ཀུན་རྫོབ་ཡིན་པར་བཤད་དོ། །ཅི་ནང་གི་མུ་སྟེགས་པ་དང་འདྲ་བ་ཡིན་ནམ་ཞེ་ན། ཟག་མེད་སྐྱེ་མེད་ཕྱིར་དེ་དག་།གོ་རིམ ་བཞིན་དུ་ཤེས་པར་བྱ་ཞེས་གང་གསུངས་པ་ཡིན་ཏེ། གང་གི་ཚེ་ཡང་དག་པར་མ་ཉོན་མོངས་པ་ལ་སོགས་པའི་སྐྱེས་པ་མེད་པ་ཉིད་ཀྱིས་ན་ཟད་པ་མེད་དོ། །ཞེས་མཁྱེན་པ་དེའི་ཚེ་ཉོན་མོངས་པ་ལ་སོགས་བཟང་པའི་ཡེ་ཤེས་ཡིན་ལ། ་ཡང་གང་གི་ཚེ་ཉོན་མོངས་པ་ལ་སོགས་པ་མི་སྐྱེ་བ་མེད་པ་ཉིད་ཀྱིས་སྐྱེ་བ་མེད་དོ། །ཞེས་མཁྱེན་པ་དེའི་ཚོ་ནི་ཉོན་མོངས་པ་ལ་སོགས་པ་སྐྱེ་བ་མེད་པའི་ཡེ་ཤེས་འདིར་ཤེས་པར་བྱ་བ་ནི་སྤྱིའི་དོན་ཡིན་ནོ། །ཚིག་ལེའུར་བྱས་པའི་དན་ནི་ཉོན་མོངས་པ་ཞེས ་བྱ་བ་ལ་སོགས་པ་ཡིན་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ཤེས་བྱ་ནི་གཟུང་བ་མ་ལུས་པ་སྟེ་།དེ་དག་ཉིད་ཡང་དག་པའི་ཡེ་ཤེས་ཀྱི་གེགས་བྱེད་པ་ཡིན་པའི་ཕྱིར་སྒྲིབ་པ་སྟེ། དེ་ཉིད་གློ་བུར་བ་ཉིད་ཡིན་པའི་ཕྱིར་དང། མི་ཤེས་པའི་དྲི ་མའི་རྒྱུ་ཡིན་པའི་ཕྱིར་དྲི་མ་ཡིན་ནོ། །དེ་ནས་སྐྱེས་པ་དང་མ་སྐྱེས་པ་ཉིད་དུ་བརྟགས་པ་ནི་ནང་གི་མུ་སྟེགས་པ་དག་གི་ཡང་དག་པར་ན་སྐྱེས་པ་དང་མ་སྐྱེས་པ་ཉིད་དུ་མངོན་པར་འདོད་པའོ། །ཆོས་ཀྱི་དབྱིངས་མི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལ་མ་གཏོགས ་པར་ནི་དེ་དང་བྲལ་བ་སྟེ་། གང་གི་ཕྱིར་ཆོས་ཏེ། གཟུགས་ལ་སོགས་པ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་བཤད་པས་།ཆོས་ཀྱི་ཁོངས་སུ་འདུས་པ་ཉིད་ཀྱིས་ན་།ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག ་ཉིད་ཅན་ཡིན་ལ་ན་མཁའ་བཞིན་དུ་ཞེས་བྱ་བ་རྟེན་མེད་པ་ཉིད་ཀྱིས་སོ། །འགག་པ་དང་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པ་སྐྱེས་པ་རྣམས་ཡང་དག་པར་ན་ཟད་པ་མེད་པའི་མཚན་ཉིད་འགོག་པ་མཁྱེན་པའོ། །སྐྱེ་བ་མེད་པའི་ཕྱིར ་ཞེས་བྱ་བ་ནི་ཟག་པ་མེད་པ་ཟད་བ་མཁྱེན་པའི་བཤད་པ་ཡིན་ནོ། །གཅིག་དང་དུ་མའི་ངོ་བོ་ཉིད་ནི་ཆ་ཤས་ཅན་དང་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་དོ། །རྒྱུ་དང་འབྲས་བུ་ནི་གྲགས་པར་ཟད་དོ། །དངོས་པོའི་ཆོས་འདི་དག་རྣམ་པར་འཕྱེད་པ་ནི ་ཚད་མ་སྟེ་གཅིག་དང་དུ་མའི་ངོ་བོ་དང་བུལ་བ་དང་ཡོད་པ་དང་མེད་པ་ལ་སོགས་པའི་རྒྱུ་དང་འབྲས་བུ་མེད་པའོ། །སོགས་པའི་སྒྲས་ཐོག་མ་ལ་སོགས་པའི་ཤེས་པའི་བྱེ་བྲག་དང་ཕྱོགས་གཅིག་ལ་སོགས་པས་ཐམས་ཅད་སྒྲིབས་པ་ལ་སོགས་པར་ཐལ་བ་དང་ལྡན་པ་དང་མི་ལྡན་པ ་ཉིད་ལ་སོགས་པའོ། །དེས་འཐད་བློ་དངོས་པོའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དེ། མེད་པས་ཞེས་བྱ་བ་ནི་མི་ལྡན་པ་ཉིད་ཀྱིས་ན་མེད་པའི་ཕྱིར་རོ། ནམ་མཁའ་ཨི་པདྨ་བཞིན་དུ་འགག་པ་དང་སྐྱེ་བ་མེད་པས་ཞེས་བྱ་བ་ནི་དངོས་པོ་ཉིད་དུ་མེད་པའི་ཕྱིར་ཉོན་མོངས་པ་ལ་སོགས་པ་མ ་སྐྱེས་པ་རྣམས་ནི་ཡང་དག་??་སྐྱེ་པའི་མཚན་ཉིད་འགོག་པའི་ཡེ་ཤེས་ཀྱིས་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་མེད་པ་མཁྱེན་པ་བཤད་པ་ཡིན་ནོ། །དེ་ནི་དེ་ལྟར་གོ་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གོ་རིམ་བཞིན་དུ་སྔར་བཤད་པའི་དྲི་མ་རྣམས་ནི ་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ཡིན་པས་སྔ་མ་བཞིན་དུ་ཟད་བ་ཤེས་པ་དང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་གང་གི་ཚེ་མེ་སྐྱེ་བ་ཤེས་པ་དེའི་ཚེ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་དེ་རྣམས ་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། ཡང་དག་པར་སྐྱེ་བ་མེད་པར་ཤེས་པའོ། །དེའི་མཚན་ཉིད་ནི་ངོ་བོ། །ཆོས་ཀྱི་སྐུ་ལ་སོགས་པའི་བདག་ཉིད་ནི་ཡེ་ཤེས་ལས་སྐུ་གཞན་གྱི་ཡིན་པར་མི་འཐད་དོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཚད་མས་འཐད་པ་ཉིད་ཡིན་པའི ་ཕྱིར་རོ། །བྱང་ཆུབ་ཆེན་པོ་ནི་ཁྱབ་པའི་ཡེ་ཤེས་སོ། །ནང་གི་མུ་སྟེགས་པ་རྣམས་ཀྱི་བྱང་ཆུབ་མི་འཐད་པའི་ཚིག་ལེའུར་བྱས་པ་ལ་འཇུག་པ་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་ཐེག་པ་ཆེན་པོའི་ཚུལ་ལ་བྱང་ཆུབ་དེ་ལྟ་བུ་ཡིན་པ ་དེའི་ཕྱིར་ནང་གི་མུ་སྟེགས་པ་གང་དག་གིས་དངོས་པོ་འཇིག་པའི་བསམ་པས་དངོས་པོ་ཅན་གྱི་ཉོན་མོངས་པ་ལ་སོགས་པ་སྐྱེས་པ་རྣམས་འགག་པ་ལ་བསམས་ནས་ཟད་ཅིང་འགགས་པ་ལ་ཟད་ཅིང་འགགས་སོ་ཞེས་བྱ་བའི་ཤེས་པ་སྟེ་རྣམ་པར་རྟོག་པ་ནི་ཟད ་ཤེས་པའོ། །དངོས་པོ་མི་སྐྱེ་པའི་བསམ་པས་དངོས་པོ་ཅན་གྱི་ཉོན་མོངས་པ་ལ་སོགས་བསྐྱེ་པ་རྣམས་ལ་སྐྱེ་བ་མེད་པ་ལས་སེམས?་ནས་མ་སྐྱེ་པ་ཡིན་ཞིང་སྐྱེ་བའི་གགས་བྱེད་པའི་འགོག་པ་ལ་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས ་པ་མ་སྐྱེས་པ་ཉིད་ཀྱིས་ན་ཉོན་མོངས་པ་སྐྱེ་བར་མ་འགྱུར་རོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་ཅིང་རང་གི་ཚུལ་རྣམ་པར་འཇོག་ན་དེ་རྣམས་ཀྱི་ཟད་པ་དང་མི་སྐྱེ་བ་མེད་པ་??་ནས་ཤེས་པ་དེ་རུང་བ་མ་ཡིན་ནོ་ཞེས་བྱ་བ་ཡང་དག་པར ་ཡོད་པ་མ་ཡིན་པ་ཉིད་ཀྱིས་ན་ཉོན་མོངས་པ་ལ་སོགས་པ་མེད་པས་ཟད་པ་དང་མི་སྐྱེ་བ་དག་མེད་པ་ཁོ་ན་ཡིན་པས་ནང་གི་མུ་སྟེགས་པ་རྣམས་ཀྱི་ཤེས་པ་དེ་རུང་བ་མ་ཡིན་ནོ་ཞེས་དེ་རྣམས་ལ་བར་སྐབས་ཀྱིས་ཚིགས་སུ་བཅད་པ་གསུངས་པ་ཡིན་ཏེ། གཅིག་དང ་དུ་མ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའི་ཚད་མས་འཐད་པའི་རང་གི་ལུང་སྟན་པས་རྟག་པའི་ལུང་ལ་མི་རྟག་པའི་ལུང་ལྟ་བུ་འམ། སྨིག་རྒྱུའི་ཆུ་ལ་ཡང་དག་པའི་ཆུང་ཤེས་པ་དང་འདྲ་བར་དེའི་ལུང་མི་འཐད་པར་འཕགས་པ་བྱམས་པས་སོ་སོ་རང་གིས་རིག་པའི་ཡེ ་ཤེས་ཀྱིས་གཟིགས་ནས་དེ་རྣམས་ཀྱི་ཐོག་མ་མེད་པའི་སྲིད་པར་དངོས་པོ་མེད་པས་མངོན་པར་ཞེན་པ་བསལ་བར་བྱ་བའི་ཕྱིར་ཐུགས་རྗེས་རིགས་པ་བདག་གིར་མཛད་པ་ཡིན་ཏེ། མཐོང་ཞེས་བྱ་བའི་ལམ་གྱིས་ནི་ཞེས་བྱ་བ་ནི་ནང་གི་མུ་སྟེགས་པ་རྣམས་ཀྱིས་བདག ་གི་ཉོན་མོངས་པ་ཟད་ཅིང་སླར་ཡང་མི་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་ཉོན་མོངས་པ་ལ་སོགས་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ཟད་པ་དང་མི་སྐྱེ་བ་མེད་པ་མི་དགོག་པ་མེད་པ་དེའི་རང་བཞིན་ཡིན་ཞིང་བཟློག་ཏུ་མེད་པ་ཡིན་པ ་ལ་དངོས་པོ་ལ་མངོན་པར་ཞེན་པས་རང་གི་ངོ་བོ་ཡོངས་སུ་མི་ཤེས་པ་ལས་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ལས་ཉེས་བཅི་འགྱུར་ཞེ་ན་།རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པར་རྟོག་པའི་རིགས་ནི་རྣམ་པར་རྟོག་པའི་ངོ་བོའོ?? ་ཅི་ཞིག་ཟད་བ་ནི་འགོག་བའོ། །ཡང་ན་རྣམ་པར་རྟོག་པའི་ངོ་བོ་སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ་ཅེས་བྱ་བ་སྟེ། སྐྱེ་བ་མེད་པའི་ཆོས་ཅེ་ཞིག་སྐྱེ་སྟེ་ཅི་ཡང་མ་ཡིན་ཏེ། ཉོན་མོངས་པ་ལོག་ན་དེ་ལས་བྱུང་བའི་རྣམ་པར་རྟོག་པ་ལྡོག་པ་ཡིན་ན་དེ་འང་བཤད་མ་ཐག ་པའི་ཚད་??་འཐད་པའི་དེ་བཞིན་ཉིད་ཀྱིས་ངོ་བོས་དྲངས་པའི་ཉོངས་མོངས་པ་ལ་སོགས་པའི་ངོ་བོ་དང་ཟད་པ་དང་མི་སྐྱེ་བ་ཤེས་པའི་རང་བཞིན་ནི་དངོས་པོ་ལ་མངོན་པར་ཞེན་པས་རང་གི་ངོ་བོ་མ་ཤེས་པས་ནང་གི་མུ་སྟེགས་པ་རྣམས་ཀྱིས་མི་ཤེས་པ་ཡིན་ལ། དེ ་བས་ན་ཉོན་མོངས་པའི་རང་གི་ངོ་བོ་མི་ཤེས་པས་ཇི་ལྟར་ན་དེ་རྣམས་མཐོང་བའི་ལམ་གྱིས་ཉོན་མོངས་པ་ལ་སོགས་པ་རྣམ་པར་རྫོག་པར་བྱ་བར་??། དེ་ལྡོག་པས་ཀྱང་དེ་ལས་བྱུང་བའི་རྣམ་པར་རྟོག་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་ལྟར་ལྡོག་སྟེ། རྒྱུ་ཡོད ་ན་འབྲས་བུ་ལྡོག་པ་ནི་གང་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་བསམ་པ་དང་ལྡན་པས་འཕགས་པ་བྱམས་པའི་དགོངས་པས་བཤད་པས་ཚིག་ལེའུར་བྱས་པའི་དོན་ནི་སྐྱེས་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པ་དག་གོ་རིམ་བཞིན་དུ ་ཞེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པ་རྣམས་རྣམ་པར་འཇིག་པ་ནི་ཟད་པ་ཡིན་ལ། ཉོན་མོངས་པ་ལ་སོགས་པ་མ་སྐྱེས་བ་སྐྱེ་བའི་གགས་བྱེད་པ་སྟེ། ཉེ་བར་ལེན་པའི་རྒྱུ་མེད་པས་མ་སྐྱེས་པ་ཡིན་ལ་འདི་དག་གི་མཚན་ཉིད་ཀྱིས་འགོག་པ་གང་ཡིན་པ་དེ་ནི ་མཐོང་བའི་ལམ་གྱི་བྲས་བུ་ཉིད་ཡིན་པ་དེ་རྣམས་འདོད་ལ་དེ་དང་བྲལ་བ་དེ་ནི་དོན་དམ་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡོན་ཏེ། དོན་དམ་པ་ནི་ཡང་དག་པ་ཉིད་དེ་རྣམ་པར་དཔྱད་ཅིང་བརྟག་བཟོད་པ་ཉིད་ཀྱིས་ན་དེ་བཞིན་ཉིད་ཀྱི་ངོ་བོ་ནི་རང་བཞིན་ཡིན་ཞིང ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་རང་བཞིན་ཡིན་ལ་དངོས་པོ་ལ་ལོག་པར་མངོན་པར་ཞེན་པ་ཁྱེད་ཀྱིས་ཞེས་བྱ་བ་དངོས་པོ་རྣམས་ལ་ལོག་པར་མངོན་པར་ཞེན་པ་ཁྱེད་རྣམས་ཀྱིའོ། །མཐོང་བའི་ལམ་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པས་སོ། །རྣམ་པར ་རྟོག་པ་ལ་སོགས་པའི་ངོ་བོས་སྐྱེས་པ་ནི་ཅི་ཞིག་ཟད་ཅེས་བྱ་བ་ནི་ཉོན་མོངས་པ་ལ་སོགས་པའི་རྣམ་པར་རྟོག་པ་ཅི་ཞིག་བག་ཆགས་གང་ལས་འབྱུང་བ་ནི་འགགས། མི་སྐྱེ་བའི་ཆོས་ཅན་མ་སྐྱེས་བ་ནི་ཅི་ཞིག་སྐྱེས་ཏེ། སྐྱེ་བ་མེད་པས་ཅུང ་ཟད་ཀྱང་མེད་པ་ཁོ་ན་ཡིན་པས་དེའི་ཕྱིར་མེད་པ་ལ་མངོན་པར་ཞེན་པ་ཁྱེད་ཀྱི་མཐོང་བའི་ལམ་ནི་ལམ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་འདིས་ན་ཁོ་བོ་ཅག་གི་གཞུང་ལུགས་ཁོ་ན་ཁས་བླང་བར་བྱའོ་ཞེས་བྱ་བ་ཀུན་ཏུ་འགྲོ་བའི་བདག་མེད་པའི་མཚན་ཉིད ་ཅན་ཁོ་ན་བྱང་ཆུབ་ཀྱི་ལམ་ཡིན་པར་རིགས་པ་ཉིད་ཡིན་པའི་ཕྱིར་སྟེན་པར་གྱིས་ཤིག་སྙམ་དུ་དགོངས་པ་ཡིན་ནོ་ཞེས་བྱ་བ་འཕགས་པ་བྱམས་པའི་དགོངས་པ་ཡིན་ནོ། །དངོས་པོ་རྣམས་ཡང་དག་པར་ཁས་བླངས་ནས་སྔར་བཤད་པ་བཞིན་དུ་བྱང་ཆུབ་མེད་པའི་ཉེས ་པ་བསལ་བར་བྱ་བ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟ་མ་ཡིན་ཞེས་བྱ་བ་ནི་ཁོ་བོ་ཅག་གི་གཞུང་པོར་སྟེ། ཆོས་ཡང་དག་པར་ཡོད་པར་ཁས་ལེན་ན་ཞེས་བྱ་བ་གཟུགས་ལ་སོགས་པ་དོན་དམ་པར་ཡོད་པར་བདག་གིར་བྱེད་ན་བཅོམ ་ལྡན་འདས་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་རྣམ་པར་རྟོག་པ་ནི་སྔར་བཤད་པའོ། །དེ་ཉིད་ནི་སྔ་མ་བཞིན་དུ་སྒྲིབ་པ་ཡིན་ལ་དེ་རྣམས་སྤངས་པས་འགོག་པ་ནི་རྣམ་པ་ཐམས་ཅད་དུ་ངོ་མཚར་གྱི་གནས་ཡིན་པ་ནི་ངོ་མཚར་བྱེད་པ ་ཡིན་པ་འདི་ལྟར་མི་སྲིད་དོ་ཞེས་བྱ་བའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ནི་ཆོས་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་རྣམས་ཏེ་གཟུགས་ལ་སོགས་པ་རྣམས་ཀྱང་ཡོད་ཅེས་བྱ་བ་ཡང་དག་པར་ཡོད་པར་ཁས་ལེན་ན་ཤེས་བྱ་ལ་ཡང་ཞེས ་བྱ་བ་གཟུང་བ་ལ་ཡང་སྒྲིབ་པ་སྟེ། རྣམ་པར་རྟོག་པ་ལ་སོགས་པ་ཟད་ཅིང་འགོད་པར་སྟོན་པ་གཞན་གྱིས་བརྗོད་པ་གང་ཡིན་པ་དེ་ནི་འདིར་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་ཁོ་བོས་མཚར་དུ་བརྩིས་ཏེ་འདིར་ནི་མི་སྲིད་དོ་ཞེས་འཕགས་པ་བྱམས་པས་དགོངས་སོ ་ནང་གི་མ་སྲེགས་པ་རྣམས་ཀྱིས་བྱང་ཆུབ་པའི་ཐབས་ཐབས་མ་ཡིན་པ་ཉིད་དུ་བསྟན་པའི་སྐབས་སུ་ཐམས་ཅད་དུ་འགྲོ་བ་པའི་བདག་མེད་པ་བསྟན་པ་ནི་བྱང་ཆུབ་ཇི་ལྟ་བ་དེ་ལྟ་བུ་ཡིན་པ་བླ་མའི་མན་ངག་མདོར་བསྡུས་ཏེ། བསྟན་པས་འཇུག་པའི་སྒོ་ནས་ཚིག་ལེའུར་བྱས་པ་ལས་མ ་སྨོས་པའི་དོན་གྱི་ཤུགས་ཀྱིས་འཕངས་པ་བསྟན་པར་བྱ་བའི་ཕྱིར་དེ་ལ་སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཕྱི་རོལ་ཡོད་པར་ལྟ་བའི་བྱང་ཆུབ་མི་འཐད་པར་གནས་པ་ནི་རྣལ་འབྱོར་བས་ཐམས་ཅད་དུ་འགྲོ་པའི་བདག་མེད་པའི་སྦྱོར་བ་དང་ལྡན ་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་ཞེས་བྱ་བ་རྣམ་པར་རྟོག་པའི་དྲ་བ་ཡང་དག་པར་སླར་ཡང་མི་ལྡོག་པ་ཉིད་དུ་སྤོང་ངོ་ཞེས་འོག་མ་དང་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཅིའི་ཕྱིར་ཇི་ལྟ་བུ་དེ་ཞེས་རྟོག་པ་ལ། སྐྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ ་ཡིན་ཏེ། ཕྱི་རོལ་བའི་མུ་སྟེགས་པ་ཁ་ཅིག་རྟག་པ་དང་བདག་དང་རྟོགས་པའི་ངོ་བོ་དང་མ་རྟོགས་པའི་ངོ་བོར་སྨྲ་ལ། དེ་རྣམས་ནི་རང་ཉིད་མར་མེའི་མེ་ལྕེ་དང་འདྲ་བར་རྟག་པ་ཉིད་དུ་མི་འཐད་པས་སྐྱེ་པས་སྐྱེ་བ་དང་འཇིག་པ་དེ་ནི་ཁས་མི་ལན་གྱི་ནང་གི་མུ་སྟེགས་པ་ཁ་ཅིག་རྟག ་པ་དང་ཆང་པ་ཉིད་ལས་རྣམ་པར་གྲོལ་བ་གོས་བ་དང་སྐྱེས་བུ་ལ་སོགས་པའི་བདག་ཉིད་དུ་སྨྲ་སྟེ། དེ་རྣམས་ཀྱང་རྟག་པ་དང་མི་རྟག་པའི་ངོ་བོ་དག་གཅིག་པར་མི་སྲིད་ཅིང་དངོས་པོ་མ་པ་ཐམས་ཅད་ཀྱི་རྩེ་མོ་ཉིད་ཡིན་པའི་ཕྱིར་དེས་སེལ་བར་བྱེད་བྱ་སྟེ། གང་ཡང་སྐྱེ་བ་དང ་འཇིག་པས་སྟོང་པ་ནི་ཀུན་རྫོབ་ཏུ་ཡང་རི་བོང་རྭ་དང་འདྲ་བར་རྟགས་པ་དང་བདག་མེད་པ་ཉིད་དུ་ཁས་བླངས་པ་ཉིད་ཀྱིས་གྲུབ་པ་ལ་རྟག་པ་དད་དབང་ཕྱུག་ལ་སོགས་པ་གཞན་དག་ཀྱང་དེ་བཞིན་དུ་ཞེས་བྱ་བའི་བསམ་པ་དང་ལྡན་པས་མངོན་པར་འདུ་བྱེད་པའི་འཇིག ་ཚོགས་ལ་ལྟ་བ་ནི་བདག་གི་རྟེན་ཡིན་པས་ཡོད་པར་ལྟ་བ་ལ་རྟེན་པ་ཐམས་ཅད་ཀྱི་རྩེ་མོ་ཉིད་ཡིན་པའི་ཕྱིར་དེས་སེལ་བར་བྱེད་པའི་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པས་བསྡོམ་པ་རྩོམ་པ་ཡིན་ཏེ། དེ་ནི་བདག་ནི་མེད་ཀྱི་ཕུང་པོ་ཙམ་ཉིད་ཡིན་ན་ཞེས་ཕྱི་རོལ་པའི་ ་སངས་རྒྱས་པའི་གྲུབ་པའི་མཛའ་ལས་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་བདག་མེད་དོ་སྙམ་དུ་སྒོམ་ཞིང་མངོན་པར་འདུས་བྱས་པའི་བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་ལ་དེར་དབེན་པའི་བདག་གིས་སྟོང་པའི་ཕུང་པོ་ལ་སོགས་པ་སྟེ། ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཙམ་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ལས་འབྱུང་བ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ་ཞེས་བྱ་བ་ཀུན་རྫོབ་ཏུ་སྐྱེ་བ་དང་འཇིག་པའི་ཆོས་ཉིད ་ཡིན་པར་འཇིག་རྟེན་དུ་གྲགས་པ་ཡིན་པའི་ཕྱིར་ལྷན་ཅིག་སྐྱེས་པའི་འཇིགས་ཚོགས་ལ་ལྟ་བའི་རྟེན་ལ་དམིས་ཏེ། དེའི་རྗེས་ལ་དེ་བསལ་བར་བྱ་བའི་དོན་དུ་སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་ཞེས་བྱ་བ་ཤེས་བྱ་ནང་གི་ཡིན་པའི་གྲུབ ་པའི་མཛའ་ལས་སྔོན་པོ་དང་དེའི་བློ་དག་ཅེས་བྱ་བ་སྔོན་པོ་དང་གཅིག་ཤོས་དག་ཀྱང་ཤ་ཟ་ཡིན་སྙམ་པ་འམ་ཀ་བ་ལ་སོགས་པ་ལྟར་སྔོན་པོ་དང་བློ་དག་ནི་དེ་འཛིན་པར་བྱེད་པ་ཉིད་ཀྱིས་ན་བརྟགས་པ་ཡིན་པས་རྣམ་པ་དང་བཅས་པའམ་རྣམ་པ་མེད་པར་དམིཌ ་པ་དང་ལྷན་ཅིག་པར་ངེས་པ་ཡི་པ་ཉིད་ཀྱིས་ན་ཟླ་བ་གཉིས་པ་དང་འདྲ་བར་རྟོགས་པའི་ཕྱིར་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བ་ནི་ཡང་ཡུལ་ལ་སོགས་པ་ངེས་པར་གྲུབ་སྟེ། མི་འདྲའོ་ཞེས་བྱ་བའི་གྲུབ་པའི་མཐས་དེའི་སྒྲུབ་པའི ་ཡུལ་ལ་སོགས་པའི་ངེས་པ་ནི་མེད་དུ་ཟིན་ཀྱང་རྨི་ལམ་དུ་སྲིད་པས་མ་ངེས་པ་ཉིད་ཀྱིས་ན་སྒྲུབ་པ་མ་ཡིན་པ་ཉིད་དུ་སེམས་ཤིན་ཤ་ཟ་བ་འམ་ཀབ་ལ་སོགས་པ་གཞན་དག་ཡོད་པ་མ་ཡིན་ཏེ། ཕྱིའི་དོན་ནི་བེམས་པོ་ཡིན་ཏེ་སྣང་བར་མི་རུང་བས་དེ་མེད་དོ ་ཞེས་ཡིད་ལ་བྱེད་ཅིང་དམིགས་པ་ན་འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་ཞེས་བྱ་པའི་ཕྱི་རོལ་མེད་པ་ན་དེ་འཛན་པར་བྱེད་པ་ཉིད་དུ་མི་འཐད་པ་ཡིན་ན་ཡང་སྐྱེ་བ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི ་དེ་རྣམས་པ་དང་དེའི་བག་ཆགས་ཡོད་པས་རང་གི་སེམས་གཉིས་སུ་མེད་པའི་རྣམ་པ་ལ་འཛིན་པའི་རྣམ་པ་ཉིད་མངོན་པར་ཞེན་པ་ཡིན་ནོ། །ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཕྱིའི་ཡུལ་དུ་དམིགས་པ་མི་འཐད་པས་དེ་ལ་ཆགས ་ལ་རྣམ་པར་བསལ་ཏེ། རྒྱུ་དང་འབྲས་བུ་ཉིད་ཀྱིས་གཟུང་བ་དང་འཛིན་པ་དག་ཕན་ཚུན་ལྟོས་པ་ཉིད་ཀྱིས་ཡོད་པར་རིགས་ལ་དེའི་འོག་ཏུ་དེ་ཡང་རྣམ་པ་མེད་པའི་ཤེས་པ་ནི་ཡུལ་ལ་འཛིན་པར་མི་རིགས་སོ། །རྣམ་པ་ཚད་མ་མེད་ཕྱིར་དང། མ་རིག་ཕྱིར་ན་གཅིག ་ཤོས་མི་ཞེས་?