CLOSE WINDOW

N3968: rnal 'byor gyi glu
Wyliee-texts based on the ACIP/ALL Input

བོད་སྐད་དཱུང་རགས་རྩིས་ལ་ཚིགས་བཅད་དེ་ཙམ་སྟེ། རྣལ་འབྱོར་མ་ཆེན་མོ། །དཱི་ན་ཀ་རས་ཞུས་ནས་བསྡུས་པ། འདི་ནི་ཤིན་ཏུ་དར་བ་ཡིན་པར་གདའ་ཨོ། །ཅེས་པའང་ཏཱ་ར་ནཱ་ཐས་རེག་ཟིག་གོ། དགེའོ།། །། ་*། (།རྣལ་འབྱོར་གྱི་ཀླུ?་བཞུགས་སོ།།)་།རྒྱ་གར་སྐད་དུ། ཡོ་ག་གཱི་ཏ། བོད་སྐད་དུ། རྣལ་འབྱོར་གྱི་གླུ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་སྤུ་གུ་ཚུར་ཤོག་ཉོན། །སྒྲིབ་པ་གསུམ་པོ་སྤངས་པ་དང། །བླ་མའི་ཞབས་བསྟེན་མཉེན་པར་བྱས།། ་རྡོ་རྗེའི་ལུས་འདི་གཙང་མར་གྱིས། །འགྲོ་བ་འདི་རྣམས་ཀུན་ལ་ཁྱབ། །ཡེ་ཤེས་གཅིག་ནི་ལྔ་ཡི་གཟུགས། །དྲུག་པ་རྡོ་རྗེ་སེམས་དཔའ་ཉིད། །འོད་ཟེར་སྣང་བ་མཆོག་གི་མཆོག་།རྒྱུ་དང་མི་རྒྱུ་སྣ་ཚོགས་འདི། །དེ་བཞིན་གཤེགས་པར ་དབུགས་ཕྱུང་ནས། །བདེ་བ་ཆེན་པོ་གཅིག་ཏུ་བྱོས། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང། །བརྗོད་དུ་མེད་ཅིང་སྤྲོས་པ་མེད། །རང་བཞིན་ཀུན་དང་རྣམ་པ་ཀུན། །སྒྲ་སྐད་ཀུན་དང་མི་འགྱུར་བ། །རབ་ཏུ་གསལ་བ་ལྟོས་ཤིག་ཀྱེ། །འབྱུང་རྣམས ་དེ་ཉིད་ལྔ་ལས་བྱུང། །དེ་ཡང་བདེ་བ་ཆེ་ལས་བྱུང། །འགྲོ་བ་གསུམ་པོ་འཇིག་རྟེན་བཅས། །ཁྲོ་བོ་སངས་རྒྱས་དེ་ལས་སྐྱེས། །དེ་ཉིད་དྲུག་པོ་དེ་བཞིན་དུ། །ལུས་དང་ངག་ཡིད་བདེ་བ་སྟེ། །འཁོར་བཞི་བ་རྡོ་རྗེ་སྐུ། །དེ་ལས་སྤྲུལ ་ཞིང་དེར་གྲོལ་ལོ། །ཡིད་འོང་འདོད་ཆགས་ལུས་མེད་ཡིན། །གཉིས་གཉིས་ནམ་མཁའ་ཨི་དབུས་སུ་ཞུགས། །སེམས་དང་ལུས་ཏེ་ཡུལ་ཅན་དང། །ཡུལ་ཀུན་སྦྲུལ་བར་བྱེད་པའོ། །ཀྱེ་ཀྱེ་ཀྱེ་ལགས་ཨཱ་ཏོ་ཚུར། །གཅིག་ཏུ་གཉིས་དང་དེ་ལས་ལྔ།། ་དྲུག་དང་བཅུ་ལས་མཚོན་བྱ་གཅིག་།རྒྱུ་དང་འབྲས་བུའི་མཚན་ཉིད་ལྟོས་།སྒྱུ་མ་སྤྲུལ་པ་དེ་བཞིན་དུ། །འཇིག་རྟེན་རི་མོ་རྣམ་པར་བཀྲ་།ནང་གི་ལུས་ནི་ཚོགས་པ་འདྲ། །འཇིག་རྟེན་སྒྱུ་མ་འདི་ལས་སྤྲོས། །ཆོས་ཀྱི་དམ་པ་ནམ ་མཁའ་དང། །ས་བཞིན་གཡོ་བ་མེད་པར་གནས། །སྒྱུ་མའི་འཁྲུལ་འཁོར་འཇིག་བྱེད་པ། །ལམ་གྱི་གནས་པར་དེ་བརྗོད་དོ། ། རེ་ཨ་རེ། བརྟགས་པའི་ལྷ་ནི་རྫུན་པའི་འབྲས་བུ་ཅན། །བཅུ་དྲུག་དེ་ཉིད་མེད་ན་དེ་ཡང་བསླུ། །ཡོངས་སུ ་གྲུབ་པ་མངོན་སུམ་རྟགས་པ་བྲལ། །ལུས་ལ་བྱུང་བ་གཉིས་ནི་ཤིན་ཏུ་འདྲེས། །སོ་སོར་བསྡུད་པ་སྤྲོས་དང་བྲལ། །རྟག་ཏུ་སྣང་བའི་མཚན་ཉིད་དོ། །གཟུགས་དང་སེམས་ནི་མཉམ་གྱུར་པ། །འཇིག་མེད་བསམ་གཏན་ནམ་མཁའ་མཉམ ་རྩ་གཉིས་འགགས་པའི་ཡེ་ཤེས་དང། །ཉི་མ་ཟླ་བའི་སྲོག་འགོག་པ། །དེ་ལས་ཁམས་རྣམས་ཐམས་ཅད་ནི། །ཐིག་ལེར་ཞུགས་པས་འཛིན་པ་ཉིད། །འཁོར་ལོ་རྣམས་ལ་འགྲོ་དང་འོང། །སྤོམ་པོའི་ནུས་པ་བཅོམ་ནས་ནི། །དེ་ཉིད་ལྔ ་པ་གཉིས་པོ་དག་།རེ་རེར་དེ་ཉིད་ལྔ་རྣམས་ཐིམ། །དེ་ལས་གཏུམ་མོའི་སྣང་བ་བཅུ། །ཁམས་གསུམ་པོ་ཡི་གཟུགས་སུ་སྣང། །རྡོ་རྗེ་མེ་ལ་སྲོག་ཐིམ་མོ། །འབད་པའི་སྡུག་བསྔལ་ལས་གྲོལ་ཡིན། །ནམ་མཁའ་ལས་བྱུང་བུ་མོ་བཅུ། ། ་ལྗོན་ཤིང་ཁུ་བ་འཐུངས་པ་དང། །ཡིད་ཀྱ་རྟོགས་པའི་ཁ་ཟས་ཟོས། །ལུས་རྟས་དེ་རྣམས་ཆུང་མར་འགྱུར། །རྣམ་པ་བཅུ་ནི་ལྷན་ཅིག་འདུས། །རྡོ་རྗེ་ཝཾ་ཡིག་ཨེ་ལ་འདྲེ། །རྟག་པ་བརྟན་པ་འགྱུར་མེད་བདེ། །ཅི་སྟེ་མ་ཐོབ་ཁྱིམ་ཨུ་རོལ། །གཅིག་གཉིས ་འདྲེས་པའི་བུད་མེད་ལ། །སྦྱོར་བས་རྣམ་དག་བདེ་བ་ནི། །འདོད་པ་དག་བ་བཅུ་ཐོབ་ནས། །བཅུ་གཅིག་པ་ནི་འཕོ་མེད་དོ། །སྟོང་དང་བདེ་རྗེས་དྲན་དེ་ལས། །ཁུ་བ་ཁྲག་དང་དབུགས་འགག་སྟེ། །ལུས་དང་ངག་སེམས་འགོག་པ་ལས། །རྡོ་རྗེ ་རྣམ་བཞི་ཐོབ་པའོ། །ཁམས་གསུམ་སྲིད་པ་གསུམ་འབྲས་བུ། །རྡོ་རྗེའི་སྐུ་ཡི་ཁྱབ་པར་ལས། །སྣང་བ་བཅུ་ལས་གཞན་དུ་མེད། །ཡན་ལག་ཀུན་ལ་དེ་ལྟར་རྟོགས། །ཱ་རེ་ཨཱ་ཧོ་ཉོན་ཅིག་བུ་ཚུར་ཉོན། །སེམས་ནི་རེངས་ཤིང་སྣང་བ་ཐོབ་པ་དང། ་གནས་པ་དང་ནི་འགག་དང་འབར་བ་དང། །བདེ་བའི་ཕྱིར་ན་སུམ་ཅུ་རྩ་དྲུག་གོ་།མེ་ནི་བརྟན་བར་མ་གྱུར་པར། །ནད་རྣམ་པ་མང་པོ་ཡིས། །བཙན་ཐབས་སྒྲུབ་པས་དེ་དེ་ཐོབ། །བླ་མའི་མན་ངག་བསྟན་པའོ། །སྣ་ཚོགས་ཆོ་ག་ཐ་དད་དང། །སྣ་ཚོགས ་བསམ་གཏན་དེ་དག་ཀྱང། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །དོན་དམ་གཅིག་པུ་གཉིས་སུ་མེད། །ལུས་ངག་སེམས་ནི་འགགས་པ་ན། །རྡོ་རྗེའི་ལུས་སུ་དེ་འགྱུར་རོ། །རྡོ་རྗེའི་ལུས་ཀྱི་གནས་ཐོབ་ནས། །དོན་ཆེན་དམ་པའི་ས་སྒྲུབ་བོ། །གཅིག་ཤོས ་ཁམས་གསུམ་འགགས་པ་སྟེ། །རིམ་པས་བྱེད་པ་སྒྱུ་མ་གསོག་།དེ་ཉིད་གསུམ་གྱི་སྒྲིབ་པ་རྣམས། །སྤངས་པའི་བདེན་དོན་བཅུ་གཉིས་སོ། །ལྷན་སྐྱེས་སྐད་ཅིག་གཅིག་པ་སྟེ། །ཡེ་ཤེས་ལྔ་དང་སྟོང་པ་ཉིད། །སྲིད་གསུམ་གཟུགས་བརྙན ་འཆང་བས་ན། །བྱང་ཆུབ་དང་ནི་བྱང་ཆུབ་གཞི། །མ་སྐྱེས་གཟུགས་དང་གཞོམ་མེད་དང། །རིག་དང་ཉམས་བག་དགའ་བའི་གནས། །དེ་རྣམས་རྣམ་པ་ཀུན་མཆོག་ལྡན། །ཕན་ཚུན་རྒྱས་བཏབ་རྒྱལ་པོའོ། །འགྲོ་འདི་སྒྱུ་ཨའི་དྲ་བས་བཅིངས ་སོམ་ཉིའི་རྒྱ་མཚོར་ནུབ་པར་གྱུར། །འགྱུར་བྲལ་བདེ་དང་རྡོ་རྗེ་ཡིས། །གཟུགས་བརྙན་རྩེ་གཅིག་སེམས་ཀྱིས་བསྒོམས། །རྒྱུ་དང་མི་རྒྱུ་མུན་པ་དང། །མེ་ཡིས་ཟ་ཞིང་སྐྱེད་པར་བྱེད། །འདི་དག་གཞན་དུ་གྱུར ་ན་ནི། །གཤིན་རྗེའི་འཇིག་རྟེན་ལས་རྒྱལ་ལོ། །དེ་ལྟར་ཤེས་ནས་འབད་པས་བུ། །རྡོ་རྗེའི་ས་ལ་གནས་པར་གྱིས། །འདིས་ནི་བདུད་ཀྱི་གཡུལ་ལ་རྒྱལ། །ཕ་རོལ་ལས་རྒྱལ་རྒྱལ་བ་རྒྱལ། །ཞེས་པ་རྣལ་འབྱོར་གྱིས་གླུ་།སློབ་དཔོན་ཆེན་པོ ་བདེ་བ་ཆེན་པོའི་རྡོ་རྗེའི་ཞབས་ཀྱིའོ། །རྒྱ་གར་གྱི་པཎྜི་ཏ་གང་བའི་རྡོ་རྗེའི་ཞལ་སྔ་ནས་ལ་འགྲེལ་བ་དང་བཅས་པ་མཉན་ནས། གཡར་ཁྲལ་དུ་བསྒྱུར་བ་པོ་ནི་ཏཱ་ར་ནཱ་ཐའོ།། (།།བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའ་ཨི་སྒྲུབ་ཐབས་རང་བྱིན་རླབ་པའི་མན་ངག་གི་རིམ་པ་ཞེས་བྱ་བ་བཞུགས་སོ།།)་།རྒྱ་གར་སྐད་དུ། བྷ་ག་བཱན་བཛྲ་སཏྭ་སཱ་དྷ་ན་སྭཱ་བྷིཥྛ་ནོ་བ་དེ་ཤ་ཀྲ་མ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས་རང་བྱིན་རླབ་པའི་མན་ངག་གི ་