| Wylie | e-texts based on the ACIP/ALL Input |
རྒྱ་གར་གྱི་མཁན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། *། །གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་བཞུགས་སོ།། །རྒྱ་གར་སྐད་དུ། ཡ་མཱན་ཏ་ཀ་སཱ་དྷ་ན། ་བོད་སྐད་དུ། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། དཔལ་ཁྲོ་བོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྔོན་དུ་བཤད་པའི་ཆོ་གས་སྟོང་པ་ཉིད་བསྒོམ་སྟེ། བསྲུང་བའི་འཁོར་ལོའི་ནང་དུ། སྲིན་པོ་དང་རོ་ལངས་དག་ཕེཾ་ཕེཾ་གྱི་སྒྲ་སྒྲོག་པ་དང་བཅས་པའི་དུར་ཁྲོད་ཆེན་པོ་འཇིགས ་པ་ཆེན་པོ་དང་ལྡན་པས་བསྐོར་བའི་དབུས་སུ། །ཡི་གེ་ཧཱུཾ་གི་སྦྱོར་བ་དང། ཡི་གེ་བཅུ་པའི་སྔགས་དྲན་པ་ལས། སྒྲུབ་པ་པོ་བདག་ཉིད་བསམ་པར་བྱ་བ་ནི། །ཁྲོ་བ་འཁྲུགས་པས་འཇིགས་མཛད་པ། །སྐུ་ནི་མེ་ལྕེ་འབར་བ་འདྲ། །གཟི་བརྗིད་ཆེར་འཕགས ་བསམ་པ་ནི། །སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ། །དུས་ཀྱི་གཟུགས་ནི་མུན་པ་ལྟ། །ཞལ་དྲུག་སྐྲ་ཡང་ཁམ་པ་རི་འདུག་།ཞལ་གྱི་དབྱིབས་ནི་དུ་མ་སྟེ། །སྐྲ་ནི་རྒྱ་མཚོ་འཁྲུགས་པ་འདྲ། །སྒྲིན་མ་ཁ་མ་བ་མིག་ཀྱང་སེར། །ཞལ་གཅིག་བཞད་ཅིང་ཞལ ་གཅིག་ཞི། །ཞལ་གཅིག་བགྲད་ཅིང་འཇིགས་པའི་ཞལ། །ཞལ་གཅིག་ཞལ་ནི་གདངས་པ་སྟེ། །ལྗགས་ཀྱང་བསྐྱོད་པར་མཛད་པ་དང། །ཞལ་གཅིག་ཀྱང་ནི་མཆེ་བ་གཙིགས། །གཅིག་ནི་སྟེང་གི་ཕྱོགས་སུ་ལྟ། །ཞལ་ནི་དེ་དག་རེ་རེ་ལའང། །སྤྱན ་གསུམ་དམར་ཞིང་ཟླུམ་པ་སྟེ། །ཕྱག་ནི་བཅུ་གཉིས་པ་ཡི་གཟུགས། །རྩེ་གསུམ་རལ་གྲི་དབྱུག་དགྲ་སྟེ། །སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་པ། །ལྕགས་ཀྱུ་ཡི་ནི་མཚོན་ཆ་དང། །གཡས་ཀྱི་ཕྱག་ན་དེ་བཞིན་བསྣམས། །དེ་བཞིན་གཡོན་པ་དྲུག་པོ ་ཡང། །ཐོད་པ་ཁྲག་གིས་གང་བ་དང། །མདུད་ཐུང་མདའ་བོ་ཆེ་དེ་བཞིན། །ཞགས་པ་བསྣམས་པའི་སྡིགས་འཛུབ་དང། །ཐོད་དབྱུག་ཕྱག་ན་བསམ་པར་བྱ། །ཞབས་དྲུག་གིས་ནི་མཛེས་པར་བྱས། །དེ་བཞིན་ཡི་དགས་སྟེང་ན་བཞུགས། །མི?