་བསལ་བས་བཟུང་བ་མེད་ན་འཛིན་པ་མེད་དོ་ཞེས་ངེས་པར་བསམ་མོ། །དེའི་འོག་ཏུ་འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་བསམ་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལ་མི་གནས་སོ་ཞེས་སྨོས་པས་གཟུང་བའི ་རྣམ་པའི་མཚན་ཉིད་ཀྱང་སེམས་ཙམ་ཉིད་ཡིན་པས་མདུན་དུ་རྣམ་པ་བརྟགས་པ་ཡང་སེམས་ཙམ་ཉིད་ཀྱིས་རིགས་པ་མ་ཡིན་པས་དེ་ཡང་འཛིན་པའི་རྣམ་པའི་མཚན་ཉིད་ཀྱི་རྣམ་པར་རིག་པ་ཙམ་དེ་ཡང་རྣམ་པར་བསལ་ཞིང་དོར་ཏེ། བློ་ལས་ཉམས ་མྱོང་གཞག་མེད་ཅིང། །དེ་ཉམས་མྱོང་བ་གཞན་མེད་དེ། གཟུང་དང་འཛིན་པ་དང་བྲལ་བས། །དེ་ནི་རང་ཉིད་སྣང་བ་ཡིན་ཞེས་བཤད་པས་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་སྟེ། གཟུང་བ་ལ་སོགས་པས་སྟོང་པ་ངེས་པར་འབྱེད་པའི་ཆེ?་རྣམ་པར ་ཤེས་པ་ཙམ་འབའ་ཞིག་བདག་ལ་སོགས་པའི་འཛིན་པ་དང་བྲལ་བ་འམ་ཡང་དག་པར་རིག་པའི་བྱ་བས་སྟོང་བ་ཡང་དག་པ་སྟེ། དེ་ཁོ་ན་ཉིད་དུ་ན་ཡོད་པའི་ངོ་བོ་སྟེ། གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱིས་རང་རིག་པར་གྱུར་པ་ཉིད་ཀྱིས་ཡོད་ཅིང་གནས་པ་ཡིན་ནོ། ་སྙམ་དུ་དེ་ལྟར་ངེས་པར་བྱས་ནས་དེའི་འོག་ཏུ། དེ་དང་དེ་རྟོན་གང་བྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ལ་སྐྱེས་ཞེས་ཅི་ཞིག་བརྗོད་ཅེས་བྱ་བའི་གྲུབ་པའི་མཐས་དེ་ཡང་སྟེ། རྣམ་པར་ཤེས་པ་ཙམ་ཡང་རྟེན་ཅིང ་འབྲེལ་པ་འབྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྔ་མ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཚོགས་པའི་དབང་ལས་སྐྱེས་པ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་པ་སྟེ། རང་རིག་པ་ཉིད་ཡིན་པ་ཉིད་ཀྱིས་ན་སྨྱོན་པར་མི་ནུས ་པ་ཡིན་ན་ཡང་རྒྱུ་དང་འབྲས་བུའི་ངོ་བོར་མི་འཐད་པས་རང་ཉིད་ཀྱིས་སྟོང་པ་ཡིན་ཞིང་ཡང་དག་པར་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ན་གཅིག་ཏུ་སྟེ། ཤིན་ཏུ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བརྟགས་པའི་ངོ་བོ་དང་བྲལ་བ་ཞེས་བྱ་བ་དངོས་པོ་དང ་དངོས་པོ་མེད་པ་དང་གཉི་ག་དང་གཉི་ག་མ་ཡིན་པའི་རྣམ་པར་རྟོག་པའི་ངོ་བོ་མེད་ཅིང་སྤངས་པ་ཡིན་ནོ་སྙམ་དུ་བསྒོམ་སྟེ། ?་ཕྱིར་ཡང་དག་ཡང་དག་མིན། །ཤིན་དུ་བསྒོམས་པ་གང་གང་ཡིན། །བསྒོམ་པའི་སྟོབས་ནི་རྫོགས་པས་ན། །དེ་བསལ་མི?་རྟོག ་བློའི་འབྲས་བུ་ཞེས་སྨོས་པས། བསྒོམ་པའི་སྟོབས་གྲུབ་ནས་ཞེས་བྱ་བ་བསྒོམ་པའི་རང་ཀྱི་མཐར་ཕྱིན་པའི་གནས་སྐབས་སུ་ཁ་ཅིག་ལ་ནོར་བུ་དང་དངུལ?་ལ་སོགས་པའི་ཤེས་པ་བཞིན་དུ་ཞེས་བྱ་བ་ཇི་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ནོར་བུ་དང་དངུལ་དང་མེ་ལོང་ལ ་སོགས་པ་ལ་གཟུགས་བརྙན་གྱི་ཤེས་པ་གཅིག་དང་དུ་མ་ལ་སོགས་པ་ཉིད་ཀྱིས་སྟོང་པ་གསལ་བར་སྣང་བ་དེ་བཞིན་དུ་འཁྲུལ་པའི་མཚན་མ་མཛའ་དག་སྤོངས་པ་ཞེས་བྱ་བ་གཟུང་བ་ལ་སོགས་པ་མ་ལུས་པ་དང་བྲལ་བའོ། །སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣན་བའི ་བློ་ཞེས་བྱ་བའི་རྒྱུ་དང་འབྲས་བུའི་དངོས་པོར་མི་འཐད་པས་སོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་འདོད་ཆགས་ལསོགས་པའི་རྣམ་པར་རྟོག་པས་སྟོང་པ་ཉིད་ཅེས་ན་མ་རིག་པ་དང་བྲལ་པའོ། །སོ་སོ་རང་གིས་རིག་པར་བྱ་བ་ནི་མི་སླུ་པ་སོ་སོ་རང་གིས་རིག ་པའོ། །ཙེ་ཞིག་ལྟར་འགའ་ཞིག་གིས་ཀྱང་སྟེ། ཡང་དག་པར་སྐྱེས་ན་སྤོང་ངོ་ཞེས་འོག་མ་དང་སྦྱར་རོ། །ད་ནི་ལྡོག་པའི་སྒོ་ནས་ཆིག་ལེའུར་བྱས་བ་ལས་མ་སྨོས་པའི་དོན་གྱིས་འཕངས་པ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལྟ ་མ་ཡིན་ཏེ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་བས་ཉོན་མོངས་པ་ལ་སོགས་པ་ཁས་མི་ལེན་པར་གཞན་དག་གིས་གཉེན་པོའི་ལ་མ་བསྒོམས་པས་ཆོས་དེ་རྣམས་ལ་ཅུང་ཟད་ཀྱང་མི་བྱེད་དེ་ཉོན་མོངས་པ་ལ་སོགས་པ་སྤང་བའི་ཁྱད་པར་ཅི་ཡང་སྐྱེ་བར་མི་འགྱུར་རོ། །ཇི ་ལྟ་བུ་ཞེ་ན་ནམ་མཁའ་བཞིན་དུ་སྟེ། ཇི་ལྟར་ནམ་མཁའ་ལ་རྫས་མེད་པ་ཙམ་གྱི་ངོ་བོ་ལ་ཁྱད་པར་གང་གིས་ཀྱང་འཕེལ་བ་དང་འབྲི་བའི་བདག་ཉིད་ཅན་གྱི་ཁྱད་པར་བྱ་བར་མི་ནུས་ཏེ། རྟག་པ་ཉིད་ཀྱིས་དོན་དམ་པར་ངོ་བོ་ཉིད་དེ་ལྟ་བུར་ཡོད?་པ་ཉིད་ཡིན་པའི་ཕྱིར ་རོ། །དེ་བཞིན་དུ་ཕྱི་དང་ནང་གི་མུ་སྟེགས་པ་ལ་གྲགས་པའི་དཔེ་ཡིན་པ་དེ་སྨྲས་པ་ནི་དེ། ལ?་ནམ་མཁའ་བསྒྲིབས་པ་མེད་པ་ཞེས་བྱ་བ་ནང་གི་མུ་སྟེགས་པའི་གྲུབ་པའི་མཛའ་ལས་དུས་ཐམས་ཅད་དུ་སྟེ། རྣམ་པ་ཐམས་ཅད་དུ་ནམ་མཁའ་ཞེས་བྱ་བ་ནི་རི་བོང་གི་རྭ་དང་འདྲ་བར ་གསོག་ཡིན་པ་ཉིད་ལ་དེ་རྣམས་ཀྱི་འཐད་པ་དང་རྫས་སུ་བརྟགས་པ་ཡིན་ཏེ། དེ་ནི་རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་པ་བཞིན་དུ་ཞེས་སྨོས་པ་ཡིན་ནོ། །ཕྱི་རོལ་གྱི་མུ་སྟེགས་ཀྱི་ཕྱོགས་ལ་ནི་རྫས་དང་ཡོན་ཏན་ལ་སོགས་པ་མེད་པ་ཙམ་གྱི་ངོ་བོ་ཡིན་ལ་ནང ་གི་མུ་སྟེགས་པའི་ཕྱོགས་ལྟར་ན་ཡང་གཟུགས་ལ་སོགས་པ་སྤྱིའི་དང་ཁྱད་པར་མེད་པ་ཙམ་གྱི་ངོ་བོ་ཁྱད་པར་མེད་པ་ནམ་མཁའ་ཇི་ལྟར་འཛིན་པ་དེ་བཞིན་དུ་བསྐྱེད་དུ་མེད་པ་སྟེ། གཞག་ཏུ་མེད་པ་དང་སྤང་དུ་མེད་པ་སྟེ། བསལ་དུ་མེད་པར་རང་གི་ངོ་བོ་སྟེ། ་རང་བཞིན་གང་ཡིན་པ་དེ་འཛིན་ཅིང་བདག་ཉིད་ཀྱིས་ངོ་བོར་བདག་གིར་བྱེད་པས་ཆོས་རྣམས་ཀྱི་འཛིན་པ་ཉིད་དེ། ཡང་དག་པ་ཉིད་མེད་པའི་ཕྱིར་གཟུང་བ་དང་འཛིན་པའི་སྐད་ཅིག་མ་སྐྱེ་བ་ཅམ་དུ་གནས་པ་ཡིན་ལ། དེ་ནི་ཤེས་པ་ཙམ་གྱི་ངོ་བོར་ཞེས་སྨོས་པ་ཡིན་ཏེ ་འཛིན་པའི་ཤེས་པའི་བདག་ཉིད་ལ་སོགས་པའི་ངོ་བོས་སྟོང་པ་རྣམས་དང་ཤེས་བྱའི་མཚན་ཉིད་རྣམས་ཏེ། དེའི་རྒྱུ་གཟུགས་ལ་སོགས་པ་གཟུང་བའི་བདག་རྣམས་གལ་ཏེ་དོན་དམ་པར་བཅོས་མ་མ་ཡིན་པའི་དོན་གྱིས་ཡོད་པ་ཉིད་དུ་གྱུར་ན་དེའི་ཚེ་ཅུང ་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། ད་ལྟར་གྱི་གཟུགས་ལ་སོགས་པ་ཉོན་མོངས་པ་ཅན་གྱི་ཕུང་པོའི་མཚན་ཉིད་ལ་གཉེན་པོ་ལམ་གྱི་མཚན་ཉིད་འདས་པ་དང་མ་འོངས་པ་མེད་པས་དེ་སྐྱེ་བའི་སྐད་ཅིག་མ་ཡང་ད་ལྟར་གྱི་སྐད་ཅིག ་མ་ནི་མེད་པ་ཉིད་ཡིན་པའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་བྱ་བ་ནམ་མཁའ་རྟག་པ་དང་འདྲ་བར་ཆོས་རྣམས་སྐད་ཅིག་མ་ཡིན་ན་ཡང་ཕུལ་དུ་བྱུང་བའི་བྱེད་པ་མེད་པ་ན་ཁྱད་པར་ཅི་ཞིག་ཡོད་དེ། ཅི་ཡང་མེད་པས་ཁྱེད?་ཅག་གི་ཕྱོས་ལྟར་བསྒོམ་པ་ནི་འབྲས ་བུ?་མེད་པ་དང། ཆོས་ཀྱི་རང་གི་ངོ་བོ་མ་ཤེས་པར་གྱུར་པ་གང་གིས་བཟློག་ཅེས་བྱ་བར་དགོངས་སོ། །དེ་འང་ཇི་ལྟར་རི་མོས་ཁ་ན་གྱིས་ནི། གནོད་སྦྱིན་འཇིགས་སུ་རུང་བའི་གཟུགས། །བྲིས་ནས་བདག་ཉིད་སྐྲག་པ་ལྟར། འཁོར་བར་མི་མཁས་ཏེ ་རང?་བཞིན་ནོ་ཞེས་གང་བཤད་པ་ཡིན་ནོ་ཞེས་བྱ་བའི་ལན་གྱི་ཟུར་གྱིས་ཡང་ཚིག་ལེའུར་བྱས་པ་ལས་སྨོས་པའི་དོན་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དངོས་པོ་སྟེ་གཟུགས་ལ་སོགས་པ་དེ་ལ ་མངོན་པར་ཞེན་པ་སྟེ། ཡང་དག་པའི་བླར་གྱུར་པ་དེ་ཉིད་ཕྱིན་ཅི་ལོག་ཡིན་ཞིང་མི་འཐད་པ་ཉིད་ཀྱིས་ན་དེ་མི་ལྡོག་པས་བཅོམ་ལྡན་འདས་ཀྱིས་གནས་སྐབས་སུ་ཡང་གནས་པཡིན་ལ་ངེས་ན་གང་བཅོམ་ལྡན་འདས་ཏེ་རྫོགས་པའི་སངས་རྒྱས ་ཀྱི་ཤེས་བྱའི་སྒྲབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་ཤིང་གཟུང་བ་ལ་སོགས་པ་འགོག་པ་དང། ཆས་རྣམས་ཏེ་གཟུགས་ལ་སོགས་པ་རྣམས་ཀྱང་ཡོད་པར་ཁས་ལེན་ཅིང། །དོན་དམ་པར་འདོད་པ་གང་ཡིན་པ་ད་ནི་ཕན་ཚུན་འགལ ་པའི་དོན་ཁས་ལན་པ་ནི་ཁོ་བོས་ཏིང་ངེ་འཛིན་མངོན་སུམ་དུབྱས་པས་ཡ་མཚན་དུ་བརྩིས་ཏེ། །ལོག་པའི་དངོས་པོ་ལ་མངོན་པར་ཞེ་ན་པ་ཡང་གལ་ཏེ་ཉོན་མོངས་པ་ལྡོག་པར་གྱུར་ན་དེའི་ཚེ་སོ་སོའི་སྐྱེ་པོ་རྣམས་དང་ཅིའི་ཕྱིར་མ་གྱུར་ཅེས་འཕགས་པ ་བྱམས?་པས་དགོངས་སོ། །རྒྱ་མཆོག་ཉིད་ལས་འབྲས་བུ་མཆོག་ཏུ་འགྱུར་གྱི་ཀོ་ཏྲ་པའི་ས་བོན་ལས་ས་ལུའི?་མྱུ་གུ་དང་འདྲ་བར་གཞན་ལས་མ་ཡིན་ནོ་ཞེས་ཐམས་ཅད་ཀྱི་ཁས་བླངས་པར་བྱ་བ་ཡིན་པས་དེའི་ཕྱིར་ཉོན་མོངས་པ་སྤོང་བའི་འབྲས་བུ་མཆོག་ཏུ་གྱུར་པ ་པོ་འམ?་མི་མཆོག་མ་ཡིན་པའི་དངོས་པ་ལ་ལྟ་བས་དྲི་མ་ཅན་དུ་བྱས་པའི་མཐོར་བའི་ལམ་ལས་རུང་བ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དབུ་མའི་རྒྱན་ལས་རྣམ་པར་དག་པའི་རྒྱུ་ལས་ནི། འབྲས་བུ་རྣམ་པར་དག་པ་འབྱུང། །ཡང་དག་ལྟས་བྱུང་ཚུལ ་ཁྲིམས་ཀྱི། །ཡན་ལག་ལ་སོགས་རྣམ་དག་བཞིན་ཞེས་བྱ་བ་དང། རྣམ་འགྲེལ་ལས། ལན་འགའ་ཐབས་ནི་རྣམ་བ་ཞིག་།དུས་ཀྱང་མར་དུ་འདི་ཡིས་ནི། །བསླབས་པས་དེ་ལ་ཡོན་ཏན་དང། །ཉེས་པ་བསལ་བར་གྱུར་པ་ཡིན་ཞེས་གང་བཤད་པ་ཡིན་ནོ།། ་དེ་ལྟར་ཡོད་པའི་ཕྱོགས་བསལ་ནས?་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་གྲུབ་པའི་མཛའ་མི་བདེན་པའི་གྲུབ་པའི་མཛའ་ཉིད་དུ་བསྟན་ནས་ངོ་བོ་ཉིད་མེད་པའི་ཕྱོགས་ཐམས་ཅད་དུ་འགོ་བའི་བདག་མེད་པའི་གྲུབ་པའི་མཛའ་བརྟན?་པོར་མཛད་ཅིང་ངེས་པར་བྱས་ནས ་ཐར་བ་འདོད་པ་རྣམས་ཀྱིས་འདི་ཁོ་ན་ཁས་བླང་བར་བྱའོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་འདོད་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་བདག་མེད་པའི་ཕྱོགས་འདི་ཁོ་ན་རིགས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཁས་བླང་བར་བྱའོ་ཞེས་གནས་པའི་ཕྱོགས་ཏེ། ངེས་པ་གྲུབ ་པའི་མཛའ་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད་ཅེས་བྱ་བ་གང་གི་ཕྱིར་གྲོལ་བ་ནི་འཐད་པའི་རྒྱུ་དེས་ན་ནང་གི་མུ་སྟེགས་པ་རྣམས་ཀྱིས་དོན་དམ་པར་ཡོད་པ་ལ་སོགས་པ་སྒྲོ ་བཏགས་པའི་དེ་ཁོ་ན་ཉིད་ཀྱི་ལྟ་བ་གང་ཡིན་པ་དེ་བསལ་བར་བྱ་བ་དང། མནན་པར་བྱ་བ་ཅུང་ཟད་མེད་ཅེས་བྱ་བས་ནི་ཕྱི་རོལ་པའི་མུ་སྟེགས་བ་རྣམས་ཀྱི་བདག་ལ་སོགས་པ་སྒྲོ་བཏགས་པ་གང་ཡིན་པ་ངེས་པར?་ན་པར་མི་བྱ་སྟེ?། ? ་དམ་པའི་ལྟ་བའི་ཚུལ་ལ་སོགས་པ་ལ་ཞེས་བྱ་བ་ནི་ལྷག་མའོ། །མེད་པར་ལྟ་བ་བསལ་བ་ནི་ཡང་དག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡང་དག་པ་ཉིད་དུ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཡང་དག་པ་སྟེ ་ཇི་ལྟ་བ་བཞིན་དུ་གྲགས་པའི་གཟུགས་ལ་སོགས་པ་ལྟ་བར་བྱ་ཞིང་ཤེས་པར་བྱའོ། །ངེས་ཅིར་འགྱུར་ཞེ་ན། ཡང་དག་མཐོང་ན་རྣམ་པར་གྲོལ་ཞེས་བྱ་བ་ཡིན་ཏེ། རང་གི་ངོ་བོ་ཉིད་བསྒོམ་པར་བྱེད་པ་ནི་ཉན་མོངས་པ་བག་ཆགས་དང་བཅས་པར ་སྤངས་པས་སངས་རྒྱས་སུ་འགྱུར་རོ། །ཚིག་ལེའུར་བྱས་པ་འདི་ཉིད་ཀྱི་དོན་ནི་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་བྱིར་བཤད་མ་ཐག་པའི་དངོས་པོ་ལ་མངོན་པར་ཞེན་པ་ལས་གོལ་བར་མི་འཐད་ཅིང་བྱང་ཆུབ་པ་མི ་རུང་བ་རྒྱུ་དེའི་ཕྱིར་སྐུར་པ་འདེབས་པ་སྟེ། བདག་མེད་པ་ལ་གནོད་པ་བྱེད་པའི་དོན་དམ་པར་ཡོད་པ་ལ་སོགས་པ་དང་སྒྲོལ་དོགས་པའི་ངོ་བོ་སྟེ། ངོ་བོ་ཉིད་ཡོད་པར་དོགས་པ་བསལ་ན་གཅིག་དང་དུ་མའི་རང་བཞིན་ལ་སོགས་པའི་ཚད་མས་དེ་ཁོ་ན་ཉིད་མཐོང་བས་བསལ་ཅིང་ཆོས་གང་ལ་ཡང་བདག་ལ་སོགས་པས་གནོད་པ་ཀུན་རྫོབ་དང་དོན་དམ་པར་མ་བྱས་པར་འདི་ཉིད་ཤེས་པར་གྱུར་པ་ན་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ལས་ཀུན་དུ་འབྱུན་བ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཞིང་ཀུན་རྫོབ་ཏུ་ཡང་དག་པའི་ངོ་བོ་ཉིད་དེ་ཐ་སྙད་དུ་དབེན་པ་དང་བཞིན་མེད་པ་སྟེ། སྒྱུ་མ་དང་མཚུང་པའི་ངོ་བོར་བརྟག་པར་བྱ་ཞིང་བསྒོམ་པར་བྱའོ། །འདིས་ཅིར་འགྱུར ་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་འཛུན་གྱིས་གླང་པོ་དང་འཐབ་པ་ནི་ཟིལ་གྱིས་མནན་པ་དེ་བཞིན་དུ་ཕྱིན་ཅི་ལོག་པས ་ཞེས་བརྡུན་གྱི། །ལམ་གྱིས་བརྫུན་གྱི་བདག་ཏུ་ལྟ་བ་ལས་སྐྱེས་པའི་ཉོན་མོངས་པ་ལས་སྐྱེས་པའི་ཕྱིན་ཅི་ལོག་སྤོང་བའི་རྒྱུས་ན་དེ་ཁོ་ན་ཉིད་མཐོང་བ་ན་སྟེ། ཐམས་ཅད་དུ་འགྲོ་བའི་བདག་མེད་པ་མཐོང་ཞིང་མོས་པ་ནི་རྣམ་པར་གྲོལ་བར་འགྱུར ་ཏེ། ཡང་དག་པའི་ཡེ་ཤེས་ཐོབ་པར་འགྱུར། །བདག་ཅག་གི་ཕྱོགས་ལྟར་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ལ་དེ་བས་ན་ཉོན་མོངས་པ་ལ་སོགས་པའི་སྒྱུ་མ་ལམ་གྱི་སྒྱུ་མས་ལྡོག་པ་ཡིན་པས་དངོས་པོ་དེ་ཁོ་ན་ཉིད་ལ་རེ་བར་མི་མཐུན་པའི་ཕྱོགས་དང ་གཉེན་པོར་གྱུར་པ་མེད་དོ། །དེའི་ཕྱིར་ཁོ་བོ?་ཅག་ལ་སྔར་སྨྲས་པའི་ཐར་པ་མི་འཐད་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །མྱ་ངན་འདས་མིན་མང་ངན?་འདས། །འཇིག་རྟེན་མགོན་གྱིས་བསྟན་པ་ནི། །ནམ་མཁའ་བྱས་པའི་མདུད ་པ་ནི། །ནམ་མཁའ་ཉིད་ཀྱིས་དཀྲོལ་བ་ཡིན་ཞེས་བྱ་བ་ལ་སོགས་པ་གང་གསུང་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཕན་ཚུན་ཏེ། གཅིག་ལ་གཅིག་བསྡུས་པ་གང་ཡིན་པ་སྟེ། སྔ་མ་བཞིན་དུ་དངོས?་སུ ་གཏོགས་པའི་སྦྱིན་པ་ལ་སོགས་དེ་རེ་རེ་ལ་ཞེས་བྱ་བ་སོ་སོ་རེ་རེ་ཞིང་སྐད་ཅིག་མ་གཅིག་པ་སྟེ། སྐད་ཅིག་མ་གཅིག་ཏུ་བྱུང་བའི་བཟོད་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟད་པ་གང་ཡིན་པ་ངེས་བསྡུས་ཤིང་དེ་དང་འདྲེལ་བའི་སེམས་ཀྱི་ཁྱད་པར་གང་ཡིན ་པ་དེ་ནི་རྩེ་མོའི་མངོན་པར་རྟོགས་པ་འདིར་མཐོང་བའི་ལམ་ཡིན་ཏེ། ཉན་ཐོས་ལ་སོགས་པ་བག་ཆགས་དང་བཅས་པ་སྤོང་བའི་མཐོང་བའི་ཐབས་སུ་རྣམ་པར་གཞག་གོ་ཞེས་བྱ་བ་ནི་ལྷག་མའོ། །སྦྱིན་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འབྲེལ? ་པ་ཡིན་ཏེ། ལན་ཅིག་རྣམ་པར་རྟོག་པ་དུམ་འབྱུང་བ་ནི་འགལ་བ་ཉིད་ཡིན་གྱི་ཡུལ་དུ་མ་ལ་རྣམ་པར་རྟོག་པ་གཅིག་འབྱུང་བ་ནི་དེ་ལྟར་མ་ཡིན་ཏེ། ཤིན་ཏུ་མང་བ་དུ་མ་བསླངས་པས་དེ་ལྟར་སྲིད་པའི་ཕྱིར་ཡང་དག་པར་རྣམ་པ་སུམ་ཅུ་རྩ་དྲུག་ཉིད་ཡིན ་ན་ཡང་སྦྱིན་པ་ལ་སོཌ་པ་ཚོཌ་པའི་ཡུལ་གྱི་སྐད་ཅིག་མ་གཅིག་ལ་བཟོད་པ་གཅིག་ནི། སེམས་གཅིག་གི་བདག་ཉིད་ཅན་གྱི་མཐོང་བའི་ལམ་ཡང་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུ་ཡིན་པ་ལ་འགལ་བ་མེད་དོ་ཞེས་བྱ ་བར་དགོངས་སོ། །ད་ནི་མཐོང་བའི་ལམ་སྐྱེས་པར་མ་གཏོགས་པའི་དགོངས་པ་བརྗོད་ནས་སྤོང་བའི་འབྲས་བུ་ཉིད་ཀྱིས་མཐོང་བའི་ལམ་ལས་བསྒོམ་པའི་ལམ་ཐ་དད་པ་ཉིད་ཡིན་ན་ཡང་བཤད་མ་ཐག་པའི་སྤོང་བ་ལ་དབང་དུ་བྱས་པའི་བསྒོམ་པའི་ལམ ་བརྗོད་པར་རིགས་པ་ཡིན་ན་ཡང་གང་གིས་དེ་དོན་དང་བཅས་པས་རེ་ཞིག་དེ་བསྟན་པ་ནི་དེ་སྐྱེས་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ་ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་པ་དང། རྒ་ཤི་སྟེ་།སྲིད་པའི་ཡན་ལག་བཅུ་གཉིས་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཉིད་གོ་རིམ་གྱིས་བདག་མེད་པ་བསྒོམ་པ་ནི་ལུགས་སུ་འབྱུང་བར་བསྒོམ་པའོ། །དེ་བཞིན་དུ་ཐ ་མ་ནས?་བརྩམས་ཏེ། གོ་བཟློག་ནས་བསྒོམ་པ་ནི་ལུགས་དང་མི་མཐུན་པ་བསྒོམ་པ་ཡིན་པར་ཤེས་པར་བྱའོ། །དེ་དང་མཐོང་བའི་ཞེས་བྱ་བ་ལ་སོགས་པས་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པའི་རྣམ་པར་འགྲེལ་པ་ནི་གསལ་ཏེ། ་ཉོན་མོངས་པ་རྣམས་ཀྱསི་ཟིལ་གྱིས་མི་གནོན་པ་ཉིད་ཀྱིས་ན། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །མ་རིག་པ་ལ་སོགས་པའི་གོ་རིམ་ནི་དོན་གྱི་དབང་ལས་ཤེས་བར་བྱ་སྟེ། ཆོས་མངེན་པ་ལས། མ་རིག ་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་མངོན་ལས་ཀྱི། །རྣམ་ཤེས་མཚེམས་སྦྱོར་ཕུན་བོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས ་ནུས་པ་ཚུན་ཆད་ངོ། །ཆོར?