CLOSE WINDOW

N3979: bcom ldan 'das yon tan rin po che sdud pa'i tshigs su bcad pa'i dka' 'grel
Wyliee-texts based on the ACIP/ALL Input

སློབ་དཔོན་སེང་གེ་བཟང་པོས་མཛད་པའི་སྡུད་འགྲེལ་རྟོགས་པར་སླ་བ་བཞུགས། ་རྒྱ་གར་སྐད་དུ། བྷ་ག་བཱ་རཏན་གུ་ཎ་སཉྩ་ཡ་གཱ་ཐཱ་ནཱ་མ་པཉྩི་ཀ་།བོད་སྐད་དུ། བཅོམ་ལྡན་འདས་ཡོན་ཏན ་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག ་འཚལ་ལོ། །རྟོག་པའི་རྒྱ་མཚོ་ཡང་དག་ཕ་རོལ་ཕྱིན་པའི་དྲི་མེད་མ་ལུས་ཉེར་བསྡུས་པ། །དངོས་པོ་བརྒྱད་ཀྱི་དེ་ཉིད ་རིམ་པ་ཡང་དག་གསལ་བར་བཤད་པ་གང་ཡིན་པ། །སེམས་ཅན་རྣམས་ཀྱིས་རྟོགས་པར་བྱ་ཕྱིར་རབ་དབྱེ་ཡང་དང་ཡང ་གསུངས་རྒྱལ་ཡུམ་ལ། །ཕྱག་འཚལ་ནས་ནི་བློ་དམན་རྣམས་ལ་ཕན་པ་བསྐྱེད་ཕྱིར་ཡང་དག་བཤད་པར་བྱ། ། ་སྤྲོས་པས་གསུངས་པ་གོ་བའི་སེམས་ཅན་རྒྱས་པ་ལ་དགའ་བས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་སྤྲོས་ནས་མངོན་པར ་རྟོགས་པ་བརྒྱད་གསལ་བར་བྱེད་པའི་ཡུམ་སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི་དགོས་པ་ནི་ཉན་པ་པོས་གསལ ་བར་རྟོགས་པར་བྱ་བའི་ཕྱིར་དང། དབྱངས་ཀྱིས་བསྙད་པ་ལ་མངོན་པར་ཞེན་པའི་སེམས་ཅན་ལ་རྗེས་སུ་བརྩེ་བར་དགོངས ་པའི་ཕྱིར་དང། ཚིགས་སུ་བཅད་པ་སྦྱར་བ་ལ་བདག་ཉིད་མངའ་བརྙེས་པར་ཤེས་པར་བྱ་བའི་ཕྱིར་དང། ལེགས་པར་སྦྱར་བ་དང་ལེགས་པར་སྦྱར ་བ་མ་ཡིན་པའི་སྒྲ་ལ་མངོན་པར་ཞེན་པ་དགག་པ་སྔོན་དུ་འགྲོ་བས་ཚད་མས་གནོད་པ་མེད་པའི་སྐྱེས་བུའི་དོན་ཙམ་ལ་ཉེ་བར་སྦྱོར་བའི་བརྡའི་དབང ་གིས་སྒྲ་གཞན་གྱིས་ཀྱང་མངོན་པར་བརྗོད་པའི་ཕྱིར་རོ། །སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་བསྡུས་པའི་ངོ་བོ་ཙམ་ཕྱོགས་གཅིག ་ཏུ་ཐམས་ཅད་ཀྱི་ཐ་མར་གྱུར་པའི་ལེའུ་བཅོམ་ལྡན་འདས་ཀྱིས་ཡུལ་དབུས་ཀྱི་སྐད་ཀྱིས་ཚིགས་སུ་བཅད་པས་མངོན་པར་བསྟན་ཏོ། །ང་བས་ན་བློ ་དམན་པ་རྗེས་སུ་བཟུང་བའི་ཕྱིར་འབྲེལ་པ་ལ་སོགས་པ་ཐ་དད་པར་བསྟན་པའི་ཕྱིར་སོ་སོར་བརྒྱད་སྟོང་པར་བརྗོད་ནས་འདིར་ཡང་བཤད་པར་བྱའོ། ། ་དེ་ལ་འབྲེལ་པ་དང་པོར་བསྟན་པར་བརྗོད་དེ། སྒྲུབ་པར་བྱེད་པ་བསྟན་བཅོས་དང། དགོས་པ་བསྒྲུབ་པར་བྱ་བ་དང། སྒྲུབ་པར་བྱེད་པ་ངོ་བོའི་མཚན ་ཉིད་དུ་གྱུར་པར་བསྟན་ཏེ། དེ་ཡང་དགོས་པ་བརྗོད་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། འདི་ལྟར་འདིའི་དགོས་པ་ཡིན་ནོ་ཞེས་སྟོན་པ་པོས་བསྟན་པར་གྱུར་པ་ནི་འདིའི་སྒྲུབ ་བར་བྱེད་པ་ཡིན་པས་འབྲེལ་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །མངོན་པར་རྟོགས་པ་བརྒྱད་འདུས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བརྗོད་པར་བྱ་བའི་དོན ་ཏོ། །འདས་མ་ཐག་ཏུ་བསྟན་པའི་བརྗོད་པར་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བའི་མདོའི་དོན་སྔར་བཤད་པའི་སེམས་ཅན་གྱིས་མདོར ་བསྡུས་པས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་བཅོམ་ལྡན་འདས་ཀྱིས་བསྟན་པ་རྒྱུད་ལ་རྟོགས་པ ་གནས་པ་སྟེ། །མ་ལུས་པར་བསྡུས་པའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་པ་ནི་བྱ་བའི་འབྲས་བུ་ཐུན་མོང་མ་ཡིན་པ་ནི་དགོས་པའོ། །ཇི་སྐད་བསྟན་པ་ཉིད་ཀྱི་བརྗོད་པར་བྱ་བ་ཉན་ཐོས་ལ་སོགས་པས་མ་རྟོགས་པ ་བཅོམ་ལྡན་འདས་མ་ཆོགས་ཆུང་དུས་ཐོས་པའི་ཤེས་རབ་ཀྱི་ངེས་པར་བྱས་ནས་དྲན་པའི་ཤེས་པ་ལ་གཞག་སྟེ་བསམས་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་བསྒོམ་པའི་རང་བཞིན་གྱིས་ཤེས་རབ ་ཀྱི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཛད་པ་ནི་རྗེས་སུ་མཐུན་པའི་ཐབས་ཀྱི་བྱ་བའི་འབྲས་བུ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །དེ་སྐད་དུ་ཡང་རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི ་ལས་བཤད་པ་གང། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །བློ་དང་ལྡན་པས་རྟོགས་འགྱུར་ཞེས། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བདེ་བླག་ཏུ་ནི་རྟོགས་འགྱུར་བ། ། ་རྩོམ་པ་ཡི་ནི་དགོས་པ་ཡིན་ཞེས་གསུངས་པ་ཡིན་ནོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་གླེང་གཞིའི་སྐབས་བསམ་པར་བྱ་སྟེ། གང་གི་ཚེ། གང་ལ། གང་གིས། གང་དུ། གང་དག་དང ་ལྷན་ཅིག་མདོ་སྡེ་རིན་པོ་ཆེ་ཁྱོད་ཀྱིས་ཐོས་ཞེས་འདྲི་བ་རྣམས་ལ། ལན་དུ་བདག་ཉིད་ཚད་མར་རྟོགས་པར་བྱ་བའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་རོ། །དུས་དང། ཡུལ་དང། སྟོན་པ་པོ་དང། འཁོར ་རྣམས་ཀྱི་ཚོགས་ལ་བསྟན་པ་ནི་གཙོ་བོའི་རྒྱུ་སྟེ་གླེང་གཞི་ཡིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཀྱེར་ཆེན་པོའི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལ་སོགས་པའི་ཁོར་གྱིས ་ཡོངས་སུ་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལ་གནས་དེ་ཉིད་དུ་འཁོར་དེ་རྣམས་དང་ལྷན་ཅིག་ཏུ་བདག་གིས་མདོ་སྡེ་རིན་པོ་ཆེ་ཐོས་སོ་ཞེས་སྡུད་པར་བྱེད་པས་འཇིག་རྟེན་པའི་ཐ་སྙད་ཀྱི་རྗེས་སུ་ཞུགས ་ཏེ། གདུལ་བྱ་རྣམས་གུས་པར་ཉན་པ་དང། སེམས་པ་ལ་སོགས་པའི་དོན་དུ། གང་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་བརྒྱ་པའི་རྩོམ་པར་གསུངས་པ་དེ་འདིར་ཡང་བཟུང་བར་བྱའོ། །མདོ་དོན་སྨྲ་བར་འདོད་པ་ཡིས། །དགོས ་པ་བསྡུས་པའི་དོན་བཅས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་རིགས་པ་བརྗོད་པ་དེ་ཁོ་ན་དགོས་པ་ཡིན་ཏེ། ཉན་པ་པོའི་སྐྱེ་བ་རྣམས་ཀྱིས་མདོའི་དོན ་འཆང་བ་མེད་པར་རྣམ་པར་ཕྱེ་བ་རྟོགས་པར་བྱ་བའི་ཕྱིར་དང། འཆད་པ་པོ་བདེ་བླག་ཏུ་བཤད་སླ་བར་བྱ་བའི་ཕྱིར་དེ་ཞིག་བསྡུས་པའི་དོན་བརྗོད་པར་བྱའོ། །དེ་ལ་སངས་རྒྱས་ཉིད་དོན་དུ་གཉེད་བའི་བྱང་ཆུབ་སེམས་དཔས ་སེམས་བསྐྱེད་པ་ལ་སོགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པའི་དོན་དུ་དང་པོར་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་སྟེ། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །ཞེས་བྱ་བ་ནས ་ཆོས་རྣམས་རང་བཞིན་མེད་བར་ཡོངས་སུ་ཤེས་གྱུར་པ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེ་ཡང་ཉན་ཐོས་ལ་སོགས་པའི་ལམ་ཡོངས་སུ་ཤེས་པ་མེད་པར་མེད་པས་ལམ་ཤེས་པ་ཉིད་བསྟན་པ་ནི། གང་ཞིག་གཟུགས་ལ་མི་གནས ་ཚོར་ལ་མི་གནས་ཤིང། ཞེས་བྱ་བ་ནས། ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའ་ཨི་ཁམས་དང་མཚུངས་ཏེ་དབྱེར་མེད་དཔྱད་དུ་མེད། །ཅེས་བྱ་བ་ཡན་ཆད་ཀྱིས་སོ། །དེ་ཡང་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་མ་ཡིན་པས་དེའི ་རྗེས་ལ་ཐམས་ཅད་ཤེས་བ་ཉིད་བསྟན་པ་ནི། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཞེས་བྱ་བ་ནས་ཉི་མ་སྒྲ་ཅན་གཟའ་བྲལ་ལྷ་ངེར་འདུག་པ་དང། མེ་བཏང་རྩཝ?་དང་ཤིང་དང་ནགས་ཚལ་བསྲེག་པ་བཞིན་ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེ་ནས་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོབ་པ་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང། ལམ་དང། དངོས་པོ་ཤེས་པའི་རྣམ་པ་རྣམས་བསྡུས་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་བསྒོམ་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཏེ། ཆོས ་རྣམས་ཐམས་ཅད་རང་བཞིན་དག་ཅིང་ཡོངས་དག་པར་ཞེས་བྱ་བ་ནས། ཡོངས་སུ་མི་སྟོན་ཕྱིར་མི་ལྡོག་པས་ཡི་ཆོས། །མི་འཆད་དེ་ནི་ལུང་མ་བསྟན་པ་ཡིན་རིག་བྱ་ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ ་པ་དང་ལྡན་པའི་ཁྱད་པར་གྱི་ལམ་གྱིས་གསལ་བ་རབ་ཀྱི་མཐར་ཐུག་བར་འགྲོ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། དགྲ་བཅོམ་ས་དང་རྐྱེན་གྱིས་སངས་རྒྱས་ཡེ་ཤེས་དང་ཞེས་བྱ་བ་ནས། དགྲ་བཅོམ་རབ?་རྒྱལ་ཐེག་བྲལ?་བྱང་ཆུབ་མཆོག་ངེས་ན། །དཔའ་པོ་རྟག་ཏུ ་མཉམ་གཞག་ཡིན་པར་ཤེས་པར་བྱ་ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་དང་ལྡན་པས་སོ་སོ་དང་བསྡུས་པའི་དོན་ཁོང་དུ་ཆུད་པ་བསྟན་པར་བྱ་བའི་ཕྱིར་རིམ་པས་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་སྟེ་སེམས ་ཅན་གང་ཟག་གཞན་ཕྱིར་སེམས་དཔའ་རྣམ་དག་པ་ཞེས་བྱ་བ་ནས་བརྩམས་པ་ཚིགས་སུ་བཅད་པ་གཅིག་གིས་སོ། །དེའི་རྗེས་ལ་མཐར་གྱིས་པའི་མངོན་པར་རྟོགས་པ་སྒོམ་པ་དང་ལྡན་པས་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་རྟོཌ ་པའི་ཆོས་དེ་དག་ཉིད་སྐད་ཅིག་གཅིག་ལ་མངོན་དུ་བྱས་པ་ནི་སྐད་ཅིག་ལ་མངོན་པར་བྱང་ཆུབ་པ་སྟེ། སྦྱོ་བ་བྱས་སམ་འོན་ཏེ་རྟག་ཏུ་བརྡེག་ཀྱང་རུང་ཞེས་བྱ་བ་ནས་བརྩམས་པར་ཚིགས་སུ་བཅད་པ་གཉིས་སོ། །དེའི་རྗེས་ལ་སྐད་ཅིག་མ་གཅིག་ལ་མངོན་པར ་རྫོགས་པར་བྱང་ཆུབ་པ་བསྒོམ་པ་དང་ལྡན་པས་སྐད་ཅིག་མ་གཉིས་པ་ལ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིན་ཅི་མ་ལོག་པ་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པ་ནི་ཆོས་ཀྱི་སྐུའི་མངོན་པར་བྱང་ཆུབ ་པ་སྟེ། བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་སོ། །དེའི་རྗེས་ལ་ཐོས་པ་ལ་སོགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་མངོན་བར་རྟོགས་ལ་བརྒྱད་ཐོབ་པའི་རྒྱུ་མཚན་ཡུམ་ཇི་ལྟ་བ་བཞིན་དུ་མཉན་པ་རྗེས་སུ ་བཙལ་བས་མངོན་པར་བརྗོད་པ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་འཁོར་འདོད་ཅིང་ཞེས་བྱ་བ་ནས། འགྲོ་བའི་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ། །བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཕྱིན་ལ་གནས། །ཞེས་བྱ་བ་ཡན་ཆད ་ཀྱིས་སོ། །དེའི་རྗེས་སུ་ཚོལ་བར་བྱེད་པ་དང་ལྡན་པ་ལ་དགེ་བའི་བཤེས་གཉེན་གྱིས་ཇི་ལྟ་བ་བཞིན་གདམས་ངག་སྦྱིན་པ་ནི། ཚུལ་ཁྲིམས་ཀྱི་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར་ཞེས་བྱ་བ་ནས། དེ་ལ་དགེ་བའི་རྩད?་བ་མཐུ་ཆེན་འཕེལ་འགྱུར་སྟེ། །སྤྲིན་མེད ་འོད་གསལ་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་གདམས་ངག་བཟུང་བ་དང་ལྡན་པས་ཁོང་དུ་ཆུད་པའི་རིམ་པ་ཅི་འདྲ་བར་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཨི་སྦྱིན་པས་ཡི་དགས་འགྲོ་བ་གཅོད་ཅེས་བྱ་བ་ནས། སངས་རྒྱས ་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན་ཅེས་བྱ་བ་ཡན་ཆད་ཀྱིས་སོ། །དེའི་རྗེས་ལ་ཆོས་གྱི་རྣམ་གྲངས་འདིའི་མིང་དོན་དང་ལྡན་པ་རྟོགས་པ་མངོན་དུ་འགྲོ་བས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རྗེས་སུ་གཏད་པ་ནི ་ཡོངས་སུ་རྫོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ་བསྡུས་པའི་དོན་ཡིན་ནོ། །དེ་ལྟ་ཡིན་མོད་ཀྱི་རྟོགས་སླ་བ་ཉིད་ཀྱིས་དོན་ལྷག་མ་བཞི་བོ་མ་གསུངས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པ་རྒྱུད་དུ་བསྟན་ཏེ། དེ་སྐད་དུ་ཡང། ་རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་གསུངས་པ་ཡིན་ནོ།། ་ད་ནི་ཚིག་གི་དོན་ལ་སོགས་པ་བཤད་པས་མདོའི་དོན་བརྗོད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་རྒྱས་པར་བསྟན་པའི་དེ་མ་ཐག་ཏུ་འམ། མན་ངག་མདོར་བསྡུས་ནས་བསྟན་པའི་སྐབས་ཡིན་ནོ། །ཡང་གི་སྒྲ་ནི་ཚིག་གི ་རྒྱན་ནོ། །ངེས་པའི་ཚིག་ཏུ་ན་ཉོན་མོངས་པ་ལ་སོགས་པ་བཅོམ་པས་ན་བཅོམ་ལྡན་འདས་ཡིན་པའམ། དབང་ཕྱུག་ལ་སོགས་པ་དང་ལྡན་པས་སོ། །ཉན་ཐོས་ལ་སོགས་པས་བསྟན་པའི་གདུལ་བྱ་མི་སྲིད་པས་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་ཏོ་ཞེས་བྱ་བར ་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། འཁོར་བཞི་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གིས་སྔར་གཞུང་རྒྱས་པ་མཉན་པས་སྤྱངས་པའི་ཕྱིར་གང་ཞིག་བསྡུས་ནས་ཉན་དུ་རུང་བ་དེ་རྣམས་ཀྱི་དབང་དུ་མཛད་དོ། །དེ་དག་ཅེས་བྱ་བའི་ཚིག་གིས་ནི་མ་??་ལ་སོཌ ་པ་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་རམ་ཆོས་རྟོགས་པའི་སྐལ་པ་དང་མི་ལྡན་པས་འཁོར་མ་ཡིན་པ་ཉིད་ཀྱི་ཕྱིར་ཡུལ་ལ་ཉེས་པར་སྤྱོད་པའི་འདོད་ཆགས་དང་བྲལ་བ་དང། བྲལ་བ་མ་ཡིན་པའི་སྐྱེས་པ་དང་བུད་མེད་དག་ལ་སྲིད་པའི་ཕྱིར་དགེ་སློང་དང། ་དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་རྣམས་བདག་ཉིད་ལ་ཕན་པ་དང་རྟག་པའི་འཁོར་རྣམས་བསྡུས་ནས་འཁོར་བཞི་པོ་ཉེ་བར་གཟུང་སྟེ། དེ་ནས་འཕགས་པ་རབ་འབྱོར་ལ་སོགས་པ་དགེ་སློང་སློབ་པ་དང། མི་སློབ་པ་དང། དེ་བཞིན ་དུ་སྐྱེ་དགུའི་བདག་མོ་ལ་སོགས་པ་དགེ་སློང་མ་རྣམས་དང། གཟུགས་ཅན་སྙིང་པོ་ལ་སོགས་པའི་སློབ་པའི་དགེ་བསྙེན་རྣམས་དང། དེ་བཞིན་དུ་དགེ་བསྙེན་མས་ག་ལ་སོགས་པ་གཙོ་བོར་གྱུར་པ་རྣམས་སྨོས་ཏེ། གླེང་གཞིའི་ལེའུར་བསྟན་པ་བཞིན་ནོ། ། ་ཤིན་ཏུ་ཁྱད་པར་ཅན་གྱི་ཆོས་རྟོགས་པ་དང་འབྲེལ་བས་དེ་དག་གི་མཚན་ཉིད་དང་བྲལ་བའི་ཕྱིར་དགེ་སློང་ལ་སོགས་པས་ཀྱང་མ་བསྡུས་ལ། སེམས་ཅན་གྱི་དོན་བྱེད?་བས་གཞན་དུ་གྱུར་པའི་ཕྱིར་མི་བརྟན་པའི་འཁོར་ཡིན་པས་འདིར་བྱང་ཆུབ་སེམས ་དཔའ་མ་སྨོས་སོ། །ཡང་དག་པར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ལ་ཕྱིན་ཅི་མ་ལོག་པའི་བརྩོན་འགྲུས་དང་ལྡན་པའི་ཕྱིར་མངོན་པར་རྟོགས་བའི་རིམ་པ་བསྡུས་པ་འདོད་པས་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་པས་ཁོང་དུ་ཆུད་པས་ཡང་དག ་བར་ཞུགས་པ་ལ་རྗེས་སུ་མཐུན་པར་བསྟན་པ་ཉིད་ཀྱིས་དེ་ལྟ་བུའི་ཡོན་ཏན་ལ་མངོན་པར་དགའ་བ་དང་སྤྲོ་བ་སྤེལ་པའི་ཕྱིར་དེ་བཞིན་དུ་འདིར་དོན་འདི་ཉིད་འཛིན་པར་འགྱུར་རོ། །གཞན་དུ་ན་རིགས་པ་དང་མི་ལྡན་པས་དོར་བར་བྱ་བར་འགྱུར་རོ། །ཡང་ན་ཡང ་དག་བར་དགའ་བར་མཛད་པའི་ཕྱིར་ཞེས་བྱ་བ་ནི་རང་ཉིད་དག་ལ་དབང་བར་བསྟན?་པས་བདག་ཉིད་ལ་གུས་པ་བསྐྱེད་བའི་ཕྱིར་བསྡུས་ནས་བསྟན་པས་ཡང་དག་པར་དགའ་བའི་ཕྱིར་རོ། །ཅིའི་ཕྱིར་སྟོན་ཅེ་ན་སྨྲས་པ། ཡང་ཞེས་བྱ་བ་ནི། རྒྱས་པར་བསྟན ་པ་ལ་བལྟོས་ནས་ཡང་འདི་དེ་མ་ཐག་ཏུ་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ལ། ཐོས་པའི་ཤེས་རབ་ལ་སོགས་པ་བསྐྱེད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད་པས་གསལ་བ་རབ་ཀྱི་མཐར་ཐུག་བར་ཕྱིན་པ་སྟེ། ་ཕ་རོལ?་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་ཕ་རོལ་ལོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ་སྒྱུ་མ་ལྟ་བུའི་རང་བཞིན་ནོ། །འདི་ཞེས་བྱ་བ་ནི་རབ་ཏུ ་དབྱེ་བ་བསྟན་པའོ། །དང་པོ་སྦྱོར་བ་ལ་སོགས་པ་མཚན་ཉིད་ཀྱི་ལམ་སྟེ། འབྲས་བུ་དེའི་དོན་དུ་སྦྱོར་བ་གཙོ་བོ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་དང་འདི་སྟེ་གསལ་བར་བྱེད་པའི་ཀུན་རྫོབ་གཞན་པའི་དབང་གིས་འཇུག་པ་གང་ཡིན་པ་རབ་ཏུ་ཕྱེ ་ནས་བསྟན་པའི་གཞུང་སྟེ། དེ་ཡང་སྟོང་ཕྲག་བརྒྱ་བ་ལ་སོགས་པ་དེ་ལ་སྦྱོང་བས་དེ་གཉིས་ནི་བརྟག་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ཞེས་བྱ་བ་ནི་མ་ལུས་པ་ཤིན་ཏུ་ཕྱེ་སྟེ་བསྟན་པའོ། །དེ་ལྟ་བས་ཇི་སྐད་བསྟན་པའི་དོན་སྟོན་པར་བྱེད་པའི་གཞུང ་གིས་རང་བཞིན་དེ་ཉིད་བསྡུས་ནས་ཉེ་བར་བསྟན་པ་གསལ་བར་བྱེད་པ་ནི་སྟོན་ཅིང་ངོ། །དེའི་ཚེ་ནི་དང་དོན་མདོར་བསྡུས་ནས་བསྟན་པ་ཉན་བར་རུང་བའི་འཁོར་འདུས་པ་དེའི་ཚེའོ། །ཚིགས་སུ་བཅད་བ་འདི་ཞེས་བྱ་བ་ལ་སོགས་པ་ལ། དགའ་དང་གུས་དང་ཞེས ་བྱ་བ་ལ་སོགས་པ་མཇུག་ཐོགས་སུ་འཆང་པར་འགྱུར་བ་ནི་ཚིགས་སུ་བཅད་པ་འདིའོ། །ཚིགས་སུ་བཅད་པ་ནི་ཁྱད་པར་ཅན་གྱི་མཚན་ཉིད་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱིས་གདུལ་བྱ་རྣམས་ལ་བཀའ་སྩལ་པ་དེ་བཞིན་དུ་སྣང་བའི་ཕྱིར་རོ། ། ་དེ་ལྟར་འབྲེལ་པ་བསྟན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་ཐོག་མར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་བསྐྱེད་པར་བྱ་བ་ཡིན་པས་དེ་བཤད་པར་འདོད་ནས་དགའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དགའ་ ་བ་ནི་མངོན་བར་འདོད་པའོ། །གུས་པ་ནི་མངོན་པར་ཡིད་ཆེས་པའོ། །ངད་པ་ནི་གུས་པའི་བྱེ་བྲག་གོ་།མཆོག་ནི་ཐམས་ཅད་ཀྱི་མཆོག་གོ། ཉེར་བཞག་སྟེ་ནི་ཉེ་བར་བློ་ལ་བཞག་པའོ། །འདི་སྐད་དུ་ནུས་པ་ཉིད་དང་།ཡོད་པ་ཉིད་དང་།ཡོན་ཏན་དང་ལྡན་པའི་ཆོས་ཡུམ ་གྱི་བྱེ་བྲག་ཐམས་ཅད་བཤད་དེ། རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་འདོད་པ་དང། མངོན་པར་ཡིད་ཆེས་པ་དང་བར་དུ་དང?་པ་སྟེ། དད་པའི་བྱེ་བྲག་རྣམ་པ་གསུམ་མོ། །ཐམས་ཅད་མཆོག་ཏུ་བསྐྱེད་པས་མཉན་པར་བྱ་སྟེ། ་གཞན་དུ་ན་དོན་མེད་པར་འགྱུར་སྟེ། དད་པ་ནི་ཆོས་ཐམས་ཅད་ཀྱི་མངོན་དུ་འགྲོ་བའི་ཕྱིར་རོ། །ཞེས་བསྟན་པ་ཡིན་ནོ། །བླད་པར་བྱ་བ་བསྟན་ནས་དོད་བར་བྱ་བ་བསྟན་པའི་ཕྱིར་སྒྲིབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསལ་བ་ནི་སྤངས་པ་སྟེ། ཅི? ་ཞིག་སྤངས་ཞེ་ན། སྒྲིབ་པ་དང་ཉོན་མོངས་པའི་དྲི་མ་རྣམས་སོ། །དེ་ལ་སྒྲིབ་པ་ནི་ཤེས་བྱ་ལ་མངོན་པར་ཞེན་པ་དང། འདོད་ཆགས་ལ་སོགས་པའོ། །ཡང་དག་པའི་དོན་རྟོགས་པ་དང་འགལ་བའི་ཕྱིར་སྒྲིབ་པའོ། །དེ་དག་ཉིད་ལུས་དང་ངག་དང་ཡིད? ་ཉོན་མོངས་པར་བྱེད་བས་ན་ཉོན་མོངས་པའོ། །དེ་ཡང་གཉེན་པོ་གོམས་པར་བྱས་པས་བསལ་བར་ནུས་པའི་ཕྱིར་དྲི་མའོ། །དེ་བསལ་ཞེས་བྱ་བར་འབྲེལ་ཏེ། དེ་ལྟར་བསྟན་པར་འགྱུར་རོ། །དངོས་པོ་ལ་མངོན་པར་ཞེན་པ་དང། འདོད་ཆགས་ལ་ཞེན་པ ་མེད་པར་དེ་ཉིད་ལ་གཞོལ་བའི་སེམས་ཀྱིས་མཉན་པར་བྱ་སྟེ། གཞན་དུན་དོན་རྟོགས་པར་མི་འགྱུར་བའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་འདི་སྤང་བ་དང་བླང་བར་བྱ་བ་ཡང་ཅི་ཞིག་མཉན་པར་བྱ་ཞེ་ན་།ཞིབ་མཉན་བར་གྱིས་ཞེས ་བྱ་བ་སྨོས་ཏེ། མངོན་པར་མཐོ་བའི་ཆོས་ཐོབ་པའི་བསམ་པས་མི་བྱའོ། །ཐར་པའི་བསམ་པ་མྱ་ངན་ལས་འདས་པའི་རྒྱུ་མཐུན་པ་ལ་ལུས་དང་ངག་དང་ཡིད་མངོན་དུ་ཕྱོགས་པ་རྒྱུར་གྱུར་པ་ནི་ཞི་བའོ། །མཉན་པར་གྱིས་ནི་ཐོས་པའི་ཤེས་རབ་བོ།། ་རྗེས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བར་འགྲེལ་ཏོ། །འདིར་དེ་ནི་ཉེ་བར་མཚོན་པ་སྟེ། བསམས་པ་དང་བསྒོམ་པ་ཞེས་བྱ་བ་ཡང་གཟུང་བར་བྱའོ། །ཇི་ལྟར་དེ་དང་འབྲེལ་ཞེ་ན། འགྲོ་དོན་མངོན་ཞུགས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་སེམས་ཅན་མ་ལུས་པ་རྣམས་ཀྱི་དོན་སྐལ་པ་ཇི་ལྟ་བ་བཞིན་དུ་མངོན་པར་མཐོང་བ་དང། ངེས་པར་ལེགས་པའི་ཆོས་ཐོབ་པར་བྱ་བའི་ཕྱིར་དེའི་དོན་ལ་ཕྱོགས་པ་ནི་ཞུགས་པ་སྟེ། སེམས་བསྐྱེད་བ་ལ་སོགས ་པའི་རིམ་པས་ཞུགས་པ་ཡིན་ཏེ། འདིས་ནི་སེམས་དཔའ་ཆེན་པོའི་སྒྲའི་དོན་བསྟན་ཏེ། །ངེས་པ་ནི་ཆོས་ཀྱི་དབྱིངས་ཁྱད་པར་དུ་འཕགས་པ་དང། དམིགས་པ་མེད་བའི་ཐུགས་རྗེའི་བདག་ཉིད་དེ། སངས་རྒྱས་ཉིད་ལ་དགའ་བའོ?་འདིས་ནི་བྱང་ཆུབ་སེམས ་དཔའ་ཨི་སྒྲའི་དོན་བསྟན་པའོ། །དེས་ན་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་བརྙན་སྤངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་ཏེ་མཉན་པར་བྱ་བ་ཁོ་ནའོ་ཞེས་ངེས་པར་གཟུང་གི་དེ་དག་ཁོ་ན་ཞེས་བྱ་བ་མ་ཡིན་ཏེ། ་བྱང་ཆུབ་རྣམ་པ་གསུམ་ག་དེ་མེད་ན་མི་འབྱུང་བས་དབང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱིའི་སྒྲར་གསུངས་མོད་ཀྱི། འོན་ཀྱང་བརྡའ་ལ་སོགས་པའི་སྟོབས་ཀྱིས་ཁྱད་པར་གྱིས་དོན་ཡིན་པར་རྟོགས་ཏེ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་དོན་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པར་བསྡུས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་འདི་སྐད་དུ་སྙིང་རྗེ་ཆེན་པོའི་ས་བོན་རབ་ཏུ་སད་པ་ལས་བྱང་ཆུབ་སེམས་པའི་སྡོམ་པ་བླང་བ་ལ་སོགས་པ་དང? ་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་ནས་སྐལ་པ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་བྱའོ་ཞེས་སྨོན་ལམ་བཏབ་ནས་སྒྲུབ་པ་ཕུན་སུམ་ཚོགས་པ་བྱའོ་ཞེས་གཞན་གྱི་དོན་ལ་དམིགས་པ་རྒྱུ ་དང་བཅས་པའི་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་རང་བཞིན་གྱི་སེམས་བསྐྱེད་པ་ཚོགས་ཀྱི་ལམ་ནས་བརྩམས་ཏེ། སའི་རིམ་པས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ཀྱི་བར་དུ་གང་གིས་རྟོགས ་བ་དེ་དག་གི་བདག་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྒྱུ་མ་ལྟ་བུའི་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད་ཅིང་བསྒྲུབ་པར་བྱའོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །ལམ་ཤེས་པ་ལ་སོགས་པ་མ་བསྒྲུབས་པར་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདག་ཉིད་སེམས་བསྐྱེད་པ་རྒྱལ་བའི་སྲས་རྣམས་ཀྱིས་མི་འགྲུབ་པ་མ་ཡིན་ནམ། དེ་བས་ན་དེ་དག་དང་ཇི་ལྟར་འབྲེལ་བར་འགྱུར། ཞེས་ཟེར་ན། གང་ལ་དཔའ་རྣམས་སྤྱོད་པ་ཞེས་བྱ་བ་གསུངས་ཏེ། གང་ལ་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་ལའོ། །མི་མཐུན་པའི་ཕྱོགས་ཀྱི་ཆོས་ཐམས་ཅད་ལས་རྒྱལ་ཞིང་ཉམས་པར་མི་ནུས་པ་ཡོད་པ་ནི་བྱང་ཆུབ་སེམས་དཔའ་སྟེ་དཔའ་བོའོ། །ཆོས་མ་ལུས་པ་ལ་གོམས་པ་དང་ལྡན་པས་ཞུགས་པ་དེ་ལྟ་བུ་ནི་སེམས་བསྐྱེད་པའི་རང་གི ་ངོ་བོ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདི་སྐད་དུ་ཇི་སྐད་བཤད་པའི་སེམས་བསྐྱེད་པ་ལ་མ་གཏོགས་པའི་ཆོས་གཞན་མེད་དེ། གདམས་ངག་ལ་སོགས་པ་ཡང་ཁྱད་པར་གྱི་དོན་བསྟན་པའི་ཕྱིར་སེམས ་བསྐྱེད་པའི་རབ་ཏུ་དབྱེ་བ་ཁོ་ན་ཡིན་ནོ། །དེ་བས་ན་དེའི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཐོབ་པར་བྱ་བ་མ་ལུས་པའི་ཆོས་བསྡུས་ནས་དང་པོར་བསྟན་པར་འགྱུར་རོ། །དེ་ལྟ་ཡིན་ན་ཅིའི་ཕྱིར་སྟོང་ཕྲག་བརྒྱ་པ་ལS ་བྱང་ཆུབ་སེམས་དཔའ་ཨི་ལམ་ཤེས་པ་ལ་སོགས་པ་ཐ་དད་པར་བསྟན་ཅེས་ཟེར་ན། སྨྲས་པ། གང་གི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སངས་རྒྱས་ཀྱི་ཡིན་ཏེ། རྒྱུ་དང་བཅས་པའི་འབྲས་བུ་ཐོབ་པ་ལ་བལྟོས་ནས་བསྟན་པའི་ཕྱིར་གསུངས ་ལ། ཚོགས་ཀྱི་བསྒྲུབ་པར་རབ་ཏུ་དགའ་བ་ལ་སོགས་པ་སའི་ཚོགས་འདུས་མོད་ཀྱི། འོན་ཀྱང་མཐོང་བ་ལ་སོགས་པ་རྒྱལ་བའི་སྲས་རྣམས་ཀྱི་ལམ་མ་ཡིན་ནོ་ཞེས་དོགས་པ་བསལ་བའི་ཕྱིར་གསལ་བར་བཤད་པ་རང་དོན་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་བས་ན ་དེ་ཉིད་ལས་ལམ་ཤེས་པ་ཐ་དད་པར་དཀོལ་ནས་རབ་ཏུ་དགའ་བ་ལ་སོགས་པ་ལ་བདུན་པ་ལ་ཐུག་པའི་པར་ཐ་དད་པར་ལོགས་ཤིག་ཏུ་ལམ་ཤེས་པར་བཞག་གོ་།དེ་ལྟ་བས་ན་ལམ་ཤེས་པ་ལ་ནི་ལམ་ཐམས་ཅད་ཤེས་པར་བྱ་དགོས་པས་ཉན་ཐོས་ལ་སོགས ་པའི་ལམ་སྟོན་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་ཨི་ལམ་བསྟན་པས་ལྡོག་པའི་སྒོ་ནས་ཡང་འཕངས་པའི་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཀྱི་ལམ་ཉན་ཐོས་ལ་སོགས་པའི་ལམ་ཡིན་ནོ། །སྙམ་དུ་དོགས་པ་གསལ་བའི་ཕྱིར་དང། རབ་ཏུ་སྤྲོས་པས ་བདེ་བླག་ཏུ་དོན་རྟོགས་པར་བྱ་བའི་ཕྱིར་ཡང་དེ་ཉིད་ལས་ལོགས་ཤིག་ཏུ་ཐམས་ཅད་ཤེས་པ་ཉིད་ཐ་དད་པར་ས་བདུན་པར་བཞག་སྟེ། ལམ་ལྟར་སྣང་བ་ལ་སོགས་པའི་སྐྱོན་རྣམས་སྤངས་ཏེ་ཀུན་རྫོབ་ཀྱི་བདེན་པ་ཙམ་ལ་བཞག་གོ། གཞན་དུ་ན་དེ་དག་ལ་རྟོགS ་པ་སྐྱེ་བར?་མི་རིགས་སོ། །དེའི་རྗེས་ཐོགས་ལ་རྣམ་པ་དང། ལམ་དང། དངོས་པོའི་ཤེས་པའི་རྣམ་པ་ཐམས་ཅད་བསྡུས་ནས་དབང་དུ་བྱ་བའི་ཕྱིར་ཡང་དང་ཡང་དུ་མངོན་དུ་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང། ལམ་ཤེས་པ་ལ་སོགས་པའི་རང ་བཞིན་ཁྱད་པར་གྱི་ལམ་སྟོབས་ཅན་ས་བརྒྱད་པ་མི་གཡོ་བ་དེའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ་བསྟན་ཏོ། །དེའི་རྗེས་ལ་གཉེན་པོའི་ཚོགས་དང། ངེས་བར་འབྱུང་བའི་སྒྲུབ་པའི་རབ་ཏུ་དབྱེ་བ་རྟོགས་པར་བྱ་བའི་ཕྱིར ་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཁྱད་པར་གྱི་ལམ་དེ་ཉིད་ཡིད་ལ་བྱེད་པ་ནི་ལེགས་པའི་བློ་གྲོས་ལ་སོགས་པས་གཉིས་ནི་རྩེ་མོའི་མངོན་པར་རྟོགས་པ་བསྟན་ཏོ། །དེའི་རྗེས་ཐོགས་ལས་བཅུ་པའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་གནས་སྐབས་སུ་སོ་སོ་ ་དང་བསྡུས་བ་བསྒོམ་པའི་དོན་གྱི་གོ་རིམ་བསྟན་པར་བྱ་བའི་ཕྱིར་རིམ་བ་བཞིན་བྱ་སྟེ། དེ་ཉིད་བསྒོམ་པ་ནི་མཐར་གྱིས་བའི་མངོན་པར་རྟོགས་པའི་མཐར་ཕྱིན་པའོ། །དེ་ནས་གོ་རིམ་བཞིན་དུ་བསྒོམ་པའི་ཆོས་རྣམས་ཤིན་ཏུ་གོམས་པར་བྱས་པས་སྐད་ཅིག་། ་གཅིག་ལ་དེ་ཉིད་ཀྱི་གནས་སྐབས་རྟོགས་པ་དེ་ཉིད་ཀྱི་གནས་སྐབས་རྟོགས་པ་དེ་ཉིད་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་རྫོགས་པ་ཡིན་ནོ། །དེའི་རྗེས་ལ་རྣམ་པ་ཐམས་ཅད་མངོན་དུ་བྱེད་པ་ཆེར་དུ་བྱ་བ་གསུམ་མངོན ་དུ་བྱས་ནས་རྟོགས་པ་དེ་ཉིད་ནི་སངས་རྒྱས་ཀྱིས་ཀུན་ཏུ་འོད་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་མཐར་ཕྱིན་པ་ཡིན་ནོ། །དེ་ལྟ་བས་ན་སེམས་བསྐྱེད་པ་སྒྱུ་མ་ལྟ་བུའི་རང་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་དང་མངོན་པར་རྟོགས་པ་བརྒྱད ་བསྡུས་ཏེ། དེ་ལྟར་ལུང་ལས་ངེས་པ་ཡིན་ནོ། །རིགས་པ་ལས་ཀྱང་རྟོགས་པར་བྱ་སྟེ། འདི་ལྟར་གང་ཡོད་པར་དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་ནི་ཡོད་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་ཤེས་པའི་ངོ་བོ་བཞིན་ནོ། །སྔོན་པོ་ལ་སོགས་པ་ཡང་ཡོད་པར ་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས། །པ་ལང་རྗེའི་སྐྱེ་བོ་ཡན་ཆད་ཀྱི་ཉམས་སུ་མྱོང་བར་གྲུབ་པའི་ཕྱིར་མ་གྲུབ་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ། །དེ་ལྟ་བུའི་དོན་ཀྱང་འགེཌ ་ན་ནི་ཡོད་པའི་ཐ་སྙད་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ་ཞེས་བྱ་བའི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོང་བས་མ་ངེས་པའི་གཏན་ཚིགས་ཀྱང་མ་ཡིན་ནོ། །དེ་ལས་ན་ཕྱིའི་དོན་ཡོད་པར་འགྲུབ་བོ་ཞེས་ཟེར་ན་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་རིག་པ་ན་གང ་རིག་པའི་ཐབས་མེད་པ་དེ་ནི་རིག་པ་མ་ཡིན་ཏེ། སྔོན་པོ་རིག་པ་ན་སེར་པོ་མི་རིག་པ་བཞིན་ནོ། །ཡང་ཤེས་པའི་བདག་ཉིད་རིག་པར་གྱུར་ན་མངོན་པར་འདོད་པའི་ཕྱིའི་དོན་རིག་པའི་ཐབས་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་བ་མི་དམིགས་པའོ། །གང་ཉེ་བའི ་རྒྱུ་མཚན་མེད་པས་ན་རྣམ་པ་མེད་པས་ཀྱང་མ་ཡིན་ནོ། །ཤིན་ཏུ་ཐལ་ཆེས་པའི་ཕྱིར་གཞན་གྱི་རྣམ་པས་ཀྱང་མ་ཡིན་ནོ། །མེད་ན་མི་འབྱུང་བ་མེད་པས་འཁྲུལ་པ་སྲིད་པའི་བྱེད་རྣམ་པ་དང་བཅས་པས་ཀྱང་མ་ཡིན་ནོ། །ཕྱོགས་གཞན་གང་མི་སྲིད་པས་ཤེས་པ ་གཞན་མེད་པས་དོན་རིག་པའི་ཐབས་མེད་པའི་ཕྱིར་མ་གྲུབ་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ་ཡང་མ་ཡིན་ནོ། །རིག་པའི་ཐབས་མེད་པ་ཡང་རིག་ན་ནི་ཐམས་ཅད་ཀྱང་རིག་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་བཟློག་ན་གནོད་པ་ཅན་གྱི ་ཚད་མ་ཡོན?་པས་མ་ངེས་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་སྔར་གཏན་ཚིགས་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ལས་བཟློག་པར་གྲུབ་པས་འགལ་བ་ཡིན་ཏེ། རྣམ་པར་ཤེས་པ་དེ་ཉིད་མ་རིག་པའི ་སྟོབས་ཀྱིས་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བ་རིག་པ་ཡིན་ནོ། །ཤེས་པ་ཙམ་གྱི་ངོ་བོར་འདུས་པས་གཉིས་མེད་པ་ཉིད་དུ་འགྲུབ་བོ་ཞེས་ཟེར་ན། དེ་ལྟར་མོད་ཀྱི་འོན་ཀྱང་དེར་སྣང་བ་ལས་ཐ་དད་པར་གྲུབ་པའི་མཛའ་སོཌ་པ་ལ་བརྟེན་ཏེ་དེ་ཁོ་ན་ཉིད་ལ་སོཌ་པའི ་ཆོས་གཞན་ཡོངས་སུ་རྟོཌ་གི་།འོན་ཏེ་མ་ཡིན་པར་རྟོག་གྲང་ན། གལ་ཏེ་ཕྱོཌ་དང་པོ་ཡིན་ན་ནི་གང་ཞིག་ཕྱིན་ཅི་མ་ལོག་པའི་རྣམ་པར་ཤེས་པ་དེ་ནི་སྒྲོ་བཏགས་པའི་ཆོ་གཞན་འཛིན་པ་མ་ཡིན་ཏེ། ནོར་བུའི་གཟུགས་ལ་སོགས་པ་ལམ་འཁྲུལ་པའི་ཤེས་པ་བཞིན ་ཤེས་པ་འདི་ཡང་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །སྒྲོ་བཏགས་པ་མ་ལུས་པས་དབེན་པ་རྟོགས་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་བདག་ཉིད་ལ་ཡོད་པ་ཙམ་དུ ་ཉམས་སུ་མྱོང་བས་མ་གྲུབ་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །སྒྲོ་བཏགས་པའི་ཆོས་འཛིན་པའི་ཕྱིར་རང་གི་ངོ་བོ་རིག་པར་མི་འགྱུར་བའི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོད་པས་གཏན་ཚིགས་མ་ངེས་པ་ཡང ་མ་ཡིན་ནོ། །ཕྱོགས་གཉིས་པ་ཁས་ལེན་དེའི་ཚེ་སྣང་བའི་དོན་ལ་བསྙོན་རྟོལ་བྱ་བར་མི་ནུས་པ་སྒྲོ་བཏགས་པའི་ཆོས་ཀྱིས་དབེན་པ་དོན་ཙམ་རྟོགས་པ་འདི་ཉིད་དུ་ཤེས་སོ་བྱ་བ་ནི་མིང་ཙམ་ལ་རྩོད་པས་འདི་ནི་གྱི་ནའོ། །གཉིས་སུ་མེད་པ་འམ་གཉིས ་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་སྙིང་པོ་མེད་དེ། དོན་འདི་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དེ་ལྟར་སེམས་བསྐྱེད་པ་ཙམ་གྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྱུ་མའི་རང་བཞིན་དུ་ལུང་དང་རིགས་པ་མདོར་བསྡུས་པས ་བསྒྲུབས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ཡིན་ནོ། །གང་དེ་ལྟ་ཡིན་ན་ཇི་ལྟར་ཆོས་འདི་ཉིད་རྟོགས་པ་དང་མི་ལྡན་པས་སྟོང་ཕྲག་བརྒྱ་པ་ལ་སོགས་པར་འཕགས་པ་རབ་འབྱོར་ལ་སོགས་པས ་མངོན་པར་རྟོགས་པ་བརྒྱད་སྟོན་པ་ལ་དབང་བྱེད་ཅེས་ཟེར་ན། དེ་བཞིན་གཤེགས་པའི་མཐུ་ཉིད་ཡིན་པར་དཔེ་སྔོན་དུ་འགྲོ་བས་ལན་དུ། འཛམ་བུའི་གླིང་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ནས་བྱང་དུ་རི་ནག་པོ། དགུ་འདས་གངས་རིའོ་དེ་ནས ་ནི། སྤོས་དང་ལྡང་བའི་ཚུ་རོལ་ན་།ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ་ཞེས་བྱ་བས་བསྟན་ཏེ། མ་དྲོས་པའི་པའི་མཚོ་ལས་ཤར་ནས་ནི་གངྒཱའོ། །ལྷོ་ནས་ནི་པཀྵུའོ། །ནུབ་ནས་ནི་སིནདྷུའོ། །བྱང་ནས་ནི་སི་ཏ་སྟེ་།དེའི་མཐུས་མངོན་སུམ་དང་བརྒྱུད་པ་ལས་འདུས་པའི ་ཕྱིར་ཆུ་ཀླུང་ཇི་སྙེད་ཅིག་ཅེས་བྱ་བ་གསུངས་ཏེ། འདི་ལྟར་ཆུ་ཀླུང་ཇི་སྙེད་ཀྱི་རྒྱུན་འཛམ་བུའི་གླིང་འདིར་འབབ་ཏེ། མཚོའི་མཛའ་མན་འཛམ་བུའི་ཤིང་གནས་པས་ཉེ་བར་མཚོན་པ་རྒྱ་མཚོ་ཆེན་པོའི་ཆུའི་ནང་ན་གནས་པའི་ངོས་ཀྱི་ཆ་སོགས་ཀའི་ངོས ་གསུམ་ལ་ནི་སྟོང་ཕྲག་གཉིས་གཉིས། གཅིག་ལ་དཔག་ཚད་ཕྱེད་དང་བཞི་དང་བཅས་པ་ནི་ཆུ་ཞེང་གི་ཚད་དེ། དེ་ཐམས་ཅད་ནི་ཆོས་མངོན་པ་ཅིག་ལས་བསྟན་ཏོ། །མངོན་པར་གཞན་དང་གཞན་ལས་ནི་གཞན་ཏེ་ཚང་མི་མཐུན་པར་བསྟན་ཏོ། །འཛམ་བུའི ་གླིང་ལ་སོགས་པའི་སྣོད་བཞག་པ་ཐེག་པ་ཆེན་པོའི་མདོ་ལས་རྣམ་པར་བཞག་པའི་ཚད་ཤིན་ཏུ་མི་འདྲ་སྟེ། འདིར་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཇི་ལྟར་གཞན་དང་གཞན་མི་བཀའ་ཞེས་ན་།སྨྲས་པ་གང་གི་ཕྱིར་ཕྱིའི་དངོས་པོ་ཡོད་སུམ་གྲུབ་པས ་ཀུན་རྫོབ་སོ་སོར་སྣང་བ་ལ་གླིང་རྣམ་པར་བཞག་སྟེ། ཇི་ལྟ་ཇི་ལྟར་སོ་སོར་སྣང་བ་དེ་ལྟ་དེ་ལྟར་རྣམ་བར་བཞག་སྟེ་འགལ་བ་མེད་དོ། །ཆུ་ཀླུང་གི་བྱ་བ་ཇི་ལྟ་བུ་ཡིན་པ་ནི་མེ་ཏོག་འབྲས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་ཏོག་དང་འབྲས་བུ་དང་ལྡན་པ་ནི་ཨ་མ་ལ་སོཌ ་པའི་ཤིང་ངོ། །འབྲས་བུ་སྨིན་ནས་སྐམ་པའི་ཕྱིར་སྨན་ནི་ཤིང་ལ་སོགས་པའོ། །འབྲས་བུ་འབའ་ཞིག་འབྱུང་བའི་ཕྱིར་ནགས་མ་སྟེ། ཨུ་དུམ་ཝ་ར་ལ་སོགས་པའོ། །དེ་དག་སྐྱེད་བྱེད་ནི་གསོ་བར་བྱེད་པ་དང། འཕེལ་བར་བྱེད་པ་ཞེས་བྱ་བའི་བར་དུའོ། །གང་གི ་མཐུས་འབབ་བ་ཅན། ཀླུ་དབང་ལ་སོགས་པ་གསུངས་ཏེ། ཀླུ་ནི་སྤྲུལ་གྱི་ཚོགས་སོ། །དབང་པོ་ནི་བདག་པོ་སྟེ་།ཀླུའི་རྗེ་བོ་དེ་ཉིད་ནོར་རྒྱས་ལ་སོགས་པ་དེ་རྣམས་ནི་བདག་པོའི་གཙོ་བོ་སྟེ། གཞན་ནི་མ་ཡིན་ནོ། །རྟེན་ནི་ཡན་ལག་བརྒྱད་དང་ལྡན་པར་འབྱུང་བས་ཚ་བ་འཇོམS ་པས་ནམ?་གྲོས་པ་སྟེ། བདག་ཉིད་ཀྱི་ཁྱིམ་ཡིན་ནོ། །དེའི་མཐུན་ནུས་པའོ། །དཔལ་དང་ལྡན་སྟེ། ཀླུ་རྣམས་ཀྱི་ནང་ན་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་ཏེ། བྱེ་ཚན་གྱི་འཇིགས་པ་ལ་སོགས་པ་ལས་འདས་ཏེ་རང་དབང་ཐོབ་པས་ན་བདག་པོ་སྟེ། མ་དྲེས་པ་ཞེས ་བྱ་བའི་དོན་ཏོ། །དཔེ་བསྟན་ནས་དོན་ནི་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་རྒྱལ་བཻ་ཉན་ཐོས་བ་དག་མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པའི་མཚན་ཉིད་ཇི་སྙེད་ཀྱི་ཆོས་མངོན་སུམ་དང། རྗེས་སུ་དབག་པ་དང། ལུང་གི་ཚད་མ ་དང་ལྡན་པ་ཉིད་ནི་རིགས་པ་དང་ལྡན་པ་སྟེ་ཐོས་པ་དང། བསམས་པ་དང། བསྒོམས་པའི་ཤེས་རབ་བསྐྱེད་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྟོན་པར་བྱ་བ་དང། འཆད་བར་བྱེད་པ་དང། རྗོད་བར་བྱེད་བ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། ་མཆོག་འཕགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་མཆོག་ཉིད་དོ། །བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པ་སྤངས་པས་མཆོག་སྟེ་སངས་རྒྱས་བཅོམ་ལྡན་འདས་སོ། །བདེ་བ་བྱེད་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ་ཐེག་པ་ཆེན་པོར་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་དང་འབྲེལ་པར་མི་རིགས་ཏེ་བཀག་པའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་དེ་ཉིད་དེ་ཡིས་མདོ་སྡེ་ལ་སོགས་པའི་ཆོས་བསྟེན་བས་གཞན་དང་གཞན ་རྒྱུད?་པས་གཙོ་བོ་ཡིན་པའི་ཕྱིར་འབྲས་བུ་སྟེ། ཐོས་པ་ལ་སོགས་པའི་ཤེས་རབ་བསྐྱེད་ནས་ཐོས་བས་ན་དེའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཉན་ཐོས་ཀྱི་རང་དབང་གིས་ཀྱང་དོན་ཏེ་སྟོན་པ་ཡིན་ནོ་ཞེ་ན། དེ་དག་ཀུན་ཀྱང་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཀུན་ཀྱང་ནི་ཉན་ཐོས་ཀྱི་ཆོས་བསྟན་པ་ལ་སོགས་པའོ། །ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཐུགས་སུ་ཆུད་པས་སམ། ཇི་ལྟ་བ་ཉིད་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་སྟེ་དེའི་བྱིན་གྱིས་རླབས་ནི་འཇུག་པའི་རྒྱུ་ཉིད་ཡིན་ཏེ། ་སྐྱེད་བུའི་བྱེད་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཉན་ཐོས་ཀྱིས་ཀྱང་རང་གི་ཆོས་ཉིད་མངོན་དུ་བྱས་པ་མ་ཡིན་ནམ། དེ་ལྟ་བས་ན་རང་གི་ནུས་པ་ཉིད་ཀྱིས་རང་གིས་ཀྱང་རང་གི་ཐེག་པ་ཅིའི་ཕྱིར་སྟོན་པ་ལ་སོགས་པར་མི་བྱེད་དོ། དེ་ཐམས་ཅད ་དེ་བཞིན་གཤེགས་པའི་མཐུ་ཡིན་པར་བརྗོད་ཅེ་ན། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཞེས་བྱ་བ་ནི་ནང་གི་རྒྱུས་ནུས་པ་ཡིན་པར་རྟོགས་ཞེས་བྱ་བའི་དོན་ཏོ། །ལན་དུ་རྒྱལ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སྡིག ་པའི་ཆོས་ལས་རྒྱལ་བ་ནི་རྒྱལ་བ་སྟེ་བཅོམ་ལྡན་འདས་སོ། །ཆོས་ནི་གང་ཟག་ལ་བདག་མེད་པའི་བདག་ཉིད་དོ། །ཚུལ་ནི་ཉན་ཐོས་ཀྱི་ལུང་གི་ཆོས་ཉིད་དེ། གང་བསྟན་པ་ནི་གསལ་བར་བྱས་པའོ། །ཡང་དག་པའི་ལམ་དུ་ཞུགས་པ་ཉིད་ཀྱིས་ཤིན་ཏུ ་ཁྱད་པར་དུ་འཕགས་པའི་མའི?་གྱུར་པ་ནི་མི་མཆོག་གོ་།དབང་པོ་ཉིད་ལ་དབང་བར་གྱུར་ཞེས་བྱ་བའི་རིགས་པས་རང་གི་སྟོན་པ་ཡིན་པར་ཁས་བླངས་པའི་ཕྱིར་སློབ་པར་གྱུར་པ་སྟེ་འཕགས་པ་རབ་འབྱོར་ལ་སོགས་པའོ། །དེ་ལ་མངོན་དུ་ཕྱོགས་པས ་ཐོས་པའི་ཤེས་རབ་བསྐྱེད་པ་ནི་བསླབས་ཤིང་ངོ། །ཡང་ན་མི་མཆོག་ནི་དེ་བཞིན་གཤེགས་པ་སྟེ། དེའི་སློབ་མ་ཡིན་པར་གྱུར་པའོ། །དེས་རང་གི་རྟོགས་པའི་ཆོས་ཉིད་མངོན་སུམ་དུ་བྱས་ཤིང་གྱིས་བསླབ་པས་ཇི་བཞིན་དུ་ལུང་གི་ཆོས་ཀྱི་རང་བཞིན་རྟོགས་པ ་དང་མི་འགལ་བར་སངས་རྒྱས་ཀྱི་མཐུས་སྟོན་པར་བྱེད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ཉིད་ཀྱི་མཐུ་ཡིན་གྱི་རང་གི་མཐུས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་འདི་སྐད་དུ་བསྟན་པ་ཡིན་ཏེ། རྟག་ཏུ་མཉམ་པར་བཞག་པའི་ཐབས་ལ་མཁས་པ་དང ་བྲལ་བས་དོན་རྟོགས་པའི་ཡུལ་གྱི་ཆོས་ཀྱང་རང་གི་རྟོགས་པ་དང་མི་འགལ་བར་སྟོན་པར་མི་ནུས་ན། ཕུལ་དུ་བྱུང་བ་ཉིད་ཀྱིས་རྟོགས་པའི་དོན་གྱི་ཡུལ་བདེ་བར་གཤེགས་པའི་སྲས་ཀྱི་ལམ་དུ་གྱུར་པ་ལྟ་ཅི་སྨོས། དེ་བས་ན་སངས་རྒྱས་ཀྱི་ཚེ་བའི་བདག ་ཉིད་ཀྱི་མཐུས་མངོན་པར་རྟོགས་པ་བརྒྱད་སྟོན་པ་ལ་དབང་བ་ཡིན་ནོ། །དེ་སྐད་དུ། རང་གི་རྟོགས་པའི་རྗེས་འབྲངས་ནས། །ཅི་ཞིག་ཙམ་ནི་དཔག་པར་ནུས། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་བཤད་པ་ནི་དཀའ་བ་ཡིན་ཞེས་གསུངས་པའི་རིགས་པS ་ཉན་ཐོས་ཆེན་པོ་རྣམས་ཀྱི་དཔྱད་ནས་ཀྱང་བསྟན་པར་མི་ནུས་སོ་ཞེས་བྱའོ། །ཞར་ལ་བྱུང་བ་བརྗོད་ནས་དེ་ནི་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐབས་ལ་ཇི་ལྟར་བབ་པའི་བསླབ་པར་བྱ་བའི་གདམས་ངག་བསྟན་བར་བཞེད་ནས་གང?་ལ་ཞེས་བྱ་བ་ལ ་སོགས་བ་གསུངས་ཏེ། རིགས་པའི་སྟོབས་ཀྱིས་གང་ལས་སྤྱིར་དངོས་པོ་མ་ལུས་པ་སྒྱུ་མ་ལྟ་བུར་སྟོང་པ་ཉིད་དུ་གནས་པས་ཆོས་དང་གང་ཟག་གི་གཉན་པོའི་རང་བཞིན་གྱི་ཤེས་རབ་ཡང་དག་པར་བདག་མེད་པར་ཤེས་པའི་མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ་།རྣམ་པ་ཐམས་ཅད་དུ་གདམས་པའི་ངོ་བོ་ཡོངས་སུ་གཅོད་བ་མི་སྲིད་པས་མི་དམིགས་པ་དང་སྙིང་རྗེའི་གཞན་གྱི་དབང་གིས་ཕྱིན་ཅི་མ་ལོག་པའི་ལམ་སྟོན་ཅིང་འདོམས་པར་བྱེད་པ་བྱང་ཆུབ ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔས་བསྐྱེད་བ་སྟེ། བསྐྱེད་པ་དེ་མི་དམིགས་སོ་ཞེས་བྱ་བར་སྦྱར་རོ། །ཀྱང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་ཏེ། སྡུད་པའི་དོན་ཡིན་པའི་ཕྱིར་རོ། །གང་དེ་ལྟ ་?་གདམས་ངག་མེད་པས་ཇི་ལྟར་གདམས་ཤེ་ན། དེ་སྐད་ཐོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱེད་པ་པོ་དང་ལས་དང། བྱ་བ་མི་དམིགས་པར་བསྟན་མ་ཐག་ཏུ་ཐོས་པ་ན། བྱང་ཆུབ་སེམས་དཔས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད ་བ་?་ཁང་ཆེན་གྱི། །སྟོང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བྱ་བར་རྟོགས་པར་བྱས་ནས་ཀུན་རྫོབ་ཀྱི་བདེན་པ་མེད་པ་མ་ཡིན་པས་མི་འཇིགས་པར་བསྒྲུབས་ནས་རྨོངས་པ་མེད་པར་བྱའོ། །དོན་དམ་པའི་བདེན་པ་ལ་ཡང་ཚད ་མས་གྲུབ་པའི་ཕྱིར་མི་སྐྲག་སྟེ། །སྐྲག་པའི་གནས་མེད་པས་སྐྲག་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་བདེན་པ་གཉིས་རྟོགས་པས་འཇིགས་པ་མེད་པའི་ཕྱིར་རོ། ། ་འདིས་ནི་སྟོང་པ་ཉིད་ཀྱི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་ལ་སོགས་པས་ཡང་དག་པར་ཐོབ་པ་ཡོངས་སུ་བསྲུང་བའི་ཕྱིར་དང། མངོན་པར་འཕེལ་བར་བྱ་བའི་ཕྱིར་སྐྱེད་པར་བྱེད་པ་ནི་ཁྱད་པར་དུ་འཕགས་པའི་གང་ཟག་གི་བསླབ་པ་ནི་གདམས་ངག་ཡིན་ནོ་ཞེས ་བསྟན་པར་འགྱུར་རོ། །གདམས་ངག་ཐོས་པའི་ལས་དང་པོ་པས་དད་པ་ལ་སོགས་བའི་ཆོས་གོམས་པར་བྱས་ནས་ཚོགས་ཀྱི་ལམ་ཐོབ་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དམིགས་པ་དང་།རྣམ་པ་དང་།རྒྱུ་དང་།ཡོངས་སུ་བཟུང་བས་ཁྱད་པར་དུ་འཕགས ་པ་དང། རྣམ་པར་རྟོག་པ་བཞི་དང་ལྡན་པ་ཆུང་དུ་དང། འབྲིང་དང་།ཆེན་པོའི་བྱེ་བྲག་གིས་ཁྱད་པར་དུ་འཕགས་པ་བརྗོད་པར་བྱའོ། །དེ་དག་ལས་དང་པོར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེའི་སྔ་རྟགས་ཡིན་པའི་ཕྱིར་དྲོ་བ་རྟོགས་པས་ན་དྲོ ་?་པ་སྟེ། དེའི་དམིགས་པ་བསྟན་པའི་ཕྱིར་།གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་སུ་རུང་བ་ནི་གཟུགས་ཀྱི་མཚན་ཉིད་དོ། །ཉམས་སུ་མྱོང་བ་ནི་ཚོར་བའི་མཚན་ཉིད་དོ། །མཚན་མར་འཛིན་པའི་བདག་ཉིད་ཡིན་བས་ན་འདུ་ཤེས་སོ། །སེམས་? ་བར་འདུ་བྱེད་པའི་རང་བཞིན་ནི་སེམས་པ་སྟེ། གཙོ་བོ་ཡིན་པས་ཉེ་བར་མཚོན་པ་ཡིན་པའི་ཕྱིར་སྟེ། འདུ་བྱེད་གཞན་དག་ཀྱང་བཟུང་བར་བྱའོ། །རྣམ་པར་ཤེས་པ་ནི་རྟོགས་པའི་མཚན་ཉིད་དེ། དེ་རྣམས་དམིགས་བ་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། ་དེ་ལྟ་བསམ་ཀུན་རྫོབ་ཉམས་སུ་མྱོང་བའི་དོན་བཀག་ན་མངོན་སུམ་ལ་སོགས་བར་གནོད་པར་འགྱུར་བས་ན་སྣང་བ་ལས་གཞན་ནི་རིགས་པས་མ་གྲུབ་པའི་ཕྱིར་མི་རྟག་བ་ལ་སོགས་པའི་ཁྱད་བར་གྱི་རང་བཞིན་ལ་སོགས་པ་དམིགས་པ་ཡིན་པས་བསྟན ་པར་འགྱུར་རོ། །རྣམ་པ་གང་ཞིག་ཡིན་ཞེ་ན། གནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པའི་མངོན་པར་ཞེན་བ་སྟེ། རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་སྐྱེ་བ་མེད་པའི་མངོན་པར་ཞེན་པ་མེད་པ་ནི་རྣམ་པ་ཡིན ་པར་བསྟན་པར་འགྱུར་རོ། །ཅིའི་ཕྱིར་དེའི་རྒྱུ་ཡིན་ཞེ་ན། དེ་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་དམིགས་བ་དང་རྣམ་པར་གྱུར་པ་གཟུགས་ལ་སོགས་པའི་ཆོས་ཀུན་གྱི་མཚན་ཉིད་དམིགས་པ་དང་བྲལ་བས་མི་གནས་ཏེ། མངོན་བར་ཞེན་པ ་མེད་པའི་སྟོབས་ཀྱིས་གནས་བ་མེད་པར་དོན་སྤྱོད་དེ་།དེས་པར་གནས་བ་མེད་པར་སྤྱོད་པ་ནི་ངོ་བོའོ། །ཆུང་དུ་དར་འབྲིང་དང་ཆེན་པོའི་དབྱེ་བ་རྟོགས་པ་ནི་བྱང་ཆུབ་ཐམས་ཅད་ཀྱི་རྒྱུ་ཉིད་དོ། བྱང་ཆུབ་ཅིག་སྟོན་པར་མི་བྱེད་པའི་ཕྱིར་ཡོངས་སུ་བཟུང་བ་མེད་དོ། །ཐོབ་བ་ནི ་རྒྱུ་ཐོབ་ན་འབྲས་བུ་ཐོབ་པར་འགྱུར་བར་དགོངས་པ་ཡིན་ནོ། །བདེ་གཤེགས་ནི་ཉོན་མོངས་པའི་སྟོབས་ཀྱིས་འཁོར་བར་སླར་མི་ལྡོག་པའོ། །ཉན་ཐོས་དང། རང་རྒྱལ་དང་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམས་ལས་སྐལ་བ་ཇི་ལྟ་བ་བཞིན་ ་དུ་གང་རུང་པ་ཞིག་ཕྱིན་ཅི་མ་ལོག་བར་རྟོགས་བའི་རྒྱུ་ཉིད་དུ་བསྟན་པར་གྱུར་བ་ཡིན་ནོ། །ད་ནི་དྲོ་བའི་རྗེས་ཐོགས་ལ་དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་རྩེ་མོར་གུར་པ་སྟེ། དེའི་དམིགས་བ་བསྟན་པའི་ཕྱིར། ཇི་ལྟ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གཟོ་སྦྱངས་ཞེས་བྱ་བ་ནི་མུ་སྟེགས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་ཕྱིར་ཀུན་ཏུ་རྒྱུ་སྟེ། དེས་རང་གི་བསྟན་པའི་རྒྱུ་མཚན་གྱིས་གྲོལ་བར་མི་རིགས་པར་ངེས་པར་ཤེས་པ་ཡིས་ཕྱིས་བསྟན་པ་འདི་ལ་ཞུགས་ནས་རྟོགས ་པའི་རང་བཞིན་ཤེས་པ་ཙམ་དམིགས་པ་རྣལ་འབྱོར་སྤྱོད་པ་པས་ཡོངས་སུ་བཏགས་པ་དང། ཕྱི་རོལ་ཏུ་གྱུར་པའི་གཟུགས་ལ་སོགས་པའི་ཕུང་པོ་མེད་སྡེ་པས་རྣམ་པར་བཞག་པ་ལས་གཅིག་དང་སུམ་དང་གྲལ་པ་ལས་རྣམ་པར་ཤིག་ནས། དམིགས ་པ་མེད་པར་བརྟགས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ཕྱོགས་གཅིག་ཏུ་ལྟུང་བས་སྐྲག་པའི་ཕྱིར་སོ་སོར་རྟོགས་པར་འབྱུང་བ་ལྟར་རོ། །འན?་གི་སྒྲ་ནི་དེས་པར་གཟུང་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཕྱིའི་བདག་ལ་སོགས་པའི? ་ཆོས་ཀུན་ཡོངས་སུ་ཤེས་པ་ཁོ་ན་ཉིད་ཀྱི་རྣམ་པས་མྱ་ངན་ལས་འདས་ལ་མི་རེག་སྟེ། ཀུན་རྫོབ་ཀྱི་ཐབས་ལ་མཁས་པའི་སྟོབས་དང་ལྡན་པའི་ཕྱིར་རོ། །མི་རེག་པ་ནི་མི་དམིགས་པའོ། །དོན་དམ་པའི་སྟོབས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གནས ་ཏེ་ཆོས་ཀྱི་དམིགས་པའོ། །འདིས་ནི་མཚན་མ་མེད་པས་ཁྱད་དུ་འཕགས་པའི་ཕྱིར་གཟུགས་ལ་སོགས་པ་མི་དམིགས་པས་འདི་འབྲས་བུ་དང་བཅས་པ་ཡིན་ནོ། །རྣམ་པ་གང་ཞེ་ན། ཤེས་རབ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས ་ཞེས་བྱ་བ་འདི་དག་གི་ནད་ནས་གང་ཡིན། འོན་ཏེ་རྫས་སམ་ཡོན་ཏན་ནམ། ལས་སམ། སྤྱི་འམ། ཁྱད་པར་དམ། འདུ་བ་འམ། སུའི་ཡིན། ཅི་བདག་གམ་གཟུགས་ལ་སོགས་པ་དང་འབྲེལ་བ་ཡིནྣམ། གང་ལ་སྟེ། ཅི་བདག་ལ་འམ། ཆོས་ལའམ་།གང ་ལས་སམ་།ཆོས་ལས་ཡིན་ཏེ། འོན་ཀྱང་འདི་དག་ནི་སྙིང་པོ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་མ་སྐྱེས་པའི་ཕྱིར་རོ། །ཅིའི་སྒྲ་ཐམས་ཅད་དང་སྦྱར་བར་བྱ་སྟེ་།འདི་ནི་བདག?་གི་ཕྱིར་ཡང་མ་ཡིན། སུའི་ཡང་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱིས་ཡོངས་སུ་རྟོག་གོ་།ཉེ་བར ་རྟོག་པ་དེ་དག་ཉེ་བར་རྟོག་བ་སྟེ་རྣམ་པར་དཔྱོད་པའོ། །ཡང་རྣམ་པ་སྣ་ཚོགས་པ་འདི་དག་ལ་རྗེས་སུ་དམིགས་ནས་བྱང་ཆུབ་སེམས་དཔའ་འཇུག་པར་བྱེད་པ་དེ་རྣམ་པ་ཡིན་པར་བསྟན་པར་འགྱུར་རོ། །ཅིའི་ཕྱིར་རྒྱུ་ཡིན་ཞེ་ན། ཉེ་བར་བརྟགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་དམིགས་པ་དང་རྣམ་པ་བསྟན་པའི་རྗེས་སུ་རྣམ་པ་སྣ་ཚོགས་པའི་ཆོས་ཐམས་ཅད་སྟོང་བ་ཉིད་དུ་ཡོངས་སུ་བརྟགས་ནས་ཞུམ་པ་མེད་དོ། །རིགས་པ་དང་ལྡན་པའི་ཕྱིར་སྐྲག་པ་མེད་དོ། །དེ་ཡང་དེ་ཁོ་ན་ཉིད་ལ་ཕྱིན་ཅི་མ་ལོག་པར་ཞུགས་པ་ནི་རྩེ་མོ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའི ་དབྱེ་བ་རྟོགས་བར་ཉན་ཐོས་ལ་སོགས་པ་བྱང་ཆུབ་གང་ཡང་རུང་བ་ཐོབ་པ་ནི་བྱང་ཆུབ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཉེ་བར་གྱུར་པ་ཡིན་ཏེ། རྒྱུར་གྱུར་པ་ཡིན་པར་བསྟན་ཏོ། །རྩེ་མོའི་རྗེས་ལ་ད་ནི་བཟོད་པ་སྟེ། ཉམས་པ་མེད་པར་ཆོས་ཆེན་པོ་ལ་བཟོད་ཀྱི་ཕྱིར་བཟོད་བར ་གྱུར་པཱི་དམིཌ་བ་བསྟན་བཱི་ཕྱིར་།གལ་ཏེ་ཞེས་བྱ་བ་ལ་སོཌ?་འབུམ?་པ?