| Wylie | e-texts based on the ACIP/ALL Input |
ཤོག། །འཕགས་པ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།འགྱུར་རྙིང་ལ་ཞུས་དག་བྱས་པའོ།། །།རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སྱ་ན་ཨ་དྷི་པ་ཏི་ནཱི་ལ་བཱ་ས་ན་སཱ་དྷ་ན། བོད་སྐད་དུ། གནོད་སྦྱིན ་གྱི་དེད་དཔོན་ཆེན་པོ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རེ་ཤིག་དང་པོ་རྣལ་འབྱོར་པས། ཤིང་གཅིག་ལ་སོགས་པའི་ས་ཕྱོགས་སུ། མེ་ཏོག་ལ་སོགས་པ་བཀྲམ་ཞིང། རབ་ཏུ་འཇམ་པའི་སྟན་ལ་འདུག་སྟེ། བདུན ་རྣམ་པར་དག་པ་དང། ཚངས་པའི་གནས་པ་བཞི་དང། སྟོང་པ་ཉིད་ཀྱི་དོན་བསམ་པར་བྱའོ། །ོཾ?་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་དྷཱ་ཝ་ཨཏྨ་ཀོཉཧཾ། དེ་ནས་ཡི་གེ་པཾ་ལས་བྱུང་བའི་པདྨ་དམར་པོའི་ལྟེ་བར། ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་རོ། །དེའི་དབུས་སུ ་ནི་སྤྲིན་གྱི་སྒྲའི་ཡི་གེ་ཁ་དོག་ནག་པོའི་གཟུགས་ཅན་ནོ། །དེ་ནས་ཕྱོགས་བཅུར་འཕྲོས་པའི་འོད་ཟེར་གྱིས་ནམ་མཁར་ལ་ཁྲོ་བོ་རིགས་ལྔ་བཀུག་ནས། དེ་ཉིད་དུ་གཞག་སྟེ། དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་ཕྱག ་ན་རྡོ་རྗེ་སྐུ་མདོག་ནག་པོ་ཆར་སྤྲིན་གསར་པ་ལྟ་བུ། ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་པ། མཆི་བ་གཙིགས་པ། ཞལ་ཁྲོ་གཉེར་ཅན། སྨ་ར་དང་ཨག་ཚོམ་དང། སྨིན་མ་དང། རལ་པ་སེར་སྐྱ་ཅན། ཅོད་པན་གྱི་དབུས་ན་དེ ་བཞིན་གཤེགས་པ་མི་སྐྱོད་པས་བརྒྱན་པ། སེ་འབྲུའི་མེ་ཏོག་ལྟར་དམར་བའི་མི་གཅན། དེ་བཞིན་དུ་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །ཕྱག་གཡོན་པ་ནི་གདུག་པ་རྣམས་ལ་སྡིགས་འཛུབ་བྱེད་ཅིང། གདེངས་ཅན་ནག་པོ་ཞལ ་དུ་གསལ་བ། ཕྱག་གཡས་པ་ན་འབར་བའི་རྡོ་རྗེ་རབ་ཏུ་གསོར་བ། སྟག་གི་པགས་པའི་སྨད་དཀྲིས་དང་ལྡན་པའོ། །འཇོག་པོ་དང་རིགས་ལྡན་དམར་པོས་དབུ་ལ་བརྒྱན་པ། མཛའ་ཡས་དང། ནོར་རྒྱས་ཀྱི་བུ་ནག་པོ་གཉིས་ནི་ཞབས་གཉིས ་ལའོ། །པདྨ་དང་པདྨ་ཆེན་པོ་སེར་པོ་གཉིས་ནི་སྟན་གཉིས་ལའོ། །དུད?་སྐྱོང་དཀར་པོ་ནི་?་རགས་ལའོ། །?་ལུན?་ལྗང་ཁུ་ནི་དོ་ཤལ་དུ་བྱས་པའོ། །མཛའ་ཡས་དང་ཆུ་ལྷ་ནི་ལ་གདུང་དུ་གནས་པའོ། །འབར་བ་ཆེན་པོའི་འཕྲེང་བ་འཁྲུགས ་པའི་ཉི་མའི་གདན་དང། ཉི་མའི་རྒྱལ་ཡོལ་ལོ། །སྙིང་གར་ཡང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་གོ་།ཕྱུགས་བདག་དང་ནོར་ལྷའི་དུ་ལ་སོགས་པའི་གཞུང་འཇུབས་པ་རྣམས་འཇོམས་པར་མཛད་པ། བདུད་ཀྱི་དཀྱིལ་འཁོར་མ་ལུས་པ་ཡང་ནས ་ཡང་དུ་བརླག་པར་མཛད་པའི་བདག་ཉིད་དུ་བསམ་པར་བྱའོ། །རང་གི་སྙིང་གར་ཡང་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་གོ་།མིག་ལ་སོགས་པའི་དབང་པོ་དྲུག་ལ་ཡང་ཡི་གེ་ཧཱུཾ་དྲུག་མངོན་པར་དགོད་དེ། དེར་ཡང་རྗེ་བཙུན་གྱི་སྐུ་རེ་རེ་བསམ་པར་བྱའོ།། ་དེའི་འོག་ཏུ་ཡེ་ཤེས་སེམས་པ་གཞུག་པར་བྱ་སྟེ། སླར་ཡང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་བོ། །ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎཱ་ཧཱུཾ། ཅེས་པ་ནི་བཟླས་པའི་སྔགས་སོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ། ཨ་དྱ་ནུཏཔནྟ་ཏྭ་ཏ། ཅེས་པ་ནི་གཏོར་མའི་སྔགས ་ཏེ། བཟའ་བ་དང། བཅའ་བ་དང། བཞི་བ་པ་དང། ལྡག་པར་ངོས་པ་དང། ལྡག་པར་འོས་པའི་སྦྱོར་བས་བྱའོ། །ལྡང་བའི་དུས་སུ། ཨོཾ་མུ(རྒྱུད་འགྲེལ་