་འཁྲིག་ཚུན་ཆད་སྲིད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱི། །ཉེ་བར་ལེན་བ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་བའི། །དེ་ཡིས་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིད་མཚམས ་སྦྱོར་པ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན་ཞེས་གང་བཤད་པ་ཡིན་ནོ། །བསྒོམ་པའི་ལམ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་སྤོང་བ་ནི་ཉོན་མོངས་པ་ལ་སོགས་པའི་ཤིན་དུ་འགོག་པའོ། །སོགས་པའི་སྒྲས་ནི ་མ་སྦྱིན?་པའི་ཉོན་མོངས་པ་ལ་སོགས་པ་ཤིན་ཏུ་མི་སྐྱེད་པའོ། །རྟེན་སྒྲུབ་པ་མངོན་དུ་འགྲོ་བ་ཞེས་བྱ་བ་ནི་གཞི་མེད་པ་ལ་སྤོང་བ་ལ་སོགས་བ་མི་འཐད་བས་དེ་ལ་རྟེན་པའི་ཤེས་པ་སྔོན་དུ་འགྲོ་བ་ཡིན་ནོ། །གོ་སླ་བ་ནི་རྟོགས་སླ་བའོ་ཞེས་བྱ་བའི་རྒྱུས་རྟེན་ཏེ་སྤོང?་བ་ལ ་སོགས་པའི་བཞི། བསྒོམ་པའི་ལམ་ནི་འགོག་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དམྱལ་བ་དང། ཡི་དགས་དང། བྱོལ་སོང་དང། མི་དང་འདོད་པའི་ལྷ་དྲུག་ནི་འདོད་པའི་ཁམས་སོ། །འདོད་པ་དེར་རྟོགས་པ་ནི་སྐྱོབས?་ཐོབ་པའོ། །རྣམ་པར ་ཤེས་པ་མཉམ་པར་མ་བཞག་པ་ནི་རྣམ་པར་རྟོག་པའི་ཤེས་པའོ། །མཚམས་བཟུང་སྟེ་ཞེས་བྱ་བ་ནི་འདོད་པའི་ཁམས་པའི་སྐྱེ་བོ་རྣམས་ལས་འཚང་རྒྱ་བ་ཉིད་ཡིན་པའི་ཕྱིར་ཉེ་བར་གཟུང་ཞིང་རྣམ་པར་བཞག་པས་འགོག་དང་བཅས་པའི་སྙོམས་འཇུག་དགུ ་ཞེས་གོང་མ་དང་སྦྱར་རོ། །དེས་ན་དོན་འདི་ཡིན་ཏེ་འགོག་པ་དང་བཅས་པའི་བསམ་ཏེ། ན་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དགུའི་ནང་ནས་བསམ་གཏན་དང་པོ་ནས་བརྩམས་ཏེ། རིམ་པ་བཞིན་བསྒོམས་པས་འགོག་པའི་བར ་དུ་སོང་ལ་འོངས་ནས་ཞེས་བྱ་བ་འགོག་པ་དང་བཅས་པའི་སྙོམས་འཇུག་དགུར་སོང་ནས་ཞེས་འདིར་རྗེས་སུ་སྦྱར་བར་བྱ་སྟེ། དེས་ན་དོན་ནི་འདི་ཡིན་ཏེ་ཐ་མ་འགོག་པ་ནས་བརྩམས་ཏེ་ལུགས་ལས་བཟློག་པ་བསམ་གཏན་དང་པོའི་བར་དུ་འོངས་ནས་ཡང ་སྙོམས་པར་འཇུག་པ་དགུ་པོ་དེ་དག་ཉིད་ཀྱིས་ནང་ནས་རྣམ་ལ་གཉིས་སུ་སྟེ། སྙོམས་པར་འཇུག་པ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དན་བརྒྱད་གང་ཡིན་པ་དེ་རྒལ་ཅིང་འདས་ནས་དེ་ལས་གང་ཐོད་རྒལ ་དུ་ནི་སྙོམས་འཇུག་པ་ཞེས་བྱ་བ་ཉོན་མོངས་པ་བག་ཆགས་དང་བཅས་པ་ཉམས་སྨས་པའི་བསམ་གཏན་གྱི་ཁྱད་པར་རོ། །འགོག་པའི་བར་དུ་མི་འདྲར་འགྲོ་ཞེས་བྱ་བ་ནི་ནདེ་བཞིན་དུ་ལུག་དང་འཐུན་པ་དང་ལུགས་དང་མི་མཐུན་པའི་རིམ་པ་དག་གིས་འགོག ་པ་མངོན་པར་ཁྱབ་པར་བྱས་པ་གོ་རིམ་མ་ཡིན་པར་འགོ་བ་དེ་ནི་འདིར་བསྒོམ་པའི་ལམ་ཉིད་ཡིན་པར་བཤད་དོ་ཞེས་བྱ་བར་ཤེས་པར་བྱའོ། །ཚིག་ལེའུར་བྱས་པའི་དོན་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨེས་པ་ཡིན་ཏེ། བསམ་གཏན ་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས་ཞེས་བྱ་བ་ནས་འདོད་པ་མི་དགེ་བའོ་ཞེས་སྨོས་པས་འདོད་ཁམས་པའི་རྣམ་པར་རྟོག་པས་རྣམ་པར་གཡེང་བའི་སེམས་ནས་ཉེ་བར་བཟུང་བ་བྱས་ནས་གཟུགས་ཁམས་སུ་གཏོགས་པའི་སེམས་ཀྱིས་བསམ་གཏན་དང་པོ ་མངོན་སུམ་དུ་བྱས་པ་འགོག་པའི་བར་དུ་སོང་ནས་ཞེས་བྱ་བ་དེ་བཞིན་དུ་བསམ་གཏན་གཉིས་པ་དང་གསུཾ་པ་དང་བཞི་པ་དང་དེ་བཞིན་དུ་གཟུགས་མེད་ཁམས་ལ་གནས་མེད་དེ། སྐྱེ་བ་ལས་ནི་རྣམ་པ་བཞི་ཞེས་སྨོས་པ་གཟུགས་མེད་པའི་ཁམས་སུ་གཏོག་ལ ་པའི་སེམས་ནམ་མཁའ་དང། རྣམ་པར་ཤེས་པ་དང། ཅི་ཡང་མེད་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །དེའི་འོག་ཏུ་ནི་འགོག་པའོ། །དེ་བཞིན་དུ་རིམ་གྱིས་སོང་ནས་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེའི་འོག་ཏུ ་འགོག་པ་ནས་བཟུང་སྟེ། བསམ་གཏན་དང་པོའི་བར་དུ་འོངས་ཏེ་ཞེས་བྱ་བ་རྒྱུན་དུ་ལུགས་དང་མི་མཐུན་པར་བསྒོམས་པས་བསམ་གཏན་དང་པོའི་བར་དུ་འོངས་པ་ནི་འགོག་པ་དང་བས་པའི་སྙོམས་འཇུག་དགུར་འོངས་ནས་ཞེས་བྱ་བ་ལ་སོགས་པ་བཤད་པ ་ཡིན་ནོ། །དེ་ལྟར་བཤད་པའི་རིམ་གྱིས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་རིམ་པ། རྣམ་པ་གཉིས་ཀྱིས་བསམ་གཏན་བཞི་དང། གཟུགས་མེད་པ་བཞི་དང། འགོག་པའི་མཚན་ཉིད་ཀྱི་སྙོམས་པར་འཇུག་པ་དགུ་ལ་སོང་ཞིང་ཞེས་བྱ་བ་བསམ་གཏན ་དང་པོ་ནས་བརྩམས་ཏེ། འགོག་པའི་བར་དུ་ནི་ལུགས་དང་མཐུན་པ་ཡིན་ལ་འགོག་པ་ནས་བརྩམས་ཏེ། བསམ་གཏན་དང་པོའི་བར་དུ་ལུགས་དང་མི་མཐུན་པར་འོང་སྟེ་ཞེས་བྱ་བའི་ཐ་ཚིག་གོ། ཡང་དེ་བཞིན་དུ་རྣམ་པ་གཉིས་ལ་སོགས་པ་དོར་བ་ནི་འོངས?་ནས་ཞེས ་གྲག་ལ་སོགས་པ་སྨོས་པ་ཡིན་ཏེ། འོངས་ནས་ཞེས་བྱ་བ་ནི་དེ་ལྟར་དང་པོར་སོང་བ་ལས་སོ། །ཡང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་བཤད་པའི་རིམ་པས་གཅིག་ལ་སོགས་པ་བོར་ནས་ཞེས་བྱ་བ་གཅིག་དང་གཉིས་དང་གསུམ་ལ་སོགས་པ་པོར་བས་སོ། ། ་འགོག་ཟའི?་སྙོམས་པར་འཇུག་པ་ལ་ཐུག་པའི་བར་དུ་མི་འདྲ་བའི་སྒོ་ནས་འགྲོ་བ་ནི་བསྒོམ་པའི་རིམ་གྱིས་རབ་ཏུ་འགྲོ་བའི་རྒྱུས་མི་འདྲ་བར་འགྲོ་བ་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་ཉམས་སྨད་པར་བྱེད་པའི་བསམ ་གཏན་གྱི་ཁྱད་པར་རོ། །དབང་པོ་ཉིད་ཀྱིས་མཚན་ཉིད་ནི་སེམས་དབང་དུ་བྱེད་པ་ཉིད་ཀྱིས་བདག་ཉིད་ཅན་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་གྱི་ཕྱིར་གོ་བགོས་པས་མངོན་སུམ་དུ་བྱེད་པས་ན་བསྒོམ་པའི་ལམ་ཡིན་ནོ། །སྙོམས་པར་འཇུག་པ་ཐམས ་ཅད་དུ་སེམས་ལ་དབང་བ་ཉིད་ཀྱིས་ན་རྒྱལ་པོ་ཆེན་པོ་དང་འདྲ་བར་འདོད་པས་འཇུག་པ་ཡིན་པའི་ཕྱིར་མི་འདྲ་བར་འགྲོ་བ་ནི་སེང་གེ་རྣམ་པར་བསྒྲིངས་པའི་སྙོམས་པར་འཇུག་པ་ཡིན་པར་ཤེས་པར་བྱ་ལ་ཁྱད་པར་ཅན་རྣམས་ནི་ཁྱད་པར་གྱི་ལམ་ཁོ་ན ་ཡིན་པས་ཐོད་རྒལ་གྱི་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་རིགས་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །ས་བརྒྱད་རྣམ་པ་གཉིས་འབྲེལ་དང། །གཅིག་བརྒལ་སོང་ཞིང་འོངས་ནས་ནི། །རིས་མི་མཐུན་པར་གསུམ་པར་འགྲོ། །ཐོད་རྒལ་གྱིས་ནི ་སྙོམས་འཇུག་ཡིན་ཞེས་བྱ་བ་འདིས་བཤད་པའི་ཐོད་རྒལ་གྱི་ཏིང་ངེ་འཛིན་ནི་སྐབས་མ་ཡིན་ནོ། །དེ་ལྟར་བསྒོམ་པའི་ལམ་བརྗོད་ནས་དེ་ལ་སྤང་བའི་ཞེས་བྱ་བ་གང་གི་ཕྱིར་བསྒོམ་པའི་ལམ་གྱིས་སྤང་བ་ཡིན་པ་དེའི་རྒྱུས་འོག ་ནས་བཤད་པའི་རྣམ་པར་རྟོག་པ་རྣམ་པ་བཞི་སྒོམ་པའི་ལམ་དེར་ཁོངས་སུ་ཆུད་པར་བྱའོ། །དང་པོ་ཞེས་བྱ་བ་ནི་བཞི་པོ་དེ་ལས་སྤང་བར་བྱ་བའི་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་དེ་ཞིག་མདོར་བསྡུས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚིག་ལེའུར ་བྱས་པའི་དོན་མདོར་བསྡུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། མདོར་བསྡུས་པ་དང་རྒྱས་པ་ལ་དགའ་བའི་གདུལ་བྱ་དག་སྟེ། མགོ་སྨོས་པ་དང་རྣམ་པར་སྤྲོད་པས་ཤེས་པ་ཁ་སྦུབ་ལ་སོགས་པའི་ཉེས་པ་དང་བྲལ་བ་དག་ལ་ལུང་ཉེ་བར་སྟོན་པས ་མདོར་བསྡུས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། །ཇི་སྐད་དུ་བཤད་པའི་དོན་ནི་སྦྱིན་པ་ལ་སོགས་པ་སྟེ། དེ་རྣམས་ནན་ཏན་དུ་མི་བྱེད་པ་ནི་སྒྲུབ་པར་མི་བྱེད་སངས་རྒྱས་རྣམས་ཀྱིས་བསྟངས་པ་ནི་མགོན་དུ་བྱ་བ་གང་ཡིན་པ་སྟེ། དེས ་ཡོངས་སུ་མ་བཟུང་ཞིང་བདག་གིར་མ་མཛད་པ་ནི་དེའི་རྣམ་པར་རྟོག་པ་གཞན་ཡིན་ནོ། །བྱུང་བ་དང་འགག་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཉོན་མོངས་པ་ཀུན་ཏུ་བྱུང་བ་རྣམས་རང་གི་རང་གིས་འཇིག་པས་སྦྱོར་བའི་ལམ་གྱི་ཡོན་ཏན་གང་ཡིན་པ་དེ་དན་བྲལ་བའི་མཚན ་ཉིད་ནི་མེད་པ་སྟེ། ཕན་ཚུན་འགལ་བ་ཉིད་ཀྱིས་ན་གཅིག་ལ་བྱུང་བ་དང་འབྱུང་བར་འགྱུར་བའི་ངོ་བོ་གཉིས་མི་འཐད་བས་མེད་པའམ་ངོ་བོ་ཉིད་གཉིས་ལས་འདས་པའི་ངོ་བོ་ནི་རང་གི་རང་གིས་འཇིག་པ་ཡིན་པའི་ཕྱིར་དང་མ་འོངས་པ་ནི་རང་གི་ངོ་བོར་མེད་པ་ཡིན ་བའི་ཕྱིར་རོ། །ཡང་དག་པར་སྐྱེ་བའི་རྒྱུ་དང་མི་ལྡན་པས་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ནི་ཡང་དག་པའི་སྐྱེ་བ་མེད་པའི་ཕྱིར་རོ། །མཐོང་བའི་ཞེས་བྱ་བ་ལ་སོགས་པ་ནི་ཕྱིས་འབྱུང་བའི་ཉོན་མོངས་པ་རྣམས་ནི་རང་གི་ངོ་བོ་ཉིད་དུ་མེད་བའི་ཕྱིར་རོ། །མ་འོངས ་པ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པ་རྣམ་པ་གསུམ་འགོག་པ་བྱ་བའི་ཕྱིར་ལམ་གསུམ་ལ་འཇུག་པ་དང། ཉོན་མོངས་པ་རྣམས་ཡང་དག་པར་ན་ཡོང་པ་མ་ཡིན་པས་ཡུལ་མེད་པ་ཉིད་ཀྱིས་ན་ལམ་གསུམ་ལ་འཇུག་པ་དུས་གསུམ་གྱི་ཡོན་ཏན་དུ་ཇི་ལྟར་འགྱུར་ཞེས་བྱ ་བ་རྣམ་པར་རྟོག་པ་གསུམ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཡིན་ཏེ། དུས་གསུམ་ཡོན་ཏན་མེད་པ་དང་ཞེས་བྱ་བ་བཤད་པ་ཡིན་ནོ། །བདག་ཏུ་ལྟ་བ་ལ་སོཌ་པ་ཡོད་ན་མྱ་ངན་ལས་འདས་པ་ལ་སོགས་པའི་ལམ་ལ་སོགས་པ་ཡོད་པ་ཡིན་ལ། ་།། །དེ་མེད་པས་སེལ་བའི་ལམ་མེད་བ་དེ་ནི་བྱིན་ཅི་ལོག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཕྱིན་ཅི་ལོག་ཞི་བ་ཉིད་ལ་སོགས་བས་བདག་ཏུ་ལྟ་བ་དག་མྱ་ངན་ལས་འདས་པའི་དོན་དུ་སྦྱོར་བའི་ལམ་གང་ཡིན་པའོ། །དེ་ལ་སྟོང་པ་ཉིད ་དུ་མངོན་པར་སྒྲུབ་པ་ཉིད་ཀྱིས་བདག་མེད་པའི་ཡེ་ཤེས་ཐོབ་པས་མཐོང་བའི་ལམ་མོ། །རང་བཞིན་མེད་པའི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་རང་བཞིན་མེད་པས་བསྒོམ་པར་བྱ་བ་ལ་སོགས་པ་མེད་པའི་ཕྱིར། བསྒོམ་པའི་ལམ་སྟེ། རྣམ་པར་རྟོག་པ་གསུམ ་གྱིས་ནི། ལེགས?་པའི་ལམ་ནི་རྣམ་གསུམ་ལ་ཞེས་བཤད་པ་ཡིན་ཏེ། ལེགས་པའི་ལམ་རྣམ་པ་གསུམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ཞེས་བྱ་བ་ནི་བསྡུ་བའོ། །གནས་སྐབས་འདིར་ཞེས་བྱ་བ་ནི་སྤང་བར་བྱ་བ་ཉིད་ཀྱིས་དབང་དུ་བྱ་བའི་གནས ་སྐབས་སུ་ཤིན་ཏུ་སྡད་པར་བྱ་བ་ཉིད་ཀྱིས་ན། བསྒོམ་པའི་ལམ་སྔར་བཤད་པའི་སྦྱོར་བའི་གནས་སྐབས་གང་བསྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་རྒྱུན་མི་འཆད་པར་འཇུག་པའི་དམིགས་པའི་ཁྱད་པར་དང་པོ་སྟེ། དེའི་ཡུལ་ཅན་ནི་བཟུང་བ ་རྣམ་པ་དགུ་ནི་ཆོས་བསྡུས་པ་ལ་སོགས་པ་ཅི་རིགས་པར་བླང་བ་དང་དོར་བའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་མ་ལུས་པ་ནི་སྤང་བར་བྱ་བ་ཉིད་ཡིན་པས་དེ་ལྟར་དང་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ཚིག་ལེའུར་བྱས་པའི་དོན་ནི་དགེ ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་བའི་ཤེས་གཉེན་ལ་སོགས་པ་དང་བྲལ་བས་ཡང་དག་པའི་མན་ངག་སྟོན་པ་དང་དད་པ་ལ་སོགས་པ་མེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའོ། །འཁོར ་གསུམ་ཡོངས་སུ་དག་པ་ཉིད་ཀྱས་ཁྱད་པར་དུ་འཕགས་པའི་སངས་རྒྱས་ལ་དམིགས་པའི་བསོད་ནམས་གང་ཡིན་པ་དེ་དམིགས་པས་བྱང་ཆུབ་ཉིད་ཅེས་བྱ་བ་ཡིན་པའི་ཕྱིར་སྙིང་པོ་ཡིན་པའམ། །དེ་མངོན་སུམ་དུ་བྱེད་པའི་གནས་སྐབས་དེ་ཡིད་ལ་མི ་བྱེད་པ་ནི་མི་དམིགས་པའོ། །ཉན་ཐོས་ཞེས་བྱ་བ་ལ་སོགས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཡིན་པའི་ཕྱིར་ལམ་གྱི་འབྲས་བུ་མངོན་དུ་བྱེད་པའི་རེ་བ་ཡོད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔར་བཤད་པའོ། །དེ་སྒྲུབ ་པ་མེད་པ་ནི་ཉམས་སུ་ལེན་པ་དང་བྲལ་བས་ཡང་དག་པའི་བྱང་ཆུབ་ཡིད་ལ་ཨི་བྱེད་པ་ནི་རྫོགས་པའི་སངས་རྒྱས་ལ་དམིགས་པར་མི་བྱེད་པའོ། །དམིགས་པ་ཡང་བཅས་པ་ཉིད་ཀྱིས་བཟུང་བ་ལ་སོགས་པ་ལ་དམིགས་བས་བསྒོམ་པའི་གཟུགས་ལ? ་སོགས་པ་ལ་དམིགས་པའོ། །དམིགས་པ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་གཟུང་བ་ལ་སོགས་པ་མ་དམིགས་པས་བསྒོམ་པ་མེད་པ་ནི་གཟུགས་ལ་སོགས་པ་ལ་མི་དམིགས་པའོ། །དམིགས་པ་ཡང་མེད་མི་དམིགས་པ་ཡང་མེད་པས་ཞེས་བྱ་བ་ནི་མི ་དམིགས་པ་དང་དམིགས་པ་དག་སྒོམ་པ་ཡང་མེད་སྒོམ་པ་མེད་པ་ཡང་མ་ཡིན་པ་སྟེ། གཟུགས་ལ་སོགས་པ་ལ་མི་དམིགས་པ་དང་དམིགས་པའོ། །ཕྱིན་ཅི་ལོག་ལ་མངོན་པར་ཞེན་པས་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་ལ་མངོན་པར་ཞེན ་པས་སོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ་ཞེས་བྱ་བ་ནི་ལོག་པ་ཉིད་ཡིན་པས་སོ། །གནས་སྐབས་དེ་ན་སྤང་བར་བྱ་བ་ཉིད་ཀྱིས་ཞེས་བྱ་བ་ནི་དབང་དུ་བྱེད་པའི་གནས་སྐབས་སུ་ཤིན་ཏུ་སྤང་པར་བྱ་བ་ཉིད་ཡིན་པས་སོ། །བསྒོམ་པའི་ལམ་གྱི་སྔར ་བཤད་པའི་སེམས་དང་སེམས་ལས་བྱུང་བ་ནི་ཁྱད་པར་གྱི་ཤེས་པའི་ཚོར་བ་ལ་སོགས་པའོ། །དེ་རྣམས་ཀྱི་འཇུག་པའི་གནས་སྐབས་ནི་རྒྱུན་གྱིས་སྐྱེ་བའི་ཁྱད་པར་གང་ཡིན་པ་སྟེ། དེའི་ཡུལ་ཅན་ནི་དེའི་གཟུང་བར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །འཛིན ་པའི་ཞེས་བྱ་བ་ལ་སོགས་པ་ལ་ཚིག་ལེའུར་བྱས་པའི་དོན་ནི་རྫས་སུ་ཡོད་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྫས་སུ་ཡོད་པར་མི་སྐྱེ་བས་ཞེས་བྱ་བ་ནི་དོན་དམ་པར་ཡོད་པ་སྐྱེ་བར་མི་རིགས་པའི་ཕྱིར་རོ། །སེམས་ཅན་དུ་བཏགས་པ་ནི་གང་ཐག ་ལ་སོགས་པའི་ཐ་སྙད་དོ། །སྣང་བ་ཙམ་དུ་ཟད་པའི་ཕྱིར་ཞེས་བྱ་བ་ནི་ཕྱིའི་དོན་ཡོད་པར་མི་རུང་བས་སེམས་ཅན་ཉིད་ཡིན་པའི་ཕྱིར་ཆོས་སུ་བཏགས་པ་ནི་གཟུགས་ལ་སོགས་པའི་ཐ་སྙད་དོ། །ཐམས་ཅད་དུ་འགྲོ་བའི་ཕྱིར་ཞེས་བྱ་བ་ནི་གང་དུ་ཡང་མི ་གནས་པས་ཡོད་པར་མི་རིགས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་གསུམ་པོའི་ཆོས་སེམས་སྐྱེད་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་སྟོང་པ་ཉིད་མ་ཡིན་པ་ཉིད་དུ་ཡོད་བའོ། །རྣམ་པ་ཐམས་ཅད་དུ་མངོན་པར་ཞེན་པ་མ ་སྤངས་པས་ཞེས་བྱ་བ་རྣམ་པ་ཐམས་ཅད་དུ་གཟུང་བ་ལ་སོགས་པ་ལ་མངོན་པར་ཆགས་པ་མི་འགོག་པས། ཆོས་ལ་ཆགས?་པ་སྟེ་གཟུགས་ལ་སོགས་པ་ལ་མངོན་པར་ཞེན་པའོ། །ངོ་བོ་ཉིད་མེད་པར་རྟོགས་པས་ཞེས་བྱ་བ་གཟུང་བ་ལ་སོགས་པ་མེད་པར ་ཤེས་པས་ཆོས་རབ་ཏུ་རྣམ་པར་འབྱེད་པ་གཟུགས་ལ་སོགས་པའི་ཆར་འབྱེད་བ་ཤེས་པར་བྱའོ། །ཆེད་དུ་བྱ་བ་མི་བྱེད་པས་ཞེས་བྱ་བ་སྔར་བཤད་པའི་ཆེད་དུ་བྱ་བ་རྣམ་པ་གསུམ་ལ་མི་དམིགས་པས་དངོས་པོའི་ཆེད་དུ་བྱ་བ་བྱེད་པ་སྟེ། ཕྱི་དང ་ནང་གི་བདག་ཉིད་ཅན་གྱི་དོན་སྟོན་པ་ལ་དམིགས་པའོ། །གཟུགས་ལ་སོགས་པ་ལ་མི་དམིགས་པའི་ཕྱིར་ཞེས་བྱ་བ་གཟུང་བ་ལ་སོགས་པ་མེད་པར་གཟུགས་ལ་སོགས་བ་མི་ཤེས་པས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་སྟེ། རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱེད་པའོ། །ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱིས་ཞེས་བྱ་བ་གཟུང་བ་ལ་སོགས་པ་མེད་པར་མངོན་སུམ་དུ་མ་ཤེས་པས་ཡོན་མ་དག་པ་སྟེ། སློབ་མ་ལ་སོགས ་པས་བྱིན་པའི་རྫས་ལ་སོགས་པ་རྣམ་པར་མི་སྦྱོང་བའོ། །སྦྱིན་པ་ལ་སོགས་པར་དམིགས་དེ་སྒྲུབ་པས་ཞེས་བྱ་བ་བསམ་གཏན་དང་བསམ་བྱ་དང་གཉི་ག་ལ་སོགས་པའི་དངོས་པོ་ལ་དམིགས་པའི་ཤེས་པས་སྤྱོད་པ་རྣམ་པར་འཁྲུགས་པ་སྟེ། སྦྱིན ་པ་ལ་སོགས་པའི་བྱ་བ་ལ་མངོན་པར་ཞེན་པའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་པ་ཉིད་ཀྱིས་ན་གནས་སྐབས་འདིར་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་འཛིན་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ ་ཡིན་ནོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་འཛིན་པའི་ཚིག་ལེའུར་བྱས་པ་ནི་སེམས་ཅན་བཏགས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅན་བཏགས་པ་ནི་གཟུགས་ལ་སོགས་པ་ཡོད་པའི་ཐ་སྙད་དོ། །དེའི་རྒྱུ་ནི་ཚུལ་འདི ་ལ་སྤྱིའི་དོན་མེད་པས་ཤེས་པ་ཙམ་གང་ཡིན་པར་དེ་རྣམ་པར་བཞག་པའི་རྒྱུ་མཚན་ཡིན་ནོ། །དེའི་ཡུལ་ནི་དེའི་གཟུང་བ་བསྒོམ་པའི་ལམ་དང་འབྲེལ་པའི་མི་མཐུན་པའི་ཕྱོགས་གཞན་རྣམ་པ་དགུ་སྤང་བར་བྱའོ། །ཅིའི་ཕྱིར་ཞེ་ན་དེ་ལ་གནོད་པ་བྱེད ་པ་ཡིས་ཞེས་བྱ་བ་སྟེ། བསྒོམ་པའི་ལམ་གྱིས་ཏེ་འགོག་པ་ཡིན་པའི་ཕྱིར་རོ། །དོན་འདི་ཉིད་ནི་མི་མཐུན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅན་དུ་བཏགས་པ་ནི་གཟུགས་ལ་སོགས་པ་ཡོད་པའི་ཐ་སྙད་དོ། །དེ་རྣམ་པར་བཞག ་པར་བྱ་བའི་ཕྱིར། གང་སྣང་བ་ཙམ་ནི་ཕྱིའི་དོན་ཡོད་པར་མི་རུང་བས་སེམས་ཙམ་མོ། །དེ་ཉིད་ནི་རྒྱུ་རྣམ་པར་བཞག་པའི་རྒྱུ་མཚན་ཡིན་ཏེ་རྣམ་པར་རྟོག་པའི་རྣམ་པ་ཁོ་ན་ཐ་སྙད་མ་ལུས་པ་ལ་འཇུག་པ་ཡིན་པའི་ཕྱིར་རོ་དེའི་ཡུལ་ཅན་ཞེས་བྱ་བ་ལ་སོགས་པ ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་དག་གི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས ་ཀྱི་རྣམ་པ་ཡོངས་སུ་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲིབ་པ་གང་ཡིན་པ་དེ་མི་མཐུན་པའི་ཕྱོགས་དེ་ལ་ཀུན་ཏུ་རྨོངས་ཤིང་མི་ཤེས་པ་ཡིན་ནོ། །ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི ་ལམ་གསུམ་པོ་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་གང་ཡིན་པ་དེ་མི་འཐུན་པའི་ཕྱོགས་དེ་ལ་ཀུན་ཏུ་རྨོངས་པའོ། །གཞི་ཐམས་ཅད་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་ཙམ་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས ་པ་ཉིད་ཀྱི་སྒྲིབ་པ་གང་ཡིན་པ་དེ་ལ་ཀུན་དུ་རྨོངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔ་མ་བཞིན་ནོ། །དེ་ཡོངས་སུ་མ་ཤེས་པས་ཐམས་ཅད་ཞི་བའི་ལམ་ལ་ཀུན་དུ་རྨོངས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྫོགས ་པའི་སངས་རྒྱས་ཀྱི་ལམ་མི་ཤེས་པའོ། །གཟུགས་ལ་སོགས་པའི་ཤེས་བྱ་དང་དེ་བཞིན་ཉིད་དག་ཏུ་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་གཟུགས་ལ་སོགས་པ་དང་སྟོང་པ་ཉིད་དག་ཉེ་བར་དམིགས་པའི་ཕྱིར་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན ་པ་དང་མི་ལྡན་པ་ལ་ཀུན་ཏུ་རྨོངས་པ་སྟེ། དེ་བཞིན་ཉིད་དང་གཟུགས་ལ་སོགས་པ་དག་ལ་ཕྲད་པ་དང་འབྲལ་བ་མི་ཤེས་པའོ། །བདུད་ལ་སོགས་པ་རང་གི་ངོ་བོ་ཡོངས་སུ་མ་ཤེས་པས་ཞེས་བྱ་བ་བདུད་དང་ཕྱིར་རྒོལ་དང་དགྲ་བོ་རྣམས་དངོས་པོ་མེད་པར་མ་ཤེས ་པས་མི་མཉམ་པ་ཉིད་ལ་ཀུན་དུ་རྨོངས་པ་སྟེ། བདག་ཉིད་ཀྱི་ཐུན་མོང་མ་ཡིན་པ་ཉིད་དུ་མི་ཤེས་པ་ལའོ། །དོན་ལ་དགྲ་ཇི་བཞིན་དུ་འཛིན་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ལ་ལང?