་ཏེ། གལ་ཏེ་མི་ཤེས་པར་སྤྱོད་པ་ནི་བདག་མེད་བར་རྟོགས་པ་ལ་སྤྱོད་བ་མེད་པའོ། །ཡོངས་སུ་རྟོགས་པ་ནི་ཀུན་ཏུ་རྟོག་པའོ། །མཚན་མ་ལ་སྤྱོད་པ་ནི་བཟློག་པ་ལ་སྤྱོད་པའོ། །འདི་སྐད་དུ་ཆོས་ཉིད་རབ་ཏུ་མི་ཤེས་པར ་གཟུགས་ཀྱི་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་ནས་རྣམ་པར་ཤེས་པའི་བར་ལ་སྤྱོད་པ་དེ་ནི་སྨིག་རྒྱུ་ལ་སོགས་པའི་ཤེས་པ་བཞིན་དུ་ཚད་མས་གནོད་པའི་ཕྱིར་རོ། །དམིགས་པ་ནི་མཚན་མ་ལ་སྤྱོད་པའོ་ཞེས་བྱ་བར་འབྲེལ་ཏོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་གཟུཌ ་ཀྱི་ཕུང་པོ་འདི་སྟོང་ཞེས་བྱ་བར་ཡོངས་སུ་རྟོག་ཅིང་མངོན་པར་ཞེན་ནས་གལ་ཏེ་ཆོས་ཀྱི་རང་བཞིན་ཡིན་པར་རྟོག་ནའང་སྤྱོད་པ་མ་ཡིན་ཏེ་།སྟོང་པ་ཉིད་དུ་མངོན་པར་ཞེན་བ་དེ་ལ་ཡང་ཚད་མས་གནོད་པའི་ཕྱིར་མཚན་མ་ལ་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་དངོས་དང་དངོས་པོ ་མེད་པའི་རང་བཞིན་ལ་མངོན་པར་ཞེ་ན་ནས་བཟློག་པར་བྱའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སྐྱེ་བ་མེད་གནས་ཉིད་ཡིན་ཏེ་མཐོང་བའི་ལམ་ལ་སོགས་པ་ལ་བརྟེན་པའི་ཕྱིར་གནས་ལ་ཆགས་ཤིང་མངོན་པར་ཞེན་པ་མེད་པ་ནི་སྤྱོད་པ་ཡིན་ནོ། ་བཟློག་པ་ནི་མ་དང་པའོ། །དེ་བས་ན་གཅིག་ཏུ་རང་བཞིན་སྤངས་པ་ལས་རང་བཞིན་མེད་པའི་ཁྱད་པར་དུ་འཕགས་པའི་གཟུགས་ལ་དམིགས་པ་ནི་སྤྱོད་པ་ཡིན་ཏེ། དམིགས་པ་ཡིན་པར་སྟོན་ཏོ། །རྣམ་བར་གང་ཞིག་ཡིན་ཞེ་ན། གང་གཟུགས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གང་ཞིག་གིས་སྐྱེ་བ་མེད་པས་གནས་པ་མེད་པར་སྤྱོད་པ་ཡིན་ཏེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་གཟུང་བར་མངོན་པར་ཞེན་པར་མི་སྤྱོད་ཅིང་གནས་པ་མེད་པར་སྤྱོད་པའོ། །གཟུང་བ་མེད་པས་འཛིན་པ་མི་དམིགས་པར་སྤྱོད་པའི་བྱང ་ཆུབ་སེམས་དཔའ་དེ་ནི་ཡང་སྤྱོད་པ་མ་ཡིན་ནོ་ཞེས་བརྟག་པར་མི་བྱ་སྟེ། ཤེས་རབ་ཀྱིས་གཟུགས་ལ་སོགས་པའི་རང་བཞིན་མེད་པའི་རྣམ་པར་དམིགས་པས་མཚན་མའི་རྣམ་པ་ཐམས་ཅད་ཀྱིས་རབ་ཏུ་མི་གཡོ་བའི་ཕྱིར་ཤེས་རབ་བསྟན་པ་ཞེས་བྱའོ། ། ་དེས་ནི་རནམ་པར་གྱུར་པ་བསྟན་ཏོ། །ཅིའི་ཕྱིར་དེ་ལ་རྒྱུ་ཞེས་བྱ་ཞེ་ན། སྐྱེ་མེད་བློ་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་དམིགས་པ་དང་རྣམ་པ་དག་སྐྱེ་བ་མེད་པར་རྟོགས་པ་ནི་བློ་སྟེ། དེས་བཟོད་པ་ཆུད་དུ་དང། འབྲིང་དང་།ཆེན་པོའི་དབྱེ་བ་རྟོགས ་པ་དང་ལྡན་ནོ། །སེམས་རྩེ་གཅིག་ཏུ་བསྡུས་པའི་རང་བཞིན་ཡིན་པའི་ཕྱིར་ཏིང་ངེ་འཛིན་ཏོ། །བྱང་ཆུབ་ཐམས་ཅད་དང་རྗེས་སུ་འཐུན་ཞིང་གཟུང་བའི་གཡེང་བ་སྤངས་པའི་ཕྱིར་ཞི་བའོ། །ཉན་ཐོས་ལ་སོགས་པའི་བྱང་ཆུབ་སྐལ་བ་ཇི་ལྟ་བ་བཞིན་ཐོབ་པས་ན ་རེག་པའོ། །ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་མཆོག་གོ་།འདིས་ནི་རྒྱུར་གྱུར་པ་བསྟན་ཏོ། །ད་ནི་བཟོད་བའི་རྗེས་ཐོགས་ལ་ཆོས་ཀྱི་མཆོག་སྟེ། འཇིག་རྟེན་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དམིགས་བ ་བསྟན་པའི་ཕྱིར་བྱང་ཆུབ་སེམས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ནི་བདག་ཏུ་བཞག་པ་ཉིད་ཀྱི་རྒྱུད་ལ་བསྒོམས་པའི་སྟོབས་ཀྱིས་སེམས་རབ་ཏུ་ཞི་བའོ། །གནས་པ་ནི་རྣམ་པ་དུ་མའི་ཡོན་ཏན་སྐྱེད་པར་བྱེད་པའི་ཆོས་ཀྱི་མཆོག་གི་ཏིང་ངེ་འཛིན་གྱི་གནས་པའི་བྱང་ཆུབ ་སེམས་དཔའ་གང་ཡིན་པ་དེ་ལུང་སྟོན་པར་མཛད་དེ། སྔོན་གྱི་དེ་བཞིན་གཤེགས་པས་རིགས་ངེས་པའི་ཕྱིར་ཕྱིར་མི་ལྡོག་པར་རོ། །དེ་ལྟ་བུ་ཉིད་བདག་གིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅེའམ། དེ་ལས་ལངས་ཞེས་རློམ་སེམས་མེད་དོ། །ལས་མཛའ་ནི་ཡུལ ་གྱི་དངོས་པོ་ལས་སོ། །དེ་ལ་འཛིན་པའི་ཆར་ངེས་པ་ནི་མཛའ་ཨོ་།ལས་བྱེད་པ་པོ་གནས་པ་ནི་བྱ་བ་སྟེ། ཆོས་དེ་རྣམས་ཀྱི་རང་བཞིན་ཏེ་།དེ་བཞིན་ཉིད་རང་བཞིན་དུ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནས་རྟོགས་པ་ཞེས་བྱ་བའི་བར་དུའོ། །འདི་སྐད་དུ་ཆོས་འདི་ཉིད་ནི་གཉེན་པོ ་ཡིན་པའི་ཕྱིར་སྤོང?་པ་དང་མི་སྤྱོད་པས་སྟོད་པས་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་ནས་རྟོགས་པ་ན་གང་ལ་སྦྱད་པར་བྱ་བའི་ཆོས་གང་ཡང་མི་དམིགས་པ་རྟོགས་པས་ཞེན་པ་མེད་པར་རྟོགས་པར་འགྱུར་རོ། །དེ་ལྟར་སྤྱོད་པ་ནི་བདེ་བར་གཤེགས་པ་དང་འབྲེལ་པ་ཉིད་ཀྱི ་ཤེས་རབ་ཆོས་ཀྱི་མཆོག་གི་རང་བཞིན་ལ་དེ་སྤྱོད་པ་ཡིན་ནོ་ཞེས་རིམ་པ་གཞན་དུ་སྦྱར་རོ། །དེས་རྣམ་པར་མི་རྟོག་པ་ལ་སོགས་པའི་རྣམ་པར་གྱུར་པ་བསྟན་ཏོ། །ཅིའི་ཕྱིར་འདི་རྒྱུ་ཡིན་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི ་དམིགས་པ་དང་རྣམ་པ་གཉིས་ཆུང་ངུ་དང། འབྲིང་དང། ཆེན་པོའི་དབྱེ་བས་ཆོས་ཀྱི་མཆོག་གི་རང་བཞིན་གྱི་ཤེས་རབ་ནི་ཤེས་པའོ། །དེ་ནས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་གང་ཡང་རུང་བའི་རང་གི་ཐེག་པ་ལ་བལྟོས་ནས་ཁྱད་པར་དུ་འགྲོ་བའི་ཕྱིར་ཕ་རོལ ་ཏུ་ཕྱིན་པའི་མཆོག་གོ་།བྱང་ཆུབ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་དུ་གནས་པའི་ཕྱིར་སྤྱོད་པ་ཡིན་པའམ། མོས་བས་སྤྱོད་པའི་ས་རང་བཞིན་ཡིན་པའི་ཕྱིར་སྤྱོད་པ་ཡིན་ནོ། །དེས་རྒྱུ་ཉིད་དུ་གྱུར་བ་བསྟན་ཏོ། །དོན་དེ་དག་འདིར་བསྡུས་ནས་རིགས་པའི་སྟོབས ་ཀྱིས་ཇི་ལྟར་བསྟན་པ་ནི་དམིགས་པ་དང་།རྣམ་པ་དང་།ངོ་བོ་ཆུང་ངུ་ལ་སོགས་པའི་རྣམ་པའི་བསྐྱེད་པ་བསྟན་པ་ཡིན་པར་བཟུང་བར་བྱའོ། །གང་ཡང་སྟོང་ཕྲག་བརྒྱ་པ་ལས་ཆུང་ངུ་ལ་སོགས་པར་ཁྱད་པར་གྱི་དམིགས་པ་དང་།རྣམ་པ་བྱ ་དྲག་ཏུ་བསྟན་ཏེ། འཁོར་དེར་འདུས་པའི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ལོག་པར་རྟོག་བ་བསལ་བའི་ཕྱིར་བསྟན་ཏོ། །འདིར་ཡང་དེ་དག་སྦྱར་བར་མི་ནུས་ཏེ། ཚིགས་སུ་བཅད་བ་དང་དེ་དག་ཉིད་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གང་གི་ཚེ་ཇི་སྐད་བསྟན་པའི ་དམིགས་པ་དང། རྣམ་པར་བསྒོམས་པ་ན་ཐ་དད་པའི་དོན་ལ་མངོན་པར་ཞེན་པ་མེད་པར་ཅུང་ཟད་གསལ་བའི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སེམས་ཙམ་ཉིད་དུ་ཡང་མཐོང་བ་དེའི་ཚེ་དྲོ་བའི་གནས་སྐབས་ཡིན་ཏེ། ཐེག་པ་ཆེན་པོ་ལས་སྣང་བ་ཐོབ་པའི ་ཏིང་ངེ་འཛིན་ཅེས་བསྟན་ཏོ། །གང་གི་ཚེ་ཡང་བསྒོམས་པའི་སྟོབས་ཀྱིས་ཆུང་ངུ་ལ་སོགས་པའི་གསལ་བ་སྣང་བའི་འབྲིང་གི་ཡེ་ཧེས་ཀྱི་སྣང་བ་ཐོབ་པར་གྱུར་པ་དེའི་ཚེ་རྩེ་མོའི་གནས་སྐབས་ན་སྣར་བ་མཆེད་བ་ཞིས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །གང་གི་ཚེ་ཡང་སེམས ་ཙམ་ཉིད་ལ་གནས་ནས་གསལ་བར་སྣང་བ་འབྲིང་དང་ཆུང་ངུའི་ཡེ་ཤེས་ཀྱི་སྣང་བ་རྒྱས་པ་དེའི་ཚེ་བཟང་པའི་གནས་སྐབས་འཛིན་པའི་ས་ལ་ཞུགས་པ་དེ་ཁོ་ན་ཉིད་གྱི་དོན་གྱི་ཕྱོགས་ཅིག་ལ་ཞུགས་པ་ཞེས་བྱ་བའི་ཏིང་འཛིན་ཡིན་ནོ། །གང་གི་ཆེ་ལས ་དོན་ལ་འཛིན་པ་སྤངས་ནས་མི་སྣང་བའི་ཆུང་ངུ་ལ་སོགས་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པ་དེའི་ཚེ་ཆོས་ཀྱི་མཆོག་གི་གནས་སྐབས་དེ་མ་ཐག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན་ནོ། །ཡང་ཏིང་ངེ་འཛིན་དེ་དག་ཐམས་ཅད་ལ་ཤིན་ཏུ་མོ་མ་པ་བརྟན་པ་ནི་མོས ་པས་སྤྱོད་པའི་ས་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ལ་བརྩམས་ཏེ་རྣམ་པར་རྟོག་པ་བྱང་ཆུབ་སེམས་དཔའ་ཨི་སྒྲིབ་པ་རྣམས་རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་དང་།བསྒོམ་པའི་ལམ་གྱི་བར་དུ་ཡོད་པར་བསྒྲུབ་པའི་ཕྱིར་དེས་པར་འབྱེད་པའི་ཆ ་ཤིང?་??་མི་ཇི་ལྟ་བ་བཞིན་དུ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་ལ་བཞི་དང་ལྡན་པར་རྟེན་ཅེས་བསྟན་ཏོ། །དེ་ལ་ཀུན་ནས་ཉོན་མོངས་པ་དང་གཉེན་པོའི་དངོས་པོའི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་བསྟན་པའི་ཕྱིར་གང་ཞིག་ཡོད་པ་མ་ཡིན་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། སྣང་བ་ཇི་ལྟར་རྟོགས་པའི་དོན་འདི་དག་གཅིག་དག་དུ་མ་དང་བྲལ་བའི་རྗེས་སུ་དཔག་པའི་ཚད་མ་མེད་པས་ན་ཡོད་པ་ཐོབ་པ་མ་ཡིན་ནོ། །དེ་ནི་དེ་དག་ཆོས་ཉིད་སྒྱུ་མ་ལྟ་བུ་ཡིན་པ་དེའི་ཕྱིར་མེད་ཅེས་བྱའོ། །རི་བོང་གི་རཱ? ་?་མེད་པ་ནི་མ་ཡིན་ཏེ། དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །ཅི་སྟེ་མངོན་སུམ་གྱི་སྣང་བའི་དངོས་བོ་དེ་ཉིད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་མེད་དོ་ཞེས་བསྒྲུབ་པར་མི་ནུས་སོ། །དེ་ཡང་མངོན་སུམ་གྱིས་སྒྱུ་མར་མི་འཛིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ།། ་དེ་ལ་བཟློག་ན་གནོད་པ་ཅན་གྱི་ཚད་མའི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་ངེས་པའི་དངོས་པོ་དེ་ཉིད་སྣ་ཚོགས་པ་ཐམས་ཅད་མངོན་སུམ་ལ་སྣང་བ་ཙམ་དེ་ཉིད་སྒྱུ་མ་ལྟ་བུ་ཉིད་དུ་གཟུང་ངོ་ཞེས་བརྗོད་པར་བྱའོ། །གང་དེ་ལྟ་བུའི་བཟློག་ན་གནོད་པ་ཙན་གྱི་ཚད ་མ་མངོན་སུམ་མམ། རྗེས་སུ་དཔག་པ་གང་ཞིག་ཡིན། གལ་ཏེ་མངོན་སུམ་གྱིས་གཟུང་བ་ཙམ་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ་། དེ་ཡང་མཚུངས་པའི་ཕྱིར་བྲིས་པ་ཉིད་དང་འདྲ་བས་ཐུག་པ་མེད་པར་འགྱུར་རོ། །བ་ལང་རྫི་དང་བུད་མེད ་ལ་སོགས་པ་ལ་བུམ་པ་ལ་སོགས་པ་མངོན་སུམ་གྱིས་གྲུབ་པ་བཟློག་ན་གནོད་པ་ཅན་གྱི་ཚད་མའི་སྟོབས་ཀྱིས་མ་ཡིན་ནོ། །འོན་ཀྱང་ཤེས་པའི་ཐ་སྙད་འཇུག་པ་ཉིད་ལ་བལྟོས་པ་ཡིན་ཞེ་ན། རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་འཛིན་པའི་ཕྱིར ་དེ་ནི་མངོན་སུམ་གྱི་ཚད་མས་ལུས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་ཐལ་བ་བཟློག་པར་དཀའ་ཨོ། །འདི་དག་དེ་ཁོ་ན་ཉིད་དུ་འདོད་པ་ཡིན་ཞེས་ཟེར་ན། དེ་ལྟ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་དུ་འདོད་ཅེས་བྱ་བ་ལ་སོགས་པའི་ཤེས་པ་དང་ཤེས་བྱའི་ཐ་སྙད་དུ ་འགྱུར། དེ་ལྟར་བརྗོད་པ་ཀུན་རྫོབ་ཡིན་ནོ་ཞེས་ཟེར་ན་དེ་ལྟར་བརྗོད་པར་བྱ་བ་ཅི་ཞིག་ཡིན། ཕྱིན་ཅི་ལོག་ཡིན་ནོ་ཞེས་ཟེར་ན་དེ་ཡང་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་ནུབ་པ་ཡིན་ནམ། ཤེས་བའི་རང་བཞིན་དེ་ཉིད་རྣམ་པ་ཐམས་ཅད་ཀྱི་དེ ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་གཟུང་བ་ཇི་ལྟར་ཕྱིན་ཅི་ལོག་ཡིན། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་ཡང་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་འཇིག་རྟེན་པའི་ཤེས་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་ཅེས་བརྗོད་དོ་ཞེས་ཟེར་ན། འདིར་འཇིག་རྟེན་པ་ཞེས་གང་ལ ་བྱ། ཅི་འདྲ་པ་ཞིག་ཡང་དེའི་ཤེས་པ་ཡིན། གང་འདི་དག་ནི་མ་བརྟགས་ན་ཉམས་དགའ་བ་བསྙོན་པར་མི་ནུས་པ་ཀུན་རྫོབ་ཡིན་ནོ་ཞེས་ཟེར་ན། དེ་ལྟ་ཡིན་ན་མི་འདོད་ཀྱང་གང་དེ་ཉིད་ཀྱི་ཆེ་ལ་མངོན་སུམ་གྱི་ཐ་སྙད་དུ་འཇུག་པ་རུང་བ་དེ་ཁོ་ན ་ཀུན་རྫོབ་འདི་ཚད་མ་ཡིན་པར་ཁས་བླང་བར་བྱ་སྟེ། སྒྱུ་མ་ལྟ་བུ་ཉིད་མངོན་སུམ་གྱིས་གྲུབ་པ་མ་ཡིན་པ་ཤེས་པར་བྱའོ། །འོན་ཏེ་ཕྱིན་ཅི་ལོག་ལ་གནོད་པའི་རྗེས་སུ་དཔག་པའི་སྟོབས་ཡིན་ལ། དངོས་པོའི་རང་བཞིན་ཙམ་ཉིད་མངོན ་སུམ་གྱིས་གྲུབ་པ་སྒྱུ་མ་ལྟ་བུར་གཞག་མོད་ཀྱི། དེ་ལྟར་མངོན་སུམ་གྱིས་གྲུབ་བ་འཇིག་རྟེན་གྱི་ཤེས་པ་མ་ཡིན་པར་བསྒྲུབས་ཟིན་ཏོ། །དེ་ཁོ་ན་ཉིད་གྲུབ་པོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཤེས་པ་དང། ཤེས་བྱའི་ཐ་སྙད་མི་འཇུག་གོ་། ་འོན་ཀྱང་ཀུན་རྫོབ་ཏུ་ཡིན་པར་འཇུག་ཐོགས་སུ་བསྟན་པར་བྱའོ། །དེ་བས་ན་ཇི་ལྟར་མངོན་པར་ཞེན་པ་དང་མཐུན་པར་རང་གི་ཚད་མ་ཇི་ལྟ་བས་ངེས་པ་དང་ལྡན་པ་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་སྒྱུ་མ་ལྟ་བུར་གཞག ་པ་ནི་དེས་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ལྟ་བས་ན་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་ལས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་སྣང་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། རིགས་པ་ཇི་ལྟ་བ་བཞིན་ནི་དོན་དམ་པའི་བདེན་པ ་ཡིན་པར་བསྟན་ཏོ། །ཤིན་ཏུ་སྤྲོས་པས་ཆོག་གོ་།བྱིས་པ་མི་འཕགས་པའི་ལམ་མ་སྐྱེས་པའོ། །དེས་བརྟགས་པ་ནི་རིག་པ་དང་ལྡན་པའོ། །འདི་དག་ཇི་ལྟར་སྣང་བའི་ཆོས་ནི་ཡོད་པའོ། །རིགས་པ་ཇི་ལྟ་བ་བཞིན་ནི་མེད་པའོ། །གཞན་ཡང་དོན་པར ་བྱ་བ་ཉིད་ནི་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་བ་དང་པོའི་ཡུལ་ཉིད་དུ་མ་རིག་པ་ཀུན་ནས་ཉོན་མོངས་པ་དང་འཐུན་པར་དེ་བྱེད་བ་ནི་འཇོག་པ་ཡིན་པའི་ཕྱིར་ཏེ། སྦྱང་དུ་སོང་བ་འཇོག་བར་བྱེད་པ་བཞིན་ནོ། །དེ་བཞིན ་དུ་བླང་བར་བྱ་བའི་གཉེན་པོའི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་ཡུལ་ཉིད་དུ་རིག་པ་རྣམ་པར་བྱང་བ་དང་འཐུན་པར་འཇོག་གོ་།དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་བསྒྲུབས་ནས། དེ་གཉིས་དེ་ཉིད་ནས་བཙམས་ཏེ་མངོན་པར་མིན ་པའི་ཡུལ་དང་ལྷན་ཅིག་ཏུ་སྒྱུ་མ་ལྟ་བུར་བརྫུན་པར་བསྒོམ་པར་བྱ་བར་བསྟན་པ་ནི་ཡོད་དང་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་དང་མེད་པ་གཉིས་ཏེ་།དེ་ཁོ་ན་ཉིད་དུ་མ་སྐྱེས་བ་ཉིད་ཀྱིས་གཟུགས་ལ་སོགས་པ་མེད་པའི་ཆོས ་ཡིན་ཏེ། མངོན་པའི་ང་རྒྱལ་གྱི་སྟོབས་ཀྱིས་བྱིས་པས་ཡོད་པ་དང་མེད་པར་བརྟགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་གིས་ཐོས་པ་ལ་སོགས་བའི་རིམ་གྱིས་རབ་ཏུ་ཤེས་པ་དེ་ངེས་པར་འབྱུང་སྟེ། ཕྱིན་ཅི་ལོག་འཆིང་བ་ཡིན་པའི་ཕྱིར་ཡང ་དག་པར་ཞུགས་པ་ཉིད་ཀྱིས་ངེས་པར་འབྱུང་ངོ། །དེའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་དང་པོ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་གིས་ཀྱང་རྫས་སུ་ཡོད་པའི ་རང་བཞིན་དུ་འཛིན་པའི་རྣམ་པར་རྟོག་པས་སྒྲོ་བཏགས་པའི་རིགས་པའི་སྟོབས་ཀྱི་ཕུང་པོ་སྒྱུ་མ་འཁྲུལ་པ་ཙམ་དང་འདྲ་བར་ཡང་འཇིག་རྟེན་པའི་ཤེས་པ་ལ་བལྟོས་ནས་དཔེ་ཡིན་པའི་ཕྱིར་རོ། །གང་འདི་ལ་ནི་ངེས་པར་འབྱེད་པའི་ཆའི་དུས་སུ་ ་ཐོས་པའི་ཤེས་རབ་ལ་སོགས་པ་བསྐྱེད་ནས་ཤེས་པའོ། །དེས་ནི་ཡིད་སྐྱིས་བུ་རྫས་སུ་ཡང་བའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རང་བཞིན་ཡང་ཇི་ལྟ་པ་བཞིན་དུ་སྤངས་པའི་ཕྱིར་བསྒོམས་པས་སྤང་བར་བྱ་བ ་དེ་ཉིད་བསྟན་པར་འགྱུར་བ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བསྟན་པའི་ཕྱིར། སྒྱུ་མ་གཞན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་སྒྱུ་མ་བརྫུན་པར་སྣང་བར་འདི་རང་བཞིན་གཞན་མ་ཡིན ་ལ། སུང?་པ?་ལ་བདག་གོ་ཞེས་བརྟགས་པ་ཉིད་ནི་སྐྱེས་བུ་བཏགས་པར་ཡོད་པའི་རང་བཞིན་དུ་འཛིན་པའི་རྣམ་པར་རྟོག་པས་སྒོ་བཏགས་པ་ཡང་གཞན་དུ་མི་བྱེད་དོ། །འོན་ཀྱང་ཕུང་པོ་འདི་སྒྱུ་མ་ལྟ་བུར་སྔར་བསྟན་པ་བཞིན་དུ་ཤེས་པར་གྱུར ་ནས་དེས་ནི་ཡང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པའི་རང་བཞིན་ཡང་ཇི་ལྟ་བ་བཞིན་སྤད་པའི་ཕྱིར་བསྒོམ་པར་བྱ་བ་དེ་བསྟན་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུར་ཡོངས་སུ་ཤེས་པ་ལ་ཡོན་ཏན་ཅི་ཡོད་ཙན? ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་གིས་བསྟན་མ་ཐག་པའི་ཆོས་དེ་ལྟ་བུ་ཤེས་པ་དེ་ལ་སྣ་ཚོགས་པའི་འདུ་ཤེས་ནི་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་འདུ་ཤེས་མོས་པ་ཡིད་ལ ་བྱེད་པའི་སྟོབས་ཀྱིས་བྲལ་བ་སྟེ། སྤངས་པ་དེ་བས་ན་མྱ་ངན་ལས་འདས་པ་དང་རྗེས་སུ་འཐུན་པའི་སྤྱོད་པ་དང་ལྡན་བས་ན་ཉེ་བར་ཞི་བའོ། །གང་ཞིག་མོས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འགྲོ་བ་མ་ལུས་པ་བདག་མེད ་པའི་རང་བཞིན་ཡིན་ཏེ། རིམ་གྱིས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་གནས་པར་བྱེད་པ་ཡིན་ཞེས་བྱ་བའི་བར་དུའོ། །རྣམ་པར་རྟོག་པ་བཞི་པོ་འདི་རྣམས་ཉེ་བར་འདུས་པའི་གདུལ་བྱའི་སྐྱེ་བོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྔར་རྒྱས་པར ་བཅོམ་ལྡན་འདས་ཀྱིས་ཡུལ་གྱི་དབྱེ་བས་ཕྱེ་ནས་ཐ་དང?་པ་རྣམ་པ་དགུ་གསུངས་མོས་ཀྱི། དེ་ལས་འདིར་ནི་གཙོ་བོ་བསྡུས་ནས་བསྟན་ཏེ། སྤྲོས་ནས་བསྟན་པ་ཅུང་ཟད་ཀྱང་དགོས་པ་མེད་ཅིང། ཡུལ་གྱི་དབྱེ་བས་ཤེས་པ་གཙོ་བོ་མ་ཡིན་པར ་དགོངས་ནས་བཅོམ་ལྡན་འདས་ཀྱིས་སྟོང་ཕྲག་བརྒྱ་པ་དང། འདིར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དབང་དུ་མཛད་པའི་ཡུལ་གྱིས་ཕྱེ་བ་ཡང་གཞན་ཡིན་ལ། རྩེ་མོའི་མངོན་པར་རྟོགས་པའི་མཐོང་བ་དང་བསྒོམ་པའི་ལམ་གྱི་དབང་དུ ་བྱས་ནས་རྣམ་པར་རྟོག་པ་དབྱེ་བ་བསྟན་པ་མཛད་པ་ཡང་གཞན་ཡིན་ནོ། །འདི་ནི་སྙིང་པོ་ཡིན་པས་ཕན་ཚུན?་སྤངས་ཏེ་གནས་པའི་མཚན་ཉིད་དེ་ལ་ཕུང་པོ་གཞན་མེད་པས་ཇི་སྐད་བསྟན་པའི་གཟུང་བའི་རྣམ་པར་རྟོག་པ་དང་འཛིན?་པའི ་རྣམ་པར་རྟོག་པ་ལྟར་དེའི་རྗེས་སུ་འབྲངས་ནས་ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་རྟོགས་པར་བྱའོ། །ད་ནི་དགེ་བའི་བཤེས་གཉེན?་ཐབས་མཁས་པའི་རང་བཞིན་ཅན་ཀྱི་ཡོངས་སུ་གཟུང་བ་སྟོན་ཏེ། དེའི་སྟོབས་ཀྱིས་ཇི་སྐད་བསྟན་པ་ཁྱད་པར ་དུ་འགྱུར་པས་དག་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་གཉིས་ཀྱི་རང་བཞིན་ཆོས་སྟོན་པར་བྱེད་པས་གང་ཟག་བདེ་འགྲོའི་འབྲས་བུ་ཐོབ་པར་བྱེད་པའི་ཕྱིར་དགེ་པའི་བཤེས་གཉེན་ནོ། །དེ་དང་ལྡན་པ་ནི་བཅས་པའོ། ་དེ་ཉིད་ཀྱི་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་ནས་རིགས་པ་དང་ལུང་གི་ཆོས་ཡོངས་སུ་བརྟགས་པ་དེ་ནས་བདག་ཉམས་ཞེས་སྒྲག་པར་མི་འགྱུར་ཞིང་ཅི་ཡང་མེད་པས་སྙེམས་པར་མི་འགྱུར་ཏེ། རྒྱལ་བ་རྣམས་ཀྱི་ཡུམ་ནི་བཅོཾ ་ལྡན་འདས་ཏེ། སྐྱེད་པར་བྱེད་པས་ན་ཡུམ་ནི་བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་མཉན་ནས་རྟོགས་པར་བྱ་ཞེས་བྱ་བའི་བར་དུའོ། །དེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པར་ཡང་དག་པར་འཇུག་པར ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྗེས་སུ་འགྲོ་པའི་སྒོ་ནས་བསྟན་ནས། ལྡོག་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། གང་ཞིག་སྡིག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གང་ཞིག་ཇི་སྐད་བསྟན་པའི་དགེ་བའི་བཤེས་གཉེན ་ལས་བཟློག?་པ་ནི་སྡིག་པའི་གྲོགས་ལྡན་ཏེ། དེ་ཉིད་སྤངས་པ་བྱེད་པའི་ཕྱིར་གཞན་གྱི?་དི?་འཇོག་པ་སྟེ། གཞན་ལ་རག་ལས་ནས་འཇུག་པ་ཡིན་ཏེ། དེས་ན་ཐེག་པ་ཆེན་པོ་ལས་ཉམས་ཤིང་ཟབ་མོའི་ཆོས་ལ་མ་མོས་པས་ཉམས་པར་འགྱུར་ཏེ། བུམ་པ་སོ ་མ་བཏང་བ་ཆུས་རེག་པས་ཞིག་པ་བཞིན་ནོ། །དེས་ཇི་ལྟ་བ་བཞིན་གྱི་ཡོངས་སུ་བཟུང་བར་གྱུར་པ་བསྟན་ཏོ། །དྲོ་བ་ལ་སོགས་པའི་རྗེས་ལ་ད་ནི་ཇི་སྐད་བསྟན་པའི་སྒྲུབ་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང། གཞན་ཡང་མཐོང་བའི་ལམ་ལ་སོགས ་པ་ཁྱད་པར་དུ་བསྒྲུབ་པའི་གཞིར་གྱུར་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་པར་བཞེད་ནས། ཅི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དེའི་བདག་ཉིད་ནི་བྱང་ཆུབ ་སེམས་དཔའ་སྟེ། རང་བཞིན་དུ་གནས་པ་མེད་པ་སངས་རྒྱས་ཀྱི་ཆོས་ཀྱི་རིགས་ཆོས་ཉིད་ཞེས་བྱ་བ་དེ་ཉིད་ཆོས་ཀྱི་དབྱིངས་ཏེ། ཐམས་ཅད་ལ་ཁྱབ་ན་ཅིའི་ཕྱིར་འདིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི ་ཆོས་ཀྱི་བར་དུ་འགྲོ་བར་གནས་པ་ལ་བརྗོད་ཅེ་ན། གང་གི་ཕྱིར་གཟུགས་ལ་སོགས་པ་ཐམས་ཅད་ལ་ཆགས་པར་བྱེད་པ་ནི་མངོན་པར་ཞེན་པར་བྱེད་པ་སྟེ་འཇུག་པར་བྱེད་ཀྱང་ཐོས་པ་ལ་སོགས་པའི་སྟོབས་ཀྱིས་ཕྱིན་ཅི་ལོག་ཙམ་འཁོར་བ་དེ་ལྟར་རྟོགས ་པ་ནི་ཆགས་པ་གཅོད་པ་སྟེ། མངོན་པར་ཞེན་པ་ཐམས་ཅད་གཅོད་པའི་དང་ཚུལ་ཅན་དུ་སྐྱེས་པར་གྱུར་པར་དེ་བཞིན་གཤེགས་པའི་བྱང་ཆུབ་འདོད་པ་ཡིན་ཏེ། དེ་བས་ན་ཀུན་རྫོབ་ཏུ་སྒྲིབ་པ་ཐམས་ཅད་སྤོང་བར་ཞུགས་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་རང ་བཞིན་ཁོ་ན་བྱང་ཆུབ་སེམས་དཔའ་ཡིན་ནོ། །སངས་རྒྱས་མ་ལུས་པའི་གཞིར་གྱུར་པ་ཉིད་བྱེད་བ་ཞེས་བརྗོད་དོ། །དེ་བས་ན་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་།གཞི་ནི་རིགས་ལ་བྱ་བ་མ་ཡིན་ནམ། དེ་བས་ན་དེ་སྔོན་དུ་འགྲོ་བ་ཅན ་ཡིན་པའི་ཕྱིར་སེམས་བསྐྱེད་པ་ལ་སོགས་པ་དང་པོར་ཅིའི་ཕྱིར་བསྟན་ཅེ་ན། དོན་དེ་དག་གི་དང་པོ་སྔོན་དུ་འགྲོ་བ་བདེན་མོད་ཀྱི་འདི་ནི་ཡང་གོ་བར་བྱ་བ་ལ་སྔར་འབྲས་བུ་ཤེས་པར་བྱས་ནས་ཕྱིས་རྒྱུ་བསྟན་ཏོ། །ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཨི་དམིགས ་པ་གང་ཞེ་ན། དེའི་རྗེས་ཐོགས་ལ་དམིགས་པ་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་དམིགས་པའི་ངོ་བོ་ནི་བདེན་པ་གཉིས་ལས་མི་འདའ་བར་དམིགས་པས་ཆགས་པ་མེད་པར་གྱུར་ཏེ། དེ་ཡིས་བདེན་པ་ལ་དམིགS ་པ་རྣམ་པར་དག་པར་རྟོགས་པའི་ཕྱིར་བག་ཆགས་དང་བཅས་པའི་སྒྲིབ་པ་མ་ལུས་པར་སྤངས་པའི་ཆེད་དུ་བྱ་བ་དང་ལྡན་པ་ཞེས་བྱ་བར་འབྲེལ་ཏོ། །ཆགས་བ་མེད་པར་འགྱུར་བ་ནི་ཆགས་པ་མེད་པའི་རང་བཞིན་ཏེ། བྱང་ཆུབ་ཅེས་བྱ་བར་འདིར་ཡང་འབྲེལ་པ་ཡིན ་ཏེ། ཕྱིན་ཅི་མ་ལོག་པར་རྟོགས་པ་བླ་ན་མེད་པ་ལ་རེག་པ་སྟེ་ཐོབ་པ་གྱུར་པ་ཡིན་ནོ། །དེ་བས་ན་བྱང་ཆུབ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་དགོས་པའོ། །དེ་སེམས་དཔའ་ནི་སེམས་དཔའ་སྟེ། དེས་བྱེད་པས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དོན་དང་ལྡན་པའི་མིང ་ཉིད་དེ། དེས་ན་ཡང་དག་པར་ཞུགས་པའི་སྐྱེས་བུ་དང། ལེགས་པ་དང། བཟང་པོ་ཞེས་བྱ་བའི་མིང་ཐོབ་པོ། །དེས་ནི་དམིགས་པར་གྱུར་པ་བསྟན་ཏོ། །གང་ཆོས་ཀྱི་དབྱིངས་ཉིད་རྟག་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པར་འདོད་ན་རྟག་ཏུ་རྣམ་པར ་གོང་ནས་གོང་དུ་དག་པ་ཁྱད་པར་དུ་འགྲོ་བ་ཇི་སྐད་བརྗོད་པར་བྱ་སྟེ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན་ཞེས་བསྟན་ཏོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཐོས་པ་དང་བསམ་པའི་ཤེས་པས་ངེས་པའི་དངོས་པོའི་རང་བཞིན་དུ་སྒོམ་པ་དེ་བས་ན་ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ ་ན་ཉིད་མངོན་སུམ་དུ་བྱའོ་ཞེས་དེར་མངོན་པར་ཞེན་པས་འཇུག་པའི་ཕྱིར་བསྒོམ་པའི་ཁྱད་པར་གྱིས་ཀྱང་དེར་མངོན་བར་ཞེན་པའི་བག་ཆགས་ཀྱི་ས་བོན་མི་སྤོང་གི། ཤིན་ཏུ་མཉམ་པར་བཞག་པའི་བདག་ཉིད་ཀྱི་རིམ་གྱིས་རྣམ་པར་རྟོག་པ ་ཐམས་ཅད་སྤོང་ངོ་ཞེས་ཟེར་ན། དེ་ལྟ་ཡིན་ན་ཕྱིའི་དོན་འདོད་པའི་གཞུང་གིས་ཀྱང་ཉན་ཐོས་ལ་སོགས་པའི་རྣམ་པར་རྟོག་པ་སྤོང་པར་འགྱུར་རོ། །འོན་ཏེ་ལས་མི་ལེན་ན་དེའི་ཕྱིར་རྣམ་པར་རྟོག་པའི་བག་ཆགས་མི་སྤོང་བས་ཕྱོགས་གཅིག་དག་པར་ཐལ ་པར་འགྱུར་རོ། །ཁྱོད་ཀྱི་ལུགས་ཇི་ལྟ་བུ་ཡིན་ནོ་ཞེ་ན། སྐྱོན་མེད་དེ་གང་གི་ཕྱིར་དངོས་པོའི་ངོ་བོ་གང་ཅུང་ཟད་ཇི་སྙེད་པ་ཀུན་བརྟགས?་པ་ཡིན་ཏེ། འདི་དག་ཐམས་ཅད་ལ་རིགས་པས་དངོས་པོར་མ་གྲུབ་པས་དངོས་པོ་མེད་ཅེས་བྱའོ། །བྱ་བ་བྱེད་པའི་གང་དག་དོན་ཇི་ལྟར ་སྣང་བ་དེ་དག་ནི་ཀུན་རྫོབ་ཡིན་པར་བསྟན་ཏེ། ཐོས་པས་སོགས་པ་ཤེས་པ་སྐྱེས་པས་དེ་ཁོ་ན་ཉིད་ལ་སྒྲིབ་པའི་རང་བཞིན་ཅན་རིམ་གྱིས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་ཏེ། སྒྱུ་མ་ལྟ་བུར་ཤེས་པ་ཉིད་ཡང་དག་པར ་བྱས་པ་ཉིད་ཡིན་ནོ། །རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། འགྱུར་བ་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། གཉིས་པོ་ཡང་གཉིས་སུ་མ་གྲུབ་པ་ལ་གཞི་དང་དམིགས་པའི་བྱེ་གྲག་རྟོགས་པར་བྱའོ། །དམིགས་པ་འདི་ལ་བརྗོད་པར་བྱ་བ་མེད ་དུ་ཡོད་མོད་གྱི། ཧ་ཅང་ཐལ་ཆེས་པས་གཞག་གོ་།འབྲས་བུ་ཅི་ལ་བརྟགས་ནས་བྱང་ཆུབ་སེམས་དཔའ་ཨི་དམིགས་པར་བྱེད་ཅེ་ན། དེའི་རྗེས་ལ་ཆེད་དུ་བྱ་བ་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་རྒྱུད་ལ་བྱང ་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། གང་གི་ཕྱིར་སངས་རྒྱས་ཀྱི་སར་སེམས་དཔའ་ཆེན་པོ་སྟེ། ཚད་མེད་པའི་སེམས་ཅན་གྱི་ཚོགས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཚོགས་མང་པོ་ལ་ཆོས་བསྟན་པ་མཆོག་ཏུ་བྱེད་པའི་ཕྱིར་མཆོག་ཏུ་གྱུར་པའོ།། ་དེ་བཞིན་དུ?་སྤོར་བ་ཆེན་པོ་ཉིད་ཐོབ་པ་སྟེ། ལྟ་བར་གྱུར་པའི་བདག་ཉིད་ལྟ་བ་སྣ་ཚོགས་པ་རྣམས་ནི་ཆེན་པོ་སྟེ། སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཚོགས་ཀྱིས་ལྟ་པ་སྤངས་པའི་ཐབས་བསྟན་པ་ནི་གཅོད་པ་སྟེ། སྤོང་བར་འགྱུར་རོ ་དེ་ཉིད་ཀྱང?་རྟོགས་པ་ཆེན་པོ་མེད་ན་མི་འབྱུང་བས་དེ་དག་གིས་དེ་ཡང་འཕང་སམ་དེ་བས་ན་འབྲས་བུ་རྣམ་པ་གསུམ་ཐོབ་?་བསམས་ནས་སེམས་ཅན་གྱི་དོན་ལ་ཞུགས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱའོ། །དེས་ནི་ཆེད་དུ་བྱ་བ་བསྟན་ཏོ། །དམིགས ་པ་དང་ཆེད་དུ་བྱ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། མངའ་བཀང་བ་དང་འབེམ་ལ་རྒྱབ་པ་དང་ཆོས་མཐུན་པའི་བྱེ་བྲག་ཡིན་ནོ། །དེ་དག་ལ་ཉེ་བར་གྱུར་པ་ནི་དམིགས་པ་ཡིན་ནོ། །གཞན་གྱིས་བསྐལ་པི?་ཆེད་དུ་བྱ་བ་སྟེ། དེ་གཉིས་ཀྱི་བྱེ་བྲག་ཡིན་ནོ། །ཆེད་དུ་བྱ་བའི ་རྗེས་ལ་དེ་ནི་རྫོགས་པའི་ཆེད་དུ་བརྗོད་པར་བྱ་སྟེ། དེ་ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུམ་དང་ལྡན་པ་དཀར་པོའི་ཆོས་སྤྱིའི་རྟེན་ཅན་རྣམ་པ་ཀུན་མངོན་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞི་པོ་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན ་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ཏེ། ཆོས་ཀྱི་སྐུ་ནི་མངོན་པར་རྟོགས་པར་བྱེད་པ་མ་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར་དེ་ལ་བྱ་བ་མི་རིགས་པའི་ཕྱིར་རོ། །དེ་ལ་གོ་ཆའི་སྒྲུབ་པ་ནི་ཚོགས་ཀྱིས་ཡིན་པར་བཟུང་ངོ། །འཇུག་པའི་སྒྲུབ་པ་ནི་མོས་པས་སྤྱོད་པའི་ས ་ཡིན་པར་རྟོགས་པར་བྱའོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་དང་སྦྱིན་པ་ལ་སོགས་པ་དྲུག་དང། ཞི་གནས་དང། ལྷག་མཐོང་དང། ཐུང་དུ་འཇུག་པའི་ལམ་དང། ?་ལ་མཁས་པ་དང། ཡེ་ཤེས་དང། བསོད་ནམས་དང། ཡམ་དང། གཟུངས་ཀྱི་ཚོགས་རྣམས་ནི ་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཅན་ཡིན་ནོ། །ས་གཉིས་པ་ལ་སོགས་པའི་བསྒོམས་པའི་ལམ་གྱི་རང་བཞིན་ནི་ཡང་ལམ་གྱི་ཚོགས་ཀྱི་རང་བཞིན་ཡིན་ནོ་།གཉེན་པོའི ་བདག་ཉིད་ཅན་ཡང་ཚོགས་ཀྱི་བསྒྲུབ་པ་ནི་ལམ?་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་ཡང་བསྒོམ་པའི་ལམ་ཡིན་སྟེ། རབ་ཏུ་མཐར་ཐུག་པར་འགྲོ་བའི་རྟེན་ཅན་ཡིན་སྟེ། དེ་ལྟར་ས་གང་དུ་ཐོག་མར་གོམས ་པར་བྱས་བ་འམ། ཐོབ་པ་དེ་ལ་ལྟོས་པ་ཡིན་པར་རིག་པར་བྱའོ། །སྒྲུབ་པ་བཞི་པོ་དེ་དག་ཀྱང་ཁྱད་པར་གྱི་རང་བཞིན་རྣམ་པ་ཐམས་ཅད་སྦྱོར་བ་ནི་མི་ནུས་པས་སྦྱིར་བསྟན་གྱི། འདིར་ཁྱད་པར་ནི་མ་ཡིན་ཏེ། བསྡུས་པ་ཡིན་པའི་ཕྱིར་བློ་དམན་པ་རྗེས་སུ་གཟུང་བ ་ཡིན་ནོ། །གཞན་དུ་བསླབ་པར་འདོད་པས་བྱེ་བྲག་རྣམས་སྦྱོར་ན་མ་འབྲེལ་པ་བསྟན་པར་འགྱུར་ཏེ། དེ་ལྟར་ཕྱི་མ་རྣམས་ལ་ཡང་བལྟ་བར་བྱའོ། །དེ་ལ་དང་པོ་བརྩོན་འགྲུས་ཀྱི་རང་བཞིན་གོ་ཆའི་བསྒྲུབ་པ་བསྟན་པའི་ཕྱིར་སེམས་དཔའ་ཆེན་པོར་གདགས་པའི ་རྒྱུ་མཚན་གཏོང་བ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཐམས་ཅད་སྟོང་པའི་བསམ་པ་ཡོད་པའི་ཕྱིར་སྟོང་པ་ཆེ་པའོ། །བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་རྒྱ་ཆེན་པོ་དང་ལྡན་པས་བློ་ཚའོ?། །གཞན་གྱིས་གནོད་པ་བྱས་པ་ལ ་ཛི་མི་སྙམ་པ་ལ་སོགས་པའི་བཟོད་པ་དང་ལྡན་པས་ན་མཐུ་ཆེ་བའོ། །སེམས་ཅན་གྱི་དོན་གྱི་བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པས་ན་ཐེག་པ་ཆེན་པོའོ། །སེམས་རྩེ་གཅིག་པ་ཐོབ་པ་ནས་མཆོག་གོ། ལས་དང་བྱེད་བ་པོ་བྱ་བ་གསུམ་གྱི་དམིགས་པ་ནི་ཤེས་རབ་དང་ལྡན་པས ་ན་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པའི་ཕྱིར་ཞུགས་པའོ། །དེ་ལྟར་གོ་ཆའི་སྒྲུབ་པས་ཁྱད་པར་དུ་འགྲོ་བའི་ཕྱིར་གཉིས་པ་འཇུག་པའི་སྒྲུབ་པ་བསྟན་པའི་ཕྱིར། གོ་ཆ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་པའི་བསྒྲུབ་པའི ་སྟོབས་ཀྱིས་བསམ་གཏན་དང་གཟུགས་མེད་པ་ལ་སོགས་པའི་མཚན་ཉིད་ནི་ཆེན་པོའོ། །ལྷའི་བུའི་བདུད་ཀྱི་སྡེ་མ་རུངས་པའི་བསམ་པ་ཉིད་ཀྱི་སྒྱུ་ཅན་འདུལ་བའི་ཕྱིར་རོ། །ཡིད་ལ་རེ་བ་བཞིན་བྱེད་པ་ན་དགོངས་པའོ། །དེ་ལྟ་བུའི་འབདེ་བ་བྱེད ་བསམ?་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །འཇུག་པའི་སྒྲུབ་པ་བསྒྲུབས་ནས་འབྲས་བུ་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པ་གསུམ་པ་ཚོགས་ཀྱི་སྒྲུབ་པ་བསྟན་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མའི་མཁན་པོས་སྒྱུ་མའི་གནས ་?་བཞི་ཆོད་དུ་སྒྱུ་མ་མངོན་པར་སྤྲུལ་ཏེ། ཡང་དེའི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་མགོ་མང་རྣམ་པ་མང་པོ་བྱེ་བ་གཅོད་པར་བྱེད་བ་ནི་རང་གི་སྒྱུ་ལ་བ་དེ་རྣམས་ལ་དངོས་པོར་མངོན་པར་ཞེན་པ་དང་བྲལ་བས་སྲོག་གཅོད་པ་ལ་སོགས་པའི་འཇིགས་པས ་?་པ་མེད་དོ་ཞེས་བྱ་བར་འབྲེལ་ཏོ། །དེ་བཞིན་དུ་སྒྱུ་མ་མཁན་གྱི་སྤྲུལ་པ་བསད་པ་དེ་དག་ཅི་འདྲ་བར་དེ་ལྟར་གཉེན་པོའི་སྒྱུ་མ་བྱེད་པའི་བྱང་ཆུབ་སེམས་དཔས་ལྷའི་བུའི་བདུད་ལ་སོགས་པའི་སྦྲུལ་པ་འཛེམས་པ་ན། གང་གི་ཕྱིར་བྱང་སེམས་དཔའ་དེས་འགྲོ་བ་ཀུན ་ལས་དང་ཉོན་མོངས་པ་སྤྲུལ་པ་ཡིན་པར་ཐོས་པ་ལ་སོགས་པའི་ཤེས་པ་སྐྱེས་པ་རབ་ཏུ་ཤེས་པ་དེ་བས་ན། །དེ་ལ་ཁ་ན་མ་ཐོ་པ་འཇིཌ་པ་མེད་ཅིང་སྒྲག་པ་མེད་པར་གྱུར་པ་ཡིན་ནོ། །འབྲོ་བ?་ཀུན་སྒྲུལ?་པ་དང་འདྲ་བ་ཡིན་ན་ཇི་ལྟར་བཅིངས་པ་དེར?་གྲོལ་བར་འགྱུར་ཞེས་ཟེར ་ན། དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་མེད་པར་བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་?་ཏེ་།གཟུགས?་དང་རྣམ་པར་ཤེས་པའི་བར་དུ་མ་རིག་པས་བཅིངས་པ་མེད་ཅིང། རིག་པའི་མཐུས་གྲོལ་པ་ཡང་ཡོད་པ་མིན་ཏེ། ཞེས་རྗེས་སུ་སྤྱད ་རོ། །གང་གི་ཕྱིར་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་ཏེ་མེད་པ་ཡིན་ནོ། །རྒྱུ་གང་གིས་ཞེ་ན། ཡོང་བ་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །ཇི་ལྟ་བུ་ཀུན་རྫོབ་ཡིན་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར ་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཡང་འདི་ལྟར་སྣང་བ་ནི་དགག་པར་མི་ནུས་ཏེ། ཐམས་ཅད་ཐ་སྙད་ཡིན་པར་རྟོགས་ནས་སེམས་ཞུམ་པ་མེད་དོ། །འོན་ཀྱང་བཅིངས་པ་དང་གྲོལ་བ་དོར་བར་བྱ་བ་དང་བླང་བར་བྱ་བའི་སེམས་ཀྱིས་རང་བཞིན་ ་ཆོས་ཉིད་ལ་བརྟགས་ནས་ཞུགས་ཏེ། དེ་ཉིད་བསྒོམ་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་གྱི་ཆོས་རྟོགས་ནས་བྱང་ཆུབ་འཐོབ་ཏེ། རིགས་པའི་སྟོབས་ཀྱིས་ཐར་པ་རྣམ་པར་བཞག་ལ། གཞན་གྱིས་ཇི་སྐད་བསྟན་པའི་རིམ ་པ་ལས་བཟློག་པ་མ་རིག་པའི་ནུས་པས་བཅིངས་པ་ཡིན་པའི་ཕྱིར་དེ་བསན་དེ་དག་གི་རྗེས་ལ་གོ་ཆ་བསྟན་ཏོ། །བརྩེ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་ནི་གང་ཟག་དམ་པ་རྣམས་ཏེ། ཉན་ཐོས་ལ་སོགས་པ་ལ་བལྟོས་ནས་རྒྱལ་པའི་སྲས་ཏེ། ་བདེན་པ་གཉིས་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་ལམ་ཡིན་ནོ། །ཇི་སྐད་བསྟན་པ་ཉིད་ཐེག་པ་ཆེན་པོ་ཡིན་པར་ཅིའི་ཕྱིར་ཞེས་དྲི་བ་སྔོན་དུ་འགྲོ་བས་ཐེག་པ་ཆེན་པོའི་ངོ་བོ་རྫོགས་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གང་དུ་བྱང་ཆུབ་སེམས་དཔའ་གང་གིས་འབྲས་བུ་དང་བཅས་པའི་ལམ་བརྩེ་བ་དང། སྦྱིན་པ་ལ་སོགས་པའི་ཚོགས་ཀྱི་སྒྲུབ་པ་ལ་ཞོན་པ་ནི་ཐོབ་པའི་སྤྱོད་བ་ལ་གནས་པ་སྟེ། རིམ་གྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་ཟློ་བར་བྱེད་དོ། །དེ་བས་ན་འདི་ནི་ཐེག ་པ་ཆེན་པོ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཨི་ཐེག་པ་ནི་ཐེག་པ་ཆེན་པོ་ཞེས་བྱ་ཏེ། གང་གི་ཕྱིར་ནམ་མཁའ་དང་འདྲ་བར་དཔག་ཏུ་མེད་པའི་སེམས་ཅན་གྱི་གོ་སྐབས་འབྱེད་པར་བསྙེན་པས་ན་འདི་ནི་ཐེག་པ་ཆེན་པོའོ། །ཡོན་ཏན་རྣམ་པ་ཐམས་ཅད ་མཐར་ཐུག་པ་ནས་གཞལ་མེད་ཁང་དང་འདྲ་བས་ན་གཞལ་མེད་ཁང་ཆེན་ནོ། །དགའ་སྐྱིད་བདེ་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་ཟག་པ་མེད་པ་ནི་དགའ་བའོ། །ལུས་ཀྱི་བདེ་བའི་ཚོགས་ནི་སྐྱིད་པའོ། །བདེ་བ་ནི་སེམས་ལས་བྱུང་བ་བདེ་བའོ། ། ་མངོན་པར་འཐོབ་བྱེད་ནི་དགའ་སྐྱིད་བདེ་བ་ལ་མངོན་པར་ཕྱོགས་ཏེ་ཐོབ་པ་ནི་བཅོམ་ལྡན་འདས་སོ་ཞེས་བྱ་བར་འབྲེལ་ཏེ། ཡང་ན་ཐམས་ཅད་ཁྱད་པར་དུ་འཕགས་པ་དེ་བས་ན་བྱང་ཆུབ་སེམས་དཔའ་ཨི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆེན་པོ་ཞེས་བརྗོད་དོ།། ་དེ་ལྟ་ཁོང?་ཀྱི་ཕྱོགས?་གཞན་དང་གཞན་དུ་འགྲོ་བའི་གནས་སྐབས་ཐོབ་པ་ཁྱད་པར་དུ་འཕགས་པའི་རྒྱུ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་འཇིག་རྟེན་པ་ལ་གྲགས་པ་མ་ཡིན་ནམ། དེ་བཞིན་དུ་ཐེག་པ་ཆེན་པོ་ཡིན་པར་འཛིན་པས་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་ཟེར་ན། གང་ཞིག ་ཅེས?་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེན་པོ་ལ་ཞེན་པ་ནི་བྱང་ཆུབ་སེམས་དཔའ་འོ། །ཕྱོགས་ནི་ཤར་ཕྱོགས་ལ་སོགས་པ་དེས་ཉེ་བར་མཚོན་པའོ། །ས་དང་པོ་ལ་སོགས་པའི་གནས་སྐབས་སུ་ཕྱིན་པ་དེས་དེ་ཁོ་ན་ཉིད་དམིགས་པ་མེད་དོ། །དེ་ལྟ་ཡིན་ན་ཇི་ལྟར་མྱ་ངན་ལས་འདས ་འགྲོ་ཞེས་བྱ་བའི་ཐ་སྙད་འཇུག་ཅེ་ན། མྱ་ངན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པར་འགྲོ་ཞེས་བྱ་བ་ནི་འདིར་ཡང་ཕྱིན་ཅི་ལོག་གི་ངོ་བོ་བཟློག་པ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་བྱ་བའི་རིགས་པས་འགྲོ་བ་ནི་མི་དམིགས་པའོ། །འཇིག་རྟེན་པས ་ཀྱང?་རང་གི་ངོ་བོ་དགག་པ་ཙམ་ཉིད་ལ་མྱ་ངན་ལས་འདས་ཞེས་བྱ་བར་གྲགས་པར་བསྟན་པའི་ཕྱིས?་དཔེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མེ་ཤི་པ་ལ་འགག་ཞེས་བྱ་བར་ཐ་སྙད་འདོགས་ཀྱི་མེད་འགགས་པས་འདས་པར་བྱ་བ་བྱེད་པ་མ་ཡིན་ནོ། །ངོ་བོ་ཐོབ་པ ་མེད་པའི་ཕྱིར་མ་འོངས་པ་མ་ཡིན་ནོ། །གནས་པས་ད་ལྟར་བྱུང་བ་མ་ཡིན་ནོ། །དུས་གྱིས་འགྱུར་པའི་བྱེ་བྲག་ཁྱད་པར་འགྱུར་བ་ནི་སྲིད་ཚང་མS་གནོད་པཱི་ཕྱིར་རོ། །རྒྱུ་དེ་ན?་རང་གི་ངོ་བོ་ལོག་པ་ཙམ་ལ་འཇིག་རྟེན་པས་ཀྱང་མི་ཤི་ཞེས་བརྗོད་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་ཐེག་པ་ཆེན་པོ་དེ་ཁོ་ན ་ཉིད་ཀྱི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་ལ་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་ཟློ་ཞེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་མཛའ་ནི་རྒྱུའི་སྟོབས་ཀྱིས་ཕྱི་མའི་མཐར་འབྲས་བུ་བསྐྱེད་པའི ་ཕྱིར་ད་ལྟར་བྱུང་བ་ལ་དེ་དག་གི་རང་གི་ངོ་བོ་ངེས་པར་བྱང་ཆུབ་སེམས་དཔའ་མི་དམིགས་པ་སྟེ། ཡང་དག་པའི་དོན་ཡིན་པར་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དེ་བས་ན་དུས་གསུམ་གཅིག་དང་དུ་མ་དང་བྲལ་པའི་ཕྱིར་དགེ་བར་གྱུར་པ་ཡིན་ཏེ། དེ་ལྟ་བུའི་རིགས་པས་གང ་དག་པ་ནི་འཇིག་རྟེན་པའི་མངོན་པར་འདུས་བྱས་པ་མ་ཡིན་པས་དེ་ཉིད་ཀྱི་ཕྱིར་ཆགས་པ་ལ་སོགས་པའི་སྤྲོས་བ་སྤངས་པའི་ཕྱིར་སྤྲོས་པ་མེད་པའོ། །ཀུན་ཏུ་སེམས་ཅན་མྱ་ངན་ལས་ཟློ་བར་ནུས་ཏེ། གཞན་དུ་ན་དེ་དག་གིས་དེ་ཁོ་ན ་ཉིད་ཀྱི་ཁྱད་པར་མ་རྟོག་པར་མངོན་པར་ཞེན་པ་དེས་ཕྱིན་ཅི་ལོག་མ་སྤངས་པས་སེམས་ཅན་གྱི་དོན་བྱེད་མི་ནུས་སོ། །དེ་ལྟ་བུ་དེ་ལས་བཟློག་པ་དེ་ཉིད་ནི་ཤེས་རབ་དང་སྙིང་རྗེ་ལ་སོགས་པ་ཚོགས་ཀྱི་སྒྲུབ་པ་ཡིན་ཏེ་ཐེག་པ་ཆེན་པོའི་ཆོས་མ་ལུས་པའི་རང ་བཞིན་ཕ་རོལ་ཕྱིན་མཆོག་སྤྱོད་པ་གང་ཡིན་པ་ཡང་སྒྲུབ་པ་ཡིན་ནོ། །ཚོགས་བསགས་པ་ལ་བཞི་པ་ངེས་པར་འབྱུང་བས་དེ་བསྟན་པའི་ཕྱིར་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟེགས་ཅན་ལ་སོགས་པས་དུས་རྟག་པར་བརྟགས་པ་བཀག ་ནས་དངོས་པོ་ལ་ཉེ་བར་འཇུག་པ་ཉིད་ཀྱི་བརྡར་བྱས་པའི་ཕྱིར་ཚེ་སྟེ། བརྡ་གང་གི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་བདེན་པ་གཉིས་རྟོགས་པས་ན་མཁས་པའོ། །ཆེད་དུ་བྱ་བའི་ངེས་པར་འབྱུང་པའི་སྒྲུབ་པ་སྤྱོད་པར་བྱེད་ཅིང་ཆོས་རྣམས་མ་སྐྱེས་པར་རྟོགས་ནས ་འགྲོ་བ་སེམས་ཅན་ཐམས་ཅད་ཡུལ་དུ་བྱེད་པ་ནི་སྙིང་རྗེ་ཆེན་པོ་བསྐྱེད་པའོ། །བདག་དང་གཞན་དུ་མངོན་པར་ཞེན་པ་མེད་པ་ནི་སེམས་ཅན་འདུ་ཤེས་མེད་དེ་ཡོད་པའི་འདུ་ཤེས་མི་སྐྱེད་པའོ། །དེའི་ཚེ་ཤེས་རབ་དང་ཐབས་ལ་མཁས་པ་དེ་ནི་ཤེས་རབ་པོ། །དོན ་ཐམས་ཅད་ཀྱི་ཆེད་དུ་བྱ་བའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པ་མཆོག་གོ་།གང་སྤྱོད་པ་བྱེད་ཅེས་བྱ་བའི་བར་དུའོ། །སེམས་ཅན་དུ་དམིགས་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགS་པ་གསུངས་ཏེ། གལ་ཏེ་རང་དང་གཞན་དག་ཡོད་པར ་འདུ་ཤེས་བསྐྱེད་པར་བྱེད་ན། དེའི་སྡུག་བསྔལ་གྱི་འདུ་ཤེས་སྐྱེས་པས་སྦྱིན་པ་ལ་སོགས་པ་རྣམས་ལ་དཀའ་བས་སྤྱོད་པར་བྱེད་ཅིང་སྡུག་བསྔལ་སྤྱོད་པས་འགྲོ་བའི་དོན་བྱའོ་ཞེས་དམིགས་པའི་ཕྱིར་བདག་དང་གཞན་དུ་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས ་དཔའ་ཡིན་ནོ། དེ་བས་ན་བདག་དང་བཞན་གྱི་ཆར་ཡོངས་སུ་འཛིན་པའི་ཉེས་པ་དེ་གཉིས་ཀྱིས་ཉེས་པ་ཐམས་ཅད་འབྱུང་ངོ་དེ་ལྟ་བས་ན་ཡང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མཆོག་སྤྱོད་མ་ཡིན་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །ཇི་ལྟར་སྤྱད་པར་བྱ་ཞེ་ན། བདག་ཅི་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བ་མེད་པ་དང་སྐྱེ་བ་ཞེས་རིམ་པ་གཞན་དུ་སྦྱོར། །བདེན་པ་གཉིས་ཐ་དད་པར་གཉིས་ཀྱི་རང་བཞིན་དུ་མི་རྟོག་ཅིང་ཡིད་ལ་མི་བྱེད་པ་ནི་གང་གི་ཆེ་ཐམས་ཅད་ཀྱི་ཐམS་ཅད་དུ་བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཐམས་ཅད་བསལ་བར ་བྱའོ་ཞེས་བདག་ཉིད་ཅི་འདྲ་བར་སེམས་ཅན་ཐམས་ཅད་དེ་འདྲར་ཤེས་པ་ནི་ལྷ་ལ་སོགས་པའི་སེམས་ཅན་ལ་ཞེས་སོ། །གཞན་དག་དུ་བྱས་ཏེ། ཀུན་རྫོབ་ཏུ་གཅིག་ཏུ་རྟོག་པ་ཅི་འདྲ་བར་སེམས་ཅན་ཐམས་ཅད་སྒྲེ་བཏགས་པས་དབེན་པར་ཤེས་པ་དེ་འདྲར་སེམས ་བསྐྱེད་པ་ལ་སོགས་པ་ཆོས་ཀུན་ཡང་ཤེས་ཏེ། སྟོང་པ་ཉིད་ཀྱི་རིགས་པས་གཅིག་ཉིད་དུ་རྟོགས་པས་བདེན་པ་གཉིས་ལ་ཡང་དག་པར་ཞུགས་པ་དེའི་ཚེ་རིང་ནི་ཤེས་རབ་ཕ་རོལ་ཕྱིན་པ་ཡིན་ནོ། །དེ་ལྟར་རྟོགས་པར་བྱ་བའི་དངོས་པོ་བརྟགས་པར་བསྟན་ནས། འཇིག ་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དག་ན་ཆོས་མིང་ཡོངས་བརྗོད་པ་ནི་སེམས་བསྐྱེད་པ་ལ་སོགས་པས་རབ་ཏུ་སྒྲགས་པའི་མིང་གི་སྒྲུའི་ཤེས་པ་ནི་བརྗོད་པར་བྱེད་པ་ཡིན་པ་ཡིན་པའི་ཕྱིར་རོ། །དེ་དག་ཀུན་ལ་སྐྱེ་པ་དང་ནི་ཡང་དག་འདས་སྤངས་ཏེ། ་སྤངས་པ་ནི་འགགས་པའོ། །དེ་གཉིས་སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཉམས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འཆི་མེད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་བྱིན་ཅི་ལོག་ཐམས་ཅད་སྤངས་པའི་ཕྱིར་དམ་པ་སྟེ། ཁྱད ་པར་དུ་འཕགས་པའི་ཆོས་ཀྱི་ངོ་བོའོ། །དེ་ལས་གཞན་གོང་ན་མེད་པའི་ཡེ་ཤེས་ཀྱི་དོན་ཐོབ་པ་ནི་དགོས་པ་ཡིན་ནོ། །ཆེད་དུ་བྱ་བ་ངེས་པར་འབྱུང་བའི་སྒྲུབ་པའི་ཤེས་རབ་ནི་མཆོག་སྟེ་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་གྲུབ་པ་ལ་རྣམ་པར་བཀག་ནས་ཞེས་བྱ་བའི་སྒྲ ་ནི་རབ་ཏུ་གྲགས་པའི་མིང་གི་རྣམ་གྲངས་སོ། །གྲུབ་བ་དེ་ལ་ཇི་ལྟར་འཇུག་པར་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པ་བཞིན་དུ་སྦྱར་ཏེ། རང་བཞིན་དེ་ནི་དེ་བཞིན་ཉིད་དོ། །མེད་པ་ནི་རྒྱུ་མ་ལྟ་བུ་ཡིན་པའི ་ཕྱིར་ཡོང་པ་མ་ཡིན་ནོ། །ཆོས་རྣམས་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཡོངས་སུ་ཤེས་པར་གྱུར་བ་དེ་ལྟ་བུར་གྱུར་པའི་ཆེད་དུ་བྱ་བའི་སྒྲུབ་པའི་སྤྱོད་པའོ། །དོཌ་མེད་ནི་ཐེ་ཚོམ་མེད་པར་བྱེད་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་ཐབས་དང་ཤེས་རབ་དང་ལྡན་ཏེ་ཀུན ་རྫོབ་ནད་དོན་དམ་པ་ལ་གནས་པའོ། །ཤེས་རབ་བྱ་བ་ནི་ངེས་པར་བྱས་པའོ། །ཡང་དག་པར་ཞུགས་པའི་ཕྱིར་འདི་ནི་ཤེས་རབ་སྟེ། ཇི་སྐད་བསྟན་པའི་ངེས་པར་འབྱུང་བའི་སྒྲུབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཡིན་ཏེ། དེ་ལ་སྤྱོད་པ་ནི་ཞུགས་པའོ། །དེ་དག་རིས་ནི་རྣམ ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཏེ། དེ་སྐད་དུ་ཡང། སེམས་བསྐྱེད་པ་དང་གདམས་དག་དང། །ངེས་འབྱེད་ཡན་ལག་རྣམ་བཞི་དང། སྒྲུབ་པ་ཡི་ཡང་གཞིང?་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང།། ་ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་གསུངས་པ་ཡིན་ནོ། །གཞུང་འདིར་ཚིགས་སུ་བཅད་པ་རྣམས་ཀྱིས་ཉེ་བར་བསྡུས་པ་ནི་གསལ་པར་མཛད་པའི་ཕྱིར་ཡིན་ཏེ། སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་བསྡུས་པའི་ཕྱིར་དེ ་དང་མཐུན་པར་ལེའུ་ཐ་མ་སྦྱར་བར་རིགས་མོད་ཀྱིས་བློ་དམན་པ་རྣམས་ཀྱིས་མི་རྟོགས་པའི་ཕྱིར་མ་བྱས་ཏེ། དེ་བཞིན་དུ་སྟོང་ཕྲག་ཉི་ཤུ་ལྔ་པ་དང་ཡང་མཐུན་པར་མ་བྱས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་བདེ་བར་རྟོགས་པར་བྱ་བའི་ཕྱིར་རམ། དོན་གཅིག་པར་ཤེས ་པར་བྱ་བའི་ཕྱིར་བརྒྱད་སྟོང་པ་དང་མཐུན་པར་ལེའུ་ཐ་མའི་དབྱེ་བ་འདིར་ལེའུ་རྫོགས་པར་བདག་གིས་བྱས་སོ། །ཡོན་ཏན་རིན་པོ་ཆེ་སྐུད་པའི་ཚིགས་སུ་བཅད་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པའི་ལེའུ་སྟེ་དང་པོའི་བཤད་པའོ།། །། ་?་ཐམས་ཅད?་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཡོངས་སུ་མ་ཤེས་པར་མ་ཡིན་པས་ལམ་ཤེས་པ་བསྟན་ཏོ། །དེ་ལ་དང་པོ་རྟེན་ལ་སོགས་པ་བརྗོད་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་གང་ཞིག་མི་སྦྱོར་བར ་གནས?་པ་ནི་ཆོས་ཉིད་ལ་གནས་པར་འགྱུར་རོ། །འདི་ལྟར་འོད་ཀྱིས་མོག་མོག་པོར་མཛད་པས་རྒྱུད་ལ་ཡོད་པའི་ང་རྒྱལ་བཅམ?་པ་ནི་རྟེན་ཡིན་ནོ། །དེས་ཡང་དག་པར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་ཡུལ་སོ་སོར་ངེས་པ་ཡིན་ནོ། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད་ཅེས ་གསུངས་པས་འགྲོ་བ་ཐམས་ཅད་ཀྱིས་སངས་རྒྱས་ཐོབ?་པར་འགྱུར་ཏེ། འདོད་ཆགས་དང་བྲལ་བ་དང་ཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད་ཐོབ་པས་ན་ལམ་ཤེས་པ་བསྒོམས་པ་ནི་ཁྱབ་པ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་བའི ་ཕྱིར་ཉོན་མོངས་པ་ཐམས་ཅད་མི་སྤོང་བ་ནི་རང་བཞིན་ནོ། །ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་ཡོངས་སུ་མ་བཟུང་པའི་སེམས་ཅན་ཡོངས་སུ་བཟུང་པ་ལ་སོགས་པ་གང་ཡང་རུང་བ་ལས་སུ་བྱ་བའི་འཇུག་པ་ཡིན་ནོ། །དབྱེ་བ་ལྔ་པོའི་དོན་མེད་ན་མི་འབྱུང་བའི་ཕྱིར་ཆོས་ཉིད ་ཀྱི་སྒྲས་དེ་འཕངས་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །གཞན་དུ་ན་ལམ་ཤེས་པས་རྟོགས་པར་མི་རིགས་པས་དེ་ཉིད་ཀྱི་ཕྱིར་དེ་རྟོགས་པའི་ཟབས་ཡིན་པས་དེ་དག་དོན་གྱི་དབྱེ་བ་ལྔ་ལ་གནས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་ཤེས་པའི་རང་བཞིན་མཆོག་ལ་སྤྱོད ་པ་ཡིན་ནོ། །རྟེན་ལ་སོགས་པ་བསྟན་པའི་ཤུགས་ཀྱི་ལམ་ཤེས་པའི་དབང་དུ་བྱས་ཏེ། རང་གི་ལམ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྟོགས་པ་ཐོབ་ནས་ཐེག་པ་གཞན་གྱི་འདུལ་པའི་སེམས་ཅན་ཐ་དད་པའི་སེམས་ཅན་གྱི་དོན་མངོན་སུམ་དུ་མི་བྱད ་པར་ལམ་རྒྱུ་དང་བཅས་པ་བསྟན་པ་ལ་ཡོངས་སུ་མཁས་པའི་ཐབས་ལ་མཁས་པས་ལམ་ཐམས་ཅད་བྱང་ཆུབ་སེམས་དཔས་ཡོངས་སུ་རྫོགས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཉན་ཐོས་ཀྱི་ལས་བསྟན་པའི་ཆེད་དུ་རྟག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཉིད ་ཀྱིས་སྐྱེས་པ་འཇིག་པའི་ཕྱིར་མི་རྟག་པའོ། །ཟག་པ་དང་བཅས་པས་མཐུན་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་པའོ། །བདག་དང་གཞན་གྱིས་སྟོང་པའི་ཕྱིར་སྟོང་པའོ། །རྟག་པ་ཉིད་ལ་སོགས་པ་དེ་ཉིད་ལས་བཟློག་པར་བྱ་བ་དེ་གཉིས་ནི་དོར་བར་བྱ ་བ་དང་བླང་བར་བྱ་བ་ཡིན་ནོ། །གཙོ་བོའི་ཕྱིར་སྡུག་བསྔལ་གྱི་བདེན་པ་གཟུང་བ་ཡིན་ནོ། །དེ་བཞིན་ཉིད་དང་དེ་བཞིན་སྟོང་ཞེས་བྱ་བ་འདིས་ནི་རབ་ཏུ་འབྱེད་པའི་སྟབས་ཀྱིས་ལྷག་མ་བདེན་པ་གསུམ་པའི་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དེ་གཉིས་མཐུན་པའི་ཕྱོགས་དང ་གཉེན་པོའི་རྣམ་པ་སྡུས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་གོམས་པར་བྱ་ཞེ་ན། སྟོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པ་དེ་དག་དེས་མི་དམིགས་པའོ། །འདིར་རྟག་པ་ལ་སོགས་པའི་ཆོས་ཀྱི་གཉེན་པོ་མི་རྟག ་པ་ལ་སོགས་པའི་རྣམ་པའི་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཉན་ཐོས་ཀྱི་མཐོང་བའི་ལམ་བསྐྱེད་པ་དེས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་དུ་ཇི་སྲིད་སྒོམ་པ་གང་ཞིག་ཤེས་པས་ཕྱིས་ལམ་དེར་ལྟུང་བར་དོགས ་ནས་སྤང་པའི་ཕྱིར་རྣམ་པ་དེ་དག་མི་དམིགས་པའི་རང་བཞིན་ཡིད་ལ་བྱེད་དོ། །དེ་བས་ན་སྟོང་པ་ཉིད་ཀྱི་བདེན་པས་སྤྱིར་འབྲས་བུ་ཅུང་ཟད་གང་ཐོབ་པ་ལ་ཡང་མི་གནས་སོ། །དེ་ཉིད་ཀྱི་ཕྱིར་དབང་པོ་རྟུལ་པོ་དང་འབྲིང་དང་རྣོན་པོ་ལ་མི་རྟག་པ་ལ་སོགས ་པའི་རྣམ་པ་བསྒོམ་པ་ན་རིམ་པ་ཇི་ལྟ་བ་བཞིན་བྱང་ཆུབ་རྣམ་པ་གསུམ་ཐོབ་ཅེས་ཉན་ཐོས་ཀྱི་ཐེག་པ་ལས་བསྟན་པའོ། །ཁྱད་པར་ཉན་ཐོས་དང། རང་སངས་རྒྱས་དང། དེ་བཞིན་གཤེགས་པའི་སར་མི་གནས་ཤིང། རྣམ་པ་ཐམས་ཅད་དུ་ཉན་ཐོས ་ལ་སོགས་པའི་ཐེག་པ་བསྟན་པའི་རིམ་པས་ཐབས་མ་ཡིན་པའི་ཕྱིར་དེས་འདུལ་བའི་སེམས་ཅན་རྗེས་སུ་བཟུང་བའི་ཆེད་དུ་བདག་མེད་པ་ཉིད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤོང་དུ་འཇུག་པར་བྱེད་པ་ཡིན་གྱི། དེ་ལས་བྱང་ཆུབ་སེམས་དཔས་ཀྱང་རྒྱལ ་པའི་ཕྱིར?་འཇུག་པ་ཡིན་ནོ། །བདེན་པ་ཡོངས་སུ་ཤེས་པའི་སྔོན?་དུ་ངེས་པར་འབྱེད་པའི་ཆ་ཡོངས་སུ་ཤེས་པ་འགྲོ་བས་ངེས་པར་འབྱེད་པ་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འདྲེན་པ་བཅོམ་ལྡན་འདས་གནས་པ་མེད་པར་སྤྱོད་པ་དེ་ལྟར་དེ ་བཞིན?་ཉིད་ལ་སོགས་པ་འདུས་མ་བྱས་ཀྱི་ཁམས་ཀྱི་དེ་ཁོ་ན་ཉིད་ལ་ཡང་མི་གནས་སོ། །དེ་བཞིན་དུ་འདོད་པའི་ཁམས་ལ་སོགས་པའི་འདུས་བྱས་ལ་ཡང་མི་གནས་ཤིང། དེ་བས་ན་དེ་ལ་ཇི་ལྟར་སྣང་བ་རྣམས་ལ་གནས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་སྐད་བསྟན ་པའི་རྣམ་པར་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་ཤེས་པ་གནས་ཀྱང་བྱང་ཆུབ་སེམས་དཔའ་གནས་མེད་པ་ཉིད་གནས་པ་ཡིན་ནོ། །གང་གི་ཕྱིར་གནས་མེད་གནས་ཡིན་འདི་ནི་རྒྱལ་དེ་བཞིན་གཤེགས་པས་གསུངས་སོ། །ཉན་ཐོས་ཀྱི་ལམ་གྱི་རྗེས་ལ་རང་སངས ་རྒྱས་རྣམས་ཀྱི་ལམ་བརྗོད་པར་རིགས་མོད་ཀྱི། ཉན་ཐོས་ལས་རང་སངས་རྒྱས་ཇི་ལྟར་ཁྱད་པར་དུ་འཕགས། གང་གིས་ན་དེ་གཉིས་ཀྱི་ལམ་ལ་ཁྱད་པར་ནི་ཅི་ཡོང་སྙམ་པའི་དོགས་པ་བསལ་བའི་ཕྱིར་གང་གིས་སྔོན་ཐོས་པ་ལ་སོགས་པ་མངོན ་པར་འདུས་བྱས་པས་གཞན་གྱིས་བསྟན་པ་ལ་བལྟོས་པ་མེད་པར་རང་གི་བྱང་ཆུབ་ཐོབ་པ་ནི་གཅིག་ཡིན་ནོ། །དེ་བཞིན་དུ་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་གཟུང་བའི་རྣམ་པར་རྟོག་པ་སྤངས་པ་དང། སྒྲ་བརྗོད་པ་མེད་པར་གཞན་གྱི་དོན་བྱེད་པ་དག་གིས་ཡེ་ཤེས་ཟབ ་བ་ཡིན་ཏེ། གཉིས་ཀྱི་ཁྱད་པར་དུ་འཕགས་སོ། །གཞན་དུ་ན་ཁྱད་པར་དུ་འཕགས་པ་མེད་ན་ལམ་ལ་ཁྱད་པར་ཡོད་པར་མི་རིགས་པའི་ཕྱིར་ཤུགས་ཀྱིས་འཕངས་པ་ཡིན་པར་རིག་པར་བྱའོ། །དེ་བས་ན་ཁྱད་པར་དུ་འཕགས་པའི་ལམ་ཁྱད་པར་ཅན་རང་སངས་རྒྱས་ཀྱི་ལམ ་བསྟན་པའི་ཕྱིར་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འགའ་ཞིག་རྒྱ་མཚོར་ནུབ་བྱས་ཕ་རོལ་དང་ཚུ་རོལ་གྱི་འགྲམ་མི་མཐོང་བས་འགྲོ་བར་མི་ནུས་ཏེ། ཐབས་མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་རྒྱ་མཚོར་ནུབ་པའི་སྐྱེ་བོས་སོ། །གང་ཕྱིར་མི་ལྡོག་པའི་ཕྱིར་ ་བདེ་གཤེགས་ནི་ཉན་ཐོས་སོ། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ་ནི་མངོན་པར་འདོད་པའོ། །དེས་ན་འདི་ལ་ནི་ལམ་ཤེས་པ་སྟེ། ལམ་ཐམས་ཅད་དུ་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ལ་རྟོགས་པའི་བཟོད་པ་འདི་ལ་མ་བརྟེན་པར་སངས་རྒྱས ་ཐོབ་པར་མི་ནུས་ཏེ། མངོན་པར་འདོད་པའི་དོན་མི་འཐོབ་ཅེས་བྱ་བའི་དོན་ཏེ། གཞན་དུ་འཐོབ་པ་མེད་ཅེས་བྱ་བའི་དོན་ཏོ། །འདིས་གཞི་བྱ་བ་བའི་དོན་དེ་ཁྱབ་པའི་དོན་དུ་བསྟན་པ་འདིས་ན་རང་སངས་རྒྱས་ཀྱི་ལམ་གྱི་དབང་དུ་བྱས་པ་དེ་བསྟན་པར་འགྱུར་རོ། །གཟུང་བ་བསྟོ ་པ་འབའ་ཞིག་སྡངས་པའི་རང་སངས་རྒྱས་ཀྱི་ལམ་གང་གིས་ཁྱད་པར་དུ་འཕགས་པ་དེའི་རང་བཞིན་ཁོ་ན་ལམ་ཤེས་པ་མ་ཡིན་གྱི། འོན་ཀྱང་ཉན་ཐོས་ལ་སོགས་པའི་ལམ་གྱི་རང་བཞིན་ཡང་ཡིན་ནོ། །གཟུང་བ་མེད་པས་དེ་འཛིན་མེད་ཅེས་བསྟན་པའི་ཕྱིར་རོ། །འཛིན་པའི ་རྣམ་པར་རྟོག་པ་ཅི་འདྲ་བས་ཆོས་འཛིན་པ་རང་སངས་རྒྱས་སུ་རྟོགས་ཤེ་ན། ཆོས་འཆད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཆོས་འཆད་པ་དང་ཉན་དང་བཤད་བྱ་གང་ཡིན་བ་སྒྱུ་མ་ལྟ་བུ་ཡིན་ཏེ། འདིར་དགོས་པ་ནི་དེ་ལྟ་བུའི་དངོས་པོའི་ཆོས་ཡིན་ཏེ། གང་གི་ཕྱིན་པར ་གི་མཚན་ཉིད་དངོས་པོའི་བདག་རྒྱུད་རུང་བས་འཛིན་པར་བྱེད་པ་རྣམ་པར་མི་རྟོག་པའི་ཤེས་པ་ནི་རང་གི་མཚན་ཉིད་འབྲས་བུ་སྐྱེ་བས་དེ་མེད་ན་མེད་པ་ཡིན་མོད་ཀྱི། གཟུང་བའི་རྣམ་པར་རྟོག་པ་བཀག་པ་ན་ཡང་གཟུགས་ལ་སོགས་པ་ལ་འཛིན་པའི་རྣམ་པར་རྟོག་པའི ་ཤེས་པས་རང་གི་རྒྱུད་ལ་བག་ཆགས་བཞག་པ་སད་པ་ལས་སྐྱེ་བའི་ཕྱིར་གཟུང་བའི་རྣམ་པར་རྟོག་པ་ལས་དེ་འབྱུང་ཞེས་བྱ་བའི་དེས་པ་མེད་དོ། །གང་གི་ཕྱིར་རང་སངས་རྒྱས་གང་གི་གཞན་ལ་འཆད་པ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་མི་འཆད་པ་ཡང་སྟེ། གཟུགས་ལ ་སོགས་པ་རྣམ་པར་མི་རྟོག་པས་གཟུང་བའི་རྗེས་ལ་འཛིན་པའི་རྣམ་པར་རྟོག་པ་ཞེས་པ་ཉན་པ་དང་འཛིན་པར་བྱེད་དེ། དེ་བཞིན་དུ་གང་མཉན་པ་དང་ལྡན་པ་དག་ཉན་པ་སྟེ། དེ་དག་ཐམས་ཅད་ཀྱང་བརྫུན་པ་སྣང་བའི་རང་བཞིན་འཛིན་པའི་རྣམ་པར་རྟག་པ་དང་འབྲལ་པའི ་ཆེས?་འཛིན་པའང་སྒྱུ་མ་ལྟ་བུ། ཆོས་དེ་འཆད་པ་དང་ཉིན་པ་ཡང་སྒྱུ་མ་ལྟ་བུར་རིག་པར་བྱའོ། །དེ་བས་ན་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་རིགས་པ་འདིས་ཀྱང་རང་སངས་རྒྱས་ཀྱི་ལམ་གྱི་རང་བཞིན་དུ་གྱུར་བར་བལྟའི། །རྣམ་པ་གང་གིས་ཆོས ་སྒྱུ་མ?་བུར་བསྟན་པ་ནི་རང་བཞིན་བཀག་ནས་དེ་ཁོ་ན་ཉིད་དུ་ཡོད་པར་རྟོགས་ཞེས་ཟེར་ན། འབྲས་བུ་ཐོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གང་ཞིག་འབྲས་བུ་དང་པོ་ལ་སོགས་པ་ལ་གནས་པའི་གང་ཟག་བརྒྱད་པོ་ནི་འབྲས་བུ་འཐོབ་བའོ། །ཚོགས་ན་སྤྱོད་པ་དང། བསེ་རུ་ལྟ་བུ ་འདབ?་སངས་རྒྱས་སུ་མཚུངས་པས་རྐྱེན་རྒྱལ་ལོ། །ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུ་གཉིས་པོ་དག་གིས་འཇིག་རྟེན་མགོན་གྱི་དབྱེ་བ་རྣམ་པ་གཉིས་སོ། །རིམ་པ་ཇི་ལྟ་བ་བཞིན་དུ་བདག་དང་གཞན་གྱི་དོན་དུ་སྦྱོང་བས་ནམ་མཁས་པ་དང་གསལ་བ་སྟེ། ཡུལ་དུ་བྱུང་བའི་ཤེས་རབ་ཕུན་སུམ་ཚོགS ་བས་མཁས་གསལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་སུམ་དུ་བྱས་པ་བཞིན་ནོ། །ཡང་གང་གིས་ཆོས་ཀྱི་སྐུ་ཐོབ་པ་ནི་མྱ་ངན་ལས་འདས་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་དོན་ལ་སྦྱོར་བ་ནི་མཁས་རིག་གོ། ཡང་ནམ་མཁས་པ་རྣམས་ཀྱི་ནང་ནས་ཤེས་རབ་ཕུལ་དུ ་བྱུང་བ་ཕུན?་སུམ?་ཚོགས་པ་ནི་མཁས་རིག་གོ་།ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པ་དེ་དག་ཐམས་ཅད་ནི་འདས་མ་ཐག་ཏུ་བསྟན་པའི་རྣལ་འབྱོར་པས་ཀུན་རྫོབ་ཏུ་བླང་བར་བྱ་བ་གཉེན་པོ་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ལ་སོགས་པའི་གཏན་ཚིགས ་རྣམས་ཀྱིས་བསྟན་པའི་ཕྱིར་ཆོས་ཀྱི་རྒྱལ་ཡང་སྒྱུ་མ་ལྟ་བུར་རྟོགས་པར་བྱ་བ་ཡིན་ན་གཞན་ལྟ་ཅི་སྨོས་ཏེ་དེ་བཞིན་ནོ། །གང་གི་བརྡར་ཅུང་ཟད་གྲུབ་པས་དོན་མ་གྲུབ་བསྒྲུབ་པར་བྱེད་པའི་དཔེ་སྒྱུ་མ་ལྟ་བུར་བསྟན་པས་དེའི་ཚེ་ཡང་ཉེས་པ་ཅུང་ཟད་ཀྱང་མེད་དོ། །ཅི་འདྲ་བ་ལ་མཁས་པའི་གང་ཟག ་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་འགྱུར་བ་བསྟན་པའི་ཕྱིར་རོ། །གང་ཟག་བཞི་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཤེས་རབ་འབྲིང་གི་ལྟ་བ་དང་ལྡན་པ་ཉུན?་རྫོབ་དང་དོན་དམ་པའི་དབྱེ་བ་ཡོངས་སུ་ཤེས་པའི་མཁས་པ་ནི་རྒྱལ་སྲས་སོ། །དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ ་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་དེས་པ་ནི་ཕྱིར་མི་ལྡོག་པ་སྟེ་གཉིས་པའོ། །ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པ་སྟེ། མཐོང་བའི་ལམ་ལ་སོགས་པ་དེ་ཉིད་ཀྱིས་བཟུང་པའི་རྣམ་པར་རྟོག་པ་? ་?་པ་ཇི་ལྟ་བ་བཞིན་དུ་དྲི་མ་བསལ་བ་དང། དེ་ཉིད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར་སོམ་ཉི་སྤངས་པ་ནི་གསུམ་པའོ། །དགེ་བའི་བཤེས་གཉེན་ཀྱིས་ཡོངས་སུ་བཟུང་བ་ནི་བཞི་པའོ། །གང་ཟག་བཞི་པོ་དེ་དག་རང་སངས་རྒྱས་ཀྱི་རིགས ་?་ཡིན་པའི་ཕྱིར་འདི་ལ་སྐྲག་པར་མི་འགྱུར་རོ། །དེ་དག་གིས་རྟེན་བསྟན་ཏོ། །ཇི་ལྟར་རང་སངས་རྒྱས་ཀྱི་ལམ་བྱང་ཆུབ་སེམས་དཔའ་གོམས་པར་བྱ་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་རྣམས་བསྒོམ་པ་ཇི་ལྟ་བ ་བཞིན་དུ་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས་རང་སངས་རྒྱས་ཀྱི་མཐོང་བའི་ལམ་བསྐྱེད་དོ། །ཉོན་མོངས་པ་སྤོང་བ་ཡང་དེ་བཞིན་ནོ། །ཤེས་རབ་འབྲིང་གི་སྟོབས་ཀྱིས་ཆོས་ཉིད་ལྟག་པ་མཐོང་བ་ཉིད་ཇི་སྐད་བསྟན་པས་ཁྱད་པར་དུ་འཕགས ་པ་དང་ལྡན་ཞིང་ཤེས་བྱའི་སྒྲིབ་པ་གཟུང་བར་རྟོག་པ་ཕྱོགས་གཅིག་སྤོང་འདུས་ཇི་སྲིད་བསྒོམ་པ་ཤེས་པ་ཉིད་ཀྱིས་ཕྱིས་དེའི་ལམ་དུ་ལྟུང་བ་སྤང་བའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་བྱེད་དོ། །དེ་ལྟར་མི་དམིགས་པས་རང་སངས་རྒྱས་ཀྱི་ཐེག་པ་ལ ་སྦྱོར་པ་ནི་བྱང་ཆུབ་སེམས་དཔའ་མཁས་རིག་སྟེ། དགྲ་བཅོམ་པའི་སྤངས་པ་ཕུན་སུམ་ཚོགས་པ་ལ་ཡང་མི་སློབ་པོ། །རྐྱེན་རྟོགས་ས་ལ་སྟེ་རང་སངས་རྒྱས་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ལའང་མིན་ནོ། །ཐམས་ཅད་མཁྱེན་ཉིད་ཆེད་དུ་སངས་རྒྱས ་ལ་དམིགས་ནས་དེའི་ཐབས་བདག་མེད་པ་ལ་གོམས་བར་བྱེད་པ་ནི་ཆོས་རྗེས་སུ་སློབ་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་ལམ་ཤེས་པ་ལ་སློབ་པ་སྟེ། གང་ཞིག་སློབ?་མི་སློབ་པ་ནི་ཤེས་རབ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་ཡོངས་སུ་གཟུང་བས་གོ་རིམ ་བཞིན་མི་སློབ་པའོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་འོག་པར་རྟོགས་པ་ནི་དེ་སློབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པར་འབྱེད་པའི་ཆ་ཡོངས་སུ་ཤེས་པ་དེས་ཇི་སྐད་བསྟན་པའི་རང་སངས་རྒྱས་ཀྱི་ལམ་ཡོངས་སུ་ཤེས་པར་འགྱུར་བས་ངེས་པར་འབྱེད་པ་བསྟན་པའི ་?་གཟུགས་འཕེལ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་ལ་སྦྱིན་པའི་རང་བཞིན་བརྗོད་པ་ནི་གཟུགས་ཙམ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །འཕེལ་བ་ནི་བསགས་པའོ། །ཡོངས་སུ་ཉམས་པ་ནི་བསགས་པ་མེད་པའོ། །ཡོངས་སུ་གཟུང་བ་ནི་རྟེན? ་བྱེད་ཅེས་བྱ་བའི་བར་དུའོ། །ཇི་སྐད་བསྟན་པ་བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་ཤེས་པ་ནི་སླེབ་པ་སྟེ། འཇུག་བར་བྱེད་པའོ། །གང་ལ་བྱང་ཆུབ་སེམས་དཔའ་ནི་མི་སློབ་ཅིང་འདོང་བར་བྱེད་དེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འཕེལ་པ་དང་ཉམས་པ་ཡོངས་སུ་? ་ལས་?་སློབ་སྟེ། བླད་པར་བྱ་བ་སྣ་ཚོགས་པའི་ཚེས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ཡོངས་སུ་མི་འཛིན་ཅིང་དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱིས་ཡོངས་སུ་མི་འཛིན་ཏེ། སེམས་ཀྱིས་ཀྱང་བརྟེན་པར་མི་བྱེད་དེ་འཆིང་བ་ཡིན་པའི? ་ཕྱིར་རོ། །དེ་ལྟ་བུས་ངེས་པར་འབྱུང་ངོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་བུ་ལ་འདིར་བསླབས་ཏེ་གོམས་པ་ཞེས་པས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། རིམས་གྱིས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ལྷག་མ་ཉོན་མོངས་པ་སྤོང་པ ་ནི་སྣང?་བསྟན་པའི་ལམ་གྱི་ངོ་བོ་ལ་མངོན་དུ་ཕྱོགས་པས་དང་ཡང་དུ་དམིགས་པ་ནི་སྒོམ་པའི་ལམ་དུ་བཞག་པ་ཡིན་པའི་ཕྱིར་མཐོང་བའི་ལམ་ཡོངས་སུ་ཤེས་པ་ཉིད་ཀྱིས་དེ་ཡོངས་སུ་ཤེས་པར་གྲུབ་པ་དེ་བས་ན་བྱང་ཆུབ་སེམས་དཔའ་མཐོང་པཱི་ལམ་ཡོངས་སུ་ཤེས་པཱི་ཕྱིར་ཉན?་ཐོས ་ལ་སོགས་པ་དང་འབྲེལ་བའི་སྒོམ་པའི་ལམ་ལོགས་ཤིག་ཏུ་མ་བརྗོད་པར་ཤེས་པར་བྱའོ། །ཇི་ལྟ་བུར་གྱུར་པའི་རྒྱལ་བའི་སྲས་ཀྱི་མཐོང་བའི་ལམ་ཐོབ་པའི་སྟོབས་ཀྱིས་རང་གི་ལམ་ལ་དབང་དུ་གྱུར་པ་ཐོབ་པ་དེ་ལས་གཞན་པའི་ཐེག་པས་འདུལ་བའི་སེམས་ཅན ་རྗེས་སུ་འཛིན་པ་ན་ལམ་གཉིས་ལས་ཡོངས་སུ་རྒྱལ་བ་ཡིན་པའི་ཕྱིར་དེའི་རྗེས་ལ་ཚེ་འདིའི་ཡོན་ཏན་ལ་སོགས་པ་དང་ལྡན་པར་རྗེས་སུ་གདམས་པར་བྱ་བའི་མཐོང་ལམ་པའི་བསྒྲུབ་པའི་ཕྱིར། གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གཟུགས་ནི་ཤེས་རབ་མ་ཡིན་ཏེ་དེ་བཞིན་ཉིད་ཡིན་ནོ། །གཟུགས་ལ་ཤེས་རབ་མེད་དེ། རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་ཤེས་རབ་མེད་དོ། །ཤེས་རབ་ལ་ཡང་དེ་བཞིན་ནོ། །འོན་ཀྱང་ནམ་མཁའ་ཨི་ཁམས་དང་མཚུངས་པར་དེ་དག་གིས་སྟོང ་སྟེ། གཟུགས་ལ་སོགས་པ་རིགས་པས་མ་བསྐྱེད་པའི་ཕྱིར་ཆོས་ཐམས་ཅད་རྟེན་དང་བརྟེན་པར་ཐ་དད་པའི་མཚན་ཉིད་མེད་དེ། ཁྱད་པར་དང་སྣ་ཚོགས་པའི་རང་བཞིན་དུ་མེད་ཅེས་བྱ་བའི་བར་དུའོ། །དེ་སྐད་དུ་ཆ་ཤས་སྒྲ་འདོགས་ཇི་སྙེད་པ། དེ ་ལས་ལ་ཕྱིར་ན་ངེས་པ་དང། །སྒྲ་ཡང་དེ་སྙེད་ཁོ་ན་དེས། །དེ་དག་སྤྱོད་ཡུལ་ཐ་དད་ཅན་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་མཐོང་བའི་ལམ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྗེས་ཐོགས་ལ་མི་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས ་པར་ལྡན་པ་དེས་ཉོན་མོངས་པ་བརྒྱ་བཅུ་གཉིས་སྤོང་བར་བྱེད་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ན་འཕགས་པའི་བདེན་པ་བཞིའི་རྣམ་པའི་བྱེ་བྲག་གིས་རིམ་པ་བཞིན་བསྒོམ་པར་གྲགས་པ་ཇི་ལྟ་བ་ཞེ་ན། དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ ་ཡོངས་སུ་ཤེས་པ་ཙམ་ཉིད་སྡུག་བསྔལ་གྱི་བདེན་པ་སྟེ་དམིགས་པས་སོ། །དངོས་པོ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དངོས་པོར་མངོན་པར་ཞེན་པ་སྤངས་པར་བྱ་བ་ཡིན་བས་ན་ཀུན་འབྱུང་གི་བདེན་པ་ཡིན་ཏེ། སེམས་ཅན་གྱིས་སོ། །མངོན་སུམ་དུ་ ་བྱད་བ་ཡིན་པས་ན་འགོག་པའི་བདེན་པ་སྟེ། ནམ་མཁའ་ཨི་ཁམས་ཀྱིས་སོ། །ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་ཆོས་རྣམ་པར་འབྱེད་པ་ནི་ལམ་གྱི་བདེན་པ་ཡིན་པས་ཤེས་རབ་ཀྱིས་སོ། །ཕ་མཛའ་མེད་ནི་མཛའ་ནི་སྔོན་དང་ཕྱི་མའི་མཛའ་དང་རྒྱུ་དང་འབྲས ་བུ?་ཞེས་བྱ་བའི་བར་དུའོ། །ཡོངས་སུ་རྫོགས་པར་ཡོད་པའི་དུས་ནི་ཕ་རོལ་ལོ། །ཕ་མཛའ་མེད་ནི་སྒྱུ་མ་ལྟ་བུར་མེད་པའོ། །གང་ལ་རང་བཞིན་ཡོད་པ་ནི་རང་བཞིན་ཏེ། དེ་ནི་ཕ་མཛའ་སྟེ་རྒྱུ་དང་འབྲས་བུའི་རང་བཞིན་སྤངས་ཞེས་བྱ་བའི་བར་དུའོ། །འདིས་འགྲོ་བའི་རང་བཞིན་མཁྱེན ་པའི་ཕྱིར་འཇིག་རྟེན་མཁྱེན་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཇི་ལྟར་སྣང་བའི་བདེན་པ་ལའོ། །དེ་དག་གི་རང་བཞིན་གང་ལ་ཡོད་པ་དེ་ནི་གང་གི་ཕྱིར་རིགས་པས་ལ?་མཛའ་མེད་པའོ། །དེ་བས་ན་རྟེན་ཅིང་འབྲལ་པར་འབྱུང་བར་སྨྲ་བའི་ཕྱོགས་བདག་མེད ་པའི་རྣམ་པ་གཅིག་གིས་ཆོས་ཐམས་ཅད་མཉམ་པར་བསྒོམ་པ་དང། དངོས་པོར་སྨྲ་བའི་ཕྱོགས་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བདེན་པ་མི་རྟག་པའི་རྣམ་པའི་བྱེ་བྲག་བསྒོམ་པ་ཡིན་པར་རྣམ་པར་བཞག་ཏེ། རྟག་པ་ལ་སོགས་པའི་ཆོས་གཞན་སྒྲོ? ་བཏགས་པ་སྲིད་པས་དེའི་ཕྱིར་འགལ་བ་མེད་དོ། །དངོས་པོར་སྨྲ་བའི་ཕྱོགས་ལ་ཅིའི་ཕྱིར་མི་བརྟེན་ཅེ་ན། འདུ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་གྲགས་པའི་གཟུགས་པ་སོགས་པ་དེ་དག་ཞི་གང་ཞིག་མིང་ཙམ་སྟེ། འདི་དག་ཐམས ་ཅད་མིང་ཙམ་སྟེ། འདི་དག་ཐམས་ཅད་མིང་ཙམ་གནས། །བརྗོད་པ་ལས་ནི་གཞན་གྱུར་བ། །བརྗོད་པར་བྱ་བར་རབ་ཏུ་བརྟགས་ཞེས་གསུངས་པའི་ཕྱིར་རོ། །འདྲེན་པ་སྟེ་འགྲོ་བའི་བླ་མས་བཏགས་པ་ཙམ་དུའོ། །ཙམ་གྱི་སྒྲས་ནི་རྣམ་པ་གཞན་གཅོད་པ་དབྱེད ་དེ། མིང་ཙམ་དུ་ཡོངས་སུ་བསྒྲགས་སོ། །དེ་བས་ན་མིང་བཏགས་པ་ཡིན་པར་ཤེས་ནས་བདག་མེད་བའི་རྣམ་པ་བསྒོམས་པས་གང་ཞིག་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་དངོས་པོ་དེ་མ་ཐག་པའི་ལམ་གྱི་སྟོབས་ཀྱིས་སྤངས་པ་ཕུན་སུམ་ཚོགས ་པའི་ཕ་རོལ་ཏུ་འགྲོ་བ་ཡིན་ནོ། །ཐོབ་པར་བྱ་བའི་དངོས་པོ་ཐོབ་པ་ནི་རྣམ་པར་གྲོལ་བའི་ལམ་གྱི་སྟོབས་ཀྱིས་ཡིན་ཏེ། ཡེ་ཤེས་ཕུན་སུམ་ཚོགས་བར་འགྲོ་ཞིང་འདུ་ཤེས་དང་བྲལ་བ་ཐོབ་པ་དེ་ཉིད་ཀྱི་ཕྱིར་དོར་བར་བྱ་བ་དང་བླང་བར་བྱ་བ་མངོན་སུམ ་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་ཏེ། རང་བཞིན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་མཐོང་བའི་ལམ་ལ་གནས་པར་འགྱུར་གྱི་གཞན་ཕྱིན་ཅི་ལོག་གི་རང་གཞིན་ལ་མི་བརྟེན་ཏོ། །དོན་དམ་པར་བསྒོམ་པ་རྒྱུད་?་བཅས་པ་ཡོད ་པའི་ཕྱིར་ཕྱིན་ཅི་ལོག་གི་རང་བཞིན་ཡོད་དོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་གངྒཱའི་རླུང་གི་བྱེ་མ་སྙིང་དུ་བཅོམ་ལྡན་འདས་བཞུགས་ཏེ་ཡོད་པ་ཡིན་ནོ་ཞེས་ཡོད་པའི་སྒྲ་ཡོངས་སུ་བསྒཏགས་ཀྱང་གཙོ་བོས་ཀྱང་མི་སྦྱོར་ན། སྐྱེ་རོའི་? ་གཞན་ཀྱིས་ཀྱང་དེ་བཞིན་དུ་ཡོད་དོ་ཞེས་བྱ་བར་སྤྱོད་པ་ལྟག་པ་ཡོད་དེ་ཡོད་མི་སྲིད་པས་རྒྱུ་མེད་པ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་གཟོད་མ་ནས་ཉེས་པ་མེད་པས་ཤིན་ཏུ་དག་པ་ཡིན་ནོ། །གཞན་གང་ལས་རྒྱུར་གྱུར་བ་དེ་སྒྲུབ་པར་བྱེད་པའི ་ཚད་མ་མེད་པའི་ཕྱིར་ཡོད་པ་སྐྱེ་བར་གལ་འགྱུར། དེ་བས་ན་དངོས་པོ་ཡོད་པ་ཞེས་བྱ་བ་ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་སྔར་ཇི་སྐད་བསྟན་པ་དེ་ལྟར་ཤེས་རབ་ཕ་རོལ་ཕྱིན་མཆོག་ནི་མཐོང་བའི་ལམ་གྱི་བདག་ཉིད་དོ། །སྤྱོད་པ་ནི་བདག་མེད་པའི ་རྣམ་པ་གཅིག་པའི་ཆོས་ཐམས་ཅད་ཁྱད་པར་དང་བྲལ་བ་ལ་རྗེས་སུ་གནས་ཤིང་རྟོགས་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པ་ཉིད་ཀྱི་མཐོང་བའི་ལམ་བསྒོམ་པ་ནི་སྔོན་གྱི་དེ་བཞིན་གཤེགས་པས་ལུང་བསྟན་པ་ཐོབ་པར་འགྱུར་ཞེས་ཉེ་བར་བསྡུ་བའི་ཕྱིར། ་?་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ནི་ཇི་སྐད་བསྟན་པའི་ལམ་གྱི་རང་བཞིན་བསྒོམ་པས་རྟོགས་པ་ཐོབ་པ་དེའི་ཚེ་ལུང་བསྟན་པར་གྱུར་ཏེ། སྔོན་གྱི་བཅོམ་ལྡན་འདས་མང་མེ་མཛད་ཀྱིས་དངོས་པོ་ཐམས ་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་ཁྱོད་མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་སོ། །ཕན་པ་དང་བདེ་པ་དང་མཐུན་པའི་ཕྱིར་མཐུན་པར་སྨྲ་བར་གྱུར་པར་རྒྱལ་བ་གསུང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྟན་པའི་མཐོར་བའི་ལམ་ལ ་?་པའི་ལམ་སྔར་བསྟན་པའི་རིགས་པས་ལམ་ཤེས་པ་ཉིད་ལོགས་ཤིག་ཏུ་རྣམ་པར་བཞག་གོ། དང་བསྟན་བའི་དེས་པར་འབྱེད་པ་མཐོང་བའི་ལམ་འདིའི་ཡིན་པར་གཟུང་བར་བྱའོ། །ཡོན་ཏན་རིན་པོ་ཆེ་སྤུང་པ་ཚིགས་སུ་བཅད་པ་ལས་བརྒྱ་བྱིན་གྱི་ལེའུ་སྟེ་གཉིས་པའི་བཤད ་?།། །།མཐོང་བའི་ལམ་གྱིས་རྗེས་ལ་བསྒོམ་པའི་ལམ་བརྗོད་པར་བྱ་བ་ཡིན་མོད་ཀྱི་བརྗོད་པར་བྱ་བ་ཉུང་བའི་ཕྱིར་དང། འབྲས་བུ་ལ་གཞོལ་བས་གདུལ་བྱ་འཇུག་པར་བྱ་བའི་ཕྱིར་བསྟན་ཏེ། ཤིན་ཏུ་རྣམ་པར་དག་པ་བསྒོམ་པའི་ལམ་གཙོ་བོ་ཡིན་པས་དེ་བྱེད་པའི ་བསྟན་པའི་ཕྱིར། ཤིས་རབ་ཕ་རོལ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདིར་སྒོམ་པའི་ལམ་གྱི་རང་བཞིན་གང་ལ་ཏེ། དེའི་བདག་ཉིད་ལ་སྦྱོར་ཞིང་གནས་པས་འགྲོ་བ་སྐྱོབ་པ་ནི་མགོན་པོ་སྟེ། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས ་དཔག། །འདི་ལ་གང་ཞིག་རྟག་ཏུ་ནི་ཐམས་ཅད་དུའོ། །གཞུང་དང་དོན་འཛིན་པ་དང། ཐོས་པ་དང། བསམས་པ་དང། སྒོམ་པའི་རང་བཞིན་གྱི་ཤེས་རབ་ནི་ཆུབ་པར་བྱེད་བའོ། །ཆོས་ཉིད་འཇིག་པར་བྱེད་པས་དངོས་པོར་མངོན་པར་ཞེན་པ་བྱེད་པ་ནི་དུག་གོ་།བསྲེག་པའི་བདག་ཉིད་ཡིན ་བའི་ཕྱིར་འདོད་ཆགས་ནི་མེའོ། །ཟུག་རྡུའི་བདག་ཉིད་ཡིན་པའི་ཕྱིར་མཚོན་ནི་ཞེ་སྡང་དོ། །གཏི་མུག་གིས་གྲང་བ་དང་དྲོ་བ་མེད་པར་བྱེད་པས་ཆུའོ། །མི་ཚུགས་པ་ནི་བསྒོམ་པའི་ལམ་གྱིས་ཤིན་ཏུ་མཉམ་པར་བྱས་ནས་ཀུན་ཏུ་མི་སྤྱོད་པའོ། །རྣམ་པ་གཞན་ཡང་རིགས་པས ་ཕྱིའི་ཡང་དུག་ལ་སོགས་པས་མི་ཚུགས་ཤིང་མི་ནུས་པར་རྟོགས་པར་བྱའོ་།དེ་བཞིན་དུ་བདུད་དང་བདུད་ཀྱི་སྡེ་ནི་དེའི་འཁོར་ཏེ་ཕྱོགས་སོ། །བདུད་ཀྱི་གླགས་ཏེ་ཉེས་པ་དང་བུག་པ་མི་རྙེད་དེ། གང་གི་སྐབས་གཟུང་བས་ཀྱང་གནོད་པར་མི་འགྱུར་རོ། །བྱེད་བའི་རྗེས་ལ་སྒོམ་པའི ་ལམ་བརྗོད་པར་བྱ་བ་ཡིན་པས་དེ་ཡང་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཟག་པ་དང་བཅས་པ་ཡང་མོས་པ་དང། ཡོངས་སུ་བསྔོ་བ་དང། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་མཚན་ཉིད་ཀྱི་དབྱིངས་གསུམ་དུ་འགྱུར་རོ། །ཟག་པ་མེད་པ་ཡང་སྒྲུབ? ་པ་དང། རྣམ་པར་དག་པའི་དབྱེབས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལ་དང་པོ་སོ་སོ་པ་ཡིད་ལ་བྱེད་པ་ཟག་པ་དང་བཅས་པ་ནི་ཡང་དགེ་བའི་ཆོས་རྣམས་མངོན་པར་འདུ་བྱེད་དེ། གསེར་གྱི་སྦྲམ་བུ་འབྱུང་ཁུངས་ནས་ཐོབ་པ་བཞིན་དུ་ཡོངས་སུ་རྫོགས་པའི ་རང་བཞིན་སྤྱིར་ཇི་ལྟ་བ་བཞིན་དུ་མོས་པས་མཐོང་བའི་དགེ་བའི་ཆོས་ལ་དམིགས་པ་དང་ལྡན་པས་དགོས་པ་མ་ལུས་པ་འདུས་པའི་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ལ་མོས་པ་དང། དྲི་བ་ལ་སོགས་པ་བྱེད་པ་ནི་བསོད་ནམས་མང་པོ་ལ་སོགས་པར་བསྟན ་ཏོ། །དེ་ཡང་རང་གི་དོན་དང། རང་དང་གཞན་གྱི་དོན་དང། གཞན་གྱི་དོན་དང་གསུམ་ལས་ངའོ་སྙམ་པའི་ང་རྒྱལ་གྱི་བག་ཆགས་མ་སྤངས་བའི་ཕྱིར་རང་གི་དོན་དུ་མོས་པ་ཡིན་ནོ། །དེ་བསྟན་པའི་ཕྱིར་ལ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན ་ལས་འདས་པས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་སྤྲུལ་པའི་སྐུ་ཉེ་བར་བསྟན་ནས། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་ལས་ཏེ། སེམས་ཅན་གང་ཡང་རུང་བ་ཞིག་གིས་མུ་ས་ལ་གརྦྷ་དང། དཻ་ཌཱུརྱ་དང། གསེར་དང། དངུལ་དང། ་ཤེལ་དང། མུ་ཏིག་དམར་པོ་དང། ཨ་སྨ་གརྦྷ་དང་བདུན་ཏེ། རིན་ཆེན་སྣ་བདུན་ལས་བྱས་ཤིང་མཆོད་བྱེད་ལ་ཏེ། རིམ་པ་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དཔེ་གང་གཱའི་ཀླུང་གི་དེ་བཞིན་གཤེགས་པའི་མཆོད་རྟེན་བགྱིས་ཤིང་འཇིག་རྟེན་གྱི་ཁམས་བྱེ་བ་བྲག་སྟོང་བསད ་སྟེ། དེས་མཆོད་རྟེན་བྱས་ནས་མཆོད་བྱེད་ཅེས་བྱ་བར་འབྲེལ་ཏོ། །རིམ་པ་དེ་བཞིན་དུ་སེམས་ཅན་ཇི་སྙེད་བས་ཞིང་དབྱེ་བ་མཛའ་ཡས་པར་ཡོངས་སུ་བརྟག་པ་གཟུང་ནས་ཞེས་བྱ་བར་འབྲེལ་ཏོ། །མཆོད་རྟེན་དེ་སྙེད་བྱས་ཏེ། དེ་དག་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་ལས་ལས ་གཞན་མི་བྱེད་པ་ལྷ་འི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་བསྐལ་བར་དུས་གསུམ་དུ་ཡང་དང་ཡང་དུ་འམ་ཕྱིས་ཀྱང་ལྷག་པར་མཆོད་ལ། ཡང་འགྲོར་གཞན་གང་ཞིག་རང་གི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་མོས་པ་བསྐྱེད་དེ། སྣ་ཚོགས་པའི་གཟུགས་ཀྱིས་དོན་བྱེད་པ་ནི་རྣམ་འདྲེན ་ཏེ། བཅོམ་ལྡན་འདས་?། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་དང་འབྲེལ་པ་ནི་སྟོབས་བཅུ་པ་སྟེ། དེ་ལས་འདི་འབྱུང་བར་འགྱུར་ཏེ། གཞུང་གི་བདག་ཉིད་བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། གཞུང་དང་དོན་འཆང་བར་བྱེད་ཅིང་མེ ་ཏོག་ལ་སོགས་པས་མཆེད་ཅིང་བ་སྟི་སྟང་བྱེད་གྱུར་ན་བསོད་ནམས། གྱི་ཡུལ་གྱི་བྱེ་བྲག་དེ་བཞིན་དུ་བསྟན་ཏོ། །རྣལ་མའི་དོན་ཉེ་བར་ཨུ?་བའི་ཕྱིར། མཆོད་རྟེན་བྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་མཆོད་རྟེན་ལ་མཆོད་པ་བྱས་བ་ཅི་འདྲ་བའི་བསོད་ནམས་ཀྱི་ཕུང ་པོ་ཡོངས་སུ་གཟུང་བ་དེས་ཀྱང་ནི་སྔ་མ་ལ་མཆོད་པའི་བསོད་ནམས་ཆ?་ཕྲ་བས་ཆར་མི་ཕོད་དོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་རང་གི་དོན་འདོད་པས་མོས་པ་བསྐྱེད་པར་བྱའོ་ཞེས་བསྟན་བར་འགྱུར་རོ། །དེའི་རྗེས་ལ་བདག་དང་གཞན་མཉམ་པའི་ཕྱིར་བདག ་དང་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་བའི་ཕྱིར་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་ཕྱོགས་པ་ཆུ་རྣམས་སུ་བསྟན་པ་ནུབ་པར་གྱུར་བའི་ཕྱིར་འདས་པའོ། །གང་བསྟན་པ་མ་བྱུང་བའི་ཕྱིར་མ་འོངས་པའོ། །གང་ཡང་བསྟན་པ་གནས་པ་ནི་འཇིག་རྟེན་མགོན ་ཏེ། དེ་དག་ཐམས་ཅད་ཀྱིས་རིག་སྔགས་ཆེན་མོ་འདི་ལ་བསླབས་བས་ཕྱིན་ཅི་ལོག་གི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་དང། ནད་རྣམས་ཉེ་བར་ཞི་བར་བསྟན་ཏོ། །བླ་ན་མེད་པའི་རིག་སྔགས་ཀྱིས་འདྲེན་པར་གྱུར་ཏོ?་འགྱུར་རོ?། གྱུར་བ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི ་བཅོམ་ལྡན་འདས་ཞེས་བྱ་བར་འབྲེལ་ཏོ། །མྱ་ངན་ནི་སྡུག་པ་དང་བྲལ་བ་ལ་སོགས་པས་སེམས་གདུངས་པའོ། །སྡུག་བསྔལ་ནི་བཟོད་པར་དཀའ་པ་ལུས་ཀྱི་ཚོར་པའོ། །ཆོས་ནི་ནད་ཀྱིས་དག་འཚོལ་བའོ་ཞི་བྱེད་ནི་བསལ་བའོ། །སེམས་ཅན་ཁམས་མང་ནི་འགྲོ་བ་མ་ལུས་པ ་སངས་རྒྱས་ཐོབ་པར་བྱེད་ཅེས་བྱ་བའི་བར་དུའོ། །གལ་ཏེ་དེ་བཞིན་གཤེགས་པ་ཁོ་ན་བསྐྱེད་པའི་དོན་བྱེད་ན་བྱང་ཆུབ་སེམས་དཔའ་ཨི་མ་ཡིན་ཞེ་ན། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་དག་སྤྱད་པར་བྱ་བའི་སྦྱིན་པ་ལ་སོགས་པ་སྤྱོད་པས་སེམས ་ཅན་ལ་ཕན་པའི་རང་བཞིན་དང་བརྩེ་བའི་ཕྱིར་སྙིང་བརྩེར་བཅས་བའོ། །དེ་དག་གིས་ཀྱང་རིག་སྔགས་འདི་ལ་བསླབས་ནས་མཁས་པ་ཐོབ་པ་སྟེ་བྱང་ཆུབ་རག་གོ་།གང་ཡིན་པའི་བདེ་བ་འདུས་བྱས་པ་ནི་ལྷ་ལ་སོགས་པ་རྣམས་ཀྱིའོ། །འདུས་མ ་བྱས་ཀྱི་བདེ་བ་ནི་ཉན་ཐོས་རྣམས་ཀྱིའོ། །དེ་ཀུན་འདི་ལས་འབྱུང་བས་མའོ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱའོ། །དེ་བས་ན་དེ་དག་གི་དོན་བྱེད་པར་བསྟན་པར་འགྱུར་རོ། །ཡང་ཇི་ལྟར་གཅིག་གིས་དུ་མའི་ངོ་བོ་བྱེད་ཅེ་ན། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཉུང་མ་ལ་སོགས་པའི་ས་བོན་ས་ལ་བཏབ་པ་ན་ཉམས་པ་ལ་སོགས་པ་མེད་པས་གནས་པ་རིམ་གྱིས་འབྱུང་བར་འགྱུར་ཏེ། གཞན་ཡང་ཤིང་གཅིག་ལས་ལྷན་ཅིག་བྱེད་པའི་ཚོགས་པ་རྙེད་ནས་རྣམ་པར་མང་པོའི་གཟུགས་དག་འབྲས་བུའི་རྣམ་པར་རབ་ཏུ་སྐྱེའོ། །དཔེ་དེ་བཞིན ་དུ་ལྷན་ཅིག་བྱེད་པའི་བྱེ་བྲག་གི་དབྱེ་བས་དེ་བཞིན་དུ་གཅིག་གིས་ཀྱང་རྒྱལ་བ་དེ་བཞིན་གཤེགས་པ་དུ་མའི་དོན་བྱེད་པར་དགོངས་སོ། །སངས་རྒྱས་དེ་དག་གི་ཡང་བྱམས་པ་ལ་སོགས་པ་དང་པོའི་རྒྱུ་ཉིད་མ་ཡིན་ནམ་ཇི་ལྟར་ཡུམ་གཅིག་གིས་རྒྱུ་ཉིད་ཡིན་པར་སྨྲ་ཞེ་ན། ཕ ་རོལ་ཕྱིན་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་ལ་སོགས་པ་ཅིར་ཇི་སྙེད་ཡོད་པ་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་གོམས་པ་ནི་བྱང་ཆུབ་སེམས་དཔའ་ཨི་ཡོན་ཏན་ནོ། །ཁྱད་པར་དུ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་སྦྱིན་པ་ལ་སོགས་པའི་ཆོས་ཇི་སྙེད་པ་གང་གི་ཕྱིར ་དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་བྱིན་པ་ལས་སྐྱེ་ཏེ། བྱེད་པ་པོ་དང། ལས་དང། བྱ་བ་མི་དམིགས་པས་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་བས་ན་དེ་ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ཡང་རྗེས་སུ་འབྲང་བ་མ་ཡིན་ནམ་གང་གི་ཕྱིར་དེ་སྐད་སྨྲ་ཞེ་ན། འཁོར ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང། གསུམ་དང་བཞི་ལ་མས་རིམ་བཞིན་ཞེས་གསུངས་པའི་འཁོར་ལོ་སྒྱུར་བ་བཞི་ལས་གང་ཡང་རུང་བ་ལ་རྒྱལ་པོ་གཞན་ཡང་འཁོར་ལོ ་སྲུང?་པ་གང་ནས་འགྲོ་བའི་ལམ་ནས་འགྲོ་ཞིང་འདུད་པར་བྱེད་དེ། དེ་ཉིད་ཀྱི་བསོད་ནམས་ཀྱི་དབང་གིས་སྐྱེས་པའི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་བདུན་དང་དཔུང་སྟེ་གླང་པོ་ཆེ་ལ་སོགས་པའི་ཚོགས་ཀུན་ནོ། །གང་དེ་བཞིན་དུ་ཕྱིན་ཅི་མ་ལོག་པའི་རང་བཞིན་གྱི་ལམ་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་རྒྱལ་བ་རྣམས་ཀྱི་སྟེ། འགྲོ་བས་བདག་མེད་པ་རྟོགས་པ་རྒྱུད་ལ་རྣལ་འབྱོར་གྱིས་བསྐྱེད་དེ། དེའི་དབང་གིས་བྱུང་བ་ཡིན་པའི་ཕྱིར་ཡོན་ཏན་ཀུན་ཏེ། བྱམས་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་རབ་བཞིན་འཛིན་པའི་ཕྱིར་ཆོས་སོ། །ཡང་དག་པ་ལ་མངོན་དུ་? ་པ་བསྐྱེད་དེ། དེ་བས་ན་ཕྱིན་ཅི་མ་ལོག་པའི་ཤེས་པ་སྔོན་དུ་འགྲོ་ཞིང་དེ་ནས། ཆོས་ཐམས་ཅད་འགྲོའོ། །ཡུམ་ནི་གང་ཅུང་ཟད་ཅིག་གི་རྗེས་སུ་མི་འགྲོ་སྟེ། བསྐྱེད་བར་མི་བྱེད་བའི་ཕྱིར་རོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་རང་དང་གཞན་གྱི་དོན་འདོད་པས་ཡུམ་ལ་ཐོས་པ ་བསྐྱེད་?་བྱའོ་ཞེས་སྟོན་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཕ་རོལ་ཏུ་ཕྱིན་པས་དཔག་ཏུ་མེད་པའི་ཕན་ཡོན་འཛིན་པ་དང་མཆོད་རྟེན་ལ་དཀུར་སྟི་བྱ་བའི་ལེའུ་སྟེ་གསུམ་པའི་བཤད་པའོ།། །།དེ་ནས་དེའི་རྗེས ་ལ་བདག་གི་རང་བཞིན་དུ་འགྲོ་བ་རྣམས་བྱས་པའི་ཕྱིར་གཞན་གྱི་དོན་དུ་མོས་པ་ཡིན་ཏེ། དེ་བསྟན་པའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཆ་གཉིས་བཞག་པ་ལས་ཀོ་ཤི་ཀ་ཁྱོད་ཆ་གང་ལེན་ཞེས་རྒྱལ་པས་དྲི་བ་སྨྲས་པ་དང། གང་གི་རྒྱལ ་བའི་སྐུ་གདུང་གིས་དོགས་ཐམས་ཅད་ཁྱབ་པར་གཏམས་ཏེ་རྩེ་མོ་བྱུར་བུར་བགྱིས་པས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཆར་བཞག་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆ་འདི་ཉིད་ལེན་ཏོ་ཞེས་གསོལ་བའི་ཚིགས་སུ་བཅད་པའི་དོན་ཡིན་ནོ།། ་དེ་བཞིན་གཤེགས་པའི་སྐུ་གདུང་ལེན་པ་ལ་མ་གུས་པ་གང་གི་རྒྱུ་ཡིན་ཞེ་ན། ལན་དུ་ཅི་སླད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མི་གུས་པ་བདག་མ་ལགས་ཏེ། འོན་ཀྱང་རྒྱལ་པོ་ལ་ཉེ་བར་བརྟེན་པའི་མིས་དེའི་མཐུས་རྙེད་པ ་ཐོབ་སྟེ་དེའི་ལྗོངས་ཀྱི་ཡུལ་བ་ཐམས་ཅད་ཀྱིས་མཆོད་བ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་བརྟེན་ནས་ཆོས་མཐར་ཐུག་པ་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པས་སྤྱིར་དེའི་དབང་གིས་ཁམས་གསུམ་པ་ཐམས་ཅད་ཀྱིས་མཆོད་པ་བརྙེས་སོ།། ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་ཏེ། བདག་ཉིད་ཆེན་པོའི་རྣལ་འབྱོར་གྱིས་བསྟེན་པས་དེའི་ཕྱིར་སྐུ་གདུང་སྲོག་ཆགས་རྣམས་ཀྱིས་མཆོད་དེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བསྟེན་པར་བྱས་པས་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན ་བཅོམ་ལྡན་འདས་མྱ་ངན་འདས་བས་རྟེན་མེད་པའི་ཕྱིར་མི་མཆོད་དོ་སྙམ་པ་ལ་ནུས་པ་ཡོད་པར་དཔེ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། ནོར་བུ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་མ་ཡིན་པ་སེལ་པ་ལ་སོགས་པའི་ཡོན་ཏན་ཐམས ་ཅད་དང་ལྡན་པས་དེ་ཉིད་ཀྱི་ཕྱིར་རིན་ཐབ་ལས་འདས་པས་རིན་ཐང་མེད་པར་ཐོབ་བོ། །གབ་ཚེ་གང་དུ་སྦས་པ་ནི་གབ་ཚེ་དེ་ལ་ནོར་བུ་རིན་པོ་ཆེ་དེའི་མཐུས་ཕྱག་བགྱི་བར་འོས་སོ། །དེས་གབ་ཚེ་ལས་ཕྱུང་བར་གྱུར་པ་དེ་ནི་རིན་པོ་ཆེ་སྟོན་པའི་གབ་ཚེ་ལ་རེག་བར་དགའ་ ་བ་དང། ལྟ་བ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་གབ་ཚེ་ལ་ཡང་ངོ། །ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་གྱི་རང་བཞིན་ནོར་བུ་རིན་པོ་ཆེ་དེའི་ཡིན་པས་ན་ལགས་སོ། །དེ་བཞིན་དུ་དེ་དང་འདྲ་བར་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས་བཅོམ་ལྡན ་འདས་མྱ་ངན་ལས་འདས་པར་ཁས་བླངས་ཀྱང་ཡུམ་གྱི་མཐུས་རིང་བསྲེལ་གྱི་སྐལ་བ་དང་ལྡན་པ་ལ་ཆོ་འཕྲུལ་གྱི་སེམས་དང་བའི་རྒྱུ་ཡིན་པའི་ཕྱིར་རྒྱལ་བའི་རིང་བསྲེལ་ཏེ། རིང་བསྲེལ་ཡོངས་སུ་བརྟག་པའི་མདོའི་མཚན་ཉིད་དང་ལྡན་པས་མཆོད་པ་བརྙེས་སོ། །དེ ་ལྟ་བས་ནག་བཞིག་རྒྱལ་བའི་ཡོན་ཏན་གཞན་གྱི་དོན་ལ་མོས་པ་ཡོངས་སུ་འཛིན་པར་འཚལ་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་ལ་སོགས་པ་ལ་མངོན་པར་སྦྱོར་བས་བླངས་ནས་གནོད་པ་ཐམས་ཅད་ཞི་བས་ན་འདི་ནི་ཐར་པ་ལགས་ཏེ་མྱ་ངན་ལས ་འདས་པ་ཞེས་བྱ་བའི་བར་དུའོ། །དེ་དག་གིས་གཞན་གྱི་དོན་ལ་མོས་པ་བསྟན་ནས། ཅི་སྟེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་ཡང་མོས་པ་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་རྒྱལ་བ་སྐྱེད་མ་ཉིད་ཁོ་ན་གཙོར་བྱས་ནས་མོས་པ་རྣམ་པ་གསུམ་དུ་བསྟན་ཅེ་ན། སྦྱིན་པ་སྦྱིན་པ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱེད་པ་པོ་དང། ལས་དང། བྱ་བའི་བྱེ་བྲག་གི་དམིགས་པར་སྦྱིན་པ་ལ་སོགས་པའི་རང་བཞིན་ལ་དང་པོར་འཇུག་པས་སྔོན་དུ་འགྲོ་བ་ཤེས་རབ་སྟེ། དེ་ལྟར་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །སྔར་བཤད་བའི ་ཡང་གི་སྒྲ་འདིར་ཡང་སྦྱར་བར་བྱའོ། །དག་ཆོས་ནི་སྦྱིན་པ་ལ་སོགས་པའོ། །ཆུད་མི་གསོན་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་མི་བསྔོ་བས་ཡུན་རིང་དུ་གནས་པར་བྱའོ། །ཡོངས་སུ་འཛིན་པ་ནི་དམིགས་པ་ཡིན་ནོ། །རྒྱུ་མཚན་ནི་ཚུལ་གཅིག་ཏེ། དེའི་སྙིང་པོ་ཅན་ཡིན་པའི་ཕྱིར ་བསྡུས་པ་གོམས་པར་བྱས་སེམས་བསྐྱེད་པ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ངེས་པར་བྱས་ནས་སྣང་བ་སྟེ་མངོན་སུམ་བཞིན་ནོ། །དེ་བས་ན་དེ་ལ་མོས་པ་རྣམ་པ་གསུམ་བསྟན་ཏོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་ནི་ཁྱད་པར་མེད་པར་ཐམས་ཅད ་ལ་ཡིན་ཏེ། །དཔེ་སྔོན་དུ་འགྲོ་བས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཛམ་བུའི་གླིང་ན་ཤིང་མར?་བྱེ?་བ་སྟོང་རིམ་པ་བཞིན་དུ་རྒྱུ་དང་འབྲས་བུ་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་གཟུགས་མཚན་ཉིད་མི་མཐུན ་བ་མང་པོའི་རང་བཞིན་ཡིན་ནོ། །གང་གི་ཚེ་གྲིབ་མ་གྲིབ་མ་ཞེས་གྲངས་སུ་བརྗོད་པ་འབའ་ཞིག་ཏུ་འགྲོ་ཞིང་རབ་ཏུ་འཐོབ་ཏེ། གྲིབ་མ་དེ་ཡང་སྣ་ཚོགས་པ་མེད་པའི་ཕྱིར་སྒྲ་ཐ་དད་པ་ཡང་མེད་དེ། ཁྱད་པར་མེད་པར་གྲིབ་མ་མ་ཡིན་པ་གཞན་ལས་ལྡོག་བས་གྲིབ་ན་ཙམ་མོ། །དེ་བཞིན་དུ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཁོར་གསུམ་རྣམ་པར་དག་པར་ཕྱིན་ཅི་མ་ལོག་པའི་རང་བཞིན་གཞན་དུ་ཡོངས་སུ་སྤོང་བ་ཡིན་ནོ། །ལྔ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །རྒྱལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སངས་རྒྱས་ཉིད་དུ་མཚོན་བར་གྱུར་བའི་ཡོངས་སུ་བསྔོ ་པ་ཡིད་ལ་བྱེད་པས་ཡོངས་སུ་བསྔོས་ན་སྦྱིན་པ་ལ་སོགས་པ་དེ་དག་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། རྒྱལ་བའི་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །རྣམ་བ་གཉིས་ཀྱིས་སྦྱིན་པ་ལ་སོགས་པ་ལྔ་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་འཕེལ་བ་ནི་གཙོ་བོའི་དོན་དང་མཐུན ་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དྲུག་པ་ནི་རབ་ཏུ་གྲགས་པ་ཡིན་ནོ། །གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་རྣམ་པར་བཅད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་མིང་དུ་བརྗོད་དེ། སྣ་ཚོགས་པའི་ཁྱད་པར་སྤངས་ཏེ་ཚུལ་གཅིག་པས་རང་བཞིན་གཅིག་པར་འགྱུར་རོ། ་འགྱུར་བ་བྱང་ཆུབ་ཀྱི་ངོ་བོར་རོ། །དེ་བས་ན་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་གསལ་བར་བྱེད་པའི་ཕྱིར་ཡུམ་གང་ཡིན་པ་ཉིད་འདྲི་བ་ལ་སོགས་པའི་བསམ་པས་ཡོངས་སུ་དག་པས་དེ་ཉིད་ཐམས་ཅད་དུ་གནས་པར་གྱུར་བ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཡོན ་ཏན་ཡོངས་སུ་བརྗོད་པའི་ལེའུ་སྟེ་བཞི་པའི་བཤད་བའོ།། །།མོས་པ་འདི་གསུམ་གྱིས་བཅོས་མའི་ཉེས་པ་སྤང་བ་ནི་གོམས་པ་ཡིན་པར་ཤེས་ནས་བཅོས་མ་སྤངས་པའི་ཕྱིར་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་ཀུན་བརྟགས་པའི་གཟུགས་མི་རྟག་པ་དང། གང་ཞིག་རྣམ་པར་བརྟག་པའི་གཟུགས་ལ་སོགས་པའི་སྐད་ཅིག་གཞན་དུ་མི་གནས་པས་མི་རྟག་པ་དང། ཆོས་ཉིད་ཀྱིས་གཟུགས་ཀྱི་བདག་ཉིད་གཟུང་བ་དང་འཛིན་པ་དང ་བྲལ་བས་མི་རྟག་པའོ་ཞེས་མོས་པས་མོས་པར་བྱ་ཞིང་གསལ་བར་བྱེད་ན་དེ་བཅོས་མ་སྟེ་སྐབས་ཀྱི་དོན་སྤངས་ནས་སྤྱོད་པ་སྟེ། དངོས་པོའི་རང་བཞིན་རབ་ཏུ་མི་ཤེས་པའི་ཕྱིར་རོ། །གང་གི་ཕྱིར་ཆོས་རྣམས་སྒྱུ་མ་ལྟ་བུར་ཁོད་དུ་ཆུད་པས་སྐྱེ་བོ་མཁས་པས་ནམ་ཡང་ཆོས་རྣམས ་འཇིག་པར་མི་?་འཇོག་པར་མི་བྱེད་དེ། དངོས་པོ་འདི་དག་བརྫུན་པའི་ཕྱིར་རོ། །ལྡོག་པའི་སྒོ་ནས་བསྟན་བའི་ཕྱིར་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གང་ལ་ནི་དངོས་པོ་སྟེ། ཆོས་ཉིད་ལ་མེས་པས་གཟུགས་མིན་ཚོར་བ་མིན་སྟེ་?་དམིགས་སོ། །འོན་ཀྱང་ཆོས་ཐམས ་ཅད་དེ་ཁོ་ན་ཉིད་དུ་མ་སྐྱེས་ཤིང་རང་བཞིན་གྱིས་སྟོང་པར་ཤེས་པ་དེ་ནི་དེ་དག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་པ་སྤྱོད་པ་ཡིན་ཏེ། ཡང་དག་པར་མོས་པས་བཅོམ་མ་སྤངས་ཞེས་བྱ་བའི་ཕར་དུའོ། །དེ་ནས་དེའི་རྗེས་ལ་མོས་པ་གསུམ་བསྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་གོང ་ནས་གོང་དུ་འཇུག་ཅིང་སྤྲུ་བར་བྱ་བའི་ཕྱིར་ཡང་དག་པར་ཡོད་པའི་ཡོན་ཏན་བརྗོད་པ་ནི་རིམ་བ་བཞིན་དུ་བསྟོད་པ་དང། བཀུར་པ་དང། བསྔགས་པ་སངས་རྒྱས་ལ་སོགས་པས་མཛད་དོ། །ཞེས་སྟོན་པ་ལ་སོགས་པ་བསྟན་པར་བཞེད་ནས། ལ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལ ་ལས་གང་གཱའི?་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་སེམས་ཅན་ཇི་སྙེད་པ་ཀུན་དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་སྟེ་གཞུང་གི་བདག་ཉིད་ལ་མོས་པར་བྱེད་པ་གང་ཡང་རུང་བ་ལ་ཡི་གེར་བྲིས་ཏེ། སེམས་ཅན་གཞན་རྣམས་གླེགས ་པ་མ་བྱིན་ན?་དེ་པས་འདི་བསོད་ནམས་རབ་ཏུ་མང་པོ་སྐྱེ་སྟེ། སྔ་མའི་དོན་བྱེད་པ་ལས་ཁྱད་པར་དུ་འཕགས་སོ། །གང་གིས་གླེགས་བམ་ཙམ་བྱིན་པས་བསོད་ནམས་ཁྱད་པར་དུ་འཕགས་ཞེ་ན། ལན་དུ་ཅི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཚིགས་སུ་བཅད་པ་འདིར་རིམ་པ་གཞན་དུ་སྦྱར་ཏེ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་མཉན་པས་ཉན་ཐོས་ཀྱི་རང་གི་རྣམ་པར་གྲོལ་བ་དང། རང་སངས་རྒྱས་ཀྱི་རང་གི་བྱང་ཆུབ་དང། དེ་བཞིན་གཤེགས་པའི་སངས་རྒྱས་ཏེ་བསམ་པ་དང་བསྒོམ་པས་མྱུར་དུ་རེག་གོ། །འདི་ལྟར་གླེགས་བམ་ནི་འདིར་ཡུམ་ཡིན་ཏེ། བླངས་ནས་དེ་ལ་བསླབས་པས་མུ་སྟེགས ་ཅན་དན་བ་སྨྲ་བས་ཟིལ་གྱིས་མི་གནོན་པའི་ཕྱིར་?་མཆོག་སྟེ། འདིར་སྟོང་པ་ཉིད་ནི་བྱང་ཆུབ་རྣམ་པ་གསུམ་པོ་མ་ལུས་པ་དེའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེས་པ་ན་མཚད་པ་མེད་པ་ནི་བྱང་ཆུབ་གསུམ་བྱིན་པ་ཡིན་པའི་ཕྱིར་གླེགས་བམ་ཙམ་ཕྱིན་པ་བསོད་ནམས་ལགས?་པའི་རྒྱུ ་ཡིན་ཏེ། འདི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཡུམ་ལ་འདིར་གང་ཡང་རུང་པའི་བྱང་ཆུབ་སེམས་དཔའ་མོས་པ་ནི་ཐམས་ཅད་ནས་བསོད་ནམས་ཁྱད་པར་དུ་འཕགས་པའི་རྒྱུ་ཡིན་པས་གཅུང?་བར་བྱའོ། །བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཆོས་ཐམས་ཅད་ཀྱི་གཞི་ཡིན་ནོ། །དེ་བས་ ་ན་བསྟོང་པ་ལ་སོགས་པའི་སྤྲོ་བ་བསྐྱེད་བའི་ཕྱིར་མྱུ་གུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉེ་བར་ལེན་པའི་རྒྱུ་མྱུ་གུ་མེད་ན་འཇིག་རྟེན་དུ་སྡོང་བུ་དང་ལྗོན་བ་འབྱུང་བ་ཡོངས་སུ་མི་སྲིད་དོ། །དེ་ལ་ཡལ་ག་ལ་སོགས་པ་ག་ལ་འབྱུང?་དེ་བཞིན་དུ ་?་ཀྱི་སེམས་ཉེ་བར་ལེན་པའི་རྒྱུ་ས་བོན་ཡོང་ཡེ་མེད་ན། ཡང་བརྒྱ་བྱིན་ལ་སོགས་པ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་ལ་སོགས་པ་རྣམས་ག་ལ་འབྱུང། ཅི་སྟེ་བྱང་ཆུབ་ཀྱི་སེམས་མེད་པས་སེམས་ཅན་རྣམས་སངས་རྒྱས་སུ་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྟེ ་པ་གྲུབ?་པ་ཡིན་ཞེ་ན། ཉི་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་འོད་ཟེར་སྟོང་ཕྲག་དུ་མ་འགྱེད་པ་དེའི་ཚེ་མུན་པ་བསལ་ནས་སེམས་ཅན་ལས་བྱེད་བརྩོན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་འགྲོ་བའི ་རང་བཞིན་ཡོངས་སུ་བརྟག་པར་ཤེས་པ་འཇིག་རྟེན་མཁས་པ་བྱུང་བ་དེས་སྡུག་བསྔལ་གྱི་རྒྱ་མཚོར་འགྲོ་བ་ནུབ་པ་ཆོས་གྱི་དེ་ཁོ་ན་ཉིད་རྟོགས་པས་འབྱིན་པར་ནུས་པ་ཡིན་ཏེ། ཡོན་ཏན་གྱི་ཆོས་སངས་རྒྱས་ལ་སོགས་པ་ལ་ཡང་དག་པར་སྤྱོད་དོ། །གཞན་དུ་ན་སྙིང་རྗེ་མེད་པ ་དང། ཐམས་ཅད་མེད་པས་སངས་རྒྱས་ལ་སོགས་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །རྗེས་སུ་འགྲོ་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཉིད་ཀྱི་ཆོས་ཐམས་ཅད་ནས་དེ་མེད་ན་དེ་དག་མེད་དོ་ཞེས་ལྡོག་པའི་སྒོ་ནས་ཡང་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར་དཔེར?་ན ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མ་དྲོས་པའི་ཀླུ་བདག་མེད་པར་དེའི་མཐུས་ངེས་པར་འབྱུང་བས་འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར་ཏེ་སྨོས་ཀྱང་མི་དགོས་སོ། །ཡང་ཆུ་ཀླུང་དེ་དག་མེད་ན་མེ་ཏོག་འབྲས་བུ་རྣམས་ཆུ་མེད་པས་གང་ཡང་འབྱུང་བར?་མི ་འགྱུར་པོ། རྒྱ་མཚོ་ལ་ཡང་རིན་པོ་ཆེ་སྣ་ཚོགས་བ་ཆུས་རེག་པའི་སྦྱོར་བས་འབྱུང་བའི་གཟུགས་མང་པོ་ཡང་མེད་པར་འགྱུར་རོ། །དེ་བཞིན་དུ་འདིར་གསུང་རབ་དང། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་མེད་ན་དེ་བཞིན་གཤེགས་པའི་མཐུས་ངེས་པར་འབྱུང་པ་ལན?་པ ་?་ཕབ་པ་མ་ཡིན་པ་ཐོབ་པ་དང་སྤོད་བའི་ཡེ་ཤེས་ཀྱི་རྒྱུན་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་སྟེ་སྤྱོས་ཀྱང་ཅི་དགོས་སོ། །ཡང་ཡེ་ཤེས་དེ་དག་མེད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཡོན་ཏན་འཕེལ་བ་མེད་དོ། །བྱང་ཆུབ་ཀྱི་རྒྱ་མཚོར་འགྲོད་པར་དགའ་བ་རང་གི་དོན་ཕུན ་སུམ་ཚོགས་བ་མེད་དོ། །སངས་རྒྱས་ནས་དུས་ཕྱིས་འབྱུང་བར་འགྱུར་པ་ཆོས་སྟོན་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་མེད་པར་འགྱུར་རོ། །རྒྱ་ཆེ་བའི་བདག་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་འདི་ན་སྣང་བྱེད་ཇི་སྙད ་པ་སྟེ་ཕུང་བུ་ལ་སོགས་པའི་སྐར་མ་དང། མེ་ཁྱེར་ལ་སོགས་པའི་སྲོག་ཆགས་སུ་གྱུར་པ་ཀུན་གྱི་འགྲོ་བ་སྣང་བར་བྱ་བའི་ཕྱིར་འདི་རྣམས་ཕྱུང་བ་བས་ཡང་གང་གི་ཚེ་ཉི་མའི་དཀྱིལ་འཁོར་འོད་དང་ལྡན་པར་གྱུར་པ་གཅིག་གི་འོད་ཟེར་བྱུང་བ་དེའི་ཚེ་སྔར་བསྟན་པའི་སྐར?་མ་ལ་སོཌ ་པའི་ཚོགས་ཀྱི་འོད་ཀྱིས་ཆ་ཙམ?་དུ་ཡང་མི་ཕོད་དོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པ་ཀུན་གྱིས་ཆར་མི་ཕོད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ལ་སོགས་པས་བསྟོད་པ་ལ་སོགས་པ་ཞེས་བྱ་བར་གནས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ ་ལས་བསོད་ནམས་ཀྱི་རྣམ་གྲངས་ཀྱི་འུ?་སྟེ་ལྔ་པའི་བཤད་བའོ།། །།སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང། བཀུར་བ་དང། བསྔགས་པའི་མོས?་པ་ཡིད་ལ་བྱེད་པ་ལ་རྗེས་སུ་ཡི་རང་བ་འབྱུང་བས། ད་ནི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བརྗོད་པར?