CLOSE WINDOW

N3928: khro bo chen po rdo rjes 'og gi sgrub thabs
Wyliee-texts based on the ACIP/ALL Input

གསར་འགྱུར་ཡིན་ནོ།། (།།ཁྲོ་བོ་ཆེན་པོ་རྡོ་རྗེས་འོག་གི་སྒྲུབ་ཐབས་བཞུགས་སོ།།)་།རྒྱ་གར་སྐད་དུ། བཛྲ་བ་ཏཱ་ལ་མ་ཧཱ་ཀྲོ་བྷ་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་བོ་ཆེན་པོ་རྡོ་རྗེས་འོག་གི་སྒྲུབ་ཐབས། དཔལ་རྡོ་རྗེས་འོག་ལ་ཕྱག་འཚལ ་ལོ། །དེ་ལ་སྒྲུབ་པ་པོ་དམ་ཚིག་དང་ལྡན?་བས། རྡོ་རྗེས་འོག་གི་བྲིས་སྐུ་མངོན་དུ་བྱས་ལ་ཛི་ན་ཛྲིཀ་། རོ་ལིཀ་།རཏན་བྷྲིཀ་།བཛྲཱ་དྷྲཱིཀ། ཅེས་པས་ཕྱོགས་རྣམས་བྱིན་གྱིས་བརླབས་སོ། །རྩ་བའི་སྔགས་ཀྱིས་ལུས་བྱིན་གྱིས་བརླབས་སོ། །ོཾ་ཧྲཱི(རྒྱུད་འགྲེལ་ཕཊ་ལག་པ་གཡོན་པ་ལའོ། །ོཾ་བི་བྷིནདྷ་བི་བྷིནདྷ་ཧཱུཾ་ཕཊ། ཨོཾ་བཛྲ་པ་ཏཱ་ལ་ཧཱུཾ་ཕཊ། སྤྱི་བོར་རོ། །ོཾ་ཏཱ་བཛྲ་ཧཱུཾ་ཕཊ། སྤྱི་གཙུག་ཏུའོ། །ོཾ་ཧྲཱི(རྒྱུད་འགྲེལ་བཛྲ་བཛྲ་སྭཱཧཱ། ཤཱི་ར་སྱ། ཛཱ་ལི་ཏ། ཨ་ན་ལ་ཧ་ན་བྷཉྫ་ཨུ་ཙ་ཊཱ་ཡ་ཧཱུཾ་ཕཊ། ཕྱོགས་བཅིང་བའི་སྔགས་སོ། །དེ་ནས་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང། སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། ཚངས་པའི་གནས ་པ་བཞི་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་གི་ཡི་གེ་དང། སྙིང་པོའི་སྔགས་བརྗོད་པས་བདག་ཉིད་རྡོ་རྗེ་ཁྲོ་བོ་ཆེན་པོ། ཁ་དོག་དམར་པོ་ཕྱག་བཞི་པ། དྲག་པོའི་གཟུགས་ཅན་འོག་ཏུ་གཟིགས་པ། མཆེ་བ་རྣམ་པར་གཙིགས་ཤིང་དཔྲལ་བར་ཁྲོ ་གཉེར་བསྡུས་པ། རྡོ་རྗེ་དང་བཅས་པའི་མགོ་བོའི་འཕྲེང་བས་དབུ་ལ་བརྒྱན་པ། ཕྱག་གཡས་ཀྱི་དང་པོ་ན་དགྲ་སྟའོ། །གཉིས་པ་ན་རྡོ་རྗེའོ། །གཡོན་གྱི་དང་པོ་སྡིགས་འཛུབ་ཀྱིས་དཔལ་གྱི་སྒོ་མཚོན་པའོ། །འོག་མ་ན་སྦྲུལ་གྱི་ཞགས་པའོ། ་སྤྲུལ་ནག་མོའི་སྐེ་རགས་དང། མཆོད་ཕྱིར་ཐོགས་འཆང་བ། དར་དཀར་པོའི་སྨད་དཀྲིས་དང། རིན་པོ་ཆས་བརྒྱན་པ། སྤྱན་གསུམ་པ། སྐྲ་བརྫེས་པ། ཀླུ་དང་ལྷ་མ་ཡིན་ཞབས་ཀྱི་འོག་ཏུ་མནན་པ། སངས་རྒྱས་མི་བསྐྱོད་པས་དབུ ་ལ་བརྒྱན་པའོ། །ོཾ་ཧྲཱི(རྒྱུད་འགྲེལ་གསར་འགྱུར་རོ།། །།རྒྱ་གར་སྐད་དུ། ཨུཥྞི་ཥ་ཙཀྲ་ཝ་རྟི་སྭ་དྷ་ནཾ། བོད་སྐད་དུ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །སྒྲུབ་པ་པོས་སྔོན་དུ་བྱས་པའི་རིམ་པ་ཐམས་ཅད་བྱས་ནས། ་