་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པས ་གཟུགས་ལ་སོགས་པའི་ཕུང་པོ་དོན་དམ་པ་ཉིད་དུ་འཛིན་པས་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་དུ་རྨོངས་པ་སྟེ། འཕགས་པའི་བདེན་པ་བཞི་མི་ཤེས་པའོ། །འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་མ་ཤེས ་པས་ཞེས་བྱ་བ་ལ་སོགས་པ་རྣམས་ནི་མི་བདེན་པའི་ཕྱིན་ཅི་ལོག་གིས་ཀུན་ནས་བླངས་པ་ཉིད་དུ་མི་ཤེས་པའི་ཕྱིར་ཉོན་མོངས་པའི་རང་བཞིན་ལ་ཀུན་ཏུ་རྨོངས་པ་སྟེ། འདོད་ཆགས་ལ་སོགས་པ་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མ་ཤེས་པའོ།། ་གཞུང?་བ་དང་འཛིན་པའི་མཚན་ཉིད་ཡོངས་སུ་མ་ཞེས་པས་ཞེས་བྱ་བ་གཉིས་དང་བྲལ་བར་མི་ཤེས་པའི་ཕྱིར་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་སྟེ། གཉིས་སུ་མེད་པ་མ་ཤེས་པའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་འཛིན་པའི་རྣམ་པར ་རྟོག་པ་ལ་སོགས་པའོ། །མི་མཐུན་བའི་ཕྱོགས་བརྗོད་པའི་ཤུགས་ཀྱིས་འཕངས་པ་གཉེན་པོའི་ཕྱོགས་ཀྱང་རྣམ་པ་བཞི་ཡིན་ལ་རེ་རེ་ཞིང་སྔ་མ་བཞིན་དུ་མི་མཐུན་པའི་ཕྱོགས?་དགུ་ལས་གོ་བཟློག་པར་བཤད་པའི་དོན་ལས་ཤེས་པར་བྱའོ།། ་དེ་ནི་བསྒོམ་པའི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། བསྒོམ་པའི་ལམ་གྱི་དགོས་པ་ནི་སྔ་མ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏོ། སྔ་མ་བཞིན་དུ་ཞེས་བྱ་བ་ནི་མཐོང་པའི་ལམ་དང་འདྲ་པར་འདིར་ཡང་རྣམ་པར་རྟོག་པ ་བཞི་པོ་རེ་རེ་ཞིང་ཆུང་ངུའི་ཆུང་དུ་ལ་སོགས་པ་དགུ་ཅར་ཡང་འཁོར་གསུམ་ཡོངས་སུ་དག་པ་ཉིད་ཀྱིས་རྣམ་པ་དགུ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡམས་ནད་ཅེས་བྱ་བ་ལ་སོགས་པ་ཚིག ་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ཡུན་རིང་ལོན་ནས་དབུཌ?་ཕྱིན་ལྟར་ཞེས་བྱ་བ་བཤད་པར་བྱ་སྟེ། གགས་བྱེད་པ་མེད་པས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མེད་པས་སོ། །དགའ་བས་དབུགས་འབྱིན་པ་ཐོབ་པ་བཞིན་དུ ་ཞེས་བྱ་བ་ནི་ཡུན་རིང་པོ་སྟེ། འཚང་རྒྱ་བ་ཉིད་ལ་གནས་པའི་བར་དུ་རབ་ཏུ་དགའ་བས་བརྒལ་བ་ལྟ་བུར་གྱུར་པའོ། །བསྒོམ་པའི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་ཡང་སྟོང་གསུམ་པའི་ཞེས་བྱ་བ་ལ་སོགས་པ་ནི་བར་ཆད་བྱེད་པའི་ཚིག་ལེའུར་བྱས་པ་ཡིན་ཏེ། ཉན ་མོངས་དང་བསེ་རུ་དག་གི་རྟོག་པ་ཕུན་སུམ་ཚོགས་པ་ནི་ཤེས་པ་ཕུན་སུམ་ཚོགས་པའོ། །བྱང་ཆུབ་སེམས་དཔའ་ཨི་སྐྱོན་མེད་པ་ནི་སྔ་བཤད་པའི་མཐོང་བའི་ལམ་ལ་སྟེ། སྟོང་གསུམ་པའི་སྐྱེ་བོ་བཀོད་པ་ནི་ཐོབ་པར་བྱེད་པ་སྟེ། དེ་བྱེད་པས་བསོད་ནམས་གང་སྐྱེ་བར་འགྱུར ་བའི་དགེ་བ་རྣམས་དཔེར་མཛད་ནས་ཞེས་བྱ་བ་དགེ་བ་དེ་དཔེ་ཉིད་དུ་བྱས་ནས་བསོད་ནམས་མང་པོ་ཉིད་ཀྱིས་ནི་ཞེས་བྱ་བ་དེའི་བསོད་ནམས་ཀྱི་གྲངས་ཉིད་ཀྱིས་གྲངས་མེད་པའི་བསོད་ནམས་ཀྱིས་གང་སངས་རྒྱས་ཉིད་ཐོབ་པ་ལ་བར་ཆད་མེད་པར་འཚང་རྒྱ་བ་ཉིད་དུ་བར ་ཆད་མེད་པ་དེ་ནི་འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། བསམ་གཏན་གྱི་ཁྱད་པར་ཡིན་ནོ། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད་ཅེས་བྱ་བ་རྫོགས་པའི་སངས་རྒྱས་ཉེ་བར་ལེན་པ་ཉིད་ཀྱིས་ན་ཉེ་བར་གདགས་པས་སངས་རྒྱས་ཉིད་ཅེས་ཀྱང་དེ་ལ་བྱའོ་ཞེས་བྱ་བ ་ནི་ལྷག་མའོ། །འགའ་ཞིག་ཅེས་བྱ་བ་ལ་སོགས་པའི་འགྲེལ་པ་དང་འདིའི་དམིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འབྲེལ་པ་ནི་གོ་སླའོ། །གནས་འདི་ལ་ཞེས་བྱ་བ་པར་ཆད་མེད་པའི་ཏིང་ངེ་འཛིན་གྱི་དམིགས་པ་ལ་སོགས་པའི ་གནས་སྐབས་ནི་གཏིང་དཔག་དཀའ་པ་ཉིད་ཡིན་པའི་ཕྱིར་ཚད་མའི་ཡུལ་མ་ཡིན་པ་ཉིད་ཀྱིས་ནེ་རབ་ཏུ་སྨྲ་བ་རྣམས་རྒྱུད་མར་རྒོལ་ལོ་ཞེས་བྱ་བའི་ཐ་ཚིག་སྟེ། ཀླན་ཀའི་རྒོལ་པ་རྒྱུད་མར་འབྱུང་བ་ནི་རྒོལ་བ་སྨྲ་བ་མང་པོའོ། །གང་ཞིག་ཞེ་ན་ཐབས་ལ་མཁས ་པ་མ་རྟོགས་པ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་པའི་ཐབས་ལ་མཁས་པ་མངོན་པར་མ་ཤེས་པ་རྣམས་ལ་འཕགས་པ་བྱམས་པ་ལ་སོགས་པ་འཇིག་རྟེན་སྒྲོལ་བ་ལ་མཁས་པའི་ཐབས་ལ་མཁས་པས་དེ་དག་གསལ་བར་བྱ་བའི ་ཐབས་ལ་མཁས་པས་ཀུན་རྫོབ་དང་དོན་དམ་པ་དག་གི་རྒོལ་བ་རྣམས་ཀུན་རྫོབ་དང་དོན་དམ་པ་དག་གིས་བསྟན་པ་ཡིན་ནོ། །འདིས་ནི་ཏིང་ངེ་འཛིན་འདི་ཟབ་པ་ཉིད་དུ་བསྙད་དེ། ཚད་མས་མི་རྟོགས་པ་ཉིད་དུ་སྟོན་ཏོ། །བློའི་ནོར་ཅན་ཞེས་བྱ ་པ་ལ་སོགས་པ་དང་དམིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་འདུས་བྱས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་ཅེས་བྱ་བ་རྒྱུ་དང་རྐྱེན་ལ་རག་ལས་པའི་ལམ་དང་གཟུགས་ལ་སོགས་པ་དང་ནམ་མཁའ་ལ ་སོགས་བ་ནི་དངོས་པོ་མེད་པ་ཉིད་ཀྱིས་དམིགས་པར་འཐད་སྟེ། གཟུགས་ལ་སོགས་པའི་ཡུལ་དུ་རིགས་པ་ཉིད་དུ་ལོག་པར་རྟོག་པ་ཡིན་ནོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ། །གལ་ཏེ་ཡང་དག་པར་ཡུལ་དུ་གྱུར་ན་འདུས་བྱས་དང་འདུས་མ་བྱས་ཁོ་ན་ཡིན་གྱི ་དེ་མེད་ན་ཡུལ་གང་ཞིག་ཡིན་ཞེས་རྒོལ་བ་པོའི་བསམ་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱི་ཆ་ཤས་ཅན་ལ་སོགས་པའི་ངོ་བོ་མེད་པས་དམིགས་པའི་ངོ་བོ་ཉིད་ངེས་པར་བཟུང་ཞིང་ཡུལ་གྱི ་རྣམ་པ་ངས་པར་བྱ་སྟེ། ཡང་དག་པར་ན་ཤ་ཆས་ཅན་ལ་སོཌ་པའི་ངོ་བོ་ཡོད་ན་མིག་གི་རྣམ་པར་ཤེས་པ་ལ་སོཌ་པའི་ཡུལ་གཟུཌ་ལ་སོཌ་པ་ཡོད་པར་ངས་པ་ཡིན་གྱི་དེ་མེད་ན་ཇི་ལྟར་ཡོད་ཅེས་བྱ་སྙམ་མོ། །དངོས་པོ་དང་དངོས་པོ་མེད་པ་དག་ནི་གཟུང་བ་ལ་སོགས་པའོ། །དེ་མེད ་བ་ནི་མི་དམིགས་པས་ཏེ། མི་རྟོག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཚང་རྒྱ་བ་ན་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཡུལ་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་ལ་གཟུང་བ་ལ་སོགས་པ་རྣམ་པ་ཐམས་ཅད་ཡང་དག་པར་ཡོད་ན་ནི་དེ་མཁྱེན ་པ་ཡིན་གྱི་དེ་མེད་པར་དེ་ཇི་ལྟར་ཡོད། ཡུལ་མེད་པར་ཡུལ་ཅན་སྐྱེ་བར་རིགས་པ་མ་ཡིན་ནོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབྱེ་བ་ནི་འཐད་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང་ཞེས་བྱ་བ་ནི་འདི་ཉིད་ནི་ཁྱད་པར་རམ་ཁྱད་པར་གྱི་རྒྱུ་ཡིན་ཏེ།། ་འདི་ལྟ་སྟེ་འགལ་བའི་ཆོས་སུ་གནས་པ་དང། རྒྱུའི་བྱེ་བྲག་གིས་ཞེས་བྱ་བའི་རིགས་པས་དབྱེ་བ་ཐམས་ཅད་ལ་ཡིན་ལ་ཁྱེད་ཀྱི་ཕྱོགས་ལྟར་ན་རྒྱུའི་དབྱེ་བ་མི་རིགས་ཏེ། དངོས་པོ་མེད་པའི་རྒྱུ་དང་རྐྱེན་ཁོ་ན་པས་དེ་གཉིས་སྐྱེ་པའི་ཕྱིར་དང། དེ་བཞིན་ཉིད་ཀྱི་རང་བཞིན ་ཉིད་ཀྱིས་ན་ཀུན་རྗེ་བ་དང?་དོན་དམ་པ་དག་འགལ་བའི་ཆོས་གནས་པ་མེད་པ་སྟེ། ཇི་ལྟར་དེ་དག་ཐ་དད་པར་ཡོད་ཅེས་བྱ་སྙམ་མོ། །སྦྱིན་པ་ལ་སོགས་པ་མི་དམིགས་པས་ཞེས་བྱ་བ་སྦྱིན་པར་བྱ་བ་ལ་སོགས་པ་མེད་དེ་མ་ཤེས་པའི་ཕྱིར་སྦྱོར་བ་ཞེས་བྱ་བ་སྦྱིན་པ་ལ ་ཐོཌ་པ་ཉམས་སུ་ལེན་པ་ཡོད་པ་ཁོ་ནས་སྦྱིན་པ་ལ་སོགས་པ་བྱེད་པ་ཡིན་ལ་དེ་མེད་ན་དེ་ཇི་ལྟར་ཡོད་སྙམ་མོ། །རྟོགས་པར་བྱ་བ་མེད་པས་ཞེས་བྱ་བ་ནི་ཤེས་བྱ་མེད་པས་སོ། །བློའི་ཁྱད་པར་དང་ལྡན་པ་གང་ཡིན་པ་ནི་སངས་རྒྱས་ཡིན་ལ་དེ་ཉིད་གདུལ་བྱའི་སྐྱེ་བོའི་བརྒྱུད་ལ ་དགའ་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ན། དཀོན་མཆོག་ཡིན་ན་དེ་ལ་རྟོགས་པར་བྱེད་པས་ཇི་ལྟར་སངས་རྒྱས་ཞེས་བྱ་སྙམ་མོ། །མིང་དུ་བཏགས་པ་ཙམ་དུ་ཟད་པས་ཞེས་བྱ་བ་གཟུགས་དང་འདུ་བྱེད་ཀྱི་ཕུང་པོ་དག་གམ་གཉིས་དང་གཉིས་མེད་པའི་ཤེས་པ་དང། ་ནི་མིང་དུ་བཏགས་པ་ཙམ་ཉིད་ཡིན་པའི་ཕྱིར་ཇི་ལྟར་ཡོངས་སུ་བཏགས་པའི་རང་བཞིན་ནི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་དེ་མེད་པས་མིང་དུ་བཏགས་པ་ཙམ་དུ་ཟད་པའི་ཕྱིར་ཆོས་དཀོན་མཆོག་སྟེ་ལུང་དང་རྟོགས་པའོ།། ་གཟུགས་ལ་སོགས་པར་དམིགས་པ་བཀག་པས་ཞེས་བྱ་བ་ཕྱིའི་དོན་ཡོད་པར་མི་འཐད་པས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཡུལ་བཀག་པའི་ཕྱིར་དགེ་འདུན་ཏེ་གཟུགས་དང་གཟུགས་མེད་པ་ཉན་ཐོས་ལ་སོགས་པའི་དགེ་འདུན་ནི་གཟུགས་ལ་སོགས ་པའི་དངོས་པོ་ཡོད་ན་དཀོན་མཆོག་གསུམ་གྲུབ་ཀྱི་དེ་མེད་ནི་དེ་ཇི་ལྟར་ཡོད་སྙམ་མོ། །སྦྱིན་པ་ལ་སོགས་པ་དམིགས་པས་སྦྱིན་པར་བྱ་བ་ལ་སོགས་པ་མཐོང་བའི་ཕྱིར་ཐབས་ལ་མཁས་པ་སྟེ། སེམས་མི་འགོད་པ་ལ་སོགས་པ་སྦྱིན་པར་བྱ་བ་ལ་སོགས་པ ་མཐོད་བས་དམིགས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་སྒྲག་པ་ལ་སོགས་པ་འབྱུང་བས་སེམས་ན་ཞུམ་པ་ལ་སོགས་པ་ཉིད་དུ་ཇི་ལྟར་འགྱུར་སྙམ་མོ། །དངོས་པོ་དང་དངོས་པོ་མེད་པ་དང་གཉི་གའི་ངོ་བོར་རྟོགས་པ་ནི་ཤེས་པ་སྟེ། དེ་བཀག ་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་སྟེ། འཚང་རྒྱ་བ་ཉིད་མངོན་སུམ་དུ་བྱ་བ་ལ་དངོས་པོ་ལ་སོགས་པ་མེད་ན་དངོས་པོ་ལ་སོགས་པ་ཇི་ལྟ་བ་དེ་ལྟར་མཁྱེན་པ་ག་ལ་ཡོད་སྙམ་མོ། །སྤྲོས་པ་རྣམ་པར་བཞག་པའི་མི་རྟག་པ་ལ་སོགས་པ་ཉིད་ཀྱིས ་ཞེས་བྱ་བ་གདུལ་བྱའི་དབང་གིས་རྣམ་པ་སྣ་ཚོགས་པ་ཉིད་དུ་སྟོན་པའི་ངེས་པ་ཉིད་ཀྱིས་ན་མི་རྟག་པ་ལ་སོགས་པ་ཉིད་ཡིན་པའི་ཕྱིར། རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པ་སྟེ། རྟག་པ་ལ་སོགས་པར་གོ་བཟློག་པས་མི་རྟག་པ་ལ་སོགས་པ་དང། རྟག་པ ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ཉིད་དུ་མཉམ་པའི་ཕྱིར་གནོད་པར་བྱ་བ་དང། གནོད་པ་བྱེད་པར་ཇི་ལྟར་འགྱུར་སྙམ་མོ། །ལམ་རྣམ་པར་བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་མངོན་སུམ་དུ་མི་བྱེད་པའི་ཕྱིར་ལམ་སྟེ། ལམ་བསྒོམས་པས་འབྲས་བུ ་མངོན་སུམ་དུ་བྱེད་པ་འབྱུང་པ་ཡིན་ན་དེ་ཇི་ལྟར་མངོན་སུམ་དུ་མི་བྱེད་པ་ཡིན་སྙམ་མོ། །བླང་བ་དང་དོར་བ་མེད་པས་ཞེས་བྱ་བ་སྤང་པར་བྱ་བ་དང། བླང་བར་བྱ་བ་མེད་པའི་ཕྱིར་མཐུན་པའི་ཕྱོགས་དང་གཉེན་བོ་སྟེ། དགག་པར་བྱ་བ་དང། འགོག ་པར་བྱེད་པའི་དངོས་པོ་ཡོད་ན་དོར་པ་དང་བླང་བར་བྱ་བ་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡོད་པར་རིགས་ན། །དེ་མེད་པས་དེ་ཇི་ལྟར་ཡོད་པ་ཡིན་སྙམ་མོ་།ཆོས་ཅན་མེད་པས་ཞེས་བྱ་བ་གཟུགས་ལ་སོགས་པ་མེད་པས་ཆོས་ཀྱི་མཚན་ཉིད་དེ། ་གཟུགས་ལ་སོགས་པ་རང་དང་སྦྱིའི་མཚན་ཉིད་དེ། མཚན་བཞི་ཡོད་ན་མཚན་ཉིད་ཡོད་པར་རིགས་ན། དེ་མེད་པར་དེ་ཇི་ལྟར་ཡོད་པ་ཡིན་སྙམ་མོ། །རང་དང་སྤྱིའི་མཚན་ཉིད་མི་འཐད་པས། ཞེས་བྱ་བ་ནུས་པ་དང་མི་ནུས་པའི་མཚན་ཉིད་མི་འཐད་པའི ་?་པ་ལ་སྟེ། ལམ་བསམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་དོན་གྱི་བསྒོམ་པའི་མཚན་ཉིད་མི་འཐད་པས་ཀྱང་ཐམས་ཅད་མེད་པ་ཡིན་པ་དེ་བས་ན་དེའི་དོན་མེད་པར་འགྱུར་རོ་སྙམ་མོ། །དང་ཞེས་བྱ་བ་ནི་བསྡུ་པ་སྟེ། ལོག་པར་རྟོགས་པ་རྣམས ་ཀུན་རྫོབ་ཡིན་པའོ། །ཕན་ཚུན་འགལ་བ་ལྟར་སྣང་བའི་དོན་གང་ཡིན་པད་ནི་ཕན་ཚུན་འགལ་བ་སྣང་པའི་དོན་ཏེ། །དེ་སྒྲུབ་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཕན་ཚུན་འགལ་བ་དང་འདྲ་པས། མི་འཐད་པ་ཉིད་ཀྱིས་ཞེས་བྱ་བ་མི་རིགས་པ་ཉིད་ཀྱིས ་ན?། ཚོམ་གྱི་ངོ་བོ་སྟེ། ལོག་པ་ཉིད་ཡིན་པར་ཡིད་གཉིས་སུ་གྱུར་པ་ན་ཇི་སྐད་བཤད་པའི་ཡུལ་ཅན་ཉིད་ཀྱིས་ཞེས་བྱ་བར་པར་ཆད་མེད་པའི་ལམ་གྱི་ཡུལ་ཅན་ཡིན་པ་ཉིད་ཀྱིས། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ཞེས་བྱ་བ་འཚང་རྒྱ ་བ་ཉིད་ལ་བརྟེན་པའོ། །ལོག་པར་རྟོགས་པ་རྣམ་པ་བཅུ་དྲུག་གོ་ཞེས་བྱ་བ་དམིགས་པ། འཐད་པ་ལ་སོགས་པའི་མཚན་ཉིད་ཅན་རྣམས་སོ། །ལོག་པར་རྟོག་པ་དེ་དག་གང་གི་ཡིན་ཞེ་ན།། སྐྱེ་བོ་བྱང་ཆུབ་སེམས་དཔའ་ཨི་ཐབས་ལ་མཁས་པ་ནི། ་ཤེས་པའི་རབ་ཏུ་སྨྲ་བ་ཉིད་ཅེས་བྱ་བ་སྨོས་ཏེ། སྐྱེ་བོ་མངོན་པར་རྟོགས་པ་བརྒྱད་མི་ཤེས་ཤིང་།སེམས་མི་འགོད་པ་ཉིད་ལ་སོགས་པའི་ཐབས་མི་ཤེས་པའི་རབ་ཏུ་སྨྲ་བ་སྟེ་།བསྟན་བཅོས་ཤེས་པ་དང། །དེ་ལས་གཞན་པའི་རྒོལ་པ་བྱེད ་པར་འདོད་པའི་མཁས་པ་ཆེན་པོ་རྣམས་དང། ཐམས་ཅད་ཀྱི་ཞེས་བྱ་བ་དེ་རྣམས་ཉིད་དང། ལྷ་ཆེན་པོ་དང་ཁྱབ་མཇུག་ལ་སོགས་པ་དང། དེ་ལས་གཞན་པའོ། །དེ་བས་ན་ཞེས་བྱ་བ་ནི་བཤད་པའི་རིམ་བས་སོ། །ཀུན་རྫོབ་དང་དོན་དམ་པའི ་སྒོ་ཅན་གྱི་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པ་ཉིད་དུ་རྒོལ་བ་མི་རིགས་པ་ཉིད་དུ་རྟོགས་པ་ལའོ། །གོ་རིམ་བཞིན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་སྒོ་ནས་ལན་བཏབ་དགོས་པས་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྒོལ་བ་ལ་ནི་དོན་དམ་པའི་ཐབས་ཀྱིས་དོན ་དམ་པར་རྒོལ་པ་ནི་ཀུན་རྫོབ་ཀྱི་ཐབས་ཀྱིས་ལན་གདབ་པའོ། །དེ་བཞིན་དུ་རྒོལ་བ་ཁ་ཅིག་ལ་ནི་དོན་དམ་པ་དང་ཀུན་རྫོབ་དག་དང། ལ་ལར་ནི་ཡང་དག་པ་དང། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་དག་གིས་ལན་གདབ ་པར་བྱ་བར་ཤེས་པར་བྱའོ། །དེ་ལྟར་ན་གཉི་ག་ལ་བརྟན་པའི་ཐབས་ལ་མཁས་པས་ཞེས་བྱ་བ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐ་སྙེད་ལ་རྟེན་པའི་ཐབས་ལས་ཁས་ལ་བྱ་བས་སོ། །དེ་ལ་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཡོད་པས་ན ་དམིགས་པ་ཡིན་ལ་དེའི་ངོ་བོ་ཉིད་ངེས་པར་གཟུང་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ནོ། །དཀོན་མཆོག་གསུམ་ཞེས་བྱ་པ་ནི་ཀུན་རྫོབ་གྱི་ལན་གདབ་པའོ། །ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པ་མཐོང་ན་ཡང་དེ་ཁོ་ན་ཉིད་དུ་མ ་མཐོང་པ་ནོ་ཐབས་ལ་མཁས་པ་ཞེས་བྱའོ། །ཀུན་རྫོབ་དང་དོན་དམ་པ་དག་གིས་སོ། །དེ་བཞིན་དུ་ཀུན་རྫོབ་དང་དངོས་པོ་ལ་སོགས་པ་སྲིད་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་ཡིན་ནོ། །ཡང་དག་པའི་ཀུན་རྫོབ་ནི་མི་རྟག་པ་ལ་སོགས ་པའོ། །ལོག་པའི་ཀུན་རྫོབ་ནི་རྟག་པ་ལ་སོགས་པ་ཡིན་པས་མི་རྟག་པ་ལ་སོགས་པ་ལ་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་ནི་ཡང་དག་པ་དང་ལོག་པའི་ཀུན་རྫོབ་དག་གིས་འགྲུབ་སྟེ་ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་འགྲུབ་པ་ཞེས་སྨོས་པའི ་ཕྱིར་རོ། །ལམ་རྣམ་པར་བསྒོམས་པས་ཀྱང་འབྲས་བུ་མངོན་སུམ་དུ་མི་བྱེད་ཅེས་བྱ་བ་ནི་ཀུན་གྱིས་ཏེ། དེ་བཞིན་དུ་ཀུན་རྫོབ་ཏུ་ཉོན་མོངས་པ་ལ་སོགས་པ་དང། །ལམ་ཡོད་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་ཉིད་ཡོད། །དེ་བཞིན་དུ་གཟུགས ་ལ་སོགས་པ་ཡོད་བས་དེའི་མཚན་ཉིད་ཡོད་པ་དང། ཡང་དེ་བཞིན་དུ་གཟུགས་ལ་སོགས་པའི་རྣམ་པ་ཐམས་ཅད་ལ་སྒོམ་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ལེགས་པ་ཡིན་ནོ་ཞེས་ཅི་རིགས་པར་དེ་ལྟར་ཀུན་རྫོབ ་དང?