་བྱ? ་སྟེ། དེ་ཡང་ཡོངས་སུ་བསྔོ་བ་སྔོན་དུ་འགྲོ་བ་དང་མི་འགྲོ་བའི་དབྱེ་བས་རྣམ་པ་གཉིས་ཏེ། གང་གི་ཚེ་བདག་གི་དགེ་བའི་རྩ་བ་རྗེས་ལ་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོས་ནས་རྗེས་ལས་བྱུང་བའི་སེམས་ཀྱིས་ཡོངས་སུ་བསྔོས་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེའི་ཚེ་ནི་དང་པོ་ཡིན་ནོ། །ཡང ་གང་གི་ཚེ་བདག་ཉིད་ཀྱི་སེར་སྣ་ལ་སོགས་པའི་སེམས་ཚར་བཅད་ནས་གཞན་གྱིས་སྦྱིན་པ་ལ་སོགས་པ་བྱས་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་དེའི་ཚེན་ནི་གཉིས་བར་གྱུར་པ་ཡིན་ནོ། །གཙོ་བོ་ཡིན་པས་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བསྟན་པའི་ཕྱིར། ཉན་ཐོས་ཆོགས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཚོགས་རྣམས་ཇི་སྙེད་སྦྱིན་དང་ཚུལ་ཁྲིམས་དང་བསྒོམ་པ་དེ་ནི་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་སངས་རྒྱས་ལ་སོགས་པའི་དགེ་བའི་རྩ་བ་གཞན་ལ་མཆོག་ཏུ་རྗེས་སུ་ཡིད ་རང་བས་ཡི་རང་བར་བྱེད་ཅིང་ཆོས་ཐམས་ཅད་མི་དམིགས་པ་སྔོན་དུ་འགྲོ་བས་སེར་སྣ་ཚར་གཅད་པའི་སེམས་ཀྱིས་རབ་ཏུ་དགའ་བས་སེམས་གཅིག་པ་དེའི་ཚེ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཆར་ཡང་སྦྱིན་པ་ལ་སོགས་པའི་ཉན་ཐོས་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་དག་ཐཾས ་ཅད་ཀྱིས་བོད་དོ། །ཡང་དག་པའི་རྗེས་སུ་ཡི་རང་བ་དེས་ནི་ཡོངས་སུ་བསྔོ་བར་བྱེད་པ་ཡིན་པས་དེའི་རྗེས་ལ་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་བརྗོད་པར་བྱ་སྟེ། དེ་ཡང་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ་དང་མི་འགྲོ་བའི་དབྱེ་བས་རྣམ་པ་གཉིས་སོ། །འདི་ལྟར་གང་གི་ཚེ་རང་གི་དང ་གཞན་གྱི་བསོད་ནམས་མཉམ་དུ་ཐོབ་པར་བྱ་བའི་ཕྱིར་གཞན་གྱིས་བྱས་བའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ནས་ཡོངས་སུ་བསྔོ་བ་དེའི་ཚེ་དེ་ནི་དང་པོ་ཡིན་ནོ། །གང་གི་ཚེ་ཡང་བདག་ཉིད་ཀྱི་སྦྱིན་པ་ལ་སོགས་པ་མི་ཟད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་པ ་དེའི་ཚེ་ནི་གཉིས་པ་ཡིན་ནོ། །གཙོ་བོ་ཡིན་པའི་ཕྱིར་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་དང་པོར་བསྟན་པའི་ཕྱིར་འདས་དུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་ནི་འདས་དུས་སྔོན་གྱིའོ། །བཅོམ་ལྡན་འདས་མཛའ་ཡས་གང་ཞིག་མང་བྱེ་སྟོང་དག ་ན་གང་བཞུགས་པར་གྱུར་པ་སྟེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བརྙེས་ནས་ཆོས་བསྟན་པས་འགྲོ་བའི་སྡུག་བསྔལ་སེལ་བར་མཛད་པ་ནི་འཇིག་རྟེན་མགོན་པོ་རྣམས་སོ། །དེ་དག་གི་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་རྣམ་པར་འདྲེན་པ་རྣམས ་ཀྱི་དམ་ཆོས་ཟད་པའི་དུས་ཀྱི་བར་དེ། དེ་དག་གི་དབུས་ཀྱི་རྒྱལ་བ་རྣས་ཀྱི་བསོད་ནཾས་ཀྱི་ཚོཌ་དག་མོས་པས་སྤྱོད་པའི་ས་གཉིས་ནས་གཟུང་སྟེ་ཕན་ཚུན་ལྷན་ཅིག་བྱེད་པ་ནི་བཅས་པའོ། །མི་དམིགས་པར་ཞུགས་པ་དང་ལྡན་པས་སྤྱོད་ཅིང་སྦྱིན་པ་ལ་སོགས་པའི་ཕ ་རོལ་ཏུ་ཕྱིན་པས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ལ་གནས་ཏེ། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ནི་ཀུན་ཏུ་འོད་སངས་རྒྱས་ཀྱི་སའོ། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་རྣམས་ཏེ། སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག ་མེད་པའོ། །དང་གི་སྒྲས་ནི་གཞན་སོ་སོའི་སྐྱ་བོ་རྣམས་ཀྱི་བསོད་ནམས་ཀྱང་ངོ། །ཚད་མེད་པ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡོངས་སུ་བསྡུས་ནས་དེ་དག་ཐམས་ཅད་སེམས་ལ་བཞག་སྟེ་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་པའི་བྱེད་པ་ནི་ཤིན་ཏུ་དད་པ་དང། ་ཤིན་ཏུ་དགའ་བར་བྱེད་ཅིང་རང་གིས་དེ་དག་ཐམས་ཅད་སྒྲུབ་པའི་ཆེད་དུ་དགེ་བ་བྱེད་པའོ། །རྗེས་སུ་ཡི་རང་བའི་བསོད་ནམས་དང། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བསྔོ་བས་འགྲོ་བའི་དོན་མངོན་པར་མཐོ་པ་དང། དེས་པར་ལེགས་པའི་གཞིའི་མཚན ་ཉིད་བྱང་ཆུབ་ཀྱི་རྒྱུར་གྱུར་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོན་དེ་ལྟར་ཡོངས་སུ་བསྔོ་བ་ནི་ཡང་དག་པར་ཡོངས་སུ་བསྔོ་བ་ཡིན་ནོ། །དེས་ཕྱིར་བསྟན་པ་མ་ཡིན་ན་མ་ཇི་ལྟར་མི་དམིགས་པས་ཡོངས་སུ་བསྔོ་བ་ཁྱད་པར་དུ་བྱས་ཞེ་ན། ཡོངས་སུ་བསྔོ་གསལ་ཏེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཡོངས་སུ་བསྔོ་ན་བྱང་ཆུབ་སེམས་དཔའ་གལ་ཏེ་འདི་ནི་ཡོངས་སུ་བསྔོ་བའི་སེམས་སོ་ཞེས་སེམས་པར་གྱུར་ན་མངོན་པར་ཞེན་པས་སེམས་སུ་འདུ་ཤེས་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་གང་དུ་ཡོངས་སུ་བསྔོ་བ་དེར་དམིགས་པ་ནི་བྱང་ཆུབ་ཏུ་དམིགས་པ་ཡིན་ནོ།། ་ཡོངས་སུ་བསྔོ་བའི་ཡིད་ཀྱིས་བསོད་ནམས་ཡོད་པར་རྟོགས་པ་ནི་སེམས་ཅན་དུ་འདུ་ཤེས་པ་ཡིན་ནོ། །དེ་བས་འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཡིན་པས་དམིགས་པའི་རྒྱུ་ལྟ་གནས་ཏེ། མངོན་པར་ཞེན་ནས་བདག་གིས་འདི་དེར་ཡོངས་སུ་བསྔོ་བར་བྱས་སོ་ཞེས་སེཾས ་པར་བྱེད་དོ། །ལས་དང། བྱེད་པ་དང། བྱ་བར་དམིགས་པ་ཐམས་ཅད་ལ་མངོན་པར་ཞེན་པ་དང་ལྡན་པའི་ཕྱིར་འབྲེལ་པ་ནི་ཆགས་པའོ། །དེ་བས་ན་ཚད་མས་གནོད་པའི་ཕྱིར་དམིགས་པ་ནི་ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་ཡོངས་སུ་བསྔོ་བ་མ་ཡིན་ནོ། །ད་ལྟ་ཡིན་ན་ཇི ་ལྟར་ཡོངས་སུ་བསྔོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་ཡོངས་སུ་བསྔོ་བའི་ཆོས་ཉིད་རང་བཞིན་གྱིས་འགགས་པར་ཤེས་ཤིང་ཉམས་པ་ནི་ཟད་པ་སྟེ་བསགས་པ་ཉམས་པ་དེ ་ལྟ་བུ་ཆོས་རྣམས་ཤེས་པས་གང་དུ་སངས་རྒྱས་སུ་ཡོངས་སུ་བསྔོ་བར་བྱེད་ན་ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པའི་ཆོས་ཀྱི་བསོད་ནམས་བྱ་བའི་དངོས་པོ་རང་བཞིན་གྱི་དངོས་པོའི་ཆོས་བྱ་བའི་རང་བཞིན་ཡོངས་སུ་བསྔོ་བ་བསྒྲུབ་པར་མི་ནུས་ཏེ། སྒྱུ་མའི་སྐྱེས་བུ ་?་ཡོངས?་སུ་བསྔོ་བར་བྱེད་ན་དེའི་ཚེ་ཡོངས་སུ་བསྔོ་བར་གྱུར་པ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །ལས་དང་བྱ་བ་ལ་སོགས་པ་ཤེས་རབ་ཀྱིས་ཡིད་ལ་བྱེད་པ་དེ་ལྟ་ཡིན་ན། ཁ་ཅིག་ཏུ་ཇི་ལྟར་དམིགས་པ་གཙོར?་གསུངས་ཞེ་ན། གལ་ཏེ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ་བུར་རྟོགས་པ་ཉིད་བདེན་གྱི་གཞན་ནི་མ་ཡིན་ནོ། །ཞེས་འཛིན་པར་བྱེད་ན། དེའི་ཚེ་ཕྱིན་ཅི་ལོག་གི་རང་བཞིན་དུ་ཡོངས་སུ་བསྔོས?་པའི་ཕྱིར་དེ་བས་ན་གཅིག་ཏུ་མཚན་མར་མངོན་པར་ཞེན་པ་མི་དམིགS ་པ་དེ་ལྟ་བུ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། ཡང་དག་པར་ཞུགས་པའི་ཕྱིར་རོ། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་ཟོས་ན་མཐར་རྣམ་པར་སྨིན་པ་སྡུག་བསྔལ་མྱོངས་ན་བདེ་བ་ཙམ་བྱེད་པས་བཟང་པོ་ཞེས་བརྗོད་དོ། །དེ་བཞིན་དུ་དཀར་པོའི་ཆོས་རྣམས་ལ་དམིགས ་པས་ཡོངས་སུ་བསྔོ་བ་ནི་བྱང་ཆུབ་ཉམས་པའི་རྒྱུ་ཡིན་མོད་ཀྱི་འོན་ཀྱང་ལས་དང་པོ་པ་རྣམས་སེམས་དང་བར་བྱེད་པ་ཙམ་ལ་བལྟོས་ནས་བཅོམ་ལྡན་འདས་ཀྱིས་མཆོག་ཏུ་གསུངས་པ་དེ་བས་ན་འདིར་མངོན་པར་ཞེན་པར་མི་བྱ་སྟེ། ཡོངས་སུ་བསྔོ་བའི་ཡིད་ལ་བྱེད ་པར་བསྟན་པ་དང། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པར་བསྟན་པའི་རིགས་པ་ཐམས་ཅད་ཀྱང་བཟུང་བར་བྱའོ། །དེ་ལྟར་ཡིད་ལ་བྱེད་པ་གཉིས་རྒྱ་ཆེར་བསྟན་ནས་ཉེ་བར་བསྡུ་བའི་ཕྱིར། དེ་ལྟས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟས་འདི་ལྟར་རྣམ་པ་གང་དང་གང་གིས ་ཀྱང་རུང?་སྟེ། དམིགས་པ་དེས་པ་ཡིན་པས་སྒྱུ་མ་ལྟ་བུར་རྟོགས་པ་མེད་ཀྱང་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མཁྱེན་ཅིང་བསྔགས་པའི་དབང་དུ་མཛད་ནས་རིགས་པ་གང་ཡིན་པ་རྣམ་པར་དཔྱད་མི་བཟོད་པའི་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དང།། ་གཅིག?་དང་དུ་མའི་རང་བཞིན་དང་བྲལ་བའི་མཚན་ཉིད་གང་ཡིན་པ་རབ་ཏུ་མཁྱེན་པ་དེ་ལྟར་བདག་གིས་རྗེས་སུ་ཡི་རང་བར་བྱ། །དེ་ལྟར་བདག་གིས་ཡོངས་སུ་བསྔོ་བར་བྱའོ་ཞེས་དེ་བཞིན་དུ་རྗེས་སུ་ཡི་རང་བ་དང། ཡོངས་བསྡེ་བ་ལ་བསླབ་པར་བྱའོ། །དེ་ལྟ་བུ་ནི་བྱིན ་ཅི་མ?་ལོག་པར་ཕྱིན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་པར་དགོངས་སོ། །དེ་ལས་ཡོན་ཏན་མི་ཞིག་ཏུ་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དེ་བཞིན་དུ་བསྔོ་བ་ལ་མངོན་པར་ཞེན་པ་མེད་པའི་སྤྱོད་བས་བསོད་ནམས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད ་པ་ནི་ཉེ་བར་མཚོན?་པ་ཉིད་དེ་རྗེས་སུ་ཡི་རང་བ་ལ་ཡང་ངོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པ་ལ་ཞུགས་པ་ཉིད་ཀྱི་འབྲས་བུ་མཐོང་བས་སངས་རྒྱས་མི་སྤོང་སྟེ། དེ་བས་ན་དེ་ཉིད་ཀྱི་ཕྱིར་དེས་གསུངས་པའི་རིམ་པ་བཞིན་སྨྲ་ཞིང་རྗེས་སུ་ཡི་རང་བར་བྱེད་པ་ནི་རྒྱལ་བ་རྣམས ་ཀྱིས་གསུངས་པ་སྨྲ་བ་ཡིན་ཏེ། འགྲོ་བ་ཇི་སྙེད་པ་ལ་དམིགས་པ་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་པ་ཡིན་ཏེ། བསོད་ནམས་མང་པོ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཇི་སྐད་བསྟན་པའི་རིགས་པས་ཡོངས་སུ་བསྔོ་བ་དང། རྗེས་སུ་ཡི་རང་བ་ནི་དམིགས་པ ་ཐམས་ཅད་ཀྱིས་བསྙེངས་པ་མེད་པ་ནི་དཔའ་བོ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་བར་དུའོ། །ཡིད་ལ་བྱེད་པ་འདི་ཡང་སྔ་ཕྱི་དེས་བ་ནི་མ་ཡིན་ཏེ། སྟོང་ཕྲག་བརྒྱ་པ་ལས་དང་པོ་བསྔོ་བ་ཡིད་ལ་བྱེད་པ་བསྟན་ནས། ཕྱིས་རྗེས་སུ་ཡི་རང་པ་ཡིད་འཁྱེད་པ་བསྟན་ཏོ། །འདིར ་བཟློག་པར་ཤེས་བར་བྱེད་པར་རྟོགས་པར་བྱའོ། །ཡོན་ཏན་རིན་པོ་ཆབ?་སྡུད་པ་ཚིགས་སུ་བཅད་པ་ལས་ཡོངས་སུ་བསྔོ་བའི་ལེའུ་སྟེ་དྲུག་པའི་བཤད་པའོ།། །།སྒོམ་པའི་ལམ་ཟག་པ་དང་བཅས་པ་ནི་རྣམ་པ་གསུམ་མོ། །དེའི་རྗེས་ལ་སྒོམ་པའི་ལན? ་ཟག་པ་མེད་པ་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཡང་རྒྱུ་དང་འབྲས་བུའི་དབྱེ་བས་རྣམ་པ་གཉིས་ཡོད་པས་དང་པོ་སྒྲུབ་པའི་མཚན་ཉིད་བསྒོམ་པའི་ལམ་བསྟན་པར་བཞེད་ནས། དམུས་ལོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་?་ཡོངས་སུ་བྱེ་བ ་ཁྲག་ཁྲིག་རྣམས་ལོང་ཁྲིད་དང་བྲལ་བའི་ཕྱིར་ཁྲིད་པ་མེད་པ་རྣམས་ཀྱིས་ཡང་ལམ་གྱི་རང་བཞིན་ཡོངས་སུ་མི་ཤེས་པས་ནམ་མཁས་པས་གྲོང་ཁྱེར་ཏུ་འཇུག་པ་ལ་མཁས་པར་གལ་འགྱུར་ཏེ་སྨོས་ཀྱང་ཅི་དགོས་སོ། །དེ་བཞིན་དུ་བསྒྲུབ་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པ་དང་བྲལ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམིགས་བུ་མེད་པས་དབུས་ལོང་ལྟ་བུར་རྫུར་པ་ཡིན་པའི་ཕྱིར་མིག་དང་བྲལ་བས་སངས་རྒྱས་ཉིད་ཐོབ་པར་བྱེད་པ་རབ་ཏུ་དགའ་བ་ལ་སོགས་པའི་སང?་འཇུགས་པ་ལ་ཁྲིད་པར་བྱེད་པའི་དམིགས་སུ? ་མེད་པས་ཐོབ་པར་མི་ནུས་པས་བྱང་ཆུབ་རེག་པར་ནུས་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་མི་ནུས་ཞེས་བྱ་བའི་བར་དུའོ། །དེ་ལྟ་ན་གང་དུ་ཡང་དག་པའི་མིག་འཐོབ་ཅེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མཐོང་བ་དང་ཤིན་ཏུ ་རྣམ་པར་དག་པའི་ལམ་གཉིས་ཀྱི་དབུས་མཚམས་ཟག་པ་མེད་པའི་རྒྱུའི་གནས་བསྒོམ་པའི་སྟོབས་སུ་ཡང་གྱུར་པའི་ཤེས་རབ་ཀྱིས་སྦྱིན་པ་ལ་སོགས་པ་གཟུང་བ་དེའི་ཚེ་དེར་ཐམས་ཅད་ཕུན་སུམ་ཚོགས་པའི་རྒྱུ་ཤེས་རབ་ཀྱི་མིག་རྙེད་ག་སྟེ། མིག་འཐོབ་པར་འགྱུར་རོ། །དེ ་ཉིད་ཀྱི་ཕྱིར་སངས་རྒྱས་སུ་འགོ་བས་སྦྱིན་པ་ལ་སོགས་པས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པོ། །གཞན་དུ་དམིགས་མེད་པས་དཔེར་ན་རེ?་མོའི?་ལས་ནི་ཡོངས་ཟིན་ཏེ། ཐམས་ཅད་རྫོགས་ཀྱང་རིམ་མཁན་གྱིས་དེའི་མིག་མ་བྲིས་པ་དེ་སྲིད་གླ་རྔན་མི་འཐོབ་པ་བཞིན་ཏེ། མིག་མ ་བྱས་པ་དེ་བཞིན་དུ་ཐམས་ཅད་ཕུན་སུམ་ཚོགས་པར་མི་འགྱུར་རོ་ཞེས་དགོངས་སོ། །གལ་ཏེ་སྒྲུབ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་ན་ཡང་དེའི་གང་ལས་འགྱུར་ཞེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་འདོད ་པའི་ཁམས་ལ་སོགས་པ་འདུས་བྱས་དང། སྟོང་པ་ཉིད་ལ་སོགས་པའི་མདུས་མ་བྱས་ནག་པོའི་ཆོས་ཏེ། ཉན་ཐོས་ལ་སོགས་བ་དང་འབྲེལ་བ་དོར་བར་བྱ་བ་ཡིན་ནོ། །དཀར་པོ་ནི་རྡུལ་ཕྲ་རབ་ཙམ་ཡང་མི་དམིགས་པའི་ཤེས་རབ་བསྒྲུབ་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ ་བུར་བསྒོམ་པ་དེའི་ཚེ་ཤེས་རབ་རང་ཉིད་ཁོ་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་བར་བརྗོད་དོ། །འཇིག་རྟེན་ཇི་ལྟར་གྱུར་པ་ཞིག་ཅེ་ན། ནམ་མཁའ་གང་ལའང་ཅུང་ཟད་མི་གནས་ཏེ། ཅུང་ཟད་ཅིག་གིས་རང་བཞིན་དེ་དང་འདྲ་བས་ཡོངས་སུ་དག་པ་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ལ་སྐྱེ་བོ་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པའི་ཆོས་ཀྱི་དབྱིངས་ལ་མངོན་པར་ཞེན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྙམ་དུ་རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བསྒྲུབ་པའི་རང་བཞིན་ལ་གང་གི་ཕྱིར ་སྤྱད་པར་བྱའོ་སྙམ་ནས་སེམས་ཅན་སྐྱེ་བའི་སྡུག་བསྔལ་ལ་སོགས་པས་རེག་པ་ཁྲག་ཁྲིག་མང་པོ་ནི་ཉེ་བར་མཚོན་པའོ། །དགྲོལ་སྙམ་སེམས་དཔའ་དེའི་ཚེ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་སེམས་ཅན་ཡོངས་སུ་རྟོགས་བྱང་ཆུབ་སེམས་དཔའ་གྱུར་བ་མ་ཡིན་ཞེས་བྱ་བར་འོག ་ཏུ་སྦྱར་ཏེ། དེ་ནི་ཤེས་རབ་ཇི་སྐད་བསྟན་པའི་རང་བཞིན་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་བྱ་བ་ནས་སྒྲུབ་པ་མ་ཡིན་ཞེས་བྱ་བའི་བར་དུའོ། །དེའི་རྗེས་ལ་གཉིས་པ་ཤིན་ཏུ་རྣཾ་པར་དག་པའི་མཚན་ཉིད་ཀྱི་བསྒོཾ་བའི་ལམ་བསྒོམ་པར་བྱ་བ་ཡིན་པས་དེ་སྐྱེ་བའི་རྒྱུ་དང་མི་སྐྱེ་བའི་རྒྱུ་ཉིད ་གོ་རིམ་ཇི་ལྟ་བ་བཞིན་དུ་བླད་བ་དང་དོར་བའི་ཕྱིར་རེ་ཞིག་བསྐྱེད་པའི་རྒྱུ་རྟོགས་པར་བྱ་བའི་ཆེད་དུ་བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་གིས་དེ་བཞིན་གཤེགས་པ་མཉེས་པ་སྔོན་དུ་བསྔོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ལ་མངོན་དུ་ཕྱོགས་བས་ཡུན་རིང་པོར་སྤྱད་པ་ནི་སྔོན་སྤྱོད་དེ། ཐབས་ལ་མཁས་པའི་སྟོབས་ཀྱིས་མཁས་པ་ཡང་ཡིན་ཏེ། ཐོས་མ་ཐག་ཏུ་དེ་ནི་སྟོན་པའི་འདུ་ཤེས་བསྐྱེད་པ་འགྱུར་རེ། །སྐྱེ་པའི་རྒྱུ་དེ་ཉིད་དང་ལྡན་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ ་མྱུར་དུ་རྟོགས་པར་འགྱུར་རོ། །ཆོས་མ་ལུས་པའི་ཆོས་ཉིད་རྟོགས་པ་ནི་བྱང་ཆུབ་པོ། །གནོད་པ་ཐམས་ཅད་ཞིབས་ན་ཞི་བའོ། །བསྐྱེད་པའི་རྒྱུའི་རྗེས་ལ་མི་བསྐྱེད་པའི་རྒྱུ་བསྟན་པའི་ཕྱིར་སྔོན་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན ་སྤྱད་པ་སྤྱོད་པའི་ཚེ་ན་སངས་རྒྱས་ཁྲག་ཁྲིག་ལ་ཡང་དག་པར་མཆོད་ཅིང་འཁོར་ལ་སོགས་པ་ཕུལ་ཡང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་སྟེ། ཕུང་པོར་མངོན་པར་ཞེན་པ་དང། མི་དགེ་བའི་གྲོགས་པོ་བསྟེན་པ་དང། བདུད་ཀྱིས་བྱིན་གྱིས་བརླབས་པའི་རྒྱུས ་རྒྱལ་པའི་ཡུམ་ལ་མ་དད་པ་ནི་དེ་མི་སྐྱེ་བའི་རྒྱུའི་སྟོབས་ཀྱིས་མངོན་པར་འདོད་པའི་ལམ་སྤངས་ནས་སྐྱབས་མེད་པར་འགྱུར་རོ་ཞེས་བྱ་བར་འབྲེལ་ཏོ། །གང་གིས་དེ་བཞིན་དུ་ཡུམ་ཐོས་ནས་ཀྱང་ཆོས་ཟབ་མོ་མི་རྟོགས་པས་བློ་ཆུང་བ་དེ་ཡིས་འདི་སྤོང་བར་བྱེད་དེ། དེ་སྤངས ་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་པ་ཉིད་ཀྱིས་སངས་རྒྱས་དཀོན་མཆོག?་ལ་སོགས་པས་འཛིན་པའི་སྐྱབས་མེད་པར་འགྱུར་བ་ཞེས་བྱའོ། །ཉེ་བར་བསྡུ་བའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གང་ལ་མ་དང་པ་ཉིད་ཉེས་པ་ཡིན་པས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག་རེག་པ་སྟེ་མངོན་སུམ་དུ་ཐོབ་པར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་ཡུམ་འདི་ལ་དད་པར་གྱིས་ཤིག་།དཔེར་ན་ཚོང་པ་རིན ་ཆེན་གླིང་དུ་སོང་ནས་ནི། ཟོད་ཟད་སླང་ལོག་ལྟ་བུར་གྱུར་ན་མི་རུང་ངོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་གླིང་དུ་ཕྱིན་ན་སྔོན་ཉེ་བར་བསགས་པའི་དགེ་བའི་རྩ་བ་མི་ཟད་པ་ཁྱད་པར་དུ་འགྲོ་བར་འགྱུར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས ་དམྱལ་བའི་ལེའུ་སྟེ་བདུན་པའི་བཤད་པའོ། །།སྐྱེ་བ་དང་ནི་སྐྱེ་བའི་རྒྱུ་ཐོབ་པ་དང་སྤང་པའི་ཡུལ་བསྟན་ནས་དེ་བཞིན་དུ་སྐབས་ལ་བབ་པ་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་བསྒོམ་པའི་ལམ་གྱི་རྣམ་པར་དག་པ་སྤྱིར་བསྟན་པའི་ཕྱིར། གཟུགས ་དེ་དག་འབྲས་བུ་དག་པར་རིག་པར་བྱ་ཞེས་བྱ་བ་གསུངས་ཏེ། གཟུགས་ནི་རང་བཞིན་ཏེ་ཕུང་པོ་ལྔ་ལ་སོགས་པའོ། །བདག་དང་གཞན་ལ་སོགས་པའི་རྒྱུས་མངོན་པར་ཞེན་པ་དང་བྲལ་ཏེ་སྒྱུ་མ་ལྟ་བུ་ཉིད་ནི་དག་པའོ། །དང་པོའི་འབྲས་བུ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །དེ་ལ་སོགས་པ་དག ་པར་རིག་པར་བྱའོ། །གཞན་དུ་ན་འབྲས་བུ་དག་པ་སྐྱེ་མི་སྲིད་པ་དེ་བཞིན་དུ་འབྲས་བུ་རྣམ་པར་དག་པས་ཀྱང་གཟུགས་རྣམ་པར་དག་པར་རིག་པར་བྱ་སྟེ། ལྷག་མ་ཡང་ངོ། །རྒྱུ་ནི་འབྲས་བུའི་རྗེས་སུ་འབྲང་བའི་ཕྱིར་རོ། །རྣམ་པར་དག་པ་སྤྱིར་བསྟན་ནས་ཁྱད་པར་དུ་བསྟན་པ་ནི་འབྲས ་བུ་གཟུགས་དགེ?་ཐམས་ཅད་མཁྱེན་ཉིད་དག་པར་གསུངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ལྕོགས་མེད་པ་ནས་བརྩམས་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ནི་བསྒོམ་པའི་ལམ་སྟེ། ཆོས་ཐམས་ཅད་བདག་མེད་དོ་ཞེས་དེ་ལྟར་སྤྱི་ལ་ཡང་དང་ཡང་དུ་དམིགས་པས་ས?་རེ་རེའི ་ཉོན་མོངས་པ་ཆེན་པོ་ལ་སོགས་པས་དབྱེ་བ་རྣམ་པ་དགུ་སྤོང་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་པ་རིམ་གྱི་སྐྱེས་ནས་རྣམ་པ་ཐམས་ཅད་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དབང་ཏུ་བྱེད་དོ། །དེའི་ཚེ་རྩེ་མོའི་གནས་སྐབས་འབྲས་བུ་གཟུགས་སོ་དག་སྟེ། ཤིན་ཏུ་རྣམ་པར་དག་པའི ་མཚན་ཉིད་བསྒོམ་པའི་ལམ་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྤྱིར་ཡིན་ཡང་ལམ་ཤེས་པ་ཉིད་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་སངས་རྒྱས་བཅོམ་ལྡན་འདས་དེ་ཡིས་དག་པར་གསུངས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དག་པས་འབྲས་བུ་གཟུགས་དག? ་པར་ཡང་གཟུང་སྟེ་སྟོང་ཕྲག་བརྒྱ་པ་ལས་དེ་བཞིན་དུ་བསྟན་པའི་ཕྱིར་རོ། དེ་ལྟ་ཡིན་ན་དག་པ་ཐ་དད་པས་ཕྱིན་ཅི་ལོག་ཏུ་འགྱུར་ཞེ་ན། ཐམས་ཅད་མཁྱེན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཏུ་རྣལ་འབྱོར་པའི་དག་པའི་བྱེ་བྲག་ཏུ་ཐ་དད་དུ་འདིར་བསྟན་གྱི། གཞན་དུ་ན་ཀུན ་རྫོབ་ཀྱི་ལམ་རྟོགས་པར་མི་ནུས་སོ་།རིགས་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་དག་དང་གཟུགས་དག་པ། ནམ་མཁའ་ཨི་ཁམས་དང་མཚུངས་ཏེ། སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་ལ་དབྱེར་མེད་དེ་ཐ་དད་པ་མེད་དོ། །འདིས་ནི་ལམ་ཤེས་པ་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང་མོག ་མོག་པོར་བྱེད་ལ་སོགས་པ་དང། སློབ་མ་བསེ་རུའི་ལམ་གང་དང། །འདི་དང་གཞན་བའི་ཡོན་ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང། །བསྟོང་དང་བཀུར་དང་བསྔགས་པ་དང། །བསྔོ་བ་རྗེས་སུ་ཡི་རང་དང། ་ཡིད་ལ་བྱེད་པ་བླ་མེད་དག་།སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲང་བཤད་ཅེས་གསུངས་པ་ཡིན་ནོ། །དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ཡང ་དག་པར?་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད་བསྟན་པའི་ཕྱིར། དཔའ་བོ་གར་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་གྱུར་པའི་ཤེས་རབ་ཀྱིས་འཁོར་བའི་ཉེས་པ་མཐོང་ནས་ཁམས་གསུམ་སྟེ་འདོད་པ་དང། གཟུགས་དང། གཟུགས་མེད ་པ་ལས་ཡང་དག་པར་འདས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་གཞན་གྱི་དབང་ལ་དབང་ཐོབ་པ་ན་ཉོངས་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཉོན་མོངས་བསལ་བར་གྱུར་ཀྱང་འགྲོ་བ་བདག་ཏུ་འཛིན་པས་འཁོར་བར་སྐྱེ་བ་མཐོང་ནས ་མི་རྟག་པས་འདུལ་བའི་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་དེ་དག་ཏུ་གནས་པའི་ལས་དང་ཉོན་མོངས་པས་རྒ་དང་ན་དང་འཆི་བ་མེད་ཀྱང་རྒ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་འཆི་འཕོ་སྟོན་པར་བྱེད་དོ། །གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མཚན་མའི་རྣམ ་པར་གཡེངས་པས་རབ་ཏུ་མི་གཡོ་བའི་ཕྱིར་དེ་ནི་དཔའ་བོའོ། །རྣམ་པ་ཐམས་ཅད་དུ་ཐབས་ལ་མཁས་པའི་སྟོབས་ཀྱིས་ཉེ་བར་གྱུར་པ་ཐོབ་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་ཉེ་པར་གྱུར་པའི་རྒྱལ་བའི་སྲས་ཐབས་ལ་མཁས་པ་རང་ཕྱིན་ཅི་མ་ལོག་པའི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པར་བསྒྲུབས་པ་དེ་ལས་བཟློག་ནས་བསྟན་པ་ནི་ཐམས་ཅད་ཤེས་པ་ལ་དབང་དུ་བྱས་པ་ཡིན་ཏེ། ཐབས་ལ་མི་མཁས་པས་ཡང་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རིང་བར་གྱུར་སྟེ། ་ཉ་ཐོས་ལ་སོགས་པ་རྣམས་ནི་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྙིང་རྗེ་དང་ཤེས་རབ་དང་བྲལ་བས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཇི་ལྟར་འབྲེལ་པ་བཞིན་དུ་གནས་ཏེ། དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་དམིགས་པ་ཡིན་པར་ཤེས ་པར་བྱའོ། །དེ་བས་ན་ཉན་ཐོས་ལ་སོགས་པའི་གཉེན་པོ་ནི་བྱང་ཆུབ་སེམས་དཔའ་ཨི་མི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བསྟན་པེའི་ཕྱིར?་འགྲོ་པ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་ནི་འདོད་པ་སྟེ། མི་རྟག་པ་ལ་སོགས་པའི་རྣམ་པ་དང་ལྡན་པར་ཉན ་ཐོས་ལ་སོགས་པ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །གཟུགས་ནི་འདིར་སྤྱི་སྟེ་རང་བཞིན་ཡིན་པར་བརྗོད་དོ། །གཟུགས་ཀྱི་རང་བཞིན་ནོ། །འགྲོ་བ་འདི་དག་ནི་བཅུད་དང་སྣོད་ཀྱི་འཇིག་རྟེན་གཉིས་སོ། །འདིར་བྱང་ཆུབ་སེམས་དཔའ་སྐྱེ་བོ་འདམ་ལ་ཕྱིར་བ་ནི་བསྡམས་པའི ་གནས་ཏེ། ཆགས་པ་ནི་མངོན་པར་ཞེན་པའོ། །འགྲོ་བ་དྲུག་པོ་དེ་དག་འཁོར་བའི་འཁོར་ལོར་ནི་ཕྱིན་ཅི་ལོག་མ་སྤངས་པའི་ཕྱིར་འཁྱམས་ཏེ་མི་བསྟན་པའི་ཕྱིར་རླུང་གི་འཁོར་ལོ་ལྟ་བུའོ། །མི་ཤེས་པའི་ཕྱིར་འཁྲུལ་པས་དེའི་ངོ་བོ་མ་ཡིན་པ་ལས་མ་གྲོལ་བས་ཆོས་དང་ཆོས ་ཅན་དུ་འཛིན་པའི་ཕྱིར་རོ། །རི་དགས་རྒྱར་ཚུད་པ་དང་འདྲ་བས་དེའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་འཇུག་པར་མི་བྱ་བར་དགོངས་སོ། །དེ་ལྟ་མོད་ཀྱི་རྒྱལ་བའི་སྲས་རྣམས་ཀྱི་གཉན་པོ་ཇི་ལྟ་བུ་ཡིན་ཞེ་ན། ཤེས་རབ་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར ་ནམ་མཁའ་ལ་དད་པ་ལ་སོགས་པའི་བྱ་བ་རྣམ་པར་སྤྱོད་པ་ན་དེ་ལ་རྟེན་མེད་དེ། ནམ་མཁའ་ལ་དངོས་པོའི་རང་བཞིན་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །དེ་ནམ་མཁའ་ཨི་བྱ་དང་འདྲ་བར་ཤེས་རབ་ལྡན་པའི་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པ་ལ་སྤྱོད་དོ། །དེ་ལ་ཆོས་དང ་ཆོས་ཅན་གྱི་དངོས་པོར་མི་བརྟེན་ཏེ། གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །དེ་བས་ན་མི་དམིགས་པར་བསྟན་པ་ཉིད་གཉེན་པ་ཡིན་ནོ་ཞེས་བྱ་པའི་དོན་ཏོ། །མི་མཐུན་པ་དང་གཉེན་པོ་དེ་གཉིས་དོར་བ་དང་བླང་བར་བྱ་བའི་ཕྱིར་རིམ་པ་ཇི་ལྟར་བསྒོམ་པར་བྱ་ཞེ་མ་སྦྱོར ་བ་དང་མཉམ་པ་ཉིད་བསྟན་པའི་ཕྱིར། སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་བྱང་ཆུབ་སེམས་དཔའ་གང་ཞིག་གིས་མཉམ་པར་རྟོགས་པའི་སྟོབས་ཀྱིས་ཡོངས་སུ་དག་པར་སྤྱོད་པས་བསྒོམ་པ་ལ ་བརྩོན་པ་ན་གང་ལ་ཡང་མི་སྤྱོད་དེ། མངོན་པར་ཞེན་པ་མེད་པས་སྦྱོར་བའི་ཕྱིར་རོ། །དེ་ལྟར་དེ་རིམ་པ་བཞིན་དུ་སྟོང་པ་ཉིད་ལ་གོམས་པར་བྱས་པས་མི་མཐུན་པའི་ཕྱོགས་སྤངས་ནས་གཉེན་པོ་ཐོབ་པས་མི་མཐུན་པའི་ཕྱོགས་ཀྱི་འདམ་རྣམས་ཀྱི་ཆགས་པ་ཐམས་ཅད ་ཡོངས་སུ་སྤོང་ཞིང་རྣམ་པར་གྲོལ་ཏེ། བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད་དོ། །ཉན་ཐོས་ལ་སོགས་པ་ཡང་གཟུཌ་ལ་སོཌ་པ་ལ་མི་རྟག་པ་ལ་སོཌ་པར་འཛིན་པའི་སྤྱོད་པ་ཡིན་ཏེ། ལྡོག་པའི་སྒོ་ནས་བསྟན་པར་གྱུར་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས ་རྣམ་པར་དག་པའི་ལེའུ་སྟེ་བརྒྱད་པའི་བཤད་པའོ།། །།མཉམ་པ་ཉིད་དུ་བསྒོམ་པའི་སྦྱོར་བས་མཐོང་བའི་ལམ་བསྒོམ་པར་བྱ་བ་ཡིན་པས་དེ་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྦྱོར་བའི་རིམ་གྱིས་སྤྱོད་པའི ་བྱང་ཆུབ་སེམས་དཔའ་མཁས་གསལ་བ་གཟུགས་ལ་སོགས་པ་རྣམས་ལ་རྟག་པ་དང་མི་རྟག་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོ་བཀག་ནས་བདག་མེད་པའི་རྣམ་པར་བསྒོམས་ནས་མཐོང་བའི་ལམ་ཐོབ་པར་གྱུར་ནས་དེས་སྤང་བར་བྱ་བའི་ཉོན ་མོངས་པ་སྤངས་སྟེ། ཆགས་པ་བཅད་ནས་གྲོལ་ཏེ། གོང་ནས་གོང་དུ་ཁྱད་པར་དུ་རྣལ་འབྱོར་པ་འགྲོ་ཞིང་འགྲོ་བ་ལ་ཆགས་པ་མེད་དོ། །དེ་བས་ན་ཉི་མ་སྒྲ་གཅན་གཟའ་བྲལ་ལྷ་དེར་འདུག་པ་དང། མེ་བཏང་རྩཝ་དང་ཤིང་དང་ནགས་ཚལ་བསྲེག་པ་བཞིན་ནོ། །དེ་བཞིན ་དུ་དེས་པ་སྒོམ་པ་དང་ལྡན་པས་སྤང་བར་བྱ་བའི་ཉོན་མོངས་པའི་ཚོགས་སྲེག་ཅེས་བྱ་བ་ལྷག་མའོ། །ཉན་ཐོས་ལ་སོགས་པས་ནི་རྟག་པ་ལ་སོགས་པའི་རྣམ་པ་བཀག་ནས་མི་རྟག་པ་ལ་སོགས་པའི་རྣམ་པས་རང་གི་མཐོང་བའི་ལམ་བསྒོམ་པར་བྱེད་དོ་ཞེས་དོན་གྱིས ་སྟོན་པར་འགྱུར་རོ། །དེ་དག་གིས་ཐམས་ཅད་ཤེས་པ་ཉིད་བསྟན་ཏོ། །དེ་སྐད་དུ་ཤེས་པས་སྟེང་ལ་མི་གནས་ཤིང། སྙིང་རྗེ་ཞིལ་མི་གནས་དང། །ཐམས་མ་ཡིན་པས་རིང་བ་དང། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོཌ་དག་དང། སྦྱོར་དང་དེ་ཡི་མཉམ་ཉིད་དང། །ཉན་ཐོས ་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་རྟོགས་ནས་དབང་དུ་བྱ་བའི་ཕྱིར་ཁྱད་པར་གྱི་ལམ་དེའི་དེ་བཞིན་ཉིད་དུ་ཡིད་ལ་བྱེད་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེའི ་རྣམ་པ་བསྟན་པའི་ཕྱིར། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་དེ་རང་གི་ངོ་བོ་བསྒོམས་པས་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་ཆོས་རྣམས་འདི་དག་ཐམས་ཅད་དག་ཅིང་ཡོངས་དག་པར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཀུན་མངོན་པར་རྫོགས ་པར་རྟོགས་པའི་རང་བཞིན་གྱི་ལྟ་བ་ནི་ཤིན་ཏུ་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔས་དེ་ལྟར་བྱེད་པ་པོ་ཡང་མ་དམིགས་ཏེ། །ཀུན་ཏུ་བརྟགས་པའི་བདག་དང་གཟུགས་ལ་སོགས་པའི་ཆོས་ཀུན་དང། རང་གི་སྡེ་པས་བཞག་པ་དེ་དག་མེད་པའི་ཕྱིར་མི་དམིགས་ཏེ་ཐོབ ་པ་མེད་དོ། །དེ་བས་ན་གང་ཟག་དང་ཆོས་བདག་མེད་པ་རྣམ་པ་གཉིས་རྟོགས་པས་རྣམ་པ་ཐམས་ཅད་རྟོགས་པའི་ཕྱིར་འདི་ནི་དེས་ན་ཇི་སྐད་བསྟན་པའི་ཤེས་རབ་མངོན་པར་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་པར་རྟོགས ་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསྟོང་པའི་ལེའུ་སྟེ་དགུ་པའི་བཤད་པའོ།། །།ཁྱད་པར་ཅན་གྱི་སྦྱོར་བས་རྣམ་པ་རྣམས་བསྒོམ་པར་བྱ་བ་ཡིན་པས་དེ་ཡང་སྤྱོར་བའོ?་ཁྱད་པར་ཅན་མེད་པར་བསྟན་པར་མི ་ནུས་པས་སྦྱོར་བ་པོ་བསྟན་པར་བཞེད་ནས། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བ་ལ་ནི་ལྷ་རྒྱས་བརྒྱ་བྱིན་གྱིས་ཞུས་པ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པའི་བདག་ཉིད་འདི་ལ་ཇི་ལྟར་བརྩོན་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་སྤྱོད་པར་སྐྱེད?་ཅེས་བྱ་བ ་ནི?་ཞུ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་ཁམས་ལ་རྡུལ་ཙམ་བརྩོན་པར་མི་བྱེད་ཅིང་སྟེ། རྡུལ?་ཙམ་མི་དམིགས་པ་ལ་སྦྱོར་ཏེ་ཆོས་ཅན་དང་ཆོས་མི་རྟག་པ་ལ་སོགས་པ་ལ་མི་བརྩོན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཕྱིན་ཅི་མ་ལོག ་པ་ལ་ཞུགས་པའི་ཕྱིར་བརྩོན་པ་ཡིན་ནོ། །གང་གི་རྒྱུས་དེ་ལྟར་བརྩོན་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་དེ་ནི་ཡུན་རིང་པོ་ནས་ཐེག་པ་ཆེན་པོ་འདི་ལ་སྤྱོད་བགོམས་པས་ཞུགས་པར་རིག་པར་བྱ་སྟེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་མང ་ལ་གཙུག་ལག་ཁང་ལ་སོགས་པ་བྱས་ནས་ཕུལ་བ་ནི་ལྷག་བྱས་ཡིན་ནོ། །གང་ཞིག་ཆོས་འདི་ནི་ཡུམ་སྟེ། གཟུགས་ལ་སོགས་པ་རང་གི་རྒྱུ་ལས་སྒྱུ་མ་བྱེད་པས་སྤྲུལ་པ་དང། སྒྱུ་མ་འདྲ་བར་ཐོས་ནས་རྟོགས་པས་སོམ་ཉི་མེད་ཅིང་ཡང་སློབ་པ་ལ་ཕྱིར་ཞིང་སྦྱོར་བར་བྱེད་དོ།། ་གཞན་དུ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །རྒྱལ་བ་སྐྱེད་མ་ལ་འཇུག་པའི་སྦྱོར་བ་ཉན་ཐོས་ལ་སོགས་པའི་བྱེད་པའི་ཁྱད་པར་ཅན་དུ་ཡིད་ལ་བྱེད་པའི་རང་བཞིན་ནི་གཞན་དུ་རྟོགས་པར་མི་ནུས་པའི་ཕྱིར་མཉན་པ་ལ་སོགས་པའི་བར་ཆད་ཀྱི་ཆོས་པས་འདའ་?་བར? ་བྱ་བ་རྟོགས་པར་བྱ་བའི་ཆེད་དུ་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དགོན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཇིགས་པ་དུ་མ་ཕལ་པོ་ཆེའི་དགོན་པའི་ལམ་དཔག་ཚད་མང་པོར་ཞུགས་པའི་མིས་བསྙེན་པ་སྔོན་དུ་ཕྱོགས་ལ་ན། གང་གི་ཚེ་འབད? ་པའི་སྟོབས་ཀྱིས་གནག་རྫི་འཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་པ་མཐོང་ན་དེའི་ཚེ་དགོན་པའི་འཇིགས་པ་མེད་དེ། དབུགས་ཕྱིན་པ་ཐོབ་པར་གྱུར་ཅིང། རྐུན་མའི་འཇིགས་པ་མེད་དེ། གང་གི་ཕྱིར་གོམས་པར་བྱས་ནས་འདི་དག་གྲོད་དང་གྲོད་ཁྱེར་གྱི་སྔོན་གྱི ་མཚན་མ་ལ་བ་ལང་རྫི་ལ་སོགས་པ་མཐོང་བ་དེ་བཞིན་དུ། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་མཉན་པ་ནི་ཉེ་བར་མཚོན་པ་སྟེ། སེམས་དཔའ་ལ་སོགས་པ་ཡང་ངོ། །བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་ཐོབ་པར་བྱེད་པའི་ཆོས་ཡོངས་སུ་ཚོལ ་བའི་དུས་དེའི་ཚེ་ཡང་དག་པའི་ལམ་རྙེད་པར་དབུགས་བྱིན་པར་གྱུར་ཅིང་ཐེག་པའི་བར་ཆད་ཀྱིས་འཇིགས་ལ་མེད་དོ། །གང་གི་ཕྱིར་ཡུམ་མཉན་པ་ལ་སོགས་པའི་སྦྱོར་བ་ཕུན་སུམ་ཚོགས་པ་ན་དགྲ་བཅོམས་ལ་མི་གནས་རྐྱེན་རྟོགས་ཀྱིས་ཐོབ་པ་མིན་ནོ། །ད་ནི་ཡང་ཡུམ་མཉན་པ་ལ ་སོགས་པས་ཕུན་སུམ་ཚོགས་པ་ཐམས་ཅད་སྟེར་བར་བྱེད་པ་བསྟན་པ་འདིར་ཡང་བརྗོད་པར་བྱ་སྟེ། ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་བསྟན་པའི་སྒོ་ནས་རེ་ཞིག་སྦྱོར་བ་དང་སྔོན་དུ་འགོ་བས་རྟོགས་པར་བྱ་བའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་རྒྱ་མཚོའི ་ཆུ་ནི་ལྷ་ཕྱིར་འགྲོ་བ་ཡིས། གལ་ཏེ་དེས་ཤིང་དང་ནགས་ཚལ་རིར་བཅས་པ་མཐོང་ན་ད་དུང་རྒྱ་མཚོ་ཆེན་པོ་ནི་རིང་ངོ་ཞེས་རྟོགས་པར་བྱའོ། །ཡང་གང་གི་ཚེ་ཅི་སྟེ་ཤིང་ལ་སོགས་པའི་རྟགས་མཐོང་ན་དེའི་ཚེ་རྒྱ་མཚོ་ཆེན་པོ་ནི་ཉེ་བར་གྱུར་ཏེ། ཤིན་ཏུ་མི་རིང་ངོ་སྙམ་དུ་དེ་ལ་སོན་ཉི ་མེད་དེ་?་གཉིས་མེད་པར་རིག་པར་བྱའོ། །དེ་ལྟར་དེ་བཞིན་དུ་ཐོས་པའི་བསམ་པས་བྱང་ཆུབ་དམ་པར་ཞུགས་པར་རིག་པར་བྱའོ། །རྒྱལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་ནི་ཉེ་བར་མཚོན་པ་སྟེ། སེམས་པ་དང། བསྒོམ་པ་ཡང་ཡིན་ནོ། །རྣམ་པར་འདྲེན་པ་སྟེ་བཅོམ ་ལྡན་འདས་ཀྱིས་སོ། །མངོན་སུམ་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མ་གྱུར་ཀྱང་མཉན་པ་ལ་སོགས་པ་ལ་ནུས་པ་ཐོབ་པའི་ཕྱིར་སངས་རྒྱས་བྱང་ཆུབ་སྟེ། ཆོས་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱ་བའི་བར་དུའོ། །རིང་པོར་མི་ཐོགས་བདག་རེག་འགྱུར་རོ།། ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱ་བ་སྒྲུབ་པའི་སྒོ་ནས་བསྟན་པའི་ཕྱིར། དཔྱིད་དུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དཔྱིད་དུས་བཟང་ལ་ཡལ་ག་དང་ལོ་མ་སྙིང་པ་རྣམས་ལྷགས་གྱུར་ན་ཡ་ལགས་རིང་པོར་མི་ཐོགས་ལོ་འདབ་མེ་ཏོག་འབྲས་བུ་རྣམས་བསྐྲུན་ནོ། ་དེ་བཞིན་དུ་ཤེས་རབ་ཕ་རོལ་ཕྱིན་འདི་སུའི་ལག་ཏུ་ཐོབ་པ་ན་ཡུན་རིང་པོར་མི་ཐོགས་པར་དེས་བྱང་ཆུབ་མཆོག་ཏུ་ལོངས་སྤྱོད་རྫོགས་པའི་སྐུ་འདིར་མཉན་པ་ལ་སོགས་པའི་སྦྱོར་བའི་སྟོབས་ཀྱིས་འདྲེན་པ་རྣམས་ཀྱི་འཐོབ་པོ། །སྤྲུལ་པའི་སྐུ་ཐོབ་པར་བྱ་བའི་སྒོ་ཡང་བསྟན ་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བུད་མེད་ན་ཆུང་མངལ་སྐྱེ་བ་ནི་སྦྲུམས་མའོ། །གང་གི་ཚེ་དེ་ནི་བཅའ་བའི་དུས་ལ་བབ་ཅེས་བྱ་བ་སྟེ། ཡན་ལག་རྣམས་རྒྱས་པ་ནི་དུས་ལ་བབ་པོ། །ཚོར་བ་ནི་ཉམས་སུ་མྱོང་བའི་རང ་བཞིན་ནོ། །དེ་བཅའ་པའི་དུས་ཏེ་སྐྱེ་བ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྔར་མཉན་ནས་སེམས་པ་ན་རྒྱལ་པའི་ཤེས་རབ་ཕ་རོལ་ཕྱིན་པ་ལ་གོང་ནས་གོང་དུ་དགའ་བ་དང་འདུན་པ་བསྐྱེད་པ་མཐོང་བ་དེའི་ཚེ་འདིར་མཉེན་པ་ལ་སོགས་པའི་སྤྱོར་བS ་?་དུ་བྱང་ཆུབ་མཆོག་རེག་ཏེ། སྤྲུལ་པའི་སྐུ་འཐོབ་བོ། །ཡང་མཉན་པ་ལ་སོགས་པའི་བླང་པར་བྱ་བ་དང་དོར་པར་བྱ་བའི་ཆོས་ཇི་ལྟར་བླང་པ་དང། དོང་བ་ཐོབ་ཅེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཕ་རོལ་ཏུ་ཕྱིན་མཆོག་སྤྱོད་ཚེ་རྣལ་འབྱོར་པ ་ཉན་པ་ལ་སོགས་པ་ནི་སྤྱོད་པའོ། །རྣལ་འབྱོར་བ་གང་ཞིག་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་འཕེལ་བ་སྟེ་སྐྱེ་བ་མི་མཐོང་བའོ། །ཡོངས་སུ་འགྲིབ་པ་མེད་སྟེ་འཇིག་པ་མི་མཐོང་ངོ། །དེ་ལྟ་བས་ན་གང་ཞིག་ཆོས་དང་ཆོས་མིན་མི་མཐོང་ཞིང། འདི་དག་སོ ་སོར་སྣང་བ་གནས་པར་མཐོང་པར་སྒྱུ་མ་ལྟ་བུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ། སྟོང་པ་ཉིད་ཀྱི་རྣམ་པའི་སྙིང་པོ་ཅན་ཡེ་ཤེས་ཀྱི་རང་བཞིན་དེ་དག་ཇི་ལྟ་བ་བཞིན་གནས་པ་རྟོགས་པའི་སྟོབས་ཀྱིས་མྱ་ངན་ལས་འདས་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ ་མི་རེག་པར་གནས་པ་དེ་ནི་སྐུ་གསུམ་ཐོབ་ནས་ཆོས་ཀྱི་དབྱིངས་ཀྱི་ཤེས་རབ་གནས་སོ། །དེ་ལྟར་ཇི་སྐད་བསྟན་པའི་ཕྱིན་ཅི་མ་ལོག་པའི་ལམ་ལ་གོམས་པར་བྱས་པས་འབྲས་བུ་དེ་དག་ཐམས་ཅད་དུ་འགྱུར་རོ། །དེ་བས་ན་སྦྱོར་བ་སྒྲུབ་པོ་ཞེས་བྱ་བར་དགོངས་སོ། །རྣམ་པ ་ཕུལ་དུ་བྱུང་བའི་ཆེ་བའི?་བདག་ཉིད་བཤད་ནས། ཡོན་ཏན་བརྗོད་ན་དེ་རྟོགས་པ་སྔོན་དུ་འགྲོ་བས་ཁྱད་པར་དུ་གོམས་པར་འགྱུར?་བས་དེའི་ཡོན་ཏན་བསྟོན་པར་བཞེད་ནས། གང་ཞིག་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆོས། །གང? ་ཟག་?་ལ་དག་མེད་པ་བསྒོམ་པ་ནི་གང་ཞིག་འདིར་རོ། །ཡང་སྦྱོར་བ་ལ་གནས་པ་ནི་སྤྱོད་པའོ། །སྤྱིའི་སངས་རྒྱས་ཀྱི་ཆོས་ནི་རྒྱུ་དང་འབྲས་བུའོ། །ཁྱད་པར་ནི་དད་པ་ལ་སོགས་པ་ལྔ་དང། འདན་པ་ལ་སོགས་པ་དང་ལྷན་ཅིག་བྱེད་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ཉེ་བར་མཚོན་པ་སྟེ། དྲན་པ ་ཉེ་བར་གཞག་པ་ལ་སོགས་པ་ཡང་རྒྱུར་གྱུར་པ་རྣམས་ལ་མི་གནས་ཏེ། མི་རྟོག་ཅིང་བྱང་ཆུབ་ཀྱི་རྣམ་གྲངས་མ་ལུས་པ་ནི་ཉེ་བར་ཞི་པའོ། །འབྲས་བུར་གྱུར་པ་རྣམས་ལ་དེ་སྦྱོར་བའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་དང། རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་ཀྱི་ཡུལ ་དུ་གྱུར་པ་གནས་པ་དང་མི་གནས་པ་གང་ཡང་རུང་བ་སྒྱུ་མ་ལྟ་བུར་དེ་དག་བརྫུན་པའི་རང་བཞིན་དུ་རྟོགས་པའི་ཕྱིར་མི་རྟོག་རྟོག་བྲལ་ལོ། །བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པའི་ཡོན་ཏན་ལ་སོགས་པ་བསྐྱེད་པས་རང་དབང་དུ་སྤྱོད་པ་ནི་བྱིན་གྱིས་བརླབས་ཀྱིས་སྤྱོད་པ་ཡིན་ནོ།། ་འདི་ནི་ཤེས་རབ་སྟེ་སྤྱོད་པའི་རང་བཞིན་ཡིན་པའི་ཕྱིར་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་སྟེ། གནས་པ་མ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཡོན་ཏན་གཟུང་བར་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའི་བཤད་པའོ། ། །། ་ཡོན་ཏན་གྱི་རྗེས་ལ་གང་ཡང་སྦྱོར་བའི་བར་ཆད་བྱེད་པའི་སྐྱོན་སྤངས་ནས་བསྒོམ་པར་བྱ་བ་ཡིན་པས་སྐྱོན་བསྟན་པར་བཞེད་ནས། སྨྲ་བའི་ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིན་ཅི་ལོག་གི་ཞེན་པ་སེལ་བ་ལ་མཁས་པས་སྨྲ་བའི་བླ་བའོ། །སངས་རྒྱས་ལ་ནི ་རབ་འབྱོར་ཞུས་པ་ནི་ཡོན་ཏན་གྱི་རྒྱུ་ཡིན་པའི་ཕྱིར་ཡོན་ཏན་ལ་སྦྱོར་བ་ལ་དགའ་བ་རྣམས་ཀྱི་བར་དུ་གཅོད་པ་གང་ལགས་ཞེས་བྱ་བ་ནི་ཞུས་པའོ། །སྟོན་པས་བཀའ་སྩལ་བར་དུ་གཅོད་པར་འགྱུར་མར་སྟེ། །དེ་ལས་ཅུང་ཟད་ནི་ཉེ་བར་མཚན་པའོ། །དེ་བས་ན་རེ་ཞིག་ཡོངས་སུ ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལན་ཏོ། །དེ་ཉིད་ནི་རྒྱལ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་བའི་ཤེས་རབ་ཕ་རོལ་ཏུ་ཕྱིན་འདི་ཡིག་འདྲིའི་ཆེ་ནི་གཞུང་གི་དོན་བྲི་པ་དང། ཡིད་ལ་བྱེད་པའོ། །སློབས་པ་ནི་?་ཁྱད་པར་ཅན་གྱི་ཡེ་ཤེས་ཀྱི་རང་བཞིན་? ་དད་པ་རྣམ་པ་དུ་མ་འབྱུང་འགྱུར་ཞིང། འགྲོ་བའི་དོན་མ་བྱས་པར་ཏེ། སྔ་མ་དང་ཕྱི་མ་དཔྱད་པས་མི་བརྟན་པར་གྱུར་པའི་ཕྱིར་དེ་ཡང་གློག་བཞིན་དུ་མྱུར་དུ་ཉམས་པར་འགྱུར་བ་དང་ཉིད་ནི་རེ་ཞིག་བདུད་ཀྱི་ལས་སོ། །འདི་བཤད་ཆེན ་ཁ་ཅིག་སོམ་ཉི་ཟ་འགྱུར་ཏེ་ཞེས་བྱ་བ་ལ། བཤད་པ་ནི་བཤད་པར་གྱུར་པའོ། །སངས་རྒྱས་ཀྱིས་གསུངས་པ་ལ་ཐེ་ཚོམ་ཟབ་ནི་སོམ་ཉེར་གྱུར་པའོ། །དེས་ཡོངས་སུ་མ་ཤེས་པར་འདྲེན་པ་བཅོམ་ལྡན་འདས་ཀྱིས་འདིར་ནི་བདག་གི་མིང་ཡང་ཡོངས་མ་བརྗོད། རིགS ་དང་ས་དང་རུས་ཀྱང་ཡོངས་སུ་མ་བརྗོད་ཅེས། དེ་ནི་ཉན་པར་མི་འགྱུར་ལ། །འོན་ཀྱང་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་སྤོང་འགྱུར་དེ་ཡང་བདུད་ཀྱི་ལས་སོ། །དེ་ཅི་ཞིག་བྱེད་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བདུད་ཀྱིས་བྱིན ་གྱིས་བརླབས་པའི་གང་ཟག་མི་ཤེས་པ་དེ་དག་རྩ་བའི་རྒྱུ་བོར་ནས་སངས་རྒྱས་དོན་དུ་གཉེར་པའི་ལམ་ཇི་བཏབ?་བཞིན་དུ་གྱུར་པ་སྤངས་ནས་རྨོངས་པས་ཡལ་ག་དང་འདབ་མ་ཉན་ཐོས་ལ་སོགས་པའི་མདོ་སྡེ་ཚོལ་བར་འགྱུར་རོ། །གླང་པོ་རྙེད་ནས་དཔེར་ན་འགའ་ཞིག ་གི་དོན་དུ་གླང་པོའི་རྗེས་ནི་ཚོལ་བ་ལྟར། ཤེས་རབ་ཕ་རོལ་ཕྱིན་ཐོས་མདོ་གཞན་ཚོལ་པར་བྱེད་པ་དེ་ཡང་དེ་བཞིན་ནོ། །དཔེར་ན་ལ་ལས་རོ་བརྒྱ་ལྡན་པའི་ཟས་རྙེད་ལ། །ཟས་མཆོག་རྙེད་ནས་ཞག་དྲུག་ཅུ་པའི་འབྲས་ཆེན་ཚོལ་བར་བྱེད་པ་ལྟར། དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་ནས། དགྲ་བཅོམ་པའི་ས་ཡི་བླ་ན་མེད་པའི་བྱང་ཆུབ་ཆོལ་བར་བྱེད་དེ། ཡང་དེ་ལ་རྗེས་སུ་འབྲད་ཞིང་བློ་བསྐྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །བདུད་ཀྱི་ལས་རྣམ་པ་གཞན་ཡང་བསྟན་པའི་ཕྱིར། བསྟི་སྟ་? ་བྱ་བ་ལ་སོགས་པ་གསུངས་ཏེ། གྲགས་པ་ཙམ་འདོད་པ་ནི་བསྟི་སྟང་འདོད་པའོ། ནོར་འདོད་པ་ནི་རྙེད་པ་འདོད་པའོ། །ཡོ་བྱད་ལ་བལྟོས་པ་ནི་བལྟོས་པ་དང་བཅས་པའི་སེམས་ཀྱིས་སོ། །བསོད་སྙོམས་ཀྱི་དོན་དུ་ཁྱིམ་པ་དང་འདྲིས་པ་དང། ཁྱིམ་པ་བསྟེན་པ་དང ་ལྡན་པར་འགྱུར་ཞིང་ངོ། །ཆོས་བཏང་ནས་ནི་ཡུམ་འདིའོ། །དེས་ཆོས་ཅུང་ཟད་ཡིན་པ་ནི་ཆོས་མིན་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པས་བྱ་བ་སྤྱོད་པར་འགྱུར་པའོ། །ལམ་པོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས་སོ། །གང་དག་དེའི་ཚེམ་བྱོན་པའི་རྒྱལ་བ་རྣམས་སྐྱེད་མ ་ལ་འདུད་ཅིང་དང་པར་གྱུར་ནས་ཏེ། ལས་དང་འབྲས་བུ་ལ་ཡིད་ཆེས་པར་བྱེད་པ་ནི་དང་པའོ། །ཆོས་ཀྱི་དམ་པ་འདི་མཉན་པར་འདོད་ཅིང་འདོད་པ་ལས་དེ་དག་གིས་ནི་ཆོས་སྨྲ་པ་རིག་པ་ནི་བྱ་བ་མ་ཡིན་པའི་བསམ་པ་དང་ལྡན་པ་རྟོག་པའོ། །དད་པ་དང་བྲལ་ནས་དགའ་བ་མེད ་ཅིང་ཡིད་མི་བདེ་བར་གྱུར་ནས་གཞན་དུ་འགྲོ་བ་དོན་དུ་གཉེར་བའི་དོན་དང་བྲལ་བས་ཡིད་མི་བདེ་བ་ཡང་བདུད་ཀྱི་ལས་སོ། །བདུད་ཀྱི་ལས་ཇི་སྙེད་པ་རྣམ་པ་ཐམས་ཅད་མཛའ་ཡས་པས་བརྗོད་པར་མི་ནུས་པའི་ཕྱིར་ཉེ་བར་བསྡུ་པའི་དོན་དུ་དེའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། འདི་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྔོན་པའོ། །འབྱུང་བར་གྱུར་པ་ནི་བདུད་ཀྱི་ལས་སོ། །དེའི་ཚེ་གང་དག་ལ་མ་འོངས་པའི་དུས་ན་བར་དུ་གཅོད་པ་རྣམས་མང་ནི་དུ་མའོ། །གཅོད་པ་ནི་བགེགས་བྱེད་པ་འབྱུང་བར་འགྱུར་རོ། །གང་ཞིག་ཉེས་པས་གཡེངས་པའི་ཕྱིར་དགེ ་སློང་མང་པོ་དཀྲུགས་པས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞུང་དང་དོན་འཛིན་པར་མི་འགྱུར་ན། གཞན་དགེ་བསྙེན་ལ་སོགས་པ་ལྟ་ཅི་སྨོས། ཅིའི་རྒྱུས་རྣམ་པ་མང་པོར་འགྱུར་ཞེ་ན། རིན་ཆེན་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཆེན་རིན་ཐང ་མེད་བསྙེད་གྱུར་གང་དག་ཡིན། ཆོས་དེ་དག་དཀའ་པས་ཐོས་པ་ནི་དཀོན་པའོ། །དུས་རྣམས་རྟག་ཏུ་ཐམས་ཅད་འདི་འདོད་པའི་ཕྱིར་དུ་དོན་དུ་གཉེར་བ་ཡིན་ནོ། །དེ་བཞིན་དུ་རྒྱལ་པའི་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་མཆོག་།རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ ་བ་ཡང་མེད་དོ། །ཅིའི་ཕྱིར་འདི་དག་ཐམས་ཅད་ཀྱི་བདུད་ཀྱི་ལས་ཡིན་ནམ་ཞེ་ན། ཐེ་གང། གསར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཞུགས་པའི་ཕྱིར་ཐེག་པ་ལ་གསར་དུ་ཞུགས་པ་སྟེ། བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་ཆུང་བའི་ཕྱིར་བློ?་ཆུད?་པར ་གྱུར་པ་གང་གིས་ཡུམ་དཀོན་པའི་རིན་ཆེན་ཆོས་འདི་བདུད་ཀྱི་བྱིན་གྱིས་བརླབས་པས་མ་རྙེད་པའོ། །དེ་བཞིན་དུ་ལས་དང་པོ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་དེ་ལྟར་རྙེད་པར་མི་འགྱུར་པར་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གང་གི་ཚེ་འདུད་རྣམས་རྒྱལ་བ་སྐྱེད་མ་ལ་ཇི་ལྟར་བགེགས་བྱ་ཞེས་བརྩོན་པ་དང་ལྡན་པས་སྤྲོ་བར་འགྱུར་སྟེ་བར་ཆད་ལ་ཞུགས་ནས་གཅོད་པར་བྱེད་དོ། །དེ་བཞིན་དུ་ཡང་ཕྱོགས་བཅུའི་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པས་ཡུམ་ཡོངས་སུ་འཛིན་པ་ལ ་དགོངས་ཤིང་དེ་དག་ལ་མགོན་མཛད་པས་སྦྱོར་བ་དང་ལྡན་པས་ཐོབ་པར་འགྱུར་ཞེས་བྱ་བར་དགོངས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། བདུད་ཀྱི་ལེའུ་སྟེ་བཅུ་གཅིག་པའི་བཤད་པའོ།། །།དེ་ལ་བཅོམ་ལྡན་འདས་ཅིའི་ཕྱིར་དགོངས ་?་མཛད་ཅེ་ན། དཔེ་སྔོན་དུ་འགྲོ་བས་རྟོགས་པར་བྱ་བའི་ཕྱིར། མ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཞིག་བུ་མང་པོ་ཡོད་པ་ན་མན་པར་གྱུར་ན། དེ་ཀུན་ཡིད་མི་བདེ་ཞིང་རིམ་འགྲོ་ལ་སོགས་པའི་ཕྱིར་བྱས་པ་གཟོ་བས་བརྩོན་པ་ལ་རབ་ཏུ་སྦྱོར་བར་བྱེད་དོ། །དེ ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་ཀྱང་སྟེ། བཅོམ་ལྡན་འདས་རྣམས་ཀྱང་བདུད་ཀྱི་ལས་བསལ་བར་བྱ་བའི་ཕྱིར་བྱས་པ་བཟོ་བས་བརྩོན་པར་མཛད་ཅིང་ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད་དོ། །ཡོན ་ཏན་དང་སྐྱོན་བླང་བ་དང་དོར་བ་སྔོན་དུ་འགྲོ་བས་མཚན་ཉིད་ཤེས་པའི་སྒོ་ནས་ངེས་པར་བསྒོམ་པར་བྱ་བ་ཡིན་པས་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལ་རེ་ཞིག་མཚོན་པར་བྱེད་པ་གང་ཡིན་པ་བྱེད་པར་བསྒྲུབ་པར་བྱེད་པ་ཡོངས་སུ་འཛིན་པའི་ཤེས་པ་དང། ཁྱད་པར ་དང། བྱེད་པའི་དབྱེ་བས་མཚན་ཉིད་མཚོན་པར་བྱེད་པ་ནི་གསུམ་མོ། །དེའི་ལས་སུ་སྒྲུབ་པར་བྱེད་པ་རྟེན་གྱི་མཚན་ཉིད་དང་བཞིར་འགྱུར་རོ། །དེ་ལ་རེ་ཞིག་ཤེས་པའི་མཚན་ཉིད་ནི་ཀུན་མཁྱེན་གསུམ་གྱི་དབྱེ་བས་གསུམ་ཡོད་པ་ལས་ཐམས་ཅད་ཤེས་པའི་སྒོ་ནས་དེ་བཞིན ་གཤེགས་པ་འབྱུང་བ་ཤེས་པའི་སྒོ་ནས། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་ཞེས་བྱ་པ་ལ་སོགས་པ་རེ་ཞིག་བསྟན་པའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དག་འདས་པ་དང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་མགོན། གང་ཡིན་པ་ནི་བཅོམ་ལྡན ་འདས་སོ། །དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་འདི་ལས་བྱུང་བར་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་ཏེ། དེ་དག་བསྐྱེད་པ་དང། སྐྱེད་པ་དང་ལྡན་པ་དང། མ་འོངས་པ་ན་སྐྱེད་པར་འགྱུར་རོ། །སངས་རྒྱས་དེ་དག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོ་ན་ཉིད་གཟིགས་པས་འཇིག ་རྟེན་སྟོན་ཏོ། །ཡུམ་གྱི་བསྒྲུབ་ཅིང་བསྐྱེད་པར་མཛད་དེ། འགྲོ་བའི་སྤྱོད་པ་ཐུགས་སུ་ཆུད་པས་སེམས་ཅན་གཞན་གྱིས་སེམས་གྱི་སྤྱོད་པ་ཡང་དག་པར་སྟོན་ཏོ། །ཕྱིན་ཅི་མ་ལོག་པའི་ལམ་ལ་སྦྱོར་པའི་སྟོབས་དང་ལྡན་པ་དེས་དེ་བཞིན་གཤེགས་པ་རྣམས་བསྐྱེད་ནས་འཇིག ་རྟེན་སྟོན་པ་ལ་སོགས་པ་མཐོང་བས་ཇི་ལྟར་སྟོན་ཅེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་སེམས་ཅན་གྱི་ཁམས་གང་ཡིན་པ་སྒྱུ་མ་ལྟ་བུའི་དེ་བཞིན་ཉིད་དང། གང་ཡང་དགྲ་བཅོམ་པ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང། དང ་རྒྱལ་བའི་དེ་བཞིན་ཉིད་གང་ཡིན་པ་དང། རྒྱལ་སྲས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་གཅིག་པ་ཉིད་དེ་དངོས་བྲལ་ཏེ། རང་གི་ངོ་བོར་བྱེ་བྲག་མེད་པར་རྟོགས་པ་ནི་གཞན་མིན་ཏེ་དེ་བཞིན་ཉོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་རྩིར་མི་རྟོག་པའི་ཡེ་ཤེས་བརྙེས་ནས་སངས་རྒྱས་ཏེ ་གང་གི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྲིངས་རྣམ་པར་གྲོལ་བ་ཉིད་དུ་འཇིག་རྟེན་མི་གཟིགས་པར་འགྱུར་བ་མི་རིགས་ཏེ། གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གཞག་པར་མི་ནུས་པར་འགྱུར་པའི་ཕྱིར་རོ། །དེའི་རྗེས་སུ་ལམ་ཤེས་པའི་སྒོ་ནས་སྟོང་པ་ཉིད ་ལ་སོགས་པའི་ཤེས་པའི་མཚན་ཉིད་བསྟན་པའི་ཕྱིར། མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་པ་ནི་དེ་ལྟར་བྱུང་བ་ཉིད་དོ། །འཇིག་རྟེན་མཁས་པ་ནི་མ་འོངས་པའོ། །མྱ་ངན་ལས་འདས་ཀྱང་རུང་བ་ནི་འདས་པའི་བཅོམ་ལྡན་འདས་སོ། །?་ཕྱིར་ཆོས་ཉིད་སྐྱོན་མེད ་ཆོས་རྣམས་སྟོང་པ་འདི་གནས་ཏེ། ངེས་པར་ཆོས་ཉིད་ཀྱི་རང་བཞིན་ཡིན་གྱི་གཞན་གྱི་ཚད་མས་གནོད་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་རང་བཞིན་ཡིན་པའི་ཕྱིར་གྲོལ་བར་མི་རིགས་སོ། །དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་དོན་ཆོས་ཉིད་འདི་ལ་གནས་ཏེ། སྟོང ་པ་ཉིད་ལ་སོགས་པར་སྦྱོར་བའི་ཤེས་པའི་རང་བཞིན་བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་ཁོ་ན་ཉིད་རྟོགས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ཡང་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་ཐུགས་སུ་ཆུད་པས་དེའི་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་དང་རྒྱལ ་པའི་སྲས་ཞེས་བྱ་བ་ལ་སོགས་པར་མཚན་གསོལ་ཏོ། །གལ་ཏེ་དེ་ལྟར་སྟོང་པ་ཉིད་ལ་སོགས་པའི་ཡེ་ཤེས་ཡིན་ན། སེམས་ཅན་གྱི་དོན་ཇི་ལྟར་བྱེད་པ་བསྟན་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཐུན་མོངས་མ་ཡིན་པའི་ཆོས་ཉིད་རྟོགས ་པའི་སྤྱོད་ཡུལ་དུ་གྱུར་པས་སངས་རྒྱས་སུ་འཁྲུངས་པ་རྒྱལ་བའི་སྲས་རྣམས་ཤེས་རབ་ཀི་ཕ་རོལ་ཏུ་ཕྱིན་པ་དགའ་བའི་རི་བོའི་ཚལ་ལ་བརྟེན་ཏེ། ཤིན་ཏུ་མཐོ་པའི་རི་པོ་ལ་བརྟེན་པར་རིགས་པར་བྱའོ། །སྟོབས་བཅུ་རྣམ་འདྲེན་རྣམས་ཀྱི་སྤྱོད་ཡུལ་འདི་ཡིན་ཏེ། །འདི ་ལྟར་སྙིང་རྗེ་ཆེན་པོ་ལ་མངོན་དུ་ཕྱོགས་པར་གྱུར་པས་ཕྱིན་ཅི་ལོག་གི་སྐྱེ་བ་ལ་སོགས་པས་སྡུག་བསྔལ་བས་སེམས་ཅན་དམྱལ་པ་ལ་སོགས་པ་ན་ངན་སོང་གསུམ་དུ་སྐྱེད་པ་ལ་སྟོང་པ་ཉིད་ཀྱི་ཆོས་བསྟན་པས་བཏུལ་ནས་ཡོངས་སུ་འདོན་ཀྱང། སྟོང་པ་ཉིད་ཀྱི་ཡེ་ཤེས ་ཕུན་སུམ་ཚོགས་པས་སེམས་ཅན་དུ་འདུ་ཤེས་པར་དེ་དག་ནམ་ཡང་མི་འགྱུར་རོ། །དམིགS་པས་མངོན་པར་ཞེན་པ་མ་ཡིན་ནམ། སྟོང་པ་ཉིད་ཀྱི་ཆོས་བསྟན་པས་ཇི་ལྟར་འདུལ་བར་འགྱུར་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སེང་གེ་རི་སུ?