| Wylie | e-texts based on the ACIP/ALL Input |
ཁྲོ་མོའི་དབང་ཕྱུག་མ་གཞན་གྱི་མི་ཐུབ་པའི་སྒྲུབ་ཐབས་རྫོགས་སོ། (།།གསར་འགྱུར་ཡིན་ནོ།།)་།།རྒྱ་གར་སྐད་དུ། ཤྲི་ཙཀྲ་སམྦ་ར་ས་ཧ་ཛ་སཱ་དྷ་ན། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། །རྣལ་འབྱོར་པ་རོའི་གདན་ལ་གཅེར་བུ་སྐྲ་གྲོལ་བས་གནས་ཏེ། རང་གི་སྙིང་གའི་ཉི་མ་ལ་གནས ་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས། བདག་ཉིད་ཕྱག་གཉིས་པའི་ཧེ་རུ་ཀར་རྣམ་པར་བསམ་མོ། །རང་གི་ཞལ་ནས་ཨཱ་ལི་ཀཱ་ལི་དག་ཐོག་མར་ཨོཾ་དང། མཐར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པ་སྤྲོས་ཏེ་དེ་ཉིད་ཞུགས་པ་ན། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། ཧེ ་ཞེས་རྒྱུད་སོགས་སྟོང་པ་ཉིད། །རུ་ཡིག་བཀོད་པ་དང་བྲལ་བ། །ཀ་ནི་གང་དཱུང་མི་གནས་པའོ། །ཞེས་ཡི་གེ་བཞིའི་དོན་མངོན་དུ་བྱའོ། །དེ་ནས་ཡི་གེ་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་མདུན་དུ་བླ་མ་དང། རྫོགས་པའི་སངས་རྒྱས་ལ་སོགས་པ ་ལྟས་ལ། ཡང་དག་པར་མཆོད་དེ་ཕྱག་བཙལ་ནས་བཟོད་པར་གསོལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །བྱང ་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།དེའི་རྗེས་སུ་སེམས་ཅན་ཐམས་ཅད་བདེ་བས ་ཉེ་བར་བསྡུས་པའི་བྱམས་པ་དང། སྡུག་བསྔལ་གྱི་རྒྱུ་ལས་འདོན་པའི་རྣམ་པ་ཅན་གྱི་སྙིང་རྗེ་དང། ཐམས་ཅད་ལ་བདེ་བ་རྒྱུན་མི་འཆད་པར་མོས་པའི་རྣམ་པ་ཅན་གྱི་དགའ་བ་དང། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་དབེན་པའི་རྣམ་པ་ཅན་གྱི་བཏང་སྙོམས ་སྒོམ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷ(རྒྱུད་འགྲེལ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ཞེས་བརྗོད་དེ་སྔགས་ཀྱི་དོན་མངོན་དུ་བྱེད་པས་མི་དམིགས་པར་བྱའོ། །དེ་ནས་བར་སྣང་དུ་ཉི་མ་ལ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ས་བོན་དེ་ཉིད་ཀྱིས་མཚན་པ་བསམ་ལ། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པ་བརྗོད་པས། ་དེ་ལས་བྱུང་བའི་ཁྭ་གདང་མ་ལ་སོགས་པ་བརྒྱད་ཀྱི་རང་རང་གི་འོད་ཀྱིས་བཀུག་ཅིང། །དོང་དུ་ཆུད་པར་བྱས་པའི་བགེགས་ཀྱི་ཚོགས་རྣམས་ལ་ཁུར་བུས་གདབ་པར་བྱའོ། །ོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚིཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡསྟ?་པཱ་པཾ་ཕཊ ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱདྷཱ?་པ་ཡ་ཏི་སརྦ་བིགན?། ཀཱ་ཡ་བཱག་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུད་གར་བཛྲ་ཀཱི་ལ། ཨོཾ་ཀོ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། དེ་ནས་ལྷ་མོ་བརྒྱད་པོ་སླར་ཡང་སྣ་ཚོགས་རྡོ་རྗེའི་དབུས་ཀྱི་ཧཱུཾ་ལ་ཆུད་པ་དང། དེ་དག ་ཡོངས་སུ་གྱུར་པ་ལས། རིམ་པ་བཞིན་རྡོ་རྗེའི་ས་གཞི་འདང། རྭ་བ་དང། གུར་དང། བླ་རེ་དང། མདའི་དྲ་བ་དང། བསྐལ་པའི་མེ་དཔུང་འབར་བའི་རྣམ་པ་ཅན་གྱི་མེ་རི་གྲུབ་པར་ལྟའོ། །ོཾ་མེ་དྷི་ནི་བཛྲ་བྷ་ཝ་བནདྷ་ཧཱུཾ། ཨོཾ་བཛྲ་པྲ་ཀཱ་ར་ཧཱུཾ་པཾ་ཧཱུཾ། ་ཨོཾ་བཛྲ་པཉྫ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ལཱཾ་ཧཱུཾ། ཨོཾ་བཛྲ་སརྦ་ཛཱ་ལ་ཏྲཱཾ་སཾ་ཏྲཱཾ། ཨོཾ་བཛྲ་ཛྲ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། དེ་ལྟར་སྲུང་བ་བྱས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཉི་ཟླ་ཁ་སྦྱར་གྱི་དབུས་སུ་ཧཱུཾ ་ལས་བྱུང་ཞིང། དེ་ཉིད་ཀྱིས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་མཐིང་ག་འོད་ཟེར་གྱི་ཕྲེང་བས་དཀྲིས་པ་ལྟས་ལ། ལྟེ་བའི་ཧཱུཾ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དཔའ་བོ་དང་དཔའ་མོའི་རྣལ་འབྱོར་མ་རྣམས་བཀུག་ནས ་དེ་ཉིད་དུ་ཞུགས་པ་དང། དེ་དག་ཡོངས་སུ་གྱུར་སུ་གྱུར་པ་ལས། དཔལ་ཧེ་རུ་ཀ་རྡོ་རྗེ། གཡས་བརྐྱང་བའི་རོའི་གདན་ལ་བཞུགས་ཤིང་གྲུབ་པའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ལྟའོ། །དེ་ཡང་སྐུ་མདོག་ནག་པོ་ཕྱག་གཉིས་པ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན ་པས་རང་གི་ཤེས་རབ་མ་ལ་འཁྱུད་པ། ཞལ་གཅིག་པ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཀྱིས་མཚན་པ། ཐོད་པའི་འཕྲེང་བས་དབུ་ལ་བརྒྱན་པ། ཟླ་བ་ཕྱེད་པ་དབུ་ལ་འཇོག་པ། སྣ་ཚོགས་རྡོ་རྗེས་མནན་པའི་དབུ་རྒྱན་ཅན། ཞལ ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། གར་གྱི་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། བརྒྱ་ཕྱེད་ཐོད་པའི་འཕྲེང་བས་དོ་ཤལ་བྱས་པའོ། །མགུལ་རྒྱན་གདུ་བུ་རྣ་རྒྱན་དང། དབུ་ཡི་ནོར ་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བཞེས། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ། །དེའི་སྤྱན་སྔར་བཅོམ་ལྡན་འདས་ལ་རྡོ་རྗེ་ཕག་མོ། །སྐུ་མདོག་དམར་མོ་ཞལ་གཅིག་མ། ཕྱག་གཉིས་མ། སྤྱན་གསུམ་མ། གཅེར་བུ་དུམ ་བུའི་སྐེ་རགས་ཀྱིས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པའོ། །ཕྱག་གཡོན་འཁྱུད་པའི་ཐོད་པ་ན། །གདུག་པ་བདུད་ཀྱི་ཁྲག་བསྣམས་པ། །གཡོན་པ་ཕྱོགས་སུ་ཀུན་སྡང་ལ། །རྡོ་རྗེ་དང་བཅས་སྡིགས་འཛུབ་བྱེད། །བསྐལ་པའི་མེ་ལྟར་གཟི་བརྗིད ་ཆེ། །ཁྲག་འཛག་ཁྲག་ལ་དགྱེས་པ་མོ། །བྱིན་པ་གཡས་ཀྱིས་ལེགས་འཁྲིལ་མ། །བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །པུ་ཛ་ཨོ་ཨ་གོར་དེ་མ། ཀ་ཨོ་ཏྲི་ཀོ་།ཀ་ལ་ཀ་ཧི། པྲེ་གྲི་སོ་སུ་ན་སི་མ་ཀུ། སྙིང་གར་པདྨ་འདབ་མ་བརྒྱད་པའི ་སྟེང་དུ་ཡེ་ཤེས་ཀྱི་འཁོར་ལོའོ། །པུ་ལི་ར་མ་ལ་ཡ་ལ་སོགས་པར་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །ཁ་ལ་སོགས་པའི་སྒོ་བརྒྱད་དུ་ནི་དམ་ཚིག་གི་འཁོར་ལོའོ། །དེ་ལྟར་བསྒོམས་ཏེ་ཨོཾ་ཨཱ(རྒྱུད་འགྲེལ་ཝ་ཨཏྨ་ཀོཉཧཾ། ཨོཾ་བཛྲ་ཤུདྡྷ(རྒྱུད་འགྲེལ་བཽ་ཥ་ཊ་ཧེ་དཔལ་ཧེ་རུ་ཀ་རྡོ་རྗེའོ། །མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་མཚོན་ཆ་སྟེ་རྡོ་རྗེ་རྒྱལ་པོའོ། །དཔའ་བོའི་གོ་ཆའོ། །ོཾ་བཾ་ལྟེ་བར་རྡོ་རྗེ་ཕག་མོའོ། །ཧཾ་ཡོཾ་སྙིང་གར་གཤིན་རྗེ་མའོ། །ཧྲི་མོཾ་མགྲིན་པར་རྨོངས་བྱེད་ ་མའོ། །ཧྲེཾ་ཧྲིཾ་སྤྱི་བོར་སྐྱོད་བྱེད་མའོ། །ཧཱུཾ་ཧཱུཾ་སྤྱི་གཙུག་ཏུ་སྐྲག་བྱེད་མའོ། །ཕཊ་ཕཊ་ཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །དཔའ་མོའི་གོ་ཆའོ། །འཛུབ་མོ་འདུད་བྱས་གུང་མོའི་རྩེ་སྦྱར་ཏེ། །མཐེ་བོ་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར། །འདི་ནི་དཔྲལ་བའི ་དབྱེས་སུ་རབ་བཞག་ནས། །བསྐོར་ཞིང་བསྐོར་བས་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་ལྟ། །གྱེན་དུ་ཕཻཾ་ཞེས་སྒྲ་སྒྲོགས་ཤིང། །ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ོཾ་ཡོ་ག་ཤུདྡྷ:? ་སརྦ་དྷརྨ(རྒྱུད་འགྲེལ་བདག་གིས་ཁྲུས་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་ཚིགས་སུ་བཅད་པའི་སྔགས་དག་བརྗོད་བཞིན་དུ་དབང་བསྐུར་བས། བཅོམ་ལྡན་འདས་ཀྱི་དབུ་ལ་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་དབུ་ལ་རྣམ་པར ་སྣང་མཛད་བཞུགས་པར་བསྒོམ་ནས། ཕྱི་ནང་གསང་བའི་ཁྱད་པར་རྣམས་ཀྱིས་མཆོད་དེ། །ཧཱུཾ་དཀར་པོ་ལས་རྡོ་རྗེ་རྩེ་གཅིག་པ་དཀར་པོ། །བྱ་དམར་པོ་ལས་བྱུང་བའི་ནོར་བུ་ཅན། །སྦུབས་ཀྱི་སྒོར་བྱ་སེར་པོས་བཀག་པའོ། །དེ་ ་བཞིན་དུ་ཨ་དམར་བོ་ལས་པདྨ་དམར་པོ་འདབ་མ་གསུམ་པ། དྱཱ་དཀར་པོ་ལས་བྱུང་བའི་ཟེའུ་འབྲུ་ཅན། །དྱཱ་སེར་པོས་སྦུབས་ཀྱི་སྒོ་བཀག་པའོ། །རང་གི་ལྟེ་བ་དང་སྙིང་གར་ཟླ་བ་ལ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ལྐོག་མ་དང་སྤྱི་བོར། ་ཉི་མ་ལ་གནས་བའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཡུམ་གྱི་ལྟེ་བ་དང་སྙིང་གར་ཉི་མ་ལ་གནས་པའི་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ལྐོག་མ་དང་སྤྱི་བོར་ཡུམ་ཉིད་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །དེ་ཟླ་བ་ལའོ། །སྔགས ་ཀྱི་འཕྲེང་བ་དེ་དག་ཐམས་ཅད་ནི་ཁ་དོག་དམར་པོ་གཡོན་སྐོར་གྱིས་གནས་པ་མགོ་གྱེན་ལ་ལྟས་པའོ། །གནས་ལྔ་བར་འོད་ཟེར་གྱི་འཕྲེང་བ་དུ་མ་འཁྲིགས་པ། བདེ་བ་ཆེན་པོའི་རང་བཞིན་དུ་དམིགས་ནས། མན་ངག་ཇི་ལྟ་བ་བཞིན་དུ་དེ་ཁོ ་ན་ཉིད་ཀྱི་མཆོད་པ་མངོན་དུ་བྱའོ། །དེ་ནས་སྔགས་བཟླ་བར་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛ་ལ་སམྦ་ར་སྭཱཧཱ། ཨོཾ་ཧྲི(རྒྱུད་འགྲེལ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱཾ་ཡེ། བཛྲ་བརྞྞཱ་ནཱཾ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་གཏོར་མ་འབུལ་བར་བྱ་སྟེ། མདུན་དུ་ཡཾ་དང་རཾ?་ལས་བྱུང་བའི་རླུང་དང་མེའི་དཀྱིལ་འཁོར་ལ། ཡི་གེ་ཨ་ལོངས་སུ་གྱུར་པ་ལས། པདྨའི་སྣོད་ཀྱི་ནང་དུ་བདུད་རྩི་ལྔ་དང། སྒྲོན་མ་ལྔ ་རྣམས། །ོཾ་ཏྲཱཾ་ཛྲཾ་ཁཾ་ཧཱུཾ། པཾ་ལཾ་མཱཾ་དཱཾ་ཏཱཾ་གྱི་ཡི་གེ་རྣམས་ལས་སྐྱེད་ཅིང། དེ་དག་ཉིད་ཀྱིས་མཚན་མ་བལྟས་ལ། ཡོངས་སུ་གདུངས་པའི་ཞུ་བའི་རྫས་ཀྱི་སྟེང་དུ་ཧཱུཾ་དཀར་པོ་ལས་བྱུང་བའི་ཁ་ཊཝཱཾ་ག་དཀར་པོ་ཞུ་བས་རོ་གཅིག་ཏུ་གྱུར་པ་དང ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཡི་གེ་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཡི་གེ་གསུམ་ལ་ཞུགས་པ་དང། དེ་དག་ཀྱང་རིམ་གྱིས་འོག་ནས་འོག་དུ་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་བསམ་ནས། ་ཇི་སྲིད་འདོད་པར་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་བོ། དེ་ནས་བཅོམ་ལྡན་འདས་དང། བཅོམ་ལྡན་འདས་མ་ལ། ཨོཾ་ཨ་རལླི་ཧོ(རྒྱུད་འགྲེལ་གསོལ་བས་ཚིམས་པར་གྱུར་པར་བལྟའོ། །དེ་ནས་དུར་ཁྲོད་ན་གནས་པ་རྣམས་ལ། ཤར་ལ་སོགས་པའི་ཕྱོགས་སུ་གཡོན་སྐོར་གྱིས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷུ་ཏ་པྲེ་ཏ། པི་ཤཱ་ཙ་ཨུནམ་ད། ཨ་པསྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི ་མཾ། པཱ་ལིཾ?་གྲིཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷིམམེ་པྲ་ཡཙྪནྟུ། ཡ་ཐཻ་བཾ་ཡ་ཐཻ་ཥྚཾ?