་དོན་དམ་པའི་སྒོ་ནས་ལན་གདབ་པར་བྱ་སྟེ། དེ་དག་ལ་སོགས་པ་རྣམ་པ་སྟོང་དུ་བསལ་བ་སྔོན་དུ་འགྲོ་བས་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པའི་རྒོལ་བ་དུ་མཚར་གཅོད་པའི་ངེས་པ་རྣམ་པ་ཐམས་ཅད་དུ་སྟེ། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་ཚད་མ་དག་གིས ་ཡང་དག་ཅིང་ཕྱིན་ཅི་མ་ལོང། པའི་ངེས་པ་སྟེ། འདི་ཁོ་ན་ཡང་དག་པ་ཡིན་གྱི་གཞན་དག་ནི་མོངས་པ་ཡིན་ནོ་ཞེས་བྱ་བའི་ཤེས་པ་བརྟན་པོར་བསྐྱེད་ནས་དགེ་བ་འདོད་པ་རྣམས་ཀྱིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཀུན་བྱེད་ཅིང་འཚང་རྒྱ་བ་ཉིད ་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ་ཞེས་བྱ་བ་དབང་དུ་བྱའོ།། ཡུལ་གྱི་དབྱེ་བས་ལོན་པར་རྟོགས་པ་རྣམས་ཀྱི་དབྱེ་བས་མཛའ་ཡས་པ་ཡིན་ན་ཡང་ཉེ་བ་ན་འདུག་པའི་གདུལ་བྱའི་སྐྱེ་བོ་ལས་བལྟོས་ཏེ། ་བཅུ་དྲུག་ཉིད་དུ་བཤད་པ་ཡིན་ལ་དེ་བས་ན་རྣམ་པ་སྟོང་དུ་ཞེས་བྱ་བ་དང་མི་འགལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་དཀའ་པའི་སྣང་པའི་མདོར ་མཛད་པ་ཆོས་ཀྱི་གྲགས་པས་བྱས་བ་ལས་སྐབས་ལྔ་པའི་འགྲེལ་པའི་བཤད་པའོ།། །།རབ་ཏུ་བྱེད་པའི་ཕན་ཚུན་གྱི་འབྲེལ་པ་བརྗོད་པ་ནི་རྩེ་མོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་ཞེས་བྱ་བ་ནི ་སྔར་བཤད་པའི་རྩེ་མོའི་སྦྱོར་བ་ལ་ལྷུན་གྱིས་གྲུབ་ཐོབ་པའོ། །སོ་སོ་དང་བསྡུས་པ་ཉིད་དུ་ཞེས་བྱ་བའི་ལུགས་ལས་བཟློག་པ་དང་ལུགས་སུ་འབྱུང་བདག་གིས་སོ། །རྟོགས་པའི་དོན་རྣམས་ནི་བསྒོམས་པས་ཡུལ་དུ་བྱས་པའི་ཡུལ་ལོ། །གོ་རིམས་སུ་གླགས་པ ་ནི་རིམ་གྱིས་དྲན་པ་ལ་ཡང་དག་པར་བཞག་པའོ། །བསྟན་པོར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པ་དྲན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །རྣམ་པར་སྒོམ་པར་བྱེད་པས་ཞེས་བྱ་བ་ནི་སེམས་ཕྱི་རོལ་ལས་ཡང་དག་པར་བསྟས?་ཏེ། ནང་དུ་ངེས་པར་དམིགས་པར ་བྱེད་པས་སོ། །མཐར་གྱིས་པའི་མངོན་པར་རྟོགས་པའི་སྦྱོར་པ་ནི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྦྱིན་པ་དང་བཅས་པའི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པས་སོ། །བར་དག་ཞེས་བྱ་བ་ནི་དྲན་པ་ཉེ་བར་བཞག་པ ་དང། ཡང་དག་པའི་སྤོང་བ་ལ་སོགས་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་དག་གོ། སངས་རྒྱས་ལ་སོགས་དྲན་དང་ནི་ཞེས་བྱ་བ་ནི་དཀོན་མཆོག། གསུམ་རྗེས་སུ་དྲན་པས་དྲན་པ་དང། དགེ་བ་ལ་སོགས་པ ་རྗེས་སུ་དྲན་པའི་སྒོམ་པ་གང་ཡིན་པའི་ཆོས་དངོས་མེད་ངོ་བོ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་མི་དམིགས་བ་དེ་མཐར་ཀྱིས་པའི་བྱ་བར་བཞེད་ཅེས་པ་དེ་ནི་གོ་རིམ་གྱི་སྦྱོར་བ་གྲུབ་པ་ཡིན་པར་ཤེས་པར་བྱའོ། །དོན་འདི་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ ་སོགས་པ་སྨོས་པ་ཡིན་ནོ། །འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ནི་སྦྱིན་པར་བྱ་བ་ལ་སོགས་པ་གསུམ་པོ་ཉེ་བར་མི་དམིགས་པ་ལས་བྱུང་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གང་ཡིན་པ་དེ་སྟེ། རྣམ་པ་ཐམས་ཅད་དུ་སྟེ། གཏོད ་པ་དང་གཏོང་བ་ཆེན་པོ་དང། ཤིན་ཏུ་གཏོང་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་སྟེ་ཡོངས་སུ་རྫོགས་ཤིང་བསྒྲུབ་པའོ། །དྲུག་ཅེས་སྨོས་ན་ཡང། འདི་དགག་ལས་ཤེས་པ་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཞེས་བྱ་བ་ལ་སོགས་པ ་སྨོས་པ་ཡིན་ཏེ་གང་དུ་ཕ་རོལ་ཏུ་ཕྱིན་པ་སྨོས་པ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ཤེས་པར་བྱ་སྟེ། འབྲས་བུ་ས་བཅུ་སྟོན་པའི་ཕྱིར་རོ། །ཅི་ཞིག་རྫོགས་པར་བྱེད་པས་ཞེ་ན། དེ་ནི་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །བར་དག་ཅེས་བྱ་བའི ་སྒྲས་བསྡུས་པའི་དོན་ནི་དྲན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལུང་དང་རྟོགས་པའི་བདག་ཉིད་དག་ནི་ཆོས་ཞེས་བྱ་བ་ཡིན་པས་ཕྱོགས་གཉི་ག་ལ་ཡང་གོ་རིམ་བཞིན་དུ་ལུང་དུ་གསུངས་པ་ཡིན་པ་དང། གཉིས་སུ་མེད་པའི་ཡེ་ཤེས་ཀྱི ་མཚན་ཉིད་?་པའི་ཕྱིར་ཆོས་དཀོན་མཆོག་ཁོ་ན་ལ་དཀོན་མཆོག་གསུམ་ཞེས་བརྗོད་དོ། །དེ་ནི་དོན་དམ་པར་ན་ལུང་དང་རྟོགས་པ་མ་གཏོགས་པར་གཞན་དུ་དཀོན་མཆོག་གསུམ་མི་འཐད་པས་གང་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡོན་ཏན་མཛའ་ཡས་ཤིང་མཐར ་ཐུག་པ་མེད་པ་འདི་དག་ནི་ཆོས་ལས་སྐྱེས་པ་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱི་རྒྱུ་ཅན་ཆོས་ཀྱི་དབང་དུ་བྱས་པས་ཆོས་ལས་བྱུང་པ་ཆོས་ཀྱི་སྤྱོད་ཡུལ་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་ཆོས་ལས་གྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་རྣམ་པས་ཆོས་དྲན་པ ་གང་ཡིན་པ་དེའི་མཚན་ཉིད་དང། དེའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཆོས་ཡང་དག་པར་སྡུད་པ་ལ་སོགས་པའི་མདོ་སྡེ་ཐོས་པ་དང་བསམ་པའི་སྒོ་ནས་ཕྱིས་ཡིད་ལ་བྱེད་པས་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་རྣམ་པ་གསུམ་གང ་ཡིན་པ་དེས་ན། ཆོས་ཀྱི་མཚན་ཉིད་ཀྱིས་ཆོས་མེད་པ་ཡིན་པའི་ཕྱིར་འདིར་རྗེས་སུ་དྲན་པ་རྣམ་པ་གཉིས་ཁོ་ན་ཡིན་ནོ་ཞེས་ཀྱང་འདོགས་པར་མི་བྱ་སྟེ། རྣམ་པ་གཉིས་དང་འདྲ་བར་རྣམ་པ་གསུམ་དུ་ཡང་ཡོངས་སུ་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་དུ་མ ་ཆོས་དཀོན་མཆོག་ཏུ་བརྟག་པ་ཡང་ཇི་ལྟར་འགྱུར། ཡང་ན་ཆོས་ཀྱི་བདག་ཉིད་མེད་པ་ན་དཀོན་མཆོག་གཉིས་སུ་བརྟགས་པར་མི་འགྱུར་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་དཀོན་མཆོག་གསུམ་བརྟག་པར་རིགས་པ་མ་ཡིན་ནོ། །ཡང་ན་འདིར་གཉིས་སུ་མེད་པའི ་སྟོང་པའི་ཡེ་ཤེས་ཁོ་ན་ལ་ཉོན་མོངས་པ་བག་ཆགས་དང་བཅས་པ་མེད་པ་ག་ཚོར་དགའ་བ་སྐྱེད་པ་ཉིད་ཀྱིས་ན་ཆོས་དཀོན་མཆོག་ཡིན་ལ་ཕྱ་ཨོགས་འདི་ལ་ནི་དཀོན་མཆོག་གསུམ་དུ་གཏོགས་པའི་ཆོས་ཀྱི་སྒྲས་ལུང་ཡིན་པར་ཤེས་པར་བྱའི་གཉིས་སུ་མེད་པའི་ཡེ ་ཤེས་ནི་མ་ཡིན་ཏེ། ངེས་གང་དུ་ཡང་བྱེ་བྲག་ཏུ་འབྱེད་པར་མི་བྱེད་དོ། །དེ་ནི་དོན་དམ་པར་ཞེས་སྨོས་པ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ནི་དངོས་ཀྱིས་ཕྱེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཕྱོགས་འདི་ལ་ཆོས་ཀྱི་སྒྲས་ལུང་དང་རྟོགས་པ་ཡིན་པར་བཤད ་དེ་རྣམ་གྲངས་ཡིན་པས་སོ། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོག་པའི་བདག་ཉིད་ཅན། །འཛིན་དང་དེ་ནི་སྟོན་པ་དང། །བསྒྲུབ་པར་བྱེད་པ་ཉིད་དག་གོ་།ཞེས་བྱ་བ་འགལ་བ་མེད་དེ། ངན་འགྲོ་ཐམས་ཅད་འཇིག ་པར་བྱེད་པ་ཉིད་ཀྱིས་ན་དགའ་བསྐྱེད་པར་བྱེད་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་འདི་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་བས་ན་དཀོན་མཆོག་འདི་ལས་གཞན་མེད་པས་དཀོན་མཆོག་གསུམ་ལས་ལྷག་པར་ཐལ་བར་མི་འགྱུར་རོ། །དེ་ཁོ་ན ་ཉིད་དུ་ནི་ཡང་དཀོན་མཆོག་གསུམ་པོ་མཛའ་ཡས་པར་འདོད་པ་ཉིད་ཆོས་ལས་མ་གཏོགས་པར་གཞན་ཡིན་པར་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་ཕག་མོའི་རྟོགས་པ་བརྗོད་པ་ལས་གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར ་མི་འགྲོ་སྟེ། །མི་ཡི་ལུས་ནི་རྣམ་སྤངས་ནས། །དེ་ཡིས་ལྷ་ཡི་ལུས་འཐོབ་བོ་ཞེས་བྱ་བ་དང། དེ་བཞིན་དུ་གང་ཞིག་ཆོས་དང་དགེ་འདུན་ལ་སྐྱབས་འགྲོ་བ་ལ་སོགས་པ་སྔ་མ་བཞིན་དུ་སྨོས་སོ། །དཀོན་མཆོག་གསུམ་པོ་འདི་དག་ནི་ངེས་པར ་འབྱེད་བའི་ཆ་དང་འཐུན་པ་ལ་སོཌ་པ་ལམ་རྣམ་པ་གསུམ་གྱི་ངོ་བོ་ཡིན་ཏེ། དེ་ནི་གོ་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དཀོན་མཆོག་གསུམ་རྗེས་སུ་དྲན་པ་འདིས་ཀྱང་ལམ་གསུམ་ལས་སྐྱེས་པའི་བར་ཆད་མེད་པའི་ལམ་ཐོབ ་པོ་ཞེས་སྟོན་ཏོ། །སངས་རྒྱས་ལ་སོགས་པའི་སྒྲས་བསྡུས་པའི་རྗེས་སུ་དྲན་པ་གཞན་དག་ཀྱང་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཕྱི་དང་ནང་གི་མུ་སྟེགས་པའི་སྐྱེ་བོ་དང་ཐུན་མོང་མ་ཡིན་པ་ཉིད་ནི་གཟུགས་ལ་སོཌ ་པ་ཞེས་བྱ་བ་ལ་སོགས་པ་སྨོས་བ་ཡིན་ཏེ་།གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གང་ཡིན་པ་དེ་རྣམས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ནི་སྔར་བཤད་པའི་སྦྱིན་པ་ལ་སོགས་པའི་དྲན་པའི་ཁྱད་པར་ཚད་མ་དང། ལུང་གིས་གྲུབ་པ་གང ་བཞི་པ་དེས་ཁོང་དུ་ཆུད་པས་སྦྱིན་པ་ལ་སོགས་པ་དྲན་པའི་ཤེས་པས་རྟོགས་པའི་ཤེས་པའི་ཁྱད་པར་གང་ཡིན་པའི་དེ་ནི་མཐར་གྱིས་པའི་ཁྱད་པར་བཞེད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོག། ་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་དཀའ་བའི་སྣང་བའི་མདོར་བཤད་པ་ཆོས་ཀྱི་གྲགས་པས་མཛད་པ་ལས་སྐབས་དྲུག་པའི་འགྲེལ་པའི་བཤད་པའོ།། །།རབ་ཏུ་བྱེད་པའི་འབྲེལ་པའི་བརྗོད་པ་ནི་མཐར་གྱིས་པའི་ཞེས་བྱ་བ ་ལ་སོགས་པ་སྨོས་པ་ཡིན་ཏེ། མཐར་གྱིས་པའི་མངོན་པར་རྟོགས་པའི་སྦྱིན་པ་ལ་སོགས་པའི་མཚན་ཉིད་དོ། །རྣམ་པར་བསྒོམ་པ་ནི་བསླབས་པ་སྟེ་གང་གིས་དེ་ཤིན་ཏུ་གོམས་པའི་ཕྱིར་ཏེ། ལྷུན་གྱིས་གྲུབ་པ་དྲན་པའི་ཕྱིར་རོ། །དེ་དག་ཉིད་ཅེས ་བྱ་བ་བཤད་མ་ཐག་པའི་སྦྱིན་པ་ལ་སོགས་པའོ། །སྐད་ཅིག་མ་གཅིག་གིས་བསྒོམ་པ་ནི་སྐད་ཅིག་མ་དཔག་ཏུ་མེད་པ་རྣམ་པར་བསྒོམས་བ་རྣམས་ཤིན་ཏུ་མང་དུ་གོམས་པའི་ཕྱིར། །སྐད་ཅིག་མ་གཅིག་ལ་ངེས་པར་དམིགས་པ་ནི་སྐད་ཅིག་མ་གཅིག ་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། སྐད་ཅིག་མ་གཅིག་པར་གྱུར་པའི་སྦྱོར་བའི་ཡེ་ཤེས་ཀྱི་ཁྱད་པར་རོ། །དེ་ཡང་མཚན་ཉིད་ཀྱིས་ཏེ། རང་གི་ངོ་བོས་རྣམ་པ་བཞི་ཡོད་པ་ལས་དང་པོ་སྟེ། ཐོག་མ་ནི་རྣམ་པར་སྨིན་པ་མ་ཡིན་པ་སྟེ། ་ཕྱི་རོལ་གྱི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་མ་བྱས་པ་ཟག་པ་མེད་པ་ཞེས་བྱ་བ་ཉོན་མོངས་པ་མེད་པའི་ཆོས་ཐམས་ཅད་དོ། །ཆོས་མངོན་པ་ལས་ཟག་མེད་ལམ་གྱི་བདེན་པ་དང་ཞེས་སྨོས་པས་འདིར་ལམ་གྱི་བདག་ཉིད་ཅན་གྱི་སྦྱིན་པ་ལ་སོགས ་པ་གང་ཡིན་པ་དེ་རྣམས་ཀྱི་སྐད་ཅིག་མ་གཅིག་པའི་མཚན་ཉིད་ནི་སྐད་གཅིག་མ་གཅིག་གི་བདག་ཉིད་ཅན་ནོ། །སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་སྐད་ཅིག་མ་གཅིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །ལམ་ནི་སྦྱིན་པ ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དངོས་པོ་སོ་སོར་ངེས་པར་འཛིན་བ་ནི་ཤེས་པ་གང་ལ་སྦྱིན་པར་བྱ་བ་ལ་སོགས་པའི་ཡུལ་ལ་དམིགས་པའོ། །དེ་དང་བྲལ་བ ་ནི་དེ་ལས་འདས་པའོ། །དེ་ཉིད་ཀྱི་ན་གོ་བཟློག་པའི་ངོ་བོ་སྟེ། སྦྱིན་པ་ལ་སོགས་པའི་ཡུལ་གཅིག་ཤེས་པ་ལ་གོ་བཟློག་པས་སོ། །གོ་བཟློག་པའི་རྒྱུ་ནི་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཟག་པ་མེད་པའི་སྦྱིན་པ་ལ་སོགས་པ་དང། དཔེ ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཆོས་རྣམས་གང་ཡིན་པ་དེ་བསྡུས་པའི་ཕྱིར་ཞེས་བྱ་བ་སྦྱིན་པ་ལ་སོགས་པ་གཅིག་ལ་ཆོས་ཀྱི་དབྱིངས་ཉིད་ཀྱིས་ཁོངས་སུ་འདུས་པའི་རྒྱུས་ན་ཐུབ་པ་ཞེས་བྱ་བ་མཉམ་པར་བཞག་པའི་བྱང་ཆུབ་སེམས ་དཔའ་ཨི་རྟོགས་པ་ཡིན་པར་ཤེས་པར་བྱ་སྟེ། ཟག་པ་མེད་པའི་ཡུལ་དཔག་ཏུ་མེད་པ་ཤེས་པ་ཅིག་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པའི་བྱང་ཆུབ་པའི་ཞེས་བྱ་བ་སྟེ། སྐད་ཅིག་མ་གཅིག་པར་གྱུར ་པའི་ཡེ་ཤེས་སོ། །ཡུལ་དཔག་ཏུ་མེད་པ་ལ་ཡེ་ཤེས་གཅིག་གི་བྱ་བ་ཇི་ལྟར་ཡིན་ཞེས་བྱ་བ་གཏན་ཚིགས་ཉིད་ཀྱིས་དཔེ་བསྟན་པ་ནི་ཇི་ལྟར་སྐྱེས་དུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་བྱེད་པ་དང་འགྲེལ་པ་ནི་གོ་སླའོ། །སྐད་ཅིག་མ ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གཉིས་པ་ནི་དེ་ལྟར་དང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པར་སྨིན་པའི་ཆོས་ཉིད་ནི་འཚང་རྒྱ་བ་ཉིད་ཀྱིས་འབྲས་བུ་སྟེར་བ་ལ་མངོན་པར་ཕྱོགས་པ་དེ་དང་ལྡན་པའི་ཟག་པ་མེད་པར ་ཆོས་ཐམས་ཅད་དམིགས་པ་རབ་མཆོག་ཏུ་གྱུར་པའི་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྨིན་པར་ཆོས་ཀྱི་གནས་སྐབས་སུ་འཚང ་རྒྱ་བ་ཉིད་ཀྱིས་འབྲས་བུ་འབྱིན་པ་ལ་མངོན་པར་ཕྱོགས་པའི་རྣམ་པའི་ཁྱད་པར་ནི་གང་གི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་དུ་སྐྱེས་པ་ཡིན་ཞེས?