་ལ ་ཕྱོགས་གཅིག་ལ་བརྟེན་ནས་འཇིགས་པ་མེད་པར་ནི་རང་ཉིད་འཇིགས་པ་དང་བྲལ་ཏེ། ཞུམ་པ་མེད་པར་གནས་ནས་རི་དགས་བྲ་མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། དེ་བཞིན་དུ་ཤེས་རབ་ཕ་རོལ་ཏུ་ཕྱིན་བརྟེན་ནས་ཏེ། དམིགས་པས་གནོད་པར་འགྱུར་བ་མེད་པ་ལ་བརྟེན ་ཏེ?། མེའི་སེང་གེ་བྱང་ཆུབ་སེམས་དཔས་ཚད་མས་གནོད་པ་མེད་པའི་སྟོང་པ་ཉིད་ལ་སོགས་པའི་ཆོས་བསྟན་པས་དམིགས་པས་འཇིགས་པའི་ཞུམ་པ་མེད་པར་མུ་སྟེགས་ཅན་མང་པོ་བདག་ཏུ་མངོན་པར་ཞེན་པ་ལས་མགྲོལ་བ་རྣམས་སྐྲག་པར་བྱེད་ཅིང་སྒྲ་ཡང་སྒྲོགས་ཤིང་འདུལ་བ ་ཡིན་ནོ། །དེའི་རྗེས་བ་རྣམ་པ་ཐམས་ཅད་མཁྱེན་པའི་སྒོ་ནས་ཉིད་ཀྱི་ཆོས་ལ་བརྟེན་ནས་ཞུགས་པ་ལ་སོགས་པའི་མཁྱེན་པའི་མཚན་ཉིད་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁར་གནས་པའི་ཉི་མའི་འོད་ཟེར་ནི་ས་འདི་སྙེམས་པར་བྱེད ་ཅིང་སྟེ། ཆུ་སྐམས་ནས་མུན་པ་བསལ་ཏེ། དངོས་པོ་ཐམས་ཅད་ཀྱི་གཟུགས་ཀྱང་རབ་ཏུ་སྟོན་པར་བྱེད་དོ། །དེ་བཞིན་དུ་སྦྱོར་བ་ལས་གོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གི་ཆོས་ཉིད་ལ་བརྟེན་ནས་བཞུགས་པ་ལ་སོགས་པའི་ཡེ་ཤེས་ཀྱི་རྟེན་ལམ་དམ་པ་ལས་ངེས་པར ་པ་ཞུ་ཨ་པ་ནི་ཆོས་རྒྱལ་ཏེ། བཅོམ་ལྡན་འདས་ཀྱིས་འཛིན་པ་མ་ལུས་པའི་སྲས་པའི་ཆུ་ཀླུང་སྐེམས་ཤིང་ཉིད་ཀྱིས་ངེས་པའི་ཆོས་ཉིད་རབ་ཏུ་སྟོན་ཏོ། །ཇི་ལྟར་ཆོས་ཉིད་སྟོན་ཅེ་ན། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་ལྔར་ཆོས་ཐམས་ཅད་འདུས་པས་གཟུཌ ་ཀྱང་ཡང?་འདིར་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་མི་མཐོང་ཞིང་ངོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། སེམS་པ་གང་ཡིན་པ་དང། གདལ་རྣམ་པར་ཤེས་པ་ཉིད་དང། དགེ་བ་ལ་སོགས་པའི་ཆོས་ཀྱི་བག་ཆགས་སེམས་ལ་བསགས་པ་དེ་ཡིས་གང་ཡང་རྗེས་སུ་མཐོང?་བ་མེད ་དོ། འདི་དག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཤེས་རབ་ཀྱི་མིག་གིས་མཐོང་བ་འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན་པས་དེས་ཕྱིན་ཅི་ལོག་བཟློག་གི་དམིགས་ཙུམ་པ་དང། དམུས་ལོང་ལ་སོགས་པ་ལྟར་རྐྱེན་མ་ཚར་བ་དང། བལྟ ་ན་སྙམ་པའི་ཡིད་ལ་བྱེད་པ་མེད་པས་མ་མཐོང་བ་ནི་ཡང་དག་པར་མཐོང་བ་ཞེས་མི་བྱ་སྟེ། དེ་ནི་འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལས་ལངས་ནས། དངོས་པོ་དང་དངོས་པོ་མེད་པ་ལ་མཚོན?་པར་ཞེན་པའི་རྩ་བ་རྣལ་འབྱོར་པ་དེའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ ་འབྱུང་བའི་ཕྱིར་རོ་སྙམ་དུ་དགོངས་སོ། །འདིར་ཅི་འདྲ་བ་མཐོང་བ་ཡིན་ཞེ་ན། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་ལ་རྫས་ཐམས་ཅད་ཀྱིས་དཔེན་པའི་ཕྱིར་མངོན་སུམ་དང། རྗེས་སུ་དཔག་པའི་ཡུལ་ལས་འདས ་པས་མཐོང་བ་མེད་ཀྱང་སེམས་ཅན་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡིན་གྱི། ཡང་དག་པ་དེ་ཁོ་ན་ཉིད་དུ་ནི་ནམ་མཁའ་མེད་པའི་ཕྱིར་གཅིག་ཏུ་གཟུགས་ཇི་ལྟར་མཐོང་སྟེ་མཐོང་པ་ཉིད་ཀྱང་མེད་དེ། དེ་བས་ན་དོན་འདི་བརྟག་པར་གྱིས། །རྣམ་པར་དཔྱད་པས་སོ། །དེ་པས་ན་ནམ་མཁའ་ ་ཞེས་བྱ་བ་ནི་ཐ་སྙད་དོ། །མཐོང་བ་མེད་པ་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་བ་ལྷག་མ་ཡིན་པར་རྟོགས་པར་བྱའོ། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན་ཏོ། །གང་གི་ཕྱིར་མཐོང་པ་མེད་པ་ནི་གཅིག་ཏུ་ངེས་པའི་རང་བཞིན་མཐོང་བར་བསྟན་པར་མི་ནུས ་ཏེ། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། འཇིག་རྟེན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའི་བཤད་པའོ།། །།ཤེས་པའི་རྣམ་པ་སྤྱིའི་རང་བཞིན་ཡོངས་སུ་ཤེས་པས་ཁྱད་པར་དུ་ཤེས་པར ་བྱ་དགོས་པས་ཁྱད་པར་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ཡང་ཉན་ཐོས་ལ་སོགས་པའི་ལམ་རྣམས་ཀྱི་ཁྱད་པར་གྱི་ལམ་གྱི་བདག་ཉིད་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི?་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ལ ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར། མཐོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བསམ་གྱིས་མེ་ཁྱབ་པ་དང། མི་མཉམ་པ་ཉིད་ལ་སོགས་པ་ན་ཡིད་ཀྱི་རྣམ་པ་རྣམས་ཡིད་ལ་བྱེད ་པས་ཡུམ་མཐོང་པ་ཡིན་པས་དེ་མཐོང་བ་ཐོབ་པ་གང་འདིར་སྤྱོད་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་ཁྱད་པར་གྱི་མཚན་ཉིད་ཀྱི་རང་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་འདིར་རབ་ཏུ་འབྲེལ་པའི་བྱ་བ་ཐམས་ཅད་དེས་ཡིན་ཏེ། རྒྱལ་པོ ་དང?་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད་ལྟར། །དེ་བཞིན་དུ་ཇི་སྙེད་པ་དང། སངས་རྒྱས་ཀྱི་སྒྲ་གང་ཡིན་པ་ཀུན་ལ་སྦྱར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང། རང་སངས་རྒྱས་ཀྱིས་མཛད་པའི་ཆོས་རྣམས་དང། དེ་བཞིན་དུ་ཉན་ཐོས་རྣམས་ཀྱི་བྱས་ཇི་སྙེད་པ ་དེ་དག་ཤེས་རབ་ཕ་རོལ་ཏུ་ཕྱིན་པས་བྱེད་དོ། །དེ་ཉིད་བསལ་བར་བསྟེན་པའི་ཕྱིར། །རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་པོའི་གྲོང་ནི་ལུས་འཕགས་ལ་སོགས་པའོ། །ཡུལ་ནི་མ་ག་དྷ་ལ་སོགས་པའོ། །འཁོར་ནི་རྒྱལ་པོའི་ཁབ་ལ་སོགས་པ་སྟེ། དེར་མི་འགྲོ་བར ་རྒྱལ་པོ་དེའི་རང་བཞིན་ཡུལ་མིས་འབྲུ་ཐམས་ཅད་ཀྱང་སྡུད་པ་སྟེ། བསྐྱེལ་བལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཉིད་གང་དུ་ཡང་མི་འགྲོ་ལ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཁྱད་པར་གྱི་ལམ་གྱི་རང་བཞིན་གྱི་སངས་རྒྱས་ཀྱི་སའི་ཡོན་ཏན ་ཐམས་ཅད་སྡུད་དོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསམ་གྱིས་མི་ཁྱབ་པའི་ལེའུ་སྟེ་བཅུ་གསུམ་པའི་བཤད་པའོ།། །།ཡང་གང་གི་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཁྱད་པར་ཅན་རྣམས་ཐོབ་ཅེ་ན། གང་ལ་ཞེས་བྱ་བ་ལ་སོགས ་བ་གསུངས་ཏེ། གང་གིས་སངས་རྒྱས་སུ་བྱེད་པའི་ཆོས་སངས་རྒྱས་ཞེས་བྱ་བ་ཡིན་པའི་ཕྱིར། བདེ་གཤེགས་མི་སངས་རྒྱས་ཀྱི་ཆོས་རྣམས་ཏེ། མི་མཐུན་པའི་ཕྱོགས་གྱིས་མི་ནོན་པའི་བྱང་ཆུབ་སེམས་དཔའ་ལ་དང་པ་བསྟན་པོ་ཡོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་མཆོག་ལ་བསམ་སྦྱོར་བ་སྟེ། མཆོག་ནི་ཆེན་པོ་ཡིན་པའི་ཕྱིར་རོ། །ཡང་དག་པའི་སྦྱོར་བ་ལ་རྗེས་སུ་གནས་པ་ཡོན་ན། དེའི་ཚེ་བདེན་པ་གཉིས་ཀྱི་རིམ་པས་ཞུགས་པ་ཡིན་པའི་ཕྱིར། ཉན་ཐོས་རབ་རྒྱལ་རྒྱུས་གཉིས་ཤིན་ཏུ་འདས་བྱས་ནས་བདུད་དང་མུ་སྟེགས་ལ་སོགས་པ? ་ཟིལ་གྱིས་མི་གནོན་པའི་རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུ་བྱད་པར་གྱི་མཚན་ཉིད་མྱུར་དུ་འཐོབ་བོ། །དད་པ་དང་ཤེས་རབ་ཡུལ་ལ་དག་ཏུ་བསྒྲུབ་པར་བྱ་བ་ཡིན་ནོ། ཞེས་བསྟན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་སྔོན་དུ་དད་པ་འགྲོ་?་ཡིན་ནམ། ཇི་ལྟར་ཤེས་རབ་ཀྱི་བྱ་བ ་ཡིན་ཞེ་ན། ལན་དུ་རྗེས་སུ་འགྲོ་བ་དང་ལྡོག་པའི་དཔེ་སྔོན་དུ་འགྲོ་བའི་སྒོ་ནས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྒྱ་མཚོར་འཇུག་པའི་གྲུ་ནི་ཆག་གྱུར་པ། །མི་གང་རོ་འམ་རྩ་འམ། ཤིང་ནི་མི་འཛིན་པ།། ་?་འཇིག་པར་འགྱུར་ཏེ་དོགས་སུ་ཕྱིན་མི་འགྱུར། །ཡང་གང་ཞིག་རོ་ལ་སོགས་པ་ལ་འཛིན་པ་དེ་ནི་བདེ་བར་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། དེ་ཐང་ལ་གནས་པར་དེ་ལྟར་དང་ལྡན་དང་བ་ཙམ་ཐོབ་པ་གང་ཞིག་གིས་ནི་ཤེས་རབ་ཕ་རོལ་ཕྱིན་ཡུམ་རྗེས་སུ་མི་འཇུག ་?། དམིགས་པ་ལ་སོགས་པ་མ་སྤངས་པས་འདོད་ཆགས་ལ་སོགས་པའི་སྡུག་བསྔལ་རྒལ་དཀའ་བའི་ཕྱིར་འཁོར་བའི་རྒྱ་མཚོ་སྟེ། འཁོར་བ་དེས་དུས་ཐམས་ཅད་དུ་གནས་ཏེ། དང་པ་ཙམ་དུས་ཕྱིན་ཅི་ལོག་མི་སྤོང་བའི་ཕྱིར་རོ། །སྐྱེ་བ་ནི་འབྱུང་པོའོ། །རྒ་བ་ནི་རྙིངས་པའི།། ་རང་གི་རིགས་འཐུན?་པའི་རྒྱུན་འཆད་པས་ན་འཆི་བའོ། །བུ་དང་བུ་མོ་ལ་སོགས་པ་དང་བྲལ་བས་ཡིད་མི་བདེ་བ་ནི་མྱ་ངན་ནོ། །དེ་དག་ཉིད་རླབས་ཏེ་གང་གི་ཕྱིར་དེ་དག་གི་རིམ་པ་ནི་རྒྱ་མཚོའོ། །དེ་ལ་དེ་སྐད་ཅེས་བརྗོད་དེ། དེ་བས་ན་སྦྱོར་ཞེས་བྱ་བའོ། །གང་ཞིག་དེ་ཡང་དད་པ ་སྟོབས་སུ་གྱུར་པས་ཤེས་རབ་ཕ་རོལ་ཕྱིན་མཆོག་གིས་ཟིན་པ་སྟེ། དངོས་པོ་རྣམས་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་དངོས་པོའི་རང་བཞིན་ལ་མཁས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་པ་ཡང་མཐོང་བའི་ཕྱིར་དག་དམ་པ་མཐོང ་པའོ། །དེ་བས་ན་དད་པ་དང་ཤེས་རབ་ཀྱི་སྟོབས་ལ་སོགས་པས་རིམ་པ་ཇི་ལྟ་བ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ནོར་ཀུན་རྫོབ་ཏུ་ཡོངས་སུ་རྫོགས་པ་ནི་གྲུབ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་རང་བཞིན་དེ་དག་དང་ལྡན་པ་ལ་དེ་སྐད་བརྗོད་དོ། །ཉན་ཐོས་ལ་སོགས ་པའི་ཡུལ་མ་ཡིན་པས་མཆོག་ཏུ་རྨད་བྱུང་བདེ་གཤེགས་བྱང་ཆུབ་མྱུར་དུ་རེག་།ཁྱད་པར་གྱི་མཚན་ཉིད་དོན་དུ་གཉིས་པས་གཉིས་པོ་རྒྱུན་མི་འཆད་པར་དམིགས་པར་བྱའོ་ཞེས་བསྟན་པར་རིག་པར་བྱའོ། །དམིགས་པ་དང་དམིགས་པ་མེད་པའི་དཔེས་རིམ་པ་ཇི་ལྟ་བ ་ཤེས?་དུ་རོས་འགའ་བྱེད་བ་དང། རྒྱུན་མི་འཆད་པར་བྱེད་པ་མི་མཐུན་པའི་ཕྱོགས་དང་གཉེན་པོ་གསལ་བར་བྱ་བའི་ཕྱིར་དེ་གཉིས་ཉིད་ཐོབ་པ་ནི་ཁྱད་པར་ཅན་གྱི་གཞིར་གྱུར་བ་སྔོན་དུ་འགྲོ་བ་ཡིན་པར་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ལ་ལ་རྫ་སོ་མ་བཏང ་?་སྐྱེད་ན། ཉམ་ཆུང་ཕྱིར་ན་མྱུར་དུ་འཇིག་པར་རིག་པར་བྱ་སྟེ། ཆུ་གཅུ་པར་མི་ནུས་པའོ། །སོ་བཏང་བུམ་པར་ཆུ་བསྐྱེད་ལམ་དུ་འཇིག་པ་ཡི། འཇིགས་པ་མེད་ཅིང་ཕྱི་མ་ལ་ཡང་སྦྱར་རོ། །བྱིན་པར་གྱུར་པ་ནི་བར་ཆད་ཀྱི་གནོད་པ་མེད་པར་གྱུར་པས་ཁྱིམ་དུ་བདེ་བར་རོ། །དེ་བཞིན་དུ་བྱང ་ཆུབ་སེམས་དཔའ་དང་པ་མང་གྱུར་ཀྱང། ཤེས་རབ་རྣམ་པར་ཉམས་ནས་གཉིས་སུ་ལྟུང་བས་མྱུར་དུ་མ་རུང་འགྱུར་རོ། །དད་པ་དེ་ཉིད་ཀྱིས་ཤེས་རབ་ཀྱི་དོན་ནི་ཆོས་རྣམ་པར་འབྱེད་པའི་མཚན་ཉིད་ཡོངས་སུ་ཟིན་གྱུར་ན་ཉན་ཐོས་ལ་སོགས་པའི་ས་གཉིས་ལས་ཤིན་ཏུ་འདས ་ཏེ་བྱང་ཆུབ་མཆོག་ཐོབ་འགྱུར། བུམ་པ་སོ་མ་བཏང་བ་དང་བཏང་བས་མི་ཐོབ་པ་དང། ཐོབ་པའི་ཆོས་ཀྱི་རྟེན་མ་ཡིན་པ་དང་རྟེན་དུ་གྱུར་བ་བསྟན་པར་འགྱུར་རོ། །རྟེན་གཞན་ཡང་དད་པ་ལ་སོགས་པ་ན་ཡིན་ནམ། ཅིའི་ཕྱིར་དེ་གཉིས་ཁོ་ན་གཙོར་བསྟན་ཅེ་ན། ལན་འདི་དཔེར ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཤིང་རྙིང་པ་དབྱུང་བ་ལ་སོགས་པའི་བཅོས་ལེགས་མ་བྱས་པའི་གྲུ་རྒྱ་མཚོ་ཆེན་པོར་ནོར་དང་བཅས་པར་འཇིག་པར་འགྱུར་རོ། །ཡང་གྲུ་ལེགས་པར་བཅོས་ལེགས་པར་བྱས་པ་དང། མཐུན་པའི་རླུང་དང་ལྡན་པར་བྱས་ན། ་མི་འཇིག་ནོར?་དང་བཅས་པ་དོགས་སུ་ཕྱིན་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་པས་ཡོངས་བཟུང་ཡང། ཤེས་རབ་མེད་ན་བླ་ན་མེད་པའི་བྱང་ཆུབ་དེ་ཐོབ་པར་འགྱུར་བ་ལས་ཉམས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དང་པོ་དེ་ཉིད་ཡོངས་བསྒོམས་པས? ་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལྡན་པ་ནི་བཟང་པོ་དང་ལྡན་པའོ། །དེ་ཉམས་ཤིང་གཞན་དུ་ལྟུང་བར་མི་འགྱུར་ཏེ། མ་རྨས་མ་ཉམས་པར་དེ་ཡང་རང་གི་ཐེག་པ་ལ་ཡང་དག་པར་ཞུགས་པའི་ཕྱིར་དེ་བཞིན་ཉིད་རྒྱལ་བ་རྣམས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་ཏེ། གཉིས ་གོ?་བོ་ནས་གྲུབ་བས་མ་ཚང་བ་མེད་པ་ཡིན་པ་ཤེས་པར་བྱའོ། །ཟག་ལྡན་བྱས་པ་དང་མ་བྱས་པའི་གྲུས་འགྲུབ་པ་དང་མི་འགྲུབ་པ་དང། ཚད་བ་དང་མ་ཆར་པ་ཤེས་པར་བྱ་བའི་ཕྱིར། དེ་གཉིས་ཁོ་ན་ཡོངས་སུ་བཟུང་བར་བྱའོ་ཞེས་བསྟན་པའི ་ཕྱིར། ལོ་བརྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས་བུ་གང་ཞིག་?་ཤིང་གཉེར་མ་དང་ལྡན་པས་འཁོགས་པ་ཟས་ལ་སོགས་པ་དང་མི་ལྡན་པས་སྡུག་བསྔལ་བ་ལོ་ང་རྒྱ་དང་ཉི་ཤུ་ལོན་པས་གང་གི་ཚེ་ཡང་ཇི་སྲིད་ན་སྟན་ལས་འདས་ཀྱང། དེ་བཞིན ་དུ་ཡང་རང་གིས་རྒྱད་གྲགས་བྱེད་མ། རྒྱད་གྲགས་སུ་གྲོགས་མེད་པར་ནུས་པ་མེད་པའི་ཕྱིར་འགྲོ་བར་ནུས་པ་མ་ཡིན་སྟེ། དེ་ནི་གཡས་གཡོན་གཉིས་ཀྱི་ལག་པ་གཉིས་མི་དག་གིས་བརྟེན་བྱས་པར་གྱུར་ན་དེའི་ཚེ་འགྱེལ་བའི་འཇིག་པ་མེད་ཅིང་སྲིད་དུ་འགྲོ་བར་བྱ ་བའི་གནས་སུ་བདེ་བླག་ཏུ་ཕྱིན་པར་འགྱུར། དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་ལ་འདི་ལྟར་རྨོངས་པས་སྟོབས་ཆུང་བ། གང་གི་ཚེ་ཡང་དང་པ་གྱིས་ཞུགས་པར་གྱུར་ཀྱང། འདི་ལྟར་ཡང་ཆོས་ཉིད་ཀྱིས་མ་བཟུང་ཞིང་བྲལ་ན་ཉན་ཐོས་ལ་སོགས་པའི ་ཡང་ལྟུང་བའི་བར་ཐོབ་པས་ཉམས་པར་འགྱུར་ཏེ་འཇིག་པར་འགྱུར་རོ། །དེ་ཉིད་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་ཉམས་ཏེ་དེ་བཞིན་གཤེགས་ཀྱི་སྟེ། ཁྱད་པར་གྱི་མཚན་ཉིད་རྟོགས་ནས་མིའི་དྲང་སྲོང་བཅོམ་ལྡན་འདས་ཀྱི་བྱང་ཆུབ་? ་འགྱུར་རོ། །དེས་ན་སྐྱེས་བུ་རྒས་པ་བརྟེན་པ་དང་མ་བརྟེན་པའི་དཔེས་ཤེས་རབ་དང་ཐབས་ལ་མཁས་པས་ཡོངས་སུ་བཟུང་པ་དང། མ་བཟུང་བ་དག་ཅི་རིགས་པར་འཁོར་བ་དང་མྱ་ངན་ལས་འདས་པར་ལྟུང་བ་དང། མི་ལྟུང་བ་དང་གསལ་བར་བྱས་པས་བསྟན་པའི་དོན ་རྟོགས་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་དཔེའི་ལེའུ་སྟེ་བཅུ་བཞི་པའི་བཤད་པའོ།། །།ཇི་སྐད་བསྟན་པའི་རིམ་བས་ཁྱད་པར་གྱི་ལམ་ཐོབ་ནས་དམིགས་པའི་?་མྱོང་བ་མེད་པར་དགེ་བའི་བཤེས་གཉེན་གྱི་སྟོབས ་ཀྱིས་བྱ་བ་མ་ཡིན་པ་མི་བྱེད་དོ་ཞེས་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། བྱང་ཆུབ་སེམས་དཔའ་དང་པོའི་ལས་ཅན་ནི་ཁྱད་པར་གྱི་མཚན་ཉིད་ལ་ཞུགས་པའི་ཕྱིར་དང་པོའི་ལས་ཏེ་ས?་གནས་པ་གང་ཡིན་པའོ། །དགེ་བ་འདོད་པའི་ཕྱིར་ལྷག ་པའི་བསམ་པའོ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ་བླ་མའི་སྐྱོན་མི་འཛིན་པའི་ཕྱིར་སློབ་མ་བཟང་པོ་དེ་ཆེར་གུས་པས་བླ་མ་ལ་གུས་ལྡན་ནོ། །དགེ་བའི་བཤེས་གཉེན་དུས་ཐམས་ཅད་དུ་བསྙེན་བཀུར་ལ་སོགས་པ་བྱས་པར་རིག་པར་བྱའོ། །སེམས་སྲུང་བར་ཤེས་པ་ནི ་མཁས་པའི། །ཅིའི་ཕྱིར་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱ་ཞེ་ན། ལན་དུ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དགེ་བའི་བཤེས་གཉེན་དེ་ལས་ཁྱད་པར་གྱི་མཚན་ཉིད་ཀྱི་ཡོན་ཏན་འབྱུང་བར་འགྱུར་སྟེ། དེས་གདམས་ངག་དང་རྗེས་སུ་བསྟན་པས་སློབ ་?་དམིགས་པའི་རོ་མྱང་བ་མེད་པས་མཁས་པའོ། །དགེ་བའི་བཤེས་གཉེན་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་སྟོན། དེ་བས་ན་སངས་རྒྱས་རྣམས་ནི་ཁྱད་པར་གྱི་མཚན་ཉིད་ཀྱི་རང་བཞིན་ནོ། །སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་ཡོན་ཏན་གྱི་མཆོག་དགེ་བའི་བཤེས ་གཉེན་ལ་བསྟེན་ཏོ་ཞེས་རྒྱལ་བ་དེ་བསྙེན་བཀུར་གསུངས་ངོ། །དེ་བས་ན་དེ་བསྙེན་བཀུར་བྱ་བ་ཡིན་པར་དགོངས་སོ། །དེ་དག་གིས་གདམས་ངག་དང་རྗེས་སུ་བསྟན་པ་ཅི་འདྲ་བ་ཞིག་ཅེ་ན། སྦྱིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ལ་སོགས་པའི་ཆོས་ཐམས་ཅད་བསྡུས་པའི ་རང་བཞིན་མི་དམིགས་པ་ལ་ཞུགས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལས་དང་བྱེད་པ་པོ་དང་བྱ་བ་མི་དམིགས་པས་ཡིན་སྟེ། རང་བཞིན་གཞན་དུ་འགྱུར་པའི་ཕྱིར་ས་དང་པོ་ལ་སོགས་པ་ལ་དམིགས་པའི་རོ་མྱང་བ་སྤངས་ནས་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་བསྔོ་བར་གྱིས་ཤིག ་པའོ། །བྱང་ཆུབ་ཕུང་པོ་ནི་ཟག་པ་མེད་པའི་འབྲས་པར་གྱུར་པ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའི་རིགས་པས་རྣམ་པར་གཞག་པ་དཔྱིད་ནས་ཕྱིས་རྣམ་པར་དཔྱད་པས་ངེས་པ་ན་འཛིན་པར་མ་བྱེད་ཅེས། དང་པོའི་ལས་ཅན་དེ་དག་ལ་རིགས་པས་ངེས་པར་སྐྱེ་མ་ལྟ་བུར་རྟོགས ་པའི་ཕྱིར་དང་པོ་རབ་ཏུ་སྦྱོར་བ་བསྟན་པ་དེ་སྐད་བསྟན་པར་བྱ་བ་ཉིད་དོ། །གཞན་དུ་ན་དད་པ་ཙམ་ཡང་མེད་པར་འགྱུར་རོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཤེས་པ་ཁྱད་པར་གྱི་མཚན་ཉིད་བསྟན་ནས། མཇུག་ཐོགས་གྱི་དོན་ཕུན་སུམ་ཚོགས ་པ་ལ་སྦྱོར་བ་རྣམས་ཀྱི་ཕན་པ་ལ་སོགས་པ་བྱེད་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཤེས་པའི་མཚན་ཉིད་ཡོངས་སུ་ཤེས་ནས་སྤྱོད་པ་རྣམས་བསྒོམས་པའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པའི་ཆོས་བསྟན ་པས་ས་འོངས་པའི་བདེ་བ་ཐོབ་པ་ནི་ཡོན་ཏན་ནོ། །ཡོན་ཏན་གྱི་ཚོགས་རྟོགས་པར་དཀའ་བའི་ཕྱིར་རྒྱ་མཚོའོ། །ད་ལྟར་གྱུར་བའི་བདེ་བ་ཐོབ་པས་དགའ་བའི་ཕྱིར་སྨྲ་བའི་ཟླ་བའོ། །ཡང་དག་པར་སྨིན་པར་མི་འགྱུར་བའི་ཕྱིར་ཆོས་ཉིད་ལ་འཇོག་པར་བྱེད་པའི་ཕྱིར་རོ་? ་པས་ན་སེམས་ཅན་གྱི་འཇིག་རྟེན་གྱི་སྐྱབས་སོ། །དེ་བཞིན་དུ་ཤིན་ཏུ་ཕན་པ་ཀུན་ནས་འབྱུང་པའི་རྟེན་ཡིན་པའི་ཕྱིར་དབུར་གཉེན་ནོ། །སྡུག་བསྔལ་ག་ཡི་རྒྱུ་སེལ་བའི་དོན་གྱི་རྟེན་དུ་འཇུག་པའི་ཕྱིར་གནས་སོ། །འཁོར་བ་དང་མྱ་ངན་ལས་འདས་མ་མཉམ་པར་རྟོགས་པའི ་ཀྱང་བར་དུ་འགྲོ་བས་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རྟེན་དང་བློའོ། །ཆུ་སྤངས་ནས་དམ་པའི་ཆོས་ཀྱི་སྐམས་མཛའ་གཉིས་སྤངས་པ་བདག་དང་གཞན་གྱི་དོན་ཐོབ་པའི་རྟེན་དུ་གྱུར་པ་སྟེར་བས་གླིང་ངོ། །སྣ་འདྲེསྣ་པར་གྱུར་པས་གཞན་གྱི་དོན་རབ་ཏུ་བསྐྱེད་པའི་ཕྱིར ་ཡོངས་སུ་འདྲེན་པའོ། །སེམས་ཅན་གྱི་དོན་ལ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པ་ཉེ་བར་སྡུད་པའི་ཕྱིར་དོན་འདོད་པའོ། །ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་པ་ཡང་མངོན་སུམ་དུ་མི་བྱེད་ཅིང་བྱང་ཆུབ་ཀྱི་ལམ་གསལ་བར་བྱེད་པས་ན་གསལ་བྱེད་སྟོན་མོད།། ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཏམ་གྱི་གཞི་དང་སྒོ་ཡིན་པའི་ཕྱིར་ཆོས་མཆོག་སྨྲ་བའོ། །དེ་ཉིད་ཀྱི་ཕྱིར་བདུད་དང་མུ་སྟེགས་ལ་སོགས་པས་འཁྲུག་པར་མི་ནུས་པས་ན་མི་འཁྲུགས་པའོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་བར་བྱེད་པ་རྣཾ་བྱ་བ་ཡིན ་པས་གང་གིས་དེ་ལྟ་བུའི་རང་བཞིན་ཡོངས་སུ་ཤེས་པས་ཅི་འདྲ་པའི་བདག་ཉིད་སྒྲུབ་པར་བྱེད་པའི་རང་བཞིན་བསྟན་པ་སྔོན་དུ་འགྲོ་བས་རང་གི་མཚན་ཉིད་བསྟན་པའི་ཕྱིར། གྲགས་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཆེ་བ་ཐེབ་པའི་ཕྱིར་གྲགས་ཆེན་ལྡན་བ་ནི་བྱང་ཆུབ ་སེམས་དཔའ་ཨོ། །སྡུག་བསྔལ་དང་དུ་ལེན་པའི་ཕྱིར་བྱ་དཀའ་བ་ལ་རབ་ཏུ་སྦྱོར་བའི་རང་བཞིན་ཅན་ནོ། །འབད་པས་སྒྲུབས་པའི་ཕྱིར་གོ་ཆའོ། །གང་བསྒོམ་པར་བརྩོན་པ་ནི་གོ་ཆ་གྲོན་བྱེད་དོ། །མི་མཐུན་པའི་ཕྱོགས་དམིགས་པ་མེད་པས་ཕུང་པོ་ལྔ་དང། སྐྱེ་མཆེད་བཅུ་གཉིས ་དང། ཁམས་བཅོ་བརྒྱད་རྣམས་ཀྱི་གོ་ཆ་མིན་ཏེ། གཉེན་པོར་མངོན་པར་ཞེན་པ་དང་བྲལ་བས་ཉན་ཐོས་ལ་སོགས་པ་ཐེག་གསུམ་འདུ་ཤེས་བྲལ་ལོ། །ཡང་དེ་ལྟ་བས་ན་དོར་བར་བྱ་བ་དང་བླང་པར་བྱ་བའི་ཆོས་ཡོངས་སུ་འཛིན་པ་དང་བྲལ་བའི་ཕྱིར་ཡོངས་སུ་བཟུང་བ་མེད་དོ། །རང ་གི་དོན་ཕུན་སུམ་ཚོགས་པ་ལས་ལྡོག་པ་མེད་པའི་ཕྱིར་མི་ལྡོག་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་མི་གཡོ་བའི་ཕྱིར་གཡོ་བ་མེད་ཅིང་ངོ། །གཉི་གའི་དོན་ཕུན་སུམ་ཚོགས་པ་ཇི་ལྟ་བ་བཞིན་དུ་བྱེད་པ་དང་མི་འབྲལ་བའི་ཕྱིར་མི་འཁྲུགས་ཆོས་ཅན་ནོ། །རང་བཞིན ་ཇི་ལྟ་བུ་ལ་སྦྱོར་ཞེ་ན། དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་འདི་འདྲ་ནི་སྟེན་པར་འགྱུར་པའོ། །སྦྱོར་བ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་པ་ལ་སོགས་པ་སྤངས་པའི་རང་གི་མཚན་ཉིད་ནི་ཆོས་ཉིད་ལྡན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པས་ན་སྤྲོས? ་པ་མེད་པའོ། །ཐེ་ཚོམ་དང། བརྫུན་དང། ཕྱིན་ཅི་ལོག་སྤངས་པས་ཐེ་ཚོམ་ཡིད་གཉིས་བྲལ་ལོ། །ཡང་དག་པའི་ཤེས་པ་ལྡན་པའི་ཕྱིར་དོན་ལྡན་ནོ། །ཤེས་རབ་ཕ་རོལ་ཕྱིན་པ་ཐོས་ནས་ཏེ། རྟོགས་པ་ཐོབ་པ་ནས་མི་ནུར་པའོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་དྲིད་མི་འཇོག་ཅིང་རང་གིས ་ལས་ལྡོག་པ་མེད་པས་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་ལྟ་བུར་གྱུར་པ་ནི་བདེ་བར་གཤེགས་པའི་གནས་པར་གྱུར་པ་སྤངས?་ནས་རྣམ་པ་ཐམས་ཅད་ཀི་རང་བཞིན་ཅུང་ཟད་ཀྱང་མངོན་སུམ་དུ་མི་བྱེད་དོ། །ཞེས་བསྟན་པའི་ཕྱིར་འདྲེན་པ་ཞེས་བྱ་བ་ལ་སོགས་ལ་གསུངས་ཏེ། ཆོས་འདི ་དག་གི་རང་བཞིན་སྒྱུ་མ་ལྟ་བུ་ཡིན་བའི་ཕྱིར་ཟབ་སྟེ་རྟོགས་པར་དཀའ་བ་ཉིད་ཀྱིས་མཐོང་བར་དཀའ་བ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བར་འབྲེལ་ཏོ། །གཞན་སུས་ཀྱང་སྟེ་ཉན་ཐོས་ལ་སོགས་པས་རྣམ་པ་ཐམས་ཅད་རྟོགས་པ་མེད་པས་ཅུང་ཟད་ཐོབ ་པ་ཡང་མེད་ཅིང། འཐོབ་པར་འགྱུར་བ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ལྟར་སེམས་ཅན་གྱི་དོན་གཙོར་མཛད་པས་དེ་བཞིན་གཤེགས་པ་ཉིད་ཞར་ལ་བསྙེས་པས་ན་བྱང་ཆུབ་བརྙེས་ཀྱང་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པས་ན་ཕན་མཛད་བརྩེར་ལྡན་ཏེ་བཅོམ་ལྡན་འདས ་སོ། །སྦྱོང་བའི་ངོ་བོ་རང་གི་མཚན་ཉིད་ལས་མ་གཏོགས་པའི་གྲོལ་བ་མི་རིགས་བའི་ཕྱིར་རོ། །སེམས་ཅན་གྱི་ཚོགས་སུས་ཀྱང་རང་གི་མཚན་ཉིད་ཀྱིས་ཆོས་བསྟན་པ་འདི་མི་ཤེས་ཏེ། འོན་ཀྱང་འདི་དག་ནི་དམིགས་པ་ལ་མངོན་པར་ཞེན་པའི་ཕྱིར་རོ་སྙམ་དུ་སེམས་ཅན་གྱི་དོན ་ལ་ཉེ་བར་སྦྱོར་བ་ལ་ཐུགས་ཁྲལ་ཆུང་བར་མཛད་དེ། དེ་བས་ན་ཆོས་བསྟན་པའི་ཐུགས་མ་འཁྲུངས་བ་དེ་ལྟ་བུ་ལ་ཡང་ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ཡིན་ནོ། །དེ་ལྟ་མོད་ཀྱི་སེམས་ཅན་གྱི་ཆོས་ཇི་ལྟ་བུ་དང་ལྡན་ཞེ་ན། སེམས་ཅན་རྣམས་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གང་གི་ཚེ་ཡང་སེམས་ཅན་རྣམས་ནི་འདོད་ཆགས་ལ་སོགས་པའི་གཞི་ལ་མངོན་པར་ཞེན་པ་སྟེ་ཉེས་པར་མི་ལྟ་བས་ན་དགའ་ཞིང་ངོ། །ཡུལ་རྣམས་འདོད་པ་ནི་དེ་ལ་ཡོན་ཏན་དུ་ལྟ་བའི་ཕྱིར་ཡིད་ལ་བྱེད་པ་མི་སྤོང་བས་འཛིན་པ་ལ་གནས་པའོ། །མི་ཤེས་པ ་དང་ལྡན་པས་ན་མི་མཁས་པའོ། །ཐེ་ཚོམ་གྱི་ཤེས་པ་ཡོད་པས་ན་བླུན་རྨོངས་པའོ། །ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་མུན་པ་བཞིན་ནོ། །འདི་ལྟར་ཡང་ངོ་བོ་ཉིད་ཀྱི་ཆོས་རྟགས་པ་ནི་འདོད་ཆགས་ལ་སོགས་པའི ་གཉེན་བོ་ཡིན་པའི་ཕྱིར་གནས་མེད་དོ། །ཤེས་བྱའི་སྒྲིབ་པ་རྩ་བ་ནས་མེད་པའི་ཕྱིར་འཛིན་མེད་དེ། ཐོབ་བར་བྱ་བའི་ཕྱིར་སངས་རྒྱས་ལ་སོགས་པ་དང། འཇིག་རྟེན་བ་ད་གཅིག་འདི་ལས་བཟློག་པ་མཚན་ཉིད་མི་མཐུན་པ་ཚད་མས་གནོད་པ་མེད་པའི་ཕུང་པོ་ལྔ་པོ ་བདག་མེད་པ་ཅིག་ཅར་བསྟན་ན་རྩོད་པ་འབྱུང་བས། རྒྱལ་པོའི་བཙུན་མོ་ཡིད་དུ་འོང་བ་ཤི་བ་བརྡ་སྤྲོད་པའི་ཚུལ་གྱིས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ལྷའི་ལེའུ་སྟེ་བཅོ་ལྔ་པའི་བཤད་པའོ།། །།འདི་ལྟར་གང་གི་ཚེ་སེམས་ཅན་ཐ་དད་བར་ཤེས་བས་ཐ་དད་བར ་རྟོགས་པའི་ཕྱིར་སྤྱོད་པའི་རང་བཞིན་བྱེ་བྲག་ཏུ་འགྱུར་ཞེ་ན། ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁའ་ཨི་ཁམས་ནི་ཤང?་གྱི་ཕྱོགས་དང། དེ་བཞིན་དུ་ལྟོའི་ཕྱོགས་དང། ནུབ་ཀྱི་ཕྱོགས་དང། བྱང་ཕྱོགས་དང། སྟེང་དང་འོག་དང་མཚམས་བཞི་དང་བཅུའི ་རང་བཞིན་དང། མཐར་ཐུག་པའི་མཐར་བྱེད་པས་ན་མཛའ་ཡས་བའོ། །དེ་བཞིན་དུ་ཕྱོགས་བཅུ་རྣམས་ན་ཡང་ནམ་མཁའ་ཡོད་པ་དེའི་སྤྱོའི་མཚན་ཉིད་དང་བྲལ་བའི་ཕྱིར་ཐ་དང་བར་གྱུར་བ་མེད་ཅིང་ངོ། །རང་གི་མཚན་ཉིད་དང་བྲལ་བས་ཡང་བྱེ་བྲག་ཏུ་གྱུར་བ་མེད་དོ། །འཇིག ་རྟེན་པ་ལ་གྲགས་པའི་དཔེས་བསྟན་ནས། འཇིག་རྟེན་ལས་འདས་བའི་དཔེས་ཤེས་བར་བྱ་བའི་ཕྱིར། འདས་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པ་དང། འདས་བའི་དངོས་པོའི་དེ་བཞིན་ཉིད་གང་ཡིན་པ་དང། མ་འོངས་པ་སྟེ། མཐོབ་པའི་དེ་བཞིན་ཉིད་གང་ཡིན ་པ་དང། ད་ལྟར་སྟེ། ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང། དགྲ་བཅོམ་པ་སྟེ། ཟག་པ་ཟད་བའི་དེ་བཞིན་ཉིད་གང་ཡིན་པ་དང། དེ་དག་ལས་བཟློག་བའི་ཆོས་ཀུན་གྱི་དེ་བཞིན་ཉིད་གང་ཡིན་པ་དང། གང་ཡང་རྒྱལ་བའི་དེ་བཞིན་ཉིད་གང་ཡིན་པ་དང། བསྟན་མ་ཐག ་བའི་ཆོས་ཐམས་ཅད་ཀྱི་བདག་ཉིད་དེ་བཞིན་ཉིད་ལས་རྣམ་པར་གྲོལ་བ་ཐ་དད་པ་མེད་དེ། བྱེ་བྲག་ཏུ་གྲུབ་པའི་ཚད་མ་དང་བྲལ་བའི་ཕྱིར་བྱེ་བྲག་ཏུ་མི་འགྲུབ་པོ། དེ་བཞིན་དུ་སྦྱོར་བའི་རང་བཞིན་མངོན་སུམ་དུ་བྱས་པ་མང་ཡང་གཅིག་ཁོ་ན་ཡིན་པར་དགོངས་སོ། །ཇི་སྐད་བསྟན་པའི ་མཚན་ཉིད་ཡོངས་སུ་ཤེས་པ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པས་ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྟན་པར་བཞེད་ནས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་རང་གི་མཚན་ཉིད་ཡོངས་སུ་ཤེས ་པ་ལས་མངོན་སུམ་དུ་ཐོབ་པར་འདོད་པ་ཐམས་ཅད་མི་དམིགས་པ་འདི་ནི་བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་བས་གྱུར་པ་དེས་མཚན་མ་མེད་པའི་ཡེ་ཤེས་དམིགས་པ་མེད་པའི་རྣམ་པ་ཅན་གྱི་སྦྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ ་བའི་ཕྱིར་དང་བ་རབ་ལ་སོགས་པའི་ཆོས་དང་ལྡན་པ་ནི་ཐབས་དང་ལྡན་པའོ། །དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ནི་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར་རོ། །གང་གི་ཕྱིར་ཤེས་རབ་མེད་པ་ནི་ཉེ་བར་མཚོན་པ་སྟེ། དད་པ་རབ་ལ་སོགས་པ་མེད་པ་ན་ཡང་མིའི་འདྲེན་པ ་ཐོབ་པར་འགྱུར་བ་མ་ཡིན་ནོ། །སངས་རྒྱས་ཐོབ་པར་བྱེད་པ་གཞན་ཡང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་ཐབས་དང་ཤེས་རབ་གཉིས་ཁོ་ན་བསྟན་ཅེ་ན། ལན་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། བྱ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བྱ་ཞིག་དཔག་ཚད་བརྒྱ་ལ་སོགས ་བའི་ལུས་ཆེ་བ་ནི་དཔག་ཚད་བརྒྱ་རྩ་ལྔ་བཅུ་ཐོབ་པར་གྱུར་བའོ། །འདབ་གཤོག་མ་སྐྱེས་ཤིང་ཉམ་ཆུང་བ་ནི་འདབ་གཤོག་ཟད་དེ་ཉམས་རྩལ་ཡོད་མིན་ནའོ། །དེ་ཡིས་སུཾ་ཅུ་རྩ་གསུམ་བའི་གནས་ལ་སོགས་པ་ནས་འཛམ་བུའི་གླིང་འདིར་གནས་པར་བྱའོ་སྙམ་ནས། གང་གི་ཚེ་བདག ་ཉིད་མཆོངས་ནས་ལྟུང་བ་དེའི་ཚེ་དེའི་འདབ་གཤོག་མ་ཚངས་བས་ཉམ་ཉེས་འགྱུར་བ་ཡིན། དེ་བཞིན་དུ་གང་གི་ཆེ་ཡང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་རྒྱལ་བ་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ཡོངས་སུ་རྫོགས་པར་བསྒྲུབ་པར་བྱས་ཤིང་སྨོན་ལམ ་རྣམ་པ་དུ་མའི་ཕྱིར་མཛའ་ཡས་པའོ། །ཤིན་ཏུ་རྒྱ་ཆེ་བའི་ཆོས་ལ་དམིགས་པའི་ཕྱིར་རྒྱ་ཆེན་ནོ། །གོམས་བར་བྱས་པ་ན་རྟག་རྟེན་ནོ། །དེ་བཞིན་དུ་སྔར་ཡང་བསྟན་པའི་ཐབས་དང་བྲལ་བས་ན་ཐབས་མེད་དོ། །ཇི་སྐད་བསྟན་པའི་ཤེས་རབ་སྤངས་པས་ཤེས་རབ་བྲལ་ལོ། །གཤོག་པ ་གཉིས་པོ་དེ་མ་ཚང་བས་ཉན་ཐོས་ཉིད་དུ་ལྟུང?་ངོ། །དེ་བས་ན་བླ་ན་མེད་པའི་ས་ལས་ཉམས་བར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་ཁོ་ན་གཙོ་བོ་ཡིན་པར་གསལ་བར་མཛད་དོ། །ཐར་པའི་ཆ་དང་མཐུན་པ་ཐོབ་ནས་བརྩོན་པ་གང་ཡིན་པ་ལ་ངེས་བར་འབྱེད ་པའི་ཆ་དང་མཐུན་བ་སྐྱེ་བས་ངེས་པར་འབྱེད་པའི་ཡན་ལག་བསྟན་པ་བཞེད་ནས། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲོ་བ་ལ་སོགས་པ་ནི་ངེས་པར་འབྱུང་ངོ། །ཡང་བྱང་ཆུབ་སེམས་དཔའ་གང་ཞིག་ཡང་དག་པར་སངས་རྒྱས་ཀྱིས?་ཡེ་ཤེས་འདོད་པ་དེས་ཐོག་མར་དྲོ ་པ་བསྐྱེད་བའི་ཕྱིར་རྗེས་སུ་ཆགས་པས་ཞེན་པ་མེད་པར་སེམས་སྙོམས་པའོ། །འདིར་འགྲོ་བ་ཐམས་ཅད་ལ་དམིགས་པའི་རང་བཞིན་ཡིན་པས་ཕ་རོལ་གནོན་པའོ། །ཕར་འདུ་ཤེས་པའི་ཕྱིར་ཕར་འདུ་ཤེས་པའོ། །མར་འདུ་ཤེས་པའི་ཕྱིར་མར་འདུ་ཤེས་པའོ། །མ་འོངས ་པའི་དོན་ཤེས་པའི་ཕྱིར་ཕན་པའི་སེམས་སོ། །ད་ལྟར་བྱུང་བའི་དོན་ལ་ཡིད་མངོན་དུ་ཕྱོགས་པའི་ཕྱིར་བྱམས་པའི་སེམས་ཀྱི་ཕ་རོལ་གནོན་པའོ། །ཞེ་སྡང་དང་འཚེ་བ་མེད་པས་ཐབ་མ་ལུས་པར་བྱེད་པའོ། །སྤུན་དང་སྲིང་མོ་ལ་སོགས་པར་འདུ་ཤེས་པའི་ཕྱིར་དྲང་བས ་ཕ་རོལ་གནོན་པའོ་ཞེས་སྔ་མ་དང་འབྲེལ་ཏོ། །རྩེ་མོ་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་བདག་ཉིད་སྒྲུབ་ཅིང་གཞན་དག་ཀྱང་དགེ་བ་ལ་སྦྱོར་ཞིང་རྟག་ཏུ་འཇམ་པོས་འབོད་པས་འཇམ་པོར་སྨྲ་བའོ། །འདིར་ཁྱད་པར་གྱི་ལམ་གྱི་རང་བཞིན་མ་ཡིན་ནམ། ངེས་པར་འབྱེད་པའི ་ཆལ?་སོགས་པ་བསྟན་པར་ཇི་ལྟར་རིགས་ཞེ་ན། ས་བརྒྱད་པ་ལ་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་ཐོབ་པས་རེ་ཞིག་གི་དུས་སུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་སྤང་བའི་ཕྱིར་གང་སེམས་མཉམ་པ་ལ་སོགས་པའི་རྣམ་པ་སྒྱུ་མ་ལྟ་བུ་དེས་སེམས་ཅན་ལ་དམིགས་པ་ལ ་སོགས་པ་ཁྱད་པར་གྱི་ལམ་ཉིད་རྟུལ་པོ་ལ་སོགས་པའི་རིམ་གྱིས་སྐྱེ་བ་ཡིན་གྱི་ཅིག་ཅར་མ་ཡིན་ནོ་ཞེས་བསྟན་བའི་ཕྱིར་ངེས་པར་འབྱེད་བའི་ཆ་ལ་སོགས་བར་བཏགས་ནས་འདིར་བསྟན་པ་ཡིན་པར་གཟུང་བར་བྱའོ། །ཕྱི་མ་རྣམས་ལ་ཡང་ཇི་ལྟར་སྲིད་པ་བཞིན་རིག་པར ་བྱའོ་ཞེས་བྱ་པར་དགོངས་སོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བཅུ་དྲུག་པའི་བཤད་བའོ།། །།ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཇི་སྐད་བསྟན་པའི་ངེས་པར་འབྱེད་པའི་ཆལ་སོགས ་པ་དང། མཐོང་བའི་ལམ་ལ་སོགས་པ་ལ་གནས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་ཡིན་པར་བསྟན་ཏོ། །དེ་ཡང་སྦྱོར་བའི་ལམ་ནི་ངེས་བར་འབྱེད་པའི་ཆལ་གནས་པའོ། །དེ་བཞིན་དུ་མཐོང་བའི་ལམ་ལ་གནས་པ་དེ་ནི་ཆོས ་ཤེས་པའི་བཟོད་པ་ལ་སོགས་པའོ། །རྒྱུན་གཞན་ནི་སྒོམ་པའི་ལམ་ལ་གནས་པ་ཡིན་ནོ་ཞེས་གནས་སྐབས་དུ་མང་རྣམ་པར་གཞག་གོ་།དེ་ལ་ཕྱིར་མི་ལྡོག་པའི་སྤྱིའི་མཚན་ཉིད་ཞུས་པ་ནི་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་མགོན་ལ་གནས ་བརྟན་རབ་འབྱོར་ཡོངས་ཞུས་པ། །ཅི་བདག་དང་གཞན་གྱི་ཐེ་ཚོམ་བསལ་ནས་མ་འཁྲུལ་བར་གྲུབ་པའི་རྒྱུ་མཚན་ཉོན་མོངས་པ་མེད་པའི་རྟགས་ཏེ་ལུས་ཀྱི་རྟགས་སོ། །དེ་ནི་འདིར་ཉེ་བར་མཚོན་པ་ཡིན་ཏེ། རྣམ་པ་ནི་གཉེན་པོ་ཡིན་པར་གཟུང་ངོ། །མཚན་མ་ནི ་དགོས་པ་གནས་པའོ། །ཡོན་ཏན་དཔག་ཏུ་མེད་པའི་རང་བཞིན་གྱི་སྐུ་མངའ་བའི་ཕྱིར་ཡོན་ཏན་ཕྱོགས་ཙམ་མོ། །དུས་གཅིག་པ་བཅོན་ལྡན་འདས་ཁྱོད་ཀྱིས་བསྟན་དུ་གསོལ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སྦྱོར་བའི་ཕྱིར་མཐུ་ཆེ་བ་དག་གོ། །བྱང ་ཆུབ་སེམས་དཔའ་རྟགས་ལ་སོགས་པ་དང་ཇི་ལྟར་ལྡན་པར་འགྱུར་ཞེས་སོ། །རྒྱལ་བའི་སྲས་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་པ་མེད་པར་འགྱུར་བ་ནི་སླར་ལྡོག་པར་མི་འགྱུར་རོ། །དེ་ལྟར་ན་རྟགས་ལ་སོགས་པའོ། །གཉེན་པོའི་མི་མཐུན་པའི་ཕྱོགས་ཡིན ་པའི་ཕྱིར་གཟུགས་ལ་སོགས་རྣམས་ལོག་པ་ནི་ཡོན་ཏན་ཕྱོགས་ཙམ་མོ། །བསལ་བར་རྟོགས་པའི་ཆེད་དུ་ཀྱེ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ་ཞེས་པའོ། །དེ་ལ་དེ་ཞིག་ངེས་བར་འབྱེད་པའི་ཆ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་པར་བཞེད ་ནས་ཅི་རིགས་པར་ལྡན་ཚིགས་སྨྲའོ། །བྱང་ཆུབ་སེམས་དཔའ་དེ་དགེ་སྦྱོང་སྐྱེ་བོ་ལ་སོགས་པ་དགེ་སྦྱོད་དང་བྲམ་ཟེ་ལ་སྐྱབས་སུ་འགྲོ་བ་དང། ཉན་ཐོས་ལ་སོགས་པ་ལ་རྟེན་པར་མི་བྱེད་དོ། །ལོག་པར་ལྟ་བ་ལ་སོགས་པ་སྤངས་ཏེ་དོར་བར་བྱ་བ་དང། བླང་བར་བྱ་བའི ་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་ནམ་མཁས་པའོ། །ངན་སོང་གསུམ་ནི་ཉེ་བར་མཚོན་པ་སྟེ། མི་ཁོམ་བ་བརྒྱད་སྤངས་ཏེའོ། །རྟག་ཏུ་ནི་འཇིག་རྟེན་འདིར་རོ། །དེ་དག་བདག་དང་གཞན་གཉིས་ཀ་གཅིག་ཏུ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་བོ་རྣམས་ལ་འགོད་ཅིང་རྒྱལ་བའི ་སྲས་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པས་བརྩོན་པའོ། །སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་སྦྱིན་པ་ལ་སོགས་པ་ཡོངས་སུ་བསྔོ་ཞིང་འབྲས་བུ་ལ་སོགས་པ་ལ་ལྟོས་པ་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་མེད་པར་འགྲོ་བ་ལ་ཆོས་ཀྱི་སྤྱིན་པ་རྗེས་སུ ་སྟོན་ཏོ། །ཡང་ཆོས་ཟབ་མོ་ལ་ཐེ་ཚོམ་མེད་པར་གཅིག་ཏུ་སྒྱུ་མ་ལྟ་བུའི་ཆོས་ངེས་པས་ན་དགའ་ཞིང་ངོ། །བྱམས་བའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པས་སྙན་པར་སྨྲ་བས་ཚིག་འཇམ་ལྡན་ནོ། །འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན་ཏེ། ་རབ་ནི་ཡང་དག་པ་སྟེ། དེ་ནི་བསལ་བའི་རབ་ཀྱི་མཐར་ཐུག་པར་འགྲོ་བས་ཤེས་པའོ། །ཤེས་བཞིན་གྱི་སྲོག་ཆགས་ལ་སོགས་པ་མཐོང་ནས་གསལ་བའི་ཕྱིར། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་བའོ། །སྤྱོད་ལམ་ཐ་དད་པའི་གཡེང་བ་མེད་པའི་ཕྱིར་སེམས་?་མེད ་དོ། །མི་དགེ་བ་བཅུའི་ལས་སྤངས་པས་ན་གཙང་བྱས་སོ། །སྣ་ཚོགས་པའི་གོས་བཟང་པོ་འབྱོར་བས་ན་གཙང་མའི་གོས་འཆང་ངོ། །མཚན་ལ་སོགས་པས་བརྒྱན་པའི་ལུས་དང་ངག་དང་ཡིད་རྣམ་པར་དགེ་བ་ཐོབ་པས་ན་གསུམ་པོ་དབེན་ཞིང་དག་པའོ། །སེར་སྣ་ལ་སོགས་པའི ་སེམས་མི་བསྐྱེད་བས་ན་རྙེད་འདོད་མ་ཡིན་པའོ། །ཐམས་ཅད་དུ་ཆོས་ཉིད་དང་འགལ་བའི་སྦྱོར་བ་མི་བྱེད་བས་ན་ཁྱུ་མཆོག་གོ། འགྲོ་བ་ལ་རྗེས་སུ་བརྩེ་བའི་ཕྱིར་དམྱལ་བ་ལ་སོགས་བར་སྐྱེ་བར་འདོད་པས་ན་རྟག་ཏུ་ཆོས་འདོད་པའོ། །རྟོག་པས་ཆོས་ཉིད་ལ་ཡིད་ཆེས་པའི་ཕྱིར ་བདུད་ཀྱི་ཡུལ་ལས་འདས་པའོ། །བདུད་བཅོམ་པའི་གཟུགས་ངེས་པར་ཤེས་པས་ན་གཞན་གྱི་དྲིང་མི་འཇོག་པ་དང། སངས་རྒྱས་ཀྱིས་གནང་བའི་བསམ་གཏན་བཞི་ལ་བསཾ་གཏན་དེ་ལ་མི་གནས་སོ། །ངེས་པར་འབྱེད་པཱི་ཆལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་རྗེས་ལ་ཆོས་ཉིད་གོམས ་པར་བྱས་པས་མཐོང་བའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རྟོགས་པ་ཡང་ལུས་དང་དག་དང་ཡིད་ཀྱི་བྱ་བར་བརྗོད་པ་ལས་ཡིན་པར་བསྟན་པར་བཞེད་ནས། གྲགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས ་པའི་འདུ་ཤེས་ལས་ལོག་པས་ན་གྲགས་པ་འདོད་པ་མ་ཡིན་ནོ། །ཐེག་པ་ཆེན་པོ་ལ་ཞུགས་པ་ཉིད་ཀྱིས་ཉེས་པ་ཐམས་ཅད་མེད་པའི་ཕྱིར་ཁྲོ་བས་སེམས་དཀྲུགས་མེད་དོ། །བདག་མེད་པ་རྟོགས་པ་དང་སེམས་ཅན་གྱི་དོན་ལ་ཐབས་མཁས་པའི་སྟོབས་ཀྱིས་ཁྱིམ་པར ་གྱུར་ན་ཡང་མངོན་པར་ཞེན་པ་མེད་པར་ལོངས་སྤྱོད་པར་བྱེད་དེ། དུས་ཐམས་ཅད་དུ་ཡུལ་གྱི་ཉེས་པ་མཐོང་པས་ཚངས་པར་སྤྱོད་པ་ཡིན་པའི་ཕྱིར་ཞེན་པ་མེད་པས་དངོས་པོ་ཀུན་མ་ཆགས་སོ། །སྐྱེས་བུ་དམ་པའི་ཆོས་ཉིད་ཀྱིས་འཚོ་བའི་ཕྱིར་ཡ་ང?་བས་ཉོ?་ཚོང་ལ་སོགས་པར ་ལོངས་སྤྱོད་འཚོ་བར་མི་བྱེད་དོ། །དེ་བཞིན་དུ་སེམས་ཅན་ལ་གནོད་པའི་དོན་དུ་ཙ་མུན་ཏི་ལ་སོགས་པའི་མངོན་སྤྱོད་ཀྱི་སྔགས་དང་སྨན་པའི་ཕྱིར་འདོད་པའི་ལྷ་ལ་སོགས་པའི་སྔགས་བུད་མེད་སྐྱེས་བུས་དབང་དུ་སྡུད་པའི་སྦྱོར་སྔགས་ཚོལ་མི་བྱེད་ཅེས་བྱ་བར་སྦྱར་རོ།། ་འདོད་པའི་ལས་ཅན་དེ་བྱས་པར་གྱུར་བས་སྐྱེས་བ་འམ་བུད་མེད་དུ་ངེས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལུང་སྟོན་པར་མི་བྱེད་དོ། །བདེན་པ་གཉིས་ལ་བརྟེན་པའི་ཕྱིར་རབ་ཏུ་དབེན་པའི་ཤེས་རབ་ཕ་རོལ་ཕྱིན་མཆོག་བརྩོན། །ལུས་དང་ངག་གི་ཁྲོ་བ་དང ་བྲལ་བའི་ཕྱིར་འཐབ་དང་རྩོད་དང་བྲལ་ལོ། །སེམས་ཅན་ཐམས་ཅད་ལ་བདེ་བ་ཕུལ་དུ་བྱུང་བ་བསྐྱེད་པའི་སེམས་དང་ལྡན་པའི་ཕྱིར་བྱམས་པའི་སེམས་ཀྱང་བརྟན་ཏོ། །སྟོང་པ་ཉིད་ལ་གནས་པའི་ཕྱིར་ཀུན་མཁྱེན་འདོད་དོ། །ཆོས་ཅུང་ཟད་ཀྱང་དམིགས་པ་མེད་པས ་རྟག་ཏུ་བསྟན་པ་ལ་གཞོལ་སེམས་ལྡན་ནོ། །རང་འདོད་པའི་སྐྱེ་བ་དེར་སྐྱེ་བ་འཐོབ་པས་མཛའ་འཁོབ་ཀླ་ཀློའི་སྐྱེ་བོའི་ཡུལ་མཛའ་རྣམ་པར་སྤངས། རྣམ་པར་སྤངས་ཀྱི་སྒྲ་ཕྱི་མ་དང་ཡང་འགྲེལ་བའི་ཕྱིར་ཡུལ་མཛའ་རྣམ་པར་སྤངས་ཏེ་ཡུལ་ལ་མཛའ་ཨོ། །མངོན ་པར་ཡིད་ཆེས?་པས་ངེས་པ་བསྐྱེད་པའི་ཕྱིར་ཀུན་མཁྱེན་གསུམ་གྱི་བདག་ཉིད་ནི་རང་གི་ས་ལ་ཐེ་ཚོམ་མེད་པས་ན་དོགས་མེད་དེ། དེས་པའི་རང་བཞིན་ལ་གནས་པས་རྟག་ཏུ་རི་རབ་འདྲའོ། །མཆོག་ཏུ་གཞོལ་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཆོས་ཀྱི་ཕྱིར ་བར་མས་ནས་སྟོང་བ་ནི་སྲོག་ཀྱང་འདོར་ཞིང་ངོ། །ཚད་མ་དང་ལྡན་པའི་ཡིད་ལ་བྱེད་པའི་ཕྱིར་རྣལ་འབྱོར་རབ་ཏུ་བརྩོན་ནོ། །འདིར་ཕྱིར་མི་ལྡོག་པའི་ཕྱོགས་ཙམ་ཞིག་བརྗོད་དོ། །དེ་ཡང་རྒྱུ་ཚོགས་པ་ཡིས་འབྲས་སྐྱེ་བར། རྗེས་སུ་དཔོག་པ་གང་ཡིན་པ། དོན་གཞན་ལ ་ནི་མི་བསྟོད?་ཕྱིར། དེ་ནི་རང་བཞིན་ཡིན་པར་བརྗོད་ཅེས་བྱ་བའི་རིགས་པས་འདིར་བསྟན་པའི་རྟགས་ཀྱང་ཤེས་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཕྱིར་མི་ལྡོག་པའི་རྣམ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ལྟར་བསྒོམས་པའི ་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་སྟོན་པ་ན་ཁྱད་པར་མ་རྟོགས་པར་ཁྱད་བར་གྱི་གཞི་རྟོགས་པར་མི་འགྱུར་བས་ན་རིགས་པ་འདིས་བསྒོམ་པའི་ལམ་ལས་རེ་ཞིག་ཁྱེད་པར་བསྟན་པའི་ཕྱིར། གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེ ་བཞིན་ཉིད་ཟབ་པ་དེ་བཞིན་དུ་དེ་ཁོ་ན་ཉིད་དུ་གཟུགས་མ་སྐྱེས་པས་ཟབ་པོ། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། སེམས་པ་དང་རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ཉིད་འདིས་ཟབ་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་གཟུགས་ལ་སོགས་པར་མེད་དེ། ་སྒྲོ་གཏགས་པའི་ཕྱིར་མེད་དོ། །དེ་བཞིན་དུ་ཀུན་རྫོབ་པའི་གཟུགས་ལ་སོགས་པ་དེ་དག་ཀྱང་ཐ་མལ་བའི་རང་བཞིན་རིགས་པས་མཚན་མ་མ་ལུས་པ་སྤངས་པས་མཚན་མ་མེད་པའོ། །བསླད་པ་ཐམས་ཅད་ཞི་བས་ན་རབ་ཞི་བའོ། །འདིས་ནི་ཡང་གཟུགས་ལ་སོགས་པ ་དེ་བཞིན་ཉིད་ལས་གཞན་མ་ཡིན་པས་སྐུར་པ་འདེབས་པ་དགག་པ་ཡིན་ནོ། །དཔེར་ན་འགའ་ཞིག་ཚད་མ་རྟོགས་པ་ན་མདའའཕངས་པས་རྒྱ་མཚོའི་གཏིང་ལ་ཐུག་པའི་ཚད་ཚོལ་བ་ལྟར། དེ་བཞིན་དུ་ཤེས་རབ་ཀྱི་ནི་སྒྲོ་འདོགས་པ་དང། སྐུར་བ་འདེབས་པའི་མཛའ་དང་བྲལ་ ་ངེས་བར་བརྟགས་ན་གང་གི་ཕྱིར་བརྟགས་པས་གཏིང་ཡོད་པ་མི་རྙེད་པས་ཟབ་མོ་དང་ལྡན་པ་ནི་ཟབ་པ་སྟེ། བསྒོམ་པའི་ལམ་ཡིན་ཞེས་བསྟན་པར་འགྱུར་རོ། །ཁྱད་པར་བསྟན་པ་འདི་ཉིད་རྗེས་སུ་བསྟན་པ་དང་བཅས་པ་ཁྱད་པར་ཅན་བསྒོམ་པའི་ལམ ་ཡིན་པར་སྟོན་བ་ན་དེའི་བྱེད་པའི་སྒོ་ནས་དྲིས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསྒོམ་པའི་ལམ་གྱི་དེ་ཁོ་ན་ཉིད་དུ་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཡོད་པ་མིན་པར་ཡང་དང་ཡང་སུ་གོམས་པར་བྱས་པའི་བྱང་ཆུབ ་སེམས་དཔའ་ཚིག?་གིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ཆོས་དང་གང་ཟག་གི་བདག་མེད་པ་མངོན་སུམ་དུ་བྱས་པས་དེ་ལྟར་ཟབ་པར་གྱུར་པ་ནི་ཐེག་པ་ཆེན་པོར་དོན་དམ་པར་དམིགས་པས་གོས་པ་མེད་པའོ། །གང་ཟག་དེའི་བསོད་ནམས་ཀྱིས? ་ཚོགས་དེ་ཇི་སྙེད་སྐྱེ་བ་ནི་ཡེ་ཤེས་ཀྱི་ཚོགས་རབ་ཏུ་ཐོབ་པ་ན་ཡང་དག་པར་འགྲུབ་པ་དེ་ལས་ཅི་ཞིག་ཡོད་པར་འགྱུར་ཞེས་བྱ་བར་ཚིགས་སུ་བཅད་བའི་དོན་སྦྱར་རོ། །འབྲས་བུ་གསལ་བར་རྟོགས་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར ་ན་ཡུལ་དམན་པ་ལ་ལྷག་པར་ཆགས་པའི་ཕྱིར་འདོད་ཆགས་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག་།བུད་མེད་དང་ལྷན་ཅིག་ཏུ་ཁྱོད་ཆེ་གེ་མོར་ཤོག་ཅིག་ཅེས་སྨྲས་ནས་དུས་བཏབ་དེ་དང་མ་ཕྲད་དེ། འདིར་འོང་དམ་མི་འོད་སྙམ་པ་ལ་སོགས་པའི་རྟོག་པ་དེ་ལྟ་བུའི་རིམ ་པས་རྣམ་པར་རྟོག་པ་དུ་མ་ནི་སེམས་ཀྱི་རྣམ་རྟོག་སྤྱོད་པ་ཇི་སྙེད་པ་སྟེ། དམིགས་པ་ལ་བསྒྲིབས་ནས་ཉིན་ཞག་ཐམས་ཅད་བྱུང་བ་སྐྱེས་བུ་དེའི་འདོད་ཆགས་ལ་སྤྱོད་བའི་སྐྱེས་བུའི་རྣམ་པར་རྟོག་པའི་གྲངས་དེ་སྙེད་ཀྱི་བསྐལ་པར་རྒྱུན་མི་འཆད་པར་འགྲོ་བ་འཁོར ་བར་འགྱུར་བ་དོར་ནས་ཇི་སྙེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བྱང་ཆུབ་འཐོབ་པ་དེ་སྙེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཆོགས་བསྒོམ་པའི་ལམ་གྱི་མཐུས་བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར་རོ། །རྣམ་པར་རྟོག་པ་ཆུང་དུ་དང། འབྲིང་དང། ཆེད? ་?་སྤངས་པའི་རྣམ་པའི་དབྱེ་བས་བསྒོམ་པའི་ལམ་རྣམ་པ་གསུམ་དུ་འགྱུར་ཏེ། འདིར་བསྡུས་ནས་བརྗོད་པར་འདོད་པའི་ཕྱིར་བསྡུས་ནས་བསྟན་པར་བྱ་སྟེ། དེ་ལ་ཡང་ལམ་ཆུང་ངུས་ནི་རྣམ་པར་རྟོག་པ་ཆེན་པོ་སྤྲོད་ལ། ཆེན་པོས་ནི་རྣམ་པར་རྟོག་པ་ཆུང་དུ་སྤོང་དོ་ཞེས་བྱ ་བྱ་བར་གཟུང་སྟེ། དེ་ལྟ་བུ་ལམ་ཆེན་པོ་ལ་མི་སྲིད་དེ། ཡང་ལམ་ཆེན་པོ་སྐྱེས་བ་ན་ཉོན་མོངས་པ་ཆེན་པོ་མེད་པའི་ཕྱིར་རོ། །གཞན་དག་ན་རེ་ཕྱི་མ་ཕྱི་མ་ལ་བསོད་ནམས་ལྷག་པར་སྒྲུབ་པ་ནི་གཉེན་པོའི་དབྱེ་བ་ཡིན་ལ། བསོད་ནམས་ཟིལ་གྱིས་གནོན་པར་བསྟན ་པ་ནི་མི་?་ཐུན་པའི་ཕྱོགས་ཀྱི་དབྱེ་བ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །ལམ་ཆུང་ངུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བསྐལ་མང་བྱེ་སྟོང་དུ་དམིགས་པ་དང་ལྡན་བས་སངས་རྒྱས་ལ་སོགས་པ ་ལ་སྦྱིན་པ་བྱེད་ཅིང་ཞེས་བྱ་བར་འབྲེལ་ཏོ། །དགྲ་བཅོམ་རང་རྒྱལ་ཚུལ་ཁྲིམས་སྲུང་བྱེད་ཀྱང་རྒྱལ་བའི་སྲས་པོ་གཞན་ཞིག་གིས་ཤེས་རབ་ཕ་རོལ་ཕྱིན་མཆོག་སྟེ། ལམ་ཆུང་དུའི་རང་བཞིན་བསྒོམ་པ་དང་ལྡན་ཞིང། དེ་ལས་ལངས་ནས་ཡུམ་འདི་ཉིད་ནི་ཆོས་སོ། །ཇི་ལྟ ་བ་བཞིན་དུ་སེམས་ཅན་ལ་སྟོན་ཅིང་དེ་སེམས་ཅན་ཁྱད་པར་ཅན་སྔོན་དུ་འགྲོ་བས་ཆོས་ཀྱི་སྦྱིན་བའི་རང་བཞིན་གྱི་བསོད་ནམས་ལ་བསྟོས་ནས་ཕྲ་བའི་ཆར་ཡང་མི་ཕོད་པ་ནི་བསོད་ནམས་ཀྱི་ཆར་ཕོད་བར་མི་འགྱུར་རོ། །སྦྱིན་བྱེད་ཚུལ་ཁྲིམས་བསྲུང་བ་ཡང་སྔ་མ་བཞིན ་དུ་ལྟ་བར་བྱ་སྟེ། གནས་སྐབས་དེ་བཞིན་ནོ། །ལམ་འབྲིང་གི་དོན་བསྟན་བའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་སྟེ། ལམ་འབྲིང་གི་རང་བཞིན་བསྒོམས་ཏེ། དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད ་ཅིང་ངོ། །ཆོས་དེ་ཡང་འགྲོ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་འཐོབ་པའི་མཚན་ཉིད་ཀྱི་དོན་ཏེ་རྒྱུའི་གཙོ་བོ་ནི་གཏེར་དུ་གྱུར་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ནའོ། །དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་བྱིན་ནས་ཡོངས་སུ་བསྔོ་བ་ལས་བྱུང་བའི་དགེ་བ་གང་ཡིན་པ་དང་ལྡན་པ་དེ་དང ་མཉམ་པར་གྱུར་པ་འཇིག་རྟེན་གསུམ་ན?་མེད་ཅེས་བྱ་བར་སྦྱར་རོ། །ལམ་ཆེན་པོ་བསྟན་པའི་ཕྱིར། བསོད་ནམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་ལམ་བསྒོམ་པའི་སྟོབས་ཀྱིས་བསོད་ནམས་དེ་དག་ཐམས་ཅད་ཀྱང་གསོག་དང་སྟེ། ་དེ་བཞིན་དུ་བརྟགས་པའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །སྟོང་པ་དང་བརྟགས་པའི་ཆོས་ཀྱིས་དབེན་པས་ན་གསོབ་དང། དེ་བཞིན་ཉིད་ཀྱི་ཆོས་ཉིད་ཀྱི་རང་བཞིན་མ་ཡིན་པས་ཡམ་བརླ་དང། ཡང་དག་བའི་ཀུན་རྫོབ་འབྲེལ་བ་ལས་སྐྱེ་བའི་ཕྱིར་ཡང་ཡམ་བརླའོ། །དེ་བཞིན་དུ ་རྟོགས་པའི་ཆོས་ཀྱིས་དབེན་པས་ན་སྟོང་པའོ། །དེ་བཞིན་ཉིད་ཀྱི་རང་བཞིན་མ་ཡིན་པས་ན་གསོབ་བོ། །ཡང་དག་པའི་ཀུན་རྫོབ་ཏུ་རྒྱུ་དང་འགྲེལ་པ་ལ་སྐྱེ་བའི་ཕྱིར་ཡ་མ་བརླའོ། །སྒྱུ་མའི་རང་བཞིན་ཡིན་པའི་ཕྱིར་སྙིང་པོ་མེད་པར་ཤེས་པའོ། །དེ་ལྟར་བདེ་གཤེགས ་རྣམས་ཀྱི་ཤེས་རབ་སྤྱད་སྤྱོད་པ་དེ་ནི་ལམ་ཆེན་པོའི་རང་བཞིན་ཡིན་ཏེ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་སྤྱོད་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཏོ། །དེ་ཁོ་ན་ཉིད་བསྒོམ་པའི་ལམ་མ་ཡིན་ནམ་དེའི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་དང་གཉེན་པོ་རིམ་པ་ཇི ་ལྟ་བ་བཞིན་དུ་སྤོང་བ་དང། ཐོབ་པ་མི་རིགས་པས་དེའི་ཕྱིར་ཇི་ལྟར་རྒྱལ་བའི་སྲས་རྣམས་ཀྱི་རིམ་པ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཏགས་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་འདི་སྟེ། ཆུང་དུ་དང། འབྲིང་དང། ཆེན་པོའི་རབ་ཏུ་དབྱེ་བའོ། །ཆོས ་ཐམས་ཅད་ནི་རང་དང་གཞན་དང་གཉི་གའི་དོན་ཕུན་སུམ་ཚོགས་པ་བྱེད་པར་འདོད་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང། ལུང་གི་ཚད་མས་དེས་པའི་ཕྱིར་སངས་རྒྱས་ཀྱིས་བཤད་པ་དང། རབ་ཏུ་སྦྱར་བ་དང། རབ་ཏུ་བསྟན་པ་རྣམས་རིམ་པ་བཞིན་ནོ། །བྱང་ཆུབ ་སེམས་དཔའ་གང་གིས་ཐོས་པ་ལ་སོགས་བའི་ཤེས་པ་བསྐྱེད་བས་བསྒོམ་པའི་ལམ་གོམས་པའི་ཤེས་པ་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བརྗོད་བྱས་ཀྱང་དེ་བཞིན་ཉིད་དུ་རོ་ཅིག་པའི་ཕྱིར་ཆོས་ཀྱི་དབྱིངས་ལ་རྒྱལ་བའི་སྲས་དེ་དག་གིས་མི་མཐུན་པའི་ཕྱོགས ་སྤངས་པ་མེད་པས་ཟད་པ་ཉིད་མེད་ཅིང། གཉེན་པོ་བསྐྱེད་པ་མེད་པས་དེ་ཁོ་ན་ཉིད་དུ་འཕེལ་བ་ཡང་མེད་དོ། ཞེས་བྱ་བ་ནི་གྲུབ་བསྒྲུབ་པ་ཡིན་ནོ། །དེ་དག་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཏུ་ཡིན་པར་དགོངས་སོ། །སྒོམ་པའི་ལམ་གྱི་རང་བཞིན་ཡིན་པའི་ཕྱིར་དེ་བས ་ན?