་གོ ་རློན་དང་སྐམ་པོ་དང། མི་རོའི་འཕྲེང་བས་རྣམ་པར་བརྒྱན། །སྟག་གི་པགས་པའི་ན་བཟའ་གསོལ། །སྐུ་ཡང་སྦོམ་ལ་གསུམ་ཁྱིམ་ཚ། །དེ་ལྟར་བདག་ཉིད་རྣམ་བསྒོམ་ནས། །ཁྲོ་བོ་ཆེན་པོ་སྤྱན་དྲང་ངོ། །ོཾ་ན་མོ་བུདྡྷ་དྷརྨས ་སངྒེ་བྷཡ(རྒྱུད་འགྲེལ་བརླབ་པར་བྱའོ། །ོཾ་ཛཝ་ལ་ཛཝ་ལི་ཏ་བི་གྲ་ཏ་ཧཱུཾ་ཕཊ། ཀུན་དུ་གོ་ཆའོ། །ོཾ་ཀཱ་ལ་ཧཱུཾ་ཕཊ། མགོ་བོ་ལའོ། །ོཾ་ཡ་མནྟ་ཀ་ཡེ་ཀེ་བཱི་ར་ཧཱུཾ་ཕཊ། སྤྱི་གཙུག་ཏུའོ། །ོཾ་བཻ་བ་སྭ་ཏཱ་ན་ཏ་ཀ་ཧཱུཾ། ཡན་ལག་ཐམས་ཅད་མཚོན་ཆའོ། །ོཾ་ཨེ་ཀ་དཱི་ར་ཡ ་ཡ་མཱནྟ་ཀ་བ་ས་ར་སྭཱཧཱ། མཆོད་ཡོན་གྱི་སྔགས་སོ། །ོཾ་བྷ་མཱནྟ་ག་ཏེ་ཛྲཾ?་བ་ལིཾ་སྭཱཧཱ། བཤོས་གཙང་གི་སྔགས་སོ། །ོཾ་ཤྭ་ནི་ཏ་རཏན་སཾ་གནདྷ་བི་གྲ་ཧ་སྭཱཧཱ། དྲིས?་བྱུག?་པའི་སྔགས་སོ། །ོཾ་དི་བྱ་ཀ་མཱ་ལྱ་དྷ་རི་ཎེ་སྭཱཧཱ། མེ་ཏོག་འབུལ་བའི་སྔགས་སོ། །ོཾ་ཙ་ཏོ ་དྷུ་པྲ་པྲ་ཡཱ་ཡ་སྭཱཧཱ། བདུག་སྤོས་ཀྱི་སྔགས་སོ། །ོཾ་དི་བྱ་ཛཡེ་ཏཾ་ཏིནཋ་ཏེ་སྭཱཧཱ། མར་མེའི་སྔགས་སོ། །ོཾ་དི་བྱན་ན་བྷཡོ(རྒྱུད་འགྲེལ་པ་གསང་སྔགས་ཀྱི་རྒྱལ་པོ་སྟེ། རྟག་ཏུ་བཟླས་པས་ལས་ཐམས་ཅད་བྱད་པའོ། །སརྦ་ཨ་མི་ཤི་བྷཡ(རྒྱུད་འགྲེལ་ཡོངས་སུ་ཞུགས་ནས། སྒྲུབ་པ་བརྩམ་པར་བྱ་སྟེ། །དེའི་ཆོ་ག་རྒྱས་པ་ནི་རྩ་བའི་རྟོག་པ་ཉིད་ལས་ཤེས་པར་བྱའོ། །དཔལ་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་དང་མན་ངག་གི་རྗེས་སུ་འབྲངས་པ ་རྫོགས་སོ།། །།གསར་འགྱུར་རོ། །རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སཱ་དྷ་ན། བོད་སྐད་དུ། གཤིན་རྗེ་གཤེད་ནག་པའི་སྒྲུབ་ཐབས། བཅོམ་ལྡན་འདས་གཤིན་རྗེ་མཐར་བྱེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་གཤིན་རྗེ་གཤེད་ནག ་