| Wylie | e-texts based on the ACIP/ALL Input |
རྫོགས་སོ།། །།གསར་འགྱུར་རོ། །རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སཱ་དྷ་ན། བོད་སྐད་དུ། གཤིན་རྗེ་གཤེད་ནག་པའི་སྒྲུབ་ཐབས། བཅོམ་ལྡན་འདས་གཤིན་རྗེ་མཐར་བྱེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཤིན་རྗེ་གཤེད་ནག ་ལ། །ཕྱག་འཚལ་ནས་ནི་དཔལ་འཛིན་གྱི། །མན་ངག་ལ་བརྟེན་སྒྲུབ་ཐབས་ནི། །མདོར་བསྡུས་བྱིས་པས་རྟོགས་ཕྱིར་བྲི། །དེ་ལ་སྔགས་པ་འགྲོ་བ་ཐམས་ཅད་ངེས་བར་སྒྲོལ་བར་འདོད་པའི་བློ་དང་ལྡན་པས། དུར་ཁྲོད་ལ་སོགས་པའི་གནས ་སྔོན་དུ་བཤད་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ོཾ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉཧཾ། ཞེས་བརྗོད་ལ། དེ་ནས་སྟོང་པའི་བདག་ཉིད་ལས། རྡོ་རྗེའི་ཚོགས་ཀྱི་ས་གཞི་དང། ར་བ་དང་གུར་བསྒོམ་པར་བྱའོ། །དེའི་དབུས་སུ་སྐད་ཅིག ་གིས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོའི་ནང་དུ། སྣ་ཚོགས་པདྨ་མ་དང། སྣ་ཚོགས་རྡོ་རྗེའི་ལྟ་བ་ལ། པཾ་ཡིག་ཡོངས་སུ་གྱུར་པ་ལས། སླར་ཡང་པདྨའི་སྟེང་དུ་རཾ་ཡིག་དང་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡཾ་ཡིག་དང། རྡོ་རྗེ་སྔོན་པོ་འོད་ཟེར་དང་བཅས་པ ་བསམ་སྟེ། དེའི་འོད་ཀྱིས་ཐོག་མ་མེད་པ་ནས་གྲུབ་པའི་གཤིན་རྗེ་གཤེད་གསལ་བར་བྱས་ནས། སླར་བཀུག་སྟེ་དེ་དག་ཡོངས་སུ་གྱུར་པ་ལས། དཔལ་གཤིན་རྗེ་གཤེད་དུ་བསྒོམ་པར་བྱའོ། །དེ་ཡང་སྐུ་མདོག་ནག་པོ། ཞལ་གཡས་དཀར ་ཞིང་གཡོན་དམར་བ། ཕྱག་དྲུག་པ། རྡོ་རྗེ་དང། རལ་གྲི་དང། གྲི་གུག་ནི་གཡས་ནའོ། །འཁོར་ལོ་དང། པདྨ་དང། ཐོད་ཁྲག་ནི་གཡོན་ནའོ།། མ་ཧེའི་སྟེང་ན་གཡོན་བརྐྱང་བས་བཞུགས་པ། སྦྲུལ་བརྒྱད་ཀྱིས་བརྒྱན་པ་མི་མགོ་རློན་པའི ་འཕྲེང་བ་འཕྱང་བའོ། །སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་དང། སྨར་སེར་པོ་གྱེན་དུ་ལངས་པ། སྤྱན་གསུམ་པ་ཞལ་མཆེ་བ་རྣམ་པར་གཙིགས་པའོ། །དེ་ནས་མིག་ལ་སོགས་པ་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་སྟེ། མིག་དག་ཏུ ་ཀྵི་དོ། རྣ་བདག་ཏུ་ཛྲི་?་?་?་?། །ལྕེ་ལ་གི་ངོ། །དཔྲལ་བར་ནི་སྒཾ་ངོ། །ལྟེ་བར་ནི་སཾ་སྟེ། དཀར་པོ་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུ་དང། སྔོན་པོའོ། །དེ་ནས་སྤྱི་བོ་དང། མགྲིན་པ་དང། སྙིང་ག་རྣམས? ་ཨོཾ་ཨཱ(རྒྱུད་འགྲེལ་ནས་སྙིང་གའི་འོད་ཟེར་ལྕགས་ཀྱུ་ལྟ་བུས། ཡེ་ཤེས་ཀྱི་རྡོ་རྗེ་མདུན་དུ་ལྟས་ཏེ། དེ་ལ་མཆོད་པ་ལྔས་ཡང་དག་པར་མཆོད་ལ། །ཛ(རྒྱུད་འགྲེལ་བཞིན་དུ་མཆོད་ཅིང་བསྟོད་པར་བྱས་ལ། དཔལ་ལྡན་གཤིན་རྗེ་གཤེད་ནག་པོ་བསྒོམ་པར་བྱའོ། །བསྒོམས་པས་སྐྱོན་སྔགས་བཟླ་པར་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་ལ། ཨོཾ་ཨཱ(རྒྱུད་འགྲེལ་ལྕེའི་སྦྱོར་བས་བཟའ་བར་བྱའོ། །གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་འདི། །བྱས་པས་དགེ་བ་གང་ཐོབ་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཀྲིཥྞའི་ལཾ་འདིས་འདའ་བར་ཤོག་།དཔལ་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་རྫོགས་སོ།། །། ་འགྱུར་བྱད་མེད་པའི་འགྱུར་རྙིང་གཅིག་ལ་ཞུས་དག་བགྱིས་པའོ།། །།རྒྱ་གར་སྐད་དུ། ཡནྟྲ་སཱ་དྷ་ན། བོད་སྐད་དུ། འཁྲུལ་འཁོར་གྱི་སྒྲུབ་ཐབས། མཐར་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །ཚངས་པའི་ཐིག ་