། །ཉོན་མོངས་པ་མེད་པའི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་བྱུང་བ་ནི། སྔར་བཤད་པའི་སྦྱིན་པ་ལ་སོགས་པ ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཆོས་སྐད་ཅིག་གཅིག་ཡེ་ཤེས་ཞེས་བྱ་བ་དེའི་ཚེ་སྦྱིན་པ་ལ་སོགས་པ་སྐད་ཅིག་མ་གཅིག་པར་གྱུར་བའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཚིག་ལེའུར་བྱས་པ་འདི་ཉིད་ཀྱི་དོན་ནི ་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཨི་གཉེན་པོ་བསྒོམ་པས་ཞེས་བྱ་བ་སྔར་བཤད་པའི་ཐམས་ཅད་མཁྱེན་པ་གསུམ་ལ་སོགས་པའི་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་མེད་དེ་ཞེས་བྱ་བ ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བས་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སོགས་པའི་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་གང་ཡིན་པ་སྟེ། འཚང་རྒྱ་བ་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར ་པའི་རྒྱུ་ཡིན་པ་དེ་ནི་དྲི་མ་ཐམས་ཅད་དང་བྲལ་བས་ཞེས་བྱ་བའི་གཟུང་བ་ལ་སོགས་པའི་ལྟ་བ་སྤངས་པས་སྟོན་ཀའི་ཟླ་བའི་འོད་བཞིན་དུ་དཀར་པོའི་ཆོས་སྐྱེས་པ་ཞེས་བྱ་བ་དྲི་མ་མེད་པར་གྱུར་པ་དེའི་ཚེ་སྐད་ཅིག་ཁོ་ན་ལ་རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར ་པ་ཐོབ་པ་ནི་འཚང་རྒྱ་བ་ཉིད་ཀྱིས་རྒྱུ་ཉིད་དུ་གྱུར་པ་ན་ཟག་པ་མེད་པ་སྟེ། ཉོན་མོངས་པ་དང་བྲལ་བའི་ཆོས་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་རྫོགས་པ་རྟོགས་ཤིང་ལྷུན་གྱིས་གྲུབ་པའི་དྲན་པའི་ཡེ་ཤེས་ནི་ཞེས་བྱ་བ་རྟོགས་པའི་ཡེ་ཤེས་གང་ཡིན་པ་དེ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེའི་རྒྱུར་གྱུར་པ་ཉིད་ཀྱིས་ན་རབ་ཀྱི་མཐར་ཐུག་པའི་ཡེ་ཤེས་ནི་སྐད་ཅིག་མ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐད་ཅིག་མ་གཅིག་མངོན་པར་རྫོགས་པར་བྱང་ཆུབ་པ་གསུམ་པ་ནི་དེ་ལྟར་གཉིས་པ་ཞེས་བྱ་བ་ལ་སོཌ་པ ་སྨོས་པ་ཡིན་ཏེ། ཕྱིའི་མཚན་ཉིད་མེད་པས་ན་མཚན་ཉིད་མེད་པའོ། །ཆོས་ཐམས་ཅད་ནི་སྔར་བཤད་པ་གང་ཡིན་པ་སྟེ། དེ་རྣམས་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཅེས་བྱ་བ་སྐད་ཅིག་མ་གཅིག་པའི་ངོ་བོ་ཉིད་ཞེས ་བྱ་བ་ལ་སོགས་པའོ། །སྦྱིན་པ་ཅེས་བྱ་བ་ལ་སོགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་གསུམ་པའི་ཚིག་ལེའུར་བྱས་པའི་དོན་ནི་སྔོན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྔོན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པས་ཞེས་བྱ་བ་ཟག་པ་དང ་བཅས་པའམ་ཟག་པ་མེད་པའི་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་ལ་སོགས་པ་དང་མཉམ་མོ་ཞེས་སྔར་བསྒོམས་པས་ཚོགས་གཉིས་ཉམས་སུ་མྱོང་བར་བྱས་ནས་ཞེས་བྱ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་ནས་རྟོགས་པའི ་གནས་སྐབས་ན་ཞེས་བྱ་བ་ཡང་དག་པའི་ཡེ་ཤེས་ཐོབ་ཏུ་རུང་བའི་གནས་སྐབས་སུ་རྨི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་བ་དངོས་པོ་མེད་པའི་ཆོས་ཐམས་ཅད་དེ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་གང་ཡིན་པ་དེ་རྣམས་ལའོ། །དེ་ནི་ཉེ་བར་ལེན ་བའི་ཕུང་པོ་ལ་གནས་ཏེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཟག་པ་དང་བཅས་པ་ཀུན་འབྱུང་གི་ཕུང་པོ་དང། ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་ཕུང་པོ་ལ་དམིགས་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ཞེས་བྱ ་བ་སྦྱིན་པ་ལ་སོགས་པ་ཉམས་སུ་ལེན་པས་སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་སྦྱིན་པ་ལ་སོགས་པ་གང་ཡིན་པ་དེ་ལ་བདག་མེད་པར་ངེས་པར་རྟོག་པ་ནི་ངེས་པར་བརྟགས་པ་སྟེ། དེའི་རྣམ་པ་ཅན་གྱིས་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པའོ་ཞེས ་བྱ་བ་གཟུགས་ལ་སོགས་པ་ཕྱིའི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱིས་ན་ངོ་བོ་ཉིད་མེད་པའོ་ཞེས་དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོ་སྔར་བཤད་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་བདག་ཉིད་ཅན་གྱིས་ཆོས་རྣམས་ཏེ་གཟུང ་བ་ལ་སོགས་པ་དང་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སོགས་པ་ནི་མཚན་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན?་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་ཉིད་དུ་གྱུར་པས་ན་དེའི་མཚན་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་བཞི ་ནི་དེ་ལྟར་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྨི་ལམ་ན་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འབྲེལ་པ་ནི་གོ་སླའོ། །མངོན་པར་རྟོགས་པ་རྣམ་པ་བཞི་ནི་གདུལ་བྱའི་སྐྱེ་བོའི་དྲུང་ན་གནས་པ་ལས་བལྟོས་ནས་ལྡོག་པའི་དབྱེ་བས་གསུང ་པ་ཡིན་ནོ། །དེ་བས་ན་ཁ་ཅིག་ན་རེ་རྣལ་འབྱོར་པས་གང་ཡང་རུང་པ་གཅིག་རྟོགས་པར་བྱའོ་ཞེས་འདོད། །གཞན་དག་ནི་བཞི་ཅར་ཡང་རྟོག་པར་བྱའོ་ཞེས་འདོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི ་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་གཞུང་རྟོགས་དཀའ་བའི་སྣང་བའི་མདོར་བཤད་པའི་ཆོས་ཀྱི་གྲགས་པས་མཛད་པ་ལས་སྐབས་བདུན་པའི་འགྲེལ་པའི་བཤད་པའོ།། །།དེ་ལྟར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་རྟོཌ ་པ་བརྗོད་ནས། ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ནི་སྐད་ཅིག་མ་གཅིག་པའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཆོས་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པའོ། །དེའི་བདག་ཉིད་ཅན་གྱི་སྐུ་གང་ཡིན་པ་ནི་ཡེ་ཤེས་ཀྱི་ཕྲ་རབ་བསགས ་པའོ། །དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཡེ་ཤེས་སོ། །དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས་ཞེས་བྱ་བ་ཡང་དག་པར་ན་གཅིག་ཡིན་དུ་ཟིན་ཀྱང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་བྱེ་བྲག་གིས་རྒྱུ་ཡོད་པས་རྣམ་པ ་བཞི་ཡིན་ནོ། །ཐུབ་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པའི་དོན་ནི་ཐུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནི་དྲན་པ་ཉེ་བར་གཞག་པ་དང། ཡང་དག་པར་སྤོང་པ་ལ་སོགས་པའོ། །ཡེ ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པ་ནི་ཕྱིའི་འཇིག་རྟེན་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཟག་པ ་མེད་པ་ནི་ཉོན་མོངས་པ་མེད་པའོ། །ཇི་ལྟ་བུ་ཞེ་ན་དྲི་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་མ་རྣམས་གློ་བུར་བ་ཉིད་ཀྱིས་ཞེས་བྱ་བ་ཉོན་མོངས་པ་རྣམས་བཅོས་མ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་ནི་ཕྱི་དང་ནང ་དྲི་མ་མེད་པའོ། །རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་ནི་ངོ་བོ་ཉིད་ཀྱིས་གཟུང་བ་ལ་སོགས་པ་མེད་པའི་བདག་ཉིད་ཅན་ཐོབ་པ་སྟེ། སྒྱུ་མ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པའི་དྲན་པ་ཉེ་བར་གཞག་པ་ལ ་སོགས་པ་གང་དག་ཡིན་པ་དེ་དག་གི་རང་བཞིན་ངོ་བོ་ཉིད་གང་ཞིག་ཡིན་ཞེ་ན། སྐྱེ་བ་མེད་པའི་ངོ་བོ་ཉིད་སྟེ། སྒྱུ་མ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་འདི་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཡིན་ནོ་ཞེས་བྱ་བ་གོང་མ་དང ་སྦྱར་རོ། །ངོ་བོ་ཉིད་དུ་གྱུར་པའི་རྒྱུ་ནི་བཅོས་མ་མ་ཡིན་ཞེས་བྱ་པ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཞེས་བྱ་བ་རྫོགས་པའི་སངས་རྒྱས་ལ་སོགས་པའི་སྤྱོད་ཡུལ་མངོན་པར་རྟོགས་པ་བརྒྱད་ཀྱི་ཐབས་གྱིས? ་ཐོབ་བ་སྟེ། འདིར་ཐོས་པ་མེད་བས་ཀུན་རྫོབ་ཀྱི་ཡུལ་དུ་བྱས་པ་ཡིན་ཞེས་བྱ་པའི་ཐ་ཚིག་གོ། བྱས་པ་ནི་མ་ཡིན་པས་ཞེས་བྱ་བ་ནི་ནང་གི་མུ་སྟེགས་པ་རྣམས་ཀྱིས་མྱ་ངན་ལས་འདས་པ་དང་འདྲ་བར་ལམ་གྱི་བསྐྱེད་ནས་ཐོབ་པར་བྱ་བ་ཐོབ་པ ་མ་ཡིན་པའོ། །རྒྱུ་དེས་ན་བཅོས་མ་མ་ཡིན་པའི་དོན་གྱིས་ན་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་ལྟ་ཡིན་ན་ཁྱེད་ཅག་གི་ཕྱོགས་ལ་ཡང་སྐུ་དང་ལམ་དག་ཡུལ་དང་ཡུལ་ཅན་ཉིད་དུ་ཡོད་པ་དེ་གཉི་ག་ལ་ཡང་གྱུ?་དང་ ་འབྲས་བུའི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དེ་བས་ན་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་ངོ་བོ་ཉིད་སྐུ་ཇི་ལྟར་འགྲུབ་ཅེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་དམིགས་པར་བྱ་བ་ལ་སོགས་པ་རང་བཞིན ་གྱིས་སྟོང་པའི་སེམས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་དྲན་བ་ཉེ་བར་གཞག་པ་ལ་སོགས་པ་རྟོགས་ཤིང་མཐོང་བ་གང་ཡིན་པ་དེས་ཐོབ་བ་ནི་ཤེས་པ་ཡིན་ན། ཕྱི་རོལ་པ་རྣམས་ཀྱི་ནི་གཉི་ག་ཡོད་པས་ཡུལ་ཅན་ཉིད་དང་རྒྱུ་དང་འབྲས་བུའི་དངོས ་པོའི་མཚན་ཉིད་དུ་འཐད་པ་ཡིན་གྱི། འདིར་ནི་སྒྱུ་མའི་སྐྱེས་བུ་ལྟར་སྤྱད་པར་བྱའོ་ཞེས་སྨོས་པས་ཡང་དག་པར་ན་ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ལམ་གྱི་ཡུལ་ཉིད་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་ཏུ་དེའི་ཡུལ་ཡིན་ན་ཡང་ངོ་བོ་ཉིད་ཀྱི་སྐུ་འབྲས་བུ ་ཉིད་མ་ཡིན་པས་བཅོས་མ་ཡིན་པར་ཇི་ལྟར་འགྱུར་ཞེས་བྱ་བར་དགོངས་སོ། །ཅི་སྐུ་གསུམ་པོ་ངོ་བོ་ཉིད་ཀྱི་སྐུ་ལས་གཞན་ཡིན་ནམ་མ་ཡིན་ཞེ་ན། སྐུ་ལྷག་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་ལྟག?་མ་ནི་ངོ་བོ་ཉིད་ཀྱི་སྐུ་ལས་གཞན་པའོ། །སྐུ ་གསུམ་པོ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བ་ཞེས་བྱའོ། །ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ནི་ཏིང་ངེ་འཛིན་གྱི་ཤེས་པའི་ཡུལ་ལོ། །དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ནི་ཡང་དག་པར་ན་ཡུལ་དང་ཡུལ་ཅན་ཉིད་མེད་པས་གཟུང་བ་ལ་སོཌ ་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་བདག་ཉིད་ཅན་ནོ། །ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་ཉམས་སུ་ལེན་པའི་མངོན་པར་ཞེན་པ་ལས་མ་འདས་པར་འབྱུང་བ་དེ་ནི་ངོ་བོ་ཉིད་ཀྱི་སྐུའི་ཡུལ་དུ་རྣམ་པར་གཞག་པའམ། དེའི་འབྲས་བུའི་ཐ ་སྙད་ཡིན་གྱི་ཡང་དག་པར་ནི་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཡེ་ཤེས་གཅིག་གི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་ལ་འབྲས་བུ་འམ། དེའི་ངོ་བོ་ཉིད་རྣམ་པ་གསུམ་ཡིན་པ་འདི་ག་ལས་ཞེས་བརྟག་པ་ལ། ཇི་ལྟར་མོས་པས་རབ་ཏུ ་ཕྱེ?་བ་ནི་ཞེས་བྱ་བའོ། །འདི་ཉིད་ཀྱི་དོན་ལ་རབ་ཏུ་གསལ་བར་བྱ་བ་ནི། སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་བའི་སྤྱོད་ཡུལ་ཉིད་ཡིན་ནོ་ཞེས་བསྟན་བའི ་ཕྱིར་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པ་རྣམ་པ་གསུམ་བསྟན་པའི་དོན་དུ་དེ་དང་ཐ་མི་དད་ཀྱང་ཞེས་བྱ་བ་ངོ་བོ་ཉིད་ཀྱི་སྐུ་དང་བྱེ་བྲག་མེད་ན་ཡང་ཐ་དད་པར་རྣམ་པར་བཞག་གོ་ཞེས་སྐུ་གསུམ་དུ་དབྱེ་བས་བརྗོད་པ་ནི་སྐུ་གསུམ་གྱི་བྱེ་བྲག་ཡིན་ནོ། ་ཅིང་ལས་ཐ་དད་བ་འམ་ཐ་མི་དད་པ་ཡིན། ཐ་མི་དད་ན་བྱེ་བྲག་ཡོད་པ་མ་ཡིན་ནོ་ཞེ་ན། བྱ?་བྲག་མེད་པ་ནི་ལུགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལུགས་ལས་ཞེས་བྱ་བ་ནི་རིགས་པར་སྨྲ་བ་རྣམས་ཀྱིས་ཤེས་བ་ཡིན་པས་ན་རིགས ་པའི་བསྟན་བཅོས་ལས་སོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་གིས་ནའོ། །དབེན་པ་ཅན་ལས་ནི་དབེན་པ་ཐ་དད་པ་ཉིད་དུ་མི་འདོད་ཅེས་བྱ་བ་ཐ་དད་པར་མི་འདོད་པ་ནི་དབྱེར་མེད་པ་ཉིད་དེ། །གང་ཞིག་ཅེ་ན་དབེན་པ་སྟེ་ལྡོག་པའོ། །ལྡོག་པ་ནི་དངོས ་པོ་མེད་པ་ཉིད་ལ་ཀུན་རྫོབ་ཏུ་ནི་དངོས་པོ་དང་བྱེ་བྲག་ཡོད་པས་བྱེ་བྲག་ཅན་ཞེས་བྱ་བ་དེ་ཉིད་ནི་སངས་རྒྱས་པ་རྣམས་འདོད་ཀྱི་གཞན་དག་ནི་མ་ཡིན་པས་འདིར་ཡང་དེ་ཉིད་ཀྱིས་སྐུ་གསུམ་པོ་བུམ་པ་དང་མ་བུ་དག་བཞིན་དུ་ཐ་དད་པ་ཡིན་ནོ་ཞེས་བྱ ་བར་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཕྱོགས་མཐུན་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་སྐུའི་ཆིག་ལེའུར་བྱས་པ་དང་འགྲེལ་བ་ནི་གོ་སླའོ། །ནང་གཟུགས་ཞེས་བྱ་བ་ལ་སོགས་པ་ཆུང་དུ་དང་ཆེན་པོའི་རྣམ་པ་དག་ནི་ཆུང་དུ ་དང་རྒྱ་ཆེན་པོ་དག་གིས་ལྟ་བ་རྣམ་པ་གཉིས་དང། ཟིལ་གྱིས་མནན་པའི་ཤེས་པ་རྣམ་པ་གཉིས་ཏེ་བཞི་དང། དེ་བཞིན་བཞི་པ་གཉིས་པ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང ་མ་ཡིན་པའི་སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ནི་མཚན་མ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཡང་དག་པར་ཞེས་བྱ་བ་ཕྱིར་ལྡོག་པར་རོ། །མཚན་མ་ཐམས་ཅད་དང་ཞེས་བྱ་བ་རྒྱུ་དང་བྲལ་ཞིང་སྤངས་པ་དང། ཆགས་པ་བཅོམ་པ་སྟེ། མངོན་པར་ཆགས་པ་དང། ་ཉོན་མོངས་པའི་བག་ཆགས་དང་བཅས་པ་ལ་སོགས་པ་དང་བྲལ་བ་གང་ཡིན་པ་དེ་དང། ཐེ་ཚོམ་སེལ་བར་མཛད་པ་སྟེ། འདྲི་བའི་ལན་ལྡོན་པར་བྱེད་བའི་འོག་ནས་བཤད་པའི་སྨོན་ལམ་གང་ཡིན་པ་དེ་གྲུབ་ཅིང་རྫོགས་པས་འཁོར་བ་ཇི་སྲིད་པར་ཞེས ་བྱ་བ་སེམས་ཅན་གྱི་སྲིད་པ་ཅི་སྙེད་པ་དང། རྣམ་པར་གྲོལ་བ་ཅི་སྲིད་པའི་གནས་སྐབས་སུ་ཞེས་བྱ་བ་འཚང་རྒྱ་བ་ཉིད་ཀྱི་བར་དུ་འཇུག་ཅིང་རྒྱུན་མི་འཆད་པར་འཇུག་པས་ན་སྨོན་གནས་མཁྱེན་པ་སྟེ། དེ་བཞིན་གཤེགས་པ་གཞན་གྱི་དོན་ལ་ངེས་པའི་ཡེ ་ཤེས་སོ། །དེ་བཞིན་གཤེགས་པའི་སྟེ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་གང་དུ་བྱུང་བ་དེ་ནི་འདིའི་བསྲུང་བ་མེད་པ་རྣམ་པ་གསུམ་ཡིན་ནོ་ཞེས་འོག་མ་དང་སྦྱར་རོ། །སྐུ་ལ་སོགས་པ་གསུམ ་རྣམ་པར་དག་པས་ལོག་པར་ཀུན་ཏུ་སྤྱོད་པ་ཉིད་ག་ལ་ཡོད་དེ། གང་ལུས་ལ་སོགས་པ་མ་དག་པར་གྱུར་ན་རྒོལ་བ་པོ་གཞན་གྱིས་ཡོངས་སུ་ཤེས་པ་སྟེ། གཞན་གྱིས་ཡོངས་སུ་ཤེས་ཤིང་ཀུན་ནས་མཁས་པ་དེ་ལས་བསྙེངས་ཤིང་འཇིགས་པ་ནི་ཡོངས་སུ ་ཤེས་པའི་སྐྲག་པས་བཅབ་པར་བྱའོ་སྙམ་པའི་ཞེས་བྱ་བ་སོ་སོའི་སྐྱེ་བོ་དང་འདྲ་བར་བདག་ཉིད་ཀྱི་མི་ཤེས་པ་སླེད?་ཅིང་འཆབ་བ་ཞེས་བྱ་བ་ངེས་པར་འབྱེད་པའི་ཡིན་པ་ལས་མི་མངའ་ཨོ་ཞེས་བྱ་བ་མཉེས་པ་འདི་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། ཐམས ་ཅད་མཁྱེན་པ་ཉིད་ཡིན་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཆོས་ཀྱི་སྐུའི་གནས་སྐབས་སུ་སློབ་དཔོན་གྱིས་བར?་རྟོགས་པ་མང་དུ་ཡོད་ཅེས་བསྟན་པ་ནི་ཁ་ཅིག་ན་རེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བྱང་ཆུབ་ཀྱི ་ཕྱོགས་ལ་སོགས་པ་ཐམས་ཅད་ཀྱང་གནས་ཡོངས་སུ་གྱུར་པས་ཞེས་བྱ་བ་ཟག་པ་དང་བཅས་པའི་ཕུང་པོའི་རྟེན་དུ་གྱུར་བས་གྱུར་པ་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་གྲུབ་པའོ། །དེའི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི ་སྐུར་བདག་ཉིད་བརྗོད་དོ་ཞེས་ཁ་ཅིག་ཟེར་ཞིང་ཁས་ལེན་པ་ནི་གཅིག་ཡིན་ནོ། །གཞན་དག་ནི་གཞན་དུ་འདོད་དེ། །དེ་ནི་ཐུབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱོགས་ལྟར་ན་ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང། ་བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དོན་ཅིག་སྟེ། ངོ་བོ་ཉིད་ཀྱི་སྐུ་ཁོ་ན་ཆོས་ཀྱི་སྐུ་ཉིད་དུ་འཆད་དོ་སྙམ་མོ། །འདིར་ཁ་ཅིག་ཉེས་པ་ཡོད་པར་སྨྲ་སྟེ་དེ་ནི་གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ ་དག་གི་ལྟར་ན་ངོ་བོ་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་དབྱེ་བས་མ་ཕྱེ་བ་ཉིད་ཡིན་ནོ། རྣལ་འབྱོར་པའི་ཀུན་རྫོབ་ཏུ་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱི་དབང་གིས་དོན་ཁྱད་པར་ཅན་སྣང་བ་སྐྱེད་པ་ཞེས་བྱ་བ་གདུལ་བྱ་རྣམས་ཀྱི་བསམས་པ་ཇི་ལྟ་བ ་བཞིན་དུ་ངེས་པར་ལེགས་པ་དང། མངོན་པར་མཐོ་བའི་ཤེས་པ་འཐོབ་པ་དེའི་སྒོ་ནས་ཏེ། དེའི་དབང་གིས་གནས་ཡོངས་སུ་གྱུར་པ་ཞེས་བྱ་བ་ཟག་པ་དང་བཅས་པའི་ཕུང་པོའི་གནས་ལྡོག་ཅིང་ཡོངས་སུ་གྱུར་པ་ཟག་པ་མེད་པ་ཉིད་ཀྱིས་གཞན ་གྱི་དོན་ནུས་པ་ཉིད་དུ་ཡང་འཁྲུངས་ཏེ། ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པ་གཉིས་སུ་མེད་པའི་སེམས་རང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླང་དགོས་པ་རྣམས་གཞན་གྱི་དོན་འདོད་པ་རྣམས་ཀྱིས་ངེས་པར་འདོད་པར་བྱའོ ་གཞན་དུན་རྟེན་མེད་པ་ཉིད་ཀྱིས་ན་གཞན་གྱི་དོན་མེད་པར་ཐལ་བར་འགྱུར་རོ། །དེས་ན་ཇི་ལྟར་བསྡུ་བར་བྱ་སྟེ། མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་གཞན་དག་གི་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད ་དང། སངས་རྒྱས་ཀྱི་སྤྱོད་ཡུལ་ཉིད་ཡིན་པར་མཚུངས་ན་ཡང་འགྲོ་བའི་དོན་མཛད་པའི་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་དང། ངོ་བོ་ཉིད་ཀྱི་སྐུ་ནི་དེ་ལས་ཐ་དད་པ་ཡིན་པས་དེ་གཉིས་བྱེ་བྲག་མེད་ན་འགྲོ་བའི་དོན་མཛད་པའི་སེམས ་དང་སེམས་ལས་བྱུང་བ་ཐ་མི་དད་དོ་ཞེས་བྱ་བ་ནི་ཉེས་པ་བརྗོད་པར་བྱེད་པའི་བསམ་པ་ཡིན་ནོ། །ཡང་གཞན་དག་ནི་གཞན་དུ་འདོད་དེ། །དེ་ནི་ཁ་ཅིག་ན་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྐུ་བྱའི?