| Wylie | e-texts based on the ACIP/ALL Input |
ཀྵི་དོ། རྣ་བདག་ཏུ་ཛྲི་?་?་?་?། །ལྕེ་ལ་གི་ངོ། །དཔྲལ་བར་ནི་སྒཾ་ངོ། །ལྟེ་བར་ནི་སཾ་སྟེ། དཀར་པོ་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུ་དང། སྔོན་པོའོ། །དེ་ནས་སྤྱི་བོ་དང། མགྲིན་པ་དང། སྙིང་ག་རྣམས? ་ཨོཾ་ཨཱ(རྒྱུད་འགྲེལ་ནས་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུས། ཡེ་ཤེས་ཀྱི་རྡོ་རྗེ་མདུན་དུ་ལྟས་ཏེ། དེ་ལ་མཆོད་པ་ལྔས་ཡང་དག་པར་མཆོད་ལ། །ཛ(རྒྱུད་འགྲེལ་བཞིན་དུ་མཆོད་ཅིང་བསྟོད་པར་བྱས་ལ། དཔལ་ལྡན་གཤིན་རྗེ་གཤེད་ནག་པོ་བསྒོམ་པར་བྱའོ། །བསྒོམས་པས་སྐྱོན་སྔགས་བཟླ་པར་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་ལ། ཨོཾ་ཨཱ(རྒྱུད་འགྲེལ་ལྕེའི་སྦྱོར་བས་བཟའ་བར་བྱའོ། །གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་འདི། །བྱས་པས་དགེ་བ་གང་ཐོབ་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཀྲིཥྞའི་ལཾ་འདིས་འདའ་བར་ཤོག་།དཔལ་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་རྫོགས་སོ།། །། ་འགྱུར་བྱད་མེད་པའི་འགྱུར་རྙིང་གཅིག་ལ་ཞུས་དག་བགྱིས་པའོ།། །།རྒྱ་གར་སྐད་དུ། ཡནྟྲ་སཱ་དྷ་ན། བོད་སྐད་དུ། འཁྲུལ་འཁོར་གྱི་སྒྲུབ་ཐབས། མཐར་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །ཚངས་པའི་ཐིག ་གཉིས་ཡང་དག་གདབ། །ཟླུམ་པོ་སྐོར་བ་གསུམ་བྱས་ཏེ། །ཐ་མ་ཐོད་པས་བསྐོར་བར་བྱ། །དེ་འོག་ནང་གི་ཆ་དབྱེ་སྟེ། །དབུས་སུ་རེ་མིག་དགུ་པ་ལ། །ཡ་ཡིག་དབུས་སུ་ཤར་དུ་ཀྵེ། ལྷོ་རུ་འཇམ་པའི་རྡོ་རྗེ་སྟེ། །ཡི་གེ་མེ་ནི་ནུབ་ཏུའོ། ། ་བྱད་དུ་དབྱུག་པ་འཇོམས་པར་བྱེད། །མཚམས་ཀྱི་ཁང་པ་བཞི་པོ་ལ། །ལས་ཀྱི་རྗེས་འགྲོ་སྒྲུབ་བྱ་ཉིད། །ལྷོ་ནས་བརྩམས་ཏེ་རུ་ཡིག་ཎ། །ཡོ་ནི་དེ་བཞིན་ར་ཡ་དག་།དེ་ནས་ཅོ་དང་ནི་རཱ་དགོད། །ཛོ་ས་དོ་ནི་རིམ་བཞིན་ནོ། །ཕྱི་རོལ་རེ་མིག ་བཅུ་དྲུག་པ། །རྩ་བའི་སྔགས་ནི་དགོད་པར་བྱ། །བར་དུ་རེ་རེ་དོར་བྱས་ནས། །དེ་ལ་ལྷ་སྦྱིན་བྲི་བ་ཉིད། །དེ་ལྟར་བྲིའོ་འཁོར་ལོ་ནི། །འབྱུང་དང་བཟློག་པའི་རིམ་པའོ། །ཁྲུ་གང་ཙམ་གྱི་དཀྱིལ་འཁོར་དུ། །རྗེས་མཐུན་སྲད་བུས་དཀྲིས་ནས། ་ཁམ་ཕོར་ཁ་སྦྱར་དུ་ནི་བཞག་།སྟོང་པ་ཉིད་ཀྱིས་རབ་སྦྱངས་ནས། །ཡིག་འབྲུ་ཕྱག་མཚན་སྔོན་འགྲོ་བས། །རང་གི་རིག་བཅས་བདེ་བས་གང། །འཁོར་ལོ་གཉིས་མེད་བཀུག་བྱས་ལ། །ཡང་དག་མཆོད་པ་བྱ་བ་ཡིན། །འཁྲུལ་འཁོར ་གྱི་སྒྲུབ་ཐབས་རྫོགས་སོ།། །།འགྱུར་རྙིང་ལ་ཞུས་དག་བྱས་པའོ།། །། !། །གཏོར་མའི་ཆོ་ག་བཞུགས་སོ།། །།རྒྱ་གར་སྐད་དུ། བ་ལི་བི་དྷི། བོད་སྐད་དུ། གཏོར་མའི་ཆོ་ག་།མཐར་བྱེད ་ཆེན་པོ་ལ་ཕྱག་འཚལ་ལོ། །བཟའ་བ་དང། བཅའ་བ་དང། མྱང་བ་དང། བཏུང་བ་དང། ལྡག་པ་ལ་སོགས་པ་སྣ་ཚོགས་དང་ལྡན་པ། དྲི་དང་འཕྲེང་བ་དང། ཕྱུག་པ་དང། གོས་དང། གདུགས་དང་རྒྱལ་མཚན་དང། དྲིལ་བུ་ལ་སོགས ་པའི་སྒྲ་ཆེན་པོ་ཡོངས་སུ་རྫོགས་པ་དང་བཅས་པའི་གཏོར་མ་ཆེན་པོ། །ཤིང་རྟ་འམ། ཁྱོགས་མ། རྐོན་བུ་འམ། ཆུད་པ་ནི་འཁུར་བའི་དུམ་བུ་འམ། འབྲས་ཆན་ཆང་བ་དང་བཅས་པའི་ཆུ་ཁྱོད་བ་གསུམ་ཙམ་གྱིས་ཀྱང་རུང་སྟེ་གཏོར་མ ་