CLOSE WINDOW

N3930: gtsug tor rnam par rgyal ba mchod thabs
Wyliee-texts based on the ACIP/ALL Input

ཙཀྲ་བརྟི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱིར་བཟློག་ཆེན་པོའི་སྔགས་སོ། །གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྒྲུབ་ཐབས་རྫོགས་སོ།། །།གསར་འགྱུར་ཡིན་ནོ།། །།རྒྱ་གར་སྐད་དུ། ཨུཥྞི་ཥ་བི་ཛ་ཡ ་ཨརྩ་ནཾ། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་བ་མཆོད་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །དང་པོར་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ལ། ལྕི་བ་ཆུང་ང་བཅས་པས་ས་ཕྱོགས་བྱུག་པར་བྱའོ། །དེའི་རྫས་ལ་ལྷ་གྲངས ་དང་རྗེས་སུ་མཐུན་པའི་མེ་ཏོག་གི་ཚོམ་བུ་བཀོད་ལ། དབུས་སུ་པཾ་ལས་པདྨ་དང། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་དཀར་པོ་བསམ་ལ། དེའི་འོད་ཀྱིས་ཡེ་ཤེས་ཀྱི་ལྷ་དགུ་སྤྱན་དྲངས་ལ་དེ་ཉིད་དུ་བཅུག་སྟེ། དེ་ཡོངས་སུ་གྱུར་བ་ལས་ལྷ ་དགུའི་འཁོར་ལོ་བསམ་ལ། རང་གི་སྙིང་གའི་འོད་ཟེར་གྱིས། ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་བཅུག་ལ། དངོས་སམ་ཡིད་ལས་བྱུང་བའི་མཆོད་པས་མཆོད་ལ། བསྟོད་པ་ཡང་བྱས་ཏེ། བདུན་ཡོངས་སུ་དག་པར་བྱས་ནས། ཅི་ནུས ་པའི་བཟླས་པ་བྱས་ལ། འདོར་པའི་དོན་ལ་གསོལ་བ་བཏང་ངོ། །དེ་ནས་གཡོན་པའི་སྲིན་ལགས་ལ་རིག་ཅིང་མུ(རྒྱུད་འགྲེལ་ལག་རང་གི་དཔྲལ་བ་ལ་སོགས་པར་གདུགས་པར་བྱའོ། །དེ་ནས། བདག?་གི་དགེ་བའི་ལས་རྣམས་འདི་དག་གིས། ཞེས་བྱ་བ་ལ་སོགས་པས་དགེ་བའི་རྩ་བ་བསྔོ་བར་བྱའོ་རྫོགས་སོ།། །།བ་རི་བའི་འགྱུར་ཁོ་ན ་ལགས་སོ།། །།རྒྱ་གར་སྐད་དུ། བ་ལི?་??། བོད་སྐད་དུ། གཏོར་མའི་ཆོ་ག་།གཙུག་ཏོར་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ནི་བསགས་པ་དང། །བར་ཆད་ཏེ་བར་ཞི་བྱའི་ཕྱིར། །དེ་བཞིན་གཤེགས ་ལ་ཕྱག་འཚལ་ནས། །དེ་ཡི་གཏོར་མའི་ཆོ་ག་བཤད། །བཟའ་རང་བཅའ་དང་འཇིབ་དང་བཏུང། །འབྲས་ཆན་མངར་གསུམ་འོ་མ་དང། །ཟས་མཆོག་སྣ་ཚོགས་ཆུར་བཅས་པ། །རིན་ཆེན་ལ་སོགས་སྣོད་དུ་བཞག་།གཏོར་མ་ལ་ཡི་གེ་གསུམ་གྱིས ་བྱིན་གྱིས་བརླབ་བོ། །དེ་ལ་དང་པོར་རེ་ཞིག་ལྷའི་རྣལ་འབྱོར་ཇི་ལྟ་བཞིན་བྱས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་གཙུག་ཏོར་རྣམ་པར་རྒྱལ་བ་ལ་སོགས་པ་མདུན་དུ་ཡང་དག་པར་བཞུགས་སུ་གསོལ་ལ། ཡི་གེ་གསུམ་གྱིས ་སྔགས་ཀྱིས་ནི་ནུས་པར་བྱིན་གྱིས་བརླབས་ཏེ། སྙིང་པོ་འམ་ཉེ་བའི་སྙིང་པ་འམ། རྩ་བའི་སྔགས་གང་ཡང་རུང་བ་ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་པས་དབུལ་བར་བྱའོ། །དེའི་རྗེས་ལ་མངོན་པར་འདོད ་པའི་དོན་ལ་གསོལ་བ་བཏབ་ལ། རང་གི་གནས་སུ་གཤེགས་སུ་གསོལ་ལོ། །གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་ཀྱི་གཏོར་མའི་ཆོ་ག་རྫོགས་སོ།། །།འདི་ཡང་བ་རི་འགྱུར་ཁོ་ན་ལགས། །རྒྱ་གར་སྐད་དུ། ་བཛྲ་བི་དཱ་ར་རྞ་ནཱ་མ་དྷུ?་ར་ཎི་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་རིག་སྔགས་སྒྲུབ་པར་འདོད་པས། སེམས་ཅན་ཐམས་ཅད ་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ལ་འགོད་པའི་བློ་སྔོན་དུ་བཏང་ནས། སྙིང་བར་པདྨ་དང་ཟླ་བ་ལ་གནས་པའི་ནུས་པའི་ས་བོན་གྱི་འོད་ཟེར་ལས། དེ་བཞིན་གཤེགས་པ་དང། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་གསལ་བར་བྱས་ནས། ་ཕྱག་འཚལ་བ་དང། མཆོད་པ་དང། སྡིག་པ་བཤགས་པ་དང། དགེ་བ་ལ་རྗེས་སུ་ཡི་རང་བ་དང། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང། ཡོངས་སུ་བསྔོ་བ་དང། སྐྱབས་སུ་འགྲོ་བ་དང། སེམས ་