་བཤད་པ་ལས་སྔར་མདོར་བསྡུས་པ་བསྟན་པ་ལས ་ངོ་བོ་ཉིད་ལོངས་སྤྱོད་རྫོགས་བཅས་དང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལས་ངོ་བོ་ཉིད་ཀྱིས་སྒྲའི་རྗེས་ཐོགས་ལ་ཆོས་ཀྱི་སྐུའི་སྒྲ་མི་འབྱུང་ཞིང་མི་སྨོས་པས་སྐུ་གསུམ་པོ་ཁོ་ནའོ་ཞེས་བྱ་བའི་ངོ་བོ་ཉིད་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ? ་པའི་སྐུ་སྟེ་གསུམ་ཡིན་གྱི་ཆོས་ཀྱི་སྐུ་ནི་མ་ཡིན་ནོ་ཞེས་ཟེར་ཏེ། སངས་རྒྱས་ཀྱི་ཡུལ་ཡིན་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་ནི་གཅིག་ཏུ་སྨོས་པར་རིགས་ཀྱི་ངོ་བོ་ཉིད་ལ་སོགས་པའི་སྐུ་ལས་ཆོས་ཀྱི་སྐུ་ལོགས་ཤིག་ཏུ་ཡོད་པ་མ་ཡིན་ནོ་? ་བྱ་བར་དགོངས་སོ། །གཞན་དག་ནི་སྐུ་གསུམ་པོ་ཡང་ཇི་ལྟར་ཡོད། མཛད་པའི་དབང་གིས་ཡིན་ནོ་ཞེ་ན་ཡང་བཞི་པ་ཡང་བྱང་ཆུབ་ཕྱོགས་མཐུན་ཞེས་བྱ་བ་ལ་སོགས་པ་དེ་ལྟར་རྣམ་པར་བཞག་པ་ལ་བགེགས་བྱེད་པ་སུ་ཞིག་ཡོད་རིགས་སུ་ཟིན་ན་ཡང ་བསྡུས་པའི་དོན་ལས་གྲངས་བཞི་སྨོས་པ་དོན་མེད་པར་ཐལ་བར་འགྱུར་བ་དང། སྐུ་བཞི་པ་དགག་པའི་ལུང་ཡང་མེད་དེ། བསྒྲུབ་པ་ཉིད་སྣང་བའི་ཕྱིར་རོ། །གང་ཡང་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་འཇུག་ཐོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་མི་འབྱུང་བས་ཞེས་གང? ་?་བ་དེ་ཡང་རིགས་པ་མ་ཡིན་ཏེ། གང་ཞིག་གང་དང་འབྲེལ་པ་ནི། །རིང་ན་འདུག་ཀྱང་དེ་དང་དེར་ཞེས་བྱ་བའི་ཚུལ་གྱིས་རིང་པོ་ན་འདུག་པ་ཉིད་ཡིན་ན་ཡང་ངོ་བོ་ཉིད་དང་ཆོས་ཀྱི་སྐུ་ཞེས་འབྲེལ་པར་བྱ་བར་ནུས་པའི་ཕྱིར་རོ། །གཞན་དག་ནི་རྒྱུ་གསུམ་གྱིས་སྐུ་རྣམ ་པ་བཞི་ཡིན་པར་འདོད་དེ། དེ་ནི་གཞན་དག་ན་?་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགོས?་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཞེས་བྱ་བ་ནི་སྔར་བཤད་པའི་སྐུ་བཞི་པོ་དགོས་པ་གཞན་དུ་མི་འཐད་པས་སོ། །ཚིག་ལེའུར་བྱས ་པ་སྦྱར་བའི་དོར་ཞེས་བྱ་བ་ངོ་བོ་ཉིད་ལོངས་སྤྱོད་རྫོགས་བཅས་དང་ཞེས་བྱ་བ་ལ་སོགས་པའི་གོ་རིམ་གྱིས་ཆིག་ལེའུར་བྱས་པའི་དོར་ཡེ་ཤེས་ཉིད་ཀྱི་མཛད་པ་ཡིན་པའི་འབྲེལ་པའི་དོན་གྱིས་ངོ་བོ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུའི་མཛད་པས་སྐུ་གསུམ་དང་འབྲེལ་བར་བྱ་བའི ་དོན་དུ་དང་ཞེས་དང་གི་དོན་ལྟ་བར་བྱའོ། །དེ་སྐད་དུ་གསུངས་པ་ཡིན་ཏེ་ཞེས་བྱ་བ་ནི་གང་གིས་འབྲེལ་པ་དང། གང་དང་འབྲེལ་པ་དེ་ཐམས་ཅད་གཅིག་ཏུ་བྱས་ནས་སྐུ་བཞིར་བཤད་དོ། །དེའི་ཕྱིར་ཏེ་རྒྱུ་དེས་ན་སྔོན་དང་ཕྱི་མ་འགལ་བའི་ཉེས་པ་ཡོད་པ་མ་ཡིན་ཞིང ་ཕྱོགས་གཞན་ནས་སྨོས་པའི་ལུང་དང་ལུང་མ་ཡིན་པ་དག་ལས་སྐུ་བཞིར་གསུངས་པ་ཐམས་ཅད་མི་འགལ་བ་ཡིན་ནོ། །ཞེས་གཞན་དག་ཁས་ལེན་པ་ཡིན་ཏེ། བཤད་མ་ཐག་པའི་བཤད་པའི་རིགས་པ་འདི་ཉིད་ཀྱི་ཕྱོགས་ལེགས་པ་ཡིན་ནོ་ཞེས་བྱ་བ་ནི་སྨ? ་བ་པོའི་བསམ་པ་ཡིན་ནོ། །ཉན་ཐོས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་ཉོན་མོངས་མེད་པའི་ལྟ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དང། སངས་རྒྱས་སྨོན་གནས་མཁྱེན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོན་གནས་མཁྱེན་པའི་ཚིག ་ལེའུར་བྱས་པ་དང་འབྲེལ་པ་ནི་གོ་སླའོ། །དེ་བཞིན་དུ་ཡང་ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་མཛད་པ་མི་མངའ་ན་ཡང་ཡིད་བཞིན་གྱིས་ནོར་བུ་དང་འདྲ་བར་བཅོམ་ལྡན་འདས་ཀྱི་ཐད་ནས་དོན་གྱི་བྱ་བ་ཐམས་ཅད་སྣང་དུ་རུང་བ་ཉིད ་ཡིན་པས་ན་ཅིའི་ཕྱིར། གང་གི་ཚེ་གང་དུ་འཇུག་པར་འགྱུར་ཞེས་རྟོག་པ་ལ་རྟག་ཏུ་ཐམས་ཅད་དུ་ཁྱབ་པ་དང་རྣམ་པར་མི་རྟོག་པའི་ཐུགས་རྗེ་གང་ཡིན་པ་དེ་ནི་ཐུགས་རྗེ་ཆེན་པོའོ། །དེའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་སྟེ། ་དེ་བཞུགས་པ་ནི་དེ་ལ་བཅོམ་ལྡན་འདས་བཞུགས་པར་གྱུར་པ་ན་ཇི་ལྟར་རྣམ་པར་གང་གིས་རྟག་ཏུ་ཇི་ལྟར་དོན་མི་མཛད་དེ་བཞིན་དུ། རྒྱུ་ནི་མ་ཚང་བ་མེད་པ་ན། དེ་ལ་འབྲས་བུ་གང་གིས་དགག་ཅེས་བྱ་བ་ནི་ཚུལ་གྱིས་དོན་གྱི་བྱ་བ་མཛད་པའི་བཅོམ་ལྡན་འདས་དང་དོན་དུ ་གཉིས་བདག་ཡོད་པས་རྟག་ཏུ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པར་རུང་བ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ལ་ལན་གདབ་པའི་ཕྱིར། བཅོམ་ལྡན་འདས་ཐམས་ཅད་དུ་ཁྱབ་པ་ཡིན་ན་ཡང་ཕྱོགས་གཅིག་པའི་སྐྱེ་བོ་ལྟར་དོན་གྱི་བྱ་བ ་མཛད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྒྱུ་ཡོངས་སུ་སྨིན་པ་ནི་སངས་རྒྱས་ལ་དམིགས་པ་ལ་སོགས་པ་འཚང་རྒྱ་བ་ཉིད་ཀྱི་རྒྱུ་གུས་པ་དང་བཅས་པ་ལ་སོགས་པའི་རིམ་གྱིས ་གོམས་པ་མཐར་ཐུག་པར་གྱུར་པས་སྦྱིན་པ་ལ་མངོན་པར་ཕྱོགས་པ་མཉེས་པ་མཉེས་པར་གྱུར་ནས་གདུལ་བྱ་གང་དག་གང་ལ་གང་དང་གང་ཚེ་ཕན?་པར་གྱུར་པ་སྟེ། མ་འོངས་པ་ན་ཕན་པའི་ཆོས་སྟོན་པ་དེ་དང་དེ་ལ་སྟེ། གདུལ་བྱ་དེ་དང་དེ་ལ་བཅོམ་ལྡན་འདས་ཏེ ་སྣང་ངོ་ཞེས་བྱ་བ་སྣང་བ་དང་རྗེས་སུ་མཐུན་པའི་ཚུལ་གྱིས་དེ་བཞིན་དུ་ཀུན་ནས་དོན་མཛད་པར་འགྱུར་བ་ཡིན་ནོ། །དོན་འདི་ཉིད་ནི་དགེ་བའི་བཤེས་གཉེན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་བའི་བཤེས་གཉེན་ཞེས་བྱ་བ་བླ་མ་དང་མཁན་པོ་ལ་སོགས ་པ་དང་ཕྲད་པས་དེས་བསྟན་པ་ལས་སངས་རྒྱས་ལ་སོགས་པ་ལ་དམིགས་པ་ན་རྡོ་རྗེ་དཀྱིལ་མོ་ཀྲུངས་ལ་སོགས་པས་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡུལ་དུ་བྱས་པས་རྒྱུ་སྟེ། ལམ་ལ་སོགས་པ་བསླབས་པས་ཡོངས་སུ་བལྟས་པར ་གྱུར་ནས་འཚང་རྒྱ་བའི་འབྲས་བུ་སྦྱིན་པ་ལ་མངོན་པར་ཕྱོགས་པའི་རྒྱུ་བརྙེས་པའོ། །ལམ་ལ་སོགས་པ་བརྙེས་པ་ཉིད་ཀྱང་ག་ལས་ཡིན་ཞེ་ན། སྔོན་བསྐྱེད་པའི་དགེ་བའི་རྩ་བའི་ས་བོན་ཡོད་པ་ལས་ཞེས་བྱ་བ་སྨོས་ཏེ། སྔོན་བསྐྱེད་པ་ནི་བྱས་པ་སྟེ་ཅི་ཞིག་ལྟར ་སངས་རྒྱས་ལ་སོགས་པ་ལ་མེ་ཏོག་གཅིག་འབུལ་པ་ལ་སོགས་པས་དགེ་བ་སྟེ། ཉོན་མོངས་པ་ངན་པ་ཚར་གཅོད་པའི་རྒྱུའི་བསོད་ནམས་གང་ཡིན་པ་དེ་ཉིད་ནི་རྩ་བའི་ས་བོན་ཏེ། དང་པོར་སངས་རྒྱས་ལ་སོགས་པ་ལ་མངོན་པར་འདོད་པ་ཉིད ་ཀྱི་རྒྱུ?་ཡིན་ལ། དེ་མང་བ་ཞིག་ཡོད་པས?་སེམས་ཅན་གང་ལ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་བའི་གདུལ་བྱ་རྣམས་ལ་གང་གིས་དུས་སུ་ཞེས་བྱ་བ་སྐལ་བ་དང་རྗེས་སུ་མཐུན་པའི་དུས་ན་ཆོས་བསྟན་པ་ལ་སོགས་པ་མཛད་པ་ན་ཞེས་བྱ་བ་ཐམས་ཅད ་མཁྱེན་པ་ཉིད་ལ་སོགས་པ་གསུངས་པས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་བཞག་པ་སྐྱེད་པ་ན་ཡུན་དུ་འཕྲོད་པར་འགྱུར་བ་སྟེ། སྐྱེ?་བ་ཐམས་ཅད་དུ་ཕན་པར་འགྱུར་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་གདུལ་བྱ་ལ་སོགས་པ ་དེའི་དོན་བྱ་བའི་ཕྱིར་ཞེས་བྱ་བ་བཤད་མ་ཐག་པའི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་བསྒྲུབ་པར་བྱ་བའི་ཕྱིར་སྔོན་གྱི་སྨོན་ལམ་གྲུབ་ཅིང་རྫོགས་པས་བཅོམ་ལྡན་འདས་དེ་དང་དེར་སྣང་བ་དང་མཚམས་པར་དོན་གྱི་བྱ་བ་མཛད་པ་ཡིན་ནོ་ཞེས་ཚིག ་ལེའུར་བྱས་པ་བཤད་ཅིང་འཕགས་པ་བྱམས་པའི་དགོངས་པ་བརྗོད་པས་བཤད་མ་ཐག་པའི་དོན་ཉིད་གསལ་བར་བྱ་བ་ནི་དུས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དུས་ཐམས་ཅད་དུ་ནི་རྣམ་པ་ཐམས་ཅད་དུའོ། །ཡིད་བཞིན་གྱི ་ནོར་བུ་ལྟར་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་འགའ་ཞིག་རང་ཉིད་མྱ་ངན་ལས་འདས་སུ་ཟིན་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བའི་ཕྱིར་ཡིད་བཞིན་གྱི་ནོར་བུ་སྤྲུལ་པ། དེས་བཀའ་སྩལ་པའི་དོན་རྫོགས་པར་བྱ་བའི་ཕྱིར་ཇི་ལྟར་ཐམས་ཅད་དུ་ཁྱབ་པ་ཡིན ་ན་ཡང་སེམས་ཅན་རྣམས་ཀྱི་ལོག་པར་སྤྱད་པའི་ཉེས་པས་དེ་ལྟར་དོན་མི་བྱེད་དོ། །དེ་བཞིན་དུ་ཉེ་བར་གནས་ཀྱང་ཞེས་བྱ་བ་བཅོམ་ལྡན་འདས་ཐུགས་རྗེས་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བའི་ཕྱིར་མདུན་ན་བཞུགས་ཀྱང་འབྲས ་བུ་སྟེར་བར་མཛད་པར་མི་མངོན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་ལས་ཀྱི་ཉེས་པས་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་ཉེས་བར་སྤྱད་པའི་ལས་ཀྱི་ཉེས་པས་བསྐྱེད་པ་གང་ཡིན་པ་ལ་རྒྱུ་མ་ཚད་བས་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་ཐོབ་ནས་མངོན་པར་འདོད་པའི་དོན་ལེན་དུ་རུང ་བའི་སེམས་དང་བྲལ་ཞིང་མེད་ལ་དེ་བས་ན་བཅོམ་ལྡན་འདས་ཐམས་ཅད་དུ་དོན་གྱི་བྱ་བ་མཛད་པ་ཡིན་ན་ཡང་སེམས་ཅན་རྣམས་ཀྱི་བསྐལ་པའི་ཉེས་པས་དོན་གྱི་མཛད་བས་ཡིད་བཞིན་གྱི་ནོར་བུ་ལྟར་མེད་པ་མ་ཡིན་ཞིང་དོན་གྱི་བྱ་བ་མི་མཛད་པ་ཡང་མ་ཡིན ་པ་མི་སྣང་པ་ཡང་ཚད་མ་མ་ཡིན་ཏེ། སྐལ་པ་དང་འཚམ་པ་ཉིད་ཀྱི་རིམ་གྱིས་དེ་ཡོད་པ་མ་ཡིན་ནོ་ཞེས་འཕཌ་པ་བྱམས་པའི་དགོངས་བ་ཉེ་བར་བསྟན་པ་ཡིན་ནོ་ཞེས་བྱ་བར་དགོངས་ཏེ། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར?་ཞེས? ་གསུངས་པ་ཡིན་ནོ། །འདི་དག་ཁོ་ན་བརྒྱ་བྱིན་གྱིས་དེ་བས་གསལ་བར་བྱ་བ་ནི་ཇི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལྷའི་རྒྱལ་པོས་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །བཅོམ་ལྡན་འདས་འོག་མིན་ལ་སོགས་པར་རྟོགས ་པའི་རྒྱུད་ལ་གནས་པ་ནི་གཅིག་ཏུ་རྣམ་པར་གནས་ཤིང་རྟག་པ་ནི་རིམ་པ་དང་གཅིག་ཅར་དག་གིས་དོན་གྱི་བྱ་བ་མཛད་པར་མི་འཐད་པས་མི་རྟག་བ་ཉིད་ཡིན་ན་ཡང་ཁྱབ་བ་དང་རྟག་པར་བརྗོད་པ་དང་མི་འགལ་ལོ་ཞེས་བསྟན་པ་ནི་ཡེ་ཤེས་ཀྱི་ཞེས་བྱ་བ་ལ་སོགས ་པ་སྨོས་པ་ཡིན་ཏེ། དེ་ལྟར་མཛད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་དེ་ལྟར་སྐུ་གཉིས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། མཚན་ནི་ཞེས་བྱ་བ་ལ་སོགས་པ་མཚན་རྣམས་བྱི?་བ ་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །ལས་ཞིག་བྱས་པས་མཚན་འགྲུབ་པའི་ལས་དེའི་རྒྱུ་མཚན་ཉིད་ནི་རྒྱུ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདི་ལ་མཚན་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ།། ་བཞི་པ་སྤྲུལ་པའི་སྐུ་ནི་དེ་ལྟར་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་གིས་ཞེས་བྱ་བ་ལ་སོགས་པའི་ཚིག་ལིའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དེ་ལྟར་ཁྱད་པར་གྱི་བྱ་བ་བརྗོད་ནས་ནིང་ངོ་བོ་ཉིད་ལ་སོགས་པའི་སྐུ་བཞིའི ་ཐུན་མོང་གི་མཛོད་པ་ནི་དེ་ལྟར་ངོ་བོ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡེ་ཤེས་ལ་སོགས་པ་ལ་བལྟོས་ནས་རབ་ཏུ་བརྟགས་པའི་ཞེས་བྱ་བ་ནི་གདུལ་བྱ་དང་རྗེས་སུ་མཐུན་པའི་སྣང་བའི་དོན་ཐོབ་པའི་དབང་གི་ངེས་པའོ། །དེ་ནས་ཅི་ཞེས་བྱ ་ཞེ་ན། དེའི་དབང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གདུལ་བྱའི་སྐྱེ་བོ་སོ་སོར་སྣོད་ལ་སྣང་བ་བཏེན་པའི་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་སྐུར་གཏོགས་པ་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཡིན་བས་མཛད་པ་མི་མངའ་བའི་ཕྱིར་འཕྲིན་ལས ་དེ་དང་འཚམ་བའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སྣང་བ་ལ་གནས་བའི་འཕྲིན་ལས་སྔར་བཤད་པ་དང་འོག་ནས་བཤད་བ་གང་ཡིན་པ་དེའི་དབང་ལ་བརྟེན་ནས་བྱུང་བ་སྟེ། སྨོན་ལམ་གྱི་དབང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་རྫོགས་པ ་ཡིན་པར་གསུངས་ཏེ་ཞེས་འོག་མ་དང་སྦྱར་རོ། །གལ་ཏེ་འཕྲིན་ལས་འདི་དག་སྐུ་བཞིའི་མ་ཡིན་ནམ་དེ་ལྟ་ན་ཅི་ལྟར་ཆོས་ཀྱི་སྐུ་ཞེས་འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱིས་གསུངས་ཞེ་ན། ཀུན་རྫོབ་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ཀུན་རྫོབ་ཏུ་སངས་རྒྱས་ལ་སོགས་པའི་ཐ་སྙད་ཀྱི་དབང་གིས་ཡེ་ཤེས་ཁོ་ན་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དོན་གྱི་བྱ་བ་མཛད་པ་ཡིན་ཏེ། ཡང་དག་པ་ན་གཞན་དག་ཡིན་པར་མི་འཐད་པའི་ཕྱིར་རོ། །མི་འཐད་པ་ཉིད་ཡིན་ན ་ཡང་ཡེ་ཤེས་ནི་སྟོན་མི་ནུས་པར་ཡོད་པ་ཉིད་ཀྱིས་དེ་ཉིད་སེམས་ཅན་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པ་ཡིན་ལ་རྒྱུ་དེས་ན་ཆོས་ཀྱི་སྐུ་ཡིན་ནོ་ཞེས་སྨོས་པ་ཡིན་ཏེ། ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་སྐུའི་ཡིན་ལ་དེ་ནི་ཡང་དག་པར་ན་དོན ་གྱི་བྱ་བ་མ་ལུས་པར་མཛད་པ་ཡིན་ནོ་ཞེས་འཕོགས་པ་བྱམས་པས་གསུངས་པ་ཡིན་ནོ། །མཛད་པ་མེད་པའི་ཡེ་ཤེས་ཀྱི་དོན་བྱ་བ་མཛད་པ་ཉིད་དུ་གས་ལ་རུང་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་སྣང་བ་བསྐྱེད་པའི་སྒོ་ནས་ཞེས་སྨོས་པ་ཡིན་ཏེ། ་?་ཀྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ཀྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་ལོངས་སྤྱོད་རྫོགས་པ་དང། ཆོས་དང་སྤྲུལ་པའི་སྐུར་སྣང་བ་བསྐྱེད་པར་མཛད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན། དེའི་དབང་ལ་བརྟེན་ནས་བྱུང་བ་ཞེས་སློས་པ་ཡིན ་ཏེ་དོན?་གཞན་དུ་ན་ཇི་སྐད་སྨོས་པའི་འཕྲིན་ལས་རྣམས་ཡང་དག་པར་ན་ཆོས་ཀྱི་སྐུའི་འབྲས་བུ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། གལ་ཏེ་གཞན་དག་ཚོགས་དང་ཆོས་ཀྱི་སྐུ་ངག་དང་འགྲོ་བའི་དོན་ནི་མཛད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ ་པ་སྟེ། སྐུ་ཚེ་རིགས་དང་ཆོད་ཀྱི་མིན་ཞེས་བྱ་བ་ལ་སོགས་པ་སྨོས་པས་སྐུ་བཞི?་ཚོགས་ལ་སོགས་པ་མཉམ་པ་ཡིན་ན་ཡང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་དག་ནི་རྟོགས་པ་པོའི་དབྱེ་བས་དེའི་ཁྱད་པར་དུ་འགྱུར་ན། ངོ་བོ་ཉིད་ཀྱི་སྐུ ་དང་ཆོས་དང་ཆོས་ཀྱི་སྐུ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང། སངས་རྒྱས་ཀྱི་ཡུལ་ཉིད་ཡིན་པ་ཉིད་དུ་མཉམ་པས་རྒྱུ་དང་འབྲས་བུ་ཉིད་དུབདག་ཅག་ལ་སོགས་པ་ཤེས་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར། སངས་ ་རྒྱས་རྣམས་ཁོ་ནའི་ཡུལ་ཡིན་ནོ། །ཁ་ཅིག་ན་དེ་ངོ་བོ་ཉིད་ཀྱི་སྐུ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། དེ་མཁྱེན་པ་མེད་པར་དེ་དང་འབྲེལ་པའི་སྐུ་གསུམ་དུ་སངས་རྒྱས་ཀྱིས་རྣམ་པར་བཞག་པ་མི་འཐང་བའི་ཕྱིར་དང ་སངས་རྒྱས་ཀྱི་མ་གཟིགས་པ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ་མེད་པས་སྐུ་གང་ཡང་ཡོད་པར་མི་འགྱུར་ཏེ། སྐུ་གཅིག་ཤོས་རྣམས་ནི་དེ་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡོད་ཀྱང་མ་མཁྱེན་པར་གྱུར་ན། སངས་རྒྱས ་རྣམས་ལ་མི་མཁྱེན་པའམ་མ་གཟིགས་པ་ཅི་ཡང་མི་མངའ་ཨོ་ཞེས་བྱ་བ་དང་ཡང་འགལ་བར་འགྱུར་རོ། །མཚན་ཡང་དག་པར་བརྗོད་པ་ལས་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཞེས་སྨོས་པ་དེ་ཡང་འཐད་བ་ཁོ་ན་ཡིན་ཏེ། སྤྲུལ་པའི ་སྐུའི་དབྱེ་བ་རྣམ་པར་སྨིན་པའི་སྐུ་ཡོད་པ་ཡིན་པའི་ཕྱིར་རོ། །ཡང་ན་རྣལ་འབྱོར་པའི་རྒྱུ་ལ་སོ་སོར་ངེས་པར་ཡོད་པས་རྟག་པ་དང་ཁྱབ་པ་གང་ཡིན་པ་འདི་ནི་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སྟེ། དངོས་བཞི་ཡིན་ལ་དེའི་ངོ་བོ་ཉིད་དང་ལོངས་སྤྱོད་རྫོཌ ་པ་དང་སྤྲུལ་པ་དང་ཆོས་ཀྱི་སྐུའི་དབྱེ་བས་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཞེས་བྱ་བ་དང་མི་འགལ་ལོ། །འདིའི་དོན་དང་ངོ་བོ་ཉིད་ལོངས་སྤྱོད་རྫོགས་བཅས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ཉིད་ལས་ཤེས་སོ། །དེ་བཞིན་དུ ་མཛད་པ་དང་བཅས་པས་འགྲོ་བ་རྣམས་ཞི་བ་ལ་སོགས་པ་ལ་འཇུག་པར་མཛད་པས་ན་མཛད་པར་བཅས་པ་སྟེ། དངོས་བཞིའི་ཆོས་ཀྱི་སྐུ་གང་ཡིན་པ་འདི་ནི་ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད་ཅེས་བྱ་བ་འདིར་ཆོས་ཀྱི་སྐུ་ཞེས་བྱ་བ་དེ་རྣམ་པ་བཞིར ་ནི་ཡང་དག་བརྗོད་ཅེས་བྱ་བ་ཇི་ལྟར་ཡིན་ཞེ་ན། དེ་ནས་ངོ་བོ་ཉིད་ལོངས་སྤྱོད་རྫོགས་བཅས་དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །གང་དེ་བཞིན་གཞན་ཞེས་སྨོས་སུ་ཟིན་ཀྱང་དེ་བཞིན་དུ་ཆོས་ཀྱི་སྐུ་ཞེས་དེ་ཡང་སྟན་པར་འགྱུར་སྟེ། འདིར ་དངོས་བཞི་ལས་གཞན་པ་ནི་ཆོས་ཀྱི་སྐུར་བཤད་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་ཆོས་ཀྱི་སྐུའི་ཕྲིན་ལས་འདི་ཞེས་སྨོས་པ་ཡང་འཐད་པ་ཡིན་ཏེ། དེ་ལ་ཡང་དངོས་བཞི་ཉིད་ཆོས་ཀྱི་སྐུར་བཤད་པ་ཉིད་ཀྱིས་དངོས་བཞི་ནི་གང་དུ་ཡང་འབྲས་བུ་ཉིད ་དུ་མི་བགྲང་སྟེ། དེས་དེ་ཉིད་བྱེ་བྲག་ཏུ་བྱས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ན་ཐ་དད་པ་ཉིད་ཡིན་ལ། དེ་ནས་ངོ་བོ་ཉིད་ལ་སོགས་པའི་སྐུ་བཞི་པོ་འབྲས་བུར་གྱུར་པ་དང་བཅས་པ་ཉིད་ཀྱིས་ན་རྒྱུར་གྱུར་པ་ཆོས་ཀྱི་སྐུ་ཡང་འགྲུབ་པ་ཡིན་ནོ་ཞེས་བྱ་བ ་འགལ་བ་ཅི་ཞིག་ཡོད་གང་ཡང་སངས་རྒྱས་ལ་སོགས་པའི་ཡུལ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་ནི་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཉིད་ཡིན་པར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པས ་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱི་བསྟན་པ་དེ་དང་འགལ་བ་མེད་དོ། །དངོས་བཞིའི་ཆོས་ཀྱི་སྐུ་ནི་འགའ་ཞིག་གིས་ཀྱང་དབྱེ་བ་མེད་པར་དེ་བརྗོད་པ་ཡིན་པའི་ཕྱིར་རོ། །གཞན་དུན་ཆོས་ཀྱི་སྐུའི་དོན་གྱི་མཛད་པ་ངོ་བོ་ཉིད་ཀྱི་སྐུའི་དབང་ལས་བྱང་བྱར་ཇི་ལྟར་འགྱུར། ་སུ་གསུམ་པ་ཡང་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཅན་ཡིན་དུ་བཅུག་ན་དངོས་བཞིའི་ཆོས་ཀྱི་སྐུ་ལས་རང་བཞིན་གང་གིས་ངོ་བོ་ཉིད་གཞན་ཡིན་ཞིང་གང་ལས་བྱུང་བ་ཉིད་ཀྱིས་ན་ངོ་བོ་ཉིད་ཀྱི་སྐུ?་ཞེས་བཤད་བ་ཡང་རྟོཌ་པར་གྱིས་ཤིག་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ ་པའི་སྐུ་དག་ནི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་སྤྱོད་ཡུལ་ཡིན་པར་དབྱེ་བ་ཡོད་དུ་ཆུག་ན་དངོས་བཞིའི་ཆོས་ཀྱི་སྐུ་ལས་ཆོས་ཀྱི་སྐུ་གཞན་གྱི་དབྱེ་བ་ཅི་ལྟར་ཡོད། དེའི་ཡུལ་ཡིན་པའི་ཕྱིར་སངས་རྒྱས་རྣམས་ཁོ་ནའི་ཐུགས་སུ་ཆུད་པར་བྱ་བ་ཡིན་ཏེ། གཞན་དུ ་ན་ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་དག་གིས་དབྱེ་བ་མི་འགྲུབ་པར་འགྱུར་རོ། །འདིར་ཡང་དོན་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་རྗེས་ཐོགས་ལ་ཆོས་ཀྱི་སྐུའི་མངོན་པར་བྱང་ཆུབ་བ་ཡིན་ལ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་བའི་དབྱེ་བས ་རྣམ་པ་བཞི་ཡིན་ནོ་ཞེས་བཟང་པོའི་ཞལ་སྔ་ནས་ཀྱིས་བཤད་པས་ལྡོག་བར་རྟོགས་པར་མི་བྱའོ། །སྐུ་ལྔ་ཡིན་པ་ཁོ་ནར་སྔོན་གྱི་སློབ་དཔོན་གྱིས་མ་བཤད་པས་བླ་མ་ལ་གུས་པར་བྱ་བའི་ཕྱིར་བཟང་པོའི་ཞལ་སྔ་ནས་ཀྱིས་གསལ་བོར་མ་མཛད་མོད་ཀྱི་གཙོ་ཆེར ་ཐེག་པ་ཆེན་པོ་ནི་ཚུལ་གཉིས་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར། མཚན་ཡང་དག་པར་བརྗོད་པ་ནི་ཕྱིའི་ཚུལ་ལྟར་འགལ་བར་བཏང་སྙོམས་སུ་བྱ་བར་རིགས་པ་མ་ཡིན་ནོ། །བདག་གི་འབད་པ་ནི་སྐབས་ལམ་བབ་བ་མ་ཡིན་ཞིང་དམ་པའི་ཆོས་ནུབ་པའི ་དུས་སུ་བདག་ཅག་བཅོམ་ལྡན་འདས་ལ་མཆོད་པར་དགའ་བ་རྣམས་བཏང་སྙོམས་སུ་བྱེད་པར་རིགས་པ་མ་ཡིན་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྐྱེས་བུ་ཁྱུ་མཆོག་གི་ནི་དམ་པའི་ཆོས། །འཇིག་པར་གྱུར་ཚེ་གང་དག་གཏང་སྙོམས ་བསྒོམ། །དེ་ཡིས་རྒྱལ་བ་བཀུར་སྟི་བྱས་མ་ཡིན། །འདྲེན་པ་དག་ལ་རི་མོ་དེས་མ་བྱས་ཞེས་གང་བཤད་པ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ། དེ་བཞིན་ལས་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་དང་འགྲེལ་པ་ནི་གོ་སླའོ། །དང་པོར་འགྲོ་བ ་བཅང?་པོ་མ་ཡིན་པ་ཞེས་བྱ་བ་ནི་བྲམ་ཟེ་དང། རྒྱལ་རིགས་ཀྱི་འགྲོ་བ་དང་རྗེའུ་རིགས་ལ་སོགས་པའི་འགྲོ་བ་སྟེ། དེ་ལ་མངོན་པར་ཞེན་པ་ནི་བཟང་པོ་དང་མ་ཡིན་པ་ཉིད་དུ་མངོན་པར་ཆགས་པའོ། །དེ་ལ་གནས་པ་མེད་པ་ནི་མི་དམིགས་པ་གང་ཡིན་པ་སྟེ། ་དེའི་མཚན་ཉིད་དུ་འགྲོ་བ་རབ་ཏུ་ཞི་བའི་ཕྲིན་ལས་མཛད་ནས་ཞེས་བྱ་བ་ནི་སྡུག་བསྔལ་ཕྱིར་ཅི་ལྡོག་བློ་དང། སྲིད་པ་ཀུན་ནས་འཆིང་བའི་རྒྱུ། །འགྲོ་བ་གང་ལ་དེ་མེད་ན། །དེ་ནི་སྐྱེ་བར་འགྱུར་མ་ཡིན་ཞེས་བྱ་བའི་ལུང་གི་དོན་རྗེས་སུ་འབྲངས་ནས་ཉོན་མོངས ་པ་ལ་སོགས་པའི་དབང་གིས་སྐྱེ་བ་གང་ཡིན་པ་དེ་མེད་པར་མཛད་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལ་གདུལ་བྱའི་ལུས་ནི་ཆོས་ཀྱི་སྐུའི་སྤྱོད་ཡུལ་ལོ་ཞེས་སྨོས་པས་སངས་རྒྱས་རྣམས་ཀྱི་སྐུ་ཉིད་ཡིན་ན་ཡང་སྐྱེ་བ་བཟློག་པར་མི་མཛད་དོ་ཞེས ་བྱ་བར་དགོངས་སོ། །དེ་ལྟ་ན་ནི་སྨོན་ལམ་དང་འགྲོ་བའི་དོན་ལ་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཁྱད་པར་ཅི་ཞིག་ཡོང་ཅེ་ན། རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པ་ཉིད་དང། གདུལ་བྱའི་ཁྱད་པར་ལས་ཡིན་གྱི་གཞན ་འགའ་ཡང་མེད་དོ། །དེ་ཉིད་ཀྱིས་ནི་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལ་སོགས་པའི་མདོ་ལས། དེ་རྣམས་ཀྱང་སངས་རྒྱས་དང་འདྲ་བར་ལུས་དང་སྤྱོད་ལམ་མཛའ་ཡས་ཤིང་དཔག་ཏུ་མེད་པར་བཤད་པ་ཡིན་ནོ། །རྫོགས་པའི་སངས ་རྒྱས་ཀྱི་ཡེ་ཤེས་རྟོག་པ་དང་བཅས་པ་ཉིད་དུ་མེད་པ་མ་ཡིན་ནམ། ཇི་ལྟར་ན་དེ་དང་ལྷན་ཅིག་དེ་རྣམས་འགྲོ་བའི་དོན་གྱི་ཕྱིར་མཉམ་པ་ཡིན་ཞེ་ན། འདིར་སྨོན་ལམ་ཁོ་ན་ཚད་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེཾས་དཔའ་རྣཾས་ནི་སྨོན་ལམ་གྱི་སྟོབས་ཅན་ཡིན་ནོ་ཞེས ་བར?་གསུངས་པ་ཡིན་ནོ། །དེ་ལྟར་ན་ཐམས་ཅད་དུ་མཉམ་པ་ཁོ་ནར་འགྱུར་རོ། །སྨོན་ལམ་ནི་གཞན་དུ་མི་འཐད་པས་ཉེས་པ་ཅི་ཞིག་ཡོད། རྫོགས་པའི་སངས་རྒྱས་རྣམས་ནི་རྣམ་པར་མི་རྟོག་པ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པ་ཉོན ་མོངས་པ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ། །མེད་པའི་ཁོ་ན་སྟེ་གང་གི་ཚེ་གདུལ་བྱ་དེའི་དོན་དུ་རྫོགས་པའི་སངས་རྒྱས་སུ་འགྱུར་ན་ཕྱིས་རྣམ་པར་རྟོག་པའི་ཉོན་མོངས་པ་ག་ལས་འབྱུང། སྨོན་ལམ་ལས་སོ། །དེ་ལྟ་ན་ནི་རྫོགས་པའི་སངས་རྒྱས་ཉིད་བརྫུན་པ ་ཡིན་ནོ་ཞེ་ན། མེ་ཡིན་ཏེ། དེས་གདུལ་བ་རྣམས་ཀྱིས་དེ་ལྟར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པའི་རྣམ་པར་འཛིན་པར་མཛད་པ་ཡང་བརྫུན་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །ཇི་ལྟར་ན་གཅིག་བུ་དུ་མ་ཉིད་དུ་འགྱུར་ཅེ་ན། རྫོགས་པའི་སངས་རྒྱས ་རྣམས་ཀྱི་སྨོན་ལམ་ཇི་ལྟ་བས་སོ། །གཞན་ཡང་གཞན་དུ་ན་སངས་རྒྱས་རྣམས་ཀྱི་སྨོན་ལམ་གྱིས་རྣམ་པར་མི་རྟོག་པ་ཉིད་དུ་ཀུན་ནས་དོན་གྱི་བྱ་བ་མཛད་པའི་རྒྱུར་སྣང་བ་ཡིན་ལ། དེ་བཞིན་དུ་གལ་ཏེ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་པར་གྱུར་ན་ཡང་འདིར་འགལ ་བ་ཅི་ཞིག་ཡོད་དེ། གཉི་ག་སྨོན་ལམ་ཁོ་ནས་དོན་གྱི་བྱ་བ་མཛད་པ་ཡིན་པར་བསྔགས་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་འདོད་པ་ལྟར་ལ་ལ་ནི་འཚང་རྒྱ་བ་ཉིད་བསྒྲུབས་ནས་ཀུན་སེམས་ཅན་གྱི་དོན་མཛད་ལ་ཁ་ཅིག་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་བརྩད་པར་རིགས ་པ་མ་ཡིན་ནོ། །སེམས་ཅན་རྣམས་མ་ཡིན་པའི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར་འདིར་རྣམ་པར་རྟོག་པ་ཉོན་མོངས་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོང་པ་ཅི་ཞིག་ཡིན། འགྲོ་བའི་དོན་ལ་མ་གཏོགས་པ་གཞན་ཅི་ཡང ་ཡོད་པ་མ་ཡིན་ཏེ། སེམས་ཅན་རྣམས་ཀྱི་གྲོལ་བ་ལས། །དགའ་བའི་རྒྱ་མཚོ་གང་ཡིན་ཏེ། །དེ་ཉིད་མཐར་ཐུག་མ་ཡིན་ནམ། །རོ་བྲལ་གྲོང་པས་ཅི་ཞིག་བྱ་ཞེས་གང་བཤད་པ་ཡིན་ནོ། །མཉམ་པར་མ་གཞག་པ་ཉིད ་ཀྱང་མ་ཡིན་ཏེ། ལས་དང་པོ་བ་མ་གཏོགས་པར་དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། རྟག་ཏུ་མཉམ་པར་བཞག་པ་གསུངས་པ་ཡིན་ནོ། །ཡང་ན་བྱང་ཆུབ་སེམས་དཔའ་ཨི་གནས་སྐབས་མ་གཏོགས་པར་རྫོགས་པའི་སངས ་རྒྱས་ཀྱི་གནས་སྐབས་ན་ཡང་རྣམ་པར་རྟོག་པའི་ཉོན་མོངས་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འདྲ་བར་ཡོད་པ་ཉིད་དེའི་འབྲས་བུ་མི་སྐྱེད་པས་དོན་མི་མཛད་པ་ཡིན་ཏེ། ཤཱནྟ་དེ་པའི་ཞལ་སྔ་ནས། མཁའ་ལྡིང་གྲུབ་པས་ཇི ་ལྟ་བུར། །མཆོད་སྡོང་བསྒྲུབས་པས་འདས་གྱུར་ན། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བར་བྱེད། །བྱང་ཆུབ་སྤྱོད་དང་རྗེས་མཐུན་པས། །རྒྱལ་བའི་མཆོད་སྡོང་སྒྲུབ་བ་ཡང། །བྱང་ཆུབ་སེམས་དཔའ་འདས་གྱུར ་ཀྱང། །དོན་རྣམས་ཐམས་ཅད་མཛད་པར་འགྱུར་ཞེས་གང་བཤད་པ་ཡིན་ནོ། །དེ་ལྟར་ན་འགྲོ་བའི་དོན་དུ་སྨོན་ལམ་ཇི་སྙེད་བཏབ་པ་དང། འཚང་རྒྱ་བ་ཉིད་ལ་འཇུག་པའི་རྣམ་པར་རྟོག་པ་དེ་རྣམས་ཐམས་ཅད་ཉོན་མོངས་པར་འགྱུར་བ ་མ་ཡིན་ནམ་ཉེས་པ་ཅི་ཞིག་ཡོད། རྫོགས་པའི་སངས་རྒྱས་ཀྱི་རིགས་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཉིད་རིམ་གྱིས་སངས་རྒྱས་ཀྱི་རིགས་སུ་འགྱུར་གྱི་གཞན་དག་ནི་མ་ཡིན་ཏེ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ་ཅེས་བྱ་བ་ལ་སོགས་པར་སྨོན་ལམ་བཏབ་ནས་དེ་རྣམས་ཉིད་དུ་འཇུག་པ་དང་ཡིན་པའི་ཕྱིར་རོ། །དེ་བས་ཉན?་ཐོས་ལ་སོགས་པའི་རིགས་ཀྱང་གཞན་མ་ཡིན་ཏེ། འགྲོ་བའི་དོན་དུ་སྨོན་ལམ་བཏབ་པས་ལས་གཞན་དུ་མི་འཐད་པའི་ཕྱིར་རོ། ་འདྲིར?་?་པ་ནི་གཅིག་ཁོ་བ་སྟེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ་ཞེས་གང་གསུངས་པ་དང། མདོ་སྡེ་རྒྱན་ལས་ཀྱང། ཁ་ཅིག་དག་ན་དྲང་ཕྱིར་དང། །གཞན་དག་ངེས་པར་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན ་ཞེས་བཤད་པ་འདི་ཡང་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མདོ་ལས་གང་གསུངས་པ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་ཉོན་མོངས་པ་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ཁོ་ན་ངེས་འདུལ་བ་རྣམས་ལ་རྫོགས་པའི་སངས་རྒྱས ་དང། རང་སངས་རྒྱས་དང་བརྒྱ་བྱིན་ལ་སོགས་པས་འདུལ་བ་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་གདུལ་བྱ་རྣམས་གྱིས་མཐོང་བ་ཡིན་པས། གང་དུ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུགས་སོ་ཞེས་ཐམས་ཅད་དུ་བཤད་དེ། །བྱང་ཆུབ ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་ནི་ཉོན་མོངས་པ་ཉིད་ཡིན་ནོ་ཞེས་ཞར་ལ་འོངས་པ་བཤད་ནས་སྐབས་ལ་བབ་པ་དང་སྦྱར་བར་བྱ་སྟེ། དེ་ལྟར་ན་ཞེས་བྱ་བ་བཤད་པའི་རིམ་པས་སོ། །ཆོས་ཀྱི་སྐུ་བཞིན་དུ་ཞེས་བྱ་བ་ནི་ཁྱབ་པའི་ཡེ་ཤེས་ཀྱི་བདག་ཉིད ་ཅན་ནོ། །འདི་ནི་ཆོས་ཀྱི་སྐུའི་ཕྲིན་ལས་ཉི་ཤུ་རྩ་བདུན་ཡང་ཞེས་བྱ་བ་ནི་ཕྲིན་ལས་ནི་ཆོས་ཀྱི་སྐུའི་མཛད་པའོ། །འཁོར་བ་ཇི་སྲིད་པར་བཞེད་པས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་སྲིད་པ་ཇི་སྲིད་བར་རའོ?། །འཕཌ་པ་བྱམས་པའི་ཞལ་སྔ་ནས་ཀྱི་ཏིང་ངེ་འཛིན་རྣམས ་ལས་སྐྱེད་པའི་ཡེ་ཤེས་ཀྱི་སྟོབས་དང། ལུང་ལས་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་དེའི་བྱ་བ་ཉིད་ཀྱིས་འགྲོ་བ་རྣམས་ཞི་བར་མཛད་པ་ལ་སོགས་པའི་ཕྲིན་ལས་བསྟན་པར་མཛད་པས་ཚིག་ལེའུར་བྱས་པར་རིམ་པར་བསྟན་པར་འགྱུར་པ་མ་ཡིན ་ནམ། ཁྱེད་ཅག་གིས་གཞན་གྱི་དོན་དང་རང་གི་དོན་ལ་སོགས་པའི་ཚིག་བསྟན་པ་རྣམས་ཀྱི་གོ?་རིམ་ཇི་ལྟར་དུ་ཡིན་ཞེ་ན། སེམས་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་དང་ཐ་མར་སེམས་བསྐྱེད་པ་དང། རྣམ་པ་ཉི་ཤུ་རྩ་བདུན་ཡིན་པ ་དེ་ལ་གང་བསྟན་པའི་གོ་རིམ་རབ་ཏུ་བྱེད་པ་ལས་བསྟན་པའི་འགྲེལ་པ་ལས་བཤད་པའི་རིམ་པ་གང་ཡིན་པ་ངེས་དེའི་དབང་གིས་ལྷག་མ་བར་གྱི་ཚིག་གི་དོན་རྣམས་ཏེ། གཞན་གྱི་དོན་དང་རང་གི་དོན་གང་ཡིན་པ་དེ་རྣམས ་གྱི་གོ་རིམ་ཀྱང་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བ་བྱམས་པའི་ཞལ་སྔ་ནས་ཚིག་ལེའུར་བྱས་པ་ལས་མ་བསྟན་ན་ཡང་ཤེས་པར་བྱའོ། །ཁྱེད་ཅག་རྣམས་ནི་འཕགས་པ་བྱམས་པ་དང་འདྲ་བར་ཏིང་ངེ་འཛིན་ཐོབ་པ་ཉིད་ཡིན་ནམ། དེའི་ཕྱིར་ཁྱེད་ཅག་སྔར།། ་བཤད་པའི་ཚིག་གི་དོན་རྣམས་ཀྱི་ཇི་ལྟར་ཤེས་ཞེ་ན། ལུད་ལས་སོ། །བྲིས་ཤིག་ཅེ་ན་ཚིག་མངས?་སྐུ?་དོགས་པས་བདག་གིས་མ་བྲིས་སོ་ཞེས་བྱ་བ་སྨོས་ཏེ། ལུང་ཡོད་དུ་ཟིན་ན་ཡང་གཞུང་རྒྱས་པའི་འཇིགས་ལས་དེའི་སྒོ་ནས་གཞན་གྱི་དོན་ལ ་སོགས་པའི་གོ་རིམས་མ་བསྟན་མོད་ཀྱི་དེའི་དོན་གྱི་རྗེས་སུ་འབྲངས་ནས་འཕགས་པ་བྱམས་པ་དང་འདྲ་བར་གཞན་གྱི་དོན་ལ་སོགས་པའི་ཕྲིན་ལས་ཀྱི་རྗེས་སུ་འབྲངས་ནས་རིམ་པ་ཙམ་ཞིག་བསྟན་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་སེང་གེ་བཟང་པོའི་ཞལ་སྔ་ནས་གཞུང་རྟོགས་པར་དཀའ་བའི་སྣང་བ་མདོར་བཤད་པ་ཆོས་ཀྱི་གྲགས་པས་བཤད་པ་ལས་སྐབས་བརྒྱད་པའི་འགྲེལ་པའི་བཤད་པའོ།། །། ་རྒྱས་པ་ལ་དད་པའི་ཞེས་བྱ་བ་ལ་སོགས་པས་ནི་རབ་མ་ལ་དགའ་པའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར་མངོན་པར་རྟོགས་པ་དྲུག་ནི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཚིག་ལེའུར་བྱས་པའི་དོན་ནི་དང་པོར་ཞེས་བྱ་བ་ལ ་སོགས་པ་གསུངས་བ་ཡིན་ཏེ། དང་པོར་ཏེ་ཐོག་མར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་སྔར་གསུངས་པ་གང་ཡིན་པ་དེ་རྣམས་ཀྱི་མངོན་པར་མཚན་བའི་གནས་ཡིན་པ་ཉིད་ཀྱིས་ན། དེ་རྣམས་ཀྱི་གཟུགས་ལ ་སོགས་པའི་ཡུལ་ཐམས་ཅད་ཀུན་ནས་བསྡུས་པས་གཟུགས་ལ་སོགས་པའི་ཡུལ་ཉེ་བར་མཚོན་བ་ཡིན་པས་མཚན་ཉིད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་མོ། །དེ་ནས་དབང་དུ་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བབ?་མ་ལ་དགའ་བ་ཞེས་བྱ་བ་ལ ་སོགས་པས་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར་མངོན་པར་རྟོགས་པ་གསུམ་གསུངས་བའི་ཡུལ་གྱི་རྒྱུན་ནི་ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་མདོ་དང་འགྲེལ་པ་ནི་གོ་སླ་དོ། །ཚིག་ལེའུར་བྱས་པ་གཉིས་ནི་སྔར་བཤད་པའི་སྐབས ་བརྒྱད་ཀྱི་ཁོངས་སུ་འདུས་བའི་དོན་ཡིན་པའི་ཕྱིར་སྐབས་ཉིད་དུ་མ་བགྲངས་སོ་ཞེས་བལྟ་བར་བྱའོ། །དགོས་པ་ལ་སོགས་དངོས་སུ་བརྗོད་པས་མདོ་དང་རྣམ་པར་འགྲེལ་པའི་མཚན་ཉིད་དུ་མེད་དེ་ཚིག་ལེའུར་བྱས་པའི་མདོ་དང་འགྲེལ་པར་མི་བརྗོད་ཀྱི། འོན་ཀྱང་རྒྱ་ཆེར? ་བཤད་བ་ཉིད་དུ་བརྗོད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུམ་ཅར་ཚིག་རེ་རེ་ནས་བཤད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཚད་མ་རྣམ་འགྲེལ་རྒྱ་ཆེར་བཤད་པ་དང་འདྲ་པར་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱིས་ཀྱང་འཕགས་པ་བྱམས་པའི་ཚིགས་ལེའུར་བྱས ་པ་རྒྱ་ཚེར་བཤད་པ་ཡིན་ཡང་རྟོགས་པར་དཀའ་པའི་ཕྱིར་འགྲེལ་པ་མཛད་པ་ལ་འགལ་བ་མེད་དོ། །དེ་ལྟར་ཞར་ལ་འོངས་པས་ཆོག་གོ། ལ་ལ་ཞེས་བྱ་བ་ལ་སོགས་པ་བཟང་པོའི་ཞལ་སྔ་ནས་ཀྱི་ཚིག་གི་དོན་ནི་གོ་པར་ཟད་དོ། །ཚིག་དོན་རྟོགས་པར་དཀའ་བ ་ཡི། །དེ་ཉིད་སྣང་བ་ཞེས་བྱ་བ། །བདག་གིས་སྦྱར་ནི་བྱས་གྱུར་བས། །མ་མཚལ་དམ་པས་བཟོད་པར་མཛོད། །བསོད་ནམས་འདི་ཡིས་འགྲོ་བ་ཀུན། །ཤེས་རབ་ཕ་རོལ་ཏུ་ཕྱིན་དངོས་ཤོག། བདག་ཀྱང་ནམ་མཁའ་ཨི་དབྱིངས་འདྲ་པར། །སེམས་ཅན་དོན་ནི་བྱེད་གྱུར་ཅིག་། ་དཔལ་ལྡན་རྣམ་རྒྱལ་ཉམས་དགའ་གནས། །རྒྱལ་པོ་དཔལ་ལྡན་གཙུག་ནོར་བུ། །གོ་ཆས་ཆོས་ཀྱིས་གླགས?་དཔལ་ལ། །གསོལ?་པ་བཏབ་པས་སྣང་བར་བྱས། །གསེར་གླིང་གི་དཔལ་རྣམ་པར་རྒྱལ་པའི་གོང་དུ་ལྷ་དཔལ་གཙུག་གི་ནོར་བུའི་གོ་ཆའི?་རྒྱལ་པོའི་རང ་ལོ་ཚིགས་བཅུ་པ་ལས་དཔྱིད་ཟླ་ར་བའི་ཚེས་བཅུ་གཅིག་ལ་མཛད་པ། རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང། སྒྲ་བསྒྱུར་གྱི་ལོཙྪ་བ་ཆེན་པོ ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། །།ཤུབྷཾ།། །།ནུབ་ཀྱི?་སྤོ?་གྲགས་པ་དཔལ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བླ་མ ་