་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་དེ་ཁོ་ན་ཉིད་དུ་ཉམས་པ་དང། འཕེལ་བ་མེད་དོ་ཞེས་བསྟན་བའི་ཕྱིར། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་འབའ་ཞིག་ལ་ཕ་རོལ་ཏུ་ཕྱིན་པ་བརྗོད་ཀྱི། ཀྱང་གི་སྒྲས་བྱིན་པ་ལ་སོགས་པ་ཡང་ཕ་རོལ་ཏུ་ཕྱིན ་པ་སྟེ། རྒྱལ་བའི་ཡུམ་ཡིན་པས་ལྔ་པོ་ཡང་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་རང་བཞིན་དུ་ཕྱིན་པར་གྲགས་སོ། །སྒྱུ་མ་ལྟ་བུ་ཡིན་བའི་ཕྱིར་མིང་ཙམ་མོ། །ཀུན་རྫོབ་ཏུ་རྫས་སུ་གནས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །ཡོངས་སུ ་དག་པའོ། །བདག་ལ་བསྟོད་པ་དང། རློམ་སེམས་མེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་རྟོགས་པ་ལས་ཉམས་པ་མེད་པས་དེ་ཉིད་ཀྱི་ཕྱིར་སངས་རྒྱས་བྱང་ཆུབ་མཆོག་རེག་འགྱུར་ཏེ། ཁྱད་པར་འཕགས་བའི་དོན་ཉིད་གསལ་བར་བྱེད་པ་ནི་སེམས ་བསྐྱེད་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་སྟོང་པ་ཉིད་ཀྱི་ལེའུ་སྟེ་བཅོ་བརྒྱད་བའི་བཤད་བའོ།། །།རིན་པ་བཞིན་སེམས་ཀྱི་སྐད་ཅིག་མ་ནི་རྗེས་སུ་འགྲོ་བ་མེད་པར་ཞིག་ནས་ཕྱི་མ་སྐྱེ་བས་ཕན་ཚུན་འབྲེལ ་བ་མེད་བའི་ཕྱིར་ཀུན་རྫོབ་ཏུ་ཡང་ཁྱད་པར་དུ་འཕགས་བའི་དོན་གསལ་བར་བྱེད་པ་ཇི་ལྟར་སེམས་བསྐྱེད་པ་ཡིན་ཞེ་ན། དོན་བྱེད་བར་དཔེ་སྔོན་དུ་འགྲོ་བས་བསྟན་བའི་ཕྱིར། འབྲ?་མང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲུ་མང་སྙིང་པ་འབར་བར་ཕྲད་པ་དང ་པོ་ཡིས། སྙིང་པོ་ཚིག་མིན་ལ་སྟེ། སྐད་ཅིག་མ་གཉིས་པ་ལ་སོགས་པས་བར་དུ་ཆོད་བའི་ཕྱིར་རོ། །དུས་མཉམ་པ་ཡང་ལྷན་ཅིག་སྐྱེས་པས་ཁྱད་པར་མེད་པའི་ཕྱིར་བྱ་བ་དང་བྱེད་པའི་ངོ་བོར་མི་མཚན་ཉིད་བསྲེག་པར་བྱ་བ་དང་བསྲེག་པར་བྱེད་པའི་ངོ་བོར་མི་རིགས་པ་དང ་ཚིག་པ་མ་ཡིན་ནོ། །མེ་ལྕེ་ཕྱི་མའི་སྐད་ཅིག་མས་ཀྱང་དང་པོ་དེ་མེད་པར་སྐད་ཅིག་མ་ཕྱི་མ་མ་སྐྱེས་པའི་ཕྱིར་མེད་པས་དེའི་སྙིང་པོ་མཆིག་གོ་།མེ་ལྕེ་ཕྲད་པ་ཐམས་མས་ཀྱང་སྙིང་པོ་དེ་ཚིག་མིན་ཏེ། དངོས་པོ་མེད་པའི་ཕྱིར་རོ། །ཡོད་ན་ནི་རྟག་ཏུ་ཡོད ་པར་བྲལ་བར་འགྱུར་བས་ཀུན་རྫོབ་ཏུ་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོའི་མཚན་ཉིད་བསྲེག་པར་བྱ་བ་དང། སྲེག་པར་བྱད་བའི་ངོ་བོར་ཡོད་པར་མི་རིགས་པས་ཕྱི་མ་དང་ཕྲད་པས་ཀྱང་མ་ཡིན་ནོ། །མེ་ལྕེ་ཐ་མའི་སྐད་ཅིག་མ་མེད་པར་ཡང་དང་པོའི་སྐད་ཅིག ་མས?་ཚིག་མིན་ཏེ། ནུས་པ་མེད་བའི་ཕྱིར་རོ། །དང་པོའི་སྐད་ཅིག་མ་མེད་པར་མེ་ལྕེ་ཐམས་སྙིང་པོ་ཚིག་པ་མ་ཡིན་ནོ། །དེ་བཞིན་དུ་རེ་རེ་ལ་ནུས་པ་མེད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་མེ་ལྕེ་དང་པོ་དང་ལྷན་ཅིག་ཏུ་འབྱུང་བའི་སྙིང་པོའི་སྐད་ཅིག་མ་ལ་བལྟོས ་ནས་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུར་འབྲེལ་བའི་ཕྱིར་ནུས་པ་ཕུལ་དུ་བྱུང་བ་ཉིད་ཁྱད་པར་ཅན་མེ་ལྕེའི་སྐད་ཅིག་མ་གཉིས་པར་གྱུར་པ་དེའི་ཚེ་རྒྱུ་མེད་པ་ཡང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་ངོ་བོ་མཚན་ཉིད་བསྲེག་པར་བྱ་བ་དང། སྲེག་པར་བྱེད་པའི་ངོ་བོར་ཡོད་པས་སྔ ་མ་དང་ཕྱི་མའི་སྐད་ཅིག་མས་སྙིང་པོ་ཚིག་གོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །དཔེ་བསྟན་ནས་སྐབས་ལ་པའི་དོན་དང་སྦྱར་བར་བྱ་བའི་ཕྱིར། དང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་དང་པོའི་སེམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ ་ཐོབ་པར་བྱེད་པ་དོན་མ་ལུས་པ་སོ་སོར་སྣང་བ་མ་ཡིན་པས་བྱང་ཆུབ་མཆོག་རེག་པ་ནི་འདིར་མ་གསུངས་སོ། །དེ་ཡང་དང་པོའི་སེམས་ཀྱིས་བྱང་ཆུབ་རེག་པའི་རང་བཞིན་དུ་རྣམ་པ་ཐམས་ཅད་མེད་པའི་ཕྱིར་མེད་པས་ཀྱང་ནུས་པ་མ་ཡིན་ལ། སེམས་གཉིས ་པ་གང་ཡིན་པ་ཁྱད་པར་དུ་ཕུལ་དུ་བྱུང་བར་མ་བསྐྱེད་བའི་ཕྱིར་ཐམས་ཅད་ཐ་མའི་ཕེབས?་བཞིན་དུ་གནོད་པ་ཐམས་ཅད་ཉེ་བར་ཞི་བའི་བྱང་ཆུབ་ཞིབ་འཐོབ་མིན་དེ། སེམས་གཉིས་པ་དེ་ཡིས་ཀྱང་བྱང་ཆུབ་ལ་རེག་པའི་རང་བཞིན་དུ་རྣམ་པ་ཐམས་ཅད ་དུ་མེད་པའི་ཕྱིར་རོ། །དང་པོའི་སེམས་ཀྱང་མེད་པས་ན་འཐོབ་བར་ནུས་པ་མ་ཡིན་ཏེ། ཁྱད་པར་ཕུལ་དུ་བྱུང་བར་མ་བསྐྱེད་པའི་ཕྱིར་རོ། །དེ་བས་ན་སྙིང་པོ་ཚིག་མ་བཞིན་དུ་སྔ་མ་དང་ཕྱི་མའི་སེམས་ཀྱི་སྐད་ཅིག་མ་དག་གིས་བྱང་ཆུབ་ཐོབ་བོ་ཞེས་བསྟན་པར་འགྱུར་རོ། །སྔ ་མར?་?་ཕྱིར་གཉིས་ཀྱི་སེམས་ཀྱི་སྐད་ཅིག་མ་རྣམས་སྤྱིར་བྱང་ཆུབ་འཐོབ་པའི་རྒྱུ་ཡིན་བར་བསྟན་ནས། ད་ནི་དང་པོའི་སྐད་ཅིག་མ་ཉེ་བར་ལེན་པའི་རྒྱུ་ཉིད་དུ་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། ས་བོན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། རྟག་པར་ནི་རིམ་དང་ཅིག་ཅར་གྱི་དོན་བྱེད་པ་འགལ་བའི་ཕྱིར་སྐད་ཅིག་མས་བྱང་ཆུབ་ཀྱི་ཤིང་ལ་སོགས་པའི་ས་བོན་ལས་ཕྱི་མ་ཕྱི་མའི་སྐད་ཅིག་མ་ཡོངས་སུ་འགྱུར་བ་ལས་སྡོང་བུ་ལ་སོགས་པ་རྒྱ་ཆེར་བསྐྱེད་ནས་རང་གི་ངོ་བོ་ངེས་པ་འཐོབ་པ་འབྱུང་ངོ། ། ་ས་བོན?་དེ་ཡང་སྡོང?་བུ་སྐྱེས་པ་ན་འགག་གོ་།དང་པོ་དེ་མེད་ན་བྱང་ཆུབ་ཀྱི་ཤིང་ལ་སོགས་པ་མེད་པར་འགྱུར་རོ། །དེ་བཞིན་དུ་དང་པོའི་སེམས་གཙོ་བོའི་རྒྱུ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་བཞི་དང་པོའི་རྒྱུ་དེ་ཉིད་ཡོངས་སུ་འགྱུར་བའི་ཕྱི་མ་ཕྱི་མ་སྦྱོར་བ་ལས་སངས་རྒྱས་ཀྱི་ཕུན ་སུམ་ཚོགས་པ་དེ་དག་སངས་རྒྱས་ཉིད་བསྐྱེད་དེ་ཐོབ་ནས་འགག་གོ་།ཡང་དང་པོ་དེ་མེད་ན་བྱང་ཆུབ་མེད་པར་འགྱུར་རོ། །སེམས་ཀྱི་སྐད་ཅིག་མ་གཉིས་པ་ཡང་རྒྱུ་ཡིན་པར་གསལ་པར་བསྟན་པའི་ཕྱིར། ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐད་ཅིག་མ་གཉིས ་པའི་ངོ་བོ་ནས་དང་ས་ལུའི་ས་བོན་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཀྱིས་འབྱུང་སྟེ། འབྲས་བུར་གྱུར་བ་ལས་ནས་དང་ས་ལུ་ལ་སོགས་པ་དེ་དང་དེ་དག་སྟེ། ས་བོན་དེ་དག་འབྲས་བུ་སྐྱེ་བའི་དུས་ན་མེད་དེ། དམིགས་པའི་རེག་བྱང་གྱུར་པ་ལས་མ་དམིགས་པའི? ་ཕྱིར་རོ། །རྣཾ་པ་ཐཾས་ཅད་དུ་སྐད་ཅིག་མའི་རྒྱུན་ཡང་མེད་དོ་ཞེས་ངེས་པར་མི་ནུས་ཏེ། རྒྱུ་དེ་དག་དང་མཐུན་པར་འབྲས་བུ་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་དང་པོའི་སེམས་སྐད་ཅིག་མའི་སྟོབས་ཀྱིས་སྐད་ཅིག་མ་གཉིས་པའི་སེམས་བསྐྱེད་དེ་རྒྱལ་བ་རྣམས་ཀྱི་བྱང་ཆུབ་སྐྱེ་བར་འགྱུར་རོ།། ་དེ་ཁོ་ན་ཉིད་དུ་རྒྱུ་དང་འབྲས་བུ་རྟོགས་པར་མི་ནུས་ཏེ། རང་བཞིན་མེད་བའི་ཕྱིར་ཏེ། འདིར་འབྲོ་བ་སྒྱུ་མ་ལྟ་བུར་རྟོགས་པ་དབྱའོ། །རྒྱ་ཆེར་བསྟན་ནས་ཉེ་བར་སྡུད་བའི་ཕྱིར། ཆུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་ཐིགས་པས ་བུམ་པ་དང་པོ་ཐ་མའི་བར་གྱིས་ཉུང་དུ་ཉུང་དུའི་བར་སྟེ། དང་པོའི་ཆུ་ཐིགས་པ་རིམ་པ་ཕྱི་མ་ཕྱི་མ་དང་བཅས་པས་དེ་ཡོངས་སུ་འགེངས་པ་ལྟར། དེ་བཞིན་དུ་དང་པོའི་སེམས་ཀྱང་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། རིམ་གྱིས་སེམས་ཀྱི་སྐད་ཅིག་མ་གཉིས ་པ་ལ་སོགས་པ་དང་བཅས་པ་སྦྱོར་བའི་ལམ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་དཀར་པོའི་ཡོན་ཏན་གྱི་ཚོགས་ཡོངས་སུ་རྫོགས་པ་ཐོབ་པའི་ཕྱིར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞར་ལ་བྱུང་བ་རྒྱ་ཆེར་བསྟན་ནས། བསྐབས་ལ་བབ་པའི་བསྒོམ ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་སྟོན་བར་བཞེད་ནས། སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟབ་མོ་བསྐྱེད་པའི་སྦྱོར་བའི་འཛིན་པ་སྤང་བའི་ཕྱིར་འབྲས་བུ་དང། རྒྱུ་དང་རང་བཞིན་དང་བྲལ་བས་རིམ ་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་བ་མེད་པར་ཆོས་ཐམས་ཅད་རྟོགས་པའི་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་མི་རེག་སྟེ། སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །འཇིགས་པ་དང་བཅས་པའི་ཕྱིར་མཚན ་མར་མི་སྦྱོད་པའོ། །དཔེར་ན་སྐྱེས་བུ་མཉན་པ་ཤིན་ཏུ་བསླབས་པའི་ཕྱིར་མཁས་པར་གྱུར་པ་གནོད་པ་མེད་པར་ཕར་འགྲོ་ཚུར་འགྲོ་ཡང་སྟེ། ཟོང་ཐོགས་ནས་ཕར་འགྲོ་ཞིང་ཚུར་འོང་བར་བྱེད་ཀྱང་མཛའ་གཉིས་ཀར་མི་གནས་ཤིང་ལྟུང་བའི་གནS་མ་ཡིན་པའི་ཕྱིར་རྒྱ་མཚོ་དེར ་ཡང་གནས་པ་མེད་པ་བཞིན་ནོ་ཞེས་ཚིགས་སུ་བཅད་པའི་དོན་སྦྱར་རོ། །ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་བ་ལས་སློབ་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་བསྟན་ནས། དེའི་རྗེས་ལ་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའི་རྟོག་པ་སྤང་བའི་ཕྱིར་གཉིག ་མཉམ་པར་རྟོགས་པ་ནི་མི་སློབ་པར་འགྱུར་བ་ཡིན་ཏེ། བསླབ་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བུའི་མི་སློབ་པའི་དགེ་འདུན་གསལ་བར་བྱ་བའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་བར་བསྟན་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། བསྟན་མ་ཐག་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་རྟོགས་བའི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པར་བསྒོམ་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤངས་བ་ཉིད་ཀྱིས་འདི་སྙམ་དུ་བདག་སྟོབས་བཅུས་ལུང་བསྟན ་བྱང་ཆུབ་རེག་འགྱུར་རློམ?་སེམས་མེད་དོ། །བྱང་ཆུབ་ཀྱི་རྒྱུ་མཚན་གྱིས་སྐྲག་པ་མེད་དེ། ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་དེ་བས་ན་ཆོས་ཐམས་ཅད་མ་སྐྱེས་ཏེ། འདི་དག་སྒྱུ་མ་ལྟ་བུ་ཉིད་ཡིན་པའི་ཕྱིར་དངོས་པོ་ཡོད་པར་ཅུང་ཟད་ཀྱང་མ་སྐྱེས ་སོ་ཞེས་དེ་ལྟར་སྐྱེད་པ་སྤྱོད་པ་ནི་བདེ་གཤེགས་ཤེས་རབ་སྟེ། གཉི་ག་མཉམ་པར་རྟོགས་པ་ནི་སྤྱོད་པ་ཡིན་ནོ། །གཉི་ག་མཉམ་པར་བསྒོམས་པས་སངས་རྒྱས་སུ་གྱུར་ནས་དེ་མ་ཐག་ཏུ་དང་གི་སངས་རྒྱས་ཀྱི་ཞིང་སེམས་ཅན་དང་སྣོད་ཀྱི་དབྱེ་བས ་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་རྣམ་པར་དག་བར་བསྟན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུའི་དགོན་པ་དང། མུ་གེའི་དགོན་པ་དང། ནད་དང་བཅས་པའི་འཇིག་རྟེན་ནི་ཉེ་བར་མཚོན་པ་ཉིད་ཡིན་ཏེ། གཞན་ཡང ་སེམས་ཅན་དང་སྣོད་དུ་གྱུར་བའི་ལོག་པར་རྟོག་པའི་གནས་མཐོང་ནས་ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་སྦྱང་བར་བྱའོ་སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་དེ། སྲིད་མོ་གི་?ཱི་ལྷ་མོ་བཞིན་དུ་སྐག་བ་མེད་པར་བྱང་ཆུབ་སེམས་དཔའ་ཟློག ་པ་ནས། ཡང་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ཡོངས་སུ་སྦྱང་བའི་ཕྱིར་གོ་གྱོན་ཏེ། ཕྱི་མའི་མུའི་མཛའ་རྟག་ཏུ་ཡུལ་ལས་བརྩོན་ཞིང་དེའི་ཐབས་ཡོངས་སུ་སྐྱེ་བའི་བློ་ནི་རྡུལ་ཙམ་ཨབསྐྱེད་མི་བྱེད་དོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚོགས་སུ་བཅད་པ་ལས་ ་གི་གཱའི་ལྷ་མོའི་ལེའུ་སྟེ་བཅུ་དགུ་པའི་བཤད་པའོ།། །།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་ཐབས་ལ་མཁས་པས་འཁོར་བ་ཇི་སྲིད་ཀྱི་བར་དུ་སངས་རྒྱས་ཀྱི་མཛད་པའི་རང་གི་སངས་རྒྱས་ཀྱི་ཞིང་གི་བྱ ་བའི་ཐབས་ལ་མཁས་པ་བསྟན་ནས་དེའི་ཡུལ་རེ་ཞིག་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྒྱལ་པའི་ཤེས་རབ་སྤྱོད་བྱེད་ཅིང། ཕུང་པོ་འདི་དག་གཟུགས་ལ་སོགས་པ་སྟེ། བསྒོམ་པའི་སྟོབས་ཀྱིས་ཤེས ་ཤིང་གདོད་ནས་སྟོང་བས་ཁྱད་པར་དུ་འགྲོ་བ་མེད་དོ། །ཞེས་བྱ་བར་དགོངས་སོ། །དེ་ལྟ་བས་སྒྱུ་མ་ལྟ་བུར་སྟོང་པ་ཉིད་ཐབས་ལ་མཁས་པའི་ཡུལ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཡང་ཅིའི་ཕྱིར་གོམས་པར་བྱས་པས་ཁྱད་པར་དུ་འགྲོ་བར་འགྱུར་ཞེ་ན། ་དེའི་ལན་དུ་ཐབས་ལ་མཁས་བའི་སྦྱོར་བ་བསྟན་པའི་ཕྱིར་མཉམ་པར་མ་བཞག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་ཆོས་ཉིད་བསྒོམས་པས་ཡང་འགྲོ་བའི་དོན་བྱེད་ཅིང་ཡེ་ཤེས་མཉམ་པར་བཞག་པས་བསྐྱེད་པ་ནི། མཉམ་པར ་སྙིང་རྗེས་སྡུག་བསྔལ་གསལ་བའི་ཕྱིར། སེམས་ཅན་གྱི་ཁམས་ལ་བལྟས་ནས་དེ་ལྟར་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་དབུས་ན་གནས་པའི་བར་སྐབས་དེར་རོ། །མངོན་སུམ་བྱ་བའི་དུས་དང་དུས་མ་ཡིན་པ་ལ་སྦྱོར་བའི་སྟོབས་གྱིས་ཡོངས་སུ་མཉམས་པར ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐོབ་པ་ནི་སྦྱོར་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལ་རེ་ཞིག་བར་ཆད་བྱེད་པའི་ཆོས་ལས་འདས་བའི་ཐབས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས ་བུ་འགའ་ཞིག་འཇིག་རྟེན་གྱི་ཐ་སྙད་ལ་བཟོ་བས་ན་མཁས་པའོ། །དཔའ་བ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པས་ན་ཡོན་ཏན་ཀུན་ལྡན་ཞིང་ངོ། །ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པའི་ཕྱིར་སྟོབས་ལྡན་ནོ། །གཞན་གྱིས་ཟིལ་གྱིས་མི་ནོན་པའི་ཕྱིར ་མི་ཐུབ་བའོ། །འདི་དག་ཐམས་ཅད་ཀྱི་མཚན་ཉིད་ཡོངས་སུ་ཤེས་པའི་ཕྱིར་བརྩོན་བྱས་སོ། །གཞན་འདུན་པར་བྱེད་པའི་ཐབས་ལུས་ལ་སོགས་པའི་རྣམ་པར་འགྱུར་བར་བྱེད་པ་ལ་གོམས་པའི་ཕྱིར་སྒྱུ་རྩལ་ཆོ་ག་ཤེས་པའོ། །འཕོངས་ལེགས་པར་བསླབས ་པའི་ཕྱིར་འཕོངས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རི་མོ་ལ་སོགས་པའི་ལས་ཀྱི་གནས་ཀྱི་བྱ་བ་ལ་མཁས་པའི་ཕྱིར་གཟོ་གནས་མང་བའོ། །མ་རུངས་པའི་སྐྱེ་བོ་མང་པོ་བསླུ་བ་ལ་གཅིག་ཏུ་མཁས་པའི་ཕྱིར་སྒྱུ་མ་བསྒྲུབ་པའི་ཆོ་ག་ཤེས་པའོ། །སྐྱེ་བོ་དམ ་པ་ཡོངས་སུ་བསྐྱང་བ་གཙོར་བྱེད་པས་ན་འགྲོ་དོན་རབ་ཏུ་འདོད་པའོ། །དེ་ལྟ་བུ་དེ་ཡང་དགྲའི་གནོད་པ་ཡོད་པ་འགའ་ཞིག་ཏུ་ཕ་དང་མ་དང་ཆུང་མར་བཅས་ཏེ། བུ་དང་བུ་མོ་ཡོངས་སུ་བསྡུས་ནས། དགྲ་བྱེད་མང་པོས་འཇིགས་པ་དང་བཅས་པའི་དགོན་པའི་ལམ་དུ ་ཞུགས་པ་སྟེ། ཕྱིན་པ་ན་དགྲ་མང་པོ་འོངས་པ་ལ་དེ་ཡིས་སྒྱུ་མའི་སྒྲུབ་པ་ཤེས་པས་སྲོག་ལ་བལྟོས་པ་མེད་པས་ན་དཔའ་བོའོ། །གཞན་གྱིས་ཟིལ་གྱིས་མི་ནོན་པའི་དང་ཚུལ་ཅན་ཡིན་པས་ན་རྟུལ་ཕོང་པའོ། །སྐྱེས་བུ་མང་པོ་མངོན་པར་སྤྲུལ་ཏེ། ་བར་ཆད་བྱེད་པ་མང་པོ་ལས་འདས་ནས་དགོན་པ་ལས་བརྒལ་ཏེ། བདེ་བར་ཕྱིན་ཅིད་གཉུག་མའི་ཁྱིམ་དུ་ཕྱིར་འོང་བ་ལྟར། དེ་བཞིན་དེ་ཚེ་ནི་གང་གི་ཚེ་སྟེ། བྱང་ཆུབ་སེམས་དཔའ་མཁས་པ་ཡང་དམིགས་པ་མེད་པའི་བྱམས་པ་མངོན་སུམ་དུ ་ཐོབ་པས་བྱམས་པས་བདེ་བ་ལ་སྦྱོར་བར་འདོད་པའི་སེམས་ཀྱི་རྐྱེན་གྱིས་སེམས་ཅན་གྱི་ཁམས་ཀུན་ལ་མངོན་དུ་ཕྱོགས་པ་དང་འགྲེལ་བ་དེའི་ཚེ་འདི་ལྟར་ལྷའི་བུ་ལ་སོགས་པའི་བདུད་བཞི་ལས་འདས་ཤིང་ཉན་ཐོས་དང་རང་རྒྱལ་གྱིས་གཉིས་ལས་ཀྱང་རང? ་འདས་ནས་སངས་རྒྱས་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་མཆོག་ལ་གནས་ཤིང། བྱང་ཆུབ་རེག་བར་མི་བྱེད་དེ། བྱ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །མི་གནས་པས་གནས་པའི་ཐབས་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར་མཁའ་?་ལ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དཔེར་ན་འཇིག་རྟེན་ཆགས་པ་ན་རིམ་པ་བཞིན་དུ་བརྟེན་ཏེ། མཁའ་ལ་རླུང་བརྟེན་ཏེ། རླུང་དང་བཅས་པ་ལ་ཆུའི་ཕུང་པོའོ། །དེ་ལ་ཡང་གསེར་གྱིས་གཞིའོ། །དེ་ལ་ཡང་པས་ཆེན་པོ། དེ་ལ་གླིང་བཞི་པའི་འཇིག་རྟེན་གྱི ་ཁམས?་བརྟེན་ནོ། །དེ་ནས་སེམས་ཅན་གྱི་ལོངས་སྤྱོད་ཆགས་ཏེ། དེ་འདྲ་སྟེ་རྩ་བའི་རྒྱུ་ལས་ཡིན་པར་བལྟ་བར་བྱའོ། །གཞན་དུ་ན་དངོས་པོ་ཐམས་ཅད་ཀྱིས་དབེན་པའི་མཚན་ཉིད་ནམ་མཁའ་ཇི་ལྟར་གནས་སུ་འགྱུར། རླུང་གི་དཀྱིལ་འཁོར་གང་ལ་གནས་ཡིན་ཏེ། ་སྨོས་ཀྱང་མི་དགོས་སོ། །འོན་ཀྱང་དེ་གནས་ཡིན་པར་གྲགས་ཏེ། རབ་ཏུ་གྲགས་པའི་ཕྱིར་ཇི་སྐད་བསྟན་པའི་རྒྱུའི་སྟོབས་ཀྱིས་ངེས་པར་འབྱུང་བ་འདི་ཡིད་ལ་བྱེད་པས་ནམ་མཁའ་ཨི་ཁམས་ཀྱི་དོན་འདི་བསམ་པར་གྱིས་ཤིག་།འདི་ལྟར་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་སྟོང་པ་ཉིད་ལ་གནས་པའི་སྦྱོར་བས་གནས་པ། འགྲོ་ལ་སེམས་ཅན་གྱི་བསྐལ་པ་ཇི་ལྟ་བ་བཞིན་སྣང་བ་དང། རང་གི་སྨོན་ནས་ཤེས་པའི་རྒྱུ་དེ་གཉིས་ཙམ་གྱི་བྱིན་གྱི་བརླབས་ཅན་ནི་རྟེན་ཅན་ནོ། །བྱ་བ་རྣམ་པ་སྣ་ཚོགས་ནི་བྱ་བ་སུམ ་བྱེད་ཅིང་སྤྲུལ་པའི་སྐུ་ནི་རྣམ་པ་སྣ་ཚོགས་པའི་བྱ་བ་དུམ་སྟོན་པར་བྱེད་ཅིང་ངོ། །ཇི་སྐད་བསྟན་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་མྱ་ངན་ལས་འདས་ལ་མི་རེག་པར་དངོས་པོའི་མཚན་ཉིད་ལས་འདས་པས་སྟོང་པ་ཉིད་ལ་གནས་པ་མེད་དེ། དེ་བས ་ན་དེ་ཉིད་གནས་པར་གྱུར་པ་ཡིན་ཞེས་བྱའོ། །སྔོན་གྱི་སྨོན་ལམ་ཡང་མི་འདོར་བའི་ཐབས་བསྟན་པའི་ཕྱིར། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་མཁས་གསལ་བ། ཆོས་ཐམས་ཅད་མི་དམིགས་པས ་སྟོང་པ་ཉིད་ཀྱི་མཆོག་དེ་ཉིད་དང། རྣམ་པར་གཡེང་བ་མ་ལུས་པ་ཉེ་བར་ཞི་བས་ན་ཞི་པའོ། །དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་སྒོམ་པ་ནི་འདི་སྤྱོད་པའོ། །དེ་ལྟར་ཏིང་ངེ་འཛིན་དང་སྟོང་པ་ཉིད་ཀྱི་རང་བཞིན་གཉིས་ཀྱིས་བར་སྐབས་དེར་བྱང་ཆུབ ་སེམས་དཔའ་གནས་ཏེ། སྟོང་པ་ཉིད་ཀྱི་སྟོབས་ཀྱིས་མཚན་མ་རབ་ཏུ་སྒོམ་མི་བྱེད། འདི་ལ་མཚན་མ་མེད་དེ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གནས་པར་གྱུར་པའོ། །ཇི་སྐད་བསྟན་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་གང་འདོད་པ་བཞིན་དུ་མཛའ་གཉིས་སུ་མི ་ལྟུང་ངོ། །རིམ?་པ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་བ་ཐོབ་པར་བྱེད་པའི་འཛིན་པ་མེད་པས་ན་ཞི་བའོ། །འཁོར་བ་ལ་མངོན་པར་ཞེན་པ་སྤངས་པས་ན་རང་ཞི་པའོ། །སྤྱོད་པ་ནི་མཚན་མ་མེད་པ་ལ་སྤྱོད་པར་འགྱུར་པའོ། །ཐུན་མོང་མ་ཡིན་པའི་ཐབས་ལ་མཁས ་པ་བསྟན་པའི་ཕྱིར། བར་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བར་སྣང་འཕུར་བའི་བྱ་ལ་གནས་ནི་གཞིའི་རང་བཞིན་རབ་ཏུ་མི་གནས་པའི་ཕྱིར་མེད་དེ། རྣམ་པར་དཔྱད་ན་དེ་ནམ་མཁའ་ལ་གནས་པ་མེད་དོ། །གཤོག་པ་གཉིས་ཀྱི་སྟོབས་ཀྱིས ་ས་ལ་ཡང་མི་ལྟུང་ངོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོར་སྤྱོད་པའི་སེམས་ཅན་གྱི་དོན་བྱེད་པའི་སེམས་བསྐྱེད་པའི་ཕྱིར་མྱ་ངན་འདས་ལ་མི་རེག་གོ་།དམིགས་པ་སྤངས་པའི་ཕྱིར་མཚན་མར་སྤྱོད་པ་མ་ཡིན་ཏེ། དེ་ནི ་བྱང་ཆུབ་སེམས་དཔའ་ཨི་ཉན་ཐོས་ལ་སོགས་པ་དང། ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ཡིན་ནོ། །ཞེས་བསྟན་པར་འགྱུར་རོ། །ཆགས་པ་མེད་པའི་ཐབས་ལ་མཁས་པ་དཔེ་སྔོན་དུ་འགྲོ་བས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དཔེར་ན་འཕོང་ལེགས་པར་ལོབས་པའི་སྐྱེས་བུ་འགའ་ཞིག་གིས་ལེགས་པར་མནམ་དུ་མདའའཕངས་ཏེ། མདའ་གཞན་དག་ནི་ཕྱི་བཞིན་རྒྱུད་མར་ལོང་བཏགས་ནས། དེའི་སྔ་མའི་མདའ་ངེས་ལ་ལྟུང་བའི་སྐབས་མི་འབྱེད་དེ། མི་དེ་འདོད་ན་མདའ་དེས་ལ ་ལྟུང་བར་འགྱུར། དེ་ལྟར་ཤེས་རབ་ཕ་རོལ་གྱིན་མཆོག་དང། ཐབས་ལ་མཁས་པ་ཆེན་པོའི་རང་བཞིན་ལ་སྤྱོད་པའི་རྒྱལ་བའི་སྲས་ཤེས་རབ་དང་སྙིང་རྗེ་ལ་སོགས་བསྒོམ་པ་དང། རྣམ་པར་སྤྱོད་པའི་ཆགས་པའི་སྟོབས་ཀྱིས་དེ་སྲིད་སྟོང་ཉིད་དམ་པ་དེ་ནི ་ཐོབ་མི་བྱེད། གང་ཇི་སྲིད་དགེ་པའི་རྩ་བ་ཡོངས་སུ་མ་རྫོགས་ཀྱི་བར་དུའོ། །སྟོང་པ་ཉིད་དང་ཐབས་ལ་མཁས་པ་སྔ་མ་བཞིན་དུ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་དང་བྲལ་བས་ཆ་དགེ་སློང ་དབེན?་ཁྱད་པར་གྱི་ལམ་གྱི་སྟོབས་ཀྱིས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་ལྡན་པ་ཞིག་ནམ་མཁར་གནས་ཏེ། འགྲོ་བ་འདུལ་བའི་ཕྱིར་གཅིག་ཅང་ངོ་མཚར་གཉིས་ཀྱིས་ཟུང་བྱེད་པར་རྣམ་པར་འཕྲུལ་ཏེ། འདི་ལྟ་སྟེ། འགྲོ་དང་འཆག་པ་དང་ནི་ཉལ་དང་འདུག་པར་སྔོན། ་སྟོང་པ་ཉིད་བསྒོམ་པའི་རྣམ་པར་ཐར་པའི་སྒོ་ནས་སྐྱོ་བ་མེད་ཅིང་ལེགས་པར་གོམས་པས་དེ་ལ་དུབ་པ་མེད་དེ། ཇི་སྲིད་འདོད་པ་དེ་སྲིད་གནས་ཞེས་བྱ་བ་ནི་ལྷག་མའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ་སྟོང་གནས་ཤིང། ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ ་པའི་རྫུ་འཕྲུལ་ཤེས་པས་ཕ་རོལ་སོན་ནོ། །གནས་ངེས་པར་འཛིན་པ་སྤངས་པའི་ཕྱིར་གནས་པ་མེད་དོ། །རྣམ་པ་དུ་མའི་བྱ་བ་བྱེད་པས་ན་འགྲོ་བདག་ལ་བྱ་བ་རྣམ་པ་སྣ་ཚོགས་སྙིང་རྗེ་སྤྲུལ་པའི་སྤྲིན་སྟོན་ཏེ། རེ་རེའི་རྣམ་པ་མང་པས་མཛའ་ཡས་སོ། །བསྐལ་པ་བྱ་བར ་སྟོང་པ་ཉིད་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱོ?་བ་མེད་དོ། །སྤྲུལ་པ་ལེགས་པར་གོམས་པའི་སྟོབས་ཀྱིས་དུབ་པ་མེད་དོ། །མཚན་མ་མེད་པའི་ཐབས་ལ་མཁས་པ་དེ་བཞིན་དུ་རིག་པར་བྱ་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན ་མི་འགའ་གཡང་ས་ཆེན་པོར་འདུག་བྱེད་ཅིང། ལག་པ་གཉིས་གས་གདུགས་གཉིས་འཛིན་པ་ན་དུས་མ་ཡིན་པར་འཁྲུག་པའི་ཕྱིར་དུས་མ་ཡིན་པའི་རླུང་བྱུང་བའི་ཚེ་བདག་ཉིད་གཡངས་ཆེན་པོར་མཆོད་བར་བྱེད་ཅིང། མི་བཟད་པར་ཆུས་བོང་ཡང་སྡུག་བསྔལ་བར? ་ལྟུང་བར་མི་འགྱུར་ཏེ། ཇི་སྲིད་དེར་འདོད་པའི་གནས་སུ་འགྲོ་བར་འགྱུར་བ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཁས་པ་སྙིང་རྗེས་གནས། ཐབས་དང་ཤེས་རབ་གཉིས་ཀྱིས་གདུགས་ནི་ཡོངས་གཟུང་སྟེ། ཆོས་རྣམས་སྟོང་པ་མཚན་མེད་སྨོན་པ་མེད ་སྤྱོད་པ། ངེས་པར་ཡིད་ཆེས་པར་བྱེད་ཅིང་མཚན་མ་མེད་པའི་ཐབས་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་ལ་རེག་པ་མེད་ལ་ཆོས་ཀྱང་མཐོང། དེ་བཞིན་དུ་གཞན་ལ་ཡང་སྟོན་པར་བྱེད་དོ། །སྨོན་པ་མེད་པའི་ཐབས་དཔེ་སྔོན་དུ་འགྲོ་བས་རྟོགས་པར་བྱ་བའི་ཕྱིར། དཔེར་ན ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རིན་ཆེན་འདོད་པ་རིན་ཆེན་གླིང་དུ་འགྲོའོ། །བཻ་ཌཱུརྱ་ལ་སོགས་པའི་རིན་པོ་ཆེའི་འབྱུང་གནས་ནི་གླིང་ངོ། །གང་གི་ཚེ་ཡང་དེར་ནི་དད་དཔོན་འབའ་ཞིག་བདེ་བར་འཚོ་བྱེད་ཅིང། དེའི་ཚེ་ཡང་རིན་ཆེན་རྙེད་ནས ་ཕྱིར?་ཡང་ཁྱིམ་དུ་འོང་བ་ལྟར་གཉེན་བཤེས་ཚོགས་ལ་ཅི་ནས་བརྩེ་བ་དང་མ་བྲལ་བའི་ཕྱིར་དབུལ་པའི་སྡུག་བསྔལ་གྱིས་ཡིད་མི་བདེ་བར་མི་འཇོག་པ་ལྟར་ཞེས་རིམ་པ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ནི་ཡོན་ཏན་རིན་པོ་ཆེ་? ་བའི་ཕྱིར་རིན་ཆེན་ཀྱི་གླིང་ངོ། །བྱང་ཆུབ་སེམས་དཔའ་སོང་སྟེ་ཕྱིན་ནས་བསམ་གཏན་དབང་པོ་སྟོབས་ཐོབ་པ། གང་གི་ཚེ་མྱ་ངན་ལས་འདས་ལ་རེག་པ་འབའ་ཞིག་མངོན་དགའ་བ་དེ་ལྷ་ཡིན་ན་ཡང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་སྡུག་བསྔལ་ནི་སྐྱེ ་པ་ལ་སོགས་པའོ། །ཡིད་ལ་འཇོག་པ་མ་ཡིན་ཏེ། སྨོན་པ་མེད་པའི་ཐབས་ཀྱི་སྟོབས་ཀྱིས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཚོར? ་བ་མངོན་པར་འདོད་པའི་དོན་གཉེར་བརྒྱུས་ཏེ། འཚོང་བ་དང་ཉོ་བའི་ཟོང་གི་རིན་ཐང་ཤེས་པར་བྱ་བའི་ཕྱིར། པར་གྱི་གྲོང་ཁྱེར་གྲོང་རྡལ?་གྲོང་གང་ཡིན་པར་འགྲོ་།དེར་ཡང་ནི་གྲོང་ཁྱེར་ལ་སོགས་པར་རོ། །རིན་ཆེན་གླིང་དཱུང་མི་གནས་ལ། རིག་པ་ཁྱིམ་དཱུང་མི་གནས ་སོ། །འོན་ཀྱང་དེ་གཉིས་ཀྱིས་རྐུན་མ་ལ་སོགས་པ་ཐག་བསྲིངས་པའི་ཐབས་ཤེས་བའི་བདག་ཉིད་ཡིན་པའི་ཕྱིར་ལམ་ལ་མཁས་པའོ། །ནོང་སོགས་པར་བྱེད་པས་ན་རྣམ་པར་རིག་པར་བྱེད་པའི་ཕྱིར་རང་གི་ཁྱིམ་དུ་བསྐྱབ་པར་བྱ་བའི་སེམས་ཅན་ལ་རྗེས་སུ་བརྩེ་བས ་འོང་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དད་པའམ། སྙིང་རྗེ་དང། ཤེས་རབ་ཀྱི་སྦྱོར་བ་ཤེས་པས་ན་མཁས་པ་བློ་ལྡན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལམ་ཤེས་པས་རྣམ་པར་གྲོལ་བ་ཀུན་ལ་མཁས ་ཏེ། དེ་དག་གིས་འདུལ་བའི་སེམས་ཅན་གྱི་དོན་རབ་ཏུ་གོམས་པས་ན་མཁས་པའོ། །སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བས་ན་དེ་དག་མངོན་དུ་མི་བྱེད་པས་ན། དེ་ལ་ཡང་མི་གནས་སོ། །བྱ་བ་མ་བྱས་པས་ན་དེ་བཞིན་དུ་དེ་བཞིན་གཤེགས་པའི ་ཡེ་ཤེས་ལ་མི་གནས་སོ། །འདུས་བྱས་ཀྱི་ཉེས་པ་རྟོགས་པའི་ཕྱིར་འདུས་བྱས་ལ་ཡང་མི་གནས་སོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་དུ་འགྲོ་བའི་ལམ་ཡིན་ནོ། །ཡོན་ཏན་དང་སྐྱོན་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ལ་མཁས་པ་ནི་ཚུལ་ཤེས་པ་ཡིན་ཏེ། དེ་ལྟ ་བྱེད་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། ཐུན་མོང་མ་ཡིན་པའི་ཆོས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཚད་མེད་པའི་ཐབས་ལ་མཁས་པ་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་བདེ་བ་ལ་སྦྱོར་བར་བྱེད་ཅིང་འགྲོ་ལ་བྱམས་པ་རྗེས་སུ ་འབྲེལ་བྱས་ནས། ཏིང་འཛིན་སྟོང་པ་མཚན་མེད་སྨོན་པ་མེད་སྤྱོད་པ་དེའི་ཚེ་སེམས་ཅན་ཚད་མེད་པ་ལ་སྟོང་པ་ཉིད་ལ་སོགས་པའི་དམིགས་པ་སྟོབས་ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་དེ་ནི་མྱ་ངན་འདས་པ་ཐོབ་པར་འགྱུར་ཞེ་ན། རྒྱལ་པའི་སྲས་ངེས? ་དེ་བཞིན་དུ་ཡང་འདུས་བྱས་ཡིན་པར་གདགས་ནུས་དེ་ནི་གནས་མེད་དོ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །དེ་ཉིད་ཀྱི་དོན་དཔེས་གསལ་བར་བསྟན་པའི་ཕྱིར། དཔེར་ན་སྤྲུལ་པའི་མི་ནི་སྔགས་ལ་སོགས་པས་མིག་བསླད་པས་མཐོང་བའི་ལམ ་དུ་མིའི་ལུས་སུ་མི་སྣང་བ་མ་ཡིན་ཞིང། རིག་པས་དཔྱད་ན་སྟོང་པའི་ཕྱིར། དེ་ནི་གང་གིས་ཀྱང་ནི་གདགས་པར་ནུས་པ་མ་ཡིན་ཞེས་བྱ་བར་འབྲེལ་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དམིགས་པ་མེད་པ་སྟོང་པ་ཉིད་ལ་སོགས ་པའི་རྣམ་པར་ཐར་པའི་སྒོར་སྤྱོད་པས་དེའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཞེས་མིང་གིས་ཀྱང་ནི་གདགས་པར་ནུས་པ་ཡིན་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ། །དེ་ལྟ་བས་ན་ཐབས་སྔ་མ་སྔ་མ་ནི་ཐབས་ཕྱི་མ་ཕྱི་མའི་རྒྱུའི་གཙོ་བོ་ཡིན་ཏེ། སྟོང་ཕྲག་བརྒྱ་པ་ལས་ཐབས ་ཀྱི་དབྱེད?་རྣམ་པ་བཅུ་གསུངས་པ་བཞིན་བལྟའོ། །ཐབས་མཛའ་ཡས་པ་ཐམས་ཅད་འདིར་འདུས་པ་ཡིན་ནོ། །རྒྱུ་གཞན་བརྗོད་པར་བྱ་བ་མེད་དོ་ཞེས་ཉེ་བར་སྦྱང་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རྒྱལ་བའི་སྲས་ཀྱི་གནས ་པར་བྱ་བ་སྤྱོད་པ་དང་ནི་དབང་པོ་ཟབ་མོའི་ཆོས་དྲིས་ལ་རྒྱས་པར་བསྟན་པ་གསལ་བར་བྱེད་པ་ཇི་སྐད་བསྟན་པའི་ཐབས་ཤེས་པར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་སྟོང་པ་མཚན་མ་མེད་པ་དང། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་དང། ཕྱིར་མི་ལྡོག ་པའི་སའི་ཆོས་ཏེ། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བཏང་པའི་སེམས་བསྐྱེད་པའོ། །བསྡུས་ནས་བསྟན་པ་རྒྱས་པར་མི་འཆད་པ་དེ་ནི་ལུང་མ་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ། །དེ་དག་གིས་ནི་རྣམ་པ་ཀུན་མངོན་པར་རྫོགས་པ་བསྟན་པ ་ཡིན་ཏེ། དེ་སྐད་དུ་ཡང། རྣམ་པ་སྦྱོར་དང་བཅས་རྣམས་དང། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་ངེས་འབྱེད་ཆ་འཐུན་དང། །སློབ་པ་ཕྱིར་མི་ལྡོག་པའི་ཆོགས། །སྲིད་དང་ཞི་བ་མཉམ་ཉིད་དང། །ཞིང་དག་བླ་ན་མེད་པ་ནི། །རྣམ་ཀུན་མངོན ་རྫོགས་རྟོགས་པ་སྟེ། །འདི་ནི་ཐབས་མཁས་བཅས་པ་ཡིན་ཞེས་གསུངས་སོ། །རྣམ་པ་ཀུན་མངོན་པར་རྫོགས་པ་ཐོབ་པ་དེ་མ་ཐག་ཏུ་རབ་ཀྱི་མཐར་ཐུག་བ་རྩེ་མོའི་མངོན་པར་རྟོགས་པ་ཡིན་པས་རེ་ཞིག་དེའི་རྟགས་བསྟན་པའི་ཕྱིར། དགྲ་བཅོམ་ཞེས་བྱ་བ་ལ་སོཌ ་པ་གསུངས་ཏེ། དགྲ་བཅོམ་པ་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང། ཁམས་གསུམ་དག་ཀྱང་མི་འདོད་དེ། ཤིན་ཏུ་གོམས་པར་བྱས་པའི་ཕྱིར་རོ། །རྨི་ལམ་ན་ཡང་སངས་རྒྱས་རྣམས་མཐོང་འགྲོ་ལ་ཆོས་ཀྱང་སྟོན་བྱེད་པ་དེ་ལྟ་བུ་ནི་རྩེ་མོའི་མངོན་པར་རྟོགས་པ་སྟེ། དེ་ནི་ ་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །དེ་བཞིན་དུ། རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་གནས་མཐོང། །རྨི་ལམ་དུ་རྟོགས་པའི་ཕྱིར། སྐད་ཅིག་དེ་ལ་ངན་སོང་རྒྱུན་གཅོད ་སྨོན་ལམ་འདེབས། དེ་བཞིན་དུ་བདེན་པའི་བྱིན་གྱིས་རླབས་ཀྱིས་རྨི་ལམ་གྱི་གནས་སྐབས་ནི་ཡང་གྲོང་ཁྱེར་ལ་སོགས་པ་ཚིག་པའི་མེའི་ཕུང་པོ་ཞི་བ་དེ་ལྟ་བུ་དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། དེ་བཞིན་དུ་མའི་འཇིག་རྟེན་འབྱུང་པོའི་གདོན ་དང་ནད་མང་བ། བདེན་པའི་བྱིན་གྱིས་རླབས་ཀྱིས་མེའི་ཕུང་པོ་ཞི་བ་དང། འགྲོ་བ་རྗེས་སུ་བཟུང་བའི་བློས་ཕན་དང་སྙིང་བརྩེར་ལྡན་པས་འབྱུང་པོས་ཟིན་པ་གསལ་ནས་བདག་བསྟོད་ཅིང་ང་རྒྱལ་སྐྱེ་བར་མི་བྱེད་པ་དང། ཡང་གཞན་དག་ལ་སྨོད ་པར་མི་བྱེད་པ་དེ་ལྟ་བུའི་ནི་སྔ་མ་བཞིན་དུ། དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཐབས་ལ་མཁས་པའི་ལེའུ་སྟེ་ཉི་ཤུ་པའི་བཤད་པའོ།། །།བདུད་ཀྱི་བྱིན་གྱིས་རླབས ་ཀྱིས་སོང་བ་ནི་རྟགས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་ནི་བདེན་པའི་བྱིན་རླབས་སྣ་ཚོགས་དག་།འབྱོར་པར་བདག་ལུང་བསྟན་སྙཾ་རློཾ་སེམས་འབྱུང་བའམ། དེ་བཞིན ་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱི་ལུང་བསྟན་པས་བྱང་ཆུབ་སེམས་དཔའ་གཞན་ལ་སྨོད་པ་དེའི་ཚེ་རློམ་སེམས་གནས་པ་དེ་ནི་བདུད་ཀྱི་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་མ་ཐག་དུ་ཆེ་བས་ཆེ་བའི་ང་རྒྱལ་འབྱུང་བས་བློ་ཆུང་བ་དང། སེམས་ཆུང ་བའི་ཞེས་བྱ་བའི་བར་དུ་ཤེས་པར་བྱའོ། །ཞར་ལ་འབྱུང་བའི་བདུད་ཀྱི་བྱེ་བྲག་བསྟན་པ་ལས་མིང་གི་གཞི་ལས་འབྱུང་བའི་བདུད་ཀྱི་ལས་བསྟན་པའི་ཕྱིར་རོ། །མིང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལ་སོགས་པའི་མིང་བརྗོད་ཅིང ་བྱིན་གྱིས་རློབ་པ་བདུད་ཀྱི་ལས་ཏེ། ཉེ་བར་འོངས་གྱུར་ནས། འདི་སྐད་སྨྲ་སྟེ། འདི་ནི་ཁྱོད་དང་ཕ་དང་མ་དང། ཁྱོད་ཀྱི་གཞན་ཡང་བརྒྱུད་པ་བདུན་མེས་རྒྱུད་ཀྱི་བར་གྱི་མིང་འདི་ཡིན་ཞིང། གང་ཟག་འབྱུང་བའི་རིགས་དང་མིང་འདི་ཞེས་བྱའོ་ཞེས་སྨྲ་ཞིང། ་དེ་བཞིན་དུ་གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན་ནོ་ཞེས་བྱ་བས་དེའི་ཚེ་ཡང་གང་དེ་ཉིད་ཀྱིས་བསམས་པའི་མིང་ལྟར་མིང་དེ་ཉིད་དུ་འགྱུར་བས་སྨྲེ་བར་འགྱུར་ཏེ། དེ་ཐོས་བས་མངོན་པའི་ང་རྒྱལ་སྐྱེས་ནས་བདུད་ཉེ་བར་འོངས་པས་འདི་ནི་བློ་ཆུང་དུ ་ཡིན་ནོ་ཞེས་འཆད་པར་འགྱུར་པ་དང་འབྲེལ་ཏོ། །སྦྱངས་པའི་ཡོན་ཏན་གྱི་གཞི་ལས་བྱུང་བའི་བདུད་ཀྱི་ལས་བསྟན་པའི་ཕྱིར། སྦྱངས་སྡོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱངས་པའི་ཡོན་ཏན་གང་ཅི་འདྲ་བ་བསོད་སྙོམས་པ་ཉིད་ལ་སོགས ་པ་དང་ལྡན་པ་དང། རྣལ་འབྱོར་དང་ལྡན་པ་ལ་ཁྱོད་སྔོན་ཡང་ཡོན་ཏན་ཚུལ་ཡང་འདི་འདྲ་ཞེས་བརྗོད་དེ། དེ་སྐད་གང་ཐོས་རློམ་སེམས་ཏེ་མངོན་པའི་ང་རྒྱལ་སྐྱེས་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱིས་ཡོངས་སུ་བསླང་སྟེ་བདུད་འོངས་པས་དེ་ནི་བློ་ཆུད ་བ་བསམ་པ་དམན་པའོ་ཞེས་བྱ་བའི་བར་དུ་ཤེས་པར་བྱའོ། །ཡང་དབེན་པའི་གཞི་ལས་བྱུང་བའི་བདུད་ཀྱི་ལས་བསྟན་པའི་ཕྱིར། རབ་ཏུ་དབེན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྗོན་ཤིང་གི་སྐྱེ་བ་འཇིག་པའི་ཕྱིར་རབ་ཏུ་དབེན་པའི་གྲོང ་དང་གྲོང་ཁྱེར་རོ། །ཆུ་འབབ་པ་དང་ལྡན་པའི་ཕྱིར་རི་སུལ་ལོ། །གྲོང་ལས་རྒྱང་གྲགས་ཀྱི་ཚད་ཙམ་ན་གནས་པ་ནི་དགོན་པའོ། །འབྲོག་དགོན་པ་ལ་སོགས་པར་སྟག་ལ་སོགས་པ་དང་བྲལ་བའི་ཕྱིར་རབ་ཏུ་དབེན་པའོ། །ནགས་ཀྱི་ཁྱད་པར ་ནི་ནགས་ཁྲོད་དེ་རབ་ཏུ་སྟེན་བྱེད་ཅིང་གལ་ཏེ་བདག་བསྟོད་ལ་ཡོན་ཏན་ལ་སོགས་པ་མངོན་པའི་ང་རྒྱལ་གྱིས་གཞན་ལ་སྨོད་ཅིང་ངན་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་ནི་བདུད་ཀྱི་ལས་ཀྱིས་ཡོངས་སུ་བསླང་ཞིང་དེ་ནི་བློ་ཆུང་ཞིང་བསམ་པ་བཟང་པོ་མ་ཡིན་ནོ། ཞེས ་བྱ་བའི་བར་དུའོ། །འོ་ན་དབེན་པའི་གནས་ཇི་ལྟ་བུ་ཡིན་ཞེ་ན། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འཕགས་ལ་སོགས་པ་ནི་གྲོང་ངོ། །ཙམ་པ་ཀ་ལ་སོགས་པ་ནི་ཡུལ་ལོ། །པ་ཊ་ལི་པུ་ཊ་ལ་སོགས་པ་ནི་ཡུལ ་འཁོར་ཏེ། རྟག་ཏུ་གནས་བྱེད་ཅིང་སྟེ། གཞན་དུ་ཉན་ཐོས་ལ་སོགས་པའི་གདུལ་བྱིའི?་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་བསམ་པ་དག་པས་ཞུགས་པས་བྱང་ཆུབ་ལ་བརྩོན་པས་གནས་པའོ། །དེ ་ནི་དགྲ་བཅོམ་པ་དང་རང་རྒྱལ་ནི་རང་རྒྱལ་ལོ། །འདོད་པ་གཞན་ཡང་སྐྱེད་མི་བྱད་དེ། བསྟན་མ་ཐག་པ་དེ་དག་དང། མི་དགེ་བའི་ཆོས་ཐམས་ཅད་ལས་དབེན་པ་ནི་དབེན་པར་བསྟན་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བར་འབྲེལ་ཏོ། །འདི་ནི་ཆོས་ཀྱི ་དབྱིངས་ལས་བྱུང་བའི་ཕྱིར་རོ། །བདེ་པར་གཤེགས་པའི་སྲས་ཀྱི་དབེན་པར་གསུངས་སོ། །གཞན་ནི་དབེན་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་སུལ་ཏེ། ་སྤྲུལ་ནི་སྤྲུལ་གདུག་པའོ། །གང་གི་ཕྱིར་ལོ་མང་བྱེ་བར་གནས་བྱེད་ཀྱང་གནས་ནི་ཁྱིམ་མོ། །དབེན་པ་འདི་ནི་བསྟན་མ་ཐག་པ་ཡིན་པར་མི་ཤེས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་སྙམ་དུ ་རློམ་ན་ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཉིད་ཐོབ་པ་མ་ཡིན་ནོ། །ང་རྒྱལ་གྱི་ཡུལ་དེ་ཉིད་བདུད་ཀྱི་སྤྱོད་ཡུལ་ལས་མ་འདས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་པ་ལ་སོགས་པ་གསུངས་ཏེ། ་གལ་ཏེ་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་མངོན་དུ་ཕྱོགས་བ་ན་བརྩོན་པའོ། །བཟོད་པ་ནས་ཆོས་ཀྱི་མཆོག་གི་དད་པ་ལ་སོགས་པ་ནི་སྟོབས་སོ། །བསམ་གཏན་ནི་བཞི་སྟེ་མཉམ་པར་བསྒྲུབ་པའོ། །དྲོད་དང་རྩེ་མོའི་རང་བཞིན་དད་པ་ལ་སོགས་པ་ནི ་དབང་པོའོ། །སྟོང་པ་ཉིད་ལ་སོགས་པ་ནི་རྣམ་པར་ཐར་པའོ། །དཔའ་བར་འགྲོ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་ཏོ། །ཐོབ་པ་དེ་ལ་འདི་ནི་དབོན་དབེན་སྤྱོད་པ་མིན་སྙམ་བྱང་ཆུབ་སེམས་དཔའ་བརྙས་བྱེད་ན། དེ་ནི་བདུད་ཀྱི་སྤྱོད་ཡུལ་གནས་ཞེས་རྒྱལ་བས ་གསུངས། རྒྱ་ཚར་བསྟན་པ་ཉིད་ཉེ་བར་བསྡུ་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང། རྣམ་པ་ཐམས་ཅད་དུ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པས་དབེན་པ་ནི་ཐེག་པ་གཉིས་ཀྱི ་སེམས་བྲལ་ལོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ཅིག་ཏུ་ངེས་པས་ན་བྱང་ཆུབ་མཆོག་ངེས་སོ། །བྱང་ཆུབ་སེམས་དཔའ་ཨི་དབེན་པ་དེ་ལས་གཞན་ནི་ཉན་ཐོས་ལ་སོགས་པ་དང་འབྲེལ་པ་ཡོན་ཏན་ཆུང་དུ་ཐོབ་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ཟད་པར་བྱེད་ཅིང་འདོར་རོ། །གང ་གི་ཕྱིར་བསྟན་མ་ཐག་པའི་ཉེས་པས་དབེན་ཞིང་འགྲོ་དོན་ཞུགས་པ་རྣམས་ཀྱི་སྟེ། རྒྱལ་པའི་སྲས་རྣམས་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བདུད་ཀྱི་ལS་ཀྱི་ལེའུ་སྟེ་ཉི་ཤུ?་རྩ་གཅིག་པའི་བཤད་པའོ།། །།གང་གིས ་ཡོངས་སུ་མ་ཤེས་པ་དེ་ཉིད་ཉེས་པ་སྟེ། མི་མཐུན་པའི་ཕྱོགས་དེ་དག་དགག་པའི་ཕྱིར། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསྟན་མ་ཐག་པའི་ང་རྒྱལ་ཉེས་པ་ཡིན་པ་དེ་ལྟ་བས་ན་ངེས་པར་བཅོམ་སྟེ། དེ་ལྟ་བུ་ནི་འཁོར ་བར་ལྟུང་བའི་ཐབས་སྤོང་བས་ནམ་མཁས་པའོ། །མངོན་པར་ཡིད་ཆེས་པ་མང་བའི་ཕྱིར་བསམ་པ་དྲག་ལྡན་ནོ། །བྱང་ཆུབ་དམ་པ་ཚོལ་བ་ངེས་ན་ནད་པའི་ཚོགས་ཀྱིས་སྨན་པ་བསྟེན་པ་ལྟར། འདོད་ཆགས་ལ་སོགས་པ་རང་གི་ནད་གསོ་པའི་ཕྱིར་གཡེལ་བ ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ་ཞེས་བསྟན་ཏོ། །དགེ་པའི་བ་ཤེས་གཉེན་ཡང་གང་ཞིག་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ནི་བཅོམ་ལྡན་འདས་སོ། །བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས ་དཔའ་དག་གི་དགེ་བའི་བཤེས་གཉེན་དག་ཕ་རོལ་ཕྱིན་པ་དྲུག་རབ་ཏུ་སྟོན་པ་ཉིད་དོ། །དེ་རྣམས་ལ་སངས་རྒྱས་ལ་སོགས་པ་ནི་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤོང་པ་རྗེས་སུ་སྟོན་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཕ ་རོལ་ཏུ་ཕྱིན་པ་རྣམས་ནི་རྗེས་སུ་གནས་པར་བྱ་བ་ཡིན་པའི་ཕྱིར་སྒྲུབ་པའི་ས་ཉིད་ཡིན་ནོ། །དེ་ལྟར་རྒྱུ་རྣམ་པ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས་ཏེ། དེ་ལས་མ་རྟོགས་པའི་དགེ་བའི་བཤེས་གཉེན་གཞན་ནི་མེད་དོ། །སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་སྒྲུབ་པའི་ས་མ་ཡིན་ནམ། ཇི་ལྟར་དེ་ཁོ་ན་ཡིན་པར་སྟོན་ཅེས་དགོངས་པ་ལ། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགག་པས་ན་འདས་པའོ། །འབྱུང་བར་འགྱུར་བའི ་དུས་ཡིན་བའི་ཕྱིར་མ་བྱོན་པའོ། །ད་ལྟར་ཉིད་ཡིན་པའི་ཕྱིར་བཞུགས་བའོ། །ཕྱོགས་བཅུ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀུན་ཏེ། སངས་རྒྱས་ཇི་སྙེད་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་འདི་ཡིན་ཏེ། གཉིས་པ་མེད་པའི ་ཕྱིར་གཞན་མ་ཡིན་ཏེ། གཞན་གྱིས་ཕྱིན་ཅི་ལོག་སྤོང་བ་མེད་པའི་ཕྱིར་རོ། །གང་གི་ཚེ་ཉོན་མོངས་པའི་སྒྲིབ་པའི་མུན་པ་བསལ་བས་ན་བསལ་པའོ། །ཤེས་བྱའི་སྒྲིབ་པའི་མུན་པ་བསལ་བས་ན་སྒྲོན་མའོ། །དེ་བཞིན་དུ་ཡང་བྱང་ཆུབ་མཆོག་ལ་བཞུགས ་པའི་བྱང་ཆུབ་སེམས་དཔའ་རྣམས་མཐོང་བའི་ལམ་གྱིས་སྣང་བར་བྱེད་པས་སྣང་བའོ། །ཡང་བསྒོམ་པའི་ལམ་བསྐྱེད་པ་རྗེས་སུ་སྟོན་པས་སྟོན་པར་འགྱུར་བའོ། །ཡང་དག་པར་ཕ་རོལ་ཏུ་ཕྱིན་པ་འདི་དག་སྟོན་པའི་ཕྱིར་འདི་དག་ཉིད་ཁོ་ན་སྒྲུབ ་པའི་ས་ཡིན་པར་དགོངས་སོ། །ཞབ?་ལ་བྱུང་བ་བསྟན་ནས་ད་ནི་སྐབས་ལ་བབ་པ་ཉིད་ཀྱིས་ཇི་སྐད་བསྟན་པའི་རྟགས་ལ་མགོན་པར་ཞེན་པ་མ་གྲུབ་པར་བསྟན་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་སྒྱུ་མ་ལྟ་བུར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་དེ་དང་འདྲར་ཤེས་ཤིང། དེ་བས་ན་ཆོས ་རྣམས་སྟོང་ཞིང་མཚན་མ་མེད་པར་རབ་ཤེས་ན། གང་གི་ཚེ་ཇི་སྐད་བསྟན་པའི་རྟགས་ལ་སྤྱོད་པ་དེའི་ཚེ་དེ་ལྟར་སྦྱོར་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། ཇི་སྐད་བསྟན་པའི་རྟགས་ཀྱི་རང་བཞིན་རྣམས་དང། ཆོས་རྣམས་ཐམས་ཅད་སྟོང ་པ་ཉིད་ཡིན་ན་ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱད་བར་བཞག་ཅེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་བདག་གིར་ཞེན་བས་ཁམ་གྱི་ཟས་ལ་སོགས་པ་འདོང་བྱེད་ཅིང། འདོད་པ་དང་གཟུགས་ལ་སོགས་པའི་སེམས་ཅན ་དུ་ཡོངས་སུ་རྟོགས་པས་འཁོར་བསྒྲུབ་པ་དང། སྲུང་བ་མི་བཟད་པའི་སྡུག་བསྔལ་གྱིས་མི་སྐྱོ་ལ་ཕྱིན་ཅི་ལོག་ལ་ཆགས་པའི་ཡིད་ལ་བྱེད་པ་དང་ལྡན་པས་དེས་སྐྱེ་བ་སྲུང་བ་རྟག་ཏུ་འཁོར་རོ། །ཡང་དེ་ཁོ་ན་ཉིད་དུ་བདག་དང་བདག་གི་ལ་སོགས་པའི་ཆོས་ཉིད ་གཉིས་མ་སྐྱེས་པའི་ཕྱིར་ཡང་དག་མིན་ཏེ་སྟོང་པའོ། །ཕྱིན་ཅི་ལོག་གི་སྟོབས་ཀྱིས་ནམ་མཁའ་ལ་མདུད་པ་བོར་རོ། །དེ་བཞིན་དུ་སྐྱེ་བོ་རྣམས་རང་ཉིད་བཅིངས་པ་སྟེ་གྲོལ་བར་དཀའ་ཞེས་བྱ་བའི་བར་དུའོ། །ཅིའི་ཕྱིར་ཞེ་ན། ཐ་སྙད་ལ་མི་མཁས་པའི་ཕྱིར་བྱིས ་པ་སྟེ། བྱིས་པ་བཞིན་གྲོལ་བར་མི་ནུས་ཞེས་བྱ་བའི་བར་དུའོ། །དེས་ནི་ཀུན་ནས་ཉོན་མོངས་པའི་དངོས་པོར་རྣམ་པར་བཞག་གོ་།ཅི་འདི་དག་ཕྱིན་ཅི་ལོག་གི་སྟོབས་ཀྱིས་ཀུན་ཏུ་སྟོང་པར་རྣམ་པར་བཞག་ཅེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དཔེར་ན་དུག་མེད་པ་ལ་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུག་ཏུ་ཤེས་པ་ཉིད་ཀྱིས་དུག་ལངས་ཏེ་ཡི་ལ་ཁྱབ་པའོ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་རྒྱལ་བར་འགྱུར། དེ་བཞིན་དུ་འཕགས་པའི་ལམ་མ་སྐྱེས་པའི་ཕྱིར་ཡང་བྱིས་པའོ། །ཕྱིན་ཅི་ལོག་གི་སྟོབས ་ཀྱིས་ལེགས་པར་སྦྱར་ཏེ། འདི་ནི་བདག་གོ་།འདི་ནི་བདག་གི་ཆོས་སོ་སྙམ་མོ། །དེ་སྐད་དུ་ཡང། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཇོན?་དང་སྡང། །དེ་གཉིས་དང་ནི་འབྲེལ་པ་ལས། །ཉེས་པ་མ་ལུས ་འབྱུང་བར་འགྱུར་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བདག་ཏུ་འདུ་ཤེས་པ་སྐྱེས་པ་ངེས་ཀྱང་དེ་དག་ཉིད་དུ་དབེན་ཞིང་སྟོང་པའི་ཕྱིར་ཡང་དག་པ་མ་ཡིན་པ་ལ་བྱིས་པས་སྒྲོ་བཏགས་སོ། །ཇི་སྐད་བསྟན་པའི་ནུས་པ་ལས་བཟློག་པ་ནི་རྣམ་པར་བྱང་བའི་དངོས ་པོར་རྣམ་པར་བཞག་གོ་།བདེན་པ་གཉིས་ལ་ཡང་དག་པར་བསྟེན་ནས་གཉི་ཀ་རྣམ་པར་གཞག་པ་ཉེ་བར་བསྡུ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཛིན་པ་སྟེ་མངོན་པར་ཞེན་པ་ནི་ཀུན་རྫོབ་བོ། །དེ་ལྟར་ཀུན་ནས་ཉོན་མོངས་པ ་བསྟན་ནས་ཇི་སྐད་བསྟན་པའི་མངོན་པར་ཞེན་པ་བདག་དང་བདག་གིས་ཆོས་སོ། །ཇི་ལྟར་མི་དམིགས་པ་དེ་ལྟར་རྣམ་པར་བྱང་བར་གསུངས། དེ་ཁོ་ན་ཉིད་དུ་འདི་ལ་གང་ཡང་ཏེ། སྒྱུ་མ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་མེད་པས་གང་ཞིག་ཉོན་མོངས་རྣམ ་དག་འགྱུར་མེད་པ། བྱང་ཆུབ་སེམས་དཔས་ཤེས་རབ་ཕ་རོལ་ཕྱིན་པ་རྟོགས། ཆོས་ཉིད་ཅེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ལྟར་དེའི་རྟགས་ཤེས་པར་བྱས་ནས་རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་བསྟན་པའི་ཕྱིར་འཛམ་བུའི་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་གནས་པ་མ་ལུས་བ། དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ ་དེ་དག་ཀུན་ནི་གཞན་ཡང་ངོ། །འགྲོ་བའི་དོན་མངོན་པར་འདོད་པ་ནི་དོན་ཏེ་ཆེད་དུ་བྱང་ཆུབ་རྒྱུར་ཡོངས་བསྔོ་ཡང། གང་ཟག་གཞན་གང་ཞིག་གིས་རྩེ་མོ་མངོན་པར་རྟོགས་པའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བརྩོན་པ་ཐ་ན? ་ཉེར?་ཅིག་གཅིག་ཡང་དག་པར་རྗེས་སུ་འཐུན་བྱེད་ན། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམ་ལ་ཐམས་ཅད་འཕེལ་བ་དང་ལྡན་པའི་ཕྱིར་གང་ཟག་སྔ་མའི་བསོད་ནམས་ལ་ལྟོས་ནས་སྔ་མར་བསྟན་པའི་སེམས་ཅན་དེ་དག་གི་སྦྱིན ་པའི་ཕུང་པོས་བསོད་ནམས་ཀྱི་རྒྱུའི་ཆར་ཡང་ཕོད་བར་མི་འགྱུར་རོ། །དེའི་ཕྱིར་གཡེལ་བ་མེད་པར་རྟག་ཏུ་ཤེས་རབ་འཇུག་པར་བྱ་སྟེ་བསྒོམ་པར་བྱ་ཞེས་ལྟག་མའོ། །ཡུམ་འདི་འབའ་ཞིག་ལ་གོམས་པར་བྱ་བ་མ་ཡིན་ཏེ། ་འོན་ཀྱང་སྙིང་རྗེ་ཡང་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཇི་ལྟར་བསྟན་པའི་རང་བཞིན་ལ་མཉམ་པར་འཇིག་པའི་ཚེ་རྒྱལ་བའི་སྲས་དེ་ནི་རྣལ་འབྱོར་པའོ། །སྙིང་རྗེ ་ཆེན་པོ་སྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད་དེ། མངོན་པར་ཞེན་པས་སེམས་ཅན་དུ་འདུ་ཤེས་པར་མི་བྱའོ། །དེ་ཚེ་རྟགས་མངོན་དུ་འགྲོ་བ་ཉིད་ཀྱིས་ན་མཁས་པའོ། །འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་སྦྱིན་གནས་སུ་འགྱུར་རོ། །དུས ་རྟག་ཏུ་གདོན་མི་ཟ་བར་ཐོབ་པའི་འབྲས་བུ་སྟེར་བའི་ནུས་པ་དང་ལྡན་པའི་ཕྱིར་ཡུལ་འཁོར་བསོད་སྙོམས་དོན་ཡོད་ཡོངས་སུ་སྤྱོད་དོ། །དེ་བས་ན་སེམས་ཅན་གྱི་དོན་གྱི་རབ་སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་རྣལ་འབྱོར་སྒྲུབ་པོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་འདིར་རང་གི་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུས་ཡུན་རིང་པོར་བཅིངས་པའི་ལྷ་མི་ངན་སོང་གསུམ་ནི་སེམས་ཅན་དམྱལ་པ་ལ་སོགས་པའོ། །དགྲོལ་བར་ཡང་དག་པར་འདོད ་པས་ལམ་ཡངས་ནི་ཐེག་པ་ཆེན་པོའོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཞེས་སྔ་མ་དང་འབྲེལ་ཏོ། །དེ་བས་ན་ཉིན་མཚན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་རྗེ་དང་བཅས་པ་འདི་ལ་བརྩོན་པར་བྱའོ།། ་དོན་དེ་ཉིད་ཁོ་ན་ཞེས་དཔེས་གསལ་བར་བྱ་བའི་ཕྱིར། མི་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་སྔན་ཆད་མ་རྙེད་བའི་རིན་ཆེན་མཆོག་སྟེ། ཁྱད་བར་དུ་འཕགས་བའི་དུས་གཞན་ཞིག་རྙེད་བར་གྱུར་ཏེ་དགའ་ ་བ་ལས། དེ་མ་ཐག་དུ་ཡང་རྣམ་པར་གཡེང་བ་ལ་སོགས་པའི་སྦྱོང་པས་བག་མེད་པར་གྱུར་ཏེ། རྙེད་པ་གཏོར་ན་ནི་དེ་ལ་གཏོར་བར་མི་འདོད་པ་དང་མངོན་པར་འདོད་པའི་དངོས་པོ་དང་བྲལ་བའི་ཡིད་ལ་བྱེད་པས་རིན་ཆེན་འདོད་པས་རྟག་ཏུ་སྡུག་བསྔལ་ལོ།། ་དེ་ལྟར་དེ་བཞིན་དུ་བྱང་ཆུབ་མཆོག་ཞུགས་རྙེད་བར་དཀའ་བའི་ཕྱིར་རིན་པོ་ཆེ་དང་འདྲ་བའི་སྙིང་རྗེ་དང་བཅས་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱད་པ་དོར་བར་མི་བྱའོ། །རིན་ཆེན་དོར་བ་རྙེད་པ་ལྟར། འདི་ལྟར་གོས་ལ་སོགས་པ་ལ་བརྟེས? ་ནས་རབ་ཏུ་བརྩོན་པས་སེམས་ཅན་འཛིན་ཏོ། །གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་ཡུན་རིང་པོར་གོམས་པ་དང་རྗེས་སུ་འབྲལ་བ་དེའི་ཚེ་བྱང་ཆུབ་སེམས་མྱུར་བ་ཉིད་དུ་ཡང་དག་པའི་ལམ་དུ་ཞུགས་པའི་ཕྱིར་མྱ་ངན་ལས་འདས་པ་? ་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་དགེ་བའི་བ་ཤེས་གཉེན་གྱི་ལེའུ་སྟེ་ཉི་ཤུ་གཉིས་བའི་བཤད་བའོ།། །།སྙིང་རྗེ་དང་ཤེས་རབ་དག་གིས་རྣམ་པར་འཕེལ་བ་ཐུན་མོང་གི་འབྲས་བུ་བསྟན་ནས། ཁྱད ་པར་གྱི་མི་མཐུན་པའི་ཕྱོགས་དྲིལ་གྱིས་གནོན་པ་རྟོགས་པར་བྱ་བའི་ཕྱིར། དཔེ་སྔོན་དུ་འགྲོ་བས། ཉི་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཉི་མ་སྤྲིན་དང་བྲལ་བས་གསལ་བར་འཆར་བའི་འོད་ཟེར་དྲ་བ་ཅན། མུན་ནག་ཐིབས ་པོའི་མུན་པ་ཐམས་ཅད་འཇོམས་འཆར་བ། རང་གི་འོད་ཀྱིས་འཕྲོ་བ་སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་བོ་ཐམས་ཅད་དང། པ?་བསངས་དང། ཕུར་བུ་ལ་སོགས་པའི་སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན་པ་དེ་བཞིན་དུ་ཇི་སྐད་པ? ་པའི་ཤེས་རབ་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཕྱིན་མཆོག་སྤྱོད། མཁས་པ་བྱང་ཆུབ་སེམས་དཔའ་འཇིག་ཚོགས་ལ་ལྟ་བའི་ཐིབས་པོ་ཐམས་ཅད་དོན་མེད་པའི་རྒྱུ་ཡིན་པའི་ཕྱིར་བཅོམ་ནས་འགྲོ་བ་ཀུན་དང། དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང ་ཟིལ?་གྱིས་གནོན་ཏེ། ཇི་སྐད་བསྟན་པའི་སྙིང་རྗེ་དང་ཤེས་རབ་ཤིན་ཏུ་རྣམ་པར་འཕེལ་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་ལ་རྣམ་པར་སྤྱོད་པས་སྤངས་པ་ཆེ་བས་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་པ་ཡིན་ཞེས་བྱའོ། །མི་མཐུན་བའི་ཕྱོགས ་?་གྱིས་གནོན་པ་བསྟན་ནས། ད་ནི་དེ་བཞིན་དུ་གཉེན་པོ་ཐོབ་པ་ཡང་བསྟན་པར་བཞེད་ནས། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྒྱལ་པོའི་བུ་ཞིག་བྲན་རྣམས་ལ་བསྒོ་བཤའ་བྱེད་བའི་དང་ཚུལ་ཅན་ཡིན་པའི་ཕྱིར་ནོར་གཏོང ་དོ། །ལུགས་ཀྱི་བསྟན་བཅོས་གྱི་རྗེས་སུ་ཞུགས་པས་དོན་སྒྲུབ་པ་ལ་མཁས་པའི་ཕྱིར་དོན་འདོད་བའི་རྒྱལ་པོའི་སྲས་ཀུན་ལས་དེ་ཉིད་གཙོར་ཕུལ་དུ་བྱུང་བར་བཀུང་བའི་ཕྱིར་གཙོ་བོར་གྱུར་བའོ། །འཇིག་རྟེན་གྱིས་བསྟེན་པར་བྱ་བའི་ཕྱིར་མངོན ་བར་འགྲོ་བྱའོ། །འདི་ནི་ད་ལྟར་ན་ཡང་སྟེ་དབུལ་པོའི་གནས་སྐབས་ན་སེམས་ཅན་མང་པོའི་ཕྱིར་བཀུར་སྟི་ལ་སོགས་པས་དགའ་བར་བྱེད་དོ། །དེ་བས་ན་དབང་བསྐུར་བ་ཐོབ་པ་ཅོད་པན་བཅིངས་པར་གྱུར་པ་རྒྱལ་པོ་ཁྱད་པར་ཅན་དུ་གནས་པས་སེམས ་ཅན་མང་པོ་དགའ་བར་འགྱུར་བ་ལྟ་ཅི་སྨོས། །དེ་བཞིན་དུ་ཤེས་རབ་དང་སྙིང་བརྩེར་བཅས་པར་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་གཉེན་པོ་ཐོབ་པའི་སྟོབས་ཀྱིས་ཆོས་སྟོན་པ་ན་ཉམས་པ་མེད་པར་ཆོས་སྟོན་བའི་ཕྱིར་མཐོང་བའི་ལམ་ལ་སོགས ་བའི་བདུད་རྩི་སྦྱིན་བར་བྱེད་པས་ལྷ་དང་མི་རྣམས་དགའ་བར་བྱེད་པར་འགྱུར་རོ། །འདི་ནི་དེ་ལྟ་ན་ཡང་སྟེ་ཆུང་དུ་ཐོག་པའི་གནས་སྐབས་ན་ཡང་སེམས་ཅན་མང་པོ་ལ་ཕན་པ་དང་བདེ་བ་ལ་བརྩོན་ཏེ། མཐོང་བའི་ལམ་ལ་སོགས་པ་སྟོན་པའི་ཕྱིར་རོ། །བག ་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕུལ་དུ་བྱུང་བའི་ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ན་དེའི་ཚེ་སེམས་ཅན་བདེ་བ་ལ་བརྩོན་པ་ལྟ་ཅི་སྨོས་ཞེས་སྔ་མ་དང་སྦྱར་རོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ ་ལས་བརྒྱ་ཕྱིན་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའི་བཤད་པའོ།། །།དེ་ལྟར་གཉེན་པོ་ཤིན་ཏུ་འཕེལ་བས་རང་གི་སྤྱོད་ཡུལ་ལས་འདས་པས་བདུད་རྩོན་པ་ཆེན་པོ་བྱེད་པར་བསྟན་པའི་ཕྱིར། དེའི་ཚེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གང་གི་ཚེ་གཉེན་པོ་སྐྱེས་པ་དེའི་ཚེ་བདུད་ནི་ཟུག་རྡུ་ལྡན་པར་འགྱུར་ཏེ། ཆུང་དུ་དང། འབྲིང་དང། ཆེན་པོ་སྟེ། ཡིད་མི་བདེ་བ་ཐོབ་པ་དང། ཟུག་རྡུ་དང་མྱ་ངན་གྱི་དོན་གྱིས་སྡུག་བསྔལ་ཏེ། དེ་ཉིད་ཀྱི་ཕྱིར་ཡིད་མི་བདེ་ཉམ་ཆུང་བར་འགྱུར། ་ཇི་ལྟར་བྱང་ཆུབ་སེམས་དཔའ་གཉེན་པོ་སྒོམ་པ་ལས་འདི་ཡིད་ནུར་འགྱུར་ཞིང། འཇིགས་པ་བསྟན་ཕྱིར་ཕྱོགས་དང་ཕྱོགས་མཚམས་རྣམས་བསྲེག་ཅིང་སྐར་མདའ་གཏོད་མོད་ཀྱི། དེ་ལྟ་བས་ན་ཡང་བར་ཆད་བྱེད་མི་ནུས་སོ། །གང་ཞིག་ལ་མི་ནུས་ཞེ་ན། ་ལན་དུ་གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མཁས་པར་གྱུར་བའི་སྙིང་རྗེ་ཕུན་སུམ་ཚོགས་པ་ཡང་དག་པའི་བསམ་པ་དང་ཡང་དག་པར་རབ་ཏུ་ལྡན་པས་ཉིན་མཚན་ཤེས་རབ་ཕ་རོལ་ཏུ་ཕྱིན་པ་མཆོག་བསྒོམས་པའི་སྟོབས་ཀྱིས་དོན་ལ་སྟབ? ་དེའི་ཚེ་ཤེས་རབ་དང་སྙིང་རྗེ་གོམས་པས་ལུས་སེམས་ནི་ཉེ་བར་མཚོན་པའི་ཕྱིར་དག་ཀྱང་ངོ། །མཁའ་ལ་འགྲོ་བའི་བྱ་དང་མཚུངས་པ་ཉིད་ཀྱིས་མཉམ་པ་གང་ཅུང་ཟད་ལ་ཡང་མི་གནས་པར་གྱུར་པ་ལ་ནག་པོའི་ལས་ཀྱི་གྲོགས་བྱེད་པའི་ཕྱིར་ནག ་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར་ཏེ། །ཡང་དག་པར་ཞུགས་པའི་ཕྱིར་མི་འགྱུར་རོ། །ལམ་ལ་ཡང་དག་པར་མ་ཞུགས་པ་ལ་ནི་ནུས་སོ་ཞེས་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ ་པ་ལ་སོགས་པ་གསུངས་ཏེ། གང་ཚེ་བྱང་ཆུབ་སེམས་དཔའ་རང་གི་གནས་སུ་དག་གི་རྩོད་པ་ནི་འཐབ་པའོ། །རྒྱལ་པོའི་ཕོ་བྲང་ལ་སོགས་པར་སོང་ནས་འཐབ་པ་ནི་རྩོད་པའོ། །ཕན་ཚུན་སྡང་བར་ཉེ་བར་གནས་པ་ནི་འགལ་བའོ། །ཁྲོ་བས་བསྐྱེད་པའི་སེམས ་མ་རུངས་པར་སྤྱོད་པ་དང་ལྡན་པར་གྱུར་པའོ། །དེས་འཇུག་པ་ཐོབ་པས་བདུད་ནི་དགའ་འགྱུར་ཞིང། དེ་ཉིད་མཆོག་ཏུ་ཉམས་པ་དེར་འགྱུར་རོ། །ཡང་དེ་གཉིས་འཐབ་མོ་ལ་སོགས་པ་བྱེད་པས་དེའི་བྱིན་གྱིས་བརླབས་ཀྱིས་རྒྱལ་པའི་ཤེས་རབ་ལས་ནི་རིང ་འགྱུར་སྙམ། དེ་བཞིན་དུ་དེ་གཉིས་ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང། སྤོང་བའི་ཐབས་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་ལས་རིང་དུ་འགྱུར་ཞིང་ཤ་ཟ་འདྲ་བར་འགྱུར་རོ། །དེ་བས་ན་ཡང་དེ་གཉི་ག་བཀག་པའི་འཐབ་མོ་ལ་སོགས ་བ་བྱེད་ཅིང་བདག་ཉིད་སྟོད་པས་དམ་བཅས་པ་ཉམས་པ་བྱེད་པར་འགྱུར། གང་གི་ཚེ་ཞེ་སྡང་ཆེས་ཆོ་བས་མི་བཟད་པས་གཞན་གནོད་པ་བྱེད་པ་མི་བཟོད་ཅིང་བཟོད་པ་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་མང་པོ ་དགའ་བར་འགྱུར་ཏེ། བདུད་ཀྱི་ཕྱོགས་ནི་བདུད་ཀྱི་སྡེ་ཆོས་མ་ཡིན་པ་འཐབ་མོ་ལ་སོགས་པ་བྱེད་པ་ཡིན་ནོ། །འོན་ཇི་ལྟ་བུས་བྱང་ཆུབ་འཐོབ་ཅེ་ན། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། ལུང་མ་བསྟན་པ་དེ་ནི་?་བར་མཚོན་པའི ་ཕྱིར་རོ། །ལུང་བསྟན་ཐོབ་པ་ལ་ཡང་སེམས་ཁྲོས་པ་ལ་སོགས་པས་བསྐྱེད་ཅིང་སུན་དབྱུང་བའི་སེམས་ཀྱི་རྩོད་བ་རྩོམ་བྱེད་ཅིང་བཤགས་པ་ལ་སོགས་པ་མི་བྱེད་ན། དགེ་བའི་བསོད་ནམས་མི་སྐྱེ་བས་ན་ཐབ་སྐྱོན་ལྡན་ནོ། །སེམས་ཀྱི་སྐད་ཅིག་ཇི་སྙེད་པ་དང ་ལྡན་པ་དེ་སྙེད་ཀྱི་བསྐལ་པར་འཐབ་མོ་ལ་སོགས་པའི་སྡིག་པ་བསལ་བའི་ཕྱིར་དང། གཉེན་པོ་ཐོབ་པར་བྱ་བའི་ཕྱིར་ཡང་ངོ། །སངས་རྒྱས་ཉིད་མི་གཏོང་བར་འགྱུར་པས་གཞི་ནས་གོ་ཆ་བགོ་དགོས་སོ། །འདི་ལྟ་བུས་བྱང་ཆུབ་འཐོབ་པ་ཞེས་བྱ་བར་དགོངས ་སོ། །ཐབས་གཞན་བསྟན་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་བཟོད་པའི་ཕ་རོལ་ཕྱིན་པས་བྱང་ཆུབ་རེག་།དེ་སྙམ་དུ་བསམས་ནས་འཐབ་མོ་ལ་སོགས་པ་བྱེད་པ་ནི་བྱང་ཆུབ་ཀྱི་དགེགས ་ཡིན་པའི་ཕྱིར་རོ། །སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང། སྡིག་པ་བཤགས་པའི་ཚིགས་སུ་བཅད་པ་ལས་སོ་སོར་བཤགས་པར་བྱེད་ཅིང་གང་སུ་ཡང་རུང་བ་ལས་ཕྱིས་ཀྱང་མི་བྱེད་བའི་སྡོམ་པ་ནོད་པར་བྱེད་པ་སྟེ། ངེས་པར་བྱས ་ནས་ཐབས་ཀྱིས་སམ། གང་ཟག་དེ་ཉིད་ལ་མགུ་བར་བྱེད་པས་སངས་རྒྱས་ཆོས་འདིར་སློབ་སྟེ། ཡང་དག་པའི་བྱང་ཆུབ་ཀྱི་ལམ་ལ་མཁས་ཞེས་བྱ་བའི་བར་དུའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་མངོན་བའི་ང་རྒྱལ་གྱི ་ལེའུ་སྟེ་ཉི་ཤུ་རྩ་བཞི་བའི་བཤད་བའོ།། །།ང་རྒྱལ་དང་མངོན་པའི་ང་རྒྱལ་སྔར་དགག་བ་བྱས་ནས། དེ་བཞིན་དུ་བསླབ་པ་ཡོངས་སུ་སྒྲུབ་པ་བསྟན་པའི་ཕྱིར། གང་ཞིག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ ་སེམས་དཔའ་གང་ཞིག་སངས་རྒྱས་ཉིད་ལ་སོགས་པའི་བསླབ་པ་ལ་སློབ་པའི་ཚེ་དོན་དམ་པར་གང་ཡང་བསླབས་པར་བྱ་བའི་རང་བཞིན་ནམ། སློབ་པ་པོའི་བདག་ཉིད་དེ་བྱེད་པ་པོའི་རང་བཞིན་ནམ། བསླབ་པར་བྱ་བའི་ལས་ཀྱི་རང་བཞིན་རྣམས་མི ་དམིགས་པ་ནི་ཉེ་བར་མཚོན་པ་ཉིད་དེ། མ་བསླབ་པ་འམ། མི་སློབ་པ་འམ། བསླབ་པར་མི་བྱ་བའི་ཆོས་སུ་མི་རྟོག་ཅིང། དེ་བཞིན་དུ་བསླབ་པ་དང། བསླབ་པ་མ་ཡིན་པ་འདི་གཉིས་འཁོར་གསུམ་དུ་རྣམ་པར་དག་པ་སྟེ་མི་རྟོགས་པས་ཀུན་རྫོབ ་ཏུ་སློབ་སྟེ། ཕན་པ་དང་ཕན་པ་མ་ཡིན་པ་ཐོབ་པ་དང་སྤང་བའི་ཕྱིར་དེ་ལྟར་གང་སློབ་དེ་ནི་སངས་རྒྱས་ཐོབ་པར་བྱེད་པ་དགེ་བ་བཅུ་ལ་སོགས་པ་ནི་ཆོས་འདིར་སློབ་པ་ནི་ཕུལ་དུ་བྱུང་བར་གྱུར་པའོ། །དེ་ཉིད་ཚུལ་ཁྲིམས་འཆལ་པ་དང་བྲལ་བ་ནི་སངས་རྒྱས ་གཉིས?་པར་བྱེད་པའི་ཆོས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟ་བུའི་བདེན་པ་གཉིས་ཀྱི་རིམ་པ་ལས་མ་འདས་པར་བསྟན་མ་ཐག་པའི་བསླབ་པ་འདི་ཤེས་པ་དེ་ནི་གཞན ་?་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་?་བསླབ་ཉམས་ཚུལ་ཁྲིམས་འཆལ་མི་འགྱུར། དེ་ནི་སངས་རྒྱས་ཆོས་མཉེས་བྱ་ཕྱིར་འདི་ནི་འདི་ལ་སློབ་བོ། །བདེན་པ་གཉིས་ལ་བརྟེན་ནས་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་པ་ནི་བསླབ་ལྷག་བསླབ་ལ་མཁས་ཏེ ་དངོས་པོར་དམིགས་པ་དང་བྲལ་བའི་ཕྱིར་དམིགས་པ་མེད་པའོ། །དེ་ཉིད་གང་ཡིན་ཞེ་ན། མཁས་བ་འོང་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པ་ནི་ཤེས་རབ་ཅན་ཏེ། བདེན་པ་གཉིས་ལ་བརྟེན་ནས་ཡེ་ཤེས་ཀྱི་འོད་མངའ་བའི་ཕྱིར་འོང་བྱེད ་?། །དགེ་བ་མ་ཡིན་སེམས་ཅིག་ཙམ་ཡང་སྐྱེད་མི་བྱེད། ཉི་མ་མཁའ་ལ་འགྲོ་བའི་སྟེ། བར་སྣང་ལ་འོད་ཟེར་བརྒྱ་ཕྲག་བཀྱེབས། མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། དེ་བཞིན་དུ་ཇི་སྐད་སྟན་བའི་བསླབ་པ་ལ་སློབ་པས་ཡོན་ཏན་བསྐྱེད ་དོ་ཞེས་བྱ་བར་དགོངས་སོ། །སྦྱིན་པ་ལ་སོགས་བའི་བསླབ་བར་བྱ་བ་གཞན་དག་ཡོད་པ་མ་ཡིན་ནམ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླད་བར་བསྟན་ཅེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱས་པ་རྣམས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུང་པའི་རྣལ་འབྱོར་ལེགས་བར་སྦྱངས་བས་རྒྱལ་བའི་སྲས་རྣམས་ཀྱིས་འཁོར་དང་བཅད་པ་ལ་བསླབ་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལྷ་མ་ཐམས་ཅད་འདིར་ནི་འདུས་པར་འགྱུར་ཏེ། ་ཚངས་བའི་དྲ་བས་ཞུས་པའི་མདོ་ལས། ཇི་ལྟར་འཇིགས་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་བར་བསྟན་ཏེ། དེས་བསྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་བའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདི་དག་འཁོར་གསུམ་རྣམ་པར་དག་པ་ལ་གོ་ན?་བར་བྱས། ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བར་འགྱུར་རོ། །རྗེས་སུ་འགྲོ་བའི་སྒོ་ནས་བསྟན་ནས་ལྡོག་བའི་སྒོ་ནས་བསྟན་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེ་བ་སྔ་མས་འབངས་པའི་ཚེ་འགག་པ་མི ་སྲོག་གི་དབང་པོ་འགག་པའོ། །དབང་པོ་ཇི་སྙེད་ཡོང་པ་དམིགས་པ་དབང་པོའི་གྲོང་གི་ཚོགས་དེ་དག་འགག་པར་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་སྤྱོད་པ་མཁས་པ་བྱང་ཆུབ་སེམས་དཔའ་མཆོག་རྣམས་ཀྱི་སྦྱིན་པ་ལ་སོགས ་པ་ཇི་སྐད་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་དེའི་སྟོབས་ཀྱིས་གཟུང་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ཐམས་ཅད་མེད་པར་འགྱུར་རོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་སྟོན་ཏོ་ཞེས་བྱ་བར་དགོངས ་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་ཐམས་ཅད་ལ་བསླབས་པ་ཡིན་ནོ། ཉན་ཐོས་ཉིད་ལ་སོགས་པའི་ཡོན་ཏན་ཡང་འབྱུང་བས་དེ་དག་སྐྱོན་ཉིད་མ་ཡིན་ནམ་ཞེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཉན་ཐོས་ཀྱི་ཡོན་ཏན་ཐོབ་པའི་ལམ་ལ་སོགས་པ་གང་དག་ཡིན་པ་དང། དེ་བཞིན་དུ་རང་རྒྱལ་རྣམས་ཀྱི་ཡོན་ཏན་ཀུན་ལ་བྱང་ཆུབ་སེམས་དཔའ་མཁས་པ་དེས་འདུལ་བའི་སེམས་ཅན་རྗེས་སུ་བཟུང་བའི་ཕྱིར་གཞན་གྱི་དོན་དུ་སློབ་པར་བྱ་བ་ཕྱིར? ་ཡིན་གྱི། ཡང་དེ་ལ་མི་གནས་ཏེ། དེ་བཞིན་དུ་འདོད་པ་ཡང་མི་བསྐྱེད་དེ། ཉན་ཐོས་ལ་སོགས་པའི་ཡོན་ཏན་འདི་ནི་གཞན་གྱི་དོན་དུ་བསླབ་བྱ་ཡིན་སྙམ་ནས་དེའི་ཕྱིར་སློབ་ཀྱི། དོན་དེ་ཉིད་མངོན་སུམ་དུ་མི་བྱེད་པས་སྐྱོན་མ་ཡིན་ནོ། །ཡོན ་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་བསླབ་པའི་ལེའུ་སྟེ་ཉི་ཤུ་ལྔ་པའི་བཤད་པའོ།། །།རྣམ་པར་འཕེལ་བ་དེ་ལྟ་བུའི་འཕེལ་བའི་བསྟན་པའི་ཕྱིར། མི་ལྡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚོ་ཕྱིར་མི ་ལྡོག?་པའི་ཁྱད་པར་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ལ་སོགས་པ་ལ་བསམ་པ་ཐག་པས་ཡིད་རང་བ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་རི་རབ་སྲང་ལ་གཞལ་བས ་?་གཟུང་བར་ཅུང?་གི་།རྒྱལ་བའི་སྲས་ཀྱི་དགེ་བ་ལ་རྗེས་སུ་ཡིད་རང་བའི་བརྟན་པའི་ཚད་ནི་བཟུང་བར་ནི་ནུས་ཏེ་དེ་ལྟ་མིན་ནོ། །ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཆོས་གཞན་དག་ལ་ཡང་བསྟན་པའི་ཚད་ཉེ་བར་གཟུང་བར་མི་ནུས་སོ། །བརྟན་པ་དེ ་ལྟ་བུས་བརྟན་པའི་སེམས་གནས་པ་བརྗོད་པར་བསྟན་པའི་ཕྱིར། དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་།ཚོགས་ཀྱི་ལམ་ལ་སོགས་པ་ནི་དགེ་བའི་དོན་གཉེར་རོ། །རབ་ཏུ་དགའ་བ་ལ་སོགས་པ་ནི་ཕན་བར ་འདོད་པའོ། །སེམས་ཅན་ཇི་སྙེད་པ་ཀུན་གྱི་བསོད་ནམས་ཕུང་པོ་ཇི་སྙེད་པ་ལ་ཡང་ཡི་རང་འགྱུར། དེའི་ཕྱིར་དེ་དག་བསོད་ནམས་ལྷག་བའི་རང་བཞིན་སེམས་བརྟན་པ་ཐོབ་པས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔས་རིམ་གྱི་རྒྱལ ་བའི་ཡོན་ཏན་རྗེས་སུ་ཐོབ་པར་གྱུར་ནས། ཕྱིན་ཅི་ལོག་མ་ལུས་པའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་འཇིག་རྟེན་ཏེ་འགྲོ་ལ་ཆོས་སྦྱིན་བྱེད། འདིར་ཡང་རྟགས་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུ་རྩེ་མོའི་མངོན་པར་རྟོགས་པའི་དྲོ་བ་ལ་སོགས་པ ་ངེས་པར་འབྱེད་པའི་ཆ་བཞིའི་རང་བཞིན་ཡིན་ནོ། །ངེས་པར་འབྱེད་པའི་ཆའི་རྗེས་ལ་མཐོང་བའི་ལམ་ཡིན་ཏེ། དེ་ལ་ཡང་མི་འཐུན་བའི་ཕྱོགས་རྣམ་པ་བཞི་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའོ། །ཡང་འདི་སྤོང་བར་བྱེད་བའི ་གཉན་པོ་དང་བླད་བར་བྱ་བ་བརྗོད་པར་བྱ་བ་ཡིན་པ་ལས་ཐམས་ཅད་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་བཟུང་བའི་རྣམ་པར་རྟོག་པ་དང་པོ་སྤང་བར་བྱ་བ་བསྟན་པར་བཞེད་ནས། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞི ་མཐོང་བའི་ལམ་ལ་སྦྱོར་བའི་གནས་སྐབས་ན་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་པས་མི་རྟོག་པའོ། །རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་ཆོས་རྣམས་ཀུན་ནོ་སྟོང་དང་མཚན་མ་མེད་པ་ཡོངས་སུ་ཤེས་པ་དང། སྒྲོ་བཏགས? ་?་ཆོས་ཐམས་ཅད་དབེན་པའི་ཕྱིར་སྤྲོས་པ་མེད་པ་དེ་ཉིད་ཡོངས་སུ་ཤེས་པ་དེ་ནི་ཤེས་རབ་ཇི་སྐད་བསྟན་པས་རྣམ་པར་རྟོག་པ་གཉིས་ཀྱི་རྣམ་པས་བྱང་ཆུབ་ཚོལ་བར་མི་བྱེད་དོ། །རྒྱུ་དང་འབྲས་བུར་འབྲེལ་པ་གང་ཡིན་པ་དེ་ནི་རྗེས་སུ ་འགྲོ་བ་དང་ལྡན་པའོ། །མཐོང་བའི་ལམ་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར་རྣལ་འབྱོར་པའོ། །མཐོང་བའི་ལམ་གྱི་བདག་ཉིད་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་གོ། ཐམས་ཅད་བཟློག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བའི་རྣམ་པར་རྟོག་པ་གཉིས ་པ་སྤང་བའི་ཕྱིར། ནམ་མཁའ་ཨི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནམ་མཁའ་ཨི་ཁམས་དང་ནམ་མཁའ་ལྷན་ཅིག་ཏུ་ཕན་ཚུན་སྤངས?་པ་ལ་སོགས་པའི་མཚན་ཉིད་ཀྱིས་འགལ་བ་མེད་དོ། །གང་གི་ནམ་མཁའ་ཨི་ཁམས་དེ་དང་ནི་ནམ་མཁའ་ཨི་དེར་ཡུལ ་འགའ་ཞིག་ཏུ་རྣམ་པ་འགས་འགལ་བ་ཐོབ་པ་ལྟ་ཅི་སྨོས། གང་གི་སྒྲས་འཕངས་པའི་བརྗོད་པར་བྱ་བ་ནི་རང་ལ་རང་བྱེད་པ་?་གལ་བས་མི་སྲིད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ་གྱི་རང་བཞིན་ཤེས་རབ་སྤྱོད་མཁས?་བྱང་ཆུབ ་སེམས་དཔའ་ཡང། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་ཏེ། མཐོང་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ན་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་ཉེ་བར་ཞི་བ་སྤྱོད་པར ་འགྱུར་ཏེ། དེ་བས་ན་དེ་ཉིད་ཀྱིS་གང་དང་ཡང་ལྷན་ཅིག་ཏུ་ཅུང་ཟད་ཀྱང་འགལ་བ་མེད་དོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་བསྟན་ནས། དེ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ་གཉིས་བརྗོད་པར་བྱ་བ་ཡིན་པས་སྐྱེས་བུ་རྗེས་སུ་ཡོད་པའི་རྟག? ་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོ་སྤང་བར་བྱ་བ་ཉིད་དུ་རིག་པར་བྱ་བའི་ཕྱིར། སྐྱེ་བོའི་དབུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྒྱུ་མ་བྱེད་པས་སྤྲུལ་པའི་སྐྱེས་བུ་འདི་སྙམ་དུ་ཉེ་པར་གནས་པའི་སྐྱེས་བུ་ལྟད་མོ་པའི་ཚོགས་འདི ་?་མགུ་བར་བྱའོ་སྙམ་དུ་མི་སེམས་ཏེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཡང་དེ་སྤྲུལ་པ་དེ་ཉིད་སྐྱེས་བུའི་ཁྱད་པར་གྱི་དོན་སྣང་བའི་ཤེས་པ་བསྐྱེད་ནས་མངོན་པའི་ང་རྒྱལ་གྱིས་དེ་ཉིད་བྱ་བ་བྱེད་པར་ལྟ་བ་པོས་མཐོང་བ་ནི་རང་གི་ང་རྒྱལ་གྱི་སྟོབས ་ཀྱིས་བྱ་བ་སྣ་ཚོགས་སྟོན་པར་བྱེད་པ་མཐོང་ཡང། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར། ཡང་སྤྲུལ་པའི་སྐྱེས་བུ་དེ་ལ་ལུས་མེད་སེམས་མེད་དག་གི་རང་བཞིན་ཡང་མེད་དེ་མིང་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་མཐོང་བའི་ལམ ་ཀྱི་སྦྱོར་བའི་གནས་སྐབས་ནི་ཤེས་རབ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནམ་ཡང་བྱང་ཆུབ་རྟོགས་ནས་འགྲོ་བ་ལ་ཆོས་སྟོན་པ་ལ་སོགས་པས་ཡོངས་སུ་དགྲོལ་མི་སེམས། དེ་ལྟ་བས་ན་ཡང་ལྷ་ལ་སོགས་པའི་འགྲོ་བར་སྐྱེ་བ་སྣ་ཚོགས་ནི་རྣམ་པ་?་སྣ ་ཚོགས་བའོ། །སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་བྱ་བ་སྣ་ཚོགས་བའི་བྱ་བ་མང་པོ་དང་ལྡན་པར་སྟོན་ཏེ། ཀུན་རྫོབ་ཙམ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུར་སྟོན་ཀྱང། ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་སྤངས་ནས་རྣམ་པར་མི་རྟོག་སྤྱོད་དོ། །ཡང ་གང་ཞིག་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་སྤང་བར་བྱ་བ་ཉིད་སྔ་མ་བཞིན་དུ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སངས་རྒྱས་ཀྱི་སྤྲལ?་བ་ཉིད་ནི་ཁྱད་པར་ཅན ་གྱི་སྤྲུལ་བའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་མཛད་པ་བྱེད་ཀྱང་བྱེད་པ་དེ་ལ། ང་རྒྱལ་མང་པོའི་དྲགས་པ་ཅུང་ཟད་སྐྱེ་མི་འགྱུར། དེ་བཞིན་དུ་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་རང་བཞིན་ཤེས་རབ་ཀྱིས ་ཇི་སྐད་བཤད་བའི་རྣམ་པར་རྟོག་པ་སྤངས་པ་ལས་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་རྒྱུ་དང་འབྲས་བུ་དང་བྲལ་བའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན། དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ ་རྣམ་པ་བཞི་སྤངས་པས་མངོན་པར་ཞེན་པ་མེད་པའི་སྦྱོར་བས་དོན་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །སྔ་མ་བཞིན་དུ་ཉེ་བར་བསྡུ་བའི་ཕྱིར། ཤིང་མཁན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཤིང་མཁན་ནི་ཤིང་འཇོག་པའོ། །ཇི་ལྟར ་བསླབ་པའི་མན་ངག་ལོགས་པས་ན་བཟོ་བོའོ། །རིག་པ་དང་ལྡན་པའི་ཕྱིར་མཁས་པའོ། །སྐྱེས་པ་བུད་མེད་དང་འདྲ་བ་ཤིང་ལས་འཁྲུལ་འཁོར་གྱི་བཟོ་བྱས་པ་དེ་ཡང་བྱ་བ་ཐམས་ཅད་བྱེད་པར་སྣང་བའི་ཤེས་པ་སྐྱེའོ། །དེ་ལྟར་བསྟན་མ་ཐག་པའི ་རང་བཞིན་རྣམ་པར་རྟོག་པ་བཞི་སྤངས་པའི་ཤེས་རབ་ལ་སྤྱོད་པ་མཁས་པའི་བྱང་ཆུབ་སེམས་དཔའ་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་མེད་པའི་ཡེ་ཤེས་ཀྱིས་འགྲོ་བ་འདི་དག་ཐམས་ཅད་ཀྱི་བྱ་བ་བྱེད་ཀྱང་རྣམ་པར་མི་རྟོག་སྟེ། ཡིད་བཞིན ་གྱི་ནོར་བུ་བཞིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་སྒྱུ་མ་ལྟ་བུའི་ལེའུ་སྟེ་ཉི་ཤུ་དྲུག་པའི་བཤད་པའོ།། །།ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་མཚང་བ་མེད་པར་སེམས་ཅན་གྱི་དོན ་འབའ་ཞིག་བྱེད་པར་མ་ཟད་ཀྱི། སངས་རྒྱས་ལ་སོགས་པས་བསྔགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་ལ་སྤྱོད་པ་མཁས་པའི་བྱང་ཆུབ ་སེམས་དཔའ་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་གཙོ་བོ་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཡང་དང་ཡང་དུ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་ཀྱང་འཚལ་བར་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན ་འདས་ཇི་སྙེད་བཞུགས་པ་ཡང་ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད་དོ། །དེ་བས་ན་དེ་བདུད་ཀྱི་ཡུལ་ལས་འདས་སོ་ཞེས་བསྟན་པའི་ཕྱིར། གངྒཱའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཾ?་གཱའི་ཀླུང་གི་བྱེ་མ་དང་མཉམ ་པའི་སངས་རྒྱས་ཀྱི་ཞིང་རྣམས་སེམས་ཅན་ཇི་སྙེད་ཡོད་པ་དེ་ཀུན་ཡོངས་སུ་ལྟག་པ་གཟུང་སྟེ་བདུད་དུ་གྱུར་ལ། བ་སྤུ་ཉན་རེ་ལས་ཀྱང་བདུད་ཀྱི་ཚོགས་དེ་སྙེད་སྤྲུལ་བྱས་ཀྱང། དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། དེ་ལྟར་ལྟའི་བུའི ་བདུད་ལས་འདས་པར་ལན་མང་དུ་བསྟན་ནས་སྦྱིར་བདུད་བཞི་ལས་འདས་པར་བསྟན་པའི་ཕྱིར། རྒྱུ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པ་ཉིད་ཀྱིས་ཤེས་རབ་ཀྱི་?་ཀྱིས་སྟོང་པ་ཉིད་ལ་གནས་པར ་གྱུར་བ་དང། སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་ཀྱི་དོན་མི་གཏོང་བ་དང། ལྷག་པར་དང་བཅས་པའི་དོན་དུ་ཕུན་སུམ་ཚོགས་པས་ཇི་སྐད་སྨྲས་པ་བཞིན་དུ་བདེན་པར་བྱེད་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས ་བས?་ན་བདེ་གཤེགས་བྱིན་རླབས་ཅན་ཏེ། དེ་རྣམས་ནི་རྒྱུ་རྣམ་པ་བཞིའོ། །ཚིག་ཉམས་པ་མེད་པས་ན་མ་ལས་པའོ། །ལུས་ཀྱི་སྟོབས་ཕུན་སུམ་ཚོགས་པས་ན་སྟོབས་ལྡན་ནོ། །སེམས་གཞན་དུ་བསྒྱུར་བར་མི་ནུས་པས་ན་ཐུབ ་པར་བཀའ་བའ་ཨོ། །དེ་བས་ན་ཕུང་པོ་ལ་སོགས་པའི་བདུད་བཞིས་རབ་ཏུ་བསྐྱོད་པར་མི་ནུས་སོ་ཞེས་ཚིགས་སུ་བཅད་པའི་དོན་སྦྱར་རོ། །ད་ནི་རྒྱུ་གང་དང་བཅས་པས་མཐོང་པའི་ལམ་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་ཡུམ་དེ་བསྟན་པའི་ཕྱིར། ་དེ་བཞིན་གཤེགས་ཡུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བྱང་ཆུབ་ཆེན་པོ་ལ་རབ་ཏུ་གནས་པའི་ཆེད་དུ་མཐོང་བའི་ལམ་ལ་སོགས་པ་གཞན་ལ་ཡང་དག་པར་སྡོན་ཅིང། བྱང་ཆུབ་ཀྱི་རྒྱུ་མཚན་ཉིད་ཀྱི་དོན་དུ་དེ ་ལྟར་ཡང་དག་པའི་གཞུང་གི་དོན་གྱི་སྒོ་ནས་བསྟོད་ཅིང་སེམས་མོས་པ་ནི་མོས་བྱེད་ཅིང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པའི་ཡུམ་འདི་འཆད་ཅིང་བྱང་ཆུབ་ཐོབ་པའི་ཆེད་དུ་བདག་ཉིད་ཀྱིས་ཡི་གེར ་བྲིས་པ་ལ་སོགས་པ་བྱས་ནས་བྱིན་ཏེ་བསམ་པ་ཐག་པས་སྒྲུབ་པར་མངོན་པར་བརྩོན་བྱེད་ན། དེས་པ་ཐམས་ཅད་མཁྱེན་པའི་ཐབས་ཉིད་ལ་ཞུགས་པ་དེ་དག་ནི་རབ་ཏུ་གནས་པ་ཡིན་པར་བྱའོ། །རྒྱུ་དང་བཅས་པར་བསྟན་པ་མཐོང་བའི་ལམ ་དེ་ཉིད་ལ་རྣམ་པར་རྟོག་པ་སེལ་བའི་ནུས་པ་ཡོད་པར་དཔེ་སྔོན་དུ་འགྲོ་བས་རྟོག་པར་བྱ་བའི་ཕྱིར། ཆོས་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཆོས་ཀྱི་དབྱངས་ཉིད་ནམ་མཁའ་ཨི་ཁམས་ཀྱི་དེ་བཞིན་ཉིད་ལ་རང་བཞིན་མེད་པའི ་ཕྱིར་གནས་པར་མི་འགྱུར་བ་ཉིད་ནི་གནས་མེད་དོ། །དངོས་པོ་ཐམས་ཅད་ཀྱི་ནུས་པ་དང་བྲལ་བའི་མཚན་ཉིད་བར་སྣང་ནི་ནམ་མཁའ་ཨོ། །སྤྲིན་ནི་སེམས་ཅན་གྱི་ལས་ཀྱི་དབང་གིས་གནས་པར་གྱུར་བའོ། །དཔེར་ན་རིག་སྔགས་འཆང་གིས་རླུང ་གི་དཀྱིལ་འཁོར་ལ་གནས་པའི་སྦྱོར་བ་སྔགས་མཐུས་དུས་མིན་མེ་ཏོག་ལྡན་ཞིང་བྱིན་གྱིས་རློབ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་སྟོབས་ཡིན་ནོ། །བསྟན་མ་ཐག་པའི་རྒྱུ་དང་བཅས་པའི་མཐོང་ལམ་རྟོགས་པའི་ཕྱིར། ་བྱང་ཆུབ་སེམས་དཔའ་མཁས་གསལ་བས། རྟོགས་པར་བྱེད་པ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་བཟུང་བར་སྒྲོ་བཏགས་པར་དམིགས་པར་མི་འགྱུར་རོ། །ཆོས་ཐམས་ཅད་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་གཟུང་བར་རྟོག་པ་རྣམ་པར་གཞག་པ་དང ་དམིགས་པ་མེད་དོ། །འཆད་པར་བྱེད་པ་སྐྱེས་བུ་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་སྒྲོ་བཏགས་པ་ཡང་མི་དམིགས་སོ། །ལྟ་བར་བྱེད་པ་སྐྱེས་བུ་བཏགས་བའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པར་གཞག་པ་ཡང་མི་དམིགས ་?། །མཐོང་བའི་ལམ་གྱིས་ཇི་སྐད་བསྟན་པའི་རྣམ་པར་རྟོག་པ་བཞི་སྤངས་པས་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཡིན་པས་མི་གནས་པའི་མྱ་ངན་ལས་འདས་པ་ལ་དགའ་བས་འདི་གནས་སོ། །ཇི་སྐད་བསྟན་པའི་མཐོང་བའི་ལམ་རྒྱུ་དང ་བཅས་པས་སྟོབས་བཅུ་ལ་སོགས་པའི་མངོན་བར་དགའ་བའི་ཡོན་ཏན་གྱིས་རྒྱལ་བའི་སྲས་རྣམས་དེ་དག་གནས་སོ་ཞེས་བྱ་བར་དགོངས་སོ། །བྱང་ཆུབ་སེམས་དཔའ་ཨི་ལམ་དང་མཚུངས་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པ་འདི་དག་གནས་སམ ་ཞེ་ན། ལན་དུ་དགྲ་བཅོམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། རེ་ཞིག་ཉན་ཐོས་རྣམས་དང། རང་སངས་རྒྱས་དང་བཅས་པའི་མཐོང་བའི་ལམ་ལ་སོགས་པའི་མཚན་ཉིད་ཀྱིས ་གནས་པའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པའི་བྱེད་པ་ཉིད་ནི་ཞི་བའོ། །སེམས་རྩེ་གཅིག་པས་ཉེ་བར་ཞི་བས་རབ་ཞིའོ། །མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱེད་པའི་ཕྱིར་བདེ་ལྡན་ནོ། །ཇི་སྙེད་དེ་དག་གི་མཆོག་ཏུ་འདི་གནས་པ་ཡིན ་ཏེ། ཁྱད་པར་དུ་ཤེས་བྱའི་སྒྲིབ་པ་སྤངས་བའི་ཕྱིར་རྒྱལ་བའི་སྲས་རྣམས་ཐུན་མོང་མ་ཡིན་པའི་ཆོས་རྟོགས་པ་ཡིན་པས་རྣལ་འབྱོར་གྱི་གོང་ན་མེད་པ་ཡིན་ནོ། །ཐམས་ཅད་རབ་ཏུ་ཁྱད་པར་དུ་འཕགས་པ་ཡིན་ནམ་མྱ་ངན་ལས་འདས་པ་ཇི་ལྟར་མ་རྟོགས ་ཤེ་ན། ལན་དུ་འདབ་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འདབ་ཆགས་མཁའ་ལ་གནས་ཀྱང་ལྟུང་བའི་གེགས་མེད་པར་གྱུར་ཀྱང་ལྟུང་བར་འགྱུར་བ་མ་ཡིན་ཏེ། རང་གི་ལས་སྐྱེས་པའི་གཤོག་པ་གཉིས་ལ་ནུས་པ་ཡོད་པའི ་ཕྱིར་རོ། །ཉ་ནི་ཆུ་ལ་གནས་ཀྱང་འཚུབས་ཏེ་འཆི་བ་མེད་དེ། རང་གི་ལས་ཀྱི་དབང་གིས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཐོབ་པ་དེ་བཞིན་དུ་བསམ་གཏན་གྱི་སྟོབས་དང?་ཕ་རོལ་སོན་པ་སྒྱུ་མ་ལྟ་བུ་མཐོང་བའི་ལམ་ལ ་མངོན་དུ་ཕྱོགས་པ་སྟོང་པ་ཉིད་ལ་གནས་ནས་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེད་དོ། །སྔོན་གྱི་སྨོན་ལམ་གྱིས་བསྐྱེད་པ་དང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་དོན་ཐམས་ཅད་ཐོབ ་པར་འདོད་པ་ཉིད་ཀྱིས་གནས་པ་འདི་ལ་བརྟེན་པར་བྱའོ་ཞེས་བསྡུ་བའི་ཕྱིར་རོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ནི་ཆོས་ཀྱི་སྐུར་འགྲོ་བར་འདོད་པ་ཞེས་བྱ་སྟེ། ལོངས་སྤྱོད་རྫོགས ་པའི་སྐུ་མཆོག་ཐོབ་པར་འདོད་པ་ནི་སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་བྱུང་འདོད་པའོ། །སྤྲུལ་པའི་སྐུ་ཆོས་ཀྱི་མཆོག་སྦྱིན་པར་འདོད་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་འབྲལ་པ་ཆོས་ཀྱི་སྦྱིན་པ་རབ ་མཆོག་དམ་པ་སྦྱིན་འདོད་གང་བྱང་ཆུབ་སེམས་དཔའ་ཕན་མཛད་རྣམས་ཀྱི་གནས་མཆོག་དམ་པ་འདི་ལ་བརྟེན་པར་གྱིས། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་སྙིང་པོའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའི་བཤད་པའོ།། །། ་ཡང་བྱང་ཆུབ་ཆེན་པོ་གང་ཞིག་ཡིན་ཞེ་ན། དོན་གང་ཞིག་ཇི་སྐད་བསྟན་བའི་རྒྱུ་དང་བཅས་པཱི་མཐོང་པའི་ལཾ་གྱི་འདོད་པའི་ཡུལ་བྱང་ཆུབ་ཆེན་པོའི་རང་གི་ངོ་བོ་བསྟན་པའི་ཕྱིར་བསླབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསླབ་པ་གང་ཇི་སྙེད་པ ་སེམས་བསྐྱེད་བ་ལ་སོགས་པའི་རིམ་པར་འགྲོ་བའི་དེད་དཔོན་དུ་གྱུར་བ་འདྲེན་པས་བསླབ་པ་བརྗོད་པ་ཇི་སྙེད་པ་དེ་དག་ཀུན་གྱི་ནང་ན་ཟད་པ་དང་མི་སྐྱེ་བ་ཉིད་དུ་གྱུར་པའི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེས་ཀྱི་བདག་ཉིད་གང་ཡིན་པ ་དེ་ནི་བྱང་ཆུབ་ཆེན་པོའི་བསླབ་པ་ཁྱད་པར་དུ་འཕགས་པ་སྤོང་པ་དང་ལྡན་བཞིན་རིམ་པ་ཇི་ལྟ་བ་བཞིན་དུ་མཆོག་དང་གོང་ན་མེད་པར་འགྱུར་རོ། །མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས་ཏེ། སངས་རྒྱས་ཀྱི་བསླབ་པ་ལ་སློབ་པར ་འདོད་པས་ཇི་སྐད་བསྟན་པའི་ལམ་གྱི་རང་བཞིན་ཤེས་རབ་ཕ་རོལ་ཕྱིན་འདིར་སློབས་ཏེ། བསྒོམ་པར་བྱ་ཞེས་བྱ་བའི་བར་དུའོ། །ཞར་ལ་བྱུང་བ་རྫོགས་ནས་ད་ནི་སྐབས་ཉིད་ཀྱི་མཐོང་པའི་ལམ་བསྟན་པར་བཞེད་ནས། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། མི་དམིགས་པས་ཕྱིན་ཅི་མ་ལོག་པ་ཉིད་དུ་ཐོབ་པས་དགེ་བའི་ཆོས་ཐམས་ཅད་འདུས་པའི་ཕྱིར་ཆོས་ཀྱི་གཏེར་གྱི་མཆོག་གོ། འདིར་ནི་རྩེ་མོའི་མངོན་པར་རྟོགས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་པར་གཟུང་ངོ། །སྦྱིན་བ་ལ་སོགས ་པ་འཁོར་གསུམ་རྣམ་པར་དག་པ་མཆོག་ཏུ་གྱུར་པ་རྣམ་པ་སུམ་ཅུ་རྩ་དྲུག་བསྐྱེད་པས་མཐོང་པའི་ལམ་སྔོན་མེད་པའི་ཆོས་ཉེ་བར་སྐྱེས་པ་ནི་ཆོས་ཀྱི་མཛོད་དམ་པའོ། །སངས་རྒྱས་ཉིད་འབྱུང་བ་རྟོགས་པ་དང་མཐུན་པ་ཉིད་སྐྱེས་པའི་ཕྱིར་སངས་རྒྱས ་ཀྱི་རིགས་སུ་སྐྱེས་པ་སྟེ་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་ཡོངས་སུ་རྫོགས་པ་ནི་བདེ་སྐྱིད་བའི་མཛོད་དོ། །དེ་ལྟ་བུ་ཉིད་ཉེ་བར་གཟིགས་ནས་མྱ་ངན་ལས་འདས་པའི་ཕྱིར་འདས་པའོ། །སངས་རྒྱས་ཉིད་དུ་འགྱུར་པའི་ཕྱིར་མ་བྱོན་པའོ། །ཕྱོགས ་བཅུའི་འཇིག་རྟེན་ན་ད་ལྟར་ཉིད་འགྲོ་བའི་དོན་མཛད་པས་ན་འཇིག་རྟེན་མགོན་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །རབ་ཀྱི་མཐར་ཐུག་པར་འགྲོ་བའི་རང་བཞིན་ཉིད་ས་བཅུ་དང་འབྲེལ་བ་རྩེ་མོའི་མངོན་པར་རྟོགས་པ་གཟུང ་པ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ངེས་པར་སྤངས་བའི་ཕྱིར་དེ་དག་མཐོང་བའི་ལམ་ལས་རིམ་པ་ཇི་ལྟ་བ་བཞིན་ཐམས་ཅད་འཁྲུངས་སོ། །འཁྲུངས་པར་འགྱུར་རོ། །འཁྲུང་ངོ། །དེ་བཞིན་གཤེགས་པ་ཐམས་ཅད་རྟོགས་པ་བརྙེས ་པས་བྱང་སྟོང་བ་ཉིད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་མཐོང་བའི་ལམ་ཟད་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་ཕྱིར་འདིས་ཕྱིན་ཅི་ལོག་ཐམས་ཅད་སྤངས་པས་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ཡིན་བར་དཔེ་སྔོན་དུ་འགྲོ་བས་བསྟན ་བའི་ཕྱིར། ཤིང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཇིག་རྟེན་ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། དེ་དག་ཐམས་ཅད་ས་ལས་སྔོན་མེད་བ་ཡང་དག་པར་འབྱུང་ཞིང་འཐོན་ཏེ། གོང་ནས་གོང་དུ ་འཕེལ་བ་དང་ལྡན་པས་འབྱུང་བའོ། །འོན་ཀྱང་སའི་ཚད་ཇི་སྐད་བསྟན་པ་ཁུར་གྱིས་མནན་བས་ཟད་པར་འགྱུར་བ་མེད་ལ། ཤིང་ལ་སོགས་པས་འཕེལ་བ་ཡང་མེད་དོ། །སྐྱོ་བ་ཡང་མེད་དོ། །དལ་བ་ཡང་མེད་བའི་ཕྱིར་རོ། །དུབ་བ་ཡང ་མེད་དེ། མི་སྣང་བར་གྱུར་པ་མེད་པའི་ཕྱིར་རོ། །རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་མེད་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དང། རྒྱལ་བའི་སྲས་དང། ཉན་ཐོས་ནི་དགྲ་བཅོམ་བའོ། ། ་རང་རྒྱལ་ཏེ་རང་སངས་རྒྱས་དང། ལྷ་རྣམས་དང། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ་སྟེ། ཟག་པ་དང་བཅས་པ་དང། ཟག་པ་མེད་པ་དེ་དག་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་པའི་ལམ་ཇི་སྐད་བསྟན་པ་བྱང་ཆུབ ་སེམས་དཔའ་ཨི་སྒོམ་པ་ལས་བྱུང་ངོ། །དེ་བཞིན་དུ་རྟོག་པ་དང་རྣམ་པར་རྟོག་པ་མེད་པས་ཟད་པ་མེད་ཅིང་ངོ། །ཤེས་རབ་ཀྱིས་ཡང་དག་པའི་ཆོས་ཉིད་མཐོང་བའི་ལམ་རྟོགས་པས་ཅུང་ཟད་འཕེལ་བ་མེད་དོ་ཞེས་བྱ་བའི་བར་དུའོ། །དེ་ལྟར ་མཐོང་བའི་ལམ་བསྟན་ནས། མི་མཐུན་པའི་ཕྱོགས་སྤངས་པ་ལ་སོགས་པའི་གཞི་སྔར་རྟོགས་ནས་གཞི་ལེགས་པར་རྟོགས་པ་བསྒོམ་པ་ཡིན་ཏེ། རེ་ཞི་གཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པར་དཔེ་སྔོན་དུ་འགྲོ་བས ་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སེམས་ཅན་ཡོན་ཏན་ཆུང་ངུ་ལ་སོགས་པ་དང་ལྡན་པ་ན་ཐ་མའོ། །རྫས་ལ་སོགས་པ་འབྲིང?་དང་ལྡན་པ་ནི་འབྲིང་ངོ། །བྱ་བ་ལ་སོགས་པ་ཐམས་ཅད་དམ ་བ་དང་ལྡན་པ་ནི་མཆོག་ཡིན་པར་འཇིག་རྟེན་ལ་གྲགས་པ་རྟག་པ་ཉིད་ལ་སོགས་པ་དེ་དག་ཐམས་ཅད་བཀག་པའི་ཕྱིར་སྔོན་གྱི་ལས་དགེ་བ་དང་མི་དགེ་བ་རྒྱུ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་དེ་ཀུན་མ་རིག་ལས་བྱུང་བ་བདེ་བར་གཤེགས་པས་གསུངས། ་དེ་བཞིན་དུ་འཕེལ་བའི་ལས་ཀྱི་ཚོགས་པའི་རྐྱེན་གྱིས་དུས་ཇི་སྙེད་ཀུན་ཏུ་འཕངས་པར་འཇུག་པ་ཉེ་བར་ལེན་པའི་ཕུང་པོ་ལྔའི་འཁྲུལ་འཁོར་རབ་ཏུ་འབྱུང་བ་ནི། མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད་དོ། །སྔོན་མ་བྱུང་པའི་སེམས་ཅན་རབ་ཏུ་བྱུང ་བར་འགྱུར་བ་ནི་ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་དོ་ཞེས་བྱ་བར་དགོངས་སོ། །འདི་ལྟར་ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་ཉིད་ནི་ཡེ་ཤེས་ཚུལ་ལོ། །རིམ་བ་ཇི་ལྟ་བ་བཞིན་དུ་ཆུང་ངུ་དང། འབྲིང་དང། ཆེན་པོའི་འབྲས་བུ་གོང་ནས་གོང་དུ་ཐོབ་པར ་བྱེད་པའི་ཕྱིར་ཐབས་ཀྱི་སྒོའོ། །རྩ་བའོ། །དེ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ནི་བསྒོམ་པའི་ལམ་སྟེ། དེ་བསྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་རྫོབ་ཏུ་འབྱུང་ངོ། །དེ་བཞིན་དུ་འཕེན་པ་ལས་རྐྱེན་རྣམས་ཚོགས་ནས་རབ་ཏུ་འབྱུང་ངོ། ་ཇི་སྲིད་མི་འཁོར་བའི་ཕན་ཚུན་ལྷན་ཅིག་བྱེད་པ་ཉིད་ཀྱིས་ཡེ་ཤེས་ཀྱི་འཁྲུལ་འཁོར་ཏེ་སྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱས་པའི་ལམ་ལ་ཟད་མེད་འཕེལ་བ་མེད་དོ། །རྣམ་པ་གང་ཞིག་མངོན་གསུམ་དུ་བྱས ་བས་ཡོན་ཏན་ཇི་སྐད་བསྟན་བ་དེ་ཐོབ་པར་བྱེད་ཅེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་སྒྱུ་མ་ལྟ་བུ་ཉིད་ཡིན་པས་ན་སྐྱེ་མེད་ཟད་པ་མེད་དེ་མི་ཟད་པའི་ཕྱིར་རོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོང་རྒལ་གྱི་སྙོམས་པར་འཇུག་པའི་མཚན་ཉིད་བསྒོམ་པའི་ལམ་ཟག་པ་མེད་པ་ཉིད་དུ་ཤེས་པས་ཉི་མ་སྤྲིན་གྱི་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བས་མུན་པ་བསལ་བའི་ནུས་པ་རང་ལ་ཡོད་པ་ལྟར། དེ་བཞིན ་དུ་མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ནི་བཅོམ་ལྡན་འདས་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་མེ་ཏོག་བཀྲམ་པ་ཞེས་བྱ་པར་འགྱུར་བ་བཞིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་མེ་ཏོག ་བཀྲམ?་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའི་བཤད་པའོ།། །།བསྒོམ་པའི་ལམ་འདིར་བརྗོད་པར་བྱ་བ་ཡིན་ལ། དེ་ལ་སྤང་པར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་ལས་སྤང་བར་བྱ་བ་གཉིས་བསྟན་པར་བྱ ་བར་བཞེད་ནས་བསམ་གཏན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པས་དབྱེ་བ་དང། དེ་བཞིན་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ནི་བསམ་གཏན་བཞི?་ཞེས་བྱ་སྟེ། རྣམ་པ་བཞི་ལས ་སེམས་རྩེ་ཅིག་པ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྒོམ་པའི་ལམ་གྱི་ལུགས་ལས་བཟླག་པ་ལ་སོགས་པའི་རིམ་པ་ལ་དམིགས་པ་ནི་གནས་མེད་དོ། །གཟུང་བའི་རྣམ་པར་རྟོག་པ་གཉིས་སྤངས ་བས་ཐོབ་པ་ལས་རྟོགས་པ་ཆེ་བའི་ཕྱིར་མཐུ་ཆེན་ལྡན་པའོ། །བརྟེན་པར་བྱེད་པ་མ་ཡིན་པ་ཉིད་ནི་གཟུང་བར་མངོན་པར་ཞེན་པ་མེད་པའི་རྣལ་འབྱོར་པས་གཟུང་བའི་རྣམ་པར་རྟོག་པ་གཉིས་སྡངས་པའི་ཕྱིར། གནས་སྐབས་དེ་ལ་གནས་པ་མེད ་བས་ན་གནས་པར་བྱེད་པ་མེད་དོ། །འོན་ཀྱང་རྟེན་དུ་འགྱུར་ཏེ། ཚོགས་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར་འདི་བསྒོམ་པའི་ལམ་གྱི་དམིགས་པའི་མཆོག་ཡིན་ཏེ། རྣམ་པ་བཞི་ལ་སེམས་རྩེ་གཅིག་པ་མངོན་པར་ཞེན་པ་མེད་པར་འགྱུར་བ ་ཁྱད་པར་གྱི་ཡེ་ཤེས་དང་སྤངས་བ་ཕུན་སུམ་ཚོགས་པ་ལ་སྦྱོར་བ་ནི་དམ་པ་སྟེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལས་འཕགས་པས་ན་མཆོག་གོ་།ཐོབ་པའི་ཆེད་དུ?་བྱ་བར་གནས་མདོ?་ཞེས་བྱ་བར་དགོངས་སོ། །དེའི་རྗེས?་ལ་འཛིན་པའི་རྣམ ་པར་རྟོག་པ་གཉིས་སྤང་པར་བྱ་བ་བསྟན་པའི་ཕྱིར། ཤེས་རབ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་མ་ཐག་པའི་བསམ་གཏན་མཆོག་ལ་གནས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པས་འཛིན་པའི་རྣམ་པར་རྟོག་པ་གཉིས ་སྤངས་ཏེ། བསྒོམ་པའི་ལམ་ཐོབ་པ་ནི་ཤེས་རབ་མཆོག་ཐོབ་པའོ། །གང་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། གཟུགས་ཅན་གྱི་བསམ་གཏན་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང། ཡང་གིས ་སྤྲས་འགོག?་པའི་སྙོམས་པར་འཇུག་པ་གཅིག་ཀྱང་སྟེ། །དེ་དག་ཐམས་ཅད་ཐབས་དང་ཤེས་རབ་ཏུ་ལྡན་པར་བསྒོམ་པའི་ཕྱིར་ཏིང་འཛིན་དམ་པའོ། །ཡང་དག་པ་དེ་དག་ཡང་དང་ཡང་དུ་གོམས་པར་བྱ་བའི་ཕྱིར། བསམ་གཏན་གྱི་རང ་བཞིན་འདི་དག་བྱང་ཆུབ་དམ་པ་མཆོག་ལ་འཇུག་སྟེ། དེ་དང་མཐུན་པར་གྱུར་བའི་ཕྱིར་ཕན་པར་གྱུར་པའོ། །དེ་ལྟ་ཡིན་ཡང་བྱ་བ་ལྷག་མ་ཉིད་སངས་རྒྱས་ཀྱི་སའི་སྒྲིབ་པ་སྨད་པའི་འབད་བ་མི་བྱེད་པས་ན། ཟག་པ་ཟད་པའི་ཕྱིར་བྱང་ཆུབ་སེམས ་དཔའ་སློབ་པ་མིན་ནོ། །རྣམ་པར་རྟོག་པ་སྤང་བའི་ཕྱིར་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུའི་བདག་ཉིད་ཆེ་བའི་ཕྱིར་?་ངོ་མཚར་རོ། །འབྲས་དུ་ཆེ ་བའི་ཕྱིར་རྨད་བྱུང་ངོ། །འདི་ལྟ་སྟེ། དེ་ལ་སྤྱོད་བས་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་ཡོན་ཏན་སོགས་པ་ནི་བྱང་ཆུབ་སེམས་དཔའ་འོ། །འདི་ལྟར་ཇི་སྐད་བསྟན་པའི་བསམ་གཏན་བཞི་ཐོབ་ནས་ཏིང་ངེ་འཛིན ་བསྒོམ་བའི་ལམ་ལ་གནས་པ་སྟེ། དམིགས་ཀྱང་མངོན་པར་ཞེན་པའི་རྒྱུའི་མཚན་མ་ཉིད་མེད་དོ། །བསྒོམ་པའི་ལམ་དེ་ལ་གནས་ཀྱང་སྒྲིབ་པ་ལྷག་མ་སྤྱད་བའི་ཕྱིར་གལ་ཏེ་རང་གི་ལུས་བདག་ཉིད་ཞིག་བར་གྱུར་ཀྱང་དེ་རྣམ་པ་ཐམས་ཅད་དུ་སྟོན ་པར་འགྱུར་བ་གཟུགས་མེད་པའི་ཁམས་སུ་སྐྱེ་བ་སྤངས་ནས་འདོད?་པ་ཡིན་པའི་ཕྱིར་འདོད་པ་དང?་གཟུགས་ཀྱི་ཁམས་གང་ཡང་རུང་བར་འདོད་པར་སྙིང་རྗེའི་དབང་གིས་ཇི་ལྟར་འདོད་པ་བཞིན་རྒྱལ་རིགས་ལ་སོགས ་པར་སྐྱེའོ། །བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་དོན་དཔེ་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཛམ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་དེ་ནམ་ཡང་ལྷའི་ཡུལ་གཞན ་འཕྲུལ་དབང་བྱེད་ལ་སོགས་པ་གསུངས་ཏེ། བྱང་གི་སྒྲ་མི་སྙན་དུ་མ་ཕྱིན་པ་ནི་མ་ཐོབ་པའོ། །མྱིས་རྫུ་འཕྲུལ་ལ་སོགས་པས་སོང་སྟེ། རྗེས་སུ་ཐོབ་ནས་དེ་ན་ཡོངས་སུ་གཟུང་བ་དང་ལྡན་པའི་ཡུལ་དེ་རྣམས་མཐོང་ནས་སེམས་ཅན་གྱི ་དོན་བྱེད་པའི་རྟེན་ཡིན་པའི་ཕྱིར་འདིར་འོངས་པར་གྱུར་ན་ཆགས་པར་མི་བྱེད་ལྟར་ཏེ། སྔ་ན་མེད་པའི་བདེ་བའི་རྒྱུ་ལའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་ཐོབ་པའི་ཡོན་ཏན་གྱི་བཞི་དེ་ཉིད་ཁྱད་པར་དུ་འཕཌ? ་པའི་ཕྱིར་མཆོག་གོ་།བསམ་གཏན་དམིགས་པ་མེད་པ་དང་དགེ་བའི་ཆོས་རྣམས་དྲན་ཡང་རྐྱེན་གྱི་དབང་གིས་གནས་ཏེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཞི་བར་བྱེད་པ་ལ་རྣལ་འབྱོར་བརྩོན་ཏེ། ཕྱིར་ཡང་འདོད་པའི་ཁམས་སུ་གཟུགས་ཆེ? ་པ་སྤངས་ཏེ། འདིར་འདོད་པའི་སྒྲ་ནི་བརྗོད་པར་འདོད་པ་གཟུང་སྟེ། ཁམས་གར་འདོད་པར་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པར་གནས་པར་འགྱུར་རོ། །དེ་དག་གི་ཉེས་པས་ཀྱང་རྗེས་སུ་གོས་པ་མེད་པའི་ཕྱིར་ཆུའི་པར་མ་བཞིན་དུ་དེ ་ལྟ་བུ་ལ་གནས་པ་ཉིད་ཀྱིས་བྱིས་པའི་ཆོས་སྦྱིན་པ་ལ་སོགས་པ་དམིགས་བའི་ཆོས་མི་གནས་སོ། །འདིར་ཡང་གནས་པར་རྟོགས་པར་དཀའ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཨི་ཐབས་ལ་མཁས་པ་མ་གཏོགས་པ་རྩོད་པ་གཞན་དང ་གཞན་རྒྱུད་པས་རབ་ཏུ་རྒྱས་པའི་ལོག་པར་བསྒྲུབ་པ་བསལ་པར་བྱ་སྟེ། དེ་ལ་རེ་ཞིག་གལ་ཏེ་རྟེན་མེད་ན་དམིགས་པ་ལ་སོགས་པ་ཇི་ལྟར་ཞེ་ན། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་བསྟན་པ་ལ་སོགས་པས་སེམས་ཅན ་ཡོངས་སུ་སྨིན་པར་བྱ་བ་དང། རང་གི་སེམས་ཡོངས་སུ་སྦྱངས་པས་ནི་སངས་རྒྱས་ཀྱི་ཞིང་སྦྱངས་པ་དང། མི་མཐུན་པའི་ཕྱོགས་སྤངས་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དགོངས་པ་ལས་གཞན་ལ་བདག ་ཉིད་ཆེན་པོ་བྱང་ཆུབ་སེམས་དཔའ་རྟེན་པར་མི་བྱེད་དོ། །དེ་ལྟ་མོད་ཀྱི་དོན་དེའི་ཕྱིར་དམིགས་བ་དང་ལྡན་པ་ལ་སོགས་པའི་ཁམས་གཉིས་སུ་མོས་ཏེ་།གཟུགས་མེད་པའི་ཁམས་ཏེ། ཡང་སྣོད་གདགས་པ་བསྟན་པ་ཆེན་པོའི་མདོའི་རྗེས་སུ་འགྲངས་ཏེ། ་ནངས་ཀྱི་གོང་ན་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སོགས་པར་འདུ་ཤེས་པ་བཞིའི་རང་བཞིན་དུ་རྒྱལ་པའི་སྲས་རྣམས་སྐྱེ་བ་དོན་དུ་གཉེར་བར་མི་བྱེད་དེ། གང་གི་ཕྱིར་ན་ཞི་གནས་ཤས་ཆེ་བའི་ཕྱིར་དྲང་འདུ་ཤེས་ཐམས་ཅད་འགོག་བས་ཡོན ་ཏན་བུལ་དུ་བྱུང་པ་འབྱུང་བའི་བྱང་ཆུབ་དང། ཕ་རོལ་ཏུ་ཕྱིན་པ་རྣམས་ཉམས་པར་འགྱུར་བའི་ཕྱིར་རོ། །ཅི་ནས་དེའི་ཉེས་པར་འགྱུར་པས་རྗེས་སུ་གོས་པའི་ཆགས་པ་མེད་དོ། །ཅིའི་ཕྱིར་དེར་གནས་པར་འགྱུར་ཞེ་ན། དཔེ་སྔོན་དུ་འཚོ་བས་ལན ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་མི་ཞིག་གིས་རིན་པོ་ཆེའི་རང་བཞིན་གྱི་གཏེར་རྣམས་རྙེད་གྱུར་ནས། དེ་ལ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་ཏེ། རང་ལ་དགོས་པ་མེད་ལ། གཞན་གྱིས་མི་ཤེས་པའི་ཕྱིར ་གཅིག་བུས་ཡང་གཏེར་དེ་ཡང་དུས་གཞན་ཞིག་ན་དེ་དག་ཡོངས་བླངས་ཤིང། བླངས་ནས་ཁྱིམ་དུ་སོང་ནས་ཆགས་པ་མེད་པར་རང་གི་གཉེར་རྣམས་ལ་འགོད་དོ། །དེ་ལྟར་དེ་བཞིན་དུ་གཞན་གྱི་དོན་དུ་ཞུགས་པའི་ཕྱིར། ཐབས་ལ་མཁས་བའི་སྟོབས ་ཀྱིས་ཇི་སྐད་བསྟན་པའི་བསམ་གཏན་གཞི་པོ་ཉིད་ལ་སྙོམས་པར་འཇུག་པ་དང་འཐུན་པའི་ཕྱིར་ཞི་བ་རྣམ་པར་གྲོལ་བ་ཐོབ་པས། བྱང་ཆུབ་སེམས་དཔའ་མཁས་པ་དགའ་བ་དང། བདེ་བ་སྦྱིན་ཞིང་དེ་ལ་ཆགས་པ་མེད་པར ་གྱུར་བས་བདག་དང་གཞན་གྱི་དོན་གྱི་མཚན་ཉིད་བསམ་གཏན་བདེ་ལྡན་ཏེ། ཀུན་རྫོབ་དང་དོན་དམ་བའི་ཕྱེ་བས་རིམ་པ་ཇི་ལྟ་བ་བཞིན་དུ་བསམ་གཏན་དང་སྙོམས་པར་འཇུག་པ་ཐོབ་ནས་ཆགས་པ་མེད་པར་བཏང་སྟེ། སྙིང་རྗེ་ཆེན་པོའི་དབང་གིས་འགྲོ་ལ ་སྙིང་བརྩེར་ལྡན་པས་ཕྱིར་ཡང་ཇི་སྐད་བསྟན་པའི་འདོད་པའི་ཁམས་སུ་བདག་ཉིད་ལ་ཀུན་ཏུ་བཏགས་ནས་འཇུག་ཀྱང་དེ་ལ་ཆགས་པ་ནི་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཡིན་ན་འོ་ན་ནི་མཉམ་པར་མ་བཞག་པའི་ས་ལ་བཞུགས་པའི་ཕྱིར ་ཇི་ལྟར་གཡེང་བར་མི་འགྱུར་ཞེ་ན། ལན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །བྱང་ཆུབ་སེམས་དཔའ་འདོད་པའི་ཁམས་ན་གནས་ཀྱང་སེམས་རྩེ་གཅིག་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་བསམ་གཏན་ཙམ་ཡིད་ལ་བྱེད་པས་གནས ་ཏེ། དགྲ་བཅོམ་རང་རྒྱལ་ཐེག་པར་འདོད་པའི་བློ་བསྐྱེད་ན་ཏེ། སེམས་ཅན་ལ་བལྟོས་པ་མེད་པར་དེས་མངོན་པར་འདོད་པའི་དོན་ལ་དམིགས་པ་སྤངས་པ་ནི། མཉམ་པར་མ་བཞག་པར་གྱུར་པ་ནི་དམིགས་པའི་ཉེས་པ་ཡིན་པའི་ཕྱིར་སེམས ་རྒོད་པའོ། །ཐེག་པ་ཆེན་པོ་ལས་སེམས་ཕྱི་རོལ་ཏུ་གྱུར་པ་ན་སེམས་གཡེངས་གྱུར་པའོ། །དེ་ལྟ་བུ་ནི་སངས་རྒྱས་ཡོན་ཏན་ཡོངས་ཉམས་ཏེ། །དཔེར་ན་མཉན་པ་གྲུ་ཞིག་བཞིན་ཏེ། ཆུར་གྲུ་ཕྱིར་པའོ། །དགོངས་པ་ཡིན་གྱི་མཉམ ་པར་བཞག་པ་ཙམ་འབའ་ཞིག་གིས་སྐྱེ་བ་མ་ཡིན་པ་མཉམ་པར་བཞག་པ་ཐབས་དང་ཤེས་རབ་ཀྱི་སྟོབས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཟེར། མཉམ་པར་གཞག་པའི་ཁམས་སུ་སྐྱེ་བའམ་འབའ་ཞིག་ནི་མ་ཡིན་ཏེ་འོ་ན་ཅི་ཞེ་ན་མཉམ་པར ་བཞག་པ་ཐབས་དང་ཤེས་རབ་ཀྱི་སྟོབས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་སྒྱུ་མ་ལྟ་བུའི་ཆོས་ཀྱི་ཚུལ་གྱིས་སེམས་ཅན་རྗེས་སུ་འཛིན་པ་ལ་དགོངས་པས་གཟུགས་ལ ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་མངོན་པར་བརྩོན་གྱུར་ཀྱང། དགྲ་བཅོམ་རང་རྒྱལ་ཐེག་པ་ལ་འདོད་པའི་སེམས་དང་བྲལ་ཏེ། སྟོང་པ་ཙམ་ཉིད་དང། སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དེ་ཉིད་དང། མངོན་པར་འདོད་པའི་དོན ་ལས་རྟག་ཏུ་ཉམས་པ་མེད་པ་ནི་མཉམ་གཞག་ཡིན་པར་ཤེས་པར་བྱའོ། །དཔའ་བོ་ནི་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་གྱུར་བའི་བྱང་ཆུབ་སེམས་དཔའ་ཨོ། །དེ་ལྟར་ཞར་ལ་བྱུང་བའི་རྩོད་པ་དང་གཞན་དང་གཞན་རྒྱུད་བའི་ལོག་པར་རྟོག་པ ་བསལ་ཏེ། རྩེ་མོའི་མངོན་པར་རྟོགས་པ་བསྟན་པ་ཡིན་ནོ། །དེ་སྐད་དུ་ཡང། དེ་ཡི་རྟགས་དང་རྣམ་འཕེལ?