CLOSE WINDOW

N3970: yon po srong pa'i man ngag
Wyliee-texts based on the ACIP/ALL Input

གསང་ཞིང་གསང་རབ་གསང། །གཅིག་པུར་སྐལ་ལྡན་ཉིད་ལ་འོས། །བདག་བྱིན་བརླབ་པའི་རིམ་པ་ཡི། །མན་ངག་བཤད་ལས་གང་ཐོབ་པའི། །ངག་གི་འོད་ཟེར་དགེ་བ་ཡིས། །འགྲོ་བའི་རབ་རིབ་མུན་སེལ་ཤོག་།རང ་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས། སློབ་དཔོན་བརྟུལ་ཞུགས་སྤྱོད་པ་ནག་པོའི་ཞབས་ཀྱི་རིམ་པས་སློབ་དཔོན་ཆེན་པོ་ཀུཔཱ་ལས་མཛད་པའོ། །སློབ་དཔོན་ཆེན་པོ་སངས་རྒྱས ་སྤས་པའི་ཞལ་སྔ་ནས་དང། རྨོངས་པ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་གཡར་ཁྲལ་དུ་བསྒྱུར་བའོ།། (།།ཡོན་པོ་སྲོང་བའི་མན་ངག་བཞུགས་སོ།།)་།ོཾ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གསུང་གི་དབང་ཕྱུག་ཞི་བ་ལ། ་ཕྱག་འཚལ་རྡོ་རྗེ་མཁའ་འགྲོར་འདུད། །མ་ག་དྷར་ནི་གྲགས་ཐོབ་པ། །ཀཧྣས་ཡོན་པོ་སྲོང་བཤད་བྱ། །རྣམ་པར་རྟོག་མེད་འདུ་བྱེད་སྤངས། །འཁོར་བ་མིན་ཅིང་ཞི་བ་མིན། །སེམས་ཏེ་རྩ་དང་ཐིག་ལེ་དང། །གཅིག་པུ་ཀུན་འཆར་རླུང་ཡང ་སྟེ། །རླུང་གིས་ཟིན་ལ་མ་ཥའི་ཟས། །རྣ་བའི་ཆུ་ནི་ཆུས་དགུག་ལྟར། །འདོད་ཆགས་ལ་ནི་འདོད་པ་དང། །ཁོང་ནས་འཁྲུགས་པས་ཞེ་སྡང་དང། །གཏི་མུག་ལ་ནི་རྨོངས་པ་ཆེ། །རྣམ་རྟོག་རྣམ་རྟོག་གིས་དག་བྱེད། །ཕྱུགས་དང་རི་བོང ་རྭ་ལྟ་བུར་རྣམ་པར་རྟོག་མེད་ཞེས་མི་བརྗོད། །ཇི་སྲིད་སེམས་ནི་མ་བཅིངས་པ། །དེ་སྲིད་རླུང་ཡང་འཆིང་མི་འགྱུར། །ཁུ་ཁྲག་ལྡང་འཇུག་ཉིད་དང་ཡང། །གདུང་དང་སེམས་བྱེད་གཟུང་འཛིན་ནི། །ཡོན་པོ་ཉིད་དུ་རྣམ་པར་བརྗོད། །གཉིས ་སྤངས་གཉིས་སྤངས་དང་བཅས་པ། །འཇུག་དང་ལྡོག་པར་བྱེད་པ་ཅན། །སྲངས་པའོ་སྦྱངས་པ་གནས་པ་སྟེ། །སྣ་ཚོགས་སྙིང་སྟོབས་བདེ་བ་ནི། །གཡོ་བ་མེད་པར་ཡང་དག་བརྗོད། །ལུས་བཅིངས་པས་ནི་སེམས་འཆིང་སྟེ། །སེམས་ནི ་ལུས་ཅེས་བརྗོད་མི་བྱ། །ཛཡོ་ཏི་དང་ནི་བརྟན་གཡོ་ཡང། །དེ་གཅིག་རྟག་པ་བདེ་བའི་རྒྱུ། །ཀཧྣ་སྨྲས་སོ་ཨུ་ཙི་ཊས། །བདེ་བ་དམ་པ་རབ་ཏུ་ཐོབ། །ཡོན་པོ་སྲོང་བའི་མན་ངག་ནག་པོ་པའི་ཞབས་མ་ག་དྷར་གྲགས་པ་མཆོག་ཐོབ་པས་མཛད་པ་རྫོགས་སོ།། ་འདི་ཀཧྣི་པ་ཆུང་བས་ཡིན་ཅེས་པཎྜི་ཏ་རྣམས་ཟེར་གསུང། །གྲུབ་མཆོག་བུདྡྷ་གུཔཏ་ནཱ་ཐའི་ཞལ་སྔ་ནས་གཞུང་འདི། བྷ་བ་ནཱ་ཐའི་གླུ་དབྱངས་དང་འགྲེལ་པ་སྦྱར་བའི་བཤད་པ་མན་ངག་བཅས་གནང་བའི་སྐབས་སུ། ཏཱ་ར་ན་ཐས་རྗེ་ཉིད་ལ་ཞུ་ཏི་ག་བྱས ་ཀྱིན་བསྒྱུར་བ་ལགས།། །། *། (།ལས་སྣ་ཚོགས་སྤྱོད་པའི་མན་ངག་བྱོན།།)་།རྒྱ་གར་སྐད་དུ། ཀརྨཱ་བི་ཤཱ་ཙརྱ་ཨུ་པ་དེ་ཤ་།བོད་སྐད་དུ། ལས་སྣ་ཚོགས་སྤྱོད་པའི་མན་ངག་།དཔལ་དབང་པོ་ལ་ཕྱག་འཚལ་ལོ། །དེ་ཡང ་ཕ་རོལ་གྱི་དམག་དཔུང་ཆེན་པོས་རང་ལ་བསྔོ་བར་གྱུར་ན། བ་ལང་ནག་པོའི། །རྭ་དམར་པོ་ལ་སྣ་ལ་རལ་གྲིའི་འཁོར་ལོ་གདགས་ཤིང། །དཔྲལ་བར་རབ་ཏུ་འཇིགས་པའི་མིག་དམར་པོ་བྲི། རྭ་གཡས་པ་ལ་མེའི་འཁོར་ལོ་ལ་ཨོཾ་བཛྲ་ཛཝ་ལ་ཛཝ་ལ་ཨགནེ ་ཡེ་སརྦ་ཤ་ཏྲུཾ་ཛཾ་བྷ་ན་མོ་ཧ་ན་ཧཱུཾ་ཕཊ། ཞེས་པ་བྲིས་ལ་གདགས་ཤིང། གཡོན་ལ་ཆུའི་འཁོར་ལོ་ལ། ཨོཾ་མཧཱ་ཛ་ལ་ན་སྟམྦྷ་ན་མོ་ཧ་ན་ཧཱུཾ་ཕཊ། ཞེས་པ་བྲིས་ལ་གདགས། དཔུང་པ་གཡས་དང་གཡོན་ལ་ཉི་མ་དང་ཟླ་བའི་མཚན་མ་གདབ་ཅིང། རྒལ ་ཚིགས་ལ་འཁོར་ལོ་རྩིབས་བརྒྱད་པ་གཅིག་ལ། ཨོཾ་ཙཀྲ་ཝ་རྟི་ཏ་ཧཱུཾ་ཕཊ། ཞེས་པ་དྲིས་ལ་གདགས་ཤིང། མཚོན་ཆ་སྣ་ཚོགས་བྲིའོ། །མགོའི་གཡས་སུ་སེངྒེའི་རྒྱལ་མཚན་ལ་རས་ཡུག་དཀར་པོ་གདགས། གཡོན་དུ་བྱ་ཁྱུང་གི་རྒྱལ་མཚན ་ལ་རས་དམར་པོ་སྟེ། དབུས་སུ་ཁྱུ་མཆོག་གི་རྒྱལ་མཚན་ངས་ཡུག་ནག་པོས་མཆན་པ་བཟུང། མཇུག་མ་ལ་སྟང་གི་ཕྱགས་མ་ཆེན་པོ་བཏགས། ལྷ་ཆེན་པོ་མཆོད་པས་མཉེས་པར་བྱས་ཏེ། གདོང་མཚན་པ་མཇུག་ཐུག་རྗེ་གསུམ་གསུམ་ཕ་རོལ ་