། བྷུཉྫ་ཐ། བི་བ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ། ཀཱརྟ་ཡ་སཏ་སུ་ཁཾ། བི་ཤུ་ད་བྷ་ཡེ་།ས་ཧཱ་ཡི་ག་བྷ་ཝཱནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བའི་སྔགས ་ལན་གཉིས་སུ་བརྗོད་པས་བྱིན་ཏེ། དེ་དག་ཚིམ་པར་བསམ་མོ། །དེ་ནས་ཡང་དག་པར་མཆོད་དེ། ཡི་གེ་བརྒྱ་པ་བརྗོད་ནས་ཐམས་ཅད་རང་གི་སྙིང་གའི་འོད་ཀྱིས་ཡི་གེ་ཧཱུཾ་ལ་ཆུད་པར་བྱས་ནས། སླར་དེའི་འོད་ཀྱི་བདག་ཉིད་ཧེ་རུ་ཀར་སྤྲུལ ་ཏེ། ཇི་ལྟར་བདེ་བར་གནས་པར་བྱའོ། །ཐུན་འཚམས་ཀྱི་ཕྱི་མ་ལ་ཡང། སྙིང་གའི་ཧཱུཾ་གི་འོད་ཀྱི་རང་གི་ལུས་དེ་ཉིད་བསྡུས་ལ། ཨོཾ་ཨཱ(རྒྱུད་འགྲེལ་སྔ་མ་ལྟར་ཐམས་ཅད་བསྐྱེད་པར་བྱའོ། །ཐུན་གྱི་མཐར་ནི། ཨོཾ་བཛྲ་མུ(རྒྱུད་འགྲེལ་གྱིས་སེམས་བརྟན་བར་འདོད་ན། གང?་དུ་སྙིང་གའི་པདྨ་ཁ་སྦྱར་དབུས་སུ་གསལ། །ཕྲ་བས་བལྟ་བ་རབ་བྱུང་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བའི་ཆོས་ཀྱི་དབྱིངས ་མཆོག་དེ་ལ་བདག་ཕྱག་འཚལ། །དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་སྦྱར་བ། །ཡེ་ཤེས་རྒྱལ་བ་མ་ལུས་བསྡུས་པའི་སྣོད་འགྱུར་བ། །ཁམས་གསུམ་བསྐྱེད་པའི་རྒྱུ་ཉིད་དུ་ནི་ཉེར་འགྲོ་བ། །མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔལ་དུ་གྱུར། ། ་སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་ནི་རྗེས་དྲན་སྦྱོར་བ་ཡིས། །ཆོས་ཀྱི་སྐུར་ནི་རང་ཉིད་བསྒོམ། །དབུས་ན་གསལ་བྱེད་རྣམ་པར་ཤེས། །ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། །ཤིན་ཏུ་སྒོམ་པ་གོམས་པ ་ལས། །གསལ་བར་འདིར་ནི་ཐེ་ཚོམ་མེད། །རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་མེད་དེ། །དེ་སྒོམ་བྱད་པའི་སྐྱེ་བོ་ལ། །ངེས་བར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་བྱ་བའི་དོན་མན་ངག་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །དེ ་ལས་ཇི་སྐད་དུ། རྡོ་རྗེ་མཁའ་འགྲོ་ཐུགས་རྗེ་ཅན། །འདི་ཉིད་དུ་ནི་བཞུགས་མཛད་ཅིང། །རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས། །འགྲོ་བ་གསུམ་པོ་འདི་ལ་གནས། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་རྣམས་འབྱུང་བར་འགྱུར་རོ།། ་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། སློབ་དཔོན་སྐུ?་མ་ཏ་སིང་ཧས་མཛད་པ་རྫོགས་སོ།། །།འགྱུར་རྙིང་ལ་རྒྱ་དཔེ་དང་བཏུན་པའི་སྒོ་ནས་བཅོས་པའོ།། ། ་