་དང། །བརྟན་དང་སེམས་ཀུན་གནས་པ་དང། །མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག ་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དག་དང། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་རྟོགས་ཞེས་གསུངས་པ་ཡིན་ནོ། །རྩེ་མོའི་མངོན་པར་རྟོགས་པ་སོ་སོ་དང་བསྡུས་པའི་དོན་རྟོགས ་པ་ཐོབ་བ་རིམ་པར་བྱ་སྟེ་བསྟན་པར་བྱ་བའི་ཕྱིར་བསྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་ཡིན་ན་ཞེས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གཞན་ཏེ། མི་དགེ་བ་ལ་སོགས་པའི་བག ་ཆགས་ཀྱིས་གང་ཞིང་འབོ་བས་ན་གང་ཟག་གོ་།གཞན་ཕྱིར་ཉེས་པ་ན་ལུས་པ་བསལ་བའི་རྒྱུས་སེམས་དཔའ་རྣམ་པར་དག་པ་ཡོད་པ་སྟེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དྲུག་དང། ་ཆོས་ཐམས་ཅད་རང་བཞིན་མེད་པའི་ངོ་བོ་ཉིད་ལ་བརྩོན་འགྲུས་ཕ་རོལ་ཏུ་ཕྱིན་ལ་མངོན་བརྩོན་པ་སྟེ། ཆོས་རྣམ་པ་བཅུ་གསུམ་པོ་དེ་དག་ཉིད་བསྒོམ་པའི་རྣམ་པར་སྤྱོད་པའོ། །དེ་བཞིན་དུ་ཇི་སྐད་བསྟན་པའི་མངོན ་པར་རྟོགས་པ་ལ་སོགས་པའི་དོན་ནི་དཔེར་ན་ལས་ངན་ལ་བྱེད་ནུས་པས་ཆུ་ཆུན་དྲན་མོ་རང་དབང་མེད་པར་ཇོ་བོས་བསྡམས་པར་རྗེ་བོའི་དབང་ངོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དབང་དུ་གྱུར་པའི་ཕྱིར་དཔའ་རྣམས་ཏེ། བྱང་ཆུབ ་སེམས་དཔའ་འོ། །སེམས་ཅན་ཀུན་གྱིས་བཀོལ་ཞིང་དབང་དུ་འགྲོའོ། །ཞེས་བྱ་བས་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་བསྟན་ཏེ། དེ་སྐད་དུ་ཡང། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་གསུངས་པ་ཡིན་ནོ། །རྣམ ་པར་བསྒོམ་པ་མཐར་གྱིས་པའི་མངོན་པར་རྟོགས་པ་ཤིན་ཏུ་གོམས་པར་བྱས་པས་དེ་ཉིད་སྐད་ཅིག་མ་གཅིག་ལ་རྟོགས་པ་འདི་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། ཞེས་དཔེ་སྔོན་དུ་འགྲོ་བས་བསྟན་པའི ་ཕྱིར། སྤྱོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྗེ་བོ་ངེས་ཉེས་པའི་ཚིག་གིས་སྤྱོས་སམ་ཏེ། ཡིད་དུ་མི་འོང་བ་བརྗོད་པའོ། །ཚིག་ངན་པ་དང་དབྱིག་པ་ལ་སོགས་པས་བརྡག?་པ་བྱེད་ཀྱང་རུང། འོན་ཀྱང་ཤིན་ཏུ་སྐྲག་པའི་ཡིད ་ཀྱིས་འཇིགས་བཅས་ཟིལ་གྱིས་ནོན་པས་གནས་པ་སྟེ། རྗེ་བོ་འདི་ཡིས་བདག་བཟློག་ཚིག་སྨྲས་ན། སླར་ཡང་བསད་པར་གྱུར་དུ་འོང་སྙམས་སེམས་ནས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེད་དུ ་བྱང་ཆུབ་མཆོག་ཞུགས་པས་རྣམ་པར་སྲིན?་བ་མ་ཡིན་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མཚན་ཉིད་གཅིག་ཏུ་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པ་ལ་སོགས་པ་རྣམ་པ་བཞིས་ཀུན་གཞི་རྣམ་པར་ཤེས་པ་ལ ་ཆོས་ཐམས་ཅད་ཀྱི་བག་ཆགས་བརྟེན་ནས། གང་གི་ཚེ་སྦྱིན་པ་ལ་སོགས་པའི་ཆོས་གཅིག་གིས་གཞན་ཟག་པ་མེད་པར་དམིགས་པ་ནི་གཞན་དག་དང་རྒྱུ་དང་འབྲས་བུར་གྱུར་པ་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རོ། །ཕུལ་དུ་བྱུང་བ ་ཁྱད་པར་ཅན་གྱི་རྒྱུས་སྐད་ཅིག་མ་གཅིག་ལ་རྟོགས་སོ། །དེ་བཞིན་དུ་འགྲོ་བ་ཀུན་ལ་སྟེ་བག་ཆགས་མ་ལུས་པ་སྤངས་པས་དཔེར་ན་བྲན་གྱུར་བཞིན་དེ་དག་མགུ་བས་གནས་པར་བྱ་སྟེ། སེམས་ཅན་མགུ་བར་བྱ་བ་གང་ཡིན་པ་འདི་ལས་བྱང་ཆུབ ་མཆོག་ཐོབ་ཅིང། ཡོན་ཏན་སོགས་པའི་རྒྱུར་གྱུར་པ་རྫོགས་པར་འགྱུར་རོ། །དཔེར་ན་རྩཝ་དང་ཤིང་ལས་མེ་བྱུང་བས་རྩཝ་དང་ཤིང་དེ་ཉིད་བསྲེག་པ་ལྟར། དེ་བཞིན་དུ་སེམས་ཅན་ལས་བྱུང་བའི་ཆོས་སེམས་ཅན་མ་མགུན་ཉམས་པར་འགྱུར་རོ་ཞེས་བྱ ་བར་དགོངས་སོ། །འདིས་ནི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས?་པར་བྱང་ཆུབ་པ་བསྟན་ཏོ། །དེ་སྐད་དུ་ཡང། སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི་ཞེས་བྱ་བ་གསུངས་པ་ཡིན་ནོ། ། ་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཤིན་ཏུ་བསྒོམས་པས་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་བུ་གཅིག ་པ་ལ་མ་ཡང་དག་པར་གཡོ་ལ་སོགས་པ་སྤངས་པའི་ཕྱིར་བསམ་པ་ཐག་པས་སྐྱོ་བ་མེད་པར་གནས་ནས་རིམ་གྲོ་བྱེད་པ་ལྟར། དེ་བཞིན་དུ་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་བ་བཞི་ཕྲིན་ལས་དང་བཅས་པ་ཐོབ་ནས། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ ་མངོན་དུ་འགྱུར་བས་བདག་གི་བདེ་བ་བཏང་ནས་སེམས་ཅན་དེ་དག་གིས་ཕན་འདོགས་པའི་རེ་བ་མེད་པའི་སེམས་ཀྱིས་ཏེ། བཞེད་པའི་ཐུགས་མི་མངའ་བར་སེམས་ཅན་གྱི་དོན་ལ་ཉིན་མཚན་མངོན་པར་བརྩོན་པས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཡང་དག་པར་བཞུགས་སོ། །འདིས་ནི་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་པ་སྟོན་ཏོ། །དེ་སྐད་དུ་ཡང། ངོ་བོ་ཉིད་ཡོངས་རྫོགས་བཅས་དང། །དེ་བཞིན་གཞན་ནི་སྤྲུལ་པ་དང། །ཆོས་སྐུ་མཛད་དང་བཅས ་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད་ཅེས་གསུངས་པ་ཡིན་ནོ། །དེ་དག་གིས་ནི་མངོན་པར་རྟོགས་པ་བརྒྱད་ཉིད་ཡོངས་སུ་རྫོགས་པར་བྱིས་པའི་སྐྱེ་བོས་རྟོགས་པར་བྱ་བའི་ཕྱིར་དོན་བསྡུས་ནས་བསྟན་ཏེ། །དེ་ཡང ་རྒྱ་ཆེར་ནི་འཕགས་པ་བརྒྱད་སྟོང་པའི་བཤད་སྦྱར་ལས་གཟུང་ངོ། །གཞན་དག་ནི་དེ་བསླབ་པར་འདོད་པས་བྱེ་བྲག་གི་དོན་རབ་ཏུ་སྦྱར་མོད་ཀྱི། རྣམ་པ་ཐམས་ཅད་སྦྱར་བར་མི་ནུས་པའི་ཕྱིར་སྐབས་གཞན་དུ་ནི་བསྡུས་ནས་བརྗོད ་པས་གཅིག་ཏུ་བསྡུས་པ་འམ་རྒྱས་པའི་ཕྱོགས་ཅུང་ཟད་ཀྱང་མ་ཡིན་ནོ། །དེས་བརྗོད་པར་འདོད་པ་མི་གནས་པ་ལ་བརྗོད་པར་འདོད་པའི་ཚིག་ཏུ་དྲངས་པ་འབའ་ཞིག་ཏུ་ཟད་དེ། དེའི་གཞུང་ཉེ་བར་བཀོད་པ་ལ་སུན་དབྱུང་བ་ལ་བྱས་སོ། །ཡོན ་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་རྗེས་སུ་རིག་པའི་ལེའུ་སྟེ་ཉི་ཤུ་དགུ་པའི་བཤད་པའོ།། །།ཇི་སྐད་བཤད་པའི་མངོན་པར་རྟོགས་པ་བརྒྱད་ཀྱི་རང་བཞིན་གྱི་ཡུམ་ཐོས་པ་ལ་སོགས་པའི་ཤེས་པ་བསྐྱེད ་ནས་ཐོབ་པའི་ཆེད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་ན་ཅི་འདྲ་བ་ཞིག་བསྒྲུབ་པར་བྱ་བ་དེ་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་ཡུན་རིང་པོར་འཁོར་བར་འཁོར་འདོད ་ཅིང། དེ་བཞིན་དུ་རྟེན་དང། བརྟེན་པའི་དབྱེ་བས་སེམས་ཅན་དོན་དང་སངས་རྒྱས་ཀྱི་ཞིང་སྤྱོད་ཞིང་སངས་རྒྱས་ཀྱི་རྗེས་སུ་གནད་བ་ལ་སྦྱོར་བར་བརྩོན་པའི་རྣལ་འབྱོར་པ་ཡུན་ཐུད་དུས་ཡུམ་མ་ཐོབ་ཀྱང་ཆོས་རྣམས་སྒྱུ་མ་ལྟ་བུར་བསྒོམས ་བའི་སྟོབས་ཀྱི་སྐྱོ་བའི་བློ་ནི་རྡུལ་ཙམ་སྐྱེ་བར་མི་འགྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་སེམས་ཅན་ལ་དམིགས་ནས་དོན་བྱེད་པ་ལ་སོགས་པ་བརྩོན་འགྲུས་རྣམ་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། གཉིད་དང་རྨུགས ་བ་མེད་པས་གཡེལ་བ་མེད་པར་འགྱུར་རོ། །སྐྱོ་བའི་བླ་སྐྱེད་པ་ལ་ཉེས་པ་ཅི་ཞིག་ཡོད་པ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བསྐལ་པ་བྱེ་བར་སངས་རྒྱས་བདག་གིས་ཐོབ་པར་བྱ་སྙམ་ན། བྱང་ཆུབ་སེམས་དཔའ་མི ་མཁས?། དེའི་ཚེ་དེ་བཞིན་གཤེགས་པའི་བྱང་ཆུབ་རིང་པར་འདུ་ཤེས་བསྐྱེད་པས་སྡུག་བསྔལ་དུ་འདུ་ཤེས་པས་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་རོ། །ཆོས་ལ་དམིགས་པར་མངོན་པར་ཞེན་པ་ཐོབ་པ་ཉིད་ཀྱི་ཕྱིར་དེ་བས་ན་བརྩོན་འགྲུས་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཉམས་པའི་ཕྱིར་ལེ་ལོའི་ཆོས་ཀྱི་རང་བཞིན་དུ་འགྱུར་རོ། །འོ་ན་ཇི་ལྟར་སྐྱོ་པའི་བློ་བསྐྱེད་པར་མི་བྱ་ཞེ་ན། བྱང་ཆུབ་མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས། བླ་ན་མེད་པའི་བྱང ་ཆུབ་དེ་བཞིན་གཤེགས་པ་ཐོབ་ཀྱི་བར་གྱི་དུས་ཐམས་ཅད་ལ་གང་གི་ཚེ་ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་པར་བྱེད་དེ་ཆོས་རྣམས་སྒྱུ་མ་ལྟ་བུར་བསྒོམས་པ་མངོན་དུ་འགྲོ་བས་ཀུན་རྫོབ་ཙམ་ལ་ཤིན་ཏུ་གནས་པ་དེའི་ཚེ་ཐབས་ཀྱིས་སྐྱོ་བའི་འདུ་ཤེས ་བསལ་བས་མཁས་པ་གསལ་བས་བརྩོན་འགྲུས་བརྩམས་པར་རིག་པར་བྱའོ། །ཡང་དག་པར་ཞུགས་པ་ཉིད་ལ་བདུད་གནོད་པ་བྱེད་པར་འགྱུར་བ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འགའ་ཞིག་འདི་སྐད ་སྨྲ་སྟེ། རིའི་རྒྱལ་པོ་རི་རབ་གང་གིས་བཤིག་པ་དེ་ཉིད་ཀྱིས་བྱང་ཆུབ་མཆོག་ཐོབ་འགྱུར་ཞེས་སྨྲ་བ་ལས། དེ་ཐོས་ནས་བྱ་བར་མི་ནུས་པ་ལ་སོགས་པས་སྐྱེ་བའི་བློ་བསྐྱེད་པར་བྱེད་ཅིང། འདི་སྙམ་དུ་རི་རབ་དཔག་ཚད་བརྒྱད་ཁྲིའི་ཚད་ཀྱང་སེམས་དཔའ་ནི་ཚད ་ཤེས་པའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལེ་ལོར་གྱུར་པ་ཡིན་ཏེ། དེ་བས་ན་བྱང་ཆུབ་ཐོབ་པར་མི་འགྱུར། །ཞེས་བྱ་བར་དགོངས་སོ། །འོ་ན་དེས་བློ་ཇི་ལྟ་བུ་བསྐྱེད་པར་བྱ་ཞེ་ན། ཅི་སྟེ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཅི་སྟེ་དེའི་ཡང་བློ་སྐྱེས་པ་འདི་ཕྱིན་ཅི་ལོག་གི་བག་ཆགས་ཀྱིས་ཀུན་དུ་བསྐྱེད་པའི་ཕྱིར་ཡང་དག་པའི་ཡེ་ཤེས་བསྐྱེས་པས་རྡུལ་ཙམ་རི་རབ་ཡིན་པས་སྐད་ཅིག་ཙམ་ལ་ཐལ་བར་ཀླག་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའ་ ་མཁས་པ་བརྩོན་འགྲུས་བརྩམས་པ་སྟེ། རིང་པོ་མི་ཐོགས་འདྲེན་པའི་བྱང་ཆུབ་མཆོག་ཐོབ་པར་འགྱུར་ཏེ། འདྲིན་པ་ནི་བཅོམ་ལྡན་འདས་དང་འབྲེལ་པར་ཤེས་པར་བྱའོ་ཞེས་བྱ་པའི་བར་དུའོ། །མི་མཐུན་པའི་ཕྱོགས་སྤངས་པའི ་བརྩོན་འགྲུས་དངོས་པོར་དམིགས་ན་སྐྱོན་ཡིན་ནོ་ཞེས་བསྟན་པའི་ཕྱིར། འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫུ་འཕྲུལ་དང་ཀུན་བརྗོད་པས་ནི་འགྲོ་པ་ཡོངས་སུ་སྨིན་བར་བྱས་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་བདག་གིས ་དོན་བྱ་སྙམ་པའི་བསམ་པ་ལ་སོགས་པས་གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་ཕ་རོལ་གནོན་པའི་བསམ་པ་དང་བཅས་པས་བརྩོན་པར་བྱེད་ན། དེའི་ཚེ་ཉོན་མོངས་པ་ཤས་ཚེ་བས་ལེ་ལོ་ཐོབ་པར་འགྱུར་ཏེ། གཞན་དུ་འདུ་ཤེས་པ་དང་མེད ་ན་མི་འབྱུང་བ་བདག་ཏུ་འདུ་ཤེས་པ་གནས་པས་དེའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འབྱུང་བས། རྒྱལ་བའི་སྲས་བདག་མེད་པ་སྒྱུ་མ་ལྟ་བུར་བསྒོམ་པ་ལ་རིང་བར་འགྱུར་ཏེ། དངོས་པོའི་མཚན་ཉིད་དང། དངོས་པོ་མེད ་པའི་མཚན་ཉིད་ས་དང་ནམ་མཁའ་བཞིན་ཏེ། བརྩོན་འགྲུས་དང་ལྡན་པ་ལ་ནི་མ་ཡིན་ནོ། །ཡང་ཇི་ལྟར་བརྩོན་འགྲུས་དང་ལྡན་པ་བསྟོན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་ལུས་སུ ་མ་ཡིན། །སེམས་སུ་ཡང་མ་ཡིན་ཏེ། དེ་དག་ཉེ་བར་འཚོན་པ་ཡིན་པས་དག་ཀྱང་མ་ཡིན་ཏེ། དངོས་པོར་དམིགས་པ་སྤངས་པའི་ཕྱིར་སེམས་ཅན་དུ་འདུ་ཤེས་མེད་དོ། །དེས་འདི་ལྟར་འདུ་ཤེས་རྣམ་པར་བཟློག་ནས་དངོས་པོ་དང་དངོས་པོ་མེད་པར ་ཡིད་ལ་བྱེད་པ་དང་བྲལ་བའི་ཕྱིར། གཉིས་སུ་མེད་ཆོས་སྤྱོད་པ་དང། དེའི་ཚེ་འདི་ནི་འདོད་པའི་ཉེས་པ་ཐམས་ཅད་ཞི་བར་གནས་པས་ནི་ཞི་བའོ། །མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱིས་ན་མི་ཉམས་པའོ། །བྱང་ཆུབ་མཆོག་རྒྱལ་བའི ་སྲས་རྣམས་འདོད་པས་བརྩོན་འགྲུས་ཕ་རོལ་ཕྱིན་ཅེས་ཕན་པ་མཛད་པས་གསུངས། ཕན་པ་མཛད་པ་ནི་འཇིག་རྟེན་མགོན་པོའོ། ཇི་ལྟར་དགེ་བའི་བཤེས་གཉེན་ཚོལ་བ་ལ་སོགས་པ་ལ་ཞུགས་པས་གོམས་པར་བྱས་པ་སྟེ། གཞན་དུ་ཡང་དག་པར་འདོད་པའི་དོན་གྲུབ ་པར་མི་འགྱུར་ཏེ། གཞན་འདོད་པ་བྱེད་པ་ལ་བརྟགས་ཏེ་བཟོད་པའི་ཆོས་ལ་སྤྱོད་པ་ནི་བཟོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བས་བསྐྱེད་པའི་གཞན་ལས་ཆོགས་པ་མི་འབྱུང་བར་?་བརྗོད ་ཅིང་ཚིག་རྩུབ་ཐོས་གྱུར་ན། བཟོད་པ་གོམས་པར་བྱས་པ་ནི་བསོད་ནམས་བསག་པའི་རྒྱུ་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་ཉིད་དུ་དེས་ཤེས་པར་བྱས་ནས་དགའ་བ་བསྐྱེད་པར་བྱེད་ཅིང་བཞིན་འཛུམ་བའི་ཕྱིར་གང་ཞིག་བཞིན་མཛེས་པ་ནི་བྱང་ཆུབ ་སེམས་དཔའ་མཁས་བསུ་སྨྲ། རྗེས་ཐོགས་སུ་སུས་ཐོས། གང་གི་དེ་བསྐྱེད། གང་ཞིག་དན་ནི་འགྲེལ་གང་གི་ཕྱིར་དམིགས་པ་ཞེས་སྤྱོད་ཅིང། འོན་ཀྱང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཆོས་འདི་རྣམས་འགའ་ཡང་སྨྲ་བར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པས ་སོ་སོར་རྟོག་པར་བྱེད་དོ། །དེ་བས་ན་བཟོད་པའི་ཆོས་ལ་བརྟགས་ནས་ཕ་རོལ་གནོད་པ་བྱེད་པ་ལ་དཔྱོད་པའི་རང་བཞིན་གཉིས་བོས་ནི་ཕ་རོལ་ཕྱིན་མཆོག་ལྡན་པ་དེ་ནི་འཛངས་པ་ཡིན་ནོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཡིན་ནོ། །བཟོད་པ་ལ་ཡོན་ཏན ་ཅི་ཡོད་ཅེ་ན། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་གང་ཞིག་བསྟན་མ་ཐག་པའི་བཟོད་པ་གཉིས་ལ་གོམས་པར་བྱས་པའི་ཕྱིར་བཟང་བའི་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་རྗེ་དང་ཤེས་རབ་དུ ་ལྡན་པ་ནི་ཡོན་ཏན་ཏེ། ལེགས་ཆོས་ལྡན་ནོ། །ཉེ་པར་བརྟག་པ་བཟུང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་བཀང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་མཁྱེན་པ་དང། ཉན་ཐོས་རྣམས་དང་རང་སངས ་རྒྱས་རྣམས་ལ་ཕུལ་བ་དེ་ལྟ་བུས་སྔ་མའི་བྱང་ཆུབ་སེམས་དཔའ་ཨི་བསོད་ནམས་ལ་བལྟོས་ནས་ཕྱི་མས་རྒྱུ་དང་ཕྲ་བའི་ཆར་ཡང་མི་ཕོད་དོ། །དེ་ནི་བསོད་ནམས་ཀྱི་རྒྱུ་ཡིན་པའི་ཕྱིར་སྦྱིན་པའི་རྒྱུན་གྱིས་དེར་མི་འགྱུར་རོ། །གང་གིས་ན་དེ་ལྟ་བུ་ཉིད ་ཡིན་ཞེ་ན། བཟོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟོད་པ་རྣམ་པ་གཉིས་བསྒྲུབས་ནས་གནས་པ་དེས་མཛེས་པའི་བདག་ཉིད་ཀྱིས་ངོ་བོ་ཡོངས་སུ་དག་འགྱུར་ཏེ། མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་རྣམ་པར་བརྒྱན་པའི ་ཕྱིར་སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་བའི་ཕྱིར་ཕ་མཛའ་ཡས་སོ། །མཐོང་ན་ངོམས་མི་ཤེས་པའི་སྐུ་མངའ་པ་ཉིད་ཀྱིས་ནི་ལས་དང་འབྲས་བུ་ལ་ཡིད་ཆེས་པའི་ཆོས་རབ་ཏུ་བཞག་ནས་སྟོང ་པ་སྒྲོགས་པར་བྱེད་དོ། །འདི་ནི་བཟོད་ལྡན་དེ་ལ་གང་དག་འགྲོ་བ་ཐམས་ཅད་གནོད་པ་མི་བྱེད་པས་དགྲ་མེད་པ་ཉིད་དེ། ཡིད་དུ་འོང་བར་གྱུར་པ་ནི་མཁས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བར་འབྲས་བུ་དེ་དག་སྦྱིན་པའི་ཕ་རོལ་ཏུ ་ཕྱིན་པ་ལ་མི་སྲིད་དོ། །དེ་བས་ན་སྔར་བསྟན་པའི་ཚིགས་སུ་བཅད་པའི་དོན་ཕྱོགས་འདིར་གནས་སོ་ཞེས་བྱ་བར་དགོངས་སོ། །དེ་ནི་སྡུག་བསྔལ་ལ་ཇི་མི་མཉམ་པའི་བཟོད་པ་དང། ཆོས་ལ་སོ་སོར་རྟོག་པའི་བཟོད་པ་དང་བཅས་པ་བསྟན་པའི ་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་སེམས་ཅན་ལ་ལས་ཏེ་ལྷ་སྦྱིན་ལ་སོགས་པའི་སྐྱེ་བོས་ཙན་དན་ཕུར་མ་བླངས་ནས་བླ་མ་ལ་རབ་ཏུ་གུས་པས་སེམས་དཔའ་ལ་ནི་སྐུད་བྱེད་ལ། གཉིས་པ་འགའ་ཞིག་གིས་ཡང་མེ ་བདག་གི་ཕུང་པོ་མགོ་ལ་མཐོར་བྱེད་ན། དེ་གཉི་ག་ལ་ཡང་ཆོས་ལ་བདག་མེད་པ་བསྒོམས་པའི་སྟོབས་ཀྱིས་དེས་མཉམ་པའི་ཡིད་ནི་བྱང་ཆུབ་མཆོག་གི་རྒྱུ་མཚན་དུ་བསྐྱེད་པར་བྱའོ། །དེ་ལྟ་ན་ཇི་སྐད་བསྟན་པའི་བཟོད་པ་བསྒོམ་པ་ཡིན་ནོ། །དེ་ཡང ་འབྲས་བུ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱེད་པ་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟོད་པའི་རིམ་པ་སྔར་བསྟན་མ་ཐག་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་མཁས་པ་གསལ་བའོ། །བཟོད་པ་དང་བཅས ་པར་གྱུར་པས་སེམས་བསྐྱེད་དོ། འགྲོ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོས་ན། དེའི་ཚེ་དཔའ་བོ་འཇིག་རྟེན་ཀུན་ལ་བཟོད་པས་དགྲ་བཅོམ་པ་དང། རང་རྒྱལ་དང། བྱང་ཆུབ་སེམས་དཔའ་དང། སེམས་ཅན་ཁམས་གྱི་བཟོད་བ་ཇི ་སྙེད་པ་ཐམས་ཅད་ཡང་དག་པར་ཟིལ་གྱིས་གནོན་ཏོ། །གང་གི་ཕྱིར་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱི་ས་བཟོད་པ་བྱས་པ་ཇི་སྐད་བསྟན་པ་གཞན་དག་གིས་ཡོངས་སུ་བསྔོས་པར་ཁྱད་པར་དུ་འཕགས་པའི་ཕྱིར་ཟིལ་གྱིས་གནོན་པར་མི་ནུས ་བས་མི་མཐུན་པའི་ཕྱོགས་ལས་ངེས་པར་རྒྱལ་ཞེས་བྱ་བའི་བར་དུའོ། །གཞན་གྱིས་གནོད་པ་བྱས་པ་ལ་སོགས་པ་ལ་དམིགས་པ་ཅན་གྱིས་ཡང་དེ་ལ་བཟོད་པར་བྱ་བ་བསྟན་པའི་ཕྱིར་བཟོད་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དམྱལ ་དུད་འགྲོ་གཤིན་རྗེའི་སྡུག་བསྔལ་མང། །འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་མྱོང་ལ། །བྱང་ཆུབ་ཆེད་དུ་ཅི་ཕྱིར་ད་ལྟར་བདག་དེ་ལྟ་བུ་གྲུབ་པ་དགེ་བའི་བཤེས་གཉེན་ལས་ཆོས་ཐོས་པས་ཇི་ལྟར་དེ་བཟོད་མི་བྱའོ་སྙམ་དུའོ། །ཅིའི་ཕྱིར་གྱི་སྒྲས ་འཕངས་པ་བརྗོད་པར་བྱ་བའི་ཕྱིར་སྨོས?་ཀྱང་ཅི་དགོས་ཤེས་དེ་ལྟར་སྙམ་པའོ། །ཤེས་རབ་ཀྱི་སྟོབས་ཀྱིས་གཞན་གནོད་པ་བྱེད་པ་ལ་རྣམ་པར་དཔྱད་པར་འགྱུར་ཞེས་བྱ་བར་དགོངས་སོ། །དེ་ཉིད་བསྟན་པའི་ཕྱིར་ལྕག ་དབྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གང་གི་ཚེ་རྩ་དང་ལྕུག་མ་ལ་སོགས་པའི་ལྕག་གིས་བརྡེག་པ་དང། དབྱུག་པ་ལ་སོགས་པས་བརྡེགས་ཏེ་ནོར་ལ་སོགས་པ་འཕྲོག་པའི་ཆད་པ་དང། རལ་གྲི་ལ་སོགས་པའི་མཚོན་གྱིས་བརྒྱད ་ནས་གསོད་པ་དང། ལུ་གུ་རྒྱུད་ལ་སོགས་པས་འཆིང་བ་དང། ལག་པའི་ཁུ་ཚུར་ལ་སོགས་པས་བརྡེག་པ་དང། མགོ་གཅོད་པ་དང། རྣ་བ་རྐང་ལག་སྣ་གཅོད་པ་ནི་དུམ་བུང་བྱེད་པའོ། །དེ་ལྟར་སྐྱེ་བ་ལ་སོགས་པའི་རང་བཞིན་འཇིག་རྟེན་སྡུག ་བསྔལ་མྱོང་བ་ཇི་སྙེད་པ་བདག་གིས་འདི་ལྟར་ཆོས་ཁྱད་པར་ཅན་གང་ཞིག་ཐོབ་པ་ལ་སྦྱར་བར་བྱའོ་ཞེས་བྱ་བ་ལྟ་བུ་ནི་གང་གི་ཚེ་སོ་སོར་རྟོག་པར་བྱེད་པ་ཡིན་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཨི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་བསྟན་པའི ་རང་བཞིན་ལ་གནས་ཏེ་རྟག་ཏུ་དུ་བཞིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་རྟག་ཏུ་དུ་བའི་ལེའུ་སྟེ་སུམ་ཅུ་པའི་བཤད་པའོ།། །།དེ་ལྟར་བསྟན་པའི་དགེ་བའི་བཤེས་གཉེན་གང་གིས་དང་པོར་ཡོན་ཏན་ཐམས་ཅད་ཀྱི་གཞི ་ཡིན་པའི་ཕྱིར་ཚུལ་ཁྲིམས་ལ་གདམས་པར་བྱའོ་ཞེས་བསྟན་བར་བྱ་བའི་ཕྱིར། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་རྣམས?་གསུམ་ནོད་པར་བྱེད་པས་མྱ་ངན་ལས་འདས་པའི་བསམ་པས་སྡོམ་པ་ནོད ་པ་ནི་ཞི་བ་འདོད་རྣམས་ཏེ། དེ་དག་ཇི་སྙེད་འཕགས་པར་འགྱུར་བ་དེ་སྡོམ་པའི་བྱེད་པ་ཡིན་པའི་ཕྱིར་སྡོམ་པའི་བྱ་བའོ། །གྲུབ་བ་ཕུན་སུམ་ཚོགས་པ་ནི་ཀུན་གྱི་རྗེས་སུ་འཇུག་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་ངེས་པར་འབྱུང་བའི་ཆེད་དུ་དེ་ཡོངས་སུ་བསྔོ་བར་བྱེད་ན་དེ་ནི་སྟོབས་བཅུ་ལྡན་བཞེས་བྱ་བར་འབྲེལ་ཏེ། སྤྱོད་ཡུལ་ནི་ལྟུང་བ་ཐམས་ཅད་སྤངས་པའི་ཕྱིར་ཚུལ་ཁྲིམས་ཉམས་པ་མེད་པར་གནས་པར་གྱུར་པ་ཡིན་ནོ་ཞེས་ཚིགས་སུ་བཅད་བའི་དོན ་སྦྱང་ངོ། །དེ་ན་དེ་ཉིད་ལྡོག་བ་སྔོན་དུ་འགྲོ་བས་གསལ་བར་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་རང་རྒྱལ་དང་དགྲ་བཅོམ་པའི་བྱང་ཆུབ་བཟུང་ནས་སྡོམ་པ་མནོས་པ་ཡོངས་སུ་བསྔོ་བར་བྱེད་པ་ནི་རེག་པར་འདོད་པའོ། །དེའི་ཚེ་ཐེག ་པ་ཆེན་པོ་སྒྲུབ་པ་སྤངས་པའི་ཕྱིར་ཚུལ་ཁྲིམས་འཆལ་ཅིང་ངོ། །མི་མཁས་པ་ནི་བྱང་ཆུབ་སེམས་དཔའ་འོ། །དེ་བཞིན་དུ་བླངས་པའི་སྡོམ་པ་ཡོངས་སུ་བཏང་བས་བུག་པ་དང་བཅས་པས། སྤྱོད་པ་ནི་ཉམས་པའོ། །ཅི ་སྐྱེ?་བྱང་ཆུབ་ཞི་བ་མཆོག་ཏུ་བླངས་པའི་ཚུལ་ཁྲིམས་ཡོངས་སུ་བསྔོ་བར་བྱེད་ན། འདོད་ཡོན་བརྩེན་ཡང་ཚུལ་ཁྲིམས་དང་འགལ་བ་མེད་པར་བསྟན་ཏེ། བླངས་བའི་དོན་ཡོངས་སུ་མ་བཏང་བས་ཚུལ་ཁྲིམས་ཕ་རོལ་ཏུ་ཕྱིན་ལ་གནས་སོ། །ཅིའི་ཕྱིར་ཚུལ ་ཁྲིམས་ཁོ་ན་ལ་དང་པོར་གདམས་ཞེ་ན། ཆོས་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །གང་ཞིག་རང་གི་དོན་ཕུན་སུམ་ཚོགས་པ་ནི་ཆོས་སོ། །གཉི་གའི་དོན་ཕུན་སུམ་ཚོགས་པ་ནི་ངེས་པའི་བྱང་ཆུབ་བོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་ཡོན ་ཏན་ནོ། །ཐོབ་པའི་རྒྱུ་མཚན་ཉིད་ཡིན་པས་བྱང་ཆུབ་སེམས་དཔའ་ལ་དགོས་པའི་ཚུལ་ཁྲིམས་ལྟུང་བ་མེད་པར་བསྲུང་བ་དེ་ནི་ཡོན་ཏན་ཆོས་ལྡན་འབྱུང་འགྱུར་བ་ནི་ཚུལ་ཁྲིམས་དོན་ནོ། །ཡང་གང་ཞིག་ཕན་པར་བྱེད་པའི་ཆོས་དང། བྱང་ཆུབ་ཡོན་ཏན ་ཡོངས་སུ་ཉམས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་འཆལ་ཅེས་བྱ་བར་འབྲེལ་ཏེ། རྣམ་པར་འདྲེན་པས་གསུངས་སོ། །དེ་བས་ན་ཚུལ་ཁྲིམས་ཁོ་ན་ལ་དང་པོར་གདམས་སོ་ཞེས་བྱ་བར་འབྲེལ་ཏོ། །སུ་ཞིག་གིས་ཚུལ་ཁྲིམས་ལ་གནས་ཞེ་ན་གལ་ཏེ ་ཞེས་པ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་འཇིག་རྟེན་དུ་གྲགས་པ་སྤྱོད་ཀྱང་དཀོན་མཆོག་གསུམ་ལ་བྱང་ཆུབ་ཆེན་པོའི་མཐར་ཐུག་པའི་བར་དུ་སྐྱབས་སུ་སོང་སྟེ། འགྲོ་བ་ལ་ཕན་པའི ་ཕྱིར་བདག་གིས་སངས་རྒྱས་ཐོབ་པར་བྱའོ་ཞེས་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡིད་ལ་བྱེད་པར་གྱུར་ན། དེ་ལྟ་བུ་ནི་ཡང་རེ་ཞིག་བྱང་ཆུབ་ཀྱི་སྡོམ་པ་འཛིན་པའི་ཕྱིར་ཚུལ་ཁྲིམས་ཕ་རོལ་ཕྱིན་ནས་རིག་པར་བྱ་བ་ནི་ཤེས་པར་བྱ་བ་ནི་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་མདོ་གཞན ་དག་ལས་བྱང་ཆུབ་སེམས་དཔའ་ཨི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་རྒྱ་ཆེར་གསུངས་མོད་ཀྱི། འདིར་ཡང་མདོར་བསྡུས་ནས་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བ་ནི་ཚུལ་ཁྲིམས་ཉམས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བསྐལ་པ་བྱེ་བར་སྲོག་གཅོད་པ་སྤངས་པ་ལ་སོགས་པའི་དགེ་བའི་ལས་ལམ་བཅུ་སྤྱོད་ཀྱང་དགྲ་བཅོམ་དང་རྒྱལ་ཉིད་དུ་ཡང་ཚུལ་ཁྲིམས་བསྔོ་ཞིང་ཡིད་ལ་འདོད་པ་སྐྱེད་པར་བྱེད་ན། དེའི་ཚེ་སྔ་མ་བཞིན་དུ་ཚུལ་ཁྲིམས ་ཉམས་པ་དང་ལྡན་པས་ཚུལ་ཁྲིམས་སྐྱོན་བྱུང་བ་དང་དེ་བཞིན་དུ་རལ་པས་ཚུལ་ཁྲིམས་ཉམས་པར་གྱུར་པ་ཡིན་ནོ། །གང་གི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་སངས་རྒྱས་ཉིད་ལ་སྤྱན་དྲངས་ནས་དེ་ལས་སླར་ལོག་པས་སེམས་ཅན་བསླུས་པའོ་ཕྱིར་ཕས? ་ཕ་མ་པས་ཀྱང་སྟེ། རྩ་བའི་ལྟུང་བས་ཤིན་ཏུ་ཅི་སྟེ། ངེས་ཉན་ཐོས་ལ་སོགས་པར་སེམས་བསྐྱེད་ཅིང་འདོད་པ་དང་བཅས་པ་འགྱུར་བས་སོ། །ཡང་དག་པར་སྣང་བའི་ཚུལ་ཁྲིམས་ལ་ཇི་ལྟར་འཇུག་པར་བྱ་བ་བསྟན་པའི་ཕྱིར། ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཇི་སྐད་བསྟན་པའི་ཚུལ་ཁྲིམས་མ་ནོས་པ་བསྲུང་ཞིང་བླངས་ནས་སོ། །སྔ་མ་བཞིན་དུ་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་ན། གང་གི་ཚེ་ཚུལ་ཁྲིམས་དེ་ཡིས་གཞན་ལ་མི་སྨོད་པས་རློམ་སེམས་མེད་ཅིང་བདག་ཉིད་ཀྱི་ཚུལ་ཁྲིམས་དགའ་ཐུབས ་ཀྱིས?་དུལ?་གྱིས་བདག་ལ་སྟོང་པར་མི་བྱེད་ལ། པའི་འདུ་ཤེས་ལེན་པ་ཉིད་དང། དེ་བཞིན་དུ་འདོར་བ་དང། སེམས་ཅན་འདུ་ཤེས་ཡོངས་སུ་སྤངས་ན། དེའི་ཚེ་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཞེས་བརྗོད་དེ། དེ་བས ་ན་དེ་ལྟར་འཇུག་པར་བྱའོ་ཞེས་བྱ་བར་དགོངས་སོ། །ཉེས་པ་གཞན་དག་ཀྱང་ཡོད་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་རྒྱལ་བའི་ལམ་སྤྱོད་པ་ཇི་སྐད་བསྟན་པའི་ཚུལ་ཁྲིམས་ཀྱི་ལམ་ཡིན ་པའི་ཕྱིར་སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཅེས་དོར་བར་བྱ་བ་དང་བླང་བར་བྱ་བ་ཉིད་དུ་རྣམ་པར་འཇོག་པར་བྱེད་ན། དེའི་ཕྱིར་སྣ་ཚོགས་འདུ་ཤེས་ཞུགས་པ་དངོས་པོར་དམིགས་པ་ཐམས་ཅད་བསྲུང་བར་མི་ནུས་པའི་ཕྱིར་སྔ་མ ་བཞིན་དུ་མཆོག་ཏུ་ཉམས་ཤིང་ཡང་དེ་བཞིན་དུ་ཚུལ་ཁྲིམས་རལ་བས་ན་ཡོངས་དག་ཚུལ་ཁྲིམས་མེད་དོ། །དེ་ལྟ་བས་ན་དངོས་པོར་དམིགས་པར་མི་བྱའོ། །མི་དམིགས་པར་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་བསྟན་པའི་ཕྱིར། གང་ལ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གང་ལ་སྒྱུ་མ་ལྟ་བུའི་ཆོས་ཉིད་རྟོགས་པའི་སྟོབས་ཀྱིས་བདག་ཏུ་འདུ་ཤེས་མེད་བས་སེམས་ཅན་གཞན་དུ་འདུ་ཤེས་མེད་དོ། །དེ་ཉིད་ཀྱི་ཕྱིར་བདག་དང་གཞན་གྱི་ཆར་འབྱེད་པ་མེད་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར་མཚན ་མར་འཛིན་པ་ལས་ཕྱིར། ཕྱོགས་པ་དང་ལྡན་པས་བཀག་པའི་དངོས་པོ་ལ་མི་སྤྱོད་པས་སྡོམ་མིན་གལ་ཡོད་པེ་དེ་ཉིད་ཀྱི་ཕྱིར་གང་བ་སྡོམ་དང་སྡོཾ་པ་མ་མིན་རློམ་སེམས་མེད་དེ། །ཚུལ་ཁྲིམས་དང་བརྩུལ་ཞུགས་མཆོག་ཏུ་འཛིན་པ་སྐྱོན་ཡིན་པའི་ཕྱིར་རོ། །མི་དགེ་བསྐྱེད་ཅིང་འཛིན ་པ་དང་སྡོམ་པ་མ་ཡིན་པ་ཡང་དེ་ལ་མེད་དེ། ངེས་ནི་མི་དགེ་པ་ལས་བཟློག་ནས་དགེ་བ་ལ་ཞུགས་པའི་ཕྱིར་ཚུལ་ཁྲིམས་སྡོམ་པར་འདྲེན་པས་གསུངས་སོ། །ཚུལ་ཁྲིམས་དང་ལྡན་པ་དེ་ཉིད་སྦྱིན་པ་ལ་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་བསྟན་མ་ཐག་པ་དེ་ལྟར་ཀུན་རྫོབ་ཏུ་ཚུལ་ཁྲིམས་དང་ལྡན་པར་གྱུར་པས་དོན་དམ་པར་སྤྲོས་པ་མེད་པའི་ཕྱིར་དེ་ལྟ་བས་ན་འཛིན་པ་མེད་པས་གང་ཞིག་སྡུག་པ་དང་མི་སྡུག་པའི་དངོས་པོ་ཀུན་ལ ་ལྟ་བ་ཟེད?་བ་ཡིན་ནོ། །ཡང་དེ་ཉིད་ཀྱི་ཕྱིར་ཡན་ལག་གི་དམ་པ་མགོ་ལ་སོགས་པ་གཏོར་ཞིང་ཞུ་མ་པའི་སེམས་ཀྱང་མེད་ལ། དོགས་པ་གཏོང་བ་ནི་བདོག་པ་ཐམས་ཅད་སྟོང་ཞིང་རྟག་ཏུ་སྦྱིན་པའི་འབྲས་བུ་ལ་ལྟོས་པ་མེད་པས་ན་ཞེན་པ་མེད་པའོ། །ཕྱི་རོལ ་གྱི་དངོས་པོ་ཡོངས་སུ་གཏོང་བ་མེད་པར་ཇི་ལྟར་ན་ཐམས་ཅད་སྟོང་པ་ཡིན་ཞེ་ན། ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དམན་པ་ལ་བརྟགས་པ་སྔོན་དུ་འགྲོ་བས་ངེས་པའི་ཆོས་ཐ་མལ་པ་ཀུན་རྫོབ་ཀྱི་རྒྱུ་འབྲེལ་པ་ལས་བྱུང་པའི་ཕྱིར ་ཡ་མ་བརླར་རོ། །དོན་དམ་པར་རང་བཞིན་དང་བྲལ་པའི་ཕྱིར་བདག་མེད་པར་ཡང་ཤེས་ནས། གང་གི་ཚེ་བདག་གི་ཤ་ཡང་གཏོང་བ་ལ་ཞུམ་པའི་སེམས་མེད་ན། དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཀྱང་ཅི་དགོས་ཏེ། འདིར་ཕྱི་རོལ་གྱི་དངོས་པོ་ལ་སེར་སྣ ་བྱེད་པ་དེ་ན་གནས་མེད་དེ་མི་སྲིད་དོ། །བདག་མེད་པའི་རྣལ་འབྱོར་བ་ཅིའི་ཕྱིར་སྦྱིན་པ་ལ་སོགས་པ་ལ་འཇུག་ཅེ་ན། བདག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བདག་ཏུ་འདུ་ཤེས་ནས་དངོས་པོ་ལ་བདག་གིར་འཛིན་པས་ཆགས་ཏེ། ཡོངས་སུ ་གཏོང་བའི་མཚན་ཉིད་མེད་པའི་ཕྱིར་དམིགས་པའི་མུན་པས་ཀུན་རྫོབ་ཉིད་ལ་རྨོངས་པ་ལ་གཏོང་བའི་བློ་ལྟག་ལ་ཡོད། དེ་ཉིད་ཀྱི་ཕྱིར་སེར་སྣ་ཅན་དེ་དག་ནི་ཡི་དགས་གནས་སུ་སྐྱེ་བར་འགྱུར་ལ། བརྒྱ་ལ་ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ?་པོར་འགྱུར ་པ་འཐོབ་བོ། །ཡང་དེ་ཉིད་ཀྱི་ཕྱིར་ཇི་སྐད་བསྟན་པ་ཉིད་ཀྱི་སྦྱིན་པ་ལ་འཇུག་པར་བྱའོ། །ཞེས་བྱ་པར་གནས་སོ། །ཅིའི་ཕྱིར་དང་པོ་སྦྱིན་པ་ཁོ་ན་ལ་མོས་པར་བྱེད་ཅེ་ན། དེ་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སེམས་ཅན་དབུལ་པོ་མཐོང་བ ་དེའི་ཚེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཕུན་སུམ་ཚོགས་པས་ཇི་སྐད་བསྟན་པའི་སྦྱིན་པ་ལ་མོས་པ་དང་ལྡན་ཏེ། ལུང་ལ་སོགས་པའི་ཚད་མ་དང་ལྡན་པ་ཉིད་ཀྱིས་འབྲས་བུ་དང་བཅས་པར་ཐམས་ཅད་གཏོང་ཞིང་རྟག་ཏུ་?་པར་གཏོང་བ་དང་ལྡན་པར་འགྱུར ་ཏེ། དེའི་ཚེ་གྲིང?་བཞི་པ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ནི་རྣམ་པ་ཐམས་ཅད་དུ་འཛིན་པ་དང་བྲལ་བའི་ཕྱིར་མཆིལ་མའི་ཐལ་བ་འདྲ། འཁོར་གསུམ་རྣམ་པར་དག་པ་དང་ལྡན་པར་བྱིན་ནས་དེ་བཞིན་དུ་དགའ་བར་སྟེ་ཡིད་བདེ་བ་ཐོབ་པར་འགྱུར་གྱི། ཇི་སྐད་བསྟན ་པའི་གླིང་ཐོབ་བ་ནི་དེ་ལྟ་མིན་ནོ་ཞེས་བྱ་བའི་བར་དུའོ། །ཇི་སྐད་བསྟན་པའི་སྦྱིན་པ་མི་ཟད་པར་བྱ་བའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ་ཞེས་བསྟན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་མ་ཐག་པའི་རིམ་པ་སྦྱིན་པ ་བྱིན་ཏེ། བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་པ་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་བ་དེ་དག་ཀུན་ལ་སྦྱིན་པ་ཅིང་བྱིན་པར་གྱུར་ཅིག་སྙམ་དུ་དེ་ལྟ་བུའི་བསམ་པས་བྱིན་པ་བྱིན་ལ། དེ་ཡང་འགྲོ་བའི་དོན་ཉིད་ཀྱི་ཕྱིར་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ ་ན། བྱང་ཆུབ་དང་སེམས་ཅན་མི་ཟད་པའི་སྦྱིན་པ་ཟད་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་ཡང་མངོན་པར་ཞེན་པོ་མེད་པའི་འབྲས་བུ་རྟོགས་པར་བྱ་བའི་ཕྱིར། སྦྱིན་པ་བྱིན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པར་བྱེད་པ་དང། སྦྱིན ་པ་དང། ལེན་བ་པོ་མི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོ་ལ་གནས་པར་བྱེད་པ་མེད་དོ། །སྦྱིན་པ་བྱིན་པ་ཡང་ཕ་རོལ་རྗེས་སུ་བཟུང་བའི་བློ་ཡིན་གྱི། དེ་ནི་ནམ་དུ་ཡང་འབྲས་བུ་མངོན་པར་འདོད་པའི་རྣམ་པར་སྨིན་པ་ལ་རེ་བ་མེད་དོ། །དེ་ལྟར་འབྲས་བུ ་དང་བཅས་པར་རང་ལ་ཇི་སྙེད་བདོག་པ་གཏོང་བར་གྱུར་པ་ནི་མཁས་པ་ཐམས་ཅད་སྟོང་པ་སྟེ་ཆུང་དུ་བཏང་བ་ལ་ཡང་ཐབས་ལ་མཁས་པའི་སྟོབས་ཀྱི་གྲངས་མེད་དཔག་ཏུ་མེད་པ་སྟེ་ཡོངས་སུ་བཅད་པར་མི་ནུས་པའི་ཕྱིར་དཔག་ཏུ་མེད་པའི་རྣམ་པར་སྨིན་པ་ཐོབ་པར ་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །གང་སེར་སྣ་ཚར་བཅད་པ་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཞིན་དུ་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བས་ཡོངས་སུ་བསྔོ་བ་ལ་གོམས་པར་བྱའོ་ཞེས་བསྟན་པའི་ཕྱིར། སྲིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདོད་པ་དང། གཟུགས་དང། གཟུགས་མེད་པའི་མཚན་ཉིད་ནི་སྲིད་པ་གསུམ་མོ། །དེ་དག་ན་སེམས་ཅན་མ་ལུས་ཇི་སྙེད་པ་ཐམས་ཅད་ནམ་མཁའ་ཨི་ཁམས་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་མ་ལུས་པ་སྟེ་སྲིད་པའོ། །ཡང་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་མཁྱེན? ་པ་སངས་རྒྱས་དང། རང་རྒྱལ་དགྲ་བཅོམ་ལ་བསྐལ་པ་མཛའ་ཡས་པར་སྦྱིན་པ་བྱིན། དེ་བཞིན་དུ་ཉན་ཐོས་ལེགས་ཚོལ་ན་སྟེ། ཉན་ཐོས་ཀྱི་ཡོན་ཏན་འདོད་ཅིང་ཅེས་བྱ་བས་ནི་ཉེ་བར་མཚོན་པ་སྟེ། རང་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡང་ངོ། །དངོས? ་པོར་དམིགས་པ་དང་ལྡན་པས་ཞུགས་པའི་ཕྱིར་ཡོངས་སུ་བརྟག་པ་གཟུང་ནས་གནས་ན་ཞེས་བྱ་བར་དགོངས་སོ། །བྱང་ཆུབ་སེམས་དཔའ་མཁས་པ་ཡང་དག་པའི་ཐབས་ལ་མཁས་པ་གཞན་གང་ཞིག་གིས། དེ་དག་གི་བསོད་ནམས་བྱ་པའི་དངོས་པོ་ལ ་ཡི་རང་ནས་སེམས་ཅན་དོན་དུ་སྟེ། རྒྱུར་བྱང་ཆུབ་མཆོག་ཏུ་མོངས་བསྔོན། འདི་ལྟར་ངེས་སེར་སྣ་ཚར་བཅད་ནས་ཇི་སྐད་བསྟན་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཇི་སྐད་བསྟན་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བར་བྱེད་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བའི ་ཕྱིར། ནོར་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ནོར་བུ་མཚང་པུའི་ཕུང་པོ་ཆེན་པོར་གྱུར་པ་དང། རིན་པོ་ཆེ་བཻཌཱུ་རྱ་གཅིག་གིས་དེ་ཀུན་རིང་ཐང་མཐུ་ཆེ་བའི་ཕྱིར་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་འགྲོ་ཀུན་སྦྱིན་པའི་ཕུང་པོ་རྒྱ་ཆེན་ཀུན་རྗེས་སུ་ཡི་ད་བ ་སྔོན་དུ་འགྲོ་པ་བསྟན་མ་ཐག་པའི་རིམ་པས་ཡོངས་སུ་བསྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔས་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཕ་རོལ་ཏུ་ཕྱིན་པ་གཉིས་རྒྱ་ཆེར་བསྟན་ནས་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམ་ལ་གདམས་པ་བསྟན་པའི་ཕྱིར། ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ཡོངས་སུ་སྐྱོང་ཞིང་སྟེར་བ་ན་འགྲོ་བ་དང་འབྲེལ་བར་སྦྱིན་པ་བྱིན་ནས་དེ་དག་ཉིད་ཡོངས་སུ་སྦྱོང་བ་ན་དེ་ལ་བྱེད་པ་པོར་མི་དམིགས་པས་ན་བདག་གིར་མི་བྱེད་ལ། ་བྱ་བའི་ས་སུ་ཡང་མི་རྟོག་ལ། དངོས་པོ་ལ་ཡང་ཕངས་པ་མེད་ན། དེ་ལས་དགེ་པའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ། སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ་ཞེས་བྱ་བ་དེས་ནི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལ་གདམས་པས་དོན་མ་ལུས་པ་ལ་གདམS ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་དགེ་བའི་བཤེས་གཉེན་གྱིས་བྱ་བ་ཡིན་པར་རིག་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཆོས་འཕགས་ཀྱི་ལེའུ་སྟེ་སུམ་ཅུ་གཅིག་པའི་བཤད་པའོ།། །། ་དེ་ལྟ་བུའི་གདམས་ངག་ཐོབ་པ་ལ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཙོ་ཆེར་ལྷག་པར་བྱ་བ་རྟོགས་པར་བྱའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལ་དེ་ཞིག་མ་དང་ཕོ་རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཙོ་ཆེར་བྱ་བ་ནི་སེར་སྣ་སྤངས་ནས་སྦྱིན་པས་རྣམ་པ་ཐམས་ཅད་དུ་ཡི་དགས་སུ་འགྲོ་བའི་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་སེར་སྣ་གཅོད་དོ། །བྱང་ཆུབ་སེམས་དཔས་དེ་བཞིན ་དུ་དབུལ་བ་དང་ནི་སྟེ། དེ་བཞིན་དུ་འབྲེལ་པའི་སྲིད་པ་དང། མི་ཁོམ་པ་དང། སྡུག་བསྔལ་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་གཅོད་ཅིང་སེལ་བར་བྱེད་དོ། །ལོངས་སྤྱོད་ཀྱི་རྣམ་པའི་བྱེ་དྲག་མཐར་ཡས་རྒྱལ་བ་ནི་རྒྱ་ཆེ་བ་ཐོབ་ནས་བྱང་ཆུབ་སེམས་དཔའ་ཨི ་སྤྱད་པ་སྤྱོད་པར་བྱེད་དེ། སྡུག་བསྔལ་དང་ལྡན་པའི་སེམས་ཅན་སྦྱིན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ལ་བཀོད་ནས་སྨིན་པར་བྱེད་དོ། །དེ་བཞིན་དུ་དྲི་མ་མེད་པ་ལ་གནས་པས་ནི་ཚུལ་ཁྲིམས་འཆལ་པའི་སྐྱོན་ཐམས་ཅད་དང་བྲལ་བས་ཇི་སྐད་བསྟན ་བའི་ཚུལ་ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་སྣ་ཚོགས་པའི་གཟུགས་ཅན་གྱི་ངོ་བོ་དང། མི་ཁོམ་པ་བརྒྱད་སྤོང་བར་བྱེད་ཅིང། དེ་ཡིས་མི་ཉིད་ལ་སོགས་པ་དལ་འབྱོར་ཁྱད་པར་ཅན་གྱི་དོན་བྱེད་པ་རྟག་ཏུ་རྙེད་དོ། །འོད་བྱེད་པ་ལ་གནས་པས ་?་སེམས་ཐམས་ཅད་བྲལ་བའི་བཟོད་པས་གཟུགས་བཟང་སྟེ་མཚན་ལ་སོགས་པས་བརྒྱན་པའི་ཕྱིར་རོ། །དམ་པ་ནི་མཆོག་གོ་།རྒྱ་ཆེན་ནི་ཡོངས་པའོ། །ཐོབ་པར་འགྱུར་ཏེ། གསེར་དང་འདྲ་བའི་ཕྱིར་གསེར་མདོག་གོ་།ཡིད་དུ་འོང་བའི་ཕྱིར་སྡུག་པའོ། །ལྟ ་བས་ཆོག?་ཡེ་ཤེས་བའི་ཕྱིར་འགྲོ་བས་ལྟ་བའི་འོས་སུ་འགྱུར་པའོ། །འོད་འཕྲོ་བ་ལ་གནས་པས་ནི་ལེ་ལོ་ཐམས་ཅད་དང་བྲལ་བའི་བརྩོན་འགྲུས་ཀྱིས་དཀར?་པོའི་ཡོན་ཏན་འགྲིབ་མི་འགྱུར་ཏེ། ཡེ་ཤེས་ཀྱི་ཡུལ་མཛའ་ཡས་བས་ན་མཛའ་ཡས་ཏེ། སངས ་རྒྱས་?་ཀྱི་ནོར?་མཆོག་བསགས་པའི་བདག་ཉིད་ཡིན་པའི་ཕྱིར་རྒྱལ་བའི་བང་མཐོང་རྙེས་པར་འགྱུར་རོ། །སྤྱད་དཀའ་བ་ལ་གནས་པས་ནི་རྣམ་པར་གཡེང་བ་ཐམས་ཅད་སྤངས་པའི་བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་རྣམ་པར་གཡེང་བའི་རྒྱུར་གྱུར ་བས་ཉེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་སྨད་པ་རྣམ་པ་ཐམས་ཅད་ཡོངས་སུ་འདོར་བར་བྱེད་ཅིང། ཁྱད་པར་ཅན་གྱི་བདེན་པ་རྟོགས་པ་དང། མངོན་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་རིག་དང་མངོན་པར་ཤེས་པ་དང་ངོ།། ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པའི་ཕྱིར་མངོན་པར་སྒྲུབ་པའོ། །མངོན་དུ་གྱུར་པ་ལ་གནས་པས་ནི་ཤེས་རབ་འཆལ་བ་ཐམས་ཅད་སྤངས་ནས་ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་སྒྱུ་མ་ལྟ་བུ་ཉིད་ལ་སོགས་པའི་བདག ་ཉིད་དུ་ཡོངས་སུ་ཤེས་ནས། ཁམས་གསུམ་པའི་ངན་སོང་དང་ཕྱིན་ཅི་ལོག་གིས་བཅིངས་པ་དེ་རྣམས་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར་ཏེ། སྤྲུལ་པའི་སྤྲིན་གྱིས་དང་པོར་དེ་བཞིན་གཤེགས་པ་ལྟར་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་ནས་ཕྱིས ་རིམ་གྱིས་ཆོས་བསྟན་པས་ཐེག་པ་གསུམ་འཛིན་དུ་བཅུག་སྟེ། སེམས་ཅན་གྱི་འཇིག་རྟེན་ཕྱིན་ཅི་ལོག་གི་སྡུག་བསྔལ་སྤོང་པ་ལ་འགོད་དོ། །རིང་དུ་སོང་པ་ལ་གནས་པས་ནི་ཐབས་ཀྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོངས་སུ་རྫོགས་པར ་བྱེད་དོ། །མི?་གཡོ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་སྨོན་ལམ་གྱི་མཐུས་ནི་གསེར་ལ་སོགས་པའི་རང་བཞིན་ཅན་དུ་བསྒྲུབས་ནས་སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པ་དང། བཀྲེས་པ་ལ་སོགས་པ་མེད་པས་བཅུད་ཀྱི་འཇིག་རྟེན་གྱིས་སངས་རྒྱས་ཀྱི་ཞིང་ཡོངS ་སུ་དག་པ་འཛིན་དུ་འཇུག་པའོ། །དེ་བཞིན་དུ་ལེགས་པའི་བློ་གྲོས་ལ་གནས་བས་ནི་སྟོབས་ཀྱི་མཐུས་སེམས་ཅན་གྱི་ཁམས་སངས་རྒྱས་ཉིད་ལ་བཀོད་པས་སངས་རྒྱས་ཀྱི་རིགས་ཀྱང་ཡོངས་སུ་འཛིན་དུ་འཇུག་གོ། དེ་བཞིན་དུས་བཅུ་བ་ཆོས་ཀྱི་སྤྲིན་ལ་གནས ་བས་ནི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྒྱུན་དུ་ཆོས་བསྟན་པས་ཆོས་ཀྱི་རིགས་དང། དེ་བཞིན་དུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་གཞན་དང་གཞན་སྒྲུབ་དགེ་འདུན་གྱི་རིགས་ཀྱང་ཡོངས་སུ་འཛིན་དུ་འཇུག་གོ་།དེ་བཞིན་དུ་རིམ་པས་བཅུ་གཅིག་ཀུན་ཏུ་འོད ་སངས་རྒྱས་ཀྱིས་ལ་བཞུགས་པས་ནི་བག་ཆགས་དེར་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ཀྱི་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཐུགས་སུ་ཆུད་པ་འཛིན་དུ་འཇུག་གོ་།དེ་ལྟར་ཡུམ་རྒྱ་ཆེར་བསྟན་ནས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཡོངས་སུ ་བཏང་ལ་བསྟན་པའི་ཕྱིར། །འགྲོ་པའི་ནད་གསོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་གཞི་དང་མཚན་ཉིད་ལ་ཕུལ་དུ་བྱུང་བ་ལ་མཁས་པ་ལ་འགྲོ་པཱི་?་གསོ་བྱེད་པ་སྨན་པའི་མཆོག་གྱུར་པ་ཞེས་བརྗོད་དོ། །དེ་དང་འདྲ་པར་དེ་ལྟར་བརྗོད་དོ། །དོན་དང་ལྡན་པའི ་མིང་བཏགས་པ་ནི་སེམས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་བརྩེགས་པའི་ཕྱིར་རིན་ཆེན་སྡུད་པའོ། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་ལམ་མོ། །ཚིགས་བཅད་དུ་བསྡེབས་ནས་བསྟན་པའི་ཕྱིར་ཚིགས་སུ་བཅད་པའི་རང་བཞིན་ནོ། །ལཾ ་འདི་སེམས་ཅན་ཀུན་གྱིས་བསྒོམ་པའི་རིམ་པའི་མན་ངག་ཇི་ལྟ་བ་བཞིན་དུ་རྗེས་སུ་ཐོབ་པ་ནི་དེ་བཞིན་དུ་གྱུར་བའོ། །བྱ་ཞེས་བྱ་བ་ནི་འཕགས་པ་ཀུན་དགའ་པོ་ལ་སོགས་པ་ལ་ཡོངས་སུ་གཏད་པ་ཡིན་པར་རྟོགས་པར་བྱ་སྟེ། དེ་ལྟར་འཕགས་པ་སྟོང ་ཕྲག་བརྒྱ་བ་ལས་བཅོམ་ལྡན་འདས་ཀྱི་ཞབས་སུ་བསྟན་པའི་ཕྱིར་རོ། །དེ་བསྒོམས་པའི་མན་ངག་གི་རིམ་པ་མངོན་པར་ཡིད་ཆེས་པར་བྱ་སྟེ། འདི་ལྟར་དང་པོ་རེ་ཞིག་གནས་ཡིད་དུ་འོང་པར་བྱས་པའི་ཕྱོགས་སུ་སྟོན་པར་མཛད་པའི་བཅོམ་ལྡན་འདས་ཤཱཀྱའི་རྒྱལ ་པོ་སེང་གེའི་ཁྲི?་ལ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་དང་ལྡན་པ་ལ་ཇི་ལྟ་བ་བཞིན་དུ་མཆེད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་ཡོངས་སུ་བསྐོར་བར་བ་སམས་ལ་ཕྱག་བྱའོ། །དེ་ནས་རྡོ་རྗེ ་སྐྱིལ?་མོ་ཀྲུང་བཅས་པས་ལུས་དྲང་པོར་བསྲང་སྟེ། མཉམ་པར་བཞག་པའི་ཕྱག་རྒྱ་བཅས་ལ། ལྕེ་རྐན་ལ་སྦྱར་ནས་མིག་སྣ་གོང་དུ་བསྟད་དེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་དམིགས་ཏེ། དེ་དག་ལས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བདག་མེད་པ་གསལ་བར་བྱེད་པའི་མན་ངག་མནོས་ལ་རྩ་བའི་སེམས་ཀྱིས་མིང་དང་མཚན་མ་ལ་དམིགས་ནས་དེ་ཉིད་ཀྱི་ཚིག་གི་བྱེ་བྲག་དང། ལེའུ་ལ་སོགས་པའི་དབྱེ་བ་ལ་རྗེས་སུ་སྤྱོད་པའི་སེམས་ཀྱིས་རྣམ་པར ་དཔྱད་དེ། དེ་ནས་མངོན་པར་རྟོགས་པར་རྒྱད་གནས་སྐབས་ཀྱི་དབྱེ་བའི་གྲངས་བརྩི་བ་དང། མངོན་པར་རྟོགས་པའི་རང་བཞིན་སོ་སོར་ངེས་པ་འཇལ་པ་དང། སྒྲོ་འདོགས་བ་དང། སྐུར་པ་འདེབས་པ་མེད་པར་སྤྱོད་པ་དང། མངོན་སུམ་དང་རྗེས་སུ་དཔག་པའི ་ཚད་མས་བརྟགས་པའི་ཕྱིར་སོ་སོར་རྟོག་པ་ཉིད་དོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམ་པ་བཞིར་རྣམ་པར་དབྱད་དོ། ཡི་གེ་ཡིད་སལ་བུ་དང་བསྡུས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དོན་མེད་པ་དང་དོན་དང་བཅས་པ་ཉིད་ཀྱིས་རྣམ་པ་དེ་གཉིས ་པ་རྣམ་པར་དཔྱོད་པའི་ཕྱིར་རྣམ་པར་དཔྱོད་པའི་སེམས་སོ། །དེའི་ཚེ་རྣམ་པར་དཔྱད་པའི་རྒྱུ་མཚན་གྱིས་འདི་ཉིད་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་ངེས་པར་བཟུང་ནས། ཇི་ལྟ་བ་བཞིན་གྱི་རྣམ་པར་དཔྱད་པ་ཉིད་ཀྱིས་དོན་མཚན་མ་ལ་དམིགས་བ་རྩ་པའི ་སེམས་སུ་བསྡུས་པའི་སེམས་ཀྱིས་བཅུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་པ་ནི་འདུན་པའི་སེམས་སོ། །ཤེས་རབ་ཀྱི་མིག་གིས་སྒྱུ་མ་ལྟ་བུ་ལས་ཆེས་ཐམས་ཅད་ལས་ཡང་དག་པའི་ཡི་ཤེས་ཀྱི་སྣང་བས་མ་གཟིཌ ་བས་རྣམ་པར་རྟོག་པ་མེད་པའོ། །དེ་ལ་རྒྱུད་པ་འབྲས་བུའི་ངོ་བོ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་དོ། །དེ་ཡང་རང་དང་སྤྱིའི་མཚན་མ་མེད་པས་མཚན་མ་མེད་པའོ། །དེས་དོན་དུ་གཉེར་བར་བྱ་བའི་དངོས་པོ་མི་དམིགས་པའི་ཕྱིར་སྨོན་པ་མེད་པ་ཉིད་དོ། །ཡང ་དེ་བཞིན་དུ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་གྲོལ་བའི་སྒོའི་ཏིང་ངེ་འཛིན་ཏོ། །སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་ཆོས་ཉིད་ཡོངས་སུ་མི་ཤེས་པ་དེ་དག་ཕྱིན་ཅི་ལོག་གིས་བཅིངས་པས། འཁོར་བ་ན་སྤྱོད་པའི་འཆིང་པ་དང་ལྡན་པཱི ་སེམས་ཅན་གྱི་ཁམས་ངེས་པར་ལེགས་པ་ལ་འགོད་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ལ་ཏིང་ངེ་འཛིན་ལ་ལེ་ལོ་དང། དམིགས་པ་བརྗེད་པ་དང། བྱིང་པ་དང། རྒོད་པ་དང། མི་རྩོལ་བ་དང། རྩོལ་ཆེས་པ་དང། སྐྱོན་དྲུག་པོ་དེ་དག་གནས ་སྐབས་ཇི་ལྟ་བས་སྐྱེས་པ་ན་དེའི་གཉེན་པོ་འདུ་བྱེད་བརྒྱད་ཇི་ལྟ་པ་བཞིན་དུ་བརྟེན་པར་བྱ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱི་དད་པས་རྣལ་འབྱོར་ལ་འདུན་པ་ཡང་དག་པར་སྐྱེའོ། །འདུན་པ་དེའི་སྟོབས ་ཀྱིས་བརྩོན་འགྲུས་བརྩོམ་མོ། །དེ་ནས་བརྩོན་འགྲུས་ཀྱིས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུར་རོ། །དེ་ལྟར་ན་དད་པ་ལ་སོགས་པ་བཞིས་ལེ་ལོ་སྤོང་བར་འགྱུར་རོ། །དམིགས ་པ་བརྗེད་པའི་གཉེན་པོར་ནི་དྲན་པ་ཉིད་དོ། །དེS་ཡང་དག་པའི་དམིགས་པ་ལ་གནས་སོ། །ཤེས་བཞིན་ནི་ཕྱིར?་རྒོད་ཀྱི་གཉེན་པོ་སྟེ། དེ་ཉིད་ཀྱིས་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིད་བ་སྤོང ་དོ། །ཡང་དག་པར་སྐྱོ་བའི་དངོས་པོ་མི་རྟག་པ་ལ་སོགས་པའི་ཡིད་ལ་བྱེད་པ་ལ་སོགས་པས་རྒོད་པ་སྤོང་བར་འགྱུར་རོ། །བྱིང་རྒོད་ཞི་བར་བྱེད་པའི་དུས་སུ་མི་རྩོལ་ན་ཡང་སྐྱོན་ཡིན་པས་སེམས་པ་གོམས་པར་བྱའོ། །བྱིད་རྒོད་ཞི་བ་ན་གང་གི་ཚེ ་སེམས་དམིགས་པ་ལས་རབ་ཏུ་མི་གཡོ་བ་ན་མངོན་པར་འདུ་བྱེད་པ་ལ་ཞུགས་པར་གྱུར་ན་དེའི་ཚེ་རྩོལ་བ་སྐྱོན་ཡིན་ནོ། །དེ་ལ་སེམས་རྣམ་པར་གཡེང་བ་དེའི་གཉེན་པོ་བཏད་སྙོམས་བསྒོམ་པར་བྱའོ། །རིམ་པ་དེ་ལྟར་བསྒོམས་ནས་ལངས་ཏེ་སྔར ་སྡུད་པར་བྱེད་པར་རང་གི་ལྷ་རྡོ་རྗེ་འཆང་གི་གཟུགས་སུ་མོས་པར་བྱས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པས་ཆོས་ཀྱི་སྦྱིན་པ་བྱིན་ཏེ། དེ་དག་ཐམས་ཅད་མངོན་པར་མ་ཞེན་པའི ་རྣལ་འབྱོར་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་དུ་ཐུན་མཚམས་བ་ཞིང་བསྒྲུབ་པར་བྱའོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས་ཡོངས་སུ་གཏད་པའི ་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའི་བཤད་པའོ།། །།རྣལ་འབྱོར་མཁས་པ་འགས་ཀྱང་སྔོན་ཆད་ཡུམ་འདིའི་བསྒྲུབ་པ་རིགས་པས་མ་རྟོགས་པ། །གཏི་མུག་མུན་ནག་སྨག་ནི་མ་ལུས་བསལ་བའི་མགོན་པོས་མཁྱེན་ནས་གསུངས ་པ་ཡི། །རིགས་པ་ལེགས་ལྡན་ཚིག་གིས་དེ་བཤད་པ་ལས་བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་ཡོན་ཏན་རིན་ཆེན་བསྡུས་ལྡན་འདི་ནི་འགྲོ་བས་མྱུར་དུ་ཐོབ་པར་ཤོག། གང་ཞིག་མངོན་པར་རྟོགས་རྒྱན་གྱིས། །དེ་ཡི་བསྡུས་དོན་རབ་གསལ ་བ། །ཤེས་རབ་ཕ་རོལ་ཕྱིན་བཤད་པ། །རྫོགས་ལ་རྟོགས་པར་སླ་བ་ཡིན། །བརྒྱད་པའི་སྡེབ་སྦྱོར་དེས་གཅིག་པའི། །ཚིགས་སུ་བཅད་པ་ཡོངས་བརྩིས་ཏེ། ཕྱེ་བས་སྟོང་ཕྲག་གཉིས་དག་དང། །བརྒྱ་ཡིས་འདི་ལྷག་ཤེས་པར་བྱ། །ཡོན་ཏན་རིན་པོ་ཆེ ་སྡུག?་བ་ཚིགས་སུ་བཅད་པའི་བཀའ་འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སེང་གེ་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧ་དུ་ཤནྟི་བྷ་དྲའི་ཞལ་སྔ་ནས་དང། བོད་ཀྱི་ལོཙྪ་བ་འཕྲོ་སེང?་དཀར ་ཤཱཀྱའི?་འོད་ཀྱིས་བསྒྱུར། །བློ་དན་ཚོང་པ་ནོར་བུ་འཆིང་བུ་ལ། །རིན་ཆེན་རོང་ཐང་མེད་སྙམ་འཆད་པ་ལྟར། །དམ་པ་བརྒྱུད་པའི་གདམས་ངག་དང་བྲལ་བ། །ངན་རྟོག་རྒྱུད་ལ་རྒྱལ་ཡུམ་དོན་ཡིན་པར། ལོག་རྟོག་བསལ་ཕྱིར་ས་བདག་སྲས་ཀྱི་མཆོག། གཞོན? ་?་གཤེགས་ཐོས་པའི་ཤེས་རབ་ཡང། །དེ་དོན་གཏན་ཕབ་སེམས་པའི་ཤེས་རབ་ཆུབ། །བསྒོམ་པའི་རྒྱུན་བསྟེན་ཚུལ་ཁྲིམས་གཏོང་བའི་འོད། །རིན་ཆེན་དང་བཅས་རྗེ་བཙུན་བཀས་བསྐུལ་ནས། །བཞིན་གྱི་སྐྱོན་ཡོན་གསལ་བྱེད་མེ་ལོང་ལྟར། སེང ་གེ་བཟང་པོའི་མན་ངག་རྟོགས་སླ་བ། །འབང་པས་བལ་ཡུལ་བགྲོད་ནས་བདག་གིས་བསྒྱུར། །གལ་ཏེ་ཁ་ཅིག་འདེ་ལའང་ཕྲག་དོག་གིས་སྤོང་ན། །གཞན་ལ་གནོད་མེད་བདག་ཉིད་ཁོ་ན་ཕུང་བྱེད་ཡིན། །ཇི་ལྟར་རུས་སྐམ་དུང་པ་ཁྱི་རྒན་གྱིས་འཚོམ་པས།། ་རྐན་ཕུག་དང་ཁྲག་འཇིབ་ཅིང་རུས་པའི་རོ་སྙམ་སེམས། །རང་རྟགས་ངན་རྟོག་གཞུང་ལ་ཆགས་པའང་དེ་བཞིན་ནོ། །དུས་གསུམ་ཀུན་ཏུ་མི་འགྱུར་ནམ་མཁའ་དང་མཚུངས་པ། །ཆོས་ཉིད་སྐྱོན་མེད་ཕ་རོལ་ཕྱིན་པ་འདི་ཉིད་ལགས། །དེ་ཐོས་དེ་ལམ་དང ་ལོག་བལྟས་བདག་ཏུ་འཛིན། །ན་སོ་ཚད་དང་ལྡན་ཡང་བྱིས་བར་འདྲེན་པས་གསུངས།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་པར་བྱེད་ནུས་པར་གྱུར་ཅིག། ་