| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། དེ་བ་སེ་ཀ་བི་དྷི། བོད་སྐད་དུ། ལྷ་དབང་བསྐུར་བའི་ཆོ་ག་།སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ལ་རབ་ཏུ་གནས་པའི་ས་གཞི་གདུགས། རྒྱལ་མཚན་དང། བ་དང་རྣམས་པ་སྣ་ཚོགས་དང། རོལ་མོའི་སྒྲ་སྣ་ཚོགས་ལ ་སོགས་པ་ཡིད་དུ་འོང་པར། སློབ་དཔོན་ཇི་ལྟར་འབྱོར་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྐུ་གཟུགས་སམ། རས་བྲིས་སམ། གླེགས་བམ་མདུན་དུ་རྣམ་པར་བཞག་ལ། བསངས་གཏོར་དང། མཆོད་ཡོན་དང། ཞབས་བསིལ ་དང། ཞལ་བསིལ་ཕུལ་ནས། གཡོན་པ་དང་ཅིག་ཤོས་ཀྱི་ཁུ་ཚུར་དག་གིས་ཡུངས་ཀར་བཟུང་ལ། སྐུ་གཟུགས་ལ་སོགས་པའི་མདུན་དུ་གཡོན་སྐོར་དང། གཡས་སྐོར་གྱིས་བསྐོར་ནས་མི་ལ་བླུགས་ཏེ། ཨོཾ་སརྦ་པཱ་བཾ་ད་ཧ་ན་བཛྲ་ཡ། ཆེ་གེ་མོའི ་སརྦ་པཱ་བཾ་ད་ཧ་ན་སྭཱཧཱ། ཞེས་པའི་སྔགས་འདིས་ཁཾ་ཕོར་གསུམ་ཡང་སྒོར་ཕྱོགས་ཀྱིས་བསྐོར་བར་བྱའོ། །དེ་ནས་སྙིམ་པས་ཆུ་བཟུང་སྟེ། དེ་ཁོ་ན་བཞིན་དུ་མེ་ལ་བླུགས་སོ། །སླད་ནས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཉེ་བར་སྤྱོད ་པ་ལྔ་ལྔས་ཡང་དག་པར་མཆོད་ལ། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པས་སྤོས་ཕོར་བཟུང་སྟེ། དེ་བཞིན་གཤེགས་པ་དེ་རྣམས་ལྷག་པར་གནས་པར་བྱ་སྟེ། ས་མ་ཡ་སྟཝཾ། །ས་མ་ཡོཉཧཾ། ཞེས་པ་ལན་གསུམ་བརྗོད་ནས། ཇི་ལྟར་རྫོགས་པའི ་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་བཞུགས་པ་རྣམས། །ལྷ་མོ་སྒྱུ་འཕྲུལ་ལྷུམ་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིང། །མགོན་པོ་འདིར་ནི་རྟག་བཞུགས་ནས། །མེ་ཏོག་ལ་སོགས་འདི་དག་ནི། །བྱང་ཆུབ་སེམས ་རབ་འཕེལ་བྱའི་ཕྱིར། །ཆེ་གེ་མོ་ཡི་དོན་དུ་བཞེས། །དེ་ནས་མི་སྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་པ་ལ་སོགས་པས་བསྟོད་བར་བྱའོ། །ལྷ་ལྷག་པར་གནས་པའོ། །སྔོ་དྲོ་སྐུ་གཟུགས་ན་བཟའ་སེར་པོ་གཡོགས་པ་ཁ་ཤར་དུ་ཕྱོགས་པ་ལ་ཁྲུས ་བྱའོ། །དེ་ལ་རིམ་པ་འདི་ཡིན་ཏེ། བའི་རྣམ་ལྔ་ལ། ཨོཾ་ཧཱུཾ་ཧྲཱཾ་ཧྲཱིཾ(རྒྱུད་འགྲེལ་བིར?་གྱིས་བྱུག་པར་བྱའོ། །དེ་ནས་མཁར་བའི་སྣོད་དུ་བཞག་པའི་ཤུན་པ་ལྔས་མར་ཁུ་ཕྱི་བར་བྱའོ། །དེའི་འཇུག་ཐོགས་སུ་རྣམ་པར་རྒྱལ་བའི་བུམ་པ་ནས་བརྩམས་ཏེ། བུམ་པ་སོ་སོའི་ཆུས་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་ཉིད་ནས།། ་དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་བགྱི། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེའི་འཇུག་ཐོགས་སུ་ནམ་མཁར་བཞུགས་པའི། །སྤྱན ་མ་ལ་སོགས་པ་རིག་མའི་ཚོགས་སྤྱན་དྲངས་ལ། ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། །དེ་རྣམས་ཀྱིས་དབང་སྦྱིན་པར་བསམ་བར་བྱའོ། །དེ་ནས་རས་ཀྱི་ཆུ་མེད་བར་བྱས་ལ། སྔར་གྱི་རང་གི་གནས་སུ་བཞག་པར་བྱའོ། །རས་བྲིས ་སཾ། གླེགས་བམ། མཆོད་རྟེན་ནམ། པོ་ཏི་རྣམས་ནི་མེ་ལོང་ལ་སྔ་མའི་རིམ་པས་ཁྲུས་གསོལ་བར་བྱའོ། །ཁྲུས་ཀྱི་ཆོ་གའོ། །དེ་ནས་སྤྱན་ལ་སོགས་པ་དང། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང། དབང་བསྐུར་བ་དང། རང་གི་རིགས་ཀྱི་བདག ་པོ་དབུ་རྒྱན་ལ་བཞུགས་པར་བསྒོམས་ལ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དམིགས་ནས། མཆོད་ཡོན་ལ་སོགས་པ་ཕུལ་ཏེ་དམ་ཚིག་པ་ལ་བཅུག་པ་དང། གླེགས་བམ་ལ་ནི་ཡི་གེའི་གཟུགས ་སུ་གྱུར་པ་ལ་ན་བཟའ་གཡོག་པར་བྱ་སྟེ། ཨོཾ་བཛྲ་བཱ་མ་སེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་སོ། །དེ་ནས་མེ་ཏོག་ལ་སོགས་པ་ལ། ཨོཾ་ཨཱ(རྒྱུད་འགྲེལ་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱོད་ཀྱིས་བཞེས། །ལྷན་ཅིག་སྐྱེས་དང་སྦྱོར་ལས་བྱུང། །དེ་བཞིན་བདུག་སྤོས་མཆོག་འདི་དག་།མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། ། ་ཞུན་མར་འབྲུར་མར་མེ་འདི། །ལྷ་རྫས་འབར་བས་མུན་པ་འཇོམ། །མི་ཤེས་ཐམས་ཅད་ཞེས་བྱའི་ཕྱིར། །བདག་ཉིད་དང་བས་དབུལ་བར་བགྱི། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་གུས ་བས་བདག་འབུལ་བགྱི། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །བཟའ་དང་བཅའ་དང་ཡང་དག་ལྡན། ?་དྲི་དང་ལྡན་ཅིང། །ཐམས་ཅད་སྦྱར་བའི་ཞལ་དྲངས་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཞེས་པ་མངོན་པར ་བསྔགས་ཅིང། །མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །དེ་ནས་སྐུ་གཟུགས་ཀྱི་སྤྱན་དབྱེ་བར་བྱ་སྟེ། དངུལ་གྱི་སྣོད་དུ་བཞག་པའི་མར་དང། སྦྲང?་རྩི་གླངས?་པའི་གསེར་གྱི་ཐུར་མས། ཨོཾ་ཙཀྵུ(རྒྱུད་འགྲེལ་ཞེས་པའི་སྔགས་ཀྱིས་སོ། །དེ་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་དཀྲོལ་བས། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཞེས་པ་ལ་སོགས་པས་བསྟོད་པར་བྱའོ། །རབ་གནས་ཀྱི་ཆོ་གའོ། ། ་འགྱུར་རྙིང་ལ་ཞུས་དག་ཅུང་ཟད་བྱས་སོ།། །། *། (།སྦྱིན་སྲེག་གི་ཆོ་ག་བཞུགས་སོ།།)་།རྒྱ་གར་སྐད་དུ། ཉི?་མ་བི་དྷི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་།རྡོ་རྗེ་འཛིན་པ་ལ་ཕྱག་འཚལ། །འདིར ་