CLOSE WINDOW

N3944: khro mo'i dbang phyug par rgyal ma'i sgrub thabs
Wyliee-texts based on the ACIP/ALL Input

འགྱུར་དག་ལས། ཞུས་དག་ཅུང་ཟད་བྱས་ཤིང་ཚིག་ཟུར་ཅུང་ཟད་སྒྱུར་འདུག་པ་རྣམས་རྒྱ་དཔེ་ལྟར་བཅོས་པའོ།། །། *། (།ཁྲོ་མོའི་དབང་ཕྱུག་རྣམ་པར་རྒྱལ་མའི་སྒྲུབ་ཐབས་བཞུགས་སོ།།)་།རྒྱ་གར་སྐད་དུ། བི་ཛ་ཡ་ཀྲོ་དྷེ ་ཤྭ་རཱི་སཱ་དྷ་ནི། བོད་སྐད་དུ། ཁྲོ་མོའི་དབང་ཕྱུག་རྣམ་པར་རྒྱལ་མའི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོ་གདོང་བྱང་དུ་ཕྱོགས་པས་ཁྲུས་བྱ་ཞིང་བདག་དང་གནས་དང་རྣལ་འབྱོར་སྲུང་བ་སྔོན་དུ་འགྲོ་བས། བ་ལང་གི་ལྕི་བའི ་མཎྜལ་བྱས་ནས། མེ་ཏོག་དགྲམ་པར་བྱའོ། །ོཾ་ཨ་པ་ར་ཛི་ཏཱ་ཡ་ན་མ(རྒྱུད་འགྲེལ་ལྷོ་རུའོ། །ོཾ་ཨ་མྲི་ཏ་བྷ་ཡ་ན་མ(རྒྱུད་འགྲེལ་ཡང་དབུས་སུ། ཨོཾ་ཨཱརྱ་ཨ་པ་ར་ཛི་ཏེ་ན་མ(རྒྱུད་འགྲེལ་དག་གིས་མཆོད་ཡོན་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པ་བྱའོ། །དེ་ནས་སྡིག་པ་བཤགས་པ་དང། སྐྱབས་སུ་འགྲོ་བ་དང། སེམས་བསྐྱེད་པ་དང། སྨོན་ལམ་གདབ་པ་རྣམས་བྱས་ཏེ་ཨོཾ་མུ(རྒྱུད་འགྲེལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་བསྒོམ་པར་བྱ་སྟེ། རང་བཞིན་རྣམ་པར་དག་པའི་སྔགས་ཀྱིས་བྱིན་གྱིས་རླབ་པར་བྱའོ། །ཕྱི་ནས་ཨཾ་ཡིག་ལས་སྐྱེས་པའི། །གདུལ་དཀའ་མ་ལུས་འཇོམས་མཛད་པ། །བདུད ་ཀྱི་དཀྱིལ་འཁོར་ཕམ་བྱེད་མ། །གཞན་གྱིས་མི་ཐུབ་མཁས་པས་བསྒོམ། །ཛམྦུ་ན་དའི་འོད་དང་མཉམ། །གཡས་ཀྱི་ཐལ་ལྕག་བརྡེག་པ་ནི། །ས་གསུམ་པོ་ཡང་འཇིག་པར་བྱེད། །ཅིག་ཤོས་ཞགས་པའི་ཕྱག་གིས་ནི། །ཉེ་བར་འཚེ་བ ་རབ་ཏུ་འཆིད། །གཡས་བརྐྱང་སྟབས་ཀྱིས་གནས་པ་འམ། །ཡང་ན་གཡོན་བརྐྱང་ཚུལ་དུ་བསྒོམ། །ལོག་འདྲེན་མཉམ་པར་གནོན་པ་མོ། །ཚངས་སོགས་ལྷ་ཡིས་ཡང་དག་མཆོད། །འབར་བའི་སྤྲིན་གྱི་འཕྲེང་བ་འཕྲོ། །འོད་ཆེན་ཐོག་ཐོག་རྡོ་རྗེ ་ཡི། །མི་བཟད་སེར་བ་འབེབས་ཤིང་སྤྲོ། །རྒྱན་རྣམས་ཀུན་དང་ཡང་དག་ལྡན། །དབུ་རྒྱན་རྣམ་པར་སྣང་མཛད་བཞུགས། །རབ་ཏུ་གཙིགས་ཤིང་མི་སྡུག་པ། །རྒྱ་མཚོ་བཞི་ཡིས་བཏུང་པའོ། །ན་མོ་མཱ་ར། སེ་ན་པྲ་བྷཉྫ་ནི་བྷཉྫ་ཤ་མ་ཤ་མ། སརྦ ་ཀླེ་ཤ་མ་ར་ཎི་མེ། དྷུ་ན་དྷུ་ན། །ཧུ་ལུ་ཧུ་ལུ། ཙ་ལ་ཙ་ལ་སྭཱཧཱ། འཕྲེང་བའི་སྔགས་སོ། །ོཾ་ཨཱ(རྒྱུད་འགྲེལ་པོའི་རྣམ་པ་ཅན་གྱི་འཁོར་ལོ་ལ་གནས་པའོ། །སྲོག་དང་རྩོལ་བ་ཡོངས་སུ་བསྡམས་ནས། འཁོར་ལོ་གཡོན་དུ་འཁོར་བ་ལ་དམིགས་པ་ནི། རང་བཞིན་གྱི་བཟླས་པའོ། །སྤྱི་བོར་འདམ་སྐྱེས་དཀར་པོ་འདབ་མ་བརྒྱད་པ་ལ་ཧཱུཾ་དཀར་པོའོ། །མཛོད་པུར ་ནི་སྭཱསྟི་ཀའི་གཟུགས་དཀར་པོ་ལས། བདུད་རྩི་རབ་ཏུ་འབབ་པ་སྤྱི་བོར་འཛག་པའོ། །དེ་ལས་འོ་མའི་རྒྱུན་ལྟར་ལྷུད་བ། ལྕེའུ་ཆུང་ལས་བབས་པས། ལུས་ཚིམས་པར་བསྒོམ་མོ། །ོཾ་ཨརྱ་ཨ་པ་ར་ཛི་ཏེ་ཛ་ཡ་པི་ཛ་ཡ། ཨ་ཛི་ཏེ་ཨ་པ་ར་ཛི་ཏ། ་ཨི་ད་བ་ལིང་གྲིཧྞ་གྲིཧྞ་མ་མ་བིགྷྣ་ན་ཧ་ར་ཧ་ར། ཙ་ཏུརྨཱ་ར་ན། ནི་ཝ་རཱ་ཡ་ནི་ཝ་རཱ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཚེ་ད་ཚེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་གཏོར་མའི་སྔགས་སོ། །ོཾ་ཨཱ(རྒྱུད་འགྲེལ་པར་གནས་པ་ནི། བླ་མ་དམ་པའི་རིམ་པའོ། །འཁོར་ལོ་རྩིབས་བཅུ་པ་བྲིས་ལ། ན་ཡིག་ལ་སོགས་པ་བཅུ་དང། ས་ཡིག་ལ་སོགས་པ་བརྒྱད་ནི་མིང་ཡོངས་སུ་སྤེལ་ཞིང། སྭཱཧཱ་དང་སྦྱར་བ་འཁོར་ཡུག་དང་ལྟེ་བ་ལ་བྲི་བར་བྱའོ། །རྩིབས་རྣམས ་ལ་ཉས་འགྱུར་གྱི་སྔགས་རྣམས་ཁ་སྦྱོར་ཕྱེ་སྟེ་བྲི་བར་བྱ་བ་ལས། སོ་སོར་ཡང་སྒྲུབ་བྱའི་མིང་དང་སྤེལ་བར་བྱའོ། །ཡང་ཕྱི་རོལ་དུ་རྒྱ་ཚོའི་ལྷ་མོ་བཞི་པོ་རྣམས་ཀྱི་མིང་སྤེལ་ཏེ་བྲིས་ནས། རྡོ་རྗེའི་ར་བའི་ནང་དུ་ཆུད་པར་བྱ་བ་ནི། བསྐུལ་ཚིག་གི་སྔགས ་ཀྱིས་བསྐོར་བའོ། །འཁོར་ལོ་འདི་ནི་ལས་ཐམས་ཅད་བྱེད་པ་སྟེ། བཞི་པོ་དེ་དག་ནི་སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུའི་གཟུགས་ཏེ། དབྱུག་པ་དང་ཐོད་པ་ཐོགས་པའི་བསམ་གཏན་བསྒོམ་པར་བྱའོ།། ་ཁྲོ་མོའི་དབང་ཕྱུག་མ་གཞན་གྱི་མི་ཐུབ་པའི་སྒྲུབ་ཐབས་རྫོགས་སོ། (།།གསར་འགྱུར་ཡིན་ནོ།།)་།།རྒྱ་གར་སྐད་དུ། ཤྲི་ཙཀྲ་སམྦ་ར་ས་ཧ་ཛ་སཱ་དྷ་ན། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ ་