| Wylie | e-texts based on the ACIP/ALL Input |
སློབ་དཔོན་རྒྱལ་དཀའ་ཟླ་བས་བཏུས་པ་རྫོགས་སོ།། །།འགྱུར་རྙིང་ཁོ་ན་སྟེ་རྒྱ་དཔེ་རྙེད་ན་ཞུས་དག་དགོས་པ་ཡོད་དོ།། ། *། །རྒྱ་གར་སྐད་དུ། ཤྲི་ཙཀྲ་སཾ་བྷ་ར་ཨ་དྭ་ཡ་བཱི་ར་སཱ་དྷ་ན། བོད་སྐད་དུ། ་དཔལ་འཁོར་ལོ་སྡོམ་པ་གཉིས་སུ་མེད་པ་དཔའ་བོའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ནང?་པར་སད་པ་དང་མལ་ནས་ལངས་ཏེ། གདོད་བཀྲུ་བ་ལ་སོགས་པ་བྱས་ནས། བསམ་གཏན་གྱི་ཁང་བར་ཇི ་ལྟར་བདེ་བར་འདུག་སྟེ། རང་གི་སྙིང་གར་ནམ་མཁའ་དྲི་མ་མེད་པ་ལ། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རྒྱས་པ་དཀར་པོ་ཨརྣམ་པར་བསམས་ལ། དེའི་སྟེང་དུ་ཐ་མལ་པའི་ཕུང་པོ་ལྔ་སྤྱོད་བར་བྱེད་པའི་ཆ་ལྔ་ལ། ཡེ་ཤེས་ལྔའི་རང་བཞིན ་ཡི་གེ་ཧཱུཾ་ཁ་དོག་ནག་པོ་འོད་ཟེར་ལྔ་རྣམ་པར་འཕྲོ་བ་བསམས་ལ། དེའི་འོད་ཟེར་རྣམ་པར་འཕྲོས་པས་རང་གི་ལུས་ཀྱི་སྤྱི་བོ་ནས་རྐང་པའི་བར་དུ་ཡོངས་སུ་དག་པ་བསམས་ནས། ལུས་དང་ངག་དང་ཡིད་ལས་བྱུང་བའི་ཐོག་མ་མེད་བའི་དྲི་མ་རྣམ ་པར་དག་པས། ཤེལ་སྒོང?་དག་པ་བཞིན་དུ་རང་གི་ལུས་དྲི་མ་མེད་པར་བསམ་ལ། བ་སྤུའི་བུ་ག་ནས་བྱུང?་བའི་འོད་ཟེར་རྣམས་ཀྱིས་འོག་ནས་འཆད་པའི་སྐུ་མདོག་དང་ཕྱག་མཚན་དང་ལྡན་པའི་བཅོམ་ལྡན་འདས་དང། སློབ་དཔོན་མདུན་གྱི་ནམ་མཁའ་ ་ལ་བསམ་སྟེ། ཡིད་ཀྱིས་མེ་ཏོག་ལ་སོགས་པས་ཡང་དག་བར་མཆོད་དེ། སྐད་ཅིག་མ་དེ་ཉིད་ལ་བཅོམ་ལྡན་འདས་དེ་རང་གི་ལུས་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་སྐུ་མདོག་ནག་པོ་ཞལ་བཞི་པ། ཕྱག་བཅུ་གཉིས་པ ་སྤྱན་གསུམ་པ། གཡས་བརྐྱང་པས་གནས་པ། འཇིགས་བྱེད་ཆེན་པོ་དང་དུས་མཚན་མོ་ཞབས་ཀྱིས་མནན་པས་བཞུགས་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པ། བདག་ཉིད་གདུག་པ་ཐམས་ཅད་ངེས་པར་འདུལ་བར་བསམ ་པར་བྱ་སྟེ། ཞལ་དང་པོ་རྣམ་པར་འགྱུར་ཞིང། མཆེ་བ་གཙིགས་པ་དང་བཅས་པའི་པས་འཇིགས་སུ་རུང་བ། གཡས་སེར་པོ། རྒྱབ་དམར་པོ། གཡོན་ལྗང་ཁུ། སྐུ་ཐོད་པའི་འཕྲེང་བ་ཅན། རལ་པའི་ཅོད་པན་འཆང་བ། ཟླ་བ་བྱེད་པ་འཆང་བ། སྣ་ཚོགས ་རྡོ་རྗེས་སྤྱི་བོ་མཚན་པ། མི་བསྐྱོད་པའི་ཅོད་པན་ཅན། གཡས་དང་གཡོན་གྱི་དང་པོས་འཁྱུད་པའི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག་།དྲུག་པ་ན་རྩེ་གསུམ་འཕྱར་བ། ་གཡས་དང་གཡོན་གྱི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་བགས་པ་འཛིན་པ། གཡོན་གྱི་གསུམ་པ་ན་ཁ་ཊཝཱཾ་ག་།བཞི་པ་ན་ཐོད་པ། ལྔ་པ་ན་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་བསྣམས་པ་འཁོར་ལོ་དང། རྣ་རྒྱན་དང། མགུལ་རྒྱན་དང། ་ཕྱག་གདུབ་དང། སྐེ་རགས་དང། མཆོད་ཕྱིར་ཐོགས་དང། ཐལ་བ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་པའོ། །བཅོམ་ལྡན་འདས་མ་ནི་སྐུལ་དོག་དམ་དང། ཞལ་གཅིག་མ། ཕྱག་གཉིས་མ། སྤྱན་གསུམ་མ། ཞབས་གཉིས་མ། ཕྱག་གཡོན་པས ་འཁྱུད་པ། ཐོད་པ་གདུག་པའི་ཁྲག་གིས་ཁེངས་པ་བསྣམས་པ། གཡས་པ་ན་གཅོད་པར་བྱེད་པའི་གྲི་གུག་བསྣམས་པ། གཅེར་བུ་བུམ་དུ་སྐེ་རགས་ཅན། བྱིན་པ་གཡས་ཀྱིས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་འཁྱུད་པ། ཕྱག་རྒྱ་ལྔས ་བརྒྱན་པའོ། །བཅོམ་ལྡན་འདས་མི་མགོ་རློན་པའི་འཕྲེང་བ་འཆང་བ། སྒེག་པ་ལ་སོགས་པའི་ཉམས་ནང་ལྡན་པ། རང་གི་གསང་སྔགས་འདོན་པས་མགུར་ཡོངས་སུ་གང་བ། པདྨ་འདབ་མ་བརྒྱད་ཀྱི་དབུས་ན་གནས་པའི་དཔལ་ཧེ་རུ་ཀའི་སྐུར ་བདག་ཉིད་བསམས་ལ། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་འཁོར་ལོ་རྩིབས་དྲུག་པ་ལ། རང་གི་གསང་སྔགས་འདི་འོད་ཟེར་གྱི་རྣམ་པར་བསམ་ལ་བཟླས་བརྗོད་བྱའོ། དེ་ལ་གསང་སྔགས་འདི་ཡིན་ནོ། །ོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། འདི་ཤེལ་ལྟ་བུའི་ཡི ་གེ་འཕྲེང་བ་གནས་ཞུགས་ཏེ། ལྷ་མོའི་ལྟེ་བ་ནས་བཅོམ་ལྡན་འདས་ཀྱི་ལྟེ་བར་ཞུགས་ཏེ་ཐུགས་ཀར་ཐིམ་པར་གྱུར་པའི་མན་ངག་གིས་ཇི་སྲིད་འདོད་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེའི་འོག་ཏུ་ག་ཆ་གཉིས་ཀྱིས་ལུས་བཅིངས་པས། མི་ཕྱེད་བ་དང ་མི་གཡོ་བར་འགྱུར་རོ། །དེ་ལ་གོ་ཆ་གཉིས་ནི་འདི་ཡིན་ཏེ། སྙིང་གར་ཨོཾ་ཧ་དཀར་པོ། མགོ་བོར་ནཱ་མ་ཏི་སེར་པོ། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ། ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ་ནག་པོ། མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར། ཡན་ལག་ཐམས་ཅད་ལ་ཕཊ་ཧི་ལྗང་ཁུ་སྟེ། ་འདི་ནི་བཅོམ་ལྡན་འདས་ཀྱི་ག་ཆའོ། །ལྟེ་བར་ཨོཾ་བཾ་དམར་མོ། །སྙིང་གར་ཧཾ་ཡི་ནག་མོ། ཁར་ཧྲེཾ་མོ་དཀར་མོ། མགོ་ལ་ཧྲེཾ་ཧྲི་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ནག་དམར་ཏེ། འདི་ནི་ཡུམ་གྱི་གོ་ཆའོ། །དེ་ལྟར་གོ་བགོས ་བར་གྱུར་ནས་ལངས་ཏེ་གཏོར་མ་བྱའོ། །ོཾ་ཨ་རལླི?་ཏོ་ཐ(རྒྱུད་འགྲེལ་མ་མ་སརྦ་སིདྡྷི་མམེ་པྲ་ཡཙྪནྟུ། ཡ་ཐ་བཾ། ཡ་ཐཻ་ཥྚཾ། གྷུ་གྷ?་ཐཱ། པོ་པ་ཐཱ། ཛཝ་?་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་??། ས?་ང་ཁཾ། བི་ཀྲི་དྷུ?་ཡེ། པ་ཏ་ཡི་ཀ་།བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། འདི་ཡིས་གཏོར་མ་བྱས་ལ། དཔལ་ཧེ་རུ་ཀའི་སྐུ་ཅི་དགའ་བ ་དང། ངག་གི་བཟླས་པ་ལ་དགའ་བས། འཇིགས་པ་མེད་པར་གནས་པར་བྱའོ། །དཔལ་བདེ་མཆོག་འཁོར་ལོ་དཔའ་བོ་གཉིས་སུ་མེད་པའི་སྒོམ་ཐབས། དངོས་གྲུབ་བརྙེས་པ་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ། །། ་རྒྱ་གར་གྱི་མཁན་པོ་རབ་འབྱོར་ཞི་བ་དང། བོད་ཀྱི་ལོ་ཙ་པ་ཏིང་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འགྱུར་རྙིང་ཁོ་ནའོ།། (།།མདོར་བསྡུས་པའི་ཧེ་རུ་ཀའི་སྒྲུབ་ཐབས་བཞུགས་སོ།) ་