| Wylie | e-texts based on the ACIP/ALL Input |
དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། སློབ་དཔོན་སྐུ?་མ་ཏ་སིང་ཧས་མཛད་པ་རྫོགས་སོ།། །།འགྱུར་རྙིང་ལ་རྒྱ་དཔེ་དང་བཏུན་པའི་སྒོ་ནས་བཅོས་པའོ།། ། ་(ཡི་གེ?་བདུན་པའི་སྒྲུབ་ཐབས་བཞུགས་སོ།།)་།རྒྱ་གར་སྐད་དུ། སཔཏ་ཨ་ཀྵ་ར་ས་དྷ་ནཾ། བོད་སྐད་དུ། ཡི་གེ་བདུན་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བྱིས་པ་བུད་མེད་ཕལ་ཆེར་ནི། །རྒྱས་པ་བཟུང་དཀར་འགྱུར་བས་ན། །མདོར ་བསྡུས་པའི་ཡང་མདོར་བསྡུས་ནས། །ཡི་གེ་བདུན་པ་བསྡུ་བར་བྱ། །མཆོད་སོགས་སྟོང་ཉིད་བྱང་ཆུབ་ཀྱི། །སྔགས་ཀྱི་མཐར་ཐུག་འོག་ཏུ་ནི། །རྩེར་ལྡན་ལུས་ཀྱི་དབུས་སོན་པའི། །རྡོ་རྗེ་མཁའ་འགྲོ་རབ་བསྒྲུབ་བྱ། །ཡཾ་རཾ་བཾ་ལཾ་འབྱུང་བ་བཞིའི། །དཀྱིལ ་འཁོར་སྟེང་དུ་སུཾ་ལས་བྱུང། །ལྷུན་པོ་རིན་ཆེན་སྣ་བདུན་དང། །རྩེ་མོ་བརྒྱད་པ་བསམ་པར་བྱ། །ོཾ་མེ་དྷི་ནི་བཛྲི་བྷཱ་བ་བཛྲ་བནདྷ་ཧཱུཾ། ཨོཾ་བཛྲ་པྲ་ཀཱ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་པཉྩ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། ཨོཾ་བཛྲ་ཛཝ་ལ ་ཨ་ན་ལ་ན་ཧཱུཾ་ཧཱུཾ། རྡོ་རྗེ་ས་སོགས་དྲུག་བྱས་ནས། །འཁོར་ལོ་སྣ་ཚོགས་རྣམ་པར་གནས། །སྣ་ཚོགས་རྡོ་རྗེའི་འཕྲེང་བས་བསྐོར། །རྩིབས་དྲུག་པ་ནི་བྲི་བར་བྱ། །འདིར་ནི་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་མཁའ་འགྲོ་བདེ་ཆེན་པོ། །ཕྱག་དྲུག་ཞལ་གསུམ་སྤྱན་གསུམ ་པ། །མཚན་ཀུན་གྱིས་མཚན་བསྒོམ་པར་བྱ། །དཔེ་བྱད་བརྒྱད་ཅུ་ཡང་དག་ལྡན། །ཁྱབ་བདག་ཨཱ་ལི་ཀཱ་ཡིས་བྱུང། །རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས། །མི་ཡི་པགས་པ་རློན་པ་འཆང། །གཡོན་པ་ཐོད་པ་ཁ་ཊཝཱཾ་ག། །ཕྱག་གཡས་ན་ནི་མདུང་རྩ་གསུམ།། ་ཐོད་པའི་ཕྲེང་བའི་ཅོད་པན་དང། །རལ་བ་སྣ་ཚོགས་རྡོ་རྗེ་འཆང། །ཟླ་བ་ཕྱེད་པའི་ཐོད་དང་ནི། །ཕྱག་རྒྱ་དྲུག་གི་སྐུ་ལ་སྟབས?། །མཐིང་དང་སེར་དང་ལྗང་ཁུའི་ཞལ། །སྟག་གི་པགས་བའི་ནཾ་བཟའ་གསོལ། །འཇིགས་བྱེད་དང་ནི་དུས་མཚན་མོ། །གཡས ་བརྐྱང་བ་ཡས་ཉི་མར་མནན། །མགོན་པོ་ཇི་ལྟར་དེ་བཞིན་དུ། །རྡོ་རྗེ་ཕག་མོའང་ཕྱག་ལ་སོགས། །ལྷ་མོ་བྱིན་པས་ཡང་དག་འབྱུང། །མཆོག་ཏུ་དགའ་བས་མྱོས་པ་མོ། །ཛ(རྒྱུད་འགྲེལ་རྩིབས་དྲུག་ལ། །གཡོན་དུ་སྐོར་བས་རྣམ་བསྐོར་བའོ། །དང་པོར་ལྷ་མོ་ཁྲག་འཐུང་མ། །གཉིས་པ་རྡོ་རྗེ་འཇིགས་བྱེད་མ། །གསུམ་པ་དྲག་གཏུམ་མ་དང་ནི། །བཞི་པ་རྡོ་རྗེ་སྣང་བྱེད་མ། །ལྔ་པ་རྡོ་རྗེ་དྲག་མོ་སྟེ། །དྲུག་པ་རྡོ་རྗེ་མཁའ་འགྲོ་ཡིན། །སྔོན ་མོ་སེར་མོ་ལྗང་གུ་དང། །དམར་མོ་དུད་ཁ་དེ་བཞིན་དཀར། །སྐྲ་བཤིག་མ་ལ་དྲག་ཆེན་མོ། །སྤྱན་གསུམ་མོ་སྟེ་ཕྱོགས་ཀྱི་གོས། །ཕྱག་གཉིས་ཀྱིས་ནི་ཌ་མ་རུ། །སྒྲ་སྒྲོག་པ་དང་དྲིལ་བུས་མཚན། །མི་ཡི་པགས་པ ་བསྣམས་པ་སྟེ། །ཡི་དགས་ཉི་མའི་གདན་ལ་གནས། །ཐོད་པའི་འཕྲེང་བའི་ཅོད་པན་ཅན། །གཡས་བརྐྱང་གདན་ལ་ཡང་དག་བཞུགས། །ལྷ་རྣམས་ཐམས་ཅད་གོ་རིམ་བཞིན། །ཡི་གེ་རྣམས་ལས་བྱུང་བ་བསྒོམ། །ལཾ་མཱཾ་པཱཾ་ཏཱཾ་ཁཾ་ཞེས ་བས། །ཁམས་ལྔ་པོ་ནི་བྱིན་གྱིས་བརླབས། །ོཾ་ཧཾ་ཧྲི་ཧོ་ཧཱུཾ་ཧྲཱི(རྒྱུད་འགྲེལ་སྤྱི་གཙུག་ཕྲག་པ་དང། །མིག་ལ་སོགས་པ་སྤྱད་པར་བྱ། །ོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ལྟེ་བ་སྙིང་ག་ཁ་དང་ནི། །སྤྱི་བོ་སྤྱི་གཙུག་གཞན་ལ་དགོད། །ལུས་དང་ངག་ལཾ་སེམས་ལ་ནི། །ོཾ་ཨཱ(རྒྱུད་འགྲེལ་སྒྱུར་དྲུག་འཁོར་ལོ་གནས། །ལྷ་མོའི་ཚོགས་ཀྱིས་ལག་གནས་བའི། །བདུད་རྩི་ལྔ་ཡི་ཁུ་བས་གང། །ཐོད་པ་རྣམས་ཀྱི་དབང་བསྐུར་བྱ། །མཆོད་དང་བསྟོད་པ་བདུད་རྩི་མྱང། །བྱས་པར་གྱུར་པས་སྤྱད་པར་བྱ། །དོགས་པ་མེད་པའི་སེམས ་ཀྱི་ནི། །གསང་སྔགས་ཡི་གེ་བདུན་པ་བཟླས། །མོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། བསམ་གཏན་བཟླས་པས་གང་ཚེ་སྐྱོ། །དེ་ཚེ་དག་པ་རྗེས་དྲན་བྱ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དཔལ་ཧེ་རུ་ཀའོ། །ཆོས་རབ་ཏུ་རྣམ་བར་འབྱེད་པ་ཡང ་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཁྲག་འཐུང?་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་འཇིགས་བྱེད་མའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དྲག་གཏུམ་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ་ནི་རྡོ་རྗེ་སྒྲུབ?་བྱེད་མའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་དྲག་མོའོ། །མགུར་ཆུ་གདུབ་བུ་རིན་ཆེན་དང། །རྣ་ཆ་གདུ་བ་སྐོར་ཚངས་སྐུད་དེ། །དེ་དག་ཕ་རོལ་ཕྱིན་པ་དྲུག་།ཕྱག་རྒྱའི་གཟུགས་སུ་སྦྱར་བ་ཡིན། །ཡི་གེ་བདུན་པའི་སྒྲུབ་ཐབས ་སློབ་དཔོན་རྒྱལ་དཀའ་ཟླ་བས་བཏུས་པ་རྫོགས་སོ།། །།འགྱུར་རྙིང་ཁོ་ན་སྟེ་རྒྱ་དཔེ་རྙེད་ན་ཞུས་དག་དགོས་པ་ཡོད་དོ།། ། *། །རྒྱ་གར་སྐད་དུ། ཤྲི་ཙཀྲ་སཾ་བྷ་ར་ཨ་དྭ་ཡ་བཱི་ར་སཱ་དྷ་ན། བོད་སྐད་དུ། ་